| Wylie | e-texts produced with BDRC’s OCR application |
#།། རྒྱ་གར་སྐད་དུ། ས་ཏྱ་དྱ་ཡ་བི་བྷ་ག་པཥྚི་ཀ། བོང ་སྐད་དུ། བདེན་པ་གཉིས་རྣམ་པར་འབྱེད་པའི་དཀའ་འགལ ་བམ་པོ་དང་པོ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། བློ་ཆུང་རྣམས་ཀྱི་ཤེས་རབ་དག། རབ ་ཏུ་རྒྱས་པར་བྱ་བའི་ཕྱིར།། བདེན་གཉིས་རྣམ་པར་དབྱེ་བ་ཡི།། དཀའ་འགྲེལ་འདི་ནི་མདོར་བསྡུས་བྱ།། དེ་ལ་བསྟན་བཅོས་བརྩམ ་པ་ལ།། གང་དག་དངོས་པོ་ངོ་བོ་ཉིད་མེད་ཡང་དག་མཁྱེན་གྱུར་ཀྱང་།། ཐུགས་རྗེས་འཁོར་བ་ཇི་སྲིད་བར་དུ་ཐུབ་དབང་སྲས་བཅས ་རྣམས།། འཇིག་རྟེན་མ་ལུས་པ་ཡི་འཚལ་བའི་དངོས་པོ་བསྒྲུབ་སླད་དུ།། འདིར་བཞུགས་དྲི་མེད་བློ་ལྡན་དེ་དག་རྣམས་ལ་ཕྱག་འཚལོ།། ཞེས་བྱ་བ་སྡུག་པའི་ལྷ་ལ་ཕྱག་བྱ་བ ་བརྗོད་པ་ནི་བཀྲ་ཤིས་པར་བྱ་བའི་ཕྱིར་རོ།། གཅིག་ཏུ་ན་ཡེ་རབས་ཀྱི་ཚུལ་དང་འཐུན་པར་འཇུག་པ་ཡིན་པར་བསྟན་པའི་ཕྱིར་རོ།། གཅིག་ཏུ་ན་བསྟན་བཅོས་བརྩོམ་པ་ལ ་སྟོན་པ་ལ་མཆོད་པར་བྱ་བ་ནི། བསྟན་བཅོས་དེ་ལ་གུས་པ་བསྐྱེད་པའི་ཕྱིར་རམ། དེའི་དོན་བཟང་བ་ལས་ནི་སྟོན་པ་གྲུབ་པར་བྱ་བའི་ཕྱིར་ཏེ། དེ་ལ་གྲུབ་པ་དང་མ་གྲུབ་པའི་རིགས་གཉིས། ་ཡོད་པའི་ཕྱིར་རོ།། ཕྱག་བྱ་བ་འདི་ནི་བསྟན་བཅོས་ཀྱི་དོན་ཇི་ལྟ་བུ་ཡིན་པ་དེ་དང་འཐུན་པ་ཁོ་ནར་བྱས་པ་ཡིན་ཏེ། བདག་གིས་འདིར་དོན་འདི་ལྟ་བུ་རབ་ཏུ་བསྒྲུའོ་ཞེས་བསྟན་པའི་ཕྱིརརོ།། ཚིགསུ ་བཅད་པ་འདིར་དོན་གསུམ་བསྟན་ཏེ། དངོས་པོའི་དེ་ཁོ་ན་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་པ་ནི། གང་དག་དངོས་པོ་ངོ་བོ་ཉིད་མེད་ཡང་དགྲ་མཁྱེན་གྱུར་ཀྱང་། ཞེས་བྱ་བ་འདིས ་བསྟན་ཏོ།། དངོས་པོ་དང་དང་པོ་མེད་པའི་ངོ་བོ་ཉིད་ལས་འདས་པ་ནི་ངོ་བོ་ཉིད་མེད་པ་སྟེ། དངོས་པོ་དང་དངོས་པོ་མེད་པ་གཉི་ག་ངོ་བོ་ཉིད་མེད་པའི་ཕྱིར་རོ།། དངོས་པོ་ཞེས་བྱ་བའི་སྒོ་ནི་ངོ་བོ་ཉིད་ལ་བྱའོ།། བཞུགས ་པཱ་ནི་ཆེན་པོ་རྣམ་པ་ལྔས་བསྟན་ཏེ། རྒྱུ་ཆེན་པོ་ནི་ཐུགས་རྗེའི་རྒྱུ་ལས་བྱུང་བའི་ཕྱིར་རོ།། ཐུགས་རྗེ་ནི་སེམས་ཅན་ལ་སོགས་པ་ལ་དམིགས་པས་རྣམ་པ་གསུམ་མོ།། དུས་ཆེན་པོ་ནི་འཁོར་བ་ཇི་སྲིད་བར་དུ་བཞུགས ་པའི་ཕྱིར་རོ།། མཛད་པ་པོ་ཆེན་པོ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔོའུ་མཛད་པ་པོ་ཡིན་པའི་ཕྱིར་རོ།། ལུས་དང་ངགྲ་དང་ཡིད་ཐུབ་པ་དང་ལྡན་པའི་ཕྱིར། ཉན་ཐོས་དང་རང་སངས་རྒྱུས་རྣམས་ནི ་ཐུབ་པོ་རྣམསོ།། བཅོམ་ལྡན་འདས་ནི་ལུས་དང་ངག་དང་ཡིད་ཐུབ་པ་ཐུན་མོང་མ་ཡིན་པ་དང་ལྡན་པའི་ཕྱིར་དེ་དག་གི་དབང་པོ་ཡིན་ཏེ། དེ་ནི་དེ་བཞིན་གྲི་ཤིགས་པའི་གསང་བའི་མདོ་ལས། སྐུའི་གསང་བ་ལ ་སོགས་པ་སྨོས་པས་བསྟན་ཏོ།། སྲས་བཅས་ཞེས་སྨོས་པ་ནི། བཅོམ་ལྡན་འདས་ཀྱི་འཁོར་རྟག་ཏུ་མིང་ཞིང་རྣམ་པར་དག་པ་ཡིན་པར་བསྟན་པའི་ཕྱིར་རོ།། དགོས་པ་ཆེན་པོ་དེ་ཡང་འཇིག་རྟེན་ཞེས་བྱ་བ་ལ ་སོགས་པས་བསྟན་ཏེ། འཇིག་རྟེན་མ་ལུས་པའི་འཚལ་བ་ནི། འདི་མ་ལུས་པ་ཡང་ཡིན། འཇིག་རྟེན་གྱི་འཚལ་བའི་དངོས་པོ་འགྲུབ་པ་ཡང་ཡིན་ནོ་ཞེས་བྱ་བར་སྦྱར་རོ།། སྐྱོན་རྣམས་ཀྱིས་མ་གོས་བྱ་ཆེན་པོ་ནི། དྲི་མེད ་བློ་ལྡན་ཞེས་བྱ་བས་བསྟན་ཏོ།། བློ་དྲི་མ་མེད་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པའི་ཕྱིར་ཏེ། ཉོན་མོངས་པ་དང་ཤེས་བྱིའི་སྒྲིབ་པ་དེ་གཉིས་གཏན་དུ་སྤངས་པ་དང་། ཟློག་ཆགས་དང་བཅས་པར་སྤངས་པ་དང་། ཏིང ་ངེ་འཛིན་དྲང་སྙོམས་པར་འཇུག་པ་ཐམས་ཅད་ཀྱི་སྒྲིབ་པ་སྤངས་པའི་ཕྱིར་རོ།། གཅིག་ཏུ་ན་འཁོར་བ་གནས་པ་རྣམས་ཀྱི་འཁོར་བའི་སྐྱོན་འཇིག་རྟེན་གྱི་ཆོས་ལ་སོགས་པས་མི་གོས་པའི་ཕྱིར་བློ་དྲི་མ་མེད་པ་ཡིན་ནོ།། ཀྱང་ཞེས ་བྱ་བ་ནི་མཐུན་པའི་རྒྱུན་སྟོན་པ་ཡིན་ཏེ། དོན་དམ་ཕྱིའི་བདེན་པ་ལ་བརྟེན་ནས་ནི་དངོས་པོའི་དེ་ཁྱོ་ན་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་ལ། ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་ནི་བཞུགས་པ་ཡང་བསྟན་ཏོ།། ་གླང་གི་ཕྱིར་རྫོགས་པར་ལོངས་སྤྱོད་པའི་སྐུ་དེ་བསྐྱོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལས་ངེས་པར་བྱུང་བ་ཡིན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མོས་པ་ཇི་ལྟ་བ་བཞིན་དུ་སྔོན་པོ་ལ་སོགས ་པིའི་ངོ་བོར་སྣང་བ་ཇི་ལྟ་བ་དེ་བཞིན་དུ་རྣམ་པར་འཇོག་སྟེ། དེའི་ཕྱིར་འགལ་བ་མེད་དོ།། ཕྱག་བྱ་བ་དེ་ནི་མདོར་ན་ལས་གསུམ་གྱི་རང་བཞིན་གྱི་དོན་ཡིན་པའི་ཕྱིར་རོ།། རབ་ཏུ་བྱེད་པ་དེ་ནི་དགོས་པ ་སྡུད་པའི་ཕྱི་བ་རྣམ་པུར་བྷཱ་བ་མྦྷ་ཡིན་ཏེ། བྱ་རྙོག་གིས་བརྟུག་སྨྲ་པ་དང་འདྲར་སྙན་དུ་དགས་པའི་གཏན་ཚོགས་སུ་གྲུབ་པ་ཉིད་དུ་བསྟན་པའི་ཕྱིར། བདེན་པ་གཉིས་ཇི་ལྟ་ག་སན ་དུ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། ཇི་ལྟ་བོ་བཞིན་ཞེས་བྱ་བའི་ཚིག་ནི། གཞན་དག་གིས་ཀྱང་བདེན་པ་གཉིས་རྣམ་པར་དབྱེ་བ་བསྟན་མོད་ཀཱི། དེ་ནི་ཡང་དག་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ།། འབྲེལ ་པོ་ནི་དགོས་པའི་རླུང་དུ་འདུས་པའི་ཕྱིར་ལོགས་ཞིག་ཏུ་མཐོས་ཏེ། འདི་ལྟར་བསྟན་བཅོས་ཐམས་ཅད་དམ། ལས་ལ་ནི་དགོས་པ་ཉིད་ཀྱིས་འབྲེལ་པ་བརྗོད་པ་བྱེའི། བྱེད་པའི་མདྲུག་ཐོག། ལ་སྲོགསྨྲ་པའི་མ་ན་ཉིད་ཀྱི་འབྲེལ་པ་གླན་ན ་ནི་བརྗོད་པར་མི་བྱ་སྟེ། བསྟེན་བཅོ་ས་ལ་ཟླ་བའི་ཡན་ལག་མ་ཡིན་པའི་ཕྱིར་རོ།། དཔེར་ན་གསོ་བའི་བསྟན་བཅོས་ཇི་ལྟ་བ་དེ་བཞིན་དུ། དགོས་པ་དང་ལྡན་པ་གང་ཡིན་པ་དེ་འི་རྩམ་པར་བྱ་སྟེ། རབ་དུ་བྱེད་པའིང་ཡང་དགོས་པ་དང་ལྡན་པ་ཡིན་ནོ།། ་དཔེར་ན་གསོ་བོའི་བསྟན་བཅྡོཾས་ཇི་ལྟ་བ་དེ་བཞིན་དུ་འབྲེལ་པ་དང་ལྡན་པ་གང་ཡིན་པ་དེ་རྟོག་པ་སྔོན་དུ་གཏོང་བ་རྣམས་ཀྱིས་གཟུང་བར་བྱ་སྟེ། རབ་ཏུ་བྱེད་པ་འདི་ཡང་འབྲེལ་པ་དང་བཅས་པ་ཡིན་ཏེ། རྟོན་པ་སྔོན་དུ་གཏོང་བའི་སྐྱེ་བ་བདེན་པ ་གཉིས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རོ་ཞེས་བྱ་བ་ལྷག་མའོ།། འདི་ཞེས་བྱ་བ་ནི་འོག་ནས་འབྱུང་བའི་རབ་ཏུ་བྱེད་པ་ནང་དུ་ཡོངས་སུ་རྫོགས་པའི་ངོ་བོར་གཞག་ནས་བརྗོད་པ་ཡིན་ཏེ། མངོན་མཉེ་བའི་ཚིག་ཡིན་པའི་ཕྱིར་རོ།། བརྩམས ་ཞེས་བྱ་བ་ནི། ད་ལྟར་དང་ཉེ་བ་ལ་ད་ལྟ་བ་ནས་བཤད་པའི་ཕྱིར་རོ།། རྣམ་པ་གཅིག་ཏུ་ན་བརྩམས་ལ་ཡོངས་སུ་རྫོགས་པ་མ་ཡིན་པ་ནི་ད་ལྟར་གྱི་དུས་སོ།། བཅོམ་ལྡན་འདས་ཀྱིས་བདེན་པ་གཉིས་ཇི་ལྟ་བ་བཞིན་དུ་རྣམ་པར་ཕྱེ་ལ། སློབ་དཔོམ ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ཀྱང་གསལ་བར་མཛད་ཟིན་པ་མ་ཡིན་ནམ། ཅིའི་ཕྱིར་བདེན་པ་གཉིས་རྣམ་པར་དབྱེ་ས་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རབ་ཏུ་བྱེད་པ་འདི་བརྩམས་ཞེ་ན། གང་གི་ཕྱིར། བདེན་པ་གཉིས་པོ་རྣམ་ཕྱེ་ཡང་།། ་ཤིང་རྟ་ཆེ་དག་རྨོངས་ཉིད་ན།། གཞན་རྣམས་སྨོས་ཀྱང་ཅི་དགོས་ཏེ།། དེ་བས་བདག་གིས་རྣམ་པར་དབྱེ།། ཞེས་བྱ་བ་སྨོས་ཏེ། གཞན་གྱི་དོན་ནི་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་མཚན་ཉིད་དེ། དེ་འབྱུང་བ་དེ་ལ་མཁས་ཞེས་བྱ་བར་ཚིག་རྣམ ་པར་སྦྱར་བར་བྱའོ།། བཅོམ་ལྡན་འདས་ཞེས་བྱ་བ་ནི་བདུད་བཞི་བཅོམ་པའི་ཕྱིར་རམ། དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ།། སྐྱེ་བོ་བློ་ཆུང་ངུ་ནི་བློ་གསལ་བའོ།། རང་གི་སྡེ་པ་ནི་སློབ་དཔོན་ཆོས་སྐྱོང་ལ་སོགས་པའོ།། དེ་དག ་གི་ཁོ་ན་ལས་པས་འཇུག་པ་གང་དག་སློབ་དཔོན་ཆོས་སྐྱོང་ལ་སོགས་པའི་ལྟ་བའི་རྗེས་སུ་འབྲངས་པས་ཞུགས་པ་དེ་དག་ནི་ཤིན་ཏུ་རྨོངས་པ་ཁོ་ན་ཡིན་པའི་ཕྱིར། གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་སྨོས། བདེན་པ་གཉིས ་རྣམ་པར་བྱེ་བ་དེ་ཉིད་ཀྱིས་དོན་ཅི་ཞིག་ཏུ་འགྱུར་ཞེ་ན། བདེན་གཉིས་རྣམ་དབྱེ་ཤེས་པ་དག། ཐུབ་པའི་བཀའ་ལ་མི་རྨོངས་ཏེ།། དེ་དག་མ་ལུས་ཚོགས་བསགས་ནས།། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནི་བདེན་པ་གཉིས་རྣམ ་པར་དབྱེ་བ་ཞེས་པ་ནི་དགོས་པ་ཡིན་ལ། དགོས་པ་དེའང་བཅོམ་ལྡན་འདས་ཀྱིས་བཀའ་དག་ལ་མི་རྨོངས་ཤིང་མ་རྨོངས་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་ལུསྭཱ་པ་ཡོངས་སུ་རྫོགས་པར ་འགྱུར་ལ། རྫོགས་པ་དེའང་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་རབ་ཀྱི་མཐར་ཕྱིན་པར་འགྱུར་ཏེ། དེ་ནི་སངས་རྒྱས་ཉིད་དུ་འགྱུར་རོ།། ཞེས་དེ་སྐད་དུ་སྟོན་ཏེ། དེ་ལས་དགོས་པ་གཞན་མེད་པའི་ཕྱིར། ཕུན་ཚོགས་པ ་རོལ་འགྲོ་བ་ཉིད། ཅེས་བྱ་བ་སྨོས་ཏེ། འགྲོ་འམ། མི་འགྲོ་སྙམ་དུ་ཐེ་ཚོམ་ཟ་བའི་རྒྱུ་མེད་པའི་ཕྱིར། འགྲོ་བ་ཉིད་ཅེས་བྱ་བ་སྨོས་སོ།། འདི་ནི་གོ་རིམ་ཁོ་ན་བཞིན་དུ་རྣམ་པར་དགྲོལ་བའི་ཕྱིར།། བདེན་པ་གཉིས་རྣམ་པར་དབྱེ་བ་ལ་མཁས་པ ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། འགྲོ་བ་ལ་ཕན་བདེ་འབྱུང་བ།། དེ་བསྐྱེད་པ་ནི་བྱེད་པ་སྟེ།། དེར་དེ་བློ་དང་ལྡན་པའོ།། ཡང་ན་བློ་དེས་འགྲོ་བ་ལ་ཕན་པ་འབྱུང་བ་བསྐྱེད་པས། དེ་འགྲོ་བ་ལ་ཕན་པ་འབྱུང་བ་བསྐྱེད་པའི་བློ་དང་ལྡན་པའོ་ཞེས་ཚིག ་རྣམ་པར་སྦྱར་རོ།། འཇིག་རྟེན་སྨོས་པ་ནི་བདེན་པ་གཉིས་རྣམ་པར་དབྱེ་བ་ལ་མཁས་པའི་ཆེ་བ་ཉིད་བརྗོད་པའི་ཕྱིར་ཏེ། བདུན་པ་གཉིས་རྣམ་པར་དབྱེ་བ་ལ་མཁས་པ་འདི་ལྟ་བུ་ནི། གང་གི་འཇིག་རྟེན་འཁོར་བའི་སྲིན་བུ་ཡང་། བདག་དང་གཞན་གྱི་དོན་ཕུན ་སུམ་ཚོགས་པའི་ཕ་རོལ་ཏུ་ཕྱིན་པར་འགྱུར་བའོ།། བདག་གི་དོན་ཕུན་སུམ་ཚོགས་པ་ནི་ཡེ་ཤེས་དང་སྤངས་པ་ཕུན་སུམ་ཚོགས་པའི་མཚན་ཉིད་དེ། གཞན་གྱི་དོན་ཕུན་སུམ་ཚོགས་པའང་དེ་དང་འདྲའོ།། བྱེ་བྲག་ཏུ་བྱར་མེད་པ་སྨོས་པ་ནི་སངས་རྒྱས་ཀྱི ་རྒྱུད་ལ་མངའ་བའི་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་རྗོད་པའི་ཕྱིར་རོ།། ཤིན་ཏུ་ཞེས་བྱ་བ་ནི། བདེན་པ་གཉིས་རྣམ་པར་དབྱེ་བ་ལ་མཁས་པ་ཞེས་བྱ་བ་ལ་སོགས་པ་ཚིག་ལྔ་པོ་དག་དང་སྦྱར་རོ།། གཞན་ནི་ཞེས་བྱ་བ་ནི། ཉན་ཐོས་ལ་སོགས ་ཐེའི་རིགས་ཅན་ཏེ། འགྲོ་བ་ལ་ཕན་པ་འབྱུང་བ་བསྐྱེད་པའི་བློ་དང་ལྡན་པ་དག་ལས་གཞན་ཡིན་པའི་ཕྱིར་རོ།། དེའང་བདེན་པ་གཉིས་རྣམ་པར་དབྱེ་བ་ལ་མཁས་པ་ཁོ་ནར་གྱུར་ན། བདེ་བར་ག་ཤེགས་པའི་གསུང་རབ། རབ་འབུམ་དག་ལ་ཤེས་པའི ་སྣང་བ་ཐོབ་ནས་བསམ་པ་དང་འཐུན་པ་ཉན་ཐོས་ལ་སོགས་པའི་བྱང་ཆུབ་ཀྱི་མཚན་ཉིད་ཡིད་ལ་བསམ་པ་བཞིན་དུ་ཡོངས་སུ་རྫོགས་པའི་ཕ་རོལ་ཏུ་ཕྱིན་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ།། ངེས་པར་ཞེས་བྱ་བ་ནི་གཉི་ག་དང་ཡང་སྦྱར་བར་བྱའོ།། ་དེའི་ཕྱིར་འདིས་ནི་གདོན་མི་ཟ་བ་ཁོ་ནར་ཕ་རོལ་ཏུ་ཕྱིན་པར་འགྱུར་ཏོ། འཁྲུལ་པ་ཡིན་པ་སྙམ་དུ་མི་བྱའོ་ཞེས་སྟོན་ཏོ།། དེ་དང་དེར་ཞེས་བྱ་བ་ནི་སྤྱིར་བཏང་བའི་ཚིག་སྟེ། མདོ་སྡེ་མེང་བ་ཉིད་དུ་སྟོན་ཏོ།། བདེན་པ་གཉིས་རྣམ་པར་དབྱེ་བའི་དོན ་ཀྱང་བྱའོ་ཞེས་སྟོན་པ་ལ། ཇི་ལྟར་སྣང་བ་འདི་ཁོ་ན་ཞེས་བྱ་བ་བརླན་པ་ནི་རིགས་པ་ཇི་ལྟ་བ་བཞིན་དུ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ།། ཀུན་རྫོབ་སྨོས་པ་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ་ཚིག་ཐ་མ་ཁོང་ནས་བྱུང་བའི་ཕྱིར་རོ།། གཞན་ནི་ཞེས ་བྱ་བ་ནོ། ཇི་སྟེར་སྣང་བ་ལས་གཞན་པའོ།། དེའི་ཕྱིར་འདིས་ནི་རིགས་པ་ཇི་ལྟ་བ་བཞིན་ཉིད་ནི་ངོན་དམ་པའི་བདེན་པའོ།། ཞེས་སྟོན་ཏོ།། ནི་ཞེས་བྱ་བ་ནི་བནན་པོའི་དེན་ཏེ། གཞམ་ཁོ་མ་ཞེས་བྱ་བ་འམ་ཅིག་གོས་ཁོ་ན་ཞེས་བྱ་བར་བརྟན་པ ་བྱའོ།། འདི་རྣམ་པར་དགྲོལ་བའི་ཕྱིར། ཇི་ལྟར་བ་ལང་རྫི་མོ་ཞེས་བྱ་བ་སྨོས་ཏེ། བཱ་ལང་རྫི་མོ་སྨྱོས་པ་ནི་བློ་མ་བྱང་བའི་འཇིག་རྟེན་བསྟན་པའི་ཕྱིར་རོ།། སོགས་པ་སྨོས་པས་ནི་བློ་བྱང་བ་རྣམས་གཟུང་སྟེ། ་ལྟར་དེ་དག་གི་མཐོང་བ་བུམ་པ་ལ་སོགས་པའི་རྣམ་པ་དང་མཐུན་པར་ཞུགས་པ་ཡིན་ནོ་ཞེས་བྱ་བ་ལྷག་མ་སྟེ། དེ་བཞིན་དུ་ཀུན་རྫོབ་ཏུ་བུམ་པ་ལ་སོགས་པ་བདེན་པ་རྣམ་པར་གནས་ཀྱི་དེ་ཁོ་ན་ཉིད་དུ་ནི་མ་ཡིན་ཏེ། རིག་པས་སྤྱད་ན་བུམ་པར ་མི་རུང་ངོ་ཞེས་བྱ་བའི་ཐ་ཚིག་གོ།། ཇི་ལྟར་མཐོང་བ་བཞིན་དུ་རྣམ་པར་གནས་པ་ཇི་ལྟ་བུ་ཞེ་ན། མཐོང་བ་དང་མཐུན་པར་དངོས་པོའི་དོན་ངེས་པར་འཛིན་པའི་ཕྱིར་རོ།། ཞེས་བྱ་བ་སྨོས་ཏེ། དེའི་ཕྱིར་འདིས་ནི་བྱིས་པ་དང་། མཁས་པ ་ངག་བུམ་པ་ལ་སོགས་པ་གང་ལ་བློ་འཐུན་པ་དེ་ནི་ཡང་དག་པའི་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ།། མཐོང་བ་ནི་རྣམ་པ་གཉིས་ཏེ། ཞེས་བྱ་བ་ལ་སོགས་པས་ནི། ཡང་དག་པ་དང་ཡང་དག་པ་མ ་ཡིན་པ་ལ་སོགས་པའི་བྱེ་བྲག་གི་ཚུལ་ཉིད་ཀྱིས་ཀུན་རྫོབ་ཀྱི་བདེན་པ་བསྡུས་པར་བསྟན་ཏོ།། ནི་ཞེས་བྱ་བའི་སྒྲ་ནི་བརྣན་པའི་དོན་ཏོ།། ཞེས་བྱ་བ་ནི་སྔར་བཤད་པ་ཉིད་དོ།། ཅིའི་ཕྱིར་རིགས་པ་ལ་དོན་དམ་པ་ཞེས་བྱ་ཞེ་ན། གང་གི་ཕྱིར། བསྐུ ་བ་མེད་པས་རིགས་པ་ནི། དོན་དམ་ཡིན་ཏེ། ཞེས་བྱ་བ་སྨོས་སོ།། མི་བིསླུ་བ་དེ་ཉིད་ཇི་ལྟ་བུ་ཞེ་ན། རིགས་པའི་སྟོབས་ཀྱིས་དོན་ལ་ངེས་པ་ནི་བསླུ་བར་མི་འགྱུར་ཏེ། དེའི་ཕྱིར་ཚུལ་གསུམ་པའི་རྟགས་ཀྱིས་བསྐྱེད་པའི་རྟོགས་པ་གང ་ཡིན་པ་དེ་ནི་དམ་པའང་ཡིན་ལ། དོན་ཀྱང་ཡིན་པས་དོན་དམ་པའོ།། ཞེས་བྱ་བ་སྨོས་སོ།། རིགས་པའི་སྟོབས་ནི་དེའི་བདག་ཉིད་དང་དེ་ལ་ས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་པ་དང་ལྡན་པའི་དངོས་པོའི་སྟོབས་སོ།། བསླུ་བར་མི་འགྱུར་ཞེས་བྱ་བ་ནི། ་གང་གི་ཕྱིར་འབྲས་བུས་རྒྱུ་ལ་འཁྲུལ་པར་མི་འགྱུར་བ་སྟེ། དེའི་འབྲས་བུ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ།། ངོ་བོ་ཉིད་ཀྱང་ངོ་བོ་ཉིད་ལ་འཁྲུལ་པར་མི་འགྱུར་ཏེ། དེའི་ངོ་བོ་ཉིད་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ།། དམ་པ ་ཡང་ཡིན་ཞེས་བྱ་བ་ནི་མི་བསླ་བའི་ཕྱིར་རམ། དོན་དང་འབྲེལ་པའི་ཕྱིར་རོ།། མངོན་སུམ་གྱིས་གཏན་ལ་ཕབ་པའི་དོན་ནི། མངོན་སུམ་དང་བྲེས་གཞལ་བའི་འབྲུ་ནི་བྲེ་ཞེས་བྱ་བ་དང་འདྲ་བར། དོན་དམ་པས་གཏན་ལ་ཕབ་པའི་དོན། སྐྱེ་བ་མེད་པ་ལ ་སོགས་པ་ཡང་དོན་དམ་པ་ཞེས་བརྗོད་དོ།། གལ་ཏེ་ཚུལ་གསུམ་པའི་རྟགས་ཀྱིས་བསྐྱེད་པའི་ཤེས་པ་དོན་དམ་པ་ཡིན་ན། དེ་ལྟ་ན་ནི་འདི་ན་དུ་བ་ཡོད་པའི་ཕྱིར། མེ་ཡོད་དོ་ཞེས་བྱ་བའི་ཤེས་པ་ཡང་དོན་དམ་པར་འགྱུར་ཏེ། དེ་ལྟ་ན་དེས ་གཏན་ལ་ཕབ་པའི་དོན་ཀྱང་དོན་དམ་པར་འགྱུར་རོ།། ཞེ་ན། དེ་ལྟར་ནི་ཤེས་པར་མི་བྱ་སྟེ། དུ་བ་ལ་སོགས་པ་ནི་གཟོད་མ་ནས་མཱ་སྐྱེས་པས་མེད་པའི་ཕྱིར། དེས་བསྐྱེད་པའི་ཤེས་པ་འམ། དེས་གཞལ་བའི་དོན་ཡོད་པར་ག་ལ་འགྱུར།། ་ཅི་སྟེ་ཇི་ལྟར་མཐོང་བ་ཉིད་ཀྱི་དུ་བ་ལ་སོགས་པའི་རྟགས་ཀྱིས་མེ་ལ་སོགས་པའི་དོན་བསྒྲུབ་ན། དེ་ལྟ་ན་ནི་འདོད་པ་ཡིན་པའི་ཕྱིར་དེ་ཉེས་པ་མེད་དེ། འདི་ལྟར་མེ་ལ་སོགས་པ་མེད་པ་བཅད་པར་སྒྲུབ་པ་དེ་ནི་དོན་དམ་པ་དང་མཐུན་པའི ་བྷི་དོན་དམ་པཱ་ཞེས་བྱ་བྱར་འདོད་པ་འད། ངན་དམ་པར་ན་རྟོག་པ་དྲ་བ་མ་ལུས་པ་རྣམ་པར་གཅད་པའི་མཚན་ཉིད་ཡིན་པའི་གྱུར་རོ།། ཚིག་ལེའུར་བྱས་པ་ལས་ནི་ཀུན་རྫོབ་ཅེས་བརྗོད་པ་མ་ཡིན་ན། ་འགྲེལ་པ་ལས་ཀུན་རྫོབ་ཀྱི་བདེན་པ་ཞེས་ཅིའི་ཕྱིར་བརྗོད་ཅེ་ན། ཚིག་ཐ་མ་ཁང་ནས་དབྱུང་བའི་ཕྱིར་རོ།། ཞེས་བྱ་བ་སྨོས་སོ།། གལ་ཏེ་རིགས་པས་རུང་བ་མ་ཡིན་ན་ཇི་ལྟར་བདེན་པ་ཞེས་བྱ་ཞེ་ན། ཇི་ལྟར་སྣང་བ་དེ་ཉིད་བདེན། ཞེས ་བྱ་བ་སྨོས་སོ།། དེ་ལྟ་ན་བུམ་པ་ལ་སོགས་པ་དང་། ཟླ་བ་གཉི་བ་ལ་སོགས་པ་བྱེ་བྲེ་གཱ་ཅི་ཡང་མེད་པར་འགྱུརརོ་ཞེ་ན། ཟླ་བ་གཉིས་ལ་སོགས་པ་ཡང་། ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ཡང་ཞེས་བྱ་བའི་སྒྲས་ནི། བུམ་པ་ལ་སོགས ་པ་འབའ་ཞིག་མ་ཡིན་པའོ།། འོ་ན་འཇིག་རྟེན་པ་དག་བུམ་པ་ལ་སོགས་པ་དང་། ཟླ་བ་གཉིས་པ་ལ་སོགས་པ་ལ་བདེན་པ་དང་། བདེན་པ་མ་ཡིན་པའི་ཐ་སྙད་ཇི་ལྟ་བུར་འདོགས་ཤྭེ་ན། མ་རིག་པས་ལྡོངས་པའི་འཇིག་རྟེན་པ་རྣམས ་བུམ་པ་ལ་སོགས་པ་བཞིན་དུ། ཟླ་བ་གཉིས་པ་ལ་སོགས་པ་བདེན་པ་ཉིད་དུ། དེ་ལྟར་ཁས་མི་ལེན་པས་སོ།། ཚིག་དེ་དག་གི་དོན་དམ་པ་དང་འཐུན་པའི་དོན་དམ་པ་གང་ཡིན་པ་དེ་ནི། དེའི་ས་བོན་ཙམ་ཞིག་སྨོས་པ་བྱས་ནས། ཞིག་ཏུ་ནི ་འོག་ནས་རྣམ་པར་འབྱེད་པར་བྱེད་དོ།། ད་ནི་རྣམ་གྲངས་མ་ཡིན་པའི་དོན་དམ་པ་གང་ཡིན་པདེ། ཇི་ལྟར་སྣང་བའི་དངོས་པོར་ནི།། རྣམ་པར་གནས་པར་མི་རུང་སྟེ། ཤེས་པའི་དངོས་པོ་ཐམས་ཅད་ལ།། ཇི་ལྟ་བུར་ཡོང་སྣང་མི་འགྱུར་ཞེས ་བྱ་བ་ལ་སོགས་པ་མདོ་ཙམ་ཞེས་བྱེད་དོ།། ཞིབ་ཏུ་ནི་འོག་ནས་གསལ་བར་བྱེད་དོ།། ཤེས་པའི་དངོས་པོ་ཐམས་ཅད་ནི།། ཤེས་པའི་བདག་ཉིད་ཐམས་ཅད་དོ།། ཐམས་ཅད་སྨོས་པ་ནི་ཐམས་ཅད་མཁྱེན་པ་དང་། ཐམས་ཅད ་མཁྱེན་པ་མ་ཡིན་པ་བསྡུ་བའི་ཕྱིར་ཏེ། དེ་ལྟར་ན་དྲུག་པར་བསྡུའོ།། གཅིག་ཏུ་ན་ཐམས་ཅད་སྨོས་པ་ནི་མཐའ་དག་གི་དོན་ཏེ་བྱེ་བྲག་གི་ཚིག་སྡུད་པའོ།། ཡང་ཞེས་བྱ་བའི་སྒྲ་ནི་ཏེ་ཐམས་ཅད་མཁྱེན་པ་མཱཾ་ཡིན་པའི་ཡང་ངོ་།། ཤེས ་པིཔའི་དངོས་པོ་ཐམས་ཅད་ལ། ཇི་ལྟ་བུར་ཡང་མི་སྣང་འགྱུར།། ཞེས་བྱ་བ་འདི་ལུང་དང་སྦྱར་བར་བྱ་བའི་ཕྱིར། དེ་ཉིད་ཀྱི་ཕྱིར་མདོ་སྡེ་ལས། ཞེས་བྱ་བ་སྨོས་སོ།། འགའ་ཡང་ཞེས་བྱ་བ་ནི་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི ་ངོ་བོ་ལ་བྱའོ།། མཐོང་བ་མེད་པ་ཞེས་བྱ་བ་ནི་མེད་པར་དགག་པ་ཡིན་ནོ།། རྟེན་ཅིང་འབྲེལ་པར་འབྱུང་བ་གཟུང་བ་དང་འཛིན་པ་དང་བྲལ་བ་སོ་སོ་རང་གིས་རིག་པའི་ཤེས་པ་ནི་ཡོད་པ་ཁོ་ན་ཡིན་ཏེ། འགའ་ཡང་མཐོང་བ་མེད་པ་ནི་ཞེས་དེ་སྐད ་གསུངས་པ་དེ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ལ་དགོངས་ན་གསུངས་པ་ཡིན་ནོ་ཞེས་ཟེར་ལ། གལ་ཏེ། བརྟགས་པའི་ངོ་བོ་ཉིད།། འགའ་ཡང་མཐོང་བ་མེད་ཅེ་ན། ཞེས་བྱ་བ་སྨོས་ཏེ། དེ་ནི་རྟག་ཏུ་མེད་པ་ཉིད་ཡིན་པས་དེ་སྣང་བའི་ལམ་དུ་མི་འགྱུར ་དེ་ནི་དེ་ལྟ་བུ་ཡིན་ནོ།། ཞེས་བྱ་བ་ནི་བརྟགས་པའི་ངོ་བོ་ཉིད་ཀྱི་དབང་དུ་མཛད་ནས་གསུངས་པའོ།། དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་ངོ་བོ་ཉིད་མ་ལུས་པར་ཡོངས་སུ་བསྡུ་ནི་ནི། འགའ་ཡང་ཞེས་ཅིའི་ཕྱིར་གསུངས། ཅིའི་ཕྱིར་ཞེས་བྱ་བ་ནི ་སྤང་བ་ལ་བྱ་སྟེ། སྤྱིར་བྱ་བ་ཡིན་ན་ནི། ངོ་བོ་ཉིད་མ་མཐང་བ་ཞེས་བྱ་བ་ཁོ་ནར་གསུང་བར་འགྱུར་ཏེ། དེ་ལྟ་ན་བཤད་པ་ཡོང་སུ་རྫོགས་པར་འགྱུར་གྱི། དེ་ལྟ་མ་ཡིན་ན་སྐབས་དང་འཐུན་པར་མི་འགྱུར་རོ།། དེ་མེད་པར་ཞེས་བྱ་བ ་ནི་གཉིས་མེད་པའོ།། དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི། གལ་ཏེ་དབེན་པའི་ངོ་བོར་རིག་པ་མི་འབྱུང་ན་ཞེས་བྱ་བའི་ཐ་ཚིག་གོ།། མི་རིགས་པའི་ཕྱིར་རོ།། ཞེས་བྱ་བ་ནི་གཉིས་མེད་པར་ཤེས་པ་ཞེས་བྱ་བ་ལྷག་མ་སྟེ། འདིས་ནི་ཇི་ལྟར་བུམ་པ་ལ་སོགས ་པས་དབེན་པའི་ངོ་བོའི་ས་གཞི་ཁོང་དུ་མ་ཆུད་པར་དེ་ན་བུམ་པ་མེད་པར་མི་ཤེས་པ་དེ་བཞིན་དུ་བསྟན་ཏོ།། གཉིས་ཀྱིས་དབེན་པའི་ངོ་བོའི་བདག་ཤེས་པ་ཡོད་དོ།། ཞེ་ན། དེའི་ཕྱིར་ཤེས་པ་ནི་བདག་གི་བདག་ཤེས་པ་མ་ཡིན་ཏེ། རང་སྣང་བས་སྟོང ་པའི་ཕྱིར་ཏེ། ཞེས་བྱ་བ་ལ་སོགས་པ་སྨོས་སོ།། འདི་ནི་སྦྱོར་བ་གཙོ་བོ་སྨོས་པའི་ཚིག་ཡིན་གྱི། འདི་ཉིད་སྒྲུབ་པའི་སྦྱོར་བ་ནི་མ་ཡིན་ཏེ། གལ་ཏེ་ཡིན་ན་ནི་དེའི་ཚེ། ཤེས་པ་གཞན་བཞིན་ནོ།། ཞེས་བྱ་བའི་དཔེ་ནི་བསྒྲུབ་པར་བྱ་བ་དང་མི་ལྡན་པར ་འགྱུར་ཏེ། ཕ་རོལ་གྱི་ཤེས་པ་གཞན་ནི་བདག་ཤེས་པ་ཉིད་དོ།། འདིར་སྦྱོར་བ་ནི་འདི་ལྟ་བུ་ཡིན་ཏེ། གང་དང་གང་སྣང་བས་སྟོང་པ་དེ་དང་དེ་མི་ཤེས་ཏེ། དཔེར་ན་གཞན་གྱིས་ཤེས་པ་ལ་གཞན་གྱི་ཤེས་པ་པ་བཞིན་གྱིས་ཏེ། དེ་བཞིན་དུ ་བསྒྲུབ་པར་བྱ་བ་ཉིད་དུ་བརྗོད་པར་འདོད་པའི་ཤེས་པ་ནི་རང་སྣང་བ་སྟོང་པ་ཡིན་ནོ།། གཏན་ཚིགས་འདི་མ་གྲུབ་པའང་མ་ཡིན་ཏེ། དེའི་ཕྱིར། རང་སྣང་བར་ཁས་ལེན་ན་ནི། ཐ་དད་པར་ཐལ་བར་འགྱུར་ཏེ། སྔོན་པོ་དང་དེས་ཤེས་པ ་བཞིན་ནོ།། ཞེས་བྱ་བ་སྨོས་ཏེ། དེ་ནི་འདི་སྐད་དུ་དཔེར་ནི་སྔོན་པོ་དང་། དེར་སྣང་བ་སྔོན་པོ་ཤེས་པ་ནི་ཐ་དད་དེ། གང་གི་ཕྱིར་སྔོན་པོ་ཉིད་སྔོན་པོར་སྣང་བ་མ་ཡིན་པ་དེ་བཞིན་དུ། ཤེས་པ་དང་ཤེས་པའི་བདག་ཉིད་དུ་སྣང་བ་ཐ་དད་པར་འགྱུརརོ།། ་དེ་ལྟར་ནི་མི་འདོད་དོ།། ཤེས་པ་གཞན་གྱིས་ཤེས་པ་མྱོང་བར་བརྟག་ནི་ནི་ཐུགས་པ་མེད་པར་འགྱུར་བའི་ཕྱིར་རོ།། དེ་ལྟ་བས་ན་གཏ་ནི་ཚིགས་འདི་མ་གྲུབ་པ་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ།། གལ་ཏེ་རིག་པའི་ངོ་བོ་ཉིད་ཡིན་པའི ་ཕྱིར་བདག་ཤེས་པ་འང་ཡིན་ལ། རང་གི་རྣམ་པས་སྟོང་པ་འང་ཡིན་ཏེ་འདི་གཉིས་ལ་འགལ་བ་ཅི་ཞིག་ཡོད། དེ་བས་ན་གཏན་ཚིགས་འདི་ནི་མི་མཐུན་པའི་ཕྱོགས་ལས་ལྡོག་པ་ལ་ཐེ་ཙོམ་ཡོད་པ་ཡིན་ནོ་ཞེ་ན། རིག་པའི་ངོ་བོ་ཉིད་ཡིན ་བའི་ཕྱིར་ཡང་མ་ཡིན་ཏེ། ཞེས་བྱ་བ་སྨོས་ཏེ། བདག་ཤེས་པ་ཞེས་བྱ་བར་སྙེགས་སོ།། དེ་ཅིའི་ཕྱིར་ཞེ་ན། ཧ་ཅང་ཐལ་བའི་ཕྱིར་རོ།། དེ་ལྟ་ནུ་ནི་ཤེས་པ་ཐམས་ཅད་ཀྱང་ཐམས་ཅད་རིག་པ་པོར་འགྱུར་ཏེ། ཤེས་པ་གྲང་ཡང་དངོས་པོ་ཅི ་ཡང་མ་ཤེས་པ་མེད་པའི་ངོ་བོ་ཉིད་དུ་འགྱུར་རོ།། གལ་ཏེ་སྔོན་པོ་ཤས་པཱ་ནི་སེར་པོ་ཤེས་པའི་རིག་པའི་ངོ་བོ་ཉིད་མ་ཡིན་ནོ་ཞེ་ན། རིག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་མི་རུང་སྟེ། ཡུལ་མྱོང་བ་ནི་འདི་ནི་སྔོན་པོ་ཤེས་པ་ཡིན་གྱི། ་འདི་སེར་པོ་ཤེས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་རྣམ་པར་དབྱེ་མ་མེད་པའི་ཕྱིར་རོ།། གལ་ཏེ་རང་རིག་པའི་ངོ་བོ་ཡིན་པས། བདག་རིག་ཅེས་བྱ་བར་སྟེགས་ཏེ། དེའི་ཕྱིར་རྒྱུ་དེས་ཧ་ཅང་ཐལ་བར་མི་འགྱུར་རོ་ཞེ་ན། དེ་ཡང་མི་རུང་སྟེ་དེ་ནི ་མི་རིགས་པ་ཞེས་བྱ་བ་ལྷག་མའོ།། ཅིའི་ཕྱིར་ཞེ་ན། ཉེ་བའི་རྒྱུ་མེད་པའི་ཕྱིར་རོ།། དོན་འདི་སྐད་དུ་འདི་ནི་རང་རིག་པའི་ང་བ་ཡིན་གྱི། འདི་གཞན་རིག་པའི་ང་བ་རྣམ་ཡིན་ནོ་ཞེས་འདི་ལ་ཉེ་བའི་རྒྱུ་ཅི་ཞིག་ཡོད་དོ།། གང་གིས་ན ་དེ་སྐད་ཅེས་སྨྲ་ཞེས་བྱ་བར་བསྟན་པར་འགྱུར་རོ།། དེ་ལྟ་མ་ཡིན་ཏེ། ཉེ་བའི་རྒྱུ་མེད་པར་ཡིན་ན་ནི་ཧ་ཅང་ཐལ་བར་སྔ་མ་དེ་ཉིད་དུ་འགྱུར་རོ།། ཅི་སྟེ་རྒྱུ་ཡོད་ལ་རྒྱུ་དེའང་དེའི་རྣམ་པ་ལས་གཞན་མ་ཡིན་ནཱ་ནི། དེ་ལྟ་ན་འང་རང་སྣང་བར་ཁས་ལེན་ན་ནི་ཐ་དད ་བར་འགྱུར་རོ། ཞེས་སྐྱོན་སྔར་བསྟན་ཟིན་ཏེ།། མི་རུང་སྟེ་ལེན་བཏབ་ཟིན་པའི་ཕྱིར་རོ།། ཞེས་བྱ་བས་ནི་འདི་སྐད་དུ། གལ་ཏེ་རིག་པའི་ངོ་བོ་ཉིད་ནི། རང་གི་རྒྱུ་ལས་སྐྱེས་པ་ཡིན་ནོ་ཞེ་ན། དེ་ལ་ཁོ་བོས་རིགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཡང་མ་ཡིན་ཏེ། ཧ་ཅང ་ཐལ་བའི་ཕྱི་རོ།། ཞེས་བྱ་བས་ལན་བཏབ་ཟིན་ཏེ། ཞེས་བྱ་བར་བསྟན་པ་ཡིན་ནོ།། ཇི་སྟེ་རང་རིག་པའི་ངོ་བོ་ཉིད་ནི་རང་གི་རྒྱུ་ལས་སྐྱེས་པ་ཡིན་ནོ་ཞེ་ན། ཁོ་བློས་དེ་ལའང་རང་རིག་པའི་ངོ་བོ་ཡིན་པས་དེའི་ཕྱིར་ཧ་ཅང་ཐལ་བར་མི་འགྱུར་རོ་ཞེ་ན་ཡང་མི ་རུང་སྟེ་ཉེ་བའི་རྒྱུ་མེད་པའི་ཕྱིར་རོ།། དེ་ལྟ་མ་ཡིན་ན་ཧ་ཅང་ཐལ་བ་དེ་ཉིད་དུ་འགྱུར་རོ་ཞེས་བྱ་བས་ལན་བཏབ་ཟིན་ཏེ། རྣམ་པ་གཞན་ནི་མི་སྲིད་དོ།། ཙྭིའི་ཕྱིར་མི་སྲིད་དོ།། འདི་ལྟར་གང་གི་ཕྱིར་འདི་ནི་བདག་རིག་པ་ཡིན་གྱི། འདི་གཞན་རིག་པ་ནི་མ ་ཡིན་ནོ་ཞེས་བྱ་བ་འདི་ལྟ་བུའི་ངོ་བོ་ཉིད་ཅིག་ཤེས་པ་དེ་ལ་ཡོད་མེད་ཀྱི། དོ་ནི་དཔྱད་པར་མི་ནུས་སོ་ཞེ་ས། གལ་ཏེ་དེ་ལྟར་དཔྱད་དུ་མེད་པས་འདི་ནི་བདག་གིས་བདག་རིག་པ་ཡིན་གྱི། གཞན་རེག་པ་ནི་མ་ཡིན་ནོ་ཞེས་དེ་ལྟར་རྣམ་པར་འཇོག་ན ་ཇི་སྐད་བརྗོད་པར་བྱ། བདག་རིག་པ་ལེགས་པར་གནས་པ་ཡིན་ཏེ། དེའི་ཕྱིར་འདི་ནི་གྱི་ནའོ།། ཤེས་པ་དེའི་ངོ་བོ་ཉིད་ནི་འདི་འདྲ་སྟེ། རང་གི་རྒྱུ་ལས་སྐྱེས་ཞེས་བྱ་བ་དེ་ལ་ཚད་མ་ཅི་ཡང་མེད་པའི་ཕྱིར། མི་བསླུ་བའི་ཚད་མ་མེད་པའི་ཕྱིར་ཏེ། ཞེས ་བྱ་བ་སྨོས་སོ།། ཚད་མ་མེད་ཀྱང་ཤེས་པ་དེ་ལྟ་བུ་འབྱུང་བ་མི་རིགས་པར་བརྗེད་པའི་ཕྱིར། སེམས་མི་མཐུན་པ་གཞན་རྣམས་ནི། ཞེས་བྱ་བ་ལ་སོགས་པ་སྨོས་སྷོ།། སེམས་མྱི་མཐུན་པ་ཞེས་བྱ་བ་ནི་གཞུང་ཝུ་གསུ་ཐ་དད་པཱ་ལཱྀ་གནས་པ་རྣམ་སོང ་རང་གི་ཚུལ་བརྗོད་པ་ནི་རང་གི་གྲུབ་པའི་མཐའ་བརྗིད་པའོ།། རྣམ་པ་མེད་པར་སྨྲ་བཽ། ཞེས་བྱ་བ་ལ་སོགས་པ་ནི་འདིར་སྔོན་སྨྲས་པའོ།། དེ་སྐད་བརྒལ་བ་ཞེས་བྱ་བ་ནི་ཤེས་པ་འདི་ནི་རྣམ་པ་མེད་པ་ཁོ་ན་ཡིན་ལ། དེའི་བདག་ཉིད་ནི་དི་ནི་འདྲ་སྟེ། རང་གི ་རྒྱུ་ལས་སྐྱེས་ཤིང་གང་གིས་འདི་ལྟར་འདི་ནི་སྔོན་པོ་རིག་པ་ཡིན་གྱི་སེར་པོ་རིག་པ་ནི་མཱ་ཡིན་ནོ་ཞེས་བྱ་བར་འགྱུར་བའོ།། དེ་བས་ན་འདིར་གཏན་ཚིགས་ཀྱིས་ཅི་ཞིག་བྱ་ཞེས་བྱ་བའོ།། མཚན་ཉིད་དང་རྣམ་འགྲེལ་བྱེད་པ། སྨོས་པ་ནི་དེ་གཉིས་ཁྱེད་ཀྱི ་ནང་ན་རྟོག་གེ་བའི་མཆོག་ཡིན་ནོ།། གཞན་ཡང་རུང་ཞེས་སྨྲས་པ་ནི་རིགས་པ་འདིའི་རྗེས་སུ་འབྲང་བུ་ཁྱེད་ཡིན་ཏེ། ཅི་བྱར་ཡང་མེད་དོ་ཞེས་བསྟན་པའི་ཕྱིར་ལ་ཡུག་པ་རྒྱང་གི་རིགས་པ་འདི་ལྟ་བུ་འདི་རྟོག་རེགེ་པ་གཞན་དག་ཀྱང་ཁས་མི་ལེན་ཏེ། ་ངོའི་ཕྱིར་དེ་ནི་རིགས་པ་དང་ལྡན་པ་མ་ཡིན་ནོ་ཞེས་བསྟན་ཏོ།། གཞིརན་ཡང་དེ་ངོ་བོ་ཉིད་ནི་འདི་འདྲ་སྟེ་རང་གི་རྒྱུ་ལས་སྐྱེས་ཞེས་བྱ་བ་འདི་ལྟ་བུ་ནི་རིགས་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། རྒྱུའི་ནུས་པ་བཀག་ཕྱིར་རོ།། འོག་ནས་ཤེས་བྱ་བ་ལྷག་མའོ།། ་རང་རིག་པ་མི་རིགས་པའི་ཕྱིར་ང་བ་ཉིད་གསུམ་པའང་མི་མཐོང་བ་ཡོན་དུ་དྲུག་ཀྱང་། ང་བོ་ཉིད་གསུམ་པ་དོནི་ཡོད་གཟོན་སྟེ། གང་གི་ཕྱིན་མི་དམིགས་པ་ཙམ་གྱི་ཕྱིར་མེ་ང་ཞུསངས་པར་བྱར་མིན ་ཞེས་བརྒྱལ་དེ་སྐད་ཟེར་ན། དེའི་ཕྱིར་ངེས་པར་བྱ་བར་མི་ནུས་ཞེས་བྱ་བ་སྨོས་ཏེ། དེ་དང་སྦྱར་རོ།། གྲང་གིས་ཞེ་ན། མི་མཐོང་བ་ནི་དེ་ན་མཐོང་བའོ་ཞེས་བྱ་བར་ཆུག་ནཱའང་། ཞེས་བྱ་བ་སྨྲས་སོ།། གང་ཤིག་ཅེ་ནཱ། ངོ་བོ་ཉིད་ཐམ་སོ་ཅང ་བྱ་བ་སྨོས་ཏེ། གཞན་གྱི་དབང་ལ་སོགས་པའི་ངོ་བོ་ཉིད་ཡོད་བཞིན་དུ་ཞེས་བྱ་བ་ལྷག་མའོ།། ཅིའི་ཕྱིར་ཞེ་ན། དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་སྨོས་ཏེ། རང་རིག་པ་མི་རིགས་པའི་ཕྱིར་རོ།། ཇི་ག་ཞེས་བྱ་བ་ནི་མི་བཟོད་པར་སྟོན་པའོ།། ཅིའི ་ཕྱིར་ངེས་པར་བྱར་མི་ནུས་ཤེ་ན། དེའི་ཕྱིར་འདི་ལྟར། ཡོད་མེད་དངོས་པོ་མཁྱེན་པའོ།། ཀུན་མཁྱེན་པས་ཀྱང་གང་མ་གཟིགས།། དེ་ཡི་དངོས་པོ་ཅི་འདྲ་ཞིག། ཤིན་ཏུ་ཞི་བའི་ལྟ་བས་དཔྱོད། ཅེས་བྱ་བ་སྨོས།། ཀྱང་ཞེས་བྱ་བའི་སྒྲ་ནི་གཞན་ལྟ ་ཞོག་ཅེས་བྱ་བའོ།། ཅི་འདྲི་ཞིག་ཅེས་བྱ་བ་ནི་སྤྱོད་པའོ།། ཤིན་ཏུ་ཞིབ་པའི་ལྟ་བས་ཞེས་བྱ་བ་ནི་མཱཆོག་ཏུ་ཕྱག་བྱས་པའི་ཐ་ཚིག་གོ།། ཤིན་ཏུ་ཞེས་བྱ་བ་ནི་ཞིབ་པའི་ལྟ་བ་ཞེས་བྱ་བའི་བྱེ་བྲག་གོ།། ཡང་ན་དཔྱོད་ཅིག་པའོ།། དེ་ཉིད་ཀྱི་ཕྱིར་ཇི་ལྟར་སྣང་བ་ནི་ཀུན་རྫོབ ་ཀྱི་འདེན་པར།། དོན་ངས་པའི་བདེན་པ་ནི་ས་སོ་རང་ལ་ཇི་ལྟར་ཡང་སྲུང་བའི་མི་འགྱུར་ཏོ།། དེ་ཉིད་ཀྱི་ཀྱི་མདོ་ལས་ཀྱང་། དེ་ལ་ཀུན་རྫོབ་ཀྱི་བདེན་པ་གང་ཤེ་ན~ཾ། ཇི་སྣོད་འཛིག་རྟེན་གྱི་ཐ་སྙད་གདོགས་པ་དང་། ཡི་གེ་དང་སྒང་དང་བརྗི་དུ ་དག་གོ།། དོན་དམ་པའི་བདེན་པ་ནི་གང་ལ་སེམས་རྒྱུ་བའང་མེད་ན། ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་སོ།། ཞེས་བྱ་བ་སྨོས་སོ།། མདོའི་ཚིག་འདི་དག་བཤད་པར་འཚལ་ནས། འཇིག་རྟེན་གྱི་ཐ་སྙད་གདགས་པ་ནི་འཇིག་རྟེན་གྱི་འཇུག་པ ་ཤེས་པ་དང་ཤེས་ཕྱིའི་མཚན་ཉིད་ཡིན་ནཱ~ཾ་གྱི།། ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ཐ་སྙད་གདགས་པ་ཞེས་བྱ་བ་ནི་ལུས་སུ་སྒྲུབ་པའོ།། རྗོད་པར་བྱེད་པའི་མཚན་ཉིད་དེ་ནི། ཡི་གེ་དང་སྐད་དང་བརྡ་བསྟུན་པ་ཞེས་བྱ་བའི་ཚིག་འོག་མ་འདིས་བརྗོད་པའི ་ཕྱིར་རོ།། རྗོད་པར་བྱེད་པའི་མཚན་ཉིད་དེའང་འཇིག་རྟེན་གྱི་འཇུག་པ་ཤེས་བྱིའི་མཚན་ཉིད་དུ་མ་གཏོགས་སུམ་ཙོ་ན། རྗོད་པར་བྱེད་པའི་མཚན་ཉིད་ནི་མ་ཡིན་ནོ་ཞེས་པ་ཤད། དེ་ནི་བདོན་ཏེ་ཤེས་ཕྱིའི་ངོ་བོས་ནི་འདུས་མོད་ཀྱི། རྗོད་པར་བྱེད་པའི ་བོ་བོས་མ་ཡིན་ཏེ།། དེ་ནི་བྱེད་པ་ཡིན་ལ། ལྟས་ཀྱི་ངོ་བོ་ནི་མ་ཡིན་པས་ཉེས་པ་མེད་དོ།། དེས་ན་ཞེས་བྱ་བ་ནི། ཇི་སྙེད་པ་ཞེས་བྱ་བའི་ཚིག་གིས་སོ།། ཡང་ན་དེས་ན་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཐ་སྙད་གདགས་པ་འཇིག་རྟེན་གྱི་འཇུག་པ་ཤེས་པ་དང་། ཤེས ་བྱབྱིའི་མཚན་ཉིད་ཞེས་བྱ་བ་འདྲིས་སོ།། ཡང་ཞེས་བྱ་བའི་སྒྲ་ནི་གཞན་གྱི་མི་སྲིད་དོ་སྙམ་པ་བཅ་པ་སྣརོན་ཏྲཱ~ཾ་ཁོ་ནྡ་ཡིན་ནོ་ཞེས་བྱ་བའི་ཚིག་ནི་མ་ཡིན་ནོ་སྙམ་དུ་དོགས་པར་མི་བྱ་བར་བསྟན་པའི་ཕྱིར་རོ།། དེ་ནི་ཞེས་བྱ་བ་ནི་ཇི་སྙེད་ཞེས་བྱ་བའི་ཚིག་ལ་བྱའོ།། ་འོག་ཏུ་ཡང་ཞེས་བྱ་བ་ནི་ཡི་གེ་དང་སྐད་དང་བརྡ་བསྟོན་པའོ།། ཞེས་བྱ་བ་དེར་རོ།། བརྗོད་ཟིན་པའི་དོན་བསྟན་པོར་བྱ་བའི་ཕྱིར། དེ་ནི་དེ་ལྟར་རྟོགས་པར་བྱ་ཞེས་བྱ་བ་སྨོས་ཏེ། ནི་ཞེས་བྱ་བ་ནི། ཤེས་པ་དང་ཤེས་བྱའི་མཚན་ཉིད་ཅེས་བྱ་བ་དང་། ་རླུབ་བྱུད་ན་ང་ན་ན་མནནནས་རྣན་དགས་པར་བྱ། མས་པ་ལ། ད་ས་པར་འདུ་བྱ་བརྫུན་པ་མསམས་ན་ངས་ང་ཤེས་ག་མ་པ་ས་ས། ་ནི་གང་ལ་སེམས་རྒྱུ་བའང་མེད་པ་ཡིན་གྱི་ཚིག་འབའ་ཞིག་ནི་མ་ཡིན་ཏེ། དེ་ནི་དོན་དམ་པའི་བདེན་པ་ཡིན་ནོ་ཞེས་བརྗོད་པའི་ཕྱིར་ལ། གང་ལ་སེམས་རྒྱུ་བ་དང་ཚིག་ཀྱང་ཡོད་པ་དེ་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ།། ཞེས་བསྟན་པ་ཡིན་ནོ།། དེ་ལྟར་ཤེས་པ་དང་། ཤེས་བྱ་འཇུག ་པའི་མཚན་ཉིད་ཀུན་རྫོབ་ཀྱི་བདེན་པ་ཡིན་ན། གཟུགས་ལ་སོགས་པ་དང་། བདེ་བ་ལ་སོགས་པ་སེམས་ཀྱི་ཡུལ་ཡིན་པར་གྱུར་པ་ཡང་། གང་གི་ས་ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་མི་འགྱུར་ཞེས་སུ་ཞིག་ཟློག་པར་བྱེད་ཅེས་དེ་སྐད་བསྟན་པ་ཡིན་ཏེ། དེ་ནི་དེ་ལྟར་རྟོགས ་པར་བྱའོ།། གང་གི་ཕྱིར། རྗོད་པར་བྱེད་པའི་མཚན་ཉིད་ཁོ་ནར་ཀུན་རྫོབ་ཀྱི་བདེན་པ་ཡིན་ན། ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་པར་ཁས་ལེན་ན་ནི་ཞེས་བྱ་བ་ལྷག་མའོ།། ཡི་གེ་རྒྱུ་བ་ཡང་མེད་ན་ཞེས་གསུངས་པར་འགྱུར་གྱི། སེམས་ཞེས་གསུང་བར་མི ་འགྱུར་རོ།། ཞེས་བྱ་བ་ནི་སེམས་རྒྱུ་བོ་མེད་པ་ལ་ནི་མི་བྱ་སྟེ། གང་གི་ཕྱིར་སེམས་རྒྱུ་བ་ཀུན་རྫོབ་ཀྱི་བདེན་པ་ཡིན་པར་ཁས་མ་བླངས་པའི་ཕྱིར་རོ།། ཁོ་ན་ཞེས་བྱ་བ་ནི་སྔ་མས་རྒྱུ་བའི་མཚན་ཉིད་ཀུན་རྫོབ་ཀྱི་བདེན་པ་མ་ཡིན་པར་རྣམ་པར་བཅད་པའི་ཕྱིར་རོ།། གལ ་ཏེ་ཇི་སྐད་གསུངས་པའི་གོ་རིམ་ཅན་དེ་གཉིས་མི་འདོད་ནི་ནི་སེམས་རྒྱོ་བའང་མེད་ན། ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བརྗོད་པར་བྱ་བའི་གོ་རིམ་ཅོའི་ཕྱིར་མ་མཛད་ཅེས་བྱ་བས་ནི་སྔོན་བསྟན་ཏོ།། གོ་རིམ་དེ་གང་ཡིན་ཞེ་ན། སེམསོ་རྒྱུ་བའང་མ ་ན། ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་སྨོས་སོ།། ཅིའི་ཕྱིར་གོ་རིམ་མི་རུང་ཞེ་ན། གལ་ཏེ་ཇི་སྐད་གསུངས་པ། ཞེས་བྱ་བ་སྨོས་ཏེ། ཇི་སྐད་གསུངས་པ་ནི་གཉིས་ཏེ། སེམས་རྒྱུ་བའི་མཚན་ཉིད་དང་། རྗོད་པར་བྱེད་པའི་མཚན ་ཉིད་དོ།། ཅི་འདྲ་བ་ཞིག་ཙཱི་ནི། གོ་རིམ་ཅན་ཞེས་བྱ་བ་སྨོས་ཏེ། གོ་རིམ་ཅན་ནི་སེམས་རྒྱུ་བ་དེ་རྗོད་པར་བྱེད་པའི་སྔོན་དུ་འགྲོ་བ་ཡིན་པའི་ཕྱི་རོ།། མི་འདོད་ན་ནི་ཉེ་བྱ་བ་ནི་ཀུ་རྫོབ་ཀྱི་བདེན་པ་ཉིད་དུ་ཞེས་བྱ་བ་ལྷག་མའོ།། གལ་ཏེ་འདོད་པར་གྱུར་ན་ནི ་དེའི་རྒྱུ་མེད་ན་འབྲས་བུ་མེད་པས་སེམས་རྒྱུ་བ་ཡང་མེད་ན། ཡི་གེ་རྣམས་ལྟ་སྨོས་ཀྱི་ང་ཅི་དགོས། ཞེས་བྱ་བའི་གོ་རིམི་རུང་བར་འགྱུར་རོ།། རྗོད་པར་བྱེད་པ་ནི་ཀུན་རྫོབ་ཀྱི་བདེན་པ་ཉིད་དེ། དེ་ཀུན་ནས་སློང་བ་ཡིན་པས་རྣམ་པར་རྟོག་པའི་ཤེས ་པ་ཡང་ངོ་།། རྣམ་པར་མི་རྟོག་པའི་ཤེས་པ་དེ་ནི་ཀུན་རྫོབ་ཀྱི་བདེན་པ་མ་ཡིན་པ་ཁོ་ན་ཡིན་པས། དེས་ཡོངས་སུ་བཅད་པའི་བདེན་པ་ལ་སོགས་པ་ཀུན་རྫོབ་ཀྱི་བདེན་པར་ཇི་ལྟར་འགྱུར་ཏེ། དེ་ལྟར་ན་སེམས་རྒྱུ་བ་མེད་པ་ཞེས་བྱ། ་པ་འདིར་རྣམ་པར་རྟོག་པའི་ཤེས་པ་ཁོ་ན་ཡོངས་སུ་གཟུང་ངོ་ཞེས་བརྒྱ་ཞིག་ལ་དེ་སྐད་ཟེར་དུ་འོང་བས། རྣམ་པར་རྟོག་པའི་ཤེས་པ་ཉིད་ཡིན་པར་ཡོངས་སུ་གཟུང་ན་ནི། སེམས་རྒྱུ་བ་ཡང་མེད་ན་ཞེས་བྱ་བ་འདིར། རྣམ་པར་རྟོག་པ ་རྒྱུ་བ་ཡང་མེད་ན་ཞེས་གསུང་བར་འགྱུར་ཏེ། ཞེས་བྱ་བ་སྨོས་སོ།། ཅིའི་ཕྱིར་ཞེ་ན། ཐེ་ཚོམ་མེད་པའི་ཕྱིར་རོ།། སེམས་ཡིན་པར་གཟུང་ན་ནི་ཅི་རྣམ་པར་རྟོག་པའི་ཤེས་པ་ཡོངས་སུ་གཟུང་ངམ། འོན་ཏེ་སེམས་ཙམ་ཁོ་ན་ཡིན ་ཞིག་གུ་སྙམ་དུ་ཟླུམས་ཟ་བར་འགྱུར་རོ།། གལ་ཏུ་སེམས་སྨྲས་པ་སྤྱིའི་སྒྲ་ཡིན་ཀྱང་རྣམ་པར་རྟོག་པའི་ཤེས་པ་ཡོངས་སུ་གཟུང་བར་འགྱུར་རོ་ཞེ་ན། འདི་ལ་ངེས་པར་བྱེད་པའི་ཆུད་མ་ནི་མེད་དོ་ནས ་བ་སྨོས་སོ།། འདི་ལ་ཞེས་བྱ་བ་ནི་སེམས་རྒྱུ་བ་མེད་ཅེས་བྱ་བ་འདི་ལའོ།། གལ་ཏེ་རྣམ་པར་རྟོག་པ་ཉིད་ཡོངས་སུ་གཟུང་གི། སེམས་ཙམ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ལ། སེམས་ཀྱི་སྒྲ་ནི་སྤྱིའི་སྒྲ་ཡིན་མོད་ཀྱི། བྱེ་བྲག་ཏུ་ནི་རྣམ་པར ་རྟོག་པ་ལ་གནས་པར་འགྱུར་ཞེ་ན། སྤྱིའི་སྒྲ་ཡང་དོན་དང་སྐབས་ལ་སོགས་པ་མེད་པར་བྱེ་བྲག་ཏུ་གཞག་པར་མི་ནུས་སོ་ཞེས་བྱ་བ་སྨོས་ཏེ། སོགས་པ་སྨོས་པ་ནི་ལྷན་ཅིག་རྒྱུ་བ་ལ་སོགས་པ་ཡོངསུ་གཟུང་ངོ་།། གཉིས་ནི་སེམས་རྒྱུ་བ་མེད ་ན། ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའོ།། ཅིའི་ཕྱིར་གཉིས་བརྗོད་པར་མི་བྱ་ཞེ་ན། རྗོད་པར་བྱེད་པའི་སྤྱི། ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དེ་ནི་འདྲི་སྐད་དུ་སྤྱི་ཞེས་བྱ་བ་གུད་ནཱ་མེད་དེ། རྣམ་པར་རྟོག་པའི་ཤེས་པའི ་རྗེས་སུ་འཇུག་པ་ཁོ་ནའི་ངོ་བོ་ལ། ཕྱི་རོལ་གྱི་ངོ་བོར་བཟུང་བ་ནི་ཡི་གེའི་སྤྱི་ཡིན་ནོ།། དེ་ལྟར་ན་སེམས་རྒྱུ་བ་མེད་པ་བརྗོད་ནི་འོག་མ་ཡི་གྲེ་རྣམས་རྒྱུ་བ་མེད་པ་ཡང་བརྗོད་པ་ཉིད་དུ་འགྱུར་ཏེ། དྲིའི་ཕྱིར་ཡི་གེ་རྣམས་རྒྱུ་བ་མེད་ཞེས་བརྗོད་པ་དོན་མེད ་དེ་ནས་བསྟན་པར་འགྱུར་རོ།། སྔོན་བརྟན་པ་ནི། ཡང་ཞེས་བྱ་བའི་སྒྲ་མཛེས་པ་མ་ཡིན་ནོ།། ཞེས་བྱ་བར་སྦྱོར་རོ།། ཅིའི་ཕྱིར་ན་ཡིན། བརྗེད་པར་བྱེད་པའི་སྦྱི་རྣམ་པར་རྟོག་པའི་རྗེས་སུ་འབྲང་བ་ཡིན་པ། དེ་བླན་ནི་སེམས ་རྒྱུ་བ་མེད་པ་དེ་དང་ཐ་དད་པ་མ་ཡིན་པའི་ཕྱིར། ཡི་གེ་རྣམས་རྒྱུ་བ་མེད་པའང་བསྟན་པ་ཡིན་ཏེ། དེའི་ཕྱིར་འདི་ལ་གང་གིས་ཡང་ཞེས་བྱ་བའི་སྒྲ་མཛེས་པར་བྱེད་པ་ལྷག་པ་ཅི་ཡང་མེད་དོ།། ཕྱིར་ཞེས་བྱ་བ་ནི་དེའི་ཕྱིར་རོ་ཞེས་བྱ་བ་འདིའི ་སྨོན་ཏོ།། གལ་ཏེ་ཡི་གེ་རང་གི་མཚན་ཉིད་དུ་གྱུར་པ་རྣམས་རྣམ་པར་རྟོག་པའི་ཤེས་པའི་རྗེས་སུ་འབྲང་བ་མ་ཡིན་ཏེ། དེ་དག་ཐུགས་ལ་བཞག་ནས། ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་དེ་སྐད་གསུངས་སོ་ཞེ་ན། རང་གི་མཚན་ཉིད ་ནིརྗོད་པར་བྱེད་པ་མ་ཡིན་པའི་ཕྱིར་དེ་ཐུགས་ལ་བཞག་ན་བརྗོད་པ་རུང་བ་ཁོ་ན་མ་ཡིན་ནོ།། ཞེས་བྱ་བ་སྨོས་སོ།། ཡི་གེ་རྣམས་རྒྱུ་བ་ནི་རྗོད་པར་བྱེད་པ་ཡིན་པའི་ཕྱིར་ཏེ། དེ་ནི་རང་གི་མཚན་ཉིད་ལ་ཡོད་པ་མ་ཡིན་པ་ཁོ་ནའོ།། དེ་ལྟར་ན་ནི ་འདི་གསུངས་པས་ཅི་ཞིག་ཏུ་འགྱུར་སྙམ་དུ་སེམས་སོ།། ཇི་སྟེ་ཡང་ཇི་ལྟར་གྱུར་ཀྱང་ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་འདི་མི་བརྗོད་དུ་མི་རུང་ངོ་སྙམ་དུ་སེམས་ན། དེ་ལྟ་ནུའང་། དོན་འོག་མ་བརྗོད་པར་ཡི་གེ་རྣམས་ལྟ་སྨོས་ཀྱང ་ཅི་དགོས་ཞེས་བྱ་བ་འོག་ཏུ་བརྗེད་པ་འདིར། གོང་མ་སེམས་རྒྱུ་བ་ཡང་མེད་ན་ཞེས་བྱ་བ་དེ་འདུས་པ་ཉིད་དུ་འགྱུར་རོ།། ཅིའི་ཕྱིར་འདུས་པར་འགྱུར་ཞེ་ན། རྗོད་པར་བྱེད་པ་སྤྱིའི་རྗེས་སུ་ནང་གི་རྗོད་པ་འབྲང་བ་ཡིན་པའི་ཕྱིར་རོ།། ་ཞེས་བྱ་བ་སྨོས་སོ།། དེའི་ཕྱིར་གཉིས་བརྗོད་པར་མི་འ་གྱུར་པ་ཞིག་ན། གཉིས་ཀའང་བཀའ་སྩལ་ཏོ།། དེའི་ཕྱིར་རབ་ཏུ་བསྒྲུབ་པར་བྱ་བ་འདོད་པའི་དོན་མཇུག་བསྡུ་བའི་ཕྱིར། དེ་ལྟ་བས་ན་དངོས་པོ་ཙམ་དང་མཐུན་པར ་བྱེད་པའི་དང་ཅན་གྱི་སེམས་རྒྱུ་བ་ཡང་མེད་ཅེས་བྱ་བ་འདི་ཉིད་ཡང་དག་པར་ན། བཅོམ་ལྡན་འདས་བཞེད་དོ།། ཞེས་བྱ་བ་སྨོས་ཏེ། དངོས་པོ་ཙམ་དང་འཐུན་པར་བྱེད་པའི་རང་ཅན་གྱི་སེམས་ནི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་གྱི་ཤེས་པ་ལ ་བྱའོ། ཡང་ཞེས་བྱ་བའི་སྒྲ་ནི་སྲིད་པ་སྟེ། རྣམ་པར་རྟོག་པའི་ཤེས་པ་ཡོངས་སུ་གཟུང་བའི་ཕྱིར་ནི་མ་ཡིན་ནོ།། ཡང་ན་བཅོམ་ལྡན་འདས་ཀྱང་བཞེད་དོ།། ཞེས་བལྟ་བར་བྱ་སྟེ། འཕགས་པ་བློ་གྲོས་མི་ཟད་པ་འབའ་ཞིག་ནི་མ་ཡིན་པར་འདོད་དོ།། ཡང་དག་པར ་ན་ཞེས་བྱ་བ་ནི། དེ་ཁོ་ན་ཉིད་དུ་ནའོ།། བཞེད་ཅེས་བྱ་བ་ནི་དགོངས་ཞེས་བྱ་བའི་ཐ་ཚིག་གོ། དེ་ལྟ་ན་ནི་ཐམས་ཅད་འཚམ་མོ།། ཞེས་བྱ་བ་ནི་མཛེས་སོ་ཞེས་བྱ་བའི་ཐ་ཚིག་སྟེ་དེ་ནི་བརྡ་ཕྲད་སླའོ།། དེ་ལྟར་ན་དངོས་པོ་ཙམ་དང་མཐུན་པར་བྱེད་པའི་ངང་ཅན ་གྱི་སེམས་ཀྱི་རྫ་སུ་འཇུག་པ་རྗོད་པར་བྱེད་སྤྱི་ནི་མ་ཡིན་ཏེ། དེའི་ཕྱིར་གཉིས་བརྗོད་པ་རིགས་ཏེ། གླང་དུ་དངོས་པོ་ཙམ་དང་འཐུན་པར་བྱེད་པའི་ངང་ཅན་གྱི་སེམས་མི་འཇུག་པ་དེར། རྣམ་པར་རྟོག་པ་ཡང་མི་འཇུག་པ་ཁོ་ན་སྟེ་དེས་རབ་ཏུ་ཕྱེ་བའི་ཕྱིར་རོ།། ་དེ་ལྟར་ན་རྣམ་པར་རྟོག་པའི་རྗེས་སུ་འཇུག་པ་རྗོད་པར་བྱེད་པའི་སྤྱི་ནི་ཐག་རིང་བ་ཁོ་ན་ཡིན་པས་ཡང་ཞེས་བྱ་བའི་སྒྲའང་འཚམ་པ་ཉིད་དོ།། དེ་ལྟར་གྱུར་ན་གཟུགས་ལ་སོགས་པ་དང་། བདེ་བ་ལ་སོགས་པ་ཡང་ཀུན་རྫོབ་ཀྱི་བདེན་པ ་ཡིན་ནོ། ཡིན་དེ་ལྟ་ཡིན་ན། གལ་ཏེ་ཁ་ཅིག་འདི་སྐད་དུ་གཟུགས་ལ་སོགས་པ་དང་། བདེ་བ་ལ་སོགས་པ་སོ་སོ་རང་གིས་གནས་པ་གང་དག་ཡིན་པ་དེ་དག་ནི་དོན་སོ་སོར་ངེས་པའི་རྣམ་པའི་ཚིག་གིས་རེག་པ་མ་ཡིན་ཏེ། དེ་དག་ནི ་ངག་གི་ལམ་ལས་འདས་པས་ཀུན་རྫོབ་ཀྱི་བདེན་པ་མ་ཡིན་ཏེ། དེ་ནི་ཐ་སྙད་གདགས་པ་ཡིན་པའི་ཕྱིར་ཏེ། འདི་ལྟར་མདོ་ལས་དེ་ལ་ཀུན་རྫོབ་ཀྱི་བདེན་པ་གང་ཞེ་ན། འཇིག་རྟེན་གྱི་ཐ་སྙད་གདགས་པ། ཡི་གེ་དང་སྐད་དང་བརྡ་བསྟན་པ་ཇི་སྙེད ་པ་དག་གོ་ཞེས་གསུངས་པའི་ཕྱིར་རོ།། འདི་ལ་ཚིག་གི་དོན་ནི་གྲགས་པའི་དངོས་པོའི་རྒྱུ་ལས་བྱུང་བ། སྒྲ་དང་དོན་དང་མ་གྲགས་པའི་རྣམ་པ་གསལ་བར་བྱ་བའི་ཕྱིར་དེ་གཉིས་དང་མཐུན་པར་བརྡ་ཤེས་པ་རྣམས་ཀྱི་ཡི་གེ་དང་། ཚིག་དང ་ངག་མདོ་སྡེ་དང་འབྲེལ་པ་ཡང་རུང་སྟེ། བརྗོད་པར་བྱ་བ་དང་བཅས་པ་ནི་ཀུན་རྫོབ་ཀྱི་བདེན་པ་ཞེས་གསུངས་སོ།། དེ་དག་ནི་དེ་བཞིན་དུ་སྤྱིའི་རྣམ་པ་འཛིན་པ་མ་ཡིན་ཏེ། དེའི་ཕྱིར་རྗོད་པར་བྱེད་དོ་ཞེ་ན། དོན་དམ་པ་ལའང་ཐལ་བར་འགྱུར་ཏེ། དེའང ་ཚིག་གི་ངོ་བོའི་རྗོད་པར་བྱེད་པས། བརྗོད་པར་བྱ་བ་ཡིན་པའི་ཕྱིར་རོ།། དེ་དག་ནི་དོན་དམ་པའི་བདེན་པ་མ་ཡིན་ཏེ། དེ་དག་ལ་དངོས་པོའི་སྒྲ་ཡོད་པའི་ཕྱིར་རོ།། རྣམ་པ་གཞན་ནི་མེད་པས། དེའི་ཕྱིར་དེ་དག་ནི་མེད་དེ། རང་གི་ཤེས་པ་འགལ ་བ་བདེན་པ་གཉིས་ཀྱིས་མ་བསྡུས་པའི་ཕྱིར་ལོ། དེ་དག་ནི་ཡོངས་སུ་འཁྱམ་པ་ཡིན་ཏེ། འདི་ལྟར་བཅོམ་ལྡན་འདས་ནི་ཐ་སྙད་གདགས་པ་ཁོ་ན་ཀུན་རྫོབ་ཀྱི་བདེན་པ་ཡིན་པར་མི་གསུང་གི། གང་ལ་སེམས་འཇུག་པ་དེ་ཀུན་རྫོབ་ཀྱི ་བདེན་པའོ་ཞེས་གསུང་ངོ་།། མདོའི་དོན་ནི་བཤད་ཟིན་པ་ཉིད་ཡིན་ནོ།། དོན་དམ་པ་ནི་ངག་གི་ངོ་བོ་རྗོད་པར་བྱེད་པས། བརྗོད་པར་བྱ་བ་མ་ཡིན་པ་འོག་ནས་བརྗོད་པར་བྱའོ།། བདེན་པ་གཉིས་ཀྱིས་མ་ཟིན་པ་ཉིད་ནི་མ་གྲུབ་པ་ཁོ་ན་ཡིན ་ཏེ་སྤྲོས་པས་ཆོག་གོ།། སེམས་སྤྱོད་ཡུལ་ཇི་སྙེད་པ་དེ་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ། དོན་དམ་པའི་བདེན་པ་མ་ཡིན་པའོ་ཞེས་བྱ་བའི་ཐ་ཚིག་གོ།། ཤེས་རྣམ་པར་དག་པའང་ཡང་དག་ཏུ། རིགས་སམ་འོན་ཏེ ་མིན་ཞེས་སོམས། ཞེས་བྱ་བ་ནི་རིགས་པ་མ་ཡིན་པ་ཁོ་ནའོ་ཞེས་བསམས་པའོ།། ཅིའི་ཕྱིར་ཞེ་ན། དེའི་ཕྱིར་སེམས་སྤྱོད་ཡུལ་དུ་གྱུར་པའོ་ཞེས་སྨོས་སོ།། ཅིའི་ཕྱིར་སྙམ་པ་ལ། བདག་ཉིད་རིག་པ་ཡིན་པའི་ཕྱིར་ཞེས་བྱ་བ་སྨོས ་གལ་ཏེ་དེ་ནི་བྱེད་པ་དང་ལས་དང་བྱ་བའི་ངོ་བོས་བདག་ཉིད་རིག་དིས་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ན་ནི་ཤེས་པོའི་བྱེ་བོར་བང་བར་འགྱུར་རོ།། གལ་ཏེ་རིག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་དེ་ལྟ་མ་ཡིན་ནོ་ཞེ་ན། འོན་ནི་དེ་དངོས་པོ་ཐམས་ཅད་རིག ་པར་འགྱུརརོ།། འདི་ནི་བདག་ཉིད་རིག་པའི་ངོ་བོ་ཉིད་ཡིན་ནོ་ཞེས་སྨྲ་ན་ནི། སེམས་སྤྱོད་ཡུལ་ཡིན་པས་དེ་ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་ཁས་བླངས་པས་རེ་ཞིག་བཞག་གོ། ཀུན་རྫོབ་ལ་ལོག་པར་རྟོག་པའི་བློ་ཅན་དག་ལ་རབ་ཏུ་དབྱེ་བ་བྱས ་པས་ཀྱང་རྟོགས་པར་བྱ་བའི་ཕྱིར། ཀུན་རྫོབ་དེ་ནི་ཡང་དག་པ་དང་ཡང་དྲུག་པ་མ་ཡིན་པའི་བྱེ་བྲག་གིས་རྣམ་པ་གཉིས་ཏེ། དེ་ལྟ་བརྟགས་པའི་དོན་གྱིས་དབེན་གྱུར་པ་དངོས་ཙམ་བརྟེན་ནུས་གང་སྐྱེས་དེ། ཡང་དག་ཀུན་རྫོབ ་ཤེས་པར་བྱ། ཞེས་བྱ་བ་ལ་སོགས་པ་སྨོས་སོ།། སོགས་པ་ཞེས་བྱ་བའི་སྒྲ་དང་ལོས་ནི་གནས་པ་ལ་སོགས་པ་ཡོངས་སུ་གཟུང་ངོ་།། འོག་མས་ནི་སྐྱེས་བུའི་ཡོངས་སུ་འགྱུར་བ་ལ་སོགས་པ་བསྡུའོ།། ཡང་དག་པར་ཞེས ་བྱ་བ་ནི། རེ་རེ་དང་ཡང་སྦྱར་རོ།། དངོས་པོ་ཙམ་ཉིད་ཀྱི་གཏན་ཚིགས་ནི་དོན་བྱེད་ནུས་པ་སྟེ། འདི་ཡང་ཇི་ལྟར་སྣང་བ་བཞིན་དུ་ཡིན་གྱི། ཡང་དག་པ་ཇི་ལྟ་བ་བཞིན་ནི་མ་ཡིན་ནོ།། རྒྱུ་དང་རྐྱེན་རྣམས་ལས་བརྟེན་ནས་སྐྱེས་པ་ནི། ཇི་ལྟར ་སྣང་བ་ཞེས་བྱ་བར་བསྙེགས་སོ།། རྒྱུ་རྣམས་ནི་ཐུན་མོངས་མ་ཡིན་པའི་བྱེད་རྒྱུའོ།། རྐྱེན་རྣམས་ནི་ཐུན་མོང་བའོ།། དངོས་སུ་དཔྱད་ན་ནི་རྐྱེན་རྣམས་ཀྱང་རྒྱུ་ཉིད་ཡིན་ནོ།། ཅིའི་ཕྱིར་འདི་ཡང་དག་པའི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་ཞེ་ན། འདི ་ལྟར་བྱིས་པ་ཡན་ཆད་ཀྱི་ཤེས་པ་ལ་དོན་ཇི་སྙེད་ཅེས་བྱ་བ་སྨོས་ཏེ། བུམ་པོ་ལ་སོགས་པ་ཤེས་པ་ལ། སྣང་བ་དེ་ནི་ཡང་དག་པོའི་ཀུན་རྫོབ་ཡིན་པར་རིག་ས་ཏེ་ཞེས་བྱ་བར་སྦྱར་རོ།། ཇི་ལྟར་སྣང་ཞེ་ན། མཐུན་པར་ཞེས་བྱ་བ་སྨོས་སོ།། སུ ་དག་དང་མཐུན་ཞེ་ན། བྱིས་པ་ཡན་ཆད་ཅེས་བྱ་བ་སྨོས་ཏེ། མཁས་པ་ནས་བཟུང་སྟེ། བྱིས་པའི་བར་དུ་ཞེས་བྱ་བའི་ཐ་ཚིག་གོ། དེ་ནི་འདི་སྐད་དུ་གང་དག་བསྟན་ཆོས་ཀྱིས་བསྟན་པོར་བྱས་པའི་བློ་དང་ལྡན་པ་དེ་དག་ལའང་ཇི་ལྟར་བྱིས་པ་ལ་སྣང་བ་དེ ་བཞིན་དུ་བུམ་པ་ལ་སོགས་པ་སྣང་བ་གང་ཡིན་པ་དེ་ནི་ཡང་དག་པའི་ཀུན་རྫོབ་ཀྱི་བདྲེན་པའོ།། བསྟན་བཅོས་ལ་སོགས་པའི་སྟོབས་ཀྱིས་སྒྲོ་བཏགས་པའི་རྣམ་པ་མི་སྣང་བའི་ཚུལ་ཅན་ནི་ཡང་དག་པ་མ་ཡིན་པའི་ཀུན་རྫོབ་ཀྱི་བདེན་པ་ཞེས ་བྱ་བར་བསྟན་པར་འགྱུར་རོ།། ཇི་ལྟར་བུར་སྣང་ཞེ་ན། རྒྱུ་ལས་ཞེས་བྱ་བ་སྨོས་ཏེ། མིག་ལ་སོགས་པ་ཚོགས་པ་ལས་ཞེས་བྱ་བའི་ཐ་ཚིག་སྟེ། ལོག་པ་ལ་གོམས་པའི་བག་ཆགས་ཡོངས་སུ་སྨིན་པ་ལས་སམ། བསྟན་བཅོས་ལས ་བྱུང་བ་ནི་མ་ཡིན་པར་བསམས་པའོ།། འདིས་ནི་རྒྱུའི་སྟོབས་ཀྱིས་གཟུགས་ལ་སོགས་པ་སྣང་བ་དེ་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་གྱི། དོན་དམ་པའི་བདེན་པ་ནི་མ་ཡིན་ནོ་ཞེས་དེ་སྟོན་པར་བྱེད་དོ།། ཅིའི་ཕྱིར་འདི་ཡང་དག ་པའི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་ཞེ་ན། ཤེས་པ་ལ་སྣང་བ་དང་མཐུན་པར་དངོས་པོ་གནས་པའི་ཕྱིར་རོ།། ཞེས་བྱ་བ་སྨོས་སོ།། གལ་ཏེ་དེ་ལྟ་ན་སྐྱེ་བ་ལ་སོགས་པ་འང་ཇིག་ཡང་དག་བཱིའི་ཀུན་རྫོབ་ཀྱི་བདེན་པར་མི་འགྱུར་མ་ཞེ་ན། ཡང་དག་པར ་སྐྱེ་བ་ལ་སོགས་པ་ནི་མི་སྣང་སྟེ། ཞེས་བྱ་བ་སྨོས་སོ།། གལ་ཏེ་མི་སྣང་ན་ཇི་ལྟར་སྒྲོ་བཏགས་པ་ཡིན་ཞེ་ན། ཇི་ལྟ་བུའང་རུང་བ་འམ། གྲུབ་པའི་མཐའ་ལ་བརྟེན་ནས་སྒྲོ་བཏགས་པ་འབའ་ཞིག་ཏུ་ཟད་དོ།། ཞེས་བྱ་བ་སྨོས་སོ།། ཇི་ལྟ་བུའང་རུང་ཞེས ་བྱ་བ་ནི་ཐོག་མ་མེད་པའི་དུས་ནས་ལོག་པར་ཡོངས་སུ་བཏགས་པའི་དབང་གིས་ཏེ། དེ་ནི་དེ་ལྟའོ།། དེ་ལྟ་མ་ཡིན་ན་ནི་ཡང་དག་པར་སྐྱེ་བ་ལ་སོགས་པ་སྣང་བར་གྱུར་པ་དེ་དག་ལ། རྩོད་པ་མེད་པར་ཐལ་བ་ཁོ་ནར་འགྱུར་རོ།། ཅིའི་ཕྱིར་ཞེ་ན། རྒོལ་བ་དང ་ཕྱིར་རྒོལ་བའི་ཤེས་པ་ལ་སྣང་བའི་ཆ་ལ་ནི་རྩོད་པ་སུའང་མེད་དོ།། ཞེས་བྱ་བ་སྨོས་སོ།། གལ་ཏེ་འདི་ལྟ་བུའི་ཚེ་ལ་བརྒྱ་ལ་རྩོད་པར་བྱེད་དོ་ཞེ་ན། རྩོད་པར་བྱེད་ན་ནི་མངོན་སུམ་ལ་སོགས་པས་གནོད་པར་འགྱུར་རོ།། ཞེས་བྱ་བ་སྨོས་སོ།། སོགས་པའི་བསྡུ་བས་ནི་རྗེས་སུ ་དཔག་ལ་སོགས་པ་ཡོངས་སུ་བསྡུའོ།། ཡང་དག་མིན་ནི་ཀུན་རྫོབ་སྟེ། ཀུན་བརྟགས་པ་ཡི་དངོས་པོ་ཞེས་བྱ་བ་ལྷག་མའོ།། འདི་དགྲོལ་བའི་ཕྱིར། ཡང་དག་པར་སྐྱེ་བ་ལ་སོགས་པ་གང་ཡིན་པ་དེ་ནི་ཞེས་བྱ་བ་སྨོས་སོ།། དེ་ནི་རྟོགས་པའི་བཟོས་སྦྱར་བའོ།། ཞེས་བྱ་བ་འདིས ་བསྟན་ཏེ། མིག་ལ་སོགས་པ་ཚོགས་ཀྱང་སྣང་བ་མ་ཡིན་ཏེ། དེ་བས་ན་དེ་ནི་ཡང་དག་པ་མ་ཡིན་པའི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱའོ།། ནི་ཞེས་བྱ་བ་ནི་བརྣན་པའི་དོན་ཏམ། ཀུན་བརྟགས་པ་ཁོ་ནའོ་ཞེས་གོ་རིམ་བཟློག་པའོ།། གལ་ཏེ་དེ་ལྟ་ན་ནི་ཟླ་བ་གཉིས་པ ་ལ་སོགས་པ་ཡང་དག་པ་མ་ཡིན་པའི་ཀུན་རྫོབ་ཀྱི་བདེན་པར་མི་འགྱུར་རོ་ཞེ་ན། ཉེས་པ་མེད་དེ་སྐབས་ཀྱིས་རྒོལ་བའི་དངོས་པོའི་ངོ་བོ་རྣམ་པར་གཅད་པ་གཙོ་བོ་ཡིན་པའི་ཕྱིར་རོ།། ཡང་དག་པར་སྐྱེ་བ་ལ་སོགས་པ་བཀག་པའང་། ཇི་ག་སྣང་བའི་ཚུལ་ཅན ་མ་ཡིན་པའི་ཕྱིར་ཡང་དག་པར་སྐྱེ་བ་ལ་སོགས་པ་བཞིན་དུ། ཡང་དག་པ་མ་ཡིན་པའི་ཀུན་རྫོབ་ཏུ་འགྱུར་རོ།། ཅིའི་ཕྱིར་མི་སྣང་ཞེ་ན། དེ་ནི་ཞེས་བྱ་བ་སྨོས་ཏེ། ཡང་དག་པོར་སྐྱེ་བ་ལ་སོགས་པ་བཀག་པའོ།། དངོས་པོ་བུམ་པ་ལ་སོགས་པ་སྣང་བ་ན་མི་སྣང ་ཞེས་བྱ་བར་སྦྱར་རོ།། ཅི་འདྲ་ཞེ་ན། ཡང་དག་པར་སྐྱེ་བ་ལ་སོགས་པ་བཞིན་དུའོ།། མ་ཡིན་ཏེ་ཞེས་བྱ་བ་ནི་མི་སྣང་ཞེས་བྱ་བར་སྦྱར་རོ།། དགག་པ་གཉིས་ཀྱིས་ནི་སྣང་བ་ཁོ་ནའོ་ཞེས་བྱ་བར་བསྟན་ཏོ།། ཅིའི་ཕྱིར་སྣང་ཞེ་ན། དངོས་པོའི་ངོ་བོ་དང་ཐཐེ་དད་པ་མ་ཡིན ་པའི་ཕྱིར་རོ།། ཞེས་བྱ་བ་སྨོས་ཏེ། དངོས་པོ་བཞིན་ནོ།། ཇི་ལྟར་བྱམ་པ་ལ་སོགས་པས་དབེན་པ་ནི་དེས་དབེན་པ་དང་ལྡན་པའི་ས་ཕྱོགས་སྣང་བར་གྱུར་ན་ཐ་དད་པ་མ་ཡིན་པའི་ཕྱིར་སྣང་སྟེ། འདི་ཡང་དེ་དང་འདྲའོ་ཞེས་བྱ་བའི་ཐ་ཚིག་གོ།། གང་གི་ཚེ་སྐྱེ་བ་ལ ་སོགས་པ་ཆོས་གཞན་ཞིག་ཡིན་པར་རྟོག་པ་དེའི་ཚེ། དངོས་པོའི་ངོ་བོ་དང་ཐ་དད་པ་མ་ཡིན་པར་མི་འགྲུབ་བོ་ཞེས་བརྒྱ་ཞིག་ལ་དེ་སྐད་ཟེར་དུ་དོགས་པས། ཆོས་གཞན་ཞིག་ཡིན་པར་ཡོངས་སུ་བརྟག་ན་ནི། ཞེས་བྱ་བ་སྨོས་ཏེ། ནི་ཞེས་བྱ་བ་ནི་བརྣན་པའི་དོན་ཏོ།། ་ཡང་དག་པ་མ་ཡིན་པའི་ཀུན་རྫོབ་ཏུའང་འགྱུར་རོ་ཞེས་བྱ་བ་ནི། འདིར་ཡང་དག་པ་མ་ཡིན་པའི་ཀུན་རྫོབ་ཁོ་ནའོ་ཞེས་བརྣན་པའི་དོན་གྱི་རྗེས་སུ་སྙེགས་སོ།། ཕྱོགས་གཞན་ལ་ནི་ཡང་དག་པའི་ཀུན་རྫོབ་ཁོ་ན་ཡིན་ཞེས ་བསྟན་པའི་ཕྱིར། ཡང་ཞེས་བྱ་བ་སྨོས་སོ།། ཅིའི་ཕྱིར་དེ་ལྟ་ཡིན་ཞེ་ན། གང་གི་ཕྱིར། སྐྱེ་ལ་སོགས་པ་བཀག་པ་འང་། དོན་དམ་པ་ཡིན་པར་ཁོ་བོ་ཅག་འདོད་དོ་ཞེས་བྱ་བར་སྦྱར་རོ།། ཅི་ལྟ་ཞེ་ན། ཡང་དྲག་པ་དང་མཐུན་པའི་ཕྱིར། ཞེས་བྱ་བ་སྨོས ་སོ། ནིཇི་ལྟར་ན་ཡང་དག་དང་མཐུན་པ་ཁོ་ན་ཡིན་ཞེ་ན། ཡང་དག་པར་སྐྱེ་བ་ལ་སོགས་པར་རྟོག་པའི་དངོས་པོ་བཀག་པའི་གཏན་ཚིགས་ཞེས་བྱ་བ་སྨོས་སོ།། གཞན་དག་ནི་རྣལ་འབྱོར་སྤྱོད་པ་དག་གིས་སྐྱེ་བ་ལ་སོགས་པ་བཀག་པ་ནི། ཡང ་དག་པ་ཁོ་ནར་དོན་དམ་པར་འཛིན་པས་ཡང་ཞེས་བྱ་བ་ནི་བསྡུ་བའི་དོན་ཏོ།། རིགས་པ་སྨྲ་བའང་ཅིའི་ཕྱིར་དེ་ལྟར་མི་འདོད་ཅེ་ན། གང་གི་ཕྱིར་སྐྱེ་བ་ལ་སོགས་པ་བཀག་པ་ཀུན་རྫོབ་ཁོ་ནི་ཡིན་པའི་ཕྱིར་རོ།། ཅིའི་ཕྱིར་ཞེ་ན། རིགས་པས་དཔྱད ་ན་ཞེས་བྱ་བ་སྨོས་སོ།། ཅིའི་ཕྱིར་ཀུན་རྫོབ་ན་ཡིན་ཞེ་ན། དགག་བྱ་ཡོད་པ་མ་ཡིན་པས། ཡང་དག་དུ་ན་བཀག་མེད་གསལ་ཞེས་བྱ་བ་སྨོས་སོ།། དེ་རྣམ་པར་དགྲོལ་བའི་ཕྱིར། དགག་བྱ་མེད་ན་བཀག་པ་མི་འབྱུང་བའི་ཕྱིར་ཏེ། ཞེས་བྱ་བ་སྨོས་སོ།། ་ཅིའི་ཕྱིར་དག་གི་བྱ་མེད་ན་བཀག་པ་མི་འབྱུང་ཞེ་ན། ཡུལ་མེད་པའི་བཀག་པ་མི་རིགས་པའི་ཕྱིར་རོ།། ཞེས་བྱ་བ་སྨོས་སོ།། ཡུལ་མེད་ན་བཀག་པ་མི་རུང་བ་ནི་བདེན་ན་འདི་ལ་ནི་ཡུལ་ཡོད་དེ། གལ་ཏེ་གཟུགས་ལ་སོགས་པ་ལ་སྐྱེ་བ་ལ་སོགས་པར ་རྣམ་པར་རྟོག་པའི་རྒྱུ་ཅན་ཕ་རོལ་པོས། དངོས་པོ་ཡང་དག་པ་ཉིད་དུ་བརྟགས་པ་གང་ཡིན་པ་དེ་དགག་བྱ་ཉིད་ཡིན་ནོ་ཞེ་ན། ཞེས་བྱ་བ་སྨོས་སོ།། འདི་ནི་དེ་ལྟ་བུ་ཡིན་པར་རྟོགས་པར་བྱ་སྟེ། འདི་ལྟར་གཞན་ཞིག་ན་བུམ་པ་ལ་སོགས་པ་མེད་པར ་སྒྲུབ་ན། དེར་རྣམ་པར་རྟོག་པའི་རྒྱུ་ཅན་གྱི་དངོས་པོ་བཀག་པ་ཉིད་ཀྱིས་གྲུབ་སྟེ། གཞན་ནི་མི་རིགས་པའི་ཕྱིར་རོ།། འདི་ནི་གལ་ཏེ་དེ་ལྟ་ན། བརྟགས་པའི་རང་གི་ངོ་བོ་ཡི། བཀག་པ་བརྟགས་མིན་ཇི་ལྟར་འགྱུར། ཞེས་བྱ་བས་འགོག་པར་བྱེད་དོ།། ཇི ་ལྟར་འགྱུར་ཞེས་བྱ་བས་ནི་མི་སྲིད་པ་སྟེ་བརྟགས་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ཉིད་ཅིའི་ཕྱིར་ཞེ་ན། དགག་བྱུ་བརྟགས་པ་ཡིན་དུ་ཟིན་ན། བཀག་པའང་བརྟགས་པ་ཉིད་དུ་འགྱུར་ཏེ། ཞེས་བྱ་བ་སྨོས་སོ།། ཅི་འདྲ་ཞེ་ན། མོ་ག་ཤམ་གྱི ་ཙུམ་སྔོ་སངས་ཉིད་ལ་སོགས་པ་བཀག་པ་བཞིན་ནོ།། ཞེས་བྱ་བ་སྨོས་སོ།། གལ་ཏེ་སྐྱེ་བ་ལ་སོགས་པ་བཀོག་པ་ཡང་དག་པོར་མེད་ན། སྐྱེ་བ་ལ་སོགས་པ་ཡོད་པར་འགྱུར་རོ་ཞེས་བརྒྱ་ལ་སྨྲ་བར་འགྱུར་དུ་དོགས་ནས། ཡང་དག་པར་བཀག་པ་མེང ་ཀྱང་། སྐྱེ་བ་ལ་སོགས་པ་ཡོད་པར་མི་འགྱུར་ཏེ། ཞེས་བྱ་བ་སྨོས་སོ།། ཅིའི་ཕྱིར་ཞེ་ན། བཀག་པས་སྐྱེ་བ་མེད་པ་ལ་སོགས་པ་ལ་མ་ཁྱབ་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། བཀླག་པས་སྐྱེ་བ་ལ་སོགས་བྱ་བཀག་པས་སྐྱེ་བ་མེད་པ་ལ་སོགས་པ ་ལ་མ་ཁྱབ་པའི་ཕྱིར་རོ།། གང་གི་ཕྱིར་བཀག་པ་མེད་པ་གང་གིས་སྐྱེ་བ་ལ་སོགས་པའི་བཀག་པ་ལྡོག་པར་འགྱུར་ཏེ། སྐྱེ་བ་མེད་པ་ལ་སོགས་པོ་ལྡོག་པར་འགྱུར་བ་གང་གིས་སྐྱེ་བ་ལ་སོགས་པ་ཡོད་པར་འགྱུར་བ། གང་ན་སྐྱེ་བ་མེད་པ་ལ ་སོགས་པ་ཡོད་པ་དེ་ན། སྐྱེ་བ་ལ་སོགས་པ་བཀག་པ་ཡོད་པ་ནི་མ་ཡིན་གྱི། འོན་ཀྱང་སྐྱེ་བ་མེད་པ་ལ་སོགས་པའི་ངོ་བོ་ཉིད་ཀྱིས་གནས་སོ།། གང་གིས་སྐྱེ་བ་ལ་སོགས་པ་མེད་པ་དེས་ན། སྐྱེ་བ་ལ་སོགས་པའི་བཀག་པ་ཡོད་ཅིང ་དེ་མེད་ན་སྐྱེ་བ་ལ་སོགས་པ་ཡོད་པར་འགྱུར་རོ་ཞེས་བྱ་བའི་ཚིག་གི་ལུགས་འདི་ནི་འགལ་བ་ཡང་ཡིན་ཏེ། དེ་ལྟ་ན་ནི་མོ་གཤམ་གྱི་བུ་ལ་སོགས་པའང་ཡོད་པ་ཉིད་དུ་ཐལ་བར་འགྱུར་རོ།། སྣརོན་བྱ་བའི་ཕྱིར། དེ་ཡོད་པའི་རིགས་པ་མེད་པའི་ཡང་ཕྱིར ་རོ་ཞེས་བྱ་བ་སྨོས་ཏེ། དེ་ཡོད་པར་ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པ་ཡོད་པར་ཏེ་རིགས་པ་མེད་པའི་ཕྱིར་རོ།། ཇི་ལྟར་རིགས་པ་མེད་པ་དེ་ལྟར་ནི་འོག་ནས་བཤད་པར་བྱའོ།། དེ་ལྟར་དོན་བསྒྲུབས་ནས་མཇུག་བསྡུ་བའི་ཕྱིར། དེ་བས་འདི་ནི་ཀུན་རྫོབ་སྟེ། ་ཡང་དག་པར་ན་སྐྱེ་བ་མེད་ཅེས་བྱ་བ་ལ་སོགས་པའོ།། ཡང་དག་དོན་ཡིན་ཡང་དག་མིན།། ཡང་དག་པའི་དོན་ཞེས་བྱ་བར་སྙེགས་སོ།། ཞེས་བྱ་བ་སྨོས་སོ།། ཅིའི་ཕྱིར་ཡང་དག་པ་མ་ཡིན་ཞེ་ན། དེའི་ཕྱིར། ཡང་དག་ཉིད་དུ་གཉིས་མེད་དེ། ཞེས་བྱ་བ་སྨོས་ཏེ། ་གཉིས་ནི་སྐྱེ་བ་ལ་སོགས་པ་དང་། སྐྱེ་བ་མེད་པ་ལ་སོགས་པ་དང་། སྐྱེ་བ་མེད་པ་ལ་སོགས་པ་སྟེ། དོན་འདི་ལུང་དང་སྦྱར་བའི་ཕྱིར།། དེ་ཉིད་ཕྱིར་ན་ད་སྟོང་མིན།། མི་སྟོང་མ་ཡིན་ཡོད་མེད་མིན། ཡི་སྐྱེ་མ་ཡིན་ཀྱེ་མྦྷི་ཞེས། དེ་ལ་སོགས་པ་བཅོམ་ལྡན་གསུངས་ཞེས ་བྱ་བ་སྨོས་སོ།། སྟོང་པ་མ་ཡིན་པ་ནི་ཡང་དག་པར་ན་དགག་བྱ་མེད་པས་བཀག་པའང་མེད་པར་གསལ་བའི་ཕྱིར་རོ།། མི་སྟོང་པ་མ་ཡིན་པ་ལ་སོགས་པ་ནི། དུ་མས་དངོས་པོ་གཅིག་མི་བྱེད།། ཅེས་བྱ་བ་ལ་སོགས་པས་བཀག་པའི་ཕྱིར་རོ།། ཅིའི་ཕྱིར་ཡང ་དག་པར་ན་གཉིས་མེད་ཞེ་ན། དེ་ནི་སྤྲོས་པ་མེད་པ་ཡིན།། ཞེས་བྱ་བ་སྨོས་ཏེ། དེ་ཁོ་ན་ཞེས་བྱ་བ་ལྷག་མའོ།། དེ་ནི་དེ་ཁོ་ན་ནི་རྟོག་པའི་དྲ་བ་ཐམས་ཅད་དང་བྲལ་བའོ་ཞེས་བྱ་བས་རྣམ་པར་འགྲེལ་ཏོ།། དེའི་ཕྱིར་འདིར་སྨོས་པ་ནི་རྟོག་པའི་དྲ་བ་ཡིན། ་ནོ་ཞེས་བརྗོད་དོ། རྣམ་པ་གཅིག་ཏུ་ནི་སྤྲོས་པ་ནི་ངག་གི་རྒྱུ་བ་སྟེ། དེའང་རྟོག་པའི་དྲ་བས་ཀུན་ནས་བསླང་བ་ཡིན་ནོ།། དེའི་ཕྱིར་ཀུན་ནས་སློང་བ་པོ་མེད་ན། བསླང་བ་བྱ་བའི་སྤྲོས་པའང་མེད་པར་སྟོན་ཏོ།། གང་གི་ཕྱིར་དེ་ལྟར་ངག་གི་སྤྱོད་ཡུལ་ལས ་འདས་པ་ཡང་དག་པ་ཡིན་པ་དེའི་ཕྱིར། འཇམ་དཔལ་གྱིས་ནི་ཡང་དག་དྲིས།། རྒྱལ་བའི་སྲས་པོ་མི་གསུང་བཞུགས།། ཞེས་བྱ་བ་སྨོས་ཏེ་གོ་སླའོ།། ཆོས་ཀྱི་སྒོ་གང་ལ་སྐྱེ་བ་དང་མི་སྐྱེ་བ་ལ་སོགས་པ་གཉིས་མེད་པ་དེ་ནི་གཉིས་མེད་པའོ།། དེ་ནི་གཉིས ་མེད་པའང་ཡིན་ལ། སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པ་ཆོས་རྣམས་ཀྱི་སྒོ་ཡང་ཡིན་ཏེ། དེ་ནི་དེ་དག་རྟོགས་པ་འབྱུང་བའི་སྒོ་ཡིན་པའི་ཕྱིར་ཏེ། དེ་བསྟན་ཅེས་བྱ་བར་ཚིག་རྣམ་པར་སྦྱར་རོ།། གཉིས་མེད་པ་ལ་འཇུག་པ་ནི་ཅང་མི་སྨྲ་བ་ཉིད་དེ། ་འདིས་འཇུག་པར་བྱེད་པའི་ཕྱིར་རོ།། གཉིས་སུ་མེད་པ་དེ་གང་ཞེ་ན། གང་ལ་ཡི་གེ་དང་སྐད་དང་རྣམ་པར་རིག་བྱེད་འཇུག་པ་མེད་པ་ཞེས་བྱ་བ་སྟེ། ཡི་གེ་ནི་ཚིག་འབྲུའོ།། སྐད་ནི་ཚིག་གོ། རྣམ་པར་རིག་བྱེད་ནི་ངག་སྟེ། དོན་རྣམ་པར་རིག་པར་བྱེད་པའི ་ཕྱིར། དེའི་ཕྱིར་དེ་ཉིད་དོན་གོ་བར་བྱེད་པ་ཡིན་ཏེ། གཞན་ནི་མ་ཡིན་ནོ།། འདི་ནི་ཚིག་སོ་སོར་ཕྲལ་བའོ།། གང་གི་ཕྱིར་རྣམ་པ་འདི་ལྟར་ཡང་སིད་དེ། སྐད་ད་ནི་ཡི་གེ་སྔོན་དུ་འགྲོ་བའང་ཡིན་ལ། སྐད་ཀྱང་ཡིན་པས་ཡི་གེའི་སྐད་དོ།། ་རྣམ་པར་རིག་བྱེད་ནི་དེ་གཉིས་སྔོན་དུ་འགྲོ་བ་འང་ཡིན་ལ་རྣམ་པར་རིག་བྱེད་ཀྱང་ཡིན་ཏེ། དེའི་ཕྱིར་ཡི་གེའི་སྐད་ཀྱི་རྣམ་པར་རིག་བྱེད་དོ།། འདི་ལྟ་བུ་དེ་ཁོ་ན་ཡིན་པར་ཁོང་དུ་ཆུད་པར་བྱའོ།། གལ་ཏེ་གཉིས་ལས་དབེན་པ་གཞན ་དབང་གི་ངོ་བོ་དེ་ཁོ་ན་ཡིན་དུ་ཟིན་ན། དེའི་ཚེ་དདེ་མི་རིགས་ཏེ། དེའི་ཕྱིར་གཉིས་པོ་དག་ལས་དབེན་པའི་དངོས།། གཞན་དབང་དངོས་པོ་ཡང་དག་ན།། དྲིས་ན་ཅི་ཕྱིར་རྒྱལ་བའི་སྲས།། དེ་ནི་མི་གསུང་བཞུགས་པར་གྱུར།། ཞེས་བྱ་བ་སྨོས་ཏེ། གཉིས་པོ ་ནི་གཟུང་བ་དང་འཛིན་པའོ།། རྒྱུ་རྐྱེན་གཞན་དག་གི་དབང་བྱེད་ཅིང་བསྐྱེད་པར་བྱ་བ་ཡིན་པས་གཞན་གྱི་དབང་ངོ་།། ཅིའི་ཕྱིར་ཅང་མི་གསུང་བ་མི་རིགས་སྙམ་པ་ལ། བརྡ་ཤེས་རིགས་པ་ཤེས་པ་ཡི།། སྐྱེ་བོ་དག་ནི་ཇི་ལྟར་ཡང་།། རང་གི་རྟོགས་པ་རྗོད་བྱེད ་དེ། དེ་བས་མི་གསུང་མི་རིགས་སོ།། ཞེས་བྱ་བ་སྨོས་ཏེ། རང་གི་རྟོགས་པ་བརྗོད་པ་ཇི་ལྟར་ཡང་ཀུན་རྫོབ་དུ་རྗོད་པར་བྱེད་དོ་ཞེས་སྦྱར་རོ།། སུ་དག་གིས་ཞེ་ན་བརྡ་ཤེས་པ་དག་ཞེས་བྱ་བ་སྨོས་པ་སྟེ། མི་དག་གིས་སོ།། ཇི་ལྟ་བུ་དག་གིས་ཞེ་ན། རིགས་པ་ཤེས ་པ་དག་གིས་ཏེ། ཁོང་དུ་ཆུད་པར་བྱེད་པ་ལ་མཁས་པ་དག་གིས་སོ།། ལྷག་མ་ནི་བརྡ་ཕྲད་སླབས་མ་བཤད་དོ།། གལ་ཏེ་ཀུན་རྫོབ་ཀྱི་བསྙད་པས་ཀྱང་བརྗོད་པར་མི་ནུས་སོ་ཞེ་ན། གལ་ཏེ་དེ་ལྟ་མིན་ན། ཀུན་རྫོབ་ཀྱི་བསྙད་པས་ཀྱང་བརྗོད་པར་མི་ནུས་པ ་དེའི་ཚེ། རང་གི་མཚན་ཉིད་མཐར་ཕྱིན་པ་ཉིད་ཀྱིས། གང་བརྗོད་པ་ཅི་དག་གི་ཞེ་ན། སྒྲ་རྣམས་ཀྱིའོ།། སུ་དག་གིས་ཞེ་ན། རིགས་པ་སྨྲ་བ་དག་གིས་ཏེ། སློབ་དཔོན་ཕྱོགས་ཀྱི་གླང་པོ་ལ་སོགས་པས་སོ།། དེ་ཇི་ལྟར་རིགས་པར་འགྱུར་པ་གསལ་བར་སྨྲོས ་ཤིག། གལ་ཏེ་རང་གི་ངོ་བོས་བསྟན་པར་མི་ནུས་ཏེ། དེའི་ཕྱིར་ཅང་མི་གསུང་བར་གྱུར་ཏོ་ཞེ་ན། གལ་ཏེ་དེ་ལྟ་ན་ནི་བདག་ཅག་གིས་ནི་རང་རང་གི་བསྟན་པ་བཤད་ཟིན་ཞེས་སྨོས་པ་དེ་དག་གིས་བསྟན་པའང་ཇི་ལྟར་རུང་། གལ་ཏེ་དེ་དག་གིས་སྤྱིའི་ངོ་བོར་སྒོ ་བཏགས་པས་བསྟན་ཏོ་ཞེ་ན་ནི། འོ་ན་འཕགས་པ་དྲི་མ་མེད་པར་གྲགས་པ་ཡང་དེ་བཞིན་དུ་ཅིའི་ཕྱིར་མི་སྟོན་ཏེ། རྒྱུ་གང་གིས་ཅི་ཡང་མི་གསུང་བར་གྱུར། གང་གི་ཕྱིར་ཁོ་ན་དོན་དམ་པ་དེ་ལ་ནི་བརྗོད་པར་བྱ་བའི་བག་ཀྱང་། ཞེས་བྱ་བ་ཐ་སྙད་ཙམ ་ཡང་། ཅི་ཡང་མེད་གང་གི་ཕྱིར། ཤེས་བྱ་དང་ཡོད་པ་དང་དེ་ཁོ་ན་དང་དོན་དམ་པ་ཞེས་བྱ་བ་ལ་སོགས་པ་བརྗོད་པ་དེ་དག་གི་གནས་ཀྱང་དེ་ན་མེད་པ་ཉིད་ཡིན་ཏེ། འཇུག་པའི་རྒྱུ་མཚན་མེད་པའི་ཕྱིར་རོ།། གལ་ཏེ་དེ་ལྟ་ཡིན་ན། དེ་ལ་ཞེས་བྱ་བའི་སྒྲས་དོན་དམ ་པ་བརྗོད་པར་བྱ་བ་ཡིན་པར་བྱས་ལ། བརྗོད་པར་བྱ་བའི་བག་ཀྱང་མེད་དོ།། ཞེས་བརྗོད་པ་ཇི་ལྟ་བུ་ཞེ་ན། དེ་ནི་ཉེས་པ་མེད་དེ། རྨོངས་པའི་བློ་དང་ལྡན་པ་གཞན་དག་དོན་དམ་པ་དེ་ལ་བརྗོད་པར་བྱ་བའི་བག་ཡོད་དོ་ཞེས་བརྗོད་དེ། དེ་སྐད་བརྗོད་པར་མི་བྱའོ།། ་ཞེས་ཁོ་བོ་ཅག་དེ་དགག་པར་བྱེད་ཀྱི། ཁོ་བོ་ཅག་དེ་ལ་ཞེས་བྱ་བའི་སྒྲས་སམ། གཞན་གྱིས་རྗོད་པར་བྱེད་པ་ནི་མ་ཡིན་ཏེ། ཕ་རོལ་གྱི་རྟོག་པ་རྣ་མ་པར་བཅད་པ་ཙམ་འབའ་ཞིག་བྱེད་དུ་ཟད་དོ།། བག་ཀྱང་ཞེས་བྱ་བའི་ཚིག་ནི་ལ་དོར་བ་བརྗོད ་པ་གཙོར་བྱས་པའོ།། ཁོ་ན་ཞེས་བྱ་བ་ནི་བརྣན་པའི་ཕྱིར་རོ།། དེའི་ཕྱིར་ན་དྲིས་ཀྱང་དོན།། མི་གསུང་བཞུགས་པས་རྒྱ་ཆེར་བཤད།། ཀྱང་ཞེས་བྱ་བ་ནི་བརྣན་པའི་དོན་ཏེ།། དྲིས་པ་ཁོ་ན་འམ་བཞུགས་པ་ཁོ་ན་འམ་རྒྱ་ཆེར་བཤད་པ་ཁོ་ནའོ།། ་རྒྱ་ཆེར་ཞེས་བྱ་བའི་ཚིག་ནི་སྤྱིའི་ངོ་བོས་སམ་བྱེ་བྲག་གི་ངོ་བོས་སམ་རབ་ཏུ་དབྱེ་བའི་ངོ་བོས་ནི་བསྟན་པར་མི་ནུས་པའོ།། གལ་ཏེ་དོན་དམ་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་མ་གཏོགས་པ་མ་ཡིན་ནམ། དེ་ལྟ ་ཡིན་ན་ནི་མདོའི་ཚིག་དང་འགལ་བར་འགྱུར་རོ་ཞེ་ན། དེའི་ཕྱིར་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་བལྟ་བ་ཅན་དུ་གནས་པའི་བྱང་ཆུབ་སེམས་དཔའ་དེ། ཞེས་བྱ་བ་སྨོས་སོ།། རྗེས་སུ་ལྟ་བར་བྱེད་པ་ནི་རྗེས་སུ་ལྟ་བ་སྟེ། ཆོས་རྣམས་ལ་སྐྱེ་བ་མེད ་པ་ལ་སོགས་པའི་རྣམ་པ་དག་གིས་རྗེས་སུ་བལྟ་བའོ།། དོ་དེ་ལ་ཡོད་པས་ཆོས་ཀྱི་རྗེས་སུ་བལྟ་བའོ།། དེ་དེ་ལ་ཡོད་པས་ཆོས་ཀྱི་རྗེས་སུ་ལྟ་བ་ཅན་ནོ།། ཡང་ན་དེའི་ཚུལ་ཅན་ནོ།། མདོའི་ཚིག་འགལ་བ་མེད་དེ། ཅིའི་ཕྱིར་ཞེ་ན། ཆོས་སྨོས་པའི ་ཕྱིར་རོ།། ཞེས་བྱ་བ་སྨོས་སོ།། དོན་དམ་པར་ནི་ཆོས་ཀྱང་མེད། ཆོས་མ་ཡིན་པ་ཡང་མེད་དོ།། ཡང་ཀུན་རྫོབ་ནི་རྣམ་པ་གཉིས་སུ་བསྟན་ཏེ། ཞེས་བྱ་བས་ནི་བྱེ་བྲག་ཏུ་རྟོགས་པར་བྱ་བ་ཁོ་ནའི་ཕྱིར་གཞན་རྣམ་པ་གཉིས་བསྟན་ཏོ།། དོན་བྱེད་དག་ནུས་པའི ་ཕྱིར། ཡང་དག་པས་སོ།། མི་ནུས་ཕྱིར་ཡང་དག་པ་མ་ཡིན་པས་སོ།། ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས།། ཞེས་བྱ་བ་ནི་གྲངས་བཞིན་དུ་སྦྱར་བར་བྱའོ།། རྣམ་པར་འགྲེལ་པ་ནི་འདི་ཡིན་ཏེ་ཞེས་པའོ།། ཅི་འདྲ་བ་ཞིག་ཅེ་ན། གསལ་བའི་རྣམ་པ་སྣང་བ་ཅན་དུ་འདྲ ་ཡང་ཞེས་བྱ་བར་སྦྱར་ཏེ། འཇིག་རྟེན་གྱིས་ཡང་དག་པ་དང་ཡང་དག་པ་མ་ཡིན་པར་རྟོགས་སོ།། ཞེས་བྱ་བར་སྦྱར་རོ།། ཅི་ཞིག་ཅེ་ན། ཆུ་ལ་སོགས་པ་དང་། སྨིག་རྒྱུ་ལ་སོགས་པ་དག་སྟེ། གོ་རིམ་བཞིན་དུ་སྦྱར་རོ།། ཇི་ལྟ་བུར་བྱས་ནས་ཤེ་ན། ངེས་པར་བྱས་ནས་ཞེས ་བྱ་བ་སྨོས་པའོ།། ཅི་ཞིག་ཡིན་པར་ཞེ་ན། དོན་བྱེད་པ་ལ་བསླུ་བ་དང་མི་བསླུ་བ་ཡིན་པར། ཞེས་བྱ་བ་སྨོས་པའོ།། འདིར་ཡང་གོ་རིམ་བཞིན་དུ་སྦྱར་རོ།། དོན་བྱེད་པ་ལ་བསླུ་བ་དང་མི་བསླུ་བ་ཡིན་པར་ངེས་པར་བྱས་ནས་ཞེས་བྱ་བ་ཇི་ལྟ་བུ་ཡིན་སྙམ་པ་ལ། དོན་ཇི ་ལྟར་སྣང་བ་དེ་བཞིན་དུ། ཞེས་བྱ་བ་སྨོས་སོ།། གལ་ཏེ་ཡང་དག་པ་དང་ཡང་དག་པ་མ་ཡིན་པའི་བྱེ་བྲག་ཡོད་ན། འོ་ན་ནི་དངོས་པོ་དག་ངོ་བོ་ཉིད་མེད་པ་མ་ཡིན་ནོ་སྙམ་པ་ལ།། དངོས་སུ་གཉིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ཇི་ལྟར་ངོ་བོ་ཉིད་མཚུངས་ཤེ་ན། ངོ་བོ་ཉིད་མེད་པ་ཉིད ་དུ་ཞེས་བྱ་བ་སྨོས་སོ།། འོ་ན་ཇི་ལྟར་ཡང་དག་པ་དང་ཡང་དག་པ་མ་ཡིན་པར་ཕྱེ་སྙམ་པ་ལ། ཇི་ལྟར་སྣང་བ་བཞིན་དུ་ནི་རྣམ་པར་གནས་སོ་ཞེས་བྱ་བ་སྨོས་ཏེ། འཇིག་རྟེན་གྱིས་ཇི་ལྟར་རྟོགས་པ་དེ་བཞིན་དུ་རྣམ་པར་གནས་སོ་ཞེས་བྱ་བའི་ཐ་ཚིག་གོ།། དོན་བྱེད་པ་ལ་སླུ་བ་དང ་མི་སླུ་བའི་རྒྱུས་རྣམ་པར་གཞག་པ་ཡིན་ན་ཅི་དེ་དག་བདེན་ནམ་འོན་ཏེ་མི་ཡིན་ཞེ་ན། དོན་བྱེད་པ་ལ་བསླུ་བ་དང་མི་བསླུ་བའང་ཇི་ལྟར་གྲགས་པ་ཁོ་ན་བཞིན་ཏེ། ཞེས་བྱ་བ་སྨོས་སོ།། ཅིའི་ཕྱིར་ཞེ་ན། དོན་བྱེད་པ་དེ་ཡང་ངོ་བོ་ཉིད་མེད་པའི་ཕྱིར་རོ།། ཞེས་བྱ་བ་སྨོས ་སོ།། ཡང་གི་སྒྲ་གཉིས་ཀྱི་ནི་ཡང་དག་པ་དང་ཡང་དག་པ་མ་ཡིན་པའི་ཐ་དད་པར་སྟོན་ཏོ།། དེ་ལྟར་ན་ཀུན་རྫོབ་ནི་རྣམ་པ་གསུམ་དུ་བསྟན་ཏེ། ཡང་དག་པའི་ཀུན་རྫོབ་ནི་རྣམ་པ་གཅིག་གོ།། ཡང་དག་པ་མ་ཡིན་པའི་ཀུན་རྫོབ་ལ་ནི་རྣམ་པ་གཉིས་ཏེ། རྣམ་པར ་རྟོག་པ་དང་བཅས་པ་དང་། རྣམ་པར་མི་རྟོག་པའི་བྱེ་བྲག་གི་ཕྱིར་རོ།། །། བམ་པོ་གཉིས་པ།། གལ་ཏེ་ཁྱོད་ཀྱང་བརྟེན་ནས་སྐྱེས་པ་དོན་གྱི་བྱ་བ་བྱེད་པ་དངོས་པོ་ཙམ། ཇི་ལྟར་སྣང་བ་བཞིན་དུ་འདོད་ན་ནི་དེའུ་བུ་ཅག་ལ་མཚུངས ་པ་ཁོ་ནའོ།། ཀྱང་ཞེས་བྱ་བའི་སྒྲ་ནི་ང་འབའ་ཞིག་མ་ཡིན་ནོ།། རིགས་མིན་པར་ཞེས་བྱ་བ་ནི་འདོད་ཅེས་བྱ་བར་སྙེགས་སོ།། བརྟེན་ནས་སྐྱེས་པ་དོན་གྱི་བྱ་བ་བྱེད་པ་དངོས་པོ་ཙམ་ལ་རིགས་པས་འདོད་ན་ནི་ཐམས་ཅད་འཁྲུགས་པར ་འགྱུར་ཏེ་རིགས་པར་ན་མི་རུང་ངོ་ཞེས་བྱ་བའི་ཐ་ཚིག་གོ།། ཁོ་བོ་ཅག་ང་རྒྱལ་ག་ལ་བྱེད། ཅེས་བྱ་བ་ནི། ཅི་ཁྱོད་དང་མཚུངས་སམ་སྙམ་དུ་སེམས་པའོ།། འདི་ཞེས་བྱ་བ་ནི་བརྟེན་ནས་སྐྱེས་པ་དོན་གྱི་བྱ་བ་བྱེད་པ་དངོས་པོ་ཙམ་མོ།། ཅིའི་ཕྱིར་བརྔས་ནས་འཐོར་བ་དང ་འདྲ་སྙམ་པ་ལ། འདི་ལྟར་རྒྱུ་དང་འབྲས་བུའི་དངོས་པོར་རྣམ་པར་ངེས་པ་འདི་ལ་ཁྱོད་ཀྱི་ཐབས་མེད་པ་ཁོ་ན་ཡིན་ནོ།། ཞེས་བྱ་བ་སྨོས་སོ།། ཅིའི་ཕྱིར་ཐབས་མེད་པ་ཁོ་ན་ཡིན་སྙམ་པ་ལ། འདི་ལྟར་རྣམ་པ་མེད་པའི་ཤེས་པ་ནི། ཡུལ་ལ་འཛིན་པར་མི་རིགས ་སོ། ཞེས་བྱ་བ་སྨོས་ཏེ། རྣམ་པ་མེད་པའི་ཤེས་པ་ལ་ནི་རིག་པ་འདི་སྔོན་པོ་ཡིན་གྱི། འདི་སེར་པོ་ནི་མ་ཡིན་ནོ་ཞེས་རྣམ་པར་བཞག་པར་མི་འགྲུབ་སྟེ། ཉེ་བའི་རྒྱུ་མེད་པའི་ཕྱིར་རོ།། དེའི་ཕྱིར་དེས་ཡུལ་འཛིན་པར་ག་ལ་འགྱུར། ཅིག་ཤེས་ཞེས་བྱ་བ་ནི། ་རྣམ་པ་དང་བཅས་པ་སྟེ། ཡུལ་ལ་འཛིན་པར་མི་རིགས་སོ་ཞེས་བྱ་བར་བསྙེགས་སོ།། ཅིའི་ཕྱིར་ཞེ་ན། རྣམ་པ་ཚད་མ་མིན་ཕྱིར་རོ།། དངོས་པོས་ནི་རྣམ་པ་ལ་མ་ཁྱབ་སྟེ། མི་རྟག་པ་ཉིད་ཀྱིས་གཞལ་བྱ་ཉིད་ལ་མ་ཁྱབ་པ་བཞིན་ཏེ། འདི་ལྟར་རྨི་ལམ་ལ་སོགས ་པ་ལ་སྔོན་པོ་ལ་སོགས་པ་མེད་ཀྱང་། བློ་ལ་སྔོན་པོ་ལ་སོགས་པར་སྣང་བ་ཡོད་པའི་ཕྱིར་རོ།། དེའི་ཕྱིར་རྣམ་པ་དེ་རིགས་པ་ཇི་ལྟར་དངོས་པོ་རྟོགས་པར་བྱེད་པར་འགྱུར། གལ་ཏེ་རྟོགས་པར་བྱེད་ན་ནི་མི་རྟག་པ་ཉིད་ཀྱང་གཞལ་བྱ་ཉིད་ཀྱིས་རྟོགས་པར་བྱེད་པར ་འགྱུར་རོ།། ར་མི་རིགས་ཕྱིར། ཞེས་བྱ་བ་ནི་རྣམ་པའོ།། ཡུལ་འཛིན་པར་མི་རིགས་སོ།། ཅིའི་ཕྱིར་མི་རིགས་ཤེ་ན། འདི་ལྟར། གང་གི་ཕྱིར་སྣ་ཚོགས་ངོ་བོ་རུ།། སྣང་བ་ཅན་གྱི་དངོས་གཅིག་ལ།། ཞེས་བྱ་བ་ལ། ངོ་ཟ་ན་ཤེས་པའི་བདག་ཉིད་ལ་སྟེ།། རྣམ ་པ་རྣམས་བདེན་ཇི་ལྟར་འགྱུར།། ཅིའི་ཕྱིར་བདེན་པར་མི་འགྱུར་སྙམ་པ་ལ།། དེ་ཡི་གཅིག་ཉིད་ཉམས་ཕྱིར་རོ།། ཞེས་བྱ་བ་སྨོས་ཏེ། དེའི་ཕྱིར་རོ།། དེ་ལྟ་ན་ནི་ཤེས་པའི་བདག་ཉིད་ཀྱི་དངོས་པོ་དེ་གཅིག་པུ་ཉིད་དུ་མི་རུང་སྟེ། རྣམ་པ་དག་དང་ཐ་དད་པ་མ ་ཡིན་པའི་ཕྱིར་ཏེ། རྣམ་པའི་བདག་ཉིད་བཞིན་ནོ།། ཡང་ན་རྣམ་པ་རྣམས་ཐ་དད་པར་མི་འགྱུར་ཏེ། ཤེས་པའི་བདག་ཉིད་གཅིག་པ་དང་ཐ་མི་དད་པའི་ཕྱིར་ཏེ། ཤེས་པའི་རང་གི་ངོ་བོ་བཞིན་ནོ།། དེ་ལྟར་རྣམ་པ་མེད་པའི་རྣཾ་བ་དང་བཅས་པའི་ཤེས་པ་ཡུལ་ལ་མི ་འཛིན་ན། འབྲས་བུ་དང་། རྒྱུ་ཉིད་འདི་ནི། མི་རུང་ངོ་ཞེས་བྱ་བ་ལྷག་མའོ།། ཅིའི་ཕྱིར་སྙམ་པ་ལ། མངོན་སུམ་དང་མི་དམིགས་པའི་ས་ཞེས་བྱ་བ་སྨོས་ཏེ། རྣམ་པ་དང་བཅས་པ་འམ། རྣམ་པ་མེད་པའི་མངོན་སུམ་གྱིས་དོན་ཡོངས་སུ་གཅོད་པར་མི་རིགས ་སོ། རྣམ་པ་གཞན་ནི་མེད་དོ།། མི་དམིགས་པ་ནི་བུམ་པ་ལ་སོགས་པས་དབེན་པའི་ས་གཞི་ལ་སོགས་པ་དམིགས་པས་མངོན་སུམ་ཉིད་དོ།། མངོན་སུམ་དང་མི་དམིགས་པ་གཉིས་ལས་གཞན་པའི་རྣམ་པ་ཞིག་སོམས་ཤིག། གལ་ཏེ་རྣམ་པ་གཞན ་ཞིག་ཡོད་པ་ཁོ་ན་ཡིན་ནོ་སྙམ་པ་ལ། གལ་ཏེ་རྒྱུ་འབྲས་ཉིད་བློ་ཡི། ཐབས་འགའ་ཞིག་ནི་ཡོད་ཅེ་ན། དེ་སྨོས་། ཁྲེ་བས་སྨོསུ་ཞེས་བྱ་བ་ནི་ཐབས་ཏེ་དེ་སྨོས་ཤིག་པའོ།། ཅི་སྟེ་སེར་སྣའི་ཕྱིར་མི་བརྗོད་དོ་ཞེ་ན། དེའི་ཕྱིར། འདུད་པ་བདག་ཅག་ལ་སེར ་སྣ་བྱ་བ་གལ་རིགས། ཞེས་བྱ་བ་སྨོས་སོ།། འདིས་ནི་འདུད་པའི་ཕྱིར་སེར་སྣའི་རྒྱུ་མེད་པས་སེར་སྣ་ཡང་མེད་པར་སྟོན་ཏོ།། ག་ལ་ཞེས་བྱ་བ་ནི་སྤོང་འན་མོ་རྣམ་པ་གཞན་དཔྱོད་ཅིག་ཞེས་བྱ་བ་དེ་ཅིའི་ཐ་ཚིག། ་ཡོང་ནི་རྣམ་པ་གཞན་ནི་ཡོད་པ་ཉིད་དེ། འདི་ལྟར་སྐད་ཅིག་སྔ་མ་འབྱུང་བ་ལ་ཡོངས་སུ་གཅོད་པའི་ཤེས་པ་གང་ཡིན་པ་ཡང་རང་རིག་ལས་འགྱུར་ལ། སྐད་ཅིག་ཕྱི་མ་འབྱུང་བ་ཡང་རང་རིག་པ་ལས་གཅོད་དེ། དེའི་ཕྱིར་འདི་ནི་འདིའི་མཇུག ་ཐོགས་ཡིན་པར་རྟོགས་པས་འདི་ནི་རྒྱུའོ།། འདི་ནོ་འབྲས་བུའོ་ཞེས་བྱ་བར་རྟོགས་སོ།། དེ་ལྟ་མུ་ཡིན་ན་ནི་མཇུག་ཐོགས་ངེས་པར་མི་རུང་ངོ་།། ཇི་སྟེ་རུང་ན་ནི་ཧ་ཅང་ཐལ་བའི་སྐྱོན་དུ་འགྱུར་རོ་ཞེ་ན། དེ་ནི་མི་རིགས་ཏེ། འདི་ལྟར་རང ་རིག་པ་ནི་ཡོངས་སུ་གཅོད་པར་རིགཔའི་ཆ་ཙམ་ལ་ཡང་མ་རེག་གོ་ཞེས་བསྟན་ཟིན་ཏོ།། འདི་ནི་འདིའི་མཇུག་ཐོགས་སོ་ཞེས་བྱ་བའི་རིག་པ་ཡང་མི་འགྲུབ་སྟེ། དེའི་ཡུལ་ནི་བརྟགས་པ་མ་ཡིན་པའི་ཕྱིར་རོ།། ཤེས་པ་གཞན་གྱིས་འགྲུབ ་པར་རྟོག་ནའང་མི་རིགས་ཏེ། རྣམ་པ་མེད་པ་དང་རྣམ་པ་དང་བཅས་པས་ཡོངས་སུ་གཅོད་པར་མི་རིགས་པའི་ཕྱིར་རོ།། ཡོངས་སུ་གཅོད་པར་རིགས་ན་ནི་ཤེས་པའི་ཡུལ་དོན་གཞན་དུ་འགྱུར་ཏེ། དེ་ནི་ཁྱད་མི་འདོད་དོ།། ཤེས་པ་དེ་གཉིས ་ཁོ་ནས་མཇུག་ཐོགས་སུ་འབྱུང་བ་ངེས་པར་ཡོངས་སུ་གཅོད་པ་ཡང་མ་ཡིན་ཏེ། དེ་གཉི་ག་ཡང་འགག་པའི་ཕྱིར་རོ།། འདི་ནི་དེའི་འོག་ཏུ་འབྱུང་ངོ་ཞེས་ཡོངས་སུ་གཅོད་པར་མེད་པར་རྒྱུ་དང་འབྲས་བུ་ཉིད་དུ་རིགས་པར་ག་ལ་འགྱུར ་ཏེ། ཧ་ཅང་ཐལ་བའི་ཕྱིར་མི་རུང་ངོ་།། དེ་ལྟ་ན་ནི་གཞན་གྱི་སེམས་ཀྱི་རྒྱུད་ལ་ཡོད་པའི་ལས་འདིའི་འབྲས་བུ་འདི་ཡིན་ནོ་ཞེས་བྱ་བར་རིག་པ་མེད་པས་ཐམས་ཅད་མཁྱེན་པ་དག་གིས་ཀྱང་རྟོགས་པར་མི་སྤྱོད་དེ། རིག་པའི་ཡུལ་ནི་རང་གི་ངོ་བོ་ཙམ་ཡིན་པའི་ཕྱིར་རོ།། གང་གིས ་@འདི་ལྟ་བུར་རྟོགས་པའི་རྣམ་པ་གཞན་མེད་དོ།། དེས་ན་ཐམས་ཅད་མཁྱེན་དེས་ཀྱང་ཞེས་བྱ་བའི་ཀྱང་གི་སྒྲ་ནི་གཞན་ཉི་ཚེ་མ་ཡིན་ནོ།། དེས་ན་རྣམ་པ་མེད་པའི་ཤེས་པ་ནི།། ཡུལ་ལ་འཛིན་པར་མི་རིགས་སོ།། ཞེས་བྱ་བ་ལ་སོགས་པའི་རྣམ་པས་རྒྱུ་དང་འབྲས་བུ་ཉིད ་ཅུང་ཟད་ཙམ་ཡང་ངེས་པར་རྟོགས་པར་མི་ནུས་སོ།། ཡང་གི་སྒྲ་ནི་མཐའ་དག་ཀྱང་མ་ཡིན་པའོ།། གང་དག་གི་ཞེ་ན། གཞན་གྱི་དབང་གི་སྐད་ཅིག་གིའོ།། སངས་རྒྱས་སྤྱོད་ཡུལ་བསམ་ཡས་པས།། ཐམས་ཅད་མཁྱེན་པ་ཁོ་ནས་མཁྱེན་ཞེས་བྱ་བ་ལ་སོགས་པའི ་དོན་ནི་གསལ་བས་མ་བཤད་དོ།། འདི་དག་ཙམ་གྱིས་རྒྱུ་དང་འབྲས་བུའི་དངོས་པོ་ཉིད་ཀྱང་མེད་པར་བསྟན་པའི་ཕྱིར། རྒྱུ་དང་འབྲས་བུའི་དངོས་པོ་ཡང་རིགས་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། འདི་ལྟར། དུ་མས་དངོས་པོ་གཅིག་མི་བྱེད།། དུ་མས་དུ་མ་བྱེད་མ ་ཡིན། གཅིག་གིས་དུ་མའི་དངོས་མི་བྱེད། གཅིག་གི་གཅིག་བྱེད་པ་ཡང་མིན་ཞེས་བྱ་བ་སྨོས་སོ།། ཚིགས་སུ་བཅད་པ་འདི་ལ་ནི། རྣམ་པར་རྟོག་པ་བཞི་ཡོད་དེ། དེ་ལ་དང་པོའི་དབང་དུ་བྱས་ནས། དུ་མས་གཅིག་བྱེད་པ་མ ་ཡིན་ཏེ། ཞེས་བྱ་བ་སྨོས་སོ།། ཅིའི་ཕྱིར་དུ་མས་གཅིག་མི་བྱེད་སྙམ་པ་ལ། འདི་ལྟར། ངོ་བོ་ཉིད་ཐ་དད་པ་མིག་ལ་སོགས་པ་དག་ལས་ཞེས་བྱ་བ་སྨོས་ཏེ། སོགས་པ་སྨོས་པས་ནི་གཟུགས་དང་སྣང་བ་དང་ཡིད་ལ་བྱེད་པ་ལ་སོགས་པ་དག ་བསྡུའོ།། འབྲས་བུ་ཐ་དད་པ་མ་ཡིན་པ། ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་སྟེ་འབྱུང་བར་ཁས་བླངས་པ་ལ། རྒྱུ་ཐ་དད་པ་ནི་ཐ་དད་བྱེད་པར་མི་འགྱུར་རོ།། ཅིའི་ཕྱིར་སྙམ་པ་ལ། དེ་ཐ་དད་ཀྱང་། ཞེས་བྱ་བ ་སྨོས་ཏེ། རྒྱུ་ཐ་དད་ཀྱང་ངོ་།། ཐ་དད་པ་མེད་པའི་ཕྱིར་རོ།། ཞེས་བྱ་བ་ནི་འབྲས་བུའོ།། དེ་ལྟ་ན། ཐ་དད་པ་མ་ཡིན་པ་མེད་ཀྱང་། ཞེས་བྱ་བ་ནི་རྒྱུ་ལ་བྱའོ།། ཐ་དད་པ་མེད་པར་གྱུར་པས། ཞེས་བྱ་བ་ནི་འབྲས་བུའོ།། དེ་བས་ན་ཐ་དད་པ ་མེད་པ་ནི་རྒྱུའོ།། ཐ་དད་པ་མེད་པ་བྱེད་པར་མི་འགྱུར་བ་ནི་འབྲས་བུའོ།། རྒྱུའི་ཐ་དད་པ་དང་ཐ་དད་པ་མེད་པའི་རྗེས་སུ་འགྲོ་བ་དང་ལྡོག་པ་ལ་བལྟོས་པ་འབྲས་བུའི་ཐ་དད་པ་དང་། ཐ་དད་མེད་པ་དག་ནི་རྒྱུ་དང་བཅས་པར་འགྱུར་ན། འདིར་ནི ་དེ་ལྟ་མ་ཡིན་ཏེ། དེའི་ཕྱིར་འབྲས་བུའི་ཐ་དད་པ་དང་ཐ་དད་པ་མེད་པ་དག་ནི་རྒྱུ་མེད་པ་ཅན་དུ་འགྱུར་རོ།། གལ་ཏེ་ཁྱོད་ཀྱི་ཐ་དད་པ་དང་ཐ་དད་པ་མེད་པ་རྒྱུ་མེད་པ་ཅན་ཡིན་ནོ་ཞེ་ན། དེ་ལས་གུད་ན་མེད་པའི་ཕྱིར། ཞེས་བྱ་བ་སྨོས་ཏེ། ཐམས ་ཅད་ནི་ཐ་དད་པ་དང་། ཐ་དད་པ་མ་ཡིན་པ་ལས་གུད་ན་མེད་པའི་ཕྱིར། ཐམས་ཅད་ཀུན་རྒྱུ་མེད་པ་ཅན་དུ་འགྱུར་རོ།། དེ་ལྟར་རྒྱུ་མེད་པ་ཅན་དུ་གྱུར་ན་རྟག་ཏུ་ཡོད་པ་འམ་མེད་པ་ཞིག་ཏུ་འགྱུར་ཏེ། ཐམས་ཅད་ཅེས་བྱ་བ་ལྷག་མའོ།། ཅིའི་ཕྱིར་ཞེ ་ན། རྒྱུ་གཞན་ལ་ནི་མི་བལྟོས་པའི་ཕྱིར་རོ།། བལྟོས་ན་ནི་དངོས་པོ་རྣམས་རེས་འགའ་བ་ཉིད་ཡིན་པར་སྲིད་དོ།། གལ་ཏེ་འབྲས་བུའི་སྐྱེད་པར་བྱེད་པ་ནི་ཚོགས་པ་ཅན་ཡིན་ཏེ། དེའི་ཡང་ཐ་དད་པ་དང་། ཐ་དད་པ་མ་ཡིན་པའི་རྗེས་སུ་བྱང ་བར་གསལ་ཞིང་འདིའི་རྗེས་སུ་འགྲོ་བ་དང་། ལྡོག་པའི་རྗེས་སུ་བྱེད་པ་དེས་ན། འབྲས་བུ་ཐ་དད་པ་དང་ཐ་དད་པ་མ་ཡིན་ཏེ། དེ་བས་ན་ཇི་ལྟར་རྒྱུ་མེད་པ་ཅན་དུ་འགྱུར་བ་ཡིན་ཞེ་ན། དེ་ནི་རུང་བ་མ་ཡིན་ཏེ། འདི་ལྟར་ཚོགས་པ་དག་ལས ་གུད་ན་ཚོགས་པ་ཅན་ཞེས་བྱ་བ་གང་མེད་པའི་ཕྱིར་རོ།། དེ་དག་ཀྱང་ཕན་ཚུན་ཐ་དད་པ་ལོག་པའི་ངོ་བོ་ཉིད་ཡིན་པས་ཐ་དད་པ་ཁོ་ན་ཡིན་ན། འབྲས་བུ་ཐ་དད་པ་མ་ཡིན་པ་གཅིག་པུ་སྐྱེད་པར་ཇི་ལྟར་ནུས། ཚོགས་པ་ཅན་གཞན་གྱི་ནང་དུ ་གཏོགས་པའི་ཚོགས་པ་དག་ཀྱང་ཅིའི་ཕྱིར་དེ་སྐྱེད་པར་མི་བྱེད། དེ་ལས་ཐ་དད་པའི་ཕྱིར་སྐྱེད་པར་མི་བྱེད་དོ་ཞེ་ན། དེ་བཞིན་ནོ།། གང་དག་དེ་སྐྱེད་པའི་ངོ་བོ་ཉིད་ཀྱི་བྱེ་བྲག་དང་ལྡན་པའི་ལུས་མྱོང་བར་བྱེད་པ་དེ་དག་དེ་སྐྱེད་པར་བྱེད་ཀྱི། ཅིག ་ཤོས་ནི་མ་ཡིན་ནོ་ཞེ་ན་ཡང་འཁྲུལ་པ་ཡིན་ཏོ།། དེ་སྐྱེད་པའི་ངོ་བོ་ཉིད་ཀྱི་བྱེ་བྲག་གཅིག་ལོས་ཐ་དད་པ་མ་ཡིན་པ་དང་ལྡན་པའི་ལུས་འཛིན་པ་ནི་མིག་ལ་སོགས་པ་འདི་དག་ཕན་ཚུན་ཐ་དད་པར། མངོན་སུམ་ལ་སོགས་པའི་ཚད་མ་དང ་འགལ་བར་འགྱུར་རོ།། ཡང་ན་དེ་སྐྱེད་པའི་ངོ་བོ་ཉིད་ཀྱང་ཐ་དད་པར་འགྱུར་ཏེ། ངོ་བོ་ཉིད་ཐ་དད་པ་མིག་ལ་སོགས་པ་ཐ་དད་པའི་ཕྱིར་རོ།། དེ་ལྟ་ན་ནི། ངོ་བོ་ཉིད་ཐ་དད་པ་མིག་ལ་སོགས་པ་ཞེས་བརྗོད་པའི་སྐྱོན་དུ་འགྱུར་བ་དེ་ཉིད ་ཀྱིས་ཕྱོགས་དེ་ཤིན་དུ་ལེགས་པ་མ་ཡིན་པར་སྟོན་ཏོ།། ཅི་སྟེ་དེ་དག་ལས་དེ་སྐྱེད་པའི་ངོ་བོ་ཉིད་ཀྱི་བྱེ་བྲག་ཐ་དད་དོ་ཞེས་གཞན་ཟེར་ན། དེ་ལྟ་ནའང་ཉེས་པ་འདི་ཡིན་ཏེ། གང་གི་ཕྱིར་འདི་ཉིད་བྲས་བུ་བསྒྲུབ་པའི་མཐུའི་བྱེ་བྲག ་དང་ལྡན་མྱོང་བར་བྱེད་དོ།། འབྲས་བུ་འབྱུང་བར་བྱ་བའི་བྱེད་པ་བྱེ་བྲག་ཅན་བླངས་པ་ཡིན་གྱི། མིག་ལ་སོགས་པ་གཞན་ནི་དེ་ལྟ་མ་ཡིན་པར་འགྱུར་ཏེ། དེའི་ཕྱིར་ནུས་པར་བརྗོད་པ་མཐའ་དགྲ་དང་བྲལ ་བའི་གནས་སྐབས་སུ་འགྱུར་བས། དངོས་པོ་མེད་པའི་ངོ་བོ་ཉིད་ལས། དེའི་ངོ་བོ་གཞན་ཅི་ཞིག་ཡོད་ཤིན་ཏུ་སྨྲོས་ཤིག། དེའི་ཕྱིར་ཁྱོད་མངོན་སུམ་ལ་སོགས་པ་དང་འགལ་བ་དང་ཤིན་ཏུ་ལྡན་པར་འགྱུར་རོ།། ཕྱོགས་གཉིས་པ་ལ ་བརྟེན་ནས་ལན་གདབ་པའི་ཕྱིར། དེ་ལྟར་ན་མི་འགྱུར་ཏེ། ཞེས་བྱ་བ་སྨོས་ཏེ། ཐམས་ཅད་རྒྱུ་མེད་པ་ཅན་ཉིད་དུ་འགྱུར་བའོ།། དེ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་རྒྱུ་དུ་མ་བྱེད་པའི་ཕྱིར་རོ།། ཞེས་བྱ་བ་སྨོས་སོ།། དེ་ཉིད་ཅིའི་ཕྱིར་ཞེ་ན། ་ཉེ་བར་སྦྱོར་བས་འབྲས་བུའི་ངོ་བོ་ཉིད་ཀྱི་བྱེ་བྲག་མ་འདྲེས་པའི་ཕྱིར་རོ།། ཞེས་བྱ་བ་སྨོས་སོ།། རྒྱུ་རྣམས་ཀྱི་ཉེ་བར་སྦྱོར་བ་ནི་བྱེད་པ་སྟེ། བྱེད་པས་འབྲ་ས་བུ་བསྐྱེད་པར་བྱ་བའི་ངོ་བོ་ཉིད་ཀྱི་བྱེ་བྲག་དེ་མ་འདྲེས་པའི་ཕྱིར་རོ།། ཞེས ་ཚིག་རྣམ་པོར་སྦྱར་རོ།། ཡང་ན་རྒྱུའི་ཉེ་བར་སྦྱོར་བས་འབྲས་བུ་དེའི་ངོ་བོ་ཉིད་ཀྱི་བྱེ་བྲག་དེ་མ་འདྲེས་པའི་ཕྱིར་རོ།། དེ་ཉིད་ཅིའི་ཕྱིར་སྙམ་པ་ལ། དེའི་བྱེ་བྲག་ལ་ཉེ་བ.རོ་སྦྱོར་བའི་ཕྱིར་ཏེ། ཞེས་བྱ་བ་སྨོས་ཏེ། འབྲས་བུ་དེའི་བྱེ་བྲག ་ལ་རྒྱུ་རྣམས་ཉེ་བར་སྦྱོར་བའི་ཕྱིར་རོ།། ཞེས་བྱ་བའི་ཐ་ཚིག་གོ། གལ་ཏེ་དེའི་བྱེ་བྲག་ལ་རྒྱུ་རྣམས་ཉེ་བར་སྦྱོར་བ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར། རང་གི་ངོ་བོ་ཉིད་ཇི་ལྟ་བུའི་བྱེ་བྲག་གིས། ཞེས་བྱ་བ་སྨོས་ཏེ། རྒྱུ་གང་གི ་ངོ་བོ་ཉིད་ཅི་འདྲ་བ་འདི་འདྲ་བ་དེ་འདྲ་བ་ཁོ་ན་འབྲས་བུའི་ངོ་བོ་ཉིད་ལ་སྦྱོར་ཞེས་བྱ་བའི་ཐ་ཚིག་གོ།། གལ་ཏེ་དེ་ཉིད་ཇི་ལྟ་བུ་ཞིག་ཅེ་ན། དེའི་ཕྱིར། འདི་ལྟར་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱི་རྣམ་པར་ཤེས་པ་ལས་ནི་མིག་གི་རྣམ་པར ་ཤེས་པ་རྟོགས་པའི་བདག་ཉིད་དུ་འགྱུར་རོ།། མིག་གི་དབང་པོ་ལ་ས་ནི་རྟོགས་པའི་བདག་ཉིད་དེ་ཉིད་གཟུགས་ལ་འཛིན་ནུས་པ་ཉིད་དུ་སོ་སོར་ངེས་སོ།། ཡུལ་ལས་ནི་དེ་དང་མཐུན་པའི་ངོ་བོ་ཁོ་ནར་འགྱུར་རོ།། དངོས་སུ་ན་འབྲས་བུ་ཐ་དད་པ ་མ་ཡིན་ཀྱང་། རྒྱུ་རྣམས་ཀྱི་ངོ་བོ་ཉིད་ཐ་དད་པ་དག་གིས་ངོ་བོ་ཉིད་ཐ་དད་པ་ཁོ་ནར་འགྱུར་ཏེ། རྒྱུ་ཐ་དད་པས་ཀྱང་འབྲས་བུའི་བྱེ་བྲག་དེ་ཐ་དད་པ་མེད་པ་ནི་མ་ཡིན་ནོ།། གཞན་དུའང་། དེ་བཞིན་དུ་སྦྱར་བར་བྱའོ།། ཞེས་བྱ་བ་སྨོས་སོ།། འདི་བསལ་བའི ་ཕྱིར། དེ་ནི་རིགས་པ་མ་ཡིན་ཏེ། ཞེས་བྱ་བ་སྨོས་ཏེ། རིགས་པས་རུང་བ་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། ཅིའི་ཕྱིར་སྙམ་པ་ལ། རྟོགས་པའི་བདག་ཉིད་ལ་སོགས་པ་དག་ཅེས་བྱ་བ་སྨོས་ཏེ། སོགས་པ་སྨོས་པས་ནི་གཟུགས་ལ་འཛིན་ནུས་པ་ཉིད་དུ་ངེས ་བ་ལ་སོགས་པ་བསྡུའོ།། ཕན་ཚུན་ཐ་དད་པར་ཁས་ལེན་ན་ནི་རྣམ་པར་ཤེས་པ་དེ་དུ་མར་འགྱུར་ཏེ་རྟོགས་པའི་བདག་ཉིད་ལ་སོགས་པ་དེ་དག་དང་ཐ་མི་དད་པའི་ཕྱིར་ཏེ། རྟོགས་པ་ཉིད་ལ་སོགས་པའི་རང་གི་བདག་ཉིད་བཞིན་ནོ།། ཇི་སྟེ་ན་གལ་ཏེ་དེ ་དག་དང་ཐ་མི་དད་པ་མི་འགྲུབ་སྟེ། དེ་ལྟ་ན་རྣམ་པར་ཤེས་པ་དུ་མ་ཉིད་དུ་མི་འགྱུར་རོ་ཞེ་ན། དེའི་ཕྱིར། ཐ་དད་ན་ནི། ཞེས་བྱ་བ་སྨོས་ཏེ། ཐ་དད་པར་ཁས་ལེན་ན་ནི། རྒྱུ་མེད་པ་ཅན་དུ་འགྱུར་ཏེ། རྣམ་པར་ཤེས་པ་དེ་ཞེས་བྱ་བ་ལྷག་མའོ།། ཅིའི ་ཕྱིར་རྒྱུ་མེད་པ་ཅན་དུ་འགྱུར་སྙམ་པ་ལ། རྒྱུའི་བྱེད་པ་རྣམ་པར་ཤེས་པ་ལས་གཞན་དུ་འབྲས་བུའི་བྱེ་བྲག་ལ་ཉེ་བར་སྦྱར་བ་བྱས་པའི་ཕྱིར་རོ།། ཞེས་བྱ་བ་སྨོས་སོ།། དེ་ལྟ་ནའང་རྟག་ཏུ་ཡོད་པ་འམ་མེད་པ་ཞིག་ཏུ་འགྱུར ་རོ་ཞེས་བྱ་བའི་ཉེས་པ་ཡོད་དོ།། ཛ་མྦྷི་ཇི་སྐད་སྨོས་པའི་ཉེས་པས་འཇིགས་པའི་ཕྱིར་ཐ་དད་པར་ཁས་མི་ལེན་ན། དེ་ལྟ་བྱ་ཧཱུཾ་རྣམ་པར་ཤེས་བྱ་དུ་མ་ཉིད་དུ་འགྱུར་བའི་ཉེས་པ་སྔར་སྨོས་པ་འབྲའ་ཞིག་ཏུ་མ་ཟད་ཀྱི་གཞན་ཡང་ཡོད་དེ། རྟོགས་པའི ་བདག་ཉིད་ཅན་ལ་སོགས་པ་དེ་དག་ཕན་ཚུན་ཐ་དད་པ་མེད་པར་ཡང་འགྱུར་ཏོ། ཐ་དད་པ་མེད་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ།། ཅིའི་ཕྱིར་སྙམ་པོ་ལ། རྣམ་པར་ཤེས་པ་གཅིག་ལས་གཞན་མ་ཡིན་པའི་ཕྱིར་རོ།། ཞེས་བྱ་བ ་སྨོས་ཏེ། རྣམ་པར་ཤེས་པའི་རང་གི་བདག་ཉིད་བཞིན་ནོ།། དེ་ལྟ་ན་ནཱི་རྒྱུའི་ཡུལ་ཐ་དད་པར་རྟགས་པས་དོན་ཅི་ཞིག་གསོས་པར་འགྱུར་ཏོ། ཚིག་བར་མ་མ་སྨོས་པས་རྒྱུའི་བྱེད་པའི་ཡུལ་ཐ་དད་པར་བརྟགས་པས་ཞེས་བྱ་བའི་ཐ་ཚིག ་གོང་དེའི་ཕྱིར་དེ་ལྟ་བུས་ན་གནས་སྐབས་དྲིའི་ཉེས་པར་འགྱུར་ཏེ། ངོ་བོ་ཉིད་ཐ་དད་པ་མིག་ལ་སོགས་པ་དག་ལས་འབྲས་བུ་ཐ་དད་པ་མ་ཡིན་པ་འབྱུང་བ་ལཱ། རྒྱུ་ཐ་དད་པ་ནི་ཐ་དད་པ་བྱེད་པར་མི་འགྱུར་ཏེ། དེ་ཐ་དད་ཀྱང ་ཐ་དད་པ་མེད་པའི་ཕྱིར་རོ།། ཐ་དད་པ་མ་ཡིན་པ་མེད་ཀྱང་ཐ་དད་པ་མེད་པར་འགྱུར་རོ།། ཐ་དད་པ་མེད་པ་ཡང་ཐ་དད་པ་མེད་པར་བྱེད་པར་མི་འགྱུར་རོ།། དེའི་ཕྱིར་ཐེ་དད་པ་དང་ཐ་དད་མེད་པོ་ནི་རྒྱུ་མེད་པ་ཅན་དུ་འགྱུར་ཏེ། ཐམས ་ཅད་ཀྱང་དེ་ལས་གུད་ན་མེད་པའི་ཕྱིར། ཐམས་ཅད་ཀུན་རྒྱུ་མེད་པ་ཅན་དུ་འགྱུར་རོ།། དེ་ལྟར་གྱུར་ན་རྟག་ཏུ་ཡོད་པ་འམ་མེད་པ་ཞིག་ཏུ་འགྱུརརོ།། ཞེས་སྨོས་པ་གང་ཡིན་པ་སྔ་ན་ཡོད་པ་དེའི་གནས་སྐབས་ཞེས་བྱའོ།། བརྒྱ་ཞིག་ལ་ཞེས ་པ་དེ་ནི་ཐ་དད་པ་མེད་པ་ཁོ་ན་ཡིན་ལ། འབྲས་བུ་རྟོགས་པའི་བདག་ཉིད་ལ་སོགས་པའི་ཆོས་ནི་ཐ་དད་དེ་རྟོགས་པས་སྒྲོ་བཏགས་པ་ཡིན་ནོ།། དེའི་ཕྱིར་དེ་དག་དང་ཐ་དད་པ་མ་ཡིན་པའི་ཕྱིར་ཤེས་པ་དུ་མ་ཉིད་དུ་འགྱུར་རོ།། ཞེས་བྱ་བའི ་གཏན་ཚིགས་དང་། དེ་དག་ཀྱང་ཐ་དད་པ་མ་ཡིན་པར་འགྱུར་རོ།། ཞེས་བྱ་བ་མ་གྲུབ་བོ་ཞེས་སྨྲ་བར་དོགས་པའི་ཕྱིར། གལ་ཏེ་དེའི་བྱེད་པའི་ཡུལྔ་ཐ་དད་པར་བརྟགས་པ་བྱེད་དོ་ཞེས་ནོ་ནི། ཞེས་བྱ་བ་སྨོས་ཏེ། དྲིའི་ཞེས་བྱ་བའི་སྒྲ་ནི་རྒྱུ ་དང་སྦྱར་རོ།། ཅི་ཞིག་བྱས་ནས་ཤེ་ན། ཆོས་ཐ་དད་པར་བརྟག་པ་བྱས་ནས་ཞེས་བྱ་བར་སྨོས་སོ།། སུའོ་ཞེ་ན། འབྲས་བུའི་བདག་ཉིད་ཀྱིའོ།། ཅི་འདྲ་བ་ཞེ་ན། དུ་མ་ལ་སོགས་པ་དང་ལྡན་པ་སྟེ། མཱི་རྟོགས་པའི་བདག་ཉིད་ལ་སོགས་པ ་དུ་མ་ལས་ལོག་པའོ།། ཡང་ན་ལོག་པ་དུ་མ་ཞེས་བྱེ་བྲག་གི་ཚིག་སྡུད་པའོ།། ཆོས་ཐམས་ཅད་པ་བརྟག་པ་ཇི་ལྟར་བྱེད་སྙམ་པ་ལ། རྒྱུ་དང་མཐུན་པ་ཞེས་བྱ་བ་སྨོས་ཏེ། རྟོགས་པའི་བདག་ཉིད་ཡིད་ལ་བྱེད་པ་ལས། རྟོགས་པའི ་ངོ་བོ་ཁོ་ན་ཞེས་བྱ་བ་ལ་སོགས་པ་དང་ངོ་།། གྱིས་ཤིག་ཅེས་བྱ་བ་འདིས་ནི་རྗེས་སུ་དགའ་བ་སྟོན་ཏོ།། གལ་ཏེ་ཕྱོགས་འདི་ཅིག་ཉེས་པ་མེད་པར་འགྱུར་རོ་སྙམ་པ་ལ། རྒྱུའི་བྱེད་པ་དེ་ནི་ཡང་དག་པའི་དོན་དུ་ན་བརྟགས་པ་ཁོ་ན་ཡིན ་བར་འགྱུར་རོ།། ཞེས་བྱ་བ་སྨོས་ཏེ། ཅིའི་ཕྱིར་སྙམ་པ་ལ་རྟོགས་པའི་བཟོས་སྦྱར་བ་དག་ལ་ཡིན་ཏེ། ཞེས་བྱ་བ་སྨོས་ཏེ། རྟོགས་པའི་བདག་ཉིད་ལ་སོགས་པ་དག་ལ་ཞེས་བྱ་བ་ལྷག་མའོ།། རྒྱུར་བྱེད་པ ་དེ་ནི་རྟོག་པའི་བཟོས་སྦྱར་བ་དག་ལ་ཡིན་ཏེ། དེའི་ཕྱིར་དེ་ལྟ་བས་ན། ཡང་དག་པའི་དོན་དུ་ན། བརྟགས་པོ་ཁོ་ན་ཡིན་པར་འགྱུར་རོ།། གལ་ཏེ་བརྟགས་པ་ཡིན་དུ་ཟིན་ཀྱང་ཉེས་པ་ཅི་ཞིག་ཡོད་སྙམ་པ་ལ།། དེ་ལྟ་ན་ནི་འབྲས་བུ་རྒྱུ་མེད་པ ་དུ་འགྱུར་ཏེ། ཞེ་ས་བྱ་བ་སྨོས་སོ།། ཅིའི་ཕྱིར་འབྲས་བུ་རྒྱ་མེད་པ་ཅན་དུ་འགྱུར་སྙམ་པ་ལ། རྒྱའི་བྱེད་པ་བརྟགས་པའོ་བདག་ཉིད་རྣམས་ལ་ཉེ་བར་སྦྱོར་བའི་ཕྱིར་རོ།། ཞེས་བྱ་བ་སྨོས་སོ།། དངོས་སུ་ན་འབྲས་བུ་ཐ་དད་པ་མ་ཡིན ་ཡང་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ་ཉེས་པ་བརྗོད་པའི་ཕྱིར་བཤད་པ། གཞན་ཡང་དངོས་སུ་ན་འབྲས་བུ་ཐ་དད་པ་མ་ཡིན་ཡང་གལ་ཏེ་ཁྱོད་དབྱེ་བྲག་རྣམས་ནི་ཐ་དད་པར་ཁས་ལེན་ན། དེ་ལྟར་གྱུར་ན་ཡང་ཆོས་དང་ཆོས་ཅན ་དངོས་སུ་ཐ་དད་པ་ཁོ་ནར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། ཐ་དད་པ་དང་ཐ་དོད་པ་མཱ་ཡིན་པའི་ངོ་བོ་ཉིད་དང་ལྡན་པའི་ཕྱིར། ཟླ་བ་དང་སྐར་མ་ལ་སོགས་པ་བཞིན་ནོ།། དེ་ལྟ་ན་ཤུགས་ཀྱིས་སྤྱི་ཐ་དད་པ་ཁོ་ནར་འགྱུར་བ་འབའ་ཤིག་ཏུ་མ་ཟད ་ཀྱི་གཞན་ཡང་སྔར་སྨོས་པའི་ཉེས་པ་རྒྱུའི་བྱེད་པ་གཞན་དུ་སྦྱོར་བ་བྱས་པའི་ཕྱིར། འབྲས་བུ་རྒྱུ་མེད་པ་ཅན་དུ་འགྱུར་རོ་ཞེས་བྱ་བ་ཡང་ཡོད་དོ།། འདི་ལྟར་བྱེ་བྲག་འདི་དག་ཀྱང་ཀུན་བརྟགས་པ་ཁོ་ན་ཡིན་པས་དངོས་པོ་ཐ་དད་པ་དང་ཐ་དད ་མ་ཡིན་པའི་ངོ་བོ་ཉིད་དང་ལྡན་པ་ཉིད་དུ་མ་གྲུབ་སྟེ། དེ་ལྟ་ཡིན་པས་ཇི་སྐད་སྨོས་པའི་ཉེས་པ་མེད་དོ་སྙམ་དུ་སེམས་པར་གྱུར་ན། ཇི་སྟེ་བྱེ་བྲག་དེ་དག་ཀྱང་བརྟགས་པ་ཁོ་ན་ཡིན་ནོ་ཞེ་ན། ཞེས་བྱ་བ་ལ་སྩོགས་པ་སྨོས་སོ།། དེ་ལྟ་ཡིན་ན་ནི་ཞེས་བྱ་བ ་ནི་བརྟགས་པ་ཉིད་ཡིན་ནའོ།། ཅིའི་ཕྱིར་རིག་པ་མ་ཡིན་སྙམ་པ་ལ། རྟོག་པས་བཀོད་པའི་ཐ་དད་པ་ནི་རྒྱུའི་བྱེད་པ་ལ་མི་བལྟོས་སོ།། ཞེས་བྱ་བ་སྨོས་ཏེ། འདིར་གཏན་ཚིགས་ནི་རྟོགས་པས་བཀོད་པ་ཉིད་དོ།། རྒྱུའི་བྱེད་པ་ལ་མི་བལྟོས་པ་ཞེས་བྱ ་བ་ནི་དམ་བཅའ་བའོ། ནཱམ་མཁའི་ཨུཏྤ་ལ་སོགས་པ་ནི་དཔེ་ཉིད་དུ་ཁོང་ནས་དྲང་བར་བྱའོ།། འབྲས་བུ་ཐ་དད་མ་ཡིན་ཡང་། བྱེ་བྲག་རྣམས་ནི་ཐ་དད་དང་།། གཞན་མིན་ཁྱེད་འདོད་དེ་བས་ནཱ།། ཞེས་བྱ་བས་ནཱི་འབྲས་བུ་ནི་ཐ་དད་པ་མ་ཡིན་ཞིང ་བྱེ་བྲག་རྣམས་ནི་ཐ་དད་པ་ཡིན་ལ། འབྲས་བུ་ལས་བྱེ་བྲག་རྣམས་གཞན་པའང་མཱ་ཡིན་ན། དེ་ལྟ་ན་ཡང་སྔ་མ་དང་ཕྱི་མ་དང་འགལ་བ་འདི་ཇི་ལྟར་བཟོད་ཅེས་བསྟན་པ་ཡིན་ནོ།། དབང་ཕྱུག་གིས་བྱས་པ་ཉིད་ཀྱིས་ནི་དབང་ཕྱུག་གིས་བྱས་པ་བཞིན ་དུ་ཚིག་འདི་རིགས་པ་དང་ལྡན་པ་མ་ཡིན་ནོ་ཞེས་ཕྱག་བྱ་བར་སྟོན་ཏོ།། རྟོགས་པའི་ངོ་བོ་ལས་གཞན་མིན་པར་ཁས་ལེན་ན་ནི་འབྲས་བུ་དེ་ནི་གཟུགས་ལས་སྐྱེ་བ་མ་ཡིན་ཏེ། རྟོགས་པའི་ངོ་པོ་ལས་གཞན་མ་ཡིན་པའི་ཕྱིར། རྟོགས ་བའི་ངོ་བོའི་རང་གི་བདག་ཉིད་བཞིན་ནོ།། དེའི་རྣམ་པ་དེ་ལས་ཏེ། ཡུལ་གྱི་རྣམ་པ་ལས། གཞན་མིན་ཕྱིར་འབྲས་བུ་དེ་གཟུགས་ལས་ཀྱང་ནི་སྐྱེ་བར་འགྱུར་ཏེ། ཡུལ་གྱི་རྣམ་པ་ལས་གཞན་མ་ཡིན་པའི་ཕྱིར། ཡུལ་གྱི་རྣམ་པའི་རང་གི ་བདག་ཉིད་བཞིན་ནོ།། དེ་ལྟ་ཡིན་ན་ནི་འབྲས་བུ་གཅིག་ལ་སྐྱེ་བ་དང་། མི་སྐྱེ་བ་དག་ཏུ་ཐལ་བར་འགྱུར་ལ། རྒྱུ་གཅིག་ལ་སྐྱེད་པར་བྱེད་པ་དང་། སྐྱེད་པར་བྱེད་པ་མ་ཡིན་པ་དག་ཏུ་ཐལ་བར་འགྱུར་ཏེ། ་སྐྱེ་བ་དང་མི་སྐྱེ་བ་དེ་དག་ཀྱང་ཅིའི་ཕྱིར་ན་མི་འགལ་ཞེས་བྱ་བར་སྦྱར་རོ།། འབྲས་བུ་དུ་མ་ལ་མི་འགོལ་བ་ཁོ་ནའོ་སྙམ་ན། འབྲས་བུ་གཅིག་ལ་ཞེས་བྱ་བ་སྨོས་སོ།། གལ་ཏེ་འབྲས་བུ་གཅིག་པུ་དེ་ལ་ཡང་རིམ་གྱིས་འགལ་བ་མེད་དོ་སྙམ ་ན་ཅིག་ཅ་ར་ཞེས་བྱ་བ་སྨོས་སོ།། བརྟགས་པས་ན་འགལ་བཱ་མེད་དོ་སྙམ་ན། ཡང་དག་པར་ཞེས་བྱ་བ་སྨོས་སོ།། དེ་བཞིན་དུ་རྒྱུ་གཅིག་ལ་སྐྱེད་བྱེད་དང་སྐྱེད་བྱེད་མ་ཡིན་པ་ཅིའི་ཕྱིར་མྱི་འགྲལ་ཞེས་བྱ་བར་སྦྱར་ཏེ། ལྷག་མ་ནི་སྔ་མ ་ནི་སྔ་མ་བཞིན་ནོ།། བརྒྱ་ཞིག་ལ་རྟོགས་པ་ལ་སོགས་པའི་བདག་ཉིད་འབྲས་བུ་ཐམས་ཅད་རྣམ་པར་ཤེས་པ་ལ་སོགས་པ་རྒྱུ་ཐ་སེམས་ཅད་ལྔ་ས་སྐྱེ་བར་ཁས་བླངས་ན་ཇི་ལྟར་སྨོས་པའི་ཉེས་པ་འདི་མེད་དོ་ཞེས་སྨྲ་བར་འགྱུར ་བས་ཀུན་ལས་ཐམས་ཅད་སྐྱེ་ན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཏེ། རིགས་པའི་རྗེས་སུ་འབྲངས་ནས་སྨྲས་ཏེ། ཐ་དད་པ་དང་ཐ་དད་པ་མ་ཡིན་པ་སྒྲུབ་པར་བྱེད་པ་ནི། རྗེས་སུ་འགྲོ་བ་དང་ལྡོག་པ་དག་འཁྲུལ་པ་ཉིད་དུ་སྟོན་པ ་ཡིན་ནོ།། ཅི་སྟེ་གལ་ཏེ་ཇི་སྐ་ང་སྨོས་པའི་ཉེས་པ་ཐོག་ཏུ་བབ་པས་ཕྱོགས་སྔ་མ་འདི་ནི་དོར་བར་བྱ་བ་ཡིན་གྱི། འདི་སྐད་དུ་རང་གི་ངོ་བོ་ཉིད་ཇི་ལྟ་བའི་བྱེ་བྲག་གི་ཞེས་བྱ་བ་ལ་སོགས་པ་ལ་བརྟེན་པར་བྱའོ་ཞེས་བྱའོ་ཞེས་སྨྲའོ། ་སྐམ་ན། གལ་ཏེ་བྱེ་བྲག་རྐྱེན་རྣམས་ལས་ཞེས་བྱ་བ་ལ་སོགས་པསྨོས་སོ།། རཱིར་ནི་སྐྱེད་པར་བྱེད་པ་མ་ཡིན་པར་འགྱུར་རོ།། དངོས་པོ་རྣམས་འགའ་ཞིག་རྟོགས་པ་སྔོན་དུ་གཏང་ནས། འདི་ལ་གཅིག་གིས་ཀྱང་ནས་ཀྱི། འདིར་བདག་ནི་དམམ་མམ་ཏ་གཞན། ་ལྡོག་པ་མེད་དོ་ཞེས་གསུངས་པའི་ཕྱིར་ལ་དེ་ཡང་ཁྱེད་འདོད་དེ། དེའི་ཕྱིར་འདིས་ནི་ཁས་བླངས་པ་དང་འགལ་བར་སྟོན་ཏོ།། རྒྱུའི་བྱེད་པ་བྱེ་བྲག་རྣམས་ལ་ཉེ་བར་སྦྱོར་བ་བྱས་པའི་ཕྱིར། ཡིན་ནའང་འབྲས་པབུ་རྒྱུ་མེད་འགྱུར། འདིས་ནི་སྣརོན་བསྟན་ཏོ། ་ཅི་སྟེ་ཇི་སྐད་བཤད་པའི་ཉེས་པ་ཡོངས་སུ་སྤང་བར་འདོད་ནས། རྐྱེན་རྣམས་ལས་འབྲས་བུ་བསྐྱེ་བར་སྨྲ་ན། འོན་ཀྱང་ཉེས་པ་ཡོད་པས། གལ་ཏེ་ཁྱོད་ནི་རྐྱེན་རྣམ་ས་ལས་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ཇི་སྟེ་ཇི་སྐད་སྨོས་པའི་ཉེས་པ་བསལ ་བའི་ཕྱིར་འབྲས་བུ་གང་ཡིན་པ་དང་། རྒྱུའི་ཡུལ་དེ་གཉིས་ཐ་མི་དད་པར་འདོད་ན། འོན་ཀྱང་ཉེས་པ་ཡོད་པས། ཇི་སྟེ་དེ་གཉིས་གཞན་མིན་ན། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཚུངས་པ་དེ་མ་ཐག་པའི་རྐྱེན་ལ་སོགས་པ་ལས། མིག་གི་རྣམ་པར ་ཤེས་པ་དེ་རྟོགས་པའི་བདག་ཉིད་ལ་སོ་རྫོགས་པའི་རྣམ་པར་དབྱེ་བ། ཅིའི་ཕྱིར་འཐད། དེ་ནི་མི་འཐུད་པ་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ལྟ་བས་ན་རྣམ་པར་ཤེས་པ་དེ་གཅིག་ཡང་མ་ཡིན་ཏེ། དེ་དག་ལས་གཞན་མ་ཡིན་པའི་ཕྱིར་རོ།། ཡང་ན་དེ ་དག་ཀྱང་ཐ་དད་པར་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། རྣམ་པར་ངོ་ཤེས་པ་ལས་གཞན་མ་ཡིན་པའི་ཕྱིར་རོ།། དེ་ལྟ་ཡིན་ན་ནི་རང་བཞིན་ཐ་དད་པ་རྣམས་ལས་ཞེས་བྱ་བ་ལ་སོགས་པ་ཉེས་པའི་ཚོགས། བཤད་ཟིན་ཉེས་པར་ཐལ་འགྱུར་ཕྱིར།། འདི་ནི ་གླང་ཆེན་འཁྲུས་འདྲར་འགྱུར།། གཅིག་གིས་དུ་མའི་དངོས་མི་བྱེད།། ཅེས་བྱ་བ་ཕྱོགས་གསུམ་པ་ལ་འཇུག་པར་བྱ་བའི་ཕྱིར།། གཞན་ཡང་གཞན་འདི་བརྗོད་པར་བྱ་སྟེ། ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ཅིའི ་ཕྱིར་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་རྒྱུ་མེད་པ་ཅན་དུ་འགྱུར་སྙམ་པ་ལ། རྒྱུ་ཐ་དད་པ་མེད་བཞིན་དུ་ཡང་འབྲས་བུ་ཐ་དད་པའི་ཕྱིར་རོ། ཞེས་བྱ་བ་སྨོས་སོ།། འདིས་ནི་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་སྒྲུབ་པར་བྱེད་པ་རྗེས་སུ་འགྲོ་བ་དང་ལྡོག་པ་དག ་འཁྲུལ་པར་སྟོན་ཏོ།། གལ་ཏེ་གང་གིས་འབྲས་བུ་གཅིག་བྱེད་པ་དེ་ལ་ས་བདག་ཉིད་ཀྱི་ཁྱད་པར་གཞན་གྱིས་འབྲས་བུ་གཞན་བྱེད་དོ་ཞེ་ན། ཞེས་བྱ་བར་སྦྱར་ཏེ། འོ་ན་ནི་དངོས་པོ་དེ་གཅིག་པུར་མི་འགྱུར་ཏེ། བདག་ཉིད་ཀྱི་ཁྱད་པར་ལས ་ཐ་དད་པ་མེད་པའི་ཕྱིར། བདག་ཉིད་ཀྱི་ཁྱད་པར་བཞིན་ནོ།། གལ་ཏེ་རྒྱུ་གཅིག་གིས་འབྲས་བུ་གཅིག་ཁོ་ན་བྱེད་དུ་ཟད་མོང་ཞེ་ན། ཞེས་བྱ་བས་ནི་ཕྱོགས་བཞི་པ་ལ་རྟེན་པར་བྱེད་དོ།། དེ་ལྟ་ནི་མ་ཡིན་ཏེ། ཞེས་བྱ་བ་ལ་སོགས་པས་ནི་འགོག་པར ་བྱེད་དོ།། ཅིའི་ཕྱིར་ཞེ་ན། འགྲོ་བ་ཐམས་ཅད་ལོང་བ་དང་འོན་པ་ལ་སོགས་པའི་དངོས་པོར་ཐལ་བར་འགྱུར་བའི་ཕྱིར་རོ།། ཞེས་བྱ་བ་སྨོས་སོ།། མིག་ལ་སོགས་པ་རུང་གི་རིགས་དང་མཐུན་ཕྱིའི་སྐད་ཅིག་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར། རང ་གི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ལྷག་མའོ།། དེ་ལྟ་ཡིན་ན་རྣམ་པར་ཤེས་པ་མེད་ནི་ལོང་བ་དང་འོན་པ་དང་། དྲི་མི་ཚོར་བ་དང་། རོ་མི་མྱོང་བ་དང་། རེག་མི་ཚོར་བའི་དངོ་ས་པོར་གསལ་བར་ཐལ་བར ་འགྱུར་རློ། ཇི་སྟེ་རང་གི་རྣམ་པར་ཤེས་པ་སྐྱེད་པ་ཉིད་དུ་ཁས་ལེན་ནུ། དེ་མྦྷ་ཡིནྡྷ་ནཱ་ནི་སྦྱར་བ་ཤང་བའི་ཉེས་པ་ནི་མེད་མོད་ཀྱི། ཉེས་བྱུ་གསྨྱན་ཡོད་པས་བབྱུང་བ། རང་གི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་ཉིད་ཡིན་པར་ཁམ་ལེན ་ན་ནི་རང་གི་རིགས་འཆད་དེ། མིག་ལ་སོགས་བའི་རིགས་འཆད་དོ་ཞེས་བྱ་བའི་ཐ་ཚིག་གོ། དེ་བས་དེ་ལྟ་བས་ན་ཅིར་ཡང་མི་རུང་ངོ་།། ཅིའི་ཕྱིར་ཞེ་ན། ཤེས་པའི་སྐད་ཅིག་ཕྱིན་ཅད་མིག་ལ་སོགས་པ་ཡང་མེད་ལ། རྣམ་པར་ཤེས ་པ་ཡང་མེད་པས་ཅིར་ཡང་མི་རུང་ངོ་ཞེས་བཤད་དོ།། རྒྱུ་གཅིག་གིས་འབྲས་བུ་གཅིག་སྐྱེད་པར་བྱེད་དོ་ཞེས་བྱ་བ་དེ་ཁས་མི་ལེན་མོད་ཀྱི་བརྒྱ་ཞིག་ལ་ཕ་རོལ་པོ་རེ་ཐག་ཆད་པར་གྱུར་པ་དེ་སྐད་སྨྲ་བར་འགྱུར་བས་ཁོ་བོ་ཅག་གིས་དེའི་ཚིག་འཇུག་པ ་ལ་གནོད་པ་བྱས་སོ་སྙམ་དུ་བསམས་པའོ།། དེ་ལྟ་མིན་རྔོན་ཞེས་བྱ་བ་ལ། དེ་ལྟ་མ་ཡིན་པ་ནི་འགྲོ་བ་གཞལ་བྱ་ཡང་ཡིན་ལ། དབང་ཕྱུག་བྱེད་པ་པོ་ཡང་ཡིན་ན་འདི་ལ་འགལ་བ་ཅི་ཡོད་ཞེས་བྱ་བའིའངའོ།། གཞལ་བྱ་ཉིད་ལ་སོགས་ཡེ་མེད་ཁོ་ནར ་འགྱུར། ཞེས་བྱ་བ་ནི་དབང་ཕྱུག་བྱེད་པ་པོ་ཉིད་ཡིན་ན་རྒྱུ་ཉེ་བུ་ཁོ་ན་ལས་འགྲོ་བ་སྐྱེ་བའི་ཕྱིར་འདི་ནི་གཞལ་བྱ་ཡིན་ནོ་ཞེས་བྱ་བ་འི་དེ་ཉིད་མི་སྲིད་དེ། དུས་ཅིག་ཅར་བ་རྣམས་ཀྱི་ཡོངས་སུ་བཅད་པར་བྱ་བ་དང་། ཡོངས་སུ་གཅོད་པར་བྱེད་པའི ་དངོས་པོ་མི་རུང་བའི་ཕྱིར་རོ།། སོགས་པ་སྨོས་པས་སོས་ནི་བསྐྱེད་པར་བྱ་བ་དང་སྐྱེ་ད་པར་བྱེད་པ་ལ་སོགས་པ་ཡོངས་སུ་བསྡུའོ།། རྣམ་པ་མང་པོར་མཛད་ཅེས་བྱ་བ་ནི་བདག་ལས་མ་ཡིན། གཞན་ལས་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས ་སོ། དེ་བཞིན་དུ་སྐྱེ་བ་འགོག་པར་བྱེད་པ་བདག་ལས་ཞེས་བརྟགས་པའི་ཐ་སྙད་འདོགས་པའི་རྒྱུ་ཅན་ལ་ཡིན་ན་ནི། འདི་གྲུབ་པ་སྒྲུབ་པའོ།། དེ་ལྟ་ན་གང་ལས་སྐྱེ་བ་དེ་བདག་ལུས་གཞན་ལས་ཞེས་ཐ་སྙད་གདགས ་བར་མི་ནུས་ཏེ། རང་གི་མཚན་ཉིད་ནི་ངག་གི་རྒྱུ་བ་ལས་འདས་ནས་འཇུག་པའི་ཕྱིར་རོ།། གང་ཡང་གཞན་ཞེས་བྱ་བ་ལ་སོགས་པས་ཐ་སྙད་འདོགས་པ་དེ་ནི་རྟོགས་པས་ཉེ་བར་བཀོད་པ་ཡིན་ཏེ། དེའི་ཕྱིར་དེ་ལས་མི་སྐྱེའོ་ཞེས་སྨྲ་བ ་ནི་གསལ་བ་ཁོ་ནར་གྲུབ་པ་ཉིད་ཡིན་ནོ།། འདེ་ལྟར་རྒྱ་མེད་དངོས་མེད་པས་ཞེས་བྱ་བ་ལ་སོགས་པས་ནི་ཕ་རོལ་པོ་རང་གི་སྒོ་ཁོ་ན་ནས་ལན་འདབས་སུ་འཇུག་པར་རིམ་པ་འགོད་པར་བྱེད་པའོ།། ཅི་སཱ་ལུའི་ས་བོན་ལ་སོགས་པ་དེ་མྱུ་གུ་ལ ་སོགས་པ་འབྲས་བུ་ལས་གཞན་ནམ། འོན་ཏེ་ས་བོན་ལ་སོགས་པ་དེ་ཉིད་མྱུ་གུ་ལ་སོགས་པ་ཡིན། ཅིའི་ཕྱིར་རྟོག་པ་འདི་གཉིས་ཁོ་ན་བྱེད་སྙམ་པ་ལ། ཕན་ཚུན་ལོག་པའི་ལུས་ལ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པ་གཞན་ཞེས་བྱ ་བ་ནི། ས་བོན་ལས་མྱུ་གུ་ལ་སོགས་པ་གཞན་ཡང་ཡིན་ལ། གཞན་མ་ཡིན་པ་ཡང་ཡིན་པ་དང་། གཞན་ཡང་མ་ཡིན་གཞན་མ་ཡིན་པ་ཡང་མ་ཡིན་ཞེས་བྱ་བ་སྟེ་འདི་ནི་འགལ་བས་མི་སྲིད་དོ།། རང་གི་མཚན་ཉིད་ནི་ངག་གི་སྤྱོད་ཡུལ་ལས་འདས་པའི་ཕྱིར ་བརྗོད་པར་མི་ནུས་ཞེས་སྨྲའོ།། ལམ་གཞན་ནི་བརྗོད་པའི་ཀུན་རྫོབ་བོ།། ལེགས་ཤེས་བྱ་བ་ནི་ལམ་གཞན་གྱི་བྱེ་བྲག་གམ་བྱ་བའི་བྱེ་བྲག་གོ།། ཇི་ལྟར་ཐ་སྙད་ཀྱི་རྗེས་སུ་མཐུན་པར་བུམ་པ་སྣམ་བུ་ཞེས་བྱ་བ་ལ་སོགས་པར་བསྙད་པརོ ་ནུས་པ་དེ་བཞིན་དུ། ས་བོན་ལ་སོགས་པ་ལས་མྱུ་གུ་ལ་སོགས་པ་གཞན་ནམ་གཞན་མ་ཡིན་ཞེས་བྱ་བ་ལ་སོགས་པ་འདི་ཡང་བསྙད་ནུས་པར་སྣང་ངོ་།། དེ་ལྟ་མ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་བརྗོད་པར་བྱ་བ་མ་ཡིན་ན་ནི། མི་སྨྲ ་ཐུག་ཏེ། འདི་ལྟར་ཕྱེད་རྒས་པ་ནི་རིགས་པ་མ་ཡིན་ནོ།། ཇི་སྟེ་ས་བོན་ལ་སོགས་པ་དང་མྱུ་གུ་ལ་སོགས་པ་གཞན་དང་གཞན་མ་ཡིན་པའི་ཕྱོགས་གཉིས་ཀྱི་ནང་ནས་འགའ་ཕྱོགས་གསུམ་པ་ཞིག་བརྗོད་ན། དེ་ཉིད་ཁོ་བོ་ཅག་གིས་དགག ་དེ་བས་དེ་ལྟ་བས་ན་དེ་ལྟ་ཡིན་ན་ནི། ཕ་རོལ་གྱིས་ཁས་བླངས་པ་འགོག་པ་ཡིན་ན། རྩོད་ལ་གཟོ་བ་ག་ལ་ཡིན། ཁྱོད་རྩོད་པ་ལ་མཁས་པ་ག་ལ་ཡིན་ཏེ་མ་ཡིན་པ་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་གོ།། འདི་སྐད་དུ་དབུ་མ་པ་ནི་བྱས ་ཤིང་བྱས་ཤིང་འགོག་པ་སྨྲ་བ་ནི་མ་ཡིན་གྱི། འོན་ཀྱང་ཕ་རོལ་པོ་ས་ཕྱོགས་གང་ཁས་ལེན་པ་དེ་ཁོ་ན་འགོག་པ་སྨྲའོ།། ཅི་སྟེ་ཕྱི་རོལ་པོ་ཕྱོགས་འགའ་ཡང་ཁས་མི་ལེན་ན་ནི། དབུ་མ་པོ་འགོག་པ་ཡང་ཅི་ཡང་མི་སྨྲ་བ་ཉིད་དོ།། དེ་ལྟ་ཡིན ་ན་བདག་ལས་སྐྱེ་གཞན་ལས་སྐྱེ་གཞན་ལས་སྐྱེ་ཞེས་བྱ་བ་དེ་ལྟ་བུ་ནི་ཕ་རོལ་པོ་ཁོ་ནས་སྨྲས་ཀྱི། སློབ་དཔོན་ནི་མ་ཡིན་ནོ་ཞེས་དག་སོ་པ་ཙམ་འཆད་པར་ཟད་པས་ཉེས་པ་ཅི་ཡང་མེད་དོ།། ཞེས་བཤད་པ་ཡིན་ནོ།། མ་ཞིག་པ ་ལས་འབྲས་སྐྱེ་ནང་དེ་ཚེམ་ཞི་ག་པའི་གནས་སྐབས་ན། ཅིའི་ཕྱིར་འབྲས་བུ་མེད། གལ་ཏེ་ཡོད་ན་ནི་དེའི་ཚེ་འབྲས་བུ་དང་རྒྱུ་གཉིས་ཅིག་ཅར་ཡིན་པར་ཐལ་བར་འགྱུར་རོ།། དེ་ལྟ་ན་ཡང་དེ་གཉིའི་རང་གིང་བ་ཉམས་པར་ཐལ་བ་ཡིན་ནོ ་ཞིག་ནས་འབྲས་བུ་སྐྱོ་ན་ནི། དེ་ཚེ་རྒྱུ་གང་ལས་འབྲས་བུར་འགྱུར་འདི་ལྟར་རེ་ཞིག་འབྲས་བུ་འདི་རྒྱ་ཞིག་པ་ལས་ནི་མི་འགྱུར་ཏེ། དེ་ནུས་པར་བརྗོད་པ་ཐམས་ཅད་དང་བྲལ་བའི་ངོ་བོ་ཉིད་ཡིན་པའི ་ཕྱིར་རོ་རྒྱུ་གཞན་ཡང་ཡོད་པ་མ་ཡིན་ཏེ། དེ་ལ་ཡང་མཚུངས་པར་ཐལ་བར་འགྱུར་བའི་ཕྱིར་རོ།། དེའི་ཕྱིར་འབྲས་བུ་རྒྱུ་མེད་པ་ཅན་ཁོ་ནར་འགྱུར་རོ།། ཡང་ན་ནཱི་མེད་པ་ཁོ་ནར་འགྱུར་རོ།། ཇི་སྟེ་བདག་ཉིད་ཀྱི་རང་དགྲས་རྒྱུ་མ་འགག་པ ་ཡོད་པ་ལས་འབྲས་བུ་སྐྱེའོ་ཞེས་བྱ་བ་དེ་ལྟ་བུར་རྟོག་པར་བྱེད་ན། དེ་ལ་ཡང་རྒྱུ་དང་འབྲས་བུ་དུས་མཉམ་པོ་ཉིད་ཁོ་ན་དང་འབྲེལ་པར་འགྱུར་རོ།། གལ་ཏེ་ཡང་རྒྱུའི་ལུས་ནི་འཇིག་པས་ཟིན་ལ། འབྲས་བུ་ནི་སྐྱེ་བས་ཟིན་ཏེ། རྒྱ་འཇིག ་པ་ན་མཇུག་ཐོགས་ཁོ་ནར་འབྲས་བུ་སྐྱེ་ལ། བར་ན་བར་དུ་གཅོད་པར་བྱེད་པའི་འདུས་ཅི་ཡང་མེད་པས། དེའི་ཕྱིར་རྒྱུ་མ་འགྲགས་པའི་འཇུག་ཐོགས་ཁོ་ནར་འབྲས་བུ་འབྱུང་ངོ་།། གང་གི་ཕྱིར་སྐད་ཅིག་མ་དང་པོ་ལ་ནི་རྒྱ། སྐད་ཅིག་མ ་གཉིས་པ་ལ་ནི་འབྲས་བུ་སྐྱེ་སྟེ། དེ་ལྟ་ཡིན་ན་ནི་མ་ཞིག་པ་ལས་སྐྱེ་བ་ཡིན་ནོ།། འདི་ལྟར་འཇུག་ཐོགས་སུ་ཡོ་ད་པ་ཡིན་ལ། དེ་ཡང་མ་ཞིག་པ་ཁྱེ་ན་ལས་འབྱུང་བ་ཡིན་ནོ།། དེ་ལྟ་མོ་ཡིན་ན་སྐད་ཅིག་གསུམ་པ་ལ་འབྲས་བུར ་འགྱུར་ཏེ། སྐད་ཅིག་དང་པོ་ལི་ནི་རྒྱུ་ཡོད་པའོ།། གཉིས་པ་ལ་ནི་འཇིག་པའོ། ཞིག་ནས་ནི་འབྲས་བུ་སྐྱེ་སྟེ་སྐྱེས་མ་ཐག་ཏུ་ནི་འབྲས་བུ་ཡོད་པ་ཡིན་ནོ་སྙམ་དུ་སེམས་ན། འདི་ཡང་རིགས་པས་འབྲེལ་པ་ཉམས་སུ་འབབ་པ་མ ་ཡིན་ནོ།། འདི་ལྟར་རེ་ཞིག་དང་པོ་ཁོ་ནུར་དེ་ལྟ་མ་ཡིན་ན། སྐད་ཅིག་གསུམ་པ་ལ་འབྲས་བུར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་འདི་ཤིན་ཏུ་མ་འབྲེལ་པ་ཡིན་ཏེ། གང་ཞིག་ཇི་ལྟ་ཡང་ཞིག་པ་དང་མ་ཞིག་པ་ལས་སྐྱེ་བར་མི་འདོད་པ་དེ་ལ། འདི ་བུའི་བརྗོད་པ་ཇི་ལྟར་འཚམ་ཞེས་བདག་ཉིད་ཀྱིས་རྟོགས་ཤིག། གང་ཡང་རེ་ཞིག་སྐད་ཅིག་མ་དང་པོ་ལ་ཞེས་བྱ་བ་ལ་སོགས་པ་གང་ཡིན་པ་དེ་ཡང་སྙིང་པོ་མེད་པ་ཉིད་དེ། འདི་ལྟར་སྐད་ཅག་གཉིས་པ་ལ་མ་ཞིག་པ་ལས་འབྲས་བུ་འདི་འབྱུང་བ་ནི་མ་ཡིན་ཏེ། ་དེའི་ཚེ་མ་ཞིག་པ་མེད་པའི་ཕྱིར་རོ།། གང་གི་ཚེ་འདི་མ་ཞིག་པ་དེའི་ཚེ་ཡང་འབྲས་བུ་མེད་པ་ཁོ་ནའོ།། ཇི་སྟེ་སྐད་ཅིག་གཉིས་པ་ལ་མ་ཞིག་པ་ཁོ་ན་ལས་འབྲས་བུ་སྐྱེ་སྟེ། འདི་ལྟར་སྐྱེས་མ་ཐག་ཏུ་ཡོད་ལ། དེ་ཡང་མ་ཞིག་པ་ཁོ་ན་ལས་འབྱུང་ངོ་ཞེ་ན། ཡིན ་ལ་ནི་རག་མོད་ཀྱི། ཁྱོད་ཀྱི་སྐད་ཅིག་པ་ཉིད་མ་ཡིན་པར་འགྱུར་རོ།། གལ་ཏེ་འདི་སྐད་ཅིག་པ་ཉིད་ལ་ཡིན་པ་མ་ཡིན་ཏེ་དི་ལྟར་རྒྱུ་འཇིག་པ་ན་འབྲས་བུ་སྐྱེད་པར་བྱེད་དོ་ཞེ་ན། དེ་ཡང་རིགས་པོ་མ་ཡིན་ཏེ། འདི་ལྟར་རེ་ཞིག་གང་གི་ཚེ་རྒྱུ་འཇིག་པ་དེའི་ཚེ་ན་རེ་ཞིག ་འབྲས་བུ་མེད་ལ་གང་གི་ཚེ། ཞིག་ཟིན་པ་དེའི་ཚེ་འབྲས་བུ་དེ་གང་ལས་འབྱུང་ཞེས་བརྗོད་པར་བྱ། གལ་ཏེ་འཇིག་པ་དེ་ཉིད་ལས་འབྱུང་ངོ་ཞེ་ན། དེའི་ཚེ་དེ་མེད་པ་མ་ཡིན་ནམ། གང་གི་ཚེ་ཡོད་པར་གྱུར་པ་དེའི་ཚེ་ནི་དེ་ལས་འབྲས་བུ་འབྱུང་བར་ཁྱོད་མི་འདོད ་དོགནས་སྐབས་གཞན་ཡང་ཅི་ཡང་མེད་དེ། དེའི་ཕྱིར་དངོས་པོ་རྟོགས་བཞིན་དུ་ཡང་མཇུག་ཐོགས་པ་ལ་མངོན་པར་ཞེན་པ་ཙམ་གྱི་ལིང་ཏོག་གིས་ཡང་དག་པའི་བློའི་མིག་ཁེབས་པས། རྒྱུ་མ་འགགས་པ་ལས་སྐྱེའོ་སྙམ་དུ་གདོན་མི་ཟ་བར་སེམས ་ཏེ། དེ་ལྟར་ནི་དབྱེ་བར་མི་ནུས་སོ།། འདི་ལྟར་སྐད་ཅིག་དང་པོ་ལ་ནུས་པ་ཐམས་ཅད་མ་ཉམས་པ་རྒྱུ་མཐུ་ཆེ་བའི་ཚེ་ནི་འབྲས་བུ་མི་སྐྱོའི། སྐད་ཅིག་གཉིས་པ་སྟེ། གང་གི་ཚེ་འབྲས་བུ་སྒྲུབ་པར་ནུས་པའི་མཐུ ་བྱེ་བྲག་ཐམས་ཅད་མེད་པར་གྱུར་པ་དེའི་ཚེ། འབྲས་བུ་སྐྱེ་བར་ཇི་ལྟར་འགྱུར། དེ་ལྟ་བས་ན་སྨྲ་ཅི་དགོས་ཏེ་དེ་ནི་བཞག་གོ། དེ་དག་རྣམ་པར་རྟོགས་བྱེད་པ། ཞེས་བྱ་བ་ལ་སོགས་པ་ནི་དོན་གསལ་ལོ།། གལ་ཏེ་འདི་ཡོད་ན་འདི་འབྱུང ་ཞེས་བྱ་བ་ནི་ལུང་དང་འཇིག་རྟེན་ན་ཡང་ཡོད་ལ། ས་བོན་ལ་སོགས་པ་རྒྱ་དང་འབྲས་བུའི་དངོས་པོ་འདི་ཡང་འདི་ཙམ་གྱི་རྒྱུ་ཅན་ཡིན་པས་དེའི་ཕྱིར་འདི་དོན་དམ་པར་ཡོད་དོ་ཞེ་ན། འདི་ཡོད་འདི་ཞེས་བྱ་བ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།། ་འདི་སྐད་དུ་འདི་ཡོད་ན་འདི་འབྱུང་ཞེས་བྱ་བ་འདི་འཇིག་རྟེན་དང་གྲུབ་པའི་མཐའ་ལ་ཡང་ཡོད་དེ། དེ་ནི་ཚིག་ཙམ་གྱིས་མེ་ཡིན་ཏེ་ཚད་མས་ཡོན་ན། སྔར་བཤད་པའི་རྣམ་པ་ཡིས།། ཚད་མའང་ཁྱོད་ལ་ཡོད་མ་ཡིན། སྔར་བཤད་པ་ཡི ་རྣམ་པ་ནི། རྣམ་པ་མེད་པའི་ཤེས་པ་ནི།། ཡུལ་ལ་འཛིན་པར་མི་རིགས་སོ།། ཞེས་བྱ་བ་ལ་སོགས་པ་དང་། དུ་མས་དངོས་པོ་གཅིག་མི་བྱེད།། ཅེས་བྱ་བ་ལ་སོགས་པའོ།། དེ་ལྟ་བས་ན་ངེད་ཀྱི་སྟེ།། ཁོ་བོ་ཅག་གི་རྐྱེན་ཉིད་འདི་པ་ཙམ ་གསུང་རབ་དང་འཇིག་རྟེན་ན་ཡོད་པ་ནི།། ཇི་ལྟར་སྣང་བ་ཁོ་ནར་ཟད་དོ།། ཅིའི་ཕྱིར་སྙམ་པ་ལ། འདི་ལྟར་འདི་ལ་དངོས་བསམས་ན། ཞེས་བྱ་བ་ལ་སོགས་པ་སྨོས་སོ།། བརྒྱ་ཞིག་ལ་ང་ཡང་ཇི་ལྟར་སྣང་བ་འདི་ཁོ་ན་འདོད་དོ་ཞེས་སྨྲ་བར་འགྱུར། ་བས། ངེད་ཀྱང་དེ་ལྟར་འདོད་ཅེ་ན། ཞེས་བྱ་བ་ལ་སོགས་པ་སྨོས་སོ།། གལ་ཏེ་བག་མེད་པས་འཁྲུལ་པའི་ཕྱིར་རྐྱེན་འདི་པ་ཉིད་ཙམ་བརྗོད་པ་ལ་ཉེས་པ་ཅི་ཡང་མེད་དོ་ཞེ་ན། ཡང་དང་ཡང་དུ་ཞེས་བྱ་བ་སྨོས་ཏེ། མཁས་པ་ནི་ནམ ་ཡང་ཡང་དང་ཡང་དུ་འཁྲལ་བར་མི་འགྱུར་རོ།། གལ་ཏེ་ཚད་མས་གྲུབ་པའི་ཕྱིར་རོ་ཞེ་ན། དེ་གྲུབ་བྱ་བ་ལ་ཚད་མ་ནི། ཞེས་བྱ་བ་ལ་སོགས་པ་སྨོས་སོ།། གལ་ཏེ་ཚིག་ཙམ་གྱིས་གྲུབ་བོ་ཞེ་ན། ཐམས་ཅད་འགྲུབ་པར་ཐལ ་འགྱུར་ཕྱིར། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བརྗོད་པར་འདོད་པའི་གཞན་དབང་ཕྱིར།། སྐུ་རྣམས་གང་ལའང་མེད་མ་ཡིན།། དེ་ཡོད་པས་ནི་དོན་འགྲུབ་ན།། ཐམས་ཅད་ཀྱི་ནི་ཐམས་ཅད་འགྲུབ་ཞེས་འབྱུང་བའི་ཕྱིར་ཐམས ་ཅད་འགྲུབ་པར་ཐལ་བ་ཡིན་ནོ།། འདི་ལྟ་བུའི་རྐྱེན་འདི་པ་ཉིད་རྩ་འདི་ཡང་དག་པར་ཡོད་ངོ་ཞེས་རྗོད་པར་བྱེད་ཅིང་བདག་ཉིད་བསྟོད་པར་བྱེད་པ་ནི། ཀྱེ་མའོ་བློ་ནི་ཤིན་དུ་ཞིག། འདིས་ནི་བླུན་པ་ཉིད་དུ་བརྗོད་ཅིང་བཞད་གང་དུ་བྱེད་དོ། ་ཁྱོད་ཀྱཻ་ཀུན་རྫོབ་ཀྱི་བདེན་པའི་བྱེ་བྲག་ནི་བརྗོད་ལ། གང་གིས་ན་དེ་བདེན་པ་ཡིན་པ་ཀུན་རྫོབ་དེ་ཉིད་ནི་མོ་བཤད་དོ་སྙམ་པ་ལཾ། ཅི་སྟེ་ཀུན་རྫོབ་ཀྱི་ཞེས་བྱ་བ་འདི་ཅི་ཞིག་ཡིན་ཞེ་ན། ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ་གང་ཞིག་གིས་སྒྲིབ་ཞེས་བྱ་བ་འདིས་ནི་བྱེད་པ་སྒྲུབ་པའོ།། གང་ཞིག་ལ་ཞེས་བྱ་བ་འདིས་ནི་གཞི་སྒྲུབ་པའོ།། བཞེད་ཞེས་བྱ་བ་ནི་བཅོམ་ལྡན་འདས་བཞེད་ཞེས་བྱ་བའི་ཐ་ཚིག་གོ།། འདི་ཉིད་ལུང་དང་བསྟུན་པའི ་ཕྱིར་མདོ་ལྔས་ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། སྐྱོ་ག་ཀུན་རྫོབ་དུ་ཞེས་བྱ་བ་ནི་ཇི་ལྟར་སྣང་བ་བཞིན་སྐྱེའོ་ཞེས་བྱ་བའི་ཐ་ཚིག་གོ།། དམ་པའི་དོན་གྱི་ཚུལ་དུ་སྤྱད་ན། རང་བཞིན་མོད་པ་རྣམས ་ལ་སྐྱེའོ་ཞེས་འཁྲུལ་པ་གང་ཡིན་པ་དེ་ནི་ཡང་དག་ཀུན་རྫོབ་འདོད་དེ་ནི་བདེན་ཏེ་འཁྲུལ་པ་ཡིན་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ།། ཀུན་རྫོབ་དེས་ན་སྣ་ཚིགས་འདི་ཀུན་ཐམས་ཅད་བདེན་པ་ཡིན་གྱི། དམ་པའི་དྲོན་རིགས་པས་ནི་མ་ཡིན་ནོ། ་ཞེས་བྱ་བའི་ཐི་ཚིག་གོ་འདི་ཡང་ལུང་དང་སྦྱར་བའི་ཕྱིར། མདོ་ལས་ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ཅི་སྟེ་ཀུན་རྫོབ་ཞེས་བྱ་བ་འདི་ཅི་ཡིན་ཞེས་ན་ཞེས་དྲིས་པ་དང་། དབུ་མ་པས་ཀུན་རྫོབ་ནི་དངོས་པོ་མེད་པ་ཡིན་ནོ་ཞེས་གྲགས ་པ་དེ་ལ། བཙུན་པ་ལྷ་དབང་བློས་སུན་འབྱིན་པོ་སྨྲས་པ། ཀུན་རྫོབ་དངོས་པོ་མཽད་ཡིན་ན། གལ་ཏེ་ཀུན་རྫོབ་ཅེས་བྱ་བའི་སྒྲ་དངོས་པོ་མེད་པར་བརྗོད་པར་གྱུར་ན་ཞེས་བྱ་བའི་ཐ་ཚིག་གོ།། སྐྱེ་བ་དངོས་པོ་དངོས་པོའི་རྣམ་གྲངས་ཡིན་ནོ།། ་ཞེས་བཤད་ཅེས་བྱ་བའི་ཐ་ཚིག་གོ། ཕྱིར་དེ་ལྟ་བས་ན་དེ་ལ་དངོས་པོ་གཟུགས་ལ་སོགས་པ་གཅིག་པོ་དེ་ལ་དེའི་ཚེ། ནུས་དང་མི་ནུས་ཅིག་ཅར་འགྱུར། ཞེས་བྱ་བར་བསྙེགས་སོ།། གང་གི་ཕྱིར་གཟུགས་ལ་སོགས་པའི་དངོས་པོ་འདི ་ཀུན་རྫོབ་ཀྱི་ངོ་བོ་ཡིན་པ་དེའི་ཕྱིར་དོན་བྱ་བར་མི་ནུས་ཏེ་མི་རུང་བ་ཡིན་ནོ།། གང་གི་ཕྱིར་སྐྱེ་བའི་ངོ་བོ་ཉིད་ཡིན་པ་དེའི་ཕྱིར་དོན་བྱེད་ནུས་ཏེ་བསྒྲུབ་པར་ནུས་པའོ།། དེ་ལྟ་བས་ན་གཅིག་ལ་ཕན་ཚུན་འགོལ་བའི་ངོ་བོ་ཉིད་གཉིས་ཇི་ལྟར་རུང་།། ཅི ་སྟེ་ཀུན་རྫོབ་ནི་སྐྱེ་བའི་རྣམ་གྲངས་ཡིན་ནོ་ཞེས་སྨྲ་ན། དེའི་ཕྱིར་སྨྲས་པ། གལ་ཏེ་ཀུན་རྫོབ་སྐྱེ་ཡིན་ན། དེའི་ཚེ་ལྟ་བ་འདི་ལ་ནི། ཀུན་རྫོབ་ཏུ་སྐྱེ་ཞེས་པ་མཁས་པ་རྣམས་ཀྱི་ཚིག་འདིའི་དོན་ནི། སྐྱེ་བ་སྐེ་ཞེས་བྱ་བར་འགྱུར་བས་མཚར་ཏོ། ་དེ་ལྟ་བས་ན་བརྗོད་པ་དེ་ལྟ་བུ་ནི་འབྲེལ་པ་མ་ཡིན་ནོ་ཞེས་བྱས་སུ་བྱ་བའོ།། འདི་ནི་འབྲེལ་པ་མེད་པ་གཞན་ཡིན་ཏེ། འདིའི་སྐྱེ་བ་ཀུན་རྫོབ་ཏེ། དོན་དམ་པ་ནི་མ་སྐྱེས་ན་ཞེས་བྱ་བ་ལ་སོགས་པ་འདི་སྨོས་ཏེ། དོན་དམེ་པ་ནི་ཀུན་རྫོབ་ལས ་བཟློག་པ་ཡིན་པའི་ཕྱིར་རོམོ་སྙམ་དུ་བསམས་པའོ།། དེ་ལྟ་ཡིན་ན་དངོས་པོ་རྣམས་དོན་དམ་པར་མ་སྐྱེས་པའོ་ཞེས་བྱ་བ་འདི་སྐད་དུ། སྐྱེ་བ་མེད་པས་དངོས་པོ་རྣམས་མ་སྐྱེས་པར་བཤད་པར་འགྱུར་རོ།། དེ་བས་ན་རྒོལ་བ་དེ་སྐད་དུ། སླུ ་ན་གྲུབ་པ་སྒྲུབ་པ་ཉིད་སྨྲ་བར་འགྱུར་ཏེ། འདི་ལྟར་དངོས་པོ་རྣམས་སྐྱེ་བ་མེད་པས་མ་སྐྱེས་སོ་ཞེས་བྱ་བ་དེ་ནི་ཐམས་ཅད་ལ་གྲུབ་པ་ཁོ་ན་སྟེ། དེའི་ཕྱིར་དམ་བཅས་པ་གྲུབ་པ་སྒྲུབ་པ་ཉིད་ཀྱི་ཉེས་པ་ཡིན་ནོ།། དེ་ལྟ་ཡིན་ན་རྒོལ་བས་རྐྱེན་ལ་རག ་ལས་ཏེ། སྐྱེ་བ་ཉིད་ཀྱི་གཏན་ཚིགས་འདིས་གང་གི་ན་འདི་སྒྲུབ་པ་ཡིན་པར་འགྱུར་བ། མི་འདོད་ཅི་ཞིག་བསྒྲུབ་པར་འགྱུར།། རིགས་པའི་རྗེས་སུ་འབྲངས་ནས་འདིས།། གནས་པ་ལ་སོགས་དེ་བཞིན་བརྗོད།། གནས་པ་དང་རྒ་བ་དང་མི ་རྟག་པ་ཉིད་ལ་སོགས་པ་ལ་ཡང་དེ་བཞིན་བརྗོད་དེ། འདི་ལྟར་ཀུན་རྫོབ་དངོས་པོ་མེད་ཡིན་ན།། གནས་སོག་ས་དངོས་པོ་ཡིན་པའི་ཕྱིར།། དེ་ཚེ་དངོས་པོ་གཅིག་དེ་ལ།། ནུས་དང་མི་ནུས་ཅིག་ཅར་འགྱུར།། གལ་ཏེ་ཀུན་རྫོབ་གནས་སོགས ་ཡིན། ཞེས་བྱ་བ་ལ་སོགས་པའོ།། དེ་ལ་སོགས་པ་ཞེས་སྨོས་པ་ནི་སློབ་དཔོན་ཆོས་སྐྱོང་གིས་ཅི་སྟེ་ཀུན་རྫོབ་ཅེས་བྱ་བ་འདི་ཅི་ཞིག་ཡིན། མི་བདེན་པའི་རྣམ་གྲངས་ཡིན་ནམ་ཡིན་ནམ་ཞེས་བྱ་བ་ལ་སོགས ་པ་སྨྲས་པ་འམ། གཞན་འགའ་ཞིག་གིས་ཀུན་རྫོབ་ཀྱི་བདེན་པ་ལས་བརྩམས་ནས་སྨྲས་པ། གང་ཡིན་པ་བསྡུས་ཏེ་སྐབས་དང་མི་ལྡན་པའི་ཕྱིར། མ་འབྲལ་ལ། འདི་སྐད་ཀྱི་བྱིངས་དང་ཉེ་བར་བསྒྱུར་བ་དང་། རྐྱེན་རྣམས་ཀྱི་དོན་མ་ཡིན་པའི་ཕྱིར ་སྤྱིའི་དོན་མ་ཡིན་ནོ།། ཀུན་རྫོབ་མཚན་ཉིད་འདི་ལས། ཞེས་བྱ་བ་ནི། གང་གིས་ཡང་དག་པའི་སྒྲིབ་པར་བྱེད་ཅེས་བྱ་བ་ལ་སོགས་པ་ལས་སོ།། ཉམས་པ་ནི་བྲལ་བ་ཞེས་བྱ་བའི་ཐ་ཚིག་གོ། དེ་བས་ན་འདིས་ནི་རྒོལ་བ་དག་བསལ་པོར་བྱ ་བ་ལ་ཁོ་བོ་ཅག་འབད་པ་མི་བྱེད་དོ་ཞེས་བརྗོད་པར་བྱེད་དོ།། སློབ་དཔོན་ཆོས་སྐྱོང་གིས་དངོས་པོ་གཅིག་ལ་ཅིག་ཅར་བདེན་པར་ཡང་འགྱུར། མི་བདེན་པར་ཡང་འགྱུར་ཞེས་འགལ་བ་སྨྲས་པ་ཡོངས་སུ་སྤང་བའི་ཕྱིར་བཤད་པ། དངོས་པོའི་སྟོབས་ཀྱིས ་ཞུགས་པའི་རྗེས་སུ་དཔག་པའི་རིགས་པས་བརྟགས་ན་ནི། བདེན་པ་མ་ཡིན་ཏེ། དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པས་མི་རུང་བའི་ཕྱིར་རོ།། དེ་དངོས་པོ་དེ་གཞན་དུ་ན་བདེན་པ་ཡིན་ཏེ། ཇི་ལྟར་སྣང་བ་བཞིན་དུ་ཞེས་བྱ་བའི་ཐ་ཚིག ་གོ། ཡང་ན་ནི་རིགས་པ་ལས་གཞན་པ་ནི་དེ་གཞན་དུ་ན་སྟེ། དེས་ན་ཇི་ལྟར་སྣང་བ་དང་རིགས་པའི་སྟོབས་ཀྱི་བརྗོད་པ་ན་དངོས་པོ་གཅིག་ལ་བདེན་པ་ཉིད་དང་མི་བདེན་པ་ཉིད་ཇི་ལྟར་འགལ་ཏེ། མི་འགལ་བ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་སྟེ། ལྟོས ་བའི་བྱེ་བྲག་གིས་ཞེས་སྙམ་དུ་བསམས་པའོ།། སློབ་དཔོན་ལྷ་དབང་བློས་འགལ་བ་སྨྲས་པ་ཡོངས་སུ་སྤང་བའི་ཕྱིར། རིགས་པས་བརྟགས་ན་དངོས་མ་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དེ་ནི་དབུ་མ་པ་རྣམས་ཀྱི་དམ་བཅས་པ་ཇི ་ལྟ་བུར་རྣམ་པར་གནས་པ་དེ་བསྙད་པའི་ཕྱིར།། དེ་ལྟ་ཡིན་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་དུ་ཕ་རོལ་པོ་རྣམས་ཀྱིས་ནི་དངོས་པོ་རྣམས་དོན་དམ་པར་སྐྱེས་སོ་ཞེས་སྨྲས་ལ། དབུ་མ་པས་ནི་དངོས་པོ་རྣམས་དོན་དམ་པར་སྐྱེས་སོ་ཞེས ་གང་སྨྲས་པ་དེ་མ་ཡིན་ནོ་ཞེས་དགག་པ་ཙམ་བྱེད་པར་ཟད་དོ་ཞེས་བཤད་པ་ཡིན་ནོ།། ཚིག་དོན་འདི་ནི་རིགས་པ་ཡི།། རྗེས་སུ་འབྲངས་ནས་སྐྱེ་བ་མེད། ཅེས་བྱ་བ་ནི་དེ་ཉིད་སྟོན་པར་བྱེད་པ་ཡིན་ཏེ། ཚིག་འདིའི་དོན་ནི་དོན་དམ་པ་མ་སྐྱེས་པའོ་ཞེས་བྱ་བ་ཡིན་ནོ།། ་གཞན་ལའང་དེ་བཞིན་སྦྱར་བར་གྱིས། ཞེས་བྱ་བ་ལ་སོགས་པ་ནི་རྟོགས་པར་བྱའོ།། ཕ་རོལ་པོ་དངོས་པོར་སྨྲ་བ་རྣམས་ཀྱིས་སྐྱེ་བ་ལ་སོགས་པ་འ་དོད་པ་ཞེས་བྱ་བར་སྦྱར་ཏེ། སོགས་པ་སྨོས་པ་ནི་གནས་པ་ལ་སོགས་པ་གཟུང་ངོ་།། ཇི་ལྟ་བུ་ཞིག་སྙམ་པ་ལ་བཤད ་པར་རིགས་ལམ་བརྟེན་པ་ཅན། ཞེས་བྱ་བ་སྨོས་སོ།། གང་དག་གི་སྙམ་པ་ལ་དངོས་པོ་རྣམས་ཀྱི་ཞེས་བྱ་བ་སྨོས་ཏེ། གཟུགས་ལ་སོགས་པ་རིགས་པའི་ལམ་ལ་བརྟེན་པ་ཉིད་ཀྱི་ངོ་བོ་དེ་ཁོ་ན། འགོག་པར་བྱེད་ན་དེ་བས་དེ་ལྟ་ན་རང་བཞིན་མེད་པ་ཉིད་དུ་ལྟ་བ ་ལ་ཅི་ཞིག་གནོད་དེ་དེ་ཅི་གནོད་ཞེས་བྱ་བའི་ཚིག་འདིས་ནི་གཞན་དག་གིས་དམ་བཅས་པ་ལ། མངོན་སུམ་དང་། རྗེས་སུ་དཔག་པ་དང་། རང་གི་ཚིག་དང་གྲགས་པ་དང་ལུང་དང་འགལ་བའི་གནོད་པ་ཡོད་དོ་ཞེས་བརྗོད་པ་གང་ཡིན་པ་དེ་མི་སྲིད་དོ་ཞེས་སྟོན་པར་བྱེད་དེ། འདི ་སྦྱར་སྐྱེ་བ་ལ་སོགས་པ་ཇི་ལྟར་སྣང་བ་བཞིན་རྣམ་པར་གནས་པ་དེ་དག་ནི་གང་གི་ཕྱིར་མངན་སུམ་ལ་སོག་པགལ་འགྱུར་བ་དེ་ལྟར་ན་མི་འགག་གི། རིགས་པ་ཇི་ལ་བ་བཞིན་དུ་འགོག་ཛཱལྟར་གཞན། ་ངག་གིས་སྐྱེ་བ་ལ་སོགས་པར་ཡོངས་སུ་བརྟགས་པ་དང་འཇུག་པ་དེ་དག་ཀྱང་དེ་ལྟར་ནི་མངོན་སུམ་མ་ཡིན་ཏེ། དེ་ལྟ་བས་ན་དེ་དང་ག་ལ་འགལ། དོན་དམ་པར་སྐྱེའོ་ཞེས་བྱ་བ་ལ་རིགས་པ་སྨྲ་བ་རྣམས་ཀྱིས་གཞན་དག་གིས་དོན་དམ་པ་ཞེས་བྱ་བའི་སྒྲའི་དོན་ཇི་ལྟ་བུར ་ཡོངས་སུ་བོ་གུས་པ་དེ་ལ་བརྟེན་ནས་འགོག་པར་བྱེད་དེ། དེ་སྟི་ཡིན་ནི་སྐྱོབ་དཔོན་ཆོས་སྤྱོང་གིས་དོན་དམ་པར་མ་སྐྱེས་ཞེས་བྱ་བ་འདི་ལྟ། དོ་དུས་པ་ཞེས་བྱ་བའི་སྒྲའི་དོན་ཅི་ཡིན་ཞེས་བྱ་བ་ལ་སོགས་པས་གནོད་པ་སྨྲས་པ་གང་མིན་པ་དེ་འདི་ལ་མི་སྤོང ་དམཱམཱ་ནས། ཅི་ག་གང་ས་བྱ་བསྡུས་ཏེ། འོདི་ལྟར་དངས་པར་མྱོ།། ཤེས་བྱ་བ་དི་མ། ངས་པ་མྦྷ་བྱཱ་བའི་ལྕེའི་ངས་འཛིས་ས་རྣམ་པ་བ~ཾ་བྱུང་ཡིན་པ་ཅིང་རིགས་པ་སྒྲུབས་འགག་པར་བྱེད་།། ང་ནི་བ་ནས ་སེམས་པ་མ་པ་གནས་འབྱུང་བ་ཤང་བར་བཞེ་ས། དཀྱང་པོ་སྦྱོར་ནས་བྱ་བས་ཏེ། རམི་ཕྱི་ན་མྦྷི་པ་ང་ཙུ་པའི་བྱམྦྷི་རློ་པ་ཉིད་དོན་ངམ་པའི་སྦྱར་འང་བ་ནི་མྦྷི་བྱིར། ཀུ་འི་ཅེས་བྱ་བ་ལ་སོགས་པ་སྒོས ་མྱི་བྱེང་བྱ་ན་རྫོབ་ངས་པ་གཉིས་པམི་རྩོའོ་ཅོས་ས་གྱི་འབྱོབ་མས་བརྒྱས་པོ་སྲོ་བྲེ་ས་བྲི་རྫོག་བྱིན་སྦྱིན་མྱོས ་དེ་ཉིད་ཅིའི་ཕྱིར་སྙམ་པ་ལ། རིགས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ཅིའི་ཕྱིར་རིགས་པ་གཞན་དུ་མི་འཇུག་སྙམ་པ་ལ། འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་རྣམ་པར་འགྲེལ་པར་བྱེད་དོ།། རྗེས་སུ་དཔག་པ་དང་རྗེས་སུ ་དཔག་པར་བྱ་བ་འབྱུང་གི་ཞེས་བྱ་བར་སྦྱར་རོ།། ཇི་ལྟར་ཞེ་ན་རྒོལ་བ་དང་ཕྱིར་རྒོལ་བ་དག་གི་སྣང་བའི་ཆས་སོ།། གང་ལ་ཞེ་ན། བློའི་བདག་ཉིད་ལའོ།། ཇི་ལྟ་བུར་ཞེ་ན། ཆོས་ཅན་དང་། ཆོས་དང་། དཔེ་ཉིད་དུ་རྣམ་པར་བཞག་པར་རོ།། གཞན་ན་ནི ་འབྱུང་བ་མ་ཡིན་ཞེས་བྱ་བར་སྦྱར་རོ།། ཅིའི་ཕྱིར་ཞེ་ན། གཉི་ག་ལ་མ་གྲུབ་པ་ཉིད་ཀྱིས་སོ།། གང་དག་ཅེ་ན། ཆོས་ཅན་དང་ཆོས་ལ་སོགས་པའོ།། སོགས་པ་སྨོས་པས་ནི་དཔེ་ཉེ་བར་བསྡུ་བའོ།། ཅིའི་ཕྱིར་གཉི་ག་ལ་མ་གྲུབ་པ་ཉིད་ཡིན་ཞེ་ན། བཤད ་པཆོས་དང་ཆོས་ཅན་དང་དཔེ་གང་ལ་ཡང་བློ་མཚུངས་པ་ཉིད་མེད་པའི་ཕྱིར་རོ།། གང་དག་གི་ཞེ་ན། གཞུང་ལུགས་ཐ་དད་པ་ལ་གནས་པ་རྣམས་ཀྱིའོ།། གཞུང་ལུགས་ནི་གྲུབ་པའི་མཐའོ།། གང་གི་ཕྱིར་ངོ་ལྟ་ཡིན་པ་དེ་ཉིད་ཀྱི་ཕྱིར་བློ་ལ་སྣང་བའི་ཆོས ་ཅན་དེ་ལྟ་བུ་ལ་གནས་ཏེ། དངོས་པོ་སེམས་པར་བྱེད་པ་རྣམས་ནི་བློ་ལ་སྣང་བའི་གཏན་ཚིགས་ལ་སོགས་པ་དེ་ལྟ་བུ་ཁོ་ནས་ཅི་བློ་ལ་སྣང་བ་འདི་ཡང་དག་པར་ཡོད་དམ་མེད། དངོས་པོ་ལ་བརྟེན་པ་ཞིག་གམ་འོན་ཏེ་མ་ཡིན། ཞེས་སེམས ་པར་བྱེད་པར་ཁས་བླང་བར་བྱའོ།། སོགས་པ་སྨོས་པས་ནི་དཔེ་ཉེ་བར་གཟུང་ངོ་།། རིགས་པ་སྨྲ་བ་ནི་དབུ་མ་པ་འམ། དངོས་པོར་སྨྲ་བའོ།། བློ་ལ་སྣང་བའི་ཆ་མ་བརྟགས་ནས་ཉམས་དགའ་བ་ལ། གཞན་གྱིས་སྐྱེ་བ་ལ་སོགས་པར ་ཡོངས་སུ་བརྟགས་པའི་འགོག་པ་ལྷུར་ལེན་པའི་རྗེས་སུ་དཔག་པ་འབྱུང་བར་བྱེད་ན། འགོག་པར་འགྱུར་ཏེ། སྤོང་བར་བརྗོད་པ་སུ་ཞིག་ཞེས་བྱ་བ་སུ་ཡང་མི་འགོག་ཞེས་སྟོན་ཏོ།། དངོས་པོ་འདི ་ནི་མཚུངས་པ་ཉིད་དུ་གྲུབ་པར་རྒྱ་ཆེར་གཏན་ལ་ཕབ་པས་མངས་སུ་དོགས་པས། འདིར་ནི་འདི་རྒྱུ་མ་བསྐྱེད་དོ།། གང་གི་ཕྱིར་ད་ལྟར་རིགས་དེ་ཡང་ཇི་ལྟར་སྣང་བ་བཞིན་དུ་ཀུན་དུ་གནས་པ་དེ་ཉིད་ཀྱི་ཕྱིར་མདོ་ལས། འཇིག་རྟེན་གྱི་ཀུན་རྫོབ་ཀྱང ་གཞན་ལ། དོན་དམ་པ་ཡང་གཞན་པ་ནི་མ་ཡིན་ཞེས་བྱ་བ་གསུངས་ཏེ་རིགས་པ་ཡིན་ནོ།། ཅིའི་ཕྱིར་དེ་གཉིས་གཞན་མ་ཡིན་ཞེ་ན། འདི་ལྟ་བར་འཇིག་རྟེན་གྱི་ཀུན་རྫོབ་ཀྱི་དེ་བཞིན་ཉིད་ངོ་བོ་ཉིད་གང་ཡིན་ཡང་ཇི་ལྟར་སྣང་བའི་ངོ་བོ་ཉིད་ཅེས་བྱ་བའི ་ཐ་ཚིག་སྟེ། དེ་ཉིད་དོན་དམ་པའི་དེ་བཞིན་ཉིད་ཀྱང་ཡིན་ཏེ། རིགས་པ་ཡང་ཇི་ལྟར་སྣང་བ་བཞིན་ཀུན་དུ་གནས་པའི་ཕྱིར་རོ།། རེ་ཞིག་དེ་ལྟར་མདོའི་དོན་ཚུལ་གསུམ་པའི་རྟགས་ཀྱི་མཚན་ཉིད་ཀྱི་རིགས་པ་དོན་དམ་པ་ཡིན་པར་བཤད་པ་ཡིན་ནོ། ་རྣམ་པ་གཞན་ཡང་བཤད་པ། ཡང་ན་སྐྱེ་བ་ལ་སོགས་པ་བཀག་པ་ཡང་ཞེས་བྱ་བ་ལ། ཡང་ཞེས་བྱ་བའི་སྒྲ་ནི་རིགས་པ་འབའ་ཞིག་ཏུ་མ་ཟད་ཀྱི་ཞེས་བྱ་བ་ཡིན་ནོ།། འགའ་ཞིག་གིས་ཞེས་བྱ་བ་ནི་དོན་དམ་པར་སྤྲོས་པ་ཐམས་ཅད་དང ་དང་བྲལ་བ་དང་མ་ཐུན་པའི་ཕྱིར་རིགས་པ་སྨྲ་བ་རྣམས་ཀྱིས་དོན་དམ་པ་ཉིད་དུ་འདོད་པའོ།། གཞན་དག་གིས་ནི་སྐྱེ་བ་མེད་པ་ལ་སོགས་པ་ཡང་དག་པ་ཁོ་ནར་དོན་དམ་པ་ཉིད་དུ་འདོད་ཅེས་བྱ་བར་སྦྱ་ར་ཏེ། རྣལ་འབྱོར ་སྤྱོད་པ་པ་རྣམས་ཀྱི་ལྟར་ན་དངོས་སུ་སྟོང་པ་ཉིད་ཡང་དག་པ་ཡིན་པའི་ཕྱིར་རོ།། དེ་ལྟ་ན་ཡང་ཞེས་བྱ་བ་ནི་དེ་ལྟ་བུའི་དོན་དམ་པ་ལ་བརྟེན་ན་ཡང་སྟེ། མདོའི་ཚིག་འདི་འཇིག་རྟེན་གྱི་ཀུན་རྫོབ་ཀྱང་གཞན་ལ། དོན་དམ་པ་ཡང་གཞན་པ་ནི ་མ་ཡིན་ནོ་ཞེས་བྱ་བ་འདི་ལེགས་པར་དྲངས་ཏེ། ལེགས་པར་གོ་བར་བྱོས་པ་ཡིན་ཏེ། དེ་ལ་ནི་སྐྱེ་བོ་ལ་སོགས་པ་བཀག་པ་ཡང་ཀུན་རྫོབ་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ།། འདི་ནི་སྔར་ཡང་དགག་བྱ་ཡོད་པ་མ་ཡིན་པས། ཡང་དག་དུ་ན་བཀག ་མེད་གསལ། ཞེས་བསྒྲུབས་ཟིན་ཏོ།། དངོས་པོ་དེ་ཉིད་སློབ་དཔོན་ཀླུ་སྒྲུབ་ཀྱིས་བཤད་པ། ག་ཞན་རྣལ་འབྱོར་སྤྱོད་པའི་དོན་དམ་པར་བྱས་པ་རྣམ་པར་བཞག་པ་སྐྱེ་བ་ལ་སོགས་པ་བཀག་པ་གང་ཡིན་པ་དེ་ནི། གཞན་གྱི་ཞེས་བྱ་བ་དང ་མ་པའི་ཀུན་རྫོབ་ཡིན་ནོ།། གལ་ཏེ་ཇི་ལྟར་གཅིག་ཁོ་ན་གཅིག་གི་དོན་པ་མ་པ་ཡིན་ལ། གཞན་གྱི་ཀུན་རྫོབ་ཡིན་ཞེ་ན། བལྟོས་པའི་བྱེ་བྲག་གིས་དེ་ནི་ཉེས་པ་མེད་དེ། འདི་ལྟར་བུད་མེད་གཅིག་ཁོ་ན་གཞན་དེའི་བུའི་མ་ཡིན་ལ། མ ་དེ་ཉིད་གཞན་གྱི་ཆུང་མ་ཡང་ཡིན་པ་བཞིན་ནོ།། ཡང་ཞེས་བྱ་བའི་སྒྲ་ནི་རིམ་པ་གཞན་དུ་སྦྱར་བའོ།། ཁ་ཅིག་རྒྱུ་དང་འབྲས་བུའི་དངོས་པོ་དོན་དམ་པ་རྟོགས་པར་བྱེད་པའི་ཚད་མ་འགོག་པ་དང་། ཡང་དག་པའི་སྐྱེ་བ་འགོག་པའི་རིགས་པ ་གང་ཡིན་པ་འདི་ནི། ཀུན་རྫོབ་པའི་སྐྱེ་བ་དང་དེ་རྟོགས་པར་བྱེད་པའི་ཚད་མ་ཇི་ལྟར་སྣང་བ་བཞིན་གནས་པ་ལ་ཡང་མཚུངས་ཏེ། གཏན་ཚིག་ཀྱི་ཡུལ་ནི་སྐྱེས་བུའི་འདོད་པའི་དབང་གིས་བྱེ་བྲག་ཏུ་དབྱེ་བ་མ་ཡིན་ཏེ། ཁྱབ་པ་ནི་ཐམས ་གཤེགས་པ་ལས་གཞན་པ་རྣམས་སོ།། བདེ་བར་གཤེགས་པ་དང་འདྲ། ཞེས་བྱ་བ་ནི། མི་སྐྱེ་བའི་ཆོས་རྣམས་ཡིན་པས། དེ་དག་ཀྱང་ཚད་མས་གནོད་པ་ཡིན་པའི་ཕྱིར། རང་བཞིན་འདི་ལས་མི་འདའོ།། འོ་ན་ནི་ཇི་ལྟར་སྐྱེ་བོ ་དངག་གཟུགས་ལ་སོགས་པ་དངོས་པོ་རྣམས་སྐྱེ་བ་དང་གནས་པ་དང་འཇིག་པ་ལ་རྟེན་ཏོ་ཞེས་ཐ་སྙད་དག་འཇུག་པར་བྱེད་སྙམ་པ་ལ། བཤད་པ། མཚན་མར་འཛིན་པའི་ཐོག་མ་མེད་པའི་དུས་ནས་འཇུག་པའི་ཕྱིན་ཅི་ལོག་གི་བག་ཆགས་ལས ་བྱུང་བ་དངོས་པོར་མངོན་པར་ཞེན་པས། དངོས་པོའི་དེ་ཁོ་ན་བརྟག་པ་ལ་མི་བཟོ་བའི་ཕྱིར་མི་མཁས་པ་རྣམས་ནི་བྱིས་པ་དག་གོ།། གང་དག་ལ་ཐོས་པ་འམ་བསམ་པའམ་བསྒོམས་པའི་རིམ་པས་བློ་སྐྱེས་པར་མ་གྱུར་པ་ཡོད་པ་དེ་དག་ལ་དེ་སྐད ་ཅེས་བྱའོ།། མེད་པའི་ཆོས་ཏེ། སྐྱེ་བ་ལ་སོགས་པ་དང་ལྡན་པ་གཟུགས་ལ་སོགས་པ་མེད་པ་རྣམས་ལ་ཡང་དག་པར་མངོན་པར་ཞེན་པ་སྣ་ཐ་སྙད་འདོགས་སོ།། ཇི་ལྟར་སྣང་བཞིན་ངོ་བོའི་ཕྱིར། ཞེས་བྱ་བ་ནི། མ་བརྟགས་ན་ཉམས་དགའ ་བ་ཡིན་པའི་ཕྱིར་རོ།། ཀུན་རྫོབ་འདི་ལ་དཔྱད་པ་སྟེ། བརྟག་པ་མི་འཇུག་གོ།། འདི་ལ་ཇི་སྐད་བཤད་པའི་དཔྱད་པ། ཅི་རྒྱུ་དང་འབྲས་བུའི་དངོས་པོ་ཀུན་རྫོབ་པ། ཤེས་པ་རྣམ་པ་དང་བཅོས་པས་ཤེས་སམ?་ཞེས་བྱ་བ་དང་། དེ་བཞིན་དུ་འདི ་ཇི་ལྟར་འདོད། ཅི་དུ་མས་གཅིག་བྱས་ས་མོ། འོན་ཏེ་དུ་མ་བྱས་ཞེས་བྱ་བ་ལ་སོགས་པ་དེའི། གནས་མིང་དེ་བརྟེན་མེད་དོ།། ཅིའི་ཕྱིར་ཞེ་ན། འདི་ལྟར་ཇི་སྐད་བཤད་པའི་རྣམ་པར་དཔྱོད་པ་བྱེད་པ་ཡིན་ན་མོ་གནོད་པ་སྟེ་ཚར་གཙང ་བའི་གནས་སུ་འགྱུར་རོ།། ཅིའི་ཕྱིར་ཞེ་ན། དོན་གཞན་དུ་སོང་བས་ཏེ། སྐབས་ཡིན་པའི་དོན་བོར་ན་རྩོད་པ་གཞན་ལ་བརྟེན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ།། འདི་རྣམ་པར་འགྲེལ་བར་བྱེད་དེ། དབུ་མ་ག་ཁོ་བོ་ཅག་ནི་ཀུན ་རྫོབ་འདི་ལ་དཔྱོད་པ་སྔར་མ་བསྟན་གྱི། ཁྱེད་ཀྱིས་བྱེད་ན་འགོག་པར་བྱེད་དོ།། གལ་ཏེ་དཔྱད་པ་བྱས་ཏེ། དེ་དག་གི་དེ་མ་རུང་ན་མ་རུང་དུ་ཟད་དོ།། ཁོ་བོ་ཅག་ལ་ཅི་གནོད། འོན་ཀྱང་ཇི་ལྟར་སྣང་བའི་ངོ་བོའི་ཀུན་རྫོབ་ལ་སྔར་བརྟེན་ནས་ཏེ། ཁས ་བླངས་ནས་ཕྱིས་ཀུན་རྫོབ་དེ་ལ་ཁྱོད་ཇི་སྐད་བཤད་པའི་དཔྱོད་པ་བྱེད་པ་ཡིན་ན་ནི་དོན་རྣལ་མ་ལས། དོན་གཞན་དུ་འགྲོ་བའི་ཕྱིར་གནོད་པ་སྟེ། ཕམ་པ་འབའ་ཞིག་ཏུ་འགྱུར་རོ།། དོན་རྣལ་མ་ལས་དོན་གཞན་ཞེས་བྱ་བ་ནི། མ་འབྲེལ་བའི་དོན ་ཏེ། དེ་ཚར་གཅོད་པའི་གནས་སུ་རྣམ་པར་བཞག་པ་ནི་རིགས་པ་དང་ལྡན་པ་ཡིན་ནོ།། ཅི་སྟེ་ཇི་སྐད་བཤད་པའི་མཚན་ཉིད་མ་ཡིན་པ་ལ་ཞེས་བྱ་བ་ནི་ཇི་ལྟར་སྣང་བའི་ངོ་བོ་མ་ཡིན་གྱི། རིགས་པའི་རྗེས་སུ་འབྲང་བ་ཉིད་ཀྱིས་ཁས་བླངས ་པའི་དོན་ཁོ་ན་ལ། གལ་ཏེ་ཀུན་རྫོབ་ཅེས་བྱ་བའི་མིང་དུ་འདོགས་ན་དེ་ལ་དེ་ལྟ་བུའི་ཉེས་པ་བརྗོད་ཀྱང་ཁོ་བོ་ཅག་ལ་གནོད་པ་ཅི་ཡང་མེད་དེ། དོན་གཞན་དུ་འགྲོ་བ་མེད་པའི་ཕྱིར་རོ།། དངོས་པོར་མངོན་པར་ཞེན་པ་ཆེན་པོའི་གཞན་གྱི་དབང ་བློ་ཅན་གཞན་དག་དོན་དམ་པའི་ཚུལ་ལ་རྣམ་པར་སྣང་ཞིང་ཀླན་ཀ་ཚོལ་བར་བྱེད་དེ། འོན་གལ་ཏེ་དངོས་པོ་རྣམས་དོན་དམ་པར་མ་སྐྱེས་པ་ཁོ་ན་ཡིན་ན། དེའི་ཚེ་ཅིའི་ཕྱིར་ན། འདི་མེད་དང་ས་བོན་ལ་སོགས་པའི་རྒྱ་འདི་ལས་དུ་བ་དང་། ་ཅད་ཉེ་བར་བསྡུས་ནས་ཉེ་བར་སྟོན་པའི་ཕྱིར་རོ།། སྙམ་དུ་སེམས་ཏེ་དེའི་ཕྱིར་འདོད་པ་དེའི་དོགས་པ་བསུ་བར་བྱེད་དེ། ཀུན་རྫོབ་དུ་ཡང་མི་སྐྱེད་དང་།། ཡང་ཞེས་བྱ་བའི་སྒྲ་ནི་དོན་དམ་པ་འབའ་ཞིག ་ཏུ་མ་ཟད་ཀྱི་ཞེས་བྱ་བའོ།། མི་སྐྱེ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཡིན་ཏེ། དེ་རྟོགས་པར་བྱེད་པའི་ཚད་མ་ཞེས་བྱ་བར་ཡང་ཤེས་པར་བྱའོ།། ཡང་ན་དང་ཞེས་བྱ་བའི་སྒྲ་མི་སྐྱེ་དང་ཤེས་བྱ་བ་རིམ་པ་གཞན་དུ་སྦྱར་ཏེ། དང་ཞེས་བྱ་བའི ་སྒྲས་ནི་དེ་རྟོགས་པར་བྱེད་པའི་ཚོང་མ་ཡང་ཞེས་བྱ་བའོ།། རིགས་པའི་སྟོབས་ཀྱིས་ན་ཞེས་བྱ་བས་ནི། དུ་མས་དངོས་པོ་གཅིག་མི་བྱེད། ཞེས་བྱ་བ་ལ་སོགས་པ་སྨོས་པས།། འདྲི་བཤད་པ། ཇི་སྟེ་དངོས་པོར་སྨྲ་བ་རྣམས། ཀུན་རྫོབ་ལ ་ཡང་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ནོ།། སྣང་བ་དང་ལྡན་པ་ནི་རྣམ་པ་དང་བཅས་པའོ།། ཅིག་ཤོས་ཀྱིས་ཤེས་བྱ་བ་ནི་ཤེས་པ་རྣམ་པ་མེད་པས་སོ།། ཡོངས་སུ་གཅོད་པ་མི་རུང་བའི་ཕྱིར། རྒྱུ་དང་འབྲས་བུར་འདོད་པ་མེ་དང་དུ་བ་ལ་སོགས་པ ་འཛིན་པར་མི་འཐོད་པའི་རྒྱུས། རྒྱུ་དང་འབྲས་བུ་ཉིད་ངེས་པ་མེད་པ་ཁོ་ན་སྟེ་མི་རུང་ངོ་ཞེས་བྱ་བ་ལྷག་མའོ།། སྔ་མ་བཞིན་དུ་ཞེས་བྱ་བ་ནི། གོང་དུ་དངོས་པོར་སྨྲ་བ་རྣམས་ལ་རྣམ་པ་མེད་པའི་ཤེས་པ་ནི། ཡུལ་ལ་འཛིན་པར་མི་རིགས་སོ ་རྣམ་པ་ཚད་མ་མིན་ཕྱིར་དང་། མི་རིགས་ཕྱིར་ན་ཅིག་ཤོས་མིན། ཞེས་ཇི་སྐད་བསྟན་པ་ལྟ་བུའོ།། དེ་ནི་རིགས་པ་མ་ཡིན་ནོ།། ཞེས་བྱ་བ་ནི་རྒྱུ་དང་འབྲས་བུ་ཉིད་དོ།། ཅིའི་ཕྱིར་ཞེ་ན། དུ་མས་དངོས་པོ་གཅིག་མི་བྱེད། དུ་མས་དུ་མ་བྱེད ་མ་ཡིན། ཞེས་བྱ་བ་ལ་སོགས་པ་གཏན་ཚིགས་སྒྱུ་མ་ཁོ་ནའི་ཕྱིར་རོ།། འདིར་ལན་བཤད་པ། བློ་རྒྱ་ཆེན་པོའི་ནོར་ཅན་ཁྱོད་ཀྱིས་གང་སྨྲས་པ། དེ་བདེན་ཏེ། བརྟག་མི་བཟོད་པ་ཉིད་ཀྱི་རྒྱུ། དེའི་ཕྱིར་ན་འདི་ནི་བཅོམ་ལྡན་འདས་ཐུགས་རྗེའི་རྒྱུ ་ལས་བྱུང་བའི་རྡུལ་ཕྲ་རབ་ཀྱིས་བསྒྲུབས་པའི་སྐུ་ཅན་གྱིས། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པའི་ཡེ་ཤེས་སྣང་བའི་རྒྱན་ལ་སོགས་པའི་མདོ་ལས། ཇི་ལྟར་སྣང་བཞིན་ཡིན་པར་གསུངས། འདི་བཤད་པ་རྒྱུ་གང་གི་ཕྱིར། རིགས་པའི ་མཐུས་རྒྱུ་དང་འབྲས་བུ་ཉིད་ལ་སོགས་པ་མི་རུང་བ། དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་སྐྱེ་བ་ནི་ཇི་ལྟར་སྣང་བ་བཞིན་ཡིན་པར་གསུངས་སོ།། གཞན་ཡང་རུང་། ཞེས་བྱ་བ་ནི། དེ་རྟོགས་པར་བྱེད་པའི་ཚད་མ་དང་། གནས་པ་དང་རྒ་བ་དང་མི་རྟག ་པ་ཉིད་ལ་སོགས་པའོ།། འདིའི་ངོ་བོ་ཉིད་སྐྱེ་བ་མེད་པའི་ཆོས་ཡིན་པས། སྐྱེ་བ་མེད་ཆོས་ཏེ། དེའི་ཆོས་དོན་དམ་པ་པའི་སྐྱེ་བ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ།། རྫོགས་པར་སངས་རྒྱས་པའི་གནས་སྐབས་ན་ཡང་དགེ་བའི་ཤེས་པས་སྒྲོ་བཏགས ་པའི་རྣམ་པ་དང་བྲལ་བའི་ཕྱིར། དེ་ལྟར་ཆོས་མ་སྐྱེས་པ་ཡིན་གྱི། སྔ་ནས་དེ་ལྟར་རང་བཞིན་པར་གྱུར་པ་ནི་མ་ཡིན་ནོ་སྙམ་དུ་དོགས་པ་བཟློག་པའི་ཕྱིར་བཤད་པ། རྟག་ཏུ་སྟེ་དུས་ཐམས་ཅད་དུའོ།། རྫོགས་པར་སངས་རྒྱས་པའི་གནས་སྐབས་ན་ཡང ་ཞེས་བྱ་བའི་ཐ་ཚིག་སྟེ། འདི་ལྟར་འདི་ལ་བསལ་བྱ་ཅི་ཡང་མེད། གཞག་པར་བྱ་བ་ཅི་ཡང་མེད། ཡང་དག་ཉིད་ལ་ཡང་དག་བལྟ།། ཡང་དག་མཐོང་ན་རྣམ་པར་འགྲོལ། ཞེས་འབྱུང་ངོ་།། ཆོས་རྣམས་ཀུན་ཀྱང་། ཞེས་བྱ་བ་ནི། དེ་བཞིན ་མྱུ་གུ་ལ་སོགས་པའི་ངོ་བོ་དེར་སྔོན་མི་སྣང་བ་ལས་ངེས་པར་སྣང་ཞེས་བྱ་བ་འདི་སྨྲ་བར་བྱོས། ཀླན་ཀཱ་འདིའི་ལན་གློན་པར་བྱེད་དེ། ཁྱོད་དང་བ་ལང་རྫི་ལ་སོགས་པ་མངོན་པར་ཞེན་པ་ངན་པའི་དུག་ལ་སོགས་པས ་མ་རུངས་པར་བྱས་པའི་བློ་ཅན་རྣམས་ཀྱིས་ཇི་ལྟར་མཐོང་བ་འདི་འདྲི་སྟེ། འདི་ལྟ་བུ་དུ་བ་ལ་སོགས་པ་འདི་ནི་མེ་ལ་སོགས་པའི་རྒྱུ་འདི་ལས་སྣང་སྟེ། དེའི་ཕྱིར་འདི་ལ་ལྷག་པ་ཅི་ཞིག་སྨྲ་བར་བྱ། སྔོན་མ་བྱུང་བ་ཅི་ཡང་སླར་མེད་དོ།། ་ཞེས་བྱ་བའི་ཐ་ཚིག་སྟེ། འདི་ལྟར་ཁྱོད་ལ་དུ་བ་ལ་སོགས་པ་ལ་ཆ་ཇི་ཙམ་སྣང་བ་དེ་ཙམ་ཁོ་བོ་ལ་ཡང་དེ་དག་ལཾ་ཆ་དེ་ཙམ་སྣང་ངོ་།། ཁོ་བོས་ཁྱོད་ཀྱི་ངོ་མི་ཚད་པའི་ཕྱིར་སྨྲ་བར་འདོད་ནས། མིགྲོ་གཉིས་ཏེ་པོར་ཕྱེ་ཡང་དེ་ད་ག་ལ་སྔོན་མ ་བྱུང་བའི་རྣམ་པ་ནི་ཅི་ཡང་མི་སྣང་ན། དེ་ལ་དེ་ལྟ་བུའི་དངོས་པོའི་ངོ་བོ་ཉིད་ལ་ཁོ་བོ་ཅག་ལ་ཅི་ཞིག་འདྲི། དྲི་བ་གཞན་གྱི་ཡུལ་སྔོན་མ་བྱུང་བ་མེད་པའི་ཕྱིར། ཁྱོད་ཀྱི་འདྲི་བ་འདི་དོན་མེད་པ་ཁོ་ན་ཡིན་ཏེ། འདི་ལྟར་དྲིས་སུ་ཟིན་ཀྱང་ཁོ་བོས་གང ་ཁྱོད་དང་བ་ལང་རྫི་ལ་སོགས་པ་དང་བཅས་པས་མཐོང་བ་དེ་ཙམ་གྱི་ཆ་ཞིག་བརྗོད་པར་བྱའི། སྔོན་མ་བྱུང་བའི་ངོ་བོ་བརྗོད་པར་བྱ་བ་ནི། ཅི་ཡང་མེད་དོ།། དེའི་ཕྱིར་ཅིའི་ཕྱིར་ན་རྒྱུ་འདི་ལས་དེར་སྲུང་བ་འདི་སྨྲ་བར་བྱོས་ཞེས་དེ་སྐད་དུ། འདྲི་བ་ནི ་ཀུན་ནས་ཉོན་མོངས་པ་ཏེ། དོན་སྟོང་པ་ལ་བརྟེན་པ་འབའ་ཞིག་ཏུ་ཟད་དོ།། གཞན་ཡང་སྐྱེ་བོ་བློའི་ནོར་ཅན་གང་ཞིག་མ་བརྟགས་ན་དགའ་བ། མེ་དང་དུ་བ་ལ་སོ་གས་པ་བདག་ཉིད་ཀྱིས་རྣམ་པར་གསལ་བར་མཐོང་བཞིན་དུའང། ་དམིགས་བཞིན་དུའང་། མི་ཤེས་ཏེ་འདི་ནི་དེ་ལྟའོ་ཞེས་མི་གོ་བ། དེ་རྩོད་པའི་ས་གྲགས་པས་ཀྱང་གཞན་ལ་ཅིའི་ཕྱིར་ན་རྒྱུ་འདི་ལས། དེར་སྣང་བ་འདི་སྨྲ་བར་བྱོས་ཞེས་སྨྲའོ།། མ་འཕགས་ངན་པ་ནི། བཟང་པོ་མ་ཡིན་པའོ་མི་ཤེས་པ ་མི་ཤེས་པ་ཁོ་ན་འདིར་ངན་པ་ཞེས་བྱ་བར་འོས་ཀྱི། སྲོག་ཆགས་ཕན་པ་འདོད་པས་བསླུས་པ་ལ། ལྷ་ཉེས་པ་ཅི་ཡོད་སྙམ་དུ་བསམ་པའོ།། རྩོད་པར་གྲགས་པ་ནི། རྩོད་པ་ཡིས་ནི་གྲགས་པའོ།། ། བམ་པོ་གསུམ་པ་སྟེ་ཐ ་མའོ།། བཙུན་པ་བློ་བརྟན་ན་རོ། ཀུན་རྫོབ་ནི་གཞི་མེད་པར་མི་རུང་ངོ་ཞེས་ཟེར་བ་དེའི་དོགས་པ་བསུ་བའི་ཕྱིར། ཀུན་རྫོབ་འདི་ནི་གཞི་མེད་པར། ཞེས་བྱ་བ་སྨོས་ཏེ། རྟེན་མེང་པར་མི་རུང་ངོ་ཞེས་ཀྱང་བརྗོད་པར་མི་ནུས་ཏེ། འདི་ལྟར་བཏགས་པ ་ཀུན་རྫོབ་ནི་གཞི་དང་བཅས་པ་སྟེ། ཡང་དག་པའི་གཞི་དང་ལྡན་པ་ནི་འགའ་ཡང་དངོས་པོ་གང་ལ་ཡང་མི་སྣང་ངོ་།། ཤིང་ལ་སོགས་པ་གདགས་པའི་གཞི་ཡོལ་ག་ལ་སོགས་པ་སྣང་བ་མ་ཡིན་ནམ་ཞེ་ན། བརྫུན་ཡིན་ནོ་སྙམ་ནས་བཤད་པ། ་ཤིང་ལ་སོགས་པའི་དོན་གྱི་གདགས་པ་འདི་ཡང་གཞི་སྟེ། དོན་དམ་པའི་རྒྱུ་ལ་བལྟོས་པ་མ་ཡིན་པ་ཉིད་དོ།། འདི་ལྟར་ཤིང་ལ་སོགས་པའི་གདགས་པའི་རྒྱུ་ནི་ཡལ་ག་ལ་སོགས་པ་ཡིན་པར་འགྱུར་ལ། ཡལ་ག་ལ་སོགས་པ་དེ་ཡང་ཆ་ཤེས ་དང་བཅས་པའི་ཕྱིར། དེའི་ཆ་ཤས་ཀྱི་གཟུགས་ཀྱང་གཞན་ཡིན་ནོ།། དེ་བཞིན་དུ་བློས་རྣམ་པར་གཞིགས་ན་གདགས་པའི་གཞི་རྡུལ་ཕྲ་རབ་ཀྱི་བར་དུ་རྣམ་པར་གནས་ལ། དེ་ཡང་གང་ལ་ཤར་སོགས་ཕྱོགས་ཡོད་པ། དེ་ལ་ཤར་གྱི ་ཕྱོགས་ཆའང་ཡོད།། གང་ཕྱིར་དུ་ས་རྣམས་ཡོད།། དྲི་ཕྱིར་རྡུལ་ཕྲན་མིན་པར་བཤང་།། ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཕྱོགས་ཆ་ཐཱ་དད་པས་དཔྱད་ན་མེད་པ་ཁོ་ན་ཡིན་ན། ཤིང་ལ་སོགས་པ་ཀུན ་རྫོབ་པ་གདགས་པའི་རྒྱུ་དེ་ལྟ་ག་ལ་ཡོད་དེ་མེད་པ་ཁོ་ནའོ།། དེ་སྟེ་སྣམ་པའི་ཆུ་རྣམ་པར་ཤེས་པ་ཡིན་པར་རྟོག་པ་གང་ཡིན་པ་དེ་ཡང་སྔར་སྐྱེ་བ་མེད་པར་བསྒྲུབས་པའི་ཕྱིར་མི་འཐད་པ་ཉིད་དོ།། དངོས་པོ་ཡོད་པ་ཞེས་བྱ་བ་ནི་དོན་དམ ་ཡིན་ནོ།། ཀུན་རྫོབ་པ་ནི་རྒྱ་ཁོ་ན་ཡིན་ཏེ་འདིའི་རྒྱར་སྔ་མི་མེ་འགལ་ལ། རྒྱུ་དེའི་རྒྱ་ཡང་ཀུན་རྫོབ་པ་གཞན་སྔ་མ་ཁོ་ན་ཡིན་ནོ།། དེ་ལྟར་རྒྱུ་བརྒྱད་པ་ཐོག་མ་མེད་པའི་ཕྱིར་ཀུན་རྫོབ་གཞི་མེད་པ་ནི་ཅི་ཡང་མེད་དོ།། གལ་ཏེ་འདིའི་རྒྱུ་རིགས ་པའི་རྗེས་སུ་འབྲང་བ་མེད་དོ་ཞེས་ན། འདི་ཡང་རྣ་མ་པ་དེ་ལྟ་བུ་ཁོ་ན་མ་ཡིན་མ། དེ་ལྟ་བས་ན་ཅི་ཡང་མི་གནོད་དོ།། ཇི་སྟེ་ཡང་དག་པའི་གཞི་མེད་པར་འདི་འབྱུང་བར་རིགས་པ་མ་ཡིན་ནོ་ཞེས་བྱ་བར་འདོད་ན་ནི། ཀུན་རྫོབ་དང་དོན ་དམ་པ་པའི་གཞི་དེར་འདི་ལྟར་དེ་མེད་ན་དར་མི་འགྱུར་བའི་འབྲེལ་པ་ཅི་ཡང་མེད་པ་མ་ཡིན་ནམ། གལ་ཏེ་དེའི་བདག་ཉིད་ཀྱི་མཚན་ཉིད་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ན་གཞི་ཡང་དེའི་ངོ་བོ་ཉིད་ཁོ་ན་ཡིན་པས་ཁོ་བོ་ཅག་གི་འདོད་པ་གྲུབ་པ་ཁོ ་ན་ཡིན་ནོ།། དེ་ལྟ་ཡིན་ན་དོན་དམ་པ་པའི་གཞིའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཀུན་རྫོབ་ཀྱི་ངོ་བོ་འདོར་བར་འགྱུར་བ་འམ། གཞི་ཀུན་རྫོབ་ཏུ་ཡོད་པར་ཐལ་བར་འགྱུར་རོ།། སྐྱེ་བའི་མཚན་ཉིད་ཀྱི་འབྲེལ་པ་ཡིན་ན་ནི། རང་གི་ངོ་བོ་ཉམས་པར ་ཐལ་བར་འགྱུར་ཏེ། འབྲས་བུ་ནི་རྒྱུ་དང་འཐུན་པའི་ཕྱིར་རོ།། དེ་ལྟ་བས་ན། ཇི་ལྟར་སྣང་བ་འདི་ཁོ་ནའོ།། རྒྱུ་དངོས་པོ་ཡོད་པ་ལ་བལྟོས་ནས་འཇུག་པ་ནི། གང་ཡང་མེད་དོ་ཞེས་ཁས་བླང་བར་བྱའོ།། གལ་ཏེ་ཀུན་རྫོབ་དོན་དམ་པའི་གཞི་ལ་ལྟོས ་པར་གྱུར་ན། དེ་ལྟ་ཡིན་ན་ནི་དངོས་པོར་འགྱུར་ཏེ་འབྲས་བུ་ནི་རྒྱུ་དང་མཐུན་པའི་ཕྱིར་ཀུན་རྫོབ་ཀྱི་ངོ་བོ་ཉིད་འདོར་ཞིང་དོན་དམ་པ་པའི་དངོས་པོར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། ཇི་སྟེ་དེ་རང་གི་ངོ་བོ་མི་འདོར་ན་དེ་ལྟ་ཡིན་ན་ནི། ཁྱོད་ཀྱི་གཞི་ཡང་ཇི ་ལྟར་ཀུན་རྫོབ་ཏུ་མི་འགྱུར་ཏེ། དེ་ཡང་དེའི་བདག་ཉིད་དང་དེ་ལས་བྱུང་བའི་ཕྱོགས་དག་ལ་ཀུན་རྫོབ་ཀྱི་ངོ་བོར་བསྒྲུབས་མ་ཐག་པ་ཡིན་ནོ།། དེ་ནི་དེ་ལྟ་ཡིན་ཏེ་ཞེས་བྱ་བ་ནི། བཏགས་པ་གཞི་དང་བཅས་པ་ནི། འགའ་ཡང་གང་ལའང་མི་སྣང་ངོ་ཞེས ་བྱ་བ་དེ་ན་དེ་ལྟ་ཡིན་པའོ།། ཅིའི་ཕྱིར་ཞེ་ན། གཏན་ཚིགས་གང་གི་ཕྱིར་རྣལ་འབྱོར་སྤྱོད་པ་དངོས་པོར་སྨྲ་བ་ཁྱོད་ཀྱི་ལྟར་ན་ཡང་། བརྟགས་པའི་ངོ་བོ་ཉིད་གཟུང་བ་དང་འཛིན་པའི་མཚན་ཉིད་ནི། རྒྱུ་ཅི་ལྔ་ཡང་མི་བལྟོས་པ་ཁོ་ན་ཡིན་ནོ་རྣལ་འབྱོར ་སྤྱོད་པ་འདོད་པའི་དོགས་པ་བསུ་བར་བྱེད་དེ། རྟག་ཏུ་མེད་ཅེས་འབྲང་བའི་ཕྱིར། གལ་ཏེ་མེད་པའི་ཕྱིར་མི་བལྟོས་སོ་ཞེ་ན། འདིའི་བསམ་པ་ནི་འདི་ཡིན་ཏེ། བརྟགས་པ་ནི་གཅིག་ཁོ་ནར་མེད་པ་ཡིན་ཏེ་ཇི་སྐད་དུ་དང་པོ་པ་ནི་མཚན་ཉིད་ཀྱིས། ངོ་བོ ་ཉིད་མེད་ཅེས་བཤད་པ་ལྟ་བུའོ།། དེའི་ཕྱིར་འདི་ནི་ཇི་ལྟར་སྣང་བ་བཞིན་དུ་ཡང་མེད་པ་ཡིན་པས། དེ་རྒྱུ་ལ་མི་བལྟོས་པ་ཉིད་ནི་རིགས་པ་ཡིན་ནོ།། ཇི་ལྟར་སྣང་བ་བཞིན་དུ་ཀུན་རྫོབ་ཏུ་ཡོད་པ་གང་ཡིན་པ་དེ་ནི། ངེས་པར་རྒྱུ་ལ་བལྟོས་པ་ཡིན་ནོ།། ་སྙམ་པ་འདི་ཡིནོ།། དེའི་ཕྱིར་འདིར་ལན་མངོན་སུམ་དང་འགལ་བ་ཀུན་དུ་སྤྱོད་དེ། ཞེས་བྱ་བ་སྨོས་སོ།། འདི་ལ་གང་གིས་ན་མངོན་སུམ་དང་འགལ་བར་རྣམ་པར་བཞག་པར་འགྱུར་བ་མངོན་སུམ་དང་གྲགས་པའི་དོན་སྤངས་པ་གང་ཞིག་ཡིན ་སྙམ་པ་ལ། བཤད་པ། བཟུང་བ་དང་འཛིན་པ་ནི་བརྟགས་པའི་ངོ་བོ་ཉིད། ཅེས་བྱ་བ་སྟེ། དོན་ཕྱིར་ན་བརྟགས་པ་བསྟན་པ་ཡིན་ཞེས་འབྱུང་བའི་ཕྱིར་རོ།། དེ་གཉིས་ཀྱང་མངོན་སུམ་ཁོ་ནར་ཤིང་རྟ་འཚོང་བ་ལ་སོགས་པ་སྐྱེ་བོ་མཐའ་དག་ལ ་གྲགས་པའི་ཚད་མས་གྲགས་པ་དག་ཡིན་པས་དེ་སྤངས་ན་མངོན་སུམ་དང་འགལ་བ་བཟློག་དཀོའ་སྟེ། འདི་ལྟར་སྔོན་པོ་ལ་སོགས་པ་དང་དེ་འཛིན་པར་བྱེད་པ་སྲོག་ཆགས་ཐམས་ཅད་ཀྱི་མངོན་སུམ་དུ་གྲུབ་བོ།། ཡང་ཕ་རོལ་པོ་འདོད་པའི ་དོགས་པ་བསུ་བར་བྱེད་དེ། རྣམ་པར་ཤེས་པ་ཉིད་མེད་པའི་ངོ་བོའོ།། མ་རིགས་པས་གཟུང་བ་དང་འཛིན་པར་མངོན་པར་ཞེན་པ་ཉིད་ཀྱིས་དཀྲུགས་པ་ནི་ནོར་པོར་བྱས་པའོ།། དེ་ལྟར་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པའི་ངོ་བོར་ཏེ། གཉིས་ལ་མངོན ་པར་ཞེན་པའི་བག་ཚོགས་ཀྱི་གཉིད་མ་སངས་པ་དག་གི་གཉིད་ཀྱིས་ནོན་པའི་སེམས་རྣམས་ཀྱིས་རྟོགས་པ་བཞིན་དུ་རིགས་པ་སྨྲ་བས་བཤད་པ། མྱོང་བ་དང་འགལ་བ་སྒྲུབ་པ་ཁྱོད་ལ་འགོག་པར་བྱེད་པ་སུ་ཞིག་ཡོད། གྲུབ་པའི་མཐའ ་ཕྱོགས་འཛིན་པས་མ་ཉམས་པའི་བློ་གྲོས་ཅན་བུད་མེད་དང་དམངས་རིགས་ལ་སོགས་པ་འམ། མངོན་པར་མ་ཞེན་པའི་གནས་སྐབས་ན་ཁྱོད་ཀྱང་རུང་སྟེ། འཇུག་པའི་རྣམ་པར་ཤེས་པ་འདི་གཟུགས་ལ་སོགས་པ་ཉིད་དུ་རྟོགས་ཀྱི། དེ་ལ ་མ་གཏོགས་པ་གཟུགས་དང་སྒྲ་ལ་སོགས་པ་ནི་མེད་དོ།། ཞེས་བྱ་བ་དེ་ལྟ་བུའི་མྱོང་བ་ནི་མེད་ཀྱི་རྣམ་པར་ཤེས་པ་འདི་ནི་ནང་ན་གནས་པའི་ངོ་བོ་ཡིན་ནོ།། གཟུགས་ལ་སོགས་པ་འདི་ནི་ཕྱི་རོལ་ན་སྣང་བའི་ངོ་བོ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་མྱོང་བ ་འཇུག་པ་རབ་ཏུ་གྲགས་པར་གྱུར་ཏོ།། ཅི་སྟེ་ཁྱོད་དེ་ལྟར་གྱུར་པ་འཇིག་རྟེན་ཐམས་ཅད་ལ་གྲགས་པའི་དོན་ཡང་སྤོང་ན་ནི་དེའི་ཚེ། བདག་ཉིད་མི་ཤེས་པ་དེ་ལྟ་བུ་དག་དང་གཞན་གྱིས་ཉམ་སུ་མྱོང་བ་དང་འགལ་བའི་ཐ་སྙད་སྨྲ་བ་ཁྱོད་ནི། འཇིག་རྟེན ་གྱིས་ཐག་རིང་པོ་ཁོ་ནར་སྤོང་སྟེ། འཇིག་རྟེན་པའི་ཐ་སྙད་དང་མི་མཐུན་པར་ཞུགས་པའི་ཕྱིར་རོ།། གཞན་གྱིས་སྨྲས་པ། རྨི་ལམ་ལ་སོགས་པ་ན་ཡང་རྣམ་པར་ཤེས་པ་ཉིད་དེ་ལྟར་རྟོགས་པར་མཐོང་བ་མ་ཡིན་ནམ། སོགས་པ་སྨོས་པས ་ནི་སྒྱུ་མ་དང་དྲི་ཟའི་གྲོང་ཁྱེར་ལ་སོགས་པ་ཡོངས་སུ་བསྡུའོ།། རྨི་ལམ་ན་ནི་ཕྱི་རོལ་གྱི་གཟུགས་ཡོད་པར་མི་འཐད་དེ། ཁྱིམ་ཆུང་ངུ་ན་ཡང་དཔག་ཚད་ཀྱི་ཚད་ཀྱི་རི་དང་ཤིང་དང་རྒྱ་མཚོ་ལ་སོགས་པ་དག་དམིགས་པའི་ཕྱིར་རོ།། གཟུགས ་ལ་སོགས་པ་ཡང་ཐོགས་པ་དང་བཅས་པ་ཡིན་ཏེ། དེ་ལྟེ་བས་ན་དེ་ན་རྣམ་པར་ཤེས་པ་ཉིད་ད་ལྟར་རྟོགས་ཏེ། གཉིད་ཀྱིས་མ་ལོག་པའི་གནས་སྐབས་ཡང་དེ་དང་འདྲ་བར་འགྱུར་རོ་ཞེའོ།། དེ་ལ་བཤད་པ། བདེན་ན་རྨི་ལམ་ལ་སོགས ་པ་ན་ཡང་རྣམ་པར་ཤེས་པ་ལ་མ་གཏོགས་པ། གཟུགས་ལ་སོགས་པ་ཇི་ལྟར་སྣང་བ་བཞིན་དུ་མཐོང་བཞིན་དུ་ཡང་མངོན་པར་ཞེན་པ་ངན་པས་ཁྱོད་ལ་རྣམ་པར་ཤེས་པ་ཉིད་དེ་ལྟར་རྟོགས་སོ་སྙམ་དུ་ལོག་པར་སྣང་གི། གཉིད་ཀྱིས་མ་ལོག ་པ་གནས་སྐབས་བཞིན་དུ། དེ་ན་ཡང་དེ་ལྟར་རྟོགས་པ་ན། ཕྱི་རོལ་གྱི་གཟུགས་ལ་སོགས་པ་ཇི་ལྟར་སྣང་བ་བཞིན་ནི་ཡོད་པ་ཁ་ནའོ།། གལ་ཏོ་རིགས་པས་མི་འཐ་ཞེན། ད་ཉིད་ཀྱི་ཕྱིར་མ་བརྟགས་ན ་ཉམས་དགའ་བའི་ཕྱིར་དང་། བརྟག་པའི་དཔྱད་པ་མི་བཟོད་པའི་ཕྱིར་ཀུན་རྫོབ་པ་ཞེས་བྱ་སྟེ། གི་ཉིད་ཀྱིས་མ་ལོག་པའི་གནས་སྐབས་ན་ཡོད་པའི་རྣམ་པར་ཤེས་པ་ཡང་དེ་ལྟ་བུ་ཁོ་ན་ཡིན་ཏེ། དེ་ཡང་སྐྱེ་བ་མེད་པར་བསྒྲུབ་པའི་ཕྱིར ་རོསྔོན་བཤད་པོ། གང་ཡང་འཇིག་རྟེན་ཐམས་ཅད་ལ་གཟུང་བ་དང་འཛིན་པའི་རྣམ་པར་སྣང་བའི་དངོས་པོ་འདི་ཅི་ཞིག་གཞན་གྱི་དབང་གི་ངོ་བོ་ཉིད་ཡིན་ནམ། འདི་ཇི་ལྟར་གཞན་གྱི་དབང་གི་ངོ་བོ་ཉིད་དོ་ནི་ཡང་དག་པར་ནཱ་དེས་དཔོན ་པའི་ངོ་བོ་ཅནྡ་ཡིན་ནོ།། གང་ལ་གཟུང་བ་དང་འཛིན་པའི་རྣམ་པ་དེས་དབེན་ཞིང་བྲལ་བའི་རང་གི་ངོ་བོ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ལ་སྔ་མ་པོ་རྟག་ཏུ་མེད་པར་གྱུར་པ་ཞེས་འབྱུང་བའི་ཕྱིར་རོ།། དེའི་ཕྱིར་ཇི་ལྟར་ན་གཞན་གྱི་དབང་དེ་ལྟར ་གཟུང་བ་དང་འཛིན་པའི་རྣམ་པར་སྣང་། གལ་ཏེ་མ་རིག་པས་དཀྲུགས་པའི་ཕྱིར་དེ་ལྟར་སྣང་ངོ་ཞེ་ན་བཤད་པ། མ་རིགས་པས་དཀྲུགས་པའི་ཕྱིར་དེ་ལྟར་སྣང་བར་ནི་ཆུག་མོད་ཀྱི། ཞེས་བྱ་བ་ལ་ཆུག་མོད་ཀྱི་ཞེས་བྱ་བ་ན་ཁྲེས་བླངས ་བྲའོ། དེ་སྣང་བར་རིགས་བྲི་ནི་མ་ཡིན་ཏེ་འབྲེལ་པ་མེད་པའི་ཕྱིར་རོ།། ཞེས་མིཇུག་ཐོགས་ཁོ་ནར་གཏན་ཚིགས་འཆད་དེ། གཟུང་བ་དང་འཛིན་པའི་རྣམ་པ་དེ་ནི་གཞན་གྱི་དབང་དེའི་བདག་ཉིད་ངོ་བོ་ཉིད་ནི་མ་ཡིན་ནོ།། ཅིའི་ཕྱིར ་མ་ཡིན་ཞེ་ན། གཞན་གྱི་དབང་དེའི་བདག་ཉིད་ནི་གཟུང་བ་དང་འཛིན་པའི་ངོ་བོ་གཉིས་ཀྱིས་དཔོན་པའི་ཕྱིར་རོ།། དེ་ལྟ་ཡིན་ན་ཡང་གཞན་གྱི་དབང་གི་བདག་ཉིད་དེ་སྣང་བ་ན། གཉིས་པོ་ཅིའི་ཕྱིར་དེ་སྣང་བར་མི་འགྱུར་སྙམ་ན། བཤད་པ། གཉིས་པོ་དང ་གཞན་གྱི་དབང་དུ་འབྲེལ་པ་མེད་པའི་ཕྱིར་རོ།། སྦྱོར་བ་ནི་གང་གིས་དབེན་པའམ་གང་ཞིག་གང་དང་འབྲེལ་པ་མེད་པ་ནི་དེ་སྣང་བ་ན་དེ་མི་སྣང་སྟེ། དཔེར་ན་རྣ་བའི་རྣམ་པར་ཤེས་པ་ལ་གཟུགས་བཞིན་ནོ།། གཞན་གྱི་དབང་གི་བདག་ཉིད་ཀྱང་གཉིས་པོས ་དབེན་ལ་གཉིས་པོ་དང་གཞན་གྱི་དབང་གི་བདག་ཉིད་དུ་འབྲེལ་པ་ཡང་མེད་ཅེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པ་ཡིན་ནོ།། ཕ་རོལ་པོར་ན་རེ་གཏན་ཚིགས་གཉིས་པ་མ་གྲུབ་སྟེ། འདི་ལྟར་མ་རིག་པས་དཀྲུགས་པའི་ཕྱིར་ཞེས་བྱ་བ་འདིས ་འབྲེལ་པ་སྨྲས་ཟིན་ཏེ། ཞེས་ཟེར་ན། ལན་དུ་བཤད་པ། གལ་ཏེ་དེ་ལྟར་འབྲེལ་པ་ཡོད་པ་ཡིན་ན་ནི།། དེའི་ཚེ་གཉིས་པོས་དབེན་པའི་ཤེས་པའི་རང་གི་ངོ་བོ་བཞིན་དུ། མ་རིག་པ་དང་འབྲེལ་པའི་ཕྱིར། གཞན་དབང་ཉིད་སྨོས་ཏེ་སུ་ཟློས་སུས་ཀྱང ་བཟློག་པར་མི་ནུས་ཏེ། འདི་ལྟར་ཅིག་ཤོས་གཉིས་པོས་དབེན་པ་གཞན་གྱི་དབང་སེམས་དང་སེམས་ལས་བྱུང་བའི་བདག་ཉིད་དུ་འདོད་པ་ཡང་གཞན་གྱི་དབང་ཉིད་དུ་བྱ་བ་སྟེ། གཞན་གྱི་དབང་དུ་རྣམ་པར་བཞག་པ་ལ་འབྲེལ་པོའི་རྒྱུ་འདི་ཁོ་ནར ་ཟང་ལ། འབྲེལ་པའི་རྒྱུ་དེ་ནི་གཉིས་པོ་དེ་ལ་ཡང་ཡོད་དེ། དེ་བས་ན་དེ་ལྟ་བས་ན་བརྟགས་པ་མེད་དོ།། ཅི་སྟེ་ཤེས་པ་གང་ལ་གཉིས་པོ་དེ་སྣང་བལ་ཤེས་པ་དེ་ཉིད་རྒྱུ་དང་རྐྱེན་གྱིས་བསྐྱོད་པའི་ཕྱིར་གཞན་གྱི་དབང་ཡིན་གྱི། གཉིས་པོ ་ནི་མ་ཡིན་ནོ་ཞེས་བྱ་བར་འདོད་ན། དེའི་ཕྱིར་བཤད་པ། གལ་ཏེ་ཡང་ཤེས་པ་ཁྱོ་ན་རྒྱུ་དང་རྐྱེན་རྣམས་ཀྱིས་སྐྱེད་ན་ནི། གལ་ཏེ་ཡང་ཞེས་བྱ་བ་ནི་ཁས་ལེན་པ་བརྗོད་པར་བྱེད་པའི་ཚིག་ཡིན་ནོ།། ་དེའང་ཡང་དག་པར་ན་སྐྱེ་བ་མེད་དོ་ཞེས། དུ་མས་དངོས་པོ་གཅིག་མི་བྱེད་ཞེས་བྱ་བ་ལ་སོགས་པས་བསྒྲུབས་ཟིན་ཏོ།། འོ་ན་ཀྱང་བཤད་པར་བྱ་སྟེ། དེ་ཙམ་སྐྱེད་ལ་ནི་རག་ན་གཉིས་ཀྱི་བདག་ཉིད་དེ་ཀོ་ཅིའི་ཕྱིར་སྣང་སྟེ། དེ་ནི་དེ་དག ་གིས་བསྐྱེད་པ་མ་ཡིན་ནོ།། ། ཕ་རོལ་པོ་ན་རེ་གཞན་གྱི་དབང་གི་བདག་ཉིད་ཤེས་པ་ཉིད། དེ་ལྟར་གཉིས་ཀྱི་ངོ་བོར་སྣང་ངོ་ཞེས་ཟེར་ན། དེའི་བཤད་པ། དེ་ནི་བཤད་ཟིན་ཏེ། ཇི་སྐད་དུ་བཤད་ཅེ་ན། རྣམ་པར་ཤེས་པ་གཉིས་པོས་དབེན་པའི ་ངོ་བོ་དེ་རྒྱུ་དང་རྐྱེན་དེ་དག་གིས་ཇི་ལྟ་བུ་ཁོ་ནར་སྐྱེད་པ་དེ་ལྟ་བུ་ཁོ་ནར་སྣང་དུ་ཟད་ཀྱི། གཉིས་ཀྱི་བདག་ཉིད་དུ་གོ་ཅིའི་ཕྱིར་སྣང་ཞེས་བྱ་བར་བཤད་དོ།། ཕ་རོལ་འདོད་པའི་དོགས་པ་བསུ་བར་བྱེད་དེ། གཉིས་ཀྱི་ངོ་བོ་དེ་ལྟ་བུ་ཁོ་ནར་སྐྱེད་དོ།། ་ཞེ་ན། ལན་དུ་བཤད་པ། འོ་ན་ནི་ཤེས་པ་དེ་གཉིས་ཀྱིས་དབེན་པ་ཅན་གྱི་ངོ་བོ་མ་ཡིན་ཏེ། གཉིས་ཀྱི་བདག་ཉིད་དུ་བསྐྱེད་པའི་ཕྱིར་རོ།། ངོ་བོ་སྟེ་རང་གི་ངོ་བོ་གང་ལ་གཉིས་ཀྱིས་དབེན་པ་ཡོད་པའི་ངོ་བོ་དེ་ནི་གཉིས་ཀྱིས་དབེན་པ་ཙནུ་ནོ།། ་འདི་ལ་གཉིས་ཀྱིས་དབེན་པའི་ངོ་བོ་ཡོད་པས་དེ་སྐད་ཅེས་བཤད་དོ།། གཞན་ཡང་འདི་ལ་གཞན་གྱི་དབང་ཉིད་དུ་སྨྲ་ལ་རོག་སྟེ། འདི་ལ་སུ་ཞིག་ཟློག་ཅེས་བཤད་ཀྱང་ཟིན་ཏོ།། ཅི་སྟེ་ཤེས་པ་ལ་ནི་གཉིས་སུ་མེད་པའི་རང་བཞིན ་གཉུག་མ་ཁོ་ནར་ཡོད་ན། མ་རིགས་པས་དཀྲུགས་པའི་ཤེས་པ་གཞན་གྱིས་དེ་གཉིས་ཀྱི་བདག་ཉིད་དུ་རྟོགས་སོ་ཞེས་བྱ་བར་འདོད་ན། དེའི་ཕྱིར་གཉིས་མེད་པའི་ངོ་བོ་ཡིན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཤེས་པ་གཞན་དེ་ལ ་ཡང་བརྒལ་ཞིང་བརྟགས་པ་མཚུངས་ཏེ། ཤེས་པ་གཞན་དེ་ཡང་གཉིས་ཀྱིས་དབེན་པ་ཁོ་ན་ཡིན་ནོ།། དེ་ལྟ་ན་ཡང་འབྲེལ་པ་མེད་པའི་ཕྱིར་སྣང་བ་ན་གཉིས་པོ་གོ་ཅིའི་ཕྱིར་སྣང་བར་འགྱུར་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་བརྗོད་པར་བྱའོ།། ་ཡང་དོན་དམ་པའི་ཚུལ་ལ་སྡང་བླ་གཞན་དག་ཀླན་ཀ་ཚོལ་བར་བྱེད་དེ། ཡང་དག་པར་དངོས་མ་སྐྱེས་པ། མོ་གཤམ་བུ་ལ་སོགས་བཞིན་དུ། ཀུན་རྫོབ་ཏུ་ཡང་མི་སྐྱེ་ཟེར། ཡོང་ཞེས་བྱ་བའི་སྒྲ་ནི་དོན་དམ་པ་འབའ་ཞིག་ཏུ་མ་ཟད་པའོ།། དོན་དམ་པར ་མ་སྐྱེས་པའི་ངོ་བོ་ཉིད་གང་དག་ཡིན་པ་དེ་དག་ནི་ཀུན་རྫོབ་ཏུ་ཡང་འབྱུང་བ་འཐོབ་པར་མི་འགྱུར་ཏེ། དཔེར་ན་མོ་གཤམ་གྱི་བུ་དང་མིའི་རྭ་ལ་སོགས་པ་བཞིན་ནོ།། གཟུགས་དང་ཚོར་བ་ལ་སོགས་པ་ཡང་། དོན་དམ་པར་མ་སྐྱེས་པའི་རང་བཞིན ་དག་ཡིན་པ་ཞེས་བྱ་བ་ནི། ཁྱབ་པར་བྱེད་པ་མི་དམིགས་པ་ལྟར་འཆོས་པའི་སྦྱོར་བ་ཡིན་ནོ།། འདི་ནི་བསྒྲུབ་པ་འམ་ཐལ་བར་བསྒྲུབ་པ་ཞིག་ཏུ་འགྱུར་གྲང་སྟེ། རྣམ་པ་གཞན་ནི་མེད་པའི་ཕྱིར་རོ།། དེ་ལ་རེ་ཞིག་འདི་སྒྲུབ་པ་ནི་མ་ཡིན་པས ་འཇིག་རྟེན་གནོད་སོགས་སྲིད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲའི་དོན་འགོག་ན་འཇིག་རྟེན་གྱི་གནོད་པ་ཡིན་ནོ།། སོགས་པ་སྨོས་པ་ནི་མངོན་སུམ་གྱི་གནོད་པ་ལ་སོགས་པ་ཡོངས་སུ་བསྡུའོ།། བརྒྱ་ཞིག་ལ་འཇིག་རྟེན་མ་སྐྱེས་པའི ་ཕྱིར། འཇིག་རྟེན་གྱི་གནོད་པ་ལ་སོགས་པ་མི་སྲིད་དོ་ཞེས་སྨྲ་བར་འགྱུར་བས། གལ་ཏེ་འཇིག་རྟེན་མ་སྐྱེས་ཕྱིར། ཞེས་བྱ་བ་ལ་སོགས་པ་སྨོས་སོ།། འཇིག་རྟེན་མ་སྐྱེས་པའི་ཕྱིར་གཏན་ཚིགས་ལ་སོགས་པ ་ཡང་འཇིག་རྟེན་གྱི་ཁོངས་སུ་གཏོགས་པས་མེད་དོ།། དེ་ལྟར་ན་ཡང་གཏན་ཚིགས་ལ་སོགས་མེད་པའི་ཕྱིར། དེ་ཚེ་བསྒྲུབ་བྱ་གྲུབ་མི་འགྱུར། སོགས་པ་སྨོས་པས་ནི་དགེ་ལ་སོགས་པ་བསྡུའོ།། རང་གི་ཚིག་དང་འགལ་བའི་ཕྱིར་དེ་ཚེ ་བསྒྲུབ་བྱ་གྲུབ་མི་འགྱུར། ཞེས་བྱ་བར་བསྙེགས་སོ།། འདི་ལྟར་དམ་བཅའ་བར་འདོད་པས། རང་གི་ཚིག་སྐྱེ་བར་ཁས་བླངས་ཏེ། ཁས་བླངས་ནས་ཡིད་འདོར་བར་བྱེད་པས་གསལ་བར་ར་གི་ཚིག་དང་འགལ་བ་ཡིན་ནོ།། བརྒྱ་ཞིག་ལ ་ཁོ་བོས་རང་གི་ཚིག་གཅིག་པུ་མ་གཏོགས་པ། ལྷག་མ་ཀུན་རྫོབ་ཏུ་མི་སྐྱེའོ་ཞེས་དམ་བཅས་སོ་ཞེས་སྨྲ་བར་འགྱུར་བས། གལ་ཏེ་དེ་གཅིག་མ་གཏོགས་ན་ཞེས་བྱ་བ་སྨོས་ཏེ། དམ་བཅས་པའི་ངོ་བོར་ཞེས་བྱ་བ་ལྷག་མའོ།། དོ་ཞེས་བྱ ་བ་ནི་རང་གི་ཚིག་གོ། དེས་ན་ཞེས་བྱ་བ་ནི་རང་གི་ཚིག་གིས་སོ།། དཔེ་ལ་འོང་ཞེས་བྱ་བ་ལ་སོགས་པས་ནི་སྣརོན་བསྟན་ཏོ།། སྒྲུབ་པ་ནི་འདིར་གཏན་ཚིགས་ཏེ། ཡང་དག་པར་ན་མ་སྐྱེས་པའི་ངོ་བོ་ཉིད་ཁོ་ན་ཡིན་ན། དེ་ཡང་མོ་གཤམ ་གྱི་བུ་ལ་སོགས་པ་ལ་མེད་དེ། དེ་དག་ལ་ཡང་དག་པར་ན་མ་སྐྱེས་པའི་རང་བཞིན་ཉིད་མེད་པའི་ཕྱིར་རོ།། བསྒྲུབ་བྱས་ཁྱབ་པ་དེ་བཞིན་ན། ཁྱོད་ལ་གལ་ཏེ་གྲུབ་ཅེ་ན། ཞེས་བྱ་བར་བསྙེགས་ཏེ།། དེ་ལྟར་གཏན་ཚིགས་དང་ཁྱབ་པ ་གྲུབ་པའི་ཕྱིར་འདི་ཁྱོད་ལ་ཉེས་པ་ཡིན་གྱི། ཁོ་བོའི་ནི་གཏན་ཚིགས་གྲུབ་ཏུ་ཟིན་ཀྱང་། ཁྱབ་པ་མ་གྲུབ་པས་དེའི་ཕྱིར་ཁོ་བོ་ལ་ཉེས་པ་འདི་མེད་པས། དེར་ནི་བདག་ལ་ཉེས་པ་མེད་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། བརྒྱ་ཞིག་ལ ་ཁྱོད་ཁོ་ན་ལ་གཏན་ཚིགས་གྲུབ་ཀྱི་ང་ལ་ནི་མ་ཡིན་ནོ་ཞེས་སྨྲ་བར་འགྱུར་བས་བཤད་པ། གལ་ཏེ་ང་ལ་ཚད་མ་ཡིས། གྲུབ་ན་གཏན་ཚིགས་ཞེས་བྱ་བ་ལྷག་མའོ།། གྲུབ་དེ་ཁྱོད་ལའང་ཁྱབ། ཚད་མོས་གྲུབ་པ་ནི་སུ་ལའང་མ་གྲུབ་བོ་ཞེས ་བརྗོད་པར་རིགས་པ་མ་ཡིན་ནོ་སྙམ་དུ་བསམས་པའོ།། དེ་ལྟ་ན་ཡང་འདི་ཁྱོད་ཁོ་ན་ལ་ཉེས་པ་ཡིན་གྱི། ཁྱབ་པ་མ་གྲུབ་པའི་ཕྱིར་ང་ལ་ནི་མ་ཡིན་ནོ་སྙམ་ནས། མཁས་ཁྱོད་ཅི་ཕྱིར་བདག་ཉིད་ཀྱི། ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ་གལ་ཏེ་གཏན་ཚིགས་ཚད་མ་གྲུབ་བོ་སྙམ་དུ་སེམས་ན་དེ་ནི་བཟང་པོ་མ་ཡིན་ཏོ། འདི་ལྟར་ཡང་དང་ཡང་དུ་བསྒྲུབས་ཟིན་ཏོ།། དེ་རེས་འགའ་མ་ཡིན་ཞེས་བྱ་བ་ལྷག་མའོ།། ཇི་ལྟར་སྙམ་པ་ལ་བཤད་པ། ཡོད་མེད་སྐྱེ་བ་བཀག་པའི་ཕྱིར་རོ།། སྐྱེས ་ཟིན་པ་ཡང་མི་སྐྱེ་བས་ཡོད་པ་སྐྱེ་བ་དགག་པ་ནི་རུང་ན། མེད་པ་སྐྱེ་བ་གོ་ཇི་ལྟར་དགག་པ་མ་ཡིན་ནམ། དེའི་ཕྱིར་འདི་དཔྱད་པར་བྱ་སྟེ། དེ་ལ་ཅི་རི་བོང་གི་རྭ་ལ་སོགས་པ་དང་མྱུ་གུ་ལ་སོགས་པ་མེད་པ་ལ་བྱེ་བྲག་ཅུང་ཟད་ཡོད་དམ་ནུས་པར་བརྗོད ་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་ཀྱི་ལུས་འཛིན་པར་བྱེ་བྲག་ཅི་ཡང་མེད་དེ། དུས་སྔར་འབྱུང་བ་ཅན་དུ་རྣམ་པར་རྟོག་ན། མེད་པ་འདིའི་རང་གི་ངོ་བོ་ཉམས་པར་འགྱུར་ཏེ། འདི་ལྟར་བྱེ་བྲག་གི་ངོ་བོ་དང་ལྡན་པའི་ལུས་འཛིན་པ་ལ་ནི་གང་གི་ཕྱིར ་རི་བོང་གི་རྭ་ལ་སོགས་འདི་མེད་པའི་ཐ་སྙད་ཀྱི་ཡུལ་ཉིད་དུ་འགྱུར་བ་ནུས་པར་བརྗོད་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་དུ་བརྟག་ཏུ་མེད་དོ།། འཇིག་རྟེན་ཕ་རོལ་པོ་དུས་ཕྱིས་འབྱུང་བ་ཅན་ལ་བརྟེན་ཏེ་རྣམ་པར་རྟོག་ན ་འོན་ཀྱང་ཇི་སྟེ། སཱ་ལུའི་ས་བོན་ལས་སཱ་ལུའི་མྱུ་གུ་མེད་པ་ཁོ་ན་སྐྱེ་བར་འགྱུར་གྱི། གཞན་ནཱམ་མཁའི་ཨུཏྤ་ལ་ལ་སོགས་པ་དང་ནས་ཀྱི་མྱུ་གུ་ལ་སོགས་པ་ནཱི་མ་ཡིན་ཞེས་བྱ་བ་བརྗོད་པར་བྱ་གོས་ཏེ། མེད་པ་ལ་ནི་བདག་ཉིད་ཀྱི་བྱེ་བྲག ་ཐ་དད་པ་ཆུང་ཡིད་ཅི་ཡ་རྟག་ཏུ་མེད་དེ། འདི་ལྟར་བདག་ཉིད་ཀྱི་བྱེ་བྲ་ག་སྲིད་ན་མེད་པའི་མེད་པ་ཉིད་རྣམ་པར་རྟོག་པའི་ཡུལ་དུ་འགྱུར་བར་དཀའོ།། བདག་ཉིད་ཀྱི་བྱེ་བྲག་མེདོ་དེ། མེད་པ་ཉིད་དུ་མཚུངས་པར་དཔྱོད་པ་ལས་འགའ་ཞིག་ལ ་འགའ་ཞིག་སྐྱེའོ་ཞེས་བྱ་བའི་ཚིག་འདི་ནི་མཁས་པའི་སེམས་འཕྲོག་པར་བྱེད་པ་མ་ཡིན་ནོ།། སཱ་ལུའི་ས་བོན་ནི་སཱ་ལུའི་མྱུ་གུ་མེད་པ་ཁོ་ན་སྐྱེ་བ་སྒྲུབ་ནུས་པའི་བྱེ་བྲག་དང་ལྡན་གྱི་གཞན་གྱི་ནི་མ་ཡིན་པ་མ་ཡིན་ནམ། དེའི་ཕྱིར་ཇི་ལྟར ་ཐམས་ཅད་བདག་གིརརྭ་མ་བྱས་པའི་བྱེ་བྲག་དང་ལྡན་པ་མེད་པ་སྐྱེད་པར་བྱེད། འདི་ལྟ་བུ་མངོན་པར་རྗོད་པའི་རྒོལ་བ་ལ་ནི་ལྟག་རྨ་ན་བསལ་ན་མིག་གི་འབྲས་བུ་འབྱུང་བ་ལྟ་བུའི་ཉེས་པར་འགྱུར་ཏེ། འདི་ལྟར་ཁྱོད་སཱ་ལུའི་ས་བོན ་ནི་མེད་པ་འགའ་སྐྱེ་བའི་མཐུ་བྱེ་བྲག་དང་ལྡན་པ་ལ་བརྟེན་གྱི། མེད་པ་མི་ལུས་པ་ནི་མི་ཡིན་ནོ་ཞེས་སྨྲ་ན། བདེ་བ་ལ་སོགས་པ་བཞིན་དུ་ཡོད་པའི་བྱེ་བྲག་དང་ལྡན་པས། མེད་པའི་ངོ་བོ་འདོར་བར་འགྱུར་རོ།། དེ་ལྟ་ན་ཡང་བདེ ་བླག་ཏུ་ཕྱོགས་སྔ་མ་ཉམས་པའི་ཉེས་པར་འགྱུར་རོ།། ཅི་སྟེ་ཡོད་པ་སྐྱེ་བར་འགྱུར་རམ། མེད་པ་སྐྱེ་བར་འགྱུར་ཞེས་བྱ་བའི་བསམ་པ་འདིས་ཁོ་བོ་ཅག་ལ་ཅི་ཞིག་བྱ། རྒྱུ་ལས་འབྲས་བུ་སྐྱེ་བར་སྣང་སྟེ། ཁོ་བོ་ཅག་ནི་འདི་ཙམ་གྱིས་ཡོངས ་སུ་མགུའོ་སྙམ་ནུ། བདེན་ཏེ་ཁྱོད་དེ་སྐད་དུ་སྨྲ་བ་ན་ཡོངས་སུ་མགུ་བ་སྨྲོས་མོད་ཀྱི། རྒྱུ་ལས་དོན་དམ་པ་ཁོ་ནར་འབྲས་བུ་སྐྱེའོ་ཞེས་སྨྲ་བ་ན། རྣམ་པར་རྟོག་པ་གཉིས་ལ་ས་བྱུང་བ་དངོས་པོར་གནས་པའི་ཉེས་པ་བཤད་མ་ཐག་པ་གཉིས་སྤང ་བར་མི་ནུས་ཏེ། དེའི་ཕྱིར་བསོད་ནམས་དང་མི་ལྡན་པ་ལ་ཡོངས་སུ་མགུ་བ་ག་ལས་འབྱུང་། དེ་བས་ན་ཞར་ལ་འོངས་པས་ཆོག་གོ། གང་གི་ཕྱིར། ཁྱབ་པ་དེ་ཡང་ཁྱོད་ཀྱིས་སྨྲས་པ་དེའི་ཕྱིར། དེ་ལྟ་ཡིན་ན་ཁྱོད་ཀྱིས་ཉེས་ཞེས་བྱ་བར་སྦྱར་བར ་བྱའོ།། ཅིའི་ཕྱིར་ཁྱོད་ལ་ཉེས་པ་མེད་སྙམ་པ་ལ། ཁོ་བོའི་བདེན་པར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོ་མ་གྲུབ་པ་ནི་དེའི་བདག་ཉིད་དང་དེ་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་པ་མེད་པའི་ཕྱིར་རོ།། ་སྙམ་དུ་བསམས་པའོ།། དེ་ཉིད་ཇི་ལྟར་མ་ཡིན་སྙམ་པ་ལ། ཡང་དག་སྐྱེ་བ་བཀག་པ་ཡིས། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དགོག་པར་བྱ་བ་དང་འགོག་པར་བྱེད་པའི་བྱེ་བྲག་གིས། དགག་པ་དེ་གཉིས་ཐ་དད་དོ་སྙམ་དུ་སྙམ་དུ་བསམས ་པའོ།། བརྒྱ་ཞིག་ལ་མི་སྐྱེ་བ་དེ་གཉིས་ཡང་དག་པར་ན་བྱེ་བྲག་འགའ་ཞིག་ཡོད་པ་མ་ཡིན་ནམ་ཞེས་སྨྲ་བར་འགྱུར་བས། བཤད་པ། ཡང་དག་པར་ན་གཉིས་པོ་ཡང་དག་པར་སྐྱེ་བ་མེད་པ་དང་། ཀུན་རྫོབ་ཏུ་མི་སྐྱེ་བ་དག་མེད་དོ།། ཇི ་ལྟ་སྙམ་པ་ལ། གང་ཕྱིར་སྤྲོས་དང་བྲལ་བ་ནི། ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དེའི་ཕྱིར་སྤྲོས་པ་ཐམས་ཅད་དང་བྲལ་བའི་དེ་ཁོ་ན། དེ་ལ་གཏན་ཚིགས་ལ་སོགས་པ་ཡན་ལག་མེད་དོ།། སོགས་པ་སྨོས་པས། ་ནི། དཔེ་དང་ཕྱོགས་ཡོངས་སུ་བསྡུའོ།། དེ་ལྟ་ན་ཡང་ཁྱོད་ཀྱི་འདོད་པའི་དོན་ཉིད་མི་འགྲུབ་བོ་སྙམ་དུ་བསམས་པའོ།། གལ་ཏེ་དེ་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་པར་འགྱུར་རོ།། སྙམ་ན། འདི་ལྟར་དེ་གཉིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ་གལ་ཏེ་དངོས་པོའི་སྟོབས་ཀྱིས་ཞུགས་པའི་སྒྲུབ་པ་མི་རུང་ན། འོ་ན་ཐལ་བར་འགྱུར་རོ།། སྙམ་པ་ལ། འདི་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། གཞན་ཡང་ཞེས་བྱ་བ་ལ་སོགས་པས་ནི་གཏན་ཚིགས་ཀྱི་སྣོན་བསྟན་ཏོ།། ཅིའི་ཕྱིར ་ཚད་མས་མི་རུང་སྙམ་པ་ལ། ཚད་མ་མ་ཡིན་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ཅིའི་ཕྱིར་གནོད་པ་མེད་སྙམ་པ་ལ། རིགས་པས་འོངས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། བླན་པ་ནི་སྡང་བར་རིགས་པ་ཁོ་ན་ཡིན་པས། རྟོག་པ་སྔོན་དུ ་གཏོང་བ་སྨོས་སོ།། དཔྱད་པ་ནི་ཁས་བླངས་པའི་ཆེད་ཡིན་ན། གལ་ཏེ་ཅི་ཞིག་ལྟར་ཀུན་རྫོབ་ཁས་བླངས་པར་གྱུར་པ་དེའི་ཚེ་དཔྱད་པ་མི་མཛེས་སོ་ཞེས་ནས། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔྱོད་པར་ཡང་བྱེད་པས་དེའི་ཕྱིར་འདི་སྔར ་ཁས་མི་བླངས་སོ་སྙམ་དུ་བསམས་པའོ།། འདི་ཉིད་ཅིའི་ཕྱིར་སྙམ་པ་ལ། འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། འདི་སྨྲ་ཉིད་ལ་འམ་ཞེས་བྱ་བ་ནི། དབུ་མ་པ་ལ་སྟེ། ཀུན་རྫོབ་ཁས་མི་ལེན་ན་ཁྱོད་ལ་ཡང་མངོན་སུམ་ལ་སོགས་པ་དང་འག ་བར་འགྱུར་རོ་སྙམ་དུ་བསམས་པའོ།། བརྒྱ་ཞིག་ལ་ཁོ་བོ་ཅག་འདི་ཡོངས་སུ་སྤོང་ངོ་།། ཞེས་སྨྲ་བར་འགྱུར་བས། གང་གིས་ན་ཁྱོད་མ་གཏོགས་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། བརྒྱ་ཞིག་ལ་ཁོ་བོ་ཅག་འདི་ཡོངས་སུ་མི་སྤོང་མོད་ཀྱི། འདིས་བདག་ཅག་མི ་འཇིགས་སོ་ཞེས་སྨྲ་བར་འགྱུར་ན། གལ་ཏེ་དེས་ཁྱོད་མི་འཇིགས་སོ་ཞེ་ན། ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ཀུན་རྫོབ་ནི་ཇི་ལྟར་སྣང་བ་བཞིན་ཞེས་བྱ་བ་ནི་མངོན་སུམ་ཞེས་བྱ་བའི་ཐ་ཚིག་གོ།། ཚད་མས་ཞེས་བྱ་བ་ནི་རྗེས་སུ་དཔག་པས་སོ།། དེ་ལ་ཞེས ་བྱ་བས་ནི་མངོན་སུམ་གྱི་ཚད་མ་ལའོ།། གནོད་པ་འབབ་ན་ཞེས་བྱ་བ་ནི་ཀུན་རྫོབ་མངོན་སུམ་ཡིན་པའི་ཕྱིར་རོ་སྙམ་དུ་བསམས་པའོ།། ཅིའི་ཕྱིར་ཡིད་བརྟན་དུ་མི་རུང་བརྗོད་སྙམ་པ་ལ། མཚན་ཉིད་དང་ལྡན་པ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དེ་ལྟ་ན ་ཡང་ཚད་མ་མེད་པའི་ཕྱིར་ཚིག་ཙམ་གྱིས་ནི་ཀུན་རྫོབ་ཀྱང་དགག་པར་མི་ནུས་པ་ཁོ་ནའོ་སྙམ་དུ་སེམས་པའོ།། ཚད་མ་མེད་པའི་ཕྱིར་རམ་ཚད་མས་གནོད་པའི་ཕྱིར། གང་ཞིག་ཡང་དག་དངོས་མི་འདོད་པའི་སྨྲ་བ་དེ་ལ་ཚད་མ་མེད་པ་འམ། ཚད་མས་གནོད ་པའི་ཀུན་རྫོབ་ཅི་ཞིག་སྨོས་འདོད་པ་ཞེས་བྱ་བ་ལྷག་མ་སྟེ། དེ་ལ་དེ་འདོད་པ་ཤིན་ཏུ་ཡང་མེད་དོ་སྙམ་དུ་བསམས་པའོ།། གལ་ཏེ་ཀུན་རྫོབ་ཁས་མ་བླངས་ན་ཐ་སྙད་མེད་པ་དང་། དོན་བྱེད་པ་མེད་པར་འགྱུར་མ་ཡིན་ནམ། དེའི་ཕྱིར་ཁྱོད་ཀྱིས་ཀུན་རྫོབ ་གདོན་མི་ཟ་བར་ཁས་བླང་བར་བྱ་དགོས་སོ་ཞེ་ན། བཤད་བ་ཅི་ཐ་སྙད་ལ་སོགས་པ་མེད་པ་དེ་སྨྲ་བར་གཞན་ལའང་མི་མཚུངས་སམ། ཐ་སྙད་ལ་སོགས་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་དེཀྱ་ཀུན་རྫོག་ཁས་བླང་བར་བྱ་དགོས་སོ་ཞེས་བྱ་བའི་ཐ ་ཆོག་ག། འི་ཕྱིར་སྣུམ་པ་ལ། འཇིག་རྟེན་བཞིན་དུ་བསྐྲད་བྱུ་གས། ཞེས་བྱ་བ་སྨྲས་པ། ཁྱོང་དུ་རུང་པར་དྲམ།། དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་ནི་མཇུག་སྡུད་པ་སྟེ་རྟོགས་པར་བྱའོ།། གམ་ཏེ་སྣང་འི ་ངོ་བོ་གང་ཡིན་པ་དེ་མི་འགོག་ནའོ་ན་ཅི་འགོག་སྙམ་པ་ལ། བཤད་པ། རྣམ་པ་གང་སྣང་བ་མིན་ལ། སྨྲ་བ་གཞན་གྱིས་ཡོངས་སུ་བརྟགས་པ་དེ་ཉིད་འགོག་ཞེས་བྱ་བར་སྦྱར་རོ།། དེ་ཡང་ནི་ཞེས་བྱ་བ་ནི་དམིགས་ཀྱིས་བསལ་བའོ།། རྣམ་པ་དེ ་གང་ཡིན་སྙམ་པ་ལ་ཡང་དག་པར་ཞེས་བྱ་སོགས་པར། ཞེས་བྱ་བ་སྨོས་སོ།། དྲི་གང་ཡིན་སྙམ་པ་ལ། སྐྱེ་ལ་སོགས་པའི་ཞེས་བྱ་བ་སྨོས་སོ།། གང་ཡང་ཞེས་བྱ་བ་ལ་སོགས་པོ་རྣམ་པར་འགྲེལ་པ་ནི་ཁྲོད་ཆུད་པར་སླའོ།། བསྟན་བཅོས་ལ་སོགས་པ ་ལ་བརྟེན་ནས། ཞེས་བྱ་བ་ལ་སོགས་པ་སྨོས་པས་ནི། གྲོགས་བདེན་པ་ལ་བརྟེན་པ་དང་། ལོག་པ་ལ་གོམས་པའི་བག་ཆགས་ཐོག་མ་མེད་པའི་དུས་ཅན་ལ་བརྟེན་པ་ཡང་བཟུང་ངོ་།། ཅིའི་ཕྱིར་དེ་ཉིད་འགོག་སྙམ་པ་ལ། དེ་བཀག་པ་ལ་ཞེས་བྱ ་བ་ལ་སོགས་པ་སྨོས་སོ།། དེ་བས་རིགས་པས་སྨྲ་བའི་ལྟ་བ། འདིར་ནི་དེ་ལྟ་བུ་ཇི་སྐད་སྨོས་པའི་རྣམ་པས་བརྟགས་པ་ཁོ་ན་སྟེ། མི་སྣང་བ་ལ་ཡང་དག་པར་སྐྱེ་བ་ལ་སོགས་པར་རྟོག་པས་སྒྲོ་བཏགས་པ་ཁོ་ན། དགག་པར་རིགས་ཏེ། ་རིགས་པ་རུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། གལ་ཏེ་ཅིའི་ཕྱིར་ཞེ་ན། བཤད་པ་ཇི་སྐད་སྨོས་པའི་ཉེས་པ་མེད་པའི་ཕྱིར་རོ།། གོང་དུ་བརྗོད་པ་མངོན་སུམ་ལ་སོགས་པ་དང་འགལ་བའི་ཉེས་པ་མེད་པའི་ཕྱིར་རོ།། ཞེས་བྱ་བའི་ཐ་ཚིག་གོ། ་བརྟགས་པ་མ་ཡིན་འགོག་པ་འདི། ཞེས་བྱ་བ་ལ་སོགས་པ་ནི། གཟུགས་ལ་སོགས་པའི་ལུས་རྟོག་པའི་ཉེས་པས་མ་སྤགས་པ་ཞེས་བྱ་བ་ལ་སོགས་པས་འབྲེལ་ཏེ། རྟོག་པ་ཉིད་ཉེས་པ་ཡིན་ནོ།། གཟུགས་ལ་སོགས་པའི་ལུས་འདི ་ལ་དེས་མ་སྤགས་པ་ཡོད་པས་ཞེས་ཚིག་རྣམ་པར་སྦྱར་རོ།། ཅི་ལྟ་བུ་ཞིག་ཅེ་ན་རྒྱུ་དང་རྐྱེན་ལ་རག་ལས་ཏེ་སྐྱེ་བས། གཞན་གྱི་དབང་གི་བདག་ཉིད་དོ།། ཅིའི་ཕྱིར་ལུས་རྟོག་པའི་ཉེས་པས་མ་སྤགས་པ་ཅན་ཡིན་སྙམ་པ་ལ་བཤད་པ། རྣམ ་པར་ཤེས་པ་ཙམ་སྣང་བ་ཡིན་ཏེ་རྟོགས་པས་དབེན་པའི་ཤེས་པ་སྣང་བ་ཞེས་བྱ་བའི་ཐ་ཚིག་གོ། ཙམོ་ཞེས་སྨོས་པ་ནི་རྟོག་པ་དང་ལྷན་ཅིག་པ་རྣམ་པར་གཅོད་པར་བྱེད་པའོ།། གཟུགས་ལ་སོགས་པ་དེ་ལྟ་བུ་དེ་ནི་རང་རིག་པའི་ཕྱིར། དགག ་པར་བྱ་མི་ནུས་པ་འབའ་ཞིག་ཏུ་མ་ཟད་ཀྱི། འགོག་པར་བྱེད་ན་བྱེད་པ་པོ་ལ་ཕྱིར་གནོད་པ་ཁོ་ན་བྱེད་དོ།། ཞེས་བྱ་བར་སྦྱར་རོ།། གང་དག་གིས་ཤེ་ན། བཤད་པ། མངོན་སུམ་ལ་སོགས་པས་སོ།། སོགས་པ་སྨོས་པས་ནཱི། རྗེས་སུ་དཔག ་པ་ལ་སོགས་པ་ནང་དུ་བསྡུ་བར་བྱའོ།། གལ་ཏེ་གཟུགས་ལ་སོགས་པ་སྣང་བ་ལ་ཡང་དག་པར་སྐྱེ་བ་ལ་སོགས་པར་བརྞ་གས་པ་གང་ཡིན་པ་དེ་ནི་དགག་པར་རིགས་ཀྱི། གཙོ་བོ་ལ་སོགས་པ་དགག་པ་གོ་སྣང་བ་གང་གིས་ཡིན་མ་ཡིན་ནམ ་ཞེ་ན། བཤད་པ། རྣམ་པར་རྟོག་པ་སྣང་བ་ཡི།། གཙོ་བོ་ལ་སོགས་ཡང་དག་པར་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། སོགས་པའི་སྒྲས་ནི་བདག་ལ་སོགས་པ་གཟུང་ངོ་།། སྣང་བའི་ཉམས་སུ་མྱོང་བའི་རྟག་པ་ལ་སོགས་པའི་ངོ་བོ་དངོས་པོའི ་རྒྱུར་གྱུར་པར་གྲངས་ཅན་ལ་སོགས་པ་གཞན་གྱིས་བརྟགས་པ་གང་ཡིན་པ་དེ་འགོག་གོ། ཇི་ལྟར་བརྟགས་ཤེ་ན། རྦ་ཤད་པ། ཡང་དག་པར་རོ།། ཁ་ཅིག་ན་རེ་འདུས་བྱས་ཡང་དག་པར་ན་མི་སྐྱེའོ་ཞེས་བྱ་བ ་ཡང་དག་པུར་ཞེས་བྱ་བའི་ཚིག་འདི་འགོག་པའི་བྱེ་བྲག་ཡིན་ཏེ། དེའི་ཕྱིར་འདུས་བྱས་ཡང་དག་པར་མི་སྐྱེའོ་ཞེས་བྱ་བ་ནི་འདི་སྐད་དུ་བདེན་པ་ཁོ་ནར་མི་སྐྱེའོ་ཞེས་བཤད་པ་ཡིན་ནོ།། དེ་ལྟ་ན་ཡང་ཀུན་རྫོབ་ཏུ་མི་སྐྱེའོ་ཞེས་བྱ་བར་འགྱུར་ཏོ།། ་དེའི་ཕྱིར་ཁྱོད་ལ་ཁས་བླངས་པ་དང་འགལ་བའི་ཉེས་པར་འགྱུར་རོ་ཞེས་ཟེར་བ་དེ་དགག་པའི་ཕྱིར། བཤད་པ། ཡང་དག་པར་སྐྱེ་བ་ལ་སོགས་པར་བརྟགས་པ་མི་སྣང་བ་འགོག་པར་བྱེད་པ་ལ་ཡང་དག་པར་ཞེས་བྱ་བའི་ཚིག་ནི་འགོག་པའི་བྱེ་བྲག ་མ་ཡིན་གྱི་འདི་སྐད་བསྟན་པ་ཡིན་ཏེ། ཡང་དག་པར་སྐྱེའོ་ཞེས་གང་ཕ་རོལ་པོས་ཁས་བླངས་པ་དེ་དགག་པར་སྦྱར་གྱི། འདི་འགོག་པོའི་བྱེ་བྲག་ནི་མ་ཡིན་ནོ།། དེའི་ཕྱིར་གང་གིས་ན་ཁས་བླངས་པ་དང་འགལ་བར་འགྱུར་བ། ཀུན་རྫོབ་ཇི་ལྟར་མེད་པར ་འགྱུར། ཞེས་བཤད་པ་ཡིན་ནོ།། གཞན་གྱི་ད་བང་བསྒྲུབ་པར་བྱ་བའི་ཕྱིར་མདོ་གང་དག་འཕགས་པ་རྣམས་ཀྱིས་གསུངས་པ་དེ་དག་འདི་ཁོ་ནར་རུང་ངོ་ཞེས་བསྟན་པའི་ཕྱིར་མདོ་རྣམས་བཤད་པར་འདོད་ནས། དེ་ཉིད་ཀྱི་ཕྱིར། ཞེས་བྱ་བ ་ལ་སོགས་པ་སྨོས་སོ།། གཞན་ལ་ནི་གཞན་གྱི་དབང་བཀག་པའི་ཕྱིར། ཇི་ལྟར་མི་འཐད་པ་དེ་བཞིན་དུ་བཤད་ཟིན་ཏོ།། ཡང་དག་པར་སྐྱེ་བ་ལ་སོགས་པའི་མཚན་ཉིད་དུ་བརྟགས་པའི་དངོས་པོ་ཡོད་མ་ཡིན། གཞན་གྱི་དབུ་ནི་ཡོད་པ་སྟེ། རྟེན ་ཅིང་འབྲེལ་པར་འབྱུང་བའི་དངོས་པོ་ཇི་ལྟར་སྣང་བ་བཞིན་ཞེས་བྱ་བའི་ཐ་ཚིག་གོ། བརྟགས་པ་ཡོད་དོ་ཞེས་སྨྲ་ན་སྒྲོ་འདོགས་པའི་མཐར་ལྟུང་ངོ་།། ཇི་ལྟར་སྣང་བ་བཞིན་མེད་དོ་ཞེས་སྨྲ་ན། སྐུར་པ་འདེབས་པའི་མཐར་ལྟུང་ངོ་།། དེའི་ཕྱིར། སྒྲོ་བདོགས ་པ་དང་སྐུར་འདེབས་པའི།། མཐར་རྟོག་པ་ནི་ཕུང་བར་འགྱུར།། གཞན་གྱི་དབང་གི་མཚན་ཉིད་ཀྱི།། ཆོས་རྣམས་ཐམས་ཅད་བརྟགས་པ་ཡི།། ངོ་བོ་ཉིད་ཀྱིས་མ་སྐྱེས་སོ།། ཇི་ལྟར་སྣང་བ་བཞིན་ནི་རང་གི་ངོ་བོས་སྐྱེས་པ་ཁོ་ན་ཡིན་ནོ།། དེ་ལྟ་མ་ཡིན ་ན་བརྟགས་པ་ཞེས་བྱ་བའི་བྱེ་བྲག་དོན་མེད་པར་འགྱུར་རོ།། མི་རྣམས་ནི་གཞན་གྱི་དབང་དངོས་པོ་ཇི་ལྟར་སྣང་བ་བཞིན་སྐྱེས་པ་ལ་བརྟེན་ནས་རྣམ་པར་རྟོག་པ་འབྱུང་ངོ་།། གཟུགས་ལ་བརྟགས་པ་མེད་པ་སྟེ། དབེན་པ་ནི་གཞན་གྱི་དབང་གི་དངོས་པོ་ཡིན ་ནོ།། དེ་ཡང་ངོ་བོ་ཉིད་ཡིན་པས། རབ་འབྱོར་གཟུགས་ནི་གཟུགས་མེད་པའི་ངོ་བོ་ཉིད་ཡིན་ཞེས་རྒྱས་པར་འབྱུང་ངོ་།། ཞེས་བྱ་བ་ཡང་བརྗོད་པར་རུང་ངོ་།། བརྒྱ་ཞིག་ལ་དངོས་པོ་གང་ཞིག་མེད་པ་དེ་ལ་གཟུགས་ཀྱང་མེད་ན་ཇི་ལྟར་ངོ་བོ་ཉིད་དུ་འགྱུར ་བར་འོ་ས་ཞེས་སྨྲ་བར་འགྱུར་པས། དེ་ལྟར་བྱས་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། འདི་སྙམ་དུ་གཞན་གྱི་དབང་ཇི་ལྟར་སྣང་བ་བཞིན་ཡོད་པའི་ཕྱིར། གཟུགས་མེད་པའི་ངོ་བོ་ཉིད་ཅེས་བྱ་བའི་ཚིག་ནི་ཁོ་བོ་ཁོ་ན་ལ་རུང་གི་ཁྱོད་ལ་ནི་མ་ཡིན་ཏེ། ་དེ་ཚུལ་ཇི་ལྟ་བ་བཞིན་བཀག་པའི་ཕྱིར་རོ་སྙམ་དུ་བསམས་པའོ།། དེ་ལྟ་ན་གཟུགས་མེད་པའི་ངོ་བོ་ཉིད་ཅེས་བྱ་བའི་ཚིག་འདིའི་དོན་ནི་གཞན་གྱི་དབང་བརྟགས་པའི་ངོ་བོས་དབེན་པའི་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བར་འགྱུརརོ།། ལས་དང ་འབྲས་བུ་དག་ཇི་ལྟར། རྣམ་པར་གནས་ཞེས་བྱ་བ་ལྷག་མའོ།། བསམ་པ་ནི་ལས་དང་འབྲས་བུ་དག་ནི་དབང་པོའི་ཡུལ་མ་ཡིན་པའི་ཕྱིར་ཇི་ལྟར་སྣང་བ་བཞིན་རྣམ་པར་གནས་པར་རིགས་པ་མ་ཡིན་ནོ་སྙམ་པ་འདི་ཡིན་ནོ།། ་མཐོང་བ་པོའི་ལྟ་བ་ལ་ཞེས་བྱ་བ་ལ་སོགས་པས་ནི་འདི་སྐད་དུ། དངོས་པོ་ནི་ཁྱོད་ཁོ་ནའི་མཐོང་བ་ལྟར་རྣམ་པར་གནས་པ་མ་ཡིན་གྱི། དེ་གང་གིས་ཇི་ལྟར་མཐོང་བ་དེའི་མཐོང་བ་ལ་ཡང་བརྟེན་ནས་དེ་ཇི་ལྟར་སྣང་བ་བཞིན་རྣམ་པར་གནས་ལ། བཅོམ་ལྡན་འདས་ཀྱིས་ཀྱང ་སདང་འབྲས་བུ་ཇི་ལྟར་གཟིགས་པ་དེ་བཞིན་དུ། བཅོམ་ལྡན་འདས་ཀྱི་གཟིགས་པ་ལ་བརྟེན་ནས་དེ་གཉིས་རྣམ་པར་གནས་པས་དེའི་ཕྱིར། ཐམས་ཅད་ཇི་ལྟར་སྣང་བཞིན་གནས། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རི་རབ་ལ་སོགས་པ་ཡང་སྙམ་དུ་བསམས་པའོ།། ་འདི་ལ་གཟིགས་པ་སྣང་བ་ཐོགས་པ་མི་མངའ་བ་ཡོད་པས་ཞེས་ཚིག་རྣམ་པར་སྦྱར་རོ།། ཐུགས་རྗེའི་རང་བཞིན་ཅན་ཞེས་བྱ་བའི་རང་བཞིན་ནི་རྒྱུའམ་ངོ་བོ་ཉིད་ཡིན་ནོ།། རྟོགས་པས་བཅིངས་པ་གཟིགས་ནས་ནི། ཇི་ལྟར་སྣང་བ་བཞིན་ཁོ་ན་ཞེས་བྱ་བ་ལྷག་མའོ།། དེ་ཉིད ་ཀྱིས་ཞེས་བྱ་བ་ནི་སྔར་བསྟན་པ་ལས་དང་འབྲས་བུ་དག་གཟིགས་པ་པོ་ཡིན་པར་སྟོན་ཏོ།། སོགས་པ་སྨོས་པས་ནི། ཕུང་པོ་དང་ཁམས་ལ་སོགས་པ་ཡོངས་སུ་བསྡུའོ།། འགྲོ་བ་རྟོག་པའི་ལྕགས་སྒྲོག་གིས་བཅིངས་པ་ལ་གཟིགས་ནས། འགྲོ་བ་བཅིངས་པ་ཐར་པ ་བརྟན་པ་མཛད་དོ།། ཞེས་བྱ་བར་སྦྱར་རོ།། གང་བཅིངས་ཞེ་ན། འཁོར་བའི་བཙོན་རར་རོ།། བཅིངས་པ་ཐར་པ་བརྟན་པ་མཛད་པ་དེ་སུ་སྙམ་པ་ལ། བཤད་པ། བཅོམ་ལྡན་འདས་ལས་དང་འབྲས་བུ་མཁྱེན་པ་ཐུགས་རྗེའི་རང་བཞིན་ཅན་གྱི་སྐུ་ཅན་དེ་ཉིད་དོ།། འདི་ལ ་ཐུགས་རྗེའི་རང་བཞིན་གྱི་སྐུ་ཡོད་པས་ཞེས་ཚིགས་རྣམ་པར་སྦྱར་རོ།། ཅི་མཛད་དེ་ཞེ་ན། དངོས་པོར་འཛིན་པ་མ་ལུས་པར་སེལ་བར་མཛད་ཅིང་ངོ་།། ཇི་ལྟར་ཞེ་ན། བཤད་པ། རིམ་གྱིས་སོ།། རིམ་པ་གང་གིས་ཞེ་ན། བསམ་པ་ཇི་ལྟ་བ་བཞིན་དུ་ཕུང་པོ་ལ ་སོགས་པ་བསྟན་པས་སོ།། ཇི་སྟེ་རྟོགས་པ་ཞེས་བྱ་བའི་དི་ཅི་ཡིན། ཞེས་བྱ་བ་འདི་ལ་བསམས་པ་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཡིན་ན་རྟོག་པ་ཞེས་བྱ་བ་ཅི་ཡང་མེད་དོ་སྙམ་པ་འདི་ཡིན་ནོ།། ཅི་ཡིན་ཞེས་བྱ་བའི་སྒྲ་ནི་སྤོང་བའོ།། སྨྲེ་བཏགས ་རྣམ་ཅན་རྟོག་པ་ཡིན། ཞེས་བྱ་བ་འདིས་ནི། འདི་ཐམས་ཅད་ནི་ཇི་ལྟར་སྣང་བ་བཞིན་རྣམ་པར་གནས་ཏེ། དེའི་ཕྱིར་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་སྒྲོ་བཏགས་པའི་རྣམ་པ་ཅན་རྟོགས་པ་ཡང་ཇི་ལྟར་སྣང་བ་བཞིན་ཁོ་ན་ཡིན་ནོ། ་ཞེས་དེ་སྟོན་པར་བྱེད་དོ།། དེ་ལྟ་བུ་ཡིན་དུ་ཟད་མོད་འོན་ཀྱང་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ངོ་བོ་ཉིད་མེད་པ་ཡིན་ན། ཇི་ལྟར་འཆིང་བའི་རྒྱུ་ཉིད་དུ་གསུངས་སྙམ་པ་ལ། དེ་དག་འཆིང་བའི་རྒྱུ་ཉིད་དུ། ཇི་ལྟར་རྣམ་པ ་གང་གིས་གཟིགས་པ་དེ་བཞི་ནི་གསུངས་པ། ཇི་ལྟར་སྣང་བ་བཞིན་འཆིང་བའི་རྒྱུ་ཉིད་དུ་ཞེས་བྱ་བ་ལྷག་མའོ།། དེ་དག་ཀྱང་ཞེས་བྱ་བ་ལ་སོགས་པས་ཚིག་ལེའུར་བྱས་པའི་ཆ་འདི་ཉིད་གསལ་བར་བྱེད་དོ།། ཅིའི་ཕྱིར། ཡང་དག་པར་ནི་མ་ཡིན་ཞེ་ན། ་འདི་ལྟར་དེ་དག་མེད་པའི་ཕྱིར་རོ།། གལ་ཏེ་དེ་ལྟ་ན་ཇི་ལྟར་མེད་པ་རྣམས་དོན་བྱ་བ་དག་ལ་ནུས་སྙམ་པ་ལ། བཤད་པ། མེད་པ་ལྕགས་སྒྲོག་ལ་སོགས་པ་རྣམས་ཀྱང་དོན་བྱ་བ་དག་ལ་ནུས་པོ་ཇི་ལྟར་སྣང་བ་བཞིན་དུ་འདོད་དེ། འདི་ལྟར་ལྕགས ་སྒྲོག་ལ་སོགས་པ་ཡང་ཕྱོགས་ཀྱི་ཆས་གཞིགས་ན་མེད་པ་ཉིད་དོ། ཡང་ནི་སྲིད་པའོ།། འདི་ནི་རྣམ་པར་དབྱེ་བའི་ཕྱིར། མེད་པ་རྣམས་ཀྱང་ཞེས་བྱ་བ་སྨོས་ཏེ། འཆིང་བ་ལ་སོགས་པའི་དོན་བྱེད་པར་མི་འགལ ་བེདེ་ཁོ་ནའོ། ཞེས་བྱ་བར་སྦྱར་རོ།། ཇི་ལྟར་སྙམ་པ་ལ། ཇི་ལྟར་གྲགས་པ་བཞིན་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་སྣང་བ་བཞིན་ཞེས་བྱ་བའི་ཐ་ཚིག་གོ། ཅིའི་ཕྱིར་ཡང་དག་པར་མ་ཡིན་ཞེ་ན། ཡང་དག་པར་ན་འཆིང་བ་དང་བཅིང་བར་བྱ་བ་དག་ཀྱང་མེད ་དོ་ཞེས་བྱ་བ་སྨོས་སོ།། ཅི་འདྲ་སྙམ་ན་བཤད་པ། འཆིང་བ་བཞིན་ནོ།། འཆིང་བ་ནི་ལྕགས་སྒྲོག་པ་ལ་སོགས་པའོ།། མེད་པ་རྣམས་ཀྱི་ནུས་པ་ཡང་ཇི་ལྟར་སྣང་བ་བཞིན་དུ་འདོད་དོ་ཞེས་བྱ་བ་འདི་དེ་ལྟར་ཤེས་པར་བྱ་སྟེ། འདི་ལྟར་ཡོད་པ་རྣམས ་ཀྱི་ནུས་པ་ནི།། ཇི་ལྟ་བུར་ཡང་མི་མཐོང་ངོ་།། སངས་རྒྱས་རྣམས་ཀྱིས་ཀྱང་ཞེས་བྱ་བ་ལྷག་མའོ།། འདི་རྣམ་པར་འགྲེལ་བར་བྱེད་དེ། ཡོད་པ་རྣམས་ཀྱི་ནུས་པ་ནི་སངས་རྒྱས་ཀྱིས་ཀྱང་གཟིགས་པར་མི་སྤྱོད་ཅེས་བྱ་བར་སྦྱར་རོ།། ཅི་ལ་ཞེ་ན། ་དོན་བྱེད་པ་དག་ལའོ།། ཅིའི་ཕྱིར་སྙམ་པ་ལ་བཤད་པ། ཤེས་པ་རྣམ་པ་མེད་པ་དང་། རྣམ་པ་དང་ལྡན་པས་ཡོངས་སུ་གཅོད་པ་མེད་པའི་ཕྱིར་རོ།། འོ་ན་གཞན་ཞིག་ཡོངས་སུ་གཅོད་པར་བྱེད་པར་འགྱུར་རོ་སྙམ་པ་ལ། ཡོངས ་སུ་གཅོད་པར་བྱེད་པ་གཞན་ཡང་། ཞེས་བྱ་བ་ལ་སོགས་པ་སྨོས་སོ།། མེད་པ་ལ་ནི་བྱེ་བྲག་ཅི་ཡང་མེད་པས་ཇི་ལྟར་འདོད་ཆགས་ལ་སོགས་པ་འཆིང་བར་ནུས་པ་ལྟར་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་ཡང ་དེ་དང་འདྲ་བར་འགྱུར་ལ། ཇི་ལྟར་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པས་ཐར་པ་ནུས་པ་ལྟར། འདོད་ཆགས་ལ་སོགས་པ་ཡང་དེ་དང་འདྲ་བར་འགྱུར་བ་མ་ཡིན་ནམ་ཞེ་ན། བཤད་པ། འདོད་ཆགས་ལ་སོགས ་དང་། སྡུག་བསྲེལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་གང་ལས་འཆིང་བ་དང་ཐར་པ་གང་ཞིག་ཡོད་པར་ཐམས་ཅད་མཁྱེན་པས་གཟིགས་པ་དེ་ཡོད་ན། འདོད་ཆགས་ལ་སོགས་པ་དང་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ ་ལ་སོགས་པ་དེ་ཡོད་ན། འཆིང་བ་དང་ཐར་པ་དེ་ངེས་པར་ཡོད་དོ།། དེ་མེད་ན་འདོད་ཆགས་ལ་སོགས་པ་དང་། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་མེད་ན། འཆིང་བ་དང་ཐར་པ་འདི་མེད་པ་ཉིད་དོ།། རྒྱུ་དེའི་ཕྱིར་ཧ ་ཅད་ཐལ་བར་མི་འགྱུར་ཏེ། འདོད་ཆགས་ལ་སོགས་པས་ཀྱང་ཐར་པ་མ་ཡིན་ལ། སྡུག་བསྔལ་ལ་ཆོས་ཤེས་པ་ལ་སོགས་པའི་བཟོད་པས་ཀྱང་འཆིང་བ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། ཐ་སྙད་ཐམས་ཅད་ཇི་ལྟར་སྣང་བ་ཁོ་ན ་བཞིན་འཇུག་གོ་ཞེས་བྱ་བ་དེ་ནི་དེ་ལྟ་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱ་སྟེ། དེའི་ཕྱིར་དངོས་པོ་ཁས་བླངས་སུ་ཟིན་ཀྱང་ངོ་བོ་ཉིད་མེད་པར་སྨྲ་བའི་ལྟ་བ་ལས་གཞན་པ་དངོས་པོར་སྨྲ་བའི་ལྟ་བ་ལའང་། དངོས་པོ་ཇི་ལྟ་བ་བཞིན་ཐ་སྙད་གདག ་སུ་ནི་རིགས་པས་མི་རུང་ངོ་།། ཅིའི་ཕྱིར་མི་རུང་སྙམ་པ་ལ། མི་སྣང་ཕྱིར། ཞེས་བྱ་བ་སྨོས་ཏེ། དངོས་པོའི་ངོ་བོ་ཞེས་བྱ་བ་ལྷག་མའོ།། ཤེས་པའི་བདག་ཉིད་ལ་ནི་ཞེས་བྱ་བ་ལ་སོགས་པས་ནི་འདི་ཉིད་རྣ་བར་འགྲེལ་ཏོ།། རྡུལ ་ཕྲ་རབ་དག་དང་། ཞེས་བྱ་བ་ནི་ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བའི་ལྟ་བུ་ལ་བརྟེན་ཏེ་བཤད་པའོ།། གཉིས་མེད་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པར་སྨྲ་བའི་ལྟ་བ་སྟེ། དེ་དག་གི་ལྟར་ན་རྣམ་པར་ཤེས་པའི་བདག ་ཉིད་དངོས་པོའི་ངོ་བོ་གཟུང་བ་དང་འཛིན་པས་དབེན་པ་ནི་གཉིས་མེད་པ་ཡིན་ནོ།། གལ་ཏེ་མི་སྣང་དུ་ཟིན་ཀྱང་ཁོ་བོ་དེས་ཐ་སྙད་འདོགས་པར་འགྱུར་རོ་སྙམ་པ་ལ། མི་སྣང་བ་ལ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། གལ་ཏེ་གང་སྣང་བ ་དེས་ཐ་སྙད་འདོགས་པར་འགྱུར་རོ་སྙམ་པ་ལ་སྣང་བ་གང་ཡིན་པ། ཞེས་བྱ་བ་ལ་སོགས་པ་སྨོས་སོ། ཅིའི་ཕྱིར་དངོས་པོའི་ངོ་བོ་ཁོ་ན་མ་ཡིན་སྐེམ་པ་ལ། བཤད་པ། འདུས་པ་ནི་དངོས་པོ་མ་ཡིན་པའི་ཕྱིར་རོ།། གཉིས་ཀྱང་ད་པོ་མ་ཡིན ་པའི་ཕྱིར་རོ་ཞེས་བྱ་བར་བསྙེགས་སོ།། འདི་གཉིས་ལནྡྷེ་བྱ་བ་ནི། གཉིས་དང་འདུས་པ་དག་ལས་སོ།། དེ་ཞེས་བྱ་བ་ནི། དངོས་པོའོ།། ཅིའི་ཕྱིར་དེས་ན་ཅི་ཞེས་བྱ། ངེས་པར་མ་ཟིན་པ་དེ་ལྟ་བུ་ལ་ནི་ཐ་སྙད་མེད་དེ། ཐ་སྙད་ནི་ངེས་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི ་ཕྱིར་རོ།། དེའི་ཕྱིར་ཁོ་བོ་ཅག་གིས་དངོས་པོ་ཇི་ལྟ་བ་བཞིན་ཐ་སྐད་གདགས་སུ་རིགས་པས་མི་རུང་རོ་ཞེས་དམ་བཅོས་པ་གང་ཡིན་པ་དེདེ་ཁོ་ན་བཞིན་དུ་གནས་སོ།། སྔར་ནི་སྣང་བཞིན་དུ་ཡང་དེ་ངེས་པར་མི་ཟིན་ཏོ།། ཞེས་བྱ་བ་དེས་ཁས་བླངས་ནས་བཤ ་ངོ་དེ་ནི་སྣང་བ་ཞིང་ལ་ཡང་ཐེ་ཙོམ་ཡོད་པས་སྣང་ཞེས་བྱ་བ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་པ། ཀྱེའི་ཕྱིར་མནའ་ཆུབ་ཏུང་དགས་སྙམ་པ་ལ། ཡིད་ཆེས་པ་མེད་དེའི་ཕྱིར་ཤེས་བྱ་བ་སྨོས་ཏེ། ངེས་པ་མེད་པའི་ཕྱིར་ཞེས་བྱ་བའི་ཁྲིཚིག་གོ། སྔ ་དངོས་པོའི་ངོ་བོ་ཁས་བླངས་ནས་དངོས་པོ་ཇི་ལྟ་བ་བཞིན་དུ་ཐ་སྙད་གདག་པར་རིག་པས་མི་རུ་བློ་བཤད་དོ།། ད་ནི་དངོས་པོའི་ངོ་བོ་ཉིད་ཀྱང་མེད་པའི་ཕྱིར། དངོས་པོའི་ངོ་བོ་མི་རུང་ཕྱིར། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེས་ཐ་སྙད་གདགས་སུ་རིགས་པས ་མི་རུང་ངོ་ཞེས་བྱ་བ་ལྷག་མའོ།། ཇི་ལྟར་མི་རུང་ཞེ་ན། ཚད་མ་མེད་པའི་ཕྱིར། ཞེས་བྱ་བ་སྨོས་ཏེ། དངོས་པོ་གྲུབ་པར་བྱ་བ་ལ་ཞེས་བྱ་བ་ལྷག་མའོ།། ཚད་མས་གནོད་པའི་ཕྱིར། ཡང་དངོས་པོའི་ངོ་བོ་མི་རུང་ངོ་ཞེས་རྣམ་པར་དབྱེ་བ་བསྒྱུར་ཏེ་སྦྱར་རོ།། གཉིས་པོ ་དེ་ཇི་ལྟར་སྙམ་པ་ལ། རིགས་པའི་རྗེས་སུ་འབྲངས་ནས་བཤད། ཞེས་བྱ་བ་སྨོས་ཏེ། མི་རུང་བར་ནི་རྣམ་པ་མེད་པ་ཞེས་བྱ་བ་ལ་སོགས་པས་རིགས་པ་བཤད་ཟིན་ཏོ།། གནོད་པར་ནི། དུ་མས་དངོས་པོ་གཅིག་མི་བྱེད་། ཞེས་བྱ་བ་ལ་སོགས་པས ་རིགས་པས་བཤད་ཟིན་ཏོ།། དེ་ལྟར་རབ་ཏུ་བསྒྲུབས་ནས། དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པས་མཇུག་སྡུད་པར་བྱེད་དོ།། དེ་ལ་མངོན་པར་ཞོན་པ་ཞེས་བྱ་བ་ནི་དངོས་པོའི་ངོ་བོ་ལ་མངོན་པར་ཞེན་པའོ།། ངོ་བོ་ཉིད་མེད་པ་ནི་དངོས་སུ་རིགས་པ ་དང་ལྡན་ཞིང་ཚད་མས་ཀྱང་མི་གནོད་ལ། ཐ་སྙད་ཀྱང་ཇི་ལྟར་སྣང་བ་བཞིན་སྲིད་པས་དེའི་ཕྱིར་ཁྱེད་དངོས་པོའི་ངོ་བོར་མངོན་པར་ཞོན་པ་ནི་དོན་མེད་པ་འཕེལ་བའི་འབྱུང་གནས་ཁས་ལེན་པར་བྱེད་པ་འབའ་ཞིག་ཏུ་ཟད་དོ།། དེ་ལྟ་བས་ན་འབད ་དེ་འདི་དོར་བར་བྱའོ་སྙམ་པའི་བསམ་པ་དང་ལྡན་ནས། རང་ལྟ་ཆགས་པས་ཅི་ཞིག་བྱ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་གསལ་བར་ཟད་དོ།། གལ་ཏེ་ལྟ་བ་འདི་ལ་ཡང་ཐམས་ཅད་མེད་པའི་ཕྱིར་ཆད་པར་ཐལ་བར་འགྱུར་བ་མ་ཡིན་ནམ ་ཞེ་ན། ལྟ་བ་འདི་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ཅིའི་ཕྱིར་ཆད་པར་ཐལ་བར་མི་འགྱུར་ཞེ་ན། གང་ཕྱིར་རྒྱུ་ལས། ཞེས་བྱ་བ་ལ་སོགས་པ་སྨོས་སོ།། བརྒྱ་ཞིག་གི་ལ་ཆད་པ་མེད་ན་འོ་ན་རྟག་པར ་ཐལ་བར་འགྱུར་རོ་ཞེས་སྨྲ་བར་འགྱུར་བས། དེ་ལོག་ན་ནི་ཞེས་བྱ་བ་སྨོས་ཏེ། རྒྱུ་ལོག་ན་ནི་འབྲས་བུ་ལོག་པ་ལ་ཅིའི་ཕྱིར་རྟག་པ་ཉིད་ཡིན་སྨོས། ཅི་ཞེ་ཅེས་བྱ་བའི་སྒྲ་ནི་གཉི་ག་ཡང་སྤོང་བ་ཡིན་ནོ།། འདི་རྣམ་པར་དབྱེ་བའི་ཕྱིར་བཤད་པ། གང ་གི་ཚེ་སེམས་ཅན་ཞེས་བྱ་བའི་དངོས་པོ་འདི། འཁོར་བ་ཇི་སྲིད་པར་འཇུག་པ་ཞེས་བྱ་བར་སྦྱར་རོ།། ཇི་ལྟར་འཇུག་ཅེ་ན། བཤད་པ། ལས་དང་ཉོན་མོངས་པའི་དབང་གིས་སོ།། ཇི་ལྟར་ལས་དང་ཉོན་མོངས་པའི་དབང་གིས་འཇུག་ཅེ་ན། བཤད་པ ་ཇི་ལྟར་སྣང་བ་བཞིན་ནོ།། དེའི་ཚེ་འདི་ཆད་པར་ཇི་ལྟར་འགྱུར་ཏེ། མི་འགྱུར་བ་ཉིད་དོ་ཅེས་བྱ་བའི་ཐ་ཚིག་གོ།། ཇི་ལྟར་ཆད་པར་མི་འགྱུར་བ་ཉིད་སྙམ་པ་ལ། འགྲོ་བ་རྒྱུད་པས་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། གང་གི་ཚེ་དངོས་པོ་འདི་མྱ་ངན་ལས་འདས་པའི་གྲོང ་ཁྱེར་ན་གནས་པ་དེའི་ཚེ་འདི་ཇི་ལྟར་རྟག་པར་འགྱུར། ཞེས་བྱ་བར་སྦྱར་རོ།། ཇི་ལྟ་བུ་ཞིག་ཡིན་སྙམ་པ་ལ། བཤད་པ། འཕགས་པའི་བདེན་པ་མཐོང་བ་ཉིད་མེ་ཡིན་ཏེ། གང་ལ་དུས་ལས་དང་ཉོན་མོངས་པ་ཐམས་ཅད་བསྲེགས་པ་ཡོད ་པ་དེ་ནི། འཕགས་པའི་བདེན་པ་མཐོང་བའི་མེས་ལས་དང་ཉོན་མོངས་པ་མཐའ་དག་བསྲེགས་པ་ཅན་ནོ།། དེ་བས་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པས་ནི་མཇུག་སྡུད་པར་བྱེད་དོ།། དོན་དམ་པའི་དངོས་པོའི་བདག་ཉིད་ལ་ལྟ་གནས་མི་ཐོང ་པ་ཁོ་ན་སྟེ་རྟག་པ་དང་ཆད་པའི་ཆོས་ཉིད་ཅེས་བྱ་བར་སྦྱར་རོ།། ཅིའི་ཕྱིར་གནས་མི་ཐོད་སྙམ་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁོང་དུ་ཆུད་པར་བླའོ།། དེ་ལྟ་ཡིན་དུ་ཆུག་ན་ངོ་བོ་ཉིད་མེད་པར་ལྟ་བ་འདི་ལ་ཐམས་ཅད་མཁྱེན་པ་ཇི་ལྟ ་བུ་ཡིན་སྙམ་པ་ལ། བཤད་པ། ཇི་ལྟར་སྣང་བ་འདི་ཁོ་ན། བརྟེན་ནས་སྐྱེས་པའི་དངོས་པོ་ཐམས་ཅད་ནི། ཐམས་ཅད་མཁྱེན་པས། མངོན་སུམ་གྱི་ཚད་མས་གཟིགས་ཞེས་བྱ་བར་སྦྱར་རོ།། ཇི་ལྟ་བུ་ཞིག་སྙམ་པ་ལ། བརྟགས་པའི་ངོ་བོས་དབེན་པ ་ཡིད་ཞེས་བྱ་བ་སོགས་པ་སྨོས་ཏེ། ཇི་ལྟར་སྨང་བ་ཞེས་བྱ་བའི་སྒྲ་ནི་གཟིགས་པ་དང་། བརྟེན་ཏེ་སྐྱེས་ཞེས་བྱ་བའི་སྒྲ་ནི་གཉིས་ག་དང་སྦྱར་བར་དྲང་ངོ་།། འདི་རྣམ་པར་དགྲོལ་བའི་ཕྱིར། དངོས་པོ་རྣམས་ངོ་བོ་ཉིད་མེད་བཞིན་དུ་ཡང་ཇི་ལྟར་སྣང་བ་ལ་ཞེས་བྱ་བ ་སྨོས་ཏེ། ཐམས་ཅད་མཁྱེན་པ་ཞེས་བྱའོ།། ཞེས་བྱ་བར་སྦྱར་རོ།། ཅི་ཞིག་མཛད་ཅེ་ན། དངོས་པོ་ཐམས་ཅད་རྣམ་པ་ཐམས་ཅད་དུ་མཁྱེན་པ་ནའོ།། དངོས་པོ་ཇི་ལྟ་བུ་ཞིག་སྙམ་པ་ལ། བརྟེན་ནས་སྐྱེས་པ་ཁོ་ན་ཞེས་བྱ་བ་སྨོས་ཏེ། འདིར་ཡང་ཇི་ལྟར་སྣང ་པི་བཞིན་ཞེས་བྱ་བར་སྦྱོར་རོ།། གལ་ཏེ་བརྟེན་ནས་སྐྱེས་པ་ཁོ་ན་ཇི་ལྟ་བུ་ཞིག་སྙམ་པ་ལ། ཡང་དག་པར་སྐྱེ་བ་ལ་སོགས་པས་དབེན་པ། ཞེས་བྱ་བ་སྨོས་སོ།། གང་གིས་མཁྱེན་སྙམ་པ་ལ། མངོན་སུམ་གྱིས་ཞེས་བྱ་བ་སྨོས་སོ།། ཇི་ལྟར་ཞེ་ན ་བཤད་པ། ཅིག་ཅར་རོ།། རྣམ་པར་ཤེས་པར་སྤྲོ་བའི་ལྟ་བ་ལ་ནི་ཐམས་ཅད་མཁྱེན་པ་ཇི་ལྟར་ཡང་མི་རུང་བས། གང་ལ་དོན་གཞན་ཡོངས་གཅོད་པ། ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ཤེས་བྱ་ནང་གི་ཡིན་པར་སྨྲ་བ། ཞེས་བྱ་བ་ལ ་སོགས་པས་ནི་འདི་རྣམ་པར་འབྱེད་དོ།། གལ་ཏེ་ཅིའི་ཕྱིར་ཐམས་ཅང་མཁྱེན་པ་བརྟགས་པ་ཁོ་ན་ཡིན་པར་འགྱུར་སྙམ་པ་ལ། བཤད་པ། རྒྱུད་གཞན་ལ་ཡོད་པའི་དངོས་པོ་ཡོངས་སུ་མི་གཅོད་པའི ་ཕྱིར་རོ།། ཅིའི་ཕྱིར་ཡོངས་སུ་མི་གཅོད་ཅེ་ན། འདི་ལྟར་གཟུང་བ་དང་འཛིན་པ་མེད་པའི་ཕྱིར་ཏེ། དེ་དག་ཉིད་ཀྱིས་དེ་ལྔ་མ་ཡིན་ནདོན་དང་ལྡན་པའི་ཕྱིར་རྣམ་པར་རིག་པ་ཙམ་དུ་ངེས་པར་འགྲུབ་པར་མི་འགྱུར་རོ་ཞེས་སྨྲསོ།། ཅི་སྟེ་རྒྱུད་གཞན ་ལ་ཡོད་པའི་དངོས་པོ་ཅིའི་ཕྱིར་ཡོངས་སུ་མི་གཅོད་སྙམ་ན། བཤད་པ། བློ་རྣམ་པ་དང་བཅས་པ་དང་ཅིག་ཤོས་ཀྱིས་ཡོངས་སུ་གཅོད་པར་མི་རུང་བའི་ཕྱིར་རོ།། རང་གི་རྒྱུད་ལ་ཡོད་པའི་དངོས་པོ་ཡང་དེ་དང་འདྲ་བར་ཡོངས་སུ་གཅོད་པར་མི་རུང་བའི ་ཕྱིར་རོ་ཞེས་བྱ་བར་སྦྱར་རོ།། གང་གིས་ཞེ་ན། བློས་སོ།། ཇི་ལྟ་བུས་ཞེ་ན། རྣམ་པ་དང་བཅས་པ་དང་ཅིག་ཤོས་ཀྱིས་སོ།། ངོ་བོ་ཉིད་མེད་པར་སྨྲ་བའི་ལྟར་ན་ནི། ཐམས་ཅད་མཁྱེན་པ་མེད་པའི་ཉེས་པར་བཤད་པ་གང་ཡིན་པ་དེ་ཐམས་ཅད་མེད ་བས་ཉེས་པ་མེང་པ་ཉིད་ཅེས་བྱ་བ་སྨོས་སོ།། གལ་ཏེ་ཅིའི་ཕྱིར་སྙམ་ན། བཤད་པ། ཇི་ལྟར་གྲགས་པ་བཞིན་ཏེ། ཇི་ལྟར་སྣང་བ་བཞིན་ཡོངས་སུ་གཅོད་པའི་ཕྱིར་རོ།། གོང་གི་ཚེ་ཅུང་ཟད་ཀྱང་མི་མཐོང་བ་དེའི་ཚེ་ནི་དེ་ཁོ་ན་བཞིན་གནས་ཏེ ་ཞེས་བྱ་བར་སྦྱོར་རོ།། ཅི་ཞིག་བྱེད་ཅིང་ཞེ་ན། བཤད་པ། དངོས་པོའི་རང་གི་ངོ་བོ་དཔྱོད་པར་བྱེད་ཅིང་ངོ་།། ཅི་ཞིག་བྱས་ནས་ཞེ་ནི། བཤད་པ། ཆོས་རྣམས་མ་སྐྱེས་སོ་ཞེས་བྱ་བ་ལ་སོགས་པ་ཡང་བརྟགས་པའི་བདག་ཉིད་དག་ཡིན་ནོ་ཞེས་བྱ ་བར་ཁོང་དུ་ཆུད་པར་བྱས་ནས་སོ།། དེ་དག་ཇི་ལྟར་བརྟགས་པའི་བདག་ཉིད་ཡིན་སྙམ་པ་ལ། བཤད་པ་ཡང་དག་པར་སྐྱེ་བ་ལ་སོགས་པར་རྟོག་པ་བཀག་པའི་ངོ་བོ་ཉིད་ཀྱིས་སོ།། ཅིའི་ཕྱིར་དེ་ཁོ་ན་བཞིན་གནས་སྙམ་པ་ལ་བཤད་པ། འདི་ལྟར། དེ་ནི་མཚན་མ ་མི་འབྱུང་ཕྱིར། མི་བཞུངས་སོ།། ཞེས་བྱ་བར་སྦྱར་རོ།། གང་གི་ཚེ་མཚན་མ་མི་འབྱུང་སྙམ་པ། གང་ཚེ་ཤེས་བྱ་དང་། བདག་ཉིད་རྗེས་སུ་མི་མཐོང་བ་ནའོ་བདག་ཉིད་ཅེས་བྱ་བ་ནི། རྣལ་འབྱོར་པ་ཡིན་པར་སྟོན་ཏོ།། གནས་པ་བརྟན་ཕྱིར་ཡང་མི་ལྡང་ངོ་།། ཞེས་བྱ་བར ་སྦྱར་བར་བྱ་སྟེ། ཡང་ཞེས་བྱ་བ་ནི་མི་མངོན་པོར་བསྟན་ཏོ།། གནས་པ་ནི་ཏིང་ངེ་འཛིན་ཏོ།། འདི་རྣམ་པར་འགྲེལ་པར་བྱེད་དེ། བཅོམ་ལྡན་འདས་འདིའི་མཚན་མ་མི་འབྱུང་ན་བཞེངས་པ་ལྟ་ག་ལ་ཡོད། ཞེས་བྱ་བར་སྦྱར་རོ།། མཚན་མ་ཞེས་བྱ་བ་ནི། ཤེས་པ ་དདོངོ་ཤེས་བྱ་དང་བདག་གི་མཚན་མའོ།། ཅིའི་ཕྱིར་མཚན་མ་མི་འབྱུང་ཞེ་ན། བཤད་པ། བཅོམ་ལྡན་འདས་གང་ལ་རྟོག་པའི་ས་བོན་ཐམས་ཅད་བག་ཆགས་དང་བཅས་ཏེ་རྩ་ནས་བཏོན་པ་ཡོད་པ་དེའི་དངོས་པོ་ནི་དེ་ཉིད་དེ། རྟོག་པའི་ས་བོན་མཐའ་དག་བག ་ཆགས་དང་བཅས་ཏེ་རྩ་ནས་བཏོན་པ་ཉིད་ཀྱི་ཕྱིར་རོ།། བག་ཆགས་ནི་ཉོན་མོངས་པས་བྱས་པ་ལུས་ལ་སོགས་པ་འགྱུར་བའོ།། བཅོམ་ལྡན་འདས་འདིའི་ཏིང་ངེ་འཛིན་བརྟན་པའི་ཡང་ཕྱིར་བཞེངས་པ་ལྟ་ག་ལ་ཡོད་ཅེས་བྱ་བར་སྦྱར་རོ།། དེ་ཡང ་ཅིའི་ཕྱིར་སྙམ་པ་ལ། གས་བསྐལ་པ་གྲངས་མེད་པ་དུ་མར་གུས་པར་མཛད་དེ་བར་ཆད་མེད་པར་ལེགས་པར་བསྒོམས་པས་ཞེས་བྱ་བ་འདིས་ནི་ཡུན་རིང་པོ་ནས་ལེགས་པར་བསྒོམས་པ་དང་གུས་པར་བྱས་ཏེ། ལེགས་པར་བསྒོམས་པ་དང ་བར་ཆད་མེད་པར་ལེགས་པར་བསྒོམས་པས་ཏིང་ངེ་འཛིན་བརྟན་པ་ཉིད་དུ་བརྟན་ཏོ།། གནས་སྐབས་གང་ལ་ཞུགས་པས་ཏེ། གནས་སྐབས་གང་ཞིག་རྟོགས་པས་ཡོན་ཏན་ཀུན་གྱི་རྟེན་དུ་གྱུར་ཏེ། ཡོན་ཏན་ཀུན་ནི་འཇིག་རྟེན ་པ་དང་འཛིན་ལས་འདས་པ་རྣམས་སོ།། བསམ་མི་ཁྱབ་པར་འགྱུར་ཏེ། སེམས་ཅན་ཐམས་ཅད་ཀྱི་བསམ་པའི་ཡུལ་ལས་ཡང་དག་པར་འདས་པའི་ཕྱིར་རོ།། མཚུངས་མེད་དུ་འགྱུར་ཏེ། འདི་ལྟར་ཡོན་ཏན་ཐུན་མོངས་མ་ཡིན་པའི་རྟེན་པའི་ཕྱིར་དེ ་གཤེགས་པ་དང་མཉམ་པའི་སེམས་ཅན་འགའ་ཡང་མེད་དོ།། ཕྱག་གནས་སུ་གྱུར་ཏེ། སེམས་ཅན་ཐམས་ཅད་ཀྱིས་མཆོད་པར་འོས་པའི་ཕྱིར་རོ།། འདྲེན་པར་གྱུར་ཏེ་ལམ་ངན་པ་ལས་ཕྲལ་ཏེ་ལམ་བཟང་པོ་ཐོབ་པར་མཛད་པའི་ཕྱིར་རོ།། དང་ཞེས ་བྱ་བ་ནི་རིམ་པ་གཞན་དུ་སྦྱར་བ་ཏེ། གནས་སྐྱབས་འགའ་དེ་བསམ་གྱིས་མི་ཁྱབ་པ་ཡིན་ནོ།། འདིས་ནི་ཆོས་ཀྱི་སྐུ་འབྲས་བུའི་སྒོ་ནས་ཉེ་བར་བསྟོད་པ་ཡིན་ནོ།། ད་ནི་རྣམ་པར་བཤད་པའི་སྒོ་ནས་བསྔགས་པ་བྱ་བའི་ཕྱིར། ཆོས་རྣམས་ཀུན་གྱི་ལུས ་ཡིན་ཕྱིར། ཞེས་བྱ་བ་ལ་སོགས་པ་སྨོས་སོ།། རྣམ་པ་གསུམ་གྱིས་ཆོས་ཀྱི་སྐུ་ཞེས་བྱ། ཞེས་བྱ་བ་ནི་ཚིག་གསུམ་བཟུང་ནས་དེ་སྐད་དུ་བཤད་དོ།། དེ་ལྟ་མ་ཡིན་ན་ཚིག་གཅིག་གིས་དོན་གཉིས་ཟིན་པ་རྣམ་པ་བཞིས་ཞེས་བརྗོད་པར་བྱ་དགོས་སོ། ་ཅིའི་ཕྱིར་ཆོས་ཐམས་ཅད་ཀྱི་ལུས། ཞེས་བྱ་སྙམ་པ་ལ། འགྲོ་བ་ཐམས་ཅད། ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དེ་བས་ན་རྣམ་པ་འདི་ལ་ནི་སྐུ་ཞེས་བྱ་བའི་སྒྲ་ནི་ལུས་སུ་བརྗོད་པར་བལྟ་བར་བྱའོ།། ལུས་ནི་ཚོགས་ཡིན་པའི་ཕྱིར་ཆོས ་ཀྱི་སྐུ་ནི་ཆོས་རྣམས་ཀྱི་ཚོགས་ཞེས་བྱ་སྟེ། རྒྱུ་ལ་འབྲས་བུ་ཉེ་བར་བཏག་པའི་ཕྱིར་རོ།། ཅིའི་ཕྱིར་རྒྱུ་ཉིད་ཡིན་སྙམ་པ་ལ་བཤད་པ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་ཀྱི་རྟེན་ཡིན་པའི་ཕྱིར་རོ།། ཡང་ན་འདིར་འཇིག ་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་སྒྲོགས་ཤིང་བརྗོད་པའི་ཕྱིར་ཆོས་ཀྱི་སྐུ་ཡིན་ནོ།། ཆོས་ཀྱི་དབྱིངས་རྟོགས་ན་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་བོས་པ་བཞིན་དུ་འདུ་སྟེ། ཟད་པ་ཤེས་ལ་ཟག་བཅས ་ཀྱང་ཞེས་འབྱུང་བའི་ཕྱིར་རོ།། འདིས་ནི་ཆོས་ཀྱི་སྐུ་ཞེས་བྱ་བའི་སྒྲ་འདི་བྱེད་པའི་སྒྲ་ཉིད་དུ་སྟོན་པར་བྱེད་དོ།། ལུས་ནི་བྱེད་པ་མེད་པ་མ་ཡིན་ནམ། ཇི་ལྟར་ན་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཀུན་གྱི་རྟེན་ཞེས་བྱ་སྙམ་པ་ལ། བཤད་པ། རྟེན་གྱི ་དངོས་པོ་ནི་ཀུན་བརྟགས་པའོ།། ཞེས་བྱ་བར་སྦྱར་རོ།། གལ་ཏེ་ཇི་ལྟར་སྙམ་པ་ལ། བཤད་པ། དེ་ལ་འཇུག་པ་ཐོབ་པས་ནི་ཆོས་ཀྱི་དབྱིངས་ལ་འཇུག་པ་རྟོགས་པ་སྟེ། དེས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་རྣམས་ཐོབ་པའོ།། ཅིའི ་ཕྱིར་རིགས་པས་རྣམ་པར་གནས་པའི་ངོ་བོ་ཉིད་ཡིན་སྙམ་པ་ལ། བཤད་པ། ངོ་བོ་ཉིད་དེ་ཉིད་རིགས་པ་དང་ལྡན་པའི་ཕྱིར་རོ།། དེ་ལྟ་བས་ན་འདིས་ནི་ཆོས་ཤེས་བྱ་བའི་སྒྲ་ནི་རིགས་པར་བརྗོད་པ་ཡིན། སྐུ་ཞེས་བྱ་བའི་སྒྲ་ནི་ངོ་བོ་ཉིད་དུ་བརྗོད་པ ་ཡིན་ནོ།། ཞེས་བསྟན་པ་ཡིན་ནོ།། དེ་ལྟར་ཆོས་ཀྱི་སྐུ་མདོར་བསྡུས་ཏེ་བསྟན་ནས། ལོངས་སྤྱོད་རྫོགས་པའི་སྐུ་བརྗོད་པར་བརྩོན་པ་ན། དེ་ཚེ་རྣམ་རྟོག་མེད་ཅེས་བྱ་བ་ལ་སོགས་པ་སྨོས་སོ།། དེ་ཚེ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་རྟོགས ་པར་བྱེད་པའི་དུས་སྟོན་པར་བྱེད་དོ།། གལ་ཏེ་རྟོག་པར་མི་མཛད་ན་ཇི་ལྟར་སེམས་ཅན་གྱི་དོན་འབྱུང་སྙམ་པ་ལ། བཤད་པ། སྔོན་གྱི་ཤུགས་ཀྱིས་ཏེ་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ།། སེམས་ཅན ་གྱི་དོན་གང་གི་ཚེ་ཅི་འདྲ་བ་ཞིག་གང་དུ་རྣམ་པ་ཇི་ལྟ་བུ་ཞིག་འབྱུང་སྙམ་པ་ལ་རྟག་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དེ་བས་ན་འདིས་ནི་ཐམས་ཅད་ནས་སེམས་ཅན་གྱི་དོན་འབྱུང་བར་བརྗོད་པར་བྱེད་ཅིང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཡང་སྟོན ་ཏོན་གཞན་གྱི་དོན་ཕུན་སུམ་ཚོགས་པ་འདི་ནི་གཙོ་བོ་ཡིན་པའི་ཕྱིར་སྔར་བཤད་དོ།། རང་གི་དོན་ཕུན་སུམ་ཚོགས་པ་ནི། གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཐབས་ཡིན་པའི་ཕྱིར་ཕྱིས་སྨོས་སོ།། ཚིགས་སུ་བཅད་པ་གཉིས་པའི་ཕྱེད་གོང་མས་ནི། ཡེ ་ཤེས་ཕུན་སུམ་ཚོགས་པ་བསྟན་ཏོ།། ཕྱེད་འོག་མས་ནི་ཆེ་བའི་བདག་ཉིད་ཕུན་སུམ་ཚོགས་པ་བསྟན་ཏོ།། ཚིགས་སུ་བཅད་པ་གསུམ་པའི་ཕྱེད་གོང་མས་ནི་ཉོན་མོངས་པའི་སྒྲིབ་པ་སྤངས་པ་ཕུན་སུམ་ཚོགས་པ་བསྟན་ཏོ།། ཕྱེད་འོག་མས་ནི་ཤེས་བྱའི་སྒྲིབ་པ ་སྤངས་པ་ཕུན་སུམ་ཚོགས་པ་བསྟན་ཏོ།། གང་ལ་མཁྱེན་པའི་སྐད་ཅིག་གཅིག་གིས་ནི། ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན།། མངའ་བ་ཞེས་ཚིག་རྣམ་པར་སྦྱར་རོ།། ཡོན་ཏན་རིན་པོ་ཆེའི་ཚོགས་དང་ཏིང་ངེ་འཛིན་དང་བསམ་གཏན་དག་ཚིག་ཕྲལ་བ་རྣམས་བསམ ་གྱིས་མི་ཁྱབ་པའི་ཚིག་དང་གཞི་མཐུན་པ་བསྡུ་བ་བྱས་ནས་རྟེན་གྱི་ཚིག་དང་དྲུག་པའི་བསྡུ་བ་བྱའོ།། ཡོན་ཏན་ནི་མངོན་པར་ཤེས་པ་དང་ཚད་མེད་པ་དང་སྟོབས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པའོ།། ཏིང་ངེ་འཛིན་རྣམས ་ནི་དཔའ་བར་འགྲོ་བ་དང་། ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ལ་སོགས་པའོ།། བསམ་གཏན་རྣམས་ནི་དང་པོ་ལ་སོགས་པའོ།། རྟོག་པ་དང་ཉོན་མོངས་པ་དང་བག་ཆགས་རྣམས་ཚིག་ཕྲལ་བ་བྱས་ནས། གང་ལ་རྟོག་པ་དང་ཉོན་མོངས་པ་དང་བག ་ཆགས་མ་ལུས་པར་གཏན་གཅད་པ་ཡོད་པ་ཞེས་འབྲུ་མང་པོར་བྱའོ།། རྟོག་པ་ནི་ཉོན་མོངས་པ་འབྱུང་བའི་རྒྱུ་ལོག་པའི་རྣམ་པར་རྟོག་པའོ།། བག་ཆགས་ནི་ཉོན་མོངས་པའི་འབྲས་བུ་ལུས་དང་ངག་འགྱུར་པའོ།། འདི་གཉིས་ནི་ཉོན་མོངས་པའི་རྒྱུ ་དང་འབྲས་བུ་དག་ཡིན་ནོ་ཞེས་རབ་ཏུ་བརྟན་པའི་ཕྱིར་ཉོན་མོངས་པ་བར་དུ་བརྟན་ཏོ།། དེ་ལྟ་མ་ཡིན་ན་ཉོན་མོངས་པ་ཞེས་བྱ་བའི་ཚིག་དང་པོ་སྨྲ་བར་འགྱུར་རོ།། གང་ལ་ཤེས་བྱའི་ཡུལ་ལ་མི་ཤེས་པའི།། ཚོགས་ནི་མཐའ་དག་རྣམ་སྤངས་ཅན།། མངའ ་བ་ཞེས་ཚིག་རྣམ་པར་སྦྱར་རོ།། ཚིགས་སུ་བཅད་པ་གསུམ་སྨོས་པའི་དོན་མདོར་བསྡུས་ནས་བརྗོད་པར་བྱ་སྟེ། ཉེས་པ་ཀུན་གྱིས་མ་ཡིན།། ཞེས་བྱ་བ་འདིས་ནི་སྒྲིབ་པ་སྤངས་པ་ཕུན་སུམ་ཚོགས་པ་བསྟན་ཏོ།། ཡོན་ཏན་རྒྱ་མཚོ་ཀུན་གྱིས། ཞེས་བྱ་བ་འདིས་ནི་ཆེ ་པ་ཉིད་ཕུན་སུམ་ཚོགས་པ་བསྟན་ཏོ།། རྟག་ཏུ་ཞེས་བྱ་བ་ལ་སོགས་པས་ནི་ཚིགས་སུ་བཅད་པ་དང་པོར་བསྟན་པ་གཞན་གྱི་དོན་ཕུན་ཚོགས་པ་བསྟན་ཏོ།། ཡིད་བཞིན་ནོར་བུ་བཞིན་དུ་ནི། ཞེས་བྱ་བ་ལ་སོགས་པས། འདིའི་གནས་པའི་དུས་སྟོན་ཏེ། གཞན་གྱི་དོན་ཕུན ་སུམ་ཚོགས་པ་ལ་སོགས་པས་མཚུངས་པ་མེད་པར་འཁོར་བ་ཇི་སྲིད་དུ་འཇུག་གོ།། ཅི་དང་འདྲ་བར་མཚུངས་པ་མེད་ཅེ་ན། ཡིད་བཞིན་གྱི་ནོར་བུ་བཞིན་ནོ།། འགའ་ཞིག་གིས་ཆེས་མཐུན་པའི་ཕྱིར་འདིའི་དཔེ་བྱད་ཀྱི་རྣམ་པ་ཐམས་ཅད་ནི་མ་ཡིན་ནོ་སྐྱེས་རྒྱ་བ་ཞེས ་བྱ་འོད། འདིའི་རྒྱུ་ཕུན་སུམ་ཚོགས་པ་བརྗོད་པའི་ཕྱིར་བཤད་པ་འདི་ནི་ཐུགས་རྗེ་ཆེན་པོས་བསྒྲུབ་པ་ཡང་ཡིན་ལ། བསམ་གྱིས་མི་ཁྱབ་པའི་བསོད་ནམས་དང་ཡེ་ཤེས་ཀྱང་ཡིན་ལ་དེ་ལས་མཚུངས་མེད་འབྱུང་བ་འདི་ལ་ཡོད་པས། ཐུགས ་རྗེ་ཆེས་བསྒྲུབས་བསམ་མི་ཁྱབ།། བསོད་ནམས་ཡེ་ཤེས་མཚུངས་མེད་འབྱུང་བ་ཡིན་ནོ།། ཡང་དག་པའི་མཆོག་ཐོབ་ཅིང་། ཞེས་བྱ་བ་ལ་སོགས་པས་ནི་དེ་གང་དག་གི་ཡུལ་གྱི་ངོ་བོར་འགྱུར་བ་དེ་སྟོན་ཏོ།། སའི་མཆོག་ནི་རབ་ཏུ་དགའ་བ་ལ་སོགས་པའོ།། དེ་བས་ན་ཚིགས ་ཨོཾ་བཅད་པ་འདི་ལས་རྩ་བ་དང་པོས་ནི་ཡེ་ཤེས་ཀྱི་ཚོགས་དང་ལྡན་པ་སྟོན་ཏོ།། གཉིས་པས་ནི་བསོད་ནམས་ཀྱི་ཚོགས་དང་ལྡན་པ་སྟོན་ཏོ།། གང་གི་ཕྱིར་འདི་བསམ་གྱིས་མི་ཁྱབ་པ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་འདི་ལྟ་བུ་དག་ཁོ་ནའི་མིག་ཡུལ་དུ ་འགྱུར་རོ།། ཇི་ལྟར་སྐུ་འདི་ལོངས་སྤྱོད་རྫོགས་པ་ཞེས་བྱ་སྙམ་པ་ལ། དེ་ལས་བྱང་ཆུབ་སེམས་དཔའ་རྣམས་ཞེས་བྱ་བ་ལ་སོགས་པས་གཏན་ཚིགས་བསྟན་ཏེ། ཚིགས་སུ་བཅད་པ་ཁོང་དུ་ཆུད་པར་བླའོ།། སེམས་ཅན་སོ་སོའི་ཞེས་བྱ་བ་ལ་སོགས ་པས་སྤྲུལ་པའི་སྐུ་སྟོན་པར་བྱེད་དེ། ཚིགས་སུ་བཅད་པ་རྣམས་དོན་གོ་བར་བླ་བས་དེའི་ཕྱིར་རྣམ་པར་དབྱེ་བར་མི་བྱའོ།། སྤུའི་ཁུང་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་པས་ནི། སྐྱེ་བ་ལ་སོགས་པ་ཡོངསུ་སྔའོ།། སྤྲུལ་པའི་སྐུའི་མཚན་ཉིད་དང་། ་མཛད་པ་མདོར་བསྡུས་ནས་བརྗོད་ཅིང་། རྒྱལ་བས་འཇིག་རྟེན་མ་ལུས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། འདིའི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྐུ་ལོངས་སྤྱོད་རྫོགས་པའི་མཚན་ཉིད་ཀྱིའོ།། ཁ་ཅིག་སྤྲུལ་པ་ནི་སྤྲུལ་པར་མི་མཛད ་དོ་སྙམ་དུ་འཁྲུལ་པ་རྣམ་པར་གཅད་པའི་ཕྱིར། སྤྲུལ་པ་ཡིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། གལ་ཏེ་ཅིའི་ཕྱིར་སྤྲུལ་པས་ཇི་ལྟར་བཞེད་པ་བཞིན་སྤྲུལ་པར་མཛད་སྙམ་པ་ལ། བཤད་པ། ཁྱབ་བདག་མཐུ་ཡི་ཤུགས་ཀྱིས་སོ།། ཁྱབ་བདག ་ནི་ལོངས་སྤྱོད་རྫོགས་པའི་སྐུའི་མཚན་ཉིད་ཀྱི་དེ་བཞིན་གཤེགས་པའོ།། ཇི་ལྟ་བུར་མཛད་སྙམ་པ་ལ། བཤད་པ། མཛད་པ་ཀུན་ལ་འཇུག་པ་བཞིན།། ཇི་ལྟར་ཁྱབ་བདག་ཤུགས་ཀྱིས་མཐུས་སྤྲུལ་པ་བཞུགས་པ་དང་ཆགས་པ་དང་། གཟིམས ་པ་དང་། ཆོས་སྟོན་པ་ལ་སོགས་པའི་མཛད་པ་ལ་འཇུག་པར་མཛད་པ་ལྟར། སྤྲུལ་པ་ཡང་དེ་དང་འདྲ་བར་མཛད་དོ།། ཅིའི་ཕྱིར་བཅོམ་ལྡན་འདས་ཀྱི་སྐུ་ཤིན་དུ་མདོར་བསྡུས་ནས་བསྟན་ཞེ་ན། བཤད་པ་རྣམ་པ་ཐམས་ཅད་ཞེས་བྱ་བ་ལ་སོགས་པ ་སྨོས་སོ།། ཉན་ཐོས་ལ་སོགས་པའི་ཞེས་བྱ་བ་ལ་སོགས་པས་ནི་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། སོ་སོའི་སྐྱེ་བོ་རྣམས་གཟུང་ངོ་།། ད་ནི་དེ་རྒྱལ་མེད་པ་ཉིད་དུ་སྟོན་ཅིང་གཞན་ལ་བཟང་པོ་ལ་སྦྱར་བར་བཞེད་ནས་བཤད་པ། དེ་ལྟར་ཇི ་སྲིད་བཤད་པའི་རྣམ་པས། བདེན་གཉིས་རྣམ་ཕྱེ་འདིར། ཅི་ཉེས་པ་ཡོད་དམ་འོན་ཏེ་མེད་ཅེས་བྱ་བ་དཔྱད་པར་གྱིས་ཤིགོ། ཉེས་པ་མེད་པ་ཁོ་ནའོ་སྙམ་དུ་བསམས་པའོ།། ཅི་ཞིག་བྱ་སྙམ་པ་ལ། ཕྱོགས་འཛིན་པ་ཡིས་དཀྲུགས་པའི་ཡིད། ་ལེགས་པར་བོར་ལ་སྟེ། ཕྱོགས་འཛིན་པས་ཀྲུགས་པའི་ཡིད་ལ་ཡང་དག་པ་ཡང་དག་པ་མ་ཡིན་པ་བཞིན་དུ་སྣང་ལ། དེ་བཞིན་དུ་ཡང་དག་པ་མ་ཡིན་པ་ཡང་། ཡང་དག་པ་བཞིན་དུ་སྣང་ངོ་སྙམ་དུ་བསམ་པའོ།། ད་ནི་སྙིང་རྗེས་ནོན་པ་ན ་གཞན་དག་གི་སྣང་བ་ཡོངསུ་སྤང་བའི་ཕྱིར། བཤད་པ། མི་ཡང་ཤིན་ཏུ་ཐོབ་པར་དཀའ་བ་ཡིན་ན། རབ་ཏུ་སྡང་བ་གང་དུ་དགོས། ཞེས་བྱ་བར་སྦྱར་རོ།། གང་དུ་ཞེས་བྱ་བ་ནི་སྤོང་བའོ།། མི་དགོས་པ་འབའ་ཤིག་ཏུ ་མ་ཟད་ཀྱི། སླར་གནོད་པའི་རྒྱུ་ཡང་ཡིན་པའི་ཕྱིར་དོར་བར་བྱ་སྟེ། འདི་ལྟར་སྡང་བས་ངན་སོང་བ་ནི་མི་འཐོབ་པར་དཀའོ།། ཅི་སྟེ་ཁོ་བོ་ཅག་གི་འདོད་པའི་དོན་བདག་གིས་ལེགས་པར་གཽཏན་ལ་ཕབ་ཟིན་ཏེ། དེ་བས་ཅིའི་ཕྱིར་ལྟ་བ་གཞན་སྤང་བར་མི་བྱ། ་སྙམ་པ་ལ། བཤད་པ། བློ་སྤྱང་ཉམ་ཡང་རབ་ཏུ་ཆུང་། འདི་སྙམ་དུ་སངས་རྒྱས་རྣམས་དང་སར་ཆུད་པ་རྣམས་ཀྱི་ཤེས་རབ་ལ་བལྟོས་ནས། ཁྱེད་ཀྱི་ཤེས་རབ་ཅི་འདྲ་ཞེས་བྱ་བ་དེ་ལྟ་རེ་ཞིག་ཞོག་གི། མོས་པ་སྤྱོད་པའི་ས་ལ་གནས་པ་རྣམས ་རྐྱེ་ཤེས་རབ་ལ་བལྟོས་ནས་ཀྱང་ཁྱོད་ཀྱི་ཤེས་རབ་ཚོད་ཡོད་དོ།། དེ་བས་ན་བློ་སྦྱང་བ་ཉམས་ཆུང་བའི་ཕྱིར། ཁྱོད་ཀྱི་དོན་འདི་བདག་གིས་ལེགས་པར་གཏན་ལ་ཕབ་ཟིན་ཏོ།། ཞེས་བརྗོད་པ་ནི་ཧ་ཅང་གཟུ་ལུམས་ཆེ་སོ་སོ་སྙམ་དུ་སེམས་པའོ།། ཅི ་སྟེ་འཁོར་བར་གནས་པ་འདི་བླ་སྟེ། དེའི་ཕྱིར་ཅིའི་ཕྱིར་མི་སྤང་བར་མི་བྱ་སྙམ་པ་ལ། བཤད་པ། འཁོར་བའི་དགོན་པ་བགྲོད་པར་དཀའ་ཞེས་བྱ་བ་སྨོས་སོ།། ཅི་སྟེ་ཁོ་བོ་ཅག་མི་འཆི་བ་ཁོ་ནས། དེའི་ཕྱིར་སྡང་བས་ཅི་འཇིགས་སྙམ་དུ་སེམས་ན། ་དེའི་ཕྱིར་སྲོག་ཀྱང་ཤིན་དུ་གཡོ་བ་ཡིན། ཞེས་བྱ་བ་སྨོསོ།། ཅི་སྟ་གྲོགས་པོ་བཟང་པོ་ལ་བརྟེན་ནས་སྡང་བའི་ཉེས་པ་ཡོངསུ་སྤང་བར་བྱའོ་སྙམ་དུ་སེམས་ན། དེའི་ཕྱིར། བཤེས་གཉེན་བཟང་པོའང་རྙེད་དཀའ་ན། ཞེས་བྱ་བ་སྨོ་སོ།། ཡང་ན་གལ་ཏེ་ཁོ་བོ་ལ ་ཤེས་གཉེན་བཟང་པོས་ལྟ་བ་གཞན་འདི་ནི་རིགས་པ་མ་ཡིནོ་ཞེས་བསྟན་པས།། དེའི་ཕྱིར་སྣང་བས་ཁོ་བོ་ཅག་མི་འཇིག་སོ་ཞེས་ན། བཤེས་གཉེན་བཟང་པོའང་རྙེད་དཀའ་ན། ཞེས་བྱ་བ་སྨོས།། ཅི་སྟེ་ལྔ་བ་གཞན་ལ་ཁོ་བོ་མོས་པ་མེད་པས་དེའི་ཕྱིར་སྤོང་ཞེས་སྒྲ ་བར་འགྱུར་ན། བཤད་པ། རྨོ་བ་མི་དུ་ཟིན་ན་ཡང་།། རབ་ཏུ་སྡང་བ་གང་དུ་དགོས། ཤེས་བྱ་བར་སྦྱརརོ།། ཅིའི་ཕྱིར་མོས་པ་མེད་སྙམ་པ་ལ། དེ་ནི་འགའ་ལ་བསོད་ནམས་ཀྱིས། ཞེས་བྱ་བ་སྨོས་ཏེ་ཇི་སྐད་དུ། ཡང་རབ་འབྱོར་སེམས་ཅན་གང་དག་མདོ་སྡེའི་ཚིག་བཤད་པ། ཛ། ་ལྟ་བུ་འདྲི་ལ་སེམས་དང་བ་གཅིག་ཙམ་ཡང་རྙེད་པ་དེ་དག་ནི་སངས་རྒྱས་བརྒྱ་སྟོང་དུ་མ་ལ་བསྙེན་བཀུར་བྱས་ཤིང་། སངས་རྒྱས་བརྒྱ་སྟོང་དུ་མ་ལས་དགེ་བའི་རྩ་བ་སྐྱེད་པ་ཡིན་ཞེས་གསུངས་པ་ལྟ་བུའོ།། སྡང་བ་བོར་ཏེ་ཡང་དག་པ་མཐོང་བ། གོམས་པར ་བྱས་པའི་རིམས་ཀྱིས་མོས་པ་འདི་ནི་རེ་ཞིག་གཅིག་ན་འགྱུར་ཏེ་དེ་ལྟ་མ་ཡིན་ན་ནི། སྡང་བས་ཚིག་པ་ཁྱོད་ལ་ནི་མོས་པ་མེད་པ་འབོའི་ཞིག་ཏུ་མ་ཟད་ཀྱི། དལ་བ་འབྱོར་པའང་རིང་བར་གསལ། བདེན་པ་གཉིས་རྣམ་པར་དབྱེ་བ་བྱས་པས། བསོད་ནམས ་བསགས་པ་ཡོངསུ་བསྔོ་བའི་ཕྱིར། བདེན་པ་གཉིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡེ་ཤེས་སྙིང་པོ་ན་སངས་རྒྱས་བཅོམ་ལྡན་འདས་ཡིན་ནོ།། བདེན་པ་གཉིས་རྣམ་པར་འབྱེད་པའི་དཀའ་འགྲེལ། སློབ་དཔོན་ཞི་བ་འཚོས་མཛད་པ་རྫོག་སོ།། ་རྒྱ་གར་གྱི་མཁན་པོ་པྲཛྙཱ་བརྨ་དང་། ཛྙཱ་ན་གརྦྷ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བ་ན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ་བཞིན་གང་གིས་རྡུལ་ཕྲ་རབ་གཅིག་ལ་བལྟས་ཏེ་གནས་པ་དེ་ཉིད་ཀྱིས་གཞན་ལ་བལྟས་སམ། འོན་ཏེ་མ་ཡིན་ཞེས་བྱ་བ་བརྟག་པ་གཉིས་སོ།། དེ་ལ་ཕྱོགས་དང་པོ་ལྟར་ན་བསྐོར་བའི་རྡུལ་ཕྲ ་རབ་ཐམས་ཅད་ཕྱོགས་གཅིག་པ་ཉིད་དུ་ཐལ་བར་འགྱུར་ཏེ། དེའི་རང་བཞིན་ལ་བལྟས་པ་ཉིད་ཀྱི་ཕྱིར་རོ།། རྡུལ་ཕྲ་མོ་གང་ལ་རང་བཞིན་དེ་གཅིག་ཡོད་པ་ནི་དེའི་རང་བཞིན་ཡིན་ལ་རྡུལ་ཕྲ་མོ་གང་ལ་དེའི་རང་བཞིན་གྱི་རྡུལ་ཕྲ ་མོ་ལ་བལྟས་པ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་ཏེ་དངོས་པོ་ནི་དེའི་ཉིད་དོ།། སྦྱར་བ་ནི་རྡུལ་ཕྲ་རབ་ཀྱི་ངོ་བོ་གཅིག་ལ་བལྟས་པའི་རང་བཞིན་གང་ཡིན་པ་དེ་ནི་ཕྱོགས་གཅིག་པ་ཅན་ཡིན་ཏེ། དཔེར་ན་དབུས་ན་གནས་པ ་རྡུལ་ཕྲ་རབ་དེ་ཉིད་ཀྱི་ཤར་ཕྱོགས་ན་གནས་པའི་རྡུལ་ཕྲ་རབ་ལྟ་བུ་འམ་ཤར་ཕྱོགས་ཀྱི་ཁང་པ་ལ་ཁང་པ་གཅིག་བལྟས་པ་སྟུ་ཙསྟེ། བསྐོར་བའི་རྡུལ་ཕྲ་རབ་ཐམས་ཅད་ཀྱང་རྡུལ་ཕྲ་རབ་གཅིག་ལ་བལྟས་པའི་རང་བཞིན་ཡིན ་པས་རང་བཞིན་གྱི་གཏན་ཚིགས་སོ།། ཕྱོགས་ཐ་དད་པ་ན་གནས་པ་ཡིན་ན་ནི་མངོན་པར་འདོད་པའི་རྡུལ་ཕྲ་རབ་གཅིག་པུ་ལ་བལྟས་པའི་རང་བཞིན་དག་ཏུ་མི་འགྱུར་ཏེ། རྡུལ་ཕྲ་རབ་དེ་ལ་རང་བཞིན་གཞན་མེད ་པའི་ཕྱིར་རོ།། རང་བཞིན་མེད་ན་བལྟས་པ་ཡང་མི་རུང་བའི་ཕྱིར་གཏན་ཚིགས་མ་ངེས་པ་ཉིད་མ་ཡིན་ནོ།། དེའི་ཕྱིར་ཡང་དག་པར་བསྐོར་ཏེ་གནས་མེད་པས་རྡུལ་ཕྲ་རབ་རྣམས་རྒྱས་པར་མི་འགྱུར་རོ།། ཕྱོགས ་གཉིས་པ་ལྷུར་ན་ཡང་ཡན་ལག་དང་བཅས་པ་ཉིད་དུ་ཐལ་བར་འགྱུར་བར་གསལ་བར་བདག་གིས་རྣམ་པར་མ་ཕྱེའོ།། རྡུལ་ཕྲ་མོ་རྣམས་རང་བཞིན་མེད་པ་ཉིད་དུ་གྲུབ་པ་ཁོ་ནས་རྡུལ་ཕྲ་མོ་ལ་བལྟོས་ནས་རབ ་ཏུ་བརྟགས་པའི་བདག་ཉིད་དུ་གནས་པའི་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་འབད་མི་དགོས་པར་གྲུབ་པ་ཉིད་དོ་ཞེས་བསྟན་པའི་ཕྱིར། རྡུལ་ཕྲན་རང་བཞིན་མེད་གྲུབ་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ། ་འདིར་འཐད་པ་དེ་ཡི་རང་བཞིན་དེས་བརྩམས་དང་ཞེས་བྱ་བ་ལ་སྩོགས་པ་སྨོས་ཏེ། དེ་ལ་རེ་ཞིག་རང་གི་སྡེ་པ་རྣམས་ནི་གཟུགས་ཅན་གྱི་ཁམས་རྣམས་སུ་རྣམ་པར་བཞག་པ་གང་དག་ཡིན་པ་དེ་དག་ནི་རྡུལ་ཕྲ་རབ ་ཀྱི་རང་བཞིན་ཁོ་ན་ཡིན་པར་འདོད་དོ།། ཁམས་གཞན་གང་དག་ཡིན་པ་དེ་དག་ཀྱང་དངོས་སུ་འམ་བརྒྱུད་པས་རྡུལ་རབ་ལ་བརྟེན་པའི་ཕྱིར་རྡུལ་ཕྲ་རབ་ཀྱིས་བརྩམས་པ་ཡིན་པ་ཁོ་ནར་བརྗོད་དོ།། བྱེ་བྲག་ལ་སོགས་པ ་ནི་རྡུལ་ཕྲ་མོ་གཉིས་པོ་ལ་སོགས་པའི་བར་འབྲས་བུའི་རྫས་ནི་རྡུལ་ཕྲ་རབ་རྣམས་ཀྱིས་དངོས་དང་རྒྱུད་དེ་བརྩམས་པ་ཁོ་ནར་འདོད་དོ།། གྲངས་ལ་སོགས་པ་ཡོན་ཏན་རྣམས་ཀྱང་ཕལ་ཆེར་དངོས་སུ་འམ་བརྒྱུད ་བས་རྫས་རྣམས་ཁོ་ན་ཡིན་པར་ཁས་ལེན་ཏེ། དེའི་ཕྱིར་དེ་དག་གི་ཡོན་ཏན་ཡིན་པས་དེའི་ཡོན་ཏན་ཞེས་བྱའོ།། འདེགས་པ་ལ་སོགས་པ་ལས་ཀྱི་བྱེ་བྲག་རྣམས་ཀྱང་ཕལ་ཆེར་དངོས་སུ་འམ་བརྒྱུད་པས་དེའི ་