| Wylie | e-texts produced with BDRC’s OCR application |
@རྒྱ་གར་སྐད་དུ། བོ་དྷི་སཏྭ་ཙརྱཱ་བ་ཏཱ་ར་པཉྩི་ཀ། བོད་སྐད་དུ། བྱང་ཆུབ་སེམས་དཔའི་སྐྱེད་པ་ལ་འཇུག་པའི་དཀའ་འགྲེལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག ་འཚལྔ་ལོ།། དོན་ཆེན་ལྡན་པའི་བྱང་ཆུབ་སྤྱོད་འཇུག་ལེ།། ཅུང་ཟད་རྟོགས་པར་དཀའ་བིའི་ཚིག་ཡོད་པ།། དེ་ངག་གསལ་བར་རྟོགས་པར་བྱ་ཕྱིར་འདིར།། ད་ནི་བདོག་གི་ཅུང་ཟད་ཙམ་འདི་བྲི།། གྲགས་པ ་རྣམས་ཀྱིས་བྱས་པའི་འགྲེལ་པ་ཡོད་མོད་ཀྱི།། དེ་ལྟར་ཁོ་བོས་ཚུལ་བཞིན་བྲི་བར་བྱ།། གང་ཞིག་ཟིལ་མེད་བློ་ལྡན་བྱེ་བྲག་ཤེས།། དེ་ཡི་འདི་ཡོ་བྱེ་བྲག་ཤེས་པར་འགྱུར།། འདིར་སློབ་དཔོན་ཞི་བའི་ལྷ་གསུང ་རབ་ཀྱི་དེ་ཁོ་ན་ཉིད་རིག་པ།། རང་དང་གཞན་གྱི་བདེ་བ་ལ་རེ་བ་མེད་པ་དང་འདོད་པ་དང་ལྡན་པ། བྱང་ཆུབ་སེམས་དཔེའི་ཡོན་ཏན་ལ་ངེས་པར་གནས་པས། གཞན་རྣམས་ལ་ཡོན་ཏན་དེ་བསྐྱེད་པར་བྱ་བའི་ཕྱིར་བྱང ་ཆུབ་ཀྱི་སྤྱོད་པ་ལ་འཇུག་པ་མཛད་པར་བཞད་ནས། བདེ་གཤེགས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུངས་སོ།། ཚིགས་སུ་བཅད་པ་འདི་ལ་དོན་དྲུག་གིས་བྱ་སྟན་ཏེ། དཀོན་མོཆོག་གློསུམ་དང ་ག་ན་ཐོས་དང་མཁན་པོ་ལ་སོགས་པ་རྣམས་ལ་ཕྱག་བཙལ་བ་དང་། བརྗོད་པར་བྱ་བ་དང་། འགྲེལ་པ་དང་། དགོས་པ་དང་། རང་དགའི་སྐྱོན་སྤང་བ་དང་། ཟློས་པའི་སྐྱོན་སྤང་བའོ།། ཕྱག་བཙལ་བ་ནི་བྱ་བའི་ཁྱད་པར ་ཉིད་ཀྱི་བསྟན་པའོ།། བདེ་གཤེགས་སྲས་ཀྱི་སྡོམ་ལ་འཇུག་པ་ནི། ཞེས་པ་ནི་བརྗོད་པར་བྱ་བའི་ཚིག་གོ། བསྟན་པར་བྱ་ཞེས་པ་ནི་དགོས་པ་མངོན་པར་བརྗོད་པ་དང་། འབྲེལ་པ་ནི་ཤུགས་ལས ་ཤེས་པར་བྱའོ།། གསུང་རབ་ཀྱི་ཚིག་ཅེས་པ་ནི་རང་དགའི་སྐྱོན་སྤང་བའོ།། བཏུས་པ་ཞེས་པ་ནི་ཟློས་པའི་སྐྱོན་སྤོང་བ་སྟེ། དེ་དག་ནི་བསྡུས་པའི་དོན་ཏོ།། ཡན་ལག་གི་དོན་ནི་བདེ་བར་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ལ། ་བདེ་བའི་སྒྲ་ནི་མཛེས་པ་ལ་སོགས་པའི་དོན་ཏོ།། ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་སྤངས་པས་མཛེས་པར་གཤེགས་པས་ན་བདེ་བཛྲ་ར་གཤེགས་པ་སྟེ། བུ་མོ་གཟུགས་མཛེས་པ་བཞིན་ནོ།། དེ་ཁོ་ན་ཉིད་མི་གསལ་བར ་བྱེད་པའི་མ་རིག་པ་ལ་སོགས་པ་རབ་ཏུ་བསལ་ནས་ཕྱིར་མི་ལྡོག་པར་གཤེགས་པའི་ཕྱིར་ན་ཡང་སྟེ། རིམས་ནང་ལེགས་པར་བྱང་བ་བཞིན་ནོ།། བག་ཆགས་ཐམས་ཅད་རབ་ཏུ་གསལ་ནས་ཇི་སྲིད་དུ་འགྲོ་བར་བྱ་བའི་མཐར ་ཕྱིན་པས་ན་ཡང་སྟེ། བུམ་པ་ལེགསྡེ་པར་གང་བ་བཞིན་ནོ།། དེ་ལྟ་བུའི་བདེ་བར་གཤེགས་པ་ལཾ་གུས་པར་ཕྱག་བཙལ་ནས། བདེ་བར་གཤེགས་པའི་སྲས་ཀྱི་སྡོམ་པ་ལ་འཇུག་པ་བསྟན་པར་བྱའོ།། ཞེས་བྱ་བར ་འབྲེལ་ཏོ།། སྲས་བཅས་ཞེས་བྱ་བ་ནི་རྒྱལ་བ་རྣམས་ཀྱི་སྲས་པོས་རབ་ཏུ་དགའ་བ་ལ་སོགས་པ་ཐོབ་པའི་ཕྱིརརོ་བྱང་ཆུབ་སེམས་དཔའ་དེ་དག་རྣམས་དང་བཅས་ཏེ་སྟབས་གཅིག་ཏུའོ།། དེ་དག་གོས་ནི་བྱང་ཆུབ་སེམས ་དཔའི་དགེ་འདུན་བསྟན་ཏེ།། ཆོས་ཀྱི་སྐུ་མངའ་ཞེས་པ་ནི་ལུང་དང་རྟོགས་པའི་བདག་ཉིད་ཀྱི་ཆོས་ཀྱི་སྐུ་མངའ་བ་དང་སྟབས་གཅིག་ཏུའོ།། ཆོས་ཀྱི་ཚོགས་བཅས་ཞེས་པའི་ཚིག་གིས་ནི་ཉན་ཐོས་ཀྱི་དགེ་འདུན་ཡང་བརྗོད་དེ། ་ཉན་ཐོས་ལ་སོགས་པ་ཕྱག་བྱ་བའི་འོས་སུ་གྱུར་པ་མ་ལུས་པ་ལྔ་ཕྱག་བྱས་པའོ།། ཅི་སྟེ་སངས་རྒྱས་ཀྱི་རྗེས་ལ་ཆོས་ལ། དེའི་རྗེས་ལ་དགེ་འདུན་ལྔའོ།། ཞེས་བསྟན་པར་བྱ་བ་ལ་ཅི་སྟེ་གོ་རིམ་བཟློག་ནས་བསྟན་ཞེ་ན་ཚིགས ་སུ་བཅད་པ་འབྲེལ་པར་བྱ་བའི་ཕྱིར་རོ།། བདེ་བར་གཤེགས་པའི་བདག་ཉིད་ཀྱིས་ཆོས་ཀྱི་དེའི་དབོང་གིས་བསྐྱེད་པ་ནི་བདེ་བར་གཤེགས་པའི་སྲས་ཏེ། བྱང་ཆུབ་སེམས་དཔའ་དེ་དག་གི་སྡོམ་པའམ་སྡོམ་པར་བྱེད་པས ་ན་སྡོམ་པ་སྟེ། བྱང་ཆུབ་ཀྱི་སེམས་གཟུང་བ་སྔོན་དུ་འགྲོ་བ་ཅན་གྱི་བྱང་ཆུབ་སེམས་དཔའི་བསླབ་པ་ཡང་དུ་རྟོག་པར་ལེན་པ་དེ་ལ། གང་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་ལ་སོགས་པ་དེས་འཇུག་པར་བྱེད་པའོ།། ་ཅི་སྟེ་ཁྱོད་ཀྱིས་རང་དོགར་བརྩམས་པ་ལ་སུས་འཛིན་པོར་བྱེད་སྙམ་པོ་ལ་བརྗོད་པ། གསུང་རབ་ཀྱི་ཚིག་སྟེ་ལུང་ལས་མ་འདས་པའོ།། ཅི་སྟེ་ལུང་ལ་དད་པ་རྣམས་དེ་ཉིད་ལ་འཇུག་པར་རག་མེད། ཁྱོད་ཀྱིས་ཅི ་བསྟན་ཞེ་ན། བརྗོད་པ་བཏུས་པ་སྟེ། མདོར་བསྡུས་ནས་སོ།། ཅི་ལུང་བཞིན་དུ་ཞེས་སྨོས་པས་དོན་ལ་ཁྱད་པར་མེད་པའི་ཕྱིར་ཇི་ལྟར་གཞན་དག་འཇུག་པར་བྱེད་སྙམ་པ་ལ་སྔོན་ཆད་མ་བྱུང་བ་ནི་འདིར་བ་རྗོད་མེད ་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ནི་ཞེས་བྱ་བ་ནི་ངེས་པར་གཟུང་བའོ།། སྟེབ་སྦྱོར་ནི་ཚིག་མཛེས་ཤིང་འཇེབས་པར་དགོད་པའོ།། དེའི་ཕྱིར་ཞེས་པ་ནི་སྦྱར་མ་བྱུང་བརྗོད་པ་དང་། སྡེབ ་སྦྱོར་མཁས་པ་མེད་པ་དེའི་ཕྱིར་རོ།། འོ་ན་ཅིའི་དོན་དུ་བྱས་ཤེ་ན། རང་གི་ཞེས་བྱ་བ་སྨོས་ཏེ། རང་གི་ཡིད་ལ་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱ་བའི་ཕྱིར་ཏེ། བསླབ་པར་བྱ་བའི་ཕྱིར་རོ།། དེ་ཉིད་བསྟན་པའི ་བདག་གི་ཞེས་སྨོས་ཏེ། དགེ་བ་ནི་བྱང་ཆུབ་ཀྱི་སེམས་སོ།། དད་པ་ཤུགས་ཏེ་དང་པོའི་སྟོབས་འཕེལ་བར་འགྱུར་རོ།། རེ་ཞིག་ཅི་ས་བྱ་བའི་སྒྲས་ནི་གཞན་གྱི་དོན་ལ་རོ་ལྟོས་ཡོད་པར་བསྟན་པའི་ཕྱིར་སྨྱོས ་ཏེ། ཅི་སྟེ་ཞེས་སྨོས་ཏེ། བདག་དང་སྐལ་བློ་མཉམ་པ་ནི་སྐུལ་བ་མཚུངས་པའོ།། སྡོམ་པ་ལ་འཇུག་པར་བྱེད་པའི་རྒྱུ་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་བརྗོད་པར་བཞེད་ནས་སྐབས་སུ་བབ་པའི་ཚིག། དེལ་འབྱོར ་ནི་མི་ཁོམ་པ་བརྒྱད་ལས་རྣམ་པར་གྲོལ་བའི་མིའི་དངོས་པོའོ།། མི་ཁོམ་པ་ན་འདི་དག་རྣམས་ཏེ། དམྱལ་བ་ཡི་དེ་གིས་བྱིལྔ་སོང་དང་།། ཀླ་ཀློ་ཚྭ་རིང་ལྷ་དང་ནི།། ལོག་ལྷ་སངས་རྒྱས་མེད་པ་དང་།། ལྐུགས་པ ་ལ་སོགས་མི་ཁོམ་བརྒྱད།། གང་ན་མཚན་མོ་མུན་ནག་སྤྲིན་དུ་གྱུར་པ་དེ་ན་འམ། ཡང་ན་དེ་ནས་སོ།། དེ་བཞིན་དུ་འཁོར་བའི་མུན་ནག་སྡིག་པའི་སྤྲིན་རུམ་དུ་སངས་རྒྱས་ཀྱིས་གློག་གི་མཐུས་བསོད་ནམས་བློ ་གྲོས་ཐང་འགའ་སྟེ་སྐད་ཅིག་ཙམ་འབྱུང་བའོ།། གང་གི་ཕྱིར་དེ་ལྟ་ཡིན་པ་དེ་ཉིད་ཀྱི་ཕྱིར་དགེ་བ་ཉམ་ཆུང་བ་ཉིད་ལ་བརྟག་པའོ།། སྡིག་པའི་སྟོབས་ནི་ནུས་པའོ།། ཆེན་པོ་ནི་མི་ཁོམ་པའོ།། ཤིན་ཏུ་མི་བཟུད་པ་ནི ་འཇིགས་པར་བྱེད་པའོ།། གལ་ཏེ་སྟོབས་ཆེན་པོ་ཡིན་དུ་ཟིན་མོང་། དེ་ལྟ་ན་ཡང་བསོད་ནམས་གཞན་གྱིས་རྒྱལ་བར་བྱེད་དོ།། ཞེས་དོགས་པ་ལ། དེ་ནི་ཞེས་བྱ་བ་སྨོས་ཏེ། མིན་པ་ཞེས་པ་ནི་རྟོག་པའི་མཐའ ་བཟུང་བའོ།། ཡང་ན་བར་ཞེས་པ་མི་སྲིད་པའོ།། བྱང་ཆུབ་པ་ནི་སངས་རྒྱས་ཉིད་དོ།། སེམས་ནི་སྙིང་རྗེས་སེམས་སོ།། གལ་ཏེ་བྱང་ཆུབ་ཀྱི་སེམས་དེ་མེང་ན། དག་པ་གཞན་གང་གིས་ཟིལ་གྱིས་ནོན་པར་འགྱུར ་ཏེ་མི་སྲིད་དོ་ཞེས་བྱ་བའོ།། འདིའི་ཕྱིར་ཡང་བླང་བར་བྱའོ།། ཞེས་བསྟན་པར་བྱ་བའི་ཕྱིར། བསྐལ་པ་དང་ཞེས་སྨོས་ཏེ། བསྐལ་པ་ཞེས་བྱ་བ་ནི་ཐམས་ཅད་དཔག་ཚད་ཕྱེད་ཕྱེད་པ་ལ་ཀ་ཤི་ཀའི་རས་ཀྱི་ལོ་བརྒྱ་པ་རྒྱ ་ན་ཕྱོགས་རཾ་ཕྱགས་པས་ནམ་ཟད་པར་འགྱུར་བ་དེ་ཙཱ་མོ་ན་བསྐལ་པ་བར་མའོ།། བར་གྱི་བསྐལ་པ་བརྒྱད་ཅུ་ཐམ་པ་ན་བསྐལ་པ་ཆེན་པོའོ།། གླང་གི་ཕྱིར་བྱང་ཆུབ་ཀྱི་སེམས་དེ་ཁོ་ན་དེ་ལ་ཕན་པ་ཡིན་སྙམ་པ ་ལ་འདི་ཉིད་ཅེས་སྨོས་ཏེ། གང་གི་ཕྱིར་བ་དེ་བླག་ཉིད་དུ་སྟེ། སྐྲ་འབལ་བ་ལ་སོགས་པའི་དཀའ་ལས་མེད་པར་རོ།། བདེ་མཆོག་ནི་རྫོགས་པའི་བྱང་ཆུབ་ཀྱི་སེམས་སོ།། ཐོབ་པར་བྱེད་པ་ནི་བར་གྱི་མཐར་ཕྱིན ་གྱི་བྱར་དུ་འཕེལྱ་བཱར་བྱེད་ཅིང་། འཁོར་བའི་སྡུག་བསྔལ་ལས་འདོན་ཅིང་ཐར་པར་བྱེད་པའོ།། བྱམས་པའི་སྟོབས་ལ་སྩོགས་པའི་གཏམྦྷ་རྒྱུད་ནི་གཞན་ལ་ཕྱིན་པར་འགྱུར་བ་འདོད་པའི་བདེ་བ ་ཉིད་བདེ་བར་སྒྲོ་བཏགས་པའི་ཕྱིར་རོ།། འདིའི་ཕྱིར་ཡང་བཏང་བར་མི་བྱའོ། ཞེས་བསྟན་པའི་ཕྱིར་སྲིད་པའི་ཞེས་བྱ་བ་སྨོས་ཏེ། ལུང་ལཱས་མི་རྟག་པའི་ཕྱིར། གཞོམ་པར་འདོད་པའོ།། ཞེས་འབྱུང་བས་ན་གཞོམ ་བར་འདོད་པའོ།། ཀྱང་གི་སྒྲོ་ནི་མི་བདེ་བ་ཞེས་བྱ་བའི་མཐར་ཡང་ངོ་།། མི་བདེ་བ་ནི་བྲེལ་ཞིང་ཕོངས་པའོ།། ཡོན་ཏན་གྱི་ཁྱད་པར་འདིའི་ཕྱིར་ཡང་གཟུང་བར་བྱའོ།། ཞེས་བསྟན་པའི་ཕྱིར་འཁོར་བ་ཞེ་ས་བྱ་བ་སྨོས་ཏེ། ་འཁོར་བ་ཉིད་བཙོན་རའོ།། བསྡམས་པ་ནི་དེར་འ་དོད་ཆགས་ལ་སོགས་པས་བཅིངས་པའོ།། ཉམས་ཐག་པ་ནི་འདིར་ཤིན་ཏུ་ཉེན་པའོ།། གང་འཇིག་རྟེན་ལྷོ་དང་མིར་བཅས་པས་ཕྱག་བྱ་བ་དང་བསྟོད་ཅིང་བཀུར་བར ་ཡང་ངོ་།། ཡང་ན་བཅས་པའི་སྒྲ་ནི་ཞེས་བྱ་བ་སྟེ། བྱང་ཆུབ་སེམ?.ཱ་དཔའ་དེའོ།། འགྱུར་ཞེས་པ་ནི་འདས་པའི་ཚིག་ཁ་བསྐོང་བའོ།། ད་ནི་ཡང་དག་པར་བསྐུལ་བའི་ཕྱིར། མི་གཙང་ཞེས་སྨོས་ཏེ། རིན་ཐང་མེད་པའི ་ཡིད་བཞིན་གྱི་ནོར་བུ་དོན་ཆེན་པོར་འགྱུར་བའོ།། གསོར་འགྱུར་རྩི་ཡི་རྣམ་པ་ནི་གསེར་འགྱུར་རྩིའི་བྱེ་བྲག་གོ།། བསྒྱུར་བས་ཞེས་པ་ནི་ངེས་པར་སྦྱར་བར་བྱེད་པའོ།། དེས་ན་བདག་གི་དོན་དུ་ཡང་གཟུང་བར་བྱའོ།། ་ཞེས་བསྟན་པར་བྱའོ།། ལེགས་པར་ཡོངས་སུ་ཞེས་སྨོས་ཏེ། འགྲོ་བ་ཉིད་ཀྱི་ཚོང་དུས་སུ་དགེ་བ་དང་མི་དགེ་བ་ལས་བཙོང་བར་བྱ་བའི་ཕྱིར་ཟོང་དེ་བྱེད་པའི་གནས་ནི་གནས་ཏེ། དེ་དང་བྲལ་བར་འདོད་པའོ།། རིན་པོ ་ཆེ་བཞིན་དུ་རྙེད་པོར་དཀའ་བའི་ཕྱིར་རིན་ཆེན་ནོ།། དོན་ནི་འདི་ཡིན་ཏེ་ཁྱོད་ཚོང་པ་བཞིན་དུ་བདེ་བ་དང་ཕུན་སུམ་ཚོགས་པའི་རྙེད་པ་དོན་དུ་གཉེ་བ་ཡིན་པས། དོན་ཆེན་པོའི་ནོར་བུ་རིན་པོ་ཆེ་རིན་ཐང་མེད་པ ་འདི་ཟུང་ཤོག་པའོ།། ཡིད་བཞིན་གྱི་ནོར་བུ་བཞིན་དུ་དལ་འབྱོར་ཕུན་སུམ་ཚོགས་པ་རྙེད་པར་དཀའོ།། སུས་དེ་ལྟར་བརྟགས་སྙམ་པ་ལྔ་ཆུད་མེད་པ་སྟེ། གཞལ་དུ་མེད་པའི་བློ་ལ་སོགས་པ་དང་གང་ལྡན་པ་དེ་འགྲོ་བའི ་དྲེད་དཔོན་ནོ།། དེ་ནི་འགྲོ་བ་རྣམས་ཀྱི་དེད་དཔོན་གཅིག་པུཾ་སྟེ་གཉིས་པ་མེད་པ་དེས་རྟགས་པའོ།། དེའི་དོན་དུ་ཆེན་པོའི་བདག་ཉིད་བསྟན་པའི་ཕྱིར། ཆུ་ཤྲིང་ཞེས་སྨོས་ཏེ། བསྐྱེད་པ་བྱིན་ནས་སོ།། རྟག་ཏུ་འབྲས་བུ ་འབྱིན་པ་སྐད་ཅིག་རེ་རེ་རྒྱུ་འཐུན་པའི་འབྲས་སྟེར་བའི་ཕྱིར་རོ།། མི་ཟད་པ་ནི་སྐྱེ་བ་རེ་རེར་རྣམ་པར་སྨནྨ་པ་ལས་བྱུང་བའི་སྦྱིན་པས་རྒྱུ་མཐུན་གྱི་འབྲས་བུ་རྒྱུན་མི་འཆད་པའི་ཕྱིརོ། འཕེལ་བར་འགྱུར་བ་ནི་དེའི་དབང་གི ་གཞན་རྣམས་ལ་ཡང་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱེད་པའོ།། བྱང་ཆུབ་ཀྱི་སེམས་ལྗོན་ཤིང་ལྟ་བུར་མཚོན་པ་ནི་རྟ་རིགས་ལ་སོགས་པ་འི་རང་བཞིན་ལྟ་བུའི་བསྡུ་བ་བྱས་པའོ།། སྡིག་པ་ཟད་པར་འགྱུར། ་བའི་རྒྱུ་ཡང་ངོ་།། ཞེས་བསྟན་པའི་ཕྱིར། སྡིག་པ་བྱས་ནས་ཡང་ཞེས་སྨོས་ཏེ། སྒྲོལ་བ་ནི་ཞུ་བར་བྱེད་པའོ།། བཅོམ་ལྡན་འདས་ཀྱིས་ཀྱང་རྟེན་གྱི་སྟོབས་ཀྱིས་བྱས་ཤིང་བསྔགས་པའི་སྡིག ་པ་ཟིལ་གྱིས་ནོན་པར་བྱེད་དོ།། ཞེ་ས་གསུངས་སོ།། རྟེན་ནི་དཀོན་མཆོག་གསུམ་མོ།། འདི་ནི་སྲེག་པར་བྱེད་པ་ཡང་ངོ་ཞེས་བསྟོན་པའི་ཕྱིར་དུས་མཐའི་ཞེས་བྱ་བ་སྨོས་ཏེ། དུས་མཐའ་ནི་འཇིག་རྟེན་འཇིག་པའི་དུས་སོ།། ་མེ་ནི་ཉི་མ་བདུན་ཤ་བ་སྟེ། དེ་ཀུན་ཏུ་བྱུང་བས་འདོད་པའི་ཁྱམས་ཐམས་ཅད་བསམ་གཏན་དང་པོའི་བར་དུ་ལྷག་མཱ་མེད་པཱར་རིམཱ་གྱིས་བསྲེག་པུ་སྟེ་དེ་བཞིན་དུའོ།། ཕན་ཡོན་ནི་ཡོན་ཏན་ནོ།། དཔག་ཏུ་མེད་པ་ནི་གཞལ ་གྱིས་མི་ལང་བའོ།། ནོར་བཟངས་ནི་ཚོང་དཔོན་གྱི་བུའོ།། བློ་དང་ལྡན་པ་ནི་ཤེས་རབ་ཆེན་པོ་ཅན་ནོ།། གསུངས་པ་ནི་དེས་རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ས་བོན་ནོ།། ཞེས་བྱ་བ་ལ་སོ ་པཱ་གསུངས་སོ།། དེ་ལ་བག་ཅན་རྣམས་ཀྱིས་ཅི་སཱ་མཱི་བརྟེན་ཞེས་བྱ་བ་དེ་འདིར་ཡང་སྦྱོར་རོ།། ཅི་སྟེ་བཅོམ་ལྡན་འདས་ཀྱིས་ལུས་ནྡན་དོག་གི་ལས་རྣམས་ནི།། བསྐལ་པ་བརྒྱར་སྣང་ཆུད་མི་ཟ།། ཞེས་གསུངས་པ་མ ་ཡིན་ནམ། དེ་ཇི་ལྟར་འཐད་ཅེ་ན། ཆུང་མ་ཟོས་པ་ནི་འདིར་འབྲས་བུ་སྟོར་བའི་ནུས་པ་དང་ལྡན་པ་སྟེ། དེས་ན་ཉེས་པ་མེད་དོ།། དེ་ནི་དེའི་དབྱེ་བ་བསྟན་པའི་ཕྱིར། དེ་ཞེས་བྱ་བ་སྨོས་ཏེ། རིགས་ཀྱི་དབྱེ་བ་རྣམ་པ་དུ་མ་ཡོད་དུ་ཟིན ་གྱིས་ཀྱང་། མདོར་བསྡུས་ནས་རྣམ་པ་གཉིས་སུ་གསུངས་སོ།། སྨོན་པའི་སེམས་ནི་སངས་རྒྱས་གྲུབ་པར་ཤོག་ཅེས་པའོ།། སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་སྤྱོད་བཞིན་པའི་སེམས་ནི་འཇུག་པའི་སེམ་སོ།། ། ་དེ་གཉིས་ནི་བྱེ་བྲག་བསྟེན་པའི་ཕྱིར་འགྲོ་བར་འདོད་དང་ཞེས་བྱ་བ་སྨོས་ཏེ། དཔེར་ན་གཅིག་ལ་གྲོང་དུ་འགྲོ་བར་འདོད་པའི་བསམ་པ་ཡོད་པ་དང་། གཞན་དག་གཅིག་ལམ་དུ་ཞུགས་ནས་འགྲོ་བ་དེ་དག་གཉིས་ཀྱི་བྱེ་བྲག ་བཞིན་ནོ།། མཁས་པ་ནི་གང་ལས་ཤེས་རབ་ཁྱད་པར་ཅན་སྐྱེས་པ་ངས་སོ།། རིམ་བཞིན་ནི་རིམ་པོ་ལས་མ་འདས་པ་སྟེ། གོ་རིམས་ཇི་ལྟ་བར་གྲངས་བཞིན་ནོ།། སྨོན་པའི་སེམས་ལ་རྟོག་པ་མ་ཚང་ཡང་འཁོར ་བར་འབྲས་བུ་ཚན་པོ་བསྐྱེད་དོ་ཞེས་བསྟན་པའི་ཕྱི་རཱྀ། བྱང་ཆུབ་ཅེས་སྨོས་ཏེ་འཁོར་ཚེའང་ཞེས་བྱ་བ་ནི་བྱང་ཆུབ་ནསྔ་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་མཚན་ཉིད་དང་ལྡན་པ་ལྟ་ཞོག་ཅེས་བྱ་བའོ།། ་བསོད་ནམས་རྒྱུན་མི་འ་ཆད་པ་ཉིད་དུ་བསྟན་པའི་ཕྱིར། གང་ནས་ཞེས་བྱ་བ་ལ་སོགས་པ་ཚིག་ས་སུ་བཅད་པ་གཉིས་གསུངས་ཏེ། སེམས་ཅན་གྱི་ཁམས་ནི་རང་བཞིན་ནོ།། ཉོན་མོངས་པ་ལ་སོགས་པའི ་རང་བཞིན་ནོ།། དེ་དགྲོལ་བའི་སྟོང་པར་བྱེད་པའི་རྒྱུ་མཚན་གྱིས་སོ།། སེམས་དེ་ནི་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཏེ། ཡང་དག་པ་བླང་བ་ལ་ཞུགས་པར་གྱུར་པའི་མི་ལྡོག་པ་ནི་ཕྱིར་མི་ལྡོག་པའོ།། གཉིད ་ལོག་པ་ནི་ཉལ་བའོ།། བག་མེད་པ་ནི་གུཉེས་པའོ།། དུ་མ་ནི་སྐད་ཅིག་སོ་སེ་རེ་རེ་ལ་རྣམ་པ་དུ་མ་འབྱུང་བའོ།། རྒྱུན་ནི་རབ་ཏུ་འབྲེལ་བའོ།། མཁའ་ནི་ན་མཁའོ།། མཉམ་པ་ནི་དེ་དང་མཚུང ་བ་སྟེ། མཐའ་ཡས་པའི་ཕྱིར་རོ།། འདིའི་རིགས་པ་བསྟན་པའི་ཕྱིར་འདི་ནི་ཞེས་བྱ་བ་སྨོས་ཏེ། འདི་ནི་ཞེས་བྱང་ཆུབ་ཀྱི་སེམས་སོ།། ལག་བཟོངས་ཀྱིས་ཞུས་པའི་མདོ་ལས་འཐད་པ་དང་བཅས་པ་ཏེ་རིགས་པ་དང་བཅོས ་པར་གསུངས་པའོ།། དམན་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པའོ།། མོས་པ་ནི་གང་དག་དེའི་མོས་པའོ།། དེ་ཉིད་བསྟན་པར་བྱ་བའི་ཕྱིར། ཀློད་ནད་ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས ་གསུངས་ཏེ། བསྔལ་ལོ་སྙམ་ཞེས་བྱ་བ་ལ་སྨན་དང་སྔགས་ལ་སོགས་པས་སོ།། ཞེས་བྱ་བ་ནི་ལྷག་མའོ།། ཕན་འདོགས་པའི་བསམ་པས་ནི་སྲེད་པ་དང་བྲལ་བའི་སྤེན་པ་ལ་སོགས་པ་རྣམས་ཀྱིའོ།། མི་བདེ་བ་ནི་ལུས ་དང་སེམས་གཉིས་ཀྱིས་མི་བདེ་བའོ།། རེ་རེ་ནི་སེམས་ཅན་སོ་སོའི་འོ།། བསལ་བར་འདོད་པ་ནི་བྲལ་བར་འདོད་པའོ།། ཡོན་ཏཱན་དཔག་ཏུ་མེད་པའི་དངོས་པོར་རོ།། དེ་ཉིད་ཀྱི་ཕྱིར་མཆེད་པར་བྱ་བའི་འོས་སུ་གྱུར་པའོ།། ་ཞེས་བསྟན་པའི་ཕྱིར་སུ་ལ་ཞེས་སྨོས་ཏེ། སུ་ལ་འདི་འདྲའི་ཕན་སེམས་ཡོད་ཅེས་པས་ཕྱིར་བསྟན་ནས། བྱེ་བྲག་ཏུ་བསྟན་པའི་ཕྱིར། ཕ་འམ་ཞེས་སྨོས་སོ།། འམ་གྱི་སྒྲས་ནི་སྤྲིན་ཟླ་ལ་སོགས་པ་གཟུང་ངོ་།། ལྷ ་ནི་ཕྱོགས་སྐྱོང་བ་རྣམས་ལ་སོགས་པའོ།། ཚངས་པ་ནི་སྤྲུལ་པ་བྱེད་པ་སྟེ། གཞན་དག་གིས་འདོད་པས་སོ།། གང་གི་ཕྱིར་སེམས་དེ་སྐྱེས་པར་མ་གྱུར་སྭཱ་པཱ་ལ་དེ་དག་ཉིད་ལྔའང་ཞུས་སྨོས་ཏེ། འཇིག་རྟེན་ཐམས་ཅད་ན་སྙིང ་བརྩེ་བ་ནི་རིང་ཡིན་ཡང་། དེ་ལ་ཡང་འདི་འདྲ་བའི་སེམས་མ་བསྐྱེད་ནི། གཞན་ལ་ཅི་ལ་སྐྱེ་ཞེས་བྱའོ།། སྔོན་ནི་སྔར་ཞེས་ཤྲེས་པར་བྱའོ།། འདི་ནི་ཐུན་མོང་མ་ཡིན་པ་ཉིད་བསྟེན་ནས་འཇུག་བསྡུ་བར་བྱ་བའི་ཕྱིར ་སེམས་ཅན་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་འཁྲུངས་ཞེས་སླད་དུ་བྱུང་བ་ར་བསྟན་པ་འམ་ཡང་ན་གང་ནས་བྱུང་ཞེས་བྱ་སྟེ། གལ་ཏེ་བྱང་ཆུབ་ཀྱི་སེམས་མ་བྱུང་ན་ཞེས་བྱ་བའི་དོན་ཏོ།། གང་གི་ཕྱིར་དེ་སྐད་དུ་བརྗོད་ཅེ་སྔོ། ་དགོས་པ་ལ། གཞན་དག་ཅེས་བྱ་བ་སྨོས་སོ།། ཡིང་བྱང་ཆུབ་ཀྱི་སེམས་ཕན་ཡོན་གྱི་སྒོ་ནས་བྱང་ཆུབ་སེམས་དཔའི་བསོད་ནམས་གཞལ་དུ་མྱེད་པ་བསྟན་པའི་ཕྱིར་འགྲོ་བ་ཞེས་སྨོས་ཏེ། དགའ་བ་ནི་ལྷ ་ལ་སོགས་པའི་ཕུན་སུམ་ཚོགས་པའོ།། རྒྱུ་ནི་ས་བོན་ནོ།། དེ་ལ་ཇི་ལྟར་གཞལ་གྱི་ལང་ཞེས་པ་ནི་དེ་རྣམས་གང་གི་སྒོ་ནས་བགྲང་བར་ནུས་ཞེས་བྱའོ།། དེ་སྐད་དུ་ཡང་བྱང་ཆུབ་སེམས་ཀྱི་བསོད་ནམས་གང་།། དེ་ནི ་གཟུགས་ཅན་ཡིན་གྱུར་ན།། ནམ་མཁའི་ཁ་མས་ཀུན་གང་བ་འམ།། དེ་བས་ཀྱང་ནི་ལྷག་པར་འགྱུར།། ཞེས་གསུངས་སོ།། གཞན་ཡང་ཕན་པར་ཞེས་བྱ་བ་ལ་སོགས་པས་ནི་སེམས་ཅན་ལ་ཕན་པར་བསམས ་པ་ཙམ་ཉིད་ཀྱི་ཟང་ཟིང་གི་སྦྱིན་པ་ལས་བརྩམས་པའི་མཆོང་བའི་ཁྱད་པར་གརྡུལ་གྱིས་མི་ལྡང་བས། སངས་རྒྱས་ལ་མཆོད་པ་བྱས་པ་བས་ཀྱང་ཁྱད་པར་དུ་འཕགས་པ་ཡིན་པར་བསྟན ་ཏོ།། དེ་སྐད་དུ་ཡང་སྐྱེས་བུ་འགའ་ཞིག་གིས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ཁམས་བགྲང་གི་མི་ལང་བ་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ། འཇིག་རྟེན་མགོན་པོ་ལྕེ་ཕུལ་བས་གང་ཞིག་གིས་ཐལ ་མོ་སྦྱར་བས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱེད་ན་འདི་ཁྱད་པཱརརྱ་དུ་འཕགས་ཏེ། མཆོད་པ་སྔ་མ་དོས་འདི་ལ་ཆུར་ཡང་མི་ཕོད་ངོ་ཞེས་གསུངས་སོ།། གལ་ཏེ་སེམས་ཅན་སྒྲེན་པོ་རྣམས་ཀྱི་རང་རང་གི་ཕྲན་པ་དང་མི ་ཕན་པ་བླང་བ་དང་། དོར་བ་ཤེས་བྱ་མེ་ཡིན་ནཱམ། དེ་ལ་ཁྱོད་ཀྱི་ཅི་བསྟན་ཞེས་དགོངས་པ་ལ། སྡུག་བསྔལ་ཞེས་སྨོས་ཏེ། སྡུག་བསྔལ་ནི་མེར་འཇུག་པ་ལ་སོགས་པའོ།། མངོན་པར་རྒྱུག་པ་ནི་བསམ་པ ་དེས་འཇུག་པའོ།། སྡུག་བསྔལ་ནི་སྲིད་པའོ།། དོར་བར་འདོད་པ་ནི་གང་ལ་ཐར་པར་འདོད་པའི་བསམ་པ་ཡཽ་དྲཱ་པའོ།། དེ་ཉིད་ཀྱི་ཕྱིར་བདེ་བར་འདོད་ཀྱང་སྟེ་བདེ་བ་མངོན་པར་འདོད་ཀྱང་ངོ་།། བདེ་བ་ནི་མཐོང་བ་དང་མ ་མཐོང་བའི་དངོས་པོའོ།། ཇི་ལྟར་ཞེ་ན། གཏི་མུག་པ་སྟེ། མཐོ་རིས་ལ་སོགས་པའི་ལས་མ་ཤེས་པའི་ཕྱིར་རོ།། ད་ནི་དེའི་དགོངས་པ་བསྐང་བའི་དོན་དུ། གང་ཞིག་ཅེས་བྱ་བ་ལ་སོགས་པས་བསྟོད་པ་གསུངས ་པབ་ལ། བདེ་བ་ནི་ཀུན་ནས་ཚིམ་པའོ།། ཕོངས་པ་ནི་སྡུག་བསྔལ་མང་པོས་གཟིར་བའོ།། ཚིམ་པ་ནི་ངོས་པར་བྱས་པའོ།། སེལ་བར་བྱེད་པ་ནི་ཤེས་རབ་ཆེན་པོས་སོ།། དག་པ་ནི་སེམས་ཅན་གྱི་དོན་བྱེད་པའོ།། གང་དེ་ལྟར་རྒྱུ ་བར་བྱེད་པ་དང་མཚུངས་པ་གཞན་ན་མེད་པའོ།། ཕ་ན་གདགྲེས་པ་ནི་མཁོ་དགུ་བྱས་པའོ།། ལན་འདོན་པ་ནི་སྔར་ཕན་འདོགས་པའོ།། བསྔགས་པར་འོས་པ་ནི་འདོད་པར་འོས་པའོ།། མ་བཅོལ་བར་ཕན་པར་བྱེད་པ་ནི་མི ་བསྐུལ་བར་ཕན་པར་བྱེད་པའོ།། སྨོས་ཅི་དགོས་ཅེས་བྱ་བ་ནཱི་ཆེར་བསྔགས་པར་འོས་སོ་ཞེས་བྱ་བའི་དོན་ཏོ།། འགྲོ་བ་ཉུང་ཟད་ནི་ཚད་དུ་བྱས་པ་ལ་སྟེར་བའོ།། ནུར་བ་ནི་སེམས་ཅནྡ་སྐྱོབས་པར་བྱེད་པས་ན་ནར་མོའོ།། ནར ་མ་དེ་ཚུལ་ཇི་ལྟར་སྟོར་སྙམ་པ་ལ། སྐད་ཅིག་སྟེ་ཡུན་མི་རིང་བར་རོ།། ཟས་ཙམ་སྟེ་འབྲོས་ངན་གྱི་ཟན་གཏོང་འབའ་ཞིག་པོ་དེ་ཙམ་སྦྱིན་པར་བྱེད་པའོ།། དེ་ཇི་ལྟ་བུར་གྱུར་པའི་སྦྱིན་པ་ཞིག་སྙམ་པ་ལ་བརྙས་བཅས་ཏེ། ་གུས་པ་མེད་པར་བཙན་ཐབས་སུ་གར་རབ་ཏུ་གྲལ་ལྔ་བཅུག་ནུས་སོ།། བྱིན་ཕྱེད་ནི་གང་རྒོངས་ཀ་ཡན་ཆུད་འདྲངས་ཙམ་དེ། དེ་ཡང་རྒོད་ས་ཀ་ཟས་བཅོ་ལ་དགོས་པའི་ཕྱིར་རོ།། དགེ་བ་བྱེད་པ་ཡིན་ཞེས་སྐྱེ་བོས་བཀུར ་བ་ནི་བསྟོད་པར་བྱེད་པའོ།། བྱང་ཆུབ་སེམས་དཔའི་སྦྱིན་པ་ནི་དེ་ལས་བཟློག་པའོ།། ཞེས་བསྟན་པའི་ཕྱིར། སེམས་ཅན་ཞེས་སྨོས་ཏེ། གང་དུས་འདི་ཙམ་དུའོ་ཞེས་བྱ་བ་མེད་པ་ནི་དུས་རིང་དུའོ།། སེམས་ཅན་གྱི ་གྲངས་མཐའ་ཡས་པ་དེ་ལ་སྦྱིན་པ་སྟེར་བར་བྱེད་པའོ།། འགྲོ་བྱ་ལ་ཕན་པ་རྣམས་ལ་ན་མཁའ་བཞིན་དུ་མཐའ་མེད་པའི་ཕྱིར་དེ་དག་ཀྱང་དར་ཟུང་བའོ།། མཐའ་ཡས་པའི་ཕྱིར་འདི་ཙམ་དུ ་ཟད་དོ་ཞེས་བྱ་བ་མེད་པས་ན་ཟད་པ་མེད་པའོ།། ཡང་ན་འགྲོ་བ་དང་ན་མཁའོ་ཞེས་ཟླས་དབྱེ་བའོ།། རྫོགས་པར་བྱེད་པ་ནི་མངོན་པར་འདོད་པའི་དོན་བྱིན་པས་སོ།། སྨོས་ཅི་དགོས་ནི་སྨོས་མི་དགོས་པའོ།། དེས་ནི་བྱང་ཆུབ ་སེམས་དཔའ་ཤིན་ཏུ་བཀུར་བའི་འོས་སུ་བསྟན་ནས། བྱང་ཆུབ་སེམས་དཔའ་ལམྲ་ངན་སེམས་སྐྱེད་པའི་ཉེས་དམིགས་བསྟན་པའི་ཕྱི་རུ། དེ་འདྲ་བའི་ཞེས་བྱ་བ་སྨོས་ཏེ། དེ་འདྲི་བའི་ཞེས་པ་ནི་དེ་ལྟ་བུར་གྱུར་པའོ།། ་སྲས་ལ་ཞེས་བྱ་བ་ནི་ཡུལ་གྱི་བདུན་པའོ།། ངན་སེམས་ནི་མ་དད་པས་སོ།། ཇི་སྲིད་དུ་ན་ངན་སེམས་བསྐྱེད་པའི་སྐད་ཅིག་མའི་རྒྱུན་འདི་སྲིད་ཀྱི་བསྐལ་པར་དམྱལ་བར་གནས་པར་འགྱུར་རོ།། ཞེས་དགོངས་སོ།། ད་ནི ་དེ་ལས་བཟློག་པ་བསྟན་པའི་ཕྱིར། འོན་ཏེ་ཞེས་སྨོས་ཏེ། ཡིད་ནི་སེམས་སོ།། སྙོམས་དང་པ་དེའི་འབྲས་བུ་སྔ་མ་དེ་བས་ཁྱདཆེས་འཕགས་པར་ལྷག་པར་འཕེལ་བའོ།། གང་གི་ཕྱིར་རྒྱལ་བའི་སྲས་པོ་རྣམས་སེམ ་ཅན་གྱི་དོན་འབའ་ཞིག་བྱེད་པས་དགེ་བ་དང་གིས་འཕེལ་བ་ཡིན་པའི་ཕྱིར་རོ།། ད་ནི་བསྟན་བཅོས་མཁན་པོ་རང་གི་སེམས་ཀྱི་དང་བ་གསལ་བར་བསྟན་པའི་ཕྱིར། གང་ལ་ཞེས་སྨོས་ཏེ། གང་ལ་སྟེ་ལུས་པོ་རྣམས་ལའོ།། ་སྐྱེས་པ་ནི་རྫོགས་པར་གྲུབ་པའོ།། བཱདེ་འབྲེལ་ཞེས་བྱ་བ་ནི་གང་གནོད་པར་བྱེད་མཁན་དེས་བྱང་ཆུབ་སེམས་དཔའི་བཟོད་པ་མཐོང་ནས་དང་བའི་སེམས་སྐྱེ་བར་འགྱུར་བ་འམ། ཡང་ན་དེ་བྱང་ཆུབ་སེམས་དང་བས་འཛིན་ཅིང ་ང་བས་འདོན་པའོ།། འབྱུང་གནས་ནི་ཞིང་ངོ་།། སྐབས་སུ་མཆི་བ་ནི་སྐྱོབ་པོར་བྱེད་པ་ཉིད་དུ་ཨོཾཁས་བླངས་པའོ།། དམྱལ་བར་ངེས་པར་གནས་པར་འགྱུར་རོ།། ཞེས་གསུངས་པ་ནི་གནོད་པར་བྱས་པའི་རྗེས་ལ་དམྱལ ་བར་སྐྱེས་པ་ལ་དགོངས་པ་ཡིན་ནོ།། ཕན?་ཡོན་ནི་འབྲས་བུའོ།། ལེའུ་ནི་རབ་ཏུ་བྱེད་པ་རྫོགས་པའོ།། བྱང་ཆུབོ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་ལེའུ་དང་པོའི་དཀའ་འགྲེལ་ལོ།། ། ་ད་ནི་བྱང་ཆུབ་ཀྱི་སེམས་དེ་གཟུང་བར་བྱ་བའི་ཕྱིར། དྲི་བཞིན་གཤེགས་པ་རྣམས་ལོ་སོགས་པ་རྣམས་ལ་མཆོད་པར་བྱ་བ་བསྟན་པའི་ཆེད་དུ་སེམས་དེ་ཞེས་བྱ་བ་སྨྲས་ཏེ། དྲི་མ་མེད་པ་ནི་དངོས་པོ་དང་དངོས་པོ་མེད་པའི ་རྣམ་པར་རྟོག་པའི་དྲི་མ་སྤངས་པས་སོ།། མཆོད་པ་ནི་ཡིད་ཀྱིས་སོ།། མཆོད་པ་ཉིད་བསྟན་པའི་ཕྱིར་ཇི་སྙེད་ཡོད་པ་དང་ཞེས་སྨོས་ཏེ། རྣམ་པ་ནི་རིགས་སོ།། དབེན་པ་ནི་དགེ་ཞིང་ཉམས་དགའ་བའི་རྗེས་སུ་འཐུན་པའི་གནས ་སོ།། མེ་ཏོག་མཛེས་པ་དང་ལྡན་པ་ཉིད་རྒྱན་དུ་སྤྲས་པ་སྟེ། དེས་སྤྲས་པའོ།། འབྲས་བཟང་སྟེ་འབྲས་བུ་མཆོག་ཏུ་གྱུར་པས་ཡལ་ག་གང་དག་འདུད་པར་བྱས་པའི་ཚུལ་དུ་ལྡན་པ་ནི་ཡལ་གདུད་པའོ།། སྦས་ནི་ཙན ་ངན་ལ་སོགས་པའོ།། མངོན་པར་འདོད་པའི་འབྲས་བུ་དང་ལྡན་པའི་ཕྱིར་དཔགྲ་བསམ་གྱི་ཤིང་ངོ་།། མ་རྨོས་པ་ནི་ཐོང་ལྕགས་ལ་སོགས་པས་མ་ཀློག་པའོ།། འཁྲུངས་པ་ནི་སྐྱེས་པའོ།། ་ལོ་ཐོག་ནི་འབྲས་བུ་རྣམས་སོ།། གཞན་ཡང་ཞེས་པ་ནི་སོ་སོར་བརྗོད་ཀྱི་མི་ལོང་བའོ།། མཆོད་པར་འོས་པ་ན་སངས་རྒྱས་ལ་སོགས་པ་ལ་མཛེས་པར་བྱེད་པའོ།། ན་མཁའ་རབ་འབྱམ་ཁམས་ཀྱི་ཞེས་བྱ་བ་ནི་གེ་འབྱེད ་པར་བྱེད་པའོ།། གཏུགས་པ་ནི་དེའི་མཐར་བཏུགས་པའོ།། ཡོངས་སུ་གཟུང་བ་མེད་པ་ནི་སུས་ཀྱང་བདག་ཏུ་བྱས་པ་མེད་པའོ།། བླངས་ནས་དེ་བཟུང་ནས་ཐུབ་པ་སྐས་བུ་རྣམས་ཀྱི་མཆོག་ཏེ་ཡ་རབས་སུ་གྱུར་པ་ལ་ལེགས ་པརརྱ་འབུལ་བྱའོ།། དེ་དག་ནི་མེ་ཏོག་ལ་སོགས་པའོ།། བཞེས་ཤེས་པ་ནི་བཞེས་པར་ར་བིའི་ཡོན་བཞེས་གཅིག་པའོ།། དངོས་པོའི་མཆོད་པ་མི་བྱེད་པོ་ཅི་སྟེ་སྙམ་པ་ལ། བསོད་ནམས་དང་མི་ལྡན་ཞེསྣ་སྨོས་ཏེ ་མཆོད་པའི་ནོར་ཞེས་པ་ནི་གཞན་གྱི་སྒྲའི་ཁྱད་པར་དུ་བྱེད་པའོ།། ནོཪྵ་ནཱི་དགོས་པའོ།། ཉིད་ཀྱི་མཐུ་སྟེ་རང་གི་ནུས་པ་ཡོད་ཙམ་གྱི་ཕུལ་བའི་མེ་ཏོག་ལ་སོགས་པ་འདི་བཞེས་ཤིག་པཱ་སྟེ་བཞེས་པར་མཛོད་ཅིག་པའོ།། ་དེ་ཉིད་ཀྱི་ཕྱིར་བདག་ཉིད་ཡོངས་སུ་ག་ཏོང་བ་ལ་སོགས་པར་བསྟན་པའི་ཕྱིར། རྒྱལ་དང་ཞེས་སྨོས་ཏེ། རྒྱལ་དང་སྲས་ཞེས་པ་ནི་ཁ་བསྐངས་པའོ།། ལུས་ཀུན་གཏན་དུ་ཞེས་བྱ་བ་ནི་རྣམ་པ་ཀུན་ནས་སམ་ཡང་ན་གཏན ་དུ་དུས་གསུམ་གྱི་དགེ་པ་དང་ལྷན་ཅིག་བདྲུག་གི་དངོས་པོ་ཀུན་འབུལ་བའོ།། ཀྱེ་སེམས་པའི་མཱཆོག་ཏུ་གྱུར་རྣམས་ཡོངས་སུ་བཞེས་ཤིག་སྟེ་བཞེས་པར་མཛོད་ཅིག་པའོ།། ཡོངས་སུ་བཞེས་པ་ལ་ཡོན་ཏན་ཅི་ཡོད་སྙམ་པ་ལ། ་ཡོངས་སུ་བཟུང་ན་ཞེས་སྨོས་ཏེ། མི་འཇིགས་པ་ནི་འཇིགས་པ་མེད་པར་འགྱུར་བའོ།། དེ་ཉིད་ཀྱི་ཕྱིར་སེམས་ཅན་ལ་ཕནྡ་པ་བགྱིད་པའོ།། སྔོན་ནི་འདས་པའོ།། གཞན་ཡང་ནི་མ་འོངས་པའོ།། འོད་གསལ་ནི ་ཤེལ་ལོ།། དེ་ངེས་བརྩམས་པས་ན་ཤེལ་ལས་བརྩམས་པའི་ས་གཞི་འམ། ཡང་ན་ཤེལ་དེའི་སོ་གཞི་བསྟར་བའོ།། རིན་ཆེན་འབར་བ་ནི་འོད་གསལ་བ་སྟེ། གང་དེ་ལས་གྲུབ་པའི་ཀ་བ་ནི་ཡིད་དུ་འོང་བའོ།། མུ་ཏིག ་འོད་ཆགས་ནི་འོད་གསལ་ཞིང་འཕོ་བ་སྟེ་དེས་བླ་རེ་བྲེས་པའོ།། དེ་བཞིན་གཤེགས་པ་རྣམས་ཀྱི་ཞེས་བྱ་བ་ནི་འབྲེལ་པ་དྲུག་པའོ།། སྤོས་ཀྱི་ཆུ་ཡོད་པ་ཡིད་དུ་འོང་བ་ནི་ཡིད་དགའ་བར་བྱེད་པ་སྟེ། མི་ཏོག་གིས་ཀྱང་ཀ་བ ་དེ་དག་ལ་སྐུ་ཁྲུས་གསོལ་ལོ་ཞེས་བྱ་བའི་དོན་ཏོ།། ཀླུ་དང་རོལ་མོར་བཅས་ཞེས་བྱ་བ་ནི་ཁྲུས་ཀྱི་ཆད་དུ་བྱེད་པ་འམ། ཡང་ན་བྱས་པའོ།། མཚུངས་པ་མེད་པའི་གོས་སམ་ཡང་ན་སྤུ་དང་བཅས་པའི་གོས་ཀྱི་སྐྲ་ཁྲས ་བྱས་ལ་རླ་ནོའི་ཕྱི་བ་དང་། བཟང་པོ་ནི་ལྷ་ལ་འོས་པའི་གོས་སོ།། སྲབ་པ་ནི་ཕྲ་བའོ།། འཇམ་པ་ནི་འབོལ་བའོ།། སྣ་ཚོགས་ནི་གང་ཁ་དོག་དུ་མོས་མཛེས་པའོ།། གླིང་བཞི་པ་དང་ཉི་མ་དང་ཟླ་བ་དང་རི་རབ་དང ་འདོད་པའི་ཁམས་ཀྱི་ལྷ་རྣམས་དང་ཚངས་པའི་འཇིག་རྟེན་རྣམས་སོ་སོར་སྟོང་ཕྲག་དེར་རྩིས་པ་ནི་སྟོང་ངོ་།། སྟོང་པོ་དེ་ཉིད་སོ་སོར་སྟོང་འགྱུར་དུ་རྩིས་པ་དེ་ཉིད་གཉིས་པའོ།། སྟོང་གཉིས ་པ་ཉིད་སྟོང་འགྱུར་དུ་བསྒྲེས་པ་ནི་སྟོང་གསུམ་པ་ཞེས་པ་ཞེས་བྱ་སྟེ། གླིང་བཞི་པ་ནི་བྱེ་བ་ཕྲག་བརྒྱའོ།། དེས་ནཱི་སངས་རྒྱས་གཅིག་གིས་ཞིང་ཁམས་སོ།། ཞིང་ཁམས་རྣམས་ཕྱོགས་བཅུར་མཐའ་མེད་པ་དེ་དག་ཏུ ་ཁྱབ་པར་དྲི་ལྗང་བིའི་ཚུལ་དང་གང་ལྡན་པའོ།། བྱུག་པར་བགྱི་བ་ནི་ཡང་དག་བྱུག་པར་བགྱི་བའོ།། མནྟ་རཱ་བ་ནི་ལྷའི་མེ་ཏོག་གོ། པདྨ་ནི་མ་ལི་ཀའོ།། ཨུཏྤ་ལ་ནི་ཨུཏྤལ་སྔོན་པོའོ།། སོགས་པའི་སྒྲས་ནི་གང་དེ་ལཾ ་སོགས་པའི་མི་ཏོག་གང་བྱུང་བ་རྣམས་སོ།། དྲི་ཞིམ་པོས་ཤེས་འབྲུ་མང་པོའི་སྒྲ་ཐོག་ཏུ་ཟིན་ཀྱང་ལུང་གི་ཚིག་དྲི་ཞེས་སྨོས་སོ།། ཕྲེང་བ་ནི་མེ་ཏོག་གི་ཕྲེང་བའོ།། སྤེལ་ལེགས་པ་ནི་རྒྱུད་པའི་བཀོ་ང་པ་ལེགས་པ ་སྟེ། དེས་ཡིད་དགའ་བར་བྱེད་པ་ཞེས་བྱ་བའོ།། དྲི་དདྲ་ནི་དྲི་གྲུབ་པའོ།། ཁྱབ་པ་ནི་དྲི་འཕྲོས་པའོ།། བདུག་པའི་སྤྲིན་ལྟ་བུརི་ན་མཁའ་ལས་འཁྲིགས་པ་འམ། ཡང་ན་དེའི་ཚོགས་སོ།། ཞལ་ཟས་ནི་བཟའ་བའི ་རིགས་སོ།། བཟའ་ཞེས་པ་ནི་སོས་བཙོད་དགོས་པའི་རིགས་སོ།། དབུལ་བར་བགྱི་བ་ནི་མཆོད་པར་བགྱི་བའོ།། ཚར་དུ་དང་ར་བ་ནི་ཕྲེང་དུ་བཀོད་པའོ།། དབུལ་བར་བགྱི་ཞེས་པ་ནི་མཆོད་པར་བགྱི་ནོར་བུ་མུ་ཏིག་གི ་ཆུན་འཕྱང་རབ་ཏུ་མཛེས་པར་བྱས་པས་མཛེས་པར་གང་གྱུར་པ་དེའོ།། འབར་བ་ནི་ཀུན་ནས་འབར་བྱས་མཛེས་པའི་ཚུལ་དང་ལྡན་པ་འམ། ཡང་ནཱ་འོད་གསལ་གྱི་ལྷའི་ཡུལ་དུ་སྐྱེས་པའོ།། དཔགྲ་ཡས་ནི་ན་མཁའ ་ལ་འགྲོ་བའི་སྤྲིན་ནོ།། རིན་པོ་ཆེ་ལས་བརྩམས་པའི་གདུགས་ཀྱི་ཚད་པ་སྐྱོབ་པར་བྱེད་པ་ནི་རིན་ཆེན་གདུགས་སོ།། གེ་སེར་གྱི་ཡུ་བ་ཅན་གྱི་ཞེས་བྱ་བར་སྦྱར་བ་འམ། ཡང་ན་སེམས་ཅན་ཞེས་མཚོན་པར ་སྦྱར་རོ།། ཁོར་ཡུག་སྟེ་ཀུན་ཆུབ་པར་མུ་ཏིག་ལ་སོགས་པས་རྒྱན་པ་འོ།། བསྒྲེང་བ་ཞེས་པ་ནི་བསླང་ནས་བཟུང་བའོ།། སྤྱིར་མཆོད་པ་དབུལ་བ་བསྟན་པའི་ཕྱིར་དེ་ལས་གཞན་ཞེས་སྨོས་ཏེ། དེང་ནས ་བ་ཟུང་སྟེ་བདག་གིས་ཡོངས་སུ་བཏང་བའི་མཆོད་པའི་ཚོགས་དེ་དག་དང་དེ་ལས་གཞན་ཡང་ངོ་།། རོལ་མོ་ནི་ཌཱ་ལ་སོགས་པའོ།། དབྱང་ས་སྙན་པ་ནི་ཚོགས་ནས་བླངས་པ་འམོ། ཡང་ན་གར་ལ་སོགས་པ་དང་འདུས ་བྱར་ལྡན་པའོ།། ཡིད་དུ་འོངས་པ་ནི་ཡིད་རངས་པརྱ་བྱེད་པའོ།། སོ་སོར་གནས་གྱུར་ཅིག་ཅེས་པ་ནི་མཆོད་པའི་རྒྱུན་སོ་སོར་གནས་པར་གྱུར་ཅིག་པའོ།། རིན་ཆེ་ནི་མེ་ཏོག་ལ་སོགས་པ་དེ་དག་ནི་རྒྱུན་མྱི་འཆད་པར ་རོ།། བླ་ན་མེད་པའི་མཆོད་པ་དབུལ་བར་བྱ་བའི་ཕྱིར། ཇི་ལྟར་འཇམ་དབང་ས་ཞེས་སྨོས་ཏེ། དེ་བཞིནནི་བསམ་པ་ཇི་ལྟ་བ་བཞིན་དུའོ།། ཞིང་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་སྟེ་ད་ཀྱིས་གྲངས་བརྩིས ་པ་དེ་ནི་ཞིང་རྡུལ་སྙེད་ཀྱི་གྲངས་སྙེད་དོ།། དབྱངས་ནི་སྐད་གསང་བསྟོད་པ་ལ་སོགས་པ་རྣམ་པ་བདུན་ནོ།། ཡན་ལག་ནི་ལྔ་ལ་སོགས་པའོ།། རྒྱ་མཚོ་ནི་དེ་དག་མང་པོ་རྣམས་སོ།། བསྟོད ་པས་བསྟོད་པ་ནི་འདུས་པ་ནས་གཞན་མ་ཡིན་པར་ཇི་ལྟ་བ་བཞིན་དུའོ།། དུས་གསུམ་དེ་དུས་གསུམ་པོ་དར་གཤེགས་པའོ།། ཚོགས་ཀྱི་མཆོག་ནི་བྱང་ཆུབ་སེམས་དཔའི་དགེ་འདུན་ནོ།། གཞི་རྣམས་ཞེས་པ ་ནི་སྐྱེས་པའི་གནས་ལ་སོགས་པ་རྣམས་སོ།། སྲོག་ཤིང་དང་འཁོར་ལོ་ལ་སོགས་པ་འདུས་ནས་དབྱིབས་སུ་བྱས་པ་ནི་མཆོད་པའི་རྟེན་དེ་ཉིད་ལ་མཆོད་རྟེན་ཞེས་བྱ་བ་འམ། ཡང་ན་བསགས་པ་ལས་ཡང་དག ་པ་ར་བྱུང་བས་ན་མཆོད་རྟེན་ནོ།། དྲུང་དུ་ཕྱིན་ནས་འདོན་འཇུག་པའི་མཁནྡ་པོ་ཡིན་པས་ན་མཁན་པོའོ།། ཐར་པའི་དོན་སློབ་པས་ན་སློབ་དཔོན། སྙིང་པོ་ནི་བཅུད་དོ།། སྐྱོབས་ནི་སྐྱོབ་པའོ།། མཆི་ཞེས་པ ་བཀྲའ་སྦྲུལྱ་པ་བཞིན་དུ་ཡོངས་སུ་བསྲུང་བའོ།། གསོལ་བ་ཞེས་པ་ནི་སྡིག་པ་བཤགས་པའི་དོན་དུ་གསོལ་བླ་འདེབས་པའོ།། ཐིག་མ་མཱུད་ལྡན་ཞེས་པ་ནི་ཐིག་མ་དང་ཐ་མོ་དང་བྲལ་བའོ།། མ་འཚལ ་བ་ནི་རྨོངས་པའོ།། གཏི་མུག་འཁྲུལ་པས་བདག་ནོན་པ་ནི་དམྱལ་བ་ལ་སོགས་པར་གནོད་པར་མ་ཤེས་པའི་ཕྱིར་རོ།། རྗེས་སུ་ཡི་རང་བ་ནི་ཡང་དག་པར་རབ་ཏུ་དགའ་བའོ།། ནོངས་ཞེས་པ་ནི་ལྷུང་བ་སྟེ ་དྲན་སོང་དུ་ཁྲིད་པར་བྱེད་ལྷུང་བར་བྱེད་པས་ན་ལྷུང་བའོ།། བཤགས་པར་བགྱིད་པ་ནི་རབ་ཏུ་གསལ་བར་བགྱིད་པའོ།། གཙོ་བོ་ནས་མས་རིམ་བཞིན་དུ་ལྟུང་བ་བཤུགས་བླར་བྱ་བའི་ཕྱིར། བདག་གིས་དཀོན་མཆོག་གསུ ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་གསུངས་སྟེ། ཕ་མ་ནི་ཕ་དང་མའོ།། གཞན་དག་ནི་སློབ་དཔོན་ལ་སོགས་པའོ།། ཉོན་མོང་ས་པའི་སྒོ་ནས་ནི་བསམ་པ་ངན་པའི་སྒོ་ནས་སོ།། གནོད་པ་ནི ་སླུས་བྱས་པའོ།། མི་བཟད་པ་ནི་འབྲས་བུ་ཡང་བ་སྟེར་བའི་ཕྱིར་རོ།། སྡིག་པའི་ལས་ཡིད་ལ་བཅགས་པ་བསྟན་པའི་ཕྱིར། བདག་ནི་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་འདི་ལ་ཏེ། འཁོར་བར་འཆིང་བའི་སྡིག་པ ་ལྔས་སོ།། ཐར་ཞེས་པ་ནི་སྡིག་པ་འདི་ལས་ཇི་ལྟར་ཐར་བར་འགྱུར་བ་ཞེས་བྱའོ།། མྱུར་བ་ཞེས་པ་ནི་བསྡད་ལོང་མེད་པའོ།། ཁྱོད་ཀྱིས་སྡིག་པ་བྱས་ཀྱང་འཆི་བདག་གིས་གླགས་ག་ལཱ་རྙེད་སྙམ་པ་ལ་ཡིད་བརྟན་དུ ་མི་རུང་ཞེས་སྨོས་ཏེ། ཡིད་བརྟེན་དུ་མི་རུང་བ་ནི་ཡིད་ཆེས་བྱར་མེ་ད་པའོ།། གསོདཔཪྵ་བྱེད་པས་ན་འཚོ་བདག་གོ། བྱས་པ་ནི་བྱིས་ཟིན་པའོ།། མ་བྱས་པ་ནི་མ་བྱས་ཟིན་པའོ།། མི་སྡོད་པ་ནི་དེ་དག་གིས་དཔྱད ་པ་མི་བྱེད་པའོ།། བདག་ནི་ནད་མེད་པའོ་ཞེས་གནས་པ་ལ་ངེས་འཇོམས་པར་བྱེད་དོ།། མི་ན་བ་ནི་བདེ་བར་གནས་པའོ།། གློ་བུར་ཞེས་པ་ནི་མ་དཔྱད་པར་ཐོག་འབབ་པ་དང་འདྲའོ།། གལ་ཏེ་ཡིད་བརྟན་དུ་མོད་པར ་ཆ་ཡོད་ན་སྡིག་པ་ཅིའི་ཕྱིར་བྱས་ཤེ་ན། ཐམས་ཅད་ཅེས་སྨོས་ཏེ། ཐམས་ཅད་ནི་མཛུའ་བ་ལ་སོགས་པའོ།། བོར་བ་ནི་འདོར་བའོ།། དེ་ཉིད་བསྟན་པའི་ཕྱིར་མི་མཛའ་ཞེས་སྨོས་ཏེ། མི་མཛའ ་བ་ནི་དགྲ་རྣམས་སོ།། རྣམ་པ་སྣ་ཚོགས་ཞེས་པ་ནི་རྣམ་པ་དུ་མའོ།། སྐྱེ་བ་གཞན་ཡང་ལྟ་ཞོག་ཅེ་སྲ་བསྟན་པའི་ཕྱིར་གསོན་ཚེ་འདི་ཉིད་ལ་ཞེས་སྨོས་ཏེ། དུ་མ་ནི་རྣམ་པ་མང་པོའོ།། འོ་ན་ད་ཅི་ཞིག་གནས་པར་འགྱུར ་སྙམ་པོ་ལོ། དེ་དག་དོན་ཞེས་སྨོས་ཏེ། མཛའ་བྱེ་ལ་སོགས་པའི་དོན་དུ་བྱས་པའི་སྡིག་པ་གང་ཡིན་པའོ།། མཇུག་བསྡུ་བར་བཞེད་ནས་དེ་ལྟར་ཞེས་སྨོས་ཏེ། དེ་ལྟར་སྐྱེ་བ་སྔམ?་ནཱས་ཐམས་ཅད་བྱིར་ཏེ། འོངས ་ནས་སྐྱེ་བ་གཞན་དུ་འགྲོ་བ་ནི་གློ་བུར་སྟེ། འགྲོན་པོ་ཞེས་བྱ་བའོ།། རྟག་པནི་རྣམ་པར་དཔྱད་པའི་རྒྱུ་དེས་རྟོགས་པར་མ་གྱུར་པའོ།། ཅི་སྟེ་ཚེ་རིང་བར་ཐུབ་པ་མ་ཡིན་ན་མ་འཆི་བའི་དོགས་པ་བྱ་ཅི་དགས་སྙམ་པ ་ཉིན་མཚན་ཞེས་སྨོས་ཏེ། སྣུན་པ་ནི་འཕེལ་པོར་བྱེད་པའོ།། འགོད་པ་ནི་ཐབས་སྒོམ་ཡང་ནཱི་འབྱེད་པའོ།། ཙླིས་མི་འགྱུར་ཞེས་པ་ནི་བག་ཚ་བའོ།། ཙཱི་སྟེ་གང་གི་དོན་དུ་སྡིག་པ་བྱས་པོའི་སྡེ་ཆེན་དྲོ་དག ་གིས་ཁྱོད་ཀྱིས་གྲོགས་བྱེད་པར་འགྱུར་རོ་སྙམ་པ་ལ་བདག་ནི་མལ་ན་ཞེས་སྨོས་ཏེ། སྲོག་གཅོད་པ་ནི་སྲོག་གཏོང་བའོ།། གང་དེ་དག་ཉིད་ལ་སོགས་པ་གང་ཡིན་པ་དེ་ཚོར་བའོ།། ཤི་ནས་ནམས་ཀྱང་ཅི་ཕན ་བསྟན་པའི་ཕྱིར། གཤིན་རྗེ་ཞེས་སྨོས་ཏེ། གཤིན་རྗེའི་ཕོ་ཉ་ཉམས་སུ་མྱོང་བར་སོ་སོ་ནས་སྣང་བའི་ཕོ་ཉས་ཟིན་པའོ།། གཉེན་ནི་ཕྱོགས་སུ་དགའ་བ་ཙམ་མོ།། བྱ་ཤེས་ཞེས་པ་ནི་ཤིན་ཏུ་བཅུག་པའོ།། ཅིའི་ཕྱིར ་དགེ་བ་མ་བསགས་སྙམ་པ་ལ། མགོན་པ་ཞེས་སྨོས་ཏེ། བག་མེད་པ་ནི་སྡིག་པ་སོགས་པའི་རྒྱུའོ།། དེ་ཙམ་དུ་སེམས་ཁྲལ་མང་པོ་བྱ་ཅི་དགོས་སྙམ་པ་ལ། སྐྱ་བོ་ཡན་ལག་ཅེས་སྨོས་ཏེ། ཡན་ལག་ནི་ན་ལག་པ ་ལ་སོགས་པའོ།། བྱེད་པར་གྱུར་པ་ནི་ཐམས་ཅད་ནས་སྐྲག་པར་གྱུར་པའོ།། ཁ་སྐམས་པ་ནི་སྲིད་པ་ལ་སོགས་པའོ།། མིག་རྩ་ངན་པ་ནི་གང་མིག་རྩ་དམའ་བར་གྱུར་པའོ།། གཞན་དུ་འགྱུར་བ་ནི་ཕྱིན་ཅི་ལོག་གྱུར ་པའོ།། འཇིགས་འཇིགས་བལྟ་ཞེས་པ་ནི་འཇིགས་སུ་རུང་བའི་གཟུགས་ཅན་ནོ།། གཟུང་བར་གྱུར་པ་ནི་བདག་གིས་བྱས་པའོ།། གང་གིས་ལུས་འཇིགས་པ་ཆེན་པོའི་ནད་ཀྱིས་བཏབ་པ་དེའི་ལུས་རབ་ཏུ་ཉམ་ཐག་པ་སྟེ། ་དེའི་བཤང་བའི་ལམ་ནས་བྱུང་བྲེས་བསྒོས་པར་འགྱུར་བའོ།། སྨོས་ཅི་དགོས་ཤེས་པ་ནི་ཤྲི་ན་ཏུ་ངན་པའི་དྲན་ཏོ།། ཇི་ལྟ་བུར་སྙམ་པ་ལ་སུ་ཞིག་ཅེས་སྨོས་ཏེ། དམྱལ་བ་ལ་སོགས་པའི་གནས་སུ་སློབ་ཅེས ་པའོ།། བྲེད་ཤ་ཐོན་པའི་མིག་བགྲད་ཅེས་པ་ནི་མིག་རྩ་དམར་ནས་བཟློག་ཅིང་ཕྱོགས་བཞིར་ལྟེ་བའོ།། དེའི་ཕྱིར་དེ་རིང་ཉིད་ནས་བག་ཟོན་བགྱིའོ་ཞེས་བསྟན་པའི་ཕྱིར། དེ་བས་རྒྱལ་ཞེས་སྨོ་ས་ཏེ། ནུས ་པཱ་དཔག་ཏུ་མེད་པ་དང་ལྡན་པས་ན་སྟོབས་ཆེན་ནོ་དེ་ཉིད་ཀྱིས་ན་རྒྱལ་བའོ།། དེ་བཞིན་ཡང་དག་སྟེ། བསམ་པ་ཐག་པ་ནས་སོ།། དེ་ནི་གཙོ་བོ་ན་རིམ་བཞིན་དུ་བདག་ཉིད་ཡོངས་སུ་བ་ལ་སོགས ་པ་སྨོས་ཏེ། རྣམ་པར་སྐྲག་པ་ནི་ཐབས་འཁྱར་བའོ།། ཉམ་ཐག་པའི་ཚུལ་དང་གང་ལྡན་པ་དེའི་ང་རོས་མཚན་ནས་འོ་དོད་འབོད་པ་ནི་ཉམ་ཐག་ང་རོས་བློ་དོད་འབོད་པ་སྟེ། སྡུག་ཅིང་བསྔལ་བའི་སྐད་གདངས་ཀྱི་སྔར ་ལངས་བཞིན་དུ་འབོད་པའོ།། ཐམས་ཅད་ཅེས་པ་ནི་གཞན་ལ་སྨོས་པ་རྣམས་ཀྱང་ངོ་།། རྡོ་རྗེ་ཅན་ནི་ཕྱག་ན་རྡོ་རྗེའོ།། ཡང་དེ་རྣམས་མངོན་སུམ་དུ་དམིགས་ནས་བརྗོད་པར་བྱ་བ་བསྟན་པའི་ཕྱིར་སྔོན་ཆད་ཅེས་བྱེ་བ ་སྨོས་ཏེ། བཀའ་ནི་བསྒོ་བའོ།། འདུས་པ་ནི་དེ་ལས་བརྒལ་བའོ་དེ་ནི་སྟེ་དེང་ནས་བརྩམས་ཏེའོ།། འཇིགས་པ་ཆེན་པོ་མཐོང་ནས་ཏེ་ཆེར་མི་འདྲོད་པའི་འབྲས་བུ་མཐོང་ནུས་སོ།། མི་འདོད་པའི་འབྲས་བུས་བསྒྲགས་པ ་ནི་འཇིག་པ་བརླང་པདྨོ།། དོན་འདི་ཉིད་བསྟན་པར་བྱ་བའི་ཕྱིར་ཐ་མལ་ཞེས་སྨོས་ཏེ། ཐ་མལ་ནད་ཅེས་ཡུན་མི་རིང་བར་མྱུར་དུ་སྨོས་ནས་འགྲོ་བའི་ནད་དོ།། བཞི་བརྒྱ་ནི་འདོད་ཆགས་ལ་སོགས་པའི་དབྱེ་བས་སོ།། ་རྩ་བཞི་ཞེས་པ་ནི་བཞི་ཡིས་ལྷག་མའོ།། དེ་ལྟར་ཡིན་མོད་འཇིགས་ཅི་དགོས་སྙམ་པ་ལ། དེ་གཅིག་གིས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་གི་ནང་ནས་མཁྲིས་པ་ལ་སོགས་པ་གང་ཡང་རུང་བ་གཅིག ་གིས་ཀྱང་ངོ་།། སྨན་ནི་ཕྱི་རོལ་གྱིའོ།། ཟུག་རུ་འདོད་ཆགས་ལ་སོགས་པའོ།། ད་ནི་བག་མེད་པ་ལྔས་ལྡོག་པ་བསྟན་པའི་ཕྱིར་གཡང་སུ་ཐ་མལ་ཞེས་སྨོས་ཏེ། གཡང་ས་ཐ་མལ་ནི་འོབས་དང་གཅོང་ལ་སོགས་པའོ།། ། ་བག་ཡོད་པར་གནས་པཾ་ནི་ཤིན་ཏུ་བག་བློན་ཚོར་བྱེད་པའོ།། ཅི་གྲ་ཤོས་གཞན་མནར་མེད་པའི་གཡེངས་དཔག་ཚྭད་སྟོང་ཐམ་པའི་ཆུང་དུ་ཡུན་རིང་སྟེ་བསྐལ་པ་བྱར་མ་ལ་སོགས་པའི་ཡུན་དུ་དུས་སུ་གནས་པའི ་ས་དེར་སྨོས་དགོས་ཏེ། ཅིས་ཀྱང་བྱ་དགོས་པའོ།། ང་རིང་ཉིད་དུ་འཆི་བ་ནི་མ་ཡིན་ན་དེ་ཙམ་ཅི་ཐུག་སྙམ་པ་ལ། དེ་རིང་ཁོ་ན་ཞེས་སྨོས་ཏེ། འདུག་པ་ནི་གནས་པའོ།། དུས་ཞེས་པ་ནི་དུས་འདི་ཉིད་དོ།། འབྱུང་ཞེས ་པ་ནི་ངེས་པར་འོངས་པ་སྟེ། ད་ལྟ་བོས་ཀྱང་ཉེ་བས་ན་ད་ལྟ་བུ་བཞིན་སྦྱར་རོ།། དེ་ལྟར་ན་ཡང་འཇིགས་པར་མི་རིགས་སོ།། སྙམ་པ་ལཱ། བདུག་ལ་མི་འཇིགས་ཞེས་སྨོས་ཏེ། མི་འཇིགས་ཞེས་བྱ་ནི་འཁོ་རཱ་བ་ལས། ་ངེས་པར་འདོན་པའོ།། ཇི་ལྟར་ཞེས་པ་ནི་ཐབས་གང་གིས་བྱའོ།། འདིའི་ཕྱིར་ན་ཡང་བདེ་བར་འདུག་མི་རིགས་སོ་ཞེས་བསྟན་པའི་ཕྱིར་སྔོན་ཆུད་ཅེས་སྨོས་ཏེ། སྔར་སྤྱད་ཅིང་ཉམས་སུ་མྱོང་བ་ཀུན་ནི་ཞིག ་པར་འགྱུར་ན་ཞེས་པའོ།། ལྷག་པ་སྟེ་བོགས་སུ་འགྱུར་བ་ཁོ་ནའི་སྙིང་པོའོ།། བཀའ་ནི་བཀའ་སྒོ་བའོ།། དེའི་ཕྱིར་ང་ནི་ཡིད་ལ་བྱ་བར་རིགས་སོ།། ཞེས་བསྟན་པའི་ཕྱིར། གསོན་ཚེ་ཞེས་བྱ་ལ་སོགས་པ་སྨོས ་ཏེ། གསོན་ཚེ་ནི་མི་ལ་སོགས་བྱའོ།། གཤད་ཅེས་པ་ནཱི་ཡི་དྭགས་ལྔ་སོགས་པར་སྡིག་པུ་མི་དགེ་བའི་སྟོབས་ཀྱི་འགྲོ་བའོ།། ད་ནི་འཇུག་བསྡུ་བའི་སྒོ་ནས་སྡིག་པ་བཱ་ཤགས་པ་བསྟན་པར ་ཕྱིར། བདག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་ཤེས་པ་ནི་བྱིས་པ་སྟེ། སོ་སོའི་སྐྱེ་བོ་ཡིན་པའི་ཕྱིར་རོ།། གཏི་མུག་པ་ནི་ཕན་པ་ལ་སོགས་པ་མི་ཤེས་པའི་ཕྱིར་རོ།། རང་བཞིན་གྱི་ཁ་ན་མ་ཐོ་བ་ནི་སྲེག་གཅོད ་པོ་ལ་སོགས་པའོ།། བཅས་པའི་ཁ་ནི་མྲ་ཐོ་བ་ནི་ཆང་འཐུང་བ་ལ་སོགས་པའོ།། བ་གྱིས་པ་ནི་བསོགས་པའོ།། སྡིག་པ་ནི་ལྟུང་བས་ན་སྡིག་པ་སྟེ། དམྱལ་བ་ལྀ་སོགས་པར་ཁྲིདང་ནས་འགྲོ་བའོ།། གཟུང་དུ་གསོལ ་ཞེས་པ་ནི་དྲང་དུ་གསོལ་ཞེས་བྱ་བའོ།། སྡིག་པ་གཤགས་པ་ཕལ་ཆེ་བས་ན་སྡིགས་པ་བཤགས་པའི་ལེའུའོ།། བྱང་ཆུབ་སེམ་ས་དཔའི་སྤྱོད་པ་ལ་འཇུག་པ་ལས་ལེའུ་གཉིས་པའི་དཀའ་འགྲེལ་ལོ།། ། ་ད་ནི་སྡིག་ཕྱེ་བཤགས་པའི་རྗེས་ལ་བསད་ནུམས་ལ་རྗེས་སུ་ཡི་རུང་བ་བསྟན་པའི་ཕྱིར། སེམས་ཅན་ཀུན་ཞེས་སྨོས་ཏེ། དྲན་སོང་ནི་དམྱ་ལྭ་བ་ལ་སོགས་པའོ།། མནར་ཅིང་གདུངས་པར་བྱེད་པས་ན་སྡུག་བསྔལ་ལོ།། ་ངལ་བ་བསོས་པར་བྱེད་པས་ན་ངལ་བསོས་པའི་དགེ་བ་སྟེ། ཕྱིན་ཅི་ལོག་གི་ལམ་བཀག་པའི་ཕྱིར།། བདེར་གནས་ཞེས་བྱ་བ་ནི་དགེ་བ་དེ་དག་འཕེལ་བར་གྱུར་ཅིག་པའོ།། དགའ་བས་རྗེས་སུ་ཡི་རང་བ་ནི་ཡང་དག ་པར་དགའ་བས་སོ།། འཇིག་རྟེན་ལས་འདས་པའི་ལམ་གྱི་ཕྱིར་བྱང་ཆུབ་རྒྱུར་གྱུར་ཞེས་གསུངས་ཏེ། བྱང་ཆུབ་རྒྱུར་གྱུར་པ་ཞེས་པ་རྒྱུ་དང་འབྲས་བུའི་དངོས་པོའི་ཚོགས་གཉིས་སོ།། འཁོར་བའི་སྡུག་བསྔལ་ལས་ངེས ་པར་ཐར་པར་བྱེད་པ་ནི་ཡེ་ཤེས་ཀྱི་ཚོགས་སོ།། རང་གི་མཐོང་བའི་ལ་མ་བསྟན་པའི་ཕྱིར་སྐྱོབ་པོ་ཞེས་གསུངས་སོ།། སོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་ལཱ་རྗེས་སུ་ཡི་རང་བ་ཉིད་བསྟན་པའི ་ཕྱིར་སེམས་ཅན་ཞེས་བྱ་བ་སྨོས་ཏེ། སེམས་ཅན་ཐམས་ཅད་བདེ་མཛད་པ་ཞེས་པ་ནི་འཇུག་པའི་སེམས་སམ་ཡང་བདེ་བ་སྐྱེད་པར་བྱེད་པའོ།། རྒྱ་མཚོ་དང་འདྲ་བར་མཐའ་གཏིང་མི་རྟོགས་པས་ན་རྒྱ་མཚོའོ།། ཕན ་པོ་ནི་སངས་རྒྱས་ཀྱི་བསྟན་པའི་ཐབས་ལྷ་གོམས་པར་བསླབ་པ་སྟེ། དེ་ཉིད་ལ་ཕན་པ་ཞེས་བཏགས་ནསྣ་བརྗོད་དོ།། གྲོ་སོ་ལྔ་བློ་བཏབ་པ་བསྟན་པའི་ཕྱིར། ཕྱོགས་རྣམས་ཀུན་ཞེས་སྨོས་ཏེ། གསོལ་བ་འདེབས ་པ་ནི་འདས་བུའི་དོན་དུའོ།། ཆོས་ཀྱི་སྒྲོན་མ་ནི་ཆོས་སྟོན་པའི་བདག་ཉིད་ཀྱི་སྣང་བ་སྟེ། སྡུག་བསྔལ་གྱི་མགོ་ལྟུང་བར་བྱེད་པའི་ཚུལ་གང་ལྡན་པའོ།། བཞུགས་སུ་གསོལ་བར་ཞུ་བ་དབུལ་བའི་ཕྱིར། རྒྱལ་བ ་མྱ་ངན་འདའ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ཡོངས་སུ་བསྔོ་བ་བསྟན་པའི་ཕྱིར་དེ་ལྟར་ཞེས་བྱ་བ་སྨོས་ཏེ། མཆོད་པ་ནས་བཞུགས་སུ་གསོལ་བའི་བར་དུའོ།། ཇི་ལྟ་བུ་སྙམ་པ་ལ་འགྲོ་བ་ནད་པ་ཞེས་བྱ་བ ་ལ་སོགས་པ་སྨོས་ཏེ། ནད་པ་ནཱི་ནད་ཀྱིས་གཟིར་བའོ།། ཇི་སྲིད་དུ་ཞེས་པ་ནི་ནུད་སོས་ཀྱི་བར་རོ།། སྨན་ནི་ཉ་རོ་ཧི་ཏཱ་ལ་སོགས་པའི་དངོས་པོར་རོ།། ཤོག་ཅེས་པ་ནི་གྱུར་ཅིག་པའོ།། བཀྲེས། ་པ་སྟེ་ལྟོག་པ་ལ་ཟས་ཀྱི་ཆར་པ་འབབ་པར་ཤོག། ཅེས་པ་ནི་ཁ་ཅིག་གི་འདོད་པ་ཡིན་པའི་ཕྱིར་རོ།། མུ་གེའི་བསྐལ་པ་བ་རུ་མར་གྱུར་པའི་ཚེ་ན་བསྐལ་པ་བར་མའི་མི་རྣམས་ཀྱི་ཚེ་ཚད་ཚེ་ལོ་བཅུ་པ་ལ་ཐུག་པར་གྱུར ་པའི་ཚེ་མུ་གེ་དང་ནད་དང་མཚོན་རྣམས་རིམ་པ་བཞིན་དུ་ལོ་བདུན་དང་ཟླ་བ་བདུན་དང་ཞག་བདུན་དུ་འབྱུང་བར་འགྱུར་ཏེ། དེའི་ཚེ་ཟས་དང་སྐོམ་མེང་ནས་ཕན་ཚུན་གཅིག་ལ་གཅིག་གི་ཤ་དང་རུས་པ་འབའ་ཞིག་གིས ་ཟླས་བྱེད་ཅིང་། བཟའ་རྒྱུ་མ་རྙེད་ཙམ་ན་ཚེའི་དུས་བྱེད་པར་འགྱུར་བ་དེའི་ཚེ་དོར་ལྟོགས་པ་རྣམས་ལ་ཟས་དང་། སྐོམ་པ་ལ་བཏུང་བ་རྣམས་དང་། ནད་པ་རྣམས་ལ་སྨནྡ་དང་། མཚོན་ཆ་རྣམས་མེ་ཏོག་དུ་གྱུར ་ཅིག་པའོ།། ཡོ་བྱད་མ་ཁོ་དགུ་སྣ་ཚོགས་སུ་ཞེས་བྱ་བ་ལ། སྤྲུལ་ནས་ཞེས་བྱ་བ་ཚིག་ལྕུག་མའོ།། དེ་ནི་བདག་གི་དངོས་པོ་ཡོངས་སུ་བཏང་བ་ལ་སོགས་པ་བསྟན་པའི་ཕྱིར། ལུས་དང་ཞེས་བྱ་བ་སྨོསེ་ཏེ ་ལུས་ནི་བདག་གི་ལུས་སོ།། ལོངས་སྤྱད་པར་བྱ་བས་ནི་ལོངས་སྤྱོད་དོ།། ཕངས་པ་མེད་པ་ནི་རེ་བ་མེད་པ་སྟེ། ལན་ལ་རེ་བ་མེད་པའོ།། གཏོང་བའི་འཐད་པ་བསྟན་པའི་ཕྱིར། ཐམས་ཅད་ཅེས་སྨོས་ཏེ། ཐམས ་ཅད་གཏང་ཞེས་པ་ནི་གང་ལ་ཆགས་པ་སྟེ། ཐམས་ཅད་སྤངས་པའོ།། སྡིག་པ་སེལ་བར་བྱེད་པ། འདྲའ་བར་བྱེད་པསཱ་ན་མྱ་ངན་ལས་འདྲའ་བཱརཱ་ཏེ་ཐར་པར་རོ།། དེའི་འདིའི་ཚུལ་དང་མཐུན་པར་གཏང་བར་བསྟན་པའི ་ཕྱིར། བདག་གིས་ཞེས་སྨོས་ཏེ། ལུས་ཅན་ཐམས་ཅད་ལ་ཅི་འདོད་པའི་རྒྱུར་སྦྱིན་ནོ་ཞེས་སྦྱོར་རོ།། ཅི་བདེ་ཞོས་པ་ནི་ཅི་དགར་རོ།། དེ་ཉིད་ཀྱི་ཕྱིར་གསོད་དང་སྟེ། བརྡུང་བདག་བྱེད་པའོ།། རྡེག་སོགས་ནི་བཤིག་མ ་ལྀ་སོགས་པས་འབྲབ་པའོ།། ལུས་ལ་ཞེས་པ་ནི་རྒྱུར་བྱས་ནས་སོ།། གཞི་ནི་འདིས་གཞར་བྱེད་པའོ།། ཇི་ལྟར་དེ་ལ་གནོད་པར་མི་འགྱུར་བ་དེ་ལྟ་ནཱ་ཡང་བསྲན་དཀའ་བའི་ལས་ཀྱང་སྟེ། ཁྲ་ན་མ་ཐོ་བ་མེད ་པའི་ལས་རྣམས་གྱིས་ཤིག་པའོ།། དེ་ཉིད་ཅེས་པ་ནི་ཁྲོ་བྱ་ལ་སོགས་པ་ཉིད་དོ།། གཞན་དག་ཅེས་པ་ནི་བཏང་སྙོམས་པའོ།། གནོད་པར་བྱེད་པ་ནི་གཞུང་གད་དུ་བྱེད་པ་འམ། ཡང་ནི་ཅོ་འདྲི་བའོ།། ཕྱར་ཀ། ་གཏོང་བ་ནི་བརྫུན་གྱི་སུན་འབྱིན་པའོ།། མགོན་ཞེས་པ་ནི་སྐྱབ་པའོ།། ལམ་དུ་ཞུགས་པ་ནི་ལམ་ལ་འགྲོ་བའོ།། སེམས་ཅན་མང་པོ་ལམ་དུ་ཞུགས་ནས་འགྲོ་བ་རྣམས་ཀྱི་ཆེད་བྱེད་པ་ནི་དེང་དཔོན་ནོ།། ཟ་མ་ནི་ཟམ ་སྟེགས་སོ།། ཡིད་བཞིན་གྱི་ནོར་བུ་དང་བུམ་པ་ནི་ཅི་བས་མ་པའི་དོན་སྟེར་བའོ།། རིགས་སྔགས་གྲུབ་པ་ནི་སྔགས་གྲུབ་པའོ།། ཅི་བསྟགས་པའི་དོན་སྟེར་བ་ནི་དཔག་བསམ་གྱི་ཤིང་ངོ་།། ཇི་ལྟར་འདོད་པ་བཞིན ་དངོས་པོ་ཐམས་ཅད་བཞོར་རུང་ཡོད་པས་ནཱ་འདོད་འཇོའོ།། འབྱུང་བས་འབྱུང་བའོ།། མ་ལུས་པ་ནི་མཐའ་དྲུག་གོ།། གང་ན་མཁའ་བཞིན་དུ་གནས་པའི་ཚུལ་དང་ལྡན་པ་དེ་ལ་དེ་སྐད་ཅེསྤུ་བྱའོ།། ་དེ་ཉིད་ཀྱི་ཕྱིར་དཔག་ཏུ་མེད་པ་ཞེས་བརྗོད་དོ།། རྣམ་པ་མང་སྟེ་རྣམ་པ་སྣ་ཚོགས་ཀྱིས་སོ།། གང་ན་མཁའ་ལ་མཐའ་ཐུག་པ་མེད་པ་དེ་བཞིན་དུ་ཡོངས་སུ་མ་བཅད་པའོ།། རྣམ་ཀུནྡ་ཞེས་པ་ནི་རྣམ་པ་དུ་མའོ།། ཇི་སྲིད ་དུ་སེམས་ཅན་རྣམས་སྤངས་མ་རྒྱས་ཀྱི་བར་དུ་ཉིར་འཚེ་སྟེ། ལོངས་སྤྱོད་པའི་རྒྱུར་གྱུར་ཅིག་པའོ།། བྱང་ཆུབ་ཏུ་སེམས་བསྐྱེད་པ་བསྟན་པའི་ཕྱིར། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱང་ཆུབ་ཀྱི་སེམས ་ནི་བྱང་ཆུབ་སེམས་དཔའི་སྡོམ་པའོ།། དེ་ནི་བླ་མ་སྡོམ་པ་ལ་གནས་པ་ཁོ་ན་ལྀ་སྣ་བླང་བར་བྱའི།། དྲི་མ་རྙེད་ན་ཐོགས་པ་མི་མངའ་བའི་གཟིགས་པ་དང་ལྷུན་པོའི་སངས་རྒྱས་རྣམས་མདུན་དུ་བལྟས་ལ། མཆོད ་པ་བྱས་ཏེ་ཚིགས་སུ་བཅད་སྡེ་འདི་གཉིས་ལན་གསུམ་དུ་བཟླས་ཏེ་བཟུང་ངོ་།། སྔོན་གྱི་སྒྲ་ནི་སྔོན་གྱི་དུས་ཙམ་ཉིད་དོ།། ཞེས་བྱ་བའི་དོན་ཏོ།། འགྲོ་བ་ལ་ཕནྡ་པ་དེ་དེའི་རྒྱུ་མཚན་ནོ།། བསླབ་པར་བྲི་གྱི་ཞེས་པ་ནི་དེ་བཞིན ་དུ་བསྒྲུབ་པའོ།། བྱང་ཆུབ་ཀྱི་སེམས་དང་སྡོམ་པའི་འཇུག་རྒྱས་པར་བྱ་བའི་ཕྱིར་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རབ་ཏུ་དང་བ་ནི་དད་པ་ལྷག་པའི་སྒོ་ནས་སོ།། མིའི་ཞེས་པ་ནི་མིའི་སྲིད་པ་འདིའོ།། འདིའི ་སྒོ་ནས་ཀྱང་རང་གི་སེམས་གཟེང་བསྟོད་པའོ་ཞེས་བསྟན་པའི་ཕྱིར་ལོང་བྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱག་དར་བྱས་པའི་ས་རྡུལ་སྤུངས་པ་ནི་ཕྱག་དུརྱ་ཕུང་པོའོ།། ཅི་ཞིག་ལྟར་སྟེ་ཞེས་པ་ནི་བསྟོད་ནམས་ཀྱིས་སོ།། ། ་དམྱལ་བ་ལ་སོགས་པར་སྐྱེ་བའི་རྒྱུན་བཅད་པ་ནི་འཆི་བདག་བཅོམ་པའོ།། མི་ཟད་གཏེར་ཞེས་པ་ནི་ལོངས་སྤྱད་ཀྱང་ཟོད་པར་ཙོ་མི་འགྱུར་བའི་ཕྱིར་རོ།། ནོད་ནི་ཉོན་མོངས་པ་རྣམས་སོ།། དེ་རྣམས་རབ་ཏུ་ཞི་བར་བྱེད་པ་ནི་གོང ་གི་བྱང་ཆུབ་ཀྱི་སེམས་དེ་ཉིདལྗོན་ཤིང་ངོ་།། ཐར་པའི་དོན་དུ་འགྲོ་བས་ན་འགྲོ་བའོ།། ངན་པར་འགྲོ་བས་ན་ངན་འགྲོ་སྟེ་དུ་མྱལ་བ་ལ་སོགས་པའོ།། ཉོན་མོངས་པ་ཉིད་གདུང་བ་སྟེ་སྲེག་པར་བྱེད་པའི་ཕྱིར་རོ།། ་ཉོན་མོངས་པའི་སྒྲིབ་པ་དེ་སེལ་བར་བྱེད་པའི་ཕྱིར་སེལ་བར་བྱེད་པའི་ཕྱིར་སེལ་བར་བྱེད་པའོ།། ཤེས་བྱའི་སྒྲིབ་པ་སྤོང་བར་བྱེད་པའི་ཕྱིར་དཔྱིས་འབྱིན་པ་སྟེ་རྩད་ནས་འཇོམས་པའོ།། རྣམ་གྲོངས་གཞན་གྱིས་བསྟན་པའི ་ཕྱིར་འགྲོ་བ་ཞེས་སྨོས་ཏེ། འགྲོནྨ་ཞེས་བྱ་བ་ནི་གློ་བུར་བའི་ཙེས་མགྲོན་ནོ།། བིདེ་བྱ་ཞེས་བྱ་བ་ནི་སཽ་སོ་གསོད་པར་ལོངས་སྤྱོད་པ་སྟེ། དེ་ལོངས་སྤྱོད་པར་འདོད་པའོ།། འགྲངས་ཤིང་ངོམས་པར་བྱེད་པས་ན་ཚིམ་པར ་བྱེད་པའོ།། ད་ནི་ཚེར་སྤྲོ་བར་གྱིས་ཤིག་ཅེས་བསྟན་པའི་ཕྱིར་བདག་གིས་ཞེས་སྨོས་ཏེ། བར་དུ་ཞེས་པ་ནི་ཇི་སྲིད་དུ་སངས་རྒྱས་ཉིད་དུ་མ་གྱུར་གྱི་བར་དེ་སྲིད་དུའོ།། བདེ་ལ་ཞེས་པ་ནི་ལྷ་ལོ་སོགས་པའི་ཕུན་སུ ་ཚོགས་པ་ལའོ།། དགའ་བར་གྱིས་ཞེས་པ་ནི་རྗེས་སུ་ཡི་རང་མཛོད་ཅིག་ཅེས་པའོ།། ཡོངས་སུ་བཟུང་བ་ཞེས་པ་ནི་ཡང་དག་པར་ལེན་པའོ།། བྱང་ཆུབ་སེམས་དཔའི་སྤྱོད་པཱ་ལ ་འཇུག་པ་ལས་ལེའུ་གསུམ་པའི་དཀའ་འགྲེལ་ལོ།། ། ད་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་པས་ཤིན་ཏུ་འབྱུང་དེ་བསླབ་པར་བྱའོ་ཞེས་བསྟན་པའི་ཕྱིར། རྒྱལ་བའི་སྲ་ས་ཀྱི་དེ་ལྟ ་བུར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟ་བུར་ཞེས་པ་ནི་མཆོད་པ་ལ་སོགས་པའི་ཆོ་ག་སྔོན་དུ་སོང་བ་ཅན་ནོ།། ར་བ་བརྟན་ཞེས་པ་ནི་སྲོག་གི་ཕྱིར་ཡང་མཽ་གཏང་བའོ།། གཡེལ་བུ་མེད་པ་ནི་མ་ཡོངས་པའོ།། ་བསླབ་ལས་ཞེས་པ་ནི་བྱ་རྒྱུའོ།། སྡོམ་པ་བཟུང་བ་རྣམས་ཀྱི་འདི་ལྟར་བསམ་པར་བྱའོ།། ཞེས་བསྟན་པའི་ཕྱིར། བབ་ཅོལ་ཞེས་བྱ་བ་ལ་སྔོགས་བ་སྨོས་ཏེ། བབ་ཅོ་ལྔ་ཞེས་པ་ནི་དེ་སྤྱང་པ་དང་བཅས་པར་མ་བྱས ་པའོ།། དམ་བཅས་པ་ནི་ཁས་ལེན་པའོ།། འདི་ནི་དེ་ལྟ་མ་ཡིན་ནོ།། ཞེས་བསྟན་པའི་ཕྱིར་སངས་རྒྱས་རྣམས་དང་ཞེས་སྨོས་ཏེ། བདག་ཉིད་ཀྱིས་ནུས་པ་ཡོད་ཙམ་གྱིས་ཚུལ་བཞིན་དུ་བརྟགས་པའོ།། བཤོལ ་དུ་ཅི་ཡོད་ཅེས་པ་ནི་འགར་འགོར་ཅི་བྱ་ཞེས་བྱ་བ་སྟེ། མི་སྤྱད་པར་འཇུག་པར་བྱའོ།། ཞེས་བྱ་བའི་ཐ་ཚིག་གོ།། ལས་ཀྱི་དེའི་རྗེས་སུ་སྒྲུབ་པའི་སྒོ་ནས་སོ།། སྒྲུབ་པ་སྟེ་ཡང་དག་པར་དོན་དུ་གཉེར་བར་མ་བྱས ་ནའོ།། དེ་དག་སྟེ་སངས་རྒྱས་ལ་སོགས་པ་བསླུས་པའི་རྒྱུ་ས་མནྡར་མེད་པ་ལས་མ་གཏོགས་པའི་འགྲོ་ས་གཞན་གང་ན་ཡོད་ཅེས་བྱ་བའོ།། དེ་བཞིན་དུ་དངོས་པོ་ཕུལ་པ་ཞེས་བྱ་བ་ཡང་ངོ་།། ཆོས་ཡང་དག་པར ་སྡུད་པའི་མདོ་ལས་འདི་ངེས་པར་སྦྱིན་པར་བྱའོ།། ཞེས་རྗེ་ཡིད་ཀྱི་བསམས་ནས་གླང་མ་བྱིན་པར་གྱུར་ན་དེ་ཡི་དགས་སུ་འགྱུར་རོ།། ཞེས་གསུངས་སོ།། བླ་ན་མེད་པའི་བདེ་བ་ནི་སངས་རྒྱས་ཉིད་དུའོ།། བསམ་པ ་ཐུག་པ་ནི་ངེས་པར་བསམས་ནས་སོ།། འགྲོན་དུ་གཉེར་བ་ནི་ཁྲུས་བླངས་པའོ།། ཅིག་འགྲོ་འགྱུར་རམ་ཞེས་པ་ནི་གང་ན་ཡང་འགྲོ་ས་མེད་པའོ།། གལ་ཏེ་ཤཱ་རིའི་བུས་བྱང་ཆུབ་ཀྱི་སེམས་བཏང་ཡང་ཉན་ཐོས ་ཀྱི་བྱང་ཆུབ་ཁོང་དུ་ཆུད་ནས་སེམས་ཅན་གྱི་དོན་བྱས་པ་ཉིད་མ་ཡིན་ནམ། ཞེས་དོགས་པ་ལ། མེ་གང་ཞེས་སྨོས་ཏེ། བྱང་ཆུབ་ཀྱི་སེམས་མེད་ཀྱང་སེམས་ཅན་ཐར་པར་མཛོད་པ་སྟེ། འཁོར་བ་ལས་གྲོལ་བར ་མཛོད་དོ་ཞེས་བྱ་བ་ད~ཾ་ནརྀ་ཐམས་ཅད་མཁྱེན་པའི་བཅོམ་ལྡན་འདས་ཁོ་ནས་མཁྱེན་གྱིས། བདྲག་ལྟ་བུ་བློ་གྲོས་དམན་པོས་མྱི་རྟོགས་ཞེས་བྱ་བའོ།། ཞུར་ལས་བྱུང་བའི་རྩོད་པ་བསལ་ནས་སྐབསཱ་ལ་བབ་པའི ་དོན་སྦྱར་བར་བྱ་བའི་ཕྱིར། དེ་ནི་བྱང་ཆུབ་སེམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་སེམས་ཅན་ཐམས་ཅད་འདོན་པར་དམ་བཙོས་པ་དེ་ཉིད་ཀྱི་ཕྱིར། གལ་ཏེ་ལྟུང་བ་བྱུང་བ་དེ་རྣམས་ཀྱི་ནང་ན་ལྕི་བ ་སྟེ། ཤིན་ཏུ་ལྕི་བ་ཡིན་པས་ན་སེམས་ཅན་གྱི་དོན་ཉིད་ལ་དམན་པའོ།། གཞན་གང་ཞིག་བྱང་ཆུབ་སེམས་དཔའི་བསོད་ནམས་ལ་བར་དུ་གཅོད་པར་བྱེད་ནའོ།། མུ་མཐའ་མེད་པ་ནི་ཕྱི་ཆད ་བའོ།། དེ་ཉིད་ཀྱི་འཐད་པ་བསྟན་པའི་ཕྱིར། སེམས་ཅན་གཅིག་ཅེས་སྨོས་ཏེ། ཉམས་པ་ནི་དྲན་སོང་དུ་སྡུག་བསྔལ་གྱིས་སོ།། གལ་ཏེ་གང་ཞིག་ལ་ལྟུང་བ་ཡང་བྱུང་བྱང་ཆུབ་ཀྱི་སེམས་ཀྱང་མ་ཤོར་ན། དེ་ཇི་ལྟར ་འགྱུར་སྙམ་པ་ལ། དེ་ལྟར་ཞེས་སྨོས་ཏེ། དེ་ལྟར་ན་ནི་འཁོར་བ་ངན་སོང་དུ་ཁྲིད་ཅིང་བྱང་ཆུབ་ཀྱི་སེམས་ད་ཀྱིས་མྱ་ངན་ལས་འདས་པར་ཁྲིད་པས་ཕན་ཚུན་དུ་འཐེན་པ་ནི་རབ་ཏུ་དགའ་བ་ལ་སོགས་པའི་ས་ཐོབ་པ་ལ་ཡུན ་རིང་དུ་འགོར་ཞིང་དུས་རིང་མོར་འཁོར་བར་འཁོར་བར་འགྱུར་བའོ།། དེ་ལྟ་ན་དེ་ཅི་བྱ་བ.རོ་འོས་སྙམ་པ་ལ། དེ་ལྟས་ཞེས་བྱ་བ་སྨོས་ཏེ། དེའི་ཕྱིར་ཇི་ལྟར་དམ་བཅས་པ་བཞིན་དུ་སེམས་ཅན་རྣམས་འདོན་པར་འོས་པའོ།། ་གུས་པར་སྒྲུབ་པར་བྱ་བ་ནི་ཡང་དག་པར་བསྒྲུབ་པར་བྱ་བའོ།། འོག་ནས་ཏེ་ངན་སོང་དུ་འགྲོ་བའོ།། འོག་ཏུ་སྟ་ངན་འགྲོ་གཙོག་ནས་གཅིག་ཏུ་བྲོ་རྒྱུད་པའོ།། ཅི་སྟེ་དེ་དག་སངས་རྒྱས་རྣམས་ཀྱིས་གནོད་པར་བྱ་བ་མ་ཡིན་ནམ ་སྙམ་པ་ལ། སེམས་ཅན་ཞེས་སྨོས་ཏེ། གྲངས་མེད་པ་འདས་སུ་ཟིན་ཀྱང་རང་གི་ཉེས་པ་སྟེ་ལ་ལོ་ལ་སོགས་པས་བདག་ནི་གསོ་བའིསྤྱོད་ཡུལ་དུ་མ་གྱུར་པའོ།། ཡོད་ནས་ཡང་དུ་ནི་སྐྱེ་བ་སྔ་མོ་སྡེ་མ་ཡང་དེ ་བཞིན་དུ་གལ་ཏེ་བག་མེད་པར་གྱུར་ནའོ།། ངན་འགྲོ་སྟེ་ཡི་དགས་ལ་སོགས་པའོ།། བདེ་འགྲོར་སྐྱེས་ཀྱང་ནད་པར་རོ།། འཆི་བ་ནི་རྣམ་པར་ཤེས་པ་ལ་སོགས་པ་འགག་པའོ།། བཅད་པ་ནི་རྐང་པ་ལ་སོགས་པའོ།། ་གཤེགས་པ་ནི་མདུང་ལ་སོགས་པས་སོ།། གཞན་ཡང་ཤིན་ཏུ་རྙེད་པར་དཀའ་བ་ཇི་ལྟར་འཁར་ཆོས་རྙེད་པ་འདི་ལ་ཆེར་འབྲད་རྩོལ་བྱ་བར་རིགས་སོ་ཞེས་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། མི་ནི་མི་ཉིད་དེ་རུང་བ་ནི་བཟོད་པའོ།། ནད་མེད་པའང་དེ་ཉིད་མི་འམ་དེའོ།། ཞེས་བྱ་བ་འམ་ཡང་ན་ཐ་དད་དུའོ།། སྐད་ཅིག་བསླུ་པ་ཞེས་པ་ནི་སྐད་ཅིག་ཅིམ་ཡང་ཡིད་བརྟན་དུ་མེད་པའི་ཕྱིར་རོ།། བརྙན་པོ ་ནི་གཡར་པོ་ཉིད་དེ་གང་དེ་དང་འདྲ་བའོ།། དེ་བཞིན་དུ་ཡང་འདི་རྙེད་པར་དཀའ་བའོ་ཞེས་བསྟན་པའི་ཕྱིར། བདག་གི་སྤྱོད་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དེ་ཉིད་ཀྱི་ཕྱིར་གང་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ངན ་སོང་ནི་དམྱལ་བ་ལ་སོགས་པའོ།། དགེ་བ་དག་མ་བྱས་ན་སྟེ་དང་ནས་བརྩམས་དེ་དགེ་བ་མུ་བྱས་ནའོ།། ཉེ་བྱར་བསགས་པ་ནི་འཕོལ་བར་རོ།། བསྐལ་པ་བརྒྱར་ཡང་བདེ་བར་གཤེགས་ཕྱི་ལྟ་ཞོག། དེའི་སྒྲ་ཡང་མི ་ཐོས་པའོ།། དེ་ལྟ་ཡིན་པ་དེ་ཉིད་ཕྱིར། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ལ་འདི་ལྟ་སྟེ། རྒྱ་མཚོ་ཆེན་པོར་རླུང་གིས་ཁྱེར་བའི་གཉའ་ཤིང་གི་བུ་ག་གཅིག་པ་དེར་ལོ་བརྒྱར་ཞིང་ཕྱོགས་རེའི་རྒྱ་མཚོའི་སྟེང་དུ་དེ་ལྟ ་@བུར་འོང་བའི་རུསྭཱ་སྦལ་གྱི་མགྲིན་པ་ཆུད་པ་ནི་ཁྲའི་མགོ་དང་ཏཱ་ལ་བཞིན་ཤིན་ཏུ་དཀའ་བ་དེ་བཞིན་དུ་མིའི་དངོས་པོ་ཡང་དཀའོ་ཞེས་གསུངས་སོ།། ཅིའི་ཕྱིར་སྙེད་པར་དཀའ་སྙམ ་པ་ལ། སྐད་ཅིག་ཅིག་བྱས་ཤེས་སྨོས་ཏེ། སྡིག་པ་ནི་མཚམས་མེད་པ་ལ་སོགས་པའོ།། བསྐལ་པ་ནི་བསྐལ་པ་བར་མར་རོ།། སྡིག་པ་ཟད་ན་གྲོལ་བར་འགྱུར་རོ་སྙམ་པ་ལ། དེ་ཙམ་ཁོ་ནརྀ་ཞེས་སྨོས་ཏེ། མྱོང་བ ་ནི་ཉམས་སུ་མྱོང་བའོ།། རྣམ་པར་ཐར་པར་མི་འགྱུར་བ་ནི་གྲོལ་བར་མི་འགྱུར་བའོ།། གཅིག་ལ་གཅིག་ཟ་བ་ལ་སོགས་པ་ནི་སྡིག་པ་བཞིན་ནོ།། རང་གི་ཡིད་ལ་བཙགས་པར་བསྟན་པའི་ཕྱིར་འདི་འདྲ་ཞེས་བྱ་བ་སྨོས ་ཏེ། སླུ་བ་ནི་རང་དང་གཞན་བསླུ་བའོ།། གལ་ཏེ་ནི་གང་གི་ཕྱིར་རོ།། རྨོངས་པ་ནི་ཀུན་ཏུ་རྨོངས་པའོ།། གཞན་ཡང་དེ་ལྟར་འདས་མ་ཐག་ཏུ་བརྗོད་པ་རྣམས། དཔྱད་ཅིང་བ་ཞིག་པས་སྒྲིང་ལུག་པར་གྱུརུ་ནས་བསློབ་པ ་མི་བསྲུང་ནའོ།། མྱ་ངན་ཆེན་པོ་ལྡང་ཞེས་པ་ནི་ག་ཤིན་རྗེའི་ཕོ་ཉས་ཅིའི་དོན་དུ་ཁྱོད་ཀྱིས་འདི་ལྟ་བུའི་སྡིག་པ་བྱས་ཤེས་འགྱོད་པའོ།། སྲེག་པ་འགྱུར་བ་ནི་ཐོལ་བར་རློག་པར་འགྱུར་བའོ།། མེ་འབར་ཞེས་པ ་ནི་བདག་གིས་འདི་ལྟ་བུའི་ལས་ངན་པ་ཇི་ལྟར་བྱས་ཞེས་ཕྱིས་གདུང་ཞིང་འགྱོད་པའི་མི་འབར་བས་སེམས་སྲེག་པའོ།། ཕན་པའི་ས་ནི་བདེ་འགྲོའོ།། ཤེས་པ་དང་ལྡན་པ་ནི་ཐོས་པོ་ལས་བྱུང་བའི་ཤེས་རབ་ལ ་སོགས་པའོ།། ཁྲིད་ཅེས་པ་ནི་བདག་ཉོན་མོངས་པས་ཁྲིད་པའོ།། གལ་ཏེ་ཁྱོད་ཤེས་པ་དང་ལྡན་ན་བཀྲིར་ཉན་པ་ཇི་ལྟར་སོང་སྙམ་པ་ལ། སྔགས་ཀྱི་ཤེས་སྨོས་ཏེ། འདིར་ཞེས་པ་ནི་ཕན་པའི་ས་ལའོ།། སེམས་ཤེས ་པ་ནི་བསླབ་པ་ལས་བརྩོན་པའོ།། ཅིས་རྨོངས་མ་ཤེས་པ་ནི་རྒྱུ་ཅིས་རྨོངས་པར་བྱས་ཆ་མེད་པའོ།། ཁོང་ན་ཞེས་བྱ་བ་ནི་ལུས་པོ་ལའོ།། གལ་ཏེ་སྲེག་པ་ལ་སོགས་པ་ཡིན་ནོ་སྙམ་པ་ཞེ་སྡང་སྲེད་སོགས་ཞེས་སྨོས་ཏེ། སྲེད ་པ་ནི་ཕྱིར་ཞིང་འདོད་པ་སྐྱེས་པའོ།། གཟུགས་ཅན་མ་ཡིན་པའི་ཕྱི་བར་དཔའོ་མ་ཡིན་པའོ།། གཏི་མུག་དང་ཡང་དག་པར་སྦྱོར་བའི་ཕྱིར་མཁས་པ་མ་ཡིན་པའོ།། བྲན་བཞིན་དུ་བྱས་པ་ནི་དབང་དུ་བྱས་པའོ།། དེ་བཞིན་དུ ་འདི་ཡང་ངོ་མཚར་དུ་གྱུར་པ་བསྟན་པའི་ཕྱིར། བདག་གི་ཞེས་སྨོས་ཏེ། དགར་མགུར་ཞེས་པ་ནི་དགོས་པ་མེད་པ་རཱ་རོ།། གནས་མ་ཡིནྡ་པ་ནཱི་ཡུལ་མ་ཡིན་པའོ།། བཟོད་པ་ན་སྨོན་པའོ།། གལ་ཏེ་ཁྱོད་ཀྱིས་དེ ་དག་དེ་ཙམ་དུ་མི་བཟོད་དུ་ཅི་ཡོད་སྙམ་པཱ་ལྀ། གཝ་ཏེ་ལྕེ་དང་ཞེས་སྨོས་ཏེ། མནར་མེད་པ་ནི་དམྱལ་བའོ།། འཇུག་པ་ནི་དེར་འཇུག་པའོ།། མཱི་དེ་ཇི་ལྟ་བུ་ཞིག་སྙམ་པ་ལ་ཉོན་མོངས་སྟོབས་ཞེས་བྱ་བ་སྨོས་ཏེ། ཕྲད་ནས ་ཏེ་རིག་ནའོ།། རི་རབ་ནི་རིའི་རྒྱལ་པོ་རི་རབ་བོ།། དེར་ཞེས་པ་ནི་མེའི་ནང་དུའོ།། འདི་བས་ག་ནོད་པའི་ངག་གཞན་ན་མེད་དམ། དེ་ཙམ་དུ་ཞེང་ཅི་དགོས་སྙམ་པ་ལ། བདག་གི་ཉོན་མོངས་ཞོས་སྨོས་ཏེ། སྟོབས ་འབའ་ཞིག་ཆེ་བར་མ་ཟད་ང། ཐོག་མ་དང་ཐ་མ་མེད་པའི་ཕྱིར་ཚེ་རིང་བའོ།། དེ་ལྟར་ན་མཐུན་པའི་རིམ་གྲོས་བསྟེན་པར་བྱའོ།། སྙམ་པ་ལ། མཐུན་པར་ཞེས་བྱ་བ་ལ་སྔོགས་པ་སྨོས་ཏེ། མཐུན ་པའི་རིམ་གྲོས་ནི་བསམ་པ་དང་མཐུན་པར་རོ།། ཕན་པ་དྲང་བདེ་བར་བྱེད་པ་ནི་ནུས་པ་ཡོད་ཚོད་ཀྱིས་སོ།། ཡང་ན་སེམས་པུར་བྱེད་པའོ།། དེ་ལྟར་ཏེ་དེ་ལྟ་བུར་རོ།། ཡུན་རིང་ནི་དུས་རིང་དུའོ།། རྒྱུནི་ཆགས་ནི་བར་ཆུད་མེད་པའོ།། ་དགྲར་གྱུར་པ་ནི་སྡང་བར་བྱེད་ཅིང་ཡོད་པའོ།། གནོད་པ་ནི་ཤིན་ཏུ་གནོད་པའོ།། ཚོགས་ནི་བསྡུས་པས་སོ།། དགའ་བ་ནི་ཡིད་བདེ་བའོ།། བདེ་བ་རང་ཡང་མེད་དོ།། ཅེས་བསྟན་པའི་ཕྱིར་འདི་ནི་འཁོར་བའི་ཞེས་སྨོས་ཏེ། འཁོར ་བ་ཉིད་བཙོན་ར་སྟེ། འཆིང་བར་བྱེད་པའི་གནས་ཡིན་པས་སོ།། སྲུང་བར་བྱེད་པས་ན་སྲུངས་མ་སྟེ། ཉོན་མོངས་པས་མི་ཐར་པར་འཆི་བར་བྱེད་པའི་ཕྱིར་རོ།། དམྱལ་བའི་ནང་དེར་གནོད་པ་བྱུཪྵ་བཏུབ་ཚད་ཀྱིས་གནོད་པ ་བྱེད་པའོ།། གསོད་པར་བྱེད་པས་ན་གོ་ཤེ་དུ་མ་ནི་གཤིན་རྗེའི་སྐྱེས་བུ་སྟེ། ཉོན་མོངས་པའི་དབང་གིས་གཤིན་རྗེའི་སྐྱེས་བུ་ལ་སོགས་པར་སྣང་བའི་ཕྱིར་རོ།། བློ་ནི་སེམས་སོ།། གནས་ནི་ཁྱིམ་དང་འདྲ་བས་ནཱའོ།། ཆགས། ་པ་ཉིད་ལྕགས་གཟེབ་སྟེ་དེ་ནའོ།། གལ་ཏེ་གནས་པར་གྱུར་ན་ཞེས་པ་ནི་གལ་ཏེ་གནས་ཤིང་སྡོང་ནའོ།། འདི་རོ་འདི་ཉིད་རིགས་པར་བསྟན་པར་བྱ་བའི་ཕྱིར། དེ་ལྟས་ཞེས་སྨོས་ཏེ། མངོན་སུམ་དུ་ཞེས་པ་ནི་མངོན་སུམ ་དུའོ།། འདིར་ཞེས་པ་ནི་ཉོན་མོངས་པའི་གཡུལྔ་དོར་རོ།། གཙོན་ཞེས་པ་ནི་སེམས་ཁྲལ་གྱི་ཁུང་བུར་རོ།། མི་འདོར་བ་ནི་མྲི་གཏོང་བའོ།། དེ་ཞེས་པ་ནི་གནོད་པར་བྱེད་མཁན་ནོ།། དཔེའི་སྒོ་ནས་བསྟན་པའི་ཕྱིར། རང་བཞིན ་ཞེས་སྨོས་ཏེ། འཇིག་པ་ལ་རྒྱུ་མེད་པའི་ཕྱིར་རང་བཞིན་གྱིས་ཏེ་རང་གི་ངང་གི་གྲང་འནྡི་བ་དེས་སྔགས་བསྔལ་བར་གྱུར་པ་ནི་ཉོན་མོངས་ཏེ་ལྟ་ངན་ནོ།། གཡུལ་ངོ་ནི་གཡུལ་བྲིས་པའོ།། དངར་བ་ནི་བཙན་ཐོབས་སུ་རྨས ་པའོ།། ནན་གྱིས་ཏེ་དྲག་ཏ་མེ་གྱིས་སོ།། མངའ་ལ་སོགས་པ་གྲངས་མེད་ཅིང་བརྩི་ཡིས་མི་ལང་བའི་སྡུག་བསྔལ་ཁྱད་དུ་བསད་ནས་དེ་ཕྱིར་ལྡོག་པའི་སྐབས་མི་འབྱོད་པའོ།། དཔེ་བཤད་ནས་དྲོན་བསྟན་པའི ་ཕྱིར་རྟག་ཏུ་ཞེས་སྨོས་ཏེ། རང་བཞིན་གྱི་དགྲ་ནི་ཉོན་མོངས་པའོ།། རྒྱུ་ནི་བྱེད་པའི་རྒྱུའོ།། གྱུར་ཞེས་པ་ནི་ཚིག་ཁ་བསྐོང་བའོ།། ཡི་ཆད་པ་ནི་ཡིད་ཞུམ་པའོ།། སྡུག་བསྔལ་བར་མི་འགྱུར་བ་ནི་མི་སྤྲོ་བར་མི་འགྱུར། ་བོའོ།། ཇི་ལྟར་ན་མི་རིགས་སྙམ་པ་ལ་དོན་མེད་ཅེས་སྨོས་ཏེ། འཛི་ག་རྟེན་པའོ་ལ་གྱི་འབྲས་བུར་གྱུར་པ་མེད་པའོ།། རྨ་ཞེས་པ་ནི་མཚོན་གྱི་རྨའོ།། དོན་ཆེ་ནྶ་ནི་སེམས་ཅན་གྱི་དོན་ནོ།། ཡང་དཔེ ་གཞན་གྱི་སྒོ་ནས་བསྟན་པའི་ཕྱིར་ཉ་ཞེས་སྨོས་ཏེ། འིཚོ་བ་ནི་འཚོ་བ་སྟེ་ཟས་སྐོམ་ལ་སོགས་པའོ།། ཙམ་ཞེས་པ་ནི་དེ་ཙམ་མོ།། བཟོད་ཅེས་པ་ནི་སྲན་འཛུགས་པའི་ཚིག་གོ། ཕྱོགས་བཅུ་ཞེས་བྱ་བ་ལ་སོགས། ་པ་ནྟི་དེ་ལྟ་མ་ཡིན་ན་ཕྱོགས་བཅུའོ།། དགྲོལ་བཱར་ཞེས་པ་ནི་རྣམ་པར་གྲོལ་བར་བྱེད་པའོ།། དམ་བཅས་པ་ནི་དམ་བཅས་པར་གྱུར་པའོ།། གཞན་ལྔ་ཞོག་དང་དུ་རུང་དུ་བདག་ཉིད་ཀྱང་མ ་གྲོལ་བསྡུ་ན་ཚོད་རང་གི་ནུས་སྤུངས་མ་ཤེས་པར་རང་སྨྲ་བ་ནི་སྨིན་པའོ།། དེའི་ཕྱིར་ཉོན་མོངས་པ་རྣམས་འཇོམས་པ་སྟེ། ཉམས་པར་བྱེད་པ་ལ་ཕྱིར་མི་ལྡོག་པ་ནི་སླར་མི་ལྡོག་པའི་ཚུལ་ཅན་ནོ།། ཀུན་ནས་ཞེན་པར ་བྱས་པ་ནི་གདུག་པ་དྲག་པོས་སོ།། ཁོན་དུ་བཟུང་བ་ནི་གནོད་པར་བྱེད་པའི་བསམ་པ་མི་འདོར་བའོ།། གཡུལ་སྤང་བ་ན་འཐབ་པ་ལ་བརྩོན་པའོ།། ཅི་ཉོན་མོངས་པ་ཐམས་ཅད་སྤོང་བ་འམ། སྙམ་པ་ལ། གཞན ་དུ་ཞེས་སྨོས་ཏེ། ཉོན་མོངས་པའི་གནོད་པ་འཇོམས་པར་བྱེད་པའི་ཉོན་མོངས་པ་གང་ཡིན་པ་དེ་གཞག་པར་བྱའོ།། དྲིའི་ཕྱིར་གཞན་དུ་སྟེ། ཉོན་མོངས་པ་མཐའ་དག་རྒྱུན་གཅོད་པ་ནི་མ་ཡིན་ནོ།། ཞེས་བརྗོད་དོ།། ་བདག་ནི་སྤོགས་ཏེ། ཞེས་བྱ་བ་ལ་སོགས་པས་ནི་འདི་ལྟར་རྣམ་པ་ཐམས་ཅད་དུ་གཏན་འདུད་པར་མི་བྱ་བ་ཉིད་དུ་བསྟན་ཏེ། ཉོན་མོངས་པའི་ངགྲ་དང་དགྲ་གཞན་མི་འདྲ་བ་ཉིད་དུ་བསྟན་པའི་ཕྱིར། ཐ་མལ་དགྲ་བོ་ཞེས ་སྨོས་ཏེ། ཡུལ་གཞན་ནི་ལྗོངས་བཙན་སའོ།། གང་ཡུལ་དེ་ནས་ནུས་པ་སྟེ། ཚོགས་པ་འཕེལ་ཙམ་ན་ཕྱིར་ལྡེག་པ་ནི་སླར་ཡང་རྒོལ་དུ་འོངས་པའོ།། དེ་བཞིན་དུ་ཉོན་མོངས་ཞེས་བྱ་བ་ལ་སོགས་པ་ལ། ཤེས་རབ ་ཏེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་བརྟགས་པའི་མིག་གིས་གཏན་ནས་སོ།། བདག་ཉིད་ནི་བདག་གི་ཡིད་ལས་ཞེས་བྱ་བའི་དོན་ཏོ།། བསལ་བ་ནི་བཏོན་ནས་བཏང་བྱའོ།། གང་དུ་འགྲོ་ཞེས་པ་ནི་འགྲོ་ས་མེད་པའོ།། དེ་ཉིད ་བསྟན་པའི་ཕྱིར་ཉོན་མོངས་རྣམས་ནི་ཞེས་སྨོས་ཏེ། ཡུལ་ནི་གཟུགས་ལ་སོགས་པའོ།། དབང་པོ་ནི་མིག་ལ་སོགས་པ་སྟེ། དེ་དག་གོ།། དབང་པོ་བཏུལཱ་ན་ཉོན་མོངས་པ་མི་སྐྱེའོ།། བར་ནི་ད་གཉིས་ཀྱི་བར་རོ།། དེ་ལས ་གཞན་ན་ཞེས་པ་ནི་དེ་དག་རྣམས་ལས་གཞན་ནའོ།། གྲཝར་གནས་ཞེས་པ་ནི་གླང་དུ་གནས་ནས་ཞེས་བྱ་བའོ།། གནོད་པར་བྱེད་པ་ནི་འཚེ་བར་བྱེད་པའོ།། འདི་ནི་རྒྱུ་འདྲ་ཞེས་པ་ནི་བརྫུན་པ་སྟེ། འདི་མི་ཤེས་པས་གནོད་པའི ་ཕྱིར་རོ།། ཤེས་ཕྱིར་ནི་ཤེས་རབ་བསྐྱེད་པར་བྱ་བའི་ཕྱིར་རོ།། བརྩོན་པ་ནི་འབད་རྩོལ་ལོ།། དོན་མེད་ཉིད་དུ་སྟེ་སྐབས་སུ་མ་བབ་བཞིན་དུའོ།། ད་ནི་འཇུག་བསྡུ་བར་བྱ་བའི་ཕྱིར། དེ་ལྟར་ཞེས་སྨོས་ཏེ། བསླབ་པ ་རྣམས་རྟོགས་པར་བྱོས་ནས་དེ་བསྒྲུབ་པ་པོར་བྱ་བའི་དོན་དུ་སྟེ། དེའི་དོན་དུའོ།། སྨན་དག་གིས་ཏེ་ནང་པས་སྨན་བསྟེན་པ་ཙམ་གྱིས་སོ།། སོས་གྱུར་ག་ལ་ཡོད་དེ་ནང་མོ་ཅིང་བྱི་བར་གཽ་ལ་འགྱུར་ཞེས་བྱའོ།། བསྟན་པའི་དོན ་རྗེས་སུ་སྒྲུབ་པ་ནི་བགོ་ཡོད་ཅེས་བྱའོ།། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་ལེའུ་བཞི་པའི་དཀའ་འགྲེལ་ལོ།། །། དེ་ནི་ཉོན་མོངས་པ་ཐམས་ཅད་འཇིལ་བར་བྱེད་པའི་རྒྱུར་གྱུར ་པ་བསླབ་པ་བསྲུང་བར་བྱ་བའི་ཐབས་བསྟན་པའི་ཕྱིར། བསླབ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྲུང་བ་ནི་དྲན་པ་དང་ཤེས་བཞིན་དག་གིས་སོ།། གཡོ་བ་ནི་མི་བརྟན་པའོ།། འདིའི ་ཕྱིར་ན་ཡང་སེམས་ཁོ་ན་བསྲུང་བར་བྱའི་ཞེས་བསྟན་པའི་ཕྱིར། སེམས་ཀྱི་ཞེས་བྱ་བ་སྨོས་ཏེ། ཡན་གཏང་ཞེས་པ་ནི་གླང་པོ་ཆེ་སྨོན་པ་ལྟ་བུར་རང་དགར་ཡན་པར་གཏང་བའོ།། མ་དུལ་བ་ནི་མ་བསླབ་པའོ།། མྱོས ་པོ་ནི་གླང་སྨོན་ནོ།། འདི་ནི་ཞེས་པ་ནི་ཚེ་འདི་ནའོ།། དེ་ངོམ་དུ་བཏགས་པའི་ཡོན་ཏན་བསྟན་པའི་ཕྱིར། ཀུན་ནས་ཞེས་སྨོས་རྡོ་ཏེ། དྲན་པ་ནི་ཉིད་ཐག་པ་སྟེ། དེ་དམ་བཏགས་ནའོ།། འཇིགས་པ་ནི་སྐྲག་པའོ།། ་དགྲ་བ་ནི་མངོན་པར་མཐོ་བའོ།། སྟག་ལ་སོགས་པའི་གཅན་ཟན་ཡོད་པ་མ་ཡིན་ནམ། ང་ཇི་ལྟར་ན་འཇིགས་པ་ཐམས་ཅད་མེད་པར་འགྱུར་སྙམ་པ་ལ་སྟག་དང་ཞེས་བྱ་བ་ལ་སོགས་པ་སྟེ། བཏགས་པར་འགྱུར ་བ་ནི་དྲན་པས་སོ།། བཏུལ་བ་ནི་ཤེས་བཞིན་གྱིས་སོ།། ཐུལ་བར་གྱུར་པ་ནི་རྣམ་པར་དུལ་བར་གྱུར་པའོ།། དེ་གང་གི་ཕྱིན་སྙམ་པ་ལ་འདི་ལྟར་ཞེས་སྨོས་ཏེ། ཡང་དག་པའི་དོན་གསུང་བའི་སངས་རྒྱས་ཀྱིས ་འཕགས་པ་དཀོན་མཆོག་སྤྲིན་དུ་རིགས་ཀྱི་བུ་ཆོས་ཐམས་ཅད་ནི་སེམས་སྔོན་དུ་འགྲོ་བ་ཅན་སྟེ་གང་གི་ཚེ་སེམས་འབའ་ཞིག་དབང་དུ་གྱུར་པ་དེའི་ཚེ་ཆོས་ཐམས་ཅད་དབང་དུ་གྱུར་པ་ཡིན་ཞེས་གསུངས་སོ།། ས ་བཅུ་པ་ལས་ཀྱང་ཁམས་གསུམ་པ་འདི་དག་ནི་སེམས་ཙམ་མོ་ཞེས་གསུངས་སོ།། འདིའི་ཕྱིར་ན་ཡང་དེ་ཁོ་ན་ལྟར་ཡིན་གྱིས་གཞན་དུ་མ་ཡིན་ནོ།། ཞེས་བསྟན་པའི་ཕྱིར། སེམས་ཅན་དམྱལ་བ་ཞེས་སྨོས་ཏེ། ཤལ ་མ་ལིའི་ནགས་ལ་སོགས་པའི་མཚོན་ཆ་རྣམས་སུས་མངོན་པར་སྤྲུལ། དབང་ཕྱུག་ལ་སོགས་པས་མ་ཡིན་ཏེ།། འོག་ནས་བགེགས་པར་འགྱུར་བའི་ཕྱིར་རོ།། ལྕགས་བསྲེགས་ལས་བྱས་པའི་སི་གཞི་དང་། ་གཞན་གྱི་བུད་མེད་ཀྱི་ཤུལ་མ་ལཱིའི་སྟེང་ན་སྐྱེ་ལྟ་བ་རྣམས་ཀྱང་སུ་ས་བྱས་ཞེས་པའོ།། དེ་ལྟ་ན་དེ་ཇི་ལྟར་ཡིན་སྙམ་པ་ལ། དེ་འདྲ་དེ་དག་ཅེས་བྱ་བ་སྨོས་ཏེ། དེ་དག་ཅེས་བྱ་བ་ནི་མཚོན་ཆ་ལ་སོགས་པའོ།། ་སྡིག་སམ?ས་ཞེས་པ་ནི་མི་དགེ་བའི་སེམས་སོ།། ལུས་ངག་ཡིང་གསུམོ་ཐུབ་པ་དང་ལྡན་པས་ན་ཐུབ་པ་སྟེ་རྒྱལ་བས་སོ།། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཡང་སེམས་གཙོ་བོར་གྱུར་པ་ཅན་ཡིན་ནོ་ཞེས ་བསྟན་པའི་ཕྱིར། གལ་ཏེ་འགྲོ་བ་ཞེས་སྨོས་ཏེ། དབུལ་བ་ནི་ཟག་པ་དང་བཅས་པའི་བདེ་བ་སྲེད་པ་དང་བཅས་པའོ།། སྤྱི་ན་པའི་ཕ་རོལ་ཏུ་ཕྱིན་ཏེ། མཐར་ཕྱིན་པས་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལཱམ་ཡང་ན་སྦྱིན ་པའི་ཕ་རོལ་ཏུ་འགྲོ་བས་ཏེ་ཕ་རོལ་ཏུ་ཕྱིན་པར་བྱེད་པའོ།། ཇི་ལྟར་ན་དེ་དེ་ལྟར་ཡིན་སྙམ་པ་ལ། བདོག་པ་ཐམས་ཅད་ཅེས་སྨོས་ཏེ། འབྲས་བུ་ནི་རྣམ་པར་སྨིན་པའོ།། ཐམས་ཅད་ནི་ཕྱི་དང་ནང་གི་བདག་ཉིད་དོ།། ། ་གསུངས་ཞེས་པ་ནི་ལུང་ལས་སོ།། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་སེམས་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཉ་ལ་སོགས་པ་ཞེས་སྨོས་ཏེ། སྲོག་ཆགས་ཉེ་བར་མཚོན་པའོ།། ་གསོད་པར་མི་འགྱུར་བ་ནི་སྲོག་གཅོད་པ་སྤོང་བའོ།། ཚུལ་ཁྲིམས་ནི་གཞན་ལ་ཕན་པའི་བྱ་བའོ།། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་སེམས་ཉིད་དོ་ཞེས་བསྟན་པའི་ཕྱིར། སེམས་ཅན་མི་སྲུན་ཞེས་སྨོས་ཏེ། ་བཅོམ་ན་ཞེས་པ་ནི་དྲན་པོ་དང་ཤེས་བཞིན་གྱི་རལ་གྲིས་བཅོམ་ནའོ།། ཆོམས་ཞེས་པ་ནི་ཟློགས་པའོ།། འདིའི་དཔེ་བསྟན་པའི་ཕྱིར། སྭ་སྟེང་ཞེས་སྨོས་ཏེ། གཡོག་པ་ནི་འགེབས་པའོ།། ལྷམ་མཐིལ་ནི་ལྷགས ་ལྷམ་མོ།། དེ་བཞིན་ཕྱི་རོལ་ཞེས་པ་ལ་སོགས་པ་ལ། དེ་བཞིན་ཏེ། ས་སྟེང་བཞིན་ནོ།། ཕྱི་རོལ་ནི་གཟུགས་ལ་སོགས་པའོ།། ཡང་ཞེས་པ་ནི་གང་གི་ཕྱིར་གྱི་དོན་ནོ།། གཞན་རྣམས་ནི་དངོས་པོ་གཞན་རྣམས་སོ།། ་དགེ་བ་ལ་མངོན་པར་སྤྲོ་བའི་བདག་ཉིད་ཅན་གྱི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་སེམས་ཉིད་དོ།། ཞེས་བསྟན་པའི་ཕྱིར། སེམས་གསལ་ཞེས་སྨོས་ཏེ། སེམས་ནི་ལུས་དང་ངག་དང་བཅས་པའི་སེམས ་གཅིག་གོ།། གསལ་བ་ནི་བརྩོན་འགྲུས་མེ་འབར་བ་ལྟ་བུ་གང་ཡིན་པའོ།། དེས་ཚངས་པ་ལ་སོགས་པའི་འཇིག་རྟེན་དུ་སྐྱེ་བའོ།། ལུས་ངག་བཅས་པ་ནི་ལུས་དང་ངག་དང་བཅས་པའི་སེམས་སོ།། སྤྱོད་པ་ཞན་པ་ནི ་དགེ་བའི་ཕྱོགས་སུ་གསལ་བར་མ་གྱུར་པའི་སྤྱོད་པའོ།། དེ་ལྟར་མ་ཡིན་པ་ནི་འབྲས་བུ་མི་མཚུངས་པའོ།། དགེ་པ་ལ་སེམས་རྩེ་གཅིག་པ་ཅན་གྱི་བསམ་གཏན་ཡང་སེམས་ཉིད་དོ།། ཞེས་བསྟན་པའི་ཕྱིར། བཟླས ་བརྗོད་ཅེས་གསུངས་ཏེ། སྔགས་བརྗོད་པ་ནི་བཟླས་བརྗོད་དོ།། དཀའ་ཐུབ་ནི་དབང་པོ་བརྡམས་པའོ།། སེམས་གཞན་ཏེ་གཞན་དུ་ཞེན་ཅིང་འཕྲོ་བ་དང་ཡེངས་པ་སྟེ། གཉིད་ལ་སོགས་པས་ཉེན་པར་བྱས་པའོ།། ་དོན་མེད་པ་ནི་འབྲས་བུ་ཤིན་ཏུ་ངན་པར་བྱ་བའི་ཕྱིར་རམ། ཡང་ན་མངོན་པར་འདོད་པ་ལས་གཞན་དུ་གྱུར་པའི་འབྲས་བུ་ཀུན་ཏུ་སྒྲུབ་པའི་ཕྱིར་ཏེ། བུ་ཡོད་དུ་ཟིན་ཀྱང་བུའི་བྱ་བ་མི་བྱེད་པའི་ཕྱིར་བུ་མེད་ཅེས་ཟེར་བ་བཞིན ་ཤེས་རབ་ལ་ནི་རྩོད་པ་མེད་པར་སེམས་ཉིད་དོ།། ཞེས་བསྟན་པའི་ཕྱིར། གང་གིས་ཆོས་ཀྱི་ཞེས་སྨོས་ཏེ། ཆོས་ནི་ཐམས་ཅད་ངོ་།། དེ་བཞིན་གཤེགས་པོའི་ཆོས་རྣམས་ཀྱི་མཆོག་ཏུ་གྱུར་པ ་ནི་དོན་པོ་མཆོག་གོ།། གསང་བ་ནི་ཤེས་རབ་ཀྱི་རང་བཞིན་ཡིན་པའི་ཕྱིར་བྱིས་པ་རྣམས་ལ་གསང་བའོ།། མ་ཤེས་ན་ཞེས་པ་ནི་དེ་ཁོ་ན་ཉིད་ཀྱིས་མནོ་བསམ་པ་བསྟེན་པར་མ་བྱས་ན་སྟེ། ཆོས་ཐམས་ཅད་དམི ་སུ་བྱར་མེད་པར་ཤེས་རབ་ཀྱི་ཤེས་པ་ཡིན་པའི་ཕྱིར་རོ།། བདེ་བ་ནི་མྱ་ངན་ལས་འདས་པའོ།། སྡུག་བསྔལ་ནི་སྡུག་བསྔལ་གྱི་བདེན་པ་ལ་སོགས་པའོ།། གྱི་ན་འཁྱམ་པ་ན་མཁང་ལ་ཀུ་ཤའི་མེ་ཏོག ་བཞིན་དུ་འཁྱམ་པས་དོན་མེད་པར་འཁྱམ་པའོ།། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རབ་ཏུ་དབྱེ་བ་ཡིན་པའི་ཕྱིར་ལེགས་སུ་མ་གསུངས་སོ།། མཇུག ་བསྡུ་བའི་ཕྱིར། དེ་ལྟས་ཤེས་སྨོས་ཏེ། ལེགས་པར་བསྲུང་བ་ནི་དྲན་པ་དང་ཤེས་བཞིན་གྱིས་སོ།། འདིའི་དཔེ་བསྟན་པའི་ཕྱིར། མ་གང་འགྲོ་བ་ནི་རྣམ་པར་གཡོངས་པ་རྣམས་སོ།། རྨ་ནི་མཚན་ལ་སོགས་པས་སོ།། ། ་སྐྱེ་བོ་ངན་པ་ནི་སོ་སོའི་སྐྱེ་བོའོ།། སྡུག་ཅིང་གདུངས་པ་སྟེར་བའི་ཕྱིར་ན་སེམས་ཉིད་རྨའོ།། གཞན་ཡང་རྨའི་སྡུག་བསྔལ་ཉིད་ཆུང་བ་སྟེ། ཡང་བ་ཡིན་པའི་ཕྱིར་རོ།། ཤིག་ལ་སོགས་པ་སེན་མོའི་ནང་དུ་བཙི་རུ་བ་ལ ་སོགས་པའི་རྣམ་པར་སྨོནྡ་པས་དམྱལ་པའི་གནས་སུ་ལྕགས་ཀྱི་རི་བོ་གཉིས་ཀྱི་བརླ་དུ་འཇོམས་པ་ནི་རི་བོ་ཆེས་འཇོམས་སོ།། ཅི་ཡང་དེ་ལྟ་བུར་གནས་པ་ལྀ་ཡོན་ཏན་ཅི་ཡོད་སྙམ་པ་ལ། སྤྱོད་པ་འདི་འདྲས་ཞེས ་སྨོས་ཏེ། སེམས་བསྲུང་བའི་བདག་ཉིད་ཀྱིས་གནས་པར་བྱེད་ནའོ།། སྐྱེ་བོ་ངན་པའི་ཁྲོད་ནི་ཡུལ་ངན་པའི་ཁྲོད་ནའོ།། བརྟན་པ་ནི་བགྲ་ཡོད་པའོ།། ཉམས་པ་ནི་ཞིག་ཙཱདཱི་ཉམས་པའོ།། གལ་ཏི་ལྟ་བུར་གནས་པ་ན ་སྤྱི་ཞིང་འདུད་པ་ལ་སོགས་པའི་རྙེད་པས་ཉམས་པར་འགྱུར་སྙམ་པ་ལ་བདག་གིས་ཞེས་སྨོས་ཏེ། བདག་ཇི་ལྟ་བ་འདོད་པ་བཞིན་དུ་རྙེད་པ་ནི་རྙེད་པའོ།། བཀུར་སྟི་ནི་རིམ་གྲོའོ།། ལུས་དང་འཚོ་བ་དང་དགེ་བ་གཞན ་ཞེས་པ་ནི་རང་གི་དོན་དུ་བྱེད་པའི་དགེ་བའོ།། འདི་ལ་གུས་པ་ནན་ཏན་དུ་བསྐྱེད་པར་བྱའོ།། ཞེས་གདམས་པའི་ཕྱིར། བསྟན་བཅོས་མཁན་པོས་སེམས་སྲུང་ཞེས་སྨོས་ཏེ། དམིགས་པོའི་དོན་མ་བརྗེད་པ་ནི་དྲན་པའོ།། ་ཡང་དག་པའི་ཤེས་རབ་ཀྱི་སྒྲ་ལས་གྲུབ་པ་ནི་ཤེས་བཞིན་ཏེ། ཤེས་རབ་བོ།། དེས་བདག་གི་གནས་སྐབས་གང་ཅུག་འདུག་པ་ཤེས་པར་བྱེད་དོ།། ཅིའི་ཕྱིར་ན་དེ་དགྲ་བསྲུང་བར་བྱ་སྙམ་དུ་དེགས་པ་ལ་ནད་ཀྱི ་ཞེས་སྨོས་ཏེ། རྨོངས་པ་ནུ་དྲན་པ་དང་ཤེས་བཞིན་འདི་དག་གཉིས་མ་ཚང་བས་སོ།། ལས་རྣམས་ཀུན་ནི་བསམ་གཏན་ལ་སོགས་པའོ།། ད་ལྟ་བས་ན་ཤེས་བཞིན་མེད་པའི་ཞེས་བྱ་བ་ལ་སྩོགས་པ་སྨོས ་ཏེ། རྙོག་པ་ནི་དྲི་མའོ།། ཤེས་བཞིན་མེད་པ་ཉིད་རྐུན་པོ་སྟེ་དགེ་བའི་ནོར་འཕྲོགས་པའི་ཕྱིར་རོ།། དྲན་པ་ཉམས་པ་སྟེ། ཞིག་པའི་ཚུལ་དང་ལྡན་པ་དེ་ལ་དེ་སྐད་ཅེས་བྱའོ།། ཉེ་བར་བས་གོས་པ་ནི་ཕུང་པོར་བྱས ་པཱའོ།། འདི་ལྟར་ཉོན་མོངས་པ་ཉིད་ཆོམ་རྐུན་དེ་གནོད་པའི་ཚིགས་དེ་དག་གོ།། གླགས་སྐབས་ནི་གླགས་སྐབས་ཉིད་དོ།། དེ་བཞིན་དུ་རྙེད་དམ་ལྟ་བྲེ་ནི་ཚོལ་བའོ།། བདེ་འགྲོའི་སྲོག་འཇོམས་པ་ནི་རྐུ་བའོ།། དྲན ་པའི་ཡིད་སྒོ་ནས་ནི་ཡིད་ཁང་པར་བཅུག་ལ་བཞག་པའོ།། ཡུལ་གྱི་སྟེང་དུ་སོང་ཡང་སླར་བཀུག་སྟེ་འཇོག་པ་ནི་ཉེ་བར་གཞག་པའོ།། ཐབས་ནི་ཇི་ལྟར་ཉེ་བར་གཞག་སྙོམ་པ་ལ། བླ་མ་ཞེས་སྨོས་ཏེ། རྗེས་སུ ་བསྟན་པ་ནཱི་བསླབ་པའི་ཚོ་གས་རྣམས་སོ།། འཇིགས་པ་ནི་མཁན་པོ་ལ་སོགས་པས་འཇིགས་པའོ།། གཞན་ཡང་སངས་རྒྱས་ལ་སོགས་པ་ཀུན་ཏུ་སྟེ། ཤེས་བྱ་མཐའ་དག ་ལ་ཐོགས་པ་མེད་ཅིང་བར་དུ་གཅོད་པ་མེད་པའི་གཟིགས་པ་དང་ལྡན་པ་རྣམས་བསམས་ནས་ཏེ་རྣམ་པར་བལྟས་པ་ལའོ།། གུས་པ་ལ་ནི་བསླབ་པ་ལ་སྟེ། སངས་རྒྱས་དང་ཆོས་ལ་དམིགས་པའི་སེམས ་ནི་དྲན་པསུ་དེ་ལས་མི་འདའ་བའོ།། ཚུལ་དང་མི་འཐུན་པའི་ལས་ལ་འཇིགས་པ་དང་བཅས་པ་ངོ་ཚ་ཤེས་པའོ།། ཤེས་བཞིན་སྐྱེ་བ་དང་གནས་པ་དྲག་གི་རྒྱུ་ཡང་དྲན་པ་ཉིད་ཡིན་ནོ།། ཞེས་བསྟན་པའི ་ཕྱིར་གང་ཚེ་དྲན་པ་ཞེས་སྨོས་ཏེ། དེའི་ཚེ་ཞེས་སྨོས་པ་ནི་དྲན་པ་ཡོད་པའི་ཚེའོ།། བྱ་བར་འོས་པ་རྣམས་འདི་ལྟར་བསླབ་པུར་བྱའོ།། ཞེས་བསྟན་པའི་ཕྱིར། རེ་ཞིག་དང་པོར་ཞེས་བྱ་བ་སྨོས་ཏེ། དྲང་པོར ་ཞེས་པ་ནི་ཐེག་མཱར་རོ།། འདི་འདྲ་ནི་འདི་འདྲ་བའི་རྣམ་པར་རོ།། བཞག་པ་ནི་མངོན་དུ་བྱས་པའོ།། དེ་ཉིད་བསྟན་པའི་ཕྱིར། དབང་པོ་དང་བྲལ་བས་ཞེས་སྨོས་ཏེ། དབང་པོ་ལ་མ་ལྟོ་སྡེ་པར་རོ།། མིག ་གཞན་དུ་ཡེངས་པ་ནི་དོན་མེད་པར་ཡེངས་པར་ལྟ་བའོ།། ངེས་པར་སེམས་པ་ནི་བསམ་གཏན་བྱེད་པ་ཁོ་ནས་སོ།། དྲིལ་སོ་བ་ནི་མིག་ཡོངས་པ་སྙམ་བྱེད་པ་མེད་པར་བྱེད་པའོ།། མིག་ལམ་ནུ་སྟེ་སྣང ་བ་ནི་འགའ་ཞིག་འོངས་པའི་གྲིབ་མ་ཙམ་མཐོང་མ་ཐག་ཏུའོ།། འཇིགས་པར་བྱེད་པས་འཇིགས་པ་སྟེ། རྐུན་པོ་ཆུང་ངུ་ལ་སོགས་པའོ།། ཕྱོགས་བཞི་ཞེས་པ་ནི་བཞི་པར་མཚུངས་པར་བསྡུས་པའོ།། ཕྱིར ་བལྟས་པ་ནི་རྒྱུ་བ་ངོས་ལ་སོགས་སུ་ལོགས་ནས་སོ།། མདུན་དང་རྒྱབ་ཏུ་བརྟོགས་ནས་འགྲོ་བར་བྱའོ།། གནས་སྐབས་ཞེས་པ་ནི་སྤྱོད་ལམ་རྣམ་པ་བཞི་ཆར་གྱི་སྐབས་སུའོ།། ད་ནི་ཤེས་བཞིན་སྲུང ་བར་འདོད་པ་རྣམས་ལྔ་བསྟན་པའི་ཕྱིར། ལུས་ཀྱིས་ཞེས་སྨོས་ཏེ། ཕུང་པོས་སོ།། འདི་ལྟ་སྟེ། སྤྱོད་པ་རྣམ་པ་བཞི་པོ་འདི་ལྟར་རོ།། ། གནས་པར་བྱ་བ་ནི་བསྡད་པར་བྱ་བའོ།། བྱ་བ་བསྡོགས་ནས་བསམ ་གཏན་ལ་སོགས་པའི་བྱ་བ་བརྩམས་ཞིང་སྐབས་སུ་སྟེ། བ་རི་བར་དུ་ལྟ་བར་བྱ་སྟེ། བརྟགས་པར་བྱ་བའོ།། སེམས་ལ་བརྟགས་པ་བསྟན་པའི་ཕྱིར། འབད་པོ་ཞེས་སྨོས་ཏེ། ཚོར་བར་མི་འགྱུར་བྱར ་འདོགས་པ་ནི་རིགས་པས་སོ།། ཇི་ལྟར་བརྟགས་པར་བྱ་སྙམ་པ་ལ། ཅི་ནས་ཞེས་སྨོས་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་བླངས་པའི་གཙོ་བོའི་ཆེད་དུ་བསམ་པའི་བྱའི་གཏིང་བར་མི་བྱའོ།། དེ་ལྟར་སོ་སོར ་རྟོག་པ་ནི་ཅི་དགེ་བ་བྱེད་དམ་འོན་ཏེ་མི་དགེ་བ་བྱེད་ཅེས་རྟོག་པའོ།། ཡང་དག་པར་བླངས་ཏེ་གཏང་བར་བྱ་བའི་སྐབས་བསྟན་པའི་ཕྱིར། འཇིགས་དང་ཞེས་སྨོས་ཏེ། སྦྲུལ་ལ་སོགས་པའོ།། དགའ་སྟོན་ནི ་སངས་རྒྱས་མཆོད་པ་ལ་སོགས་པའོ།། དེའི་ཚེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་བླངས་པ་ལྟར་མ་ནུས་ན། ཇི་ལྟར་བདེ་བའི་སྤྱོད་པས་གནས་ཀྱང་ལྟུང་བར་མི་འགྱུར་རོ།། སྦྱིན་པའི་དུས་དག ་ཏུ་ཞེས་བྱ་བ་ནི་མི་ནུས་པའི་རིགས་མཚོན་པ་ཙམ་མོ།། ཚུལ་ཁྲིམས་ནི་ལུས་ལ་སོགས་པ་ཡང་དག་པར་བསྡམས་པའོ།། གསུངས་ཞེས་པ་ནི་བཙོ་མ་ལྡན་འངས་ཀྱིས་སོ།། བསམས་ཏེ་ཞེས་པ་ནི་ནང་གི་བདྲག ་ཉིད་སེམས་ཀྱིས་བརྟག་པར་བྱས་པའོ།། ཀུན་ལེགས་པར་བྱས་པས་ནི་མཛེས་པར་བྱས་པའོ།། གཉི་གར་མྱི་འགྱུར་བ་ནི་བརྩམ་པར་བྱ་བ་དང་རྩོམ་པར་བྱེད་པ་གཉི་གར་མི་འགྱུར་བའོ།། ཤེས་བཞིན་མ་ཡིན་པ་ནི ་གཏི་མུག་གོ། གཞན་ཡང་གཏམ་ནི་རྒྱལ་པོའི་གླེང་བསླང་བྱ་ལ་སོགས་པའོ།། སྨྲྀ་ཚོགས་ནི་རྣམ་པ་དུ་མའོ།། ངོ་མཚར་ནི་ཟློས་གཽར་ལ་སོགས་པའོ།། ཆགས་པ་ནཱི་མངོན་པར་འདོད་པའོ།། དེ་བཞིན་དུ་ས ་བརྐོ་བ་དང་སེན་མོ་གཅོད་པ་དང་ས་རིས་བྱེད་པ་ལ་སོགས་པ་ནི་དོན་མེད་པ་སྟེ་འབྲས་བུ་མིང་པའོ།། བྱེད་པར་འགྱུར་ན་ཞེས་པ་ནི་དེ་དག་ལ་འཇུག་པར་འགྱུར་ནའོ།། བསླབ་པ་ནི་ངེས་འགེགས་པའོ།། རང་གི་སེམས་ལ ་སྟེ། ཆགས་སེམས་སུ་འདུག་གམ། འོན་ཏེ་སྡང་སེམས་སུ་འདུག་མི་འདུག་ཅེས་བརྟག་པའོ།། བརྟན་པ་ནི་སེམས་བརྟན་པོས་བྱས་པའོ།། རིགས་པར་ལྡན་པ་ནི་ཚིག་ལ་སོགས་པ་འོས་ཤིང་འཐད་པའོ།། ཆགས ་པ་ནི་ཞེན་པའོ།། ཁྲོ་བ་ནི་གདུག་སེམས་ཀྱིས་སོ།། མི་བྱ་བ་ནི་ལུས་ཀྱིས་ལས་ལ་སོགས་པ་མི་བྱ་བའོ།། རྨོད་པ་ནི་རྣམ་པར་གཡེངས་པའོ།། ག་ཞ་ནི་ངག་གིས་མཐོ་འཚམ་པའོ།། ང་རྒྱལ་ནི་ཁེངས་པའོ།། རྒྱགས ་པ་ནི་ཁོང་རྒྱུགས་སོ།། ཚང་འདྲ་བ་ནི་ལུས་སུན་འདྲོན་པ་སྟེ། དེ་ཤིན་ཏུ་གལ་ཆེ་བར་བྱེད་ཅིང་དྲི་དང་ལྷན་ཅིག་འགྲོགས་པའོ།། བསྐྱོར་འབྱིན་པ་ནི་ལོགས་སུ་འཁྱོགས་པའོ།། བསླུ་བ་ནི་སླུས་བྱེད་པའོ།། བདག་ལ ་བསྟོད་པ་ནི་བདག་གི་ཡོན་ཏན་ཆེད་དུ་བརྗོད་པ་སྟེ། དེའི་རང་བཞིན་དེ་ལྟར་སྣང་བའོ།། གཽ་ཤེ་བ་ནི་ཨག་ཙར་རོ།། འགྱེད་པ་ནི་ཁྲོ་འདོ་ཙཱིང་འཁྲུག་པའོ།། གཡོག་འཁོར་ནཱི་བན་འཁོར་རོ།། རཱིམ་གྲོ་ནཱི་གཞན ་གྱིས་ཞབས་ཏོག་བྱེད་པའོ།། ཡལ་བར་འདོར་པ་ནི་རྒྱབ་ཀྱིས་ཕྱོགས་པའོ།། འཁོར་དུ་འདོད་པ་ནི་སློབ་པར་འདོད་པའོ།། སྨྲ་བར་འདོད་པ་ནི་འབྲེལ་མེད་སྨྲ་བར་འདོད་པའོ།། མི་བཟོད་པ་ནི་སྲན་པར་མི་ནུས་པའི་ཚུལ ་དང་གང་ལྡན་པའོ།། ལེ་ལོ་ནི་སྒྱིད་སྙམ་མོ།། འཇིགས་པ་ནི་དངངས་པ་ལ་སོགས་པའོ།། སྒྲ་བརྟོལ་ནི་ཐོ་ཚོའོ།། མུ་ཚོ་ར་ནི་ཚིག་ངན་པའི་རུདྱ་རུང་ངོ་།། དེ་ལྟར་ཞེས་པ་ནི་བརྗོད་པའི་རིམ་པ་ལྟར་རོ།། ཀུན ་ནས་ཉོན་མོངས་པ་ནི་རྣམ་པར་འཁྲུགས་པའོ།། དོན་མེད་བརྩོན་པ་ནི་འབྲས་བུ་མེད་པའི་བྱ་བ་བྱེད་པའོ།། གཉེན་པོ་ནི་ཤེས་བཞིན་ནོ།། དེས་དོན་བརྟན་པོར་བཟུང་བར་བྱའོ།། གཉེན་པོ་དེ་ཉིད་བསྟན་པའི་ཕྱིར། ་ཤིན་ཏུ་ངེས་དང་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་གསུངས་ཏེ། ཤིན་ཏུ་ངེས་པ་ནི་དམ་བཅའ་བ་བརྟན་པའོ།། རབ་དང་ནི་དད་པའོ།། བརྟན་པ་ནི་མི་བརྡར་བའོ།། གུས་པ་ནི ་སེམས་འདུད་པའོ།། ཞེ་ས་ནི་ལུས་ལཾ་སོགས་པ་འདོད་པའོ།། འཇིགས་པ་ནི་བག་ཚ་བའོ།། ཞི་བྱ་ནི་དབང་པོ་སྔམས་པའོ།། གཞན་དགའ་བར་བྱེད་པ་ནི་སྦྱིན་པ་ལ་སོགས་པས་སོ།། འདོད་པས་མི་སྐྱོ་བ་ནི་བྱིས་པ ་རྣམས་ཀྱིས་འདོད་པས་སོ།། ཕན་ཚུན་མི་མཐུན་པས་མི་སྐྱོ་སྟེ། བཟོད་པའི་ཚུལ་དང་ལྡན་པའི་ཕྱིར་རོ།། ཉོན་མོངས་པའི་དབང་གིས་ཤེས་བརྩེ་བ་དང་ལྡན་པ་འོའོ།། བདག་དང་སེམས་ཅན་དབང་བྱས་ཞེ་འོས་པ་ནི་རིང ་བཞིན་གྱི་དབང་དུ་བྱས་པའོ།། ཅི་ཐམས་ཅད་དུའམ་སྙམ་པཱ་ལ་ཁ་ན་མ་ཐོ་བ་མིད་ཅེས་གསུངས་ཏེ། རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བས་སྟོང་པ་ལའོ།། སྤྲུལ་པ་བཞིན་དུ་ཞེས་བྱ་བ་ནི་སྦྲུལ་པ་ལྷོར་ང་རྒྱལ་དང་བྲལ་བའོ།། ་འདི་ཞེས་བྱ་བ་ནི་ཡིད་ངེས་པར་བཟུང་བའོ།། གཞན་ཡང་འདིའི་ཕྱིར་ཡང་གཟུང་བར་བྱའོ།། ཞེས་བསྟན་པའི་ཕྱིར། རིང་ཞིག་ལེན་ན་སྭ་ཞེས་སྨོས་ཏེ། གྲངས་མེད་པ་ནས་སྔོ།། གང་དུ་བཛྲོད་པའི་རང་བཞིན་གྱི་སེམས་པ ་ལྟ་བུ་ཡུན་རིང་མོ་ཞིག་ནས་ཞེས་བྱ་བ་ཡིན་གྱི་ལུས་ནི་མ་ཡིན་ཏེ། དེས་རང་གི་དོན་ཡོང་མི་ནུས་པའི་ཕྱིར་རོ།། རབ་ཏུ་མི་གཡོ་བ་ནི་མི་འགུལ་བར་རོ།། གཞན་ཡང་ལུས་ཀྱི་ཁ་བསྲུང་བ་ཅིའི་ཕྱིར་བྱེད་ཅེས་བསྟན་པའི་ཕྱིར ་བྱ་རྒོད་ཅེས་སྨོས་ཏེ། བྱ་རྒོད་བཟའ་བར་བྱ་རྒྱུ་ཤ་ལ་ཆགས་པ་ཡིས་གཤལ་ཁྱིད་དེ་དྲུད་ཅིང་ཁྱེར་བའོ།། མཁོ་རྒྱུ་མེད་པའི་ལུས་འདི་སེམས་ཀྱིས་ཀྱང་བསྲུང་མི་རིགས་སོ་ཞེས་བསྟན་པའི་ཕྱིར་ལུས་འདི་ཞེས་སྨོས་ཏེ། ཀྱེ་ཡིད ་ཚོགས་པའི་ལུས་འདི་ལ་བདག་ཉིད་དུ་བྱས་ནས་བསྲུང་ངམ་ཞེས་པའོ།། ཁྱོད་དང་སྟེ་ཡིད་ཁྱོད་དང་འདི་གཉིས་ཐ་དད་ཉིད་དོ།། ཅི་ཞིག་བྱ་ཞེས་པ་ནི་ཅི་གལ་ཆེ་ཞེས་བྱ་བའོ།། གཞན་ཡང་ཐ་དད་ཀྱང་འཛིན་ན་ཤིང་གི ་གཟུགས་ཀྱང་ཟུང་ཞིག། ཅེས་བསྟན་པའི་ཕྱིར་རྨོངས་པའི་ཞེས་སྨོས་ཏེ། ཅི་སྟེ་གཟུང་བར་མི་བྱེད་ཅེས་བྱ་བའོ།། དེ་མི་འཛིན་ན་མི་གཙང་བ་ནི་རྣག་ལ་སོགས་པའོ།། ཚིགས་ནི་དེས་བརྩམས་པའོ།། འཁྲུལ་འཁོར་ནི ་ལུས་སོ།། རུལ་བ་ནི་འདྲུལ་བའི་ཆོས་ཅན་ནོ།། འདི་ལ་སྙིང་བློ་ཅུང་ཟད་ཙོམ་ཞིག་ཡོད་པས་བསྲུང་བར་རིགས་སོ་སྙམ་པ་ལ། ཐོག་མར་ཞེས་སྨོས་ཏེ། པགས་པ་ནི་པགས་པ་འམ་ཡང་ན་གཡོགས་མའོ།། ཐ་དད ་པར་ནི་ལུས་སམ་ཡང་ན་སོ་སོར་རོ།། རུས་པ་ལས་བརྩམས་པའི་དྲ་བ་ལས?་ཤ་ཡང་ཕྱེ་ཞིང་བཱ་ཤིག་ལ་འདི་ཙམ་བལྟ་བར་བ་ཤའོ་ཞེས་བསྟན་ཏི་སྙིལ་ཅིག་པའོ།། རྐང་མརྲ་ནི་རུས་པའི་དཀྱིལ་གྱི་བཅུད་ངོ་།། བར ་དུ་ཞེས་པ་ནི་མཐར་ཐུག་པའོ།། ཁྱོད་ཀྱིས་ཏེ་ཁྱོད་རང་གིས་ཀྱང་ངོ་།། དེ་བཞིན་དུ་ཁྱོད་ཀྱིས་མི་གཙང་བཟར་མི་རུང་ངོ་།། ཞེས་བྱ་བ་ལ་སོགས་པ་ཡང་ངོ་།། དགོས་པ་གཞན་མེད་པའི་ཕྱིར་དགོས་པ་འདི་ཙམ་ཞིག་བལྟ ་བཱར་བ་ཤའོ་ཞེས་བསྟན་པའི་ཕྱིར་ཉིས་ན་ཞེས་སྨོས་ཏེ། རིགས་ནའོ།། ལུས་ནི་ལུས་པོ་ཉིད་དོ།། བཀོལ་བར་བྱ་བ་ནི་བསོད་ནམས་བྱེད་དུ་བཅུག་པའོ།། འདི་ལྟར་ཞེས་པ་ནི་དེ་བཞིན་དུ་ནམ་ཡང་བསོད ་ནམས་བྱེད་དུ་མ་བཅུག་པར་རྩ་གཅིག་ཏུ་བསྲུངས་ཀྱང་། འཚོ་བདག་གི་གཞན་ལ་བྱིན་པ་དེའི་ཚེ། ཁྱོད་ཀྱི་ཅི་ཡང་བྱར་མེད་པའོ།། དེ་ལྟར་ན་ཡང་ཟས་ལ་སོགས་པས་ཡོངས་སུ་བསྐྱོང་བར་རིགས་སོ་སྙམ་པ་ལ། བྲན་གཡོག ་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཅི་རྣམ་པ་ཐམས་ཅད་དུ་མི་བྱིན་ནམ་སྙམ་པ་ལ། འདི་ལ་གླ་རྔན་ཞེས་བྱ་བ་སྨོས་ཏེ། ལས་ཀྱི་རིན་ནོ།། ཡང་ན་གླ་རྔན་ཙམ་མོ་ཞེས་བྱ་བའི་ཚིག་གོ། འགྲོ་དང་ཞེས་བྱ་བ་ལ་སོགས་པ་ལ ་འགྲོ་དོང་འོང་བ་ནི་མངོན་པར་འདོད་པའི་བྱ་བ་དང་ལྡན་པའོ།། དྲི་ལྟར་ན་ཞེས་པ་ནི་བརྗོད་པའི་རིམ་ཕྱི་ལྟར་རོ།། རང་དབང་ནི་རང་གི་སེམས་ལའོ།། གང་ནས་ཀྱང་དུས་རྟག་ཏུ་འཛམ་ཞིང་མདངས་ཡོད་པར་གྱིས་ཤིག་པའོ།། ཁྲོ ་གཉེར་ནི་སྨིན་མ་འཁྱོགས་པར་བསྡུས་པའོ།། དེ་ཉིད་ནི་ངོ་འཛོམ་མོ།། བཤེད་ནི་འགྲོགས་པའོ།། གསོང་པོར་སྨྲ་བ་ནི་གཞན་གྱིས་མ་སྨྲས་པའི་གོང་རོལ་དུ་བསྐུར་ནས་གླིང་མོ་བརྗོད་པའི་ཚུལ་དང་གང་ལྡན་པའོ།། སྒྲ་དང ་བཅས་ཤེས་པ་ནི་བྱེ་བའི་ཁྱད་པར་དུ་བྱེད་པའོ།། མི་དོར་བ་ནི་མི་སྒྱུར་བའོ།། དྲག་ཏུ་མི་དབྱེ་བ་ནི་བཙན་ཐབ་ས་སུ་མི་འཕུལ་ལོའོ།། དེ་ལྟར་དུ་བྱས་པ་ལ་ཡོན་ཏན་ཅི་ཡོད་སྙམ་པ་ལ་ཆུ་སྦྱར་ཞེས་སྨོས་ཏེ། འཇབ་ཅིང ་ཞེས་པ་བསྟན་པ་འམ། ཡང་ནམ་ཚོར་བར་འཇབ་པའོ།། དེ་གཞན་སྐུལ་འདེབས་པ་ནི་འགྱོད་པ་སྤོང་ཞིང་བསྐུལ་བའོ།། མཁས་པ་ནི་དེ་ལ་གདམས་པའི་ནུས་པ་དང་ལྡན་པའོ།། མཱ་བཅོལ་བྱར་ཕན་པ་བྱེད་པ་དེ་དག་གི་གདམས ་ངག་དེ་རྣམས་འཇེབས་པར་ཚོར་ནས་རྟག་ཏུ་ཐམས་ཅད་ཀྱི་སློབ་མར་འགྱུར་བའོ།། ཕྲག་དོག་གི་དྲི་མ་བཀྲུ་བྲ་བའི་ཕྱིར་ལེགས་པར་སྨྲས་པ་ཞེས་སྨོས་ཏེ། ཀུན་ནས་ཉོན་མོངས་པའི་གཉེན་པོའི་ཕྱོགས་ཀྱི་དོན་སྨྲ་བ་ནི་ལེགས ་པར་སྨྲ་བའོ།། རྗེས་སུ་བརྗོད་པ་ནི་གཞན་གྱི་ཡོན་ཏན་བརྗོད་པའི་རྗེས་སུ་བཟླས་པར་བྱེ་བའོ།། གཞན་གྱི་བདག་གི་ཡོན་ཏན་བཱ་སྔགས་པ་བརྗོད་ན། དེ་དག་གི་ཡོན་ཏན་ཤེས་ཤིང་ཡོན་ཏན་ལ་རྗེས་སུ་ཆགས ་པ་ཅན་ཅིག་གོ་སྙམ་དུ་ཡིད་ཀྱིས་རིག་པར་བྱའི་རང་ཁེངས་ཤིང་རང་མི་བྱ་བའོ།། རྩོམ་པ་ནི་གང་དུ་ཡང་རུང་བའོ།། ད་ཞེས་པ་ནི་དགའ་བའོ།། གཞན་གྱིས་བྱས་པ་ནི་གཞན་གྱིས་འབད་པས་བསྒྲུབས་པའོ།། འདིར ་ཞེས་པ་ནི་དགའ་བའི་བདེ་བ་འདྲི་ལའོ།། གཞན་གྱི་ཡོན་ཏན་ལ་ཞེ་སྡང་ཞིང་མི་དགའ་བ་ཉིད་ཀྱིས་ནི་འདིར་སྡུག་བསྔལ་བའོ།། སྡུག་བསྔལ་ཆེ་བ་ནི་དམྱལ་བ་ལ་སོགས་པའོ།། འདི་ལྟར་བྱཞིང་འདི་ལྟར་བསླབ ་པའི་དངོས་པོ་ཞེས་བསྟན་པའི་ཕྱིར། སྨ་ན་ཞེས་སྨོས་ཏེ། ཡིད་ཕེབས་པ་ནི་ཡིད་ཚས་པའི་འོས་སུ་འགྱུར་བའོ།། འབྲེལ་པ་ཉིད་རིམ་པར་འཚམ་པའི་རྣམ་གཞག་དང་ལྡན་པའོ།། ཡིད་དུ་འོང་བ་ནི་ཡིད ་དང་མཐུན་ཞིང་འཐད་པ་སྟེ། སྙིང་ལ་འབབ་པའོ།། འཇམ་པཱ་ནི་མཉེན་པའོ།། རན་ཞེས་པ་ནི་དེ་བཞིན་དུ་གང་ཞིག་སྐད་མི་ཆེ་ཙམ་གྱི་གཏུམ་སྨྲ་བའོ།། འདི་ལྟར་བལྟ་བར་འོས་སོ་ཞེས་བསྟན ་པའི་ཕྱིར། མིག་གིས་ཞེས་སྨོས་ཏེ། དྲང་ཞིང་ཞེས་བྱ་བ་ནི་འཁྱོགས་པ་མ་ཡིན་པ་སྟེ། མིའི་སྐྱོན་ནས་མི་ལྟ་བའོ།། ཕན་འདོགས་པའི་ཞིང་ལ་སོགས་པ་ཡང་བསོད་ནམས་ཀྱི་རྒྱུ་ཡིན་ནོ་ཞེས་བསྟན་པའི་ཕྱིར། རྟག་ཏུ ་ཞེས་སྨོས་ཏེ། རྟག་ཏུ་སྦྱིན་པ་ལ་སོགས་པའི་བསོད་ནོམས་ཆེན་པོ་ཕུལ་དུ་བྱུང་བ་ཞེས་སྦྱོར་རོ།། རྟག་ཏུ་མངོན་ཞེས་ལས་བྱུང་བ་ནི་རྟག་ཏུ་གོམས་པས་བསྐྱེད་པའོ།། ཡང་ཇི་ལྟ་བུ་མིར་འགྱུར་བ་ཞིག་སྙམ་པ་ལཱ། ཞེ་སྡང ་ལ་སོགས་པའི་ཉོན་མོ་ངས་གཉེན་པོའི་ཕྱོགས་བྱམས་པ་ལ་སོགས་པ་གི་མས་པའི་དོན་ཉིད་ཀྱི་མཚན་མ་དང་གང་ལྡན་པའོ།། གང་ཡོན་ཏན་གྱི་ཝཾ་ང་སངས་རྒྱས་ལ་སོགས་པའོ།། པནྡ་འདོགས་པའི་ཞིང་ཕ་མེ ་ལ་སོགས་པའོ།། སྙིང་རྗེའི་ཞིང་ནི་སྡུག་བསྔལ་གྱིས་མནར་བ་རྣམས་ལའོ།། འདི་ཡང་རྗེསཱ་སུ་བསྒྲུབ་པར་བྱའོ།། ཞེས་བསྟན་པའི་ཕྱིར། མཁས་ཤིང་ཞེས་སྨོས་ཏེ། མཁས་ཤིང་ནི་སྦྱིན་པའི་སྤྱོད་པ་དང་ལྡན་པའོ།། ་དགའ་བ་དང་ལྡན་པ་ནི་བརྩོན་འགྲུས་དང་ལྡན་པའོ།། བདག་གིས་བྱེད་པ་ནི་རང་དང་གཞན་གཉིས་ཀའི་དོན་བྱེད་པའི་ཚུལ་དང་ལྡན་པའོ།། ལྟོས་པར་མི་བྱ་བ་ནི་གཞིན་ལ་སྐབས་མི་འབྱེད་པར་རྒྱུན་ཏུ་བརྩོན་པ་ཕུན་སུམ ་ཚོགས་པ་དང་ལྡན་པར་རོ།། དེ་ནི་ཚུལ་ཁྲིམས་འཇིགས་པ་ཡིན་པའི་ཕྱིར་དགག་པ་ཡིན་ནོ་སྙམ་པ་ལ། སྦྱིན་པའི་ཞེས་སྨོས་ཏེ། གོང་ནས་ནི་ཚུལ་ཁྲིམས་སོ།། ཁྱད་ཞུགས་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། ་འོ་ན་སྦྱིན་པའི་དུས་སུ་ཚུལ་ཁྲིམས་བཏིང་སྙོམས་སུ་གཞག་གོ། ཞེས་ཇི་ལྟར་གསུངས་སྙམ་པ་ལ་ཆུང་ངུ་ཞེས་སྨོས་ཏེ། ཀུན་སྤྱོད་ནི་བསླབས་པ་ལྕི་ཤོས་རྣམས་སོ།། དེ་ཉིད་དག་པའི་འབེ་བ་ཆུ་སྲུང་བྱེད་པའི་ཆུ་ལྗོན་ཏེ།། ་དེ་བ་སྒྲུབ་པ་ལ་ཁྱད་པར་གཞན་རྣམས་བཏང་སྙོམས་སུ་གཞག་སྟེ་དོར་བར་བྱའོ་ཞེས་བྱ་བའི་དོན་ཏོ།། དཔེར་ན་བསམ་གཏན་པ་ཏིང་ལ་ཆོས་དོན་དུ་གཉེར་དུ་འོངས་པའི་འགྲོ་བ་ལ་ཆོས་ཀྱི་སྦྱིན་པ་དམ་པར་བྱ་བ་ཡིན་ལ། ་དོན་དུ་ག་ཉེར་བའི་མི་ལ་ཆོས་མ་བྱིན་ན་ནི་བྱང་ཆུབ་སེམས་དཔའི་ལྟུང་བའི་གནས་སུ་འགྱུར་པ་བཞིན་ནོ།། བརྩོན་པར་གནས་པ་ནི་བརྩོན་འགྲུས་དང་ལྡན་པའོ།། ཅི་སྟེ་ཁྱད་པར་དེ་ལ་ཇི་ལྟར་སྣོམ་པ་ལ། བཀག་པ་རྣམས ་ཀྱང་དེ་ལ་གནང་ཞེས་གསུངས་སོ།། གཞོན་གྱི་དོན་ལ་འཇུག་པ་ར་གསུངས་སུ་ཟིན་མ་དེ་ལྟ་ན་ཡང་བདག་ཉིད་ནི་བསྲུང་བར་འོས་པ་ཡིན་ནོ་སྙམ་པ་ལེ། ལོག་པར་ལྟུང་དང་ཞེསུ་སྨོས་ཏེ། དེ་ནི་རྐང་རྡུམ་ལ་སོགས་པའོ།། ། ་མགོན་མེད་པ་ནི་སྐྱབས་ཀྱིས་སྟོང་པའོ།། བརྟུལ་ཞུགས་ནི་དཀའ་ཐུབ་པའོ་བགོ་བར་བྱ་ནི་བགོས་པའི་ཆ་ཙམ་རྣལ་འབྱོར་པས་བཟའ་བའོ།། རན་པ་ཙམ་དུ་བཟའ་བར་བྱ་བ་ནི་ཇི་ཙམ་དུ་ལུས་ལས་སུ་རུང་བ་ཙམ་དུ་བཟའ ་པའོ།། ཆོས་གོས་གསུམ་སྟེ། སྣམ་སྦྱར་དང་བླ་གྲོས་དང་མཐང་གོས་དང་གསུམ་ལྔས་ལྷག་པ་རྣམས་སྦྱིན་པར་གཏང་བའོ་ཆོས་གོས་གསུམ་པོ་ཡང་སྦྱིན་པར་གཏང་བར་རིགས་སོ་སྙམ་པ་ལ། ་དརྣམ་པའི་ཞེས་སྨོས་ཏེ། དམ་པ་དང་ལྡན་པས་ན་དམ་པའི་ཆོས་སོ།། དེ་འཛིན་པ་ནི་སྤྱོད་པའོ།། ཕྲན་ཆགས་ནི་སྦྱིན་པའི་དོན་ཆེ་ཆུང་པོའོ།། དེ་བཞིན་དུ་ལུས་ཉོན་མོངས་པར་མི་བྱ་བ་ཡང་ངོ་།། དེའི་ཕྱིར་སྲོག་ནི་ཤིན་ཏུ ་མི་གཏང་བའོ།། བསམ་པ་མ་དག་པ་སྟེ། རྗེས་སུ་བཟུང་བ་དང་འཛིན་པ་ལ་འཇུག་པའི་ལྷས་དང་པོ་དེའི་ཚེ་མ་གོ་བོ་ལྔ་སོགས་པར་སྦྱིན་པར་མི་གཏང་ངོ་ཞེས་བྱ་བའི་དོན་ཏོ།། བསམ་པ་མཉམ་པོ་སྟེ། སེམས ་མཚུངས་པར་འགྱུར་ན་ནཱི་ཡོངས་སུ་ཉམས་པར་མི་འགྱུར་ལ། བྱང་ཆུབ་ཀྱང་ཉམས་པར་མི་འགྱུར་རོ།། ད་ནི་ཆོས་ཀྱི་སྦྱིན་པ་བཏུང་བར་བྱ་བའི་ཚད་བསྟན་པའི་ཕྱིར་མི་ནི་བཞིན་དུ་ཞེས་སྨོས་ཏེ། ཀུན་ལ་སྦྱོར་བར་བྱའོ།། ་མགོ་གཡོགས་པ་ནི་མགོ་བོ་རས་ཀྱིས་གཏུམས་པའོ།། ཆོས་ནི་གསུང་རབ་ཡན་ལག་དགུའོ།། གདུགས་དང་མཁར་བ་དང་མཚོན་ཐོགས་པ་ནི་དེ་དག་དང་ལྡན་པའོ།། དཀྲིས་པོ་ནི་ཐོད་བྱས་པའོ།། དྷཱུ་མན་པ་ནི ་དསན་པ་ལ་མོས་པའོ།། ཟབ་པ་ནི་ཡིད་མ་གཟུངས་པ་རྣམས་ཀྱིས་རྟོགས་པར་བྱ་བ་མ་ཡིན་པའི་ཕྱིར་རོ།། རྒྱ་ཆེན་པོ་ནི་ཐེག་པ་ཆེན་པོའོ།། དབེན་པ་ནི་ཞེན་ཐོས་ཀྱི་ཐེག་པའོ།། འདྲིད་པ་ནི་མཛ་མའི་ཚིག་དང་སྔས ་ཀྱི་ཚིག་འབའ་ཞིག་གིས་ཐར་པ་ཐོབ་པར་འགྱུར་བ་ལ། སྡོམ་པ་ལ་སོགས་པས་ཅི་བྱ་ཞེས་འདེབས་པ་སྟེ་དེ་སྐད་དུ་མི་འདྲིད་པའོ།། སྤྱོད་པ་ནི་བསླབ་པའི་སྡོམ་པའོ།། འདི་དག་བྱ་བར་མི་འོས་སོ།། ཞེས་བསྟན་པའི་ཕྱིར། ་སོ་ཤིང་ཞེས་སྨོས་ཏེ། མཆིལ་མ་དང་ལུང་པ་ལ་སོགས་པ་དོར་བ་ནི་དགབ་པ་སྟེ། གཞན་གྱིས་མ་མཐོང་བར་དོར་ཞིང་དགབ་པའོ།། དེ་བཞིན་དུ་གཅི་བཱི་ལ་སོགས་པ་ལོངས་སྤྱོད་པར་བྱེད་པའི་ཆུ་དང་ཐད་ལཾ་དོར་བ་སྨད་བྱ་ནི ་བཀག་པའོ།། ཁ་བཀང་བ་ནི་ཇི་ལྟར་ཤོང་ཤོད་ཙང་བའོ།། ཁྭ་གདངས་པ་ནི་བགྲང་བའོ།། རྐང་པ་བརྐྱང་པ་ནི་རྐང་པ་བརྐྱང་སྟེ་བསྡུད་པའོ།། མཉམ་པ་ནི་གཉི་ག་དུས་གཅིག་ཏུའོ།། ལཱམ་དང་ཞེས་པ་ནི་ལྡམ་ནས་འགྲོ ་ཙམ་ནའོ།། ལམ་བསྟན་དང་གནས་ཁང་ཡང་གཅིག་པར་མི་བྱའོ།། གཞན་ཡང་འཇིག་རྟེན་པ་མ་མོས་པར་འགྱུར་བའི་རྒྱུ་གང་ཡིན་པ་སྤང་བར་བྱའོ།། གཞན་གང་ལ་ཡང་རྔན་ཆན་མི་བྱའོ་ཞེས་བསྟན་པའི་ཕྱིར། སྟོར ་མོ་ཞེས་སྨོས་ཏེ། མི་གང་ལ་ཡང་སོར་མོ་གཅིག་གིས་གདའ་མི་བྱ་བ་སྟེ། བརྡ་སྤྲད་པར་མི་བྱའི། འོན་ཀྱང་ལག་པཱ་ག་ཡས་པ་ཀུན་གྱི་འདི་ལྟར་ལགས་སོ་ཞེས་ཐམས་ཅད་ལ་བྱའོ།། ལག་པ་ཤས་ཆེར་བསྐྱོད་པ་ནི ་དཔུང་པ་དྲིག་ཏུ་བསྐུལ་ཞིང་ངོ་།། ཅུང་ཟད་དེ་དགོས་པ་ཕྲན་ཚེགས་ལ་ཐུག་པ་སྐད་མི་བྱའོ།། དགོས་པ་ཆེན་པོ་ལ་ནི་ཉེས་པ་མེད་དོ།། སེ་གོལ་གྱི་སྒྲ་ལ་སོགས་པ་ལག་པ་གཡས་པས་བརྡ་བྱ་བར་གཟུང་ངོ་།། ་བསྡམས་པ་ནཱི་མཉམ་པར་མ་བཞག་པའོ།། མགོན་པོ་མྱ་ངན་ལས་འདས་པའི་གཟིམས་པ་བཞིན་དུ་སྟེ། འོན་ཀྱང་འབྱུང་བ་རྣམས་དགག་པའི་ཚུལ་དུའོ།། མྱུར་དུ་ལྡང་བ་ནི་གཡལ་བ་དང་ལུས ་བསྙང་བ་ལ་སོགས་པ་དང་བྲལ་ཞིང་མྱུར་བ་ཉིད་དུ་ཙོག་ཙོག་འདུག་པའོ།། ཐོག་མ་སྟེ་དང་པོ་ཉལ་བའི་དུས་སུ་ངེས་པར་ཁོ་ནར་གང་ན་མི་ཟ་བ་ཉིད་དུ་འདི་ལྟ་བུའི་ཚུལ་གྱིསྔ་མྱུར་དུ་ལྡང་བར་བྱའོ།། ཞེས་བསམ་པས་ཉལ ་བར་བྱའོ།། འདིར་གཞན་ཡང་མདོར་བསྡུས་ཏེ་བསྟན་པའི་ཕྱིར། བྱང་ཆུབ་ཅེས་སྨོས་ཏེ། སྤྱོད་པ་ཞེས་པ་ནི་བསླབ་པར་བྱ་བའོ།། སྦྱང་བ་ན་ཉེས་པ་སེལ་བའོ།། དེ་དག་གིས་ནི་ལྟུང་བ་བཤགས་པར་མཚོན་པ་ཡིན་ནོ།། དེའི ་རྗེས་ལ་ཕུང་པོ་གསུམ་པ་གདོན་པར་བྱ་བའི་ཕྱིར། ཉིན་དང་མཚན་མོ་ཞེས་བྱ་བ་སྨོས་ཏེ། དུ་ས་གསུམ་པོ་རྣམས་མཉམ་པར་ཚང་བ་ནི་དུས་གསུམ་མོ།། ཉིན་མོ་དང་མཚན་མོ་ལན་གསུམ་དུ་བྱས་ཏེ་ལན་དྲུག་ཏུའོ།། ་ཕུང་པོ་གསུམ་ནི་སྡིག་པཱ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རིང་བ་དང་། བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་མཚན་ཉིད་རྣམས་མཉམ་པར་ཚང་བའོ།། ལྷག་མ་ནི་བཤགས་པ་ལས་གཞན་ནོ།། དེས་ཤེས ་པ་ནི་ཕུང་པོ་གསུམ་པོའི་ཚིགས་སུ་བཅད་པ་སྟོན་པ་དེས་བྱང་ཆུབ་ཀྱི་སེམས་དང་རྒྱལ་བ་ལ་བརྟེན་པ་བྱས་པའོ།། ཞི་བ་ནི་རབ་ཏུ་ཞི་བའོ།། གཞན་ཡང་བསླབ་པར་བྱ་བ་མ་ངེས་པ་རྣམས་བསྟན་པའི་ཕྱིར། རང་ངམ་ཞེས་སྨོས ་ཏེ། གཞན་གྱི་དབང་ནི་སེམས་ཅན་གྱི་དབང་ངོ་།། གནས་སྐབས་ནི་གོ་མི་ལ་སོགས་པ་གང་ཡང་རུང་བའོ།། བསླབ་པ་ནི་བསླབ་པར་བྱའོ།། ཅི་ཡང་དེ་ལྟར་མ་ངེས་པས་སྟོན་པར་བྱེད་སྙམ་པ་ལ། རྒྱལ་སྲས་ཞེས་སྨོས་ཏེ། གཞན་ཡང་དངོས ་སམ་རྒྱུད་ཀྱང་རུང་ཞེས་བྱ་བ་ལ་སོགས་པས་ནི་དགེ་བ་ཐམས་ཅད་བྱང་ཆུབ་ཀྱི་ཕྱིར་ཏེ། སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བར་བྱའོ་ཞེས་བསྟན་ཏོ།། དགེ་བའི་བཤེས་གཉེན་ནི་དགེ་བཱི་ལ་ངེས་པར་སྦྱོར་བར ་བྱེད་པའོ།། མཁོས་པ་ནི་ཚུལ་བཞིན་ཤེས་པའོ།། བརྟུལ་ཞུགས་ནི་བསླབ་པའོ།། དགེ་བའི་བ་ཤེས་གཉོན་བསྟོན་པར་བྱ་བའི་དོན་ཏུ། དཔལ་འབྱུང་ཞེས་སྨོས་ཏེ། དཔལ་འབྱུང་བའི་རྣམ་ཐར་ནི་སྡོང་པོ་བཀོད་པའི་ལེ ་གཙུག་གོ།། དང་གི་སྒྲས་གཞན་ཡང་བསྡུ་བའོ།། འདི་དང་ཞེས་པ་ནི་བརྗོད་པ་རྣམས་སོ།། གཞན་ཞེས་པ་ནི་མ་བརྗོད་པ་རྣམས་སོ།། རྩ་བའི་ལྟུང་བ་ནི་གང་སྡོམ་པ་འཇིག་པར་བྱེད་པའོ།། རྟག་ཏུ་སྤྱད་པ་ནི་བྱང་ཆུབ་སེམས ་དཔའི་སྤྱོད་པའོ།། བསླབ་པ་ཀུན་ལས་བཏུས་པ་དང་། འདི་ཉིད་ཀྱིས་མཛད་པ་པོས་མདོ་ཀུན་ལས་བཏུས་པ་ཡང་མཛད་པའོ།། གཉིས་པ་ནི་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པོའི་མདོ་ཀུན་ལས་པཏྱཾ་ས་པའོ།། བརྗོད་པ ་གཉིས་པ་ལ་བལྟོས་ནས་གཉིས་པ་ཡང་གཉིས་སུ་ཤེས་པར་བྱའོ།། ཡང་འཇིག་རྟེན་པའི་བསམ་པའི་རྗེས་སུ་འབྲང་བའི་ཕྱིར་གང་ལས་ཞེས་སྨོས་ཏེ། གང་དུ་བཀག་པ་མེད་པའི་བྱ་བ་གང་ཡིན་པ་དེ་ཉིད་སྤྱད་པར་བྱ་སྟེ། ངེས ་བར་སྦྱར་བར་བྱ་བ་ནི་འཇིག་རྟེན་པ་རྣམས་ཀྱི་སེམས་བསྲུང་བའི་དོན་དུ་ཡིན་པས་ན་བསླབ་པ་མཐོང་ནས་བསླབ་པ་དེ་དང་མི་འགལ་བར་ཡང་དག་པར་སྤྱད་པར་བྱ་སྟེ། དེ་ལྟར་ན་འཇིག་རྟེན་བླ་མོས་པར ་འགྱུར་བའི་ཕྱིར་རོ།། དྲན་པའི་རང་གི་ངོ་བོ་ནི་མིང་ཉིད་ཀྱིས་ཇི་ལྟ་བ་བཞིན་དུ་སྔར་བརྗོད་དོ།། ཤེས་བཞིན་གྱིས་མ་བརྗོད་པས་དེ་ངེས་པར་བསྟན་པར་བྱ་བའི་ཕྱིར། ལུས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལུས་ནི་ཡིད་སྟོན ་དུ་འགྲོ་བ་ཅན་ཡིན་པས་ལུས་ཀྱི་བྱ་བར་ཐམས་ཅད་འདུས་པ་ཡིན་ནོ།། སྤྱད་པར་བྱ་ཞེས་བྱ་བ་ནི་ཡང་དག་པར་སྦྱང་བར་བྱ་སྟེ། སྒྲ་ཙམ་གྱིས་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ།། སྒྲོན་དཔྱད་ཅེས་བྱ་བ་ནི་ནད་གསོ་བའི་བསྟན་བཅྡོཾས ་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་ལེའུ་ལྔ་པའི་དཀའ་འགྲེལ་ལོ།། ། གོང་དུ་སྦྱིན་པ་གོ་རིམ་མ་ངེས་པ་ར་བཤད་པའི་རྗེས་ལ་ཚུལ་ཁྲིམས་བསྟན་ནས་བཟོད་པ་བསྟན་པའི ་ཕྱིར། བཽསྐལ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱིན་པ་ནི་སྔར་བརྗོད་པའོ།། མཆོད་པ་ནི་སྐྱབས་སུ་འགྲོ་བ་སྔོན་དུ་འགྲོ་བ་ཅན་གྱིས་བདེ་བར་གཤེགས་པ་ལ་སོགས་པ་མཚང་པའོ།། ལེགས་པར་སྤྱད་པ་ནི་ཚུལ་ཁྲིམས ་སོ།། དེ་ཀུན་ཞེས་པ་ནི་འོངས་མ་ཐག་ཏུ་བརྗོད་པ་རྣམས་སོ།། ཁོང་ཁྲོ་ནི་སེམས་ཅན་ལ་ཞེ་སྡང་བའོ།། རང་གི་རྟེན་བཅོམ་ནས་གཞན་ཡང་འཇོམས་པར་བྱེད་པས་ན་ཞེ་སྡང་ངོ་།། དེ་སྐད་དུ་ཡང་འཇམ་དཔལ་ཁོ་དེ་ཁྲོ་ཞེས་བྱ་བས ་ནི་བསྐལ་པ་བརྒྱ་སྟོང་དུ་བསགས་པའི་བསོད་ནམས་འཇོམས་པར་བྱེད་འབྲས་བུ་མེད་པར་བྱེད་དོ་ཞེས་གསུངས་སོ།། དེ་ལྟར་ན་ཞེ་སྡང་དང་སྡིག་པ་ཆེན་པོའི་རྒྱུ་ཡིན་པས་ན། དེ་སྤང་ལ་བཟོད་པར་བསྒོམ་པར་བྱ་བ་ཉིད་དོ་ཞེས་བསྟན་པའི ་ཕྱིར། ཞེ་སྡང་ལྟ་བུའི་ཞེས་སྨོས་ཏེ། ཞེ་སྡང་ནི་ཉེ་བར་མཚོན་པ་ཙམ་ཡིན་པས། ཁྲོ་བ་ལྔ་སོགས་པ་ཡང་བཟུང་བར་བྱའོ།། བསྒོམ་པར་བྱ་ཞེས་པ་ནི་ཐབས་སོ།། ཞེ་སྡང་གི་ཉེས་པ་མཐོང་བའི་ཆོས་ཉིང་ལ་མྱང་བར་བསྟན་པའི ་ཕྱིར། ཞེ་སྡང་ཟུག་རྔུ་ཞེས་བྱི་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་གསུངས་ཏེ། ཞི་བའི་ཡིད་ཅེས་པཱ་ནི་ཡིད་རབ་ཏུ་ཞི་བའོ།། དགའ་བོ་ཉིད་བདེ་བའོ།། མི་འཐོབ་པ་ནི་ཞེ་སྡང་གི་མེ་འབར་བའི་ཕྱིར་རོ།། བརྟན་མེད་ནི་མི ་བརྟན་པར་འགྱུར་བའོ།། གཞན་ཡང་ནོར་དང་བསྐུར་སྟི་ནི་ནོར་དང་བཀུརེ་སྟི་ཉིད་དོ།། སྡང་བ་དང་ལྡན་པ་ནི་མི་དགའ་བར་བྱེད་པའོ།། དེ་ཡིས་མཛའ་བཤེས་ཞེས་བྱ་བ་ལ་སོགས་པ་གོ་སླའོ།། གོང་གི་ཕྱིར་ཏེ་ལ་སོགས་པ་སྐུ ་སྡུག་བསྔལ་རྣམས་བསྐྱེད་པ་དེའི་ཕྱིར་དགྲ་ཡིས་བཏགས་པའོ།། གླང་ཁྲོ་བ་འཇོམས་པ་དེ་རྣམ་པ་ཐམས་ཅད་དུ་བདེ་བ་ལས་གཞན་དུ་མ་ཡིན་ནོ།། ཞེ་སྡང་གཞོམ་པར་བྱ་བའི་ཕྱིར་དེའི་རྒྱུ་བརྟག་པར་བཞེད་ནས་མི་འདོད་ཅེས ་སྨོས་ཏེ། མི་འདོད་པ་ནི་མངོན་པོར་འདོད་པ་མ་ཡིན་ནོ།། ཡིད་མི་བདེ་བ་ནི་འཁྲུགས་པ་སྟེ། དེ་ཉིད་རེངས་པར་བྱེད་པའི་ཟས་ཡིན་ལ་དེ་ཐོབ་ནས་བརྟས་པར་བྱེད་རྒྱགས་པར་བྱེད་པས་ན་ཡང་ཟས་སོ།། གཞོམ་བྱ་ནི ་གསལ་བྱར་བྱའོ།། གནོད་པ་ནི་དགེ་བའི་ཕྱོགས་འཇོམས་པའོ།། ཇི་ལྟར་དའི་ཟས་འཇོམས་པར་བྱེད་སྙམ་པ་ལ། ཅི་ལ་བབ་ཀྱང་ཞེས་སྨོས་ཏེ། དགའ་བ་ནི་ཡིད་བདེ་བའོ།། བཀྲུགས་པར ་མི་བྱ་བ་ནི་གཏང་བར་མི་བྱའོ།། གལ་ཏེ་བཅོས་སུ་མེད་པ་ལ་སོགས་པ་ནི་འདི་ལྟར་དེའི་ཕྱིར་སྡུག་བསྔལ་འབད་པས་གོམས་པར་བྱའོ།། ཞེས་བསྟན་པའོ།། གང་གི་ཕྱིར་འབད་པས་གོམས་པར་བྱ་བ་ཡིན་སྙམ་པ་ལ། བདག་གྲམ་ཞེས ་སྨོས་ཏེ། བདྲག་དང་བདོག་གྲིས་པ་ཤེས་རྣམས་ལ་གང་སྡུག་བསྔལ་དེ་ལུས་དང་ངག་ལས་བྱུང་བ་དང་། བརྙས་པ་སྟེ་ངན་པ་འདི་ཞེས་བྱ་བ་དང་། ཚིག་རྩུབ་སྟེ་གནད་དུ་ཕོག་པའི་ཚིག་དང་། མི་སྙན་པ་སྟེ་གྲགས་པ་མ་ཡིན་པ ་བརྗོད་པ་མ་ཡིན་པ་རྣམས་མི་འདོད་པ་སྟེ། མངོན་པར་མྱི་འདོད་པའོ།། དགྲ་རྣམས་ལ་ནི་དེ་ལས་བཟློག་པ་སྟེ། དེ་ཐམས་ཅད་འདོད་པའོ།། གལ་ཏེརྭ་རྣམས་ཀྱང་མི་གོམས་པ་གོམས་པར་བྱེད་པར་མཚུངས་པ་ལ་བདེ་བ་ཉིད་ཅིའི ་ཕྱིར་གོམས་པར་མི་བྱ་སྙམ་པ་ལ། བདེ་བའི་རྒྱུ་ནི་ཞེས་སྨོས་ཏེ། གང་གི་ཕྱིར་བདེ་བའི་རྒྱུ་ནི་རེས་འགའ་བ་ཡིན་པའི་ཕྱིར་དཀོན་པས་ན་གོམས་པར་བྱ་བར་མི་ནུས་ལ། སྡུག་བསྔལ་གྱི་རྒྱུ་ནི་ཤིན་ཏུ་མང་བའི་ཕྱིར་དེ་བསལ་བར་བྱ་བར ་མི་ནུས་སོ།། ཅི་སྟེ་དཀོན་དུ་ཟིན་ཀྱང་འདོད་པར་བྱ་བ་ཡིན་པའི་ཕྱིར་བདེ་བའི་རྒྱུ་ཁོ་ན་གོམས་པར་བྱ་བའི་རིགས་སོ་སྙམ་པ་ལ་སྡུག་བསྔལ་མེད་པར་ཞེས་བྱ་བ་སྨོས་ཏེ། སྡུ་ག་བསྔལ་མེད་པར་ངེས་འབྱུང་སྟེ་འཁོར་བ ་ནས་ངེས་པར་འབྱུང་བར་མྱི་འགྱུར་གྱིས། དེའི་ཕྱིར་སེམས་ཁྱོད་སྡུག་བསྔལ་གོམས་པ་ལ་བརྟན་པར་གྱིས་ལ་སྔར་མའི་ཚུལ་ལ་གོམས་པར་མ་བྱེད་ཅིག་པའོ།། གཞན་ཡང་སྡུག་བསྔལ་འདི་དོན་ཆེན་པོ་སྒྲུབ་པ་ཡིན་པའི་ཕྱིར ་བསྲན་པར་བྱ་བའི་འོས་ཁོ་ནའོ་ཞེས་དཔེ་དང་བཙོས་པར་དཀའ་བཟློག་ཅེས་ཏེ། འདི་ལྟར་དཀར་ན་ངའི་ཡུལ་ན་ཙཱནྟི་ལཱ་མོས་པའི་མི་རྣམས་ཀྱིས་ཆོས་རྒྱ་ཆེན་པོའི་དུས་སུ་སྨྱུང་བ་ཞག་གསུམ་མམ་ཞག་གཅིག་བྱས་ཀྱི།། ་རྗེས་ལ། ཚད་དུ་བསྟན་ནས་རང་གི་ཡན་ལག་གཅོད་པར་བྱེད་པ་ལ་སོགས་པ་བྱེད་དོ།། དེ་བཞིན་འགྲན་པ་ཙམ་གྱི་འི་ཕྱིར་གཅིག་ལྔ་ཅིག་སྲོག་འདོར་བ་ར་བྱེད་དོ།། དེའི་ཅི་ཕྱིར་སྡུག་བསྔལ་ཆེན་པོ་ཡང་བསྲན་པོར་བྱ་བ ་ཉིད་དོ།། སྡུག་བསྔལ་ཆུང་བ་གང་དག་ཡིན་སྙམ་པ་ལ། སྦྲུལ་དང་ཞེས་སྨོས་ཏེ། དོན་མེད་པ་ནི་སྔར་བརྗོད་པའི་མཚན་ཉིད་དོ།། དེ་བཞིན་དུ་འདི་རྣམས་ཀྱང་གོམས་པར་བྱའོ་ཞེས་བསྟན་པའི་ཕྱིར་ཚེ་གང་ཞེས་སྨོས་ཏེ། སོགས ་ངའི་སྒྲ་ལ་མྨེ་དུ་ཉོན་མོངས་པ་ཡང་བཟུང་ངོ་།། དེ་དག་གི་སཱ་ཉེ་བར་གནས་པར་བྱ་ཞིང་བཟེ་རེ་སྲན་ཆུང་བར་མི་བྱ་བ་ནི་བསླབ་ཅིང་གོམས་པར་བྱ་བའི་འོས་ཉིད་དོ་ཞེས་བྱ་བློའི་དྲོན་ཏེ།། གོམ་སོ་པ་བསྟོན་པར་བྱ་བའི་ཕྱིར། ་ལ་ལ་ཞེས་སྨོས་ཏེ། གཡུལ་ངོར་རང་གི་ཁྲག་མཐོང་ན་ཕྱིར་ཞིང་ཁོང་དགའ་སྟེ། གཡུལ་བཟློག་པར་བྱེད་པའི་བརྒྱལ་བ་ནི་འཐོམས་པའོ།། དེ་ཞེས་བྱ་བ་ནི་ཕྱིར་ཞིང་ཁོང་དགའ་བ་ལ་སོགས་པའོ།། སྡུག་བསྔལ་དང ་སྡུག་བསྔལ་བ་འཐོབ་པར་བྱེད་ཅིང་ཕམ་དུ་མི་ཉན་པས་ན་ཁྱད་དུ་གསོད་པ་སྟེ། སྡུག་བསྔལ་ཁྱད་དུ་བསད་ནས་སྡུག་བསྔལ་གྱིས་བགྲོད་པར་བྱེད་པའོ།། སྡུག་བསྔལ་ནི་ཟུག་ཟེར་རོ།། མི་ཚུགས་པ ་ནི་ཉམས་མི་ང་བའོ།། དེའི་ཕྱིར་སྡིག་བསྔལ་བྱུང་ཡང་རབ~ཾ་དང་སྟེ། དགའ་བ་ཉིད་དང་རྙོག་སྟེ་ཡི་སྲེད་པ་ཉིད་དུ་མི་བྱའོ།། ཉོན་མོངས་པ་གཟེངས་བསྟོད་པ་ཉིད་བསྟོན་པའི་ཕྱིར། སྡུག་བསྔལ་ཐམས་ཅད་ཅེས་སྨོས་ཏེ། ་བྲང་གི་ཕུལ་ནས་ཁྱད་དུ་གསོད་པ་ནི་དཔའ་བའོ།། ལྷག་མི་ན་གཡུལ་ངོར་མི་གསོད་པའོ།། དེ་ནི་རོ་ལ་ཚ་བས་བྱེད་པ་སྟེ། མི་རྣམས་རང་བཞིན་གྱིས་མི་རྟག་པས་ན་རཾའོ།། སྡིག་བསྔལ་ལ་སྲན་ཚུགས་པའི་ཡོན་ཏན་བསྟན ་པའི་ཕྱིར་གཞན་ཡང་ཞེས་སྨོས་ཏེ། སྐྱེ་བ་ལ་སོགས་པ་ཉིད་ཡོན་ཏན་ནོ།། སེལ་བར་བྱེད་པ་ནི་ཟད་པར་བྱེད་པའོ།། སྤྲོ་བ་ནི་ཡོན་ཏན་མངོན་པར་འདོད་པའོ།། རྐྱེན་གཞན་གྱིས་བསྐྱེད་པའི་སྡུག་བསྔལ་ལ་ཁྲོ་བར་མི་རིགས་པ ་ཉིད་དུ་བསྟན་པའི་ཕྱིར་མཁྲིས་པ་ཞེས་སྨོས་ཏེ། སེམས་མེད་པའི་ཕྱིར་དང་། རྐྱེན་འདུས་པའི་སྟོབས་ཀྱིས་བསྐྱེད་པ་ཡིན་པའི་ཕྱིར་མཁྲིས་པ་ལ་སོགས་པའི་ཉེས་པ་བདོ་བ་ལ་ནི་ཁོ་བོས་ཁྲོ་བོ་མ་ཡིན་ན། སེམས་ཡོད ་པ་རྣམས་ལ་ཅིའི་ཕྱིར་ཁྲོ་བར་བྱེད། རྐྱེན་གྱི་སྟོབས་ཀྱིས་བསྐུལ་བ་ནི་ཁྲོ་བར་བྱེད་པའོ།། ཞེས་ནི་སྦྱར་བར་མི་བྱའོ་ཞེས་བྱ་བའི་དོན་ཏེ། རྐྱེན་འདུས་པའི་སྟོབས་ཀྱིས་ཁྲོ་བ་འབྱུང་བ་ཡིན་ནོ།། རྐྱེན་གྱིས་ཁྲོ་བ་བསྐུལ ་བ་ཉིད་བསྟན་པའི་ཕྱིར། དཔེར་ན་མི་འདོད་ཅེས་སྨོས་ཏེ། མི་འདོད་པ་ནི་མངོན་པར་མི་འདོད་པའོ།། ཉེས་པ་ནི་གཞན་ལ་གནོད་པར་བྱེད་པའོ།། རང་དབང་ནི་རང་གི་འདོད་པས་བྱེད་པའོ།། ཅི་སྟེ་འདི་ལྟར་གྲངས་ཅན་རྣམས་ཀྱི ་གཙོ་བོ་དང་རིག་པ་ཅན་ལ་སོགས་པའི་འདིར་བདག་ཉིད་རང་དབང་ཡོད་པ་མ་ཡིན་ནམ་དེ་ཇི་ལྟར་ན་རང་དབང་ཡོད་པ་མཱ་ཡིན་ནོ་ཞེས་བརྗོད་སྙམ་པ་ལྔ། གཙོ་བོ་ཞེས་སྨོས་ཏེ། གང་རྡུལ་དང་མུན་པ་སྙིང་སྟབས་ཚྭ་མཉམ་པའི ་གནས་སྐབས་ཀྱི་རང་བཞིན་ལ་གཙོ་བོ་ཞེས་འདོད་པ་དང་། བདག་ཅེས་བརྟགས་པ་དེ་དག་གོ།། ཞེས་བྱ་བ་དེ་ཉིད་ནི་མི་འདོད་པའོ།། དེ་དག་ཉིད་འདི་ལྟར་འབྱུང་པོ་ཞེས་ཆེད་དུ་བསམས་ཤིང་འབྱུང་བ་ནི་མ་ཡིན་ཏེ། གང་གི་ཕྱིར ་དེ་དག་གཉིས་ཀ་ལ་སྐྱེད་པརུ་བྱེད་པའི་རྒྱུ་མེད་པས་ན་སྐྱེ་བ་མྱེད་པའི་ཕྱིར་རོ།། གང་ཞིག་རྒྱུ་དང་བྲལ་བ་ངོ་མོ་ཤམ་གྱི་བུ་བཞིན་དུ་ཡོད་པ་མ་ཡིན་ན། དེ་ཇི་ལྟར་རང་བྱུང་དུ་འདོད་པར་བྱེད་གཞན་ཡང་བདག་ཡོད་པ་ལ་ནི་རག་ན ་སྔར་ལོངས་སྤྱོད་པའི་རང་བཞིན་མ་ཡིན་པའི་ཕྱིར་ལོང་སྲ་སྤྱོད་པར་བྱེད་པའི་རང་བཞིན་དུ་སྦྱོ་རུ་བཱིར་མི་བྱའོ།། ཡང་ན་ཡུལ་གཙོ་བོས་ཉེ་བར་གཏད་ནས་ལོངས་སྤྱད་པོ་རུ་བྱེད་པའི་བྱ་བ་ཡོད་དུ་བཅུག་ན་ཡང་འགག་པ་སྟེ། ་ཡུལ་དེ་ལས་ལོག་པའི་བདག་ནི་ཡོད་པར་འདོད་པ་མ་ཡིན་ཏེ། བདག་དེ་རྟག་པ་ཡིན་པའི་ཕྱིར་རོ།། རིག་པ་ཅན་རྣམས་ཀྱིས་མངོན་པར་འདོད་པའི་བདག་ལ་ཡང་ཉེས་པ་དེ་ཉིད་དེ་རྟག་པ་ཡིན་པའི་ཕྱིར་རོ།། དེ་ལ ་ཉེས་པ་བྱེ་བྲག་ཏུ་ཡང་བརྗོད་པའི་ཕྱིར་རོ།། ཇི་སྟེ་བདག་དྲི་ཞེས་སྨོས་ཏེ། རང་གི་སྨྲས་ནི་སེམས་དང་བཅས་པ་ཡང་བཟུང་ངོ་།། བྱེད་པ་མེད་པ་ནི་བྱེད་པ་དང་བྲལ་བའོ།། རྐྱེན་རྣམས་གཞན་ཞེས ་པ་ནི་ལྷན་ཅིག་བྱེད་པའི་རྐྱེན་ནོ།། འགྱུར་བ་མེད་པ་ནི་གཞན་དུ་མི་འགྱུར་བའོ།། སྔོན་བཞིན་ཞེས་པ་ནི་བྱེད་པ་མེད་པའི་རང་བཞིན་ནོ།། གཞན་ཡང་འདིར་འདིས་བྱས་ཞེས་བྱེད་པ་པ་མ་ཡིན་ཏེ། འབྲེལ་པ་མེད་པའི་ཕྱིར་རོ།། ་དེ་ལྟར་ཞེས་བྱ་བཽ་ལ་སོགས་པ་ནི་མཛུག་བསྡུ་བ་སྟེ། ཐམས་ཅད་ཅེས་པ་ནི་དབང་ཐམས་ཅད་དོ།། དེ་དབང་མེད་པ་ནི་རྣམ་པ་ཀུན་ནས་སོ།། མྱ་ངན་ལས་འོདྲེས་པ་སྟེ་སྤྲོས་པ་མཐའ་དག་དང་བྲལ་བ་འམ། ཡང་ན་སྤྲུལ་པ ་ལྟ་བུ་ཞེས་པའི་ཚིག་སྦྱར་རོ།། མི་གཡོ་བ་ནི་མ་འགུལ་བའོ།། དངོས་པོ་རྣམས་དེ་ལྟ་བུར་ཤས་ན་གང་ལ་ཁྲོ་བར་འགྱུར་ཏེ་ཁྲོ་ས་མེད་པའོ།། གལ་ཏེ་ཆོས་ཐམས་ཅད་བྱ་བ་དང་བྲལ་བ་ཡིན་ན་དེའི་ཚེ་ཁྲོ་བ་ལ་སོགས ་པ་ཡང་ཟློག་པར་མི་རིགས་སོ་ཞེས་རྩོད་པ་བསླང་བའི་ཕྱིར་གང་གིས་ཞེས་སྨོས་ཏེ། དེ་ལྟར་བྱ་བ་དང་བྲལ་བ་ཉིད་ཡིན་ན། མི་དགེ་བ་ལ་སོགས་པ་བཟློག་པ་མི་རིགས་སེ་ཤེ་ན་ཞེས་བྱ་བ་ཡན་ཆད་ཕྱོགས་སྔ་མའོ།། ལན་བརྗོད ་པའི་ཕྱིར་དེ་ལ་ཞེས་སྨོས་ཏེ། བཟློག་པར་རིགས་པ་ཉིད་དོ།། གང་གི་ཕྱིར་ཞེས་བསྟན་ནས་དེའི་ལས་ལ་བརྟེན་ནས་དེ་སྐྱེ་བོ་ཞེས་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར་དངོས་པོ་ལ་བྱ་བ་དང་བྲལ་བ་ཡིན་དུ་ཟིན་ཀྱང་དེ་ལས ་འཁོར་བར་སྡུག་བསྔལ་བར་བྱ་བར་འགྲོ་བ་ལ་སོགས་པ་རྒྱུན་ཆད་པར་འདོད་པ་སྟེ། ལྡོག་པར་འདོད་པའོ་ཞེས་དགོངས་པའོ།། དག་ནི་མི་ཕན་པར་བྱེད་པའོ།། མི་རིགས་པ་བྱེད་པ་ནི་གནོད་པ་སྐྱེལ་བར་བྱེད་པའོ།། འདི་འདྲ་ཞེས་པ ་ནི་གནོད་པ་བྱེད་པའི་རང་བཞིན་གྱིས་རྐྱེན་འདི་འདྲ་བའི་རྒྱུར་སྔར་བསམས་པ་ལས་འགྱུར་བའོ་ཞེས་ངེས་པར་བྱས་པ་ལ་ཡིད་མི་བདེ་བར་མི་བྱའོ།། གཞན་ཡང་འགྲུབ་འགྱུར་ན་སྟེ། འབྲས་བུ་སྨིན་པར་འགྱུར་ནའོ།། སྡུག ་བསྔལ་ནི་གཞན་གྱི་གནོད་པ་སྐྱེལ་པོའོ།། བག་མེ་དྲ་པི་ནི་རང་ལ་གནོད་པའོ།། གཞན་ཡང་བདག་ཉིད་ཀྱིས་ཀྱང་བདག་ཉིད་ལ་གནོད་པར་བྱེད་ན་དེ་དག་གཞན་གྱི་ལུས་ལ་གནོད་པ་མི་བྱེད་པར་ཇི་ལྟར་འགྱུར་ཞེས་འབྲེལ ་ཏོ།། ཚེར་མ་ལ་སོགས་ཞེས་པ་ནི་ཚེར་མ་བསྟན་དུ་འདིངས་པ་ལ་སོགས་པའོ།། ནད་མེད་པ་ལ་སོགས་པ་འདོད་པ་མ་རྙེད་དེའོ།། གནོད་པར་བྱེད་པ་ནི་སྡུག་བསྔལ་བར་བྱེད་པའོ།། ཟས་གཅོད་པ་ནི་བཟའ་རྒྱུ་མི་ཟ་བར་སྟོད ་པའོ།། འགེག་པ་ནི་སྐུ་ཐག་པས་བཏགས་ནས་སྦྱོང་ལ་འཕྱོང་བའོ།། གཡངས་ས་ནི་འོབས་ལ་སོགས་པའོ།། མཆོང་བ་ནི་ཆུ་ལ་སོགས་པར་མཆོང་བའོ།། བསོད་ནམས་མ་ཡིན་པ་ནི་མི་གཞ་ན་ལ་སླུས་བྱེད ་པའོ།། གནོད་པར་བྱེད་པ་ནི་གསོད་པར་བྱེད་པའོ།། གང་ཚེ་སྟེ་དུས་གང་གི་ཚེའོ།། དེ་ལྟར་ན་དེ་དག་ལ་ཁྲོ་བའི་རགས་སོ་སྙམ་པ་ལ་ཉོན་མོངས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་ཡང་གཞན་ལ་རྣམ་པར་འཚོ་བར ་བྱེད་པ་བྱིས་པ་རྣམས་ཀྱི་རང་བཞིན་ནམ་འོན་ཏ་གློ་བུར་ཡིན་ཞེས་བཏགས་ཏེ། ཕྱོགས་དང་པོ་ལྔ་གལ་ཏེ་ཞེས་བྱ་བ་ལ་སོགས་པའོ།། གཉིས་པ་ལ་འོན་ཏེ་ཞེས་སྨྲས་ཏེ། གློ་བུར་ནཱི་རྐྱེན་གློ་བུར ་བའོ།། ངས་པ་ནི་མ་བཅོས་པའོ།། ནམ་མཁའ་ཡོངས་སུ་དག་པ་ལ་གློ་བུར་བའི་དུད་པས་གནོད་པ་བསྐྱལ་ན་ན་མཁའ་ལ་ཁྲོ་བ་མི་རིགས་པ་བཞིན་ནོ།། གལ་ཏེ་དབྱུག་པ་ལ་སོགས་པ་འཕེན་མཁན་ནི་ཡོད་པ་ཁོ་ན་ཡིན་ལ། དེ ་སེམས་ཅན་གྱི་ཉེས་པ་ཡིན་ནོ་སྙམ་དུ་དོགས་པ་ལ། དབྱུག་པ་ལ་སོགས་པ་ཞེས་བྱ་བ་སྨོས་སོ།། གཞན་ཡང་བདག་གིས་སྔོན་ཆད་ཅེས་བྱ་བ་ལ་སོགས་པར་སྦྱོར་རོ།། གལ་ཏེ་གཞན་གྱི་མཚོན་ཕྱུང་བས་སྡུག་བསྔལ་གྱི་རྒྱུ ་ཡིན་པས་ཁྲོ་བ་བྱེད་ན་དེའི་ཚེ་བདག་ཉིད་ལ་ཁྲོ་བའི་རིགས་ཏེ། བདག་གིས་ཀྱང་སྡུག་བསྔལ་གྱི་རྒྱུ་ལུས་ཕྱུང་བའི་ཕྱིར་རོ།། ཞེས་བསྟན་པའི་ཕྱིར། དེའི་མཚོན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་བསྟན་པ་དེ་ཉིད་གས་ལྷ ་བར་བྱ་བའི་ཕྱིར། ཤུ་བ་ཞེས་སྨོས་ཏེ། རེག་ཏུ་མི་བཟོད་པ་སྟེ། ན་ཆ་ཆེ་བ་འམ་བསྲན་དཀའ་བའོ།། སྲེད་པའི་མུན་པས་ནོན་པས་རིག་པས་མཐོང་དུ་མ་སྟེར་བ་ནི་སྲེད་ལྗོངས་སོ།། བཟུང་བར་གྱུར་པ་ནི་ཁས་བླངས་པ་བྱས་པའོ།། ་དེ་ལྀ་སྟེ་ལུས་ལའོ།། སུ་ལ་སྟེ་གང་ལ་ཁྲོ་བར་བྱའོ།། ཇི་ལྟར་ན་སྲད་པའི་མུན་པས་ནོན་པར་འགྱུར་སྙམ་པ་ལ་བྱིས་པ་ཞེས་སྨོས་ཏེ། བྱིས་པ་ནི་རྨོངས་པའོ།། སྡུག་བསྔལ་ནི་ན་ཚའོ།། རྒྱ་ཞེས་པ་ནི་ལུས་པ་ཉིད་དོ།། ་རང་གི་ཉེས་པས་གནོད་ཅེས་པའི་རྣམ་སྨིན་དཔེ་དང་བཅས་པར་བསྟན་པའི་ཕྱིར་དཔེར་ན་ཞེས་སྨོས་ཏེ། འདི་ཞེས་པ་ནི་ད་ལྟར་གྱི་སྡུག་བསྔལ་འདིའོ།། གང་བདག་གིས་བྱས་པའི་ལས་ཀྱིས་བསྐུལ་ནས་སེམས་ཅན་དམྱལ ་བར་བཏང་བས་ན་དེ་དག་བརླག་པ་སྟེ། ཕུང་བར་བྱས་པའོ།། མ་བརླག་གོམ་ཞེས་བྱ་བ་ནི་རང་གི་སེམས་ལ་བོས་ཏེ་གང་མས་པའི་ཚིག་གོ། དེ་ལྟ་ན་གནོད་པ་བྱེད་མཁན་དམྱལ་བར་འགྲོ་བར་རིགས་སོ་སྙམ་པཱ་ལ། ་བདག་ལ་བསམ་པའི་ཞེས་ཏེ། གལ་ཏེ་ཐབས་ལ་མཁས་པ་གང་ཡང་རུང་བ་ཞིག་གིས་བདག་དམྱལ་བར་མ་སོང་ན་དེའི་དེ་དག་ལ་གནོད་པ་བྱས་པར་འགྱུར་བར་ནི་ཅུང་ཟད་ཀྱང་མེད་ཀྱི། བདག་ཉིད་ཀྱི་བསམ་པའི་ཡོན ་ཏན་བདག་ཉིད་བསྲུང་བར་འགྱུར་བ་འབའ་ཞིག་ཏུ་ཟད་དོ།། ལྷན་དུ་གནོད་པ་བྱས་པ་ནི་དེ་དག་ལ་ག་ནོད་པའོ།། སྤྱོད་པ་ནི་གཞན་རྗེས་སུ་བསྐྱོང་བའོ།། ཉམས་པ་ནི་ཞིག་པའོ།། ཞིག་པར་འགྱུར་བ་ནི་དམྱལ་བ་ལ་སོཌ ་པར་འགྲོ་བའོ།། དཀའ་ཐུབ་ཅེས་བྱ་བ་ནི་རྗེས་སུ་བརྩེ་བའི་ཚིག་སྟེ། ཕྱིས་དེ་དག་གདོན་པའི་ཐབས་བསམ་པར་བྱའོ།། ཞེས་དགོངས་རྡོ་པའོ།། གཞན་ཡང་དབྱུག་པ་ལ་སོགས་པ་བསྣུན་པས་ཡིད་ངམ~ཾ་ཡང་ལུས་ལ ་གནོད་གྲང་ན་དེ་ལ་རེ་ཞིག་ཡིད་ལ་ནི་གནོད་པ་མ་ཡིན་ཏེ། ལུས་ཅན་མ་ཡིན་པའི་ཕྱིར་རོ།། དེ་ཉིད་རྟོག་པས་བྱས་པར་རིག་པར་བྱའོ།། ཞེས་བསྟན་པའི་ཕྱིར་ལུས་ལ་ཞེས་སྨོས་ཏེ། ལུས་ལ་མངོན་པར་ཞེན་པའི ་ཕྱིར་ལུས་སྡུག་བསྔལ་བས་ཡིད་ལ་གནོད་པར་འགྱུར་བ་འམ་ཡང་ན་ལུས་སུ་མངོན་པར་ཞེན་པའི་ཕྱིར་ལུས་ཉིད་ཡིན་པས་ན་ལུས་ལ་གཅེས་པས་གནོད་པར་འགྱུར་གྱི་བརྡེག་པར་མི་ནུས་སོ།། ལུས ་བེམས་པོ་ཡིན་པའི་ཕྱིར་བརྙས་པ་ལ་སོགས་པས་གནོད་པར་མི་འགྱུར་རོ།། ཞེས་བསྟན་པའི་ཕྱིར་བརྙས་དང་ཞེས་སྨོས་ཏེ། དེ་ཡིས་ཞེས་པ་ནི་བརྙས་པ་ལ་སོགས་པའི་ཚོགས་འདུས་པ་དེ་ཡིས་ལུས་ལྔ་གནོད་པར་མི ་འགྱུར་བའོ།། ཡང་ན་དེ་དག་ཉིད་རྒྱུ་ཡིན་པས་ན་ཚོགས་སོ།། བརྙས་པ་ལ་སོགས་པ་བྱས་པས་བདག་ལ་མ་དད་པར་འགྱུར་བས་དེ་ལ་ཁྲོ་བའི་རིགས་སོ་སྙམ་པ་ལ། གཞན་དག་ཅེས་སྨོས་ཏེ། མི་དགའ་བ་ནི་མ་དད་པའོ།། ་འདི་ནི་ཞེས་པ་ནི་མ་དད་པའོ།། འ་དིར་ཞེས་པ་ནི་ཚེ་རུའོ།། འདིར་ཞེས་པ་ནི་ཉམས་པོར་འགྱུར་བའོ།། སྡིག་པ་ནི་བརྙས་པ་ལ་སོགས་པ་བྱས་པས་ཁྲོ་བའི་སྡིག་པ་གང་ཡིན་པ་དེ་འབའ་ཞིག་གོ།། བརྟན་པ་ནི་ལོངས་མ་སྤྱད ་བའི་འབྲས་བུ་དེ་ཉམས་པའི་ཕྱིར་རོ།། གནས་པ་ནི་དེ་འབའ་ཞིག་བརྟན་པར་གནས་པའོ།། འདིར་འདི་ཡང་བསམ་པར་བྱའོ་ཞེས་བསྟན་པའི་ཕྱིར། བདག་ཉིད་ཅེས་སྨོས་ཏེ། བླའི་ཞེས་པ་ནི་ཚོད་ཡོད་ཀྱི་ཞེས་བྱ་བའོ།། ལོག ་འཚོ་ཞེས་པ་ནི་འདོད་པ་ཅན་དུ་གྱུར་པའི་ནོར་བཙལ་བའོ།། དེ་བཞིན་དུ་རྨི་ལམ་མོ་ཞེས་བྱ་བ་ལ་སོགས་པ་ལ། བདེ་བ་ཞེས་པ་ནི་རྨི་ལམ་ཉིད་ཀྱིའོ།། དེའི་ཕྱིར་ལོག་འཚེས་ཡུན་རིང་དུ་གནས་ཀྱང་ངན་འགྲོར་སྐྱེ་བ་འབའ་ཞིག ་ལས་གཞན་ནི་ཁྱད་པར་དུ་ཟད་ཀྱང་མེད་དོ།། འདི་ལྟར་རྙེད་པ་མང་པོ་ཞེས་བྱ་བ་ལ་སོགས་པ་ལ། ལག་པ་སྟོང་པ་ཞེས་བྱ་བ་ནི་ནོར་མེད་པའོ།། འགྲོ་ཞེས་པ་ནི་འཇིག་རྟེན་ཕ་རོལ་ཏུའོ།། གལ་ཏེ་རྙེད་པ་དང་ལྡན་ན་བསྟོད་ནམས ་བྱས་ལ་སྡིག་པ་ཟད་པར་བྱའོ།། ཞེས་རྩོད་པ་བསླ་བཱིའི་དོན་དུ་གལ་ཏེ་རྙིད་པས་ཞེས་གསུངས་སོ།། རྙེད་པའི་དྲོན་དུ་ཞེས་པས་ནི་ལྡན་གསུངས་ཏེ། ཁྱོད་རྙེད་པའི་དོན་དུ་ཁྲོས་པར་གྱུར་ན་ཕྱིན་ཅི་ལོག་ཉིད་དུ་ཅིའི་ཕྱིར་མི ་འགྱུར་གྲལ་ཏེ་བསོད་ནམས་ཀྱིས་ཅི་དགོས། རྗེརེ་ཞིག་རྙེད་པས་ནི་ཡུན་རིང་དུ་བྱེད་པར་འིཚེ་བྷྱོ་སྙམ་པ་ལ། གངྒ་གཱ་དོན་དུ་ཞེས་སྨོ་སྲ་ཏེ། གང་གི་དོན་ཏེ་དགེ་བའི་དོན་དུའོ།། སྡིག་པ་ཞེས་བྱ་བ་ནི་མི་དགེ་བའོ།། གལ་ཏེ་གཞན ་ཡ་ང་མི་སྙན་པར་སྒྲོགས་པ་ཡིན་པས་དེ་ལ་ཞེ་སྡང་བྱེད་པའི་ལྷ་ན་གཞན་ལ་མི་སྙན་པར་སྒྲོགས་པ་ལ་ཡང་ཁྱོད་ཅིའི་ཕྱིར་ཁོ་བར་མི་བྱེད། བདག་ལ་མི་སྙན་པར་སྒྲོགས་པ་མི་སྙེན་པ་ཡིན་པོ་བཞིན་དུ་གཞན་ལ་མི་སྙན་པར་སྒྲོགས ་པ་ཡང་མི་སྙན་པ་ཡིན་པས། དེའི་ཕྱིར་དེ་ལ་ཡང་ཁྲོ་བར་རིགས་སོ།། གལ་ཏེ་འདི་སྙམ་དུ་དེ་ལ་བརྟན་པའི་མ་དང་པོ་དང་མི་སྙན་པར་སྨྲས་པ་ལ་སོགས་པ་གཞན་ལ་རག་ལས་པ་ཡིན་པ་དེ་དག་ལ་ནི་བཟོད་པ་ཉིད་དོ། སྣ་མ ་དུ་སེམས་ན་ཉོན་མོངས་པའི་མཚན་ཉིད་གཞན་ལ་རག་ལས་པ་ཡིན་པའི་ཕྱིར་རང་ལ་མི་སྙམ་པར་སྨྲ་བ་ལ་ཡང་ཁྱོད་ཀྱི་བཟོད་པར་རིགས་པ་ཉིད་དེ། བཟོད་པའི་རྒྱུ་མ་དང་པ་གཞན་ལ་རག་ལས་པ་གཉིས་ཀ་ལ་ཡང་མཚུངས ་པའི་ཕྱིར་རོ།། དེ་ལྟ་ན་སྐུ་གཟུགས་ལ་སོགས་པ་ལ་གནོད་པ་བྱེད་པ་རྣམས་ལ་ཁྲོ་བར་རིགས་སོ་སྙམ་པ་ལ། སྐུ་གཟུགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཆོད་རྟེན་ནི་མཆོད་རྟེན ་ཉིད་དོ།། འཁྱལ་པ་ནི་ཚུལ་དང་མི་མཐུན་པ་རྗེས་སུ་བརྗོད་པའོ།། འཇིག་པར་བྱེད་པ་ནི་ཉམས་པར་བྱེད་པའོ།། གཉེན་ནི་འབྲེལ་པའོ།། རྐྱེན་དག་ལས་འགྱུར་པ་ཞེས་པ་ནི་འདི་ལྟ་བུའི་རྐྱེན་ལས་འབྱུང་བའོ།། ཞེས་རྣམ་པར ་དཔྱད་པའོ།། འདི་ལྟར་བསྡམས་ལ་ཡང་སེམས་ཅན་རྣམས་ལ་ཞེ་སྡང་བར་མི་བྱའོ་ཞེས་བསྟན་པའི་ཕྱིར། ལུས་ཅན་རྣམས་ལ་ཞེས་སྨོས་ཏེ། སེམས་ཡོད་པ་ནི་སེམས་ཅན་ནོ།། སེམས་མེད་པ་ནི་དབྱུག་པ་ལ་སོགས ་པའོ།། གནོད་པ་བྱིས་པ་ནི་གནོད་པ་དེ་སྐྱེད་པའོ།། ཙཾ་སྟེ་ཞེས་པ་ནི་གནོད་པར་བྱེད་པ་དེ་དག་གཉིས་ལས་སེམས་ཡོད་ཁོ་ན་བཀཪྵ་སྟེ་མེ་ཁྲོ་ཞིག་ཅེས་བྱ་བའོ།། ད་ནི་དེ་དག་གཉིས་ཀཉྫི་ཉེས་པ་ཐུན་མོང་དུ་སུན་དབྱུང་བའི ་ཕྱིར་ལ་ལ་རྨོངས་པ་ཞེས་སྨོས་ཏེ། རྨོངས་པ་སྟེ་མ་ཤེས་པས་ཉེས་པ་བྱེད་པ་ནི་བདག་ཉིད་སྐྱོན་ཅན་བྱེད་པའོ།། གཞན་ཡང་གང་གིས་ཞེས་བྱ་བ་ལ་སོགས་པ་ལ། དེ་ཞེས་པ་ནི་དེ་ལྟ་བུའི་ལས་དེ་བྱས་པའོ།། དེ་ལྟ་མ་ཡིན ་ན་ལས་བྱས་པའི་འབྲས་བུ་བདག་གིས་བསལ་བར་ག་ལ་ནུས་ཞེས་བྱ་བའོ།། དེ་ལྟར་ཞེ་ས་བྱ་བ་ལ་སོགས་པ་ནི་གོ་སླའོ།། ཇི་ལྟ་བུ་རི་འབད་བར་བྱ་སྙམ་པ་ལ། དཔེར་ན་ཁྱིམ་ཆོག་པ་ཞེས་བྱ་བ་ལ་སོགས་པ་སྨོས ་ཏེ། མཆེད་པ་ཞེས་པ་ནི་ཁྱད་པར་དུ་འགྱུར་བའི་ལས་སུ་བྱེད་པའོ།། དེ་ནི་ཞེས་པ་ནི་རྩ་ལ་སོགས་པའོ།། གང་ལ་སེམས་ཆགས་པ་ནི་ཀུན་ཏུ་ཞེན་པར་གྱུར་པའོ།། མ་མཆེད་པ་ནི་གདུང་བར་བྱེད་པའོ།། བསྟོད་ནམས ་ནི་རང་གི་ལུས་སོ།། ཚིག་པ་ནི་དེ་ཡོངས་སུ་ཉམས་པར་བྱེད་པའོ།། དོར་ཞེས་པ་ནི་ལྔས་སུ་བྱས་པའོ།། གཞན་ཡང་འདི་ལྟ་རྭ་མིའི་སྡུག་བསྔལ་བག་ཙམ་གྱི་དམྱལ་བའི་ལུས་ཀྱི་འབྲས་བུ་བྲལ་བར་བྱེད་པ་འདི་ནི་རྙེད་པ་དམ ་པའོ་ཞེས་བསྟན་པའི་ཕྱིར་བསང་པའི་རིགས་མི་ཞིག་ཅེས་སྨོས་སོ།། ཁོ་བོས་ནི་སྡུག་བསྔལ་བག་ཙམ་ཡང་སྲན་པར་མི་ནུས་སོ་སྙམ་པ་ལ། ང་ལྟའི་སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཙམ་ཞེས ་པ་ནི་ཆུང་ངུ་འདི་ཙམ་མོ།། ཁྲོ་བ་ཙི་སྟེ་ཞེསྟ་བྱ་བ་ནི་དམྱལ་བའི་རྒྱུ་ཁོང་ཁྲོ་བ་ཅི་སྟེ་མྲྀ་བཟློག་ཅེས་པའོ།། འང་ལྟ་བུར་ཞེས་པ་ནི་འབྲས་བུ་མེད་པ་ཉིད་དུའོ།། མྱོང་བར་གྱུར་ཡཽང་ཞེ་སྡེ་པ་ནི་བསྲེག་པ་དང་བཅས་པ་ལ ་སོགས་པའི་རྒྱུས་མནར་བར་གྱུར་པའོ།། འདི་ནི་ཞེས་བྱ་བ་ནི་སྤྱོད་པ་ལ་སོགས་པའོ།། དེ་ཙམ་ཞེས་པ་ནི་དམྱལ་བ་ལ་སོགས་པ་ཙམ་མོ།། དོན་ཆེན་ནི་སངས་རྒྱས་ཉིད་དུའོ།། དེའི་ཕྱིར་སྤྱད་པ་ལ་སོགས་པའི་སྡུག ་བསྔལ་ལ་ད་གའ་བ་ཁོ་ནར་རིགས་སོ།། གཞན་གྱི་ཡོན་ཏན་བརྗོད་པ་ཐོས་པ་ལ་ཕྲག་དོག་གི་དྲི་མ་བཀྲུ་བ་བསྟན་པའི་ཕྱིར། གཞམ་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀྱེ་ཡིང་ཁྱོད་ཀྱིས་ཀྱང་ཡོན་ཏན་ལྷ་རེག ་ཏུ་བསྟོད་ནས་དགའ་བ་ཉམས་སུ་མྱོང་བ་ཅིའི་ཕྱིར་མི་བྱུང་། འདི་ཞེས་པ་ནི་སྐྱེ་བ་འདིའི་བདེ་བ་དང་དགའ་བའོ།། བདེ་བ་འབྱུང་བ་ནི་འདི་ལས་གཞན་གྱི་བདེ་བ་འབྱུང་བའོ།། ཁྭ་ན་མ་ཐོ་བ་མེད ་པ་ནི་ཚེ་འདིར་རོ།། ཡོན་ཏན་དང་ལྡན་པ་ནི་སངས་རྒྱས་ལ་སོགས་པོའོ།། དེ་ཁོ་ནི་ཉིད་ལ་བསྟོད་པས་བད་ག་ལ་བདེ་བ་སྐྱེ་བའོ།། གཞན་གྱི་ཡོན་ཏནི་ལ་ཞེ་སྡང་བས་བདག་བདེ་བ་མི་འདོད་པ་ནི་དགའ་བ་མི་འདོད་པའོ།། ་དེ་ལྟ་ན་དེའི་ཚེ་གླ་རྔན་ལ་སོགས་པ་བྱིན་པས་ཀྱང་དེ་ཁོ་ན་དགའ་བར་འགྱུར་བས་ན། འདིར་དེ་ལས་ཀྱང་ཁྱོད་ལྡོག་པར་འགྱུརར་རོ།། ལས་བྱེད་པ་མེད་པ་ལས་ནི་མཐོང་བ་ཉམས་པར་འགྱུར་རོ།། ལས་བྱེད་པ་ལ་གླུ་རྔན་མ ་བྱིན་པའི་སྡིག་པས་ནི་མྱ་མཐོང་བ་ཡོད་ཉམས་པར་འགྱུར་རོ།། གཞན་ཡང་ཁྱོད་ཀྱི་ཡོན་ཏན་གཞན་གྱིས་བསྒྲེགས་པ་པའི་ཚེ། གཞན་གྱི་ཡོན་ཏན་སྒེག་མཁས་པ་ལ་བདེ་བ་འདོད་པ་བྱེད་དམ་པའོ།། གཞན་གྱི་ཡོན ་ཏཱིན་ནི་དགྲའི་ཡོན་ཏན་ནོ།། གཞན་གྱི་ཡོན་ཏན་ཕུན་སུམ་ཚོགས་པ་ལ་མྱི་བཟོད་པ་བཟློག་པའི་ཕྱིར་སེམས་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། སངས་རྒྱས་ཉིད་དུ་ངམ་བཅས་ཀྱི་ང་ལས་གཞན་གྱི་བངདེ་བ་སྦྱིན་པར ་བྱེད་པ་ཁས་བླངས་པ་མེད་པས་མི་བཟོད་པ་བྱས་ཀྱང་མི་འགལ་ཞེས་གལ་ཏེ་རྒོལ་བ་ལ། བསྙེན་བཀུར་ཞེས་སྨོས་ཏེ། ངན་ངོན་ཙམ་ལ་ཡང་མི་བཟོད་ཅིང་ཁྲོ་བར་བྱེད་ན་དེ་ལ་བྱང་ཆུབ་ཀྱི་སེམས་ལྟ་ག་ལ་སྲིད་ཅེས་པའོ།། ་རྣམ་གྲངས་གཞན་གྱི་སྒོ་ནས་གདམས་པར་བཞེད་ནས་གལ་ཏེ་ཞེས་སྨོས་ཏེ། དེས་ཞེས་པ་ནི་གཞན་གྱིས་སོ།། དེ་ཞེས་པ་ནི་རྫས་སོ།། མད་ཅེས་པ་ནི་ཁྱོད་ཀྱི་མི་ཐོབ་པའོ།། ཅི་བྱ་ཞེས་པ་ནི་བྱིན་པ་འམ་མཱ་བྱིན་ཡང་རུང་གལ་ཅི ་ཆེ་བའོ།། དད་པ་ནི་སྟེར་མཁན་གྱི་ངད་པའོ།། རང་གི་ཡོན་ཏན་ཡང་ངོ་།། ཅིའི་ཕྱིར་འདོར་ཞེས་པ་ནི་འབྲས་བུ་ཅུང་ཟད་ཀྱང་མ་བྱིན་ཅིག་ཅེས་ཅི་ནས་འགེག་པར་བྱེད་ཅེས་པའོ།། གཞོན་གྱི་རྙེད་པ་ལས་བྱུང་བའི་བློར་མི་འདོད་པ་བཀག ་ནས་ང་ནི་མི་འདོད་པ་ལས་བྱུང་བའི་དགའ་བ་དགག་པའི་ཕྱིར། གལ་ཏེ་ངག་ཞིག་ཅེས་སྨོས་ཏེ། ཅི་ཞིག་ཡོད་ཅེས་པ་ནཱི་དེ་ལ་ཅུང་ཟད་ཅིག་ཀྱང་གནོད་པར་མི་འགྱུར་ཞེས་བྱ་བའི་དོན་ཏེ།། གལ་ཏེ། བདག་གིས་བསྔགས་པར་མ ་བྱས་པ་ཉིད་ཀྱིས་དེ་ལ་མི་འདོད་པ་སྐྱེ་བར་འགྱུར་རོ་སྙམ་པོ་ལ། ཁྱོད་ཀྱིས་ཞེས་སྨོས་ཏེ། རྒྱུར་མི་འགྱུར་ཞེས་པ་ནི་སྔོན་གྱི་ལས་མེད་པར་ཞེས་བྱའོ།། ཅི་སྟེ་ཁྱོད་ཀྱི་འདོད་པ་ཁོ་ནས་གཞན་གྱི་སྡུག་བསྔལ་དེའི་རྒྱུར་གྲུབ་པ་དེ་ལྟ་ནའང ་གཞན་གྱི་སྡུག་བསྔལ་དེ་ལ་ཁྱོད་ང་གར་ཅི་ཡོད་དེ། འབྲས་བུ་མེད་པ་ཉིད་ངོ་ཞེས་བྱ་བའི་ངོན་ཏེ། འཚོང་བ་ན་དགོས་པའོ།། དེ་ལས་མ་གཏོགས་པའ་ཕུང་བ་མེད་པ་ནི་འདི་ཉིད་འབྲས་བུ་མེད་པར་ཕུང་བ་ཉིད་ངོ་ཞེས་བྱ་བའོ།། ་ཅིའི་ཕྱིར་ན་འདི་ཕུང་བ་ཡིན་སྙམ་པ་ལ། ཉོན་མོངས་ཞེས་སྨོས་ཏེ། ཉོན་མོངས་པ་ཉིད་མཆིལ་པ་འདེབས་པར་བྱེད་པས་ཉ་པའོ།། མཚལ་པ་དང་འདྲ་བས་ན་མཆིལ་བ་སྟེ། ཉ་གཟུང་བར་བྱ་བའི་དོན་དུ་ཤ་དང་བཅས་པའི་ལྕགས་ཀྱུའོ།། ། ་མི་བཟད་ཅེས་པ་ནི་ཤིན་ཏུ་གཟེ་བའོ།། གང་ཉ་པ་དང་འདྲ་བའི་ཉོན་མོངས་པ་དེ་བསོད་ནམས་ཀྱི་ཆུ་བོ་ནུས་ཉ་དང་འདྲ་བ་ཁྱོད་གཟུང་ནས་ཁ་ཆུང་བ་གསུས་པ་ཆེ་བའི་བུམ་པར་བཅུག་ཅིང་འཚེང ་པར་འགྱུར་བའོ།། བསྟོད་པ་ལ་སོགས་པ་ལ་ཡང་ཁེངས་པར་མི་བྱའོ།། ཞེས་གདམས་པའི་ཕྱིར་བསྟོད་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེས་བུ་རྣམས་ཀྱི་དོན་དུ་གཉེར་བར་འདོད་པའི་རྣམ་པ་ནི་ལྔ་སྟེ། བསོད་ནམས ་དང་། ཚེ་དང་སྟོབས་དང་། ནད་མེད་པཱ་དང་། ལུས་བདེ་བ་རྣམས་སོ།། བསྟོད་པ་ནི་ཡོན་ཏན་བརྗོད་པའོ།། སྟོབས་ནི་ལུས་ལས་བྱུང་བའོ།། ཤོས་གྱུར་ན་མཁས་པར་གྱུར་ནའོ།། དེ་ལ་ཞེས་པ་ནི་རྣམ་པ་ལྔར་བརྗོད་པ་ལའོ།། ་ཅི་སྟེ་ཡིད་ཀྱང་བདེ་བར་བྱ་རཏ་ཡོད་པ་མ་ཡིན་ནམ། དེ་ཇི་ལྟར་ངེས་པར་བཟུང་བར་བྱ་སྙམ་དུ་དོགས་པ་ལ། ཡིད་བདེ་ཞེས་སྨོས་ཏེ། གཞན་ཡང་བསྟོད་པ་ལ་སོགས་པ་ནི་སླུ་བྱེད་ཉིད་དོ་ཞེས་བསྟན་པའི་ཕྱིར། གྲོགས་བའི་ཞེས ་སྨོས་ཏེ། ཚིག་འབྲུ་ནི་བསྟོད་པའི་ཚིག་རྣམས་སོ།། བདེ་བ་ནི་གྲགས་པ་ལ་སོགས་པའི་བདེ་བའོ།། ཡང་བརྟག་པ་གཞིན་གྱི་སྒོ་ནས་འདི་དག་རྣམས་ནི་བྱིས་པའི་ཆོ་སྔ་ཉིད་དུ་བསྟན་པའི་ཕྱིར། བྱེ་མའི་ཁང་བུ་ཞེས་བྱ་བ ་ལ་སོགས་པ་ཚིགས་སུ་བཅིང་བ་ལྔ་གསུངས་ཏེ། ཞེས་གྲགས་པ་ཞེས་བྱ་བ་ནི་རང་མི་འདོད་པའོ།། ད་ནི་ཞེས་པ་ནི་གཞན་གྱིས་དགའ་བའོ།། གྲང་ཞེས་པ་ནི་དགའ་བའི་རྒྱུ་ཡིན་ལ་རིག་ན་ཞེས་པའོ།། བདེ་བ་དེ་གཞན་ཡིན ་ན་བདག་ལ་ཅི་ཡང་མི་ཕན་པ་སྟེ། དེ་ཉིད་ཀྱི་ཡིན་པས་ན་འབྲེལ་པ་མེད་པའི་ཕྱིར་རོ།། དབང་བ་ཞེས་པ་ནི་དེའི་དགའ་བ་དང་བདྲེ་བའོ།། ཅི་སྟེ་བསྟོད་པའི་དང་བ་ལ་བང་བ་ཉིད་འདོད་པ་ལྟ་ན་དེའི་ཚེ། ཐམས་ཅད་ལ་འདོད་པར་རག ་མོང་། སོ་སོར་ངེས་པ་འདིས་ཅི་ཞིག་བྱ། བདག་ལས་གཞན་ལ་དགའ་བ་སྐྱེས་ནས་དེ་ལ་བདེ་བའི་རིགས་ནས་བདག་ཅིས་མི་བདེ། དེའི་ཕྱིར་བདག་བསྟོད་ཅེས་པ་ནི་ཕྱིན་ཅི་ལོག་གིས་བརྟགས་པ་ཉིད་ཀྱི་བདག་གི་བདེ་བའོ།། ་དེ་ལ་གཞན་གང་བདེ་བ་དང་ལྷན་ཅིག་འབྲལ་བ་ཡོད་པ་མ་ཡིན་པའི་ཕྱིར་བྱིངས་པའི་སྤྱོད་པ་ཁོ་ནར་ཟད་དོ།། དེའི་ཕྱིར་ཡང་བདེ་བ་ལ་སོགས་པ་གནོད་པ་བྱེད་པའི་རྒྱུ་ཡིན་ནོ།། ཞེས་བསྟན་པའི་ཕྱིར་བསྟོད་པ་ལ་སོགས་པ ་ཞེས་སྨོས་ཏེ། དགེ་པའི་ཕྱོགས་ཡོངས་སུ་སྐྱོང་བ་ལས་གཡེངས་པ་ནི་གྲྀ་ཡངས་པའོ།། གཞན་གྱི་ཡོན་ཏན་དག་ཡོན་ཏན་མ་ཡིན་པར་སྒྲུབ་པར་བྱེད་པ་ནི་ཕྲག་དོ་ག་གོ། གཞན་གྱི་ཡོན་ཏན་གྱིས་བསགས་པའི་ཕུན་སུམ ་ཚོགས་པ་ལ་ཞེ་སྡང་གི་འཇིགས་པ་ནི་འཇིག་པར་བྱེད་པའོ།། གཞོམ་ཕྱིར་ཞེས་པ་ནི་བཟློག་པར་བྱ་བའི་ཕྱིར་རོ།། ངན་སོང་ནི་དམྱལ་བ་ལ་སོགས་པའོ།། གཞན་ཡང་བདག་ནི་གྲོལ་བ་དོན་དུ་གཉེར་ཞེས་བྱ་བ་ལ ་སོགས་པ་ལ་འཆིང་བ་ནི་འཆིང་བར་བྱེད་པའོ།། སྒོ་འཕར་ཉིད་ནི་འགེགས་པར་བྱེད་པ་ཉིད་དོ།། བསོད་ནམས་ཀྱི་གེགས་བྱེད་པོ་ལ་ཡང་ཞེ་སྡང་སྐྱེ་བ་བཟློག་པར་བྱ་བའི་ཕྱིར་འདི་ནི་བསོད་ནམས་ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། བཟེད་པ་དང་མཚུངས་པ་ནི་མཉམ་པའོ།། དཀའ་ཐུབ་ནི་བསོད་ནམས་སོ།། རང་གི་སྐྱོན་གྱིས་མ་ཤེས་ནས་སོ།། བསོད་ནམས་ཀྱི་རྒྱུ་ནི་དགུའོ།། དེ་ལྟར་ན་ཇི་ལྟར་གྲགས་ཞེས་བསྟན་པའི ་ཕྱིར་གང་ཞིག་ཅེས་སྨོས་ཏེ། དཔེ་བསྟན་ཕྱིར་དུས་སུ་ཕྱིན་པའོ་ཞེས་སྨོས་ཏེ། དུས་སུ་འོངས་པའོ།། དེའི་ཕྱིར་བཟོད་པ་ཉིད་ལ་ནན་ཏན་བྱའོ།། ཞེས་བསྟན་པའི་ཕྱིར་འཇིག་རྟེན་ཟིན་ནོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གནོད་པ་ནི་ཉེས ་པར་བྱེད་པའོ།། ངལ་བས་མ་བསྒྲུབས་པ་ནི་དཀའ་སྤྱད་ཀྱིས་མ་བསྒྲུབས་པའོ།། གཏེར་ཞེས་པ་ནི་མི་ཟད་པའི་མཛོད་དོ།། གཞན་ཡང་འདི་དང་ཞེས་བྱ་བ་ལ་སོགས་པ་ལ་ནི་སྒྲ་དང་ངོ་།། བསྒྲུབས་པ་ནི་བྱིས་པའོ།། བཟོད་པའི ་འབྲས་བུ་ནི་ཆོས་ཁོང་དུ་ཆུད་པའི་མཚན་ཉིད་ངོ་།། འདི་ལ་སྟེ་གཱ་ནོད་པ་བྱེད་མཁན་ལ་ཐོག་མཱ་ཉིད་དུ་བདར་བར་བྱ་བའོ།། འདི་སྙམ་དུ་སྒྲ་འདི་ལ་བཟོད་པ་འདི་གྲུབ་པར་བྱའོ་སྙམ་པའི་བསམ་པ་མེད་པས་མཆོད་པའི་འོས་མ ་ཡོན་ནོ་སྙམ་དུ་རྟོག་པའོ།། གྲུབ་པའི་རྒྱུ་ནི་སངས་རྒྱས་གྲུབ་པའི་རྒྱུའོ།། གལཱ་ཏེ་ཞེས་བྱ་བ་ནི་གལ་ཏེ་གནོད་པོ་བྱས་པའི་བསམ་པ་མེད་པར་གྱུར་ན་དེའི་ཚེ་བཟོད་པ་ཇི་ལྟར་འགྲུབ་ཅེས་པའོ།། སྨན་པ་བཞིན་དུ་ཕན་པ་ལ་བརྩོན་པ ་ནི་ཕྱོགས་པའོ།། གང་གི་ཕྱིར་ཕན་པ་ལ་ཕྱོགས་པ་ལས་བཟོད་པ་མེད་པ་དེའི་ཕྱིར་དགྲོ་བོའི་གནོད་པ་བསམ་པོ་ལ་བརྟེན་ན་བཟོད་པ་འགྲུབ་པ་ཡིན་པས་ན་དགྲ་པོ་དེ་མཆོད་པར་འོས་པའོ།། དེའི་ཕྱིར་སེམས་ཅན་ལ་ཡང་བསོད ་ནརྣམས་ཀྱི་སྒྲས་བརྗོད་དེ། དེ་བསོད་ནམས་ཀྱི་ཚོགས་ཀྱི་རྒྱུ་ཡིན་པའི་ཕྱིར་རོ།། ཕུན་སུམ་ཚོགས་པའི་ཕ་རོལ་ན་སངས་རྒྱས་ཉིད་དོ།། གཞན་ཡང་སེམས་ཅན་རྣམས་དང་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ཀྱི་ཆོས་ནི ་མི་འཇིགས་པ་ལ་སོགས་པའོ།། སྒྲུབ་པ་ནི་དེ་སྒྲུབ་བར་བྱེད་པའོ།། ཚུལ་ནི་རིམ་པའོ།། ཅི་སྟེ་བསམ་པའི་ཡོན་ཏན་གྱིས་བཅོམ་ལྡན་འདས་ཆེ་བ་མ་ཡིན་མ་ཞེས་ངོགས་པ་ལ། བསམ་པའི་ཞེས་སྨོས་ཏེ། 8 ་ལས་ཞེས་པ་ནི་རང་ཡོད་པ་ཙམ་ལས་སོ།། དེས་ཞེས་པོ་ནི་འབྲས་བུ་སྟེ། སངས་རྒྱས་ཀྱི་ཆོས་བསྒྲུབ་པར་མཚུངས་པའི་རྒྱུ་དེས་ན་སེམས་ཅན་དེ་དག་རྒྱལ་བ་དང་མཉམ་པ་ཉིད་ཡིན་ནོ།། འདྲིའི་ཕྱིར་ཡང་སེམས ་ཅན་དང་སངས་རྒྱས་དག་ཆེ་བ་མཉམ་པའོ།། ཞེས་བསྟན་པའི་ཕྱིར་བྱམས་སེམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཅན་མེད་པར་བྱམས་པ་གང་ལ་སྲིད། དེའི་ཕྱིར་མཆོད་པ་བྱ་བར་རིགས་པ་ཉིད་དོ།། དེའི ་ཕྱིར་སངས་རྒྱས་ཀྱི་ཆོས་ཐོབ་པར་བྱེད་པའི་ཆ་ནས་སེམས་ཅན་དང་རྒྱལ་བ་མཉམ་པ་ཉིད་དོ།། ཡོན་ཏན་རྒྱ་མཚོ་ནི་སྟོབས་ལ་སོགས་པའོ།། ཡོན་ཏན་གྱི་ཕུང་པོ་དེ་དག་མཚོན་པའོ།། མཐའ་ཡས་པ་ནི་མུ་མེད་པའོ།། ་དེ་ལྟར་རྒྱུ་དེའི་སྒོ་ནས་དགའ་སྟེ་སེམས་ཅན་རྣམས་དང་མི་མཉམ་མོ།། ཡོན་ཏན་གྱི་ཆེ་བ་ཉིད་བསྟན་པའི་ཕྱིར་ཡོན་ཏན་ཞེས་སྨོས་ཏེ། གང་སངས་རྒྱས་རྣམས་ཀྱི་ཡོན་ཏན་གྱི་མཆོག་གི་ཚོགས་ཕུང་པོ་གཅིག། ཏུ་བྱས་པའོ། ་ཤས་ཙམ་ནི་ཕྱོགས་གཅིག་གོ། འགའ་ཞིག་ལ་སྟེ། སེམས་ཅན་འགའ་ཞིག་ལའོ།། དེ་ལ་ཞེས་པ་ནི་ཡོན་ཏན་ཕྲ་མོའི་གཞིར་གྱུར་པའི་སེམས་ཅན་ལའོ།། ཁམས་གསུམ་སྟེ། ཁམས་གསུམ ་དུ་སྐྱེས་པའི་རིན་པོ་ཆེ་ལ་སོགས་པ་རྣམས་ཕུལ་ཡང་ཆུངས་པའོ།། ཇི་ལྟར་ན་སེམས་ཅན་རྣམས་བསྟེན་པས་ན་སངས་རྒྱས་རྣམས་ལ་མཆོད་པ་བྱས་པ་ཡིན་སྙ་མ་པ་ལ། སངས་རྒྱས་ཞེས་སྨོས་ཏེ། འདི་ཙམ་ཆ་ཞེས་པ་ནི ་ས་ངས་རྒྱས་ཀྱི་ཆོས་སྒྲུབ་པའི་ཆའོ།། ཆ་བསྟན་ནས་ཏེ། དེ་འདྲ་བར་བྱས་ནས་སོ།། ངེས་ན་སངས་རྒྱས་ལ་མཆོད་པ་བྱས་པར་འགྱུར་རོ།། ཡང་ན་རྒྱལ་བ་ལ་ནི་གུས་བྱ་དེ་བཞིན་དུ་སེམས་ཅན་ལ་མིན་ཞེས་པས་སེམས་ཅན ་ལ་མཆོད་པོ་བྱ་བར་བརྗོད་པ་འདི་དག་ཙམ་དང་ཆ་བསྟན་ནས་མཆོད་པ་བྱ་བ་རིགས་པར་འགྱུར་རོ།། གཞན་ཡང་ཞེས་བྱ་བ་ལ་སོགས་པ་ལ་གཡོ་ནི་བསླ་བའོ།། གང་དག་སེམས་ཅན་དཔག་ཏུ་མེད་པ་ལ་ཕན་པར་མཛད་པ་རྣམས ་སོ།། ལན་ལྗོན་ཞེས་པ་ནི་བྱས་པ་ལ་དྲིན་ལན་ལྗོན་པའོ།། དེ་ལྔ་སྟེ་སེམས་ཅན་རྣམས་ལའོ།། ཕན་པ་ནི་ཟད་པར་བྱེད་པའི་དོན་རྣམས་སོ།། ལན་ནི་སླར་གྱི་ལན་ནོ།། ལྗོན་པར་འགྱུར་བ་ནི་ཕྱིར་ཕན་པར་བྱེད་པའོ།། ་ཐམས་ཅད་བཟེང་དགུ་ནི་དགེ་བ་རྣམ་པ་སྣ་ཚོགས་སུ།། རྫར་གྱུར་ནི་སངས་རྒྱས་ལ་སོགས་པའོ།། གང་གི་ཕྱིར་ཏེ་སེམས་ཅན་གྱི་ཕྱིར་རོ།། དེ་ལ་སྟེ། རྗེར་གྱུར་པའི་སངས་རྒྱས་ཀྱི་སྲས་པོ་དེ་རྣམས་ལའོ།། ང་རྒྱལ་ཇི་ལྟར་བྱ་སྟེ། ་བྲན་དུ་བྱ་བའོ།། གང་དག་སྟེ་སེམས་ཅན་རྣམས་སོ།། དགྱེས་པ་ནི་མཉེས་པའོ།། སེམས་ཅན་ཐམས་ཅད་ལའོ།། མི་དགྱེས་པ་ནི་སྐྱོ་བར་འགྱུར་བའོ།། དེ་དག་སྟེ་སེམས་ཅན་དེ་དག་དགའ་བས་སོ།། དེ་ལ་སྟེ་སེམས་ཅན་རྣམས ་ལའོ།། གནོད་པ་ནི་རྣམ་པར་གཙེས་པའོ།། རབ་ཏུ་སྐྱོ་བ་ཉིད་དཔེ་དང་བཅས་ཏེ་བསྟན་པའི་ཕྱིར། ཇི་ལྟར་ལུས་ལ་ཞེས་སྨོས་ཏེ། མི་རབ་ཏུ་འབར་བས་སུ་ཕྱོགས་ཀུན་མ་ལུས་པ་བསྲེགས་པར་འགྱུར་བའོ།། གནོད་པ་ནི་གནོད ་པར་འགྱུར་བ་སྟེ། སྨད་པ་ལ་སོགས་པ་སྡུ་གནོད་པར་འགྱུར་བའོ།། བྱས་པ་ཞེས་ནི་བསྐྱེད་པའོ།། མི་དགྱེས་པ་ནི་ཐུག་སྐྱེ་བར་འགྱུར་བའོ།། བཟོད་པར་གསོལ་བ་ནི་གང་སེམས་ཅན་རྣམས་ལ་གནོད་པར་འགྱུར་བས ་གནོད་པར་བྱིས་པ་རྣམས་སོ།། བྲན་ནི་བྲན་གྱི་དངོས་པོར་རོ།། མཆི་ཞེས་པ་ནི་བགྱིའོ་ཞེས་པའོ།། འགྲོ་བ་ནི་འཇིག་རྟེན་པའིའོ།། བདག་གིས་ཞེས་པ་ནི་ཚིག་གི་ལྷག་མའོ།། གཞན་ཡང་སེམས་ཅན་རྣམས་ལ ་མི་གུས་པར་མྀ་བྱའོ་ཞེས་བསྟན་པའི་ཕྱིར། ཐུགས་རྗེའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་དང་གཞན་དུ་མཉམ་པ་ལ་སོགས་པས་འགྲོ་བ་རྣམས་བདག་ཏུ་མཛད་པས་ན་སངས་རྒྱས་ཉིད་སེམས་ཅན་གྱི་གཟུགས་སུ་སྣང ་བ་ཡིན་ན་གང་གི་ཕྱིར་གུས་པར་མི་བྱེད་པ་འདི་ཉིད་དོ།། སེམས་ཅན་རྗེས་སུ་བསྟེན་པའོ།། མཉེས་པར་བྱེད་འདས་པར་བྱེད་པའོ།། རང་དོན་ནི་སངས་རྒྱས་སོ།། སྡུག་བསྔལ་ནི་ཉོན་མོངས་པའོ།། རྟག་ཏུ་ནི་ངེས་པར་རོ།། ། ་མ་འོངས་པས་འཇིགས་པའི་སྒོ་ནས་ཀྱང་གཞན་ལ་གནོད་པར་བྱེད་པ་ལ་རྒྱབ་ཀྱི་ཕྱོགས་པར་བྱའོ་ཞེས་བསྟན་པའི་ཕྱིར་དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གནོད་པར་བྱེད་པ་ནི་འཚེ་བར་བྱང ་པའོ།། མིག་རྒྱང་རིང་བ་ནི་མ་འོངས་པའི་དུས་ལ་བལྟ་བའོ།། ནུས་ཀྱང་སྟེ་སྟོབས་ཀྱིས་ཐུབ་ཀྱང་ངོ་།། ཕྱིར་གནོད་མི་བྱད་པ་ནི་ཚིག་ཙམ་གྱིས་ཀྱང་མི་དགའ་བའི་ཚུལ་སྟོན་པར་མི་ནུས་པའོ།། ཉམ་ཆུང་པོ་ནི་ནུས་པ་དང་བྲལ་བའོ།། ། ་ཁྱད་དུ་མི་གསོད་པ་ནི་རྔན་ཆེན་མི་བྱ་བའོ།། ཐུགས་རྗེ་དང་ལྡན་པ་ནི་སངས་རྒྱས་ལ་སོགས་པའོ།། རྒྱལ་པོ་གཏུམ་པོ་ལ་སོགས་པས་ལྷག་པར་ཆད་པའི་ལས་དང་རྗེས་སུ་གནང་བ་ཐོབ་པ་བསྟན་པའི་ཕྱིར་ཇི་ལྟར་དམངས་ཀྱིསྡེ་ཞེས ་བྱ་བ་ལ་སོགས་པ་སྨོས་སོ།། སེམས་ཅན་མཉེས་པར་བྱས་པའི་འབྲས་བུ་བསྟན་པའི་ཕྱིར་སེམས་ཅན་མགུ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཅན་མཉེས་པར་བྱ་བ་འདི་དག་འབྱུང་བའི་གནས་སོ།། དཔལ་ཆེ་བ་ནི་ཕུན ་སུམ་ཚོགས་པའོ།། སྐྱིང་པ་ནི་སེམས་སྲིད་པའོ།། འཁོར་ཚེ་ཞེས་བྱ་བས་ནི་སྐྱེ་བོ་གཞན་དང་གཞན་དུ་ཡང་དཔལ་ལྀ་སོགས་པ་ཐོབ་པར་འགྱུར་བའོ།། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་ལེའུ་དྲུག་པའི ་དཀའ་འགྲེལ་ལོ།། །། དེ་ལྟར་བཟོད་པ་བསྟན་ནས། བརྩོན་འགྲུས་བསྟན་པའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལ་བཟོད་པ་ཡོད་པས་ན་བཟོད་པ་ཞེས་བྱའོ།། བརྩོན ་འགྲུས་ཀྱི་མི་མཐུན་པའི་ཕྱོགས་བསྟན་པའི་ཕྱིར། ལེ་ལེ་ཞེས་སྨོས་ཏེ། ལེ་ལོ་ནཱི་ཕྱི་ཤོལ་ལོ།། དུན་ལ་ཞེན་པ་ནི་རྒོད་པ་ལ་སོགས་པ་ལ་ཞེན་པའོ།། སྒྱིད་ལུག་པ་ནཱི་ཡི་སད་པའོ།། བསྡུས་པ་ནི་དེ་དག་རྣམས་ཀྱིས་བདག་ཉིད་བརྙས ་བྱའོ།། ལེ་ལོའི་རྒྱུ་བསྟོན་པའི་ཕྱིར་མི་རྩོལྀ་བཱ་དང་ཞེས་སྨོས་ཏེ། མི་རྩོལ་བ་ཉིད་བདེ་བ་སྟེ། དྲའ་རོ་ཉམས་སུ་མྱེད་པའོ།། དེ་ལ་ནི་གཉིད་དང་བློ་རྟེན་ལ་སྲེད་པ་ནི་བརྙེས་པའོ།། ལ་ལོ་གཏོང་བའི་ཐབས་བསྟན་པ་འི་ཕྱིར། ་ཉོན་མོངས་པ་ཞེས་སྨོས་ཏེ། ཉོན་མོངས་པ་ཉིད་རྒྱ་སྟེ་ཉེ་པ་ལ་སོགས་པའོ།། རྒྱ་ནི་འདྲའོ།། དེས་གཤོར་སྟེ་མི་བཟུང་ནས་མི་གཏོང་ངོ་།། སྐྱེ་བ་ཉིད་སྐྱོ་བའི་རྒྱའོ།། རང་སྡེ་ནི་རང་དང་རིགས་མཐུན་པའི་སྲིད་པ་རྣམས་སོ།། རང ་གི་སྡེ་ཚན་དེ་རྣམས་རིམ་གྱིས་བསད་ཅིང་ཁ་བཏགས་ན་ཡང་ཁྱོད་ཀྱིས་མཐོང་བར་གྱུར་ཏམ། གང་དུ་ཅི་ཞིག་ལྟ་ཞིང་བསྡད་ཅེས་བྱ་བའོ།། གདོ་ལྔ་པས་ཁྲིད་པའི་མ་ཧེ་བཞིན། རང་གི་སྡེ་ཚན་གསོང་པ་མཐོང་བ་བཞིན་དུ་ཡང ་གཉིད་ལོག་པར་བྱེད་དམ་ཞེས་པའོ།། དགའ་བ་ནཱི་ཞེན་པའོ།། འཆི་བདག་ཉེ་བར་གྱུར་པས་ལ་ལོ་སྤང་བར་བྱའོ་ཞེས་སྨོས་ཏེ། གང་གི་ཚེ་གང་ཞིག་ཚུགས་སུ་བཅུག་པ་ནི་ནད་ལ་སོགས་པའི་མཚན་ཉིད་དོ།། ཆས་པ་ནི་བསྔོཊ ་སུ་བཅུག་པའོ།། དུས་མ་ཡིན་པའི་དེ་ཉིད་བསྟན་པའི་ཕྱིར། འདི་ནི་མ་བྱས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུངས་ཏེ། མ་བྱས་པ་ནི་མ་བརྩམས་པའོ།། ཀྱེ་ཧུད་ཅེས་པ་ནི་ཨེ་མའོ།། དེ་རིང་འདིར་བཅོས ་པར་གྱུར་ཏོ་ནས་སེམས་ཏེ། ཙེ་ཞིག་བྱ་ཞེས་འོག་ནས་འབྱུང་བ་དང་འབྲེ་པཱ་ཏོ།། མྱ་ངན་ནཱི་འབྲལ་བར་འགྱུར་བའི་སེམས་ཁྲུལ་ལོ།། ཤུགས་ནི་དེ་རྒྱུན་འཇུག་པའོ།། སྦྱངས་པ་ནི་ས་སྤ། ་པའོ།། དེའི་མིག་དམར་པོར་གྱུར་ནས་མཆི་མ་འཛག་པ་ནི་འབབ་པའོ།། དེ་ལྟ་བུར་གྱུར་པའི་གདོང་པ་ནི་གདོང་ངོ་།། ཉེ་དུ་སྟེ་གཉེན་འབྲེལ་རྣམས་ཀྱི་གདོང་དུ་ཡང་བལྟའོ།། དེ་དྲི་ནས་ལུས་ཀྱི་སྟོབས་ཀྱིས་སྣང་བའི ་གཤིན་རྗེའི་ཕོ་ཉའི་བཞིན་ལ་ཡང་བལྟ་བར་བྱེད་དོ།། གདུང་བ་ནི་ཕྱིས་འགྱོད་པས་ཟིན་པའོ།། སྐྲག་པས་མི་གཙང་བ་སྟེ། བཤང་བས་ལུས་ལ་གོས་པར་འགྱུར་བའོ།། དེའི་ཕྱིར་ཚེ་འདི་ཉིད་ལ་འཇིགས་པ་དང་ལྡན ་པར་འགྱུར་རོ།། དམྱལ་བའི་ལས་བྱུང་བའི་འཇིགས་པ་ནི་དམྱལ་བའོ།། དེ་དག་གི་སྡུག་བསྔལ་ནི་མི་བཟད་པའོ།། སྨོས་ཅི་དགོས་ཞེས་བྱ་བ་ནི་ལྟ་ཅི་སྨོས་ཞེས་བྱ་བའོ།། རབ་ཏུ་ཚ་བ་ཞེས་པ་ནི་སྲེགས་པས་སོ།། བདེ་བར ་གནས་ཞེས་པ་ནི་ཇི་ལྟར་ཁྱོད་སྐྱི་བྱེང་དུ་རེ་ནས་སྡོད་ཅེས་བྱའོ།། ལྟ་བུར་ཞེས་དཱི་པ་ནི་ལྷ་འཆི་བ་རྣམས་དང་འདྲ་བ.རརི་ནྡོ།། སྙིང་རྗེའི་རིང་བཞིན་དེ་ལི་སྐྱོ་བ་སྐྱེས་ནས་ཀྱི་ཧུད་སྡུག་བསྔལ་དག་གིས་བཅོམ་ཞེས་སྨོས་ཏེ། ་ཀུན་ཏུ་རྨོངས་པ་མང་པོའི་དབང་དུ་སོང་བས་ན་དཀའ་བར་གྱུར་ཏོ།། ཞེས་བྱ་བའོ།། གཉིད་སྔགས་པོ་རྣམས་དབང་དུ་བྱ་བ་ནི་མིའི་གྲུ་ཞེས་བྱ་བ་ལ་སོགས་པ་སྨོ་ས་སོ།། ངན་པ་ལ་ཞེན་པ་བཟློག་པར་བྱ་བའི་ཕྱིར་དགའ ་བཱའི་རྒྱུན་ཞེས་སྨོས་ཏེ། དགའ་བ་ནི་ཞེན་པའོ།། རྒྱུ་ནི་བདེ་བའི་རྒྱུན་ནོ།། མཐའ་ཡས་པ་ནི་རྩི་ཡིས་མི་ལང་བའོ།། རྒོད་པ་ནི་ལུས་དང་སེམས་མ་ནོན་པའོ།། སྒྱིང་ལུག་པའི་དབང་དུ་གྱུར་པ་རྣམས་དགག་པར་བསྟན་པའི་ཕྱིར། ་སྙི་མ་ལུག་པ་དང་ཞེས་སྨོས་ཏེ། སྒྱིད་མ་ལུག་པ་དང་སྟོབས་ཀྱི་ཚོགས་དང་འབད་པ་སྟེ། འབང་རྩོལ་དང་བདག་ཉིད་དབང་དུ་འགྱུར་ཏེ། བདག་ཉིད་དབང་དུ་བྱས་པ་འམ་ཡེང་ན་གསུམ་དང་ལྡན་པས་བདག་ཉིད་དབང ་དུ་གྱུར་པ་དང་བདག་དང་གཞོན་དུ་མཉམ་པ་དང་། བདག་དང་གཞན་དུ་བརྗེ་བ་རྣམས་ནི་གཉེན་པོའི་ཕྱོགས་སོ།། དེ་ལ་སྒྱིང་མ་ལུག་རྣ་པར་བསྟན་པའི་ཕྱིར། བདག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་ལྟ་བུས ་བྱང་ཆུབ་ཐོབ་པར་ག་ལ་ནུས་ཞེས་ཚུལ་དེ་ལྟར་ཡི་བསད་པར་མི་བྱ་སྟེ། གང་གི་ཕྱིར་དེ་བཞིན་གཤེགས་པ་ཉིད་ཀྱིས་གསུངས་པ་དེའི་ཕྱིར་ཡི་བསད་པར་མི་བྱའོ།། ཞེས་བྱ་བར་འབྲེལ་ཏོ།། ཇི་སྐད་གསུངས་སྙམ་པ་ལ ་སྦྲང་བུ་ཞེས་སྨོས་ཏེ། དེས་ཀྱང་བླརྩོན་པ་བསྐྱེད་ནས་འཐོབ་པར་རོ།། རིགས་ཀྱི་མིརྱ་སྐྱེས་ཤེས་བྱ་བ་ནི་བདག་གིས་རིགས་མྱིར་སྐྱེ་བ་ཐོབ་པར་གྱུར་པའོ།། བྱང་ཆུབ་སྦྱོང་བ་ནི་བྱང་ཆུབ་སེམས་སོ།། ཅིས་མི་ཐོབ་ཅེས ་བྱ་བ་ནི་ཅིས་ཀྱང་འཐོབ་པའོ།། ལྕི་བ་ནི་ཆེན་པོ་ཉིད་དོ།། ཡང་བ་ནི་དཀའ་སླ་ཆུང་བའོ།། མ་དཔྱད་པ་ནི་དཔྱོད་མ་བཟོད་པས་སོ།། རྨོངས་པ་ནི་མི་ཤེས་པའོ།། ལྕེ་བ་ལ་མི་རྨོངས་པ་ཉིད་བསྟན་པའི་ཕྱིར། བསྐལ ་པ་ཞེས་སྨོས་སོ།། ཡང་བ་ལ་མ་རྨོངས་པ་ཉིད་བསྟན་པའི་ཕྱིར་བདག་གིས་ཞེས་པ་སྨོས་ཏེ། འདི་ནི་ཞེས་པ་ལག་པ་ལ་སོགས་པ་སྦྱིན་པའོ།། ཆོད་ཡོད་ཅེས་པ་ནི་དཀའ་སླ་མེད་པའོ།། གནོད ་གསལ་ཕྱིར་ཞེས་པ་ནི་བཏོན་ནས་བཏང་བ་སྟེ་བསལ་བར་བྱ་བའི་ཕྱིར་རོ།། སྡུག་བསྔལ་ནི་རང་དང་གཞན་གྱི་རྒྱུད་ལ་སྐྱེས་པའི་སྡུག་བསྔལ་ལོ།། མི་པདྨ་ཆུང་བཟོད་ཅེས་པ་ནི་ལག་པ་ལ་སོགས་པ་སྦྱིན་པའོ།། ལས་དང་པོ ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་དཀའ་བ་སྤྱོད་པ་མ་གནང་ངོ་།། ཞེས་བསྟན་པའི་ཕྱིར། གསོ་སྤྱང་ཅེས་སྨོས་ཏེ། ལག་པ་ལ་སོགས་པ་སྦྱིན་པའི་མཚན་ཉིད་དོ།། སྨན་པའི་མཆོག་ནི་ཐམས་ཅད་མཁྱེན་པའོ།། ་མ་མཛོད་པ་ནི་རྗེས་སུ་མ་གནང་བའོ།། འཇམ་པས་ཏེ་བྱམས་པས་སོ།། ནད་ཆེན་དཔ་ག་མེང་ནི་འདོད་ཆགས་ལ་སོགས་པའི་ནད་ཀྱིས་ཐེབས་པའོ།། གསོ་བར་མཛད་པ་ནི་ནད་གྲོལ་བར་མཛད་པའོ།། སྤྱོད་པ་འཇམ ་པོ་དེ་ཉིད་བསྟན་པའི་ཕྱིར། ཚོད་མ་ལ་སོགས་ཞེས་པ་ནི་དང་པོའོ།། རང་གི་ཤ་སྦྱིན་པའི་སྤྱོད་པ་བརླིང་པོ་སུས་བྱེད་པར་ནུས་སྙམ་པ་ལ། གང་ཚེ་ཞེས་སྨོས་ཏེ། བློ་ནི་འདུ་ཤེས་སོ།། སེམས་ཅན་གཅིག་གི་ཆུད་དུ ་ཡུནི་རིང་པོར་འཁོར་བར་སྡུག་བསྔལ་ཉམས་སུ་ལེན་པ་ཇི་ལྟར་ན་དགའ་བ་སྤྱོད་པར་མི་བྱ་སྙམ་པ་ལ། སྡིག་པོ་ཞེས་སྨོས་ཏེ། མཁས་པའི་ཕྱིར་ནི་ཞེས་པ་ནི་ལོག་པར་རྟོག་པ་དང་བྲལ་བའི་ཕྱིར་རོ།། གང་གི་ཕྱིར་འདི ་ལྟར་ལྡོག་པར་རྟོག་པ་དང་སྡིག་པ་གཉིས་ཀྱིས་སེམས་དང་ལུས་ལ་གནོད་པར་འགྱུར་བ་སྟེ། འདི་ཉིད་བསྟན་པའི་ཕྱིར་བསོད་ནམས་ཞེས་སྨོས་པ་ལ། བདེ་བ་སྐྱེས་པས་ན་བདེ་བའོ།། འདོད་པ་མྱུར་དུ་སྒྲུབ་པའི་མཆོག་ནི་ཉན ་ཐོས་ཀྱི་ཐེག་པ་ལ་བསྟེན་ཏོ་སྙམ་པ་ལ་འདི་ནི་ཞེས་སྨོས་ཏེ། སྔོན་གྱི་སྡིག་པ་རྣམས་མ་ལུས་པར་ཟད་པར་བྱེད་པའོ།། རྒྱ་མཚོ་ཞེས་པ་ནི་ཆོ་ག་རཱིས་སོ།། བསྐྱོད་ནམས་ཀྱི་བདེ་བ་ནས་བདྲེ་བར་འགྲོ་བ་ཐོབ ་པར་འགྱུར་བའོ།། སྟོབས་ཀྱིས་ཞེས་པས་སྔར་བརྗོད་པའི་མྱི་མཐུན་པའི་ཕྱོག་སྡེ་ལས་རྒྱལ་བར་བྱེད་པས་ན་སྟོབས་སོ།། དེ་ཉིད་གཞི་འདུས་བྱའི་རང་བཞིན་ཡིན་པའི་ཚོགས་སོ།། དེ་བསྟན་པར་བྱ་བའི་ཕྱིར། ས་སྨྲས ་ཅན་དོན་ཞེས་སྨོས་ཏེ། འགྲུབ་བྱ་ན?་སྟེ། འགྲུབ་པར་བྱ་བའི་དོན་ཏོ།། མོས་པ་ནི་དགེ་བ་ལོ་སྤྲོ་བའོ།། བརྟན་པ་ནི་བརྩམས་པ་མཐར་ཕྱིན་པའོ།། དགའ་བ་ནཱི་དམ་པའི་ལྔས་ལ་ཞེན་པའོ།། དོར་བ་ནི་ན་མཽ་མི་ནུས་བྱའི ་སྐབས་སུ་གཏོང་ཞིང་གློད་པའོ།། དེ་ལ་མོས་པའི་སྐྱེ་བོའི་རྒྱུ་བསྟན་པའི་ཕྱིར། མོས་པ་ཞེ་ས་སྨོས་ཏེ། སྡུག་བསྔལ་ནི་དམྱལ་བ་ལྔ་སོགས་པའོ།། དགེ་བའི་ཕན་ཡོན་ནི་བདེ་གཤེགས་སུ་སྐྱེ་བ་ལ་སོགས་པའོ།། ་བསམ་པ་ཞེས་པ་ནི་ཡིད་ནས་ཡང་དུ་བསམ་པས་སོ།། དེ་ལྟར་ཞེས་པ་ནི་བསྟན་པ་ལ་སོགས་པ་སྟེ། མོས་པའི་རབ་ཏུ་དབྱེ་བ་ཡིན་པའི་ཕྱིར་རོ།། མོས་པ་ལ་སོགས་པའི་མི་མཐུན་པའི་ཕྱི་གས་ནི་ལེ་ལོ་ལ་སོགས ་པའོ།། སྤངས་པ་ནི་དྲུངས་ཕྱུང་བའོ།། གང་ཞེ་ན། གང་དག་སྡུག་བསྔལ་གྱིས་འཇིགས་ཤིང་འབྲས་བུ་ལ་མོས་པ་ལ་སོགས་པ་རྣམས་ཀྱིས་སོ།། ང་རྒྱལ་ནི་སྔར་བརྗོད་པའི་བསྟན་པ་ཉིད་དོ།། ་དེ་བཞིན་གཏོང་བ་ནི་དོར་བའོ།། འབད་པ་སྟི་འབ་རྩོལ་ལོ།། དབང་བསྒྱུར་བ་ནི་བདག་ཉིད་དབང་བསྒྱུར་བའོ།། འབད་པ་དང་དབང་དུ་གྱུར་པ་བདག་གི་སར་ཕྱེ་སྟེ། བསྟན་ཀྱང་མོས་པ་ལ་སོགས་པ་ཡིན་པའི་ཕྱིར་སྟོབས་ཉིང ་དོ།། དེ་དག་རྣམས་ནི་སྟོབས་ཉིད་དེ། ནུས་པའི་རང་བཞིན་ཡིན་པ་པོའི་ཕྱིར་དེ་དག་གིས་དྲུང་ས་འབྱིན་པའོ།། འབད་པ་ཞེས་བྱ་བ་ནི་བརྩོན་འགྲུས་སོ།། སྔར་བསྟན་པའི་མོས་པ་བསྐྱེད་པ་ཉིང་རྒྱས་བྱོར་བསྟན་པའི ་ཕྱིར། བདག་དང་གཞན་ཞེས་སྨོས་ཏེ། བསྐལ་པ་རྒྱ་མཚོ་ནི་བསྐལ་པ་དུ་མིའི་ཚུགས་སོ།། བརྩོན་པ་ནི་འཇུག་པའོ།། ཅུང་ཟོང་ཙམ་ཞེས་པའི་བརྩོན་པའི་ཆ་བིག་ཞང་ཙམ་མོ།། སྙིང་ནི་བྲང་གིའོ།། ལྀ་བྷས ་ཀྱང་ཞེས་པ་ནི་གོམས་པར་བྱས་ཀྱང་ངོ་།། རྨད་དུ་བྱུང་བ་ནི་རྙེད་པར་དཀའ་བའི་ཕྱིར། ཇི་ལྟར་དོན་མེད་པར་བྱས་སྙམ་པ་ལ་བདག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཅོམ་ལྡན་འདས་ཉིད་མཆོད་པ་ཉིད ་དགའ་སྟོན་ཆེན་པོ་སྟེ། དེས་བོདེ་བའོ་བསྟན་པའི་བྱི་བོ་ནི་ལྷ་ཁང་ལ་སོགས་པ་སྦྱིན་པའོ།། ཉི་མ་ཐག་ཅེས་པོ་ནི་མནར་བའོ།། འངདི་འདྲ་ཞེས་པོ་ནི་དབུལ་བ་ལ་སོགས་པའི་མཚན་ཉིད་དོ།། རྩ་བ་ཞེས་པ་ནི་གཅི ་ཐོའོ།། དེའི་ཡང་ཞེས་པ་ནི་མོས་པ་མང་བའི་ཡང་ངོ་།། ལུང་དུ་བསྟན་པའི་ལུས་དགེ་བ་དང་མི་དགེ་བའི་ལས་སྐྱེས་ཤིང་རང་ཉིང་ལུང་དུ་མ་བསྟན་པའི་རང་བཞིན་ཅན་གྱི་སེམས་ཅན་ཞེས་བྱ་བ་འདོད་པ་དང་མི་འདོད་པའི ་མཚན་ཉིད་ཀྱི་རྣམ་པར་སྨིན་པའི་འབྲས་བུ་སྟེ། རིགས་མི་མཐུན་པཱ་ལ་ལོང་སྤྱོད་པ་དེ་ཡང་ནས་ཡང་དུ་དྲན་པར་བྱེད་པ་ནི་བསྒོམས་པ་ཞེས་བྱའོ།། མི་དགེ་བའི་འབྲས་བུ་བསྟན་པའི་ཕྱིར་སྡུག་བསྔལ་ཞེས ་བྱ་བ་ལ་སོགསྨྲ་པ་སྨོས་སོ།། དག་པའི་འབྲས་བུ་བསྟུན་པའི་ཕྱིར་ཡིད་ལ་ཞེ་ས་སྨོས་ཏེ། ཡིད་ནི་འཇུག་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་ཤིང་རྟ་དང་འདྲ་བས་ན་ཤིང་རྟའོ།། འབྲས་བུ་མཆོད་རྫ་ས་དང་འདྲ་བས ་ནོ་མཆོད་རྫས་ཀྱིས་མཆོད་པར་འགྱུར་རོ།། ཡང་མི་དགེ་བའི་འབྲས་བུ་བསྟན་བྱིཥྚི་ཕྱྀར་སྡིག་པ་བྱེད་པོ་ཞེས་སྨོས་ཏེ། སྡིག་པོ་ངས་ཤེས་པ་ནི་བྱེད་པ་པོའི་གསུམ་པའོ།། སྡུག་བསྔལ་ཉིད་མཚོན་ཡིན ་བས་ནཱ་མཚན་ནོ།། མཐོང་བའི་དགེ་བ་དང་མི་དགེ་བའི་འབྲས་བུ་བརྗོད་ནས་མ་མཐོང་བའི་བརྗོད་པའི་དབྱིར། རྒྱ་ཆེ་ཞེས་བྱ་བ་ལྔ་སོགས་པ་ཚིགས་སུ་བཙུད་པ་གཉིས་གསུངས་སོ།། བཻ་དྷཱ་ནརྀ་དྲི་ཞིས་པོས་དགའ་བར ་བྱེད་པའི་པདྨའོ།། རྒྱལ་བའི་གསུང་སྙན་ཉིད་ཟས་ཏེ་ངེས་འཚོ་བའི་བྱས་ཞེས་པ་ནི་དེས་བསྐྱེད་པའོ།། ཉེར་སོགས་ཞེས་བྱ་བ་ནི་འཕེལ་ཞིང་རྒྱས་པར་བྱེད་པའོ།། འོད་ནི་ཐུབ་པའི་འོད་དཔག་ཏུ་མེང་པར་རབ་ཏུ་འཚེར་བའོ།། ་རྒྱས་པ་ནི་པདྨ་གང་ཞིག་ཁ་རྒྱས་ཤིང་འོད་ཟེར་གྱི་ཚོགས་ཀྱིས་བསྟར་བའོ།། བྱུང་བ་ནི་དེ་ནས་བྱུང་བའོ།། ལུས་ཀྱི་མཆོག་སྟེ་མཛེས་པའི་ལུས་གླང་ཞིག་དེ་ལས་སྐྱེས་པའོ།། གཤིན་རྗེའི ་སྐྱེས་བུ་རྣམས་ཀྱིས་པགས་པ་མ་ལུས་པར་བ་ཤུས་པས་ཉམོ་ཐག་པའི་ང་རོ་འདོན་པའོ།། མེ་རག་ཏུ་འབར་ཞིང་གདུང་བ་དེས་རྣམ་པར་བཞུ་བ་ནི་ཞུ་བར་གྱུར་པ་སྟེ། དེ་འདྲ་བའི་ཟངས་ཞུན་མ་དེས་དེའི་ལུས་ལ་ལྡུགས ་པར་འགྱུར་བའོ།། གང་ཞིག་རབ་ཏུ་འབར་བའི་རལ་གྲི་དང་། མདུང་ཐུང་དེ་དག་གིས་བསྣུན་ཅིང་གཤེགས་ན་ངོའི་ཤ་དུམ་བུར་བྱས་པ་ནི་དུས་བུ་བརྒྱར་ལྷགས་པའོ།། མྱོས་པའི་སྟོབས་མཇུག་བསྡུ་བའི་ཕྱིར་དེ་བས ་ཞེས་སྨོས་ཏེ། དེ་ལྟར་དགེ་བྲ་མི་དགེ་བའི་འབྲས་བུ་གུས་པར་བསྒོམས་ཤིང་སྤྱད་ནས་དགེ་བ་ལ་གོམས་པར་བྱའོ།། ང་རྒྱལ་གྱི་སྟོབས་ཀྱི་དབང་དུ་བྱས་ཏེ་བསྟན་པའི་ཕྱིར། རྡོ་རྗེ་ཞེས་སྨོས་ཏེ། རྡོ་རྗེ་རྒྱལ་མཚན་གྱི ་མདོ་ནས་བཤད་པའི་ཆོ་གའི་རིམ་པས་བསྒྲུབས་པར་བྱ་བའི་དོན་བརྩམས་ཤིང་གོང་ནས་གོང་དུ་བརྟན་པར་བསྒོམ་པར་བྱའོ།། ཡང་ན་བརྟན་པར་བརྩམས་པ་ཞེས་པ་ནི་བརྩམས་ཏེ། ང་རྒྱལ་བསྒོམ་པར་བྱའོ།། བརྩམས ་པའི་རིམ་པ་ཉིད་བསླབ་པར་བྱ་བའི་ཕྱིར། དང་པོར་ཞེས་སྨོས་ཏེ། བརྩམས་པ་ནི་ཁས་བླངས་པའོ།། བརྩམས་ནས་ལོག་ན་སྐྱོན་ཅི་ཡོད་སྙམ་པ་ལ། སྐྱེ་བ་ཞེས་སྨོས་ཏེ། སྐྱེ་བ་གཞན་དུ་ཡང་དགེ་བ་ལས་ལྡོག་པ ་ལ་འཇུག་པ་དེ་གོམས་ན་ཡང་སྡིག་པ་དང་སྡུག་བསྔལ་དྲུག་འཕེལ་བར་བྱེད་པའོ།། གཞན་ཡང་ཞེས་པ་ནི་དང་པོ་བརྩོམ་བུའི་དུས་རང་དུ་ཡོངས་སུ་སྤང་བའོ།། བྱ་བའི་དུས་སུ་ཞེས་པ་ནི་དེ་ཡོངས་སུ་བཏང་བའི་དུས་གང་ཡིན་པ ་དེ་ཉིད་འབྲས་བུ་གཉིས་པ་བརྩམས་པའོ།། དམན་པ་ནི་ཉམས་པའོ།། དེ་ནི་ཞེས་པ་ནི་དེ་ཡང་ཞེས་བྱ་བ་སྟེ། གང་གི་ཚེ་བརྩམས་པ་ཡོངས་སུ་བཏང་བ་དེའི་ཚེ་དེ་ཡང་མ་བསྒྲུབས་པའོ།། ཅི་ཐམས་ཅད་དུ་ང་རྒྱལ་བྱ་བ ་ཡིན་ནམ་སྙམ་པ་ལ། ལུས་དང་ཞེས་སྨོས་ཏེ། ཉོན་མོངས་པ་ནི་འདིར་ཉེ་བའི་ཉོན་མོངས་པའོ།། ལས་ཀྱི་དུ་རྒྱལ་བཤད་པར་བྱ་བའི་ཕྱིར། བདག་ཉིད་ཅེས་སྨོས་ཏེ། སེམས་ཅན་རྣམས་ཀྱི་ཁ་ན་མ་ཐོ་བ་མེ་པའི ་ལས་གང་ཅུང་ཟད་བྱ་བར་འོས་པ་བྱུང་ན་དེ་ཐམས་ཅད་བདག་ཉིད་གཅིག་པུས་བྱའི། གཞན་དག་ལ་གོ་སྐབས་སྦྱིན་པར་མི་བྱའོ།། དེ་ཉིད་བསྟན་པའི་ཕྱིར། ཉོན་མོངས་པ་ཞེས་སྨོས་ཏེ། ཉོན་མོངས་པ་ལ་རག་ལས་བྱ ་ནི་དབང་མེད་པའོ།། དམན་པ་ནི་མི་གཙང་བ་འཕྱག་པ་ལ་སོགས་པའོ།། ཉེ་བའི་ཉོན་མོངས་པ་རྣམས་ལ་ང་རྒྱུ་ལ་བྱ་བར་བསྟན་པའི་ཕྱིར་སྦྲུལ་གདུག་ཤི་བྱ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉམ་ཆུང་ན་ཞེས་པ་ནི ་བརྩོན་འགྲུས་ཞན་ན་སྟེ། གལ་ཏེ་བདག་ཉམ་ཆུང་བ་ནི་ཉོན་མོངས་པ་ཆུང་ངུས་བསྐྱེད་པ་ཡང་གནོད་པ་འཚོར་བར་བྱེད་དོ།། འདི་ལྟར་ཞུམ་པར་བྱས་ཤིང་རྩོལ་བ་དོར་ནས། སྤྲོ་བ་མེད་པར་བྱས་པས་ན་ཉོན་མོངས་པ་ལས ་བདེ་བར་མྱི་འགྱུར་བའོ།། ཡང་ན་ཞུམ་པས་རྩོལ་བ་དོར་བར་བྱས་པས་ཉོན་མོངས་པ་བདེ་བར་འགྱུར་ཏེ། རང་དཔུང་ཐོབ་པར་འགྱུར་བའོ།། བརྩོལ་བ་བསྐྱེད་པས་ནི་འགལ་བར་བྱེད་པའོ།། གཞོམ ་པར་བྱ་བ་ནི་བརླག་པར་བྱ་བ་སྟེ། དེ་ལྟ་མ་ཡིན་ནོ་གང་བདག་ཁམས་གསུམ་ལས་རྒྱལ་བར་བྱ་བར་འདོད་པ་ལ་གཞང་གང་བྱེད་པར་འགྱུར་ཏེ། ཉོན་མོངས་པ་རྒྱལ་བའི་ཕྱིར་རོ།། དེ་བས་ན་བདག་གིས་ཀུན་ལས་རྒྱལ་བར ་བྱ་བའི་འོས་ཏེ། གང་གི་ཕྱིར་བདག་རྒྱལ་བ་སེང་གེའི་སྲས་པོ་ཡིན་པའི་ཕྱིར་རོ།། འགྲོ་བ་གང་དག་གཞན་ལ་གནོད་པའི་ང་རྒྱལ་གྱི་ས་བཅོམ་པ་དེ་ཉོན་མོངས་སྙིང་རྗེའི་གནས་ཏེ། དེང་རྒྱལ་ཅན་མ་ཡིན་ནོ།། འོན་ཀྱང་དེ ་རྒྱལ་གྱི་དགྲའི་དབང་དུ་གྱུར་པའོ།། དེ་ང་རྒྱལ་གྱི་དགྲའི་དབང་དུ་གྱུར་པོ་ལ་སྐྱོན་ཅི་ཡོད་སྙམ་པ་ལ། ང་རྒྱལ་གྱིས་ནི་ཞེས་སྨོས་ཏེ། ངན་འགྲོ་ནས་མིར་སྐྱེ་བ་ཐོབ་ཀྱང་དགའ་སྟོན་སྟེ། ཀུན་ཏུ་དགའ་བའི་ལོངས་སྤྱོད ་དང་མི་ལྡན་པའོ།། མི་སྡུག་པ་ནི་ཡིང་དུ་མི་འོང་བའོ།། དེ་ལྟ་ནི་ང་རྒྱལ་ཅི་འདྲ་བ་ཞིག་ཡིན་སྙམ་པ་ལཱ། གང་ཞིག་ཅེས་སྨོས་ཏེ། རྣམ་པར་རྒྱལ་བ་ནི་རྒྱལ་བ་དང་ལྡན་པའོ།། དཔའ་ཞེས་པ་ནི་རབ་ཏུ་དཔའ་བའོ།། ། ་བདོ་ཞེས་པ་ནི་དྲག་ཏུ་སྐྱེས་པའོ།། འབྲས་བུ་རྫོགས་པར་བྱེད་པ་ནི་སངས་རྒྱས་ཐོབ་པར་བྱེད་པའོ།། ནུས་པའི་ང་རྒྱལ་བསྟན་པའི་ཕྱིར། ཉོན་མོངས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྲོད་ན་གནས་ཞེས་པ་ནི་ཉོན་མོང།། ་པས་ཡོངས་སུ་བསྐོར་བའོ།། སྲན་གཟུགས་ཏེ་ཞེས་པ་ནི་ཉོན་མོངས་པ་འཇོམས་པ་ལ་ཉམ་དྲ་བ་སྟེ། སྡུག་བསྔལ་བྱུང་བར་གྱུར་ཀྱང་ངོ་།། དགའ་བའི་སྟོབས་ཀྱིས་དབང་དུ་མཛད་དེ་བསྟན་པའི་ཕྱིར། རྩེད་མོའི་ཞེས ་སྨོས་སྟེ། རྒྱན་པོ་ལ་སོགས་པའི་རྩེད་མོའི་བདེ་བ་དེ་ཉིད་འབྲས་བུ་ཡིན་པ་དེ་བཞིན་དུ་ལས་དེ་བྱེད་པའི་བློ་དྲི་བའི་རོལ་ཡང་ཆགས་པར་བྱའོ།། བྱ་བའི་ལས་ནི་བསྒོམས་པོ་ལ་སོགས་པ་གང་སྐབས་སུ་བབ་པའོ།། ་དེ་ལ་ཞེན་པ་ནི་དེ་བཞིན་དུ་ཞེན་པར་བྱའོ།། འདིའི་སྒོ་ནས་ལས་ལ་དགའ་བ་སྐྱེད་པར་བྱའོ་ཞེས་བསྟན་པའི་ཕྱིར། བདེ་བའི་དོན་དུ་ཞེས་སྨོས་ཏེ། ལས་གླེང་གཞན་གང་གི་དོན་དུ་བྱེད་པ་དེ་ཉིད་བདེ་བའོ།། རང་དང་གཞན ་གཞི་ཀའི་བདེ་བའི་རྒྱུ་དེ་མ་བྱས་ན་ནོམ་ཞིག་སྟེ། བདེ་བ་ནམ་ཡང་མེད་དོ།། ཞེས་བྱ་བའི་དོན་ཏོ།། འདི་ལྟར་སྤུ་གྲི་ཞེས་བྱ་བ་ལ་སོགས་པ་ལ། སྤུ་གྲིའི་སོ་ལ་ཆགས་པའི་སྦྲང་རྩི་བལྗགས་པས་ལྕེ་ཚོང་བྷཱུ་ལ་སོགས ་པ་ལྟར་ཉམ་ང་བ་ནི་ཤིན་ཏུ་མང་ལ་རོ་མྱོང་རྒྱུ་ཤིན་ཏུ་བྱུང་བའི་ཚུལ་དང་གང་ལྡན་པ་རྣམས་སྡུག་བསྔལ་རྣམ་པ་སྣ་ཚོགས་བྲས་ཀྱང་མི་ངོམས་ན་རང་དང་གཞན་གྱི་བདེ་བ་བསྐྱེད་པའི་བསོད་ནམས་ཀྱི་བདུད་རྩིའི ་སྦྲང་རྩི་ཞི་ཞིང་དགེ་བའི་རོས་ཅི་སྟེ་ངོམས་པར་འགྱུར། མཇུག་བསྡུ་བའི་ཚུལ་གྱི་ལས་ལ་མངོན་པར་དགའ་བ་བསྟེན་པའི་ཕྱིར། དེ་བས་ཞེས་སྨོས་ཏེ། བརྩམས་པའི་ལས་མཐར་ཕྱིན་ནས་ཀྱང་དགའ་བ་ལ་མངོན ་པར་ཞེན་པ་འཇིགས་པར་བྱས་ལ་བཟོད་ཀྱིས་དོར་བར་བྱའོ།། གང་མཚོ་དང་ཕྲད་པ་དེ་ལ་མཚོ་ཕྲད་ཅེའམ། ཡང་ན་མཚོ་དེ་དང་གླང་པོ་ཆེར་ཕྲད་པའོ།། དོར་བྱའི་སྟོབས་བསྟན་པའི་ཕྱིར ་རྗེས་སུ་ཞེས་སྨོས་ཏེ། ལས་གང་ཞིག་བརྩམས་པ་དེ་ཡོངས་སུ་རྫོགས་པའི་ནུས་པ་མེད་ཅིང་རྗེས་སུ་མི་བདེ་བར་འགྱུར་བ་འདྲ་ན་ཕྱིས་བྱའོ་སྙམ་པའི་བསམས་པས་སྐབས་དྲྀར་རེ་ཞིག་པ་ཤོལ་ལི་བཏང་ངོ་།། གོང་གི་ཚེ ་རྫོགས་པར་ཟིན་པ་དེའི་ཚེ་ནི་དེ་བཤོལ་བར་བྱའི། དེ་ལ་ཞེན་ནས་སྡུད་པར་མི་བྱ་སྟེ། ཕྱིར་ཞིང་གོང་ནས་གོང་དུ་འཇུག་པ་ལ་སྦྱོར་བར་བྱའོ།། འབད་པའི་སྟོབས་བསྟན་པའི་ཕྱིར། འཐབ་སྙིང་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། འཐབ་སྙིང་ཞེས་པར་རལ་གྲིའི་རིགས་པ་ལ་སོགས་པ་མཁས་པར་བསླབས་པའོ།། བཟུར་བར་བྱ་བ་ནི་བག་ཟོན་བྱ་བའོ།། འཇབས་པར་བཏགས་ཅེས་པ་ནི་དྲན་པ་དང་ཤེས་བཞིན་གཉིས་ཀྱིས་སོ།། གཡུལ ་དུ་འཐབ་མོའི་སར་འཇིགས་པས་མྱུར་དུ་ལེན་པའོ།། རྨའི་ཁྲག་རྙེད་པ་དང་དེ་ལ་རྟེན་བཅས་ནས་ལུས་ལྔ་ཁྱབ་པར་འགྱུར་བ་ནཱི་ཁྱེད་པར་འགྱུར་བའོ།། གླགས་ནི་དྲན་པ་ཉམས་པའོ།། བདག་ཉིད་དབང་དུ་གྱུར་པའི ་ས་བསྟན་པའི་ཕྱིར། ཡུང་ས་མར་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཇི་ལྟར་ཡུངས་མར་གྱི་སྣོད་ཐོགས་བའི་མེ་ལ་རལ་གྲི་ཐོགས་པས་བསྡིགས་པ་ནི་ཡུངས་མར་བོ་ན་བསད་ཀྱིས་དོགས་པོའི་འཇིགས ་པས་ཡུངས་མར་གྱི་སྣོད་འབའ་ཞིག་སེམས་པ་དེ་བཞིན་དུ་དྲན་པ་ཉམས་ན་ཉོན་མོངས་པ་བྱུང་བ་ནི་ཉེས་པ་བྱུང་བའི་ཆད་པས་གདུང་བའོ།། ཅི་ནུས་ཀྱང་ཞེས་པ་ནི་གང་ནས་ཀྱང་ཞེས་པའི་དོན་ཏོ།། དྲན་པའི་རྒྱུ་བསྟན ་པའི་ཕྱིར། དགེ་བ་ཤེས་ཞེས་སྨོས་ཏེ། དགེ་བའི་བ་ཤོས་གཉེན་དང་དེའི་ཕན་ཡོན་ཐོབ་པར་འདྲོང་ནའོ།། རྒྱུ་མཚན་དེ་གཉིས་ཉིད་ཀྱི་ཉོན་མོངས་པ་ཞུགས་པའི་གནསྔ་སྐབས་ལ་ཇི་ལྟར་བདག་གི་དྲན་པ་སྐྱེ་བར ་འགྱུར་ཞེས་བྱ་སྟེ། བསམ་པ་དེ་ཉིད་བསྟན་པའི་ཕྱིར་ཇི་ལྟར་ཞེས་སྨོས་སོ།། གཞན་ཡང་བདག་ཉིད་དེ་ལུས་དྲང་སེམས་ཀྱི་མཚན་ཉིད་དོ།། བློ་མདོག་བདེ་བར་བྱ་བ་ནི་བརྩོན་པ་ཕུན་སུམ་ཚོགས་པར་བྱ་བའོ།། བག ་ཡོད་པའི་ལོ་རྒྱུས་ནི་བྱང་ཆུབ་ཀྱི་སེམས་བག་ཡོད་པ་བསྟན་པའི་ལེའུར་བརྗོད་ངོ་།། འཇུག་པ་ནི་རྩོམ་པའོ།། འདི་ཉིད་ཀྱི་དཔེ་བསྟན་པའི་ཕྱིར། ཇི་ལྟར་ཤིང་བལ་ཞེས་སྨོས་ཏེ། ཤིང་བྲལ་སྟེ་རས་བྱོལ་ཆུང་དུ་འགྲོ ་བ་དང་འོང་བ་རྙི་ང་ལ་རིག་ལེས་པའོ།། དེ་བཞིན་དུ་འགྱུར་བ་མོས་པ་དང་བརྩོན་འགྲུས་ཀྱི་དབང་དུ་གྱུར་ནས་མྱུར་དུ་འགྲུབ་པར་འགྱུར་བ་སྟེ། དེ་བཞིན་དུ་གོམས་པས་ནམ་མཁའ་ལ་འགྲོ་ཞིང་རྒྱུ་བ་ལ་སོགས་པའི ་རྫུ་འཕྲུལ་ཡང་འགྲུབ་པར་འགྱུར་ཞིང་ཡོངས་སུ་རྫོགས་པར་འགྱུར་རོ།། བདག་དང་གཞན་དུ་མཉམ་པ་དང་བདག་དང་གཞན་དུ་བརྗེ་བ་ནི་བསམ་གཏན་གཙོ་བོར་གྱུར་པ་ཡིན་པའི་ཕྱིར། དེ་ཉིད་ཀྱི་ལེའུ་ནས ་སྟོན་པར་འགྱུར་རོ།། བྱང་ཆུབ་སེམས་དཔའི་སྐྱེད་པ་ལ་འཇུག་པ་ལས་ལེའུ་བདུན་པའི་དཀའ་འགྲེལ་ལོ།། ། ད་ནི་བརྩོན་འགྲུས་བསྟན་པའི་རྗེས་ལ་བཱསམྱ་གཏན ་བསྟན་པར་བྱ་བའི་ཕྱིར་ད་ལྟར་ཞེས་བྱ་བའི་ཕྱིར་དེ་ལྟར་ཞེས་བྱ་བ་སྨོས་ཏེ། ཏིང་ངེ་འཛིན་ནི་སེམས་རྩ་གཅིག་པོའོ།། བཞག་པ་ནི་མཉམ་པར་བཞགས་པའོ།། ནི་ཞེས་པ་ནི་གང་གི་ཕྱིར་གཡེངས་པར་གྱུར་པ་དེའི་ཕྱིར་རོ།། ་ཉོན་མོངས་པའི་མཆེ་བའི་ཕྲག་ན་གཽནས་པ་ནི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་རྣམས་སོ།། དེ་ཡོངས་སུ་སྤངས་ནས་ཏིང་ངེ་འཛིན་བརྩམས་པའི་དོན་དུ་རྣམ་པར་གཡེང་བ་བཟློག་པ་བསྟན་པའི་ཕྱིར། ལུས་དང་སེམས ་ཞེས་སྨོས་ཏེ། ལུས་དབེན་པ་ནི་དབེན་པ་ལ་གནས་པའོ།། སེམས་དབེན་པ་ནི་འདོད་པ་ལ་སོགས་པའི་རྣམ་པར་རྟོག་པ་སྤངས་པའོ།། རྣམ་པར་གཡེངས་པ་ནི་མཉམ་པར་མ་བཞག་པའི་ཕྱིར་རོ།། རེ་ཞིག་འཇིག ་རྟེན་མི་སྲུང་བའི་རྒྱུ་བསྟན་པའི་ཕྱིར། རྙེད་པ་ལ་སོགས་པ་ཞེས་སྨོས་ཏེ། བཀུར་སྟི་ལ་སོགས་པ་བཟུང་ངོ་།། སྲེད་པ་ནི་མངོན་པར་འདོད་པའོ།། ཆགས་པ་ནི་བདག་དང་བདག་གིར་མངོན་པར་ཞེན་པའོ།། འདི་དག ་ཅེས་པ་ནི་འཆང་པར་འགྱུར་བའི་མཚན་ཉིད་དོ།། དཔྱད་པ་ཉིད་བསྟན་པའི་ཕྱིར། ཞི་གནས་ཞེས་སྨོས་ཏེ། ཞི་གནས་ནི་ཏིང་ངེ་འཛིན་ཏོ།། ལྷག་མཐོང་ནི་ཤེས་རབ་བོ།། ཆགས་པ་མེད་པ་ནི་ཞེན་པ་མེད་པ་སྟེ། ་ཚུགས་པ་མེད་པ་དང་ཞེན་པ་མེད་པའི་མངོན་པར་དགའ་བ་བསྐྱེད་པར་བྱ་བའི་དོན་ཏོ།། ཆགས་པ་མེད་པ་ལ་མངོན་པར་དགའ་བ་ཉིད་བསྐྱེད་པར་བྱ་བའི་ཐབས་བསྟན་པའི་ཕྱིར་མི་རྟགས་སུ་ཞིག་ཅེས་བྱ་བ་ལ་སོགས་པ ་སྨོས་ཏེ། མ་མཐོང་ན་སྟེ་སྡུག་པ་མ་མཐོང་ནའོ།། རྟོག་པ་འགོག་པོ་སྟེ། རངས་པར་མི་འགྱུར་བའོ།། ངོམས་པར་མི་འགྱུར་བ་ནི་ལྷག་པར་ཞེན་པའི་ཕྱིར། སྔར་བཞིན་ཏེ་མ་མཐོང་བའི་གནས་སྐབས་བཞིན་ནོ།། སྲེད ་པ་སྟེ་སྲེད་པ་ཡིས་སོ།། གདུངས་པར་འགྱུར་བ་ནི་སྡུག་བསྔལ་བར་འགྱུར་བའོ།། ཆགས་པ་ནི་སེམས་ཞེན་པའི་ཕྱིར་རོ།། ཡང་དག་པ་ཉིད་ནི་ཡོན་ཏཱན་ལ་སོགས་པའོ།། སྐྱོ་བ་ནི་ཡིད་འབྱུང་བའོ།། མ་ཕྲད་ན་སྡུག་པ ་རྣམས་དང་ཕྲད་པར་འདོད་པ་རྒྱུར་གྱུར་པའི་མྱ་ངན་གྱིས་ཡིད་གདུངས་ཤིང་སྲེག་པར་འགྱུར་བའོ།། ཚེ་ཐུང་ཞེསྡེ་པ་ནི་ཚེ་བག་ཙམ་མོ།། ཡང་ཡང་ཞེས་པ་ནི་ཡང་དང་ཡང་དུའོ།། དོན་མེད་པ་ནི་མཛའ་བཤེས་ཀྱི ་སེམས་ཁྲལ་བྱས་པ་ལྔ་འབྲངས་བུ་མེད་པའོ།། གྲ་ཡུང་དྲུང་ནི་ཡུནྡ་རཱི་དུ་གནས་པའོ།། འཇིག་པར་བྱེད་པ་ནི་ཉམས་པར་བྱེད་པའོ།། སྐལ་བ་མཉམ་པར་སྤྱོད་པ་ནི་རྗེས་སུ་མཐོན་པའི་སྤྱོད་པའོ།། སྐལ་བ་མི ་མཉམ་པ་ནི་ཚུལ་དང་མི་མཐུན་པའོ།། ཁྲིད་པ་ནི་བྱིས་པ་རྣམས་ཀྱི་མི་འདོད་པའི་སར་ཁྲིད་པའོ།། དགའ་བའི་གནས་ནི་བསོད་ནམས་སོ།། སོ་སོའི་སྐྱེ་བོ་ནི་ཉོན་མོངས་པ་དང་བཅས་པ་རྣམས་སོ།། མ་མཉན ་ན་ཞེན་པ་ལ་ཟློག་པར་བྱེད་པའི་ཚིག་ཅེས་པ་ནི་ཚིག་ལྷག་མའོ།། མཐོ་བ་ནི་ཡོན་ཏན་གྱིས་སོ།། ཕྲག་དོག་པ་ནི་མི་བཟོད་པའོ།། མཉམ་པ་ཡང་ཡོན་ཏན་མཉམ་པའོ།། འགྲན་པ་ནི་རྣམ ་པར་རྩོད་པའོ།། དམྱའ་བ་ནི་ཡོན་ཏན་གྱི་དམའ་བའོ།། ང་རྒྱལ་ནི་སེམས་དབང་བསྟོད་པའོ།། དྲེག་པ་ནི་རང་མཐོང་བྱེད་པའོ།། མི་སྙན་པར་བརྗོད་པ་ནི་སྨོད་པའོ།། ཁོང་ཁྲོ་ནི་ཞེ་སྡང་ངོ་།། བྱིས་པ་ལས་ཏེ། བྱིས་པ་རྣམས ་ལས་སོ།། བསྟོད་པ་ནི་སྨོན་པའོ།། མི་དགེ་བ་ནི་བསོད་ནམས་མ་ཡིན་པའོ།། དེ་ལྟར་ཞེས་པ་ནི་བྱིས་པ་རྣམས་དང་སྤྱོད་པ་མཚུངས་པར་སྤྱོད་པའོ།། བསྟེན་པ་ནི་ཕྲག་དོག་ཅན་གྱི་བྱིས་པ་རྣམས་བསྟན་པའོ།། དེས་ཞེས ་པ་ནི་ཕྲག་དོག་ལ་སོགས་པའི་རྒྱུ་ཡིས་སོ།། ཕུང་བ་ནི་སྡུག་བསྔལ་བ་སྟེ། བརྩམས་པ་དོན་མེད་པའོ།། འགྱུར་ཞེ་ས་པ་ནི་ཐོབ་པར་འ་གྱུར་པའོ།། དེ་བས་ན་ཡིད་ཉོན་མི་མོངས་པོ་སྟེ། མ་འཁྲུགས་པ་གཅིག་པུར་རྒྱུ་བར ་བྱ་བ་ཡིན་ནོ།། འབྱོལ་བར་བྱ་བ་ནི་འབྲོས་པར་བྱ་བའོ།། ཕྲད་ན་སྟེ་རང་བཞིན་འོངས་པར་གྱུར་ནའོ།། དགའ་བ་ནི་སྙན་པར་སྨྲ་བས་སོ།། མགུ་བར་བྱ་བ་ནི་མཉེས་པར་བྱ་བའོ།། དེ་ཡང་འདྲིས་ཆེན་ཉིད་དུ་མི་འགྱུར་བ་སྟེ། ་སླར་པོ་ཤེས་ཤིང་བཅུག་པོར་བྱ་བའི་བསམ་པོས་མ་ཡིན་པའོ།། ཐ་མལ་པ་ཙམ་ནི་བཏང་སྙོམས་པ་ཙམ་སྟེ་དེ་བཞིན་དུ་མི་འཁོན་མ་འགྲས་པར་རོ་ཐ་མལ་པ་སྟེ་བཏང་སྙོམས་པ་ཙམ་དུ་བྱ་བ་དེ་ཉིད་བསྟན་པའི་ཕྱིར། ་བུང་བས་ཞེས་སྨོས་ཏེ། ཆོས་ནི་ལེགས་པར་གསུངས་པའི་དོན་ཏོ།། བླངས་ནས་ཏེ་བཟུང་ནས་སོ།། འདྲིས་པ་མེད་པ་ནི་བློ་ཤེས་མེད་པའོ།། དེ་ལྟར་འཇིག་རྟེན་མི་སྤོང་བའི་རྒྱུ་བཞིན་དུ་རྙེད་པ་ལ་སོགས་པ་ཡང་ཡོངས་སུ ་དོར་བར་བྱའོ་ཞེས་བསྟན་པའི་ཕྱིར། བདག་ནི་ཞེས་སྨོས་ཏེ། ཤི་བའི་འོག་ཏེ་མི་ནས་ཤི་བའི་འོག། ཏའོ།། དེ་ཡང་འདི་ལྟར་རྣམ་པར་དཔྱད་ན་མི་འབྱུང་ངོ་ཞེས་བསྟན་པའི་ཕྱིར། གང་དང་གང་ལ་ཞེས་སྨོས་ཏེ། རྙེད ་པ་ལ་སོགས་པ་ལ་ཆགས་པ་ནི་སྤྲོ་བའོ།། གྱུར་པ་ནི་ཞེན་པར་གྱུར་པའོ།། དེ་དང་དེ་བསྡོངས་ཞེས་པ་ནི་རྙེད་པ་ལ་སོགས་པ་སྡུག་བསྔལ་གྱི་རྒྱུར་གྱུར་ར་ནས་གནས་པའོ།། ངོས་ན་རྙེད་པ་ལ་སོགས་པ་ལ་ཆགས་པར ་མི་བྱ་སྟེ། དེ་ལ་སྲེད་པར་མི་བྱའོ།། འཇིགས་པ་ནི་འཆིང་བས་བྱས་པའི་འཇིགས་པའོ།། གཞན་ཡང་རྙེད་པ་ལ་སོགས་པ་དེ་རང་བཞིན་གྱིས་འདོར་བར་གྱུར་པ་ནི་ཉམས་པར་གྱུར་པའོ།། བརྟན་པར་གྱིས་ཞེས་པ ་ནི་སོ་སོ་གློང་ལ་ཞེས་པའོ།། རབ་ཏུ་རྟོགས་ཞེས་པ་ནི་དུས་ཅུང་ཟོད་ཙམ་བརྟག་ཅིང་བཟོད་པར་གྱིས་ཤིག་པའོ།། དེ་བཞིན་དུ་རྙེད་པ་དག་ནི་མང་ཞེས་བྱ་བ་ལ་སོགས་པ་ཡང་ངོ་།། སྨོད་པ་ལ་སོགས་པ་དགག་པར ་བསྟན་པའི་ཕྱིར་བདག་ལ་ཞེས་སྨོས་ཏེ། སྨོད་པ་ནི་མཆིང་འདྲུ་བའོ།། གང་གི་ཕྱིར་སེམས་ཅན་ཞེས་བྱ་བ་ལ་མོས་པ་ནི་བསམ་པའོ།། དེ་ཉིད་བསྟན་པའི་ཕྱིར། སེམས་ཅན་རྙེད་པ་མེང་པ་ལ་ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། མི་སྙན་བརྗོད་ཅེས་པ་ནི་ངན་སྨྲས་གཏོང་བའོ།། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར། རང་བཞིན་འགྲོགས་པར་དཀའ་བ་སྟེ། གང་སྟབས་གཅིག་ཏུའོ།། བྱིས་པ ་དང་འགྲོགས་པ་སྤངས་ནས་དབེན་པའི་ཕན་ཡོན་བསྟན་པའི་ཕྱིར་ནགས་ན་ཞེ་ས་བྱ་བ་ལ་སོགས་པ་སྨོས་ཏེ། བསྟེན་མི་དགོས་པ་ནི་དགོས་པར་བྱ་མི་དགོས་པའོ།། ཆགས་པ་མེད་པ་ནི་ཞེན་པ་མེད་པའོ།། བདག་གིར་བཟུང ་བ་མེད་པ་ནི་གཞན་གྱིས་བདག་ཏུ་མ་བྱས་པའོ།། ཆགས་པ་མེད་པ་ནི་བདག་ཏུ་བྱས་པ་མེད་པའི་གནས་སོ།། མ་སྦས་ཀྱང་མ་འཇིགས་པ་ནི་དངོས་པོ་གཟུང་བ་མེད་པའི་ཕྱིར་བསྲུང་མི་དགོས་པའོ།། ཀུན་ཏུ་ཆགས་པ་རྣམས་གཏོང ་བའི་རྒྱུ་མི་རྟག་པ་ཉིད་བསྟན་པའི་ཕྱིར། དུར་ཁྲོད་ཅེས་སྨོས་ཏེ། དུར་ཁྲོད་ནི་དུར་ཁྲོད་དོ།། འཇིག་པ་ནི་དུལ་བའི་དངོས་པོ་སྟེ་དེའི་ཆོས་ཅན་ནོ།། ནམ་ཞིག་མགོ་སྙོམས་པར་བྱེང་བར་འགྱུར་ཞེས་པ་ནི་ནམ་ཞིག་དེ་དང་འདྲ ་བར་བྱེད་པར་འགྱུར་ཞེས་པའོ།། མགོ་བསྙམས་པ་ཉིད་བསྟན་པའི་ཕྱིར། བདག་གིས་ཞེས་སྨོས་སོ།། ཆགས་པར་བྱ་བའི་མཛའ་བ་ཤེས་རྣམས་ཀྱང་མི་རྟག་པ་ཉིད་དོ།། ཞེས་བསྟན་པའི་ཕྱིར། ལུས་འདི་ཉིད་ཅེས ་སྨྱོས་ཏེ། གཅིག་པུ་སྟེ་གཅིག་པུར་བརྟགས་པའོ།། ལྷན་ཅིག་ཏུ་སྨྱོས་པ་ནི་སྟབས་གཅིག་ཏུ་སྐྱེས་པའོ།། བུ་ལ་སོགས་པ་རྣམས་ལ་ཆགས་པར་མི་བྱ་བ་ཉིད་དུ་བསྟན་པའི་ཕྱིར། སྨྱེ་ན་གཅིག་པུ་ཞེས་སྨོས་ཏེ། ་སྡུག་བསྔལ་ནི་དེ་ཉིད་ཀྱིས་མྱོང་བར་འགྱུར་བའི་སྡུག་བསྔལ་ལོ།། སྐལ་བ་ནི་དེའི་ཆ་ཤེས་སོ།། གཞན་ཞེས་པ་ནི་བུ་ལ་སོགས་པའོ།། བགེགས་བྱེད་པ་ནི་བདེ་བ་འཇོམས་པར་བྱེད་པའོ།། དོན་དམ་པར་ན་བ་ཤེས་གཉེན ་ཞེས་བྱ་བ་འགའ་ཡང་ཡོད་པ་མ་ཡིན་ནོ།། ཞེས་བསྟན་པའི་ཕྱིར། ལམ་དག་ཏུ་ཞེས་སྨོས་ཏེ། ལམ་ཐག་རིངས་སུའོ།། ཞུགས་པ་ནི་དེར་རབ་ཏུ་ཞུགས་ནས་འགྲོ་བའོ།། དེ་ལྟ་བས་ན་དགེ་བའི་རྒྱུར་ནགས་སུ་འགྲོ་བར་རིགས་སོ། ་ཞེས་བསྟན་པའི་ཕྱིར་འཇིག་རྟེན་ཞེས་སྨོས་ཏེ། རང་གི་གནས་སུ་ཤི་བ་ལ་མྱ་ངན་བྱེད་པ་མེད་པའོ།། ཡང་འདི་ལ་ཡོན་ཏན་ཅི་ཡོང་སྙམ་པ་ལ། བཤེས་མེད་ཅེས་སྨོས་ཏེ། འཁོན་པ་ནི་ཞེ་སྡང་གིའོ།། བ་ཤེས ་པ་དང་འཁོན་པ་གཉི་ག་མེད་པར་ཤི་བའི་ལུས་པོ་ལ་མྱ་ངན་བྱེད་པ་ཡང་མེད་པའོ།། དྲུང་ན་འདུག་པ་ནི་ཉེ་དུ་ལ་སོགས་པའོ།། བདེ་ཞིང་སྐྱིད་པ་ནི་སྡུག་བསྔལ་གྱི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་རོ།། ལུས་རྣམ ་པར་དབེན་པ་བསྟན་ནས། སེམས་རྣམ་པར་དབེན་པ་བསྟན་པའི་ཕྱིར། བསམ་པ་གཞན་ནི་ཞེས་སྨོས་ཏྲེ། བདག་ལ་སེམས་པ་ནི་བྱང་ཆུབ་ཀྱི་སྐེམ་ས་ལ་སེམས་པའོ།། གཅིག་པུ་སྟེ་དེ་ལ་སེམས་རྩེ་གཅིག་པའི ་ཡིད་གང་ཡིན་པའོ།། ཡང་ན་རང་གི་སེམས་དེ་བྱང་ཆུབ་ཀྱི་སེམས་ཞེས་བྱའོ།། མཉམ་པར་བཞག་པ་ནི་ཞི་གནས་ཀྱིས་སོ།། དུལ་བར་བྱེད་པ་ནི་ལྷག་མཐོང་གིས་སོ།། འདོད་པའི་རྣམ་པར་རྟོགས་པ་དགག་པའི་ཕྱིར། ་འཇིག་རྟེན་ཞེས་སྨོས་ཏེ། ཀུན་ནས་ཆགས་པ་བཟློག་པར་བྱ་བའི་ཕྱིར། འདོད་པ་ལ་སྨད་པ་བརྗོད་པར་བཞེད་ནས། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔོན་ནི་སྔར་རོ།། མ ་བུལྟས་པ་ནི་སྡིག་པ་ལ་སོགས་པ་འོང་གིས་དོགས་པར་མྱ་བལྟས་པའོ།། རྫས་ནི་ནོར་རོ།། ཞུགས་པ་ནི་མི་གནས་བཞིན་དུའོ།། མཆོག་ཏུ་དགའ་བ་ནི་ཆེར་བྱེདེ་བའོ།། དེ་ཉིད་ཅེས་པ་ནི་པགས་པས་གཡོགས་པའི་རུས་པ ་དེ་ཉིད་ཀྱིའོ།། རང་དབང་ནི་རང་ཇི་ལྟར་འདོད་པ་ལྟར་བྱར་ཡོད་པའོ།། འབད་དེ་བཏེགས་པ་ནི་གདོང་གསྔལ་པོར་བལྟའོ།། སྙམ་དུ་བསམས་པས་བཏེག་པའོ།། ངོ་ཚ་སྟེ་ངོ་ཆེ་བའི་སྟོབས་ཀྱིས་ཡང་སླར་ལ་བལྟ་བར་བྱེད་པའོ ་ཡུལ་དབུས་ན་ཚེ་རིགས་ཅན་གྱི་བག་མ་རྣམས་ཀྱིས་གདོང་པ་གཡོག་པར་བྱ་བའི་ཕྱིར་གདོང་གཡོགས་ཀྱི་དྲ་བ་བཞིན་དུ་བསྟར་བར་བྱེད་དེ། དེས་དེའི་གདོང་གཡོགས་པའོ།། ཚོང་པ་དྲག་རིགས་རྣམས་ཀྱང་ཕལ་ཚར་དེ་ལྟར ་བྱེད་དོ།། ཁྱོད་ཉོན་མོངས་པ་སྟེ། དགའ་བཞིན་འདོགས་པའི་གདོང་པའོ།། མྱོངོན་སུམ་དུ་གྱུར་པ་དེ་བཞིན་དུ་ཞེས་པ་ནི་བྱ་རྒོད་ཀྱིས་མ་ཟོས་ནས་སོ།། དེ་ཟ་ན་ཞེས་པ་ནི་བྱ་རྒོད་ལ་སོགས་པས་སོ།། དེ་ཉིད་བསྟན་པར ་བྱ་བའི་ཕྱིར། ཤའི་ཕུང་པོ་ཞེས་སྨོས་ཏེ། ཤའི་ཕུང་པོ་ནི་བུད་མེད་ཀྱི་ལུས་སོ།། བྱ་རྒོད་དང་གཞན་ཅེ་སྦྱང་ལ་སོགས་པ་རྣམས་ཀྱི་ཤའི་ཕུང་པོ་དེ་ཟ་བ་མཐོང་བ་བཞིན་དུ་ཞེ་སྡང་བ་སྐྱེང་དེ་ཅི་སྟེ་བསྲུང་བར་མི་བྱེད་ཅེས ་སྦྱར་རོ།། ཟས་ནི་གང་བྱ་རྒོད་ལ་སོགས་པ་རྣམས་ཀྱི་བཟའ་སྟོན་གྱི་རྒྱུའོ།། མཆོད་ཅེས་པ་ནི་ཤའི་ཕུང་པོ་དེ་ལ་ཙི་སྟེ་མཆོད་པར་བྱང་། ཡོངས་སུ་སྐྱོབ་པར་བྱེད་ཅེས་པའོ།། ཡང་ཆགས་ཅན་ཁྱོད་ལ་འདི་ལྟར་དྲི་བར་བྱའོ།། ་ཞེས་བསྟན་པའི་ཕྱིར། རུས་གོང་ཞེས་སྨོས་ཏེ། དུར་ཁྲོད་ལ་སོགས་པར་བོར་བའི་རྐེང་རུས་ལ་སོགས་པ་མི་འགུལ་བཞིན་དུ་ཡང་དེས་ཁྱོད་སྐྲག་ནཽ་གྲཝ་སྔོན་པོའི་ལུས་རོ་ལངས་ལྟ་བུས་ཅུང་ཞིག་ཀྱང་མི་འཇིགས ་པ་རཱ་མ་བཱ་ཤའ་བར་བྱ་དགོས་སོ།། ཞེས་བྱ་བའི་ཐ་ཚིག་གོ། གཞན་ཡང་རྣམ་གྲངས་གཞན་གྱི་སྒོ་ནུས་ཆགས་པ་ཅན་རྣམས་རྨོངས་པ་ཉིད་དུ་བསྟེན་པའི་ཕྱིར། ཟས་ནི་ཞེས་བྱ་བ་ལཾ་སོགས་པ་སྨོས་ཏེ། བཟའ ་སྟོན་ནི་འདི་ལྟ་སྟེ། བུད་མེད་ཀྱི་ལུས་པོ་འདི་བཽ་ཤང་པ་ལ་སོགས་པའི་མི་གཙང་བ་རྣམས་བཤང་བའི་སྒྲས་བཟུང་ངོ་།། སྔས་ལ་སྟེ། སྟསྣ་ནང་ཚངས་ཅནྡ་ལའོ།། གཞན་ཡང་གང་ལ་གཡོགས་ཀྱང་སྟེ། རྐང་རུས ་གད་ལ་ཤ་དང་མི་གཙང་བས་གུ་ཡོགས་ཙམ་ནཱ་ཆགས་པ་སྐྱེ་ན་དེ་བཤུས་པ་སྟེ། ཤ་ལ་སོགས་པས་བྲལ་བ་ལཱྀ་ཡུང་ཙྭིས་ན་ཆགས་པར་མི་བྱེད། གལ་ཏ་ཤ་ལ་སོགས་པས་མ་གཡོགས་པའི་རྐེང་རུས་ལ་དགོས ་བ་མེད་དོ་སྙམ་དུ་སེམས་ན་དེའི་ཚེ་གཡོགས་པ་ཅིའི་ཕྱིར་ཉེད་པར་བྱེད་དེ། དེ་ལྟར་ན་ལག་པ་ལ་སོགས་པས་བྱིལ་བྱིལ་ཅི་སྟེ་བྱེད། གཞན་ཡོང་མི་གཙང་བ་དེ་ལ་ཆགས་པ་མེད་དམ་འོན་ཏེ་ཆགས་གྲང་གལ་ཏེ་ཆ ་པ་མེད་པ་ལྟ་ན། དེའི་ཚེ་ཁྱོད་ཅིའི་ཕྱིར་ཕང་དུ་འཁྱུད་ཅེ་སྣ་འབྲེལ་ཏེ།། རྒྱུས་པ་སྟེ་རྒྱུས་པ་དང་རྩས་སྦྲེལ་བའོ།། གཞན་ནི་བུད་མེད་ཀྱི་ལུས་བྱའོ།། དེ་སྟེ་ཆགས་པ་ཡོད་པ་ལྷུ་ན་ཁྱོད་ཉིད་དེ ་ཁྱོད་རང་ལའོ།། མང་བ་ནི་མི་ཉུང་བར་ཡོད་པའོ།། སྤྱོད་ལ་རིག་ཅེས་པོ་ནི་ངེས་དགའི་བར་གྱིས་ཤིག་པའོ།། རྒྱལ་པོ་དེ་སྣོད་ངམ་ཡང་ནི་ཕུང་པོའོ།། མི་གཙང་བརྐམ་པས་འདོད་པ་ནི་བརྞགྷྲཾ་གེ་བརྩོག་གྱི་ཟླ་བའི་ཚུལ་དང་གང ་ལྡན་པའོ།། ཅི་བྱེད་ཅེས་པ་ནི་འོར་ཅིག་པའོ།། སྟེ་བདག་ནི་ཤའི་ཕུང་པོ་འདི་ལ་དགུའ་བས་རེག་པར་བྱེད་དོ་སྙམ་པ་ལ། དེ་ལྟ་ན་གང་སེམས་མེད་པའི་ཞེས་བྱ་བཱ་ལ་སོགས་བྱ་སྨོས་སོ།། གལ་ཏེ་སེམས་དེ་འདོད་པ ་ལྗིན་སེམས་དེ་དགྲོ་པར་འང་མི་ནཱ.ུ་ལཱ་བལྟ་བཱ་ཪྵ་ཡང་མི་ནུས་ཏེ། གཟུགས་ཅན་མ་སྨིན་པའི་ཕྱིར།། གདོ་ལས་ལྔ་ནི་དེ་ལྟ་ནས་སུ་ཊིནྟི་ཀཱ་དེ་རིག་པ་སེམས་ཅན་མོ་ཡིན་ཕྱིའི་ཕྱིར་རོ།། གཞན་ཡང་གཞན་གྱི་ལུས་པ་མྱི་གཙང ་བར་མི་རྟོག་ས་པ་ནི་ལྐོག་ཏུ་གྱུར་པ་ཡིན་པའི་ཕྱིར་ཡུ་མཚན་ཚ་བ་མེད་ཀྱི། རང་ཉིད་མི་གཙང་བའི་བདག་ཉིད་ཡིན་པ་ལ་ཁྱོད་ཀྱིས་མི་གཙང་བར་རྟོགས་རྨར་མ་གྱུར་པ་དེ་ངོ་མཚོར་རོ།། གལ་ཏེ་ཁ་དོག་ལེག་སྨྲ་བ་ལ་སོགས ་པའི་ལུས་འདི་ཡིང་དུའོང་ཅིའི་ཕྱིར་ཁོ་བོ་འདོད་པ་སྐྱེའོ།། སྙམ་དུ་སེམས་དཔའ་ལ། སྦྱིན་བྲལ་ཞེས་སྨོས་ཏེ། སྤྲིན་བྲལ་ཞེས་བྱ་བ་ལ་སྤྲིན་མེད་པའི་ཉི་ཟེར་གྱིས། ཁ་བྱེ་བ་སྟེ། རྒྱས་པར་བྱས་པའོ།། མི་གཙང་བ་ནི ་རྩོག་པའོ།། ཞེན་པ་ནི་སེམས་གང་དག་ཞེན་པའོ།། མི་གཙང་བའི་གཟེབ་ནི་ལུས་པོའོ།། གཞན་ཡང་ས་ཕྱོགས་མི་གཙང་བསྡུ་གོས་པ་ཡང་ཅིའི་འདོད་པ་མི་བྱེད་ཅེས་བསྟན་པའི་ཕྱིར། ས་ཕྱོགས་ཞེས་ཏེ་གང་ལས་ཏེ་ལུས་ལས ་སོ།། དྭེ་ནི་སྟེ་མི་གཙང་བའོ།། བྱུང་བ་ནི་ལུས་ངའོ།། གཞན་ཡང་གལ་ཏི་ཞེས་བྱ་བ་ལ་སོགས་པ་ལ། མི་གཙང་བའི་གཞི་དེ་ཁ་དོག་སྨྱུང་ནས་བྱུང་བ་དེ་ཉིད་མི་གཙང་བའི་སྲ་བོན་ནོ།། དེས་ཞེས་པ་ནི་མི་གཙང་བ་ངོས་བསྐྱེད ་པའོ།། མཱི་གཙང་བ་ལས་ཡཱངངྒ་དག་པར་བྱུང་བ་ཉིད་མི་གཙང་བའོ།། སྲིན་ཞེས་པ་སྲོག་ཆགས་ཕྲ་མོའོ།། འདོད་མི་བྱེད་ཅེས་པ་ནི་མྲྀ་འདོད་པའོ།། མི་གཙང་མང་པོའི་རང་བཞིན་ནི་བྱུང་མེད་ཀྱི་ཁོག་པཱའོ།། ལུས་ནི ་བུད་མེད་ཀྱི་ལུས་སོ།། ང་ནི་མི་གཙང་བ་ཉིད་དངོས་སུ་བསྟན་པའི་ཕྱིར། ག་བུར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁར་བླུགས་ནས་ཕྱིར་བོར་བའི་ས་ནི་ཕྱིར་བྱུང་ནས་བོར་བའི་སའོ།། ཐེ་ཚོམ་ཞེས་པ་ནི་ཡིད་མི་ཆེས་ན་ཞེས ་པའོ།། དེ་ལྟར་ན་མི་གཙང་ཞེས་བྱ་བ་རྣགས་པ་དང་རུལ་བ་ལ་སོགས་ཡང་འབད་པས་བལྟ་བར་གྱིས་ཤིག་པའོ།། གཞན་ཡང་ལུས་ཞེས་བྱ་བ་ནི་རང་བཞིན་གྱིས་ཞེན་པ་ལྡོག་པ་ཉིད་ཡིན་པས་དེ་ལ་མངོན་པར་དགའ་བར ་མི་བྱའོ་ཞེས་བསྟན་པའི་ཕྱིར། གང་ཞིག་པགས་ཞེས་སྨོས་སོ།། ཙན་དན་ལ་སོགས་པས་བྱི་ངོར་བྱས་པའི་ལུས་དེ་ཇི་ལྟར་ན་མངོན་པར་དགའ་བར་བྱ་བ་ཡོན་སྙམ་པ་ལ། ལུས་ལ་ཞེས་སྨོས་ཏེ། བསྐུས་པ་ནི་ལེགས ་པར་བྱུགས་པའོ།། དྲི་སྟེ་དྲི་གུངང་ཞིང་སང་བག་ཅན་དེ་གཞན་མ་ཡིན་པ་ནི་ལུས་ལཱས་མ་ཡིན་པའོ།། གཞན་ཡང་དྲི་འདི་དོན་མེད་པ་ཉིད་དོ།། ཞེས་བསྟན་པའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། འདི་ལ་མ་ཆགས་པ་སྟེ་ཞེན་པར་མ་གྱུར་ནའོ།། དེ་ལྟ་ན་ལེགས་པར་དགེ་བ་སྟེ། ཆགས་པ་མེད་པའི་ཕྱིར་རོ།། དོན་མེད་པ་ནི་དམྱལ་བ་ལ་སོགས་པའི་རྒྱུ་ཡིན་པའོ།། དེ་ལ་དྲི་ཞིམ་སྟེ་ཙན་ངན་ནོ།། དྲི་ཡིས ་ཞེས་པ་ནི་ཙན་དན་གྱི་དྲི་དད་ཀྱིས་སོ།། འདིའི་ཕྱིར་ཡང་ལུས་ལ་བྱི་ངོར་བྱས་པ་ནི་དོན་མེད་པའི་རྒྱུ་ཉིད་དོ་ཞེས་བསྟུན་པོའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇིགས་པ་ནི་འཇིགས་སུ་རུང་བའོ།། རང་ལ་གནོད་པ ་ནི་བདག་ཉིད་ངན་འགྲོར་གཏོང་བར་བྱེད་པ་སྟེ། མཚོན་གྱིས་གཅོད་པ་བཞིན་གནོད་པར་བྱེད་པའོ།། མང་པོ་ཅི་སྒྲ་སྟོན་པ་སྟེ། ས་རྣམས་ཁེངས་སོ་ཞེས་བྱའོ།། དེ་བཞིན་འདི་ལྟར་རུས་གོང་ཞེས་བྱ་བ་ལ་སྩོགས་པ་ལ། ཡིད ་བྱུང་བ་ནི་འཇིགས་པའོ།། གཡོ་བ་ནི་རུསྣ་གོང་ངོ་།། ཁྱབ་པ་ནི་ཁེངས་པའོ།། གྲོང་གི་དུར་ཁྲོད་གྲོང་ཉིད་དུར་ཁྲོད་དང་འདྲ་བུས་ན་དུར་ཁྲོད་དོ།། གཞུན་ཡང་དེ་ལྟར་ཞེས་པ་ནི་འདས་མ་ཐག་ཏུ་མ་ཆོད་པའི་རིམ་པ་ལྟར་རོ།། དེ ་ཞེས་པ་ནི་ལུས་པའོ།། དོན་དེ་ལུས་པོའི་དོན་དུའོ།། སྒྲུབ་པ་ནི་ཟས་ནོར་ཉེ་བར་སྒྲུབ་པའོ།། དེ་བཞིན་དུ་བྱིས་པ་སྟེ། དྲོང་ཚད་མེད་པ་རྣམས་སོ།། ཅི་ཞེས་པ་ནི་རྣམ་པ་གང་གིས་སོ།། འདོད་པ་དང་ལྡན་པ་ཡང་དེ། ངན ་པ་ཡང་དེ་ཡིན་པ་ནི་འདོད་ལྡན་ངན་པའོ།། ཉིན་རངས་ཞེས་པ་ནི་ཉི་མ་རྒས་ཀྱིས་པར་རོ།། བྱེད་བགྲོད་ཅེས་པ་ནི་རྗེ་དཔོན་གྱི་བཀའ་ཡུལ་གཞན་དུ་བང་ཆེན་བཏང་བའོ།། ཁྱུད་འཁོར་ལོ་ཞེས་པ་ནི་ལོ་ཁྱུང་ཁོར་གྱིས་ཀྱང་ངོ་།། ་དེའི་དོན་ནི་བུད་སྨད་ལ་སོགས་པའི་དོན་ནོ།། གང་དོན་ཉིད་དུ་སྟེ། ཆུང་མ་ལ་སོགས་པའི་དོན་དུའོ།། དེ་ཞེས་པ་ནི་ཆུང་མ་ལ་སོགས་པའོ།། ལས་ཀྱི་སྟེ་བྱ་བ་མང་བོའོ།། ཤིང་དྲུང་ནི་ཤིང་ལོ་དྲུག་པའི་རྩ་བའོ།། སྲོག ་གཏོར་དུ་དོགས་པ་ནི་ཐེ་ཚོམ་ཟ་བཞིན་ནོ།། གཡུལ་དུ་ནི་འཐབ་གྲལ་དུའོ།། འཇུག་པ་ནི་རག་ཏུ་འཇུག་པའོ།། ཁེ་ཕྱིར་ཏེ་འདིར་རྙེད་པ་འདིས་འཚོ་ཞིང་གསོན་པོར་བྱའོ་ཞེས་པའི་ཁའི་དོན་དུ་སྟེ་རྙེད་པ་ལ་སོགས་པ་མི་ཐོབ ་བོ།། ཞེས་བྱ་བའི་དོན་ཏོ།། གང་འདོད་པ་ལ་ཞེན་པ་རྣམས་འདི་ཉིད་སྡུག་བསྔལ་བར་འགྱུར་བ་བསྟནྡ་པའི་ཕྱིར། འདོད་ལྡན་ཞེས་སྨོས་ཏེ། བཅད་པ་ནི་རཱལ་གྲི་ལ་སོགས་པས་སོ།། བཙུགས་པ་ནི་འཇེབས་པར་དཀའ་བའོ།། ། ་མདུང་ཐུང་ནི་མཚོན་གྱི་བྱེ་བྲག་གོ། བསྲེགས་པ་ནི་མེ་ལ་སོགས་པསོ།། གཞན་ཡང་འདོད་པའི་དོན་གྱི་ནོར་ནི་དོན་མེད་པར་འགྱུར་བ་ཉིད་དོ་ཞེས་བསྟན་པའི་ཕྱིར། བསག་དྲང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསག་པ་ནི ་ནོར་སོགས་པའོ།། བཻརླིག་པའི་གདུང་བ་ནི་སེམས་ཁྲལ་ལོ།། འདོད་ལྡན་རྣམས་ལ་ཞེས་བྱ་བ་ལ་སོགས་པ་ནི་མཇུག་བསྡུ་བ་སྟེ། ཉེས་དམིགས་ནི་གནོད་པའོ།། མང་བ་ནི་ཤིན་ཏུ་མང་བ་སྟེ། འདོད་ལྡན་རྣམས་ལའོ།། མནོག ་ཆུང་བ་ནི་ལོངས་སྤྱད་པའི་རྒྱུའོ།། ཆུང་བ་ནི་ཆུང་བ་ཉིད་དོ།། ལྔས་ཀྱི་ཞེས་པ་ནི་སྔོན་གྱི་ལས་ཏེ། དེས་མནར་ཅིང་བཅོམ་པའི་འདོད་པ་ཅན་རྣམས་ཀྱིའོ།། ཅི་སྟེ་བྱང་ཆུབ་ཀྱི་སྤྱོད་པ་ཡང་སྡུག་བསྔལ་ཆེ་བ་ཉིད ་དྲོ་སྙམ་པ་ལ། འདོད་པ་ངེས་པར་འཇིག་འགྱུར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ངེས་པ་ནི་གངན་མི་ཟ་བར་རོ།། འཇིག་པ་ནི་མི་བརྟན་པའོ།། དུབ་པའི་ཚོགས་ནི་སྡུག་བསྔལ་གྱིས་སོ།། དེའི་ཆེད་དུ་དབུ་པའི་ཚོགས་ཀྱིའོ།། ་བྱེ་བ་བརྒྱ་ཞེས་པ་ནི་བྱེ་བ་ཕྲག་བརྒྱ་བརྒྱར་བགོས་པ་སྟེ། དེའི་ཆ་ཤེས་སོ།། སངས་རྒྱས་ཉིད་འགྲུབ་པ་ནི་སངས་རྒྱས་ཉིད་ཐོབ་པ་སྟེ། སྡུག་བསྔལ་ཆུང་ངུ་ཉིད་ཀྱིས་སངས་རྒྱས་ཉིད་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། དེས་ན་བྱ ་ཆུབ་སེམས་དཔའི་སྡུག་བསྔལ་བས་འདོད་པ་དང་ལྡན་པ་རྣམས་ཀྱི་སྡུག་བསྔལ་ཤིན་ཏུ་ཆེ་བ་ལ་བྱང་ཆུབ་མི་འཐོབ་པོ།། དེ་ཇི་ལྟར་ན་སྡུག་བསྔལ་ཤིན་ཏུ་ཆེ་ལ་སྙམ་པ་ལ། དམྱལ་སོགས་ཞེས་སྨོས་ཏེ། འདོད་པ་ཅན་རྣམས ་ཀྱི་སྡུག་བསྔལ་དམྱལ་བ་ལ་སོགས་པའི་སྡུག་བསྔལྔ་གྱི་དཔེར་མི་པོདྲ་པ་ནི་སྤྱན་དུ་མེད་པའོ།། ཇི་ལྟར་ཞེ་ན། འདོད་ལྡན་རྣམས་ཀྱི་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ལུང་ནས་གསུངས་པ་དྲན་པར་བྱའོ།། དེ་ལྟར་ན་སུམས་རྣམ ་པར་དབེན་པ་བསྟན་ནས། དེའི་མཇུག་བསྡུ་བར་བྱ་བའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབེན་པ་ན་རྣམ་པར་རྟོག་པ་དང་བྲལ་བའོ།། སྐལ་ལྡན་ཞེས་པ་ནི་དགེ་བའི་ནོར་ཆེན་པོ་དང་ལྡན་པའོ།། ཟླ་བའི་འོང་ཉིད་དཀར ་པོ་ཉིད་དུ་ཆོས་མཐུན་ནས་ཙན་ངན་ཏེ་དེས་བསིལ་བའོ།། ཡངས་པ་ནི་དེ་བཞིན་དུ་ཡངས་པའོ།། ལང་བཟུངས་ནི། ཁང་སྟེགས་སོ།། སྒྲ་མེད་པ་ནི་ཁྱམས་དང་མི་འཕྲོད་པའི་སྒྲ་མེད་པའོ།། ཞི་བ་ནི་བག་ཀྱིས་སོ།། འཆག་པར་བྱེད་ཅེས ་པ་ནི་དངོས་པོའི་སྦྱོར་བའོ།། གང་དུ་ཇི་སྲིད་འདོད་པ་ནི་ནམ་རང་དགར་རོ།། གནས་པ་ནི་སྡོང་པའོ།། བལྟོས་པ་མེད་པ་ནི་རཾ་ལྟོས་དང་བྲལ་བའོ།། སྤྱོད་བ་ནི་རྒྱུ་བའོ།། ཡོ་བྱད་མེད་པའི་ཕྱིར་སྡུག་བསྔལ་ཕོངས་པ་རྣམས་ཀྱིས་ཇི་ལྟོར་བསམ ་གཏན་བསྒོམ་སྙམ་པ་ལ། རང་དབང་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དེ་ལ་སོགས་པ་ནི་ལུས་རྣམ་པར་དབེན་པ་ལ་སོགས་པའོ།། བསམ་བྱ་ས་ནཱས་ཞེས་པ་ནི་བསྒོམ་པར་བྱོས་ནས་ཞེས་བྱ་བ་སྟེ། བྱང་ཆུབ་ཀྱི་སེམས་ཟུང ་དུ་འཇུག་པས་བསྒྲུབ་པའོ།། བདག་དང་གཞོན་དུ་མ་མཉམ་པར་བྱང་ཆུབ་ཀྱི་སེམས་གོམས་པར་མི་ནུས་པས་བདག་དང་གཞན་དུ་མཉམ་པར་བསྟན་པའི་ཕྱིར། བདག་དྲང་གཞན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཞེས ་བྱ་བ་ནི་འཆད་པར་འགྱུར་བའི་ཚུལ་གྱིས་སོ།། ཇི་ལྟར་སྙམ་པོ་ལ། བརྗོད་པ་གང་བདེ་བ་དང་སྡུག་བསྔལ་མཉམ་པ་སྟེ། མཚུངས་པས་ནའོ།། ཉམས་གཅིག་པ་ནི་བདེ་བ་དང་སྡུག་བསྔལ་དག་བླང་ངོར་གྱི་རང་བཞིན་དུའོ།། ་གལ་ཏེ་མཚུངས་པ་ཡིན་པ་དེ་ལྟ་ན་ཁྱོད་ཀྱི་སྡུག་བསྔལ་གྱིས་གཞན་གྱི་རྒྱུད་ལ་ཅི་སྟེ་མི་གནོད་སྙམ་དུ་དོགས་པ་ལ། བདག་གི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་གི་ཕུང་པོ་ལ་ཆགས་པའི་མི་བཟོད་པ་ནི་བསྲན་པར ་དཀའ་བའོ།། དེས་ཅིར་འགྱུར་སྙམ་པ་ལ། བདག་གི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕན་པ་ནི་བདེ་བར་བྱ་བའོ།། སེམས་ཅན་ཉིད་བདག་རང་བཞིན་དུ་བྱ་བའོ།། འདི་སྙམ་དུ་འབད་འབུངས་ལ་བདག ་ལ་བདག་ཉིད་བདེ་བར་བྱ་བ་ལས་མ་གཏོགས་པ་གཞན་གྱི་སེམས་ཁྲལ་གྱིས་ཅི་བྱ་སྙམ་པ་ལྔ། གང་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏཽ། བདག་གཅིག་སྟེ་བདག་འབའ་ཞིག་གོ། དེ་ནརྀ་བདག་ཉིད་དོ།། གཞན་ཞེས་པ་ནི་ཕ་རོལ་ལོ།། ་གཞན་མིན་ཞེས་པ་ནི་ཕ་རོལ་པོ་དེའི་སྡུག་བསྔལ་ཅི་སྟེ་སྲུང་བར་མི་བྱེད་ཅེས་པའོ།། གཞན་ཡིན་པས་སོ་ཞེ་ན། དེ་ལྟ་ན་མ་འོངས་པའི་ལུས་ཀྱི་སྡུག་བསྔལ་ཡང་དེ་ལྟར་བདག་ལ་མི་གནོད་པས་བསླབ་པས་དེ་སྲུང་བར་མ་བྱེད་ཅིག ་ཅེས་པའོ།། དེ་ནི་ཞེས་པ་ནི་མ་འོངས་པའི་དུས་ཀྱིའོ།། གང་ཚེ་གང་གི་ཞེས་བྱ་བ་ལ་སོགས་པ་ལྔ་དེ་ཉིད་ཀྱིས་ཞེས་པ་ནི་གཞན་གྱི་གནན་གྱིམི་བསྲུང་བའོ།། བདག་གིར་འཛིན་ནི་ཕྱིན་ཅི་ལོག་ཏུ་འཛིན་པའོ།། བདག་ནི་བདག་ཏུ་བཟུང ་པའོ།། གཞན་ནི་གཞན་དུ་བཟུང་བའོ།། ནན་གྱིས་ཏེ་སྟོབས་ཀྱིས་སོ།། ཅི་སྟེ་རྒྱུད་ལ་སོགས་པ་གཅིག་པ་ཉིད་ཡོད་པ་མ་ཡིན་ནམ། དེ་ཇི་ལྟར་ན་གཞན་ཉིད་ཡིན་སྙམ་པཱ་ལ། རྒྱུད་དང་ཞེས་སྨོས་ཏེ། འདས་པ་ལ་སོགས་པའི ་སྐད་ཅིག་མ་ཉིད་ནི་མ་ཡིན་ཏེ། དཔེར་ན་གྲོགས་མོ་རིམ་པར་གནས་པ་ཉིད་ཕྲེང་བ་ཡིན་གྱི་གཞན་མ་ཡིན་པ་བཞིན་ནོ།། ཚོགས་པ་ཡང་ཚོགས་པ་ལས་གཞན་མ་ཡིན་ཏེ། འདུས་པ་རྣམས་ལ་དེ་ལྟར་ཐ་སྙད་དུ་བྱེད་པའི ་ཕྱིར་དཔེར་ན་དམག་ཅེས་བྱ་བ་གླང་པོ་ལ་སོགས་པ་ལས་གཞན་ཞིག་མེད་པ་བཞིན་ནོ།། དེས་ཅིར་འགྱུར་སྙམ་པ་ལ། གང་གི་ཞེས་སྨོས་ཏེ། གང་གི་སྟེ་བདག་གམ་གཞན་གྱིའོ།། དེ་ནི་སྡུག་བསྔལ་ལོ།། དེའི་ཕྱིར་བདག་པོ་མེད་པར་ནི་ཞེས ་བྱེ་བ་ལ་སོགས་པ་ལྔ། ངེས་པ་ཞེས་བྱ་བ་ནི་བདག་ཁོ་ནས་ཡིན་གྱི་གཞན་མ་ཡིན་ནོ་ཞེས་བྱ་བའོ།། བརྩད་དུ་མེད་པ་ནི་སྡུག་བསྔལ་བཟློག་པར་བྱ་བ་ཉིད་དུ་ཐམས་ཅད་ལ་གྲུབ་པའི་ཕྱིར་རོ།། ཐམས་ཅད་ཅེས་པ་གཞན་གྱི་ཡང་ངོ་།། ་བློཟློག་པ་ནི་བདག་གི་གཞན་དུ་གཞན་གྷྲྀ་ཡང་སྟེ། བདག་དང་ཐ་མི་དད་པར་ཉེ་བར་བཏགས་པའི་ཕྱིར་རོ།། མཱ་ཡིན་ན་ཕུང་པོའི་རང་བཞིན་གྱི་སྡུག་བསྔལ་ཡང་བཟློག་པར་བྱ་བཱ་མ་ཡིན་ཏེ། སྡུག་བསྔལ་ཐམས་ཅད་སེམས་ཅན ་གྱི་སྡུག་བསྔལ་བཞིན་ནོ།། ཅི་སྟེ་སྙིང་རྗེས་སྡུག་བསྔལ་མང་དུ་གྱུར་པས་ན་སྙིང་རྗེ་མ་བསྐྱེད་པ་ཉིད་མཆོག་ཡིན་ནོ་ཞེས་རྩོད་པ་བསླང་བའི་ཕྱིར། ཆེ་དུ་ཞེས་སྨོས་ཏེ། ནོན་གྱིས་ནི་འབབ་པས་སོ།། ལན་བརྗོད་པའི་ཕྱིར། འགྲོ ་བའི་ཞེས་སྨོས་སོ།། ལྡན་གཞན་ཡང་བརྗོད་པའི་ཕྱིར། གྲལ་ཏེ་ཞེས་སྨོས་ཏེ། སྤུ་དྲུག་བསྔལ་གཅིག་གིས་སྡུག་བསྔལ་མང་པོ་མེད་པར་འགྱུར་བའི་ལྟ་ན་སྡུག་བསྔལ་བསྐྱེད་པར་བྱ་བ་ཉིད་དོ།། དེས་ན་སྟེ་རྒྱུ་མཚན་དེའི་ཕྱིར།། ་བྱང་ཆུབ་སེམས་དཔའི་མེ་ཏོག་ཟླ་མཛེས་ཀྱིས་མངོན་པར་ཤེས་པའི་སྒོ་ནས་རྒྱལ་པོའི་གནོད་པས་བདག་ཉིད་འཆི་བ་ཤེས་ཀྱང་ངོ་།། ཡང་ན་རྒྱལ་པོ་ལ་གནོད་པ་སྟེ། འཇིག་རྟེན་ཕ་རོལ་ཏུ་སྡུག་བསྔལ་ལོ།། མ་བསལ ་ཁ་ནི་དེའི་ངོས་མ་བལྟས་པར་དམ་བཅས་པའོ།། ཞེས་བྱ་བའི་དོན་ཏོ།། ཟད་བྱས་ཏེ་སྡུག་བསྔལ་ཅན་གྱི་མི་མང་པོའི་ཀུན་ནས་ཉོན་མོངས་སེམས་ཀྱི་སྐད་ཅིག་རྣམས་ཟད་པར་བྱས་པ་ནི་དགག་པར་བྱས་པའོ།། ་ཡང་ན་སྡུག་བསྔལ་ཅན་དེ་གདུལ་བར་བྱ་བ་རྣམས་ཀྱི་རང་གི་དོན་ཉམས་པ་ནི་ཟད་པ་སྟེ། དེ་དག་རྣམས་ཀྱི་དོན་སྡུག་བསྔལ་ཟད་པ་དེ་ཡང་འདི་ལྟར་བདག་ཉིད་སྡུག་བསྔལ་བར་བྱས་པ་ཉིད་ལ་མཐོང་བ་ཡིན་ནོ།། འདི་ལྟར་རྒྱལ་པོའི ་གདན་སི་རིན་ཆེན་ལྡན་ཞེས་བྱ་བ་ནུ་རྒྱལ་པོ་དཔས་བྱིན་ཞེས་བྱ་བ་ལོག་པར་གྱུར་པས་རབ་ཏུ་བྱུང་བའི་བྱང་ཆུབ་སེ་མས་དཔའ་མེ་ཏོག་ཟླ་མཛེས་དང་བཅས་པ་བསྐང་ནས་ནགས་ནི་གནས་པ་དང་། མེ་ཏོག་ཟླ་མཛེས་ཤིན་ཏུ་སྙིང་རྗེས་མ ་བཟོད་ནས་དབེན་པ་ཞིག་ཏུ་སོང་སྟེ་བསམས་པས་འདི་ལྟར་བདག་གི་སྲོག་ལ་མ་བལྟས་ན་རྒྱལ་པོ་གཅིག་པོ་དང་འགལ་བ་ཙམ་མ་ཡིན་པ་གཞན་སེམས་ཅན་མང་པོའི་དོན་དུ་འགྱུར་རོ།། ཞེས་རིགས་ནས་དེ་ཚངས་པར་སྤྱོད་པ ་རྣམས་ལ་ང་ཆོས་སྟོན་དུ་འགྲོ་ཞེས་སྨྲས་པས། དེ་དག་གིས་བཀག་ཀྱང་མ་ཁེགས་པར་རྒྱལ་པོའི་གདན་སར་ཕྱིན་ནས་དེར་སེམས་ཅན་མང་པོ་ལ་ཆོས་བསྟན་པས་དེ་དག་རྣམས་མོས་པར་གྱུར་པ་རྒྱལ་པོས་གཟིགས་སོ།། གཟིགས ་མ་ཐག་ཏུ་ཞེ་སྡང་དང་བཅས་པའི་སེམས་ཀྱིས་གཤེད་མ་མི་དགའ་བྱེད་ཅེས་བྱ་བ་ལ་སོགས་པ་བསྒོ་ནས་རྐང་ལག་བཅད་དེ་བསང་བ་དང་དེར་དེའི་ལུས་ལ་མེ་ཏོག་གི་ཆར་བབ་པ་ལ་སོགས་པ་རྨད་དུ་བྱུང་བའི་མཚན་མ་རྣམ་པ ་དུ་མ་གཟིགས་པས་དགེ་སློང་འདི་ནི་ཆེན་པོར་གྱུར་པ་གཅིག་འདུག་པ་ལ་སྙམ་ནས་འགྱོད་པ་དྲག་པོ་སྐྱེས་པར་གྱུར་ཏོ།། དེ་ལྟ་བུའི་བདག་ཉིད་ཀྱི་སྡུག་བསྔལ་མེད་དོ་ཞེས་བསྟན་པའི་ཕྱིར། དེ་ལྟར་ཞེས་སྨོས་ཏེ། དེ་ལྟར་ཏེ་བདག་དང་གཞན ་མཉམ་པར་རོ།། རྒྱུད་ནི་གང་སེམས་ཀྱི་རྒྱུན་ནོ།། བསྒོམས་ནི་དེ་དག་ཏུ་བྱས་པའོ།། གཞན་གྱི་སྡུག་བསྔལ་གྱིས་མཚུངས་པར་སྡུག་བསྔལ་བ་ནི་གང་དགའ་བ་སྟེ། བདེ་བའི་རྒྱུ་ཡིན་པས་གང་བདག་ཉིད་བདེ་རུ་ཟིན་ཀྱང་གཞན ་གྱི་སྡུག་བསྔལ་གྱི་ས་སྡུག་བསྔལ་པཉིད་དོ་ཞེས་བྱ་བའི་དོན་ཏོ།། ཡང་ན་གང་དག་གཞན་གྱི་སྡུག་བསྔལ་ཞི་བ་སྟེ། རྣམ་པར་ཉམས་པ་ལ་དགའ་བའོ།། གཞན་ཡང་སེམས་ཅ་ནཱི་གྲོལ་བ་ལ་དགའ་བ་ནི་མང་པོ་ཉིད་དེ། དེ་ཉིད་བདེ ་བ་མཐར་ཕྱིན་པ་སྟེ། ཤིན་ཏུ་ཡོངས་སུ་རྫོགས་པ་ཐོབ་པར་བྱེད་པ་ནི་མཐར་པ་ཐོབ་པ་བྱས་ལྷག་པ་སྟེ། གང་ཐར་པ་ཐོབ་པས་ཀྱང་དེའི་རྗེས་ལ་གཞན་དགའ་བའི་དོན་ཉིད་བྱེད་པའི་ཕྱིར་རོ།། དེས་ན་ཐར་པ་ནི་བདེ་བ་དེ་ལ་བལྟོས་ན་རོ། ་བྲལ་ཏེ། བཅུད་མེད་པ་ཉིད་དེ།། དེས་ན་བདག་དང་གཞན་དུ་མིཉམ་པར་འཐོབ་པ་དེའི་ཕྱིར་གཞན་གྱི་དོན་བྱས་ཀྱང་རློམ་སེམས་དྲང་ངོ་མཚར་ཏེ་ཡ་མཚན་ཚེར་རྒྱུ་མེད་པའོ།། རྣམ་སྨིན་འབྲས་བུ་ནི་གང་ལས་ཀྱི་རྣམ་པར་སྨིན་པ ་སྟེ་དེ་ལ་ཡང་རི་ལྟོས་མེད་པའོ།། དེ་བས་ཞེས་བྱ་བ་ལ་སོགས་པ་ནི་མཇུག་བསྡུ་བ་སྟེ། ཆུང་ངུ་ན་ཞེས་བྱ་ནི་བག་ཙམ་མོ།། མི་སྙན་པ་སྟེ་སྨོད་པའོ།། བསྲུང་བ་ནི་སྦ་བའོ།། ཡང་ཇི་ལྟར་ན་བདག་གཞན་མཉམ་པའི་དུས་སུ་གཞན ་གྱི་ལུས་ལ་བདག་ཏུ་བཟུང་བར་བྱ་སྙམ་པ་ལཱ། གོམས་པ་ཞེས་སྨོས་ཏེ། གོམས་པ་ནི་ཡང་ནས་ཡང་དུ་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་ཞུགས་པས་སོ།། གཞན་དག་གི་ཁུ་བ་དང་། ཁྲག་གི་ཐིག་པའི ་དངོས་པོ་ལ་བདག་མེད་ཀྱང་བདག་ཏུ་རློམས་ཏེ་བཟུང་བས་རིང་གི་སྙམ་པའི་འདུ་ཤེས་སྐྱེ་བུར་འགྱུར་བ་ནི་བུའི་བློ་ལའོ།། དེ་བཞིན་ཞུས་པ་ནི་གོམས་ནའོ།། གལ་ཏེ་གཞན་གང་ཡིན་པ་ནི་དེ་ཉིད་བདག་ཏུ་བྱས་པའི་ལྟ་ན་བདག་གཞན ་མཉམ་པར་མི་ནུས་ཏེ། དེ་ནི་ཐ་དད་པར་གྱུར་པའི་ཕྱིར་རོ་སྙམ་པ་ལ། བདག་གི་ལུས་ནི་ཞེས་སྨོས་ཏེ། དཀའ་བ་མེད་ཅེས་བྱ་བ་ནི་ཚེགས་མེད་པའོ།། བདག་དང་གཞན་དུ་མཉམ་པ་བསྟན་ནས། བདག་དང་གཞན་དུ་བརྗེ་བ་བསྟན ་པའི་ཕྱིར། བདག་ཉིད་ཅེས་སྨོས་ཏེ། གཞན་བླང་ཞེས་པ་ནི་གཞན་རྣམས་ལ་བདག་གོ། སྙམ་པའི་བློ་བསྐྱེད་པའོ།། སོ་སོ་སོ་སོར་བདག་དང་གཞན་དུ་བཛྲ་བར་ཇི་ལྟར་ནུས་ཤེ་ན། ཇི་ལྟར་ཞེས་སྨོས་ཏེ། ཇི་ལྟར་ལུས་ཀྱི་ཡན་ལག ་ཐ་དད་དུ་ཟིན་ཀྱང་ཞེན་པའི་ལུས་པོ་གཅིག་ཏུ་ཐ་སྙད་བྱེད་པ་ལྟར་འགྲོ་བའི་ཡན་ལག་ཐ་དད་པར་གྱུར་པ་ལ་ཚོགས་པའི་རྣམ་པར་འགྲོ་བ་ཞེས་བྱ་བ་གཅིག་ཉིད་དུ་བཟུང་ལ་འགྲོ་བ་དེ་དང་བནྡྷ་བར་བྱའོ།། བདག་དང་གཞན་དུ་རྗེ་བ་འཐད ་པ་བསྟན་པའི་ཕྱིར། ཇི་ལྟར་བདག་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆུང་ངུ་ཞེས་བྱ་བ་ནི་མངོན་པར་འདོད་པ་མྱུར་དུ་བསྒྲུབ་པའོ།། མི་སྙན་པ་ནི་དགའ་བ་ལས་བཟློག་པའི་སྦྱོར་བ་ལ་སོགས་པས་སྡུག་བསྔལ་ལོ།། བསྲུང ་ཞེས་པ་ནི་སྤང་བའོ།། དེ་བས་ཏེ་དེ་ཉིད་ཀྱི་ཕྱིར་ལུས་དང་སེམས་བསྲུང་བ་ལྟ་ཞོག་མཚན་ཏེ་མིང་ཡང་བྱིན་གྱིས་བརླབས་སོ་ཞེས་འབྲེལ་ཏོ།། འཁོར་ནི་ཚོགས་པའོ།། བསལ་བ་ནི་འཇིགས་པ་མེད་པར་བྱ་བའོ།། དེ་ཉིད་དམ་དེ་ལས ་འཇིགས་པ་གཞན་མང་ངོ་།། གཞན་ཡང་དཀའ་བ་རྣམས་ལས་ཕྱིར་ལྡོག་པར་མི་བྱ་བའི་རིགས་པོ་བསྟན་པའི་ཕྱིར། དཀའ་བ་ཞེས་སྨོས་ཏེ། མཐུ་ཞེས་པ་ནི་ནུས་པའོ།། ད་ནི་བདག་དང་གཞན་དུ་བརྗེ་བོའི་ཚིགས་དངོས་སུ་བསྟན ་པའི་ཕྱིར། གང་ཞིག་ཅེས་སྨོས་ཏེ། གསང་བ་ནི་དམན་པ་རྣམས་ལ་བསྟན་པར་མི་བྱ་བའི་ཕྱིར་རོ།། དམ་པ་ནི་བྱང་ཆུབ་སྒྲུབ་པ་ཡིན་པའི་ཕྱིར་རོ།། གཞན་ཡང་བདག་ལུས་ཞེས་བྱ་བ་ལ་སོགས་པ་ལ་ནི་བདག་གི་ལུས་ལ་ཆགས ་པ་ནི་ཞོན་པའོ།། བདག་འཇིགས་པར་བྱེད་པས་ན་འཇིགས་པའོ།། ཆུང་ངུ་སྟེ། ཚེར་མཾ་ལ་སོགས་པའོ།། ནད་ནི་ནང་ཆེ་བ་འོ།། ལམ་སྐུགོས་བྱེད་ཅེས་པ་ནི་གཞན་ལ་རྐུ་བ་ཤམ་པོའི་ཕྱིར་ལམ་དུ་སྒུགས་པར་བྱེད་པའོ།། སྲུང ་བར་བྱེད་པ་ནི་སྐྱོང་བར་བྱེད་པ་སྟེ་གཞན་གྱིས་དམ་པར་བྱེད་པའོ།། མཆོད་པར་བྱེད་པ་ནི་གྲོས་ལ་སོགས་པས་སོ།། བདག་ཉིད་ཀྱི་སྐྱོན་རྣམས་བརྗོད་ནས་བདག་གི་དོན་དང་གཞན་གྱི་དོན་སྤོང་པོའི་སྐྱོན་དང་། ཡོན་ཏན་བརྗོད་པར་བྱེད་རྣོ་བའི ་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་ཉིད་གསལ་བར་བསྟོན་པའི་ཕྱིར། བདག་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདེ་འགྲོ་ནི་ལྷ་དང་མི་ལ་སོགས་པའི་འགྲོ་བའོ།། རིམ་གྲོ་ནི་བཀུར་སྟིའོ།། བློ་ནི་ཤེས ་རབ་འཕེལ་བར་འགྱུར་བའོ།། དེ་ཀུན་རང་བ་དེ་འདོད་ལས་བྱུང་ཞེས་པ་དང་། བྷིས་པ་རྣམས་དང་ཐུབ་པའི་ཁྱད་པར་ཏེ་བྱེ་བྲག་ལྟོས་ཤེས་བྱ་དང་འབྲེལ་ཏོ།། སངས་རྒྱས་ཉིད་བསྒྲུབ་བྱར་བྱ་བ་ཁྲུས་མི་ལེན་དུ ་ཆུག་དེས་འཁོར་བར་བདེ་བ་ཡང་ཐོབ་པར་མི་འགྱུར་བ་སྟེ། བཱདག་དང་གཞན་དུ་མ་བི་རྗེས་པར་ལྷ་མིའོ་གོ་འཕང་ཐོབ་པར་མི་འགྱུར་ཞེས་པའོ།། དཔེར་ན་བྲན་གཡོག་ལོས་བྱེད་དུ་མ་བཏུབཱ་ན་རྗེ་དབེན་གྱི་འཚོ་བོ་ལྔ་སོགས་པ་མི ་སྦྱིན་ཞིང་། རྗེ་དཔོན་འཚོ་བ་སྟེར་དུ་མ་བཏུབ་ན་དྲིན་གཡོག་གིས་ལས་མི་བྱང་པ་བྱེད་པ་བཞིན་ནོ།། མཐོང་བ་དང་མ་མཐོང་བ་ལ་བདེ་བར་འགྱུར་བ་ནི་བདེ་བར་ནུས་པའོ།། བདེ་སྐྱིང་བདི་ནིང་སྐྱིང་བའོ།། བདག་འཛིན་ནི་ངར་འཛིན་པའོ།། ་དེས་ཞེས་པ་ནི་བདག་ཏུ་འཛིན་པས་སོ།། ད་ལྟར་ཞེས་བྱ་བ་ལ་སོགས་པས་མཇུག་བསྡུ་བར་བྱེད་དོ།། བདག་དང་གཞན་དུ་བརྗེ་བ་རབ་ཏུ་བསྒྲུབས་ནས། འདིར་བསྟན་པར་བྱ་བའི་རང་གི་ཡིད་ལ་རྗེས་སུ་གདམས་པ་བསྟན་པར་བཞེད་ནས། ་བདག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། བདག་ཉིད་ཀྱིས་དགོངས་པ་ཡང་བསྒྲུབ་པར་བྱ་བ་མ་ཡིན་ནམ། ང་ཇི་ལྟར་གཞན་འབའ་ཞིག་བསྒྲུབ་པར་བྱ་སྙམ་པ་ལ། གཞན་དབང་ཞེས་སྨོས་ཏེ། ཁྱོད་ཀྱིས་བདག་དང་གཞན་དུ་བརྗེས ་པས། མིག་ལྀ་སོགས་པ་གཞན་གྱི་དབང་དུ་གྱུར་པ་ཡིན་ལ། གཞན་དབང་ངེས་རང་དོནཽ་ཏ་རང་བདེ་བར་བྱ་བའི་ཆེད་དུ་ཡུལ་ལ་ལྟ་ལ་སོགས་པ་བསྒྲུབ་པར་རིགས་པ་མ་ཡིན་ནོ།། ཚིགས་བཅང་ཕྱེད་གོང་མས་མིག་ལ་སོགས་པ ་བཟུང་སྟེ། བརྗོད་ནས་ཕྱེད་འོག་མས་ལག་པ་ལ་སོགས་པ་བྱེ་བྲག་ཏུ་སྨོས་སོ།། དེས་ན་སྟེ་དེའི་ཕྱིར་རོ།། སེམས་ཅན་དབང་བྱས་ཏེ་སེམས་ཅན་གཞན་གྱི་དབང་དུ་གྱུར་པར་བྱས་ནས་གང་གོས་ལ་སོགས་པ་དེ་དག་ནི་ལུས་ལས་ཕྲོགས ་ཤིང་ལོང་ལ་གཞན་དག་ལ་སྟེ་སེམས་ཅན་ལྔ་ཕུན་པ་རབ་ཏུ་སྤྱོད་ཅིག་པའོ།། དམན་སོགས་ཏེ་ཆུང་བ་ལ་སོགས་པའོ།། རྣམ་རྟོག་མེད་པར་ཏེ་ཐེ་ཚོམ་མེད་པས་སོ།། ཕྲག་དོག་ལ་སོགས་པ་བསྒོམས་པ་དེ་ཉིད་བསྟན་པའི་ཕྱིར། ་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་ཆེ་བར་གྲགས་པ་དང་བདག་ལ་མེད་པར་གྲགས་ཤེས་བྱ་བ་གཉི་ག་ཡང་མི་འདོད་པའི་ཚིག་གོ།། བདག་ལ་ཡོན་ཏན་མེད་པས་ཁྱོད་ལ་ཅི་གོད་དེ། རང་ཉིད་ཡོན་ཏན་དང་ལྡན་པ ་ཉིད་ཀྱི་ཚིག་མེད། ཁོ་བོ་ཅག་གི་སེམས་ཁྲལ་གྱིས་ཅི་བྱ། གང་བདག་ལ་ཡོན་ཏན་མེད་ཅེས་བྱ་བ་དེ་དག་ཀྱང་ཁྲུས་བླངས་ནས་བརྗོད་པ་སྟེ། རྣམ་པ་ཐམས་ཅད་དུ་ཡོན་ཏན་མེད་པ་ནི་མ་ཡིན་ནོ།། དེའི་ཕྱིར་ཡོན་ཏན་ཐམས་ཅད་དང ་ལྡན་པར་བྱའོ།། དེ་ཉིད་བསྟན་པར་བྱ་བའི་ཕྱིར་གྲང་ནཱ་ཞེས་སྨོས་ཏེ། འཇིག་རྟེན་པའི་ནང་ན་རོ།། འདི་ཞེས་པ་ནི་སྔར་གྱི་བདུག་གི་དངོས་པའོ།། བདག་ཅེས་པ་ནི་གཞན་གྱི་དངོས་པོའོ།། ཡང་ན་ཚུ་ལཱྀ་ཁྲིམས་ཀྱིས་ཕོངས་པ་ལ ་སོགས་པོ་དེས་ཁྱོད་དམན་པ་ཉིད་ཀྱིས་ཁོ་བོ་ནི་མ་ཡིན་ནོ་ཞེས་ཟེར་ན། ཚུལ་ཁྲིམས་ཞེས་སྨོས་ཏེ། ཚུལ་ཁྲིམས་ཀྱིས་ཕོངས་པ་ནི་ཚུལ་ཁྲིམས་འཆལ་པ་ལ་སོགས་པའོ།། ལྟ་བས་ཕོངས་པ་ནི་སྦྱིན་པ་མེད་དོ་ཞེས་བྱ་བ་ལ ་སོགས་པའི་རྣམ་པས་ལོག་པར་ལྟ་བུ་རྣམས་སོ།། འཚོ་བས་ཕོངས་པ་ནི་ཞིང་ལས་ལ་སོགས་པས་འཚོ་བ་རྣམས་ཏེ། དེ་དག་ཐམས་ཅད་ཀྱང་ཉོན་མོངས་པའི་སྟོབས་ཏེ། ནུས་པས་ཡིན་གྱི་བདག་གི ་འདོད་པས་ནི་མ་ཡིན་ནོ།། ཅི་སྟེ་ཁྱོད་ཀྱིས་ནུས་པས་ལྟ་ན་ནི་དེའི་ཚེ་བདག་སོས་ཤིག་དང་ཁྱོད་ལ་ཅི་རིགས་པར་བྱ་བའི་རྫ་ཆན་མི་བྱ། ནུས་ཚད་ཀྱི་གནོད་པ་དང་ན་ཚ་ཡང་བདག་གིས་བསྲན་པར་བྱའོ།། བདག་ཅེས་པ་ནི་གཞན་དུ ་གྱུར་པའོ།། བརྙས་པ་ནི་རྔན་ཅན་ནོ།། ཡོན་ཏན་དེ་དག་གི་བདག་ལ་ཅི་བྱ་སྟེ། དགོས་པ་ཅི་ཡོད་ཅེས་བྱ་བའོ།། འདི་ནི་ཞེས་པ་ནི་སྔར་གྱི་བདག་ཡོན་ཏན་དང་ལྡན་པ་སྟེ། དེས་ཀྱང་བདག་ལོ་ཅི་ཡང་བྱར་མེད་དོ།། ངན་འགྲོ ་སྟེ་སེང་གེ་ལ་སོགས་པའི་ཁྱེར་རོ།། བཟའ་བར་འདོད་པ་ནི་གཞན་ཟིལ་གྱིས་མནན་པར་འདོད་པའོ།། དེ་ལྟར་མཐོང་བ་རྣམས་ལ་ཕྲག་དོག་བྱ་བ་བསྟན་ནས། མཉམ་པོ་རྣམས་ལ་འགྲན་པར་བྱ་བར་བསྟོན་པའི་ཕྱིར། བདག་དང ་མཉམ་པ་ལ་ཞེས་སྨོས་སོ།། བདག་སྟེ་གཞན་དུ་གྱུར་པ་ལ་གཞན་པོའི་མིའི་ཡོན་ཏན་ལ་སོགས་པས་མཉམ་པ་སྟེ། མཚུངས་པ་ལ་བལྟོས་ནས་འགྲན་སེམས་ཀྱིས་ལྷག་པར་ཞེས་བྱ་བའི་དོན་གྱིས་ཏེ། གང་རྩུག་བྱས་ནས ་ཀྱང་བདག་རྙེད་པ་དང་བཀུར་སྟི་ལ་སོགས་པས་ཡང་ལྷག་པར་བྱ་བ་སྟེ། རྙེད་པ་དང་བཀུར་སྟི་ནི་ཞེས་པ་ནི་བསྡུ་བར་བྱས་པའོ།། དེ་ཚེ་གཞན་གྱི་ལ་རྩོད་པ་ཡིས་ཀྱང་བདག་གིས་ཞེས་རློམ་ཞིང་བསྒྲུབ་པར་བྱའོ།། ཀྱང་ཞེས་པ ་ནི་སྲིད་པའི་དོན་ཏོ།། གཉིས་པ་ནི་ངེས་པར་བཟུང་བའི་དེའོ།། བདག་ནི་ཞེས་པ་ནི་གཞན་ནོ།། འདི་ལ་མིན་ཞེས་པ་ནི་སྔར་གྱི་བདག་ལྷའོ།། ལེགས་རྙེད་ཅེས་བྱ་བ་ལ་གྱུར་ཞེས་བྱ་བ་ལྷག་མའོ།། མ་རུངས་པར་བྱས་པ་ནི་རྙེད་པ་ལ་སོགས ་པས་བསླུས་པའོ།། གཞང་གང་དེ་སྐྱོན་བརྗོད་པས་གཞང་གང་བྱ་བའོ།། སྨོན་པ་ནི་འཚང་འདྲུ་བའོ།། ཉོན་མོངས་ཞེས་བྱ་བ་ནི་ལྟས་ངན་ཞེས་བྱ་བའོ།། འགྲན་པ་ནི་མཱཉམ་པར་རེ་བའོ།། ཐོས་པ་སྟེ་བསྟན་བཅོས་ལ་སོགས ་པ་ཐོས་ཙཱ་པ་དང་། ཤེས་རབ་དང་། གཟུགས་དང་རིགས་དང་ནོར་རྣམས་ཀྱཾས་ཙཱི་རྱེ་ཞིག་འདི་དང་མཉམ་མམ་སྟེ། མཚུངས་སུམ་ཞེས་བྱ་བའོ།། ཡོན་ཏནྡ་ཞེས་པ་ནི་གཞན་གྱི་ཡོན་ཏན་ཆེན་པོ་ཉིད་དུ་གྱུར་པ་སྟེ་དེ་ཉིད་བསྒྲུབ ་པ་ཡང་ཡིན་ནོ།། ཅི་སྟེ་བརྒྱ་ལམ་ཞིག་ན་འདི་རྙེད་པ་དང་ལྡནྡ་པཱར་གྷུར་སྲིད་ན་དེའི་ཚེ་དྷཱི་ལྟར་དུ་བྱཱ་སྙམ་པ་ལ། འདི་ལ་ཞེས་སྨོས་ཏེ། ཀྱོང་ཞེས་པ་ནི་སྲིད་ནའི་དོན་ཏོ།། ཅི་ཐམས་ཅད་བླང་བར་བྱ་བ་ཁོན་ཡིན་སྐྱེམ་པ ་དྲའི་ཞེས་སྨོས་ཏེ། གལ་ཏེ་དེའི་བཀའ་བསྒོ་བ་བཞིན་བྱེད་ན་དེའི་ཚེ་འཆི་བ་འམ་སྟེ། ཚེ་ཕྱེད་ཙམ་ལྟ་ངནྡ་འདི་ལ་སྦྱིན་པར་བྱའོ།། གཞན་ཡང་འདི་གལ་ཏེ་བདེ་ཞིང་སྐྱིང་པར་གྱུར་ན་དེའི་ཚེ་དེ་ལ་ས་ཉམས་པར་བྱ་ཞིང་བདག་གི ་ཇི་ལྟར་གནོད་པར་འགྱུར་བའི་གནོད་པ་ལ་ཡང་སྦྱར་བར་བྱ་སྟེ། དེ་བཞིན་དུ་འདི་གཞན་གྱི་སྡུག་བསྔལ་གྱིས་སྡུག་བསྔལ་བར་བྱའོ།། ཞེས་བྱ་བའི་དོན་ཏོ།། ད་ནི་རི་རིམ་གྱིས་རིགས་པ་འཇམ་ཕུགས་ཉིད་ཀྱིས་གདམས་པར ་བྱ་བའི་ཕྱིར། ཡིད་ཁྱོད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱེད་འདོད་པ་ནི་ཤེས་པར་འདོད་པའོ།། དྲལ་བ་ནི་རང་གི་དོན་ལ་ཐང་ཆད་པའོ།། དེ་ལྟར་དེའི་བཀའ་ཆོག་འཇམ་པའོ།། གདམས་པ་ལྟར ་འདིར་གཞན་གྱི་དོན་ལ་ཡང་རང་གི་ལ་འཇུག་པ་བཞིན་དུ་ཞུགས་ཤིག་པའོ།། ངས་པོར་ཞེས་པ་ནི་མ་དཔྱད་པར་ཞེས་བྱ་བ་སྟེ། ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་ལ་ཧ་ཅང་དཔྱད་པར་བྱ་བ་མ་ཡིན་པའི་ཕྱིར་རོ།། མི་སླུ་བ་ནི་དོན ་ཇི་ལྟ་བ་བཞིན་དུའོ།། ལས་འདི་ཞེས་པ་ནི་གཞན་གྱི་དོན་གྱི་མཚན་ཉིད་དོ།། ཕུན་སུམ་བདེ་བ་ནི་བདེ་བ་ཕུན་སུམ་ཚོགསྒོ་བའོ།། ཇི་ལྟར་ཞིག་སྙོམ་པ་ལ། སངས་རྒྱས་ཏེ་སངས་རྒྱས་ཉིད་ཕུན་སུམ་ཚིགས་པའོ།། ། འཇུག ་བསྡུ་བའི་ཚུལ་གྱིས་སེམས་བརྟན་པར་བྱ་བའི་ཕྱིར། དེ་བས་ཞེས་སྨོས་ཏེ། བྱ་མ་རྟ་ཞེས་བྱ་བ་བྱས་པ་བཞིན་དུ་བྱ་བའི་རྟོག་ཆེན་བྱ་བའོ།། བརྟགས་ནས་གཞན་གྱིས་མ་བཤིག་པར་རོ།། ཡང་ཕྲག་དོག་བསྒོམ་པ་བསྟན ་པར་བྱ་བའི་ཕྱིར། བདག་སྐྱིད་ཅེས་བྱ་བ་ལ་ས་གྲྀས་པ་སོགས་པཱ་སྨྲས་ཏེ། བདག་ཕྲག་དོག་བྱེད་པ་ཡང་སྔར་གྱི་བདག་ལའོ།། སྐྱོན་ནི་ཉེས་པའོ།། རང་གི་ཞེས་པ་ནཱི་སྔར་གྱི་བདག་གོ། གཞན་གྱི་གླགས་དེ་རབ་ཏུ་གསལ ་བར་བྱ་བའི་ཕྱིར། རང་གི་གྲགས་པ་བསལ་བའི་ཕྱིར་ཏེ་སྨད་པར་གྱིས་ཤིག་པའོ།། བྲན་གྱི་མཐའ་མ་ནི་ཤིན་ཏུ་དམན་རིགས་སོ།། བཀོལ་བར་གྱིས་ཤེས་པ་ནི་ལེས་ལ་ཆུ་གཅིག་པའོ།། གློ་བུར་ཡོན་ཏན་ཞེས ་པ་ནི་སོ་སོའི་སྐྱེ་བོ་རྣམས་ཀྱི་ཡོན་ཏན་ཕལ་ཚྭར་མི་བརྟན་པ་ཡིན་པའི་ཕྱིར་རོ།། ཆ་ནི་དེའི་ཆ་ཤས་སོ།། གཞན་ལ་གནོད་བྱས་ནི་གཞན་ལ་གནོད་པ་བྱས་པའོ།། གནོད་དེ་སྡུག་བསྔལ་དེའོ།། གཉའ་དྲག་པ་ནི་ཁོག་ཤེད་སྐྱེས་པའོ།། ་ཤེད་སྐྱེས་པ་ནི་རྣམ་སྨིན་ཆེ་བའོ།། ངོ་ཚ་བ་ནི་བྱ་བར་མི་འོས་པའི་ལུས་ལ་ཞུམ་པའོ།། འཇིགས་པ་ནི་ཉམས་ཀྱི་དོགས་པས་སྐྲག་པའོ།། བསྡམས་པ་ནི་དབང་པོ་བརྟུལ་བའོ།། དེ་ལྟར་ལུས་འདི་དབང་དུ་བྱ་བར་རིག་པོ་ལས་འགལ ་ཏེ། འོངས་ན་ནི་ཆད་པས་བཅད་པར་བྱ་སྟེ། གནོད་པ་སྐུལ་བར་བྱའོ།། ད་ནི་སེམས་ལ་ཆད་པ་བཅད་པར་བྱ་བའི་ཕྱིར། འོན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བརླག་པ་ནི་དམྱལ་བ་ལ་སོགས་པར་ཁྲིང་བའོ།། དྲེགས་པ་སྟེ་ཁོང ་རྒྱུགས་པའོ།། དཔུང་དུ་དོན་ཡོད་དོ་སྙམ་ནུས་དོན་ལ་སྒྲ་ར་བར་བྱེད་པ་ད་རྱ་ལ་གཞན་གྱི་བྱ་བ་ལ་ཞུགས་རོ་ཤིག་པོའོ།། སྐྱོ་བ་སྟེ་སྡུག་བསྔལ་གྱིས་སོ།། གལ་ཏེ་ནི་ཙཱི་སྟེའོ།། འོ་ག་མེད་པ་ནི་ཉམས་པའོ།། དེ་ལྟར་ཞེས་བྱ་བ་ནི་དེ་ལྟར ་ཁྱོད་དང་རྗེས་སུ་མཐུན་པའི་སྤྱོད་བུ་སྒྱིད་བུའི་རྒྱུ་མཚན་གྱིས་ཁྱོད་ཀྱིས་ཁྲོ་བོ་དམྱལྟ་བའི་སྲུང་མ་རྣམས་ལ་བྱིན་ནས་དུ་ས་རིང་དྲི་སྟུག་ཅིང་བསྔལྟ་བའི་སྣོད་འབའ་ཞིག་བྱས་པར་འགྱུར་རོ།། རླུང་དོན་ཏེ་རང་འདིང་ངོ་།། སྙོམས་པ་ནི ་དམན་པ་སྟེ་བྲན་དང་འདྲ་བའོ།། གཞོ་མོ་ཞེས་པ་ནི་འགལ་བར་བྱེད་པའོ།། ངོ་ནི་འཇམ་ཕྱོགས་ཀྱི་རིགས་པས་སེམས་ལ་བསླབ་པར་བྱ་བའི་ཕྱིར། དེ་སྟེ་ཞེས་སྨོས་ཏེ། བདག་ཅེས་བྱ་བ་ནི་ཕུང་པོ་ལྔའོ།། དགའ་བ་ནི་ཀུན་ནས ་ཆགས་པའོ།། རང་ལ་དགའ་བ་ནི་རང་བྱིས་པ་སྟེ། འགྲོ་སར་འགྲོ་བར་མི་འདོད་པའོ།། བསྲུང་བར་འདོད་པ་ནི་ངན་གློ་ལས་སོ།། བསྲུང་བར་བྱ་བ་ནི་ལོག་འཚོ་བཱ་ལ་སོགས་པས་སྦྱོང་བ་རྣམས་སྲུང་མ་གཞན་དག་གི ་དོན་ལ་ངེས་པར་སྦྱར་རོ།། ཞེས་བྱ་བའི་དོན་ཏོ།། གལ་ཏེ་སྦྱངས་ནི་སྐྱོན་ཅི་ཡོད་སྙམ་པ་ལ། ཇི་ལྟ་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱོང་བུ་བཟོ་བྱས་སོ།། གཟེ་རེ་ཅན་ཏེ་ཤིན་ཏུ་སྲན་ཆུང་བ་རཱ་རོ།། ལྟུང་བ་ནི་དགེ་བ་ལ་ཉམས ་པར་འགྱུར་བའོ།། འདི་ནི་སྟེ་ལུསཽ་བོའོ།། ད་ལྟར་སྟེ་བ་དཾ་བ་ལ་རྔམ་པས་ལྷུང་ཡང་དེ་ལ་ཀུནི་ཆགས་པའོ།། འདོད་པ་ནི་ཁོང་བསྐམ་པའོ།། དེའི་འདོད་པ་སུས་བྱེད་ནུས་ཞེས་པ་ནི་སུས་ཀྱང་དགའ་བར་མི་ནུས་སོ།། ཞེས་བྱ་བ་སྟེ། དཔེར་ན ་རྒྱལ་པོ་ང་ལས་ནུས་འཛམ་བུའི་གླིང་ལ་དབང་བྱས་ཏེ། དེས་མ་ཆོག་ནས་གླིང་བཞི་ལ་དབང་བསྒྱུར་བའི་དབང་ཕྱུག་ཏུ་གྱུར་ནས་ཀྱང་བརྒྱ་བྱིན་གྱི་ཕྱེད་སྟན་ཐོབ་ལ་དེས་ཀྱང་ཚིག་པར་མ་གྱུར་པ་བཞིན་ནོ།། གཞན་ཡང་འདོད་པོ་བྱེད་མི་ནུས་པ ་ནོ་ཐ་ཆད་དོ།། ཉོན་མོངས་པ་ནི་ཐ་ཆད་པའོ།། བསམས་བྱ་ཉམས་པ་ནི་རེ་བ་རྡུགས་པའོ།། རེ་ཐག་ཆད་བཱ་ནི་རབ་ཏུ་རྡུགས་པའོ།། ཐམ་སྣོ་ཅང་དུ་ཞེས་པ་ནི་ནུས་པ་འམ་མི་ནུས་པ་ཐམས་ཅད་དུའོ།། མ་དཔྱད་པ་ནི་ཉམས་ཤིང ་ཆུང་བ་ཉིད་དོ།། མ་ཉམས་པ་ནི་རྒྱ་ཆེ་བ་སྟེ། ཕུན་སུམ་ཚོགས་པ་ལྷག་པའོ་ཞེས་བྱ་བའི་དོན་ཏོ།། འདོད་པ་ནི་རང་དབང་སྟེ་ལུས་དང་སེམས་ཀྱི་འདོད་པ་གཞན་ལ་སྦྱོར་བའི་ཕྱིར་རོ།། ཡང་ན་ཡུལ་ལ་འདོད་པ་ཡིས་འཕེལ་བ་ནི་ལུས ་སོ།། མངོན་པར་འདོད་ཀྱང་སྐབས་དབྱེ་བར་མི་བྱ་སྟེ། གང་ལ་འཛིན་པ་མེད་ཅིང་ཁས་མི་ལེན་པ་དེའི་དངོས་པོ་བཟང་པོ་ཡིན་པའི་ཕྱིར། དེས་ཁས་ལེན་པ་བཟང་པོ་མ་ཡིན་པའི་ཕྱིར་རོ།། གང་ཞིག་ཅེས་པ་ནི་གང་སྲིད་པའོ།། ཡིད་འོང་ནི་རང་གི ་ལུས་སོ།། གང་གི་ཕྱིར་འཛིན་པར་མི་བྱེད་སྙོམ་པ་ལ། ཐ་མར་ཞེས་སྨོས་ཏེ། ཐ་མར་ནུམ་ཤི་བའི་དུས་སུ་ཐལ་བ་ལ་གནས་པར་འགྱུར་རོ་ཞེས་བྱ་བའམ། ཡང་ན་ཤིན་ཏུ་མཐར་བཏུགས་པའི་དུས་སུ་ཐལ་བ་ཉིད་དུ་འགྱུར་བའོ།། མི ་གཡོ་བ་ནི་མི་འགུལ་བའོ།། གཞན་གྱིས་ཏེ་ཡིད་ཀྱིས་སོ།། གསོན་པོའི་ལུས་བཟུང་བར་མི་བྱ་བའི་འཐད་པ་བསྟན་པའི་ཕྱིར། ཅིའི་ཕྱིར་ཞེས་སྨོས་ཏེ། འཁྲུལ་འཁོར་ནི་ལུས་ཀྱིས་སོ།། ཀྱི་ཧུད་ཅེས་པ་ནི་སྤྱིར་སྨྲེ་སྔགས་བཏང་བའོ།། སེལ ་མི་བྱེད་ཞེས་བཟློག་པར་མི་བྱེད་ཅེས་བྱ་བ་སྟེ། ཡུལ་མ་ཡིན་པ་ལ་འཇུག་པར་བྱེད་དམ། ཞེས་བྱ་བའི་དོན་ཏོ།། ཁ་ང་བྱེད་ནི་ཀུན་ཏུ་འཛིན་པའོ།། སྐྱོང་བ་ནི་ཁ་ཟས་ཀྱི་ནོམ་པ་ལ་སོགས་པས་རྒྱས་པར་གསོ་བའོ།། ཆགས་པ་མེད་པ ་ནི་སེམས་ལའོ།། ཞེ་སྡང་མེད་པ་ནི་བྱ་རྒོད་ལ་སོགས་པའོ།། གང་ཞིག་སླད་པོ་སྟེ་ངན་སྨྲས་བརྗོད་པས་ཁྲོ་བ་མེད་པ་ནི་སེམས་ལས་གཞན་པའི་ཕྱིར་རོ།། མི་ཤེས་པ་སྟེ་དེ་ཉིད་ལུས་སོ་ཞེས་མ་ཤེས་ནའོ།། ངལ་བ་ནི་དུབ་པར ་བྱས་པའོ།། བདག་གང་གོས་དོན་ངལ་བར་བྱ་ཞེ་འམ། ཡང་ན་གང་གིས་ནི་བདག་གིས་ངལ་བ་ཞེས་བྱའོ།། གཞན་ཡང་གང་ཞིག་ལུས་འདི་ཞེས་བྱ་བ་ལ་སོགས་པ་ལ། འགྲོ་ལ་ཕན་ཕྱིར་ཞེས་བྱ་བ་ནི་འགྲོ་ལ་ཕན་པའི་དོན་དུའོ།། ལྔ ་བྱེད་པའི་སྤྱད་དེ་དཔེར་ན་དགོས་པའི་དོན་དུ་ཆུ་ལ་སོགས་པའི་སྣོད་ལྟ་བུར་སྣང་ངོ་།། ལུས་ཀྱང་དེ་བཞིན་དུ་བཟུང་བར་བྱའོ།། གང་གི་ཕྱིར་ཡིད་དམ་དུ་མ་བྱས་པར་ཉོན་མོངས་པ་ལ་གཞོམ་ཐབས་མེད་པ་དེའི་ཕྱིར ་འཇིག་རྟེན་པའི་སྤྱོད་པ་དེ་ཙམ་གྱིས་ཆོ་ག་པས་སོ།། ད་ནི་མཁས་པ་སྟེ་དཔྱད་རཱ་ཅན་རྣམས་ཀྱི་རྗེས་སུ་སྙོག་པ་ནི་རྗེས་སུ་སྒྲུབ་པའི་ཕྱིར་རོ།། འོག་ཡོད་པ་ནི་ལུས་དང་སེམས་རྣམ་པར་མ་ཡེངས་པའོ།། གཉིད་དེ་གཉིད་ཀྱིས་བྱིང་བར་འགྱུར ་རོ།། རྨུགས་པ་ནི་ལུས་སྙོམ་པ་སྟེ། ལེ་ལོའི་དབང་དུ་གྱུར་ཞེས་བྱ་བའོ་ཐ་ཚིག་གོ། དེ་བས་ཞེས་བྱ་བ་ནི་མཇུག་བསྡུ་བ་སྟེ། སྒྲིབ་པ་བསལ་བ་ནི་ཉོན་མོངས་དང་ཤེས་བྱའོའོ།། བདག་གིས་མཉམ་པར་བཞག་པར་བྱ་བ་ནི་གཏན་དུ ་རྒྱུན་མི་འཆང་པར་མཉམ་པར་བཞག་པར་བྱའོ།། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། སེམས་རྩེ་གཅིག་པ་ཞེས་བྱེ་བ་སྟེ་ལེའུ་བརྒྱད་པའི་དཀའ་འགྲེལ་ལོ།། ། ད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་མི་དྲ་བར་སྦྱིན་པ་ལ་སོགས་བྱ་ཕ་རོལ་ཏུ་ཕྱིན་པའི་ཐ་སྣོད་དུ་བྱ་བར་འོས་པ་མ་ཡིན་པའི་ཕྱིར། བསམ་གཏན་གྱི་རྗེས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པར་བཞུད་ནས། བརྟོགས་པ་འདི་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རྫོགས ་པ་སྦྱིན་པ་ལ་སོགས་པའི་ཚོགས་སོ།། ཤེས་རབ་ནི་དོན་ཡང་དག་པ་ཇི་ལྟ་བ་བཞིན་ཁོང་དུ་ཆུད་པ་སྟེ། དེའི་དོན་དུ་གསུངས་པ་ནི་བཀའ་སྩལ་པོའོ།། ཉེ་བར་ལེན་པའི་ཕུང་པོ་ལྔའོ།། མཚན་ཉིད་ཀྱི་སྡུག་བསྔལ་ལྡོག་པ་སྟེ། ཞི་བར་འདོད ་བ་ཡིས་བསྐྱེད་པར་བྱ་བ་ནི་དངོས་སུ་བྱ་བའོ།། དེ་སྐད་དུ་སྟོང་ཕྲག་བརྒྱ་པ་ལས། རབ་འབྱོར་འདི་ལྟ་སྟེ་དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་བྲལ་ན་འཁོར་ལོས་སྒྱུར་བའི་མིང་མི་འཐོབ་པོ།། རབ་འབྱོར་དེ་བཞིན་དུ་ཕྲ ་རོལ་ཏུ་ཕྱི་ན་པ་ལྔ་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་མིང་མི་འཐོབ་པོ།། ཞེས་གསུངས་སོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་བར་བྱ་བའི་ཐབས་སུ་གྱུར་པའི་ཀུན་རྫོབ་དང་དོན ་དམ་པ་གཉིས་བསྟེན་པའི་བཞེད་ནས། ཀུན་རྫོབོ་ཅེས་སྨོས་ཏེ། དེ་ཁོ་ན་ཉིད་ཀྱི་དོན་རྫོབ་པར་བྱེད་སྒྲིབ་པར་བྱེད་པས་ཀུན་རྫོབ་བོ།། དོན་དམ་པ་ནི་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ལོ།། གལ་ཏེ་བདེན་པ་གཉིས་ཁོ་ན་ཡིན་པའི་ལྟ་ན།། ་འཕགས་པའི་བདེན་པ་བཞི་ཇི་ལྟར་གསུངས་ཤེ་ན། སྡུག་བསྔལ་དང་ཀུན་འབྱུང་དང་ལམ་རྣམས་ནི་ཀུན་རྫོབ་ཀྱི་བདེན་པར་འདུས་ལ། འགོག་པ་དོན་དམ་པ་ཉིད་ཡིན་པའི་ཕྱིར་ཉེས་པ་མྱེད་དོ།། དོན་དམ་པའི་བདེན་པ་ཅི་འདྲ་བ་ཞིག ་སྙམ་པ་ལ། དོན་དམ་ཞེས་བརྗོད་དོ།། ཆོས་ཐམས་ཅང་རྣམ་པ་ཐམས་ཅད་དུ་སྤྲོས་པ་དང་བྲལ་བ་ཡིན་པའི་ཕྱིར། བློ་ནུབ་པར་གྱུར་པས་ན། བློ་སྤྱོད་ཡུལ་མ་ཡིན་པ་ཉིད་དོན་དམ་པའོ།། ཅི་སྟེ་བློའི་སྤྱོད་ཡུལ་དོན་དམ་པ་མ་ཡིན ་ཞེ་ན། མ་ཡིན་ཏེ། བློ་ནི་ཀུན་རྫོབ་ཡིན་པར་བརྗོད་པའི་ཕྱིར་ཏེ། འདི་ལྟར་ཐམས་ཅད་བློ་ལ་དམིགས་པ་དང་ལྡན་པ་ཡིན་པའི་ཕྱིར་རྣམ་པར་རྟོག་པའི་རང་བཞིན་ཡིན་ལ། རྣམ་པར་རྟོག་པ་ནི་མ་རིག་པ་ཡིན་པས་སོ།། དེ་ལྟར ་ཀུན་རྫོབ་པ་དང་དོན་དམ་པའི་དབྱེ་བས་བདུན་པ་རྣམ་པ་གཉིས་སུ་རྣམ་པར་གཞག་པར་བྱས་ནས་དེའི་དབང་དུ་བྱས་པའི་འཇིག་རྟེན་ཡང་རྣམ་པ་གཉིས་སུ་བསྟན་པར་བཞེད་ནས། དེ་ལ་ཞེས་སྨོས་ཏེ། ་འཇིག་པར་བྱེད་ཉམས་པར་བྱེད་པས་ན་འཇིག་རྟེན་ནོ།། ཌྷོ་མཱ་གཉིས་ཏེ། ཀུན་རྫོབ་དང་དོན་དམ་པ་གཉིས་ཀྱི་དཔྱོང་དུ་བྱས་པའི། ལཱྀ་ཇིག་རྟེན་ཡང་གཉིས་སོ།། མཐོང་བ་ནི་རབ་ཏུ་རྟོགས་པ་སྟེ། ལུང་དང་རིགས་པས་སོ།། ་ཐམས་ཅད་མི་དམིགས་རྡོ་པའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་ནི་རྣལ་འབྱོར་རོ།། དེ་གང་ལ་ཡོད་པའི་ནི་རྣལ་འབྱོར་པ་སྟེ་དེ་ཁོ་ན་ཉིད་ཀྱི་དོན་ལ་ལྟ་བའོ།། ཕལ་པ་ནི་འཁོར་བར་འཇུག་པར་བྱེད་པའི་རྒྱུ་མ་རིག་པ་སྟེ་ཕྲལ་པར་སྐྱེས ་པའོ།། ཕལ་བ་ཉིད་འཇིག་རྟེན་ཕལ་བ་སྟེ། འཁྲུལ་པ་ཡིན་པའི་ཕྱིར་ཕྱིན་ཅི་ལོག་ལ་ལྟ་བར་བྱེད་དོ།། དེ་གཉིས་གང་གི་གང་ལ་གནོད་པར་བྱེད་སྙམ་པ་ལ་དེ་ལ་ཞེས་སྨོས་སོ།། ཅི་སྟེ་ཡང་རྣོལ་འབྱོབར་པ་རྣམས་ཀྱིས་འཇིག ་རྟེན་ཕལ་པ་ཁོ་ན་ལ་གནོད་པ་བྱེད་དམ། འོན་ཏེ་རྣལ་འབྱོར་པ་ལ་ཡང་གནོད་སྙམ་པ་ལ། གོང་མ་གོང་མ་ཞེས་སྨོས་ཏེ། དེ་དག་གི་བློའི་ཁྱད་པར་གྱིས་སུན་འབྱིན་པར་བྱེད་པ་ནི་གནོད་པར་བྱེད་པའོ།། འཇིག་རྟེན་ཕྲལ་བའི ་ཤེས་པ་འཁྲུལ་པ་ཡིན་པར་ཇི་ལྟར་རྟོག་པར་བྱ་སྙམ་པ་ལ། གཉི་ཀ་འདོད་པའི་ཞེས་སྨོས་ཏེ། རྣལ་འབྱོར་པ་དང་ཕལ་པ་གཉི་ཀ་དངོས་པོ་མེད་པར་གྲུབ་པའི་སྒྱུ་མ་དང་སྨིག་རྒྱུའི་དཔེས་སོ།། ཀྱང་ཞེས་པ་ནི་ཚུལ་དེ་ལྟར་དངོས ་པོ་མེད་པར་སྨྲ་བའི་རྣལ་འབྱོར་པ་གཞན་དག་གི་སུན་འབྱིན་ན་འདིར་ཐ་མལ་པའི་ཤེས་པ་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའོ།། ཆོས་ཐམས་ཅད་དངོས་པོ་མེད་པ་ཡིན་པའི་ལྟ་ན་ཇི་ལྟར་སྦྱིན་པ་ལ་སོགས་པས་ཚོགས་ཡོངས་སུ ་རྫོགས་པར་འགྱུར་སྙམ་པ་ལ། དགོས་པའི་ཞེས་སྨོས་ཏེ། དགོས་པ་ནི་བསྒྲུབ་བྱ་བ་སྒྲུབ་པའི་རྒྱུ་ཉེ་བར་བླང་བའི་འབྲོས་བུའོ།། དོན་དུ་སྟེ་དེའི་རྒྱུ་མཚན་དུའོ།། མི་དཔྱད་ཅེས་པ་ནི་དཔྱང་པར་མི་བྱ་བ་སྟེ། མ་དཔྱད་པ་དེའི ་རྒྱུ་ལྔ་འཇུག་པར་བྱ་བ་ཡིན་པའི་ཕྱིར་རོ།། དོན་དམ་པར་སྦྱིན་པ་ལ་སོགས་པ་སྒྱུ་མ་ལ་སོགས་པའི་རང་བཞིན་ཡིན་དུ་ཟད་མོང་། དེ་ལྟ་ནི་ཡང་འཁོར་གསུམ་ཡོངས་སུ་དག་པ་དོན་དམ་པ་ཁོང་དུ་ཆུད་པར་བྱེད་པའི་ཐབས ་ཡིན་པས་ན་རྒྱུ་དང་འབྲས་བུའི་དངོས་པོ་ལས་འགལ་པ་ཡོད་པ་མ་ཡིན་ནོ།། དེ་སྐད་དུ་ཡང་ཐ་སྐད་པའི་བདེན་པ་ནི་ཐབས་སུ་གྱུར་པའོ།། དོན་དམ་པའི་བདེན་པ་ནི་ཐབས་ལས་བྱུང་བར་གྱུར་པའོ་ཞེས་གསུངས་སོ།། གལ་ཏེ ་འདི་ལྟར་རྣལའི་བྱོར་པོས་སྒྱུ་མའི་རང་བཞིན་དུ་མཐོང་བའི་དངོས་པོ་དེ་ཉིད་འཇིག་རྟེན་པས་ཀྱང་མཐོང་བ་མ་ཡིན་ན་མཱ། དེ་ཅི་སྟེ་རྩོད་པར་བྱེད་སྙམ་པ་ལ། འཇིག་རྟེན་ཞེས་སྨོས་ཏེ། སྐྱེ་བོ་ཐ་མལ་པ་རྣམས་ཀྱིས་ནི་མེད་པ་ཉིད ་ལ་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བས་དངོས་པོར་མཐོང་ལ་ཡང་དག་ཉིད་དུ་འང་སྟེ་བདེན་པའི་རང་བཞིན་དུ་འཛིན་གྱིས། ཇི་ལྟར་རྣལ་འབྱོར་པས་སྒྱུ་མ་ལྟར་མཐོང་བ་ལྟར་འཇིག་རྟེན་པ་ཡིས་མ་ཡིན་པས་ན་འདིར་རྣམ ་པར་རྩོད་པར་བྱེད་དོ།། གཟུགས་ལ་སོགས་པས་དོན་བྱེད་པར་ནུས་པ་མངོན་སུམ་དུ་གྲུབ་པ་མ་ཡིན་ནུམ། དེ་ལ་ཇི་ལྟར་ན་བསྙོན་གདབ་པར་བྱ་སྙམ་པ་ལ། གཟུགས་སོགས་ཞེས་སྨོས་ཏེ། གང་གཟུགས་ལ ་སོགས་པ་མངོན་སུམ་དུ་གྲུབ་ཏུ་གྲགས་པ་སྟེ། འཇིག་རྟེན་པས་སྨྲ་བར་བྱེད་པ་ཙམ་མོ།། ཞེས་བྱ་བའི་དོན་ཡིན་ནོ།། ཚད་མཱ་སྟེ་དོན་དམ་པའི་ཚད་མས་ཁོང་དུ་ཆུད་པོར་བྱ་བ་ནི་མ་ཡིན་གྱི། འོན་ཀྱང་ཀུན་རྫོབ་པའི་ཚད་མས་བཟུང་བ ་ཡིན་པས་ན་ཀུན་རྫོབ་ཉིད་དོ།། དེ་སྐད་དུ་ཡང་གང་ཞིག་དབང་པོ་ལོ་དམིགས་པ་དེ་ཡི་གལ་ཏེ་དོན་དམ་ཡིན། དེ་ཉིད་བྱིས་པས་རིག་པས་ན། དོན་དྲམ་ཤེས་པོ་དེ་ཅི་བྱ་ཞེས་གསུངས་སོ།། མངོན་སུམ་དུ་གྲུབ་ཀྱང་བརྫུན་པའི ་དཔེ་གང་སྙམ་པ་ལ། དེ་ནི་མི་གཙང་ཞེས་སྨོས་ཏེ། འདི་ལྟར་བུད་མེད་ཀྱི་ལུས་པོ་ལ་སོགས་པ་མི་གཙང་བའི་དངོས་པོ་རྣམས་ལ་ཞེན་པའི་དབང་གིས་གཙང་བའི་བློ་སྐྱེས་པ་དེ་ཉིད་བརྫུན་པ་ཉིད་དེ་མ་ཡིན་ལ་དེར་བཟུང་བའི་ཕྱིར་རོ།། དེ་བཞིན ་གཟུགས་ལ་སོགས་པ་ཡང་ངོ་།། གལ་ཏེ་ཚད་མས་གྲུབ་པའི་དངོས་པོ་མ་ཡིན་དུ་ཆུག། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཕུང་པོ་ལ་སོགས་པ་བསྟན་པར་མ་ཛོད་པ་ཇི་ལྟར་སྙམ་པ་ལ། འཇིག་རྟེན་ཞེས་སྨོས་ཏེ། དངོས་པོར་མངོན ་པར་ཞེན་པའི་འཇིག་རྟེན་པ་སྟོང་པ་ཉིད་ལ་གཟུད་པར་བྱ་བའི་ཕར་ཕུང་པོ་ལ་སོགས་པ་བསྟན་པར་མཛད་པ་སྟེ། དང་པོ་ནས་སྟོང་པ་ཉིད་བརྗོད་ན་སྐྲག་པར་འགྱུར་བའི་ཕྱིར་རོ།། དེ་སྐད་དུ་ཡང་རྒྱལ་བས་བདག་དང་བདག་གི་ཞེས། གསུངས ་པ་དགོས་པའི་དབང་གིས་ཏེ།། ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱང་།། དེ་བཞིན་དགོས་པའི་དབང་གིས་གསུངས། ཞེས་འབྱུང་ངོ་།། སྐད་ཅིག་མར་གསུངས་པས་ན་དངོས་པོ་ཡོད་པ་ཉིད་དོ་སྙམ་པ་ལ། དེ་བཞིན་ཉིད་ཅེས་སྨོས་ཏེ། དོན ་དམ་པར་དངོས་པོ་མེད་པ་ཡིན་པའི་ཕྱིར་སྐད་ཅིག་མོ་ཡང་མ་ཡིན་ནོ།། འོ་ན་ད་ལྟར་ཇི་སྐད་དུ་བརྗོད་པར་བྱ་སྙམ་པ་ལ། ཀུན་རྫོབ་ཡིན་ཞེས་སྨོས་སོ།། གཞན་གྱིས་བརྗོད་པ་འགལ་བར་འགྱུར་ཞེས་སྨོས་ཏེ། འགལ་བར་འགྱུར ་བུ་ནི་སྐད་ཅིག་མ་མ་ཡིན་པར་གྲགས་པས་ནུ་གྲགས་པ་དང་འགལྔ་ལོ་ཞེས་བྱ་བའི་དོན་ཏོ།། ལན་བརྗོད་པ་རྣལ་འབྱོར་པ་སྟེ། གང་ཟག་གི་བདག་མེད་པར་རྟོགས་པ་རྣམས་ཀྱི་ཀུན་རྫོབ་སྐད་ཅིག་མ་ཉིད་དུ་སྣང་བའི་ཕྱིར ་ཉེས་པ་མེད་དེ། གྲགས་པ་དང་འགལ་བའི་ཉེས་པ་ཡོད་པ་མ་ཡིན་ནོ།། དོན་དམ་པར་ནི་དེ་དག་ཡོད་པ་མ་ཡིན་ཏེ། བློ་ནི་ཀུན་རྫོབ་ཡིན་པར་བརྗོད་ཅེས་གསུངས་པའི་ཕྱིར་རོ།། རྣལ་འབྱོར་པ་ཁོ་ནས་མཐོང་བ་ཇི་ལྟར ་སྙམ་པ་ལ། འཇིག་རྟེན་ལྔ་ཞེས་སྨོས་ཏེ། གཞན་དུ་ཞེས་བྱ་བ་ནི་གལ་ཏེ་རྣལ་འབྱོར་པ་རྣམས་ཀྱིས་དེ་ཁོ་ན་ཉིད་མཐོང་བར་མ་གྱུར་ན་བཅོམ་ལྡན་འདས་ཀྱིས་བུད་མེད་ཀྱི་གཟུགས་ཕུང་མི་གཙང་བར་གསུངས་པ་ལ ་འཇིག་རྟེན་པས་གཙང་བ་ཉིད་དུ་མངོན་པར་རློམ་པས་གནོད་པར་འགྱུར་རོ།། གལ་ཏེ་ཐམས་ཅད་སྒྱུ་མ་ལྟ་བུ་ཉིད་ཡིན་ན་དེའི་ཚེ་རྒྱལ་བ་ཡང་སྒྱུ་མ་ལྟ་བུ་ཉིད་ཡིན་པས་ན་དེ་ལ་མཆོད་པ་ལ་སོགས་པ་བྱས་པས ་ཇི་ལྟར་བསོད་ནམས་འབྱུང་སྙམ་པ་ལ། སྒྱུ་མ་ལྟ་བུའི་ཞེས་སྨོས་ཏེ། སྒྱུ་མ་ལྟ་བུའི་རྒྱལ་བ་དངོས་པོ་མེད་པ་ཡིན་པའི་ཕྱིར། བསོད་ནམས་གང་ཞིག་དེ་ལ་ཇི་ལྟར་འབྱུང་ཞེས་བྱ་བར་སྦྱར་རོ།། སྒྱུ་མའི་སྐྱེས ་བུ་ལ་ཕན་པ་དང་གནོད་པ་བྱས་པ་ལ་བསོད་ནམས་ལ་སོགས་པ་ཡོད་པ་མ་ཡིནྡ་ནི། དེ་ཇི་ལྟར་སེམས་པར་བྱེད་ཅེས་བྱ་བའི་དོན་ཏོ།། ལན་བརྗོད་པ་བདེན་པ་ལས་འབྱུང་བ་བཞིན་དུ་འབྱུང་ཞེས་སྨོས་ཏེ། ཇི་ལྟ་བོར་དོན་ངོམ་པར ་བདེན་པའི་བཅོམ་ལྡན་འདས་ལས་འབྱུང་བ་ལྟར་རོ།། བསོད་ནམས་ཇི་ལྟར་ཞེས་པ་ནི་གཉིས་པ་ལ་ཡང་སྦྱར་བར་བྱའོ།། དེ་སྐོད་དུ་ཡང་ཇི་ལྟར་དོན་དམ་པར་ཡོད་པའི་རྒྱུ་ལྔ་པ་ལས་བསོད་ནམ་ས་ཀྱང་དོན་དམ་པར་འབྱུང་བ་བཞིན་དུ ་སྒྱུ་མ་ལྟ་བུའི་རྒྱལ་བེ་ལས་ཀྱང་སྒྱུ་མ་ལྟ་བུའི་བསོད་ནམས་འབྱུང་བར་འགྱུར་རོ།། ཞེས་གསུངས་སོ།། དེའི་ཕྱིར་འུ་བུ་ཅག་ལྔ་ཁྱད་པར་ཅུང་ཟད་ཀྱང་མེད་དོ།། རྐྱེན་འདི་དང་ཕྲད་པ་ལས་འདི་འབྱུང་ངོ་ཞེས་བྱ་བ་ནི་ག་ཉི་ག་ལ་ཡང ་མཚུངས་པའི་ཕྱིར་རོ།། ག་ལཱལཱི་ཏེ་ཞེས་བྱ་བ་ནི་རྒོལ་བའོ།། ཅི་སྟེ་ནི་གང་གི་ཕྱིར་རོ།། ཤཱི་ནས་ཏྭ་ཤི་བའི་རྗེས་ལའོ།། སྐྱེ་བོ་ནི་འབྱུང་བ་སྟེ་སྐྱེ་ཞིང་འབྱུང་བསྔ་ན་དོན་དམ་པར་ཡོད་པའོ།། ཞེས་བསམས་པའོ།། ལྡན་བརྗོད ་པ་ཇི་སྲིད་ཅེས་སྨོས་ཏེ། ཇི་ལྟར་ཇི་སྲིད་དུ་སྔོགས་དང་སྨན་ལ་སོགས་པའི་རྐྱེན་རྣམས་ཚོགས་པའི་དུས་ཇི་སྲིད་དུ་སྒྱུ་མ་ཡང་འབྱུང་བར་འགྱུར་རོ།། དེ་བཞིན་དུ་ཇི་སྲིད་དུ་མ་རིག་པ་ལ་སོགས་པའི་རྐྱེན་རྣམས་ཚོགས་པ་དེ་སྲིད་དུ་སེམས ་ཅན་ཡང་འབྱུང་བར་འགྱུར་ཞིང་ཤི་བ་རྣམས་ཀྱང་སླར་སྐྱེ་བར་འགྱུར་རོ།། གཞན་ཡང་ཡུན་རིང་བར་གནས་པ་ཙམ་གྱི་ཡང་དག་པ་ཉིད་དུ་ཡོད་པར་འགྱུར་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། རྒྱུན་རིང་ཞེས་སྨོས་ཏེ། རིང་བ་ནི་ཐོག་མ་མེད་པ ་ནས་རྒྱུན་སྐ་ཅིག་མ་གཅིག་ནས་གཅིག་ཏུ་བརྒྱུད་པའོ།། དེ་ཙམ་གྱིས་དམ་པར་གཞན་ནི་ཡུན་རིང་དུ་གནས་པ་མ་ཡིན་ནོ།། ཅི་སྟེ་སྒྱུ་མའི་སྐྱེས་བུ་དང་རང་བཞིན་ཐ་མི་དད་པའི་ཕྱིར་སེམས་ཅན་བསད་ཀྱང་ཉེས་པར་མི་འགྱུར ་རོ།། སྙམ་པ་ལ་སྒྱུ་མ་ཞེས་སྨོས་ཏེ། སྒྱུ་མའི་སྐྱེ་ས་བུ་དང་ཅིག་ཤོས་ཀྱི་སྐྱེས་བུ་དག་དངོས་པོ་མེད་པ་ཉིད་དུ་མཚུངས་སུ་ཟིན་ཀྱང་སྒྱུ་མཚོའི་སྐྱེས་བུ་ལ་སྒྱུ་མའི་སྐྱེས་བུའི་སེམས་མེང་པའི་ཕྱིར་སྡིག་པ་མེད་དོ།། དེ་ལ་ཡང་བསད ་སེམས་ཀྱིས་སྦྱར་ན་ཙླི་ཉེས་པར་མི་འགྱུར་རོ་ལ། སྲོག་ཅོད་པར་ནི་མཱི་འགྱུར་རོ།། ཅིག་ཤོས་གཞན་ལྔ་ལྟར་སྲོག་གཅོད་པར་འགྱུར་ར་སྐམ་པོ་ལ། སྒྱུ་མའི་ཞེས་སྨོས་ཏེ། སེམས་ཉིད་སྒྱུ་མའོ།། ལྡན་པ་ནི་དེ་དང་ལྡན་པའོ།། ཕན ་བཱ་དང་གནོད་པ་སྲིད་པའི་བསོད་ནམས་ལ་སོགས་པའི་རྟེན་སེམས་ཡིན་པའི་ཕྱིར་རོ།། གང་གི་ཚེ་སྒྱུ་མ་ཉིད་དུ་དངོས་སུ་མཐོང་བ་དེའི་ཚེ་ནི་བསད་པ་ལ་སོགས་པའི་ཉེས་པ་ཡོད་པ་མཱ་ཡཱན་རཱིན། ད་དུང་སེམས་ཀྱི་དེ་ལྟར་ནུས་པ་མ ་ཡིན་གྱི་འོན་ཀྱང་ཚིག་བཞིན་དུ་མོས་པ་བྱེད་པ་ཙམ་དུ་ཟད་དོ།། ཕ་རོལ་པོས་སེམས་སྒྱུ་མ་ཉིད་དུ་མི་འཐད་པར་བརྩད་པར་འདོད་ནས། སྔགས་ལ་སོགས་པ་ལ་སེམས་སྐྱེད་པའི་ནུས་པ་མེད་པའི་ཕྱིར་སེམས་ནི་སྒྱུ་མའི་རང་བཞིན་དུ་མི་སྲིད ་དོ།། ལན་བརྗོད་པ་སྣ་ཚོགས་ཞེས་བརྗོད་དེ། རྒྱུ་དང་རྐྱེན་སྣ་ཚོགས་ལས་ཡང་དག་པར་བྱུང་བའི་སྒྱུ་མ་དེ་ཡང་རྣམ་པ་སྣ་ཚོགས་པ་ཉིད་དོ།། ཡང་ཞེས་པ་ནི་རིམ་པ་བཞིན་དུ་སྦྱར་བའོ།། དེ་ལྟ་ན་སྒྱུ་མའི་སྒྲ་མཚུངས ་སུ་ཟིན་ཀྱང་རྒྱུ་ཐ་དད་པ་ཉིད་དོ།། དེས་ན་སྔགས་ལ་སོགས་པའི་རྒྱུ་ལས་ནི་གཞན་ཉིད་ཡིན་ལ། མ་རིགས་པ་ལ་སོག་ཐོས་པའི་རྒྱུ་ལས་ནི་སེམས་སྒྱུ་མ་ཉིད་ཡིན་ནོ།། དེ་ཉིད་གསལ་བར་བསྟེན་པའི་ཕྱིར། རྐྱེན་པོ་གཅིག་ཅེས་སྨོས ་ཏེ། ཁ་ཅིག་ཏུ་འབྲས་བུ་བསྐྱེད་པར་ནུས་པའི་རྒྱུས་ཐམས་ཅད་དུ་ནུས་པ་མ་ཡིན་ནོ།། དེ་ལྟར་སྒྱུ་མ་ཁ་ཅིག་ནི་སྔགས་ཀྱིས་བསྐྱེད་པ་ཡིན་ལ། སྒྲ་མ་ཁ་ཅིག་ནི་ཐོག་མ་མེད་པ་ནས་ཀྱི་མ་རིག་པས་རབ་ཏུ་བསྐྱེད་པའོ།། དེ་དག་ཀྱང ་ཐ་སྙད་ཙམ་དུ་བརྗོད་པར་ཟད་དོ།། དོན་དམ་པ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཉིད་དོ།། ཕ་རོལ་པོསོ་ཡང་སྐྱོན་གཞན་བརྗོད་པར་འདོད་ནས་གལ་ཏེ་དོན་དམ་ཞེས་སྨོས་ཏེ། གདོད་མ་ནས་ཞི་བའི་ཕྱིར་རོ།། དོན ་དདམ་པར་ནི་སེམས་ཅན་རྣམས་མྱ་ངན་ལས་འདས་པ་ཉིད་ཡིན་པསུ་འཁོར་བ་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་ཐ་སྙད་དུ་བརྗོད་པར་ཟད་དོ།། ཞེས་ཟེར་བའི་ལྟ་ན་དེའི་ཚེ་སངས་རྒྱས་ལ་ཡང་འཁོར་བར་སྐྱེ་བ་ལ་སོགས་པ་མངའ་བར་འགྱུར་རོ།། སངས ་རྒྱས་ཉིད་ཐོབ་ནས་ཀྱང་དགའ་བ་ལ་སོགས་པ་ཡོད་པར་འགྱུར་ན་ནི་དེ་ལྟར་ན་མགོ་བྱིན་པ་ལ་སོགས་པའི་བྱང་ཆུབ་ཀྱི་སྤྱོད་པ་ཅི་ཞིག་བྱ་སྟེ། འབྲས་བུ་མེད་པའི་ཕྱིར་རོ།། དེ་ལ་ཇི་སྲིད་རྐྱེན་རྣམས་ཚོགས་པར་གྱུར་པ་ཞེས་བྱ་བ་ལ་སོགས ་བྱས་ལན་བརྗོད་དུ་ཟིན་ཀྱང་ཡང་གསལ་བར་བྱ་བའི་ཕྱིར། རྐྱེན་རྣམས་ཞེས་སྨོས་ཏེ། རྐྱེན་རྣམས་ཡོད་པར་གྱུར་ན་སྒྱུ་མ་ཡང་ཡོད་པ་ཡིན་ནོ།། དེ་བཞིན་དུ་སེམས་ཅན་སྒྱུ་མ་ཡང་ངོ་།། རྐྱེན་རྣམས་མེད་ན་ནི་སྒྱུ་མ་ཡང་ཡོད་པར་མི་འགྱུར ་རོ།། དེ་བཞིན་དུ་སངས་རྒྱས་སྒྱུ་མ་ཡང་རྐྱེན་ཡོད་ཀྱི་བར་དུ་ནི་འབྱུང་བར་འགྱུར་ཏོ།། སེམས་ཅན་གྱི་བསོད་ནམས་ཀྱི་རྐྱེ་ན་གྱི་རྒྱལ་བར་སྣང་བར་འབྱུང་ངོ་།། དེ་མེད་ན་ནི་ཀུན་རྫོབ་ཏུ་ཡང་མི་འབྱུང་ངོ་།། དེ་ལྟར་བོར་ཞིག་མདོ་སྡེ་པ་ལ་སོགས ་པའི་རྩོད་པ་བསལ་ནས། དྲ་ནི་རྣལ་འབྱོར་སྤྱོད་པ་པའི་རྩོད་པ་བསལ་བའི་ཕྱིར། དེའི་རྩོད་པ་བསླང་བར་བཞེད་ནས་གོང་ཚེ་ཞེས་སྨོས་ཏེང་། འཁྲུལ་པ་ཞེས་བྱ་བ་ནི་བློ་ལ་སྣང་བའོ།། གླེང་གི་ཚ་སཾས་ཅན་ཐམས་ཅད་སྒྱུ་མའི་རང་བཞིན ་ཡིན་ཞིང་རང་བཞིན་གྱི་སྟོང་པ་ཉིད་དུ་གྱུར་པ་དེ་འི་ཚེ། སྒྱུ་མའི་རང་བཞིན་འཛིན་པར་བྱེད་པའི་བློ་ཡང་ཡོད་པ་མ་ཡིན་ནོ།། དེ་ལྟ་ན་ནི་སྒྱུ་མ་གང་གིས་དམིགས་པར་བྱེད། དེས་ན་རང་གི་སེམས་ཕྱི་རོལ་གྱི་གཟུག་ས་སུ་འཁྲུལ ་པ་སྟེ། དེ་ལྟ་ན་ཉེས་པ་མེད་དོ་སྙམ་པ་ལ། དེ་བསལབར་བཞེད་པ་ལན་བརྗོད་པོའི་ཕྱིར། གང་ཚེ་ཞེས་སྨོས་ཏེ། གང་གི་ཚེ་རྣམ་པར་ཤེས་པ་ཙམ་དུ་སྨྲ་བ་ཁྱོད་ལ་སྒྱུ་མ་ཉིད་དེ་གཟུང་བར་བྱ་བ་གླང་པོ་ལ་སོགས་པའི་རྣམ ་པའི་གཟུགས་ཀྱང་མེད་པའི་ལྟ་ན་སེམས་འབའ་ཞིག་ཁས་བླང་བར་བྱ་དགོས་ཏེ། ཕྱི་རོལ་གྱི་དོན་མེད་པའི་ཕྱིར་རོ།། དེ་ལྟ་ན་དེའི་ཚེ་ཅི་ཞིག་དམིགས་ཏེ། འདིར་ཅི་ཞིག་སོ་སོ་སོར་སྣང་བ་ཡང་བརྗོད་པར་བྱ་དགོས་སོ།། རྣལ་འབྱོར ་སྤྱོད་པའི་བསམ་པའི་དགོས་པ་བསྡུ་བའི་ཕྱིར། དེ་ནི་སེམས་ཞེས་སྨོས་ཏེ། རླུང་གི་སེམས་ཉིད་ཕྱི་རོལ་གྱི་གཟུགས་སུ་འཁྲུལ་ནས་གླང་པོ་ལ་སོགས་པའི་རྣམ་པར་སྣང་བ་སྟེ། དེས་ན་དེ་ཉིད་དོན་དམ་པར་ན་སེམས ་གཞན་ཞིག་ཡོད་པ་ཉིད་དེ། འཛིན་པ་ལས་ཆད་པའི་རྣམ་པར་སྣང་བའི་ཕྱིར་རོ།། གལཱ་ཏེ་ཞེས་བྱ་བ་ནི་ཁས་མི་ལེན་ནའོ།། དེ་ལྟ་ན་ཡང་འཚོམ་པོ་མ་ཡིན་ནོ་ཞེས་ལན་བསྟན་པར་བྱ་བའི་ཕྱིར། གང་ཚེ་ཞེས་སྨོས་ཏེ། གང་གི་ཚེ་ཤེས ་པ་ཉིད་སྒྱུ་མར་ཁས་བླངས་པ་དེའི་ཚེ་གཞན་གང་གིས་འཛིན་པར་བྱེད། འདི་ལྟར་མཐོང་བའི་སྒྱུ་མ་ཉིད་རྣམ་པར་ཤེས་པ་ཡིན་ན། ལྟ་བར་བྱེད་པ་མེད་པར་ཇི་ལྟར་ན་བལྟ་བར་བྱ་བ་ཡོད་པར་འགྱུར་བལྟ་བར་བྱ་བ་མེད་པར་ཡང་ཇི་ལྟར་ན་བལྟ ་བར་བྱེད་པར་ཡོད་པར་འགྱུར་དེས་ན་འགྲོ་བ་རྣམས་ལོང་བ་ཉིད་དུ་འགྲོ་བར་འགྱུར་རོ།། ཅི་སྟེ་འདི་སྙམ་དུ་ཤེས་པའི་བདག་གི་སྒྱུ་མའི་རང་བཞིན་ནི་བདག་ཉིད་ཀྱིས་བདག་ཉིད་ལ་ལྟ་བར་བྱེད་པས་ན། རེ་ཞིག་ཉེས་པ་དེ་དག་མི་འོང་ངོ་སྙམ ་པ་ལ། འཇིག་རྟེན་ཞེས་སྨོས་ཏེ། བྱེད་པ་པོར་གྱུར་པའི་སེམས་ཀྱི་རང་བཞིན་དེ་ཉིད་ལས་སུ་བྱས་ནས་བལྟ་བ་ནི་རིགས་པ་མ་ཡིན་ཏེ། རླུང་ལ་རང་བྱེད་པ་འགལ་བའི་ཕྱིར་རོ།། འདི་སྐད་དུ་རིན་ཆེན་གཙུག་གཏོར་ཞེས་བྱ་བའི་མདོ ་ལས། རང་གི་སེམས་ལ་ཡོངས་སུ་དཔྱད་བ་བྱས་ན་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཕྱི་རོལ་ཏུ་ཡང་མ་ཡིན་ཕུང་པོ་ལས་ཡང་མ་ཡིན། ཁམས་རྣམས་ལ་ཡང་མི་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ།། ་འདི་ཅི་དང་འདྲ་བར་སྙམ་པ་ལ། རལ་གྲི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་རལ་གྲིའི་སོ་ཡང་རང་ལྔ་རང་མི་གཅོད་པ་དེ་བཞིན་དུ་ཡིད་ཀྱིས་ཀྱང་རང་གི་རང་མི་རིག་སྟེ་ཆུ་ཤས་མེད་པ་ལ་རང་བཞིན་གཞན་འགལ་བའི་ཕྱིར་རོ།། གལ་ཏེ ་འདི་སྙམ་དུ་དཔེར་ན་བུམ་པ་ལ་སོགས་པ་གསོལ་བར་བྱེད་པའི་མིར་མེ་ཉིད་རང་གསལ་བར་བྱེད་པ་ཡིན་གྱི། ཡང་དེ་གསལ་བར་བྱེད་པའི་དོན་དུ་མར་མེ་གཞན་ལ་བལྟོས་པ་ནི་མ་ཡིན་ནོ།། དེ་བཞིན་དུ་རྣམ་པར་ཤེས་པ་ཡང་མ་ཡིན ་པས་འགལ་བ་མེད་དོ།། སྙམ་དུ་སེམས་ན་གླང་མརོ་མེ་གསལ་བར་བྱེད་པ་ཡིན་དུ་ཟིན་ཀྱང་། མུན་པས་བསྒྲིབས་ནས་རང་གི་ངོ་བོ་གསལ་བར་བྱས་པ་ནི་མེད་དོ།། ཡང་རྣམ་པར་ཤེས་པ་ཙམ་དུ་སྨྲ་བའི་རྩོད་པ་བསླང་བར་བྱ་བའི ་ཕྱིར། སྔོན་པོ་ཞེས་སྨོས་ཏེ། དཔེར་ན་ཤེལ་གྱི་རྡོ་སྔོན་པོ་ཉིད་དུ་འགྱུར་བ་ནི་སྣུམ་བུ་སྟོན་པོ་ལ་སོགས་པ་རྐྱེན་གཞན་ལ་བལྟོས་མོད་ཀྱི། རང་བཞི་ནི་གང་ཞིག་སྟོན་པ་ཉིད་དུ་གྲུབ་པ་དེ་སྔོན་པོ་ཉིད་དུ་བྱིས་པའི་ཕྱིར། རྐྱེན་གཞན ་ལོ་བལྟོས་པ་མེད་དོ།། དེ་བཞིན་དུ་ཅུང་ཟད་བུམ་པ་ལ་སོགས་པ་གསལ་བར་བྱེད་པ་ནི་མེར་མེ་ལ་སོགས་པ་ལོ་བལྟོས་པར་མཐོང་ལ། ཅུང་ཟད་མར་མེ་ལ་སོགསྡེ་པ་གསལ་བར་བྱ་བའི་དོན་དུ་མེ་ལྔ་སོགས་པོ་གཞན་ལ་བལྟོས ་པ་ནི་མི་མཐོང་སྟེ། རང་ཉིད་ཀྱིས་གསལ་བར་བྱེད་པ་ཡིན་ནོ།། དེ་བཞིན་དུ་རྣམ་པར་ཤེས་པ་གསལ་བ་ཉིད་དུ་གྲུབ་པ་ཡིན་ནོ།། སྙམ་པ་ལ་ལན་བརྗོད་པར་བྱ་བའི་ཕྱིར། སྔོ་ཉིད་ཅེས་སྨོས་ཏེ། དཔེ་འདི་ཡང་འདྲ་བ་མ་ཡིན་ནོ།། ་གང་ཡང་སྔོན་པོ་ཉིད་དུ་འགྱུར་བ་གཞན་ལ་མི་བལྟོས་པ་ནི་མ་ཡིན་ཏེ། རང་གི་རྒྱུ་ལ་རག་ལས་པའི་ཕྱིར་རོ།། གལ་ཏེ་བལྟོས་པ་མེད་པར་འགྱུར་བ་ཉིད་ཡིན་ན་ནི་རང་གི་རྒྱུད་ལས་སྔོན་པོ་མ་ཡིན་པ་ཉིད་དུ་སྐྱེས ་ལ། ཕྱིས་རྐྱེན་ལ་མི་བལྟོས་པར་བདག་ཉིད་ཀྱིས་བདག་ཉིད་སྔོན་པོར་བྱེད་པར་འགྱུར་བ་ལས། དེ་ལྟར་འ་གྱུར་པ་ཡང་མ་ཡིན་ན་དེ་གང་གིས་ན་སྔོན་པོ་ཉིད་དུ་འགྱུར་བ་བལྟོས་པ་མེད་པ་ཡིན་ཞེས་བརྗོད། ཡང་ན་སྔོན་པོ་ཞེས་བྱ་པ ་ལ་སོགས་པའི་གཞུང་རྣམས་ནི་མར་མི་གསལ་བྱེད་མ་ཡིན་ཞེས་བྱ་བ་དེ་ཉིད་ཀྱི་འཐད་པ་སྟེ། འདི་ལྟར་བལྟོས་པ་མེད་པས་ཀྱང་བདག་ཉིད་གསལེ་བར་བྱེད་པར་མི་འགྱུར་རོ་ཞེས་མདོར་བསྡུ་བའི་དོན་ཏོ།། མར་མེ་རེང་གིས་གསོལ ་བ་ཡིན་དུ་ཆུག་སྟེ། དེ་ལྟ་ན་ཡང་བློ་ལ་ནི་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། མར་མེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་པ་ཞེས་པ་ནི་མ་རོ་མེའི་རྣམ་པར་ཤེས་པས་སོ།། བློ་ནི་སྟེ་ཤེས་པ་གཞན་གང་ཞིག་གིས ་ཁོང་དུ་ཆུ་ང་པར་བྱས་ནས་འདི་རང་གསལ་བར་བྱེད་པའོ་ཞེས་བརྗོད་པར་བྱེད་དོ།། འདས་པ་དང་མ་འོངས་པ་དག་ནི་མེད་པའི་ཕྱིར་དང་དྲ་ལྟར་བྱུང་བ་ལ་ནི་དུས་མཉམ་པ་ཉིད་ཡིན་པས་ན་འཛིན་པ་ཉིད་ནི་མི་འཐད་པ་ཉིད་དོ།། འདི་སྐད ་དུ་ཡང་འོད་སྲུངས་སེམས་ནི་ཤེས་པ་ཀུན་གྱི་སོ་མ་མཐོང་ངོ་ཞེས་བྱ་བ་ལ་སོགས་པས་གསུངས་སོ།། དེའི་ཕྱིར་གསལ་བ་ནི་མེར་མེ་བཞིན་མི་གསལ་བ་བུམ་པ་བཞིན་ཞེས་པ་ནི་རོལ་པ་སྟེ་ལོངས་ཆོས་སོ།། བརྗོད་དུ་ཟིན་ཀྱང ་སྟེ་སྨྲས་སུ་ཟིན་ཀྱང་དེ་དོན་མེད་པ་ཉིད་དོ།། སྐྱེ་བ་མེད་ཅིང་འགགས་པ་མེད་པའི་བློ་ད་མོ་གཤམ་གྱི་བུ་མོ་དང་ཁྱད་མེད་དོ་ཞེས་བྱ་བའི་དོན་ཏོ།། རྒོལ་བར་བརྗོད་པ་གལ་ཏེ་ཞེས་སྨོས་ཏེ། གལ་ཏེ་རྣམ་པར་ཤེས་པ་རང་རིགས་པའི་ངོ་བོ ་ཡིད་བྱིར་མ་གྱུར་ན་དེའི་དུས་ཕྱིས་དྲན་པ་ཡོ་ང་བར་མི་འགྱུར་ཏེ། དྲན་པ་ནི་ཉམས་སུ་མྱོང་བ་ཡིན་པའི་ཕྱིར་རོ།། དེས་ན་དྲན་པ་ཡོང་བས་ཉམས་སུ་མྱོང་བ་ཡོད་པར་གྲུབ་བོ་སྙམ་པ་ལ་ལན་བརྗོད་པ། གལ་ཏེ་རང་རིག་པ་དེས ་པཱར་ཡོད་པར་གྱུར་ན་ནི་དེའི་ཚེ་དེའི་འབྲས་བུ་དྲན་པ་ཡང་ཡོད་པར་གྱུར་ན། གང་གི་ཚེ་དེ་ཉིད་ལ་རྩོད་པ་ཞུགས་པ་དེའི་ཚེ་དྲན་པ་དེ་དེའི་འབྲས་བུ་ཉིད་ཡིན་ནོ་ཞེས་གང་གིས་ན་འགྱུར། གཞན་ཡང་དྲན་པ་ཉིད་ཀྱིས་ཤེས་པ་ཡིན་པའི ་ཕྱིར། ཇི་ལྟར་འགྲུབ་པར་འགྱུར། འོ་ནི་ཇི་ལྟར་དྲན་པ་འབྱུང་སྙམ་པ་ལ། གཞན་སྒྲེང་ཞེས་སྨོས་ཏེ། ཤེས་པ་ལས་གཞན་གཟུང་བར་བྱ་བའི་ཡུལ་ཉམས་སུ་མྱོང་ནས་དེ་དང་རྗེས་སུ་འབྲེལ་པའི་ཤེས་པ་སྐྱེ་བར་འགྱུར་ཏེ ་ཡུལ་ཉམས་སུ་མྱོང་བའི་དྲན་པ་ཁྱད་པར་ཅན་ཉིད་དྲན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ།། ཅི་དང་འདྲ་བར་སྙམ་པ་ལ། དྲན་པ་བྱི་བའི་དུག་བཞིན་ཞེས་སྨོས་ཏེ། ལྡོང་རོས་ཀྱིས་བསྐུས་པའི་བྱེ་བའི་དུག་གིས་ལུས་ལ་ཟིན་པར་གྱུར ་ན་དུས་གཞན་དུ་འབྲུག་གི་སྒྲ་བསྒྲགས་པའི་ཚེ་རང་རིག་པ་མེད་ཀྱང་རྐྱེན་དེ་ཙམ་གྱིས་དུག་བླངས་ནས་རྣམ་པར་འཕེལ་བར་བྱེད་པ་བཞིན་དུའོ།། ཕ་རོལ་པོ་རྣམ་གྲངས་གཞན་གྱི་སྒོ་ནས་རང་རིག་པ་བསྒྲུབ་པར་འདོད་ནས། རྐྱེན ་གཞན་ཞེས་སྨོས་ཏེ། རྐྱེན་གཞན་ནི་བསྒོམ་པའོ།། དེ་དང་ལྡན་པ་ནི་སེམས་སོ།། གསལ་བར་བྱེད་པ་སྟེ་གཞན་གྱི་ཤེས་པ་སོ་སོར་སྣང་བར་བྱེད་པའི་ཕྱིར་གསལ་བ་ཉིད་ཀྱང་ཡོད་པ་ཁོ་ན་སྟེ། དེས ་གཞན་གྱི་ཤེས་པ་ལ་ཇི་ལྟ་བ་བཞིན་དུ་དམིགས་པར་བྱེད་དོ།། དེ་བཞིན་དུ་རང་གི་སེམས་ཀྱང་དམིགས་པར་བྱེད་པ་ཉིད་དེ། དེསོ་ན་རིག་པ་གྲུབ་པ་ཉིད་དོ་སྙམ་པ་ལ། ལན་པོརྗོད་པ་སྨོན་ཞེས་བརྗོད་དེ། དེ་ལྟ་ན་མིག་སྨན་བསྒྲུབ་པས་གྲུབ ་བྲིའི་ཆོ་ག་སྟེ་སྦྱོར་བའི་ས་མཐོང་བའི་བུམ་པ་ནི་བུམ་པོ་བཟང་པོ་སྟེ། བུམ་པ་བཟང་པོ་གང་ཡིན་པ་དེ་ཉིད་མིག་སྨན་དུ་འགྱུར་རོ།། དེའི་ཕྱིར་རྐྱེན་གྱིས་དབང་གིས་གཞན་གྱི་སེམས་མཐོང་ཞེས་ཏེ་རང་གི་སེམས་ལ་ཡང་ལྟ་བར་བྱེད་དོ།། ་སྦྱར་བར་མི་བྱའོ།། གལ་ཏེ་རང་རིག་པ་མ་བདེན་པ་ཡིན་པ་དེ་ལྟར་ན་བུམ་པ་མཐོང་ཞེས་བྱ་བ་ལ་སོགས་པའི་ཐེ་སྙད་རྣམས་ཀྱང་ཇི་ལྟར་ཡོད་པར་འགྱུར་ཏེ། གསལ་བྱེད་ཉིད་མི་གསལ་བར་གྱུར་ཏོ།། སྙན་པ་ལ། ཇི་ལྟར་ཞེས ་སྨོས་སོ།། མཐོང་བ་ནི་མངོན་སུམ་གྱིས་སོ།། ཐོས་པ་ནི་སྒྲ་ལས་བྱུང་བས་སོ།། ཤེས་པ་ནི་རྗེས་སུ་དཔག་པ་སྟེ། ཀུན་རྫོབ་ཀྱི་མཐོང་བ་ལ་སོགས་པ་ནི་དགག་པར་བྱ་བ་མ་ཡིན་པས་ཇི་ལྟར་གང་ཡང་ཡོད་ལ་རག་གོ། དོན ་དམ་པར་སྒྲོ་བཏགས་པ་ནི་སྡུག་བསྔལ་གྱི་རྒྱུ་ཉིད་དེ་དེ་བཟློག་པར་བྱེད་ཞེས་བྱ་བ་ནི་རྗེས་བཅད་པའི་དོན་ཏོ།། ཞར་ལས་བྱུང་བ་རྣམས་རྫོགས་པར་བྱས་ནས་སྐབས་སུ་བབ་པའི་དོན་སྦྱར་བའི་ཕྱིར། སེམས་ལས་ཞེས་སྨོས་ཏེ།། ་དབོར་ན་སྒྱུ་མ་སེམས་ལས་གཞན་ཡིན་ནམ། མ་ཡིན་ཏེ། རྣམ་པར་ཤེས་པ་ལས་ལྷག་པའི་དོན་ཁས་བླངས་པར་འགྱུར་བའི་ཕྱིར་རོ།། དེ་སྟེ་གཞན་མ་ཡིན་པ་ཡིན་ན་མ་ཡིན་ནོ་ཞེ་ན་མ་ཡིན་ཏེ། རྣམ་པར་ཤེས་པ་ཉིད་སྒྱུ་མར ་འགྱུར་བའི་ཕྱིར་རོ།། གལ་ཏེ་དེ་ཉིད་དུ་རྟོག་པར་བྱེད་ན་དེ་ལ་བརྗོད་པ་གལ་ཏེ་དངོས་པོ་ཡིན་ན་དེ་ལ་གཞན་ཅིས་མིན། གལ་ཏེ་གཞན་མེད་པ་ད་ལྟ་ན་ནི་རྣམ་པར་ཤེས་པ་འབའ་ཞིག་ལས་གཞན་སྒྲ་མ་ཞེས་བྱ་བ་ཡོད་པ་མ ་ཡིན་པས། གང་ཚེ་ཁྱོད་ལ་སྒྱུ་མའང་མེད་ན་དེ་ཚེ་ཅི་ཞིག་དམིགས་ཞེས་བྱ་བ་དེ་ཉིད་འོངས་པ་ཡིན་ནོ།། སྐབས་སུ་བབ་པའི་དོན་བསྒྲུབས་ནས་མཇུག་བསྡུ་བར་བྱ་བའི་ཕྱིར། ཇི་ལྟར་སྒྱུ་མ་ཞེས་སྨོས་ཏེ། ཇི་ལྟར་སྒྲོ་མ་དངོས་པོ་ཡོད ་པ་མ་ཡིན་ཡང་ཇི་ལྟ་བ་བ་ཞིན་དུ་མཐོང་བ་དེ་བཞིན་དུ་ཡིད་ཀྱང་དོན་དམ་པར་ན་དངོས་པོ་མེད་པ་ཡིན་དུ་ཟིན་ཀྱང་མཐོང་བར་ནུས་པ་ཡིན་ནོ།། དེ་ལྟར་ན་གང་གི་ཚེའི་ཁྲུལ་པའང་མེད་ན་སྒྱུ་མ་གང་གིས་དམི་རིགས་པར་འགྱུར ་ཞེས་བརྒལ་བའི་ལན་རྫོགས་པར་ཐེབས་སོ།། གལ་ཏེ་རྒྱུ་མེད་པའི་ཀུན་རྫོབ་ནི་སྡིག་པར་འགྱུར་བའི་ཕྱིར་ཡོད་པའ་དངོས་པོ་ལ་བརྟེན་ནས་འཁོར་བར་འཇུག་པར་བྱེད་དོ་ཞེ་ན། ལན་བསྟན་པའི་ཕྱིར་གཞན་དུ་ཞེས་སྨོས་ཏེ། གཞན ་དུ་ཞེས་པ་ནི་གཞན་དུ་འགྱུར་ཞེས་བྱ་བའི་དོན་ཏོ།། དོན་བྱེད་ནུས་པས་སྟོང་པ་ཉིད་དངོས་པོ་ལས་གཞན་དངོས་པོ་མེད་པ་ཉིད་དུ་འགྱུར་ཏེ། ནམ་མཁའ་བཞིན་དུ་ཅུང་ཟད་ཀྱང་ཡོད་པར་མི་འགྱུར་རོ།། གཞན་ཡང་དངོས་པོ་ལ་སྟེ། ་སེམས་ལ་བརྟེན་ནས་དངོས་པོ་མེད་པ་དེ་འཁོར་བར་བྱ་བ་དང་ལྡན་པ་སྟེ། དོན་བྱེད་ནུས་པར་ཇི་ལྟར་འགྱུར། ཅི་དོན་བྱེང་ནུས་པའི་མཚན་ཉིད་དང་བྲལ་བ་ལ་བརྟག་པར་བྱས་ནས་སྲན་བཟོད་དམ། ཞེས་བསྟན ་པའི་ཕྱིར་གྲོགས་པོ་མེད་ཅེས་སྨོས་ཏེ། རྣལ་འབྱོར་སྤྱོད་པའི་ལྟ་ན་འཁོར་གྲོགས་པོའདིའོ་ཞེས་བྱ་བ་འདི་ཉིད་དུ་སེམས་འབའ་ཞིག་གྲོགས་པོ་མིང་པར་གཅིག་པུར་འབྱུང་བར་འགྱུར་རོ།། ཁོ་གཟུང་བ་ལ་སོགས་པ་དང་བྲལ་བ ་གཉིས་མེད་པའི་སེམས་འདོད་པ་མ་ཡིན་ནམ། དེ་ཇི་ལྟར་ཉེས་པར་འགྱུར་སྙམ་པ་ལ། གང་ཚེ་ཞེས་སྨོས་ཏེ། དེ་ལྟ་ན་ནི་གང་གི་ཚེ་སེམས་བཟུང་བ་ལ་སོགས་པ་དང་བྲལ་བ་ཙམ་ཐམས་ཅད་ལ་ཡོད་པ་དེའི་ཚེ་ཐམས་ཅད་དེ་བཞིན ་གཤེགས་པ་ཉིད་དུ་འགྱུར། གཟུང་བ་ལ་སོགས་པ་དང་བྲལ་བའི་སེམས་ཙམ་ཞིག་ཡོད་པས་དེ་ཁོ་ན་ཉིད་ཐོབ་ན་ནི་དེ་ལྟ་ན་འབད་པ་གཞན་དོན་མེད་པ་ཉིད་དོ།། དེ་ལྟ་ཞེས་པ་ནི་གཉིས་སུ་མེད་པའི་ཤེས་བརྟགས་སུ་ཟིན་ཀྱང ་སེམས་ཅན་གྱི་རྒྱུད་ལ་འདོད་ཆགས་ལ་སོགས་པ་མཐོང་བའི་ཕྱིར་ཡོན་ཏན་ཅི་ཡང་མ་ཐོབ་པའོ།། གཞན་གྱིས་བརྒལ་བ་སྒྱུ་མ་ཞེས་སྨོས་ཏེ། སྒྱུ་མ་ལྟ་བུར་སེམས་ཅན་དེ་འགྲོ་བ་རྣམས་ཀྱིས་ཞེས་པས་ཀྱང་ཉོན་མོངས་པ་ཇི ་ལྟར་ལྡོག་པར་འགྱུར་ཏེ། རེ་ཞིག་གཞན་རྣམས་དེ་ལྟར་འགྱུར་བ་ལ་ལྟ་ཐེ་ཚོམ་ཡང་མེད་ན་དེ་བྱེད་པ་ཉིད་ཀྱང་སྒྱུ་མ་བྱེདམཁན་ཉིད་ཀྱང་ངོ་།། ལན་བརྗོད་པར་བྱ་བའི་ཕྱིར། དེ་བྱེད་པས་ནི་ཞེས་སྨོས་ཏེ། ཉོན་མོངས་པ་ནི་ཀུན ་ཏུ་འཆགས་པའོ།། ཤེས་བྱ་ནི་བུད་མེད་ལ་སོགས་པ་ལ་ཆགས་པ་དེའི་བག་ཆགས་ཀྱི་ས་བོན་ནོ།། མ་སྤངས་པ་ནི་མ་བཅོམ་པས་སོ།། དེ་མཐོང་བ་ནི་སྒྱུ་མའི་བུད་མེད་མཐོང་བའོ།། སྟོང་ཉིད་དེ་ངེ་ཁོ་ན་ཉིད་ཀྱི་ཤེས་བྱའི་བག་ཆགས ་སྟོབས་ཆུང་བའོ།། འོ་ན་ཇི་ལྟར་དངོས་པོའི་བག་ཆགས་སྤོང་བར་འགྱུར་སྙམ་པ་ལ་བརྗོད་པ་སྟོང་པ་ཉིད་དུ་བག་ཆགས་གོམས་པ་སྟེ། བསྒོམ་པའི་རྣལ་རྡོ་འབྱོར་ཕུལ་དུ་ཕྱིན་པས་སྤོང་བར་བྱེད་པ་ནི་ལས་སུ་བྱེད་པའོ།། ཅི་སྟེ་འདི་ལྟར ་དངོས་པོའི་བག་ཆགས་དང་སྟོང་པ་ཉིད་ཀྱི་བག་ཆགས་ལ་ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ།། དེ་སྐད་དུ་ཡང་། ལྟ་བ་ཐམས་ཅད་སྟོང་ཉིད་ཀྱིས།། ངེས་པར་འབྱུང་པོར་རྒྱལ་བས་གསུངས།། གང་ཞིག་སྟོང་ཉིད་དུ་ལྟ་ན།། དེ་ནི ་བསྒྲུབ་བྱ་མིན་པར་གསུངས།། ཞེས་འབྱུང་བས་སོ་ཞེ་ན། དེ་ལ་ལན་བརྗོད་པ། ཅི་ཡང་ཞེས་སྨོས་ཏེ། དངོས་པོ་མེད་པའི་རང་བཞིན་ཡང་མེད་པ་ཉིད་དོ་ཞེས་གོམས་པར་བྱས་ནས་དེ་ཡང་སྟེ། སྟོང་པ་ཉིད་ཀྱི་བག་ཆགས་ཀྱང་མེད་པར ་འགྱུར་རོ་བོ་ཉིད་དོ།། དེ་ལྟ་ན་ཡང་སྐྱོན་གྱི་གནས་སྐབས་དེ་ཉིད་དོ་སྙམ་པ་ལ། གང་ཚེ་ཞེས་སྨོས་ཏེ། གང་མེང་པ་ཉིད་དོ་ཞེས་རྟོག་པར་བྱེད་པའི་དངོས་པོ་དེ་གང་གི་ཚེ། རྣམ་པར་གཞིག་པ་དེའི་ཚེ། རྣམ་པ་ཐམས་ཅད་དུ་རྙེད་པ་མ་ཡིན ་ཏེ། འདི་དངོས་པོའི་ཕྲེང་བ་ཅན་གང་ཡང་མེད་པར་དེ་ཅི་ལ་བརྟེན་དེ་གནས། ཕར་འགྲམ་མེད་པའི་ཚུར་འགྲམ་བཞིན་དུ་རྟེན་མེང་པོ་ཉིད་ཀྱིས་བརྟེན་པ་མེད་པ་ཉིད་དོ།། ཞེས་བྱ་བའི་དོན་ཏོ།། དེ་ལྟར་ན་བློའི་མདུན་ན་དམིགས་པ་ཉིད་དུ ་ཇི་ལྟར་སྣང་བར་འགྱུར། དེ་ལྟ་བུར་རྣམ་པར་རྟོག་པ་ནུས་པ་ལ་སྒྲིབ་པ་ཐམས་ཅད་གྲོལ་བར་འགྱུར་རོ།། ཞེས་བསྟན་པའི་ཕྱིར། གང་ཚེ་ཞེས་སྨོས་ཏེ། དངོས་པོ་དང་དངོས་པོ་མང་བ་དག་ལས་མ་བཏོགས་པའི ་འགྲོ་ས་གཞན་ན་མེད་པའི་ཕྱིར་དམིགས་པ་མེད་པ་ནི་རྟེན་མེད་པའི་ཕྱིར་ཏེ། ཤིང་ཟད་པའི་མེ་བཞིན་དུ་རྣམ་པར་རྟོག་པ་ཐམས་ཅད་རབ་ཏུ་ཞི་བ་ནི་མྱ་ངན་ལོས་འདས་པར་འགྱུར་བའོ།། དེ་ལྟར་ན་བཅོམ་ལྡན་འདས་ཀྱིས་གཞན་གྱི་དོན་རྫོགས ་པུ་ཇི་ལྟར་མཛད་སྙམ་པ་ལྀ། ཡིད་བཞིན་ཞེས་སྨོས་ཏེ། ཡིད་བཞིན་ནོར་བུ་ནི་ཡིད་ལ་བསམས་པ་བཞིན་དུ་འབྲས་བུ་སྟེར་བའི་རིན་པོ་ཆེའི་བྱེ་བྲོག་གོ།། དཔག་བསམྱ་ཤོང་ནི་ཇི་ལྟར་དཔག་བསམ་གྱི་ཤིང་བསམས་པ་ལྟར་འབྲས་བུ ་སྟེར་བའི་ཤིང་གི་བྱེ་བྲག་གོ།། དེ་བཞིན་དུ་བདུད་བཞི་ལས་རྣམ་པར་རྒྱལ་བས་ན་རྒྱལ་བའོ།། དེའི་སྐུ་སྣང་བ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་མཐོང་བའོ།། ཇི་ལྟར་མཐོང་ཞེ་ན། གཞན་གདུལ་བྱར་བྱ་བ་མེད་པ་ཉིད་དུ་མཱི ་སྲིད་པས་གདུལ་བར་བྱ་བ་དགེ་བའི་རྩ་བ་ཐོབ་ཅིང་སྨོན་པར་བྱས་པའི་རྐྱེན་དེ་དང་དེའི་དོན་དུ་བྱང་ཆུབ་སེམས་དཔའི་དུས་ན་སྨོན་ལམ་བཏབ་པའི་རྒྱུ་སྟེ་དེ་ཉིད་ཀྱིས་སོ།། དེ་སྐད་དུ་ཡང་བསམ་གཏན་དེ་ལ་སྙོམས་ཞུགས་ནས།། ཡིད ་བཞིན་ནོར་བུ་བཞིན་དུ་གོནས།། ཚོགས་ལ་སོགས་པ་རྫོགས་པས་ནི། ཇི་ལྟར་འདོད་བཞིན་བསྦྱིན་པ་བྱུང་། ཞེས་གསུངས་སོ།། བསྐྱོད་པ་བཞི་བཾ་ལས་ཀྱང་། བཅོམ་ལྡན་མངའ་བདག་ཁྱོད་ཀྱིས་ནི།། ཡི་གེ་གཅིག་ཀྱང་མ ་གསུངས་ཏེ། གདུལ་བྱའི་འགྲོ་བ་མཐའ་དག་ལ།། ཆོས་ཀྱི་ཆར་པས་ཚིམ་པར་མཛད་ཅེས་གསུངས་སོ།། ཡང་དེ་ཉིད་ཀྱི་དོན་གཞན་གྱི་སྒོ་ནས་བསྟན་པའི་ཕྱིར། མཁའ་ལྡིང་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས ་གསུངས་ཏེ། བསྒྲུབས་པ་ནི་སྔགས་ཀྱི་མངོན་པར་འདུས་བྱས་པའོ།། འདས་ནི་ཤི་བའོ།། དེ་འདས་ཞེས་པ་ནི་ནམ་མཁའ་ལྡིང་གྲུབ་པའོ།། དེ་ཞེས་པ་ནི་མཆོད་སྡོང་ངོ་།། དཔེས་མཚོན་པའི་དོན་བསྟན་པར་བྱ་བའི་ཕྱིར། བྱང་ཆུབ ་ཅེས་སྨྲས་ཏེ། བྱང་ཆུབ་ནི་སངས་རྒྱས་ཉིད་དོ།། སྤྱོད་པོ་ནི་དེའི་དོན་དུ་ཚོགས་ཡོངས་སུ་རྫོགས་པའོ།། རྗེས་སུ་མཐུན་པ་ནི་དེ་དང་རྗེས་སུ་མཐུན་པའི་འབྲས་བུའོ།། རྒྱལ་བ་ཉིད་མཆོད་སྡོང་ངོ་།། གདུལ་བྱའི་སྨོན་ལམ་ལ ་སོ་སོར་སྣང་བ་ཉིད་དུ་བསྒྲུབས་པ་ལ་སྒྲུབ་པ་ཞེས་བརྗོད་དོ།། བྱང་ཆུབ་སེམས་དཔའ་འདས་པ་ནི་སངས་རྒྱས་ཀྱི་སྐབས་ཉིད་དོ།། གལ་ཏེ་སེམས་ཀྱི་རྒྱུན་ཉེ་བར་ཞི་བར་གྱུར་པའི་སངས་རྒྱས་དེ་ལ་མཆོད་པ་བྱས་པས་ཇི་ལྟར་འབྲས ་བུ་དང་ལྡན་པར་འགྱུར་ཞེས་རྩོད་པ་བསླང་བར་བྱ་བྱའི་ཆེད་དུ་སེམས་མེད་པ་ཞེས་སྨོས་ཏེ། སེམས་དང་བྲལ་བའི་བཅོམ་ལྡན་འདས་ལ་མཆོད་པ་བྱས་པས་འབྲས་བུ་དང་ལྡན་པར་ཇི་ལྟར་འགྱུར་ཏེ། ལོངས་མི་སྤྱོད་པའི་ཕྱིར ་རོ། སྙིམ་པ་ལ། ལན་བརྗོད་པ་གང་ཞིག་ཞེས་སྨོས་ཏེ། མཚུངས་པ་ན་འདྲ་བའོ།། བཤད་པ་ནི་ལུང་ལས་གསུངས་པའོ།། དོན་དམ་པར་ལོངས་སྤྱོད་པ་ཡོད་པ་མ་ཡིན་པས་སྦྱིན་པ་དང་རྗེས་སུ་མཐུན་པའི་བསོད ་ནམས་དང་ལྡན་པ་ཉིད་དུ་ནི་ཁྱད་པར་ནི་ཅུང་ཟད་ཀྱང་མེད་དོ།། གཞན་ཡང་ལུང་ལས་ཡིན་ཞེས་བྱ་བ་ལ་སོགས་པ་ལ། དེ་སྟེ་ཞུགས་པ་འམ་མྱ་ངན་ལས་འདས་པའི་བཅོམ་ལྡན་འདས་ལ་མཆོད་པ་བྱས ་བཱས་འབྲས་བུ་འབྱུང་བ་ནི་ལུང་ལས་གསུངས་པ་ཡིན་ནོ།། ཁྱད་པར་ནི་ཁ་ཅིག་ནི་ཀུན་རྫོབ་ཁ་ཅིག་ནི་དོན་དམ་དུ་འདོད་པར་ཟད་དོ།། དེ་སྐད་དུ་ཡང་འགའ་ཞིག་བཞུགས་ལ་མཆོད་པ་དང་།། གང་ཞིག་མྱ་ངན་འདས་མཆོད་པ།། དང ་བའི་སེམས་ཀྱི་མ་ཚུངས་པ་སྟེ། བསོད་ནམས་ཁྱད་པར་ཡོང་མ་ཡིན་ཞེས་གསུངས་སོ།། གཞན་ཡང་བདེན་པ་སྟེ་དོན་དམ་པར་བཞུགས་པའི་བཅོམ་ལྡན་འདས་ལ་མཆོད་པ་བྱས་པས་འབྲས་བུ་དང་བཅས་པར་གྱུར་པ་ལྟ་བུ་སྟེ། དཔེར ་ན་ཇི་ལྟ་བུར་ཞེས་བྱ་བའི་དོན་ཡིན་ཏེ། ལུས་ལས་མོ་གཏོགས་པར་དཔེར་བརྗོད་པའི་འོས་གཞན་མེད་དོ་ཞེས་བྱ་བའི་དོན་ཏོ།། བྱེ་བྲག་ཏུ་སྨྲ་བས་རྩོད་པ། བདེན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྡུག་བསྔལ་དང་ཀུན་འབྱུང་དང ་འགོག་པ་དང་ལམ་སྟེ་འཕགས་པའི་བདེན་པ་རྣམས་མཐོང་བ་སྟེ། མངོན་དུ་བྱས་པ་ལྔས་མཐོང་བའི་ལམོ་དང་། བསྒོམ་པའི་ལམ་གྱི་སྒོ་ནས་གྲོལ་བས་ཆོ་ག་མོད། སྟོང་པ་ཉིད་བསྒོམ་པས་ཅི་བྱ་སྙམ་པ་ལ་ལན་བརྗོད་པ། ་གང་གི་ཕྱིར་སྟོང་པ་ཉིད་ཀྱི་རང་བཞིན་གྱི་ལམ་འདི་མེད་པར་བྱང་ཆུབ་ཅེས་བྱ་བ་ཡོད་པ་མ་ཡིན་ནོ།། ཞེས་བྱ་བ་ལུང་ལས་གསུངས་པ་སྟེ། དེ་ཡང་འདི་སྐད་དུ་སངས་རྒྱས་རང་སངས་རྒྱས་དང་ནི།། ཉན་ཐོས་རྣམས་ལ་ངེས་བསྟན་པའོ།། ཐར ་བླའི་ལམ་ནི་ཁྱོད་གཅིག་པུ།། གཞན་ཡོད་མིན་ཞེས་ངེས་པ་ཡིན་ཞེས་འབྱུང་ངོ་།། འོན་ཏེ་ཞེས་པ་ནི་རྒོལ་བ་སྟེ། ཐེག་ཆེན་ནི་བྱང་ཆུབ་སེམས་དཔའི་ཐེག་པའོ།། དེའི་ལུང་གིས་མ་གྲུབ་བོ་སྙམ་པ་ལ། ལན་བརྗོད་པ། ཁྱོད་ཀྱི་ཡང་ལུང་གིས ་ཇི་ལྟར་འགྲུབ།། རྒོལ་བས་སྨྲས་པ། གང་གྲི་ཕྱིར་གཉིས་ཀ་ལ་སྟེའུ་བུ་ཅག་གཉི་ག་ལྔ་ངའི་ལུང་གྲུབ་པ་སྙམ་པ་ལ་གྲུབ་པ་པོས་བརྗོད་པ་དང་པོར་ཞེས་སྨོས་ཏེ། དང་པོར་ཏེ་རེ་ཞིག་སྔོན་ཁྱོད་ཀྱིས་ཁས་མུ་བླངས་པའི་ལུང་དེ་ཉིད་མི ་འགྲུབ་པའོ།། ཕྱིས་ཁས་བླངས་པ་ལས་ནི་འགྲུབ་ལ་རག་ན། དེ་ལྟ་ནི་ཁོ་བོ་ལྕག་གི་ཐེག་པ་ཆེན་པོ་ཡང་ཁས་བླངས་ནས་འགྲུབ་པ་ཉིད་ཡིན་པས་གཉི་ག་ལ་འདི་གྲུབ་ཅེས་གང་གིས་བརྗོད་པར་བྱེད། གལ་ཏེ་བླ་མ་གཅིག་ནས་གཅིག་ཏུ ་བརྒྱུད་པའི་གདོམ་དྲག་དང་། སངས་རྒྱས་ཀྱི་བཀའ་ཡིན་པ་ཉིད་ཀྱིས་མདོ་སྡེ་ལ་འཇུག་པ་དང་འདུལ་བ་ལ་ཡང་སྣང་བ་དེ་སངས་རྒྱས་ཀྱི་བཀའ་ཡིན་གྱིས་གཞན་ནི་མ་ཡིན་ནོ།། སྙམ་པ་ལ་བརྗོད་པ། གང་ཞིག་ཅེས་སྨོས་ཏེ། གང་ཞིག ་རྐྱེ་ན་རྣམས་ནི་གང་ཞིག་རྒྱུ་མཚན་དུ་སྦྲེལ་པ་རྣམས་སོ།། དེ་ལ་ཞེས་པ་ནི་རང་གི་ལུང་ལའོ།། གནས་པ་སྟེ་ཁས་ལེན་ནོ།། དེ་ཉིད་ནི་ཐེག་པ་ཆེན་པོའི་ལུང་ལ་ཡང་ཡོད་པ་ཉིད་ཡིན་པས་རྐྱེན་དེ་རྣམས་སྦྱར་བར་གྱིས་ཤིག། ་དེ་སྐད་དུ་ཡང་གང་ཞིག་དོ་ན་ལྡན་ཚེ་ས་ཀྱི་ཚིག་དང་ཉར་ལྡན་པ།། ཁམས་གསུམ་རྣམས་ཀྱི་ཀུན་ནས་ཉོན་མོངས་གཅོད་པར་བརྗོད།། གང་ཞིག་ཕན་ཡོད་ཞི་བ་མཐོང་བར་བྱེད་པ་དེ།། གཙུག་ལག་དེ་ལྟ་མིན་ལ་ཕྱིན་ཅི ་ལོག་ཏུ་བརྗོད།། ཅེས་གསུངས་སོ།། གལ་ཏེའོ་སྐོལ་གཉིས་མ་ཡིན་པའི་གཞན་པོ་གཉིས་ཀྱིས་འདོད་པ་དེ་བདེན་པའི་དོན་ཡིན་ནོ་སྙམ་པ་ལ་གཞན་དག་ཅེས་སྨོས་ཏེ། འོ་སྐོལ་གཉིས་མ་ཡིན་པའི་གཞན་པོ ་གཉིས་ཀྱིས་འདོད་པ་བདེན་པ་ཡིན་པ་ལྟ་ན་ནི་རིག་བྱེད་ལ་སོགས་པ་ཡང་བདེན་པ་ཉིད་དུ་འགྱུར་རོ།། གལ་ཏེ་ལུང་ཉིད་ཡིན་མ་ཡིན་རྩོད་པ་ཡོད་པའི་ཕྱིར་ཐེག་པ་ཆེན་པོ་ནི་རྩོད་པ་དང་བཅིས་པའོ།། སྙམ་པ་ལ་སྒྲུབ་པ་པོས་བརྗོད་པ། ་དེ་ལྟར་ན་ནི་ཁྱོད་ཀྱིས་ལུང་ཡང་དོར་དགོས་ཏེ། དེ་ལ་ཡང་ཁྱོད་དང་མུ་སྟེགས་པ་ཉིད་ཡང་དག་པར་རྟོགས་པ་དང་ལོག་པར་རྟོག་པ་ཡོད་པའི་ཕྱིར་རོ།། མུ་སྟེགས་པ་འབའ་ཞིག་ཏུ་མ་ཟད་ཀྱི། བདག་དང་སྟེ། རང་གི་སྡེ་པའི་བྱེ་བྲག་དང ་གཞན་གྱི་སྡེ་པ་སྟེ་སྡེ་པ་གཞན་གྱི་རབ་པས་ཁྱོད་ཀྱིས་ལས་བླངས་པའི་ལུང་ལས་གཞན་དུ་རང་དང་གཞན་གྱི་སྔ་པས་ཁས་བླངས་པས་དེ་ཡང་རྩོད་པ་དང་བཅས་པ་ཡིན་པའི་ཕྱིར་དོར་བར་བྱ་དགོས་ཏེ་ཁས་བླངས་པར་མི་གཤོའ་བ་ཉིད ་དོ།། གཞན་གྱི་ལུང་ཞེས་པའི་ཚིག་ནི་རང་གི་ལུང་དང་གཞན་གྱི་ལུང་ཞེས་བྱ་བའི་དོན་ཏོ།། ཞར་ལ་བྱུང་བའི་ཚུལ་གྱིས་ལུང་ལ་ལོག་པར་རྟོག་པ་བསལ་ནས་བདེན་པ་མཐོང་བས་གོལ་བར་འགྱུར་བསྔ་ན། སྟོང་པ་ཉིད་བསྒོམས་པས་ཅི ་ཞིག་བྱ་ཞེས་དགོས་པ་ཉིད་བསལ་བར་བྱ་བའི་ཕྱིར་བསྟན་རྩ་ཞེས་སྨོས་ཏེ། བསྟན་པ་ནི་གསུང་རབ་བོ།། ཉོན་མོངས་པ་ལས་ཐར་པ་དང་ཞི་བ་ཁས་བླངས་པ་སྟེ་དགེ་སློང་གཉིས་ཀྱི་ནི་རྩ་བ་སྟེ། འདི་དག་གིས་ཡུན་རིང་དུ་གནས་པར ་བྱེད་པས་སོ།། དེ་ལ་གཙོ་བོ་ནི་ཉོན་མོངས་པ་ལས་ཐར་པའི་དགེ་སློང་ཡིན་ན། སྟོང་པ་ཉིད་མེད་པར་བདེན་པ་མཐོང་བ་ལས་ནི་ཉོན་མོངས་པ་ལས་ཐར་པའི་དགེ་སློང་དེ་འབྱུང་བ་མ་ཡིན་པས་དཀར་བར་གནས་པའོ།། དགེ་སློང་དཀའ་བར་གནས་པ ་འབའ་ཞིག་ཏུ་མ་ཟད་ཀྱི། སེམས་དམིགས་པ་དང་བཅས་པ་སྟེ་གང་དག་དངོས་པོར་མངོན་པར་ཞེན་པ་རྣམས་ཀྱི་མྱ་ངན་ལས་འདས་པ་ཡང་དཀའ་བར་གནས་པ་ཡིན་ནོ།། དེ་ལ་དགེ་སློང་ཉིད་མི་འཐད་དོ་ཞེས་བྱ་བའི་ཕྱིར། རྒོལ་བ་སླང་བ་ཉོན ་མོངས་ཞེས་སྨོས་ཏེ། བདེན་པ་མཐོང་བས་ཉོན་མོངས་པ་སྤངས་ཏེ། དེ་ནས་གྲོལ་བར་འགྱུར་རོ་སྙམ་པ་ལ་ལ་ནི་བརྗོད་པ། འདི་ལྟར་དེའི་རྗེས་ལྔ་སྟེ་ཉོན་མོངས་པ་སྤངས་པ་ཉིད་ཀྱི་རྗེས་ལ་གྲོལ་ཁོངས་ཆུག། ཅི་སྟེ་གྲོལ་བ་ཉིད་དུ་འགྱུར ་བ་ལ་ཐེ་ཚོམ་ཅི་ཡོད་ཅེ་ན། མ་ཡིན་ནོ་ཅིའི་ཕྱིར་ཞེ་ན། བརྗོད་པ་ཉོན་མོངས་ཞེས་སྨོས་ཏེ། ཉོན་མོངས་པའི་ལས་མེད་ཀྱང་དེ་ལྔ་སྟེ། མོའུ་གལ་གྱི་བུ་ལ་སོགས་པ་ལ་རྡེག་པ་ལ་སོགས་པའི་ལས་ཀྱི་མཚན་ཉིད་ཀྱིས་ནུས་པ་མཐོང་བའི ་ཕྱིར་རོ།། དེ་བས་ན་ཉོན་མོངས་པ་སྤངས་པའི་རྗེས་ལ་གྲོལ་བར་འགྱུར་བ་ནི་མ་ཡིན་ནོ།། ཅི་སྟེ་དེ་དག་ལ་ཡང་སྐྱེ་བའི་རྒྱུ་སྲེད་པ་མེད་དོ་ཞེས་རྒོལ་བའི་དོན་དུ་ཅི་ཙམ་ཞེས་སྨོས་ཏེ། ངེས་པ་ནི་དེ་ལྟར་ངེས་པའོ།། སྒྲུབ་པ་པོས་བརྗོད་པ་སྲེད ་འོདི་ཞེས་སྨོས་ཏེ་སྲེད་པ་འདི་ཉིད་ཉོན་མོངས་པ་སྟེ། ཀུན་ནས་ཉོན་མོངས་པ་དང་ལྡན་པ་མ་ཡིན་དུ་ཟིན་ཀྱང་། ཀུན་ནས་ཉོན་མོངས་པ་བཞིན་དུ་སྟེ་ཉོན་མོངས་པའི་ཤེས་པ་བཞིན་དུ་དེ་ཅི་སྟེ་མེད་པ་ཡིན། དེ་བཞིན་དུ་ཚོར་བའི་ཞེས ་བྱ་བ་ལ་ཚོར་བའི་རྐྱེན་གྱི་སྲེད་བུ་སྟེ། ཚོར་བ་དེ་ནི་འདོད་ཆགས་དང་བྲལ་བ་རྣམས་ལ་ཡང་ཡོད་པ་ཡིན་པས་ན་རྒྱུ་མ་ཚང་བ་མེད་པའི་སྲེད་པ་དེ་ཛཱ་ལྟ་ན་མེད་པར་འགྱུར། དེའི་ཕྱིར་སྟོང་པ་ཉིད་མེད་པར་དགེ་སློང་ཉིད ་བདེ་བླག་ཏུ་གནས་ཤིང་སོ་སོར་སྣང་བ་མ་ཡིན་ནོ།། གང་སེམས་དམིགས་པ་དང་བཅས་པ་རྣམས་ཀྱི་མྱ་ངན་ལས་འདས་པ་ལ་དཀའ་བར་མིགནས་སོ།། ཞེས་བརྗོད་པ་དེ་ཉིད་ཀྱི་འཐད་པ་བསྟེན་པའི་ཕྱིར། དམིགས་པ་ཞེས་སྨོས་ཏེ། དམིགས ་པ་དང་བཅས་པའི་སེམས་ཀྱིས་འཕགས་པའི་བདྲེན་པ་ལ་སོགས་པས་རང་སྲིད་པར་འཇོག་པར་བྱེད་ཀྱི་ཡང་སྐྱེ་བའི་སྐྱེ་བ་ནི་ལྡོག་པར་མི་བྱེད་དོ་གཞན་ཡང་སྟོང་པ་ཉིད་དང་ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་ནི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས ་ནུས་པ་ཅུང་ཟད་ཙམ་ལྡོག་པར་སྲིད་ཀྱང་ཡང་དེ་བཞིན་དུ་ཀུན་ཏུ་ཆགས་པའི་ཞགས་པ་སླར་འཆིང་པོར་སྐྱེ་བར་འགྱུར་ཏོ། འདུ་ཤེས་མེད་པོ་ལཱ་སྙོམས་པར་ཞུགས་ཀྱང་ང་ལ་སཱ་ལོངས་ནས་སེམས་དེ་ཡང་སྐྱེ་བར་འགྱུར་བ་བཞིན་ནོ།། གང ་ཞིག་མདོ་སྡེ་ལ་འཇུག་ཅེས་བྱ་བ་ལ་སོགས་པ་ཚིག་པར་བདུན་པའི་ཚིགས་སུ་བཅད་པ་གསུམ་ནི་ག་ཞན་གྱི་ཕྲངས་པ་ཡིན་གྱི་སློབ་དཔོན་ཉིད་ཀྱི་མ་ཡིན་ཏེ། གང་གི་ཕྱིར་དམིགས་པ་དང་བཅས་པ་དང་ང་མིགས་པ་མེད་པ་སྤྱོད་པའི ་སྐབས་ཡིན་གྱི། ལུང་དང་ལུང་མ་ཡིན་པའི་སྤྱོད་པ་སྐབས་མ་ཡིན་པའི་ཕྱིར་རོ་ཞེས་ཁ་ཅིག་ཟེར་རོ།། ཁོ་བོས་ནི་འཕགས་པ་ཞི་བའི་ལྷ་སིངྒེའི་ཁྲི་ལ་ཞུགས་པའི་དུས་དེ་ཉིད་ཀྱི་ཚེ་ཆོས་བཤད་པ་མཛད་པ་ཡིན་པས་ན། གོ་ང་འོག་གི ་འབྲེལ་པ་མ་གཟིགས་པར་གསུངས་པ་ཁོ་ན་འདྲ་བར་མཐོང་ངོ་།། ཐེག་པ་ཆེན་པོ་དང་ཁྱོད་ཀྱི་མདོ་སྡེ་ཉན་ཐོས་ཀྱི་མདོ་སྡེ་མཉམ་པ་ནི་དོན་ཅིག་པར་རོ།། མ་རྟོགས་གཅིག་སྟེ་ཕྱོགས་གཅིག་གོ།། མ་རྟོགས་པར་གྱུར་པ་ནི་མཚུངས་པར ་མོ་རྟོགས་པ་སྟེ། དོན་ཐ་དད་པའི་ཕྱིར་རོ།། ཐམས་ཅད་དེ་ཐེག་པ་ཆེན་པོ་ཐམས་ཅད་དོ།། ཉེས་པ་དང་བཅས་པ་ནི་སངས་རྒྱས་ཀྱི་གསུངས་པ་ཉིད་དོ།། ཅིག་དང་སྟེ་ཐེག་པོ་ཆེན་པོའི་ཕྱོགས་གཅིག་དང་ངོ་།། ཐམས་ཅད་ནི་ཐེག་པ ་ཆེན་པོ་ཐམས་ཅད་ངོ་།། ཁྱོད་ཀྱི་ཤིས་པ་ནི་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་སོ།། སྟོང་པ་ཉིད་ཀྱི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། ཆགས་པ་ཞེས་སྨོས་ཏེ། ཆགས་པ་ནི་ཡོད་པར་ཞེན་པའོ།། འཇིག་པ་ནི་ཆད་པའི་མཐས་སྐྲག་པ་སྟེ། ་རྟག་ཆད་གཉིས་ཀྱིས་མཐའ་ཞེས་བྱ་བའི་དོན་ཏོ།། གྲོལ་བ་ད་དེ་གཉིས་ཀྱི་མཐའ་ཡོངས་སུ་གཏང་ནས་དབུ་མའི་ལམ་རྟོགས་པར་བྱས་ཏེ། འཁྱོར་བ་ཡང་གྲུབ་པར་གནས་པའོ།། རྨོངས་པ་ཞེས་པ་ནི་ཀུན་རྫོག་ཏུ་སེམས་ཅན ་ལ་དམིགས་ནས་རྗེས་འཁོར་བར་ཞུགས་པའོ།། སྟོང་པ་ཉིད་མཐོང་བས་འཁོར་བའི་སྐྱོན་གྱིས་མཱི་གོས་པ་འདྲི་ནི་སྟོང་པ་ཉིད་ཀྱི་འབྲས་བུའོ།། ཐེ་ཚོམ་ནི་སོམ་ཉིའོ།། ཉོན་མོངས་པ་དང་ཤེས་བྱ་ཉིད་སྒྲིབ་པའོ།། དེ་ཉིད་དུ་མུན་པ ་དང་འདྲ་བས་ན་མུན་པའོ།། དེའི་གཉེན་པོ་ནི་དེ་འཇོམས་པར་བྱེད་པའི་སྟོང་པ་ཉིད་དོ།། སྟོང་པ་ཉིད་ཀྱི་སྐྲག་པར་མི་བྱའོ་ཞེས་གདམས་པར་བྱ་བའི་ཕྱིར། སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་གོ་སྙམ་པའི་ཤེས་པའི ་སུ་མྦྷ་དུ་པྱོད་པའི་བདུག་དེ་ཉིད་བདག་གི་རང་གི་ངོ་བ་སྟེ། དེནི་གལཱ་ཏེ་བརྟགས་ཤྲཱི་དབྱུད་ན་ནང་ཟད་ཀྱང་སྤྱོད་པ་མྦྷ་ཡིན་ནོ།། ཞེས་བ་གྷུས་བྱུང་ཉྀད་བརྗོད་པ་བ་དྷིར། སྱོ་སྨྲ་བལ་ས་ས་པ་སྒྲུ། ་མ་ཡིན་ཞེས་པ་ནི་བདག་མ་ཡིན་པའོ།། གལ་ཏེ་གྲངས་ཅན་པ་རྣམས་ཀྱིསྟེ་བདག་ནི་རིག་པའི་རང་བཞིན་ཡིན་པའི་ཕྱིར། སྒྲ་ལ་སོགས་པའི་ཤེས་པའི་རང་བཞིན་གྱི་བདག་རྟག་པར་འདོད་པ་མ་ཡིན་ནམེ་ཇི་ལྟར་ན་བདག་འགག་ས ་མཆི་ལུ་མ་ནི་ཁ་ནས་བྱུང་བའོ།། ཆུ་སར་ནཱིརྨ་ནས་འཇིག་པའོ།། ཞག་ནི་ཚིལ་བུ་སྟེ། གླང་གི་དབང་གིས་ལུས་རྒྱ་སོ་པཱར་འགྱུར་བཱའོ།། རྡུལ་ནི་རགཱ་ཏུ་རྟུལ་བའི་རྡུལ་ལོ།། ནང་གྷོ་ལ་ནི་སྒྱུ་མཐའ་ཕྲ་མོ་ཡན་ཆད་དོ།། རྒྱུ་མ་ནི་རྣཱ་དང་ཉེ་བའོ།། ་དྲོད་ནི་མེའི་ཁམས་སོ།། བུ་ག་ནི་མིག་ལ་སོགས་པའོ།། གལ་ཏེ་གྲངས་སྣུན་པ་རྣམས་ཀྱིསྣ་བདག་ནི་རིག་པའི་རང་བཞིན་ཡིན་པའི་ཕྱིར། སྒྲ་ལ་སོགས་པའི་ཤེས་པའི་རང་བཞིན་གྱི་ཅི་བདག་རྟོག་པར་འདོད་བླ་མ་ཡི་ན་ན་མ་ཇི་ལྟར་ན ་བདག་འགེགས་པར་བྱེད་སྙམ་པ་ལ་གལ་ཏེ་ཞེས་སྨོས་ཏེ། གལ་ཏེ་སྒྲའི་ཤེས་པ་དག་ཡིན་ན་ནི། དེ་ཡང་རྟག་པ་ཡིན་པས་དེའི་ཚེ། དུས་ཐམས་ཅད་དུ་སྨྲ་འཛིན་པར་འགྱུར་ཏེ། རྣམ་པར་ཤེས་པ་རྟག་པའི་ཡུལ་སྒྲ་ཡང་ཡོད་པ་མ ་ཡིན་པའི་ཕྱིར་རོ།། གལ་ཏེ་སྒྲ་ནི་རྟག་ཏུ་ཡོད་པ་མ་ཡིན་གྱི། རྟག་ཏུ་ཡོད་པ་པོ་ནི་རྣམ་པར་ཤེས་པ་འབའ་ཞིག་ཡིན་པས་ན་དེའི་ཕྱིར་རྟག་ཏུ་མིའི་ཛིན་ནོ།། སྙམ་པ་ལ་གང་གི་ཤེས་སྨོས་ཏེ། གང་གིས་ཤེས་པར་བརྗོད་པའི ་མངོན་པར་བརྗོད་པར་བྱེད་པས་སྒྲ་ལ་སོགས་པ་མེད་པར་ཅི་ཞིག་ཅེས་བྱ་བའོ།། དེ་ཉིད་བསྟན་པར་བྱ་བའི་ཕྱིར། གལཱ་ཏེ་ཞེས་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་ཡང་སྒྲ་འཛིན་པར་བྱེད་པའི་བདག་གཅིག་པོ་དུས་དེའི་ཚེ་གཟུགས ་ལ་སོགས་པས་འཛིན་པ་མ་ཡིན་ནོ་ཞེས་བྱ་བ་རྣམ་གྲངས་ཀྱི་བརྗོད་པ། དེས་ན་ཞེས་སྨོས་སོ།། སྒྲོརཱི་ཤྲཱི་པཱ་དེ་ཉིད་ཀྱིསྐུ་གཟུགས་ཀྱང་འཛིན་པ་ཡིན་ནོ་ཞེ་ན། སྒྲུབ་པ་པོས་བཛྲོད་པ། དེ་ཚྭ་ཞེས་སྨོས་ཏེ། གཟུགས་འཛིན་པའི་དུས་དེའོ ་ཚེ་སྒྲ་ཡང་ཅི་སྟེ་མི་འཛིན་ཏེ། སྒྲའི་ཤེས་པ་ཡིན་པའི་ཕྱིར་རོ།། གལ་ཏེ་སྒྲ་ཉེ་ཕྱོགས་ན་མེདའི་ཕྱིར་མི་འཛིན་པ་ཉིད་དོ་ཞེ་ན། ཀྱེ་ཧེ་དེ་ལྟར་ན་ནི་ཤེས་པ་དེ་ཡང་སྟེ་སྒྲའི་ཤེས་པ་དེ་ཡང་མེད་པ་ཉིད་དོ།། གཞན་ཡང་སྒྲ་བཛྲྀ་ནེ་ཞེས ་བྱ་བ་ལ་སོགས་པའོ།། ཙི་སྟེ་སྐྱེས་བུ་གཅིག་ཉིད་ལ་ཁོ་ཅིག་གི་ཕ་ཁ་ཅིག་གི་བུ་རུ་བཏུབ་པ་མ་ཡིན་ནམ། དེ་ཇི་ལྟར་སྙམ་པ་ལ་སྒྲུབ་པ་པོས་བརྗོད་པ། ཕ་དང་ཞེས་སྨོས་ཏེ། ཕ་རོལ་པོས་བརྟགས་བྱའི་དོན་ནི་བཏུ་བ་ལ་རག་ལ་འདིར་དོན ་དྲིམ་པ་ཉིད་ཀྱི་རང་བཞིན་ཁས་བླང་བར་བྱ་བའི་སྐབས་སུ་བབ་པ་ཡིན་ནོ།། འདི་ལྟར་འདི་ནི་དོན་དམ་པ་མ་ཡིན་ནོ་ཞེས་ཐ་སྙད་དུ་བྱ་བའི་ཕྱིར། སྙིང་སྟོབས་ཞེ་སྡེ་སྨོས་ཏེ། སྙིང་སྟོབས་ནི་བདྲ་བའོ།། རྡུལ་ནི་སྡུག་བསྔལ་ལོ་མུན་པ ་ནི་མ་རིག་པའོ།། ཞེས་གྲངས་ཅན་རྣམས་ཀྱིས་སྨྲས་པའི་བུའི་གནས་སྐབས་ཀྱི་ཡོན་ཏན་གསུམ་པོ་དེ་ཉིད་པའི་གནས་སྐབས་ན་ཡོང་ཡིན་པས་ཁང་པར་མེད་པའི་ཕ་བཏགས་པ་ཉིད་ཡིན་གྱི་དོན་དམ་པ་མ་ཡིན་ནོ།། གཞན་ཡང ་སྒྲ་འཛིན་ཞེས་བྱ་བ་ལྔ་གལ་ཏེ་གཟུགས་འཛིན་པའི་དུས་ན་སྒྲ་འཛིན་པའི་རང་བཞིན་གྱི་ཤེས་པ་དང་ཡང་ཡོད་ན་ནི་དེ་བཞིན་དུ་དམིགས་པར་འགྱུར་བ་ཞིག་ན་དེ་ལྟར་ཡང་མི་དམིགས་པའི་ཕྱིར་དེའི་རང ་བཞིན་དེ་མེད་པ་ཉིད་དུ་ངེས་པ་ཡིན་ནོ།། ཙི་སྟེ་སྒྲའི་ཤེས་པ་དྲི་ཉིད་ལས་གཞན་གཟུགས་ཀྱི་ཤེས་པ་འབྱུང་བ་ཡིན་ཏེ། དཔེར་ནཱ་གར་མཁན་གྱི་རང་བཞིན་གཅིག་པོ་དེ་ཉིད་རང་བཞིན་གྱི་སྭཱ་ཏེ། རེས་འགའུ་ནི་ཨ་ནའི་གཟུགས ་ཀྱིས་སྣང་བ་བཞིན་ནོ།། ཞེ་ན་སྒྲུབ་པ་པོས་བརྗོད་པ། དེ་ཡང་མི་རྟག་ཅེས་སྨོས་ཏེ། གར་མཁན་དེ་ཡང་མི་རྟག་ཅིང་མི་བརྟན་པ་ཉིད་ཡིན་ཏེ། གཟུགས་གཞན་པོར་ནས་གཟུགས་གཞན་འཛིན་པར་བྱེད་པའི་ཕྱིར་རོ།། གལ་ཏེ ་གཅིག་ལ་རང་བཞིན་གཉིས་ནི་ཡོད་པ་མ་ཡིན་ཏེ། གར་མཁན་གཅིག་པོ་དེ་ཉིད་རང་བཞིན་གྱི་ཚུལ་གྱིས་འོངས་པ་ཡིན་ནོ་ཞེ་ན། ལན་བརྗོད་པ་སྔོན་མེད་ནི་ངོ་མཆིར་ཅན་གྱི་གར་མཁན་སྣང་བའོ།། གོང་ཡང་དེ་ཉིད་ཅེས ་བརྗོད་པ་ནི་བདེན་པར་བརྗོད་པ་ཉིད་དུ་སྟེ། ཡང་དེ་ཉིད་གཞན་ཉིད་ཀྱི་ཚུལ་གྱིས་གཅིག་པ་ཕན་ཚུན་དུ་འགལ་བའི་རང་བཞིན་གཉིས་ནི་ཡོད་པ་མ་ཡིན་ན་གཅིག་ཅེས་བྱ་བའི་གཅིག་ཉིད་གང་གིས་ན་ཡོད། གལ་ཏེ་རིག་པའི་རང ་བཞིན་གྱི་བདག་ལས་གཞན་ཡུལ་གྱི་ཁྱད་པར་དུ་བྱས་པ་ནི་ཤེལ་གྱི་སྔོན་པོ་བཞིན་བདེན་པ་མ་ཡིན་ནོ་སྙམ་པ་ལ་ལན་བརྗོད་པ། གཉུག་མ་དེའི་རང་བཞིན་སྨྲོས།། གལ་ཏེ་ཡུལ་གཟུགས་ལ་སོགས་པ་ཐ་དད་དུ་ཟིན་ཀྱང ་ཤེས་པ་ཉིད་དོན་དམ་པ་གཅིག་པུར་གྱུར་པ་ཉིད་གཅིག་ཡོད་དོ་སྙམ་པ་ལྔ། ལན་བརྗོད་པ། དེའི་ཕྱིར་ཞེས་སྨོས་ཏེ། དེ་ལྟར་ན་ནི་སྐྱེ་བོ་ཀུན་གཅིག་གི་བདག་ཉིད་དུ་འགྱུར་ཏེ། ཤེས་པ་ཉིད་ཐམས་ཅད་ཐུན་མོང་དུ་ཡོད་པའི་ཕྱིར ་རོ།། གཞན་ཡང་སེམས་ཅན་མ་ཡིན་པ་དག་ནི་བདག་དང་རང་བཞིན་ཏེ་གཅིག་པར་འགྱུར་བ་ནི་དེ་དངོས་པོ་ལ་ཐ་མི་དད་པར་འགྱུར་བའོ།། མཉམ་པ་ནི་མཚུངས་པའོ།། རྒྱུ་གང་ཡིན་པའི་སྒོ་ནས་སེམས་པ་ཅན་དང་སེམས་མེད ་བ་གཉིས་ཡོད་པར་མ་གྲུབ་པ་ནི་ཡོད་མིན་ནོ།། འདི་སྙམ་དུ་སྐྱེས་བུ་རྣམས་ལྔ་འདྲ་བའི་རྒྱུ་མཚན་གཅིག་ཉིད་དུ་གྱུར་པ་གཅིག་མི་འདོད་ན་ནི་བདེན་ན། འོན་ཀྱང་འདོད་པ་ཉིད་དོ།། སྙམ་པ་ལ་གང་ཚེ་བྱེ་བྲག་ཅེས་སྨོས་ཏེ། ཡང ་ཞེས་པ་ནི་ཉེས་པ་གཞན་སུན་དབྱུང་བའོ།། གང་གི་བྱེ་བྲག་བརྫུན་པ་དྲོའི་ཚེ། གཅིག་པ་ཉིད་དུ་གྱུར་པ་ཉིད་དེ། འདི་ལྟར་བྱེ་བྲག་ཏུ་ཐ་དད་པར་གྱུར་ན་ནི་ཅུང་ཟད་ཆོས་མཐུན་པའི་སྒོ་ནས་འདྲ་བ་ཡོད་པར་འགྱུར་གང་ནི་བྱེ་བྲག་ཐ་དད ་པ་ཡོད་པ་མ་ཡིན་ཏེ། དེ་དེ་ཉིད་དུ་གྱུར་པའི་ཕྱིར་འདྲ་བ་ཡོད་པ་མ་ཡིན་ནོ།། ད་ནི་རིགས་པ་ཅན་ལ་སོགས་པས་བརྟགས་པའི་བདག་སེམས་པ་མེད་པར་འདོད་པ་དགག་པར་བྱ་བའི་ཕྱིར། སེམས་མེད་པ་ཡང་ཞེས་སྨོས་ཏེ། བདག ་ཅེས་བྱ་བ་སེམས་པ་མེད་པའི་དངོས་པོ་སྟེ། སེམས་པ་མེད་པ་ཅན་གྱི་བདག་གོ། ཅི་སྟེ་སེམས་ལྡན་ན་ཅི་སེམས་པ་དང་སྦྱར་ནས་ཤེས་པ་བྱེད་པ་ཡིན་ནོ་སྙམ་པ་ལ། ལན་པོརྗོད་པ། དེ་ལྟར་ན་རྒྱལ་བ་ལ་སོགས་པའི་གན ་སྐབས་ན་སེམས་པ་ཡོད་པ་མ་ཡིན་པའི་ཕྱིར་མི་ཤེས་པ་ཉིད་འཐོབ་པར་འགྱུར་ཞིང་སེམས་དང་འབྲེལ་པ་ཡང་ཉམས་པར་འགྱུར་བས་ན། བདག་ཉམས་ནས་མི་རྟག་པ་ཉིད་དུ་ཐལ་བར་འགྱུར་རོ།། ཅི་སྟེ ་བདག་ནི་རྟག་པ་ཉིད་ཡིན་པའི་ཕྱིར། ནམ་ཡང་འགྱུར་བ་མེད་པ་ཉིད་ཡིན་པ་དེས་ན་ཉམས་པར་མི་འགྱུར་རོ་ཞེས་གཞན་གྱིས་བརྒལ་བ་ལན་བརྗོད་པ། སེམས་དཔས་ཞེས་སྨོས་ཏེ། ཤེས་པ་དང་སྦྱར་བས་འགྱུར་བ་མེད་པའི་བདག་འདི་ལ ་ཅི་ཞིག་བྱས་པར་འགྱུར། གང་གིས་ན་ཤེས་པར་བྱེད་པར་འགྱུར། དེ་ལྟ་བས་ན་བདག་གི་རང་བཞིན་ནི་ན་མཁའི་བདག་ཉིད་དུ་བྱས་ཏེ། རྣམ་པར་བཞག་པར་འགྱུར་ཏེ། འདི་དེ་དང་མཚུངས་པའི་ཕྱིར་རོ།། ཡང་རྣམ་པ་གཞན་གྱིས་བདག ་སྒྲུབ་པར་འདོད་ནས། གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་བདག་རྟག་པ་ལས་བྱེད་ཅིང་མྱོང་བ་མེད་པར་གྱུར་པ་དེ་ལྟ་ན་ལས་དེ་དག་བྱས་པ་ཉམས་པར་འགྱུར་ཏེ། གང་གིས་འབྲས་བུ་འབྱུང་བར་འགྱུར། དེས་ན་བདག ་ནི་ཡོད་པ་ཉིད་དོ་སྙམ་པ་ལ་ལན་བརྗོད་པ། རྟེན་གཞན་ཞེས་སྨོས་ཏེ། རྟོན་བྱས་པའི་འབྲས་བུ་ཉིད་དུ་ནི་འུ་བུ་གཉི་གུ་རྟེན་བདག་དང་བདག་མེད་པར་སྨྲ་བ་གཉི་ག་ལ་གྲུབ་པ་སྟེ་ལས་གང་ཞིག་ལུས་འདིའི་བྱས་ནས་དེའི་འབྲས་བུ་གཞན་དུ ་སྐྱེས་པའི་ལུས་ཀྱིས་མྱོང་བར་བྱེད་པ་ཡིན་ནོ།། དེ་དང་དེ་བདག་ཡོངས་སུ་བརྟགས་པ་ནི་དགོས་པ་མེད་པ་ཉིད་དེ་བྱ་བ་མེད་པ་ཡིན་པའི་ཕྱིར་དང་བདག་དང་ལས་ཀྱི་འབྲས་བུ་འབྲེལ་པ་མེད་པའི་ཕྱིར་རོ།། གཞོན་ཡང་རྒྱུ་ལྡན་ཞེས་བྱ་བ་ལ་སོགས ་པ་སྨོས་པ་ནི་ཆོས་ཐམས་ཅད་སྐད་ཅིག་མ་ཡིན་པའི་ཕྱིར་ཞེས་དགོངས་པ་ཡིན་ནོ།། དེ་ལྟ་ན་འདི་ཉིད་ཀྱིས་བྱས་པའི་ལས་གཞན་གང་གིས་ཉམས་སུ་མྱོང་བར་འགྱུར་ཞེས་གསུངས་པ་དེ་ཇི་ལྟར་འཚམ་པར་འགྱུར། སྙམ་པ་ལ། རྒྱུན་ཞེས་སྨོས་ཏེ། ་རྒྱུན་དེ་སྐད་ཅིག་མ་གཞན་དང་གཞན་གྱི་རང་བཞིན་གཅིག་ལ་བརྟེན་ནས་ཏེ་སྒྲོ་བཏགས་ནས་ལས་གང་བྱས་པའི་འབྲས་བུ་དེ་ལོངས་སྤྱོད་པར་བྱེད་དོ།། ཞེས་བཅོམ་ལྡན་འདས་ཀྱི་གསལ་བར་གསུངས་ཏེ། དེ་ལྟ་མ་ཡིན་ནའགྲོ་བ་རྣམས་ལྔ ་ཀྱི་འབྲས་བུ་རྒྱུན་ཆད་དོ་སྙམ་དུ་སེམས་པར་འགྱུར་རོ།། དེ་སྐད་དུ་ཡང་གང་གི་རྒྱུད་ལ་བཞག་པ་ཡི།། ལས་ཀྱི་བག་ཆགས་དེ་ཉིད་ཀྱི།། འབྲས་བུ་དེ་ཉིད་ལ་འབྲངས་ཏེ།། རས་བལ་དམར་པོ་ཇི་བཞིན་ནོ་ཞེས་གསུངས་ཏེ། དཔེར་ན་རྒྱུ་རྒྱ ་སྐྱེགས་ལ་སོགཅེས་པའི་ཚོགས་ཀྱི་རས་བལ་ལ་སོགས་པའི་ས་བོན་ལས་བྱུ་ང་བ་ནི་འབྲས་བུ་འདུས་བྱས་པའི་རྒྱུན་གཅིག་ཏུ་ཞུགས་པས་བདག་མང་བཞིན་དུ་ཡང་དེའི་མེ་ཏོག་ལ་སོགས་པ་དམར་པོར་འབྱུང་ངོ་།། དེ་བཞིན་དུ་སྐབས་ལ་བབ ་བའི་དོན་ཡང་ངོ་།། གལ་ཏེ་བདུག་མེད་པར་གྱུར་ན། བདག་གི་མགོན་པོ་བདག་ཉིད་དེ།། གཞོན་དག་མགོན་དུ་ཇི་ལྟར་འགྱུར།། བདག་ཉིད་ཀྱིས་ནི་ལགས་བཏུལ་ན།། མཁས་པས་མཐོ་རིས་ཐོབ་པར་འགྱུར།། ཞེས་བྱ་བའི་ཚི་གོས་སུ་བཅད ་པ་གསུངས་པ་ཇི་ལྟར་འཚམ་ཞེ་ན། དེ་ནི་སེམས་ཉིད་ལ་བརྗོད་པ་ཡིན་པར་གཟུང་བར་བྱ་སྟེ། མདོ་སྡེ་གཞན་ལས་ཀྱང་སེམས་ཉིད་ལ་བདག་གི་སྒྲས་བརྗོད་པའི་ཕྱིར།། ལང་ཀར་གཤེགས་པ་ལས་ཀྱང་། གང་ཟག་རྒྱུ་དང་ཕུང་པོ་དང་། དེ་བཞིན ་རྐྱེན་དང་རྡུལ་ཕྲན་དང་།། གཙོ་བོ་དབང་ཕྱུག་བྱེད་པོ་ཞེས།། སེམས་ཙམ་ཉིད་ལ་ང་ཡིས་བཤད།། ཅེས་གསུངས་སོ།། སེམས་དེ་ཡང་བདག་གོ་སྙམ་དུ་ང་རྒྱལ་བསྐྱེད་པར་བྱ་བའི་སྤྱོད་ཡུལ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར།། ་འདས་དང་ཞེས་བྱ་བ་སྨོས་ཏེ། བདག་མིན་ཞེས་པ་ནི་བདག་སྙམ་པའི་ཡུལ་མ་ཡིན་པའོ།། བདག་གི་སེམས་ད་ལྟར་བ་ཡང་བདག་གོ་སྙམ་དུ་ང་རྒྱལ་བསྐྱེད་པར་བྱ་བའི་སྤྱོད་ཡུལ་མ་ཡིན་ཏེ། སྐྱེད་ཀྱི་རྗེས་ཉིད་ལས་ཉམས་པར་འགྱུར་བའི་ཕྱིར ་རོ།། སེམས་འདི་ཞིག་པར་གྱུར་ཙམ་ཡང་བདག་གོ་སྙམ་པའི་ཡུལ་ཡོད་པ་ནི་མ་ཡིན་ནོ།། མཇུག་བསྡུ་བར་བྱ་བའི་ཕྱིར། ཇི་ལྟར་ཞེས་སྨོས་ཏེ། བདག་གོ་སྙམ་པའི་ངོ་རྒྱལ་བའི་ཡུལ་ཡང་དངོས་པོར་གྱུར་པ་མ་ཡིན་ནོ་ཡང་རྣམ་པ་གཞན ་གྱིས་བདག་སྒྲུབ་པར་འདོད་ནས་གལ་ཏེ་ཞེས་སྨོས་ཏེ། སེམས་ཅན་དང་བདག་མེད་པར་གྱུར་ན་ཇི་ལྟར་བྱང་ཆུབོ་སེམས་དཔའ་རྣམས་ཀྱིས་སྙིང་རྗེ་འཇུག་པར་འགྱུར་སྙམ་པ་ལ། བསྒྲུབ་པ་པོས་བརྗོད་པ། རྨོངས་པས་ཞེས་སྨོས་ཏེ། རྨོངས་པས ་ཞེས་པ་ནི་ཀུན་རྫོག་ཏུ་ཞེས་བྱ་བའོ།། བཏགས་པ་ནི་སྒྲོ་བཏགས་པའོ།། དགོས་པའི་དོན་དུ་སྟེ་སངས་རྒྱས་སྒྲུབ་པའི་དོན་དུའོ།། ཁས་བླངས་པ་ནི་དམ་བཅས་པ་སྟེ་སེམས་ཅན་རྣམས་ཀྱི་ཐོག་ཏུའོ།། ཞེས་བྱ་བའི་དོན་ཏོ།། སྙིང་རྗེ་ནི་རྣམ་པ་གསུཾ ་སྟེ། སེམས་ཅན་ལ་དམིགས་པ་དང་། ཆོས་ལ་དམིགས་པ་དང་དམིགས་པ་མེད་པ་སྟེ་གསུམ་མོ།། དེ་སྐད་དུ་བསྟོད་པ་བཞི་པ་ལས་ཀྱང་། མགོན་ཁྱོད་སེམས་ཅན་དུ་ཤེས་ཀྱིས། རྣམ་པ་ཀུན་ཏུ་འཇུག་མོ་མཛད།། སྡུག་བསྔལ་གྱིས་གཟིར ་སེམས་ཅན་ལ།། ཁྱོད་ནཱི་ཤིན་ཏུ་བརྩེ་བར་ལྡན།། ཞེས་གསུངས་སོ།། གལཱ་ཏེ་རྒྱུན་གཅིག་གིས་རྗེས་སུ་ཞུགས་ནས་སྐྱོ་ཞིང་འགག་པའི་སེམས་ཅན་ནི་མེད་ན། དུས་ན་དགོས་པར་བྱ་བའི་འབྲས་བུ་གང་ཞིག་ཡིན་ཞེ་ན། ལན་བརྗོད་པ་དེ་ནི་བདེན ་པ་སྟེ། དོན་དམ་པར་དེའི་འབྲས་བུའོ་ཞེ་འམ་དགོས་པའོ་ཞེས་བྱ་བ་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ཡང་འདིར་ནི་རྨོ་ངེས་པ་སྟེ། ཀུན་རྫོག་ཏུ་སེམས་ཅན་ལ་དམིགས་ནས་འབྲསོ་བུའི་དོན་དུ་དེས་བྱ་བ་བྱེད་དོ།། གལ་ཏེ་ཡང་རྨོངས་པ་ཞེས ་བྱ་བ་ནི་མ་རིག་པ་ཡིན་ན། དེ་ཇི་ལྟར་ཁས་ལེན་པར་བྱེད་སྙམ་པོ་ལ་བརྗོད་པ། སྡུག་བསྔལ་ཞེས་སྨོས་ཏེ། རྨོངས་པ་རྣམ་པ་གཉིས་ཏེ། འཁོར་བའི་རྒྱུ་དང་རབ་ཏུ་ཞི་བའི་རྒྱུའོ།། དེ་ལ་གང་མྱ་ངན་ལས་འོདས་པའི་རྒྱུ་རྭ་འགྱུར་པའི་རྨོངས་པ ་འདིར་བཟུང་ངོ་།། གལ་ཏེ་ཡང་འདི་སྙམ་དུ་ཇི་ལྟར་སྡིག་བསྔལ་ཉེ་བར་ཞི་བའི་རྒྱུ་ཡིན་པའི་ཕྱིར་རྨོངས་པའི་བྱ་བ་བཟློག་པར་མི་བྱ་བ་དེ་བཞིན་དུ་བདག་ཏུ་རྨོངས་པ་ཡང་བཟློག་པར་མི་བྱ་བ་སྟེ། དེའི་དངོས་པོ་འདོད་བའི་དོན་སྒྲུབ་པའི ་ཕྱིར་རོ།། སྙམ་པ་ལ། ལན་བརྗོད་པ། སྡུག་བསྔལ་རྒྱུ་ཡི་ཞེས་སྨོས་ཏེ། དེ་སྐད་དུ་ཡང་བདག་འཛིནྡ་ལསཾ་ནཱི་གཞན་གྱི་འདུ་ཤེས་འབྱུང་།། བདག་འཛིན་དབྱེ་བས་ཡོངསྣ་བཛིན་ཞེ་སྡང་སྟེ།། འདི་དག་གཉིས་དང་ཀུན་ཏུ་འབྲྀ་ལ་བ་ལས ་ཉེས་པ་ཐམས་ཅད་རབ་ཏུ་སྐྱེ་བར་འགྱུར།། ཞེས་འབྱུང་ངོ་།། དེ་བཞིན་དུ་བདག་འཛིན་དང་བཅས་ཡིད་ཀྱི་སྐྱེ་བའི་རྒྱུ་ནི་རབ་ཏུ་ཞི་བྱེད་མིན།། བདག་ཏུ་ལྟ་བས་བདག་ཏུ་འཛིན་པའི་ང་རྒྱལ་སྙིང་ལས་སྤོང་བྱེད་མིན།། བདག་མེད་སྨྲ་བ ་གཞན་ཡོད་མིན་ཕྱིར་འགྲོ་ནཱ་སྟོན་པ་གཞན་ཡོད་མིན།། དེས་ན་ཉེ་བ་རཱ་ཞི་བྱེད་ཆོ་ག་ཁྱེད་བཞེད་ལམ་ལས་གཞན་ཡོད་མིན་ཞེས་འབྱུང་ངོ་།། དེ་ལྟར་བདག་ཏུ་རྨོངས་པས་བདག་ཏུ་འཛིན་པ་ཟློག་པར་མི་བྱེད་པ་དེའི ་ཚེ་བདག་མེད་པ་ཉིད་བསྒོམ་པའི་མཆོག་ཡིན་ནོ།། ཕྱིས་ནི་དེ་ཡང་དམིགས་པའི་རང་བཞིན་ཡིན་པའི་ཕྱིར། སྤང་བར་བྱའོ།། གལ་ཏེ་འདི་ལྟར་ཡན་ལག་ཅན་གྱི་ལུས་བདག་ཏུ་འཛིན་པའི་ཡུལ་ཡིན་ནོ་སྙམ་པ་ལ། ལུས་ནི་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། ལུས་ལ་ནི་རྣམ་པར་དཔྱད་ན་ཡན་ལག་ལ། ཐ་དད་པའི་དངོས་པོ་ཅུང་ཞིག་ཀྱང་མེད་ལ། དེས་ན་གཞན་ཡོད་པ་ཡིན་པ་ཡང་མ་ཡིན་ནོ།། བརླ་ནི་པུས་མྱོའི་སྟེང་གི་ཕྱོགས་སོ།། ཕྲག་པ་ལ་ནི་དཔུང་བའོ།། དེ་ནི ་སྟེ་ལུས་ནིའོ།། འདི་ནི་སྟེ་དེ་དག་རྣམས་ཀྱི་ནང་ནོའོ།། གལ་ཏེ་ཡན་ལག་ཐམས་ཅད་ལ་ཡན་ལག་ཅན་གྱི་ལུས་ཡོད་པ་ཡིན་ནོ་སྙམ་པ་ལ། གལ་ཏེ་ཞེས་ལ་སོགས་པ་སྨོས་ཏེ། ཡན་ལག་རྣམས་ལ་ཡན་ལག་ཙུན་ཕྱོགས ་གཅིག་པའམ། ཡང་ན་ཐམས་ཅད་ལ་ཡོད་གྲང་།། གལ་ཏེ་ཕྱོགས་གཅིག་ལ་ཡོད་པར་འགྱུར་ན་ནི་དེ་ཡང་ཡན་ལག་རྣམས་ཀྱི་ཆ་ཤས་སུ་གྱུར་པ་ན་ཡན་ལག་ཅན་གཅིག་གང་ན་གནས་ཏེ་སུས་ཀྱང་རིག་པ་མེད་དོ།། དེ་སྟེ་ལག ་པ་ལ་སོགས་པའི་ཡན་ལག་གི་བདག་མུན་པ་སྟེ། ཐམས་ཅད་ལ་གནས་པར་འགྱུར་ན་ནི་དའི་ཚེ་ལུས་ཀྱི་ཡན་ལག་ཇི་སྙེད་པའི་ལུས་སུ་འགྱུར།། ཁ་བསྒྱུར་བ་དང་མ་བསྒྱུར་བའི་ཐའ་བར་འགྱུར་བ་ཡང་བརྗོད་པར་བྱའོ།། ཤ་ལ ་སོགས་པ་སྔར་དཔྱད་པར་བྱས་པའི་ཕྱིར་ན་སྟེ། ནང་རོལ་ན་ལུས་ཡོད་པ་མ་ཡིན་ནོ།། ཇི་ལྟར་ཞེས་པ་ནི་རྣམ་པ་གང་གིས་ཤེས་བྱ་བའོ།། གཏི་མུག་པ་སྟེ་མ་རིག་པའི་དབང་གིས་སོ།། གལ་ཏེ་རྨོངས་པ་ཉིད་ཀྱིས་ལུས་ཀྱི་ཁྱད་བྱུང་གི་དོན ་དམ་པར་མ་ཡིན་པ་ཇི་ལྟར་སྙམ་པ་ལྀ། དབྱིངས་སུ་ཤེས་སྨོས་ཏེ། དབྱིབས་སུ་བཀོད་པ་ནི་གཟུགས་སུ་བྱས་པའོ།། ཤིང་དུམ་སྟེ་ཤིང་དུ་མ་མཐར་བསྒྲེང་བ་ལ་རྐྱེན་གྱི་དབང་གིས་སྐྱེས་བུ་བཞིན་དུ་སྣང་བའོ།། དེ་ཞེས་བཱི་ནི་ཚོགས ་བའོ།། འདི་ལ་སྟེ་ལག་པ་ལ་སོགས་པ་ལྀའོ།། ཇི་ལྟར་ལུས་མེད་པ་བཞིན་དུ་ཡན་ལག་ཀྱང་མེད་པ་ཞེས་བསྟན་པའི་ཕྱིར། དེ་བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཡང་ཞུས་པ་ནི་སོར་མོ་འི་ཚོགས་སོ།། ཚིགས་ཀྱང ་རང་རང་གི་ཆུས་ཕྱེ་ན་ཚ་ཤས་སུ་ཡོད་པ་མ་ཡིན་ནོ།། ཆུ་ཤས་ཀྱང་ཡོད་པ་མ་ཡིན་ཏེ། རྡུལ་ཕྲ་རབ་ཀྱི་རྣམ་པར་དཔྱད་ཅིང་གཞིག་པའི་ཕྱིར་རོ།། རྡུལ་ཕྲ་རབ་ཀྱང་ཡོད་པ་མ་ཡིན་ཏེ། ཕྱོགས་ཆ་ཐ་དད་པའི་ཕྱིར་རོ།། འདི་ལྟར ་ཕྱོགས་བཞི་སྟེང་འོག་གཉིས་ཏེ་དྲུག་ཏུ་འགྱུར་རོ།། དཀྱིལ་གྱི་ཆ་མེད་པ་གཅིག་པོ་དེ་ལ་ཤི་ར་ཕྱོགས་ནཱ་མོའི་དེའི་ཚད་དེའི་ཕྱོགས་གཞུན་ན་མོ་ཡིན་པར་འགྱུར་ན་ནི་གྲོང་བུ་ཡང་རྡུལ་ཕྲན་ཙམ་དུ་འགྱུར་རོ།། གཞན་ཡིན་པར་འགྱུར ་ན་ནི་དེའི་ཚེ་དེ་ཡང་ཆ་དྲུག་ཏུ་འགྱུར་ཏེ། འདི་ལྟར་ཕྱོགས་བཞི་སྟེང་འོག་གཉིས་ཏེ་དྲུག་ཏུ་འགྱུར་རོ།། དེའི་ཕྱིར་ལུས་ཀྱང་བདག་ཏུ་འཛིན་པའི་བློའི་སྤྱོད་ཡུ་ལ་མ་ཡིན་ནོ།། གཟུགས་ཞེས་པ་ནི་གཟུགས་ཀྱི་ཕུང་པོའོ།། དེ ་xxx ་xxx ་xxx ་ན་སར་། ཀུན་དུན་ང་གཱ། སྟེག་བསྔལ་གྱིས་ན་པ་ས་སྟེ་སྨྲས་པ་ཟླས་ཏེ། སྨྱིག་བསྒྱུམ་རྣམས་པད་མེད་པ་རྣམ་ཡིན་། དྡྷ་དྲུག་ཧཱུ~ཾ་ཀྵིང་དུ་ཡོང་པ་སྦྱིན་པ། བདེ་བན་གས ་བཉིད་དེ་མ་ཚིག་ཏུ་དག་ག་བྱད་བཱིར་ཅན་སྐྱེས་པ་ས་ཡིན་ན་མ་ཞེས་པ་ནི་བཻ་བྱའོ།། པྲ་བཉིད་ནི་གང་སྦྱིན་སྨྲས་ན་ག་དྲེནམ་གླནན་དུ་མྦྷི་བ་སྤྲིན་ལ། དགའ་བ་ཙམ་ནོ་ལས་སྨིན་མེ་ཉིད་དེ་ས་བའི་བག་ཞད་དྲུ་དྷ་རྣས་སྷོ།། ་གཞན་ནི་མིང་དུ་རྫོ་བོ་མེ་ནའི་ཚེ་བ་གཉིས་པའི།། ནིས་གལ་ཏེ་འདོང་ངན་ན། ལན་བརྗིད་གི་དོའི་ཕྱིར་ཞེས་སྨྲས་ཏེ། དེའི་བདི་འི་བྲི་བ་མ་ཡིན་པར་ཡོད་པས་སྡུག་བསྔལ་ཡོད་པར་མི་འགྱུར་ཏེ། དགའ་བ་མེད་པའི་རིག ་ཡིན་པའི་ཕྱིར་རོ།། ཡང་ན་དེའི་ཕྱིར་ཏེ། དེ་ལྟ་ཡིན་པ་དེའི་ཕྱིར་རྨད་དུ་བྱུང་བར་གྱུར་པའི་བདེ་བ་ལས། བདེ་བ་འདི་ལས་གཞན་པའི་བདེ་བ་ཙམ་འབྱུང་གི་སྡུག་བསྔལ་ནི་མ་ཡིན་ནོ།། གཞན་གྱི་བརྒལ་བ་དགའ་བའི་གནས་སྐབས་ན་སྡུག་བསྔལ ་དང་འགལཱ~ཾ་བ་བདེ་བའི་རྒྱུའི་ཚོགས་པ་ཚང་ཞིང་སྡུག་བསྔལ་གྱི་རྒྱུ་མི་ཚང་བར་གྱུར་པས་འབྱུང་བར་མ་གྱུར་ཏོ།། སྙམ་པ་ལ། ལན་བརྗོད་པ། དེའི་ཚེ་ཚོར་བ་ཞེས་བྱ་བ་བརྟགས་པ་ལ་མངོན་པར་ཞེན་པ་འབའ་ཞིག་ཏུ་གྱུར་པ་མ་ཡིན་ནམ། འདི་ལྟར ་དངོས་པོ་གཅིག་ཉིད་ལ་ཁ་ཅིག་ནི་བདེ་བ། ཁ་ཅིག་ནི་སྡུག་བསྔ་ལ་དུ་འགྱུར་ལ། གནས་སྐབས་ཁ་ཅིག་ན་མི་བདེ་བའི་རྒྱུར་འདུག་པ་དེ་ཉིད་གནས་སྐབས་གཞན་དུ་གྱུར་པ་དེའི་ཚེ། བདེ་བའི་རྒྱུར་འགྱུར་བྱ་ཡིན་ནོ།། དྲི་སྐད་དུ་ཡང་སྦྲུལ་ལྱ་རྨ་བྱི ་དགའ་བ་སྐྱེ་བར་འགྱུར།། དུག་ལ་གོམས་པ་རྣམས་ལ་དགའ་ཉིད་ཙམ།། རྔ་མོའི་ཁ་ན་ཚེ་མཱ་ཚ་བཞིན་དུ།། དགའ་བའི་རྒྱུ་ཡི་ཁྱད་པར་སྐྱེད་པར་བྱེད། ཅེ་སྣ་གསུངས་སོ།། དེའི་ཕྱིར་བདེ་བ་ལ་སྲོག་ས་པ་མངོན་པར་ཞན་པའི་བདག་ཉིད་ཀྱི་ཚོར་བ ་འདི་རྣམ་པར་བརྟགས་ལ། དེའི་གཉེན་པོའི་ཕྱོགས་ཚོར་བ་དྲན་པ་ཉེ་བར་གཞག་པའི་བདག་ཉིད་བསྒོམ་པར་བྱ་གོམས་བར་བྱའོ།། གཞན་ཡང་འདིའི་ཕྱིར་ཡང་ཚོར་བ་མངོན་པར་ཞེན་པའི་བདག་ཉིད་དོ་ཞེས་བསྟན་པའི་ཕྱིར། རྣམ་རྟགས་ཅེས ་སྨོས་ཏེ། འདི་ལྟར་རྣམ་པར་རྟོགས་པ་ཉིད་ཞིང་ངོ་།། གང་དེ་ལས་ཡང་དག་པར་བྱུང་བའི་བསམ་གཏན་གྱི་བདེ་བ་དེ་ཉིད་ཟས་སོ།། རྒྱུ་མཁས་བླངས་ནས་ཚོར་བར་མངོན་པར་ཞེན་པ་ལ་བརྗོད་པ། ང་ནི་རྒྱུ་མེད་པ་ཉིད་ཀྱི་ཚོར་བ་ཡོད་པ་མ་ཡིན་ནོ་ཞེས ་བསྟན་པའི་ཕྱིར། དབང་དོན་ཞེས་སྨོས་ཏེ། ཡུལ་དང་དབང་པོ་རྣམ་པར་ཤེས་པ་རྣམས་འདུས་ཤིང་ཕྲད་པ་ལས་རེག་པ། དེ་ལས་ཚོར་བ་སྐྱེ་བ་ཡིན་ན་དེ་ཡང་བར་དང་བཅས་པ་འམ་པར་མེད་པ་ཅིག་ཡིན་གྲང་ན་པར་ད ་བཅས་པ་སྟེ། རྣམ་པར་ཆོད་པའི་ལྟ་ན་ནི་ཇི་ལྟར་འདུ་བར་འགྱུར། བར་མཚམས་མེད་པ་སྟེ་རྣམ་པར་མཆོད་པར་གྱུར་ན་ནི་གཅིག་ཉིད་དེ་བདག་ཉིད་དུ་གཅིག་པོར་འགྱུར། གལ་ཏེ་འདི་ལྟར་རྡུལ་ཕྲ་རབ་རྣམས་འདུས་ཤིང་ཕྲད་པ་ལས་འདུ ་བར་འགྱུར་རོ།། སྙམ་པ་ལ། རྡུལ་ཕྲན་ཞེས་སྨོས་ཏེ། རྡུལ་པོ་རབ་ཀྱང་རྡུལ་ཕྲ་རབ་ལ་འཇུག་པ་མེད་དེ་འདི་ལྟར་གོ་སྐབས་མེད་པའི་རྡུལ་པ་རབ་ལ་བར་མཚམས་མེད་པའོ།། མཚུངས་པ་ནི་མཉམ་པ་སྟེ། མཐོ་དམན་མེད་པའི་ཕྱིར་རོ།། གལ ་ཏེ་འཇུག་པ་མེད་དུ་ཆུག། དུ་མ་ཡིན་ལ་རེག་གོ། སྙམ་པ་ལ་མ་ཞུགས་པ་ཞེས་སྨོས་སོ།། རྡུལ་ཕྲ་མོ་རྣམས་ཀྱི་འདུ་བ་ནི་བདག་ཉིད་གཅིག་པོ་ཉིད་དུ་འགྱུར་བ་ཡིན་ཏེ། ཆ་ཤས་མེད་པ་ཡིན་པའི་ཕྱིར་རོ།། དེ་ལྟ་མ་ཡིན་ན་ཆ་ཤོས་དང ་བཅས་པར་ཐལ་པར་འགྱུར་རོ།། གཞན་ཡང་ཆུ་ཤས་མེད་པ་ནི་ཆ་ཤས་ཀྱི་སྟོང་པའོ།། འདུ་བ་ནི་དངོས་པོའི་ཚོགས་སོ།། ཇི་ལྟ་བུར་ན་ཞེས་བྱ་ནི་མི་སྲིད་པ་ཉིད་དུ་སྟོན་པའོ།། རྣམ་པར་ཤེས་པ་ལ་ཡང་འདུ་བ་ཡོད་པ་མ་ཡིན་ཏེ། ་ལུས་ཅན་མ་ཡིན་པའི་ཕྱིར་རོ།། དེ་བཞིན་དུ་ཚོགས་པ་སྟེ། ཡང་དག་པའི་ཚོགས་པའི་དངོས་པོ་ཡང་ཡོད་པ་མ་ཡིན་པས་འདུ་བ་ཡོད་པ་མ་ཡིན་ནོ།། སྔར་སྤྱད་པ་ནི་དེ་བཞིན་སོར་མོའི་ཚོགས་རྣམས་ལས་ཞེས་བྱ་བ་ལ་སོགས་པས་ངེས ་པར་བསལ་བའོ།། སྡུག་བསྔལ་ནི་བདེ་བ་བསྒྲུབས་པ་འགྲུབ་ཅིང་སོགས་པ་ངལ་ཞིང་དུབ་པའོ།། གནོད་ན་ཞེས་བྱ་བ་ནི་ཚོར་བའི་རྒྱུ་མེད་པ་དང་བྱེད་པ་པོ་མེད་པས་མེད་པའི་སྒོ་ནས་སོ།། གང་ལ་ཇི་ལྟར་འགྱུར་ཞེས་བྱ་བ་ནི་རྒྱུ་མེད་པ་ཉིད་དུ་བསྟན་ཏོ།། ། ་ཅི་སྟེ་འཇོམས་མི་བྱེད། ཅེས་བྱ་བ་ནི་རྒྱུ་མེད་པ་ཉིད་ཀྱིས་ཅི་སྟེ་ཟློག་པར་མི་བྱེད་ཅེས་བྱ་བའོ།། གལ་ཏེ་རླིག་པར་བྱ་བའི་དངོས་པོ་ཉིད་མེད་ན་ཇི་ལྟར་མཐོང་བ་ལ་སོགས་པའི་ཐ་སྙད་ཡོད་པར་འགྱུར་སྙམ་པ་ལ། མ་ཐོང་བ་འམ་ཞེས་སྨོས ་ཏེ། མཐོང་བ་འམོ་རིགས་པ་ལ་སོགཅེས་པ་དོན་གྱི་ཐ་སྙད་ནི་རྨི་ལམ་ལྟ་བུ་རྟེན་ཅིང་འབྲེལ་པར་འབྱུང་བའི་སེམས་ཀྱིས་རིག་པ་ཡིན་གྱིས། དོན་དམ་པར་ཡོད་པ་ཉིད་ནི་མ་ཡིན་ནོ།། གལ་ཏེ་དེ་ལྟར་ན་སེམས་ཀྱིས་མཐོང་བའི་ཚོར་བ་ཡོད་སྙམ་པ ་ལ་སེམས་དང་ལྷན་ཅིག་ཅེས་སྨོས་ཏེ། ཚོར་བ་ཞེས་བྱ་བ་ནི་སེམས་དང་ཡང་དག་པར་ལྡོན་པའི་ཆོས་ཡིན་ལ། དེ་ཡང་ལྷན་ཅིག་ཏུ་འབྱུང་བའི་ཕྱིར་སེམས་ཀྱིས་གཟུང་བར་བྱ་བ་མ་ཡིན་ནོ།། གཞན་ཡང་ཚོར་བ་དེ་སྔར་སྐྱེས་པའི་ཤེས་པས་ཀྱང ་རིག་པར་བྱ་བ་མ་ཡིན་ཏེ། དེའི་ཚེ་དེ་མེད་པའི་ཕྱིར་རོ།། ཚོར་བཱ་དེ་ཕྱིས་སྐྱེས་པའི་ཤེས་པས་ཀྱང་རིག་པར་བྱ་བ་མ་ཡིན་ཏེ། དེའི་རྗེ་ཚེ་ན་ཡང་ཡོད་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ།། དེ་བས་ན་དྲན་པ་འབའ་ཞིག་ཙམ་དུ་ཟད་དོ།། ཚོར་བ་བདག ་ཉིད་ཀྱིས་བདག་ཉིད་རིག་པ་ཡང་མ་ཡིན་ཏེ། རང་རིག་པ་ཉིད་ནི་སྔར་བཅོསལ་བའི་ཕྱིར་རོ།། གཞན་གྱིས་རིག་པ་ཡང་མ་ཡིན་ཏེ། དེ་ཡང་སྔར་བསལ་བའི་ཕྱིར་རོ།། ནི་ཤེས་པ་ནི་གང་གི་དོན་ཏེ། གང་གི་ཕྱིར་དེ་ལྟར་ཚོར་བ་པོ་འགའ་ཡང ་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་གཞན་དུ་མངོན་པར་ཞེན་པ་ལས་མ་གཏོགས་པའི་ཚོར་བ་ཡང་དག་པ་ཉིད་དུ་ཡོད་པ་མ་ཡིན་ནོ།། འདི་ཡི་ཞེས་པ་ནི་ཚོར་བས་སོ།། དེ་དག་གིས་ནི་ཚོར་བ་དྲན་པ་ཉེ་བར་བཞག་པ་ཞེས་བྱ་བ ་བསྟན་པ་ཡིན་ནོ།། ཆོས་ཡང་དག་པར་སྡུད་པ་ལས་ཀྱང་ཚོར་བ་ཉམས་མྱོང་ཞེས་བརྗོད་པ།། ཚོར་བྱ་ཚོར་བྱེད་ཚོར་བ་རྣམས།། སོ་སོར་གྱུར་པ་མ་མཐོང་ན།། གང་གིས་ན་ཉིད་ཉམས་སུ་མྱོང་།། དེ་ལྟར་ཚོ་རཱ་བ་རྣམས་ལ་ནི།། མཁས་པས ་དྲན་པ་ཉེ་བར་གཞག་ཅེས་འབྱུང་ངོ་།། སེམས་དྲན་པ་ཉེ་བར་གཞག་པ་བསྟན་པའི་ཕྱིར། ཡིད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབང་པོ་ནི་ཤེས་པ་སྐྱེ་བ་ལ་བདག་པོའི་ཚུལ་གྱིས་དབང་བྱེད་པའི་དོན་གྱིས་ན་དབང་པོའོ།། གཟུགས ་སོགས་ཞེས་བྱ་བ་ནི་ལུས་ལ་རཱི་ས་ཐ་དད་པའི་གཟུགས་རྣམས་སོ།། བར་ན་ཞེས་པ་ནི་དབང་པོ་དང་ཡུལ་གྱི་བར་ནའོ།། ནང་གི་ལུས་ཀྱི་ནང་ནའོ།། ཕྱི་ན་སྟེ་ལུས་ཀྱི་ཕྱི་ནའོ།། གཞན་ནུ་སྟེ་བརྗོད་པ་རྣམས་ལས་གཞན་ནའོ།། སེམས་དང་ཡིད་ནི་དོན ་གཅིག་པའོ།། ལུས་དང་ལྷན་ཅིག་ཏུ་འདྲེས་པ་མ་ཡིན་ཞིང་རྟེན་ཐ་དད་པ་མ་ཡིན་ཏེ། དངོས་པོ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ།། ཀུན་རྫོབ་ཏུ་སྒྱུ་མོ་ལྟ་བུའི་རང་བཞིན་གྱི་སེམས་ནི་ཡོད་དོ་ཞེས་དགོངས་པའོ།། དེ་ཉིད་ཀྱི་འཐད་པ་ཡང་སྟབས ་གཅིག་ཆོས་དྲན་པ་ཉེ་བར་གཞག་པ་བསྟན་པར་བཞེད་ནས་ཤེས་བྱ་བ་ལས་ཤེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་ཞེས་བྱ་བ་ནི་བ་རྗོད་པའི་རིམ་པའོ།། གཞན་གྱིས་བདེན་པ་གཉིས་མི་འཐད་པར་བརྩད་པར་འདོད་ནས་གལ་ཏེ ་ཞེས་སྨོས་ཏེ། ཆོས་ཐམས་ཅང་རུང་བཞིན་གྱིས་སྐྱེ་བ་མེད་པ་ཉིད་ཀྱིས་དོན་དམ་པའི་བདེན་པ་གཅིག་པུ་ཁོ་ནར་འགྱུར་གྱི། བདེན་པ་གཉིས་སུ་མི་འགྱུར་རོ།། ཡང་ན་དོན་དམ་པའི་རང་བཞིན་ཐོབ་པ་ཡང་ཡོད་ལ་ཀུན་རྫོབ་ཀྱང་ཡོད་པ་ཡིན་ཏེ། ་དེ་ཡང་གཞན་ཏེ་རྒྱུད་གཞན་གྱི་བློ་ཡིས་རྣམ་པ་ར་འཇོག་པར་བྱེད་དོ།། དེས་ན་དོན་དམ་པའི་བདེན་པ་འབའ་ཞིག་ནི་མ་ཡིན་གྱི། ཀུན་རྫོབ་གྲུབ་པོའི་ཕྱིར་གཉི་ག་ཡང་གྲུབ་པ་ཡིན་པས་བདེན་པ་གཉིས་སུ་བརྗོད་པར་བྱེད་པ་དེ་ལྟ་ན་ནི་དོན ་དམ་པ་ཡང་བློའི་སྤྱོད་ཡུལ་དུ་འགྱུར་ལ། བློ་ནི་ཀུན་རྫོབ་ཡིན་པས་ན་དེའི་ཚེ་མྱ་ངན་ལས་འདས་པ་ཡང་ཀུན་རྫོབ་ཏུ་འགྱུར་བའི་ཕྱིར་དེ་ཐོབ་ནས་སེམས་ཅན་མྱ་ངན་ལས་ག་ལ་འདའ་སྟེ། གང་གིས་ནི་གྲོལ་བ་ཉིད་དུ་འགྱུར་སྙམ་དུ་སེམས ་པ་ལ། སྒྲུབ་པ་པོས་ལྡན་བརྗོད་པ། འདི་ནི་ཞེས་སྨོས་ཏེ། གང་གི་ཚེ་གཞན་གྱི་མྱ་ངན་ལས་འདས་པའོ་ཞེས་མྱ་ངན་ལས་འདས་པོ་རྟོག་པར་བྱེད་པ་དེའི་ཚེ་གཞོན་གྱི་སེམས་ཉིད་རྟོག་པ་དང་བཅས་པ་ཡིན་པས་ན་དེས་མྱ་ངན་ལས་འདས ་པ་ཡུལ་དུ་བྱེད་པར་མི་འགྱུར་རོ།། རང་གི་ཀུནི་རྫོབ་སྟེ་རང་གི་རྣམ་པར་རྟོག་པ་ལ་མྱ་ངན་ལས་འདས་པ་དེ་ཡོད་མིན་ཏེ། སེམས་དང་སེམས་ལས་བྱུང་བ་ཐམས་ཅད་འགགས་པའི་ཕྱིར་རོ།། དེས་ན་མྱ་ངན་ལས་འོངས་པ་ཇི་ལྟར ་འགྱུར། གལ་ཏེ་རང་ལ་ཀུན་རྫོབ་དེ་ཡོད་པ་མ་ཡིན་པ་དེ་ལྟ་ན་ནི་གཞན་གྱིས་ཀུན་རྫོབ་ཀྱང་ཀུན་རྫོབ་ཉིད་དུ་ཇི་ལྟར་འགྱུར། སྙམ་པ་ལ། ཕྱིས་དེ་ཞེས་སྨོས་ཏོ།། རྣམ་པར་བརྟགས་པ་མི་ཡིན་པའི་གཞན་ལས་སྐྱེས་པ་ཡིན་ནོ།། ཞེས ་གང་རྐྱེན་ལས་བྱུང་བའི་མཚན་ཉིད་ཀྱི་ཆོས་ཕྱིས་ངེས་པར་བྱེད་པ་ཡིན་ན་ཀུན་རྫོབ་ཡོད་ལ། གང་གི་ཚེ་དེ་ཡང་མེད་པ་ཡིན་པ། དེའི་ཚེ་ཀུན་རྫོབ་མེད་པ་ཉིད་དེ། རྒྱུ་རྐྱེན་འདི་ལས་བྱུང་ཞེས་བྱ་བ་ན་མཱ་ཁཱའི་མེ་ཏོག་བཞིན ་དུ་མེད་པར་གྱུར་པའི་ཕྱིར་རོ།། གལ་ཏེ་འདི་སྙམ་དུ་སྐྱེ་བ་ཡང་མེད་འགགས་པ་ཡང་མེད་པའི་ཆོས་རྣམས་ལ་དོན་དམ་པར་ཤེས་པར་བྱེད་པ་ཡང་ཡོད་པ་མ་ཡིན་ལ་ཤེས་པར་བྱ་བ་ཡང་ཡོད་པ་མ་ཡིན་ཏེ། དེས་ན་ཅི་ཞིག་ཅི་ཡིས་རྟོ ་པར་བྱེད་སྙམ་པ་ལ། རྟོག་དང་ཞེས་སྨོས་ཏེ། རྟོག་པ་ནི་བློའོ།། བརྟག་པར་བྱ་བ་ནི་ཤེས་བྱའོ།། དེ་དག་གཉིས་པོ་ཕན་ཚུན་རྟེན་པ་ནི་ཕན་ཚུན་ལྟོས་པའོ།། ཇི་ལྟར་གྲགས་པ་གནས་ནས་ཏེ་བཟུང་ནས་འཇིག་རྟེན་པའི་ཐ་སྙད་དུ་རྟོག་པར་བྱེད ་ཀྱི། དོན་དམ་པར་ནི་རྟོག་པར་བྱེད་པ་ཡོད་པ་མ་ཡིན་ནོ།། གལ་ཏེ་རྟོག་པར་བྱེད་པ་པོ་ཡང་བརྟགས་པ་ཉིད་ཡིན་པའི་ཕྱིར་དེས་ཉེ་བར་གཞག་པའི་དངོས་པོ་ཡང་མེད་པ་ཉིད་དོ་སྙམ་པ་ལ། གང་ཚེ་ཞེས་སྨོས་ཏེ། གང་གི་ཚེ་རྣམ་པར་རྟོག ་པས་གཞན་ཞིག་ལ་བརྟགས་ནས་དེ་ཡང་རྟོག་པར་བྱེད་པ་གཅིག་གིས་བརྟགས་པར་བྱ་བ་ཡིན་ན་ནི་དེའི་ཚེ་ཡང་རྟོགས་པར་བྱེད་པ་གཞན་ཞིག་གིས་བརྟགས་པར་བྱ་བ་ཡིན་ལ། ཡང་དེ་ཡང་གཞན་ཞིག་གིས་བརྟགས་པར་བྱ་བ་ཡིན་པས ་ཐུག་པ་མེད་པར་འགྱུར་རོ།། དེས་ན་རྟོག་པར་བྱེད་པ་ལ་ནི་བརྟག་པར་བྱ་བ་མ་ཡིན་གྱི། འོན་ཀྱང་བརྟག་པར་བྱ་བ་ཉིད་ལའོ།། རྣམ་པར་བརྟག་པར་བྱ་བ་ལ་བརྟགས་པ་ནི་གཏན་ལ་དབབ་པར་བྱ་བ་གཏན་ལ་ཕེབས་པ་སྟེ། ཡང་དུས ་ཕྱིས་བརྟག་པར་བྱ་བའི་གནས་ནི་ཡོད་པ་མ་ཡིན་ནོ།། གནས་མེད་པས་ན་ཡང་རྣམ་པར་རྟོག་པར་བྱེད་པ་འཇུག་པར་མི་འགྱུར་རོ།། འཇུག་པ་ལ་སོགས་པ་མེད་པ་དེ་ནི་མྱ་ངན་ལས་འདས་པར་བཤད་དེ། དེས་བྱ་བ་མེད་པར་ཞི་བའི་ཕྱིར་རོ།། ། ་དོན་དམ་པར་བདེན་པར་སྨྲ་བ་གང་དག་རྣམ་པར་རྟོག་པར་བྱེད་དེ། ཚི་དུ་མ་དང་རྣམ་པར་བརྟག་པར་བྱ་བ་དེ་གཞལ་བར་བྱ་བའོ་ཞེས་འདི་གཉིས་བདེན་པར་འདོད་པ་ནི་ཤིན་ཏུ་ཡང་འཁོར་བར་ལྟུང་བ་ཡིན་པའི་ཕྱིར་གནས་མེད་པ་སྟེ་ངན་པར ་གནས་པ་ཉིད་དོ།། དེ་ཉི་ད་བརྗོད་པ། གལ་ཏེ་ཞེས་སྨོས་ཏེ། གལ་ཏེ་ཤེས་པ་ཚད་མའི་དབང་གིས་ཏེ་སྟོབས་ཀྱིས་དོན་གཞལ་བར་བྱ་བ་རྣམ་པར་འཇོག་པའི་བྱེད་པའི་ལྟ་ན། དེའི་ཚེ་ཤེས་པ་ཡོད་པ་ཉིད་དུ་གང་གིས་ངེས་པར་བྱེད་དེ། ་རང་གིས་རང་རིག་པ་ནི་མེད་པའི་ཕྱིར་ལ། ཚད་མ་གཞན་ཚོལ་ན་ཡང་ཐུག་པ་མེད་པར་འགྱུར་བའི་ཕྱིར་རོ།། འོན་ཏེ་ཤེས་བྱའི་དབང་གིས་ཏེ་གཞལ་བར་བྱ་བའི་སྟོབས་ཀྱིས་ཚད་མ་རྣམ་པར་འཇོག་པར་བྱེད་པ་སྟེ། དེས་ནཱ་གྲང་གིས ་ཐུག་པ་མེད་པར་འགྱུར་སྙམ་ན་ནི། དེ་ཚེ་གཞལྟ་བྱ་ཡོད་པ་ཉིད་དུ་གྲང་གིས་ཁོང་དུ་ཆུད་པར་བྱ། དེ་སྟེ་ཤེས་པའི་སྟོབས་ཀྱིས་ཤེས་བྱ་ཡོད་པ་ཉིད་དུ་འཇོག་ཅིང་། ཤེས་བྱའི་སྟོབས་ཀྱིས་ཤེས་པ་ཉིད་དུ་འཇོག་གོ་ཞེ་ན་ནི་དེའི་ཚེ་གཉི ་ཀ་ཡོད་པར་མི་ལ་གྱུར་ཏེ། ཕན་ཚུན་རྟེན་པ་ཡིན་པའི་ཕྱིར་གཅིག་མ་གྲུབ་པས་གཉིས་པ་ཡང་མི་འགྲུབ་བོ།། ཕ་མེད་ཅེས་པ་ལ་སོགས་པ་ནི་རྗེས་སུ་མཐུན་པའི་དབོ་སྟེ། འགའ་ཞིག་གིས་བུ་སྐྱེད་པ་ན་བར་འགྱུར་གྱི། ཇི་སྲིད་དུ ་མ་བསྐྱེད་ཀྱི་བར་དེ་སྲིད་དུ་ནི་མ་ཡིན་ལ། ཇི་སྲིད་དུ་ཕ་མེད་པར་གྱུར་གྱི་བརླ་དུ་བུའི་སྐྱེ་བ་ཡང་ཡོད་པ་མ་ཡིན་པས་གཉི་ཀ་ཡང་མེད་པ་ཉིད་དོ།། དེ་སྐད་དུ་ཡང་། ཕན་ཚུན་བལྟོས་ནས་གཉིས་གྲུབ་པའི།། གཉིས་ཀའི་དོན ་དམ་ཉིད་མ་ཡིན་ཞེས་གསུང་ས་སོ།། དེ་བཞིན་དུ་ཤེས་པ་དང་ཤེས་བྱ་དག་ཀྱང་མེ་གྲུབ་པ་ཉིད་དོ།། རྒོལ་བ་པོས་བརྗོད་པ་མྱུ་གུ་ཞེས་སྨོས་ཏེ། མཚོན་པ་ཞེས་པ་ནི་གོ་བར་བྱེད་པའོ།། མྱུ་གུ་ཉིད་བཞིན་དུ་ཤེས་པའི་ཤེས་བྱ་ཡོད ་པ་ཉིད་དུ་ཅི་སྟེ་རྟོགས་ཅིང་གོམས་པར་མི་བྱེད་སྙམ་པ་ལ། སྒྲུབ་པ་པོས་བརྗོད་པ། མྱུ་གུ་ལས་ཞེས་སྨོས་ཏེ། མྱུ་གུ་ལས་གཞན་དུ་གྱུར་པའི་ཤེས་པ་ཡིས་མྱུ་གུ་ཤེས་པར་བྱས་ནས་ས་བོན་ཡོད་དོ་ཞེས་གོ་བར་བྱེད་རྟོགས་པར་བྱེད ་གྲངས་ན། ཤེས་པ་ཡོད་པ་ཉིད་ནི་གླང་ལས་ཀྱང་མཱ་ཡིན་ཏེ། རང་རིག་པ་མེད་པའི་ཕྱིར་ལ་ཤེས་པ་གཞན་གྱིས་ཀྱང་ཐུགས་པ་མེད་པར་འགྱུར་བའི་ཕྱིར་རོ།། བཏགས་པོའི་ཕྱོགས་ལ་ནི་འཇིག་རྟེན་པའི་ཐ་སྙད་དུ་རྒྱུ་དང་འབྲས་བུའི ་དངོས་པོ་དགག་པར་མི་བྱ་བ་ཉིད་ཡིན་གྱི། དེ་ཁོ་ན་ཉིད་དུ་མ་ཡིན་ནོ་འདི་ལྟར་རང་བཞིན་དུ་སྨྲ་བ་ཉིད་རྒྱུ་མེད་པར་སྨྲ་བ་སྟེ། དེ་དག་ན་རེ་འགྲོ་བ་སྣ་ཚོགས་ནི་རྒྱུ་མེད་པ་ཉིད་ཡིན་པ་དེ་ལས་རྒྱུ་ལས་བྱུང་བ་ག་ལ་སྲིད། དེས་ནི་འགྲོ་བ ་སྣ་ཚོགས་ནི་རྒྱུ་མེད་པ་ཉིད་དོ།། ཞེས་འདོད་པར་བྱའོ།། དེ་སྐད་དུ་ཡང་པདྨ་གེ་སར་ལ་སོགས་ཏེ། རྣམ་པ་སྣ་ཚོགས་སུ་ཡོ་བྱས།། རྨི་བྱའི་མདོང་ས་ལ་སོགས་པ་ཡི།། སྣ་ཚོགས་ཁྲ་བོ་སུ་སྤྲུལ།། ཞེས་འབྱུང་བསོ ་སྙམ་པ་ལ། ལྡན་བརྗོད་པ། རེ་ཞིག་ཅེས་པ་ནི་རྗེས་དཔག་ལ་བལྟོས་པ་སྟེ། རྒྱུ་བརྗོད་པས་དེ་ལ་གནོད་པའི་ཕྱིར་རོ།། སྣ་ཚོགས་འདི་ནི་དབང་ཕྱུག་རྒྱུར་བྱས་ནས་བྱུང་བ་ཡིན་ནོ།། སྙམ་པ་ལ་དབང་ཕྱུག་ཅེས་སྨོས་ཏེ། སྨྲོས་ཤེས་པ་ནི་འདི ་ཅི་འདྲ་བ་ཞིག་ཡིན་སྟོན་ཅིག་པའོ།། གལ་ཏེ་འབྱུང་རྣམས་ཏེ་ས་ལ་སོགས་པ་རྒྱུ་ཡིན་ན་ནི་ས་ལ་སོགས་པ་རྗེས་སུ་འགྲོ་བ་དང་ལྡོག་པའི་སྒོ་ནས་རྒྱུ་ཉིད་དུ་གྲུབ་པས་ཆོག་མོད།། མཱིང་ཙམ་ལ་ངལ་བར་བྱེད་པ་ཙྭིའི་ཐ་ཚིག་གཞན་ཡང་སྒྲའི་སྒོ ་ནས་སྐྱོན་རྟག་ཏུ་དགལ་བར་བྱ་བའི་ཕྱིར། འོན་ཀྱང་ཞེས་སྨོས་ཏེ། དུ་མ་ཞེས་བྱ་བ་ནཱི་ས་ལ་སོགས་པའི་རང་བཞིན་དུ་མའོ།། མི་རྟག་པ་ནི་རྣམ་པར་འཇིག་པའོ།། སེམས་མེད་པ་ནི་ཤེས་པ་དང་བྲལ་བའི་ཕྱིར་རོ།། ལྷ་མ་ཡིན་པ་ནི་བསྟེན་པར ་བྱ་བ་མཾ་ཡིན་པའོ།། འགོམས་དང་ཞེས་བྱ་བ་ནི་རྐང་ལ་སོགས་པས་གནོད་ཅིང་འགྲོམས་པར་བྱ་བའོ།། མི་གཙང་བ་ནི་གང་ཞིག་བརྩོག་པར་གྱུར་པ་རྣམས་སོ།། གལ་ཏེ་དབང་ཕྱུག་འདི་ནི་བསམ་དུ་མེད་པ་སྟྭ~ཾ། དེས་ན་དབང་ཕྱུག་རང་གི་ངོ་བོ ་སྤྱད་ནས་ཅི་ཞིག་བྱ་སྙམ་པ་ལྔ། བསམོ་མིན་ཞེས་སྨོས་ཏེ། དབང་ཕྱུག་བསམ་དུ་མེད་པ་ཡིན་ནོ།། བྱེད་པ་ཉིད་ཀྱང་བསྡམ་དུ་མེད་པའི་ཕྱིར་བརྗོད་པ་བྱེད་པ་པོ་ཉིད་དུ་ཡང་མི་རིགས་སོ།། གལ་ཏེ་དེའི་རིང་གི་ངོ་བོ་ཤིན་ཏུ་མ་ཚོན་པར་དཀའ ་བས་ན་བསམ་ཞིང་དཔྱད་པར་མི་ནུས་ལ། འབྲས་བུ་ནི་འགྲོ་བ་ཀུན་གྱི་ཐུན་མོངས་པ་ཡིན་པས་དེ་བསམ་པར་བྱ་བ་ཉིད་དོ།། སྙམ་པོ་ལ་དེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབང་ཕྱུག་དེས་ཅི་ཞིག་འབྲས་བུ་བསྐྱེད་པར་བྱ་བར་འདོད།། ་གལ་ཏེ་བདག་ཡིན་ནོ་ཞེ་ན། བདག་དེ་ནི་རྟག་པ་ཡིན་ན་ཇི་ལྟར་བསྐྱེད་པར་བྱ་བའི་འབྲས་བུར་འགྱུར། ས་ལ་སྩོགས་པའི་འབྱུང་བ་རྣམས་བསྐྱེད་པར་བྱ་བ་མ་ཡིན་ཏེ། རྡུལ་ཕྲ་རབ་རྣམས་རྟག་པ་ཡིན་པའི་ཕྱིར་རོ།། རགས ་པའི་བྱ་བ་ནི་ཆུང་ངུ་ནས་དགག་པར་བྱའོ།། དབང་ཕྱུག་ཅེས་བྱ་བ་ནས་དབང་ཕྱུག་ནི་རྟག་བ་དེས་བདག་ཉིད་བྱེད་པ་འགལ་བའོ།། འཁོར་བ་ཇི་སྲིད་ཡོད་ཀྱི་བར་དུ་ཞེས་བྱ་བ་ལས་སྐྱེས་པའི་ཤེས་པ་ཡང་ཐོག་མ་མེད་པས་ན་དེ་བྱས་པ་ནི་མ་ཡིན ་ལ། རྣམ་པར་ཤེས་པས་བསྐྱེད་པའི་དགེ་བ་ལ་སོགས་པོའི་ལས་ལས་འབྱུང་བའི་བདེ་བ་དང་། འདི་སྡུག་བསྔལ་དེ་དག་ཀྱང་དྲིས་བྱས་པ་མ་ཡིན་ནོ།། གཞན་ཡོང་ཐོག་མ་མེད་པ་ནས་ཀྱི་རྒྱུ་དབང་ཕྱུག་ཡིན་ན་ནི། དེའི་ཐོག་མ་འདི་ཡིན་ཞེས ་བྱ་བ་མེད་པས་དེའི་ཚེ་བསྐྱེད་པོ་ལ་སོགས་པ་རྟག་པ་ཉིད་དུ་འགྱུར་ན། སྲིད་པ་ཚོགས་ནས་ཚུར་ཁོ་ན་སྐྱེད་ཀྱི་འཇིག་པའི་ཚེ་མ་ཡིན་པོ་ཇི་ལྟར་ཡིན། དེས་ན་ནུས་པ་རྟགས་པ་དེ་ལ་སྐྱེད་པ་ལ་སོགས་པའི་ཐོག་མ་ཡོད་པ་མ་ཡིན་ན་འབྲས ་བུ་ལ་ཐོག་མ་གང་ལ་སྣ་འབྱུང་བར་འགྱུར། ཁོ་བོ་ཅག་གི་ལྕེར་ན་ནི་འཇིགས་པའི་ཚེ་ནུབ་པར་འགྱུརར་བའི་སྐྱེས་བུ་རྣམས་ཀྱི་དྲན་པའི་རིགས་ཤེས་པ་འོད་གསལ་བཱ་ལ་སོགས་པར་སྐྱེས་ནས། དེས་ན་ཡང་འདི་ཉིད་དུ་སྐྱེ་བ་ཡིན་ནོ།། ་གལ་ཏེ་ནུས་པ་ཡོད་དུ་ཟིན་ཀྱང་ལྷན་ཅིག་བྱེད་པ་མེད་པའི་ཕྱིར་རྟག་ཏུ་སྐྱེད་པ་མ་ཡིན་ནོ།། སྙམ་པ་ལ། དེ་ནི་ཞེས་སྨོས་ཏེ། དེ་སྟེ་དབང་ཕྱུག་གི་མ་བྱས་པ་མེད་པ་ཉིད་ཡིན་པས་རྟག་ཏུ་སྐྱེད་ཅིང་འབྱིན་པར་ཐལ་བར་འགྱུར་རོ།། གལ་ཏེ ་ཚོགས་པ་ལ་བལྟོས་པ་ཡིན་ན་ནི་དེའི་ཚེ་ཚོགས་པའི་རྗེས་སུ་འགྲོ་བ་དང་ལྡོག་པས་བསྒྲུབས་པ་ཡིན་པའི་ཕྱིར་དབང་ཕྱུག་རྒྱུར་མི་འགྱུར་རོ།། དེ་ཉིད་བསྟན་པར་བྱ་བའི་ཕྱིར། དེ་མེད་ཅེས་སྨོས་ཏེ། ཚོགས་པ་དེ་མདྲན་བྱེད་པརུ་ནུས་པ་མ་ཡིན་པས ་དབང་ཕྱུག་བྱེད་པ་པོ་མ་ཡིན་ནོ།། གཞན་ཡང་ཚོགས་པའི་ནུས་པས་བཙུན་ནས་དབང་ཕྱུག་མི་འདོད་ཀྱང་གལ་ཏེ་བྱེད་པའི་ལྟ་ན་ནི་དེའི་ཚེ་གཞན་གྱི་དབང་དུ་ཐལ་པོར་འགྱུར་རོ།། ཅི་སྟེ་འདོད་བཞིན་དུ་བྱེད་པའི་ལྟོ་ན་ནི་དེའི་ཚེ་ཡང་འདོད་པ་ལ ་རག་ལེས་པོ་ཡིན་པའི་ཕྱིར་རང་དབང་ཅན་དུ་མི་འགྱུར་ན་དེའི་འབྲས་བུ་བྱེད་པའི་མངའ་དབང་ཅན་ཉིད་དུ་གང་གིས་འགྱུར། གལ་ཏེ་འདི་ལྟར་རྡུལ་ཕྲ་རབ་རྣམས་ལས་བྱུང་བའི་འབྲས་བུ་འགྲོ་བ་རྣམས་ཡིན་ནོ།། སྙམ་པ་ལ་གང་དག་ཅེས་སྨོས་ཏེ། ་ཆ་ཤས་ཀྱང་ནི་རྡུལ་ཕྱེ་ནས་ཤེས་བྱ་བ་ལ་སོགས་པས་སྔར་རྡུལ་ཕྲ་རློབ་རྣམས་བཟློག་ཟིན་ཏོ།། གཙོ་བོ་རྒྱུར་གྱུར་ནས་འགྲོ་བ་རྣམས་བྱུང་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གཙོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཉམ་པ་ཞེས་བྱ་བ་ནི་ནུས ་པའི་རང་བཞིན་གྱིས་སོ།། མི་མཉམོ་འགྲོ་བ་ཞེས་ནི་བརྗོད་ཅེས་བྱ་བ་ནི་གང་གི་ཚེ་ཆེན་པོ་ལ་སོགས་པ་ཡོན་ཏན་རྣམས་ཀྱི་སྐྱེ་བ་མི་མཉམ་པ་ཉིད་དུ་གྱུར་པ་དེའི་ཚེ་འགྲོ་བ་རྣམས་ཀྱིསྒྲ་སྐྱེ་བ་དང་འཇིག་པ་དང་གནས་བླ་རྣམས་འབྱུང་བ ་ཡིན་ནོ།། དེ་དག་ཀྱང་འདི་ལྟར་རང་བཞིན་ལས་ཆེན་པོ།། དེ་ལས་ངོ་རྒྱལ། དེ་ལས་ཡོན་ཏན་བཅུ་དྲུག་གོ།། བཅུ་དྲུག་པོའི་ལྔ་ལས་འབྱུང་བ་ལྔའོ།། འདིའི་དོན་ནི་འདི་ཡིན་ཏེ།། དེ་ལས་ངར་འཛིན་པའོ།། ངར་འཛིན་པ་ལས་ནི་ལས་ཀྱི་དེ་བང ་པོ་ལྔ་སྟེ། ངག་དང་ལག་པ་དང་། རྐང་པ་དང་། རྐུབ་དང་མཚན་མ་རྣམས་སོ།། བློའི་དབང་པོ་ལྔ་སྟེ། རྣ་བ་དང་། ལགས་པ་དང་། མིག་དང་། ལྕེ་དང་། སྣ་རྣམས་དང་། ཐུན་མོང་མ་ཡིན་པ་ཡིད་ཀྱི་དབང་པོ་དང་། སྒྱུ་དང་། གཟུགས་དང་། ་རོ་དང་། དྷི་དང་། རེག་རྣམས་ཏེ་བཅུ་དྲུག་གོ།། སྒྲ་ལ་སོགས་པ་ལྔ་ལས་ནི་ས་དང་ཆུ་དང་མེ་དང་རླུང་དང་ན་མཁའ་སྟེ་འབྱུང་བ་ལྔ་རྣམས་དང་། དེ་དག་རྣམས་དང་བདག་སྟེ་དེ་ཁ་ནི་ཉིད་ཉི་ཤུ་རྩ་ལྔ་རྣམ་པར་དབྱེ་བ་བརྗོད་པའི་རྩ་བ་རང་བཞིན་ནི་འགྱུར་བ ་མེད་པའོ།། ཆེན་པོ་ལ་སོགས་པ་རྣམ་པ་བདུན་ནི་རང་བཞིན་དང་འགྱུར་བའོ།། བཅུ་དྲུག་པོ་འདི་རྣམ་པར་འགྱུར་བའོ།། སྐྱེས་བུ་ནི་རང་བཞིན་ཡང་མ་ཡིན་འགྱུར་བ་ཡང་མ་ཡིན་ནོ།། ཞེས་འདོད་དོ།། དེ་ལ་ལན་བརྗོད་པ། གཅིག་ལ་ཞེས་སྨྲས་ཏེ། ་གཙོ་བོ་གཅིག་ལ་རང་བཞིན་གསུམ་ཉིད་མི་རིགས་ཏེ། འགྲེལ་བའི་ཕྱིར་རོ།། དེ་བཞིན་དུ་ཡོན་ཏན་ཡང་ཡོད་པ་མ་ཡིན་ཏོ།། ཐམས་ཅད་ཡོན་ཏན་གསུམ་པོ་ཞེས་བརྗོད་པས། ཡོན་ཏན་ཡང་ཡོན་ཏན་གསུམ་གྱི་རདྲ་བཞིན་ཉིད་ཡིན་པས་ན། གཅིག ་པུ་ལ་ནི་ཡོན་ཏན་གསུམ་ཞེས་མ་རིག་པ་ཉིད་དོ།། ཉེས་པ་དེ་ཉིད་ཀྱིས་ན་ཡོན་ཏན་ཡོད་པར་མ་གྱུར་པ་དེའི་ཚེ་དེས་རྒྱུ་བྱས་པའི་སྒྲ་ལ་སོགས་པ་ནི་རིང་དུ་སྤངས་པ་ཉིད་དོ།། གཞན་ཡང་གལ་ཏེ་ཡོན་ཏན་གསུམ་གྱི་བདག་ཉིད་ཀྱི་གོས་ལ ་སོགས་པ་བདེ་བ་ལ་སོགས་པའི་རང་བཞིན་ཡིན་ནོ་ཞེས་གྲངས་ཅན་རྣམས་འདོད་ན་དེ་ཡང་རིག་པ་མ་ཡིན་ཏེ། འདི་ལྟར་སེམས་མེད་པའི་གོས་ལ་སོགས་པ་སེམས་མེད་པ་ཉིད་དང་བདེ་བ་ལ་སོགས་པ་ནི་སེམས་ཉིད་དུ་གྲུབ་པའི ་ཕྱིར་རོ།། གལ་ཏེ་བདེ་བ་ལ་སོགས་པ་ཡོངས་སུ་གྱུར་པའི་དངོས་པོའི་རྒྱུར་གྱུར་པའི་རང་བཞིན་ཉིད་ཡིན་པས་ན། གོས་ལ་སོགས་པ་ལ་བདེ་བ་ལ་སོགས་པ་ཉིད་རིགས་པ་ཡིན་ནོ་ཞེ་ན། ལན་བརྗོད་པ། རྣམ་པར་སྤྱད་ན་སེམས་མེད་ཅེས ་སྨོས་ཏེ། གོས་ལ་སོགས་པའི་ཡན་ལྷག་ཅན་ཡང་ཡོད་པ་མ་ཡིན། རྡུལ་ཕྲ་རབ་རྣམས་ཀྱང་ཡོད་པ་མ་ཡིན། ཡོན་ཏན་གསུམ་གྱི་བདག་ཉིད་ཀྱང་ཡོད་པ་མ་ཡིན་ནོ།། ཞེས་བྱ་བའོ།། གཞན་ཡང་བདེ་པ་དང་སྡུག་བསྔལ་དྲང་གཏི་མུག་གི། ་བདག་ཉིད་ཀྱི་ཡོན་ཏན་རྣམས་ཀྱི་རྒྱུ་ཡིན་པས་ན། ཁྱོད་ཀྱི་བདེ་བ་ལ་སོགས་པ་ཉིད་གོས་ལ་སོགས་པའི་རྒྱུར་འགྱུར་ན། བདེ་བ་ལ་སོགས་པ་ལས་ནི་གོས་ལ་སོགས་པ་མ་ཡིན་གྱི། འོན་ཀྱང་སྣལ་མ་ལ་སོགས་པ་ཉིད་ལྔས་ཏེ། གོས ་ལྔ་སོགས་པ་ལས་ནི་བདེ་བ་ལ་སོ་གས་པ་སྐྱེ་བར་མཐོང་བར་ཡིན་པ་དེ་བས་ན། དེ་མེད་པས་ན་སྟེ། རྣམ་པར་སྤྱད་ན་གོས་ལ་སོགས་པ་ཡོད་པ་མ་ཡིན་པས་ན། བདེ་བ་ལ་སོགས་པ་ཡང་ཡོད་པ་མ་ཡིན་ནོ།། ཡོན་ཏན་གྱི་བདག་ཉིད ་ཀྱི་བདེ་བ་ལ་སོགས་པ་ནི་རྟག་པ་ཉིད་དུ་འདོད་དོ་སྣུམ་པ་ལ། དེ་ཡང་མ་ཡིན་ནོ་ཞེས་བསྟན་བྱའི་ཕྱིར། བདེ་སོགསོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་སྣུམ་པ་ལ་བརྗོད་པ། བདེ་སོགས་གསལྔ་ཞེས་སྨོས་ཏེ། དུས་གཅིག་གི ་ཚེ་བདེ་བ་གསལ་བ་རྟག་པ་ཉིད་དུ་བདེན་པ་ཉིད་ཡིན་ན། རྟག་ཏུ་དེ་ཡང་དག་པར་རིག་པར་ཅིའི་ཕྱིར་མ་གྱུར། གལ་ཏེ་མངོན་པར་གསལ་བ་ཉིད་ནུས་པ་ཕྲ་མོའི་གནས་སྐབས་སུ་གྱུར་པས་ན་གཞན་གྱིས་ཚེ་མཐོང་བ་མ་ཡིན་ནོ།། ཞེ ་ན་བརྗོད་པ། རགས་དང་ཞེས་སྨོས་ཏེ། རླགས་པ་སྟེ་མངོན་པར་གསལ་བའི་རྟག་པ་དེ་ཉིད་ཕྲ་བ་སྟེ་མི་གསལ་བར་ཇི་ལྟར་འགྱུར་ཏེ། རྟག་པའི་རང་བཞིན་གཅིག་ལྔ་དུ་མཱ་མི་རིགས་པའི་ཕྱིར་རོ།། གལ་ཏེ་རིམ་གྱིས་རགས ་པ་སྤངས་ནས་ཕྱིས་ཕྲ་བར་འགྱུར་གྱི། གཅིག་ཅར་དུ་ནི་མ་ཡིན་ནོ་སྙམ་པ་ལ། རགས་པ་ཞེས་སྨོས་ཏེ། དེ་ལྟར་ན་རིགས་པ་དང་ཕྲ་བ་དེ་དག་གསལ་བ་དང་མི་གསལ་བའི་རང་བཞིན་མི་རྟག་པར་འགྱུར་རོ།། ཇི་ལྟར་རིགས་པ་དང་ཕྲ ་བ་དེ་རྗེས་འགྲོ་མེང་པོའི་རྣམ་པར་འཇིག་པས་ཉམས་པར་འགྱུར་བ་དེ་བཞིན་དུ་དངོས་པོ་ཐམས་ཅད་ཀྱང་རྗེས་འགྲོ་མེད་པའི་ཉམས་པར་འགྱུར་བ་ཉིད་དུ་འདོད་པར་གྱིས་ཤིག། གཞན་ཡང་གང་རགས་པ་སྟེ། གསལ་བ་དེ་བ ་བ་ལས་གཞན་དུ་གྱུར་པ་མ་ཡིན་ན། དེའི་ཚེ་གསལ་བླ་བཞིན་དུ་བདེ་བ་ཡང་མི་རྟག་པ་ཉིད་དུ་འགྱུར་རོ།། གལ་ཏེ་རྣམ་པ་ཐམས་ཅད་དུ་ཞིག་པར་གྱུར་པ་དེའི་བདེ་བ་ཕྱིར་ཞིང་སྐྱེ་བར་མི་འགྱུར་ཏེ་མེད་པ་ཡིན་པའི་ཕྱིར་རོ།། དེས་ན ་དངོས་པོ་རྣམས་ནུས་པའི་རང་བཞིན་གྱིས་ཡོད་པ་ཡིན་པས་དེ་སྐྱེ་བ་ཡིན་ནོ་སྙམ་པ་ལ། ལན་བརྗོད་པ། མཐོང་བའི་གསལ་བ་མྱེད་པ་སྟེ་མེད་པ་ཉིད་སྐྱེ་བར་ཇི་ལྟར་མ་འདོད་གཞན་ཡང་གྲལ་ཏེ་སྒྱུ་ལ་འབྲས་བུ་ཡོད་པར ་སྨྲ་བ་ཡིན་པའི་ཕྱིརརོ།། རྒྱུ་ལ་འབྲས་བུ་ཡོད་པ་ཉིད་ཡིན་ན་དེའི་ཚེ་ཟས་དེ་བཟའ་བར་བྱ་བའི་ཟས་རྣམས་མི་གཙང་བ་སྟེ་བཤང་བ་ལ་སོགས་པ་ཟ་བར་འགྱུར་རོ།། རས་ཀྱི་རིན་ཉིད་དེ་རས་ཉེ་བའི་རིན་ཉིད་གྱོན་པར་བྱེད་པ་སྟེ་ལུས ་ལ་བགོ་བར་བྱ་བའོ།། གལ་ཏེ་འཇིག་རྟེན་རྨོངས་པ་སྟེ་མི་ཤེས་པས་རྒྱུ་ས་བོན་ལ་སྣམ་བུ་ལ་སོགས་པ་མ་མཐོང་ངོ་སྙམ་པ་ལ། དེ་ཉིད་ཅེས་སྨོས་ཏེ། དེ་ཁོ་ན་ཉིད་ཤེས་པའི་གྲངས་ཅན་ལ་ཡང་རྨོངས་པ་དེ་གནས་པ་མ་ཡིན་པས་ངེས་ཀྱང་ཇི་ལྟར ་མཐོང་བར་མི་འགྱུར། ཡང་ན་དེ་གནས་ཡིན་ཞེས་བྱ་བ་རྣམ་པར་གནས་པའོ།། ཡང་ན་གྲངས་ཅན་ལ་ཡང་སྣམ་བུ་དེ་ས་བོན་ལ་གནས་པ་ཡིན་པ་སྟེ་དེ་ཉིད་ཅི་སྟེ་གྱོན་པར་མི་བྱེད་ཅེས་བྱ་བའོ།། གཞན་ཡང་འཇིག་རྟེན་པ་ལས་རྒྱུ་དང་འབྲས་བུ ་ཡོད་དོ་ཞེས་བྱ་བའི་གྲགས་པ་དུ་ནི་ཡོད་ན་དེ་ཅིའི་ཕྱིར་ལྟ་བར་མི་བྱེད། ཅི་སྟེ་འཇིག་རྟེན་པའི་མཐོང་བ་ཚད་མི་མ་ཡིན་ནོ་ཞེས་བརྗོད་ན་ནི་དེའི་ཚེ་འཇིག་རྟེན་པའི་ཚད་མས་སྒྲ་ལ་སོགས་པ་གསལ་བར་མཐོང་བའི་འཇིག་རྟེན་པའི་མངོན ་སུམ་ལ་སོགས་པ་དེ་ཡང་བདེན་པ་མ་ཡིན་ཏེ། ཚོད་མར་མི་འགྱུར་རོ།། གལྤ་ཏེ་ཚད་མར་མངོན་པར་འདོད་ན་ནི་བརྗོད་པར་བྱ་སྟེ། གང་གསལ་བར་མཐོང་བ་དེ་ནི་ཚད་མ་ཡིན་ནོ།། ཁོ་བོ་ཅག་གྲངས་ཅན་གྱི་ཚད་མཱ་ནི་གྲོལ་བའི་གནས ་སྐབས་ན་རང་བཞིན་ལ་གསལ་བ་རྣམས་ཐིམ་པར་འགྱུར་ཏེ། དེ་འདོད་པ་ཡིན་ནོ་སྙམ་པ་ལ། ལན་བརྗོད་པ། དེས་དེ་ཚད་མ་དེས་གཞལ་བ་སྟེ་ཡོངས་སུ་བཅད་པའི་གང་གསལ་བའི་དངོས་པོ་མེད་པའི་རང་བཞིན་ཏེ་བརྫུན་དུ་འགྱུར། ་དེ་བས་ན་གསལ་བ་རྣམས་ཀྱིས་སྟོང་པ་ཉིད་གྲངས་ཅན་པ་རྣམས་ལ་འཐད་པ་མ་ཡིན་ནོ།། ཁོ་བོ་ཅག་སངས་རྒྱས་པའི་ལྟར་ན་ནི་བློས་བརྟགས་པ་ལ་སྒྲོ་བཏགས་ཏེ། དངོས་པོ་ལ་མ་རེག་ཅིང་མ་བཙལ་བ་དེ་ནི་མེད་པ་སྟེ་བརྟགས་པའི ་དངོས་པོ་ཉིད་བརྫུན་པའོ།། དེའི་ཕྱིར་དངོས་པོ་མེད་པ་དེ་ནི་ཤིན་ཏུ་ཡང་བརྫུན་ནོ།། དངོས་པོ་མེད་པ་ནི་དངོས་པོ་ལ་བལྟོས་པ་ཡིན་པའི་ཕྱིར་དངོས་པོ་མ་གྲུབ་པ་དེའི་དངོས་པོ་མེད་པ་ཡང་མི་འགྲུབ་པའོ།། ཡང་ན ་གྲངས་ཅན་གྱི་རྩོད་པ་བླང་བ་སྟེ་ཚད་མ་ནི་སྔོན་པོ་ལ་སོགས་པར་འཛིན་པའོ།། གལ་ཏེ་ཚད་མ་ཡིན་ནོ་ཞེས་བརྗོད་ན་ནི་དེའི་ཚེ་གང་ཚད་མ་མ་ཡིན་པས་གཞལ་བའི་གང་ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཞེས་བྱ་བ་ལ་སོགས་པ་དེ་ཡང ་བརྫུན་པར་འགྱུར་རོ།། དྲ་བས་ན་སངས་རྒྱས་པའི་དངོས་པོ་རྣམས་སྟོང་པ་ཉིད་དུ་འདོད་པ་ནི་མི་འདོད་པ་ཉིད་དོ།། ཞེས་དགོས་པ་ལ། བརྟགས་པའི་དངོས་ལ་ཞེས་བྱ་བ་ལ་སོགས་པས་ནི་ལན་བཏབ་པའོ།། དེ་བསོ་ཞེས་བྱ་བ་ལ་སོགས་པ ་ནི་མཇུག་བསྡུ་བ་སྟེ། དཱ་ནི་ཞེས་བྱ་བ་ནི་མེད་དོ་ཞེས་བྱ་བའི་རྣམ་པར་རྟོག་པའོ།། ཡོང་མིན་ཞེས་བྱ་བ་ནི་བརྟགས་པའོ།། དེས་ཅི་བྱེད་ཅེ་ན། རྟོགས་པའི་དངོས་པོ་དེ་ལྟ་བུ་ཡོད་དོ་ཞེས་རྟོགས་པར་བྱེད་དོ།། དེའི་སྐྱེ་བ་བཟློགས་པ་ནརྀ་འགག་པར་གྱིས ་ཤིག་པའོ།། རྒྱུ་མེད་པའི་ཞེས་རྒྱུ་མེད་པར་སྨྲ་བ་རྣམས་གསལ་ནས། མཇུག་བསྡུ་བར་བྱ་བའི་ཕྱིར་དེ་ལྟར་ཞེས་སྨོས་ཏེ། སོ་སོར་ཞེས་བྱ་བ་ནི་སོ་སོར་བྱེ་བྲག་ལའོ།། རྣམ་པར་གནས་ཤེས་བྱ་བ་ནི་བ་ངན་པའི་ཚུལ་གྱི་སྣ་གནས་པའོ།། ་དུས་གསུམ་དུ་སྨྲ་བའི་འོད་མེད་པ་བཟློ་ག་པར་བྱ་བའི་ཕྱིར། གཞན་ལས་ཞེས་སྨོས་ཏེ། གཞན་ལས་ཞེས་པ་ནི་འདས་པའི་དུས་ལས་ཏེ། དེ་ལས་འོངས་པ་མ་ཡིན་པ་ནི་འདུས་བྱས་རྟག་པར་ཐལ་བར་འགྱུར་བའི་ཕྱིའོ།། དེ ་ཉིད་ཀྱིས་ན་དེ་ཉིད་དང་ལྡན་པར་གནས་པ་མ་ཡིན་ལ། དེ་ཉིད་མ་འོངས་པར་འགྲོ་བ་ཡང་མ་ཡིན་ནོ།། སྒྱུ་མ་དང་ཁྱད་པར་ཅི་ཡང་མེད་པའི་འགྲོ་བ་འདི་དག་རྨོངས་པ་སྟེ་མི་ཤེས་པས་བདེན་པ་ཉིད་དུ་བརྟགས་ཤིང་ཁསྤུ་བླངས་པའོ།། དེ ་ཉིད་བརྗོད་པ། སྒྱུ་མ་ཞེས་སྨོས་ཏེ། སྒྱུ་མ་ནི་སྒྱུ་མ་མཁན་ཏེ་རྒྱུ་ལ་འབྲས་བུ་བཏགས་པའི་ཕྱིར་རོ།། རྒྱུ་རྣམས་ཀྱིས་ཞེས་པ་ནི་ལས་དང་ཉོན་མོངས་པ་རྣམས་ཀྱིས་སོ།། གལ་ཏེ་འདི་སྙམ་དུ་རྐྱེན་ལ་སྐྱེས་པ་ནི་བདེན་པ་ཉིད་དུ་རིགས་སོ་སྙམ་པ ་ལ། གང་ཞིག་ཅེས་བྱ་བ་ལ་སོ་གས་པ་སྨོས་ཏེ། དེ་སྐད་དུ་ཡང་གང་ཞིག་རྒྱུ་རྣམས་ལས་སྐྱེས་པ།། དེ་ཡོད་མིན་ཕྱིར་སྲིད་པ་སྟེ།། ཇི་བཞིན་དུ་ནི་གསལ་བ་དེ།། གཟུགས་བརྙན་དང་ནརྀ་མ་ཆུང་ས་པར་འདོད།། ཅེས་གསུངས་སོ།། རྒྱུ་རྣཾས ་ལ་ཡང་ནུས་པ་མེད་དོ་ཞེས་བསྟན་པའི་ཕྱིར། དངོས་པོ་ཡོད་པ་ཞེས་བྱ་བ་ལ་སྲོག་ས་པ་སྨོས་སོ།། ཅི་སྟེ་དངོས་པོ་མེད་པ་ལ་ཇི་ལྟར་ན་རྒྱུ་ཡིས་དགོས་པ་མེ་སྙམ་པ་ལ་བྱེ་བ་ཞེས་སྨོས་ཏེ། དངོས་པོ་མེད་ཅིང་གཟུགས་མིང་དུ་གྱུར ་ལས་བསྒྱུར་དུ་མེད་པ་སྟེ། དངོས་པོ་གཞན་དུ་བྱར་མེད་པའོ།། གལ་ཏེ་བསྒྱུར་དུ་མེད་ལ་རག་མྱོང་།། དངོས་པོའི་རང་བཞིན་དུ་ནི་ཡོད་པ་ཉིད་དོ་སྙམ་པ་ལ། གནས་སྐབས་ཞེས་སྨོས་ཏེ། དེའི་གནས་སྐབས་མ་སྤངས་པར་དངོས་པོ་མེད་པའི་རང་བཞིན ་དེ་དངོས་པོར་ཇི་ལྟར་འགྱུར། གལ་ཏེ་དངོས་པོ་མེད་པའི་རང་བཞིན་ལོ་ག་པ་ལ་དངོས་པོར་འགྱུར་རོ་སྙམ་པ་ལ། དངོས་འགྱུར་ཞེས་སྨོས་ཏེ། གལ་ཏེ་དངོས་པོ་མེད་པ་ཉིད་མ་གྱུར་ན་ཇི་ལྟར་དངོས་པོ་གཞན་ཉིད་དུ་འགྱུར་བར་རང་གིས ་རིག་པར་འགྱུར། དེའི་ཕྱིར་དངོས་པོ་མེད་པ་དངོས་པོ་མ་ཡིན་པས་ན། དངོས་པོ་མེད་པའི་ཚེ་ན་ནི་དངོས་པོ་ཡོད་པ་མ་ཡིན་ན། དེར་ནམ་ཞིག་དངོས་པོ་འབྱུང་བར་འགྱུར། གལ་ཏེ་མི་སྐྱེ་བའི་དངོས་པོ་འབྱུང་བར་འགྱུར ་བ་རྣམ་པར་འཇིག་པར་བྱེད་དོ་སྙམ་པ་ལ། དངོས་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེ་བ་མེད་པ་ནི་འགལ་ཟླ་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ།། གལ་ཏེ་འདི་ལྟར་དངོས་པོ་སྐྱེས་པས་དངོས་པོ་བཟློག་པར་བྱེད་དོ་སྙམ་པོ་ལ། ད་ས ་པོ་མེད་པ་ཞེས་བྱ་བ་སྨོས་ཏེ། མ་བྲལ་ན་ཞེས་བྱ་བ་ནི་མ་སྤངས་ན་དངོས་པོ་མེད་པ་ལ། དངོས་པོ་ནི་སྐྱེ་བའི་དངོས་པོའོ།། དྲི་བས་ན་སྐྱེ་བོ་འདི་དག་ཐམས་ཅད་སྐྱེ་བ་མེད་ཅིང་འགག་པ་མེད་པར་གཟུང་བར་བྱའོ།། ཡང་ཁྱད་པར་དུ་བསྟན་པའི་ཕྱིར། ་འགྲོ་བ་ཞེས་སྨོས་ཏེ། འགྲོ་བ་ནི་འགྲོ་བ་རིག་སྔོ་དྲུག་གོ།། དེ་རྣམས་རྨི་ལམ་འདྲ་བ་ནི་རྨི་ལམ་དང་མཚུངས་སོ།། དེ་ཉིད་ཀྱི་ཕྱིར་མྱ་ངན་ལས་འདས་པ་ནི་འདོད་ཚོགས་ལ་སོགས་པའི་འཆིང་བ་ལས་གྲོལ་བའོ།། ཡང་དེ་ཁོ་ན་ཉིད་དུ་ཁྱད་པར ་མོད་པ་ནི་བྱེ་བྲག་མེད་པའོ།། ཡང་ཀུན་རྫོབ་ཏུ་ནི་ཐ་དད་དུ་ཡོད་པ་ཉིད་དོ།། དེ་སྐད་དུ་ཡང་སངས་རྒྱས་རྣམས་དང་སེམས་ཅནྡོ་ཁམས།། དེས་ན་དོན་ལ་ཐ་དད་མེད།། བདག་ཉིད་དང་ནི་གཞན་དག་ཏུ།། མཱཉམ་པ་ཉིད་དུ་ཁྱོད་ཀྱིས་བཞེད།། ཅེས ་གསུངས་སོ།། འཕྲོག་པ་ནི་ཕྱིར་ཁྱེར་བའོ།། རོ་ཞིག་སྲེད་པ་ནི་ཡོད་པ་ཉིད་དོ་སྙམ་པ་ལ་དེ་ཉིད་དུ་ཞེས་སྨོས་ཏེ། ནམ་ཡང་མི་འབྱུང་ངོ་།། གསོན་པའི་འཇིག་རྟེན་ནི་སེམས་ཅན་ནོ།། མཁའ་ཞེས་པ་ནི་བརྟགས་པས་སྟོན་པའི་ཕྱིར་ན་མཁའ ་དང་འདྲའོ།། བདག་བཞིན་ཞེས་པ་ནི་བདག་དང་འདྲ་བར་བདེན་པ་མཐོང་བའོ།། འདི་ལྟར་གང་འཐབ་པ་དང་སྤྲོ་བའི་རྒྱུ་དག་གིས་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པས་སེམས་དཀྲུགས་པའི་བྱིས་པ་རྣམས་ཕྱིར་ཞི་ངབར་ཁྲུག་པར་བྱེད་པའི་འཁྲུག ་བའོ།། དགུར་བར་འགྱུར་བ་ནི་དགའ་བར་བྱེད་པའོ།། ཉོན་མོངས་པ་ནི་སེམས་ཁྲལ་ཏེ་བྲང་བརྡུང་པ་ལའི་སོགས་པའོ།། འཚེ་བ་ཞེས་པ་ནི་ཡིད་མི་བ་པའོ།། མི་རང་འཚོང་པོ་ནི་འཚང་བའི་ཕྱིར་ཉམས་པར་འགྱུར་རོའོ།། པ་སྣ་མཽ་དགེ ་བའི་ཆོས་ཀྱིས་སོ།། དེ་ནས་རྨེ་ཤི་ནས་ངན་འགྲོར་ལྟུང་བ་ནི་དམྱལ་བུ་ལ་སོགས་པར་རོ།། ཡུ་ནི་རིང་ཞེས་བྱ་བ་ནི་དུས་རིང་དུ་འབྱུང་བའོ།། མི་བཟད་ཅེས་པ་ནི་སྨན་དཀའ་བའི་སྡུག་བསྔལ་གྱིས་གཟིར་བའོ།། ཡང་སེམས་ཅན་རྣམས་ཀྱི་སྡུག་བསྔལ ་གཅིག་ནས་གཅིག་ཏུ་བརྒྱུད་པ་བསྟན་པར་བྱ་བའི་ཕྱིར། སྨོད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཡོངས་ནི་ཡང་བའི་སལཱྀ།། དེ་ནཱི་སྟེ་སྲིད་པར་རོ།། དེ་ཉིད་མིན་ཞེས་པ་ནི་རྣམ་པར་རྨོངས་པས་དཀྲུགས་པ་ཉིད་དོ།། འདི་འདྲ་ཞེས་པ་ནི་ཕན་ཚུན ་འགལ་བར་བརྗོད་མཚན་ཉིད་དེ་ཁོ་ན་ཉིད་དོ་མ་ཡིན་པ་སྟེ། དོན་དམ་པར་ཡོད་པའི་དངོས་པོ་ནི་གཅིག་གི་རང་བཞིན་ཡིན་པའི་ཕྱིར་རོ།། བྱ་བ་ཞེས་པ་ནི་འཚེ་བའི་དོན་གྱིས་བྱ་བ་ཁྲུས་དང་། སྐུ་བྱུགས་པ་ལ་སོགས་པ་དང་། ནད་མེད་པར ་བྱ་བའི་དོན་དུ་རྩུབ་པ་ཁ་ཏན་ཏེ་ཟ་བ་ལ་སོགས་པའོ།། བཀྲེས་པ་ནི་ལྟོགས་པའོ།། ནད་ནོ་ན་བའོ།། ངལ་བ་ནི་ལམ་ལ་སོགས་པའི་ཉོན་མོངས་པའོ།། གཉིད་ནི་གཉིད་ལོག་པའོ།། འཚ་བ་ནི་ཐོ་འཚིམ་པ་ལ་སོགས་པའོ།། ཚེ་འཛིན་པ་ནི ་ཚེ་སྒྲུབ་པར་བྱེད་པའོ།། མྱུར་བ་ནི་མགྱོགས་པའོ།། བདེན་པ་ནི་སྲིད་པའི་ཆགས་པ་དང་བྲལ་བའོ།། དེ་ལའང་ཞེས་པ་ནི་བདེན་པ་ཡིན་པའོ།། རྣམ་པར་གཡོངས་པ་ནི་རྒོད་པར་གྱུར་པའོ།། ག་ལཱ་སྟེ་རྗེས་སུ་འཇུག་པའོ།། དཱུར ་ཡང་དོན་མེད་པར་འགྱུར་བའོ།། ངན་འགྲོ་ཆེན་པོ་ནི་མནར་མེད་པ་ལ་སོགས་པའོ།། ལྟུང་བར་བྱེད་པ་ནི་ལྟུང་བར་འགྱུར་བའི་རྒྱུ་མཚན་ནོ།། ལོག་པའི་ལམ་ནི་བྲམ་ཟེ་ལ་སོགས་པས་བཤད་པ་རྣམས་སོ།། གསོ་བ་སྟེ་ཡང་དག་པའི་ལམ་གྱིས ་ཀྱང་ཐུབ་པར་དཀའ་བའོ།། དལ་འབྱོར་སྟེ་མི་ཁོམ་པ་བརྒྱད་ལས་རྣམ་པར་གྲོལ་བའི་གནས་སྐབས་རྙེད་པའི་དཀའ་བའོ།། ཨེ་མའོ་ཞེས་པ་ནི་སྐྱོ་བའོ།། སྡུག་བསྔལ་རྙེད་པ་ནི་གཅིག་ནས་གཅིག་ཏུ་བརྒྱུད་པའི་དཀའ་སླ་ཐོབ་པའོ།། ཀྱེ་ས་ཀྱི ་ཧུད་ཅེས་པ་ནི་སྐྱོ་ནས་ཡཱ་མཚན་དུ་གྱུར་པའོ།། རབ་ཏུ་གདུངས་པ་ནི་བཅུམ་པར་གྱུར་པའོ།། མི་མཐོང་བ་ནི་མཱི་ལྟ་བའོ།། གང་ཞེས་པ་ནི་སེམས་ཅན་ནོ།། ཚུལ་དང་མཐུན་པའི་དཔེ་བསྟན་པར་བྱ་བའི་ཕྱི་ར། དཔེར་ནཱ་ཞེས་སྨོས་ཏེ། ཁྲུས་བྱས ་ནས་ཏེ་ཁྲུས་ཇི་ལྟ་བ་བཞིན་དུ་བྱས་ནས་གང་བས་ཉེན་ནས་བདེ་བར་འདོད་པས་མེར་འཇུག་པ་ནི་ལུས་བསྲོ་བའི་དོན་དུའོ།། དེ་ལྟར་ན་སྟེ་བརྗོད་པའི་རིམ་པ་ལྟར་ན་མི་བདེ་བར་གནས་པ་སྟེ། སྡུག་བསྔལ་གྱི་མེས་ཁྱུར་མིང་བྱས་པའོ།། ཨོཾ་མྲའོ ་བདག་ཉིད་ལ་ཡོད་པར་གྱུར་པའི་བག་མེད་པ་ཡང་མ་རིག་གོ། ཞེས་བསྟན་པའི་ཕྱིར། རྒ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཆི་བ་ནི་ཤི་ནས་རྣམ་པར་ཤེས་པ་འཕོ་བ་སྟེ་ད་རུང་མ་རིག་པ་གང་ཡིན་པའོ།། རོལ་བ་ནི་གང་དེ་དག་ཉིད ་ཀྱི་ལོངས་པར་བྱེད་པའོ།། འཇིགས་པར་བྱེད་པ་ནི་སྡུག་བསྔལ་མི་བཟད་པར་སྟེར་བའི་ཕྱིར་རོ།། ཞི་བ་ནི་བདེ་བའོ།། བྱེད་པ་ནི་སྤྱོད་པར་བྱེད་པའོ།། དམིགས་པ་མེད་པར་ནི་སྦྱིན་པར་བྱ་བ་དང་སྟེར་བའོ།། སོ་སོར་འཛིན་པ་བློ་སྟེ་གསུམ་མི་དམིར ་པར་གུས་པས་བསོད་ནམས་ཀྱི་ཚོགས་སོགས་པའོ།། དམིགས་པས་ཕུང་བ་ནི་དམིགས་པར་ལྟ་བས་ཕུང་བ་སྟེ། གང་དེ་དག་རྣམས་ལ་ནམ་གྱི་ཚེ་སྟོང་པ་ཉིད་སྟོན་པར་འགྱུར་ཞེས་བྱ་བ་སྟེ། གཞན་དུ་ན་བསྟན་པར་མི་ནུས་པའི་ཕྱིར། ་ཀུན་རྫོབ་ཏུ་ཐ་སྙད་ཙམ་དུའོ།། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། ལེའུ་དགུ་པའི་དཀའ་འགྲེལ་ལོ།། ། ད་ནི་ཡོངས་སུ་བསྔོ་བ་བསྟན་པའི་ཕྱིར་བདག་གི་བྱང་ཆུབ་སྤྱོད་པ་ལ། ཞེས་བྱ་བ་ལ་སོགས་པ་སྨོས ་ཏེ། རྣམ་པར་བསམས་པ་ནི་རྣམ་པར་སྤྱད་པའོ།། དགའ་བ་ནི་ཡི་རང་བའོ།། ཉམས་པ་སྟེ། བྱི་བར་མ་གྱུར་ཅིག་ཅེས་བྱ་བའི་དོན་ཏོ།། རྒྱུན་མི་འཆད་པ་སྟེ་རྟག་ཏུའོ།། དེ་ལྟར་སྤྱིར་བརྗོད་ནས་བྱེ་བྲག་ཏུ་བརྗོད་པར་བྱ་བའི་ཕྱིར། འཇིག་རྟེན་ཞེས་སྨོས ་ཏེ། དེའི་ཚ་བའི་དམྱལ་བ་ཆེན་པོ་བརྒྱ་ད་ནི་ཡང་སོས་དང་ཐིག་ནག་དང་ངུ་འབོད་ཆེན་པོ་དང་དུ་འབོང་དང་། རབ་ཏུ་ཚ་བ་དང་། ཆི་བ་དང་བསྡུས་འཇོམས་དང་། མན་རཱ་མེད་པ་རྣམས་སོ།། གྲང་བའི་དམྱལ་བ་ཆེན་པོ་བརྒྱད་ནི། སོ་ཐ་མ་ཐམ ་དང་། ཀྱི་ཧུད་དང་། ཨ་ཆུ་ཟེར་བ་དང་། ཆུ་བུར་རྡོལ་པ་དང་། ཆུ་བུར་ཅན་དང་། ཨུཏྤལ་ལྟར་གས་པ་དང་། པདྨ་ལྟར་གས་པ་ཆེན་པོ་རྣམས་སོ།། བདེ་བ་ཅན་ཞེས་པ་ནི་སངས་རྒྱས་འོད་དཔག་ཏུ་མེད་པའི་ཞིང་ཁམས་ཏེ། དེའི་བདེ་བས ་དགའ་བར་ཤོག་ཤིག་བྱའོ།། མཚོ་ཡས་ཞེས་པ་ནི་འདུས་པའི་ཚོགས་སོ།། ཉེ་བའི་དམྱལ་བ་བསྟན་པའི་ཕྱིར། རལ་གྲི་ཞེས་བྱ་བུ་ལ་སོགས་པ་སྨོས་ཏེ། རལ་གྲིའི་རྣམ་པ་ལྟ་བུའི་ལོ་འདབ་དང་གང་ལྡན་པའི་གནས་དེ ་རལ་གྲིའི་ལོ་མའི་ནགས་ཚལ་ལོ།། དགའ་ཆེ་ལ་ནི་བརྒྱ་བྱིན་གྱི་སྐྱེད་མོས་ཚྭ་ལཱི་ལོ།། དེ་ཉིད་སྡུག་གུ་སྟེ་བདེ་བ་སྟེར་བྱེད་དོ།། གང་གཞན་གྱི་བུད་མོདདེ་ཡིད་ལ་བྱས་པ་ཙམ་གྱིས་མོ་ཁེ་དགུར་ལྡན་ཞིང་ཡིད་དུ་འོང་བའི་འདོད་ལྡན་མ་རབ་ཏུ་སྣང ་བས་ན་སྤྲུལ་པ་སྟེ། ཤལ་མ་རིའི་སྡོང་པོ་ཡང་དེའོ།། དཔག་བསམ་གྱི་ཤིང་ནི་དཔག་བས་མི་གྷཾ་སྡོང་བའོ།། འཁྱུད་པར་ཤོག་ཤིག་ཅེས་བྱའོ།། ཚེ་ལྡན་ཟློས་པ་ནི་ཆད་པ་མེད་པར་ལྡན་པའོ།། ཉམས་དགའ་བ་ནི་སྙིང་དགའ་བའོ།། སིལ ་ཕུང་ནི་མ་མར་མུར་གྱིའོ།། རིན་ཆེནྡ་ནི་བཻཌཱུཪྵ་ལ་སོགས་པའོ།། ས་བསྲེགས་ནི་ལྕགས་ཀྱི་རང་བཞིན་དུ་འབར་བ་ཅན་གྱི་ང་མྱལ་བའི་ས་བཞིའོ།། ཤེལ་གྱི་ས་གཞི་བསྟར་བ་ཞེས་བྱ་བ་ནི་ཤེལ་ལས་བྱུང་ཞིང་དེས་བརྩམས་པ་རཱི་ས ་གཞིའོ།། བསྡུས་འཇོམས་རི་བོ་ནརི་རི་ལུག་གི་རྣམ་པ་ལྟ་བུའོ།། གཞལ་སྦེད་ཁང་ནི་ལྷའི་གཞལ་ཡས་ཁང་ངོ་།། ཆུ་བོ་རབ་མེ་དེ་ནི་དམྱལ་བའི་ཆུ་བོའོ།། མེ་ནཱི་སྲེག་པར་བྱེད་པའོ།། འདྲ་བ་ནི་དྭེ་དང་མཚུངས་པའི་ཆུ་གང་ཡིན་པའོ།། བྱིང་བ ་ནི་གཏིང་དུ་ནུབ་པའོ།། ཞིག་པ་ནི་ཞིག་ཅིང་འབྲུལ་བའོ།། ལུས་ཐོབ་པ་ནི་བདག་གི་དངོས་པས་སོ།། བདེ་བས་མངོན་པར་དགའ་བ་ན་བདེ་དགའོ།། མེ་ཏོག་ནི་པདྨའོ།། ཆར་པ་ནི་འབབ་པའི་རྒྱུན་ནོ།། འབབ་པ་ནི་རབ་ཏུ་འབབ་པའོ།། ཕྱག ་ན་པདྨ་ནི་འཇིག་རྟེན་ན་དབང་ཕྱུག་གོ།། སྡུག་བསྔལ་ནི་སྡུག་ཅིང་བསྔལ་བའོ།། ཤུགས་ནི་རབ་ཏུ་འབབ་པའི་རྒྱུན་ནོ།། གྲོགས་ནི་གྲོགས་དག་གོ།། རླན་པ་ནི་པངས་པའོ།། སྤོས་དྲིས་གང་བའི་ཁང་པ་བརྩེགས་པ་ཞེས་བྱ་ནི་མཚན་ཉིད་ཀྱིས་གསུངས ་བའོ།། སྒྲིབ་པ་མེད་ཅེས་བྱ་བ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང་། བྲལ་བ་འམ་ཡང་ན་མདོ་ན་སུམ་མོ།། བྱང་ཆུབ་སེམས་དཔའི་ཚོགས་སྤྲིན་དང་འདྲ་བས་ན་མྦིན་ནོ།། བདེ་བ་ནི་དལ་གྱི་འབབ་པོའོ།། ཚིམ་པ་ནི་ཟས་སྒོམ ་གྱིས་སྷོ།། ཁྲུས་བྱས་ནིའོ་རྒྱུན་གྱིས་སོ།། ལྷ་མོ་སྒྱུ་འཕྲུལ་ནི་སྟོན་པ་སྐྱོང་བྱུད་མའོ།། བསྟན་པ་ནི་རྩོམ་པའོ།། ཐར་བར་འགྱུར་ཞེས་བྱ་བ་ལ་སེམས་ཅན་ཞེས་བྱ་བ་ཚིག་གི་ལྷག་མའོ།། བདེ་བ་ནི་བཀྲ་ཤིས་པར་བྱེད་པའོ།། ་འབད་མི་དགོས་པཾ་ནི་ཐབས་ལ་མཁས་པས་སོ་ཊཱི།། གྲུ་ཆེན་ནི་གཟིང་ས་སོ།། ཉམས་ང་ནི་བགོད་དཀའ་བའོ།། མྱོས་པ་ནི་སྨྱོས་པའོ།། རབ་མྱོས་ནི་དཔག་མཽད་པས་སྨོས་པའོ།། རྟག་ཏུ་ཞེས་པ་ནི་དུས་ཀྱི་མཐར་བརྗོད་པའོ།། ་མཛོད་ནི་ན་མཁའ་ཉིད་དོ།། དེ་དང་གང་འདྲ་བ་ནི་མཛོད་བཞིན་དུ་ཞེས་བྱ་བའོ།། རྩོད་པ་ནི་འཐབ་པའོ།། ཕོངས་པ་ནི་ཉོན་མོངས་པའོ།། གཟི་བརྗིད་ནི་ནུས་པའོ།། དཀའ་ཐུབ་ནི་ཉོན་མོ་ངེས་པའོ།། མཐོ་བ་ནི་ནོར་ལ་སོགས་པའོ།། འོད་ཟེར ་ཞེས་བྱ་བ་ནི་ཉི་ཟེར་ལ་སོགས་པའོ།། མཐུ་དང་ལྡན་པ་ནི་ནུས་པ་ཕུན་སུམ་ཚོགས་པའོ།། ནད་པ་ནི་ནང་ཡང་དག་པར་སྐྱེས་པའོ།། རྒྱས་པ་ནི་གང་བའོ།། མཐུན་པ་ནི་བསམ་པ་གཅིག་པའོ།། ལས་སུ་རུང་བ་ནི་ལེ་ལོ་མེད་པའོ།། བདེ་དང ་ལྡན་ཞེས་པ་ནི་ངེས་པར་བཟུང་བ་སྟེ། དེ་དག་ཅེས་བྱ་བ་ནི་ཚིག་གི་ལྕུག་མའོ།། སྡུག་པ་ནི་གནས་སྐབས་ན་ཡང་ཉམས་དང་ལྡན་པ་སྟེ། ལུས་བློ་ཞེས་བྱ་བ་ཚིག་གི་ལྕུག་མའོ།། དབེན་པའི་དོན་དུ་གནས་པ་ནི་དབེན་པ་ན་གནས ་པའོ།། དེའི་ཕུན་སུམ་ལྡན་པ་ནི་རྗེས་སུ་མཐུན་པར་ཆགས་པ་ཉིད། སྨིན་གྱུར་ཅིག་ནི་འབྲས་བུ་སྨིན་པར་གྱུར་ཅིག་པའོ།། བསྟན་པ་ནི་རྒྱལ་བའི་བཀའ་དེ་སྟོན་པར་བྱེད་པའི་བཅུ་ག་ལག་ལ་སོགས་པ་ཡང་ངོ་།། དགེ་བའི་བཤེས་གཉེན་ནི་བླ་མའོ།། བྱང ་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། ལེའུ་བཅུ་པའི་དཀའ་འགྲེལ་ལོ།། ། དགེ་སློང་བཻ་རོ་ཙ་ན་ཡིས།། བྱང་ཆུབ་སྤྱོད་པ་ལ་འཇུག་པ།། ཕྱོགས་ཙམ་དཀྲོལ་ལས་དག་པ་གང་།། ཐོབ་དེས་འགྲོ་རྣམས་རྒྱལ་བར་ཤོག། ་ནུབ་ཕྱོགས་རྒྱུད་དུ་འ་གྲོ་སྣུམ་པ་ཡིས་བསམ་པས་བདག་གིས་འབྲེལ་པ་འདི་བརྩམས་ཏེ། དུ་ན་རྩ་བ་རྐྱང་བའང་ཡོད་དམ་མེད་སྙམ་བདག་ནི་ཐེ་ཚོམ་གྱུར་པ་ན།། ལྟ་སྨོས་ཅི་དགོས་འགྲེལ་པ་མེད་སྙམ་དེས་ནང་རྒྱལ་སྒོ་ནས་བྱས་སོ་ཤེས།། ཐུགས ་དགོངས་མ་མ་ཛུད་དག་པའི་བློ་ཅན་རྣམས་ཀྱིས་གཞན་དག་ཅི་དགར་སེམས་ལ་རག། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ། དཔལ་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་གི་མཁས་པ་ཆེན་པོ།། དགེ་སློང་བཻ་རོ་ཙ་ན་རཀྵི ་ཏས་མཛད་པ་རྫོགས་སོ།། ། ་