| Wylie | e-texts produced with BDRC’s OCR application |
རྒྱུ་གར་སྐད་དུ། བོ་དྷི་སཏྭ་ཙརྱཱ་བ་ཏཱ་ར་ཥཱནྡྷཾ་ཤདྡྷིཎཱནྡ། བོད་སྐད་དུ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དོན་སུམ་ཅུ་རྩ་དྲུག་བསྡུས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག ་འཚལ་ལྷོ།། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ།། སྐྱེས་བུའི་དོན་གྲུ་བ་ཐོབ་པར་གྱུར་པ་ལ།། གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན།། ཕྱིས་འདི་ཡང་དག་འ་བྱོར་པར་ག་ལ་འགྱུར།། ཇི་ལྟར་མཚན་མོ་མུན་ནཱག་སྤྲིན་རུ་མ་ནཽ།། གློག ་འགྱུ་སྐ་ད་ཅིག་རབ་སྣང་སྟོན་པ་ལྟར།། དེ་བཞིན་སངས་རྒྱས་མཐུ་ཡི་བརྒྱ་ལམ་ན།། འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འ་བྱུང་།། དེ་ལྟར་དགེ་བ་ཉམ་ཆུང་ཉིད་ལ་བརྟག། སྡིག་པ་སྟོབས་ཆེན་ཤིནྡ་ཏུ་མི་བཟོད་པ།། དེ་ནི་རྫོགས ་པའི་བྱང་ཆུབ་སེམས་མིན་པ།། དགེ་གཞན་གང་གིས་ཟིལ་གྱིས་ནོན་པར་འགྱུར།། བསྐལ་པ་དུ་མར་རབ་དགོངས་མཛད་པ་ཡི།། ཐུབ་དབང་རྣམས་ཀྱིས་འདི་ཉིད་ཕན་པར་གཟིགས།། འདིས་ནི་ཚད་མེད་སྐྱེ་བའི་ཚོགས་རྣམས་ཀྱིས།། ་བདེ་མཆོག་བདེ་བླག་ཉིད་དུ་ཐོབ་པར་བྱེད།། འཇིགས་དང་སྡུག་བསྔལྔ་བརྒྱ་ཕྲག་གཞོམ་འདོད་ཅིང་།། སེམས་ཅན་མི་བདེ་གསལ་བར་འདོད་པ་དང་།། བདེ་མང་བརྒྱ་ཕྲག་སྤྱོད་པར་འདོད་པས་ཀྱང་།། བྱ་ང་ཆུབ་སེམས་ཉིད་རྟག་ཏུ་གཏབ ་མི་བྱ།། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གི། འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས།། བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞི་ང་།། འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར།། ། ་གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུར།། མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ།། རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན།། བྱང་ཆུབ་སེམས་ཞེས་བྱ་བར་རབ་བརྟན་བཟུང་།། བྱང་ཆུབ་སེམས་དེ ་མདོར་བསྡུ་ན།། རྣམ་པ་གཉིས་སུ་ཤེས་བྱ་སྟེ། བྱང་ཆུབ་སྨོན་པའི་སེམས་དང་ནི།། བྱང་ཆུབ་མཇུག་པ་ཉིད་ཡིན་ནོ།། འགྲོ་བར་འདོད་དང་འགྲོ་བ་ཡི།། བྱེ་བྲག་ཇི་ལྟར་ཤེས་པ་ལྟར།། དེ་བཞིན་མཁས་པས་འདི་གཉིས་ཀྱི།། བྱེ་བྲག ་རིམ་བཞི་ན་ཤེས་པར་བྱ།། བྱང་ཆུབ་སྨོན་པའི་སེམས་ལས་ནི།། འཁོར་ཚེ་འབྲས་བུ་ཆེ་འབྱུང་ཡང་།། ཇི་ལྟར་འཇུག་པའི་སེམས་བཞིན་དུ།། བསོད་ནམས་རྒྱུན་ཆགས་འབྱུང་བ་མིན།། གང་ནས་བཟུང་སྟེ་སེམས་ཅན་ཁམས།། མཐའ ་ཡས་རབ་ཏུ་བསྒྲལ་བའི་ཕྱིར།། མི་ལྡོག་པ་ཡི་སེམས་ཀྱིས་སུ།། སེམས་དེ་ཡོང་དག་བླངས་གྱུར་པ།། དེ་ནས་བཟུང་སྟེ་གཉིད་ལོག་གམ།། བག་མེད་གྱུར་ཀྱང་བསོད་ནམས་ཤུགས།། རྒྱུན་མི་འཆད་པར་དུ་མ་ཞིག། ནམ་མཁའ་མཉམ ་པར་རབ་ཏུ་འ་བྱུང་།། ཕོན་པར་བསམས་པ་ཙམ་གྱིས་ཀྱང་།། སངས་རྒྱས་མཆོད་པ་ཁྱད་འཕགས་ན།། སེམས་ཅན་མ་ལུས་ཐམས་ཅད་ཀྱི།། བདེ་དོན་བརྩོན་པ་སྨོས་ཅི་དགོས།། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་།། སྡུག ་བསྔལ་ཉིད་ལ་མངོན་པར་བརྒྱུག། བདེ་བ་འདོད་ཀྱང་གཏི་མུག་པས།། རང་གི་བདེ་བ་དག་ལྟར་འཇོམས།། གང་ཞིག་བདེ་བས་ཕོངས་པ་དང་།། སྡུག་བསྔལ་མང་ལྡན་དེ་དག་ལ།། བདེ་བ་ཀུན་གྱི་ཚིམ་པ་དང་།། སྡུག་བསྔལ་ཐ་མས ་ཅད་གཅོད་བྱེད་ཅིང་།། གཏི་མུག་ཀྱང་ནི་སེལ་བྱེད་པ།། དེ་དང་དགེ་མཚུངས་ག་ལ་ཡོད།། དེ་འདྲའི་སེམས་ཀྱང་ག་ལ་ཡོད།། བསོད་ནམས་དེ་འདྲའིང་ག་ལ་ཡོད།། གང་ཞིག་དེ་འདྲའི་རྒྱལ་སྲས་སྦྱིན་བདག་ལ།། གལ་ཏེ་ངན་སེམས་བསྐྱེད་པར ་བྱེད་པ་དེ།། ངན་སེམས་བསྐྱེད་པའི་གྲངས་བཞིན་བསྐལ་པར་ནི།། དམྱལ་བར་གནས་པར་འགྱུར་ཞེས་ཐུབ་པས་གསུངས།། འོན་ཏེ་གང་ཞིག་ཡིད་རབ་དང་བྱེད་པ།། དེ་ཡི་འབྲས་བུ་དེ་བས་ལྷག་པར་འཕེལ།། རྒྱལ་སྲས་རྣམས་ལ ་ད་གལ་ཆེན་པོས་ཀྱང་།། སྡིག་པ་མ་འབྱུང་དགེ་བ་དང་གིས་འཕེལ།། རིན་ཆེན་སེམས་དེ་གཟུང་བར་བྱ་བའི་ཕྱིར།། དེ་བཞིན་གཤེགས་པ་རྣམས་དང་དམ་པའི་ཆོས།། དཀོན་མཆོག་དྲི་མ་མིང་དང་སངས་རྒྱས་སྐྱེསོ།། ཡོན་ཏན་རྒྱ ་མཚོ་རྣམས་ལ་ལེགས་པར་མཆོད།། ཡོན་ཏན་རྒྱ་མཚོ་ཅན་དག་ལ།། ཞིང་རྡུལ་ཀུན་གྱི་གྲངས་རྙེད་ཀྱི།། ཕྱག་འཚལ་དབྱངས་ཀྱི་ཡན་ལག་ནི།། ཕྱག་འཚལ་དབྱངས་ཀྱི་བསྟོད་པས་བསྟོད།། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར།། ་སངས་རྒྱས་རྣམས་ལ་སྐྱབས་སུ་མཆི།། ཆོས་དང་བྱང་ཆུབ་སེམས་དཔའ་ཡི།། ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི།། ཕྱོགས་རྣམས་ཀུན་ན་བཞུགས་པ་ཡི།། རྫོགས་སངས་རྒྱས་དང་བྱང་ཆུབ་སྙོམས།། ཐུགས་རྗེ་ཆེན་པོ་མངའ ་རྣམས་ལ།། ཐལ་མོ་སྦྱར་ཏེ་གསོལ་བ་ནི།། ཐོག་མ་མེང་ལྡན་འཁོར་བ་ནས།། ཚེ་རབས་འདི་འམ་གཞན་དག་ལ།། བདག་གིས་མ་འཚལ་སྡིག་བགྱིས་པ་འམ།། བགྱིང་དུ་རྩལ་པོ་ཉིད་དང་ནི།། གཏི་མུག་འཁྲུལ་པས་བདག ་ནོན་ཏེ།། རྗེས་སུ་སི་རང་གང་བགྱིས་པ།། ནོངས་པ་དེ་ནི་མཐོང་བགྱིས་ནས།། བསྣམ་པ་ཟག་བྱས་མགོན་ལྔ་བཤགས།། སེམས་ཅན་ཀུན་གྱི་ངན་སོང་གི། སྡུག་བསྔལ་པལ་སོའི་དགེ་བ་དང་།། སྡུག་བསྔལ་ཅན་པ། ་བདེར་གནས་ལ།། དགའ་བས་རྗེས་སུ་ཡི་རང་ངོ་།། ཕྱོགས་རྣམས་ཀུན་གྱི་སངས་རྒྱས་ལྔ།། ཐལ་མོ་སྦྱར་ཏེ་གསོལ་བ་ནི།། སེམས་ཅན་སྡུག་བསྔལ་མུན་ཐོམས་ལ།། ཆོས་ཀྱི་སྒྲོན་མ་སྦར་དུ་གསོལ།། རྒྱལ་བ་མྱ་ངན་འདས་བཞེད་ལ།། ་ཐལ་མོ་སྦྱར་ཏེ་གསོལ་བ་ནི།། འགྲོ་འདི་ལྡོངས་པར་མི་དགོས་ཅིང་།། བསྐལ་པ་གྲངས་མེང་བཞུགས་པར་གསོལ།། དེ་ལྟར་འདི་དག་ཀུན་བྱས་ཏེ།། དགེ་བ་བདག་གིས་བསགས་པ་གང་།། དེས་ནི་སེམས་ཅན་ཐམས་ཅད་ཀྱི།། སྡུག་བསྔ ་ཐམས་ཅད་བསལ་བར་ཤོག། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས།། བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་།། བྱང་ཆུབ་སེམས་དཔའི་བསླབ་པ་ལ།། དེ་དག་རིམ་བཞིན་གནས་པ་ལྟར།། དེ་བཞིན་འགྲོ་ལ་ཕན་དོན་དུ།། བྱང་ཆུབ་སེམས་ནི ་བསྐྱེད་བགྱི་ཞིང་།། དེ་བཞིན་དུ་ནི་བསླབ་པ་ལའང་།། རིམ་པ་བཞིན་དུ་བསླབ་པར་བགྱི།། ད་ལྟར་བློ་དང་ལྡན་པ་ཡི།། རབ་དང་བྱང་ཆུབ་སེམས་བཟུང་ནས།། མཇུག་ཀྱང་རྒྱས་པར་བྱ་བའི་ཕྱིར།། སེམས་ནི་འདི་ལྟར་གཟེངས་བསྟོད་དོ།། ་དེ་ཚེ་བདག་ཚེ་འབྲས་བུ་ཡོད།། མི་ཡི་སྲིད་པ་ལེགས་པར་ཐོབ།། དེ་རེང་སངས་རྒྱས་རིགས་སུ་སྐྱེས།། སངས་རྒྱས་སྲས་སུ་ང་གྱུར་ཏོ།། བྱང་ཆུབ་སེམས་རབ་བརྟན་བཟུང་ནས།། གཡེལ་བ་མེད་པར་རྟག་ཏུ་སྤངས།། བསླབ་ལས ་མི་འདའ་འབད་པར་བྱ།། བབ་ཅོལ་བརྩམས་པ་གང་ཡིན་པ་འམ།། གང་ཞིག་ལེགས་པར་མ་བརྟགས་པ།། དེ་ནི་དམ་བཅས་བྱས་གྱུར་ཀྱང་།། བྱ་བ་འམ་གཏང་ཞེས་བརྟག་པར་རིགས།། སངས་རྒྱས་རྣམས་དང་དེ་ཡི་སྲས།། ཤེས་རབ་ཆེན ་བོས་གང་བརྟགས་ཤིང་།། བདག་ཉིད་ཀྱིས་ཀྱང་བརྟག་བརྟགས་པ།། དེ་ལ་གཤོལ་དུ་ཅི་ཞིག་ཡོད།། གལ་ཏེ་དེ་ལྟར་དམ་བཅས་ནས།། ལས་ཀྱིས་བསྒྲུབ་པར་མ་བྱས་ན།། སེམས་ཅན་དེ་དག་ཀུན་བསླུས་ན།། བདག་གི་འགྲོ་བ་ཅི ་འདྲར་འགྱུར།། ཅི་རྨོངས་དག་ཀྱང་མ་ཤེས་ན།། བདག་གི་ཁོང་ན་ཅི་ཞིག་ཡོང་།། ཞེ་སྡང་སྲེད་སྲོགས་ངག་རྣམས་ནི།། རྐང་ལག་ལ་སོགས་ཡོང་མིན་ཡང་།། ད་པར་འཛངས་མིན་ཡང་ཅི་ཞིག་ལྟར།། དེ་དག་གིས་བདག་བྲན་བཞིན་བྱས།། བསླབ ་པ་བསྲུང་བར་འདོད་པ་ཡིས།། རབ་ཏུ་བསྒྲིམས་ནས་སེམས་བསྲུང་སྟེ།། སེམས་ནི་བསྲུང་བར་མ་བྱས་ན།། བསླབ་པ་བསྲུང་བར་ཡོང་མི་ནུས།། སེམས་བསྲུང་འདོད་པ་རྣམས་ལ་ནི།། དྲན་པ་དང་ནི་ཤེས་བཞིན་དྲག། སྲོག་ལ་བབ་ཀྱང་སྲུངས ་ཤིག་ཅེས།། བདག་ནི་དེ་སྐད་འདོམས་པར་བྱེད།། བླ་མ་དང་ནི་འགྲོགས་པ་དང་།། མཁན་པོས་རྗེས་སུ་བསྟན་པ་ལས།། འཇིགས་པས་སྐལ་ལྡན་གུས་བྱེད་ལ།། དྲན་པ་ཤིན་ཏུ་སྐྱེ་བར་འགྱུར།། རྟག་པར་དགེ་བའི་བ་ཤེས་གཉེན་ནི།། ་ཐེག་ཆེན་དོན་ལ་མཁས་པ་དང་།། བྱང་ཆུབ་སེམས་དཔའི་རྟུལ་ཞུགས་མཆོག། སྲོག་གི་ཕྱིར་ཡང་མི་གཏོང་བའོ།། འདི་དང་སངས་རྒྱས་བཀའ་སྩལ་གཞན།། མདོ་སྡེ་བཀླག་ནས་ཤེས་པར་བྱ།། མདོ་སྡེ་རྣམས་ལས་བསླབ་པ ་སྣང་།། དེ་བས་མདོ་སྡེ་བཀླག་པར་བྱ།། བསྐལ་པ་སྟོང་དུ་བསགས་པ་ཡི།། སྦྱིན་དང་བདེ་གཤེགས་མཆོད་ལ་སོགས།། ལེགས་སྦྱང་གང་ཡིན་དེ་ཀུན་ཡང་།། ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད།། ཞེ་སྡང་ལྟ་བུའི་སྡིག་པ ་མེད།། བཟོད་པ་ལྟ་བུའི་དཀའ་ཐུབ་མེད།། དེ་བས་བཟོད་ལ་ནན་ཏན་དུ།། སྣ་ཚོགས་ཚུལ་གྱིས་བསྒོམ་པར་བྱ།། བདག་གམ་བདག་གི་བ་ཤེས་རྣམས་ལ།། སྡུག་བསྔལ་བརྙས་དང་ཚིག་རྩུབ་དང་།། མི་སྙན་པོ་ཡི་མི་འདིད་འབྱུང་།། དགྲ ་ལ་དེ་ལས་བཟློག་པར་འབྱུང་།། བདེ་བའི་རྒྱུ་ནི་རེ་འགའ་འབྱུང་།། སྡུག་བསྔལ་རྒྱུ་ནི་ཤིན་ཏུ་མང་།། སྡུག་བསྔལ་མེད་པར་ངེས་འབྱུང་མེད།། དེ་བས་སེམས་ཁྱེད་བརྟེན་པར་མནོས།། མཁྲིས་པ་ལ་སོགས་སྡུག་བསྔལ་གྱི།། འབྱུང་གནས ་ཚེ་ལ་མི་ཁྲོ་ན།། སེམས་ཡོད་རྣམས་ལ་ཅི་སྟེ་ཁྲོ།། དེ་དག་ཀུན་ཀྱང་རྐྱེན་གྱི་ས་བསྐུལ།། ཉེས་པ་ཇི་སྙེད་ཐམས་ཅད་དང་།། སྡིག་པ་རྣམ་པ་སྣ་ཚོགས་པ།། དེ་ཀུན་རྐྱེན་གྱི་སྟོབས་ལས་འབྱུང་།། རང་དབང་ཡོད་པ་མ་ཡིན་ནོ།། ་ལྟར་ཐམས་ཅད་གཞན་གྱི་དབང་།། དེ་ཡི་དབང་གིས་དེ་དབང་མེད།། དེ་ལྟར་ཤེས་ན་སྦྲུལ་ལྟ་བུའི།། དངོས་པོ་ཀུན་ལ་ཁྲོ་མི་བྱ།། བག་མེད་པས་ན་བདག་ལའང་བདག། ཚོ་རཱ་མ་ལ་སོགས་གནོད་པར་བྱེད།། བུད་མེད་ལ་སོགས་ཐོབ་བྱ ་ཕྱིར།། རྔམ་ཞིང་ཟས་གཅོད་ལ་སོགས་བྱེད།། གང་ཚེ་ཉོན་མོངས་དབང་གྱུར་པས།། བདག་ཉིད་ཀྱང་ནི་གསོང་བྱེད་པོ།། དེ་ཚོང་ངག་གཞན་ལུས་ལ།། གནོད་མི་བྱེད་པར་ཇི་ལྟ་བུར།། ཉོན་མོངས་སྐྱེས་པས་དེ་ལྟ་བུར།། བདག་གསོང ་ལྔལ་སོགས་ཞུགས་པ་ལ།། སྙིང་རྗེ་བརྒྱ་ལ་མ་སྐྱེས་ནའང་།། ཁྲོ་བར་འགྱུར་པ་ཅི་ཐ་ཚིག། ད་ལྟར་བཟོད་པས་བརྩོན་འགྲུས་བརྩམས།། འདི་ལྟར་བརྩོན་ལ་བྱང་ཆུབ་གནས།། རླུང་མེད་གཡོ་བ་མེད་པ་བཞིན།། བསོད་ནམས་བརྩོན་འགྲུས ་མེད་མི་འབྱུར་།། བརྩོན་གང་དག་ལྀ་སྤྲོ་བ་སྟེ།། དེ་ཡི་མི་མཐུན་ཕྱོགས་བཤད་བྱ།། ལྡེ་ལོ་ངན་ལ་ཞེན་པ་དང་།། སྤྱད་ལུག་བདག་ཉིད་བརྙེས་པའོ།། སྙོམ་ལས་བདེ་བའི་རོ་མྱོང་ནས།། གཉིད་ལ་བརྟེན་པའི་སྣང་བ་དང་།། འཁོར་བའི ་སྡུག་བསྔལ་མི་སྐྱོ་ལས།། ལེ་ལོ་ཉེ་བར་སྐྱེ་བར་འགྱུར།། དེ་ལྟར་མོ་མཐུན་ཕྱོགས་སྤངས་ཏེ།། སེམས་ཅན་དོན་བསྒྲུབ་བྱ་ཕྱིར་དུ།། མོས་བརྟན་དགའ་དང་དོར་བ་དང་།། ལྷུར་ལེན་དབང་བསྒྱུར་སྟོབས་ཀྱིས་ནི།། བརྩོན་འགྲུས་སྤེལ་ཕྱིར ་འབད་པར་བྱ།། བདག་དག་གཞན་གྱི་ཉེས་པ་ནི།། དཔག་མེད་བདག་གིས་གཞོམ་བྱ་སྟེ།། ཉེས་པ་རེ་རེ་ཙམྱ་ལ་ཡཽ་ངོ་།། གང་དུ་བསྐལ་པ་རྒྱ་མཚོར་ཟང་།། ཉེས་ཟད་རྩོམ་པ་དེ་ལ་ནི།། བདག་གི་ཅུང་ཟད་ཙམ་མྱི་བལྟ།། བདག་དང ་གཞན་གྱི་ཡོན་ཏན་ནི།། མང་པོ་བདག་གི་བསྒྲུབ་བྱ་སྟེ།། གང་དུའང་ཡོན་ཏན་རེ་རཽ་ཞིག། བསྐལ་པ་རྒྱ་མཚོས་ལྡོ་བས་ནའང་རུང་།། རྡོ་རྗེ་རྒྱལ་མཚན་ཆོ་ག་ཡིས།། བརྟན་པར་བཱརྩམ་ཞིང་བསྒོམ་པ་ར་བྱ།། དང་པོར་འབྱོར་པ་བརྟགས ་ནས་ནི།། བརྩམ་མམ་ཡང་ན་མི་བརྩམ་བྱ།། མི་བརྩམས་པ་ནི་མཆོག་ཡིན་ཏེ།། བརྩམས་ནས་བཟློག་པར་མི་བྱའོ།། རྩེད་མོའི་བདེ་འབྲས་འདོད་པ་ལྟར།། འདི་ཡིས་བྱ་བའི་ལས་གང་ཡིན།། ལས་དེ་ལ་ནི་ཞེན་བྱ་སྟེ།། ལས ་དེས་མི་ངོམས་དགའ་བར་བྱ།། རྗེ་སུ་མི་བདེར་འགྱུར་བའི་ལས།། རིགས་འགྱུར་དེ་མ་ཐག་ཏུ་གཏང་།། དེ་ནི་ཤིན་ཏུ་རྫོགས་ནས་ཡང་།། ཕྱི་ཕྱིར་བྱེད་འདོད་སྤང་བར་བྱ།། འཐབ་སྙིང་དགྲ་དང་ལྷན་ཅིག་ཏུ།། གྲཝཡུལ་ངོར་རལ་ཁ་ལྷག ་བ་བཞིན།། ཉོན་མོངས་མཚོན་ལས་བཟུར་བྱ་ཞིང་།། ཉོན་མོངས་དག་རྣམས་འཇོམས་པར་བརྟག། གཡུལ་དུ་རལ་གྲི་ལྷུང་གྱུར་ན།། འཇིགས་པས་མྱུར་དུ་ལོན་པཾ་ལྟར།། དྲི་བཞིན་དྲན་པའི་མཚན་ཤོར་ན།། དམྱལ་བའི་འཇིགས་དྲནྡ་མྱུར་དུ ་བླང་།། ཇི་ལྟར་ཤིང་བལ་འགྲོ་བ་དང་།། འོ་བ་རླུང་གི་དབང་གྱུར་པ།། དེ་བཞིན་འབྱོར་པ་མོས་པ་ཡི།། དབང་དུ་གྱུར་པས་མྱུར་དུ་འགྲུབ།། དེ་ལྟར་བརྩོན་འགྲུས་བསྐྱེད་ནས་ནི།། ཡིད་ནོ་ཏིང་ངེ་འཛིན་ལ་བཞག། སེམས་ནི་རྣམ་པར་གཡེང་བའི་མི།། ་ཉིན་མོངས་ཆེ་བའི་ཕྲག་ན་གནས།། ལུས་དང་སེམས་ནི་དབེན་པ་ཡིས།། རྣམ་པར་གཡང་བ་མི་འབྱུང་།། དེ་བས་འཇིག་རྟེན་སྦྱང་བྱ་ཞིང་།། རྣམ་པར་རྟོག་པའང་ཡོངསུ་དོར།། ཆགས་པའི་ཕྱིར་དང་རྙེད་སོགས་ལ།། སྲེད་པས་འཛིན་ཏེ་མི་སྤོངས་ཏེ།། ། ་དེ་བས་འདི་དག་ཡོངས་སྤོངས་ལ།། མཁས་པས་འདི་དག་སྤྱད་པར་བྱ།། བདག་དང་གཞན་དུ་མཉམ་པ་ནི།། དང་པོ་ཉིད་དུ་འབྲད་དེ་བསྒོམ།། བདེ་དང་སྡུག་བསྔལ་མཉམ་པས་ནི།། ཐམས་ཅད་བདག་བཞིན་བསྲུང་བར་བྱ། བདག་ཉིད་སྐྱོན་བཅས་གཞན། ་ལ་ཡང་།། ཡོན་ཏན་རྒྱ་མཚོར་ཤེས་བྱས་ནས།། བདག་འཛིན་ཡོངསུ་དོར་བ་དང་།། གཞན་བླང་བར་ནི་བསྒོམ་པར་བྱ།། གང་ཞིག་བདག་དང་གཞན་རྣམས་ནི།། མྱུར་དུ་བསྐྱབ་པར་འདོད་པ་དེས།། བདག་དང་གཞན་དུ་བརྗེ་པ་བྱ།། གསང་བའི་དམ ་བ་དབྱུང་བར་བྱ།། དེ་བས་སྒྲིབ་པ་གསལ་བའི་ཕྱིར།། ལོག་པའི་ལམ་ལས་སེམས་བསྐྲུན་ཞིང་།། ཡང་དག་དམིགས་ལ་རྟག་ཏུ་ཡང་།། ཡིད་ནི་བརྟན་པོར་གཟུང་བར་བྱ།། དེ་ལྟར་དེ་དག་ཐམས་ཅད་ཀྱང་།། ཤེས་རབ་དོན་དུ་\ུ0f7f ་པས་གསུངས།། དེ་བས་མྱ་ངན་འདས་པ་དང་།། བདེ་བ་འདོད་པས་ཤེས་རབ་བསྐྱང་།། དོན་དམ་དང་ནི་ཀུན་རྫོབ་སྟེ།། འདི་ནི་བདེན་པ་གཉིས་སུ་གནས།། དོན་དམ་བྲྀ་ཡི་སྤྱོད་ཡུལཱ་མ་ནི།། བློ་དང་སྒྲ་ནི་ཀུན་རྫོབ་ཡིན།། དེ་ལ ་འཇིག་རྟེན་རྣམ་གཉིས་མཐོང་།། རྣལ་འབྱོར་པ་དང་དེ་བཞིན་ཕྲལ།། དེ་ལ་རྣལ་འབྱོར་འཇིག་རྟེན་གྱིས།། འཇིག་རྟེན་ཕལ་པ་སུན་ཡང་འབྱིན།། གོང་མ་གོང་མའི་ཁྱད་པར་གྱིས།། རྣལ་འབྱོར་པ་ཡང་སུན་འབྱིན་ཏོ།། བདག ་གྲིས་བྱང་ཆུབ་སྤྱོད་པ་ལ།། འཇུག་པ་རྣམ་པར་བསམས་པ་ཡིས།། དགེ་བ་གང་དེས་འགྲོ་བ་ཀུན།། བྱང་ཆུབ་སྤྱོད་ལ་འཇུག་པར་ཤོག། ཕྱོགས་རྣམས་ཀུན་ན་ལུས་དང་སེམས།། སྡུག་བསྔལ་ནད་པ་ཇི་སྙེད་པ།། དེ་དག་བདག ་གིས་བསོད་ནམོས་ཀྱིས།། བདེ་དགའ་རྒྱ་མཚོ་ཐོབ་པར་ཤོག། དེ་དག་སངས་རྒྱས་བདེ་ཐོབ་ཀྱིས།། བར་དུ་བོང་བ་ཉམས་མ་གྱུར།། འགྲོ་བས་བླ་ན་མེད་པ་ཡིས།། བདེ་བ་རྒྱུན་མི་འཆད་ཐོབ་ཤོག།། འཇིག་རྟེན་ཁམས ་ན་དམྱལ་བ་དག། གང་དག་ཇི་སྙེད་ཡོད་པ་རྣམས།། དེ་དག་ཏུ་ནི་ལུས་ཅན་རྣམས།། བདེ་ཅན་བདེ་བས་དགའ་བར་ཤོག། གསེར་གླིང་གི་བླ་མ་ཆོས་སྐྱོང་ལ།། གུས་པ་དང་ལྡན ་པའི་སློབ་མ་ཀ་མ་ཝཱ་རཱཀྵི་ཏཱ་དང་། དཱི་པཾ་ཀ་རཱས་གསོལ་བ་བཏབ་ནས། སྤྱོད་པ་ལ་འཇུག་པའི་གཙོ་བོའི་དོན་བཅུ་གཅིག་པ་ལས་ཕྱེ་བ་སུམ་ཅུ་རྩ་དྲུག་གི་དོན་བསྡུས་པ་ལོགས་སུ་བཀོད ་བ་རྫོགས་སོ།། ། པཎྜི་ཏི་དཱི་པིཾ་ཀ་ར་དང་། ལོ་ཙྪབ་ཚུལ་ཁྲིམས་རྒྱལ་བ་ས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ་