CLOSE WINDOW

GT3282: spyod 'jug shes rab le'u'i sngo ba'i dka' 'grel
Wyliee-texts produced with BDRC’s OCR application

ད་ནི་སེམས་མཉམ་པར་བཞག་པའི་གང་ཟག་དེས་གོ་འཕང་ཁྱད་པར་ཅན་ཐོབ་པར་བྱ་བའི་དོན་དུ་ཤེས་རབ་བསྐྱེད་པར་བྱ་བའི་ཕྱིར་ལེའུ་བརྒྱ་པ་གསུངས་ཏེ། དེ་ལ་གང་ལ་བརྟེན་ཏེ་བསྐྱེད་པར་བྱ་ཞེ་ན། བསམ་གཏན་གྱི་ལེའུར ་ཞི་གནས་ཀྱི་ཚོགས་ལ་གནས་ཏེ། ཞི་གནས་བསྒོམ་པར་བྱ་བ་ཉིད་དུ་སྔོགས་པ་འདི་དག་ཐམས་ཅད་ཀྱང་གང་གི་དོན་དུ་བསྡོགས་ཤེ་ན། བདག་དང་གཞན་གྱི་རྒྱུད་ལ་བསྐྱེད་པའི་དོན་དུ་བསྡོགས་ཏེ། གོང་དུ་བསམ་གཏན་བསྟན་པའི་ལེའུར་ཞིག་ནས ་རབ་ཏུ་ལྡན་པའི་ལྷག་མཐོང་གིས།། ཉན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས་ཐོག་མ་ཞི་གནས་བཙལ་བྱ་ཞེས་དེ་སྐད་དུ་བསྡོགས་པ་དེ་བས་ན་བད་ག་དང་གཞན་གྱི་རྒྱུད་ལ་མྱ་ངན་ལས་འདས་པ་དང་། བདེ་བ་འདོད་པས་དེ་ཐོབ་པར་བྱ ་བའི་དོན་དུ་ཤེས་རབ་བསྐྱེད་པར་བྱའོ་ཞེས་བྱ་བའི་དོན་ཏོ།། དེ་ལ་མྱ་ངན་ལས་འོངས་པ་ཞེས་བྱ་བ་ནི་བདག་གི་དོན་ཏོ།། བདེ་བ་ནི་གཞན་གྱི་དོན་ནོ།། ཡང་མྱ་ངན་ལྔས་འདས་པ་ནི་སྒྲ་ངས་པའོ།། བདེ་བ་ནི་ཡེ་ཤེས་སོ།། ཡང་མྱ་ངན་ལས་འདས་པ་ནི ་ངེས་པར་ལེགས་པའོ།། བདེ་བ་ནི་མངོན་པར་མཐོ་བའོ།། དེ་ལྟར་བསམ་གཏན་དང་ལྡན་པ་དེས་མྱ་ངན་ལས་འདས་པ་དང་བདེ་བ་ཐོབ་པར་བྱ་བའི་དོན་དུ་ཤེས་རབ་གང་བསྐྱེད་པར་བྱ་སྙམ་པ་ལ། དོན་དམ་དང་ནི་ཞེས་བྱ་བ་ལ་སོགས་པ་སྨོས ་ཏེ། འདིས་ནི་ཡུལ་བདེན་པ་གཉིས་ལ་དམིགས་པའི་ཤེས་རབ་དེ་བསྐྱེད་པར་བྱའོ།། ཞེས་བསྟན་ཏེ། བཤད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པས་སོ།། ཞེས་བྱ་བ་ནི་ཚིག་གི་ལྷག་མའོ།། དེ་དག་གི་སོ་སོའི་མཚན་ཉིད་ཇི་ལྟ་བུ་ཡིན་སྙམ་པ ་ལ། དོན་དམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་དམ་བློ་ཡི་སྤྱོད་ཡུལ་མིན་ཞེས་བྱ་བ་ལ། བློ་ཞེས་བྱ་བ་ནི་མཚོན་པ་ཙམ་དུ་ཟད་ཀྱི་སྒྲའི་ཡུལ་མ་ཡིན་པར་ཡང་ཤེས་པར་བྱ་སྟེ། ཇི་སྐད་དུ་མདོ་ལས་དོན་དམ་པའི་བདེན་པ ་གང་ལས་སེམས་རྒྱུ་བ་ཡང་མེད་ན་ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཤེས་འབྱུང་བ་དང་། ཡང་ལྷའི་དོན་དམ་པའི་བདེན་པ་ནི་ཐ་སྙད་ཐམས་ཅད་ལས་ཡང་དག་པར་འདས་ཏེ། མ་སྐྱེས་པ་མི་འགགས་པ་བརྗོད་པ་དང་། བརྗོད་པར་བྱ་བ་དང ་བྲལ་བ་ཤེས་པ་ད་པ་ཤེས་པར་བྱ་བ་དང་བྲལ་བ་འོ་ཞེས་གསུངས་པའི་ཕྱིར་རོ།། འོན་ཏེ་དེ་དོན་དམ་པ་ཇི་ལྟར་བློའི་སྤྱོད་ཡུལ་མ་ཡིན་སྙམ་པ་ལ། དོན་དམ་པ་ནི་རིགས་པ་ཇི་ལྟ་བ་བཞིན་དུ་ཡིན་ལ། རིག་པས་སྤྱད་ན་དངོས་པོ་གང་ཡང་མ ་གྲུབ་སྟེ། ཇི་སྐད་དུ་མདོ་ལས་བློའི་རྣམ་པར་བཞིགས་ན་ནི། གཞན་དབང་མེད་ཅིང་རྟགས་པའང་མེད།། ཅེས་བྱ་བ་ལ་སྲོགས་པ་གསུངས་པ་དང་། འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་། གང་ཅི་བརྗོད་པ་ཐམས་ཅད་ནི།། ངོ་བོ་ཉིད་ཀྱི་སྟོང་རིག་བྱ།། སྟོང ་ཞེས་བྱ་བ་དེ་ཡང་སྟོང་།། འདི་ལྟར་མི་སྟོང་ཡོད་མ་ཡིན་ཞེས་གསུངས་པ་དང་། བདེན་པ་གཉིས་ལས་ཀྱང་། དེ་ཉིད་ཕྱིར་ན་དེ་སྟོང་མིན་ཞེས་བྱ་བ་ལ་སོགས་པ་གསུངས་པས་གང་ལྟར་ཡང་མ་གྲུབ་པའི་ཕྱིར་རིག་པས་དཔྱད་ན་བློ་དང་སྒྲས་ཇི ་ལྟར་ཡོད་ཡུལ་དུ་བྱར་མེད་དོ།། ཡང་ནི་དོན་དམ་པ་ཞེས་བྱ་བ་ནི་གཞན་གྱི་དབང་གིས་མཚན་ཉིད་ལ་སྒྲོ་བཏགས་པའི་སྤྲོས་པ་རྣམ་པར་ཆད་པ་ཙམ་དུ་ཟད་པས། དེ་ལ་ནི་བློ་དང་སྒྲས་ཇི་ལྟར་ཡང་ཡུལ་དུ་བྱུར་མེད་དེ། དགག་པ་ཙམ་ནི ་ཡང་མ་ཡིན་པའི་ཕྱིར་རོ།། དེ་ལས་བཟློག་པ་བློ་དང་སྒྲ་ནི་ཀུན་རྫོབ་ཡིན་ཞེས་བྱ་བ་ནི་འཕགས་པ་བདེན་པ་གཉིས་བསྟན་པ་ལས། ཇི་སྐད་དུ་ལྷའི་བུ་གལ་ཏེ་དོན་དམ་པར་ནི་དོན་དམ་པའི་བདེན་པ་ལུས་དང་ངག་དང་ཡིད་ཀྱི་ཡུལ་གྱི་ངོ་བོར་གྱུར་ན་ནི ་དོན་དམ་པའི་བདེན་པ་ཞེས་བྱ་བའི་གྲངས་སུ་མི་འགྲོའོ།། དེ་ཀུན་རྫོབ་ཀྱི་བདེན་པ་ཉིད་ཁོ་ནར་འགྱུར། ལྷའི་བུ་དོན་དམ་པར་ན་དོན་དམ་པའི་བདེན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཡུལ ་ལས་ཀྱང་ཡང་དག་པར་འདས་པ་ཡིན་ནོ།། ཞེས་གསུངས་པ་དང་། འཕགས་པ་བློ་གྲོས་མ་ཟད་པས་བསྟན་པའི་མདོ་ལས་ཀྱང་། དེ་ཀུན་རྫོབ་ཀྱི་བདེན་པ་གང་ཞེ་ན། ཇི་སྙེད་འཇིག་རྟེན་གྱི་ཐ་སྙད་གདགས་པ་དང་། ཡི་གེ་དང་སྐད་དང་བརྗེས་བསྟན་པ ་ངག་གོ་ཞེས་ཇི་སྐད་གསུངས་པ་ལྟ་བུ་སྟེ། ཀུན་རྫོབ་ནི་ཇི་ལྟར་སྣང་བཞིན་ཡིན་པའི་ཕྱིར་རོ་སྙམ་དུ་བསམས་པའོ།། ཞིབ་ཏུ་ནི་དབུ་མའི་བསྟན་བཅོས་གཞན་དག་ལས་ཤེས་པར་བྱ་བ་ཡིན་པའི་ཕྱིར་འདིར་རྒྱ་མ་སྐྱེད་དོ།། ད་ནི་དངོས་པོའི་བདག་ཉིད་ལ ་ལོག་པར་རྟོག་པ་བསལ་བའི་སྒོ་ནས་དངོས་པོའི་བདག་ཉིད་དཔྱད་པར་བྱ་བ་མདོར་བསྟན་པའི་ཕྱིར། དེ་ལ་ཞེས་བྱ་བ་སྨོས་ཏེ། དངོས་པོའི་བདག་ཉིད་བསྟན་མ་ཐག་པ་དེ་ལ་རྣལ་འབྱོར་པ་དང་། ཕལ་དང་མཐུན་པས་ཕལ་པ་སྟེ། མདོ་སྡེ་པ ་སོགས་པ་འཇིག་རྟེན་པ་རྣམས་ཀྱི་གོ་རིམ་བཞིན་དུ་གཉིས་མེད་པའི་ཚུལ་དང་། གཉིས་ཀྱི་ཚུལ་དུ་མཐོང་སྟེ། དེ་ལ་རྣལ་འབྱོར་སྤྱོད་པ་པས་འཇིག་རྟེན་ཕལ་བའི་འདོད་པ་སུན་འབྱིན་པར་བྱེད་ཅིང་འཇིག་རྟེན་ཕལ་པ་ལས་གོང་མར་གྱུར་པ་རྣལ ་འབྱོར་པའི་འདོད་པ་དེ་ནི་དེ་ལས་ཀྱང་གོང་མར་གྱུར་པ་དབུ་མ་པའི་ལྟ་བའི་ཁྱད་པར་གྱིས་སུན་འབྱིན་པའི་བྱེད་པས་དེའི་ཕྱིར་མཚན་ཉིད་ལ་དཔྱད་པར་བྱའོ་ཞེས་བྱ་བ་ཐ་ཚིག་གོ། ད་ནི་རེ་ཞིག་དེ་ཉིད་རྒྱས་པར་བཤད ་པའི་དབང་དུ་བྱས་ནས། འོན་ཏོ་འཇིག་རྟེན་ཕལ་པའི་འདོད་པ་ནི་གང་དེ་ལ་རྣལ་འབྱོར་སྤྱོད་པ་པས་ནི་ཇི་ལྟར་སུན་འབྱིན་པར་བྱེད་ཅེ་ན། འཇིག་རྟེན་པོ་ཡིས་ཞེས་བྱ་བ་ལ་སོགས་པོ་སྨོས་ཏེ། འཇིག་རྟེན་ཕལ་པ་མདོ་སྡེ་པ་ལ་སོགས་པས་སོ།། ་དངོས་མཐོང་ལ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ལའོ།། ཡང་དག་ཉིད་དུའང་ཞེས་བྱ་བ་ནི་ཇི་ལྟར་སྣང་བ་བཞིན་དུ་ཕྱི་རོལ་གྱི་དོན་ཉིད་ཡང་དག་པར་རོ།། སྒྱུ་མ་བཞིན་དུ་ཤེས་བྱ་བ་ནི་དེ་ལྟར་སྣང་བར་རོ།། ཇི་ལྟར་རྩོད་ཅེ་ན། གཟུགས་སོགས ་ཞེས་བྱ་བ་སྨོས་ཏེ། འདི་སྐད་བསྟན་ཏོ།། གཟུགས་ལ་སོགས་པ་ནི་སྤྲོས་པའི་བགོ་ཆགས་ཡོངས་སུ་སྨིན་པའི་དབང་གིས་མངོན་སུམ་ཉིད་དུ་འཁྲུལ་ན་ཆོས་དེ་སྣང་གི་ཚད་མོས་གྲུབ་པ་མ་ཡིན་ཏེ། དེ་སྒྲུབ་པར་བྱེད་པའི་རིག་པ་མེད་པའི ་ཕྱིར་དོང་གཅིག་དང་དུ་མ་ལྔ་སོགས་པའི་ཚད་མས་གནོད་པའི་ཕྱིར། དཔེ་རཱ་ན་མི་གཙང་བར་འཛིན་པ་བཞིན་ནོ།། ཞེས་བསྟན་པ་ཡིན་ནོ།། འོན་ཏེ་དེ་ལྟར་ན་འཕགས་པ་དོན་རྣམ་པར་ངེས་པའི་ཆོས་ཀྱི་རྣམ་གྲངས་ལས་གཟུགས་གང་ཞེ ་ནོ། གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ། དེ་ཐམས་ཅད་འབྱུང་པོ་ཆེན་པོ་གཞི་དག་དང་། འབྱུང་བ་ཆེན་པོ་གཞི་དག་རྒྱུར་བྱས་པའོ།། ཞེས་གསུངས་པའི་ལུང་དང་འགལ་ལོ་ཞེ་ན། འཇིག་རྟེན་གཞུག་པར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ ་འདི་སྐད་དུ་འདུལ་བར་འགྱུར་བའི་སྐྱེ་བོ་དག་གཟུང་བར་བྱ་བའི་ཆེད་དུ་བསྟན་པ་ཡིན་གྱི་དངོས་སུ་ཡོད་པའི་ཕྱིར་བསྟན་པ་ནི་མ་ཡིན་ཏེ། དེས་ན་འགལ་བ་མེད་དོ་ཞེས་བསྟན་པ་ཡིན་ན།། ཅི་དེ་ལྟ་བུའི་དཔེ་མཐོང་ངམ་ཞེ་ན། སྒྱུ་མ་ལྟ་བུའི་ཞེས་བྱ ་བ་ལ་སོགས་པ་སྨོས་ཏེ། ཇི་སྐད་དུ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔས། རབ་འབྱོར་འདི་ལྟ་སྟེ། དཔེར་ན་དེ་བཞིན་གཤེགས་པ་ཤིན་ཏུ་ཞི་བ་ཞེས་བྱ་བས་ལུང་བསྟན་པར་བྱ་བའི་སེམས་ཅན་འགའ་ཡང་མ་གཟིགས་ནས ་སྤྲུལ་པ་ཞིག་སྤྲུལ་ཏེ་མྱ་ངན་ལས་འདས་སོ།། དེ་ནས་སྤྲུལ་པ་དེས་སངས་རྒྱས་ཀྱི་བྱ་བ་བྱས་ཏེ། བྱང་ཆུབ་སེམས་དཔའ་དག་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་བསྟན་ཏཾ། ཡོངས་སུ་མྱ་ངན་ལས་འདས་པར་གྱུརཱ་ཏོ།། ཞེས་གསུངས་པའི་ཚུལ ་གྱོ་གདུལ་བྱའི་རྒྱུད་ལ་བསོད་ནམས་བསྐྱེད་པའི་ཕྱིར་སྤྲུལ་པའི་སྒྱུ་མ་ལྟ་བུ་བསྟན་པ་བཞིན་ནོ།། དེ་ལྟར་འཇིག་རྟེན་ཕུལ་བའི་འདོད་པ་རྣལ་འབྱོར་སྤྱོད་པས་ཇི་ལྟར་སུན་འབྱིན་པའི་ཚུལ་བསྟན་ནས། ད་ནི་རྣལ་འབྱོར་སྤྱོད་པའི་འདྲེད་པ ་དབུ་མས་ཇི་ལྟར་སུ་ན་འབྱིན་པ་བསྟན་པའི་ཕྱིར། གལ་ཏོ། སེམས་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གླལ་ཏེ་སེམས་ཅན་ཞེས་བྱ་བ་འདི་དག་ཀྱང་དོན་དམ་པར་རང་བཞིན་མེད་པ་ཡིན་ན་སྒྱུ་མ་བཞིན་དུ་ཤི་བིའི་རྗེས་ལ་ཡང་མི ་བར་ཐལ་བར་འགྱུར་བ་ཞོག་ན་དེ་ལྟ་མ་ཡིན་ཏེ། སྐྱེ་བའི་ཕྱིར་དོན་དམ་པར་ཡོད་དོ་ཞེ་ན། ཐམས་ཅད་ཀུན་རྫོབ་ཡིན་པས་ཀུན་རྫོབ་ཐམས་ཅད་འཁོར་བའི་ངེས་པ་མེད་པའི་ཕྱིར། རྐྱེན་རྣམས་པོ་རྒྱུ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ་གང་གི་ཚེ་གཉེན་པོ་ཡེ་ཤེས་མ་སྐྱེས་པས་རྒྱུ་ལས་དང་ཉོན་མོངས་པ་མ་ལོག་པའི་ཚེ་ནི་འབྲས་བུ་སྡུག་བསྔལ་གྱི་ཕུང་པོ་མི་ལྡོག་སྟེ། འཁོར་བར་ཡང་ཡིན་ལ། གང་གི་ཚེ་གཉེན་པོ་སྐྱེས་པས་མི་མཐུན་པའི་ཕྱོགས ་ལས་དང་ཉོན་མོངས་པ་འགགས་ཏེ་འབྲས་བུ་སྡུག་བསྔལ་གྱི་ཕུང་པོ་མི་འབྱུང་སྟེ། མི་འཁོར་བར་འགྱུར་བ་དེའི་ཚེ་ནི་སྐྱེ་འགག་གི་མཚན་ཉིད་ཀུན་རྫོབ་ཡིན་ཡང་འཁོར་བ་མ་ཡིན་པས་ངེས་པ་མེད་དོ་ཞེས་བྱ་བའི་དོན་ཏོ།། ཡང་རྣལ་འབྱོར ་པ་དག་ན་རེ། གང་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་དུ་ཁྱོད་ཀྱི་གོང་དུ་དོན་དམ་བློའི་སྤྱོད་ཡུལ་མིན།། བློ་དང་སྒྲ་ན་ཀུན་རྫོབ་ཡིན། ཞེས་སྨྲས་པས་དོན་དམ་པར་སེམས་ཉིད་ཀྱང་ངོ་བོ་ཉིད་མེད་པ་ཡིན་ལ། ཡུལ་ནི་ཇི་ལྟར་སྣང་བ་བཞིན ་དུ་ཡོད་དོ་ཞེས་ཁས་བླངས་པ་ཡིན་པས་དེའི་དམ་བཅས་པ་ལ་ཕན་ཚུན་འགལ་བའི་སྐྱོན་ཆགས་ཏེ། ཇི་ལྟར་ཞེ་ན། གང་གི་ཆ་ཤེས་པ་ཉིད་ཀྱང་དོན་དམ་པར་མེད་པ་ཡིན་ན་ནི་ཡུལ་སྒྱུ་མ་ལྟ་བུ་དེ་ཤེས་པ་གང་ལ་སྣང་ནས་ཇི་ལྟར་སྣང་བ་ཉིད ་དུ་ཡོད་དེ། འོན་ཏེ་ཡུལ་ཇི་ལྟར་སྣང་བ་བཞིན་དུ་ཡོད་ན་དེའི་གང་ལ་སྣང་བའི་ཤེས་པ་ཉིད་ཀྱང་ཡོད་པས་ཤེས་པ་དོན་དམ་པར་མེད་པ་ཉིད་དུ་མི་འཐད་ངོ་།། ཞེ་ན། ཉེས་པ་འདི་ནི་ཁྱོད་ལ་ཡང་མཚུངས་སོ་སྙམ་ན། གང་ཚེ་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། ཁྱེད་རྣལ་འབྱོར་སྤྱོད་པ་དག་ཆོས་ཐམས་ཅད་སེམས་ཙམ་ཉིད་དུ་ཁས་ལེན་པ་དེའི་ཚེ་ཡུལ་སྒྱུ་མ་ཙམ་ཡང་མེད་པའི་ཕྱིར་ཤེས་པ་དོན་དམ་པར་ཡོད་པར་མི་འཐད་ལ་གང་གི་ཚེ་ཤེས་པ་དོན་དམ་པར་ཡོད་པ་ཡིན་ན་ནི། དེའི་ཚེ ་ཡུལ་སྒྱུ་མ་ཙམ་ཡང་མེད་པ་མི་འཐད་དེ། ཤེས་པ་ནི་ཤེས་བྱ་ལ་བལྟོས་པ་ཡིན་པའི་ཕྱིར་ཁྱད་ལ་དྲི་ཡང་མ་ངེས་པ་ཉིད་དུ་བསྟུན་པའི་ཕྱིར། ཇི་སྲིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་སྒྱུ་མའི་སྐྱེས་བུ་ཡང་རྐྱེན་ཚོགས་པའི་དབང་གིས ་དོ་དསེམ་པར་མེད་ཀྱང་སྔ་མ་འགགས་པའི་རྗེས་ལ་ཡང་སྐྱེ་བོ་དེ་བཞིན་དུ་འདིར་ཡང་དེ་དང་འདྲ་བས་སྐྱེ་བའི་ཕྱིར་ཡང་དག་པར་ཡོད་ཅེས་བྱ་བ་དེ་ནི་མ་ངེས་པ་ཉིད་དོ་སྙམ་དུ་བསམས་པ་ཉིད་དོ།། འོ་ན་དེ་ལྟར་དོན་དམ་པར་ངོ་བོ་ཉིད་མེད་པ་ཡིན་ན། ་དེའི་ཚེ་ལོ་བརྒྱ་འམ་སྟོང་ལ་སོགས་པར་ཡུན་རིང་དུ་གནས་པར་མི་རུང་བ་ཞིག་ན། ད་ལྟར་ནི་སེམས་ཅན་ཞེས་བྱ་བའི་དངོས་པོ་འདི་ཡུན་རིང་དུ་གནས་པ་ཉིད་ཀྱི་ཕྱིར་དོན་དམ་པར་ཡོད་དོ་ཞེ་ན། དེ་ཡང་མ་ངེས་པ་ཉིད་དུ་བསྟན་པའི་ཕྱིར། རྒྱུན་རིངས ་ཙམ་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རེས་འགའ་སྒྱུ་མའི་སྐྱེས་བུ་ལ་ཡང་སྨན་དང་སྔགས་ལ་སོགས་པའོ་སྟོབས་ཀྱིས་ཡུན་རིང་དུ་གནས་པ་སྲིད་པའི་ཕྱིར་དེས་ན་ཡུན་རིང་དུ་གནས་པ་ཉིད་ཀྱི་ཕྱིར། དོན་དམ་པར་ཡོད་ཅེས་བྱ་བ་དེ་ཡང་མ་ངེས་པའི ་སྐྱོན་ཆགས་པ་ཉྀད་དོ་སྙམ་དུ་བསམས་པའོ།། འོན་ཏེ་དེ་ལྟར་ར་རང་བཞིན་མེད་པ་ཉིད་ཡིན་ན། སྒྱུ་མའི་སྐྱེས་བུ་བཞིན་དུ་སྲོག་བཅད་པས་སྡིག་པ་མི་འབྱུང་བར་ཐལ་བར་འགྱུར་པ་ཞིག་ན་སེམས་ཅན་ཞེས་བྱ་བའི་དངོས་པོ་འདི་ནི་སྲོག་བཅད་པ་ལས།། ་ལྡོག་པ་འབྱུང་བའི་ཕྱིར་དོན་དམ་པར་ཡོད་དོ་ཞེ་ན། དེ་ཡང་མ་ངེས་པ་ཉིད་དུ་བསྟན་པའི་ཕྱིརསྒྱུ་མོའི་སྐྱེས་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྙམ་དུ་སྡིག་པ་འབྱུང་བའི་ཕྱིར་དོན་དམ་པར་ཡོད་པ་ནི་མ་ངེས་ཀྱི་འོ་ན་ཅི་ཞེས་དོན་དམ ་པར་མེད་ཀྱང་ཀུན་རྫོབ་ཏུ་སྲོག་ཡོད་པའི་ཕྱིར། དེ་བསད་པ་དང་། མ་བསད་པའི་རྒྱུད་ཅི་རིགས་པར་ཕན་གནོད་འབྱུང་བ་ཡིན་པས་དྲི་བས་ན་དེ་བསད་པའི་རྒྱུས་སྡིག་པ་འབྱུང་བ་ཡིན་ཞེས་བསམས་པའོ།། འོ་ན་དེ་ལྟར་སེམས ་ཅན་རྣམས་སེམས་ཡོད་པ་ཉིད་ཀྱི་ཕྱིར་དོན་དམ་པར་ཡོད་པ་ཡིན་གྱི། གལ་ཏེ་དོན་དམ་པར་མེད་པ་ཉིད་ཡི་སྦྱིན་ན་ནི་སེམས་ཉིད་ཀྱང་འབྱུང་དུ་མི་རུང་སྟེ། དཔེར་ན་སྒྱུ་མའི་སྐྱེས་བུ་བཞིན་ནོ་ཞེ་ན། དོན་དམ་པར་མེད་ཀྱང་རྐྱེན་ཚོགས་པའི་དབང ་གིས་ཀུན་རྫོབ་ཏུ་འབྱུང་བ་མི་འགལ་ཏེ། དཔེར་ན་སྒྱུ་མ་དེ་ཉིད་དོན་དམ་པར་མེད་ཀྱང་རྐྱེན་ཚོགས་པའི་དབང་གིས་རྟ་དང་གླང་པོ་ལ་སོགས་པ་འབྲས་བུ་མ་འདྲ་བ་སྣཚོགས་འབྱུང་བ་ལྟ་བུ་ཡིན་པས་དེ་བས་ན་ཁྱེད་ཀྱིས་སེམས་དང་ལྡན་པར་འབྱུང ་བའི་ཕྱིར། དོན་དམ་པར་ཡོད་ཅེས་བྱ་བ་དེ་ཡང་མ་ངེས་པ་ཉིད་དོ་སྙམ་དུ་བསམས་ནས། སྔགས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་བསྟན་ཏོ།། སྒྱུ་མའི་རྒྱུ་རྐྱེན་སྔགས་ལ་སོགས་པ་ལ་ནུས་པ་མེད་པའི་ཕྱིར་སེམས ་དང་མི་ལྡན་པར་འབྱུང་བ་ཡིན་གྱི། དོན་དམ་པར་མེད་པའི་ཕྱིར་ནི་མ་ཡིན་ལ་སེམས་ཅན་རྣམས་ལ་ནི་རྒྱུ་རྐྱེན་ལ་ནུས་པ་ཡོད་པས་སེམས་དང་ལྡན་པར་འབྱུང་བ་ཡིན་གྱི། དོན་དམ་པར་ཡོད་པའི་ཕྱིར་ནི་འབྱུང་བ་མ་ཡིན་ཏེ། དེ་བོས་ན་མ་ངེས ་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ།། འོན་ཏེ་སེམས་ཅན་རྣམས་ལ་དོན་དམ་པར་མེད་ཀྱང་སེམས་འབྱུང་ན་ནི་དེའི་ཚེ་ཁྱད་པར་མེད་པ་དེ་བཞིན་དུ་སྒྱུ་མ་ལ་ཡང་ཅིའི་ཕྱིར་མི་འབྱུང་ཞེ་ན། རྒྱུ་རྐྱེན་གྱི་ནུས་པོ་མི་འདྲ་བའི་ཕྱིར་ཏེ། དེ་བས་ན་སྣ་ཚོགས་རྐྱེན ་ལས་ཤེས་བྱ་བ་སྨོས་ཏེ། གལ་ཏེ་རྒྱུ་རྐྱེན་གཅིག་གིས་འབྲས་བུ་མཐའ་དྲུག་སྐྱེད་ནུས་པ་ཡིན་ན་ནི། དེའི་ཚེ་སྒྱུ་མ་ལ་ཡང་སེམས་བྱུང་བར་འགྱུར་བ་ཞིག་ན། དེ་མི་སྲིད་པའི་ཕྱིར་རོ་ཞེས་པའི་དོན་ཏོ།། གཞན་གྱི་གལ་ཏེ་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། སྤོང་ལུགས་ཀྱིས་དོན་དི་མ་པར་ནི་མྱ་ངན་ལས་འདས་པ་ཡིན་ཞིང་བཟློག་ནས་ཀུན་རྫོབ་ནི་འཁོར་བ་ཉིད་མ་ཡ་ན་ནམ། གང་གི་ཚེ་ཁྱེད་དབུ་མོ་པས་ཇི་སྐད་བཤད་པ་ལྟར་དྲོན་དམ་པར་ན་སྐྱེ་འགག་ཐམས་ཅད་དང་བྲལ་བ ་ན་ཞིང་བཟློག་ནས་སྐྲ་འགག་ནི་མཚན་ཉིད་ཐམས་ཅད་ནི་ཀུན་རྫོབ་ཡིན་པར་གྲུབ་པ་དེ་ལྟ་ན་ནི། དེའི་ཚེ་སངས་རྒྱས་ཀྱང་གཉེན་པོ་སྐྱེ་བ་དང་མི་མཐུན་པའི་ཕྱོགས་འགའ་ཞིག་པའི་མཚན་ཉིད་ཀྱིས་ཀུན་རྫོབ་ཡིན་པས་འཁོར་བ་ཉིད་དུ་ཐུལ་བ ་འགྱུར་བའི་ཕྱིར་བྱང་ཆུབ་ཀྱི་སྤྱོད་པ་དོན་མེད་པར་འགྱུར་ཞེ་ན། ངེས་པ་མེད་དེ་སྐྱེ་འགག་ཕན་ཚུན་འགག་ཞིང་སྐྱོན་འང་འབྱུང་བ་ཡིན་གྱི། གང་གི་ཚེ་ཁྲོ་བོ་ལ་ནི་ཤེས་པ་དོན་དམ་པར་མེད་ཀྱང་སྒྱུ་མ་ཙམ་དུ་གནས་པ་དེ་ལ་ཡུལ་སྒྱུ་མ་དེ་ལྟ ་བུ་སྣང་བའི་ཕྱིར་ཉེས་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། གཞན་གྱིས་ཕན་ཚུན་འགྲལ་བའི་ཉེས་པ་དེ་ཉི་ང་ལྔས་མ་གྲོལ་བ་ཉིད་དུ་བསྒྲུབ་པའི་ཕྱིར། གང་ཚེ་སེམས་ཉིད་ཅེས་བྱ་བ་ལྔ་སོ་སོགས་པ་སྨོས་ཏེ། དེ་ལྟར་ཡུལ་ཙོ་དང་སེམ ་གཉི་ག་སྒྱུ་མོ་ཉིད་དུ་ཁས་ལེན་པ་ནི་གཽཉི་ག་ཡང་དོན་དམ་པར་རང་བཞིན་མེད་པའི་ཕྱིར་གང་ཞིག་གང་ལ་སྣང་སྟེ། དེ་ལྟ་བས་ན་ཡུལ་ཇི་ལྟར་སྣང་བ་བཞིན་དུ་ཡོད་པ་ཤིན་ཏུ་ཡོང་མི་འཐད་པས་ཕན་ཚུན་འགལ་བའི་ཉེས་པ་སོན་གནྡ ་ལ། ཁོ་བོ་ཅག་ནི་ཡུལ་སྒྱུ་མ་ཙམ་འདི་མེད་ཀྱང་རང་རིག་པའི་སྒོ་ནས་ཤེས་པ་ཉིད་དུ་ཁས་ལེན་པས་དམ་བཅས་ལ་ཕན་ཚུན་འགལ་བའི་ཉེས་པ་མི་མཚུངས་སོ་ཞེ་ན། སློབ་དཔོན་གྱིས་ཉེས་པ་དེ་ཉིད་སོ་ན་གནས་པར ་བསྒྲུབ་པའི་ཕྱིར། རལ་གིའི་སོ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་རལ་གྲི་སོ་དེ་ཉིད་ལ་བཅད་པར་བྱ་བ་དང་། གཅོད་པར་བྱེད་པ་གཉིས་མེད་པའི་ཕྱིར་རང་གི་རང་མི་གཅོད་པ་བཞིན་དུ་ཤེས་པའི་ངོ་བོ་ང་ཡང་རིག་བྱ་རིག་བྱེད་གཉིས ་མེད་པའི་ཕྱིར། རང་གིས་རང་རིག་པ་མི་འཐད་དེ། དེ་བས་ན་ཡུལ་ཁས་མི་ལེན་པའི་ཕྱིར། ཤེས་པ་དོན་དམ་པོར་ཡོད་པ་ཉིད་དུ་མི་འཐད་པའི་ཉེས་པ་སོན་གནས་ལ། གང་གི་སྒྱུ་མ་ལྟ་བུ་ཞེས་བྱ་བ་འདིས་ནི་རི་བོང་གི་རྭ་བཞིན་དུ་ཐམས་ཅད་དུ ་མེད་པའི་ངོ་ན་ནི་མ་ཡིན་གྱི། སྣང་དུ་ཟིན་ཀྱང་དོན་དམ་པར་མེད་པའི་དོན་ཡིན་པས། དེ་བས་ན་ཡུལ་དང་ཤེས་པ་གཉི་ག་དོན་དམ་པར་མེད་ཀྱང་སྣང་ཚོད་ཙམ་དུ་ཡོད་པ་ཡིན་པའི་ཕྱིར་ཡུལ་སྒྱུ་མ་ལྟ་བུ་དེ་ཇི་ལྟ་བ་བཞིན་དུ་ཡོད་པས་ཉེས་པ ་གནས་པ་མ་ཡིན་ཞེས་བྱ་བའི་དོན་ཏོ།། གཞན་གྱི་ཤེས་པ་གཅིག་པོ་དེ་ལ་རིག་བྱ་དང་རིག་བྱེད་གཉིས་ཀྱི་བདག་ཉིད་མ་གྲུབ་ཀྱང་། རང་རིག་པ་ཉིད་དུ་གཞུང་གཟུགས་པའི་ཕྱིར། གལ་ཏེ་མར་མེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ་ཇི་ལྟར་མར་མེ་རང་གི་ངོ་བོ་ལོ་རང་བསལ་བར་བྱ་བ་དང་། གསལ་བྱེད་པ་གཉིས་མ་གྲུབ་ཀྱང་གསལ་བར་བྱེད་པའི་རྐྱེན་ཉི་མ་ལ་སོགས་པ་གཞན་ལ་མ་བལྟོས་པར་གསལ་བའི་རང་བཞིན་ཡིན་པའི་ཕྱིར། རང་གི་རང་གསལ་བར་བྱེད་པ ་དེ་བཞིན་དུ་ཤེས་པ་གསལ་བ་ཡང་རིག་པར་བྱ་བ་དང་རིག་པར་བྱེད་པ་གཉིས་མེད་ཀྱང་རིག་བྱེད་གཞན་ལ་མི་བལྟོས་པར་རིག་པའི་རང་བཞིན་ཡིན་པའི་ཕྱིར་ཡུལ་སྒྱུ་མ་ཙལ་མེད་དུ་ཟིན་ཀྱང་ཤེས་པ་དོན་དམ་པར་ཡོད་པ་འགལ་བ་མེད་དོ།། ་ཞེ་ན། སློབ་དཔོན་གྱི་དཔེ་ཉིད་མ་གྲུབ་པའི་སྒོ་ནས། དྭེ་མི་འཐད་པར་བསྒྲུབ་པའི་ཕྱིར། མར་མ་གསལ་བར་བྱང་མ་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ག་ལ་ཏེ་དེ་ལྟར་མར་མེ་དེ་གསལ་བའི་རང་བཞིན་དུ་ཁས་ལེན་ན་ནི། དེའི་ཚེ ་རང་གི་གསལ་བར་བྱེད་པ་ཤིན་ཏུ་ཡང་མི་འཐད་དེ། ཅིའི་ཕྱིར་ཞེ་ན། རང་གིས་གསལ་བར་བྱ་མི་དགོས་པའི་ཕྱིར་ཏེ། ཇི་ལྟར་ཞེ་ན། གསལ་བའི་རང་བཞིན་ཡིན་པའི་ཕྱིར་མུན་པས་བསྒྲིབས་པའི་མཚན་ཉིད་ཀྱི་མི་གསལ་པ་མེད་པ ་ལ་དེ་ཉིད་ཀྱི་ཕྱིར་རང་གི་རང་གསལ་བར་བྱ་མི་དགོས་པས་རིང་གི་རང་གསལ་བར་བྱེད་པ་མ་ཡིན་པ་བཞིན་དུ་འདིར་ཤེས་པ་ཡང་རིག་པའི་རང་བཞིན་ཡིན་པའི་ཕྱིར། མ་རིག་པའི་མ་ཤེས་མེད་ལ། དེ་ཉིད་ཀྱི་ཕྱིར་རང་གི་རང་རིག་པར ་བྱ་མི་དགོས་པས་རང་གི་རང་རིག་པར་བྱེད་པ་མ་ཡིན་ཏེ། དེ་བས་ན་རིག་པའི་རང་བཞིན་ཡིན་པའི་ཕྱིར་ཤེས་པ་རང་གིསྣ་རང་རིག་པར་བྱེད་དོ་ཞེས་བྱ་བའི་ཁྱོད་ཀྱི་གཽཏཱན་ཚིགས་འདི་ལ་འགལ་བའི་སྐྱོན་ཆགས་པ་ཉིང་ངོ་ཞེས་བྱ་བའི་དོན ་ཏོ།། ཡན་ལག་གི་དོན་བརྗོད་པར་བྱ་སྟེ། གསལ་བར་བྱེད་པ་ཞེས་བྱ་བ་ནི་རང་གི་གསལ་བར་བྱེད་པ་མ་ཡིན་ཞེས་བྱ་བའི་དོན་ཏོ།། གསོལ་བར་བྱ་མི་དགོས་པའི་ཕྱིར་རོ།། དེ་ཉིད་ཅིའི་ཕྱིར་ཞེ་ན། འདི་ལྟར་མུན་གྱིས་བསྒྲིབས་པའི་མཚན ་ཉིད་ཀྱི་མཱི་གསྔལ་བ་མེད་པའི་ཕྱིར་ཏེ། དེ་གསལ་བའི་རང་བཞིན་ཡིན་ཞེས་བྱ་བའི་ཐ་ཚིག་གོ།། སྔོན་པོ་དག་གི་མཐུན་པའི་དཔེ་སྟེ་དེ་བཞིན་དུ་བཻནྡུ་ཎྱ་བཞིན་ནོ།། ཤེལ་ལྟ་བུ་ཞེས་བྱ་བ་ནི་སྔོན་པོ་དེ་ཉིད་ཀྱི་མི་མཐུན ་པའི་དཔེ་སྟེ། ཇི་ལྟར་ཤུལ་ནི་རང་བཞིན་གྱི་སྔོན་པོ་མ་ཡིན་པའི་ཕྱིར་རོ།། སྔོན་པོར་བྱེད་པའི་རྐྱེན་བཻ་ཌཱུརྱ་ལ་སོགས་པ་ལ་བལྟོས་པ་ཡིན་ལ། བཻཌཱུརྱཱ་སྔོན་པོ་ཉིད་ནི་སྔོན་པོའི་རྒྱལ་མི་བལྟོས་ཏེ། ཅིའི་ཕྱིར་ཞེ་ནི། དང་པོ་ནས་སྔོན ་ཉིད་དུ་འདུག་པ་ཡིན་པའི་ཕྱིར། དེ་ལྟ་བུའི་བཻ་ཌཱུརྱ་སྔོན་པོ་དེ། རང་ལ་རང་གི་སྔོན་པོར་བྱེད་དེ། སྔོན་པོར་བྱ་མི་དགོས་པའི་ཕྱིར་རང་ལ་སྔོན་པོར་མི་བྱེད་པ་བཞིན་ནོ།། ཞེས་བྱ་བའི་ཐ་ཚིག་གོ། ཡང་གཞོན་གྱི་ཤེས་པ་རང་རིག་པའི ་བདག་ཉིད་དུ་བསྒྲུབ་པའི་ཕྱིར། རྐྱེན་གཞན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་རང་རིག་པའི་རང་བཞིན་ཡིན་པའི་ཕྱིར། རང་རིག་པར་བྱེད་ཅེས་བྱ་བ་མི་འཕང་དུ་ཟིན་ཀྱང་ཡུལ་གཟུགས་དང་མིག་གི་དབང་པོ་ལ་སོགས་པ་རྐྱེན་གཞན ་གྱི་སྟོབས་ཀྱིས་ཤེས་པ་དེ་རང་རིག་པར་བྱེད་དོ་ཞེ་ན། ཁྱེད་ཀྱི་ལུགས་ཀྱིས་ཆོས་ཐམས་ཅད་སེམས་ཙམ་དུ་འདུས་པ་ཡིན་པས་སེམས་ལས་མ་བཅོས་གཏོགས་པའི་རྐྱེན་གཞན་ཉིད་མ་གྲུབ་པའི་ཕྱིར་རྐྱེན་གཞན་གྱིས་སྟོབས ་ཀྱིས་ཀྱང་ཤེས་པ་དེ་རང་རིག་པར་བྱེད་པ་ཉིད་དུ་མི་འཐད་དོ་ཞེས་བསྟན་པའི་ཕྱིར་གཟུགས་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དེ་ལྟར་གནོད་པར་བྱེད་པའི་ཚང་མའི་སྒོ་ནས་ཤེས་པ་དོན་དམ་པར་ཡོད་པ་ཉིད་མི་འཐད་པར ་བསྒྲུབས་ནས། དྲ་ནི་ཤེས་པ་དོན་དམ་པར་ཡོད་པ་ལྔ་སྒྲུབ་པར་བྱེད་པའི་ཚད་མ་མེད་པར་བསྟན་པའི་ཕྱིར། མར་མེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མར་མ་གསལ་བར་བྱེད་པ་ཡིན་པར་ནི་དབང་པོའི་མངོན་སུམ་གྱི་བློས་ཉམས་སུ་མྱོང་བའི ་ཕྱིར། ཁས་ལེན་པར་རིགས་ན་ཤེས་པར་རང་གི་རང་གསོལ་བར་བྱེད་པ་མངོན་སུམ་གྱི་ཚད་མ་གང་གིས་ཀྱང་མི་གྲུབ་པའི་ཕྱིར་རྟོག་པ་དང་ལྡན་པ་རྣམས་ཀྱི་ཁས་བླང་བར་མི་རིགས་སོ།། སྙམ་དུ་བསམས་པ་སྟེ། ཅིའི་ཕྱིར་ཞེ་ན། ་རྟོག་པ་དང་ལྡན་པ་རྣམས་ཀྱིས་ཁས་ལེན་པ་ལ་ནི་སྒྲུབ་པར་བྱེད་པའི་ཚད་མར་ཁྱབ་པའི་ཕྱིར་ཞེས་བྱ་བའི་དོན་ཏོ།། འོན་ཏེ་མངོན་སུམ་ཇི་ལྟར་མ་གྲུབ་སྙམ་པ་ལ། རེ་ཞིག་ཡིད་དང་དབང་པོའི་མངོན་སུམ་གྱིས་ནི་མི་འགྲུབ་སྟེ། དེ་ཉིད ་ཀྱིས་ན་ཡུལཱ་ནི་གཟུགས་དང་སྒྲ་ལ་སྩོགས་པ་གཟུགས་ཅན་གྱི་སྐྱེ་མཆེད་ལྔ་ཡིན་པའི་ཕྱིར་དང་། རང་རིག་པའི་མངོན་སུམ་གྱིས་ཀྱང་མི་འགྲུབ་སྟེ། དེ་ཉིད་ནི་གཟོང་དཔྱོད་པའི་སྐབས་ཡིན་པའི་ཕྱིར་དང་། རྣལ་འབྱོར་གྱི་མངོན་སུམ ་གྱིས་ཀྱང་མཱི་འགྲུབ་སྟེ། ཚུ་རོལ་མཐོང་བ་རྣམས་ལ་རྣལ་འབྱོར་གྱི་མངོན་སུམ་གྱི་ཐ་སྙད་མི་འདོགས་པའི་ཕྱིར་རོ།། དེ་བས་ན་རང་གི་རང་གསལ་བར་བྱེད་ཀྱང་རང་མི་བྱེད་ཀྱང་རུང་སྟེ། མངོན་སུམ་གྱི་ཚད་མས་མ་གྲུབ་པའི་ཕྱིར་དམ ་བཅས་ཀྱང་མི་འགྲུབ་བོ་སྙམ་ཞེས་བྱ་བའི་ཐ་ཚིག་གོ། གལ་ཏེ་མངོན་སུམ་གྱིས་མ་གྲུབ་ཀྱང་འབྲས་བུའི་རྟག་ལོ་བརྟེན་ནས་སྐྱེས་པ་རྗེས་སུ་དཔག་པས་འགྲུབ་བོ་སྙམ་ན། གལ་ཏེ་རང་རིག་ཅེས་བྱ་བ་ལ་སོགས་པ་སྨྲས་ཏེ། གོལ་ཏེ་བདེ ་བ་ལ་སོགས་པ་ཉམས་སུ་མྱོང་བའི་རང་རིག་པ་མེད་ན་ཕྱིས་ཀྱང་དྲན་པ་སྐྱེ་བའི་རྒྱུ་རང་རིག་པ་ཞིག་ཡོད་པར་རྗེས་སུ་དཔག་པས་འགྲུབ་བོ་སྙམ་པ་ལ། དོན་དྲན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དྲན་པའི་ཤེས་པ ་སྐྱེ་བའི་སྒོ་ནས་རང་རིག་པའི་ཤེས་པ་དོན་དམ་པ་ཞིག་བསྒྲུབ་མི་དགོས་ཏེ། གོང་དུ་ཇི་སྐད་བཤད་པོའི་ཚུ་རོལ་གྱིས་རང་རིག་པ་དོན་དམ་པ་དེ་ནི་མ་གྲུབ་པའི་ཕྱིར་རོ་སྙམ་དུ་བསམས་པའོ།། འོ་ན་ཏི་རང་རིག་པ་དོན་དམ་པ་དེ་ཡོད་པ་ཉིད་མ་གྲུབ་ན ་གྱོས་དྲན་པའི་ཤེས་པ་སྐྱེ་བ་མི་འཐད་དོ་ཞེ་ན། དོན་དམ་པ་མེད་ཀྱང་རང་རིག་པོ་ཀུན་རྫོབ་ཏུ་ཡོད་པའི་དབང་གིས་དྲན་པའི་ཤེས་པ་སྐྱེ་བའི་ཕྱིར་དེ་དྲན་ནོ།། ཞེས་གསུངས་སོ།། འོན་ཏེ་ཀུན་རྫོག་ཏུ་ཡོད་པ་ཉིད་དུ་ཡང་མི་འཐད་དེ། རང་བཞིན་མེད ་པར་ཁྲིས་ལེན་པའི་ཕྱི་རོ་རོ་ཞེ་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཐོ་ང་བ་དང་ཐོས་པ་ལ་སོགས་པ་ཀུན་རྫོབ་ནི་འདི་ར་མི་འགོག་པའི་ཕྱིར་དང་འོ་ན་འདིར་ཅི་ཞིག་འགོག་སྙམ་པ་ལྔ། འདིར་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ ་འདི་ནི་སྡུག་བསྔལ་ཐམས་ཅད་འབྱུང་བའི་རྒྱུ་དངོས་པོར་ཞེན་པ་དགོག་པའི་ཕྱིར། ཡང་དག་པའི་རང་བཞིན་འགོག་གོ་སྙམ་དུ་བསམས་པའོ།། ད་ནི་ཡུལ་བདེན་པ་གཉིས་ལ་དམིགས་པའི་སྟོང་པ་ཉིད་ཀྱི་ཕྱིར་རྣལ་འབྱོར་བསྒོམ་པ ་བྱ་བར་བསྟན་པའི་ཕྱིར། སྒྱུ་མ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་དྲི་བའི་ཚིག་བཀོད་དེ། གཞན་དག་འདི་སྙམ་དུ་སྟོང་པ་ཉིད་དུ་ཤེས་པ་ནི་སྒྲིབ་པ་སྤོང་བའི་རྒྱུ་མ་ཡིན་པའི་ཕྱིར་རྟོག་པ་དང་ལྡན་པ་རྣམས་ཀྱིས་བསྒོམ་པར་མི་བྱ་སྟེ། དཔེར ་ན་སྒྱུ་མ་མཁན་ལ་སོགས་པ་བཞིན་ནོ་སྙམ་དུ་སེམས་ན། དེ་བྱེད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡོངས་སུ་ཞུན་པ་འབྱུང་བའི་རྒྱུ་ནི་གཉིས་ཏེ། ནང་གི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་མ་སྤངས་པ་དང་། ཕྱི་རོལ་ན་བརྟག་པར་བྱ་བའི ་ཡུ་ལ་ཉེ་བར་གྱུར་པ་ཡིན་པ་ལས། སྒྱུ་མ་མཁན་ལ་ནི་དེ་གཉི་ག་དང་ལྗོན་པའི་ཕྱིར་རེ་ཞིག་མ་བརྟགས་པའི་ཚེ་ཞེན་པ་སྐྱེ་བ་ནི་རིགས་པ་ཡིན་ན་གང་གི་ཚེ་རྣལ་འབྱོར་པ་ཆེན་པོ་བསྐོལ་པ་གྲངས་མེད་པ་གསུམ་གྱི་བར་དུ་སྟོང་པ་ཉིད་ལ ་གྲོམས་པར་བྱས་པ་ནི་དངོས་པོར་ཞེན་པའི་བག་ཆགས་སྤོང་བས་ཆོས་ཐམས་ཅད་ལག་མཐིལ་དུ་སྐྱུ་རུ་རའི་འབྲུ་གཞག་པོ་བཞིན་དུ་གཟིགས་ཀྱང་ཞེན་པ་མི་མངའ་བའི་ཕྱིར་ཉོན་མོངས་པ་མི་འབྱུང་བས། དེ་བས་ན་སྒྲིབ་པ་སྤོང་བའི་རྒྱུ་ཡིན་པའི ་ཕྱིར། སྟོང་པ་ཉིད་ཀྱི་རྣལ་འབྱོར་བསྒོམ་པར་བྱ་བའི་དོན་ཏོ།། འོ་ན་སྟོང་པ་ཉིད་ཀྱི་རྣལ་འབྱོར་ཇི་ལྟར་བ་སྒོམ་པར་བྱ་སྙམ་པ་ལ། གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རེ་ཞིག་གཅིག་དང་དུ་མ་དང་བྲལ་བ་ལ་སོགས་པ་འ་སྤྱོད་པའི ་དུས་གང་གི་ཚེ་གཟུགས་ལ་སོགས་པའི་དངོས་པོ་གང་ཞིག་མེད་དོ་ཞེས་བརྟགས་ཤིང་དགོག་པར་བྱ་བའི་དངོས་པོ་ཡོད་པ་ཅུང་ཟད་ཀྱང་མ་རྙེད་པའི་དུས་དེའི་ཚེ། ཡོད་པ་ཉིད་དུ་མངོན་པར་ཞེན་པ་མི་འབྱུང་ལ་འདི་ལྟར་དགག་བྱ་མ་གྲུབ་པ་འི་ཉིད ་ཀྱིས་བཀག་པ་ཡང་མ་གྲུབ་པར་ཤེས་པའི་ཚེ་མེད་དོ་ཞེས་བྱ་བར་ཡང་མངོན་པར་མི་ཞེན་པའི་ཕྱིར་མེད་པར་ཞེན་པའི་རྟོག་པ་ཉིད་ཀྱང་སྤོང་བར་འགྱུར་རོ་དེ་ལྟར་གང་ཚེ་དངོས་པོ་དང་དངོས་པོ་མེད་པ་གཉི་ག་རྣལ་འབྱོར་པའི་བློའི་མདུན ་དུ་མི་གནས་ཏེ། གཟུང་བའི་ཆ་ལ་མི་སྣང་བའི་དུས་དེའི་ཚེ། རྣམ་པ་གཞན་གསུམ་པ་ནི་མེད་པའི་ཕྱིར་ཅིར་ཡང་དམིགས་པ་མེད་པའི་སྒོ་ནས་རྟོག་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། འོན་ཏེ ་དེ་ལྟར་རྟོག་པ་མི་མངའ་ན་གདུལ་བྱ་རྣམས་ལ་སངས་རྒྱས་ཀྱི་གཟུགས་ཀྱི་སྐུར་སྣང་བ་མི་འཐད་དོ་ཞེ་ན། རྟོག་པ་མི་མངའ་ཡང་གདུལ་བྱའི་བསོད་ནམས་ཀྱིས་ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་གྱི་ཤིང་བཞིན་དུ་སྣང་བ་ལ་འགལ་བ་མེད་དོ ་སྙམ་དུ་བསམས་ནས་ཡིད་བཞིན་ནོར་བུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། འོན་ཏེ་དེ་ལྟར་རྟོག་པ་མི་མངའ་བ་ཉིད་ཡིན་ན་སེམས་ཅན་གྱི་དོན་མཛད་པ་འགལ་ལོ་ཞེ་ན། སྔར་བྱང་ཆུབ་སེམས་དཔའི་གནས་སྐབས་ཀྱི་རྟོག་པའི་འཕེན་ཤཱཌ ་ཀྱིས་སངས་རྒྱས་ཉིད་ལ་རྟོག་པ་མི་མངའ་ཡང་སེམས་ཅན་གྱི་དོན་མཛད་པ་མི་འགལ་ཏེ། དཔེར་ན་ནཱ་མཁའ་ལྡིང་གི་མཆོད་སྡོང་དང་འདྲའོ།། སྙམ་ན། མཆོད་སྡོང་གྲུབ་པས་ཞེས་བྱ་བ་སྨོས་ཏེ། འདི་དག་སངས་རྒྱས་ཀྱི་ས་ལ་རྟོག་པ་མེད ་པ་སྟོན་པ་ཡིན་གྱིས་སྐུ་དང་ཡེ་ཤེས་ཉིད་ཀྱང་མི་མངའ་བར་སྟོན་པ་མ་ཡིན་ཏེ། ཕྱིའི་དོན་ཡང་བར་སྨྲ་བའི་དབུ་མའི་ལུགས་ལ་དེ་དག་ཇི་ལྟར་སྣང་བ་བཞིན་དུ་མི་འགལ་བའི་ཕྱིར་དང་། རྨི་ལམ་གྱི་དོན་ལྔ་སོགས་པ་ཡང་ཇི་ལྟར་སྣང་བ་བཞིན ་ཁས་ལེན་པའི་ཕྱིར་ཏེ། དེ་བས་ན་དཔེ་ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་གྱི་ཤིང་དང་མཚོ་ད་སྡོང་ལ་སོགས་པ་ཡང་རྟོགས་པ་མིང་བཞིན་དུ་དེ་དང་དེ་ལྟར་སྣང་བ་དང་དེ་དང་དེ་ལྟར་དོན་བྱེད་པ་ཡིན་གྱི། དེ་དག་རང་ཉིད་ཀྱང་མེད་པ་ནི ་མ་ཡིན་པ་བཞིན་ནོ།། དེ་བས་ནཱ་ལཱ་ལ་དག་ན་རེ། འདི་འགོག་པར་སྨྲ་བའི་དབུ་མ་ཡིན་ཞེས་ཟེར་རོ་ཞེས་གྲགས་སྟེ། བདག་གིས་ནི་དེ་ལྟར་མ་མཐོང་ངོ་།། དེས་ནི་སྒྲིབ་པ་སྤོང་བའི་རྒྱུ་ཉིད་དུ་བསྟན་ནས། ད་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས ་ཐོབ་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་སྟོང་པ་ཉིད་ཀྱི་རྣལ་འབྱོར་བསྒོམ་པར་བྱ་བ་ཉིད་དུ་བསྟན་པ། ཉོན་མོངས་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ད་ནི་རང་གི་བྱེ་བྲག་ཏུ་སྨྲ་བ་དག་ན་རེ། ཐེག་པ་ཆེན་པོ་ནི་སངས་རྒྱས་ཐོབ་པར་བྱེད་པའི ་ལམ་ཉིད་དུ་དགེ་སློ་ང་ཀླུ་སྒྲུབ་ལ་སོགས་པས་བཤད་པར་ཟད་ཀྱི། སངས་རྒྱས་ཀྱིས་གསུངས་པ་མ་ཡིན་པས་དེའི་ཕྱིར་བསྒོམ་པར་མི་བྱའོ་ཞེས་ཟེར་བ་དག་གི་ལོག་པར་རྟོག་པ་དགག་པའི་ཕྱིར། ལམ་འདི་ཉིད་ཀྱིས་ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། མན་ངག་བ་རྒྱུ་ད་པས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་འཕགས་པ་འོད་སྲུངས་ཆེན་པོ་ལ་གཏང་། ངོས་ཀུན་དགའ་བོ་ལ་གཏད། དེས་ཤ་ནཱའི་གོས་ཅན་ལ་གཏད། དེས་ཨུ་པཱ་གུཔྟ་ལ་གཏང་། དེས་མི་ཚྭ་གཽ་ལ་གཏད ་ཅེས་བྱ་བ་ལ་སོགས་པ་རྗེ་གསུངས་སོ།། ད་ནི་མཚུངས་པ་ཉིད་དུ་བསྒྲུབ་པའི་ཕྱིར། ཁྱོད་ཀྱི་གཞུང་གི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟ་ན་མ་ཡིན་ན་ཉན་ཐོས་པ་ཁྱེད་ཀྱི་གཞུང་གི་བྱང་ཆུབ་ཐོབ་པར་བྱེད་པ་ཡིན་པར་སངས ་རྒྱས་ཀྱི་བཀའ་ཉིད་དུ་ཡང་ཇི་ལྟར་འགྲུབ་སྟེ་མཚུངས་སོ་སྙམ་དུ་བསམས་པའོ།། དེ་ལ་ཡིད་ཆེས་དེ་འགྲུབ་ན། ཞེས་བྱ་བ་ནི་ཕ་རོལ་པོ་དག་འདི་དག་འདི་སྐད་དུ་ཁོ་བོ་ཅག་གཞུང་དེ་ལ་སངས་རྒྱས་ཀྱི་བཀའ་ཉིད་དུ་ཡིད་ཆེས་པའི་མན་ངག ་བརྒྱུད་པས་འགྲུབ་བོ་སྙམ་ན། ཐེག་པ་ཆེན་པོ་ལ་ཡང་ཡིད་ཆེས་ཀྱིས་ཞེས་བྱ་བ་ཐེག་པ་ཆེན་པོ་ལ་ཡང་སངས་རྒྱས་ཀྱི་བཀའ་ཉིད་དུ་ཡོད་ཆེས་པ་མན་ངག་བརྒྱུད་པ་ལས་འགྲུབ་པ་ཉིད་དུ་ཤེས་པརཱ་གྱིས་ཤིག། ཅེས ་བྱ་བའི་དོན་ཏོ།། གཉི་ག་འདོད་པ་བདེན་ནི་ཞེས་བྱ་བ་ནི་གལ་ཏེ་ཕ་རོལ་པོ་འདི་སྙམ་དུ་སངས་རྒྱས་ཀྱི་བཀྲོའ་ཉིད་རྣམ་པར་བཞག་པ་ནི་ཁྱེད་དང་འུ་བུ་ཅག་གཉི་གི་འདོད་པ་ཡིན་ན། སངས་རྒྱས་ཀྱི་བཀའ་ཉིད་དུ་བདེན་པ་ཡིན་གྱི། ཐེག་པ་ཆེན་པོ་ནི ་ཁོ་བོ་ཅག་གིས་མི་འདོད་པའི་ཕྱིར་སངས་རྒྱས་ཀྱི་བཀའ་ཉིད་དུ་བདེན་པ་མ་ཡིན་ནོ་ཞེ་ན། འོ་ནཱ་ནི་དེའི་ཚེ་རིག་བྱེད་རྣམས་ཀྱང་བདེན་པར་འགྱུར་ཞེས་པ་ནི་རིག་བྱེད་ཀྱི་ཚིག་རྣམས་ཀྱང་དུག་ལ་སོགས་པ་ཞི་བར་བྱེད་པའི་ནུས་པ་དང་ལྡན་པར ་གཉི་གས་འདོད་པའི་ཕྱིར་སངས་རྒྱས་ཀྱི་བཀའ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར། སངས་རྒྱས་ཀྱི་བཀའ་ཉིད་དུ་རྣམ་པར་བཞག་པ་གཉི་ག་འདོད་པ་ཞེས་བྱ་བ་ཉིད་ནི་རིགས་པར་འཐད་པ་མ་ཡིན་ཞེས་བྱ་བའི་དོན་ཏོ།། འོན་ཏེ་སངས་རྒྱས་ཀྱི ་བཀའ་ཉིད་དུ་རྣམ་པར་གཞག་པ་ནི་མདོ་སྡེ་ལ་འཇུག། འདུལ་བ་ལ་སྣང་། མཚན་ཉིད་དང་མི་མཐུན་མེད་པ་ཞེས་བྱ་བ་ཡིན་ན་ཐེག་པ་ཆེན་པོ་ནི་དེ་ལྟ་མོ་ཡིན་ཏེ། ཇི་ལྟ་ཞེ་ན། ཉན་ཐོས་ཀྱི་ཐེག་པའི་ལུང་ལས་ནི་བསགས་པ་ལ་སོགས་པ ་ཡོད་པ་ཉིད་དུ་གསུངས་ལ། ཐེག་པ་ཆེན་པོ་ལས་ནི་བཀག་པའི་ཕྱིར་ཏེ། ཇི་ལྟ་བས་ན་མདོ་སྡེ་དང་འགལ་བས་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ་ཞེས་བསམས་ནས། གལ་ཏེ་ཕན་ཚུན་འགལ་ཞེས་བྱ་བ་སྨྲས་སོ།། འོན་ཏེ་དེ་ལྟར་ཕན་ཚུན ་མི་མཐུན་པ་ཙམ་གྱིས་སངས་རྒྱས་ཀྱི་བཀའ་ཉིད་དུ་མི་འགྱུར་ན་ནི་དེའི་ཚེ་འདུལ་བ་ལ་སོགས་བྱ་དོར་དགོས་སོ་ཞེས་བྱ་བ་ཁྱེད་ཉན་ཐོས་ཀྱི་ལུང་ལས་ཀྱང་ཕན་རྒྱུན་མི་མཐུན་པའི་ཕྱིར་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ་ཞེས་དོར་དགོས་པ་ཉིད་དུ ་ཐལ་བར་འགྱུར་རོ།། འོན་ཏེ་དེ་ནི་སེམས་ཅན་མོས་པ་མི་མཐུན་པ་རྣམས་དགའ་བར་བྱ་བའི་དོན་དུ་གསུངས་པའི་ཕྱིར་ན་མི་མཐུན་པ་ཡིན་ཡང་སངས་རྒྱས་ཀྱི་བཀར་ཉིད་དུ་མི་འགལ་ལ་བྷྱོན། འོན་ཏེ་ཁོ་བོ་ཅག་ལ་ཡང་མཚུངས་སོ་སྙ ་ནས། སེམས་ཅན་མི་མཐུན་དགའ་བྱའི་ཕྱིར། གསུངས་པ་ཞེས་བྱ་བ་དེ་ཐེག་པ་ཆེན་པོའི་ལུང་པོ་ཡང་མི་འདོད་རློམ་སྟེ། དེ་ཡང་སེམས་ཅན་མོས་པོ་མི་མཐུན་པ་རྣམས་དྲན་པར་བྱ་བའི་དོན་དུ་གསུངས་པ་ཡིན་པས། ཉན་ཐོས་ཀྱི་ལུང ་དང་མི་མཐུན་པ་ཡིན་ཡང་སངས་རྒྱས་ཀྱི་བཀའ་ཉིད་དུ་མི་འགལ་ལཱྀ་ཞེས་བྱ་བའི་དོན་ཏོ།། ད་ནི་མཇུག་བསྡུ་བའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། སུན་འབྱིན་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་པ་ཉིད་དུའོ།། ་ཐེ་ཚོམ་མེད་པར་ཞེས་བྱ་བ་ནི་སངས་རྒྱས་ཀྱི་བཀའ་ཡིན་ནམ་མ་ཡིན་ཞེས་བྱ་བའི་ཐེ་ཚོམ་མོ།། ད་ནི་ལསྣ་དང་པོ་པཾ་དག་སྟོང་པ་ཉིད་ཀྱི་རྣལ་འབྱོར་བསྒོམ་པ་ལ་མི་སྐྲག་པོར་བྱའོ་ཞེས་བསྟན་པའི་ཕྱིར། སྡུག་བསྔལ་བསྐྱེད་དངོས་ཞེས ་བྱ་བ་ལ་སོགས་པ་སྨོས་སོ།། སྟོང་ཉིད་འཇིགས་པ་ཞི་བྱེད་ན།། ཞེས་བྱ་བ་ནི་སྡུག་བསྔལ་ཞི་བར་བྱེད་པའི་རྒྱུ་ཡིན་ན་ཞེས་བྱ་བའི་དོན་ཏོ།། ད་ནི་གང་འཇིགས་པར་འགྱུར་པའི་བདག་ཞེས་བྱ་བ་མ་གྲུབ་པས། སྟོང་པ་ཉིད་པོ་སྒོམ་པ་ལ ་འཇིགས་པར་མི་བྱའོ།། ཞེས་བསྟན་པའི་ཕྱིར། བདག་ཅེས་བྱ་བ་ལ་སོགས་པ་སྨོས་སོ།། བདག་ཇི་ལྟར་མ་གྲུབ་ཅེ་ན། རེ་ཞིག་གཟུགས་བདག་མ་ཡིན་པར་བསྟན་པའི་ཕྱིར། སྒོ་དང་སྒྲ་སེན་ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། དེ་དག་ནི་བདག་མ་ཡིན་ཏེ། བདག་དང་མཚན་ཉིད་མི་མཐུན་པའི་ཕྱིར་ཏེ། ཇི་ལྟར་ཞེ་ན། སོ་ལ་སོགས་པ་དེ་དག་ནི་མི་རྟག་པ་དུ་མ་ཡིན་པའི་ཕྱིར་དང་། བདག་ནི་རྟག་པ་གཅིག་པུ་ཡིན་པའི་ཕྱིར་རོ།། གལ་ཏེ་དེ་དོག་བདག་བཞིན ་དུ་རྟག་པ་དང་གཅིག་པུ་ཉིད་དུ་འགྱུར་བ་འམ། ཡང་ན་ནི་བདག་ཀྱང་མི་རྟག་པ་དུ་མ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ།། ང་ནི་རྣམ་པར་ཤེས་པའི་ཕུང་པོ་བདག་མ་ཡིན་པར་བསྟན་པའི་ཕྱིར། རྣམ་ཀུན་དུ་རྣམ་ཤེས་དྲུག་ནི་བདག་མ་ཡིན ་ཞེས་བྱ་བ་སྨོས་ཏེ། དེ་དག་ནི་ཡུལ་གཟུགས་ལ་སོགས་པ་རྣམས་ལ་སོ་སོར་འཛིན་པ་ཡིན་ལ་བདག་ནི་ཐམས་ཅད་ལ་འཛིན་པའི་ཕྱིར། དེ་དག་ཀྱང་བདག་མ་ཡིན་ནོ།། གལ་ཏེ་ཡིན་ན་ནི་དེ་དག་ཀྱང་བདག་ཉིད་དུ་རེ་རས་ཀྱང་ཡུལ་ཐམས ་ཅད་འཛིན་པར་ཐལ་བར་འགྱུར་བ་འམ། ཡང་ན་ནི་བདག་ཀྱང་དེ་བཞིན་དུ་ཡུལ་རེ་རེ་ལཱ་འཛིན་གྱི། ཐམས་ཅད་མི་འཛིན་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ།། དེ་ནི་ཡིད་བདག་མ་ཡིན་པར་བསྟན་པའི་ཕྱིར། གལ་ཏེ་ཡིན་ན་ནི་ཞེས ་བྱ་བ་ལ་སོགས་པ་སྨོས་ཏེ། ཡིད་ནི་འགགས་མ་ཐག་པ་ཡིན་པས། དེ་ལྟར་མེད་པ་ཡིན་ལ། བདག་ནི་རྟག་པ་ཡིན་པས་ང་ལྟར་སྤྱོད་པའི་ཕྱིར་རོ།། གལ་ཏ་ཡིན་ན་ནི་བདག་བཞིན་ཡིད་ཀྱང་དེ་ལྟར་ཡོད་པར་ཐལ་བར་འགྱུར་བའི ་ཕྱིར། ཡིད་ཀྱི་མཚན་ཉིད་ཉམས་འགྱུར་བ་འམ། ཡང་ན་ནི་ཡིད་བཞིན་དུ་བདག་ཀྱང་ད་ལྟར་མེད་པས་བདག་གི་མཚན་ཉིད་ཉམས་པར་གྱུར་པའི་ཕྱིར་རོ།། ད་ནི་མ་འོངས་པའི་སེམས་བདག་མ་ཡིན་པར་བསྟན་པའི་ཕྱིར། འོན་ཏེ་མ་འོངས ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མ་འོངས་པའི་སེམས་མ་བྱུང་བས་ད་ལྟར་མེད་པ་ཡིན་ཞིང་། བདག་ནི་རྟག་པས་དྭ་ལྟར་ཡོད་པའི་ཕྱིར་རོ།། གོལ་ཏེ་ཡིན་ན་ནི་མ་འོངས་པའི་སེམས་བཞིན་བདག་ཀྱང་ད་ལྟར་མེད་པར་ཐལ་བར་འགྱུར་བ་འམ། ་ཡང་ནི་བདག་བཞིན་དུ་མ་འོངས་པའི་སེམས་ད་ལྟར་ཡོད་པ་ཉིད་དུ་སྦྲེལ་བར་འགྱུར་བའི་ཕྱིར་རོ།། དཱ་ནི་ད་ལྟར་བའི་སེམས་བདག་མ་ཡིན་པར་བསྟན་པའི་ཕྱིར། གལ་ཏེ་བུམ་སེམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ད་ལྟར ་གྱི་དུས་སུ་བདག་ཏུ་ལཱྀ་ཛིན་པའི་སེམས་དེ་བདག་མ་ཡིན་ནོ་ཞེ་ན། མི་རུ་སྟེ། དོ་ནི་ཡུལ་ཙུན་ཡིན་པའི་ཕྱིར་རོ།། གལཱ་ཏེ་ཡིན་ནཱ་དེ་བདག་ཏུ་འཛིན་པའི་སེམས་ཡིན་པར་མི་རུང་སྟེ། ཡུལླ་གྱི་ངོ་བོ་ཡིན་པའི་ཕྱིར་ཏེ། དཔེར་ན་བུམ་པ ་ཡིན་ན་བུམ་པ་ལ་འཛིན་པའི་སེམས་ཡིན་པར་མི་རུང་བ་བཞིན་ནམ། བུམ་པ་ལ་འཛིན་པའི་སེམས་ཡིན་ན་བུམ་པ་ཡིན་པར་མི་རུང་བ་བཱཞིནྡ་ནོ།། ང་ནི་འདས་པའི་སེམས་བདག་མ་ཡིན་པར་བསྟན་པའི་ཕྱིར། གལ་ཏེ་བྱུང་སེམ ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདས་པའི་སེམས་ནི་འགགས་ནས་མེད་པའི་ཕྱིར་དང་། བདག་ནི་བརྟག་པ་ཡིན་ནས་ད་ལྟར་ཡོད་པའི་ཕྱིར་རོ།། གལ་ཏེ་ཡིན་ན་ནི་འདས་པའི་སེམས་བཞིན་དུ་བདག་ཀྱང་འགགས་ནས་མེད་པར ་འགྱུར་བའམ། ཡང་ན་ནི་བདག་བཞིན་དུ་འདས་པའི་སེམས་ཀྱང་ད་ལྟར་ཡོད་པ་ཉིད་དུ་འགྱུར་བས་དེ་གཉིས་ཀྱིས་སོ་སོའི་མཚན་ཉིད་ཉམས་པར་འགྱུར་བའི་ཕྱིར་རོ།། དེ་ལྟར་རྣམ་པར་ཤེས་པའི་ཕུང་པོ་བདག་མ ་ཡིན་པར་བསྟན་ནས། ད་ནི་ཁམས་བཅོ་བརྒྱད་བདག་མ་ཡིན་པར་བསྟན་པའི་ཕྱིར། གལ་ཏེ་བདག་མིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། མིག་གི་ཁམས་ནི་གཟུགས་ལྔ་ཡོངས་སུ་འཛིན་གྱི་སྒྲ་ལ་སོགས་པ་གཞན་ཡོངས་སུ་མི་གཅོད ་པའི་ཕྱིར་དང་། བདག་ནི་ཐམས་ཅད་འཛིན་པའི་ཕྱིར་རོ།། ད་ལྟར་མ་ཡིན་ན་མིག་གི་ཁམས་བཞིན་དུ་བདག་གིས་ཀྱང་སྒྲ་མི་ཐོས་པར་འགྱུར་པ་འམ། ཡང་ན་ནི་བདག་བཞིན་དུ་མིག་གི་ཁམས་ཀྱིས་ཀྱང་ཐམས་ཅད་འཛིན་པ་ཉིད་དུ་ཐལ ་བར་འགྱུར་བའི་ཕྱིར་རོ།། མིག་གི་ཁམས་ཇི་ལྟ་བ་བཞིན་དུ་མཚན་ཉིད་མི་མཐུན་པའི་ཕྱིར་ཞེས་བྱ་བ་སྒྲུབ་པར་བྱེད་པའི་རིགས་པ་དང་། སོ་སོའི་མཚན་ཉིད་ཉམས་པར་ཐལ་བར་འགྱུར་ཞེས་བྱ་བ་བཟློག་པ་གནོད་པ་ཅན་གྱིས་ཚད་མས་ཅི ་རིགས་སུ་སྦྱར་བར་བྱའོ།། ད་ནི་ཚོར་བ་དང་། འདུ་ཤེས་དང་མཚུངས་པར་ལྡན་པའི་འོདུ་བྱེད་ཀྱི་ཕུང་པོ་སྟེ། དངོས་སུ་སེམས་ལས་བྱུང་བ་རྣམས་བདག་མ་ཡིན་པར་བསྟན་པའི་ཕྱིར། དེ་བཞིན་བདེ་མིན་ཞེས་བྱ་བ་ལ་སོགས་པ་སྨོས ་ཏེ། བདེ་བ་ནི་བདེ་བར་ཉམས་སུ་མྱོང་གི་སྡུག་བསྔལ་ལ་སོགས་པར་ཉམས་སུ་མི་མྱོང་བའི་ཕྱིར། ཚོར་བ་བདེ་བ་ནི་བདག་མ་ཡིན་ཏེ། གལ་ཏེ་ཡིན་ན་བདག་བཞིན་དུ་ཚོར་བ་བདེ་བས་ཀྱང་ཐམས་ཅད་ཉམས་སུ་མྱོང་བར་ཐལ་བར་འགྱུར ་བ་འམ། ཡང་ན་ཚོར་བ་བདེ་བ་བཞིན་དུ་བདག་གིས་ཀྱང་བདེ་བ་འབའ་ཞིག་ཉམས་སུ་མྱོང་བར་འགྱུར་བའི་ཕྱིར་རོ།། དེ་བཞིན་དུ་སྡུག་བསྔལ་ལ་སོགས་པ་གཞན་དག་ལ་ཅི་རིགས་སུ་སྦྱར་རོ།། ད་ནི་སྐབས་ཀྱིས་དོན་གྱི་མཇུག་བསྡུ་བའི་ཕྱིར། ་དེ་ལྟར་བདག་ཏུ་རུང་བ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ང་ནི་མུ་སྟེགས་གྲངས་ཅན་པོས་བདག་སེམས་པ་ཡོད་པའི་བདག་ཉིད་དུ་འདོད་པ་དང་། བྱེ་བྲག་མེད་པའི་སེམས་པ་མེད་པ་བདག་ཉིད་དུ་འདོད་པ་དེ་དག་གཉི་ག་ཡང་སེམས་ལས ་མ་གཏོགས་པ་ཉིད་དུ་ཁྭས་བླངས་པའི་ཕྱིར་བདག་ཉིད་ཡིན་པར་མི་འཐད་དོ་ཞེས་བསྟན་པའི་དོན་དུ་སེམས་འདི་ཉིད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དེ་ནི་བདག་གྲུབ་ཏུ་ཟིན་ཀྱང་རྟག་པ་ཉིད་ཀྱིས་ནཱ་ལས་དང་འབྲས་བུ་ཇི་ལྟར་ཡང་མི ་འཐད་པར་བསྟན་པའི་ཕྱིར། ལུས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། བདག་མེད་ཀྱང་དངོས་པོ་མི་རྟག་པ་ལ་ལས་དང་འབྲས་བུ་མི་འགལ་བར་ཕྱི་རོལ་དང་ནང་གི་དཔེ་གཉིས་ཀྱིས་གོ་རིམས་བཞིན་དུ་བསྟན་པའི་ཕྱིར།། ་ས་བོན་ལ་ནི་ཞེས་བྱ་བོ་ལ་སོགས་པ་དང་། བྱིས་པའི་ལུས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དྲ་ནི་ལུས་ལ་སོགས་པ་མི་རྟག་པ་ཡིན་པ་བསྟན་པའི་ཕྱིར། མངལ་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ཇི་ལྟར་མི་རྟག་པར ་འགྱུར་བའི་ཚུལ་བསྟན་པའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དེ་ལྟར་ནི་མ་གྲུབ་ཀྱི་སོ་སོའི་རྒྱུད་ལས་སྐྱེ་ཞིང་འཇིག་པར་བསྟན་པའི་ཕྱིར། དེ་ལྟར་སེམས་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། སེམས་ཅན ་མེད་ཀྱང་སྙིང་རྗེ་བྱ་བ་མི་འགལ་བར་བསྟན་པའི་ཕྱིར། གལ་ཏེ་སེམས་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དགོས་པའི་དོན་དུ་ཞེས་བྱ་བ་ནི་ཐ་སྙད་གདུགས་པ་བླ་བའི་ཕྱིར་ཏེ། སྐྱེས་བུ་ལྷས་བྱིན་ཞེས་བྱ ་བར་ཐ་སྙད་མ་གཏོགས་པར་གཟུགས་དང་། ཚོར་བ་དང་། ཞེས་བྱ་བ་ལ་སོགས་པས་ཐ་སྙད་དགགས་དཀའ་བར་འགྱུར་བའི་ཕྱིར་དང་། འཇིག་རྟེན་པ་དང་མཐུན་པར་བྱ་བའི་ཕྱིར་ཏེ། འཇིག་རྟེན་ལ་ཡང་གང་ཟག་ཅེས་བྱ་བ་ལ ་སོགས་པར་གྲགས་ཀྱི་གཟུགས་ལ་སོགས་པའི་ཆོས་ཙམ་དུ་མོ་གྲགས་པའི་ཕྱིར་དང་། ལུང་དང་མཐུན་པར་བྱ་བའི་ཕྱིར་ཏེ། ལུང་ལས་ཀྱང་སྐྱེས་བུ་གང་ཟག་འདི་ནི་ཁམསོ་དྲུག་པ་ཞེས་བྱ་བ་ལ་སོགས་པས་གསུངས་ཀྱི། གཟུ ་ལ་སོགས་པ་འདི་ནི་ཞེས་བྱ་བ་ལ་སོགས་པ་མུ་གསུངས་པའི་ཕྱིར་དང་། སྐྱོན་དང་ཡོན་ཏན་ཆད་གཟུང་བའི་ཕྱིར་ཏེ། སྐྱེས་བུ་གང་ཟག་ཅེས་བྱ་བར་བཏགས་ན་དེའི་སྐྱོན་ལ་སོགས་ཚད་ཟིནྡོ་པར་འགྱུར་གྱི། གཟུགས་ལ་སོགས ་པ་འདི་ནི་སྐྱོན་འདི་ཙམ་དང་ལྡན་ནོ་ཞེས་བརྗོད་ན་དེའི་ཆུད་ཟིན་པར་མི་འགྱུར་བའི་ཕྱིར་རོ།། ཇི་ལྟར་ཁྱེད་ལ་ཞེསྡེ་བྱ་བ་ནི་ཁྱོད་ཀྱི་སེམས་ཅན་དང་ཞེས་བྱ་བ་ལ་སོགས་པར་བཏགས་ནས། དེ་སྙང་རྗེ་སྐྱེ་བ་བཞིན་དུ་ཁོ་བོ་ཅག་གིས ་གཞུང་གོང་དུ་བསྟན་པ་བཞིན་དུ་དགོས་པ་རྣམ་པ་བཞིའི་དབང་གིས་སེམས་ཅན་ཞེས་བྱ་བར་བཏགས་ནས་སྙིང་རྗེ་བྱ་བར་འགལ་བ་མེད་དོ་ཞེས་བྱ་བའི་དོན་ཏོ།། ད་ལྟར་ཇི་སྐད་བཤད་པའི་ཚུལ་གྱིསོ་བདག་ཅེས་བྱ་བ་མ་གྲུབ་པའི ་ཕྱིར། སྟོང་པ་ཉིད་དུ་བསྒོམས་པས་འཇིགས་པ་ཡང་མང་ལ། དེ་བཅིངས་པ་ཡང་མེད་ཅིང་གྲོལ་བར་བྱ་བའི་ཕྱིར་དག་པ་ལ་བརྩོན་པར་བྱ་བ་མ་ཡིན་གྱི། བདག་མ་གྲུབ་ཀྱང་བདག་ཏུ་གཟུང་བའི་གཞི་སེམས་དེ་བཅིངས་པ་ལས་གྲོལ་བར ་བྱིབྱ་བའི་ཕྱིར་དགེ་བ་ལ་བརྩོན་པར་བྱའོ།། ཞེས་བསྟན་པའི་དོན་དུ་ཇི་ལྟར་ཆུ་ཞིང་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། འོན་ཏེ་སྟོང་པ་ཉིད་ཀྱི་རྣལ་འབྱོར་དེ་ཇི་ལྟར་བསྒོམ་པར་བྱ་ཞེ་ན། དེ་བསྒོམ་པའི་རིམ་པ་བསྟན་པའི་ཕྱིར། ལུས་ནི་རྐང ་པ་བྱིན་པ་མིན་ཞེས་པ་ལ་སོགས་པ་གསུངས་ཏེ། ཐོག་མར་སོ་སོར་རྟོགས་པའི་ཤེས་རབ་ཀྱི་ལྟ་བ་བཞིན་དུ་གཏན་ལ་ཕབ་ནས་དེའི་རྗེས་ལ་གཏན་ལ་ཕབ་པའི་དོན་བསྒོམ་པ་ནི་བསྒོམ་པའི་རིམ་པ་ཡིན་ནོ།། དེ་ལྟར་མ་བྱས་ན་ཉེས ་བྲ་ཅི་ཡོད་སྙམ་པ་ལྔ། དངོས་པོའི་མཚན་ཉིད་གཏན་ལ་མ་ཕེབས་པའི་ཕྱིར། དེ་བསྒོམ་པ་ལ་འཇུག་པར་ཡང་མི་འགྱུར་ལ། ཞུགས་ཀྱང་ཐེ་ཚམ་ཟླ་བར་འགྱུར་ཞིང་། དེ་ནི་སྒྲིབ་པ་སྤོང་བའི་གཉེན་པོར་ཡང་མི་འགྱུར་པའི ་ཕྱིར་ཏེ། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། ཏིང་ངེ་འཛིན་དེ་ནི་བསྒོམ་པ་བྱེད་མོད་ཀྱི། དེ་ནི་བདག་ཏུ་འདུ་ཤེས་འཇིག་མི་བྱེད།། དེ་ནི་ཉོན་མོངས་ཕྱིར་ཞིང་རབ་འཁྲུགས་ཏེ། ལྷག་སྦྱོང་འདི་ནི་ཏིང་འཛིན་བསྒོམ་པ་བཞིན། ་ཞེས་གསུངས་པ་ལྟ་བུའོ།། འོན་ཏེ་སོ་སོར་རྟོག་པའི་ཤེས་རབ་ཀྱི་གཏན་ལ་ཕབ་ནས་བསྒོམ་ན་དེའི་ཚེ་ཅིར་འགྱུར་ཞེ་ན། ཐོག་མ་བསྒོམ་པ་ལ་འཇུག་པར་འགྱུར་ཞིང་། ཞུགས་ནས་ཐེ་ཚོམ་མི་ཟོ་བར་ཡང་འགྱུར་ལ། སྒྲིབ་པ་སྤོང ་བའི་གཉེན་པོར་འགྱུར་བའི་སྒོ་ནས་མྱ་ངན་ལས་འདས་པའི་རྒྱུར་འགྱུར་བའི་ཡང་ཕྱིར་ཏེ། ཇི་སྐད་དུ་མདོ་སྡེ་ཉིད་ལས། གལ་ཏེ་ཆོས་ལ་བདག་མང་སོ་སོར་རྟོག། སོ་སོར་དེ་བརྟགས་གལ་ཏེ་སྒོམ་པ་ནི།། དེ་ནི་མྱ་ངན་འདས ་ཐོབ་འབྲས་བུའི་རྒྱུ།། རྒྱུ་གཞན་གང་ཡིན་དེས་ནི་ཞིར་མི་འགྱུར། ཞེས་གསུངས་པ་ལྟ་བུའོ།། གལ་ཏེ་དེ་ལྟ་ཡིན་ན་དེའི་ཚེ་གང་ལ་ཇི་ལྟར་བརྟག་པར་བྱ་སྙམ་པ་ལ། རྒྱལ་བ་བྱམས་པས་དབུས་མཐའ་ལས།། ཕྱིན་ཅི་ལོག་བཞི་སྤང་བ་དང་།། ་བདེན་པ་བཞི་ལ་འཇུག་བྱའི་ཕྱིར།། དྲན་པ་ཉེ་བར་གཞག་པ་བསྒོམ་ཞེས་གསུངས་པས། ལུས་དང་ཚོར་བ་དང་། སེམས་དང་ཆོས་ལྔ་བརྟག་པར་བྱ་སྟེ། དེ་ལ་དྲང་པོ་ལུས་ལ་བརྟག་པའི་དབང་དུ་བྱས་ནས་ལུས་ནི་རྐང་པ་ཞེས་བྱ་བ་ནི ་ལུས་ཞེས་བྱ་བ་དེ་རྐང་པ་ལ་སོགས་པ་དེ་ཉིད་ཀྱི་མ་ཡིན་ལ། གཞན་ན་ཡང་མེད་པར་བསྟན་ཏེ། ཅིའི་ཕྱིར་ཞེ་ན། རྐང་པ་ལ་སོགས་པ་དེ་དག་ནི་ཐ་དད་པས། དུ་མ་ཡིན་པའི་ཕྱིར་དང་། དེ་ལས་ལོགས་ཞིག་ན་དམིགས་པའི་རིག་བྱར་གྱུར་པ ་ལ་མི་དམིགས་པའི་ཕྱིར་རོ།། སྙམ་དུ་བསམས་པའོ།། ད་ནི་ཡུལ་ཞེས་བྱ་བ་དེ་ཡན་ལག་རྣམས་ལ་ཆ་ཤས་ཀྱི་གནས་སམ་བདག་ཉིད་ཐམས་ཅད་ཀྱིས་གནས་བརྟག་སྟེ། དེ་ལ་ཕྱོགས་དང་པོའི་དབང་དུ་བྱས་ནུས་ཆ་ཤ་སྔ་དང་བཅས་པ ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར། གལ་ཏེ་ལུས་འདི་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ཕྱོགས་གཉིས་པ་ལྟར་ཡིན་ན་ནི། ལུས་དེ་ཉིད་མང་པོ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་བསྟན་པའི་ཕྱིརརོ།། ལུས་ནི་ལག་སོགས ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ད་ནི་ལག་པ་ལ་སོགས་པའི་ནང་དང་ཕྱི་རོལ་ན་ཡང་མེད་པར་བསྟན་པའི་ཕྱིར། ལུས་ནི་ལག་སོགས་ནང་ན་གནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆ་ཤས་མེད་པས་ཞེས་བྱ་བ་ནི་ལུས་གཅིག་གི་མཚན་ཉིད ་དེའོ།། ཆ་ཅན་གྱི་ནང་དུ་འཇུག་པར་ཞེས་བྱ་བ་ནི་ཡན་ལག་དུ་མའི་ནང་དུ་འཇུག་པ་སྟེ། ལུས་ནི་གཅིག་ཡིན་པའི་ཕྱིར། ཡན་ལག་དུ་མའི་ནང་དུ་འཇུག་པོར་མི་རུང་ངོ་ཞེས་བྱི་བའི་དོན་ཏོ།། འོན་ཏེ་དེ་ལྟར་ལུས་མེད་ན་ལུས་ཀྱི་བློ་ཇི་ལྟར་འབྱུང ་སྙམ་པ་ལ། དེ་བས་ལུས་མེད་ཅེས་བྱ་བ་ལ་སོགས་པ་སྨོས་སོ།། དྲ་ནི་ཡན་ལག་རྣམས་ཀྱང་མ་གྲུབ་པར་བསྟན་པའི་ཕྱིར། དེ་བཞིན་སོར་མོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ད་ནི་རྡུལ་ཕྲ་རབ་མ་གྲུབ་ཀྱང་བསྟན་པའི་ཕྱིར། ཕྱོགས་ཆ ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆ་མོད་པར་ཞེས་བྱ་བ་ནི་ཆ་ཤས་ཀྱིས་གཞིགས་ན་མེད་ཅེས་བྱ་བའི་དོན་ཏོ།། ད་ནི་རྡུལ་ཕྲ་རབ་བསགས་པ་མ་གྲུབ་པར་བསྟན་པའི་ཕྱིར། རྡུལ་རྣམ་པ་ཞེས་བྱ་བ་ལ་སོགས་པ་སྨོསྨྲས་སོ།། དེ་ལྟར་ལུས་དྲན ་པ་ཉེ་བར་གཞག་པ་བསྒོམ་པའི་ཐབས་བསྟན་ནས། ད་ནི་བསྒོམ་པའི་ཕན་ཡོན་བསྟན་པའི་ཕྱིར། ད་ལྟར་བརྟགས་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྗེས་སུ་ཆ་གོས་པ་དེང་ཁོང་ཁྲོ་བ་ལ་སོགས་པའི་ཉོན་མོངས་པ་སྤོང་བར་འགྱུར ་ཞེས་བྱ་བའི་དོན་ཏོ།། དོན་ཚོར་བ་དྲན་པ་ཉེ་བར་གཞག་པ་བསྒོམ་པའི་ཐབས་ཀྱི་དབང་དུ་བྱས་ནསོ། སེམས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་ཡུལ་མྱོང་བར་བྱེད་པ་མི་འཐད་པར་བསྟན་ཏོ།། བདག་གི་ཞེས་བྱ་བ་འདི་ནི་རང་ཉམས་སུ ་མྱོང་བར་བྱེད་པ་ཉིད་མི་འཐད་པར་བསྟན་ཏོ།། གཞན་གྱིས་ཀྱང་ནི་ཞེས་བྱ་བ་ལ་སོགས་པ་ནི་མྱོང་བར་བྱ་བ་ཉིད་དུ་མི་འཐད་པར་བསྟན་ཏོ།། དེ་ལྟར་ཚོར་བ་ཞེས་བྱ་བ་མྱོང་བའི་ངོ་བོ་ཡིན་ལ། ད་ནི་མྱོང་བར ་བྱེད་པ་དང་། མྱོང་བར་བྱ་བ་གཉིས་ལས། གཉི་ག་མི་འཐད་པར་བསྟན་ཏོ།། ད་ནི་དེ་ལྟར་བསྒོམ་པའི་ཕན་ཡོན་བསྟན་པའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚོར་བ་ནི་སྲེད་པ་སྐྱོ་བའི་རྟེན་བྱེད་པའི་ལས་ཅན་ཡིན་ལ། དེ ་ལྟར་བདེ་བ་ལ་སོགས་པའི་ཚོར་བ་རླུང་བཞིན་མེད་པར་ཤེས་པས་ཕྲད་པ་འམ། རྨོངས་པའི་སྲེད་པ་མི་འབྱུང་ངོ་ཞེས་བྱ་བའི་དོན་ཏོ།། དེ་ནི་སེམས་དྲན་པ་ཉེ་བར་གཞག་པ་སྒོམ་པའི་ཐབས་བསྟན་པའི་ཕྱིར། ཡིད་ནི་དབང་པོ ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནི་དབང་པོ་ལ་སོགས་པ་དེ་དག་ལྔ་ཡིད་ཆེས་བྱ་བ་དེ་གསུང་དུ་མེད་པའི་ཕྱིར། མི་གནས་པར་རང་བཞིན་མེད་པར་སྟོན་ཏེ། སེམས་ཅན་ཞེས་བྱ་བ་ནི་སེམས་ཀྱི་ཞེས་བྱ་བའི་དོན་ཏོ།། ད་ནི། ་མ་སྐྱེས་པས་རང་བཞིན་མེད་པར་བསྟན་པའི་ཕྱིར། ཤེས་བྱ་ལས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅིའི་ཕྱིར་ཤེས་བྱ་དུས་མཉམ་པ་ལ་དམིགས་ཏེ། སྐྱེར་མི་རུང་སྙམ་པཱ་ལ། ཤེས་བྱའི་དུསོ་ན་ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། ཤེས་བྱ་དུས་མཉམ་པ་ཡོད་པའི་དུས་ནི་ཤེས་པ་དེ་ཡོད་ན་ཤེས་བྱ་དུས་མཉམ་པ་དེས་ཤེས་པ་དེ་ལོ་ཕན་ཅི་ཞིག་བྱ་སྟེ། ཤེས་པ་མ་སྐྱེས་པའི་དུས་ན་ནི་ཤེས་བྱ་ཉིད་ཀྱང་མེད་པའི་ཕྱིར་གང་གིས ་ཕན་བྱེད། གང་གི་ཚེ་ཤེས་བྱ་སྐྱེས་པའི་དུས་དེའི་ཚེ་ན་ནི་ཤེས་པ་ཉིད་ཀྱང་སྐྱེས་པས་ཕན་བྱ་མི་དགོས་པའི་ཕྱིར་རོ།། འོན་ཏེ་གང་ལས་ཀྱང་མ་སྐྱེས་ཀྱང་རང་བཞིན་གྱིས་གནས་སོ་སྙམ་ན། རང་གི་གནས་པ་འགལ་མེད ་དེ། ཅིའི་ཕྱིར་ཞེ་ན། རྒྱ་མེད་པའི་ཕྱིར་ཏེ། དཔེར་ན་ནམ་མཁའི་མེ་ཏོག་བཞིན་ཞེས་བྱ་བའི་དོན་ཏོ།། ད་ནི་ཆོས་དྲན་པ་ཉེ་བར་གཞག་པ་བསྒོམ་པོའི་ཐབས་ཀྱི་དབང་དུ་བྱས་ནས། རྐྱེན་རྣམས་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། རྐྱེན་སོ་སོ་བ་ལས་མི་སྐྱེ་སྟེ། ས་བོནྡ་ལ་སོགས་པ་རེ་རེ་ལས་མི་འབྱུང་བའི་ཕྱིར་རོ།། འདུས་པ་ལས་ཀྱང་མི་སྐྱེ་སྟེ། གང་ལས་མི་སྐྱེ་བ་དེ་དག་ཉིད་འོདུས་པའི་ཕྱིར་རོ།། འོ་ན་གཉིས་པོ་དེ་ལས་གཞན ་པ་ལས་སྐྱེས་སམ་ཞེ་ན། གཞན་ན་སྔོ་འོང་བ་མ་ཡིན་ལ། དེ་ལྟར་མ་སྐྱེས་པའི་ཕྱིར། གནས་པ་མེད་ལ་འགྲོ་བ་མེད། ཅེས་སྨོས་སོ།། འོ་ན་འཇིག་རྟེན་པ་རྣམས་ཀྱིས་ཇི་སྟེ་བདེན་པར་རྟོགས་སྙམ་པ་ལ། དེ་ནི་འཁྲུལ ་ནས་བརྟགོས་པའི་ཕྱིར། སྒྱུ་མ་དང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དེ་ནི་དབང་པོ་རྣམས་ལ་དོན་དམ་པར་འགྲོ་བ་དང་། འོང་བ་དང་བྲལ་བར་བསྟན་པའི་ཕྱིར། སྒྱུ་མས་སྤྲུལ་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ད ་ནི་དངོས་པོ་རྣམས་ཡོད་པ་དཟོང་མེད་པ་གང་ཡོང་མ་སྐྱེས་པའི་ཕྱིར། དངོས་པོ་མེད་པའི་མཚན་ཉིད་ཡིན་པས་དངོས་པོ་ཡོད་པ་ཉིད་དུ་མི་འགྱུར་པར་བསྟན་པའི་ཕྱིར། དངོས་པོ་ཡོད་པར་འགྱུར་བ་ལ་ཞེས་བྱ་བ་ལ ་སོགས་པ་སྨོས་སོ།། འོ་ན་གཉི་ག་ཡིན་ནོ་སྙམ་པ་ལ། རང་བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ད་ནཱི་མཚན་གཞི་མ་གྲུབ་པ་དེའི་མཚན་ཉིད་མ་གྲུབ་པར་བསྟན་པའི་ཕྱིར། དེ་བཞིན་ཞེས ་བྱ་བ་ལ་སོགས་པ་སྨོས་སོ།། ད་ནི་མཇུག་བསྡུ་བའི་ཕྱིར། དེ་བས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྨི་ལམ་ཞེས་བྱ་བ་ལ་སོགས་པ་ནི་དོན་དམ་པར་མེད་ཀྱང་སྣང་བའི་ཕྱིར་རོ།། སྙིང་པོ་མེད་ཅེས་བྱ་བ་ནི་བརྟགས་ནས ་མོ་གྲུབ་པའི་ཕྱིར་རོ།། ང་ནི་དེ་ལྟར་བརྟགས་པའི་ཕན་ཡོན་འཇིག་རྟེན་གྱི་ཆོས་བརྒྱད་ལ་ཞེན་པ་དང་བྲལ་བར་འགྱུར་བར་བསྟན་པའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡནྡ་ལག་གི་དོན་ནི་གོ་སླའོ།། དཱ་ནི ་དངོས་པོར་ཞེན་པའི་དབང་གིས་སྡུག་བསྔལ་ལ་བདེ་བར་གནས་པར་ཕྱིན་ཅི་ལོག་པ་དག་ལ་གཉེན་པོར་སྟོང་པ་ཉིད་བསྟན་པའི་ཕྱིར། རང་བཞིན་ཉིད་གྲོལ་བར་བྱ་བའི་ཐབས་ལ་འབད་པར་བྱའི་ཞེས་བསྟན་པ་ནི། བདག་ཉིད ་བདེ་བར་འདོད་རྣམས་ནི། ཞེས་བྱ་བ་ལ་སོགས་པ་སྨོས་སོསྔོ།། ཡན་ལོག་གི་དོན་ནི་གོ་སླའོ།། བསྟན་བཅོས་ཀྱི་མིང་གི་དོན་ནི་སྔ་མ་བཞིན་ནོ།། ཤེས་རབ་བསྟན་པ་ཞེས་བྱ་བ་ལེའུ་བརྒྱད་པའི་བཤད་པ་རྫོགས་སོ།། ་ང་ནི་ལས་དང་འབྲས་བུ་དང་བཅས་པར་བྱ་བའི་ཕྱིར་དགེ་བའི་རྩ་བ་བསྔོ་བ་དང་། རང་གི་དགེ་བའི་བཤེས་གཉེན་ལ་དྲིན་དུ་གཟོ་བའི་སྒོ་ནས་ཕྱག་འཚལ་བའི་ཕྱིར་ལེའུ་དགུ་པ་གསུངས་ཏེ། བདག་གིས་བྱང་ཆུབ་སྤྱོད ་བ་ལ་ཞེས་བྱ་བ་ནས། སྨྱོན་པ་བཞིན་དུ་མཆོད་བྱེད་ཤོག། ཅེས་བྱ་བའི་བར་གྱིས་ལས་འབྲས་བུ་དང་བཅས་པར་བྱ་བའི་ཕྱིར། དགེ་བའི་རྩ་བ་བསྔོ་བ་བསྟན་ཏོ།། བསྟན་པ་རྙེད་དང་ཞེས་བྱ་བའི་ཚིག་གཉིས་ཀྱིས་བསྟན་པ་ཡུན ་རྙིང་དུ་གན་སྱོ་པཱར་བྱ་བའི་ཕྱིར་བསྔོ་བ་བསྟན་ཏོ།། གང་གི་དྲིན་གྱིས་དགེ་བློ་འབྱུང་ཞེས་བྱ་བའི་ཚིགས་སུ་བཅད་པ་གཅིག་གིས་དྲིན་གཟོ་བའི་སྒོ་ནས་རང་གི་དགེ་བའི་བཾ་ཤེས་གཉེན་ལ་ཕྱོག་འཚལྔ་བ་བསྟན་ཏོ།། བསྟན་བཅོས ་ཀྱི་མིང་གི་དོན་ནི་ལོའུ་དང་པོར་བཤད་པ་བཞིན་ནོ།། ། ཡོངས་སུ་བསྔོ་བ་ཞེས་བྱ་བ་སྟེ། ལེའུ་དགུ་པའི་བཤད་པ་རྫོགས་སོ།། ། དེ་དག་གི་ཡན་ལག་གི་དོན་ཤིན་ཏུ་གི་སླ་བའི་ཕྱིར་རྣམ ་པར་མ་ཕྱེའོ།། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་རྫོགས་སོ།། ་