| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། མ་དྷྱ་མ་ཀཱ་ལཾ་ཀཱ་རཱ་བྲྀཏྟཾ། བོད་སྐད་དུ། དབུ་མའི་རྒྱན་གྱི་འགྲེལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། གང་དག་སུ་རྣམས་ངག་བསྟན་བློ་མངའ་ས་ལ་བཞུགས། ་ཆོས་ཚུལ་ཟབ་མོ་རྒྱ་མཚོ་ལྟ་བུའི་ཕ་རོལ་གཟིགས།། ལྷག་པར་མོས་པ་ཡོངས་བསྒོམས་ཐུགས་མངའ་ཆེ་རྣམས་ཀྱི། བླ་བཞུགས་དེ་དག་རྣམ་ལ་རྟག་ཏུ་ཕྱག་འཚལ་ལོ།། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྒྲུབ་པར ་ཅི་ལའི་དེ་མ་རག་པོར་ཆས་པ། དངོས་པོའི་མ་བརྟག་གཅིག་པུ་ན་དགའ་བ་མ་ལུས་པ་གཟུགས་བརྙན་ལ་སོགས་པ་ལྟ་བུར། ཡང་དག་པར་ན་རང་བཞིན་མེད་པར་རྟོགས་ན་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་མཐའ་དག་སྤོང ་བར་འགྱུར་ཏེ། དེ་བས་ན་རིགས་པ་དང་ལུང་གི་ཆོས་ཐམས་ཅད་རང་བཞིན་མེད་པར་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རབ་ཏུ་འིབདེ་དོ།། དེ་ལ་ལུང་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པ་དང་བྲལ་བ་ནི་དད་པས་རྗེས་སུ་འབྲང་བ ་རྣམས་ཀྱང་ཤིན་ཏུ་ཡོངས་སུ་ཚིམ་པར་མི་འགྱུར་བས་རིག་པ་ཇེ་བརྗོད་པར་བྱའོ།། བདག་དང་གཞན་སྨྲས་དངོས་འདི་དག། ཡང་དག་ཏུ་ན་གཅིག་པ་དང་།། དུ་མའི་རང་བཞིན་བྲལ་བའི་ཕྱིར།། རང་བཞིན་མེད་དེ་གཟུགས་བརྙན་བཞིན ་རང་བཞིན་ཞིག་ཡོད་པར་གྱུར་ན་ནི་གཅིག་པའམ་ཅིག་ཤེས་ལས་མོ་འདོའོ།། དེ་དག་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པས་ཕུང་པོ་བཞིན་སེལ་བར་བྱེད་དོ།། རང་གི་སྡེ་པ་དང་། ཕྱི་རོལ་པ་དག་གིས་སྨྲས་པའི ་ཕུང་པོ་དང་། གཙོ་བོ་ལ་སོགས་པ་དེ་དག་ཡང་དག་པར་ན་མེད་དེ། རང་བཞིན་མེད་པར་གསལ་བར་ཤེས་སོ།། གཏན་ཚིགས་འདི་མ་གྲུབ་པོ་སྙམ་དུ་མ་སེམས་ཤིག། འབྲས་བུ་རིམ་ཅན་ཉེར་སྦྱོར་བས།། རྟག ་རྣམས་གཅིག་པུའི་བདག་ཉིད་མིན།། འབྲས་བུ་རེ་རེ་ཐ་དད་ན།། དེ་དག་རྟག་ལས་ཉམས་པར་འགྱུར།། རང་གི་སྡེ་པ་དང་། གཞན་གྱི་ཁས་བླངས་པའི་དངོས་པོ་དེ་དག་ནི་རྟག་པ་འམ། ཅིག་ཤོས་དང་། ཕུང་པོ་གཉིས་སུ་རྣམ་པར ་གནས་གྲངས་ན། དེ་ལ་དང་པོ་ནི་འབྲས་བུ་རིན་ཅན་དགའ་བ་དང་། གདུང་བ་ལ་སོགས་པ་བསྐྱེད་པས་རིམ་ཅན་མ་ཡིན་པ་དང་། གཅིག་པུའི་བདག་ཉིད་དུ་མི་རིགས་ཏེ། དེ་དག་གི་འབྲས་བུ་རྣམས་ཀྱང་ཅིག་ཅར་དུ་འབྱུང་བར་འགྱུར། ་བའི་ཕྱིར་རོ།། འབྲས་བུ་རྣམས་ནི་རྒྱུ་མ་ཚང་ན་ཤོལ་གྱི། གང་གི་ཚེ་རྒྱུའི་ནུས་པ་ཐོགས་པ་མེད་པར་གྱུར་པ་དེའི་ཚེ། དེ་དག་ལ་ཤོལ་བ་སྲིད་པར་ག་ལ་འགྱུར། ཤོལ་ན་ནི་དེ་ལ་ཡོད་པའི་རྗེས་སུ་འགྲོ་བ་དང་། ལྡོག་པའི་རྗེས་སུ ་མི་བྱེད་པའི་ཕྱིར། འདི་དག་དེའི་འབྲས་བུ་རཱ་ག་ལ་འགྱུར། བྱེ་བྲག་ཏུ་བསྒྱུར་དུ་མི་རུང་བ་རྣམས་ནི་ལྷན་ཅིག་བྱེད་པའི་རྒྱུ་ལ་བལྟོས་པར་མི་འཐད་པར་ཤིན་དུ་གསལ་ལོ།། གཞན་ཡང་འབྲས་བུ་བྱེད་པའི་དུས་ན་ལྷན་ཅིག། ་བྱེད་པའི་རྐྱེན་དང་འདུག་པའི་དངོས་པོ་གང་ཡིན་པ་དེ་ཉིད་ལྷན་ཅིག་བྱེད་པའི་རྒྱུ་དང་འབྲས་བུའི་དུས་ན་ཡང་འདོད་ན་ནི་དེའི་རྗེས་སུ་འཇུག་པ་ཉིད་ཀྱི་ཕྱིར་དེའི་ཚེ་ལྷན་ཅིག་བྱེད་པའི་རྐྱེན་རྣམས་ཀྱང་མགུལ་ནས་བཏགས ་པ་བཞིན་དུ་སྟོབས་ཀྱིས་དྲངས་ནས་གནས་ཏེ། འབྲས་བུ་རྒྱུན་མི་འཆད་པ་བཟློག་པ་མེད་པ་ཉིད་དུ་འགྱུར་རོ།། འདིས་ནི་གང་དག་ལྷན་ཅིག་བྱེད་པའི་རྒྱུ་དེ་ཉིད་ནུས་པའི་སྒྲར་བརྗོད་དེ། དེའི་རིམ་གྱིས་འབྲས་བུའི་རིམ་བྱས་སོ་ཞེས་སྨྲ་བ་དེ ་དག་ལ་ལན་བཏབ་པར་གྱུར་ཏོ།། ཅི་སྟེ་ཉེས་པ་འདིར་འགྱུར་དུ་འོང་ཞེས་ཏེ། འབྲས་བུ་རིམ་ཅན་རྣམས་ལ་དེ་དག་གི་རང་བཞིན་གཞན་དང་གཞན་དུ་རིམ་ཅན་ཉིད་དོ་ཞེ་ན་ནི་དེ་དག་ལ་བརྟག་པར་འདོད་པ་དོར་བར་བྱ་སྟེ། འབྲས་བུ་སོ་སོ་བས་སྔ་མ ་དང་ཕྱི་མའི་རང་བཞིན་འཇིག་པ་དང་འབྱུང་བར་འགྱུར་བའི་ཕྱིར་རོ།། རང་གི་སྡེ་པ་གང་དག་བསྒོམས་པའི་སྟོབས་ཙམ་གྱིས་འབྱུང་བའི་ཤེས་པའི་དམིགས་པ་འདུས་བྱས་ཀྱི་འཇུག་པ་ཐམས་ཅད་དང་མི་མཐུན་པའི་རང་ལ་དམིགས་པའི་ཡིད་ཙམ་ལ་ཡང ་དགོས་པ་མེད་པ་ནི་དེ་ཁོ་ན་ཤེས་པའི་ཡུལ་ཡིན་པའི་ཕྱིར་དོན་དམ་པར་ཡོད་དོ་ཞེས་སྨྲ་བ་དེ་དག་གི་ལུགས་ལྟར་ན་རང་བཞིན་ཅིག་པ་ཉིད་དུ་འགལ་བ་མེད་དོ།། ཞེ་ན་འགལ་ཏེ་འདི་ལྟར་སྒོམ་པ་ལས་བྱུང་བའ་ཤེས་པ་ཡིས། ཤེས་བྱ་འདུས་མ ་བྱས་སྨྲ་བའི།། ལུགས་ལའང་གཅིག་མིན་དེ་དག་ནི།། རིམ་ཅན་ཤེས་དང་འབྲེལ་ཕྱིར་རོ།། ཡུལ་དང་ཡུལ་ཅན་ཡིན་པའི་ཕྱིར་རྣམ་པར་ཤེས་པ་རིམ་ཅན་དང་འབྲེལ་པ་ཅན་དག་ཀྱང་ཅིག་པུའི་རང་བཞིན་དུ་མི་འགྱུར་རམ་ན་མི་འགྱུར་ཏེ། འདི ་ལྷུར་རྣམ་ཤེས་སྔ་མས་ཞེས་བྱ་བའི།། རང་བཞིན་རྗེས་སུ་འབྲང་ན་ནི།། ཤེས་པ་སྡོ་མ་འང་ཕྱི་མར་འགྱུར།། ཕྱི་མའང་དེ་བཞིན་སྡེ་མར་འགྱུར།། དེ་ལྟ་མ་ཡིན་ན་རྣམ་པར་ཤེས་པ་སྔ་མས་ཤེས་པར་བྱ་བ་འདུས་མ་བྱས་ཀྱི་རང་བཞིན་ནི་ཕྱི ་དུས་ནའང་ཡོད་ལ། རྣམ་པར་ཤེས་པ་སྔ་མ་ནི་མེད་པ་དང་། དེ་བཞིན་དུ་ཤེས་པ་ཕྱི་མས་ཤེས་པར་བྱ་བ་ནི་སྔ་མ་ཡོད་ལ། ཤེས་པ་ཕྱི་མ་ནི་མེད་དོ་ཞེས་བྱ་བ་ཉམས་པར་འགྱུར་རོ།། ཅི་སྟེ་ཤེས་པ་ཕྱི་མ་དང་སྔ ་མས་ཤེས་པར་བྱ་བ་དེའི་ངོ་བོ་སྔོན་དང་ཕྱི་མའི་གནས་དག་ན་མེད་ན། གལ་ཏེ་དེ་ལྟ་ན་ནི། སྔོན་དང་ཕྱི་མའི་གནས་རྣམས་སུ།། དེའི་ངོ་བོ་མི་འབྱུང་ན། འདུས་མ་བྱས་ཏེ་ཤེས་པ་བཞིན།། སྐད་ཅིག་འགྱུར་བར་ཤེས་པར་བྱ།། བསམ་གཏན་གྱིས་ཐེར ་མས་བློ་གྲོས་ཀྱི་མིག་ཕྱེ་བ་རྣམས་ཀྱི་རྣམ་པར་ཤེས་པ་བྱུང་མ་ཐག་དུ་འཇིག་པ་རྒྱུན་དུ་འབབ་པ། ཡུལ་དེ་ལ་འཇུག་པ་གཞན་གྱི་དུས་ན་མེད་པའི་རང་བཞིན་ལྟར་དེ་ཡང་སྐད་ཅིག་རེ་རེ་ལ་འཇིག་པ་ལས་མི་འདའ་བར་འགྱུར་རོ།། དེ་ལྟར་ན། དེའི་མིང ་དོན་དང་མཐུན་པ་ཡང་གནས་པ་མ་ཡིན་པ་ཉིད་དུ་བསྟན་པ་སྔ་མ་སྔ་མའི་སྐད་ཅིག་གིས་མཐུ་ཡིས་འབྱུང་བར་འགྱུར་བས་ནཱ། འདས་མ་བྱས་སུ་འདི་མི་འགྱུར། སེམས་དང་སེམས་ལས་བྱུང་བ་བཞིན།། ཅི་སྟེ་སྐད་ཅིག་ཕྱི་མ་ཕྱི་མ་རྣམས ་རང་དབང་དུ་འབྱུང་ངོ་ཞེ་ན། དེ་ལྟར་འགྱུར་བ་ནི་མི་ནུས་ཏེ། སྐད་ཅིག་རྣམས་འདི་དག་ཏུ། རང་དབང་འབྱུང་བར་འདོད་ན་ནི།། གཞན་ལོ་བལྟོས་པ་མེད་པོའི་ཕྱིར། རྟགྷྲ་ཏུ་ཡོད་པ་འམ་མེད་པར་འགྱུར།། རིས་འགའ་འབྱུང་བའི་ཕྱིར་དེ ་དག་ཀྱང་སེམས་དང་སེམས་ལས་བྱུང་བ་བཞིན་དུ་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་དུ་གསལ་བར་ཤེས་སོ།། འདི་དག་ཐམས་ཅད་ན་བདག་གི་རློམས་ཏེ་སྨྲས་སུ་ཟད་ཀྱི། དོན་བྱ་བ་ཐམས་ཅད་ཀྱི་ནུས་པ་དང་བྲལ་བ་ལ་ནི་རྟོག་པ་དང་ལྡན ་པ་རྣམས་ཀྱིས་རྣམ་པར་དཔྱད་པའི་དོན་ཅི་ཡང་མེད་དེ། དོན་བྱ་བར་ནུས་པ་རྣམ་པར་བརྟག་པའི་ཡུལ་ཡིན་པའི་ཕྱིར་རོ།། གཞན་དུ་ན་དོན་བྱེད་ནུས་པ་མ་ཡིན་ལ།། དེ་འདོད་བརྟགས་པས་ཅི་ཞིག་བྱ།། མ་ནིང་གཟུགསཔ་དང་མི་བཟང་ཞེས ་འདོད་ལྡན་རྣམས་ཀྱིས་བརྟགས་ཅི་ཕན།། དེ་བས་ན་མཁས་པ་རྣམས་ནི་དོན་བྱེད་ནུས་པ་ལ་དངོས་པོའི་མཚན་ཉིད་ཅེས་སྨྲའོ།། དངོས་པོ་རྣམ་པ་དེ་ལྟ་བུ་ལ། གང་ཟག་དང་ཆོས་ལ་བདག་མེད་པ་ལ་སོགས་པ་སྟོན་ཅིང་དེ་ལས་བཟློག ་པ་སྒོ་བཏགས་པའི་ངོ་བོ་ནི་དགག་པར་བྱེད་དེ། སྐྱེས་བུའི་དོན་ཅེས་བརྗོད་པ་འབྲས་བུ་འབྱུང་བ་ནི་འདི་ཉིད་ལྔ་རག་ལས་པའི་ཕྱིར་རོ།། གཞན་ནི་སྒྲུབ་པ་ཡང་མེད་དགག་པ་ཡང་མེད་དེ། དེ་ནི་བཏང་སྙོམས་སུ་བྱ་བ་ཉིད་དུ་གནས་པའི། ་ཕྱིར་རོ།། དེ་ལྟར་ན་དངོས་པོ་ཡུལ་ཐམས་ཅད་བང་དྲུག་མེད་པ་ལ་སོགས་པར་མ་བསྟན་ཏོ་སྐེམྦ་དུ་མ་སེམས་ཤིག། ཐམས་ཅད་ཅེས་བྱ་བའི་སྒྲ་ནི་པ་རྗོད་པར་འདོད་འདོན་མལུས་པ་པ་ཀྱི་མ་ལྔ་དོད་པ་ནི་དོན་བྱེད་ནུས་པའི་དངོས་པོ ་ཐམས་ཅད་དོ།། དེ་ལྟ་བས་ན་དོན་བྱེད་ནུས་པ་ནི་སྐད་ཅིག་པ་ཉིད་དུ་ངེས་སོ།། གཞན་རི་མ་དང་ཅིག་ཤོས་ཀྱི་དོན་བྱེད་པར་མི་འཐད་པའི་ཕྱིར་རོ།། གང་ཟག་སྐད་ཅིག་པ་འམ། སྐད་ཅིག་མ་ཡིན་པར་བརྗོད་དུ་མེད་པོ་ནི་རང་བཞིན་མེད་པ ་ཉིད་དེ། ནམ་མཁའི་མེ་ཏོག་ལ་སོགས་པ་ལྟར་བསྒྲིམ་མི་དགོས་པར་གྲུབ་བོ།། གཞན་ཡང་སྐད་ཅིག་སྐད་ཅིག་མོ་ཡིན་པར།། གང་ཟག་པོ་སྟན་དུ་མི་རུང་བས།། གཅིག་དང་དམིའི་རང་བཞིན་དང་།། བྲལ་བར་གསལ་བར་རབ་དུ་ཤེས། ཕ་རོལ ་གྱིས་ཁས་བླངས་པའི་གང་ཟག་ཆོས་ཅན་ལ། གཏན་ཚིགས་ཀྱི་རྩུ་བ་གཅིག་དང་དུ་མའི་རང་བཞིན་དང་བྲལ་བ་ཉིད་ཚེགས་མེད་པ་ཉིད་དུ་འགྲུབ་པོ།། སྐད་ཅིག་པར་གྱུར་ན་ནི་དུ་མའི་རང་བཞིན་དུ་འགྱུར་ཏེ། སྐད་ཅིག་རེ་རེ་ལ་ཡང ་རང་བཞིན་གཞན་དང་གཞན་འབྱུང་བའི་ཕྱིར་རོ།། སྐད་ཅིག་མ་ཡིན་ན་མི་རྟག་དུ་བསྟན་པ་གཅིག་པུའི་ངོ་བོ་ཡིན་པའི་ཕྱིར་གཅིག་པུའི་རང་བཞིན་དུ་འགྱུར་རོ།། གཉི་ག་ལྟར་ཡང་བརྗོད་དུ་མེད་ན་ནི་ཚེགས་མེད་པར་གཅིག་དང་དུ་མའི་རང་བཞིན་གྱིས་སྟོང ་པ་ཉིད་དུ་འགྲུབ་བོ།། གཞན་ཡང་གཞན་དག་གིས་གཞན་དུ་དངོས་པོ་རྣམས་ལ་ཁྱབ་པ་དང་མ་ཁྱབ་པའི་ཕུང་པོ་གཉིས་སུ་ཁས་བླངས་ཏེ། དེ་ལ་ཁྱབ་པ་ནི་ནམ་མཁའ་ལ་སོགས་པའོ།། མ་ཁྱབ་པ་ནི་རགས་པ་དང་རྡུལ་ཕྲ་རབ་རྣམས་སོ།། དེ་དག ་ཐམས་ཅད་ཀྱང་གཅིག་པུའི་རང་བཞིན་དང་འགལ་བར་བསྟན་པ། ཐ་དད་ཕྱོགས་དང་འབྲེལ་པས་ན།། ཁྱབ་རྣམས་གཅིག་དུ་ར་ག་ལ་འགྱུར།། བསྒྲིབས་དང་མ་བསྒྲིབ་དངོས་སོགས་ཕྱིར།། རིགས་པ་རྣམས་ཀྱང་གཅིག་པུ་མིན།། ནམ་མཁའ་ལ ་སོགས་པ་ཕྱོགས་ཐ་དད་པའི་ཤིང་ལ་སོགས་པ་དང་འབྲེལ་བའི་རང་བཞིན་གང་ཡིན་པ་དེ་ཉིད་གཞན་དང་འབྲེལ་པ་ཅན་ཡང་ཡིན་ན་ནི་དེས་ན་དེ་དང་འབྲེལ་བའི་ཕྱིར་དེ་གཅིག་པུའི་བདག་ཉིད་ཡིན་པ་བཞིན་དུ་གཞན་ཡང་དེ་དང་ཐ་དད་མ་ཡིན་པར ་འགྱུར་རོ།། འོན་ཏེ་དེ་ཕྱོགས་ཐ་དད་ན་ནི་རང་བཞིན་དེ་ཉིད་གཞན་དང་འབྲེལ་པ་ཅན་མ་ཡིན་པར་འགྱུར་རོ།། རགས་པར་འདོད་པ་ལུས་ལ་ཇི་ལྟར་སོགས་པ་ཡང་བསྒྲིབས་པ་དང་། མ་བསྒྲིབས་པ་དང་། གཡོ་བ་དང་། མི་གཡོ་བ་དང་། ཚོན ་གྱིས་བསྒྱུར་བ་དང་། མ་བསྒྱུར་བ་དང་། ཚིག་པ་དང་། མ་ཚིག་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་གནས་པའི་རང་བཞིན་འཛིན་ན་གཅིག་པུའི་རང་བཞིན་དུ་རིགས་པར་ཇི་ལྟར་འགྱུར། གལ་ཏེ་བསྒྲིབས་པ་ལ་སོག་པདག་ཡན ་ལག་རྣམཆོས་ཀྱི་ཡཱི་གྱི་ཡཱ་ལི་ན་ཅན་གྱི་ནི་མ་ཡིན་ནོ།། ཞེ་ན་ཅི་ཡན་ལག་ཅན་འདི་དག་དེ་དག་དང་འདུ་བ་མ་ཡིན་ནམ། འདི་དག་མ་ཡིན་ནོ།། གལ་ཏེ་དེ་བདེན་དུ་གཞུག་ན་འོ་ན་བསྒྲིབས་པ་དང་། མ་བསྒྲིབས་པ་ཞེས་བྱ་བ་ལ་སོགས་པ་ཕན ་ཚུན་མི་མཐུན་པ་རྐང་པ་དང་ལུས་ལ་སོགས་པའི་དངོས་པོའི་གཉིས་སུ་ཅིའི་ཕྱིར་མིག་གི་སྤྱོད་ཡུལ་དུ་མི་འགྱུར་གལ་ཏེ་དེ་དག་ཀྱང་དེའི་ཡིན་ནོ་ཞེ་ན། ཅི་ཡན་ལག་གཞན་དང་འདུ་བ་དེ་དག་ཉིད་དམ་དེ་ཉིད་དོ་གཞན་དུ་ན་རགས་པ་ཅིག ་པུར་མི་འགྱུར་རོ།། འདི་ནི་དེ་བས་ཀྱང་ཆེས་རགས་ཏེ། ཡན་ལག་ལྷག་མ་རྣམས་དང་འདུ་ན་ནི། དེ་རྣམ་པ་དེ་ལྟ་བུའི་ཆོས་ཁོ་ནར་དམིགས་པར་འགྱུར་རོ།། འོན་ཀྱང་གང་ཐོག་མེར་དེ་རྩོམ་པའམ། རེག་པ་གདགས་པ་རྒྱུ་རྡུལ་ཕྲ་རབ་དོན ་དམ་པ་གཅིག་པུའི་རང་བཞིན་དུ་འགྱུར་རོ།། དེ་ཡང་ད་ལྟར་འགྱུར་བར་མི་རིགས་ཏེ། དེ་ཡང་འབྱར་བར་འགྱུར་ན་ནི་ཇི་ལྟར་གཟེགས་ཟན་པ་དག་ན་རེ། ཕྱུད་དེ་འཚོགས་ནས་དགོས་པ་རྩོམ་མོ་ཞེས་ཟེར་བ་ལྟ་བུ་འམ། ཡང་ནི་ཕན་ཚུན་མཐུས ་འཛིན་གྱིས་མ་འབྱར་བའི་རང་བཞིན་པར་ཡོད་ཅིང་བསྐོར་བ་སྟེ། ཅི་ལྟར་ཁ་ཅིག་ན་རེ། ཐ་དད་ཕྱོགས་ནས་མང་པོ་དག། འགའ་ལ་ཀུན་ནས་བསྐོར་ཙམ་དུ།། བརྗོད་པར་ཟད་ཀྱི་རྡུལ་དེ་ནི།། ཆ་ཤས་བཅས་པའི་བདག་ཉིད་མིན ་ཞེས་ཟེར་བ་ལྟ་བུ་འམ། ཡང་ན་མང་པོ་དག་པར་མེད་དེ། ཇི་ལྟར་རྡུལ་ཕྲ་རབ་རྣམས་མི་རེག་ཀྱང་བར་མེད་པས་རེག་པར་འདུ་ཤེས་སོ།། བྱ་བ་ལྟ་བུ་ལ་ཡང་རུང་སྟེ། རྣམ་པར་བཞག་པ་འདི་དག་ཐམས ་ཅད་ནི་བརྟགས་པ་ཙམ་ཁོ་ནའི་སྙིང་པོར་ཟད་དོ།། བདག་ཉིད་ཐམས་ཅད་ཀྱིས་འབྱར་ན་ནི་རྫས་རྣམས་འདྲེས་པར་འགྱུར་ཏེ། རྡུལ་གྱི་རང་བཞིན་གཅིག་པུ་གང་གིས་འབྱར་བ་དེ་ཉིད་གཞན་དང་ཡང་འབྱར་བའི་ཕྱིར་རོ།། ཕྱོགས་གཅིག་གིས ་འབྱར་ན་ནི་ཆ་ཤས་ཡོད་པར་འགྱུར་ཏེ། རང་བཞིན་གཞན་དང་གཞན་དག་གིས་རྡུལ་གཞན་དང་འབྱར་བའི་ཕྱིར་རོ།། བར་ཡོད་པ་ཡང་བར་དག་ཏུ་སྣང་བ་དང་མུན་པའི་རྡུལ་ཕྲ་རབ་རྣམས་ཀྱི་གོ་སྐབས་ཡོད་པར་འགྱུར་ཏེ། ཕྲག་ནི་མུན ་པ་དང་སྣང་བའི་བདག་ཉིད་ཡིན་པའི་ཕྱིར་དེ་དག་དང་འབྱར་བར་འགྱུར་རོ།། བར་མེད་པའི་ཕྱོགས་ཀྱང་འབྱར་བའི་ཕྱོགས་དང་ཐ་དད་པ་མེད་པ་ཉིད་དེ། བར་མེད་པ་ནི་ཕྲག་མེད་པའོ།། ཕྲད་པ་དང་འབྱར་བ་ཞེས་བྱ་བ་ནི་དོན་ཐ་དད་པ་མ་ཡིན་ཏེ། ་ཤིང་རྟ་ཆེན་པོ་རྣམས་ཀྱིས་ལམ་པོ་ཆེ་བསྟོད་ཟིན་ཏོ།། ད་ལྟ་ཡིན་ཡང་མདོར་བསྡུས་ཏེ་རྣམ་པར་བརྟག་པར་བྱའོ།། འབྱུར་བ་དང་ནི་བསྐོར་བ་འམ།། བཱར་མེད་རྣམ་པར་གནས་ཀྱང་རུང་།། དབུས་གནས་རྡུལ་ཕྲན་རྡུལ་གཅིག་ལ།། བལྟས ་པའི་རང་བཞིན་གང་ཡིན་པ།། རྡུལ་ཕྲནི་གཞན་ལ་ལྟ་བ་ཡང་།། དེ་ཉིད་གལ་ཏེ་བ་ཡིན་བརྗོད་ན།། དེ་ལྟ་ཡིན་ནས་ཆུ་སོགས།། ཇི་ལྟར་རྒྱས་འགྱུར་མ་ཡིན་ནམ།། ཕྱོགས་གསུམ་ཆེར་ཡང་ཕྱོགས་བཅུ་ནི་རྣམ་པར་གནས་པའི་རྡུལ་ཕྲ་མོ་རྣམ ་ཀྱི་དབུས་ན་གནས་པའི་རྡུལ་ཕྲ་རབ་གང་ཡིན་པ་དེ་ཤར་ཕྱོགས་ན་གནས་པའི་རྡུལ་ཕྲ་རབ་ལ་བལྟས་པའི་རང་བཞིན་གང་ཡིན་པ་དེ་ཉིད་གལ་ཏེ་ཕྱོགས་ལྷག་མ་ན་རྣམ་པར་གནས་པའི་རྡུལ་ཕྲ་རབ་རྣམས་ལ་བལྟས་པ་ཡང་ཡིན་ན་ནི་དེའི ་ཚེ་དེའི་རང་བཞིན་ལ་བལྟས་པ་ཉིད་ཀྱི་ཕྱིར་ཤར་ཕྱོགས་ན་གནས་པར་འདོད་པའི་རྡུལ་ཕྲ་མོ་ལྟ་བུ་འམ། ཤར་ཕྱོགས་ཀྱི་ཁང་པ་ལ་ཁང་པ་གཅིག་བལྟས་པ་ལྟ་བུར་ཕྱོགས་ལྷག་མ་གཞན་ན་གནས་པ་རྣམས་དོན་ཇི་ལྟ་བ་བཞིན་མི་འགྱུར་རོ།། ་དེ་ལྟ་བས་ན་ཤྭ་ར་དང་ནུབ་ལ་སོགས་པའི་ཕྱོགས་ཆུ་ཅན་མི་གནས་པས་སའི་དཀྱིལ་འཁོར་ལ་སོགས་པ་གནས་པར་མི་འགྱུར་རོ།། ཅི་སྟེ་ཉེས་པ་འདིར་འགྱུར་དུ་འོང་ཞེས་ཏེ། རྡུལ་ཕྲན་གཞན་ལ་ལྟ་བའི་ངོས།། གལ་ཏེ་གཞན་དུ་འདོད་ན་ནི ་གལ་ཏེ་དེ་ལྟ་ཡིན་ན། རབ་ཏུ་ཕྲ་རྡུལ་ཇི་ལྟ་བུ། གཅིག་པུ་ཆགས་མེད་པར་འགྱུར།། ཕྱོགས་བཅུ་ན་རྣམ་པར་གནས་པའི་རྡུལ་ཕྲ་རབ་ཏུ་གྱུར་པའི་གྲངས་ཀྱི་རང་བཞིན་དང་ལྡན་པའི་ཕྱིར། འདི་ལྟར་གཅིག་པུ་རྣམ་པར་བཞག་པ་སྨོས་ཤིག། རང ་བཞིན་ཐ་དད་པའི་མཚན་ཉིད་ཡིན་པས་དངོས་པ་ཐ་དད་དེ། རྡུལ་ཕྲ་རབ་དེ་དག་ཀྱང་དེ་སྙེད་དུ་འགྱུར་རོ།། གང་གི་ཕྱིར་དེ་དག་ཀྱང་དེ་ལྟར། རྡུལ་ཕྲན་རང་བཞིན་མེད་གྲུབ་པ།། དེ་ཕྱིར་མིཀ་དང་རྫས་ལ་སོགས།། བདག་དང་གཞན་སྨྲས་མང་པོ་དག། རང ་བཞིན་མེད་པར་མངོན་པ་ཡིན།། རྡུལ་ཕྲ་རབ་རྣམས་མེད་པ་ཉིད་དུ་ངེས་ན་རང་གི་སྡེ་པ་དག་མིག་དང་གཟུགས་དང་དེའི་རྣམ་པར་ཤེས་པ་ལ་སོགས་པ་དེ་ཁོ་ན་ཉིད་དུ་འདོད་པ་དང་། གཟེགས་ཟན་པ་ལ་སོགས་པས་སྨྲས་པ་དང་རྫས་དང་། ཡོན་ཏན་ལ ་སོགས་པ་སྒྲིམ་མི་དགོས་པར་རང་བཞིན་གྱིས་སྟོང་པར་ངེས་སོ།། ཅི་འདི་རྒྱལ་པོའི་བཀའ་འམ་ཞེ་ན། མ་ཡིན་ཏེ། དེའི་རང་བཞིན་དེས་བརྩམས་དང་། དེ་ཡི་ཡོན་ཏན་དེ་ལས་བདག། དེ་ཡི་སྤྱི་དང་ཁྱད་པར་ཡང ་དེ་དག་དེ་དང་ལྡན་པ་ཅན།། རང་གི་སྡེ་པ་དག་ནི་གཟུགས་ཅན་གྱི་ཁམས་བཅུ་པོ་དེ་དག་རྡུལ་ཕྲ་རབ་བསགས་པ་ཡིན་པར་བརྗོད་དེ། དེ་དག་དེ་མེད་ན་མི་རུང་ངོ་།། འདི་ལྟར་མིག་དང་གཟུགས་རྣམས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་ངོ་།། ་ཞེས་བྱ་བ་ལ་སོགས་པ་དེ་ལ་བརྟེན་པ་དང་དམིགས་པ་རྣམ་པར་ཤེས་པའི་ཁམས་ལྔ་ཡང་དེ་མེད་ན་ཅི་ལས་བརྟེན་ཏེ་སྐྱེ་བར་འགྱུར། རྣམ་པར་ཤེས་པའི་ཁམས་ལྔ་མེད་ན་དེ་མ་ཐག་པའི་རྐྱེན་དེས་མངོན་པར་བསྒྲུབ་པའི་ཡིད་ཀྱི་རྣམ་པར་ཤེས ་པ་ཡང་མི་འཐད་པའི་རང་བཞིན་ཉིད་དོ།། དེ་ལྟར་རྣམ་པར་ཤེས་པ་དྲུག་གི་ཚོགས་མ་གྲུབ་ན། རྣམ་པར་ཤེས་པ་དེ་འདས་མ་ཐག་པའི་ཡིད་ཀྱང་ཡང་དག་པར་རྣམ་པར་བཞག་པར་མི་རིགས་སོ།། དེ་ལྟར་སེམས་རང་བཞིན་མེད ་པར་གྱུར་ན་དེ་དང་གྲུབ་པ་དང་བདེ་བ་གཅིག་པ་དང་ཚོར་བ་དང་འདུ་ཤེས་དང་སེམས་པ་ལ་སོགས་པ་སེམས་ལས་བྱུང་བ་རྣམ་ཀྱང་རང་བཞིན་མེད་པར་བདེ་བླག་དུ་ཤེས་སོ།། ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་ཀྱང་རྣམ་པར་རྟོག་པ ་ལ་དཔའ་བ་མཁས་པ་རྣམས་ཀྱིས་ལན་བརྒྱར་དུ་མ་བུ་དུམ་བྱང་བ་ཞིག་ཅིན་ཏུ་གི་ཟིན་པ་དེ་ཕྲ་ལ་བརྣན་མི་དགོས་སོ།། ཡང་ན་གཟུགས་ལ་སོགས་པ་དེ་དག་དང་དངོས་སུ་ལམ་བརྒྱུད་པ་འབྲེལ་པ་ཅན་དེ་དག་ཀྱང་དེ་མེད་པོས་གཟོད་མ་ནས་མ་སྐྱེས་པ ་ཉིད་དོ་ཥྚ་རྣམ་བཱརཱ་རིག་བྱེད་མཾ་ཡཱིནྡྲ་པཱ་བྷྱངྒ་བྷཱུ་ཆེན་པོ་རྣམས་རྒྱོརྱ་བྱས་བྱས་གྲུབ་བྱར་བརྗོད་པ་དེ་ཡང་དེ་དག་མྱེད་ན་མེད་པ་ཉིད་དོ།། ནམ་མཁའ་ལ་སོགས་པ་འདུས་མ་བྱས་མཐའ་དག་ཀྱང་སྔར་བསལ་ཟིན་ཏེ། ཁམས་བཅོ་བརྒྱད་པོ་དེ་དག ་ནི་རང་བཞིན་མེད་པ་ཉིད་དུ་གྷ་སིཥྚ་སྟྭཾ། དྷྲྀབྷྱཱཾ་ཥྚཱི་སེ། པྱུ་ལྱཱ་སྟོགྣས་བྷྱཱཾཥྚཾ་ཡནྟ་ལག་ཙན། རྡུལ་ཕྲ་རབ་དག་གིས་དངོས་དང་གཅིག་ནས་གཅིག་ཏུ་བརྒྱུད་དེ་བརྩམས་པར་འདོད་པ་དེ་དག་ཀྱང་དེ་མེད་ན་མེད་དོ།། གཟུགས་དང་རྙོ་དང་དྲི་ལ་སྩོགས་པ་ཡོན་ཏན ་རྣམས་ཀྱང་ཕལ་ཆེ་རོཥཱབྷྱཱཾ་ས་དྷཱིསྟཱཾ་སྨྲྀནཱི་སྱཻ་བྷི་བྷྱཱཾ་དག་ཉིད་ཀྱི་སྦྱིན་ནོ།། དགས་པ་ལ་སྩོགས་པ་ལས་ཀྱི་དངོས་པོ་རྣམས་ཀྱང་དེའི་ལས་ཀྱི་ངོ་བོ་ཉིད་ཁོ་ནའོ།། སྤྱི་དང་སྤྱིའི་ཁྱད་པར་ཡང་ཡོད་པ་དང་། ས་ལ་སོགས་པ་ལ་ཕལ་ཆེར་བརྟེན་པ་དང་ཉེ ་བརྟེན་པ་དང་བཅས་པཱ་དེ་དག་ཏི་ཀྵཱི་ཨཽཥྚཱཾ་ཎཱིབྷི་དྷྲྀག་ཀྵཱིཏྟཾསྨཻ་གྷ་ཥཱ་ཙྪན་དུ་འདོད་དོ།། དེ་བསྟེ་ན་འབྲེལ་པ་ཅན་མེད་པའི་ཕྱིར་འདུ་བ་ཡང་རང་བཞིན་མེད་པ་ཁོ་ནའོ།། རྟག་པའི་དངོས་པོ་ན་མཁའ་དང་། དུ་ས་ར་ཕྱོགས་དང་། བདག་འ་\ུ0f7f། ཕྲ ་རབ་དག་ཀྱང་བསྨཱ་ལཱ་ཏེ། བ་ནཱཾ་ཨཽ་དྱཨཱ་རྱ་སྟཨཱརྱཱ་བགྷྣཱཾ་ནཱི་བྷིན་། གགས་ཀྱི་ཕུང་པོ་པྱང་བའི་ཞར་ལ་རྣམ་པར་ཤེས་པའི་ཕུང་པོ་མཚུངས་པར་ལྡན་པ་དང་བཅས་པ་ཡང་རང་བཞིན་མེད་པར་བསྟན་ཏོ།། ད་ནི་འ་གི་སྡེ་པ་དང་གཞན་གྱིས་གཉི ་དུང་གཉིས་མ་ཡིན་པའི་ཚུ་ལྀ་ཧཱུ~ཾ་བ~ཾརྦྷོ་ཧྲཱི་དྀ་དྲོསྟྲཻ་སུཾ་ཨཱསྨཻནྟི་པར་བྱའོ།། དེ་ལྕེ་གཉིས་ཀྱི་ཚུལ་ནི་གང་དག་བཟུང་བ་དང་འཛིན་པ་གཉིས་ཡང་དག་པར་ཡོད་པར་འདོད་ལ། རྣམ་པར་ཤེས་པ་ནི་ཤེལ་པོང་དག་པ་ལྟ་བུ་ཡུལ་གྱི་རྣམ་པ་མི་འཛིན་པར ་བརྗོད་པ་སྟེ། དེ་དག་གི་དཔྱད་པར་བྱའོ།། རྣམ་ཤེས་བེམ་པོའི་རང་བཞིན་ལས།། བཟློག་པ་རབ་ཏུ་སྐྱེ་བ་སྟེ། བིམ་མིན་རང་བཞིན་གང་ཡིན་པ། དེ་འདིའི་བདག་ཉིད་རིགས་པ་ཡིན།། དེ་ལ་རེ་ཞིག་གཉིས་ཀྱི་ཚུལ་རྣམ ་པ་ད་པའི་རྣམ་པར་ཤེས་པའི་ཕྱོགས་ནི། རྣམ་པར་ཤེས་པ་ཡུལ་གྱི་སྣང་བ་དང་མ་ཕྲད་པ། བདག་ཙམ་རིག་པ་ཙམ་ལ་གཞོལ་བ་ཁོ་ནར་ཟད་པས། བདག་དང་ཐ་དད་པའི་དོན་མྱོང་བའི་བདག་ཉིད་དུ་མི་རུང་ངོ་།། འདི་རང་རིག་པའི་རང་བཞིན་དུ་རྣམ་པར ་བཞག་པ་ནི་རང་བཞིན་གྱིས་གསོལ་བའི་བདག་ཉིད་ཡིན་པའི་ཕྱིར་ཏེ། ཤིང་རྟ་ལ་སོགས་པ་ལ་རིག་པ་མེད་པའི་རང་བཞིན་ལས་བཟློག་པའི་ཕྱིར་རོ།། དེ་ནི་རང་གི་ངོ་བོར་རིག་པར་བྱ་བའི་ཕྱིར་སྔོན་པོ་ལ་སོགས་པ་བཞིན་དུ་རིག་པར་བྱེད་པ་གཞན ་ལ་མི་བལྟོས་པས་ཏེ། རིག་པ་མེད་པ་མ་ཡིན་པ་ཞེས་བྱ་བའི་དོན་འདི་ནི་རང་རིག་པ་ཞེས་བྱ་བར་བརྗོད་དོ།། གཅིག་པ་ཆ་མེད་རང་བཞིན་ལ།། གསུམ་གྱི་རང་བཞིན་མི་འཐད་ཕྱིར།། དེ་ཡི་རང་གིས་རིག་པ་ནི།། བྱ་དང་བྱེད་པའི་དངོས་པོར་མིན ་ཇི་སྐད་དུ་ཡུལ་རང་གི་རྣམ་པ་འཇོག་ནུས་པ་ནི་རྒྱུ་ཉིད་དེ་རིག་པར་བྱ་བ་ཉིད་ཡིན་པ་དང་། རྣམ་པར་ཤེས་པ་ཡུལ་གྱི་ངོ་བོར་བཞག་པ་ནི་བསྐྱེད་པར་བྱ་བ་ཉིད་དེ་རིག་པ་པོ་ཉིད་དོ་ཞེས་རྣམ་པ་དང་བཅས་པའི་ཤེས་པའི་ཚུལ་ལས་བརྗོད་པ་ལྟ་བུར ་རང་རིག་པ་ལ་ནི་དེ་ལྟར་རྣམ་པར་བཞག་པར་མི་འཐད་དེ། རྣམ་པར་ཤེས་པ་ཆ་མེད་པའི་བདག་ཉིད་ལས་བསྐྱེད་པར་བྱ་བ་དང་། སྐྱེད་པ་པོ་དང་། བསྐྱེད་པའི་བྱ་བའི་ཚུལ་དུ་འམ།། རིག་པར་བྱ་བ་དང་། རིག་པ་པོ་དང་། རིག་པའི་བྱེ་བྲག་གིས་གསུམ ་གྱི་ཚུལ་དུ་མི་རིགས་པའི་ཕྱིར་ཏེ། འདི་ལྟར་སྐྱེ་བའི་སྔ་ལོག་ན་ནི་མེད་པས་ནུས་པ་མེད་ལ། ནུས་པའི་དུས་ན་ནི་སྐྱེད་པ་པོར་འདོད་པའི་ངོ་བོ་བཞིན་དུ་དེ་དག་ཐ་མི་དད་པ་བསྐྱེད་པར་བྱ་བར་འདོད་པའི་ངོ་བོ་ཡང་ཡོངས་སུ་གྲུབ་སྟེ། བདག་ཉིད་ལ་བྱེད ་པ་ནི་འགལ་ལོ།། དེ་ལྟ་བས་ན་གསལ་བར་བྱེད་པ་གཞན་ལ་མི་བལྟོས་པར་རང་གསལ་བའི་བདག་ཉིད་ནི་རྣམ་པར་ཤེས་པའི་རང་རིག་པ་ཞེས་བྱའོ།། དེའི་ཕྱིར་འདི་ནི་ཤེས་པ་ཡི།། རང་བཞིན་ཡིན་པས་བདག་ཤེས་རུང་།། དྲོན་གྱི་རང ་བཞིན་གཞན་དག་ལ།། དེ་ཡིས་ཇི་ལྟར་ཤེས་པར་འགྱུར།། དཔེར་ན་བདག་ཉིད་གསལ་བའི་ངོ་བོ་ཡིན་པས་རང་གི་ངོ་བོ་གསལ་བར་བྱེད་པ་ལ་གསལ་བར་འདོད་པ་དེ་བཞིན་དུ་རྣམ་པར་ཤེས་པ་ཡང་མྱོང་བའི་བདག་ཉིད་ཡིན་པའི་ཕྱིར་རང ་རིག་པར་འདོད་དོ།། ཅི་སྟེ་རྣམ་པར་ཤེས་པ་ནི་ཡུལ་སོ་སོ་རྣམ་པར་རིག་པའི་མཚན་ཉིད་ཡིན་པས་དོན་ཡོངས་སུ་དཔྱོད་པའི་ངོ་བོ་ཉིད་ཀྱང་ཡིན་ཏེ། དེའི་ཕྱིར་རང་གི་ངོ་བོ་བཞིན་དུ་དོན་ཀྱང་མྱོང་བར་འདོད་དོ་ཞེ་ན། དེ་ནི་མི་རུང་སྟེ། དེ་ཡི ་རང་བཞིན་གཞན་ལ་མེ་དེ།། གང་གིས་དེ་ཤེས་གཞན་ཡང་ཤེས།། ཤེས་དང་ཤེས་པར་བྱ་བའི་དོན། ཐ་དད་པར་ནི་འདོད་ཕྱིར་རོ།། ཡོངས་སུ་གཅོད་ཅེས་བྱ་བའི་ངོ་བོ་དེ་ནི་ཤེས་པའི་ཐུན་མོང་མ་ཡིན་པ་སྟེ། བདེ་བ་ལ ་སོགས་པའི་བདེ་བ་ཉིད་ལ་སོགས་པ་ལྟ་བུ་ཡིན་ན། དེ་འདྲ་བ་དེ་གཞན་ལ་ཇི་ལྟར་ཡོད།། འབྲེལ་པ་གང་གིས་ན། འདིའི་འདི་ཞེས་བསྐང་བ་མྱོང་བར་འགྱུར།། དེ་ལས་བྱུང་བ་དེ་ཙམ་གྱིས་དོན་མྱོང་བར་མི་འགྲུབ་སྟེ། མིག ་ལ་སོགས་པ་ལ་ཡང་ཐལ་བར་འགྱུར་བའི་ཕྱིར་རོ།། གལ་ཏེ་དོན་ཀྱང་ཡོངས་སུ་གཅོད་པའི་བདག་ཉིད་དུ་འགྱུར་ལ། རྣམ་པར་ཤེས་པ་ཡང་དེའི་བདག་ཡིན་ན་ནི། དེ་ལྟ་བས་ན་དེའི་ཚེ་ཤེས་པའི ་དོན་ཡོངས་སུ་གཅོད་པའི་ངོ་བོ་ཡིན་པས་མྱོང་བའི་ངོ་བོར་ཐ་ནི་ངང་པའི་ཕྱིར། ཤེས་པ་རིག་པས་དོན་རིག་པར་ཡང་འགྱུར་བ་ཞིག་ན། ཕྱི་རོལ་གྱི་དོན་ལ་མངོན་པར་ཞེན་པའི་དུག་གི་མ་རུངས་པར་བྱས་པའི་བས་པ་ཅན་གྱི་ལུགས་ལ་ནི་དེ་མི ་སྲིད་དོ།། དོན་དང་ཤེས་པ་གཉིས་ཐ་དད་པའི་ཕྱིར་རོ།། གང་རྣམ་པ་བཞིན་དུ་ཤེས་པ་ཡང་རིག་པ་མེད་པར་འདོད་པ་དེའི་ལྟར་ན་གཉི་ག་ལ་རིག་པ་མེད་དེ་དོན་དང་ཤེས་ཞེས་བྱ་བར་འགྲུབ་པར་བསྙད་དུ་མེད་དོ།། ཤེས་པ་ནི་གསལ་བ་ཡིན་ན ་གསལ་བ་ནི་གསལ་བར་མ་གྱུར་ཏེ། གསལ་པོ་གསལ་བ་མ་ཡིན་པའི་ཕྱིར་མི་གཞན་གྱི་མངོན་སུམ་དུ་འདོད་པའི་དོན་བཞིན་དུ་འདོད་པའི་དོན་ཀྱང་མངོན་སུམ་དུ་མི་འགྱུར་ལ། འབྲེལ་པའི་རྒྱུ་ཡང་མེད་པའི་ཕྱིར་རོ།། གཞན་ཡང་ཤེས ་པ་རྣམ་པ་མེད་པའི་ཕྱོགས་འདི་ནི་ཤེས་པ་རྣམ་པ་དང་བཅས་པའི་ཕྱོགས་ཤིན་དུ་འབྲེལ་པ་མེད་པས་ཀྱང་ཆེས་དམན་པར་བསྟན་པ། ཤེས་པ་རྣམ་བཅས་ཕྱོགས་ལ་ནི།། དངོས་སུ་དེ་གཉིས་ཐ་དད་ཀྱང་།། དེ་དང་གཟུགས་བརྙན ་འདྲ་བས་ན། གདོགས་པ་ཙམ་གྱི་ཚོར་བར་རུང་།། དེས་བཞག་པ་ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་བརྙན་རིགས་པ་གང་ཡིན་པ་དེ་ཉིད་དོན་ཤེས་པའོ།། དེའི་ཕྱིར་ན་དོན་གྱི་འབྲས་བུ་གཟུགས་བརྙན་མྱོང་བ་དོན་ཀྱང་མྱོང ་ངོ་ཞེས་གདགས་སོ།། དོན་གྱི་རྣམ་པས་བསྒྱུར་ལྡན་པའི།། རྣམ་ཤེས་སུ་ཞིག་མི་འདོད་པ།། དེ་ལ་ཕྱི་རོལ་རིག་པ་ཡི།། རྣམ་པ་འདི་ཡང་ཡོད་མ་ཡིན་རིགས་པ་མེད་པའི་རང་བཞིན་ཡིན་པས་རིག་པའི་དོན་གྱི་དངོས་པོ་ནི་དོན་ལས་རིང་དུ ་གྱུར་པ་ཉིད་དོ།། འབྲེལ་པའི་རྒྱུ་གཟུགས་སོ་བརྙན་ཡང་ཁས་མི་ལེན་པས་གདགས་པ་ཡང་མི་སྲིད་དོ།། གལ་ཏེ་དེ་ལྟ་ན་ཤེས་པ་རྣམ་པ་དང་བཅས་པ་ཉིད་ནི་རུང་ངོ་།། དེ་ཡང་དེ་ལྟ་མ་ཡིན་ཏེ་འདི་ལ་ཡང་། ཤེས་གཅིག་ཐ་དད་མ་ཡིན ་པས།། རྣམ་པ་མང་པོར་མི་འགྱུར་ཏེ།། དེ་ཕྱིར་དེ་ཡི་མཐུ་ཡིས་ནི།། དོན་ཤེས་འགྱུར་བར་བཞག་པ་མེད།། རི་མོ་རྐྱང་པ་ལ་སོགས་པ་ལ་དམིགས་པའི་རྣམ་པར་ཤེས་པ་ལ་ནི་སྔོན་པོ་དང་། སེར་པོ་ལ་སོགས་པ་སྤྱོད་ཡུལ་གྱི་བྱེ་བྲག་ཇི ་སྙེད་པ་དེ་སྙེད་ཀྱི་གྲངས་ཀྱི་བྱེ་བྲག་གི་རྣམ་པོ་གདོན་མྱི་ཟླ་བར་འབྱུང་ངོ་།། དེ་ལྟ་ཡི་ནཱ་ན་ཤེས་པ་དེ་དང་མཐུན་པར་མི་འགྱུར་རོ།། རྣམ་པ་དེ་དག་གི་སྣ་ཚོགས་པ་འདི་ནི་རིགས་པ་མ་ཡིན་ཏེ། རྣམ་པར་ཤེས་པ་གཅིག་དང་ཐ་དད་པ་མ ་ཡིན་པའི་ཕྱིར་ཤེས་པ་དེའི་རང་གི་ངོ་བོ་བཞིན་ནོ།། དེའི་ཕྱིར་དེ་ལ་དེ་འདི་ནི་སྔོན་པོའོ།། བིད་ནི་སེར་པོའོ་ཞེས་བྱ་བ་ལ་སོགས་པ་དོན་སྣ་ཚོགས་རིགས་པའི་རྒྱུ་རྣམ་པར་བཞག་པ་མེད་པར་འགྱུར་རོ།། ཅི་སྟེ་ཡང་གསལ་བར་མངོན་སུམ ་དུ་བྱས་པ་རྣམ་པ་སྣ་ཚོགས་ཡོད་པར་ངེས་པར་ཁས་བླང་དུ་ངེས་སོ་ཞེ་ན། དེ་ལྟ་ན་ཡང་རྣམ་པ་རྣམས་དང་མ་བྲལ་བས།། རྣམ་ཤེས་གཅིག་ཏུ་མི་འགྱུར་རོ།། དེ་ལྟ་མིན་ན་འདི་གཉིས་ལ།། གཅིག་ཅེས་ཇི་སྐད་བརྗོད་པར་བྱ། ་རྣམ་པར་ཤེས་པ་དེ་རྣམ་པ་དུ་མ་དང་ཐ་དད་པ་མ་ཡིན་པའི་ལུས་ཡིན་ན་ནི། རྣམ་པ་དེ་དག་གི་བྱེ་བྲག་བཞིན་དུ་དུ་མར་འགྱུར་རོ།། གལ་ཏེ་རྣམ་པར་ཤེས་པ་ནི་གཅིག་པུ་ཁོ་ནའི་རང་བཞིན་ཡིན་ལ། རྣམ་པ་ནི་དུ ་མ་ཡིན་ན་དེའི་ཚེ་འགལ་བའི་ཆོས་སུ་གནས་པས་རྣམ་པ་དང་རྣམ་པར་ཤེས་པ་ཉིད་ཐ་དད་པ་མ་ཡིན་པར་ནི་འགལ་ལོ།། འདི་ལྟར་འདོད་དེ་དཀར་པོ་དག་ལ་སོགས་པ་ལ། ཤེས་པ་དེ་ནི་རིམ་འབྱུང་སྟེ།། མགྱོགས་པར་འབྱུང་ཕྱིར་བློན་པོ་དག། ་ཅིག་ཆར་སྙམ་དུ་ཤེས་པ་ནི།། མེ་ཏོག་ཨུཏྤ་ལིའི་འདབ་མ་བརྒྱ་འབིགས་པ་བཞིན་དུ། ཤིན་ཏུ་མྱུར་བའི་ཕྱིར་རིམ་གྱིས་དངོས་པོ་ལ་ཡང་ཅིག་ཆའོ།། སྙམ་དུ་ཤེས་སོ་ཞེས་འཛེར་ཏེ། དཔེར་ན་མགལ་མོའི་འཁོར་ལོ་མཐོང་བ་བཞོན་ཏེ། མཐོང་བ་དེ་ནི་མྱུར ་དུ་བསྐོར་བའི་ཕྱིར་རོ་ཞེས་ཟེར་རོ།། གལ་ཏེ་དེ་ལྟ་ན། ལྕུག་མིའི་སྒྲ་ལ་སོགས་པའི་བློ།། རབ་ཏུ་མེ་གྱོགས་པར་འབྱུང་ཡིན་ན། དེ་ཕྱིར་གཅིག་ཆར་འབྱུང་བ་ཡི།། འདིར་ཡང་ཅི་ཕྱིར་འབྱུང་མི་འགྱུར།། ལྕུག་མ་དང་། ཏ་ལ་དང་། མཚོ་དང་། རོ་བྲོ་བ་དང་ཞེས ་བྱ་བ་ལྔ་སོགས་པ་ཡི་གེའི་འབྲུའི་ཡུལ་རྣམས་ཀྱི་བློ་དག་ཀྱང་རབ་ཏུ་མགྱོགས་པར་འབྱུང་དུ་འདྲ་སྟེ། དེ་བས་ནི་མགྱོགས་པར་འབྱུང་བའི་ཕྱིར་རི་མོ་བརྐྱང་བ་ལ་སོགས་པ་བཞིན་དུ་ཅིག་ཅར་དུ་ཅིའི་ཕྱིར་མི་ཤེས། རྒྱུ་འདྲ་བའི་འབྲས་བུ་ནི་ཐ་དད ་པར་མི་རིགས་ཏེ། རྒྱུ་མ་ཡིན་པར་འགྱུར་བའི་ཕྱིར་རོ།། ཡིད་ཀྱི་རྟོག་པ་འབའ་ཞིག་ལའང་། རིམ་དུ་ཤེས་པར་མི་འགྱུར་རོ།། རིང་དུ་གནས་པ་མ་ཡིན་པོས། བློ་རྣམས་ཀུན་ཀྱང་མགྱོགས་འབྱུང་འདྲ།། སེམས་པ་དང་། དཔྱོད་པ་ལ་སོགས་པའི ་དུས་ན་འབྱུང་བ་ཅན་རིགས་མི་འདྲ་བ་མིག་ལ་སོགས་པའི་ཤེས་པ་དང་། མ་འདྲེས་པ་བར་ཆད་མེད་པ་འབྱུང་བ་ཡང་གསལ་བར་མགྱོགས་པར་འབྱུང་ན་ཅིའི་ཕྱིར་ཅིག་ཅར་དུ་མི་ཤེས། གཅིག་ཏུ་ན་འདིའི་ཕྱིར་མྱུར་དུ་འབྱུང་བའི་ཕྱིར་རོ་ཞེས ་བྱ་བ་འདི་ནི་ལན་དུ་མི་རུང་སྟེ། ཕ་རོལ་གྱི་ལུགས་ལས་ཀྱང་རབ་ཏུ་མྱུར་དུ་འཇིག་པ་དང་ལྡན་པའི་བློ་རྣམས་ནི་གང་ཡང་ཡུན་རིང་དུ་གནས་པ་མེད་དོ་ཞེས་འབྱུང་སྟེ། དེ་ཕྱིར་ཡུལ་རྣམས་ཐམས་ཅད་ལ།། རིམ་གྱིས་འཛིན་པར་མི་འགྱུར ་གྱིརྣམ་པ་དག་ནི་ཐ་དད་ལྟར།། ཅིག་ཅར་འཛིན་པར་སྣང་བར་འི་གྱུར།། དེའི་ཕྱིར་མགྱོགས་པར་བྱེ་བྲག་མེད་པའི་ཕྱིར། དོན་ཐམས་ཅད་འཛིན་པ་རྣམ་པའི་བྱེ་བྲག་བཞིན་དུ་རིམ་མ་ཡིན་པར་འགྱུར་བ་བཟློག་པར་དཀའོ།། རྒྱུ་རྣམ ་པ་ཐམས་ཅད་དུ་འདྲ་བའི་འབྲས་བུ་མི་འདྲ་བ་ནི་མི་རིགས་ཏེ། རྒྱུ་མ་ཡིན་པ་ཉིད་དུ་འགྱུར་བར་སྔར་བཤོད་ཟིན་ཏོ།། མགལ་མེའི་འཁོར་ལོ་མཐོང་བའི་དཔེ་ཡང་རུང་བ་མ་ཡིན་ཏེ། འདི་ལྟར་མགལ་མེ་ལ་ཡང་ཅིག་ཅར་དུ།། འཁོར་ལོ་ཉེར་སྣང ་བའི་འཁྲུལ་པ་འབྱུང་།། གསལ་བར་རབ་ཏུ་སྣང་བའི་ཕྱིར། མཐོང་བས་མཚམས་སྦྱོར་མ་ཡིན་ནོ།། ཅི་གསལ་བར་སྣང་བ་དང་མཚམས་སྦྱོར་བ་འགལ་ལམ། འགལ་ཏེ་འདི་ལྟར་མཚམས་སྦྱོར་བ་ནི། དྷན་པས་བྱེད་པ་ཉིད་ཡིན་གྱི། ་མཐོང་བས་མ་ཡིན་འདས་པ་ཡི།། ཡུལ་ལ་འཛིན་པ་མིན་ཕྱིར་རོ།། དྲན་པ་ནི་ཡུལ་དུ་བྱས་པ་ཉིང་མཚམས་སྦྱོར་ཏེ། མི་ཟིན་པ་ལ་ནི་མཚམས་སྦྱོར་མི་ནུས་པའི་ཕྱིར་རོ།། དེས་ཅིར་འགྱུར་སྨོས་པ། དེ་ཡི་ཡུལ་དུ་གང་འགྱུར་བ།། ་དེ་ནི་ཞིག་པ་གསལ་མ་ཡིན།། དེ་ཕྱིར་འཁོར་ལོར་སྣང་བ་འདི།། གསལ་བ་མཱ་ཡིན་འགྱུར་བ་མ་ཡིན་འགྱུར་བའི་རིགས།། དྲན་པ་ནི་མདུན་ན་འདུག་པའི་དངོས་པོ་ལ་ཡང་ཤིན་དུ་གསལ་བར་རྟོགས ་པ་མ་ཡིན་ནོ།། དེའི་བདག་ཉིད་དུ་གྱུར་པ་མགལ་མཱིའི་འཁོར་ལོ་མཐོང་བ་ཡང་དེ་བཞིན་དུ་འགྱུར་བའི་རིགས་ན། མགལ་མེ་ལ་ནི་འཁོར་ལོར་གསལ་བར་སྣང་བ་འདི་ཡང་སྣང་ངོ་།། ཨུཏྤ་ལའི་འདབ་མ་བརྒྱ་ཅིག་ཅར་ཕིགས་པར ་ཤེས་པ་གང་ཡིན་པ་དེ་ཡང་གསལ་བར་སྣང་བ་མ་ཡིན་ནོ།། ཅིག་ཅར་དུ་ཕིགས་སོ།། སྙམ་པ་ལ་ནི་ཚད་མའི་གནོད་པ་ཡང་ཡོད་པའི་ཕྱིར་དེ་ལ་ཅིག་ཅར་མ་ཡིན་པར་གནས་པར་རིགས་ཏེ། ཞིབ་པ་རྩེ་གཅིག་པ་ཤེས་རབ་ཀྱི ་མིག་དང་ལྡན་པ་དག་ནི་དེ་ལ་རིམ་དུ་ངེས་པར་བྱེད་དོ།། མང་པོ་དག་བྱེད་པ་གཅིག་པ་གཅིག་གིས་འབིགས་པ་གང་ཡིན་པ་དེ་ནི་རིམ་གྱིས་འགྱུར་ཏེ། དཔེར་ན་ཟངས་ཀྱི་གླེགས་མ་ལ་སོགས་ལྟ་བུ་སྟེ། ཨུཏྤ་ལིའི་འདབ་མ ་མང་པོ་འབིགས་པ་འདི་ཡང་མིའི་བྱེད་པ་གཅིག་གིས་བྱས་པས་རྗེས་སུ་དཔོག་གོ།། གང་དག་རིགས་མཐུན་པའི་ཤེས་པ་རྣམས་ཀྱང་རྣམ་པའི་གྲངས་བཞིན་དུ་རི་མོའི་གཞི་ལ་སོགས་པ་ལ་ལྷན་ཅིག་ཏུ་མང་དུ་འབྱུང་སྟེ ་གཟུགས་དང་སྒྲ་དང་ལ་སོགས་པའི་ཤེས་པ་རིགས་མི་མཐུན་པ་བཞིན་ནོ་སྙམ་དུ་སེམས་པ་དེ་དག་གི་ལུགས་བསྟན་པར་བྱའོ།། རི་མོའི་གཞི་རྣམས་མཐོང་བའི་ཚེ།། དེ་ལ་དེ་བཞིན་སེམས་མང་པོ།། ཅི་སྟི་གཅིག ་ཚའི་ཚུལ་གྱིས་སུ།། འབྱུང་བར་འགྱུར་བར་འདོད་ན་གོ། གལ་ཏེ་དེ་ལྟ་ན་དེ་ལྟ་ཡིན་ན་དཀར་ལ་སོགས།། རྣམ་པ་སྣ་གཅིག་ཤེས་པ་ཡང་།། ཐོག་མ་དབུས་མཐའ་ཐ་དད་པས།། དམིགས་པ་སྣ་ཚོགས་ཉིད་དུ་འགྱུར།། ཇི་ལྟར ་སྔོན་པོ་དང་། དཀར་པོ་ལ་སོགས་པ་རྣམ་པ་མང་པོ་དེ་བཞིན་དུ་གཅིག་པུར་འདོད་པ་དཀར་པོ་ལ་སོགས་པ་ལ་ཡང་ཚུ་རོལ་དང་། ཕ་རོལ་དང་། དཔུང་གི་ཚེའི་ངོ་བོའི་རྣམ་པ་མང་པོ་ཉིད་དེ། དེ་ལ་ཡང་དེའི་བདག་ཉིད་ཀྱི་ཤེས་པ ་ཉིད་དུ་མ་ཉིད་དུ་འགྱུར་རོ།། དུ་མར་འདོད་དོ་ཞེ་ན། འོ་ན་གཅིག་པུར་གྱུར་པ་གང་ཡིན། གང་ཡན་ལག་མེད་པའི་རྡུལ་གྱི་ཡུལ་འཛིན་པ་སྟེ། ཡུལ་དེའི་ཡན་ལག་རྣམ་པར་དབྱེ་བར་ངེས་པར་བྱེད་པ་ནི། ཤིན་ཏུ་ཞི་བ་པའི་ཤེས ་རབ་ཅན་རྣམས་ཀྱིས་ཀྱང་མི་ནུས་སོ།། ལྟ་བ་དེ་ཡང་མྱོང་བར་བྱེད་པ་མ་ཡིན་པར་བརྗོད་པ། རྡུལ་ཕྲན་བདག་ཉིད་དཀར་ལ་སོགས།། གཅིག་བྲིའི་བདག་ཉིད་ཆ་མེད་པ།། ཤེས་པ་གང་ལའང་སྣང་གྱུར་པར།། བདག་གིས་རབ་ཏུ་ཚོར ་བ་མེདདུ་བདག་གིས་རབ་ཏུ་སེམས་བཏུད་ཀྱང་།། ཆ་ཤས་ཐམས་ཅད་སྟོང་པའི་རྡུལ་མ་མཐོང་སྟེ། མ་མཐོང་བཞིན་དུ་དེ་ཁས་བླངས་ཤིང་བདག་ལ་ཇི་ལྟར་བསླུ། རྟོག་པ་དང་ལྡན་པ་རྣམས་ཀྱིས་ཡོད་པར་ཁས་ལེན་པའི ་རྒྱུ་ནི་དམིགས་པ་ཡིན་ན། དེ་ནི་དེ་མེད་པས་རུང་བ་མ་ཡིན་ནོ།། གཞན་ཡང་བཅོས་མ་དང་བཅོས་མ་མ་ཡིན་པའི་ཕྱེ་མ་ལེབ་ཁྲ་བོ་ལ་སོགས་ཇི་ལྟར་གཅིག་བུའི་བདག་ཉིད་མ་ཡིན་པ་དེ་བཞིན་དུ་རྣམ་པ་སྣ་ཚོགས ་པའི་རྣམ་པར་ཤེས་པ་ཡང་གཅིག་པུའི་རང་བཞིན་དུ་གདགས་པ་མ་ཡིན་པར་འཐུད་པ་མེད་དོ།། འོ་ན་སྣ་ཚོགས་མ་ཡིན་པའི་རྣམ་པར་ཤེས་པ་གང་ཡིན་པ་དེ་གཅིག་པུའི་རང་བཞིན་དུ་འགྱུར་རོ།། དེ་ཡང ་དེ་ལྟར་མི་རུང་སྟེ། ཐམས་ཅད་ཀྱི་ལྟ་བ་རྣམས་ལ་ཡང་། དེ་ལ་སྣ་ཚོགས་སྣང་བས་ཡུལ་དུ་མ་ཡོད་དེ་འདི་ལྟར་རེ་ཞིག་རང་གི་སྡེ་པའི་ལུགས་ལས། རྣམ་ཤེས་ལྔ་ཡི་ཁམས་རྣམས་ནི། བསགས་ལ་དམིགས་པའི་རྣམ་པ་ཡིན།། ་སེམས་དང་སེམས་བྱང་དམིགས་པ་ནི།། དྲུག་པར་བཞག་པར་བྱས་པ་ཡིན།། དབང་པོ་གཟུགས་ཅན་ལ་བརྟེན་པ་རྣམ་པར་ཤེས་པའི་ཁམས་ལྔའི་ཡུལ་ནི་རྡུལ་ཕྲ་རབ་དུ་མ་འདུས་པ་ཡིན་པས། རྣམ་པ་དེ་སྙེད་ཀྱི་རྗེས་སུ་འབྲེལ་བའི ་ཕྱིར་སྣ་ཚོགས་ཉིད་ལས་མི་འདའོ།། ཡིད་ཀྱི་རྣམ་པར་ཤེས་པོ་ཡང་དེ་དང་དོན་མཐུན་ཏེ། དེ་དང་གྲུབ་པ་དང་བདེ་བ་གཅིག་པའོ།། ཆོས་ཀྱི་ཁམས་རྣམ་པར་རིག་བྱེད་མ་ཡིན་པ་དང་། འདུས་མ་བྱས་ཀྱང་མ་རིག་པའི་ཕྱིར་ཚོར་བ་ལ ་སོགས་པ་ཕུང་པོ་གསུམ་ཙམ་གྱི་བདག་ཉིད་དེ། དེ་ལ་དམིགས་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡང་སེམས་ལས་བྱུང་བ་འབའ་ཞིག་ལ་མི་འཛིན་གྱི་སེམས་དང་སེམས་ལས་བྱུང་བའི་ཚོགས་ལ་དམིགས་ཏེ། དེའི་གྲངས་སྐྲོད་ཀྱི་རྣམ་པ་དང་། ་ལྡན་པའི་ཕྱིར་སྣ་ཚོགས་ཉིད་ལས་མི་འདའོ།། གང་དག་བདེ་བར་གཤེགས་པ་གསུང་རབ་ལེགས་པར་གསུངས་པ་འདི་ལས་ཕྱི་རོལ་ཏུ་གནས་པ་གཟེགས་ཟན་དང་སེར་སྣ་ལ་སོགས་པའི་ལུགས་ལ་བ ་པ་འབྲས་བུའི་རྫས་ལ་སོགས་པ་དོན་གཅིག་གི་ཡུལ་ཤེས་པར་སྨྲ་བ་དེ་དག་གི་ལུགས་ལྟར་ན། དོན་གཅིག་པུ་དེའི་རྣམ་པར་ཤེས་པ་གཅིག་པུའི་བདག་ཉིད་དུ་འགལ་བ་མེད་དོ་ཞེ་ན། མི་རུང་སྟེ། འདི་ལྟར། ཕྱི་གཞུང་རྣམས་ལའང་རྣམ་ཤེས་ནི ་གཅིག་ཏུ་སྣང་བར་མི་རིགས་ཏེ།། ཡོན་ཏན་ལ་སོགས་ལྡན་པ་ཡིས།། རྫས་ལ་སོགས་པ་དམིགས་ཕྱིར་རོ།། དེ་དག་ནི་གཟུགས་ལ་སོགས་པ་ཡོན་ཏན་རྣམས་དང་། བསྐྱོད་པ་ལ་སོགས་པ་ལས་རྣམས་དང་ལག་པ་ལ་སོགས་པ་རང་གི་ཡན་ལག་རྣམས ་ང་། སྤྱི་ལ་སོགས་པ་དང་ལྡན་པའི་ལུས་ལ་སོགས་པའི་རྫས་ལ་དམིགས་སོ་ཞེས་སྨྲ་སྟེ། ཡོན་ཏན་ལ་སོགས་པ་ཡང་རྫས་ལ་སོགས་པ་དང་ལྡན་ནོ་ཞེའོ།། དེ་དག་གི་ལུགས་ལྟར་ན་ཡང་རྣམ་པར་ཤེས་པ་ལ་དོན་དུ་མ་སྣང་བ་ཉིད་དོ།། རྒྱལ་བ་པ་དང ་རྒྱལ་དཔོག་པ་རྣམས་ཀྱི་ལྟར་ན་ཡང་། ནོར་བུ་གཟི་ཡི་བདག་ཉིད་ལྟར།། དངོས་པོ་ཀུན་ཞེས་ལྟ་བ་ལ།། དེ་ལ་འཛིན་པའི་སེམས་ཀྱང་ནི།། གཅིག་པུའི་ངོ་བོར་སྣང་མི་རིགས།། དུ་མའི་ངོ་བོའི་དངོས་པོ་ལ།། བརྗོད་པར་འདོད་པ་ངོ་བོར་འདོད།། གཅིག ་ཆའམ་རིམ་གྱིས་ཚུལ་གཉིས་ལས། ཚིག་གི་བྱ་བ་གཞན་མེད་དོ།། དཔེར་ན་ཁྲ་བོའི་ཁ་དོག་ལས།། ཇི་ལྟར་འདོད་བཞིན་ཁ་དོག་འཛིན།། དེ་བཞིན་དངོས་ལ་སྣ་ཚོགས་ཕྱིར།། ཐ་དད་ཐ་དད་མིན་པར་རྟོག། ཅེས་ཟེར་རོ་ཡུལ་སྣ་ཚོགས་ལ་རྣམ ་པར་ཤེས་པ་སྣ་ཚོགས་མ་ཡིན་པ་ནི་མི་རིགས་ཏེ། དེ་དག་དང་མཐུན་པར་མི་འཇུག་པས་མི་འཛིན་པར་འགྱུར་བའི་ཕྱིར་རོ།། ལྷའི་བླ་མིའི་ལྟ་བའི་རྗེསུ་འབྲང་བ་ལ་སྨྲས་པ། ས་ལ་སོགས་པ་འདུས་པ་ལ།། ཡུལ་དང་དབང་པོར་ཀུན་འཇོག ་@པར.་སུ་འདོད་དེ་ཡི་ལུགས་ལ་ཡང་།། དངོས་པོ་གཅིག་དང་མཐུན་འཇུག་མེད།། འདུས་པ་རྣམ་པར་བཞག་པའི་རྒྱུ་ནི་འདུས་པ་ཅན་དུ་མ་ཡིན་པས་འདུས་པ་ལ་འཛིན་པའི་ཤེས་པ་ནི་གཅིག་དང་མཐུན་པར་འཇུག་པར་མི་རིགས་སོ།། སྡེར ་སྒྲའི་དབང་དུ་བྱས་ནས་སྨྲས་པ། སྙིང་སྟོབས་ལ་སོགས་བདག་སྒྲ་སོགས།། ཕྱོགས་ལ་དོན་ཅིག་སྣང་བ་ཅན།། ཤེས་པ་རིགས་པ་མ་ཡིན་ཏེ།། གསུམ་གྱི་བདག་ཉིད་ཡུལ་སྣང་ཕྱིར།། ཙི་སྟེ་གསུམྦྷ་གྱི་བདག་ཉིད་ཁོ་ནར་ཡུལ་སྣང་བ་མ་ཡིན ་གྱི། སྙིང་སྟོབས་ལ་སོགས་པ་གང་གིས་ཤེས་ཆེ་བ་དེ་དམིགས་ཏེ་གཞན་ནི་མ་ཡིན་ནོ་ཞེ་ན། དེ་ཡང་དེ་ལྟར་མི་རུང་སྟེ། རིགས་དང་བསྒོམས་པའི་བྱེ་བྲག་གིས་སྒྲ་ལ་སོགས་པ་གཅིག་ཁོ་ན་ལ་མང་པོ་དག་གི་གདུང་བ་དང་ཞུམ་པ་དང་རྒ་བ་ལ་སོགས ་པ་མྱོང་ངོ་།། ཡོན་ཏན་གཉིས་ཀྱི་ཤས་ཆུང་ན་མྱོང་བ་འདི་ཇི་ལྟར་མངོན་སུམ་དུ་རབ་ཏུ་འགྲུབ། མི་སྣང་བ་ལ་སོགས་པའི་དབང་གི་ལྷག་མའི་ངོ་བོ་མི་མཐོང་བར་འདོད་དོ་ཞེ་ན། འདི་ཡང་ཤིན་དུ་མི་རིགས་པར་བརྗོད་པ།། དངོས་པོའི་ངོ་བོ་རྣམ ་གསུམ་ལྔ། དེ་ནི་གལ་ཏེ་རྣམ་གཅིག་སྟེ།། དེ་དང་མི་མཐུན་སྣང་ན་གཽ། ད་ནི་དེ་འཛིན་ཇི་ལྟར་འདོད།། ཡུལ་ཇི་ལྟར་གནས་པའི་རང་བཞིན་དང་མཐུན་པར་འཇུག་ན་རྣམ་པར་ཤེས་པ་དམིགས་པ་འཛིན་པར་འགྱུར་གྱི། གཞན་དུ་ན་དོན ་གཞན་བཞིན་དུ་ཡུལ་དུ་འདོད་པ་ཡང་ཡུལ་དུ་མི་འགྱུར་ཏེ། སྒྲ་ལ་སོགས་པ་ནི་གསུམ་གྱི་རང་བཞིན་ཡིན་ལ་རྣམ་པར་ཤེས་པ་ནི་གཅིག་གི་ངོ་བོ་དང་མཐུན་པར་འཇུག་སྟེ་དེ་དང་མཐུན་པར་མི་འཇུག་པའི་ཕྱིར་རོ།། གསང་བ་པ་གང་དག ་ཕྱི་རོལ་ཡུལ་རྣམས་མེད་པར་ཡང་།། སྣ་ཚོགས་སྣང་ལ་རྟག་པ་སྟེ།། གཅིག་ཆའམ་ཇི་སྟེ་རིམ་འབྱུང་བའི།། རྣམ་ཤེས་རུང་བ་ཤིན་ཏུ་དཀའ།། ཇི་སྐད་བརྗོད་པ་དེ་དག་གི་ཕྱོགས་ལ་ཡང་སྣ་ཚོགས་སུ་བླ་བ་ཉིད་དེ། འདི་ལྟར་སྔོན་པོ ་དོད་སེར་པོའི་རྣམ་པ་དུ་མ་ཅིག་ཅར་སྣང་བའི་རྣམ་པར་ཤེས་པ་ནི་རྣམ་པ་དུ་མ་དག་དང་ཐ་དད་པཱ་མ་ཡིན་པའི་ཕྱིར་རྣམ་པ་དེའི་རང་གི་ངོ་བོ་བཞིན་དུ་དུ་མར་འགྱུར་རོ།། རིམ་པ་ཡང་གཟུགས་དང་སྒྲ་ལ་སོགས་པ་སྣང་བ་ནི་གཏན་ཚིགས་དང ་དཔེ་གཉིས་པོ་འདི་དག་ཉིད་ཀྱིས་དུ་མར་འགྱུར་བ་ལས་མི་འདའ་བ་ཉིད་དོ།། གཞན་དུ་ན་འདི་གཉིས་གཅིག་དུ་ཇི་ལྟར་བརྗོད་དེ་ཉེས་པ་སྔ་མ་བཞིན་ནོ།། རིམ་གྱི་ཕྱོགས་ལ་ཉེས་པ་གཞན་འདི་ཡང་ཡོད་དེ། རྣམ་པ་གཅིག་རིག་པར་འདོད་པ ་ན་དེ་དང་རྣམ་པར་ཤེས་པ་ཐ་མི་དད་པའི་ཕྱིར་རྣམ་པར་ཤེས་པ་དེའི་རང་གི་ངོ་བོ་ལྟ་བུའིམ། འདོད་པའི་རྣམ་པ་ལྟ་བུར་སྔ་མ་དང་ཕྱི་མའི་རྣམ་པ་ཡང་རིག་པར་འགྱུར་ཏེ། དེ་གཉིས་ཀྱང་འདུག་པའི་ཕྱིར་རོ།། ནམ་མཁའ་དང་སོ་སོར་བརྟགས་པ ་འགོག་པ་ལ་སོགས་པ་གང་དག་ཀུན་རྫོབ་ཏུ་ཡོད་པར་བརྗོད་པ་དེ་དག་འཛིན་པའི་ཤེས་པ་ནི་སྣ་ཚོགས་སུ་སྣང་བ་མི་ཡིན་པར་འགྱུར་རོ་ཞེ་ན། དེ་ལྟར་ཡང་མ་ཡིན་པར་བརྗོད་པ། ནམ་མཁའ་ལ་སོགས་ཤེས་པ་དག། མིང་རྩམ་དུ་ནི་སྣང་བ ་རྣམས། ཡི་གེ་དུ་མ་སྣང་པོའི་ཕྱིར།། སྣ་ཚོགས་སྣང་བར་གསལ་བ་ཡིན།། མིང་དང་འབྲེལ་པའི་རྣམ་པར་རྟོག་པའི་གཟུགས་བརྙན་མ་གཏོགས་པར་དེ་ལ་ཆ་མེད་པའི་ངོ་བོ་ཕྲ་རབ་རྩམ་གང་ཡང་མི་དམིགས་སོ།། ཁས་བླངས་དེ་ཡང་བརྗོད། ་བར་བྱའོ།། རྣམ་ཤེས་སྣ་ཚོགས་མིན་སྣང་བ།། འགའ་ཞིག་ཡོད་པར་བཞུགས་ན་ཡང་།། འོན་ཀྱང་ཡང་དག་བཞག་མི་རུང་།། མཚན་ཉིད་བཅས་ལ་གནོད་མཐོང་ཕྱིར།། མཚན་ཉིད་དང་ལྡན་པ་ལ་ནི་གནོད་པ ་དམིགས་ཏེ། དེའི་མཚན་ཉིད་སུན་ཕྱུང་བའི་ཕྱིར་ཐམས་ཅད་དུ་དབུགས་མི་ཕྱིན་ཏོ།། དེ་ལྟར་ཐམས་ཅད་ཀྱི་ཕྱོགས་རྣམས་ལ་ཡང་། དེའི་ཕྱིར་སྣ་ཚོགས་སྣང་བ་ཡི།། རྣམ་ཤེས་རྣམ་པ་ཀུན་དུ་གནས།། དེ་ནི་རྣམ་པ་ཐ་དད་ལྟར།། གཅིག་པུའི ་རང་བཞིན་མི་རིགས་སོ།། སྐབས་ཀྱི་མཇུག་སྡུད་དོ།། ཡང་འདིར་གསུངས་པ། སོར་མོ་ཚིགས་རྣམས་ལས་གཞན་མིན།། གཞན་མ་ཡིན་པ་ཡོད་མ་ཡིན།། དེ་ལྟར་མ་གྲུབ་ཚིགས་སོགས་མེད།། དེ་ཕྱིར་ཚོགས་པ་ཙམ་ཡང་མེད།། ཚོགས་པ ་དང་ནི་བཅས་པ་ཡིན།། སོར་མོ་ལ་སོགས་རྣམས་ཀྱིས་ནི།། དངོས་པོ་ཐམས་ཅད་མེད་པར་བསྟན།། ཚོགས་མ་གཏོགས་པའི་དངོས་ཕྲ་མེད།། དེ་ལྟར་དོན་གཅིག་ཤེས་བྱེད་པ།། བློ་ནི་གང་དུ་བརྟག་པར་བྱ།། སེམས་བྱུང་ཚོགས་དང་བཅས ་མས་ཀྱི།། དམིགས་པ་གཅིག་འདིར་ཇི་ལྟར་འགྱུར།། རང་གི་སྡུ་པ་སེམས་ཙམ་གྱི་ཚུལ་ལ་བརྟེན་པ་བློ་གྲོས་དཀར་བ་གང་དག་རྣམ་པར་ཤེས་པ་ནི་མཐུན་པའི་བག་ཆགས་ཡོངས་སུ་སྨིན་པ་ལ་རག་ལས་ནས་འབྱུང་སྟེ། བྱུང་མ་ཐག་དུ་འཇིག ་པ་དང་དོན་དུ་ཚོར་བར་བྱ་བ་དང་ཚོར་བ་པོའི་རྣམ་པ་མེད་དོ་ཞེས་སྨྲ་བ་དེ་དག་གི་ལུགས་ལ་དོགས་པ་བསུ་སྟེ། ཇི་སྟེ་ཐོག་མ་མེད་རྒྱུད་ཀྱི།། བག་ཆགས་སྨིན་པས་སྤྲུལ་པ་ཡི།། རྣམ་པ་དག་ནི་སྣང་བ་ཡང་།། ནི་ར་བས་སྒྱུ་མའི་རང་བཞིན ་འདྲ། གཟུགས་ལ་སོགས་པའི་སྐྱེ་མཆེད་ཀྱི་རྡུལ་ཕྲ་རླབ་རྣམས་དང་རྫས་དང་ཡོན་ཏན་ལ་སོགས་པ་མཆོག་དང་མཆོག་མ་ཡིན་པའི་ལྟ་བའི་རྗེས་སུ་འབྲང་བ་རྣམས་ཀྱིས་བརྗོད་པ་དག་མི་རིགས་པ་དང་ཚོར་བར་བྱ་དང་ཚོར་བ་པོའི་མཚན་ཉིད ་དང་ཡང་བྲལ་བའི་ཕྱིར་དྲི་ཟའི་གྲོང་ཁྱེར་དང་། མག་ལ་མེའི་འཁོར་ལོ་དང་། སྤྲུལ་པ་དང་། རྨི་ལམ་དང་། སྒྱུ་མ་དང་། ཆུ་ཟླ་ལྟ་བུ་ཁོ་ན་སྟེ། དམིགས་པ་བདེན་པར་འདོད་པའི་ཤེས་པ་ལ་སྣང་བའི་རྣམ་པ་འདི་དག་ཀྱང་ཐོག་མ་མེད་པའི་སྲིད་པར་འབྲུས ་བ་ཅན་དངོས་པོ་ལ་མངོན་པར་ཞེན་ཕྱིའི་བག་ཆགས་ཡོངས་སུ་སྨིན་པའི་མཐུས་སྣང་ངོ་།། དེ་དག་འོན་ཀྱང་དེ་དག་གིས།། དངོས་དེ་ཡང་དག་ཉིད་དམ་ཅི།། འོན་ཏེ་མ་བརྟགས་གཅིག་པུ་ནི།། དགའ་བར་ཁས་ལེན་འདི་བསམ་མོ།། ལུགས་འདི ་ནི་ཚད་མ་དང་ལུང་ཤིན་དུ་གསལ་བས་ཤེས་པར་བྱ་བ་དང་། དམིགས་པ་ཅན་མཐའ་ཡས་པ་དག་གི་མངོན་པར་ཞེན་པ་ངན་པའི་གཉེན་པོ་ཡང་ཡིན་པས་ཤིན་ཏུ་དཀར་བ་སྟེ་འདི་ལྟར་རྡུལ་ཕྲ་རབ་ལ་སོགས་པ་ཡོང་བདག་དགག་པར་བྱེད་པ་དང ་ཚོར་བར་བྱ་བ་དང་ཚོར་བ་པོའི་མཚན་ཉིད་དང་འགལ་བ་ཡང་སྟོན་པ་སྔར་བ་ཤདྦྷ་པའཾ་དྡྷ་མཱ་ནི་ཚུལ་འདི་རབ་ཏུ་གསལྟ་བར་བྱེད་པའོ།། ཚུལ་འདི་ནི་ལུང་དང་ལྡན་པ་ཡང་ཡིན་ཏེ། ལང་ཀར་གཤེགས་པའི་མདོ་ལས། ཐོག་མ་མེད་པའི་བློས ་བསྒོས་པས།། སེམས་ནི་གཟུགས་བརྙན་ལྟ་བུ་སྟེ།། དོན་གྱི་རྣམ་པར་སྣོ་ས་ཡཱུ་སྦྱི་ནོ།། ཨཱདྒྷ་དགྷཱ་དྷཱི་བཞིན་དོན་མཐོང་མེད།། གང་ཟག་རྒྱུན་དང་ཕུང་པོ་དང་།། རྐྱེན་དང་དེ་བཞིན་རྡུལ་རྣམས་དང་།། གཙོ་བོ་དབང་ཕྱུག་བྱེད་པ་དག། སེམས་ཙམ ་པོ་ལ་རྣམ་པར་བརྟགས།། དོན་ཡོད་མ་ཡིན་སེམས་ཉིད་དེ།། ཕྱི་རོལ་དོན་མཐོང་ལོག་པ་ཡིན།། རིགས་པ་རྣམ་པར་བལྟས་ནས་ནི།། གཟུང་དང་འཛིན་པ་འགག་པར་འགྱུར། ཞེས་གསུངས་སོ།། མཁས ་པ་དག་ཚུལ་འདི་ལ་བརྟེན་ནས་བདག་དང་བདག་གི་དང་གཟུང་བ་དང་འཛིན་པ་རབ་ཏུ་དབྱེ་བ་བཅས་པ་རྣམས་ལ་ཕྱིན་ཅི་ལོག་ཏུ་གྱུར་པ་སེལ་ཏོ།། འོན་ཀྱང་འདི་ལ་དཔྱད་པར་བྱ་བ་ཅུང་ཟད་ཙམ་འདི་ཡོད་དེ། ཅི་རྣམ་པ་དེ་དག་དེ་ཁོ་ན་ཉིད ་ཡིན་ནམ་འོན་ཏེ་ཅི་གཟུགས་བརྙན་ལ་སོགས་པ་ལྟར་མ་བརྟགས་པ་གཅིག་པུ་ན་དགའ་བ་ཞིག་ཡིན་འདིས་ཅིར་འགྱུར། གལ་ཏེ་ཡང་དག་རྣམ་པར་ཤེས།། དུ་མར་འགྱུར་རོ་ཡང་ན་ནི་དེ་དག་གཅིག་འགྱུར་བགལ་ལྡན་པས།། གདོན་མི་ཟ ་བར་སོ་སོར་འགྱུར།། ཡང་དག་པའི་རྣམ་པ་ཐ་དད་པ་མ་ཡིན་པས་རྣམ་པའི་རང་གི་ངོ་བཞིན་དུ་རྣམ་པར་ཤེས་པ་དུ་མར་འགྱུར་བ་འམ་ཡང་ན་རྣམ་པར་ཤེས་པ་གཅིག་པུ་དང་ཐ་མི་དད་པས་རྣམ་པ་རྣམས་ཀྱང་རྣམ་པར་ཤེས་པའི ་རང་གི་ངོ་བོ་བཞིན་དུ་གཅིག་པུ་ཉིད་དུ་འགྱུར་བ་བཟློག་པར་དཀའོ།། འགལ་བའི་ཆོས་གནས་པ་ཉིད་པས་དོན་དམ་པར་ན་རྣམ་པ་དང་རྣམ་པར་ཤེས་པ་ཉིད་ཐ་དད་ཉིད་དུ་འགྱུར་རོ།། ཉེས་པ་གཞན་ཡང་བརྗོད་པ། རྣམ་པ་ཐ་དད་མ་ཡིན་ན། ་གཡོ་དང་མི་གཡོ་ལ་སོགས་ལ།། གཅིག་གི་ཐམས་ཅད་གཡོ་ལ་སོགས།། ཐལ་བར་འགྱུར་ཏེ་ལན་གདབ་དཀའ།། ཐ་དད་མ་ཡིན་ཞེས་བྱ་བ་དེ་ནི་དེ་ཉིད་ཡིན་ནོ།། ཞེས་བསྟན་པར་འགྱུར་རོ།། དེ་བས་ན་གལ་ཏེ་རྣམ་པ་གཅིག་གཡོ་བ ་ལ་སོགས་པའི་བྱེད་པ་ཟིན་ཏམ། སེར་པོ་ལ་སོགས་པའི་བདག་ཉིད་དུ་གྱུར་ན་ལྷག་མ་རྣམས་ཀྱང་རྣམ་པ་དེ་ལྟ་བུར་འགྱུར་རོ།། དེ་ལྟ་མ་ཡིན་ན་གདོན་མི་ཟ་བར་སྣ་ཚོགས་ཉིད་དུ་འགྱུར་རོ།། ཐལ་བ་འདི་ནི་ཕྱི་རོལ་གྱི་དོན་གྱི་ཕྱོགས་ལ་ཡང་རྣམ ་པ་དང་བཅས་པའི་ཤེས་པ་ཁས་ལེན་ན་མཚུངས་པ་རབ་ཏུ་སྟོན་ཏེ། ཕྱི་རོལ་དོན་གྱི་ཚུལ་ལ་ཡང་།། དེ་ལྟར་རྣམ་པར་མ་བྲལ་ན།། གཅིག་གིས་ཆོས་སུ་ཐམས་ཅད་ཀྱང་།། འཇུག་པར་འགྱུར་ཏེ་བཟློག་པ་མེད།། མི་མཐུན་པའི་ཆོས་སུ་གནས་ན་ནི། ་དེ་ཉིད་ངེས་པར་ཐ་དད་པར་འགྱུར་རོ།། གང་བདེ་བ་ལ་སོགས་པ་ལྟར་སྔོན་པོ་ལ་སོགས་པའི་རྣམ་པ་རྣམས་ཀྱང་མྱོང་བའི་བདག་ཉིད་ཁོ་ན་སྟེ། ཤེས་པ་དེ་དག་ནི་མང་ལ་དེ་དག་ཀྱང་རིགས་མཐུན་པ་ཤ་སྟག་སྟེ། རིགས་མི་མཐུན་པའི་ཤེས་པ ་བཞིན་དུ་འབྱུང་ངོ་ཞེས་སྨྲ་བ་དེ་དག་གི་ནི་གང་སྔ་ཕྱི་མེད་པར་སེམས་གཉིས་འབྱུང་བ་འདི་ནི་གནས་མ་ཡིན་ཏེ་གོ་སྐབས་མེད་དོ་ཞེས་བྱ་བ་དང་། དེ་བཞིན་དུ་སེམས་ཅན་ཐམས་ཅད་ནི་རྣམ་པར་ཤེས་པ་རྒྱུད་ཅིག་པའོ་ཞེས་བྱ་བའི་ལུང་དང་འགལ་བ ་བཟློག་པ་དཀའོ།། རྣམ་པར་སྨིན་པའི་རྣམ་པར་ཤེས་པའི་དབང་དུ་མཛད་དེ། དེ་སྐད་གསུངས་པར་འདོད་དོ་ཞེ་ན། གལ་ཏེ་དེ་ལྟར་ན་འདི་ནི་སྔོན་གྱི་སློབ་དཔོན་གྱི་ཚུལ། དེ་དག་རྣམས་ལ་རིགས་མཐུན་པའི།། རྣམ་པར་ཤེས་ལ་ངེས་པར་འགྱུར། ་འདི་ལྟར་རྣམ་པར་རྟོག་པ་རྣམས།། རིམས་ཀྱིས་འབྱུང་བར་ཡང་དག་རྟོགས། ཞེས་བྱ་བ་དང་འགལ་ལོ།། དེའི་ཚེ་མི་མཐུན་པའི་ཕྱོགས་དང་གཉེན་པོའི་སེམས་ཀྱི་དབང་དུ་མཛད་ནས་སེམས་གཉིས་ལྷན་ཅིག་དུ་འབྱུང་བ་བཀག་པ་སྟེ། རིགས ་པས་ཤིན་ཏུ་གསལ་བར་ཁོ་བོ་དེ་སྐད་དུ་སྨྲའོ།། གཅིག་ཅེས་བྱ་བའི་སྒྲ་ནི་འབའ་ཞིག་ཅེས་བྱ་བའི་རྣམ་གྲངས་སུ་གཏོགས་པ་ཡིན་གྱི་གྲངས་ཀྱི་བྱེ་བྲག་གི་ཚིག་ནི་མ་ཡིན་ཏེ། དེ་དག་ལ་བདག་དང་བདག་གི་དང་གཟུང་བ་དང་འཛིན་པ ་ལ་སོགས་པ་དང་བྲལ་བའི་སེམས་ཉིད་ཡོད་ཀྱི་གཞན་ནི་ཅི་ཡང་མེད་དོ་ཞེས་བསྟན་པར་འགྱུར་རོ།། དེ་བས་ན་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ལུས་དང་ལོངས་སྤྱོད་དང་གནས་སུ་སྣང་བའི་རྣམ་པ་ཐ་དད་པས་ཐ་དད་པར་ཐལ་བར་འགྱུར་གྱི་གནོད ་པ་ནི་ཅི་ཡང་མི་སྐྱེད་དོ།། ཅི་ལུགས་འདི་རྨ་མེད་ཡིན་ནམ་ཞེ་ན། མ་ཡིན་པར་བརྗོད་པ། ཅི་སྟེ་རྣམ་པའི་གྲངས་བཞིན་དུ།། རྣམ་པར་ཤེས་པ་ཁས་ལེན་ན།། ངོ་ཚེ་རྡུལ་ཕྲན་འདྲ་འགྱུར་བར།། དཔྱད་པ་འདི་ལ་བཟློག་པར་དཀའ།། གལ་ཏེ་བར ་མེད་པར་གནས་པའི་རྡུལ་ཕྲ་རབ་ཀྱི་ངོ་བོ་རྣམས་ལྟར་རིགས་མཐུན་པའི་རྣམ་པར་ཤེས་པ་མང་པོ་འདི་དག་ཀྱང་འབྱུང་ན།། དེའི་ཚེ་རྡུལ་ཕྲ་རབ་ལ་དཔྱད་པ་ཅི་འདྲ་བས་སྔར་བྱས་པ་དེ་འདྲ་བ་ཉིད་རྣམ་པར་ཤེས་པ་རྣམས་ལ་ཡང་བཟློག་པར་དཀའ ་བར་འགྱུར་ཏེ། འདི་ལྟར་དབུས་སུ་འདོད་པའི་རྣམ་པར་ཤེས་པ་རྡུལ་གྱིས་བསྐོར་བ་ལྟ་བུར་འདོད་པ་གང་ཡིན་པ་དེའི་རང་བཞིན་གང་གིས་གཅིག་ལ་མངོན་དུ་ཕྱོགས་པ་དེ་ཉིད་ཀྱིས་ཅི་གཞན་ལ་ཡང་ཕྱོགས་སམ་འོན་ཏེ་གཞན་ལ་ཡང་ཕྱོགས ་ཞེས་རྣམ་པར་རྟོག་པའི་ཉེས་པ་མེད་དོ།། བར་ཆད་མེད་པར་རིགས་གཅིག་པའི་རྡུལ་དུ་མ་འཛིན་པ་ན་རགས་པ་གོང་བུ་གཅིག་ཏུ་འཁྲུལ་པ་དང་བར་ཆད་མེད་པོར་དུ་མ་མྱོང་བའི་བདག་ཉིད་སྔོན་པོ་ལ་སོགས་པ་རིགས་པ་ལ་གཅིག་དུ ་འཁྲུལ་ཞེས་བྱ་བ་འདི་ལ་བྱེ་བྲག་ཅི་ཡོད་དེ། སྔོན་པོ་ལ་སོགས་པ་བར་མེད་པར་སྣང་བ་དེ་ཉིད་ཁ་ཅིག་ནི་རྡུལ་ཕྲ་རབ་ཀྱི་བདག་ཉིད་དུ་ཁས་ལེན། གཞན་ནི་རིགས་པའི་ངོ་ཞེས་ཟེར་བ་སྐྱོན་མཚུངས་པ་ཉིད་ལས་མི་འདའོ།། གང་དུ་ནོར་བུ་གཟི ་བཞིན་དུ་རྣམ་པ་ཤེས་པ་གཅིག་ཁོ་ནས་སྣ་ཚོགས་ཀྱི་ངོ་བོ་བླངས་སོ་ཞེས་བྱ་བ་དེ་དག་གི་ལུགས་ལ་དོགས་པ་བརྗོད་པ། གལ་ཏེ་སྣ་ཚོགས་དེ་གཅིག་ན།། ནམ་མཁའི་གོས་ཅན་ལུས་སམ་ཅི།། འོདི་ནི། ནམ་མཁའི་གོས་འཆང་བའི་ལྟ་བུ།། དུ་མའི ་ངོ་བོ་དངོས་པོ་ལ་བརྗོད་པར་འདོད་པས་ངོ་བོར་འདོད།། ཅིག་ཅར་རམ་རིམ་གྱིས་ཚུལ་གཉིས་ལས།། ཚིག་གི་བྱ་བ་གཞན་མེད་དོ།། ཞེས་བྱ་བ་ལ་དེ་ལ་བརྟེན་ཏམ་དེ་ལྟའོ་ཞེས་ན། དེ་ཡང་རིགས་པ་མ་ཡིན་ཏེ།། སྣ་ཚོགས་གཅིག་པའི་རང་བཞིན ་མིན།། རིན་ཆེན་སྣ་ཚོགས་ལ་སོགས་འདྲ།། སྣ་ཚོགས་ཞེས་བྱ་བ་ནི་རྣམ་པ་ཐ་དད་པ་ལ་བྱ་སྟེ། དེ་ནི་ཡང་དག་པར་ན་གཅིག་གི་རང་བཞིན་དང་འགལ་ལོ།། རྣམ་པ་དེ་དག་ཇི་སྙེད་པར་རང་བཞིན་ཡང་དེ་སྙེད་དེ། རང་བཞིན་ཐ་དད་པའི་མཚན ་ཉིད་ནི་དངོས་པོ་ཐ་དད་པའོ།། གཞན་ཡང་སྣ་ཚོགས་གཅིག་པུའི་རང་བཞིན།། སྣ་ཚོགས་ངོ་བོར་སྣང་བ་དང་།། བསྒྲིབས་དང་མ་བསྒྲིབས་ལ་སོགས་པ།། ཐ་དད་འདི་ནི་ཇི་ལྟར་འགྱུར།། རིན་པོ་ཆེ་གཟི་ལ་སོགས་པ་ལ་སྣ་ཚོགས་ཀྱི་ངོ་བོ་གཅི ་བུའི་བདག་ཉིད་དུ་གྱུར་ན་རྣམ་པ་ཐ་དད་པའི་རྣམ་པ་སྣང་བ་དང་འགལ་ལོ།། དེ་ནི་ཐ་དད་པའི་བདག་ཉིད་དུ་འཁྲུལ་པ་མེད་དེ། རིན་པོ་ཆེའི་རྣམ་པ་ཐ་དད་པ་དང་མཚུངས་སོ།། ཐ་དད་མེད་པའི་ཕྱིར་གཅིག་བསྒྲིབས་པ་ཐམས་ཅད ་བསྒྲིབས་པར་ཡང་འགྱུར་རོ།། དེ་བཞིན་དུ་གཅིག་རྟོགས་པས་ཐམས་ཅད་རྟོགས་པ་ལ་སོགས་པར་འགྱུར་རོ།། ཅི་སྟེ་ངོ་བོ་ཉིད་དུ་དེའི།། རྣམ་པ་འདི་དག་མེད་པ་སྟེ།། ཡང་དག་ཏུ་ན་རྣམ་མེད་པའི།། རྣམ་པར ་ཤེས་པས་ནོར་པར་སྣང་།། རྣམ་པར་ཤེས་པ་དེ་ནི་དོན་དམ་པར་ན་ཤེལ་གོང་དག་པ་ལྟ་བུ་སྟེ། སྔོན་པོ་ལ་སོགས་པའི་རྣམ་པའི་བྱེ་བྲག་ཏུ་གྱུར་པ་མ་ཡིན་ན། དེ་ལྟ་བུ་དེ་ལ་ཡང་ཐོག་མ་མེད་པའི་དུས་ཀྱི་ཕྱིན་ཅི་ལོག་གི་བག་ཆགས་སྨིན་པའི་མཐུན ་རྣམ་པ་རྣམས་སྣང་སྟེ་སྔགས་ལ་སོགས་པས་དཀྲུགས་པའི་མིག་ཅན་རྣམས་ལ་འཇིམ་པའི་དུམ་བུ་ལ་སོགས་པ་རྟ་དང་གླང་པོ་ཆེ་ལ་སོགས་པར་སྣང་བ་བཞིན་ནོ་ཞེའོ་གལ་ཏེ་མེད་ན་ཇི་ལྟ་བུར།། དེ་དག་འདི་ལྟར་གསལ་བར་ཚོར།། དེ་ཡིས་དངོས ་ལས་ཐ་དད་བིའི།། ཤེས་པ་དེ་འདྲ་མ་ཡིན་ནོ།། དེ་ཁོ་ན་ཉིད་དུ་དེ་དག་མེད་ཀྱང་ཤིན་ཏུ་གསལ་བར་ཤེས་པར་མི་འཐད་པ་ཅི་ཡོད་ཅེ་ན་སྨྲས་པ། འདི་ལྟར་གང་ལྔ་དངོས་གང་མེད།། དེ་ལ་དེ་ཤེས་ཡོད་མ་ཡིན།། བདེ་བ་མིན་ལ་བདེ་སོགས ་དང་དཀར་བའི་རྣམས་ལའང་མི་དཀར་བཞིན།། འདི་ལ་བསྒྲུབ་པར་བྱ་བའི་ཆོས་ལས་བཟློག་པ་དང་སྒྲུབ་པའི་ཆོས་འགལ་བ་ཅི་ཞི་ག་ཡོད་ན། འདི་ལྟར་མི་མཐུན་པའི་ཕྱོགས་ལས་ལྡོག་པ་ལ་སོམ་ཉིའི་སྐབས་མེད་པར་འགྱུར་རོ་ཞེ ་ན། སྨྲས་པ་རྣམ་པ་འདི་ལ་ཤེས་པའི་དོན། དངོས་སུ་འཐད་པ་མ་ཡིན་ཏེ།། ཤེས་པའི་བདག་དང་བྲ་ལ་བའི་ཕྱིར།། ནམ་མཁའི་མེ་ཏོག་ལ་སོགས་བཞིན།། རྣམ་པར་ཤེས་པ་བེམས་པོའི་ངོ་བོ་མ་ཡིན་པའི་རང་བཞིན་དུ་གནས་པ ་གང་ཡིན་པ་ནི་བཏགས་པ་མ་ཡིན་པར་རིག་པའི་ཚིག་གི་དོན་ཡིན་ན། ན་མཁའི་མེ་ཏོག་ལྟ་བུ་སྔོན་པོ་ལ་སོགས་པའི་རྣམ་པ་དེ་ལྟ་བུ་ནི་རྣམ་པར་ཤེས་པའི་ངོ་བོ་དང་བྲལ་བའི་ཕྱིར་མི་སྲིད་དོ།། མེད་པ་ནུས་པ་མེད་པས་ན།། གདགས་པ ་མི་རུང་རྟ་རུ་བཞིན།། བདག་སྣང་ཤེས་པ་མི་སྐྱེད་ལ།། ནུས་པར་རུང་བ་མ་ཡིན་ནོ།། རང་སྣང་བའི་རྣམ་པར་ཤེས་པ་བསྐྱེད་པའི་མཐུ་མེད་པའི་རྣམ་པ་ལ་ནི་གདགས་པ་ཙམ་ཡང་རིགས་པའི་དོན་མི་སྲིད་པ་ཉིད་དེ། རྔ་རུ་མེད་པ་ནི་རང་སྣང་བའི ་ཤེས་པ་བསྐྱེད་པར་མི་འགྱུར་ཏེ་རིག་པ་བདག་པའི་རྒྱུར་མི་འགྱུར་རོ།། འདི་གཞན་དུ་ཡང་འདིར་སྤྱད་པར་བྱ་སྟེ་རྣམ་པ་དེ། གང་ཕྱིར་དེ་ཡོད་ངས་ཚོར་བ།། ཤེས་དང་འབྲེལ་པ་ཅི་ཞིག་ཡོད།། བདག་མེད་དེ་ཡི་བདག་ཉིད་དང་།། དེ་ལས་བྱུང ་བ་མ་ཡིན་ནོ།། དེ་ནི་ཤེས་པའི་བདག་ཉིད་མ་ཡིན་ཏེ། ཤེས་པ་བཞིན་དུ་ཡོད་པའི་སྐྱོན་དུ་འགྱུར་ར་བ་འམ་རྣམ་པ་བཞིན་དུ་རྣམ་པར་ཤེས་པ་ཡང་མེད་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ།། མེད་པའི་ངོ་བོ་དེ་ཤེས་པ་ལས་བྱུང་བ་ཡང་མ ་ཡིན་ཏེ། བསྐྱེད་པར་བྱ་བའི་ངོ་བོ་ཉིད་མེད་པའི་ཕྱིར་རོ།། དེ་ལས་བྱུང་ནི་ཡང་སྔ་ཕྱི་ཡོད་པས་ཅིག་ཅར་དུ་རིག་པ་མེད་པའི་སྐྱོན་དུ་འགྱུར་ཏེ་འདི་ནི་རེ་ཞིག་བཏང་སྙོམས་སུ་བོར་རོ།། ཤེས་པ་དང་དུས་མཉམ་དུ་དམིགས་པའི ་རྣམ་པ། རྒྱུ་མེད་ན་ནི་གང་ཞིག་གིས།། རེས་འོགའ་འབྱུང་བ་འདི་རུ་འགྱུར།། རྒྱུ་དང་ལྡན་ན་གང་ཞིག་གིས།། གཞན་གྱི་དབ་ང་ལ་བཟློག་པར་འགྱུར། རྣམ་པ་ནི་མེད་པ་ཉིད་ཕྱིར་རྒྱུ་མེད་པ་ཉིད་དོ་རྒྱུ་མེད་ན་རས་འགའ་འབྱུང་བར ་མི་སྲིད་དེ། བལྟོས་པ་མེད་པའི་ཕྱིར་རོ།། ཅི་སྟེ་ཉེས་པ་འདི་འབྱུང་དུ་འོང་ཞེས་རྒྱུ་དང་ལྡན་པར་ཁས་ལེན་ན་གལ་ཏེ་དེ་ལྟ་ན་ཡོད་པར་ཁས་བླངས་མ་ཐག་པ་མེད་ན་མི་འབྱུང་བའི་གཞན་གྱི་དབང་ཉིད་དུ ་དེ་འགྱུར་བ་ལ་ཇི་ལྟར་ལན་གདབ་པར་ནུས། རྟེན་ཅིང་འབྲེལ་པར་འབྱུང་བ་ལས་གཞན་གྱི་དབང་དུ་ནི་གུད་ན་མེད་དོ།། རྐྱེན་ལས་བྱུང་བའི་རང་བཞིན་ལས་ཀྱང་ཡོད་པ་གཞན་མ་ཡིན་ནོ།། རྣམ་པ་མེད་པར་ཁས་ལེན་ན་ཉེས་པ་གཞན་ཡང ་སྨྲས་པ། དེ་མེད་ན་ནི་ཤེས་དེ་ཡང་།། རྣམ་པ་མེད་པ་ཉིད་ཀྱིས་འ་གྱུར།། ཤེལ་སྒོང་དག་པ་འདྲ་བ་ཡི།། ཤེས་པ་རབ་ཏུ་ཚོར་བ་མེད།། མིག་ལ་སོགས་པའི་རྣམ་པར་ཤེས་པའི་རང་བཞིན་སྔོན་པོ་ལ་སོགས་པའི་རྣམ་པ་དང ་བྲལ་བ་ཉེ་བར་གཞག་པས་ཁ་བསྒྱུར་བ་མེད་པའི་ཤེལ་སྒོང་ལྟ་བུ་ནི་མི་དམིགས་སོ།། ནང་དང་ཕྱི་རོལ་ཏུ་གྱུར་པའི་རྣམ་པ་མེད་ན་སྟོབས་ཀྱིས་འདི་འབའ་ཞིག་དམིགས་པར་འགྱུར་རོ།། སྨིག་རྒྱུ་ལ་སོགས་པས་ངེས་པ་མ་ཡིན་པར་ཡང་མི ་འགྱུར་ཏེ། བརྒལ་ཞིང་རྟག་པ་མཐུན་པའི་ཕྱིར་རོ།། འདི་ནི་འཁྲུལ་པས་ཤེས་ཞེ་ན། དེ་ཅི་འཁྲུལ་ལ་རག་ལས་སམ་དེ་ཡི་མཐུ་མིས་འབྱུང་ན་ནི།། དེ་ཡང་གཞན་གྱི་དབང་ཉིད་དོ།། དཔེར་ན་མིག་སེར་གྱི་ནད་ཀྱིས་བཏབ་པའི་མིག་ཅན་གྱིས་མེད ་བཞིན་དུ་དུང་ལ་གསེར་གྱི་རྣམ་པ་ལྟ་བུར་རིག་པ་དེ་བཞིན་དུ་འཁྲུལ་པའི་བག་ཆགས་ཀྱི་དབང་གིས་མེད་ཀྱང་སེར་པོ་ལ་སོགས་པའི་རྣམ་པ་བདེན་པར་མངོན་པར་འདོད་ཅེའོ།། འདིར་ཡང་མི་འཁྲུལ་པའི་བག་ཆགས་ལ་རག་ལས་པ་ཡིན་ནོ་ཅི་ཞེས་བསམ ་བར་བྱའོ།། དེ་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་པ་ཡིན་ན་ནི་དེ་ཉིད་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་གཞན་གྱི་དབང་ཉིད་དུ་འགྱུར་རོ།། བག་ཆགས་ཀྱི་འབྲས་བུའི་བདག་ཉིད་འཁྲུལ་པ་ལ་དེའི་བདག་ཉིད་ཀྱི་མཚན་ཉིད་ཀྱིས་འབྲེལ་པ ་ཡིན་ན་ནི་འཁྲུལ་པ་བཞིན་དུ་གཞན་གྱི་དབང་ཉིད་དུ་འགྱུར་བ་བཟློག་པར་དཀའ་བར་འགྱུར་རོ།། འདིས་ནི་དཔེར་ན་ཐག་རིང་མྱ་ངན་ན།། ཆུང་ངུ་ཆེན་པོར་སྣང་བ་བཞིན།། ཞེས་བྱ་བ་ལ་སོགས་པས་ཕྱི་རོལ་གྱི་དོན་ལ་མངོན་པར་ཞེན་པས་དབང་མེད་པར་གྱུར། ་པའི་བློ་ཅན་ལ་རྣམ་པ་མེད་ཀྱང་སྣང་ངོ་།། ཞེས་སྨྲས་པའི་ལན་ཀྱང་བཏབ་ཟིན་ཏོ།། དེ་བས་ན་དངོས་དང་ཅིག་ཤོས་ཀྱིས་རིག་པའི་དོན་མ་གྲུབ་པ་དང་འཁྲུལ་པའི་བག་ཆགས་ལ་སྔོན་པོ་ལ་སོགས་པའི་རྣམ་པ་མེད་པའི་འབྲེལ་པ་མ་གྲུབ་པས། ་ཅིག་ན་རེ། རྣམ་ཤེས་རིག་པ་ཙམ་ཉིད་དེ།། བག་ཆགས་ཉེས་པས་དཀྲུགས་པས་ན།། སྔོན་པོ་ལ་སོགས་ཚོར་བ་ཡིས།། རྣམ་པ་འབའ་ཞིག་འབྱུང་བར་འགྱུར།། དེ་ནི་སྔོན་སོགས་རྟོགས་པ་སྟེ།། སྔོན་ལ་སོགས་པའི་མཚན་ཉིད་མིན།། དེ ་ཡི་འཇུག་ལ་རྨོངས་པའི་བདག། ཕྱི་རོལ་སྔོ་ལ་སོགས་པ་སེམས།། ཞེས་སྨྲ་བ་དེ་དག་གི་ལན་ཀྱང་བཏབ་ཟིན་ཏོ།། དེ་བས་སྔོན་པོ་ལ་སོགས་པའི་རྣམ་པ་ནི་འཁྲུལ་པ་དང་དེའི་བག་ཆགས་དང་ཡང་འབྲེལ་པར་མ་གྲུབ་པས། དེ་ལོག་སྟེ་ཤིན ་ཏུ་རྣམ་པར་དག་པའི་དུས་ན་ཡང་རྣམ་པ་ཐམས་ཅད་ལྡོག་པ་མི་རིགས་ཏེ། འབྲེལ་པ་མེད་ན་གཅིག་ལོག་པས་གཞན་ཡང་ལྡོག་པར་ངེས་པ་མེད་དེ། བ་ལང་དང་རྟ་ལ་སོགས་བཞིན་ནོ།། དེ་ལྟར་ན། དངོས་པོ་གང་དང་གང་དཔྱད་པ།། ་དེ་དང་དེ་ལ་གཅིག་ཉིད་མེད།། གང་ལ་གཅིག་ཉིད་ཡོད་མིན་པ།། དེ་ལ་དུ་མ་ཉིད་ཀྱང་མེད།། ཕ་རོལ་དང་བདག་གི་ལྟ་བའི་རྗེས་སུ་འབྲང་བ་དག་གིས་བླངས་པ་རྟག་པ་དང་། མི་རྟག་པ་དང་། ཁྱབ་པ་དང་། ཅིག ་ཤོས་དང་། རྡུལ་དང་། རག་པ་དང་། ཤེས་བྱ་དང་། ཤེས་པ་ལ་སོགས་པ་སོ་སོར་ཐ་དད་པའི་དངོས་པོ་གང་ལ་གཅིག་པུར་བརྟགས་ན་དེ་ལ་དེ་ལྟར་བརྟགས་པ་དེའི་ཚེ་བརྟག་པའི་ཁུར་ལྕི་བ་བཟོད་པ་ཕྲ་རབ་ཙམ་ཡང་མེད་དོ།། གང་གཅིག ་པའི་རང་བཞིན་དུ་མི་འཐད་པ་དེ་དུ་མའི་བདོག་ཉིད་དུ་ཁས་བླངས་པ་ན་རགས་པ་མེ་ཡིན་པ་ཉིད་དུ་ཁས་བླངས་པ་ནི་རིགས་པ་མ་ཡིན་པ་ཉིད་དེ། འདི་ལྟར་དུ་མ་ནི་གཅིག་བསགས་པའི་མཚན་ཉིད་དོ།། གཅིག་མེད་ན་དེ་ཡང་མེད། ཤིང་ལ་སོ་གྲུ་བ་མེད། ་ནག་ཚལ་ལ་སོགས་པ་མེད་པ་བཞིན་ནོ།། དེའི་ཕྱིར་དངོས་པོ་གང་བརྟགས་པ། དེ་དང་དེ་ལ་གཅིག་པ་མེད།། གང་ལ་གཅིག་པ་ཁྱོད་མིན་པ།། དེ་ལ་དུ་མའང་མེད་པ་ཡིན། ཞེས་གསུངས་སོ།། མདོ་དེ་ཉིད་ལས་ཀྱང་། བློ་ཡིས་རྣམ་པར་གཞི་པས་ན ་ནི། ངོ་བོ་ཉིད་ནི་གཟུང་དུ་མེད།། དེ་ཕྱིར་དེ་དག་བརྗོད་མེད་དང་།། ངོ་བོ་ཉིད་ཀྱང་ད་པར་བཤད།། བློ་ཡི་རྣམ་པར་གཞི་བས་ན་ནི།། གཞན་དབང་མེད་ཅིང་བརྟགས་པ་མེད།། གྲུབ་པའི་དངོས་པོ་ཡོད་མེད་ན།། བློ་ཡིས་ཇི་ལྟར་རྣམ་པར ་བརྟགས། རང་བཞིན་མེད་ཅིང་རྣམ་རིག་མེད།། དངོས་པོ་མེད་ཅིང་ཀུན་གཞི་མེད།། རོ་མཚུངས་བྱིས་པའི་རྟོག་གེ་པ།། ངན་པ་རྣམས་ཀྱིས་འདི་དག་བརྟགས།། མཚན་མ་དངོས་པོ་རྣམ་རིག་དང་།། ཡིད་ཀྱི་གཡོ་བ་གང་ཡིན་ལས ་ང་ཡི་སྲས་རྣམས་རབ་འདས་ནས།། དེ་དྲུག་རྣམ་པར་མི་རྟོག་སྤྱོད་ཅེས་གསུངས་སོ།། དེ་བས་ན་བློ་གྲོས་དཀར་པོ་རྣམས་ཀྱིས་དོན་འདི་དེ་དང་དེར་སྨོས་ཏེ། གང་གིས་དངོས་རྣམས་ངེས་བརྟགས་ནས།། ཡང་དག་ཏུ་ན་དངོས་དེ་མེད ་འདི་ལྟར་དེ་དག་གཅིག་སུ་དང་། དུ་མའི་རང་བཞིན་ཡང་མ་ཡིན།། སྣ་ཚོགས་དངོས་པོ་དོན་རྣམས་ལ།། གལ་ཏེ་གཅིག་ཉིད་མི་རིགས་ན།། དེ་བློ་སྣ་ཚོགས་སྣང་བ་ཡང་།། ཇི་ལྟ་བུར་ནི་གཅིག་པུར་འགྱུར།། ཇི་ལྟར་ཇི་ལྟར་དོན་བསམས་པ ་དེ་ལྟ་དེ་ལྟར་རྣམ་པར་འབྲལ།། དེ་བུས་མཚན་ཉིད་སྟོང་པའི་ཕྱིར།། རང་བཞིན་མེད་པར་རབ་བཤད་ཅེས།། མཁས་པ་རྣམས་ཀྱིས་གང་གསུངས་པ། དེ་ནི་གསལ་བར་འོངས་པ་ཡིན་ཞེའོ།། དེ་ལྟར་རིགས་པ་དང་ལུང་དང་ལྡན་པའི ་ཤེས་རབ་ཀྱིས་བརྟགས་ནི། དངོས་པོ་མྦྷ་སྐྱེས་པ་རྒྱུ་ཚུལ་དུ་གཞིབས་ཏེ་གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་གཏན་ཚིགས་གྲུབ་པོ།། གཏན་ཚིགས་གྲུབ་ཏུ་ཟིན་ཀྱང་ཆོས་གཉིས་ཀ་དང་ལྡན་པའི་དཔེ་མ་གྲུབ་པ་མཱ་ཡིན་ནམ ་ཇི་ལྟར་ཞེ་ན། མེ་ལོང་གི་ངོས་ལ་མིག་གི་འོད་ཟེར་ཕོག་ནས་སླར་ལོགས་པས་རང་བཞིན་ལ་སོགས་པ་དེ་ལྟར་དམིགས་པའི་ཕྱིར་རོ།། ཡང་ན་མེ་ལོང་ལ་སོགས་པའི་ལན་ཏུ་ཤིན་ཏུ་དང་བའི་གཟུགས་གཞན་ཞིག་འབྱུང་བའི ་ཕྱིར་རོ།། ཡང་ན་དངོས་པོའི་ནུས་པ་བསམ་གྱིས་མི་ཁྱབ་པའི་མཐུས་དེ་ལྟར་སྣང་བའི་རྣམ་པར་ཤེས་པ་ཙམ་འབྱུང་བའི་ཕྱིར་རོ།། གལ་ཏེ་དེ་ལྟར་ན་ཡང་དེ་མ་ལུས་པར་དཔྱད་ཟིན་པ་ཡང་དབྱུང་བ་མི་རིགས་སོ།། གཞན་ཡང ་གལ་ཏེ་མེ་ལོང་གི་ངོས་ལ་སོགས་པ་ལ་མིག་གི་འོད་ཟེར་ཕོག་ནས་སླར་ལོག་པ་རང་གི་བཞིན་ལ་སོགས་པ་དང་འབྲེལ་པ་དེ་འཛིན་པའི་རྒྱུར་འགྱུར་ན། དེ་ལྟ་ན་གོ་མེ་ལོང་གི་ངོས་བྱང་ཕྱོགས་སུ་བལྟས་ན་གཟུགས ་བརྙན་ལྷོ་ཕྱོགས་སུ་བལྟས་པ་མཐོང་བ་དང་། མེ་ལོང་གི་ངོས་ཆུང་ངུ་ལ་རང་གི་བཞིན་ཆེན་པོའི་གཟུགས་བརྙན་ཆུང་ངུར་སྣང་བ་ཡང་མི་རིགས་པ་དང་། མེ་ལོང་གི་ངོས་ཀྱི་ནང་དུ་སོང་བར་སྣང་བ་ཡང་མི་རིགས་པ་དང་། ཆུ་དང་བའི་མཚོ་དེའི་འགྲམ ་ན་འདུག་པའི་རཱི་དང་ཤིང་རྩེ་མོ་དང་ཡལ་གེ་གྱེན་དུ་བལྟས་པ་མང་པོའི་གཟུགས་བརྙན་ཡལ་ག་དང་རྩེ་མོ་ཐུར་དུ་བལྟས་པར་དམིགས་པར་ཡང་མི་འགྱུར་ཏེ། དེ་བས་ན་གཟུགས་བརྙན་ཤེས་པ་དེ་དེ་དང་མི་འདྲ་བར་སྣང་བའི་ཕྱིར་རང་གི་རང་བཞིན ་ལ་སོགས་པ་འཛིན་པ་མ་ཡིན་ཏེ། སྒྲ་ལ་སོགས་པའི་ཤེས་པ་བཞིན་དུ་རྗེས་སུ་དཔག་པར་ནུས་སོ།། གཟུགས་གཞན་འབྱུང་བ་ཡང་མ་ཡིན་པ་ཉིད་དེ། གཟུགས་རྣམས་ལྷན་ཅིག་མི་གནས་པའི་ཕྱིར་ཏེ་གཟུགས་བརྙན་རྣམས་ནི་མེ་ལོང་གི་ངོས ་ཀྱི་ཕྱོགས་དེ་ཉིད་ན་དམིགས་ལ། ལུས་ཅན་གྱི་དངོས་པོ་རྣམས་ནི་ཕྱོགས་མཚུངས་པར་ནམ་ཡང་མི་འགྱུར་ཏེ། དེ་དག་ཅོག་པུའི་བདག་ཉིད་དུ་འགྱུར་བའི་ཕྱིར།། དེར་སྣང་བའི་ཤེས་པ་ཙམ་འབྱུང་བར་ཟད་དེ་བྱེ་བྲག་མེད་ན་དེ་ལྷག་མ་རྣམས ་ཀྱང་ཅིའི་ཕྱིར་མི་འདོད་འདི་ལྟར་རྡུལ་ཕྲ་རབ་རྣམས་དང་ཡན་ལག་ཅན་རྣམས་མི་རིགས་པ་དང་། གི་ཟུང་བའི་མཚན་ཉིད་ཀྱང་འགལ་བར་ཐམས་ཅད་ཉོ་བར་སྦྱར་བས། ཁྱབ་པ་གྲུབ་པའི་ཕྱིར་རོ།། འདིས་སྒྱུ་མ་དང་། རྨི་ལམ་དང་། སྤྲུག ་རྒྱུ་དང་། དྲི་ཟའི་གྲོང་ཁྱེར་དང་། མགལ་མེའི་འཁོར་ལོ་ལ་སོགས་པའི་དཔེ་ཡང་བཤད་དོ།། དེ་ལ་ཡང་འཇིམ་པའི་དུམ་བུ་ལ་སོགས་པ་ཡོད་དུ་ཟིན་ཀྱང་། དེ་སྒྱུ་མ་ལ་སོགས་པར་མི་བརྗོད་དེ། གང་གླང་པོ་ཆེ་ལ་སོགས ་པ་དེ་ལྟར་དམིགས་པོ་དེ་ཉིད་དེ་ལྟར་དཔེ་བྱེད་ཀྱི། འཇིམ་པའི་དུམ་བུ་ལ་སོགས་པ་ནི་དེ་ལྟར་དམིགས་པ་མ་ཡིན་ནོ།། ཤེས་པ་རྣམ་པ་དང་བཅས་པ་དང་། རྣམ་པ་མེད་པའི་ཕྱོགས་གཉིས་ཀ་ལ་ཡང་གང་གི་ངོ་བོར ་སྣང་བ་དང་། རིག་པ་དེ་ཉིད་དམིགས་པ་ཡིན་རྒྱུ་ཙམ་ནི་མ་ཡིན་ཏེ། མིག་ལ་སོགས་པ་ལ་ཡང་ཐལ་བར་འགྱུར་བའི་ཕྱིར་རོ།། དེ་བས་ན་སྐྱེ་བ་དེ་དང་། གཞན་དང་། དུས་དེ་དང་ནི་དུས་གཞན་ན།། ཐམས་ཅད་དུ་ནི་ཕྱི་རོལ ་དམིགས།། ཡུལ་དྲང་དུས་གཞན་བདག་ཉིད་དོ།། རྨི་ལམ་ཤེས་པའི་སྤྱོད་ཡུལ་ནི།། ཡུལ་དེ་དང་ནི་ཡུལ་གཞན་ནོ།། མགལ་མེའི་འཁོར་ལོར་འགལ་བ་ནི།། མྱུར་དུ་བསྐོར་བར་བྱས་པ་ཡིན།། དྲི་ཟའི་གྲོང་ཁྱེར་སྤྲིན་རྣམས ་དང་། ང་སྔོན་ཤེས་ཁྱིམ་ལ་སོགས་པ་ཡིན།། སྨིག་རྒྱ་ཆུ་ཡི་རྣམ་ཤེས་ལ།། དགོན་དྲུང་འོད་ཟེར་གདུངས་དེ་བཞིན་ཞེས་བྱ་བ་དེ་གནས་མེད་དོ།། དེ་དག་རྒྱུ་ཉིད་དུ་ཡོད་ཀྱི་ང་དམིགས་པ་ཉིད་དུ་མི་རིགས་ཏེ། རྒྱུའི་དོན་ཡང་གཞན ་དམིགས་པའི་དོན་ཀྱང་གཞན་ཏེ། བཤད་མ་ཐེག་པས་རྒྱ་ཆེར་ནི་མི་དམིགས་སོ།། འདི་ཕྱོགས་དང་འཐུན་པའི་ཕྱོགས་ལ་ཡོད་པར་གྱུར་དུ་ཟིན་ཀྱང་མི་མཐུན་པའི་ཕྱོགས་ལས་ལྡོག་པར་ཇི་ལྟར་ངེས་ཏེ། གང་གིས ་ན་ལྡོག་པ་ཐེ་ཚོམ་གྱི་སྐྱོན་དུ་མི་འགྱུར་སྙམ་པའི་རེ་བ་འདི་ནི་བརྫུན་པའོ།། དེ་བས་ན་འདི་བརྗོད་དེ། གཅིག་དང་དུ་མ་མ་གཏོགས་པར།། རྣམ་པ་གཞན་དང་ལྡན་པ་ཡིས།། དངོས་པོ་མི་རུང་འདི་གཉིས་ནི ་ཕན་ཚུན་སྤངས་ཏེ་གནས་ཕྱིར་རོ།། གཅིག་པུའི་བདག་ཉིད་དང་། དུ་མའི་བདག་ཉིད་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པས་ཕུང་པོ་གཞན་སོལ་ཏོ།། དེ་བས་ན་རྣམ་པ་གཞན་དུ་བཞག་པའི་དངོས་པོ་མེད་པའི་ཕྱིར་འདི་ལ ་ལྡོག་པ་མི་ལྡོག་པ་མེད་དོ།། གཏན་ཚིགས་འདི་ལ་ནི་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་པ་ཡང་མེད་དེ། གྲུབ་པའི་ཡུལ་གྱིས་ཡུལ་ཅན་ཤེས་པ་དང་། སྒྲ་དང་ཐ་སྙད་རྣམས་གྲུབ་པའི་ཕྱིར་ཏེ། དཔེར་ན་འདི་ནི་གླང་སྟེ་ལྐོག་ཤལ་ལ ་སོགས་པ་འདྲེས་པའི་བདག་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་དང་འདྲ་བར་ཇི་སྐད་སྨྲས་པོའི་འཐད་པ་རྣམས་ཀྱིས། གཅིག་དང་དུ་མིའི་རང་བཞིན་དང་བྲལ་བའི་བསྟན་དུ་ཟིན་ཀྱང་། གང་དག་ཐོག་མ་མེད་པའི་འཁོར་བ་ནས་ཕྱིན་ཅི་ལོག་གཅིག་ནས ་གཅིག་ཏུ་བརྒྱུད་དེ། དངོས་པོ་ལ་མངོན་པར་ཞེན་པ་ཡོངས་སུ་འཕེལ་བ་ཚུལ་བཞིན་ཡིད་ལ་བྱེད་པས་གོམས་པར་མི་བྱེད་པའི་ཕྱིར་སྤང་དཀའ་བས་ཡང་དག་པར་ན་དངོས་པོ་མཐའ་དག་ལ་ཁྱབ་པའི་རང་བཞིན་མེད་པ་ངེས་པར་མི་སེམས ་མི་བརྗོད་ཅིང་། གཞན་དག་ལ་ཡང་ངེས་པར་བསྐྱེད་པར་འདོད་པས་ཐ་སྙད་འདོགས་པར་མི་བྱེད་པ་དེ་དག་ལ་འདི་ལྟར་ཤེས་པ་དང་སྒྲ་དང་། ཐ་སྙད་ཀྱི་ཡུལ་ཉིད་དུ་བསྒྲུབ་སྟེ། དམིགས་སུ་ཡོད་པའི་མཚན་ཉིད་དུ་གྱུར་པ་ལས་མི་དམིགས་པས ་མེད་ཅེས་བྱ་བ་ལྟ་བུའོ།། འདི་ཐམས་ཅད་ནི་བཅོམ་ལྡན་འདས་ཉིད་ཀྱིས་ཀྱང་གསུངས་ཏེ། ཡབ་དང་སྲས་མཇལ་བའི་མདོ་ལས་ཀྱང་། འདི་སྐད་དུ་མེ་ལོང་ཤིན་ཏུ་ཡོངས་དག་ལ།། ཇི་ལྟར་རང་བཞིན་མེད་པ་ཡི།། གཟུགས་བརྙན་སྣང་བ་དེ་བཞིན་དུ། ་ན་པ་ཆོས་འདི་ཤེས་པར་གྱིས།། ང་ཡིས་རང་བཞིན་སྟོང་པ་ཞེས།། གང་བཤད་སྟོང་པ་ལྟ་བར་གྱིས།། བྱིས་པ་ལོག་པའི་བློ་ཅན་རྣམས།། རང་བཞིན་སྟོང་པར་མི་ཤེས་པ།། དེ་དག་རྣམས་ལ་བསྟན་པའི་ཕྱིར།། རང་བཞིན་སྟོང་ཞེས་བདེ་གཤེགས་སྟོན ་ཀུན་ཏུ་རྟོག་པའི་རྟོག་པས་བསྐྱེད།། ཡང་དག་མ་ཡིན་རྟོག་པས་བཅིངས།། ཞེས་གསུངས་པ་ལྟ་བུའོ།། ལང་ཀར་གཤེགས་པའི་མདོ་ལས་ཀྱང་། གཅིག་དང་གཞན་ཉིད་སྤངས་པ་ཡིས།། གཟུགས་ནི་ཇི་ལྟར་མེ་ལོང་ལ།། སྣང་ཡང་དེ་ན་ཡོད་མ་ཡིན། ་དེ་བཞིན་དངོས་པོའི་ངོ་བོ་ཉིད།། ཅེས་བསྟན་ཏོ།། གང་གི་ཕྱིར་དེ་དེ་ལྟར་གྱུར་པ། དེ་ཕྱིར་དངོས་པོ་འདི་དག་ནི།། ཀུན་རྫོབ་ཁོ་ནིའི་མཚན་ཉིད་འཛིན།། གལཱ་ཏེ་འདི་དག་དོན་འདོད་ན།། དེ་ལ་ཁོ་བོས་ཅི་ཞིག་བྱ།། ཇི་སྐད་བཤད་པའི་རིགས་པ་དག་གི། དངོས་པོ ་ཐམས་ཅད་ནི་སྟག་མི་བཟོད་པའི་ཕྱིར་མ་བརྟགས་ན་དགའ་བ་ཁོ་ནའི་བདག་ཉིད་ཀྱི་ངོ་བོ་འཛིན་ཏེ། སྒྱུ་མའི་གླང་པོ་ཆེ་དང་རྟ་དང་མི་ལ་སོགས་པ་བཞིན་ནོ།། གལ་ཏེ་རྣམ་པ་དེ་ལྟར་གཞན་གྱིས་མ་བཅོས་པའི་དངོས་པོ་ཐམས་ཅད་ངོ་བོ་ངེས་པར་འཛིན ་བར་འདོད་ན་ང་ལ་ཁོ་བོས་དགག་དུ་ཅི་ཡོད། དེ་དག་གིས་དངོས་པོའི་ངོ་བོ་འདི་བདག་ཉིད་ཀྱིས་རང་གིར་བྱས་ཀྱི། འདི་ནི་སུ་དག་གིས་ཀྱང་ལྕགས་ཀྱུ་མེད་པོའི་འདོད་པས་འདི་དག་ལ་བཞག་པ་མེད་དོ།། ཇི་ལྟར་གནས་པའི་དངོས་པོའི་དེ ་ཁོ་ན་ལ་མཁས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ས་དེ་དང་དེ་དག་ཏུ་རབ་ཏུ་བཤད་དེ། ཆོས་ཡང་དག་པར་སྡུད་པ་ལས་ཇི་སྐད་དུ། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང ་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཐ་སྙད་སྟོན་པ་རྣམ་པ་བཅུ་ཁོང་དུ་ཆུད་པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ་ཕུང་པོ་སྟོན་པ་དང་། ཁམས་སྟོན་པ་དང་། སྐྱེ་མཆེད་སྟོན་པ་དང་། ལས་སྟོན་པ་དང་། སྐྱེ་བ་སྟོན་པ་དང་། རྒ་བ ་སྟོན་པ་དང་། འཆི་བ་སྟོན་པ་དང་། འཆི་བའི་ཉིང་མཚམས་སྦྱོར་བ་སྟོན་པ་དང་། དེ་རབ་ཏུ་ཞི་བར་འགྱུར་བའི་མྱ་ངན་ལས་འདས་པ་སྟོན་པ་ཞེས་གསུངས་པ་ལྟ་བུའོ།། དེ་བས་ན་དཀོན་མཆོག་སྤྲིན་ལས་ཀྱང་། རིགས་ཀྱི་བུ་ཆོས་བཅུ་དང་། ་ལྡན་ན། བྱང་ཆུབ་སེམས་དཔའ་ཀུན་རྫོབ་ལ་མཁས་པ་རྣམོས་ཡིན་ནོ།། བཅུ་གང་ཞེ་ན། འདི་ལྟ་སྟེ། གཟུགས་སུ་ཡང་འདོགས་ལ། དོན་དམ་པར་གཟུགས་སུ་ཡང་མི་དམིགས་ཤིང་མངོན་པར་ཞེན་པ་མེད་དོ།། དེ་བཞིན་དུ་ཚོར་བ་དང་། ་འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྒྱ་ཆེར་གསུངས་སོ།། དེ་བས་ན་འཕྲིགས་པ་བློ་གྲོས་མི་ཟད་པས་བསྟན་པ་ལས་ཀྱང་། ཚུལ་བཞིན་ཞེས་བྱ་བ་ནི་ཆོས་ཐམས་ཅད་བདག་མེད་པ་སྟེ། དེ་བཞིན་དུ་ཆོས་ཐམས ་ཅད་རིགས་པས་མཐོང་བའོ།། ཅི་ལྟར་སེམས་ཅན་བདག་མེད་པ་དེ་བཞིན་དུ་ཆོས་ཐམས་ཅད་རིགས་པས་མཐོང་བའོ་ཞེས་གསུངས་སོ།། རྒྱལ་བ་བསྐྱེད་པ་ལས་ཀྱང་རྒྱལ་བས་ཇི་སྐད་དུ། མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རྣམ་པར་ཤེས ་བའི་བར་དུ་རྣམ་པར་ཤེས་པའི་ངོ་བོ་ཉིད་ཀྱིས་སྟོང་ངོ་ཞེས་གསུངས་པ་ལྟ་བུའོ།། གལ་ཏེ་འདི་ནི་བརྟགས་པའི་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་དོ་ཞེས་གསུངས་སོ།། ཞེ་ན། དེ་བདེན་ཏེ་ཡང་དག་པར་རང་བཞིན་ཡོད་དོ་ཞེས་བྱ་བ་དེ་ཡང ་བརྟགས་པའི་ངོ་བོ་ཉིད་ཁོ་ནའོ།། གཞན་གྱི་དབང་གི་ངོ་བོ་ཡང་དག་པར་ཡོད་པ་ཉིད་དུ་གྲུབ་ན་ནི་གཉིས་ལ་སོགས་པ་བརྟགས་པའོ་ཞེས་བྱ་བ་དེ་གྲུབ་ན་སྔར་སྨོས་པའི་ཚད་མའི་གནོད་པ་ཡོད་པས་དེ་ནི་མ་གྲུབ་བོ།། གླང་པོའི་རྩལ ་གྱི་མདོ་ལས་ཀྱང་། ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། གང་ཆོས་རྣམས་ཀྱི་ངོ་བོ་ཉིད་ཤེས་པ་དེ་ཡོད་པ་ཡིན་ནམ། འོན་ཏེ་མེད་པ་ཡིན། གསོལ་པ་བཅོམ་ལྡན་འདས་གང་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་འཚལ་བ་དེ། ནི་སྒྱུ་མའི ་ངོ་བོ་ཉིད་འགལ་བ་སྟེ། བཅོམ་ལྡན་འདས་དེ་ནི་མ་མཆིས་ཤིང་། མཆིས་པ་མ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ནི་སྒྱུ་མའི་ངོ་བོ་ཉིད་དོ།། ཞེས་བསྟན་པའི་སླད་དུ་སྟེ། སྒྱུ་མ་ལྟ་བུ ་གང་ལགས་པ་དེ་ནི་མ་མཆིས་པའོ།། འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་འཚལ་བ་དེ་ནི་འཚལ་བ་མ་མཆིས་པའོ།། དེ་ཅིའི་སླད་དུ་ཞེ་ན། འདི་ལ་གང་ཡང་ཡང་དག་པར་ཆོས་གང་ཡང་མི་དམིགས་པའི་སླད་དུ་ཞེས ་བྱ་བ་ལ་སོགས་པ་གསུངས་སོ།། ཅི་སྟེ་ཀུན་རྫོབ་ཀྱི་ངོ་བོ་འདི་གལ་ཏེ་ཅི་དངོས་པོ་མེད་པ་ཡིན་ནམ། འདི་དངོས་པོ་མེད་ན་ནི་མཐོང་བ་དང་འདོད་པའི་དོན་བྱེད་པ་དང་འགལ་ལོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་པར་བསྟན་པ། མ་བརྟགས ་གཅིག་པུ་ཉམས་དགའ་ཞིང་།། སྐྱེ་དང་འཇིག་པའི་ཆོས་ཅན་པ།། དོན་བྱེད་པ་དག་ནུས་རྣམས་ཀྱི།། རང་བཞིན་ཀུན་རྫོབ་པ་ཡིན་རྟོགས། ཀུན་རྫོབ་འདི་ནི་སྒྲའི་ཐ་སྙད་ཙམ་གྱི་བདག་ཉིད་མ་ཡིན་གྱི། ་མཐོང་བ་དང་འདོད་པའི་དངོས་པོ་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་ནི་བརྟག་མི་བཟོད་པས་ཡང་དག་པའི་ཀུན་རྫོབ་སྟེ། གདགས་པ་ཞེས་བྱ་བ་ལ་སོགས་པ་ཐ་སྙད་དེ་ལྟ་བུར་བྱས་པའི་བརྡ་དག་གི་ཐ་སྙད་འདོགས་པར་བྱེད་པ་ན་དེའི ་ཕྱིར་དོན་བྱེད་པ་དང་ཅིའི་ཕྱིར་འགལ་ཏེ། འདི་སྐད་དུ་རྟེན་ཅིང་འབྲེལ་པར་གང་འབྱུང་བ།། དེ་ནི་སྟོང་པ་ཉིད་དུ་བཤད།། དེ་ནི་བསྒྱུར་བྱས་གདགས་པ་སྟེ། དེ་ཉིད་དབུ་མའི་ལམ་ཡིན་ནོ། ཞེས་གསུངས་པ་ལྟ་བུའོ།། འཕགས ་པོ་བློ་གྲོས་མི་ཟད་པས་བསྟན་པ་ལས། དེ་ལ་ཀུན་རྫོབ་ཀྱི་བདེན་པ་གང་ཞེ་ན། འཇིག་རྟེན་གྱི་ཐ་སྙད་ཇི་སྙེད་པ་དང་། ཡི་གེ་དང་སྐེ་ང་དང་བརྡ་བསྟན་པ་དག་གོ།། དྲོན་དམ་པའི་བདེན་པ་ནི་གང་ལ་སེམས་ཀྱི་རྒྱུ་བ་ཡང་མེད་ན་ཡི ་གེ་རྣམས་ལྟ་ཅི་སྨོས་ཞེས་གང་གསུངས་པ་དེ་ལ། དོན་ནི་འདི་ཡིན་ཏེ། སེམས་ཅན་དང་སྣོད་ཀྱི་བདག་ཉིད་ཀྱི་འཇིག་རྟེན་མྱོང་བར་བྱ་བ་དང་། མྱོང་བའི་ངོ་བོའི་ཚུལ་འདིར་འཇིག་རྟེན་གྱི་ཐ་སྙད་དུ་དགོངས་པ་སྟེ། བྱེད་པའི་སྒྲུབ་པ ་ཡོངས་སུ་བཟུང་བའི་ཕྱིར་རོ།། བརྗོད་པའི་ངོ་བོ་ནི་མ་ཡིན་ཏེ། དེ་ནི་ཡི་གེ་ལ་སོགས་པས་བརྗོད་པའི་ཕྱིར་རོ།། ཇི་སྙེད་པོ་ཞེས་བྱ་བ་ནི་མ་ལུས་པའི་དོན་ཡིན་པར་བསྟན་ཏེ། དེའི་ཕྱིར་རྣམ་པར་མི་རྟོག་པའི་ཤེས་པས་རྟོགས ་བའི་བདག་ཉིད་གཟུགས་ལ་སོགས་པ་དང་། བདེ་བ་ལ་སོགས་པ་ནི་ཀུན་རྫོབ་ཀྱི་བདེན་པ་ཉིད་ལས་མི་འདའོ།། དེའི་རྗེས་སུ་འབྲེལ་པའི་ཕྱིར་ཡི་གེ་ལ་སོགས་པ་ཡང་སྦྱར་རོ།། དེའི་ཕྱིར་ལུང་ལས་བྱུང་བ་དང་། འཇིག་རྟེན་པ ་ཡང་བསྡུ་སྟེ། དེ་ནི་ཡིད་ཀྱི་དང་ངག་གིའོ་དཔེར་ན་ཡིད་ཀྱིས་བརྒྱ་བྱིན་ལ་ཆོས་མངོན་པར་བཤད་པ་དང་། ཡིད་ཀྱི་ཚིགས་སུ་བཅད་པའི་ལན་བཏབ་པར་དེ་དང་དེ་དག་ན་ས་འབྱུང་བ་ལྟ་བུའོ།། དེ་བས་ན་སྤྲོས་པའི་ཚོགས ་ཐམས་ཅད་དང་བྲལ་བའི་དོན་དམ་པའི་བདེན་པ་ལ་ནི་སེམས་རྒྱུ་བ་ཡོང་མེད་པར་བསྟན་ཏོ།། ཀུན་རྫོབ་འདི་ནི་རྒྱུ་མེད་པར་མི་རུང་སྟེ། ཤིང་རྟ་དང་སེམས་ཅན་ལ་སོགས་པ་བཏགས་པ་བཞིན་མ་ཡིན་ནམ། སྐྱོབ་པས་ཀྱང་། དཔེར ་ན་ཡན་ལག་ཚོགས་རྣམས་ལ།། ཤིང་རྟ་ཞེས་ནི་བྱ་བར་འདོད།། དེ་བཞིན་ཕུང་པོ་རྒྱར་བྱས་ནས།། ཀུན་རྫོབེ་ཏུ་ནི་སེམས་ཅན་བརྗོད།། ཅེས་གསུངས་སོ།། གལ་ཏེ་འདི་ལྟ་ན་འདི་ལའང་བརྟགས་པ་མ་བྱས་ཉམས་དགའ་བའང་།། ་བདག་རྒྱུ་སྔ་མ་སྔ་མ་ལ།། བརྟེན་ནས་ཕྱི་མ་ཕྱི་མོ་ཡི།། འབྲས་བུ་དེ་འདྲ་འབྱུང་བ་ཡིན།། དེ་ཕྱིར་ཀུན་རྫོབ་རྒྱུ་མེད་ན།། རུང་མིན་ཞེས་པའང་ལེགས་མ་ཡིན།། གལ་ཏེ་འདི་ཡི་ཉེར་ལེན་པ།། ཡང་དག་ཡིན་ན་དེ་སྨྲོས་ཤིག། ་དེ་ནི་བཤད་ཟིན་ཏེ། བརྟག་མི་བཟོད་ལ་དོན་བྱེད་ནུས་པའི་དངོས་པོ་ཉིད་ནི་ཡང་དག་པའི་ཀུན་རྫོབ་ཅེས་བྱ་སྟེ། གང་ཟག་ལ་སོགས་པ་ལྟར་སྒྲ་ཙམ་ནི་མ་ཡིན་ནོ་ཞེས་བྱ་བའོ།། དེ་ལྟ་བུ་དེ་ལ་ཡང་བརྗོད་པའི་ཚུལ་གྱིས་བརྟག ་པས་སྦྱང་ས་བཟོད་པའི་རང་གི་རྒྱུལ་བརྟེན་ནས་འབྱུང་ན་ན་མེད་པར་ཇི་ལྟར་འགྱུར། ཤེས་རབ་དང་ཡ་ཤེས་ཀྱི་དབྱུང་ན་གང་གི་དྷཱའི་རླུང་བཞིན་ཡང་བ་དེ་ཟླ་གས་དང་ལྡན་པས་སྨྲས་ཤིག། ཤིང་རྟ་ལ་སོགས་པ ་ཡང་ཆོས་ཉིད་འདི་ལས་མི་འདའ་བ་ཉིད།། ཞེས་ཐམས་ཅད་སྦྱར་བར་བཤད་ཟིན་ཏོ།། འདིར་ཡང་གསུངས་པ། ཡི་གེ་གཅིག་སྔགས་གང་ཡང་མེད།། ཡི་གེ་མང་པོ་གཞན་ཡང་མེད།། ཡི་གེ་འགགས་པ་རྣམས་མིན་ལ།། རྟེན་ནས ་མེད་པ་ཡིན།། དེ་བཞིན་རང་གི་ཡན་ལག་ལས།། སྨན་ནི་གུད་ནས་མི་སྣང་ངོ་།། སྒྱུ་མའི་གླང་པོ་སྣང་བ་དེ།། དེ་དག་ལས་མིན་གཞན་ཡང་མིན།། རྟེན་ཅིང་འབྲེལ་བར་འབྱུང་བ་དེ།། ཡོད་དམ་མེད་པར་སུ་ཞིག་འདོད།། དེ་ལ་དམིགས ་བར་བྱེད་པ་ཡི།། མིག་གི་རྣམ་ཤེས་འབྱུང་བ་ལྟར། ལས་དང་ཉོན་མོངས་དབང་འཕང་ས་པ།། ལེན་བཅིས་སྲིད་ལས་འབྱུང་བ་དང་།། དེ་བཞིན་དུ་ནི་གཟུགས་འབྱུང་བ།། ཡོད་དོམ་མེད་པར་སུ་ཞིག་འདོད།། དེ་ལྟར་སྲིད་པའི་ཡན་ལག་ཀུན།། ་ཐ་སྙད་ཀྱིས་ནི་གདགས་པ་སྟེ།། འདི་ལྟར་འགོགས་སོག་པ་མི།། ཆོས་ཀུན་དགོངས་ཏེ་གསུངས་པ་ཡིན།། ཇི་ལྟར་སྔགས་ཏེ་སྔགས་མིན་དང་།། ཇི་ལྟར་སྨན་ཡང་སྨན་མིན་པ།། དེ་ལྟར་རྟེན་ནས་གསུངས་པ་དེ།། གཉིས་ཀ་འགྲུབ་པར་འགྱུར ་མ་ཡིན། ཆོས་ཐམས་ཅད་རང་བཞིན་མེད་པ་ཡིན་དུ་ཟིན་ན། འཇིག་རྟེན་མཐའ་དག་ན་མཁྲིའི་མེ་ཏོག་བཞིན་དུ་འགྱུར་ཏེ། དེ་ཕྱིར་མཐོང་བ་དང་ཐོས་པ་དང་། བྱེ་བྲག་བྱེད་པ་དང་། རྣམ་པར་ཤེས་པ་ལ་སོགས་པ་མེད་པས་འཕགས་པ་དང་བ ་བམྦྷ་ཡིན་པའི་བྷ་སྒྲད་ལ་སོགས་པ་རྣམ་པར་བཞས་པ་སྒྲུབ་མཐ་དང་མི་འལ་བ་རྡོ་ས་སྒྱུར་ཞོན།། བླན་ཀ་འདི་ནི་སྙིང་པོ་ཡོད་པས་ཡིན་ནོ། ས་ཀུན་རླུང་བརྙན་ན།། རིག་པཔ་ལས་ཀྱི་རྫས་འབྲེང་བར།། གཞན་དགུ་འདོད་པས ་བར་བྱེད།། དེ་ཕྱིར་རྒོལ་བའི་གནས་མེད་དོ།། ཡོད་དང་མེད་དང་ཡོང་མེད་ཅེས།། ཁས་མི་ལེན་པ་གང་ཡིན་པ།། དེ་ལ་ནན་ཏན་ལྡན་པས་ཀྱང་།། ཅིར་ཡང་ཀླན་ཀཱ་བྱ་མི་ནུས།། བྱིས་པའི་གནས་སྐབས་ནས་བཟུང་སྟེ།། ཐམས་ཅད་མཁྱེན་པའི་ཡེ་ཤེས ་བར་དུ་མྱོང་བ་གླང་མ་བརྟགས་གཅིག་པུ་ནཱ་ཡིད་དུ་འོང་བའི་རང་བཞིན་ལ་ནི་ཁོ་བོས་བཀུག་པ་མེད་དེ། ཡང་དག་པར་འབྲས་བུ་སྠཱ་ནེ་ཡོད་པ་དང་། མེད་པ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པར་སྨྲ་བ་སེར་སྐྱ་བ་ལ་སོགས་པར་བརྟགས་པ་གང་ཡིན་པ་དེ ་མེད་དོ།། དེའི་ཕྱིར་ཆོས་ཐམས་ཅད་རང་བཞིན་མེད་པར་སྨྲ་བ་འདི་ནི་སྟོང་པ་ཉིད་ཀྱི་དོན་ལོག་པར་མཐོང་བ་མ་ཡིན་ནོ།། གང་གི་ཕྱོགས་ལ་ཡོད་པ་དང་།། མེད་དང་ཡོད་མེད་ཡོད་མིན་པ།། དེ་ལ་ཀླན་ཀ་བྱ་བར་ནི།། ཡུན་རིང་དུ་ཡང་བརྗོད་མི་ནུས།། དེ་ཕྱིར་ཡང་དག ་ཉིད་དུ་ནཱ། དངོས་པོ་གང་ཡང་གྲུབ་པ་མེད།། དེ་ཕྱིར་དྲི་བཞིན་གཤེགས་རྣམས་ཀྱིས།། ཆོས་རྣམས་ཐམས་ཅད་མ་སྐྱེས་གསུངས།། ཡང་དག་པར་ན་དངོས་པོ་ཕྲ་རབ་ཀྱང་ཡོངས་སུ་གྲུབ་པར་མྱི་འཐད་དེ། ཇི་ལྟར་བསྟན་པའི་ཚུལ་གྱིས་གཅིག ་དང་དུ་མིའི་རང་བཞིན་དང་བྲལ་བའི་ཕྱིར་རོ།། དེའི་ཕྱིར་ཡང་དག་པར་ན་གང་གི་སྐྱེ་བ་དང་། དེ་སྔོན་དུ་འགྲོ་བའི་གནཱ་པ་རིང་མི་རྟག་པ་དང་། དེ་ལ་བརྟེན་པའི་དངོས་པའི་ཆོས་གཞན་ཡང་ཡོད་པར་འགྱུར་རོམ། དེ་ལྦུ་བས་ན་བློ་གྲོས་རྒྱ ་བསྟན་པ་ལས་འདི་སྐད་གསུངས་ཏེ། གང་དག་རྟེན་ཅིང་འབྲེལ་འབྱུང་བ།། དེ་དག་དངོས་ཉིད་ཅི་ཡང་མིན།། གང་དག་ངོ་བོ་ཉིད་མེད་པས།། དེ་དག་གང་དུ་འབྱུང་བ་མེད་ཅེའོ།། གླང་པོའི་རྩལ་གྱི་མདོ་ལས་ཀྱང་།། ་གང་ཞིག་སྐྱེ་བར་འགྱུར་བ་ཡིས།། ཆོས་དེ་གང་ཡང་མི་དམིགས་ན།། འབྱུང་བ་མེད་པའི་ཆོས་རྣམས་ལ།། བྱིས་པ་དག་ནི་འབྱུང་བར་འདོད་ཅེས་གསུངས་སོ།། དཀོན་མཆོས་འབྱུང་གནས་ཀྱི་མདོ་ལས། གང་ལ་རང་བཞིན་ཡོད་པ་མ་ཡིན་ཏེ།། ་རང་བཞིན་མེད་པས་གཞན་སྐྱེ་ཇི་ལྟར་འགྱུར།། རང་བཞིན་མེད་པར་གཞན་གྱིས་ཇི་ལྟར་སྐྱེ།། རྒྱུ་འདི་བདེ་བར་གཤེགས་པས་བསྟན་པ་ཡིན། ཞེས་གསུངས་སོ།། དེའི་ཕྱིར་ཡབ་དང་སྲས་མཇལ་བའི་མདོ་ལས་ཀྱང་། རྟེན་ཅིང་འབྲེལ་པར ་འབྱུང་བ་ལས་འཇུག་པས་ཆོས་ཀྱི་དབྱིངས་ལ་འཇུག་པ་སྟོན་པ་བསྟན་ཏེ། བཅོམ་ལྡན་འདྲིས་དེ་ལ་མ་རིག་པ་ནི་མ་རིག་པ་ཉིད་ཀྱིས་མ་མཆིས་སོ།། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་མ་རིག་པ་ནི་རང་བཞིན་དང་བྲལ་བ་སྟེ། ཆོས་གང་ལ་ཡང ་རང་བཞིན་མ་མཆིས་པ་དེ་ནི་དངོས་པོ་མ་མཆིས་པའོ།། གང་ལ་དངོས་པོ་མ་མཆིས་པ་དེ་ནི་ཡོངས་སུ་མ་གྲུབ་པའོ།། གང་ཡོངས་སུ་མ་གྲུབ་པ་དེ་ནི་མི་སྐྱེ་བའོ།། གང་མི་སྐྱེ་བ་དེ་ནི་མི་འགག་པའོ།། གང་མ་སྐྱེས་མ་འགས་པ་དེ་ནི་འ ་པ་ཞེས་འགགས་པར་བགྱི་བ་མ་ལགས། མ་འོངས་པ་དང་། ད་ལྟར་འབྱུང་བ་ཞེས་གདགས་པར་བགྱི་བ་མ་ལགས་སོ།། གང་དུས་གསུམ་དུ་མི་དམིགས་པ་དེ་ནི་མིང་མ་མཆིས་པ། མཚན་ཉིད་མ་མཆིས་པ་མཚན་མ་མ་མཆིས་པ། ་གདགས་སུ་མ་མཆིས་པ་སྟེ། གཞན་དུ་མ་ལགས་ཀྱི་མིང་ཙམ་དང་བརྡ་ཙམ་དང་ཐ་སྙད་ཙམ་དང་། ཀུན་རྫོབ་ཙམ་དང་། བརྗོད་པ་ཙམ་དང་གདགས་པ་ཙམ་དུ་སེམས་ཅན་རྣམས་གཟུད་པའི་དོན་དུ་བགྱི་བ་མ་གཏོག་ས་པར་མ་རིག་པ ་དེ་ནི་དོན་དམ་པར་དམིགས་སུ་མ་མཆིས་སོ།། ཆོས་གང་དོན་དམ་པར་དམིགས་སུ་མ་མཆིས་པ་དེ་ནི་གདགས་སུ་མ་མཆིས་པ་ཐ་སྙད་དུ་བགྱིར་མ་མཆིས་པ། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་གང་མིང་ཙམ་ཞེས་བགྱི་བ ་ནས་གདགས་པ་ཙམ་གྱི་བར་དེ་དག་ཀྱང་ཡང་དག་པར་མ་ལགས་པ་ཞེས་རྒྱ་ཆེར་འབྱུང་ངོ་།། དེ་ལྟ་བྱས་ན། ཆོས་ཀྱི་འཁོར་ལོ་བསྐོར་བ་ན།། གཟོད་ནས་ཞི་ཞིང་མ་སྐྱེས་དང་།། རང་བཞིན་མྱ་ངན་འདས་པ་ཞེས།། ཆོས་རྣམས་མགོན་པོ་ཁྱོད ་ཀྱིས་བསྟན། ཅེས་བྱ་བའི་ཚིགས་སུ་བཅད་པ་འདི་ལེགས་པར་བཤད་པར་འ་གྱུར་ཏེ། འདིས་ནི་ཆོས་ཐམས་ཅད་དུས་གསུམ་དུ་མཉམ་པ་ཉིད་དུ་ཡོངསུ་བསྟོན་ཏོ།། གཟོད་མ་ནི་མ་འོངས་པའི་དུས་ཏེ་རང་བཞིན་དང་བྲལ་བའི་ཕྱིར ་དེར་ཞི་བའོ།། ད་ལྟར་བྱུང་བའི་དུས་ན་ཡང་མ་སྐྱེས་ཏེ། རང་བཞིན་དང་བྲལ་བ་ཉིད་ཀྱི་ཕྱིར་རོ།། འདས་པའི་དུས་ན་རང་བཞིན་གྱི་ངོ་བོ་ཉིད་ཀྱིས་མྱ་ངན་ལས་འདས་པ་སྟེ། རང་བཞིན་དང་བྲལ་བ་ཉིད་ཀྱི་ཕྱིར་རོ།། ཡབ་དང་སྲས ་མཇལ་བའི་མདོ་ལས་ཇི་སྐད་དུ། ཆོས་འདི་དག་ཐམས་ཅད་ནི་དུས་གསུམ་དུ་མཉམ་པོ་ཉིད་ཀྱིས་མཉམ་པ་སྟེ། འདས་པའི་དུས་ན་ཡང་ཆོས་ཐམས་ཅད་རང་བཞིན་དང་བྲལ་བའོ།། མ་འོངས་པ་དང་ད་ལྟར་བྱུང་བའི་དུས་ན་ཡང ་ཆོས་ཐམས་ཅད་རང་བཞིན་དང་བྲལ་བའོ་ཞེས་གསུངས་པ་ལྟ་བུའོ།། ཡང་དེ་ཉིད་ལས་གསལ་བར་མཛད་དེ། ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་པའོ།། ཆོས་གང་ལ་རང་བཞིན་མ་མཆིས་པ་དེ་ནི་འདྲ་བ ་མ་ལགས། མ་འོངས་པ་མ་ལགས། ད་ལྟར་བྱུང་བ་མ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། རང་བཞིན་མ་མཆིས་པ་ནི་འདས་པ་ཞེས་གདགས་པར་བགྱི་བ་མ་ལགས། མ་འོངས་པ་དང་ད་ལྟར་བྱུང་བ་ཞེས་གདགས་པར་བགྱི་བ་མ་ལགས ་སོསོ་ཞེས་འབྱུང་ངོ་།། སྐྱེ་བ་མེད་པ་ལ་སོགས་པ་ཡང་།། ཡང་དག་པའི་ཀུན་རྫོབ་ཏུ་གཏོགས་པ་ཡིན་དུ་ཟིན་ཀྱང་། དམ་པའི་དོན་དང་འཐུན་པའི་ཕྱིར།། འདི་ནི་དམ་པའི་དོན་ཅེས་བྱ།། ཡང་དག་ཏུ་ནི་སྤྲོས་པ་ཡིས།། ཚོགས་རྣམས་ཀུན་ལས ་གྲོལ་ཡིན།། དོན་དམ་པ་ནི་དངོས་པོ་དང་།། དངོས་པོ་མེད་པ་དང་སྐྱེ་བ་དང་མི་སྐྱེ་བ་དང་སྟོང་པ་དང་མི་སྟོང་པ་ལ་སོགས་པ་སྤྲོས་པའི་དྲ་བ་མཐའ་དག་སྤངས་པའོ།། སྐྱེ་བ་མེད་པ་ལ་སོགས་པ་ནི་དེ་ལ་འཇུག་པ་དང་མཐུན་པའི་ཕྱིར་དོན ་དམ་པར་ཞེས་ཉེ་བར་འདོགས་སོ།། ཡང་དྲག་ཀུན་རྫོབ་རྣམས་ཀྱི་སྐས།། མེད་པར་ཡང་དགཱ་ཁང་པ་ཡི།། སྟེང་དུ་འགྲོ་བར་བྱ་བ་ནི།། མཁས་ལ་རུང་བ་མ་ཡིན་ནོ།། ཅིའི་ཕྱིར་དངོས་སུ་དོན་དམ་པ་མ་ཡིན་པ་བསྟན་པ། སྐྱེ་བོ་ལ་སོགས ་མེད་པའི་ཕྱིར།། སྐྱེ་བ་མེད་ལ་སོགས་མི་སྲིད།། དེ་ཡི་ངོ་བོ་བཀག་པའི་ཕྱིར།། དེ་ཡི་ཚིག་གི་སྒྲ་མི་སྲིད།། ཡུལ་མེད་པ་ལ་དགོག་པ་ཡི།། སྦྱོར་བ་ལེགས་པ་ཡོད་མ་ཡིན།། རྣམ་པར་རྟོག་ལ་རྟེན་ན་ཡང་།། ཀུན་རྫོབ་པར་འགྱུར། ་ཡང་དག་མིན།། སྐྱེ་བ་ལ་སོགས་མེད་ན་དེ་རྗོད་པའི་སྒྲའི་སྦྱོར་བ་མི་འཐད་དོ།། དེ་བས་ན་ཡུལ་མེད་པ་ལ་དགག་པའི་ཕྱིར་སྐྱེ་བ་ཡང་མེད་པས་སྐྱེ་བ་ལ་སོགས་པ་མི་སྲིད་དོ།། ཇི་སྟེ་རང་གི་མཚན་ཉིད་ནི་སྒྲ་འདི་དག་གི་ཡུལ་མ་ཡིན ་མོད་ཀྱི་འོན་ཀྱང་ཐོག་མ་མེད་པའི་དུས་ཀྱི་བག་ཆགས་ལས་བྱུང་བའི་རྣམ་པར་རྟོག་པ་ལ་སྣང་བའི་ངང་ཅན་གྱི་དོན་ཡུལ་ཉིད་དུ་བདག་གིར་བྱས་ཏེ། ཆོས་ཅན་འདི་ཉིད་ལ་བརྟེན་ནས་སྐྱེ་བ་ལ་སོགས་པ་རྣམ་པར་རྟོག་པ་ལ་སྣང ་བའི་དོན་འདི་ཅི་གཞན་དག་འདོད་པའི་དོན་ལ་བརྟེན་ནམ། འོན་ཏེ་མི་ཡིན་ཞེས་ཡོད་དམ་མེད་པ་སེམས་པ་སེམས་པར་བྱེད་ཀྱི། སྐྱེ་བ་ལ་སོགས་པ་རྣམ་པར་རྟོག་པ་ལ་སྣང་བའི་དོན་འདི་ནི་སྤོང་བར་མི་བྱེད་དེ། དེ་ཉིད་བློ་ལ་སྐྱེད་པ་བྱེ་འི ་ཕྱི་སྒྲ་སྦྱོར་བའི་ཕྱིར་རོ་ཞེ་ན། རྣམ་པར་རྟོག་པ་ཡང་རྣམ་པར་ཤེས་པའི་ངོ་བོ་ཉིད་ཡིན་པས་དེ་དཔྱད་པ་ཉིད་ཀྱིས་བསལ་ཟིན་མ་ཡིན་ན་མ། གཞན་ཡང་དེ་ལྟ་ན་ཀུན་རྫོབ་ཅེས་བྱ་བའི་རྣམ་པར་རྟོག་པའི་བློ་ལ་བརྟེན་པའི་ཕྱིར་མི་སྐྱེས ་པ་ལ་སོགས་པ་ནི་ཀུན་རྫོབ་པར་འགྱུར་གྱི། དོན་དམ་པར་མ་ཡིན་ཏེ། ཤིང་ལ་སོགས་པ་སྒྲའི་དོན་བཞིན་ནོ།། གཞན་ཡང་དངོས་པོ་མ་གྲུབ་ན་དེ་ལ་བལྟོས་ནས་རབ་ཏུ་བརྟགས་པ་དག་གི་དེ་ཁོ་ན་དངོས་པོ་མྱེད་པ་ལ་སོགས ་པ་ཡང་མེད་པ་ཉིད་དོ།། འདི་སྐད་གསུངས་ཏེ། གལ་ཏེ་དངོས་པོ་མ་གྲུབ་ན།། དངོས་པོ་མེད་པར་འགྲུབ་མི་འགྱུར།། དངོས་པོ་གཞན་དུ་གྱུར་ན་ནི།། དངོས་པོ་མེད་ཅེས་སྐྱེའོ་སྨྲ་ཞེའོ།། དེ་སྐད་དུ། འོ་མར་ཞོ་ལ་སོགས ་མེད་པ་འདེ་ན་སྟ་ན་མེད་ཅེས་བྱ།། ཞྭ་ལ་འོ་མ་མེད་པ་ནི།། ཞིག་ནས་མེད་པའི་མཚན་ཉིད་ཡིན།། མགོ་ཡིས་ཡན་ལག་ལྕོང་བ་དང་།། སྐྱེ་དང་སྲ་བ་རྣམ་སྤངས་པ།། རི་བོང་རཱ་ལ་སོགས་དངོས་སུ།། དེ ་ནི་གཏན་མེད་བརྗོད་པ་ཡིན།། བ་ལང་ལ་ནི་རྟ་སོགས་མེད།། དེ་ནི་གཅིག་ལ་གཅིག་མེད་བརྗོད་ཅེའོ།། གསོག་ཏུ་གྱུར་པ་དངོས་པོ་མེད་པར་གྱུར་པ་ཡང་། དངོས་པོ་ཡོད་པ་ཉིད་དུ་ངེས་པའི་ཟླས་དྲངས་ནས། རྣམ་པར་བཞག་སྟེ། མོ་གཤམ ་ལ་སོགས་པ་དང་། བུ་ལ་སོགས་པ་ཡོད་པར་མ་ངེས་ན་མོ་གཤམ་གྱི་བུ་ལ་སོགས་པར་རྣམ་པར་རྟོག་པར་མི་འགྱུར་རོ།། དེ་བས་ན་བློ་གྲོས་རྒྱ་མཚོའི་མདོ་ལས་བསྟན་པ། ཚངས་པ་ཆོས་གང་ཡོངས་སུ་མ་གྲུབ་པ་དེ་ཡོད་པ་ཉིད་དུ་ཞི ་འམར་མེད་པ་ཉིད་དོ་ཞེས་འབྱུང་བ་འདི་ལེགས་པར་བཤད་པར་འགྱུར་རོ།། ལང་ཀར་གཤེགས་པ་ལས་ཀྱང་། ཡོད་པའི་ཟླས་དྲངས་མེད་པ་སྟེ།། ཡོད་པའང་མེད་པའི་ཟླས་དྲངས་སོ།། དེ་བས་མེད་པས་བསམ་མི་བྱ།། ཡོད་པ་ཉིད ་དུའང་མི་རྟག་གོ། གང་ལ་ཅི་ཡང་མི་སྐྱེ་བ།། ཅི་ཡང་འགག་པར་མི་འགྱུར་ཏེ། འཇིག་རྟེན་རྣམ་པར་དབེན་མཐོང་བ།། དེ་ལ་ཡང་དང་མད་ཅེས་གསུངས་སོ།། དེ་ལ་ཡིད་དང་མེད་པ་མེད་ཅེས་གསུངས་སོ།། དེ་ལ་དོན་ནི་འདི་ཡིན ་ཏེ། ཡོད་པའི་ཟླས་དྲངས་ནས་མེད་པར་རྣམ་པར་བཞག་སྟེ། དཔེར་ན་ཞིག་ནས་མེད་པ་རྣམ་པ་གསུམ་ལྟ་བུའོ།། མེད་པའི་ཟླས་དྲངས་ནས་ཡོད་པ་སྟེ། དཔེར་ན་སྐྱེ་བ་སྔ་ན་མེད་པ་ལྟ་བུའོ།། སྔ་ན་ཡོད་པ་སྐྱེ་འགྱུར་ན།། སྐྱེས་པ ་ཡང་ནི་སྐྱེ་བར་འགྱུར། ཞེའོ།། དེ་ལྟ་བས་ན། བློ་གློས་བཟང་པོས་གསུངས་པ།། གང་དག་བདག་དངོས་གཞན་དངོས་དང་།། དངོས་དང་དངོས་པོ་མེད་མཐོང་བ།། དེ་དག་སངས་རྒྱས་བསྟན་པ་ལ།། ཡང་དག་མཐོང་བ་མ་ཡིན་ནོ།། ཡང་དག ་དངོས་རྣམས་བསྟེན་བྱས་ནས།། ཆུའི་ཟླ་བ་ལྟ་བུར་ནི།། ཡང་དག་མ་ཡན་ལོག་མིན་པར།། འདོད་པ་དེ་དག་ལྷས་མི་འཕྲོགས།། ཐམས་ཅད་རྟག་མིན་མི་རྟག་པའང་།། ཅི་ཡང་མེད་དེ་རྟག་དེ་བཞིན།། དངོས་ཡོད་རྟག་དང་མི་རྟག་པར།། འགྱུར། ་ན་དེ་ནི་གྲཝ་ལ་ཡོད།། གང་ཅི་བརྗོད་པ་ཐམས་ཅད་ནི།། ངོ་བོ་ཉིད་ཀྱིས་སྟོང་རིག་བྱ།། སྟོང་ཞེས་བྱ་བ་དེ་ཡང་སྟོང་།། འདི་ལྟར་མི་སྟོང་ཡོད་མ་ཡིན།། སུ་ལ་སྟོང་ཉིད་འདི་འབྱུང་བ།། དེ་ལ་དོན་རྣམས་ཐམས་ཅད་འབྱུང་།། སུ་ལ་སྟོང་ཉིད་མི་འབྱུང་བ། ་དེ་ལ་ཅི་ཡང་འབྱུང་བ་མེད།། ཅེས་བྱ་བ་འདི་ནི་ལེགས་པར་གསུངས་པའོ།། དེ་བས་ན་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ཆེན་པོ་ལས། སྔོན་མཐའ་སྟོང་ཞིང་ཕྱི་མའི་མཐའ་ཡང་སྟོང་།། སྐྱེ་དང་འཇིག་དང་གནས་པའི་དངོས་པོ་སྟོང་།། འདི་ནི ་དངོས་པོ་ཡོད་མིན་དངོས་མེད་མིན།། ཆོས་རྣམས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་། ཞེས་གསུངས་སྷོ།། འོ་ན་དེ་ནི་རྟོགས་གྱུར་པས།། དེ་ཡི་རང་བཞིན་མངོན་སུམ་ཕྱིར།། མི་མཁས་རྣམས་ཀྱང་དངོས་རྣམས་ཀྱི།། དངོས་པོ་འདི་འདྲ་ཅིས་མི ་རྟོགས།། དེ་རྟོགས་ན་དེའི་རང་གི་ངོ་བོ་མི་རྟོགས་པ་ནི་མི་རིགས་ཏེ། བུམ་པས་དབེན་པའི་ས་གཞི་དམིགས་ན། དེའི་བདག་ཉིད་དུ་གྱུར་པ་བུམ་པས་དབེན་པ་རྟོགས་པ་བཞིན་ནོ།། དངོས་པོ་རྣམས་ནི་སོ་སོའི་སྐྱེ་བོའི་ལྟ་བ་དཀར་པོ་མ་ཡིན ་བྱཱ་ཐ་ཤལ་རྣམས་ཀྱིས་ཀྱང་དངོས་པོ་ལ་སྩོགས་པའི་རྣམ་པ་མེད་པ་ལས་སྒྲོ་བཏགས་པས། སྒྲོ་བཏགས་པ་ཡང་དག་པ་ཇི་སྐད་དུ་སྨོས་པ་མཐའ་དག་དང་བྲལ་བ་ཁོ་ན་ཡིན་པར་རྟོགས་ན། ཅིའི་ཕྱིར་དེ་ལྟ། ་ཡིནྡ་པར་མི་རྙོམས་ཤེ། མ་ཡིན་ཐག་མེད་རྒྱུད་ལྕི་བ།། དངས་པོར་སྤྲོ་བཏགས་དབང་བྱས་པས།། དེ་ཕྱིའི་སྲོག་ཆགས་ཐམས་ཅད་ཀྱིས།། མངོན་སུམ་རྟོགས་པར་མི་འགྱུར་རོ།། ཐོགས་མེད་པའི་སྲིད་པར་སྐྱེས་བཱ་དུ་ཐོམ ་མངོན་པར་ཞེན་པའི་དུག་གིས་དབུགས་པའི་བློ་ཅན་དག་གིས་མངོན་སུམ་ཙམ་དུ་རྟོགས་པ་རྣམ་པ་ཁོང་དུ་ཆུད་པར་མི་ནུས་ཏེ། འདྲ་བ་གཅིག་ནས་གཅིག་ཏུ་རྒྱུད་པ་དམིགས་པས་བློ་སྣད་པ་དག་གིས་སྐད་གཅིག་པ་ཉིད་མི་རྟོག ་བྱབླ་བཞིན་ནོ།། གཞན་ཡང་འདི་ནི་ངོ་མཚར་མི་ཆེ་སྟེ། འདི་ལྟར་བུམ་པ་དང་བ་ལང་ཉིད་ལ་སོགས་པས་དབེན་པའི་བ་ལང་ལ་སོགས་པའི་དབྱིབས་གསོ་སོལ་བར་མཐོང་ཡང་། སོར་སྐྱ་དང་གཟུགས་མ་ལ་སྤྱད་པའི་ལུགས ་ཀྱིས་བློ་གྲོས་ཤིན་དུ་ཕྱིན་ཅི་ལོག་ཏུ་གྱུར་པ་དག་དེ་ལྟར་རྟོགས་པར་མི་བྱེད་དོ།། འོ་ནཱ་སྭཱ་དག་གིས་དེ་རྟོགས་ཤེ་ན། བཤད་པ། དེ་ལ་སྒྲོ་འདོག་སྐུ་གཅོད་བྱེད་པ། ཤེས་པར་བྱེད་པའི་གཏན་ཚིགས་ཀྱིས།། རྗེས་སུ་དཔོགས ་པ་རྣམ་ཤེས་བྱེད།། རྣལ་འབྱོར་དབང་རྣམས་མངོན་སུམ་གསལ།། དངོས་པོ་ལ་སོགས་པར་སྤྲོ་བདོགས་པ་བསལ་བ་བསྒྲུབ་པ་ཕྱོགས་ཙམ་ཞིག་ཇི་སྐད་བསྟན་པ་དག་གིས་ཐོས་པ་བས་མཐོ་བ། བསེམས་པ་ལས ་བྱུང་བའི་ཆོས་རབ་ཏུ་རྣམ་པར་འབྱེད་པ་བསགས་པ་དག་སྤྲོས་པ་དང་བྲལ་ངེས་པར་བྱེད་དོ།། རྣལ་འབྱོར་པའི་དབང་ཕྱུག་རྣམས་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་དུ་རྣམ་པར་ཕྱེ་བའི་ཏིང་འཛིན་ལ་སོགས་པ་ལས་བྱུང ་བའི་ཡེ་ཤེས་རྣམ་པར་རྟོག་པའི་དྲི་མ་དང་བྲལ་རྩབ་ཉིད་ཀྱིས་ནང་དང་ཕྱིའི་དངོས་པོ་མ་བརྟགས་པ་དགའ་བ་སྙིང་པོ་མེད་པ། ཆུ་ཤིང་གི་སྡོང་པོ་ལྟ་བུ་ཐམས་ཅད་ཇི་ལྟར་སྒྲོ་འདོགས་པའི་ས་བོན་ཡང་ཕྱིས་མི་སྐྱེ་བ་དེ་ལྟར་ཐུགས་སུ ་ཆུད་དེ། སྙིང་རྗེ་ཆེན་པོ་ལ་འཇུག་པའི་མདོ་ལས། ཇི་ལྟར་ཆུ་ཤིང་རློན་པོའི་སྡོང་པོ་ལ་ཞེས་བྱ་བ་ལ་སོགས་ཇི་སྐད་གསུངས་པ་ལྟ་བུའོ།། ཆེད་དུ་བརྗོད་པ་ལས་ཀྱང་། གང་ཞིག་ཨུ་དུམྦ་ར་དག་ལ་མེ་ཏོག་ལྟར། སྲིད་པ་དག་ལ་སྙིང ་པོ་མེད་པར་སེམས་བྱེད་པ།། དགེ་སློང་འདི་ནི་ཕ་རོལ་མིན་པའི་ཕ་རོལ་སྤོང་།། སྦྲུལ་རྒས་པ་ཡི་པགས་པ་རྗེ་བ་བཞིན་ཞེས་གསུངས་སོ།། ཆོས་ཐམས་ཅད་རང་བཞིན་མེད་པར་ཁས་བླངས་ན། ཕྱོགས་ཀྱི་ཆོས་ལ་སོགས་པ་རང་ལ ་མ་གྲུབ་པའི་ཕྱིར་རྗེས་སུ་དཔག་པ་དང་། རྗེས་སུ་དཔག་པར་བྱ་བའི་ཐ་སྙད་མི་འ་གྲུབ་པ་མ་ཡིན་ནམ། དེའི་ཕྱིར་རྗེས་སུ་དཔོག་པ་པོས་ཇི་ལྟར་གཏན་ལ་དབབ། གལ་ཏེ་ཡང་ཆོས་ཐམས་ཙོད་རང་བཞིན་མེད་པར་སྒྲུབ་པའི ་གཏན་ཚིགས་མ་བརྗོད་ན། དེའི་གཏན་ཚིགས་མེད་པར་མི་འགྲུབ་པའི་ཕྱིར་འདོད་པའི་དོན་མི་འགྲུབ་བོ། ཅི་སྟེ་བརྗོད་ན་ནི་གཏན་ཚིགས་ཡོད་དེ། དེ་ལྟ་ན་ཡང་ཆོས་ཐམས་ཅད་རང་བཞིན་མེད་པར་མི་འགྲུབ་པས་འདོད་པའི ་དོན་མི་འགྲུབ་པོ།། འདི་ནི་གྱི་ན་སྟེ་འདི་ལྟར། གཞུང་གིས་སྐྱེད་པའི་བྱེ་བྲག་གི། ཆོས་ཅན་སྤངས་ནས་མཁས་པ་དང་།། བུད་མེད་བྱིས་པའི་བར་དག་ལ།། གྲགས་པར་གྱུར་པའི་དངོས་རྣམས ་ལ་དད་བསྒྲུབ་དང་སྒྲུབ་པའི་དངོས་པོ་འདི།། མ་ལུས་ཡང་དག་འཇུག་པར་འགྱུར།། དེ་ལྟ་མིན་ན་གོ་ཞི་མ་གྲུབ།། ལ་སོགས་ལན་ནི་ཇི་སྐད་གདབ།། བདག་ནི་སྣང་བའི་ངང་ཅན་གྱིས།། དངོས་པོ་དགག་པར་མི་བྱེད་དེ།། དེ་ལྟ་བླ། ་ན་སྒྲུབ་པ་དང་། བསྒྲུབ་བྱ་བཞག་པ་འཁྲུགས་པ་མེད། རྗེས་སུ་དཔག་པ་དང་རྗེས་སུ་དཔག་པར་བྱ་བའི་ཐ་སྙད་ཐམས་ཅད་ནི་ཕན་ཚུན་མི་མཐུན་པའི་མཐས་བསྐྱེད་པ་ཆོས་ཅན་ཐ་དད་པའི་ཡོངས་སུ་བཏང་སྟེ། མཁས་པ་དང་བུད ་མེམོདོ་དང་བྱིས་པའི་བར་གྱི་མིག་དང་རྣ་བ་ལ་སོགས་པའི་ཤེས་པ་ལ་སྣང་བའི་ངང་ཅན་གྱི་ཕྱོགས་སྒྲ་ལ་སོགས་པའི་ཆོས་ཅན་ལ་བརྟེན་ནས་འཇུག་གོ་དེ་ལྟ་མིན་ན་དུ་པ་དང་། ཡོད་པ་ལ་སོགས་པའི་མེ་དང་མི་རྟག་པ་ཉིད ་ལྔ་སོགས་པ་བསྒྲུབ་པར་འདོད་པ་ཐམས་ཅད་ཀྱི་གཏན་ཚིགས་ཀྱི་གཞི་འགྲིབ་པར་མི་འགྱུར་ཏེ། བསྒྲུབ་པའི་ཆོས་ཅན་ཡན་ལག་ཅན་དང་། ན་མཁའི་ཡོན་ཏན་ལ་སོགས་པའི་ངོ་བོ་རྣམས་མ་གྲུབ་པའི་ཕྱིར་རོ།། དེ་ལྟ་ན་ཆོས ་གཉི་ག་དང་ལྡན་པའི་དཔེའི་ཆོས་ཅན་ཡང་མི་འགྲུབ་པ་ཉིད་དོ།། གལ་ཏེ་སྒྲུབ་པ་དང་སྒྲུབ་པའི། ཐ་སྙད་འདི་ལྟ་བུ་འདི་གཞན་དག་ཀྱང་ཁས་ལེན་ན་ནི་དེ་ལྟ་ན་མཁས་པ་བརྒལ་བའི་གྲགས་པ་འདི་ཅི་དགོས་ཏེ། འདི ་ལྟར་རང་གི་ཕྱོགས་ལ་མི་བལྟ་བར་གཞན་གྱི་ཕྱོགས་ཀྱི་ཉེས་པ་འདི་ཉིད་བརྗོད་དུ་ཟད་དོ།། ཁོ་བོ་ཡང་མིག་ལ་སོགས་པའི་ཤེས་པ་ལ་སྲུང་བའི་ངང་ཅན་གྱི་དངོས་པོ་ནི་མི་སེལ་གྱི། ཤེས་རབ་དང་ཡེ་ཤེས་ཀྱིས་དཔྱད་ན་ཆུ་ཤིང ་གི་སྡོང་པོ་བཞིན་དུ་སྙིང་པོ་བག་ཙམ་ཡང་མི་སྣང་བས་དོན་དམ་པར་མི་འདོད་དོ།། དེ་ལྟ་བས་ན་སྣང་བའི་དོན་མ་བཀག་པ་ཉིད་ཀྱིས་མངོན་པར་ཞེན་པ་མེད་པའི་སྒྲུབ་པ་དང་། སྒྲུབ་པའི་ཐ་སྙད་འཇུག་པས་ཆོས་ཐམས་ཅད་རིང་བཞིན ་མེད་པར་སྨྲ་བ་ལ། གནོད་པ་ཅི་ཡང་མེད་དོ།། ཇི་སྐད་དུ། འཛིན་པ་སྟག་ལ་མི་རྟེན་ན།། ཐ་སྙིང་རབ་ཏུ་འགྲུབ་འགྱུར་ལ།། ཐ་སྙད་རྣམས་ལ་མཁས་གྱུར་ན།། བསྟན་བཅོ་ས་དོན་ལ་རྨོངས་པ་མེད། ཨ་ཅེས་གསུངས་པ་ལྟ་བུའོ།། དོན ་དམ་པའི་ཚུལ་ལ་སྡང་བས་དབང་སྒྱུར་བ་གང་དག་འདི་ལྟ་སྟེ། ཆོས་ཐམས་ཅད་རང་བཞིན་མེད་པར་ལྟ་བ་ཉིད་ནི་མྱེད་པ་ཉིད་དུ་ལྟ་བར་སྤྱི་བོ་ནས་དབང་བ་སྐུར་བ་ཡིན་ནོ་ཞེས་སྨྲ་བ་དང་། དེ་ལྟས་རྒྱུ་དང་འབྲས་བུ་སྐུར་འདེབས་པ།། ་ལྕོག་ལྟས་དཀར་ཕྱེ་ག་དྲུངས་འབྱི་ཙོན་དམ་ཆོས་ཀྱི།། ལོ་ཏོག་སེར་བ་ན་མཁའ་མེ་ཏོག་འདི། ལེགས་འདོད་རྣམས་ཀྱིས་རྒྱང་རིང་སྤང་བར་བྱ། ཞེས་སྨྲ་བ་དེ་དག་གི་ཕྱིར་འདི་བརྗོད་དེ། དེ་ཅིར་ཐོག་མེད་སྲིད་རྒྱུད་ནུས ་དངོས་དང་དངོས་མེད་རྟོག་སོགས་ཀྱི།། རིགས་མཐུན་ས་བོན་ཡོད་པར་ནི།། རྗེས་སུ་དཔག་པར་བྱ་བ་ཡིན།། འདི་ནི་དངོས་པོའི་མཐུ་སྟོབས་ཀྱི།། འབྱུང་བ་མ་ཡིན་དེ་མེད་ཕྱིར།། དངོས་པོ་རྣམས་ཀྱི་བདག་ཉིད་དེ། རྒྱ་ཆེར ་རབ་ཏུ་བཀག་པ་ཡིན།། རིམ་གྱིས་འབྱུང་ཕྱིར་བློ་བུར་མིན།། རྟག་འབྱུང་མ་ཡིན་རྟག་པ་མིན།། དེ་བས་གོམས་འདྲ་དེ་ཉིད་ཕྱིར།། དང་པོ་རང་གི་རིགས་ལས་སྐྱེས།། འདི་ལྟར་དོན་དམ་པར་ན་དངོས་པོ ་འདི་དག་ཐམས་ཅད་ནི་སྤྲོས་པ་ཐམས་ཅད་དང་བྲལ་བ་ཡིན་ན་དེ་ལྟ་བུ་དེ་དག་ལ་བློ་དཀར་པོ་མ་ཡིན་པ་རྣམས་ཀྱི་དངོས་པོ་དང་། དངོས་པོ་མེད་པ་ལ་སོགས་པར་རྣམ་པར་རྟོག་པ་དག་འ་བྱུང་སྟེ། དེ་དག་ཀྱང་ཐོག་མ་མེད་པའི ་ལས་དང་། སྲིད་པ་ལ་སོགས་པའི་རྒྱུན་ནས་རིགས་འཐུན་པའི་ས་བོན་ན་རྒྱུ་གཞན་མེད་དོ།། དེ་དག་ནི་དམིགས་པའི་སྟོབས་ཀྱིས་འབྱུང་བ་ཡང་མ་ཡིན་ཏེ། དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི་བདག་ཉིད་ཀྱི་དངོས ་པོ་རྣམས་རྒྱ་ཆེར་བཀག་པའི་ཕྱིར་རོ།། དེ་ལ་གལ་ཏེ་རང་གི་རིགས་འཐུན་པའི་ས་བོན་གྱི་རྒྱ་མེད་དུ་ཟིན་ན། དེ་ལས་ལྷག་མ་གཞན་ཅི་ཞིག་ཡོད། འོ་ན་སྐྱེ་བའི་རྒྱུ་མེད་པའམ། རྒྱུ་རྟག་པ་སྐྱེས་པའམ། བདག་ཉིད་རྟག་པ ་དེ་ཡོད་དེ། ཇི་ལྟར་གློ་བུར་འབྱུང་བར་སྨྲ་བ་དང་། ང་ཕྱུག་ལ་སོགས་པའི་རྒྱུ་ལ་འཚལ་བ་དང་། ཤེས་པ་ཡོད་པ་རྟག་ཅེས་ཁས་ལེན་པ་ལྟ་བུའོ།། ཞེ་ན། དེ་ལྟ་ཡང་མ་ཡིན་ཏེ། དེ་དག་རིམ་གྱིས་འབྱུང ་བའི་ཕྱིར་རོ།། དེ་རྒྱུ་ལ་མི་བལྟོས་པ་དང་རྟག་ཏུ་ཉེ་བར་གནས་པའི་རྒྱུ་དང་། རང་བཞིན་རྣམས་ནི་རིམ་གྱིས་འབྱུང་བ་དང་འགལ་ལོ།། དེ་བས་ན་དངོས་པོ་ལ་སོགས་པར་རྣམ་པར་རྟོག་པའི་ཕྱིར་ཚེ་འདི་ལ་དང་པོ ་བྱུང་བ་དག་ཀྱང་འདྲ་བ་ལ་གོམས་པའི་བག་ཆགས་ལས་སྐྱེ་བར་རྗེས་སུ་དཔག་སྟེ། སྐྱེས་པ་རྣམས་གོང་ནས་གོང་དུ་ཆུང་ངུ་དང་འབྲིང་དང་ཆེན་པོ་ལ་སོགས་པའི་བྱེ་བྲག་གི་ཐ་དད་པ་གོམས་པའི་སྟོབས་ལས་བྱུང་བ་དངོས་པོ་ལ་སོགས ་པ་རྣམ་པར་རྟོག་པ་བཞིན་ནོ།། དེའི་ཕྱིར་ཐོག་མ་མེད་པའི་སྲིད་པ་གཞན་གྲུབ་པོ།། འདིས་ནི་མ་འོངས་པའི་སྲིད་པ་རྗེས་སུ་དཔག་པ་ཡང་བཤད་ཟིན་ཏེ། འདི་ལྟར་འདོད་ཆགས་དང་མ་བྲལ་བའི་འཆི་བའི་སེམས་ནི་བདག་དང་བདག་གི་ལ་ཆག ་འིཕྱིན་ཅི་ལོག་གི་བག་ཆགས་དང་འབྲེལ་བའི་ཕྱིར་སེམས་གཞན་གྱི་མཚམས་སྦྱོར་ནུས་ཏེ། དེ་སྔོན་གྱི་སེམས་སྐྱེས་པ་དང་འདྲ་བས་སྒྲུབ་པ་གསལ་ལོ།། དེ་ཕྱིར་རྟག་ཆད་ལྟ་བ་རྣམས།། གཞུང་འདི་ལ་ནི་རིང་དུ་གནས།། ལྡོག་དང་རྗེས་སུ ་འཇུག་པ་ཡང་།། ས་བོན་མྱུ་གུ་ལྕུག་སོགས་བཞིན།། དོན་དམ་པར་རྟག་པ་དང་ཆད་པ་དག་གི་སྐབས་མེད་པ་ཉིད་དེ། དེ་ཉིད་ནི་དངོས་པོ་ལ་བརྟེན་པ་ཡིན་པས་དངོས་པོ་མེད་ན་དེ་དག་ལྟ་ག་ལ་ཡོད། ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་ནི་སྔ་མ ་སྔ་མའི་སྐད་ཅིག་ལོག་ན་སྐད་ཅིག་གཞན་དང་གཞན་འབྱུང་བས་དངོས་པོ་རྣམས་ལ་ཐོག་མ་དང་ཐ་མ་མེད་དེ། ཕྱི་རོལ་པ་དག་འདོད་པ་དང་འདྲ་བས་དེ་གཉིས་ཤིན་ཏུ་ཡོད་པར་མི་འགྱུར་རོ།། འདིར་གསུངས་པ། ཡོད་ན་དངོས་པོ་རྟག་འགྱུར་ལ།། ་མེད་ན་ངེས་པར་ཆད་འགྱུར་ཏེ།། དངོས་ཡོད་གཉི་གར་འགྱུར་བས་ན།། དེ་ཕྱིར་དངོས་པོ་ཁས་མི་བླང་།། གང་ཕྱིར་དངོས་པོར་རབ་འབྱུང་བ།། དེ་ཕྱིར་ཆད་པར་འགྱུར་མ་ཡིན།། གང་ཕྱིར་དངོས་པོ་ལྡོག་འགྱུར་བ།། དེ་ཕྱིར་རྟག་པར་འགྱུར་མ་ཡིན།། ་གང་དག་བྱང་ཆུབ་བརྟེན་པའི་ཕྱིར།། དོན་དུ་མེད་པར་ཁས་མི་འཆེ།། མི་སེམས་སྤྱོད་པར་མི་བྱེད་པ།། དེ་དག་ཇི་ལྟར་མེད་པར་འདོད། ཅེའོ།། དཀོན་མཆོག་སྤྲིན་ལས་ཀྱང་། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ལ ་མཁས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་བསླབ་པ་ཐམས་ཅད་ལ་ཡང་སློབ་ལ། སློབ་པ་ཡང་མི་དམིགས། བསླབ་པའི་ལམ་ལ་ཡང་མི་དམིགས་གང་སློབ་པ་དེ་ཡང་མི་དམིགས་ཏེ། རྒྱུ་དེ་དང་རྐྱེན་དེ་དང་གཞི་དེས་ཆད་པར་ལྟ་བར་མི་འགྱུར ་ཞེས་གསུངས་སོ།། ཡང་དེ་ཉིད་ལས། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ཡང་དག་པའི་ཤེས་རབ་ཀྱིས་གཟུགས་ལ་རྟོག། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་རྣམ་པར་རྟོག་སྟེ། དེ་གཟུགས་ལ་རྟོག་པ ་ན་གཟུགས་ཀྱི་སྐྱེ་བ་མི་དམིགས་སོ།། ཀུན་འབྱུང་བ་མི་དམིགས་སོ།། འགོག་པ་མི་དམིགས་སོ།། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་སྐྱེ་བ་མི་དམིགས། ཀུན་འབྱུང་བ་མི་དམིགས། འགག་པ་མི་དམྱིགས་སོ།། དེ་ཡང ་དོན་དམ་པར་སྐྱེ་བ་མེད་པར་དཔྱོད་པའི་ཤེས་རབ་ཀྱིས་ཡིན་གྱི། ཐ་སྙད་ཀྱི་རང་བཞིན་དུ་ནི་མ་ཡིན་ནོ་ཞེས་ཡོངས་སུ་བསྟན་པ་ཡོན་ནོ།། རྣམ་པར་གྲོལ་བ་ཡང་གཞུང་འདི་ལ་སླ་བ་ཉིད་དེ། འདི་ལྟར། ཆོས་ལ་བདག་མེད་མཁ་པ་ནི།། རང་བཞིན་མེད ་ལ་གོམས་བྱས་པས། ཕྱིན་ཅི་ལོག་ལས་བྱུང་བ་ཡི།། ཉོན་མོངས་སྒྲིམ་པ་མེད་པར་སྤོང་།། ཟླ་བའི་སྒྲོན་མའི་ཏིང་ངེ་འཛིན་ལས་ཇི་སྐད་དུ། དེས་གང་ཆགས་པ་དང་། གང་ལ་ཆགས་པ་དང་། གང་གི་ཆགས་པའི་ཆོས་དེ་ཡང་དག་པར་རྗེས་སུ ་མ་མཐོང་ངོ་ཞེས་རྒྱ་ཆེར་གསུངས་སོ།། འདིར་ཡང་གསུངས་པ། དངོས་པོར་ཁས་ལེན་ཡོད་ན་ནི།། འདོད་ཆགས་ཞེ་སྡང་མི་ཟད་འབྱུང་།། ལྟ་བ་མ་རུངས་ཡོངས་སུ་འཛིན།། དེ་ལས་བྱུང་བའི་རྩོད་པར་འགྱུར།། དེ་ནི་ལྟ་བ་ཀུན་གྱི་རྒྱུ།། དེ་མེད ་ཉོན་མོངས་མི་འབྱུང་སྟེ།། དེ་བས་དེ་ནི་ཡོངས་ཤེས་ན།། ལྷ་དང་ཉོན་མོངས་ཡོངས་སུ་འབྱུང་།། གང་གིས་དེ་ཤེས་འགྱུར་ཞེ་ན།། རྟེན་ཅིང་འབྱུང་བ་མཐོང་བས་ཏེ།། བརྟེན་ནས་སྐྱེས་པ་མ་སྐྱེས་ཞེས།། ཡང་དག་མཁྱེན་པོ་མ་པོ་ཚིག་གིས ་གསུངས་ཤེའོ།། གཞན་ཡང་རང་བཞིན་མེད་པའི་ཚུལ་ལ་གང་མི་འཐད་དོ་ཞེས་རྒོལ་བའི་ཉོན་མོངས་པ་དང་། ལུས་དང་། སྐྱེ་བའི་ཀུན་ནས་ཉོན་མོངས་པ་ནི་གང་ཡིན། རྣམ་པར་བྱང་བ་ནི་གང་ཡིན། ལས་དང་འབྲས་བུར་འབྲེལ་པ་དང་། རྗེས་སུ ་དཔག་པ་དང་རྗེས་སུ་དཔག་པར་བྱ་བའི་ཐ་སྙད་ལ་སོགས་པ་ནི་གང་ཡིན། མ་རིག་པ་དང་འདུ་བྱེད་ལ་སོགས་པ་སྲིད་པའི་ཡན་ལག་རྣམས་ཀྱི་རྒྱུ་དང་འབྲས་བུའི་དངོས་པོ་དང་། གཉེན་པོ་གྲོམས་པར་བྱས་པ་ཤིན་ཏུ་ཉམས་སུ་ལེན་པས་ཉོན ་མོངས་པ་དང་མི་མཐུན་པའི་གནས་འབྱུང་བ་དང་། དགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་པོར་སྨིན་པ་སྡུག་པ་དང་མི་སྡུག་པ་འབྱུང་བ་དང་། ནི། དངོས་གང་ཡང་ངག་ཇི་བཞིན་པ།། དེ་ནི་དེ་འདྲའི་རྟག་སེམས་ཀྱི།། རྒྱུ་ཡིན་དེ་ལས་དེ་ལྟའི ་དངོས་དེ་བས་དེས་བསྐྱེད་རྟགས་ཅན་བློ་ཞེས་བྱ་བ་དེ་ལྟ་བུ་ནི་བསྐྱེད་པར་བྱ་བ་དང་སྐྱེད་པའི་དངོས་པོ་མ་ཡིན་ནེ་མ་གལ་ཏེ་དེ་ལྟ་ན་ཡང་པོམ་བུ་ཅིག་ཅར་ཀླན་ཀ་ངན་པ་ཐམས་ཅད་ཀྱི་ལན་གདབ་པ་འདི་ངེས་པར་ཟུང་ཞིག། རྒྱུ་དང ་འབྲས་བུའི་དངོས་པོ་ནི།། ཀུན་རྫོབ་ཏུ་ནི་མ་བཟློག་པས།། ཀུན་ནས་ཉོན་མོངས་རྣམ་བྱུང་སོགས།། རྣམ་པར་གཞག་པ་འཁྲུགས་པ་མེད།། གལ་ཏེ་རྣམ་པར་བཞག་པ་འདི་དོན་དམ་པར་ཁས་ལེན་ཅིང་རབ ་ཏུ་འབད་ན་དེའི་ཚེ་རྡུལ་ཕྲ་མོ་ལ་སོགས་པ་ནུས་རྣམ་པར་ཤེས་པ་ལ་ཐུག་པའི་བར་དག་གཅིག་པའམ་དུ་མའི་རང་བཞོན་དུ་སྒྲུབས་ཤིག། སྦྱོར་བ་སྔར་བརྗིད་པ་རྣམས་ཀྱི་ལན་ཡང་ཐོབ་ཅིག། འདི་ལྟར་འདི་མ་ལུས་པར་བདེན་ཞིང་རྫུན ་པ་མ་ཡིན་ཏེ། མི་སླུ་བའི་ཆོས་ཅན་ནོ་ཞེས་ངེས་པར་ཁས་ལེན་ཏོ།། འདི་སྐད་ཅེས་ཀྱང་གསུངས་ཏེ། རྣམ་པར་དབེན་དོན་མི་ཤེས་ལ།། ཐོས་པ་ཙམ་ལ་འཇུ་བྱེད་ཅིང་།། གང་དག་བསོད་ནམས་མི་བྱེད་ཅིང་།། སྐྱེས་བུ་ཐ་ཤལ་དེ ་དག་བརླག། ལས་ཀྱི་འབྲས་བུ་ཡོད་པ་དང་།། འགྲོ་བ་དག་ཀྱང་ཤིན་ཏུ་བརྗོད།། དེ་ཡི་རང་བཞིན་ཡོངས་ཤེས་དང་།། སྐྱེ་བ་མེད་པ་དག་ཀྱང་བསྟན།། འཇིག་རྟེན་དབང་དུ་རྒྱལ་བ་རྣམས།། ང་དང་ང་ཡི་ཞེས་གསུངས་ལྟར།། ། ཕུང་པོ་ཁམས ་དང་སྐྱེ་མཆེད་རྣམས་དེ་བཞིན་དགོངས་པའི་དབང་གིས་གསུངས་ཤེའོ།། ཡང་དམིགས་པ་ཅན་གང་དག་ན་རེ་ལྟ་བ་འདི་ལ་ནི་བསྟོད་ནམས་དྲང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་བཀང་བ་འཐད་པར་ཇི་ལྟར་འགྱུར་མ་ཡིན་ནམ། གལཱ་ཏེ་འཁོར ་གསུམ་ཡོངས་སུ་དག་པར་འགྱུར་རོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ། འདི་ལྟར་མཆོད་པ་དང་ཕན་གདགས་པར་འདོད་པས་གང་བྱིན་པ་དེས་ནི་དད་པ་ཤིན་ཏུ་སྐྱེད་ཀྱི་གང་གིས་སྦྱིན་པར་བྱ་བ་དང་། སྦྱིན་པ་པོ་དང་། ལེན་པ་པོ་མི་དམིགས ་པ་ལ་གནས་པས་ནི་མ་ཡིན་ནོ།། འདི་ལྟར་ཅི་ཡང་མེད་པའི་ཕྱིར་སྦྱིན་པར་བྱ་བ་ལ་སོགས་མི་དམིགས་སམ། འོན་ཏེ་ཡུལ་མ་ཡིན་པའི་ཕྱིར་མི་དམིགས། ཕྱོགས་དང་པོ་ལ་ནི་གང་གིས་ཅི་ལ་ཡང་བྱིན་པ་མེད་པས་བསོད་ནམས་མེད་པར ་འགྱུར་རོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་གྱི་དོན་གྱི་ཕྱིར་ངལ་པ་གང་ཡིན་པ་དེ་ཡང་སེམས་ཅན་རྣམས་མེད་པའི་ཕྱིར་དོན་མེད་པར་འགྱུར་རོ།། སྦྱིན་པར་བྱ་བ་དང་སྦྱིན་པ་པོ་དང་ལེན་པ་པོ་རྣམས་ནི་དེ་བཞིན་གཤེགས་པ ་རྣམས་ཀྱིས་གཟིགས་ཏེ། དེ་བས་ན་ཡུལ་མ་ཡིན་པའི་ཕྱིར་མི་དམིགས་སོ་ཞེས་བྱ་བ་ཡང་མི་འགྲུབ་པོ།། གཞན་སྦྱིན་པར་བྱ་བ་བུ་ལ་སོགས་པ་དང་། ལེན་པ་བོ་དང་སྦྱིན་པ་པོ་རང་གི་སེམས་དང་སེམས་ལས་བྱུང་བ་དེ་དག་རང་གིས། ་རིག་པར་བྱེད་ན་དེ་ཇི་ལྟར་ཡུལ་མ་ཡིན་ཡང་སྨྲས་པ། སྦྱིན་པ་གང་ཞིག་ཕན་གདགས་དང་།། མཆོད་པའི་ཕྱིར་ཡང་སྦྱིན་བྱེད་པ།། དེ་ནི་ཤིན་ཏུ་དད་པར་བྱེད།། མཐོང་མེད་གནས་པས་མ་ཡིན་ནོ།། མེད་པའི་ཕྱིར་ནི་མི་དམིགས་སམ། ་བོན་ཏེ་ཡུལ་མིན་ཕྱིར་རམ་ཅི།། མེད་ན་བསོད་ནམས་འཇོག་པར་འགྱུར།། དལ་བའི་དོན་ཡང་མེད་པར་འགྱུར།། གསུམ་ཆེར་རྒྱལ་བས་གཟིགས་པས་ནཱ། ངོ་བས་ཡུལ་མིན་མ་ཡིན་ནོ།། རང་གི་སེམས་དང་སེམས་བྱུང་གང་།། དེ་དག་རང་གི ་རིགས་པར་བྱེད་ཅེས་རྒོལ་བ་དེ་ལ་སོགས་པ་ཐམས་ཅད་ཀྱང་། དེ་ཁོ་ན་མཐོང་བ་ལྟར་མངོན་པར་ཤེས་པ་མ་ཡིན་པས་བརྒལ་བར་བསྟན་པ། འདི་ལྟར་རྒྱུ་དང་འབྲས་བུ་ཡི།། ཆོས་འདི་རྣམ་པར་བཞག་པས་ན།། ཚོགས་རྣམས ་དྲི་མ་མེད་པ་ཡང་།། གཞུང་འདི་ཉིད་ལ་རུང་བ་ཡིན།། རྣམ་པར་དག་པའི་རྒྱུ་ལས་ནི།། འབྲས་བུ་རྣམ་པར་དག་པ་འབྱུང་།། ཡང་དག་ལྟས་བྱུང་ཚུལ་ཁྲིམས་ཀྱིས།། ཡན་ལག་ལ་སྩོགས ་རྣམ་དག་བཞིན།། དེ་བཞིན་རྣམས་མ་ཡིན་ལས།། འབྲས་བུ་རྣམ་དག་མ་ཡིན་འགྱུ་ལོག་ལྟའི་སྟོབས་ལས་བྱུང་བ་ཡི།། ལོག་པར་གཡེམས་ལ་སོགས་པ་བཞིན།། འབྲས་བུ་ཐམས་ཅད་ནི་རྒྱུའི་རྗེས་སུ་འགྲོ་བ་དང་། ལྡོག་པ་དང ་མཐུན་པར་བྱེད་པས་དེ་རྣམ་པར་དག་པ་དང་། རྣམ་པར་མ་དག་པ་གཉིས་ཀྱིས་རྣམ་པར་དག་པ་དང་མ་དྲག་པར་འགྱུར་ཏེ། དཔེར་ན། ལེགས་པར་སྤྱད་པ་དང་ཉེས་པར་དཔྱད་པའི་ལས་རྣམས་ཀྱི་ས་འབྲས་བུ་རྣམ་པར་སྨིན་པ་ཡོད ་པ་དང་མེད་ཅེས་ཟེར་བ་ལྟ་བུ་སྟེ། ཡང་དག་པ་དང་ལོག་པར་ལྟ་བས་མངོན་དུ་དྲངས་པའི་ཚུལ་ཁྲིམས་ཀྱི་ཡན་ལག་དང་། བག་ཡོད་པའི་ཡན་ལ་གྲོ་ལ་སོགས་པ་དང་། འདོད་པ་ལ་ལོག་པར་གཡེམ་པ་ལ་སོགས་པ་བཞིན་ནོ།། ་འདིས་ཅི་ཞིག་འགྲུབ་ཅེ་ན། བསྟན་པ། ཚད་མོའི་གནོད་པ་ཡོད་པས་ན།། དངོས་པོར་དམིགས་པ་ཡོད་པ་ནི།། སྨིག་རྒྱུ་ལ་སོགས་ཤེས་པ་བཞིན།། ཕྱིན་ཅི་ལོག་པར་ཡོངས་སུ་རྟོགས།། ཡང་དག་པར་ན་དངོས་པོ་ཐམས་ཅད ་ནི་གཅིག་དང་དུ་མའི་རང་བཞིན་དུ་མི་འཐད་པས་ཡོད་པ་ལ་གནོད་པའི་ཚད་མ་ནི་སྔར་བཤད་ཟིན་ཏོ།། རིག་པར་བྱ་བ་དང་རིག་པར་བྱེད་པའི་མཚན་ཉིད་དང་ཡུལ་ཉིད་ལ་གནོད་པའི་ཚད་མ་ཡང་སྔར་བཤད་ཟིན་ཏོ།། ་དེ་ལྟ་བས་ན་འདི་ཡང་དག་པར་ཡོད་དོ་ཞེས་མངོན་པར་ཞེན་ཏེ། སྦྱིན་པར་བྱ་བ་ལ་སོགས་པ་དངོས་པོ་ཐམས་ཅད་ལ་དམིགས་པ་ནི་ཚད་མིའི་གནོད་པ་ཡོད་པའི་ཕྱིར་ཕྱིན་ཅི་ལོག་ཡིན་ཏེ། སྨིག་རྒྱུའི་ཚོགས་ལ་ཆུར་ཤེས་བཞིན་ནོ།། ་གང་གི་ཕྱིར་དེ་ལྟར་གྱུར་པ། དེ་ཕྱིར་དེ་མཐུ་བྱུང་བ་ཡི།། ཕ་རོལ་ཕྱིན་པ་སྒྲུབ་པ་ཀུན།། བདག་དང་བདག་གིར་ལོག་པ་ལས།། བྱུང་བ་བཞིན་དུ་སྟོབས་ཆུང་ངོ་།། ཇི་ལྟར་ཕྱི་དང་ནང་གི་མུ་སྟེགས་ཅན་རྣམས་ཀྱི་སྦྱིན་པ་དང་། ཚུལ་ཁྲིམས ་ལ་སོགས་པ་ནནི་ཏན་བྱེད་པ། འཇིག་ཚོགས་ལ་ལྟ་བ་ལས་བྱུང་བ་ནི་དེ་མ་ཐག་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡན་ལག་ཏུ་མི་འགྱུར་ཏེ། སྟོབས་ཆུང་བ་དེ་བཞིན་དུ་དམིགས་པ་ཅན་རྣམས་ཀྱི་ཡང་སྟོབས་ཆུང་སྟེ། ་ཕྱིན་ཅི་ལོག་ལས་བྱུང་བར་བྱེ་བྲག་མེད་པའི་ཕྱིར་རོ།། དངོས་པོར་དམིགས་པ་མེད་པ་ལས།། བྱུང་བ་འབྲས་བུ་ཆེན་པོ་སྟེ།། རྒྱས་པའི་རྒྱུ་ལས་བྱུང་བའི་ཕྱིར།། ས་བོན་གྲུང་པོའི་མྱུག་སོགས་བཞིན།། ཡོད་པ་དང་རིག་པར་བྱ་བ་མི་འཐུང་བའི ་ཕྱིར། ཡང་དག་པར་ན་རིག་པར་བྱ་བ་ལ་སོགས་པ་མི་དམིགས་སོ།། རྒྱས་པའི་རྒྱུ་ནི་ཕྱིན་ཅི་མ་ལོག་པའི་ཕྱིར་ཏེ། གང་ཟག་ལ་བདགེ་མེང་པར་ལྟ་བ་བཞིན་ནོ།། དེ་ལས་བྱུང་བ་སྦྱིན་པ་ལ་སོགས་པ་ནི་སྟོབས་དང་ལྡན་པོའི་རྒྱུས་སྔོན་དུ ་དྲངས་པའི་ཕྱིར། འབྲས་བུ་ཤིན་ཏུ་རྒྱ་ཆེ་བ་མངོན་པར་སྒྲུབ་ནུས་པར་འགྱུར་ཏེ། ས་བོན་གླང་པོ་ལས་བྱུང་བའི་མྱུ་གུ་ལ་སོགས་པ་བཞིན་ནོ།། འདི་ནི་ཆོས་ཡང་དག་པར་བསྡུས་པ་ལས་གསུངས་ཏེ། ཆོས་ཐམས་ཅད་ནི་དམིགས་པ ་མེད་པ་སྟེ། དེ་ལ་རྣམ་པར་ཤེས་པ་མི་འཇུག་གོ་ཞེའོ།། ཡང་དེ་ཉིད་ལྔས། བཅོམ་ལྡན་འདས་ཆོས་ཐམས་ཅད་མི་མཐོང་བ་ནི་ཡང་དག་པར་མཐོང་བའོ་ཞེས་གསུངས་སོ།། རྒྱལ་བ་བསྐྱེད་མ་ལས་ཀྱང་། རབ ་འབྱོར་འདི་ཇི་སྙམ་དུ་སེམས། ཤར་ཕྱོགས་ཀྱི་ན་མཁའི་ཚད་བཟུང་བར་སླའམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་བྱ་བ་ནས། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་གང་མི་གནས་པར ་སྦྱིན་པ་ཡོངས་སུ་གཏོང་བ་དེའི་བསོད་ནམས་ཀྱི་ཕུང་པོ་ཡང་ཚད་གཟུང་བར་བླ་བ་མ་ཡིན་ནོ་ཞེས་བྱ་བའི་བར་དུ་གསུངས་སོ།། ཡང་དེ་ཉིད་ལས། རབ་འབྱོར་འདི་ལྟ་སྟེ། དཔེར་ན་མིག་དྲང་ལྗོན་པོའི་མི་ཞིག་མུན་པར་ཞུགས་ནས། ་ཙ་ཡང་མི་མཐོང་བ་དེ་བཞིན་དུ་གང་དངོས་པོར་ལྷུང་བས་སྦྱིན་པ་ཡོངས་སུ་གཏོང་བའི་བྱང་ཆུབ་སེམས་དཔའ་ལྟའོ།། རབ་འབྱོར་འདི་ལྟ་སྟེ། དཔེར་ནོ།། ནམ་ལངས་ཉི་མ་ཤར་ནས་མིག་དང་ལྡན་པའི་མིས་གཟུགས་རྣམ་པ ་སྣ་ཚོ་གདག་མཐོང་བ་དེ་བཞིན་དུ་གང་དངོས་པོ་རཱི་མ་ལྷུང་བས་སྦྱིན་པ་ཡོངས་སུ་གཏོང་བའི་བྱང་ཆུབ་སེམས་དཔའ་ལྟའོ་ཞེས་གསུངས་སོ།། མཆོད་པ་དང་། ཕན་འདོགས་པར་འདོད་པས་གང་སྦྱིན་པ་དེ་འཁོར་གསུམ་དག ་པར་བྱིན་ན་དེ་ཉིད་བློ་གྲོས་དང་ལྡན་པ་རྣམས་ལ་ཤིན་ཏུ་དང་པའི་གནས་སུ་འགྱུར་ཏེ། འདི་ལྟར་དམིགས་པ་མེད་པ་འདི་ནི་ཕྱིན་ཅི་ལོག་པ་སྟེ། དེ་འདི་གཏི་མུག་མེད་པའི་དགེ་བའི་རྩ་བའོ།། བསོད་ནམས་དང་འཇིག་པ ་དང་ངལ་བྱ་དོན་མེད་པར་ཐལ་བར་ཡང་མི་འགྱུར་བ་ནི་རྒྱུ་དང་འབྲས་བུའི་དངོས་པོ་ནི། ཀུན་རྫོབ་ཏུ་ན་མཱ་བཟློག་པས་ཞེས་པས་བསྟན་ཟིན་ཏོ།། གསུམ་ཆར་ཡང་གཟིགས་ཞེས་བྱ་བ་ཡང་ཀུན་རྫོབ་པ་ཉིད་དོ།། རང་གི་རིག་པ ་ཡང་ཀུན་རྫོབ་ཀྱི་བདེན་པར་གཏོགས་པ་ཉིད་དེ་གཅིག་དང་དུ་མའི་རང་བཞིན་དུ་རྟག་མི་བཟོད་པའི་ཕྱིར་རོ་ཞེས་བྱ་བས་གཏན་ལ་ཕབ་ཟིན་ཏོ།། དེའི་ཕྱིར་འཆོས་ཟིན་པ་མི་འཆའོ།། གང་དག་གིས་རྒྱུ་དང་འབྲས་བུའི་དངོས་པོར ་དམ་བཅས་པས་རྒོལ་བ་ངན་པ་ཐམས་ཅད་ཀྱི་ལན་བཏབ་པར་འདོད་པའི་ཀུན་རྫོབ་ཀྱི་དངོས་པོ་དེ་དག་གང་ཡིན་པ་དེ་དཔྱད་པར་བྱའོ།། ཅི་སེམས་དང་སེམས་ལས་བྱུང་བ་ཙམ་གྱི་བདག་ཉིད་ཁོ་ནའམ། ཅིའི་ཕྱིར་བདག་ཉིད་ཀྱང ་ཡིན་ཞེ་ན། དེ་ལ་ཁ་ཅིག་ནི་ཕྱོགས་ཕྱི་མ་ལ་བརྟེན་ཏེ་བསྟན་བཅོས་ལས་སེམས་ཙམ་མོ་ཞེས་གསུངས་པ་ནི་བྱེད་པ་པོ་དང་ཟབ་པོ་དགག་པའི་ཕྱིར་རོ་ཞེས་ཇི་སྐད་དུ་སྨྲ་བ་ལྟ་བུའོ།། གཞན་དག་སེམས་དཔའ་ནི། རྒྱུ་དང་འབྲས ་འབྲས་བུར་གྱུར་པ་ཡང་།། ཤེས་པ་འབའ་ཞིག་ཁྲོ་ན་སྟེ།། རང་གིས་གྲུབ་པ་གང་ཡིན་པ།། དེ་ནི་ཤེས་པར་གནས་པ་ཡིན།། རང་གིས་གྲུབ་པའི་ངོ་བོར་ནས་ཤེས་པའི་དྲོ་བོ་གཞན་རྟོག་པ་མེད་དོ།། རང་གི་ས་གྲུབ ་པིའི་རང་བཞིན་ཡང་རྨི་ལམ་དང་སྒྱུ་མ་ལ་སོགས་པའི་གཟུགས་བཞིན་ནོ།། གཟུགས་ལ་སོགས་པ་ཕྱི་རོལ་ཏུ་འདོད་པ་རྣམས་ཤེས་པ་ལས་གུད་ན་ཡོད་པར་གཞུག་ན་ཡང་མིག་ལ་སོགས་པ་བཞིན་དུས་མཉམ་པ་དང ་མི་མཉམ་པའི་ཚེ་རབ་ཏུ་ཉེ་བའི་རྒྱུ་མེད་པས་རིག་པར་མི་འགྲུབ་བོ།། དེ་ལྟ་བས་ན་དེ་དག་མྱོང་བ་ནི་ཐ་དད་པ་མ་ཡིན་པའི་སྔོན་པོ་ལ་སོགས་པའི་རྣམ་པ་མྱོང་བ་སྟེ། མྱོང་བའི་ངོ་བོ་ཡིན་པས་རྨི་ལམ ་དང་སྒྱུ་མ་ལ་སོགས་པའི་མྱོང་བ་བཞིན་ནོ།། གལ་ཏེ་ཤེས་པི་འི་རྣམ་པ་བསྐྱེད་པའི་དོན་གཞན་ཞིག་འབྲས་བུ་ལས་གུད་ན་ཡོད་པར་རྗེས་སུ་དཔོག་ན། དེ་ལྟ་ན་ཡང་མངོན་སུམ་དུ་གྲུབ་པར་མ་གྱུར་གྱི་རྗེས་སུ་དཔག་པར ་ཟད་དོ།། དེ་ལྟ་ན་ཡང་འདི་མེད་པར་གྲུབ་སྟེ། དེ་མ་ཐག་པའི་རྐྱེན་ངེས་པར་ཡོད་པ་དང་། རྡུལ་ཕྲ་མོ་ལ་སོགས་པ་བཀག་པའི་ཕྱིར་རོ།། དེ་ལྟར་བྱས་ན་སྟུག་པོ་བཀོད་པ་དང་། དགོངས་པ་ངེས་པར་འགྲེལ་བ་ལ་སོགས་པ ་ལས་འབྱུང་བ་ཐམས་ཅད་དང་མཐུན་པ་ཡིན་ནོ།། ལང་ཀཱར་གཤེགས་པ་ལས། ཕྱི་རོལ་གཟུགས་ནི་ཡོད་མ་ཡིན།། རང་གི་སེམས་ནི་ཕྱི་རོལ་སྣང་། ཞེས་བསྟན་པ་འདི་ཡང་ལེགས་པར་བཤད་པ་ཡིན་ནོ་སྙམ་དུ ་སེམ་སོ།། བློ་ཡི་མཐུ་མི་ཆུང་བ་དང་ལྷག་པར་མངོན་དུ་བརྩོན་པ་དག་གིས་ཀྱང་སེམས་དེ་ལ་གཅིག་དང་དུ་མའི་རང་བཞིན་དུ་བརྟགས་ན། དོན་དམ་པར་སྙིང་པོ་མཱི་མཐོང་བས། ཡང་དག་པར་འདོད་པ་མ་ཡིན་ནོ།། དེའི་ཕྱིར ་སེམས་ཙམ་ལ་ནི་བརྟེན་ནས་སུ། ཕྱི་རོལ་དངོས་མེད་ཤེས་པར་བྱ།། ཚུལ་འདིར་བརྟེན་ནས་དེ་ལ་ཡང་། ཤིན་ཏུ་བདག་མིང་ཤེས་པར་བྱ།། སེམས་ཙམ་གྱི་ཚུལ་བརྟེན་ནས། མཚུངས་པར་ལྡན་པ་དང་བཅས་པའི ་སེམས་ལས་ཕྱི་རོལ་དུ་འདོད་པ་དག་དང་བདག་གི་དང་། གཟུང་བ་དང་འཛིན་པ་ལ་སོགས་པ་རང་བཞིན་མེད་མེད་པར་ཚེགས་མེད་པ་ཁོ་ནར་རྟོགས་སོ།། ཚུལ་འདི་ནི་རང་འབྱུང་བ་མེད་པས་སེམས་དེ་རང་བཞིན་མེད་པར་རྟོགས ་སུ་ཟིན་ཀྱང་། མཐའ་ཐམས་ཅད་སྤངས་པ་དབུ་མའི་ལམ་འདི་རྟོགས་ན། གཅིག་དང་དུ་མའི་རང་བཞིན་དང་བྲལ་བྱས་རང་བཞིན་མེད་པ་ཤིན་ཏུ་རྟོགས་སོ།། དེའི་འཇིག་རྟེན་ལས་འདས་པའི་ལེའུ་ལས། ཀྱེ་རྒྱལ་བའི་སྲས ་དུག་གཞན་ཡང་ཁམས་གསུམ་པ་ནི་སེམས་ཙམ་དུ་རྟོགས་ཏེ་དུས་གསུམ་ཡུང་སེམས་དང་མཚུངས་པར་རྟོགས་སོ།། སེམས་དེ་ཡང་མཐའ་དང་དབུས་མེད་པར་ཁོང་དུ་ཆུད་དོ་ཞེས་བསྟན་པ་འདི་ལེགས་པར་བཤད་པར་འགྱུར། ་ཏེ། སྐྱེ་བ་དང་འཇིག་པའི་མཐའ་དང་གནས་པའི་མཚན་ཉིད་ཀྱི་དབུས་མེད་པའི་ཕྱིར་མཐའ་དང་དབུས་མེད་པའོ།། ཆོས་ཡང་དག་པར་སྡུད་པ་ལས་ཀྱང་། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་ཀུན་བརྟགས་པའི་སྙིང་པོ་སྟེ། ་སེམས་ཙམ་དུ་བས་པ་རྫས་མ་མཆིས་པར་སྒྱུ་མ་ལྟར་རྩ་བ་མ་མཆིས་པའོ་ཞེས་འབྱུང་ངོ་།། ལང་ཀར་གཤེགས་པ་ལས་ཀྱང་། སེམས་ཙམ་ལ་ནི་བརྟེན་ནས་སུ།། ཕྱི་རོལ་དོན་ལ་མི་རྟོག་གོ།། ཡང་དག་དམྱིགས་པར ་གནས་ནས་སུ།། སེམས་ཙམ་ལས་ཀྱང་ཤི་ན་ཏུ་བཟླ།། སེམས་ཙམ་ལས་ནི་བཟླས་ནས་ཀྱང་།། སྣང་བ་མེད་ལས་ཤིན་ཏུ་བཟླ།། སྣང་མེད་གནས་པའི་རྣལ་འབྱོར་པ།། དེ་ཡིས་ཐེག་པ་ཆེན་པོར་མཐོང་།། འཇུག ་པ་ལྷུན་གྱིས་གྲུབ་ཅིང་ཞི།། སྨོན་ལམ་དག་གིས་རྣམ་པར་སྦྱོངས། ཡེ་ཤེས་དམ་པ་བདག་མྱེད་པ།། སྣང་བ་མེད་ལ་མི་མཐོང་ངོ་ཞེས་གསུངས་སོ།། ཡང་རྒྱུ་དང་རྐྱེན་ནི་རྣམ་ལོག་དང་།། རྒྱུ་ཡང་ངེས ་པར་བཀག་པ་དང་།། སེམས་ཙམ་རྣམ་པར་བཞག་པ་ནི།། སྐྱེ་བ་མེད་པར་ངས་བསྟན་ཏོ།། དངོས་པོ་རྣམས་ཀྱི་ཕྱི་དངོས་མེད།། སེམས་ཀྱང་ཡོངས་སུ་གཟུང་མ་ཡིན།། ལྟ་བ་ཐམས་ཅད་སྤངས་པའི་ཕྱིར་རོ།། སྐྱེ་བ ་མེད་པའི་མཚན་ཉིད་དོ།། ཞེས་གསུངས་སོ།། འདིར་ཡང་གསུངས་པ། འདི་ལ་སྐྱེ་བ་ཅི་ཡང་མེད།། འགག་པར་འགྱུར་བ་ཅི་ཡང་མེད།། སྐྱེ་བ་དང་ནི་འགག་པ་དག། ཤེས་པ་འབའ་ཞིག་ཁོ་ནའོ།། འབྱུང་བ་ཆེ་ལ་སོགས་བཤད ་པ་རྣམ་པར་ཤེས་སུ་ཡང་དག་འདུ།། དྭེ་ཤྭེ་བ་ནཱི་འབྲལ་འགྱུར་ན།། ལོག་པར་རྣམ་བརྟགས་མ་ཡིན་ནམ་ཞིའོ།། ཚུལ་གཉིས་ཤི་ང་རྟ་ཞོན་ནས་སུ།། རིག་པའི་སྲབ་སྒྱོགས་འཇུ་བྱེད་པ།། དེ་དེ་ག་དྭེ་ཕྱིར་ཇི་བཞིན་ནོ།། ་ཐེག་པ་ཆེན་པོ་པ་ཉིད་ཐོབ།། དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པ་ལ་འཇུག་པ་རྣམས་ཚུལ་གཉིས་བརྗོད་པས་བསྡུས་པ། དེ་བཞིན་གཤེགས་པ་རྣམས་གཤེགས་ཤིང་གཤེགས་པའི་ཐེག་པ་ཆེན་པོས ་དངོས་པོ་མཐའ་དག་རང་བཞིན་མེད་པར་ཁོང་དུ་ཆུད་པར་བྱེད་དེ། ཤིང་རྟ་ཆེན་པོ་ལ་ཞོན་པ་དག་ཁ་བསྡམས་པའི་སྲབ་སྒྱོགས་ལེགས་པར་བཟུང་བ་བཞིན་དུ་དོན་དང་ལྡན་པའི་ཐེག་པ་ཆེན་པོ་ཞེས་བྱ་བ་ཡང་དག་པ་ཐོབ་པར་བྱེད ་ལང་ཀར་གཤེགས་པ་ལས། ཚུལ་གཉིས་བསྡུས་པའི་ཐེག་པ་ཆེན་པོ་དེ་མདོར་བསྟན་པ་ནི་འདི་སྙེད་དེ། ཆོས་ལྔ་དག་དང་རང་བཞིན་དང་།། རྣམ་པར་ཤེས་པ་བརྒྱད་ཉིད་དང་། བདག་མེད་གཉིས་ཀྱི་དངོས་པོར་ནི།། ཐེག་པ་ཆེན་པོ་ཐམས་ཅད ་འདུས་ཞེས་འབྱུང་ངོ་།། ཚུལ་རྣམ་པ་འདི་གཉིས་ནི་རྣམ་འདོར་དང་། ཁྱབ་འཇུག་དང་མིག་མི་བཟང་ལ་སོགས་པས་རྣམ་པ་མང་དུ་བཤད་ལ། ཐེག་པ་ཆེན་པོ་འདི་ལ་བྱེ་བྲག་ཏུ་གྱུར་པ་ཅིག་ཡོད་དམ། འདི་ལྟ་སྟེ། བདུད་རྩི་ཐིགས་པ་གསང་བ ་ལས་བསྟན་པ། རྣམ་རིགཙམ་ནི་རྟག་ཏུ་རྣམ་པར་དག། འདི་ལྟར་སངས་རྒྱས་རྟག་ཏུ་གྲོལ་བ་ཡིན།། བླང་དང་དོར་བ་མེད་ཅེས་རབ་བརྟགས་པ།། ཚངས་པ་མྱ་ངན་མེད་པར་བརྟག་གནས་བྱོས་ཞེའོ།། ཞག་ལྔ་པ་ནས་འབྱུང་བ། མིང་ཙམ་ལས་ནི ་རབ་འདས་ཤིང་།། དངོས་དང་དངོས་མིང་རྣམ་སྤངས་པ།། དབྱུང་དང་བསྡུ་ལས་ངེས་གྲོལ་བ།། དེ་ནི་ནོར་ལྷའི་བུ་ཞེས་བྱ།། དངོས་ལ་དངོས་ཉིད་ཡོད་མ་ཡིན།། དངོས་མེད་ལ་ཡང་དངོས་ཉིད་མིན།། དངོས་དང་དངོས་མེད་རྣམ་གྲོལ་བར།། གང་དེ་ཤེས་དེ་རིག ་བྱེད་རིག། ཅེའོ།། ཞི་བའི་མཛེས་སྦྱར་ལས་བྱུང་བ།། བུ་ཊཱིག་ཚངས་པ་མཆོག་ཏུ་བདེན།། རིག་པའི་དབང་ཕྱུག་མུ་མཐའ་ཡས?།། འབའ་ཞིག་ཡོད་པ་ཉིད་སྨྲ་བ།། དེ་ཡང་ཞིག་པར་རབ་ཏུ་བརྗོད་ཅེའོ།། ཕ་དང་བུའི་སྦྱར་བ་ལས་བརྗོད་དོ།། དྲང ་སྲོང་ཆེན་པོ་སེར་སྐྱས་སྨྲས་པ།། ཡོན་ཏན་རྣམས་ཀྱི་རང་བཞིན་མཆོག། མཐོང་བའི་ལམ་དུ་འགྲོ་མ་ཡིན།། མཐོང་བའི་ལམ་དུ་གང་འགྱུར་ཏེ།། སྒྱུ་མ་ལྟ་བུ་ཤུན་དུ་གསོག་ཅེའོ།། དེ་བས་ན་འདི་ལ་དེ་བཞིན་གཤེགས་པའི་སྐྱེས་བུ ་བྱེད་པ་ཐུན་མོང་ཡིན་པ་ཅི་ཡོད། དེ་ནི་དེ་ལྟ་མ་ཡིན་ཏེ།། ཆོས་ཐམས་ཅད་རང་བཞིན་སྟོང་པར་བསྟན་པ་ནི། དེ་བཞིན་གཤེགས་པ་ཉིད་ཀྱི་སེང་གེའི་སྒྲ་མུ་སྟེགས་བྱེད་ཀྱི་གླང་པོ་ཆེ་དང་། རིདགས་ཀྱི ་ཚོགས་སྐྲག་པར་བྱེད་པའོ།། འདི་ལྟར་ཕ་རོལ་མུ་སྟེགས་བྱེད་ལོག་པ་བདག་ལ་སོགས་པ་ལྟ་བ་ལ་མངོན་པར་ཞེན་པ་ཐམས་ཅད་ནི་ཉི་ཚེ་བ་ཁོ་ནའི་སྟོང་པ་ཉིད་བརྗོད་དེ། འདི་ལྟ་སྟེ། གསང་པོ་པའི་རྗེས་སུ་འབྲང་བ་དག་ནི་བདག ་དམ་པ་ནི་གཅིག་པུ་ཁོ་ན་རྣམ་པར་ཤེས་པ་ཙམ་གྱི་རང་བཞིན་ཡིན་ཏེ། ན་མཁའ་ཆེན་པོ་དང་འདྲ་ཞེས་བརྗོད་དེ། དེ་ལ་རྣལ་འབྱོར་ལ་གོམས་པས་གཉུག་མ་དང་གཉུག་མ་མ་ཡིན་པའི་མ་རིག་པ་དང་བྲལ་ནས་བུམ་པ་ལ་སོགས ་པ་ཆག་ན་དེའི་ནམ་མཁའ་ཆེན་པོར་འདུ་བ་བཞིན་དུ་སྲོག་ཀྱང་དེར་འདུན་རབ་ཏུ་སླུ་བ་དག་གིས་དེ་སྲོག་དང་ཡོན་ཏན་དང་། འབྱུང་བ་ཉིད་ལ་སོགས་པ་དངོས་པོ་མཐའ་ཡས་པར་རྣམ་པར་བརྟགས་སོ།། འཇིག་རྟེན་འདི ་ནི་སྒྱུ་མའི་རང་བཞིན་ཏེ་གཉིས་སུ་མེད་ཀྱང་རྨི་ལམ་རྨིས་པ་བཞིན་དུ་སྣ་ཚོགས་ཀྱི་ངོ་བོར་སྣང་ངོ་།། འདིར་སྨྲས་པ། བུམ་པ་ལ་སོགས་ཞིག་པ་ནི།། ཇི་ལྟར་ན་མཁའ་འདུ་འགྱུར་བ།། དེ་བཞིན་སྲོག་ཀྱང་བདགླུ་འདྲིར་འདུ།། ་གཐུགས་དང་འབྲས་བུ་རབ་ཏུ་བརྗོད།། དེ་དང་དེར་ནི་ཐ་དད་ཀྱང་།། ནི་མཁའ་ལ་ནི་ཐ་དད་མེད།། དེ་བཞིན་སྲོག་ཀྱང་ངེས་པ་ཡིན།། ཇི་ལྟར་བྱིས་པ་རྣམས་ལ་ནི།། ནམ་མཁའ་དྲི་མས་དྲི་ཅན་འགྱུར།། དེ་བཞིན་མི་མཁས ་རྣམས་ལ་ཡང་།། བདག་ནི་དྲི་མས་དྲི་ཅནྡ་འགྱུར།། ཇི་ལྟར་མུན་ཁུང་མ་རྟོགས་ཏེ། ཐག་པ་སྦྲུལ་གྱི་རྒྱུན་ལ་སོགས།། དངོས་པོར་རྣམ་པར་བརྟགས་པ་ལྟར།། དེ་བཞིན་བདག་ཀྱང་རྣམ་པར་བརྟགས།། ཇི་ལྟར་ཐག་པ་དེས་རྟོགས་ན ་རྣམ་པར་རྟོག་པ་རྟོག་འགྱུར་ཏེ།། ཐག་པ་གཅིག་ཉིད་གཉིས་མིན་པ།། དེ་ལྟར་བདག་ཀྱང་ངེས་པ་ཡི་ན།། སྲོག་ལ་སོགས་པ་མཐའ་ཡས་པའི།། དངོས་པོ་དེ་དག་རྣམ་པར་བརྟགས།། གང་གིས་དེ་དག་ཉིད་རྨོངས་པ།། དེ་ནི་ལྷ་དེའི ་རྒྱུ་མ་ཡིན།། སྲོག་དུ་རིགས་པས་སྲོག་ཅེས་བརྗོད།། འབྱུང་བ་ཡིན་ཞེས་དེ་རིག་རྣམས།། ཡོན་ཏན་རིགས་རྣམས་ཡོན་ཏན་སྙམ།། ཡང་དག་ཡིན་ཞེས་དེ་རིགས་རྣམས།། གཉིས་མིན་ཡིད་ནི་རྨི་ལམ་ན།། གཉིས་སུ་སྣང་སྟེ་ཐེ་ཚོམ ་མོ་དེ། དེ་བཞིན་གཉིས་ཀྱིས་མ་ལོག་ཚེ།། གཉིས་མིན་གཉིས་སྣད་ཐེ་ཚོམ་མེད།། རྒྱུ་དང་མི་རྒྱུ་གང་ཅིའང་རུང་།། གཉིས་སུ་སྣང་བ་འདི་ཡིད་ཡིན།། ཡིད་ནི་མེད་པར་གྱུར་པ་ན།། གཉིས་སུ་དམྱིགས་པར་མི་འགྱུར་རོ།། བདག ་ནི་བདེན་པ་རྟོགས་གྱུར་པས།། གང་ཚེ་ཀུན་ཏུ་མི་རྟོག་པ།། དེ་ཚེ་ཡིད་ནི་མི་འགྱུར་ཏེ།། གཟུང་བ་མེད་པས་དེ་འཛིན་མེད། ཅིའོ།། བདག་རྟག་པ་ལྟ་བ་གཉིས་སུ་མེད་པར་བརྗོད་པའི་ཚུལ་འདི་ཐམས་ཅད་ཀྱང་སྔར་སྤངས ་ཟིན་ཏོ། གཞན་ཡང་གཅིག་གྲོལ་ན་ཐམས་ཅད་གྲོལ་བར་འགྱུར་རོ།། འོ་ན་ཏེ་མ་གྲོལ་ན་གྲོལ་བར་འདོད་པ་ཡང་མ་གྲོལ་བར་འགྱུར་ཏེ། ཐ་དད་པ་མེད་པའི་ཕྱིར་རོ།། གཞན་དུ་ན་མི་མཐུན་པའི་ཆོས་གནས་པས་ཐ་དད ་པ་ཉིད་དུ་འགྱུར་རོ།། རྣལ་འབྱོར་གོམས་པའི་རྣལ་འབྱོར་པས།། ཅི་ཞིག་བཟློག་ཅིང་ཅི་ཞིག་སྒྲུབ།། དོ་ཡོ་བདག་ཉིད་ཕྱིན་ཅི་ལོག། སྤང་བར་ནུས་པ་མ་ཡིན་ནོ།། ཤེས་པ་ཡང་དག་བསྐྱོད་བྱ་མན ་དེ་ཉིད་རྟག་ཏུ་གནས་ཕྱིར་རོ།། དེ་ཕྱིར་རྣལ་འབྱོར་བསྒོམས་པ་འདི།། འབྲས་བུ་མེད་པར་འགྱུར་བ་ཡིན།། བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ།། དངོས་པོ་རྟག་པ་དང་གཅིག་པུ་དགག་པ་སྔར་བརྗོད་པ་ཉིད་ཀྱིས་བུམ་པ་དང ་ན་མཁའི་དཔེ་ཡང་མ་གྲུབ་བོ།། གཅིག་འདུ་ནི་ཐམས་ཅད་ཀྱང་འདུ་བར་འགྱུར་བ་དང་། འོན་ཏེ་ན་མ་ཡིན་ན་འདོད་པར་ཡང་མི་འགྱུར་ཏེ། ཐ་དད་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་དེར་ཡང་བརྒལ་ཞིང་བརྟག་པ་དང་འཐུན་པ་ཉིད་དོ།། ་དེ་ཁོ་ན་མཐོང་བ་བསྒོམས་པས་བློ་བུར་གྱི་ཉོན་མོངས་པ་དང་བྲལ་བ་ཡང་རང་བཞིན་གྱིས་བོད་གསལ་བའི་སེམས་སྐད་ཅིག་གིས་འཇིག་པའི་ཆོས་ཅན་ལ་འཐད་དོ།། གཞན་དུ་ན་སྔ་ཕྱིའི་གནས་སྐབས་སུ་དྲག་པ་དང་མྱ་དག་པར ་འགྱུར་ཏེ། ཐ་དད་པ་མེད་པའི་ཕྱིར་རོ།། ངེས་པ་དང་མ་ངེས་པ་དང་། འཁྲུལྔ་པ་དང་མ་འཁྲུལ་པ་རྣམ་པར་བཞག་པ་ཐ་དད་པར་བརྗོད་པ་ཡང་སྐད་ཅིག་པ་ལ་བརྟེན་པ་ཉིད་ལ་རིགས་ཏི། སྐྱེས་བུ་རྟག་པ་གཅིག་པུའི་ངོ་བོ་ལ་འཆོལ ་པར་གྱུར་པའི་གནས་སྐབས་འདི་དག་གི་ལན་གདབ་པར་མི་ནུས་པའི་ཕྱིར་རོ།། ཤེས་པའི་སྐྱེས་བུ་རྟག་པ་དང་གཅིག་པུའི་རང་བཞིན་ལ་གཉིས་ཀྱིས་ལོག་པ་དང་། གཉིས་ཀྱི་ས་མ་ལོག་པའི་གནས་སྐབས་འཇོག ་པ་ལ་ཡང་གནས་སྐབས་ཐ་དད་པ་མི་རིགས་པའི་ཕྱིར་རོ།། དེ་བས་ན་རྙོག་བྱེད་མཐའ་ལ་དྲོད་རྣམས་ཀྱིས།། རྨི་ལམ་སྒྱུ་མ་ཅི་འདྲ་དང་།། དྲི་ཟའི་གྲོང་ཁྱེར་ཅི་འདྲ་མཐོང་།། དེ་ལྟར་འཇིག་རྟེན་འདི་དག་མཐོང་།། འགོག ་པ་མེད་ཅིང་སྐྱེ་བ་མེད། བཅིངས་པ་མེད་ཅིང་སྒྲུབ་པོ་མེད།། ཐར་འདོད་མེད་ཅིང་ཐར་པ་མེད།། འདི་ནི་དོན་དམ་ཉིད་ཡིན་ནོ།། ཆགས་དང་འཇིགས་དང་ཁྲོ་བྲལ་བ།། རིག་བྱེད་མཐར་ཕྱིན་ཐུབ་རྣམས་ཀྱིས།། སྤྲོས་པ་ཉེར་ཞི ་གཉིས་མེད་པའི།། རྣམ་པར་མི་རྟོག་འདི་མཐོང་ངོ་།། ཞེས་དེ་དག་གིས་གང་བརྗོད་པ་དེ་ནི་བུ་དྲེ་བར་གཤེགས་པས་གསུངས་པ་སྤྲོས་པའི་ཚོགས་ཐམས་ཅད་ལས་གྲོལ་བ། དོན་དོམ་པའི་བདེན་པ་ལ་བརྟོན་པ་ལ་མཛེས།། ་རྟག་པ་དང་གཅིག་པུའི་བདག་བཀླག་པ་འདིས་ཉེ་དབྱུང་གི་ལུགས་ཀྱང་བསལ་ཟིན་ཏོ།། ཡི་སྲིད་པའི་ལྟ་བ་ཡང་ཁྱབ་པ་དང་། རྟག་པའི་བདག་དང་ནམ་མཁའ་ལ་སོགས་པ་བསལ་བས་བསལ་ཟིན་ཏོ།། ཡེ་སྐྱིད་པ་དེར ་ཡང་རྟག་པ་ཉིད་དང་། ཁྱབ་པ་ཉིད་དང་། བྱེད་པ་པོ་ལ་སོགས་པ་ཡང་དག་པ་ཉིད་དུ་བརྗོད་པའི་ཕྱིར་རོ།། སེར་སྒྲོས་བརྗོད་པ་སྙིང་སྟོབས་དང་། རྡུལ་དང་མུནུ་པ་མཉམ་པའི་གནས་སྐབས་ཀྱི་མཚན་ཉིད་གཙོ་བོ་དམ་པའི ་རང་བཞིན་དུ་བརྗོད་པ་ཡོང་སྔར་སྤྲོས་པའི་ཁྱབ་པ་དང་རྟག་པའི་དངོས་པོ་བསལ་བ་ཉིད་ཀྱིས་པས་ལོ་ཟིན་ཏོ།། རང་གི་སྡེ་པ་གང་དག་ཆོས་ཐམས་ཅད་དངོས་པོ་ལ་སོགས་པའི་མདོའོ་ཚིག་འཆད་པ་ན་སྨད་པ་དང་། ཉུང ་བྱིའི་དོན་ལ་སོགས་པ་འཆད་དེ། དངོས་རྣམས་ངན་པ་ཡིན་པས་དངོས་པོ་མེད་པ་སྟེ། དབུས་དང་ད་ལྟར་གྱི་གནས་སྐབས་ན་མི་བསྟན་པའི་ཕྱིར་རོ།། ཡང་ན་དངོས་པོ་དག་ནི་དངོས་པོ་མེད ་པ་མང་བས་དངོས་པོ་མེད་པ་སྟེ། སྔོན་དང་ཕྱི་མའི་མཐར་མ་སྐྱེས་པ་དང་། འདས་པར་རང་བཞིན་མེད་པའི་ཕྱིར་རོ།། བཤད་པ་འདི་ཡང་གལ་ཏེ་སྔར་དཔྱད་པ་བྱས་པའི་སྤུངས་པས་གཞན་གྱི་དབང་ཡང་དག་པར་ཡོད་པར ་གྲུབ་ན་ནི་ཁོ་བོའི་སེམས་རངས་པར་འགྱུར་རོ།། གཞན་དུ་ན་བྱེ་བྲག་དུ་སྨྲ་བ་དང་། གནས་མ་བུའི་ཚུལ་གྱིས་རྗེས་སུ་འབྲངས་ནས། འདི་ནི་ལྷུར་གྲངས་ཅན་ལ་སོགས་པའི་ལུགས་ཀྱི་དངོས་པོ་དགག་པ་ཡིན་ནོ་ཞེས་འདི ་བཤད་མི་ནུས་པ་ཅི་ཡོད། ཡང་ན་བཤད་པ་འདི་ནི་འདུལ་བའི་སྐྱེ་བོ་བློ་མི་ཞིབ་པའི་སྐྲག་བསལ་བའི་ཕྱིར་ཏེ། དེ་དག་དུ་ཟད་དོ་ཞེས་བྱ་བ་ནི་མི་སེམས་སོ།། དེ་ལྟ་བས་ན་ཐུབ་པའི་རྒྱལ་པོས་ཉི་ཚེ་བ་མ་ཡིན ་པའི་སྟོང་པ་ཉིད་བསྟན་པ་ཁོ་ན་མུ་སྟེགས་བྱེད་ཀྱི་ཚོགས་ཐམས་ཅད་ཐུན་མོང་མ་ཡིན་པ་འདི་ནི་མཛེས་པ་ཁོ་ན་ཡིན་ཏེ། ཟླ་བ་སྒྲོན་མའི་ཏིང་ངེ་འཛིན་ལས་འདི་སྐད་དུ། ཆོས་རྣམས་ཐམས་ཅད་རྟག་ཏུ་རང་བཞིན་སྟོང་ཞེས་བྱ ་བ་ལ་སོགས་པ་གསུངས་པ་ལྟ་བུའི།། འདིར་ཡང་བརྗོད་པ་ཤིན་ཏུ་ཕྲ་བའི་དངོས་ལ་ཡང་།། གང་གིས་སྐྱེ་བར་རྣམ་བརྟགས་པ། མཁས་པ་མ་ཡིན་དེ་ཡིས་ནི།། རྐྱེན་ལས་བྱུང་བའི་དོན་མ་མཐོང་།། གལ་ཏེ་དོན་ཅིག་ཡོད ་གྱུར་ན་ཅི་ཡི་ཕྱིར་ན་རང་བཞིན་མེད།། མདོ་སྡེ་མང་དང་འགལ་བར་འགྱུར།། འཇིག་རྟེན་མི་མཐུན་ཉིད་དུའང་འགྱུར་ཞེའོ།། དེའི་ཕྱིར་ཁྱབ་དང་དབང་ལ་སོགས་མ་མྱོང་།། དཔག་ཏུ་མེད་པར་གནས་པའི་རྒྱུ།། འཇིག་རྟེན་སྤྱི་བོར་གྱུར་པས་ཀྱང ་ན་ཏུ་མྱོང་བ་མ་ཡིན་པ།། ཡང་དག་བདུད་རྩི་དགེ་བ་འདི།། ཐུགས་རྗེ་དག་པའི་རྒྱུད་ཅན་གྱི།། དེ་བཞིན་གཤེགཔ་མ་གཏོགས་པར།། གཞོན་གྱི་ལོངས་སྤྱོད་མ་ཡིན་ནོ།། ཟླ་བའི་འོད་ཟེར་ལྟར་དག་པ་གང་ཟ་ག་དྲང་ཆོས་ལ་བདག་མེད་པའི ་རང་བཞིན་ཉི་ཚེ་བ་མ་ཡིན་པའི་བདུད་རྩི་འདི་ནི་སྟོབས་པ་ཤིན་ཏུ་གསོལ་ཏེ། དེས་ན་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཤེས་རབ་དང་། ཐུགས་རྗེའི་རྡུལ་ཕྲ་རབ་འདུས་པའི་སྐུ།། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ཕུང་པོ་མ་ལུས ་པ་དང་བྲལ་བ། ཐམས་ཅད་ཀྱི་མཆོག་འཁོར་པོ་ཇི་སྲིད་པར་བཞུགས་སོ།། འདི་ལྷུར་དེ་ནི་བདག་མེད་པ་དང་པོ་རྟོགས་པས་བློ་རྣམ་པར་དག་པ་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་ས་ཡང་མ་ཡིན་ན། ལྡོག་པ་བདག་ཏུ་ལྟ་བ་ལ་ཞེན་པ་ལྷ ་ཆེན་པོ་དང་། ཁྱབ་འཇུག་དང་། ཚངས་པ་ལ་སོགས་པའི་ས་མ་ཡིན་པར་ལྟ་ཅི་སྨོས། དེ་ཕྱིར་ལོག་པར་བསྟན་པ་ཡི།། གྲུབ་མཐར་འཆེལ་བའི་བློ་ཅན་ལ།། དེ་ལུགས་རྗེས་འཇུག་བློ་ཅན་རྣམས།། སྙིང་རྗེ་ཉིད་ནི་རབ་ཏུ་བསྐྱེད།། བདག ་དང་གཞན་གྱི་ལུས་ལ་སྡུག་བསྔལ་གྱི་རྒྱུན་བསྐལ་པ་མི་ཉུང་བར་རྗེས་སུ་འབྲེལ་པའི་རྒྱུར་འགྱུར་བ། ལོག་པར་བསྟན་པའི་ཆོས་འདུལ་བ་རྣམ་བྱེད་པ་དེའི་རྗེས་སུ་འགྲོ་བ་རྣམས་ལ་དེ་ཁོ་ན་ཤེས་པ་འདི་ལྟ་བུ་ཚོལ་བས་དེ་ཁོ་ན་མཆོ ་གཏན་ལ་ཕེབས་ནས་བདེ་བར་གཤེགས་པའི་བསྟན་པཱ་སྙིང་རྗེའི་རིགས་ཁྱིམ་ཁས་ལེན་པ། སྐྱེས་བུ་ལྗིང་ཁྱེར་བ། རྟོག་པ་དང་ལྡན་པ་རྣམས་ཀྱི་སྙིང་རྗེ་ཆེན་པོ། མི་མཐུན་པའི་ཕྱོགས་ཆུང་ངུ ་དང་ཡང་མ་འདྲེས་པ་སྐྱེ་སྟེ། གཞན་སྡུག་བསྔལ་དང་བྲལ་བར་འདོད་པ་ནི་སྙིང་རྗེ་ཆེན་པོ་ཡིན་ནོ།། དེ་དག་གི་སྡུག་བསྔལ་དང་། དེའི་རྒྱུ་རབ་ཏུ་འཕེལ་ན་སྐྱེ་བར་འགྱུར་ཏེ། བུད་ཤིང་བསྣུན་ནུ་མེ་ལྕེ་འབར་བ་བཞིན་ནོ།། དོན་དམ ་པ་ལ་རྣམ་པར་སྡང་བ་དག་ནི་སྡུག་བསྔལ་གྱི་རྒྱུའི་མཆོག་ལ་གནས་པར་ཡིན་ཏེ། འདི་དག་ཇི་ལྟ་བར་བྱ་བ་དག་ནི་དེ་ལྟར་བདག་རང་གཞན་གྱི་གྲ་མ་ཡིན་ཏེ། དེ་དག་ནི་རླུང་གིས་བསྐྱོད་ནས་ཆུའི་ཆུ་བུར་བྱུང་བ་ལྟ་བུར་ཤིན ་ཏུ་མི་རྟག་པ། བདག་ལ་ཕནི་པ་ཅུང་ཟད་ཀྱང་མི་ནུས་རྣག་ཅན་གྲངས་ཡོད་པ་གཅིག་གསོད་པར་ཟད་ཀྱི། འདི་དག་ནི་སྲིད་འཁོར་བ་ཇི་སྲིད་པར་བཞུགས་པ། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པས་མཛེས་པ། གྲངས ་ལས་འདས་པའི་རྒྱལ་བ་དང་འབྲེལ་པའི་ཆོས་ཀྱི་སྐུ་ལ་གནོད་པ་སྟེ། དེའི་ས་བོན་ཆོས་ཀྱི་དེ་ཁོ་ན་ལ་མྱོས་པ་ལ་གནོད་པ་བྱེད་པར་ཞུགས་པའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་དམ་པའི་ཆོས་སྤྱོང་བའི་རྣམ་པར་སྨིན་པ་ཤིན་དུ་མི ་ཟད་པ་རྣམ་པ་མང་པོ་མདོ་སྡེ་ལས་བརྗོད་དོ།། ཡང་གསུངས་པ། ཤིན་དུ་རྒྱ་ཆེར་རབ་ཟབ་ལ།། སྒྱིད་ལུག་ཤིན་ཏུ་མ་སྦྱངས་པ།། བདག་གཞོན་དགྲ་དག་གཏི་མུག་གིས།། ད་ལྟར་ཐེག་པ་ཆེལ་སྨོད།། ཚུལ་ཁྲིམས ་ལས་ནི་ཉམས་བླ་ཡི།། ལྷ་ལས་ཅིས་ཀྱང་མ་ཡིན་ཏེ།། ཚུལ་ཁྲིམས་ཀྱིས་ནི་མཐོ་རིས་འགྲོ།། ལྟ་བས་གོ་འཕང་མཆོག་ཏུ་འགྱུར།། གཏི་མུག་དབང་གྲིས་བསྒྲིབས་གྱུར་ཏེ།། གང་ཞིག་ཡང་དག་གེགས་བྱེད་པ།། དེ་ལ་དགེ ་བའི་འགྲོ་བ་མེད།། ཐར་པ་མེད་པ་སྨོས་ཅི་དགོས།། གནོད་པའི་ས་བོན་གྱུར་པ་ཡི།། མུ་སྟེགས་བྱེད་མིང་མཐོང་ནས་ནི། ཆོས་འདོད་སྐྱེ་བོ་པ་རྣམས་ལ།། སྙིང་རྗེར་མི་འགྱུར་སུ་ཞིག་ཡོད་ཅེའོ།། ཟླ་བ་སྒྲོན་མིའི་ཏིང་ངེ་འཛིན་ལས ་དང་པོ་བཟོད་པའི་ཁྱད་པར་ལས་ཇི་སྐད་དུ་གསུངས་པ་བཞིན་ནོ།། འདི་ལྟར་གཞན་གྱི་ལུགས་འདི་ལ་བརྟགས་ན་ཉི་མའི་འོད་ཟེར་ཤིན་ཏུ་འཇེབས་པ། གངས་རིས་ཁ་བའི་དུ་མ་གྲུགས་ལ་བབ་ན་འཇུ་བར་འགྱུར་བ་ལྟ་བུར ་གཏིང་མི་ཚུགས་པས་བདག་ལེགས་སུ་འདོད་པ་རྣམས་འདི་ལ་མ་ཞེན་པར་བྱ་བ་ཆེད་ཚར་འཛིན་ཏོ།། གཞན་ཡང་ཁོ་བོ་བདག་ཅག་དང་། གཞན་གྱི་གཞུང་ལུགས་རྒྱ་ཆེར་དཔྱད་པས་རྟེན་འབྲེལ་འབྱུང་བ་སྤྲོས་པའི་ཚིག ་ཐམས་ཅད་དང་བྲལ་བ་འདི་དེ་ཁོ་ན་བསྡུས་པ་དང་། དོན་དམ་པ་གཏན་ལ་དཔ་། པར་དཔྱད་ཟིན་གྱིས། ཤིན་ཏུ་རྒྱས་པར་འདོད་པ་དག་གིས་དེ་དག་ལས་ཁྱོང་དུ་ཆུད་པོར་གྱིས་ཤིག། དེའི་ཕྱིར་བློ་ནོར་ལྡན་པས ་ལུགས་གཞན་ལ།། ཇི་ལྟར་སྙིང་པོ་མེད་མཐོང་བ།། དེ་ལྟར་དེ་དག་སྐྱོབ་པ་ལ།། གུས་པས་ཤིན་ཏུ་སྐྱེ་བར་འགྱུར།། གཞན་གྱི་ལུགས་ནི་རིགས་ངན་བླུན་པོའི་སྐྱེ་བོ་ལ་ཡང་གྲགས་པའི་ཡུལ་རགས་པ་ལེ་ཡང ་འཁྲུལ་པར་མཐོང་ལ། དེ་བཞིན་གཤེགས་པའི་གསུང་རབ་ཐེག་མ་དང་པར་དང་། ཐ་མར་དགེ་བ། གསེར་བཟང་པོ་ལྟ་བུར་བསྲེག་པ་དང་བཅད་པ་དང་། བརྡར་བ་དང་། འདྲ་བའི་མངོན་སུམ་དང ་རྗེས་སུ་དཔག་པ་དང་། རང་གི་ཚིག་རྣམས་ཀྱི་གནོད་པར་མ་གྱུར་པ་ནི་འཁོར་བ་རྣམས་དང་མ་འདྲེས་པའི་ཡེ་ཤེས་ཀྱི་དེ་ཁོ་ན་ཤིན་ཏུ་ཐིབ་པོ་ལ་འཁྲུག་པ་མེད་པར་མཐོང་ནས་མི་དང་ལྷ་ཡུལ་པའི་འདྲེན་པ་མཐའ་དག་གི ་ཅོད་པན་གྱི་ཕྲེང་བས་ཞབས་པདྨ་གཉིས་མཛེས་པར་བྱས་པ་དང་ལྡན་པའི་འཇིག་རྟེན་གྱི་བླ་མ་བདག་ཤེས་པ་སུ་ཞིག་མངོན་པར་མ་ཞེན་པའི་ཚུལ་གྱིས་སྒྲུབ་པ་སྙིང་པོར་བྱེད་པའི་དད་པ་མི་སྐྱེད། དེའི་ཕྱིར་དེ་ལྟར་ཡང་དག་ཤེ ་ཚོལ་སྔོན་བཏང་སྟེ། དོན་དེ་རྣམ་པར་ངེས་བྱས་ནས།། ལྷ་ངན་འཐིབས་གནས་འཇིག་རྟེན་ལ།། སྙིང་རྗེ་ཀུན་ཏུ་བསྐྱེད་ནས་སུ།། འགྲོ་དོན་བྱེད་པ་དབ་འགྱུར་པ།། བྱང་ཆུབ་བློ་རྒྱས་མཁས་པ་ནི།། བྷྱོ་དང་སྙིང་རྗེ་སྡེ་བརྒྱན་པ་ཡི།། ཐུབ ་པའི་བརྟུལ་ཞུགས་ཡང་དག་སྤྱོད།། ཡང་དག་དད་པས་རྗེས་འབྲང་བ།། རྫོགས་པའི་བྱང་ཆུབ་སེམས་བསྐྱེད་ན་ས།། ཐུབ་པིའི་བརྟུལ་ཞུགས་བྱིང་བྱས་ཏེ།། དེ་ནི་ཡང་དག་ཤེས་ཚོལ་བརྩོན།། བློ་མིག་ཞི་བ་པའི་བློ་ལྡན ་དག། ལམ་གང་ནས་ནི་འཇུག་འགྱུར་བ།། ལུང་དང་རིགས་པ་གསལ་ལྡན་པ།། དེ་ལྟར་ཕྱོགས་ཙམ་བསྟན་པ་ཡིན།། འདིར་ནི་ཟླ་བ་དག་འདྲའི་བསོད་ནམས་བདག་གིས་གང་ཐོབ་པ།། དེས་ནི་ཐུབ་མཆོག་ལུགས་ཀྱི་ཡང ་དག་དགའ་ལྡན་འཇིག་རྟེན་ཀུན།། ལྷ་ངན་མུན་པའི་དྲ་བ་རབ་ཏུ་མང་པོ་རྣམ་བསལ་ནས།། སྲིད་པའི་འདོད་ཆགས་རབ་ཏུ་བསལ་ཏེ་བྱང་ཆུབ་ཐོབ་པར་ཤོག། བདག་ཀྱང་ཡུལ་གྱི་ལོངས་སྤྱོད་མྱང་བས་བརྒྱལ་བའི་མུན་བསལ་ཅིང ་ཡང་དག་དམེ་པར་རིག་ཅིང་ཡང་དག་རིགས་དང་འགྲོགས་པ་དང་།། གཞན་གྱི་དོན་ལ་གཅིག་ཏུ་གཞོལ་ཞིང་འཇམ་པའི་དབྱངས་ཀྱི་ཞབས།། གཙང་མ་པདྨར་བརྟེན་ཅིང་ཤིན་ཏུ་བརྟན་པསྭོ་གུས་པ་ཤོག། གསལ་བའི ་ལུང་དང་རིགས་པ་དག་གིས་འདིར་བརྗོད་པ།། རྒྱལ་བ་ཁྱུ་མཆོག་དམ་པའི་བཟུང་གི་སྒྲོན་ཆེན་ཡང་དག་པར།། གསལ་བྱེད་འདི་ནི་ས་ལ་དངོས་རྣམས་དངོས་པོའི་ངོ་བོ་ཡང་དག་པ།། ཇི་སྲིད་མི་འདོར་དེ་སྲིད་རྣམ་པ་ཀུན་ཏུ ་གནས་གྱུར་ཅིག། རྒྱུ་ལྔ་གང་དག་རྟེན་འབྲེལ་འབྱུང་།། རྟོག་མི་ཟད་དྲ་བཱ་ཀུན།། རྣམ་གྲོལ་གསུངས་པ་དེ་དག་ལ།། རྟག་པར་རྒྱུན་ཏུ་ཕྱག་འཚལ་ལོ།། དེ་ལྷའི་ཚུལ་དུ་དབུ་མ་ཡི།། རྒྱུན་འདི་བདག་གིས་བྱས་པ་ནི། རིགས ་དང་མདོ་སྡེ་སྣ་ཚོགས་ཀྱི།། རིན་ཆེན་བཀོདཔ་མཛེས་པར་བྱས།། ཞིབ་པའི་བློ་ཡིས་འདི་རྟོགས་ནས།། ཟླ་སྒྲོན་ལ་སོགས་བློ་ཟབ་རྣམས།། སྐྱེ་བོ་བློ་ཡི་ནོར་ལྡན་ཞིང་།། བརྟུན་རྣམས་འཇིག་མེད་སྒོམ་པར་ཤོག། བརྟན ་རྣམས་འདི་འཛིན་བྱེད་པ་དང་།། མཁས་ལ་རྟོན་པར་བྱེད་པ་ནི།། བདག་དང་གཞན་ལ་ཁྱབ་མཆོག་གི། ཡོངས་སུ་འགུ་བར་རབ་ཏུ་བྱེད།། དམིགས་པ་ཅནི་ཀུན་སྤྱི་རྟོལ་གྱིས།། རློམ་པ་རྣམ་པ་རི་བསལ་བྱས་ནས།། ་སྟོབས་པསོ་སོར་རིག་པ་ཡིས།། ཤིན་ཏུ་མཐོང་བར་འགྱིང་བར་བྱེད།། ཟབ་མོའི་ཆོས་ཀྱི་ཡང་དག་ཉིད།། སྟོན་པ་མཛད་པའི་ཐུབ་ཆེན་གྱི། གྲགས་པ་དག་ནི་ཕྱོགས་རྣམས་ཀྱི།། རབ ་འབྱམས་ཀུན་ཏུ་རྒྱས་པར་བྱེད།། ཆོས་ལ་བདག་མེད་སྒྲུབ་པའི་ཕྱིར།། སློབ་དཔོན་སྔ་མ་སྟོང་སྙེད་ཀྱིས།། སྒྲུབ་པ་རྣམས་ནི་སྤྱད་མཛད་པ།། མ་ཁྱབ་འདྲ་བ་གང་ཡིན་རྣམས།། མཁས་རྣམས་ཡང་དག་དག་པ་འདི།། ་ཤེས་ནས་དེ་ནི་དེ་དག་ལ།། འདོད་པས་དྲི་མེད་རབ་འབྲེལ་བཱ།། རྣམ་པར་ངེས་པར་བྱེད་པར་ཤོག། གླང་དག་དེ་ལ་འཕྱས་བྱེད་པ།། འཕྱ་བའི་བདག་ཉིད་དེ་དག་ཀྱང་།། དོགས་མེད་རྗེས་འགྲོ་ལྡོག་ལྡན་གྱིས ་ཚེགས་མེད་ཚར་གཅོད་བྱེད་གྱུར་ཅིག། དབུ་མའི་རྒྱན་འདི་ནི་སློབ་དཔོན་ཞི་བ་འཚོ་བདག་དང་གཞན་གྱི་གྲུབ་པའི་མཐིའོ་རྒྱ་མཚོའི་ཕ་རོལ་ཏུ་སྟོན་པ། འཕགས་པ་ངག་གི་དབང་ཕྱུག་གི་ཞབས་ཀྱི་པདེ་མ་རྙོག་པ ་མེད་པའི་ཟེ་འབྲུ་སྤྱི་བོས་ལོན་པས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཤཱི་ལེ་ནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེ་ས་སྡེས་བསྒྱུར་ཅིང་ཞུས ་ཏེ་གཏན་ལ་ཕབ་པའོ།། ་