| Wylie | e-texts produced with BDRC’s OCR application |
རྒྱ་གྲར་སྐད་དུ། བོ་དྷི་ཙཨཱརྱཱ་པ་ཏཱ་ར་བཉྩི་ཀཱ། བོད་སྐད་དུ། བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག ་འཚལ་ལོ།། བམ་པོ་དང་པོ།། བདེ་བར་གཤེགས་པ་ཆོས་སྐུ་དང་བཅས་རྣམས་དང་བདེ་གཤེགས་སྲས།། གཏི་མུག་ལྗོན་པ་རྩ་ནས་བཏོན་ཅིང་སྤྲོས་པ་རྣམས་བཅོམ་པ།། སྐྱེ་སོགས་སྡུག་བསྔལ་གྱིས་བཅོམ་སེམས་ཅན་ཕན་ལ་རྗེས་འཇུག་པ།། འོད་ཟེར་ཆེན ་པོས་རྒྱལ་བ་རྣམས་ལ་སྤྱི་བོས་ཕྱག་འཚལ་ཏེ།། བྱང་ཆུབ་སྤྱོད་ལ་འཇུག་པ་ཡི།། ཚིག་དོན་ཟབ་མོ་རྟོགས་བྱེད་པ།། ཚིག་དང་ངག་རྣམས་རབ་གསལ་བའི།། དཀའ་འགྲེལ་བདག་གིས་བརྩམ་པར་བྱ།། བྱང་ཆུབ་སྤྱོད་ལ་འཇུག་པའི་དོན་གང་ཡིན་ལ་ཤིན་ཏུ་བློ ་གྲོས་གསལ་བ་དང་།། གསུང་རབ་རོལ་གོམས་པས་ཞུགས་པའི་ནང་གི་བདག་ཉིད་ཅན་གྱིས་བརྗོད་ནུས་ཏེ།། དེ་ཡི་དོན་ལ་བློ་གྲོས་བླུན་བདག་སྨྲ་བར་དབང་བ་ཅི་ཞིག་དེ་ལྟ་ནའང་།། གང་ཕྱིར་དགེ་བ་གོམས་བྱས་ལེགས་པའི་འབྲས་བུར་གྱུར་པ་དེས་ན་བདག ་འཇུག་ཡིན།། ཡོན་ཏན་བག་ཆགས་ཅུང་ཟད་དང་ནི་སྤོབས་པ་དང་།། ཡོན་ཏན་གྱིས་མཛེས་བློ་གྲོས་བདག་ལ་འགའ་མེད་ཀྱང་།། དེ་ལྟ་མོད་ཀྱི་དེ་འདྲ་ལ་བདག་ཚིག་འཇུག་གང་།། བཤེས་གཉེན་དམ་པ་བསྟེན་པའི་འབྲས་བུར་གྱུར་པ་ཡིན།། འདིར ་འཕགས་པ་ཞི་བའི་ལྷ་དེ་གསུང་རབ་མཐའ་དག་གི་དོན་གྱི་དེ་ཁོ་ན་ཉིད་རྟོགས་ཤིང་། ཏིང་ངེ་འཛིན་གྱི་ཆེ་བའི་བདག་ཉིད་བརྙེས་པ། ཡང་དག་པར་རྫོགས་པའི་བྱང་ཆུབ་བཞེད་པ། སེམས་ཅན་རྣམས་ལ་ཐུགས་རྗེ་དང་ལྡན་པ། རང་གི་བདེ་བ་ལ་ལྟོས་པ་མེད་པ། ་གཞན་ལ་ཕན་པ་དང་བདེ་བ་བཞེད་པ། བྱང་ཆུབ་སེམས་དཔའི་ཡོན་ཏན་ལ་ཐུགས་གཞོལ་བ། བདག་ཉིད་ཡོན་ཏན་དེ་ལ་གོམས་པས་རོ་མཆོག་ལ་ཞུགས་ཤིང་། གཞན་དག་ལའང་ལམ་དེ་བསྟན་པའི་ཆེད་དུ་བྱང་ཆུབ་ཀྱི ་སྤྱོད་པ་ལ་འཇུག་པ་མཛད་པར་བཞེད་ནས། བདེ་གཤེགས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུངས་པ་ལ། ཚིགས་སུ་བཅད་པ་འདིས་ནི་མདོར་བསྡུས་ནས་དོན་བདུན་བསྟན་ཏེ། དཀོན་མཆོག་གསུམ་དང་མཁན་པོ་ལ་སོགས་པ ་ཕྱག་བྱ་བར་འོས་པ་རྣམས་ལ་ཕྱག་འཚལ་བ་དང་། བརྗོད་པར་བྱ་བ་དང་། དགོས་པ་དང་། དེའི་འབྲེལ་པ་བརྗོད་པ་བསྟུན་པ་དང་། རང་བཟོར་རྩོམ་པ་སྦྱང་བ་དང་། ཟློས་པའི་ཉེས་པ་སྤང་བའོ།། དེ་ལ་བདེ་གཤེགས་སྲས་བཅས་ཆོས་སྐུ་དང་ཞེས་པས་ནི ་དཀོན་མཆོག་གསུམ་བསྟན་ཏོ།། ཕྱག་འཚལ་ཏེ་ཞེས་བྱ་བས་ནི་ཕྱག་འཚལ་བའི་བྱ་བའོ།། གུས་པས་ཞེས་པས་ནི་དེ་ཉིད་ཀྱི་ཁྱད་པར་རོ།། ཕྱག་འོས་ཀུན་ལའང་ཞེས་པས་ནི་དགེ་བའི་བཤེས་གཉེན་ལ་སོགས་པ་རྣམས་ལའོ།། བདེ་གཤེགས ་སྲས་ཀྱི་སྡོམ་ལ་འཇུག་པ་ཞེས་བྱ་བས་ནི་བརྗོད་པར་བྱ་བ་བསྟན་ཏོ།། བསྟན་པར་བྱ་ཞེས་པས་ནི་དགོས་པ་བརྗོད་དོ།། འབྲེལ་པ་སྟོན་པའི་ཚིག་ནི་མེད་དེ། དེ་ནི་ཤུགས་ཉིད་ཀྱིས་རྟོགས་པར་བྱའོ།། ལུང་བཞིན་ཞེས་པ་ནི་རང་བཟོར་རྩོམ་པ་སྤོང་བའི་ཚིག་གོ།། ་མདོར་བསྡུས་ནས་ཞེས་པ་ནི་ཟློས་པ་སྤོང་བའི་ཚིག་སྟེ། འདི་ནི་བསྡུས་པའི་དོན་ཏོ།། ཡན་ལག་གི་དོན་ཡང་བརྗོད་པར་བྱ་སྟེ། བདེ་གཤེགས་ཞེས་པ་ལ། འདིར་གཤེགས་པའི་སྒྲས་ནི་སོ་སོའི་སྐྱེ་བོ་རྣམས་ལ་བཅོམ་ལྡན་འདས་རྣམ་པར་གཅོད་པ་སྟོན་ཏེ། དེ ་ས་ནི་འཁོར་བའི་ནང་ན་གནས་པའི་ཕྱིར་དང་། བཅོམ་ལྡན་འདས་ནི་འཁོར་བ་ལས་རྣམ་པར་གཤེགས་པའི་ཕྱིར་རོ།། བདེ་བའི་སྒྲ་ནི་མཛེས་པ་ལ་སོགས་པ་དོན་གསུམ་ལ་འཇུག་པས་ཁྱད་པར་འཕགས་པའི་བདེ་བར་གཤེགས་པ་ཉིད་གསུངས་སོ།། ་དེ་བས་ན་དོན་ནི་འདི་ཡིན་ཏེ། ཅི་ལྟ་བ་བཞིན་དུ་བསྔགས་པར་འགྱུར་བ་ནི་འདི་ལྟར་དབུ་མའི་དོན་རྟོགས་པས་ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་སྤངས་པར་གཤེགས་པས་བདེ་བར་གཤེགས་པ་སྟེ། འདིས་ནི་སྤངས་པ་ཕུན་སུམ་ཚོགས་པ་བསྟན་ཏོ།། ། ་ཡང་ན་བསྔགས་པ་ནི་ཆོས་ཐམས་ཅད་རང་བཞིན་མེད་པའི་དེ་ཁོ་ན་ཉིད་དུ་གཤེགས་པ་ནི་རྟོགས་པ་སྟེ་བདེ་བར་གཤེགས་པའོ།། འདིས་ནི་རྟོགས་པ་ཕུན་སུམ་ཚོགས་པ་བསྟན་ཏོ།། འདི་ཉིད་ཀྱིས་ནི་མུ་སྟེགས་ཅན་གྱི་སྟོན་པ་རྣམས་ལས་ཁྱད་པར་དུ ་འཕགས་པའང་བསྟན་པ་ཡིན་ནོ།། དེ་རྣམས་ནི་བདག་ལ་སོགས་པར་མངོན་པར་ཞེན་པའི་ལྟ་བས་མཛེས་པར་འགྲོ་བ་མེད་པའི་ཕྱིར་ཏེ། བདག་ལ་སོགས་པ་ཡང་ཚད་མས་གནོད་པའི་ཕྱིར་དང་། འཁོར་བའི་གཉེན་པོ་མ་ཡིན་པའི་ཕྱིར་མཛེས་པར ་འགྲོ་བ་མ་ཡིན་ནོ།། སླར་མི་ལྡོག་པར་གཤེགས་པ་ནི་ཡང་སྐྱེ་བ་དང་འདོད་ཆགས་ལ་སོགས་པའི་ཉེས་པ་རྣམས་ཀྱི་རྒྱུ་བར་འཛིན་པའི་ས་བོན་མ་རིག་པ་རྣམ་པ་ཐམས་ཅད་དུ་སྤངས་པས་བདེ་བར་གཤེགས་པའོ།། འདིས་ནི་རྒྱུན་ཏུ་ཞུགས་པ་དང་། ལན ་ཅིག་ཕྱིར་འོང་བ་དང་། བྱང་ཆུབ་སེམས་དཔའ་རྣམས་ལས་བཅོམ་ལྡན་འདས་ཁྱད་པར་དུ་འཕགས་པར་བསྟན་པ་ཡིན་ཏེ། དེ་རྣམས་ནི་བསྔགས་པར་གཤེགས་ཀྱང་རྒྱུ་རྣམ་པ་ཐམས་ཅད་དུ་མ་སྤངས་པའི་ཕྱིར་སླར་ལྡོག་པ་སྲིད་པའི་ཕྱིར་རོ།། མ་ལུས་པ ་ཡང་ཇི་སྲིད་དུ་བགྲོད་པར་བྱ་བར་གཤེགས་པ་སྟེ། ཉེས་པ་ཐམས་ཅད་ཀྱི་བག་ཆགས་ལུས་དང་ངག་དང་སེམས་ཀྱི་གནས་ངན་ལེན་གྱི་མཚན་ཉིད་དང་། རང་གི་རྟོགས་པའི་ལམ་སྟོན་པ་ལ་མི་གསལ་བ་སྤངས་པའི་ཕྱིར་བདེ་བར་གཤེགས ་པའོ།། དེ་དག་གིས་ནི་བཅོམ་ལྡན་འདས་རྫོགས་པར་གཤེགས་པ་ཉིད་དུ་བསྟན་ཏོ།། འདིས་ཀྱང་ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་རྣམས་ལས་བཅོམ་ལྡན་འདས་ཐུན་མོངས་མ་ཡིན་པའི་ཡོན་ཏན་དང་ལྡན་པ་ཉིད་དུ་རིག་པར་བྱའོ།། དེ་རྣམས ་རྣམས་ནི་ཉོན་མོངས་པ་ཅན་མ་ཡིན་པའི་ལུས་དང་ངག་དང་ཡིད་ཀྱི་གནས་ངན་ལེན་དང་། རང་གི་རྟོགས་པའི་ལམ་སྟོན་པ་ལ་གསལ་བ་མི་སྲིད་པའི་ཕྱིར་རོ།། དེ་ལྟ་ན་སངས་རྒྱས་ཉིད་ཡོན་ཏན་མ་ལུས་པའི་གཞི་དང་། གཞན་དག་དང་ཐུན་མོང་མ་ཡིན་ནོ་ཞེས ་བདེ་བར་གཤེགས་པའི་སྒྲས་བསྟན་ཏོ།། དེ་ལྟ་བུར་གྱུར་པའི་བདེ་བར་གཤེགས་པ་དེ་རྣམས་ལ་གུས་པས་ཏེ་མཆོག་ཏུ་དང་བས་སོ།། ཕྱག་འཚལ་ཏེ་ཞེས་པ་ནི་ཕྱག་བྱས་ཏེ་བདེ་གཤེགས་སྲས་ཀྱི་སྡོམ་ལ་འཇུག་པ་བརྗོད་པར་བྱ་ཞེས་བྱ་བ་དང་སྦྱར་རོ།། ་ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། སྲས་བཅས་ཞེས་པ་སྟེ། ཐུབ་པ་རྣམས་ཀྱི་སྲས་ཀྱང་འདིར་རབ་ཏུ་དགའ་བ་ལ་སོགས་པའི་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་ཉིད་བཟུང་ངོ་།། དེ་རྣམས་ཉིད་འདིར་དབང་བར་གྱུར་པའི་ཕྱིར་དེ་རྣམས་དང་བཅས་པའོ།། བྱེ་བྲག ་འདིས་འཕགས་པའི་དགེ་འདུན་ལ་ཕྱག་འཚལ་བ་བསྡུས་པ་ཡིན་ནོ།། བྱེ་བྲག་གཞན་གསུངས་པ་ཆོས་སྐུ་དང་བཅས་ཞེས་པ་ལོ། བཅོམ་ལྡན་འདས་ཀྱི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངོ་བོ་ཉིད་ཀྱི་ཆོས་ཀྱི་སྐུའོ།། དེ་ཉིད་ནི་རྟོགས་པནི་རང་བཞིནི་གྱི ་ཆོས་སོ།། ཡང་ན་སྐུའི་སྒྲ་ནི་ཚོགས་ཀྱི་དོན་ཏེ། སྐྱེ་བོའི་ཚོགས་དང་དཔུང་གི་ཚོགས་ཞེས་བྱ་བ་ཡིན་ནོ།། དེས་གསུང་རབ་ཀྱང་གཟུང་སྟེ། དེ་དང་བཅས་པའོ།། འདིས་ཀྱང་ཆོས་ལ་ཕྱག་འཚལ་བ་བསྡུས་པ་ཡིན་ནོ།། དེ་ལྟར་ན་འདིས་ནི་དཀོན་མཆོག་གསུམ་ལ ་ཕྱག་འཚལ་བ་ཉེ་བར་བསྟན་པ་ཡིན་ནོ།། སངས་རྒྱས་ལས་ཆོས་ལས་འཕགས་པའི་དགེ་འདུན་ཏེ་ཞེས་པའི་གོ་རིམ་མ་ཡིན་ནམ། དེ་ཅིའི་ཕྱིར་སངས་རྒྱས་ཀྱི་དེ་མ་ཐག་ཏུ་འཕགས་པའི་དགེ་འདུན་དང་། དེའི་རྗེས་ལ་ཆོས་ཞེས་གོ་རིམ་འཆོལ་བར་བསྟན ་ཅེ་ན། བདེན་ཏེ་འདིར་ཚིགས་སུ་བཅད་པ་སྦྱར་བའི་ངོར་བྱས་པའི་ཕྱིར་གོ་རིམ་འཆོལ་བར་བསྟན་པར་རིག་པར་བྱའོ།། སྦྱར་བ་ནི་བདེ་གཤེགས་ཆོས་ཀྱི་སྐུ་མངའ་སྲས་བཅས་ལ་ཕྱག་འཚལ་ཏེ་ཞེས་གོ་རིམ་ཉིད་བཞིན་བྱ་སྟེ། དེས་ན་ཉེས་པ་མེད་དོ།། ། ་ཡང་ན་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་རྟོགས་པའི་ཆོས་མངའ་པའི་ཕྱིར་རྗེས་སུ་མཐུན་པའི་ཕྱིར་ན་ཆོས་ཀྱི་སྐུ་ཡོད་པ་ཉིད་དེ། ཆོས་ཀྱི་སྐུ་དང་བཅས་པ་དེ་རྣམ་ལའང་ཕྱག་འཚལ་བ་བསྟན་པའི་དོན་དུའོ།། དེ་རྣམས་ཀྱང་ཆོས་ཉིད་རྟོགས ་པར་བདེ་བར་གཤེགས་པ་ཉིད་དུ་ངེས་པ་ཡིན་ཏེ། བདེ་བར་གཤེགས་པ་དང་འདྲ་བའི་ཕྱིར་ཆོས་ལས་སྔར་བསྟན་ཏོ།། དེས་ན་མི་རིགས་པ་ཅུང་ཟད་ཀྱང་མེད་དོ།། ཅི་འདི་རྣམས་ཁོ་ན་ལ་ཡིན་ནམ་ཞེ་ན། ཕྱག་འོས་ཀུན་ལའང་ཞེས་གསུངས་ཏེ། ་གཞན་ཕྱག་བྱ་བར་འོས་པ་མཐའ་དག་ལའང་སྟེ། སློབ་དཔོན་དང་མཁན་པོ་ལ་སོགས་པ་རྣམས་ལ་ཡང་ངོ་།། གུས་པས་ཕྱག་འཚལ་ཏེ་ཞེས་པ་ཕྱེད་སྔ་མས་བདེ་བར་གཤེགས་པ་ལ་སོགས་པ་ལ་ཕྱག་འཚལ་པ་བརྗོད་ནས། ཕྱེད་ཕྱི་མས་བརྗོད ་བར་བྱ་བ་ལ་སོགས་པ་བསྟན་པའི་ཕྱིར། བདེ་གཤེགས་སྲས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྲས་ནི་བདེ་བར་གཤེགས་པ་རྣམས་ལས་སྐྱེས་པའི་སྲས་ཏེ། རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་དོན ་ཏོ།། དེ་རྣམས་ཀྱི་སྡོམ་ལ་འཇུག་པ་ནི་བསྡམས་པར་བྱ་བ་འམ་འདིས་སྡོམ་པར་བྱེད་པས་ན་སྡོམ་པ་སྟེ། བྱང་ཆུབ་ཀྱི་སེམས་གཟུང་བ་སྔོན་དུ་སོང་བའི་བྱང་ཆུབ་སེམས་དཔའི་བསླབ་པ་ཡང་དག་པར་བླང་བ་ཡིན་ལ། དེའང་སྐབས་ཇི་ལྟ་བ་བཞིན་དུ་བརྗོད ་པར་བྱའོ།། དེ་ལ་འཇུག་པ་ནི་འཇུག་པར་བྱ་བའམ། འདིས་དེ་ལ་འཇུག་པར་བྱེད་པའི་ཕྱིར་འཇུག་པ་ནི་ལམ་སྟེ། གང་གིས་བྱང་ཆུབ་སེམས་དཔའི་གོ་འཕང་ཐོབ་པ་ན་བདེ་བར་གཤེགས་པ་ཉིད་ཐོབ་པར་འགྱུར་བ་དེ་གཞུང་འདིས་བསྟན་པར ་པར་བྱའོ་ཞེས་བྱ་བའི་དོན་ཏོ།། དེ་ལྟར་ན་འདིས་སྟོན་པར་བྱེད་པ་ཡིན་པའི་ཕྱིར་སྡོམ་ལོ་འཇུག་པ་ནི་འདིའི་བརྗོད་པར་བྱ་བ་ཡོན་ལ། འདིས་ནི་སྡོམ་ལ་འཇུག་པའི་བརྗོད་པར་བྱེད་པ་ཡིན་ནོ།། དེ་ལྟར་ན་བརྗོད་པར་བྱེད་པ་དང་བརྗོད་པར་བྱ་བའི ་མཚན་ཉིད་ཀྱི་འབྲེལ་པ་ཡང་དོན་གྱིས་བསྟན་པ་ཡིན་ལ། བསྟན་པ་ནི་རྗོད་པར་བྱེད་པའི་དགོས་པ་སྟེ། དངོས་སུ་ནི་བརྗོད་པར་བྱ་བའི་རང་གི་ངོ་བོ་རྟོགས་པ་ཉིད་དེའི་དགོས་པའོ།། བརྗོད་པར་བྱ་བའི་དགོས་པ་ཡང་ཐོས་པ་ལས་བྱུང་བ་ལ་སོགས ་པའི་ཤེས་རབ་བསྐྱེད་པའི་རིམ་པས་སྒྲིབ་པ་ཐམས་ཅད་དང་བྲལ་བའི་སངས་རྒྱས་ཉིད་ནི་དགོས་པ་མཐར་ཐུག་པ་ཡིན་ནོ།། འདི་ཡང་བདེ་གཤེགས་སྲས་ཀྱི་སྡོམ་ལ་འཇུག་པའི་སྒྲ་ཉིད་ཀྱིས་བསྡུས་པ་ཡིན་ཏེ། དེའང་གང་ཞིག་ཕན་ཡོན་བསྟན་པས་ཟུར ་གྱིས་སྟོན་པར་འགྱུར་ཏེ། མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ།། རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན་ཞེས་སྟོན་ཏོ།། དེ་ལྟར་འབྲེལ་པ་དང་། བརྗོད་པར་བྱེད་པ་དང་། དགོས་པ་རྣམས་ནི་འཇུག་པའི་ཡན་ལག་ཏུ་བསྟན་ཏེ། གཞན་དུ ་ན་བརྗོད་པར་བྱ་བ་ལ་སོགས་པ་མེད་པར་དོགས་པ་འདིར་རྟོག་པ་དང་ལྡན་པ་རྣམས་འཇུག་པར་མིའི་གྱུར་རོ།། ཁྱོད་ཀྱིས་རང་བཟོར་བརྗོད་པ་མ་ཡིན་ནམ། འདིས་སུ་ཞིག་འཛིན་པར་འགྱུར་ཞེ་ན། ལུང་བཞིན་ཞེས་གསུངས་ཏེ། ལུང་ལས་མ་འདས ་པར་བཅོམ་ལྡན་འདས་ཀྱིས་ཅི་ལྟར་གཞན་གསུང་རབ་ཏུ་བསྟན་པ་དེ་བཞིན་དུ་བདག་གིས་དེའི་དོན་ལས་མ་འདས་པར་བསྟན་པར་བྱའོ།། འདིས་ནི་ལུང་ལས་རང་བཟོར་བརྩོམ་པ་ཡོངསསུ་སྤངས་པ་ཡིན་ཏེ། འདི་ནི་ཡང་དཀའ་མ་ཡིན་ནོ་ཞེས་པའི་དོན་ཏོ།། ། ་འདིས་བདག་ཉིད་ཀྱིས་གསུང་རབ་ཀྱི་དོན་རྟོགས་པར་ཡང་ཟུར་གྱིས་བསྟན་པ་ཡིན་ཏེ། འདི་ཡང་འཇུག་པའི་ཡན་ལག་ཉིད་དོ།། གལ་ཏེ་ལུང་བཞིན་དུ་བསྟན་པར་བྱ་བ་མ་ཡིན་ནམ། དེ་ལྟ་ན་ལུང་ཉིད་ལ་དེ་འདོད་པ་རྣམས་འཇུག་པར་འགྱུར་ན། དེས་ན ་ཅི་འདིས་ཅི་ཞིག་བྱ་ཞེ་ན། མུདྲོར་བསྡུས་ནས་ཞེས་གསུངས་ཏེ། མདོར་བྱས་ནས་སོ།། གལ་ཏེ་ལུང་དུ་བསྟན་པར་གྱུར་པ་དེ་ལྔ་མོད་ཀྱིས་མདོ་སྡེ་སྣ་ཚོགས་པ་དེ་རྣམས་སུ་ཤིན་ཏུ་རྒྱས་པར་བསྟན་པའི་བཱི་ར་ལ། ཁོ་བོས་ནམ་དོར་བྱལ་ཤིང་བསྔམ ་ནས་བསྟན་པར་བྱ་བ་སྟེ་འདི་ནི་ཁྱད་པར་རོ།། འདིས་ནི་ཟློས་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ཏེ། འདི་ཡང་འཇུག་པའི་ཡན་ལག་མ་ཡིན་པ་སྤངས་པ་ཡིན་ནོ།། དེའི་ཕྱིར་འཇུག་པའི་ཡན་ལག་ཡིན་པ་རྗེད་པར་བྱ་སོགས་པ་བསྟན་པ་ནི་མི ་རིགས་པ་མ་ཡིན་ནོ།། འོ་ན་ཕྱག་འཚལ་བ་བརྗོད་པ་དོན་མེད་པ་ཡིན་ནོ་ཞེ་ན། དེའང་ལེགས་པ་ཐོབ་པ་ལ་སོགས་པའི་དོན་དུ་བརྗོད་པར་བྱེད་པ་ཡིན་ན་ཇི་ལྟར་ན་དོན་མེད་པ་ཉིད་ཡིན་འདིའི་དགོངས་པ་ནི་འདི་ཡིན་ཏེ། བདེ་བར་གཤེགས་པ ་ལ་སོགས་པ་ལ་ཕྱག་འཚལ་བ་ལས་བྱུང་བའི་བསོད་ནམས་ཀྱི་སེམས་ཀྱི་རྒྱུད་ཡང་དག་པར་བརླན་པས་སྔོན་བྱས་པའི་སྡིག་པའི་རྒྱུན་ཤིན་ཏུ་བསྲབས་པས་བགེགས་ཉེ་བར་ཞི་བ་ནི་བརྩམས་པ་ཡོངས་སུ་རྫོགས་པར་འགྱུར་བ་དང་། སྐྱེ་བོ་དམ་པ་མཐའ་དག ་སོན་པའི་ལམ་དུ་བདག་ཉིད་རྗེས་སུ་འགྲོ་བར་ཡང་བསྟན་པར་འགྱུར་བ་དང་། འདོད་པའི་ལྷ་ལ་སོགས་པ་ལ་ཕྱག་བྱས་པ་ཐོས་པ་ལས་ཡོད་པ་ཉིད་སྲིད་པ་ཡིན་ནོ་ཞེས་ཉན་པ་པོ་རྣམས་བདག་ཉིད་དང་གཞུང་ལ་ཡང་གུས་པ་སྐྱེ་བར་འགྱུར་བའོ།། འདིར་ཡང་བདེ་བར ་གཤེགས་པའི་སྒྲས་བརྗོད་པའི་བཅོམ་ལྡན་འདས་ཀྱི་ཆེ་བའི་བདག་ཉིད་ཐོས་པ་ལས་དེ་འདོད་པས་དེ་བསྐྱེད་པ་ལ་གཞོལ་བའི་ཡིད་ཀྱིས་བདེ་བར་གཤེགས་པའི་སྲས་ཀྱི་སྡོམ་པ་ལ་འཇུག་པ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་འབད་པ་དང་ལྡན་པ་དག་འདིར་འཇུག ་པར་འགྱུར་རོ།། འདི་དག་ནི་འདོད་པའི་ལྷ་ལ་སོགས་པ་ལ་ཕྱག་འཚལ་བའི་འབྲས་བུའོ།། དེས་ནི་འདི་ལྟར་གང་གིས་གང་འདོད་པ་དང་བྱེད་པར་འདོད་པ་དེ་ཉིད་བྱ་སྟེ། གཞན་མ་ཡིན་ལ་གཞན་དུ་བྱེད་ན་སྐབས་མ་ཡིན་པ་བརྗོད་པ་དང་། ཧ་ཅང་ཐལ་བར་འགྱུར ་ལ། དེའི་ཕྱིར་འདི་ཡང་སྡོམ་པ་ལ་འཇུག་པ་སྟོན་པར་མཛད་པ་དགོངས་པ་ཡིན་ན། ཅིའི་ཕྱིར་སྐབས་སུ་མ་བབ་པའི་འདོད་པའི་ལྷ་ལ་ཕྱག་འཚལ་བར་བྱེད་དེ། སྔར་བརྗོད་པའི་ཉེས་པ་གཉིས་སུ་ཐལ་བར་འགྱུར་རོ་ཞེས་གང་ཞིག་བརྗོད་པ་དེ་ཡང་བསལ་བར་གྱུར ་པ་ཡིན་ལ། དེ་མ་ཐག་ཉིད་དུ་དེ་ལ་མཁོ་བ་བསྙད་པའི་ཕྱིར་སྐབས་སུ་མ་བབ་པ་བརྗོད་པ་ནི་མ་ཡིན་ནོ།། གང་ཞིག་དེ་མ་ཐག་ཏུ་མཁོ་བོ་དེ་ནི་བརྗོད་པར་བྱ་བ་ཡིན་ཏེ། གཞན་དུ་མ་ཡིན་ནོ།། དེ་ལྟར་ན་ཧ་ཅང་ཐལ་བར་འགྱུར་བ་མེད་པའི་ཕྱིར་ཐམས ་ཅད་ལེགས་པར་གནས་པ་ཡིན་ནོ།། ཅི་སྟེ་ལུང་ལས་ལྷག་པ་མ་ཡིན་པར་མདོར་བསྡུས་ནས་བརྗོད་པར་བྱེད་པ་ཡིན་ནའང་དོན་ལ་ཁྱད་པར་མེད་པའི་ཕྱིར་ཅི་ལྟར་ན་ཁྱད་པར་དུ་འཇུག་པའི་ཡན་ལག་གི་སྒོ་ནས་འགའ་ཞིག་གིས་བླང་བར་བྱ་བར་འགྱུར། ་དེ་ལྟ་བས་ནི་འདིར་ལུང་ལས་ལྷག་པ་ཅུང་ཟད་ཀྱང་བརྗོད་པར་བྱ་བ་ཡིན་ནོ་ཞེས་དོགས་ནས། སྔོན་ཆད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ལུང་ཁས་ལྷག་པ་སྔན་ཆད་མ་བྱུང་བ་གཞན་ཅུང་ཟད་འདིར་བདག་ལ་ལྷག་པ་བརྗོད་པ་མེད་དོ།། ཡང ་ན་ནོའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཏོ།། འོ་ན་དེ་ལས་ལྷག་པར་བརྗོད་པ་མེད་ན་ཡང་འདིའི་ཚིག་གི་དོན་སྤྲོས་པོའི་ཁྱད་པར་ཅན་དུ་འགྱུར་ཏེ། དེ་ལྟ་བས་ན་ཡང་ཁྱད་པར་དུ་འགྱུར་རོ་ཞེ་ན། འདིར་སྡེབ་སྦྱོར་ཞེས་བྱ་བ་གསུངས་ཏེ། སྡེབ་སྦྱོར་ནི་དོན་དང་ཚིག ་བཀོད་པའི་ཁྱད་པར་ཡང་ཡོད་པ་ཡིན་ན། དེ་ལ་མཁས་ཤིང་བརྟགས་པ་བདག་ལ་ཡོད་པ་མ་ཡིན་ནོ།། ཡང་ན་ཡང་གི་སྒྲ་ནི་ངེས་པར་གཟུང་བའོ།། གལ་ཏེ་དེ་ལྟར་ཡིན་ན་འདི་གཞན་གྱི་དོན་ལ་མཁོ་བ་ཉིད་དུ་ཇི་ལྟར་འགྱུར་ཞེ་ན། དེ་ཕྱིར་གསུངས་ཏེ། ་གཞན་གྱི་ཐལ་བར་བརྗོད་པ་ཉིད་ལ་ཁས་ལེན་པར་བྱེད་དེ། གང་གི་ཕྱིར་སྔོན་མེད་པ་བརྗོད་པའི་ནུས་པ་བདག་ལ་མེད་ཅིང་། སྡེབ་སྦྱོར་མཁས་པ་ཡང་བདག་ལ་ཡོད་པ་མ་ཡིན་ནོ།། དེ་ཉིད་ཀྱི་ཕྱིར་གཞན་དོན་གྱི་བསམ་པ་བདག་ལ་མི་ཁོ་བ་འདི་ཡང ་ཡོད་པ་མ་ཡིན་ལ། རྣམ་པར་རྟོག་པ་ཡང་བདག་ལ་ཡོད་པ་མ་ཡིན་ཏེ། དེ་ལ་ནུས་པ་དང་བྲལ་བའི་ཕྱིར་རོ།། འོ་ན་ཅིའི་ཕྱིར་འདི་བྱེད་པའི་དོན་དུ་འབད་པར་བྱེད་ཅེ་ན། རང་གི་ཡིད་ལ་ཞེས་གསུངས་ཏེ། བདེ་བར་གཤེགས་པའི ་སྲས་ཀྱི་སྡོམ་ལ་འཇུག་པ་གོམས་པའི་རོས་གོང་ནས་གོང་དུ་བསྒོམ་པར་འདོད་པས་སོ།། འདི་ཞེས་ཏེ། རབ་ཏུ་བྱེད་པའམ། སྡོམ་པ་ལ་འཇུག་པ་བསྟན་པ་བདག་གིས་བརྩམས་ཤིང་བྱས་པའོ།། འདས་པའི་རྐྱེན་བསྟན་པ་ནི་ནང་གི་དངོས་པོ་རྫོགས ་པར་ཐུགས་ལ་བཞག་པ་ཡིན་ནོ།། རེ་ཞིག་རང་གི་དོན་དུ་གཞུང་རྩོམ་པ་ཡང་མ་མཐོང་ལ། རང་གིས་བྱས་པས་བདག་ཉིད་ལ་ཁྱད་པར་འཇོག་པའང་མ་ཡིན་ཏེ། དངོས་པོ་ལ་འདུས་བྱས་པའི་ཁྱད་པར་ཡང་བདག་ཉིད་ལ་སྔར་ཉིད་ནས་ཡོད་པའི་ཕྱིར་རོ་ཞེ ་ན། འདིར་དགེ་བ་བསྒོམ་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞུང་འདི་ཡིས་སམ་དེའི་དོན་གྱིས་སོ།། དགེ་པ་ནི་དགེ་ལེགས་ཏེ། དེ་ཡིད་ལ་བྱེད་པའོ།། བསྒོམ་ཕྱིར་ནི་བསྐྲུན་པར་བྱ་བའི་ཕྱིར་རོ།། དད་པའི་ཤུགས་འཕེལ་བར་འགྱུར་པ་ནི ་སེམས་དང་པའི་རྒྱུན་གོང་ནས་གོང་དུ་འཕེལ་བར་འགྱུར་བ་སྟེ། རྒྱུན་ཏུ་འབྱུང་བར་རབ་ཏུ་འཇུག་པ་ཡིན་ནོ།། འདིས་ནི་རང་གི་དོན་དུ་བྱེད་པ་ཉིད་དུ་ཉམས་སུ་མྱོང་བས་འདི་གྲུབ་པར་བསྟོན་ནོ།། གཞན་གྱི་ཅུང་ཟད་བྱེད་པ་ཡང་སྲིད་པ་ཡིན་ནོ་ཞེས ་བསྟན་པ། བདག་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་ཞེས་བྱ་བ་ནི་རྣམ་པ་གཞན་ཉེ་བར་བཀོད་པའོ།། རང་གི་དོན་དུ་བྱེད་པ་འདི་ནི་རེ་ཞིག་ཉམས་སུ་མྱོང་བས་གྲུབ་པ་ཡིན་ལ། གལ་ཏེ་ཡང་བདག་དང་རང་བཞིན་མཉམ་པ་གཞན་ཁ་ཅིག་གི ་གཞུང་ངམ་དོན་འདི་མཐོང་ཞིང་རྟོགས་ན་གཞན་གྱི་ངན་འད་མཐོང་ཞིང་རྟགས་ན་གཞན་གྱི་དོན་ལ་མཁོ་བའི་ཕྱིར་འདི་ཡང་དོན་བཅས་ཡིན་ཏོ།། དེའི་ཕྱིར་ཡང་གཞན་གྱི་དོན་ལ་མཁོ་བའི་ཡང་ཕྱིར་འདི་དགོས་པ་དང་བཅས་པ་ཡིན་ནོ།། འདིས་ཀྱང་ནི་གཞན ་གྱི་དོན་ལ་མཁོ་བ་ཡིན་པའི་ཕྱིར་འདི་དོན་དང་བཅས་ཤིང་དགོས་པ་དང་བཅས་པ་ཡིན་ཏེ། ཅི་ཞིག་ལྟར་ཡང་གཞན་གྱི་དོན་ལ་མཁོ་བ་སྲིད་པའི་ཕྱིར་རོ།། ཚིགས་སུ་བཅད་པ་གཉིས་པོ་འདིས་བདག་ཉིད་མངོན་པའི་ང་རྒྱལ་མེད་པ་ཉིད་དུ་བསྟན་ཏོ།། ད་ནི ་སྡོམ་པ་ལ་འཇུག་པ་བསྟན་པོ་འཛིན་དུ་གཞུག་པའི་ཕྱིར་གླེང་བསླང་བ་སྦྱར་བ། དལ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་ཁོམ་པ་བརྒྱད་སྤངས་པ་ནི་དལ་བ་འབྱོར་པའོ།། ཚོགས་པ་འདི་ནི་ཤིན་ཏུ་རྙེད་དཀའ་བ་སྟེ། ཤིན་ཏུ་དཀའ་བས་རྙེད་པར་བྱ་བ ་ཡིན་ནོ།། རྒྱ་མཚོ་ཆེན་པོའི་གཉའ་ཤིང་གི་བུ་གར་རུ་སྦལ་གྱི་མགྲིན་པ་ཆུད་པ་ལྟ་བུར་ཇི་ཞིག་ལྟར་ཐོབ་པར་བྱ་བ་ཐོབ་པ་ནི་རྙེད་པའོ།། དེ་ཡང་སྐྱེས་བུའི་དོན་སྒྲུབ་པ་སྟེ་སྐྱེས་བུའི་དོན་ནི་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་མཚན་ཉིད་དོ།། དེ་སྒྲུབ ་པ་ནི་རྫོགས་པར་བྱེད་པ་སྟེ། དེའི་ཡན་ལག་ཡིན་པའི་ཕྱིར་དེ་ནུས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། གལ་ཏེ་དེ་ལྟ་བུར་གྱུར་པ་འདི་ལ་ཕན་པ་མ་བསྒྲུབས་ན་སྟེ། རང་དང་གཞན་ལ་བདེ་བའི་རྒྱུ་མཐོ་རིས་དང་ཐར་པ་སྒྲུབ་པར་བྱེད་པ་མ་བླངས་ན་དེའི་ཚེ། ་ཕྱིས་ཏེ་སླར་ཡང་ངོ་།། འདི་ནི་དེ་བཞིན་གཤེགས་པ་འབྱུང་བ་དང་། དད་པ་དང་མི་ཁོམ་པ་བརྒྱད་སྤངས་པའི་མིའི་དངོས་པོ་ཞེས་བྱ་བ་སྟེ། འདི་ཡང་དག་འབྱོར་པ་ནི་ཕྲད་པ་དང་འདུ་བ་དང་ཚོགས་པ་ཞེས་བྱ་བའི་ཐ་ཚིག་གོ། ག་ལ་ནི་ཅི་ལྟར་ག་ལས་ཀྱང ་འབྱུང་བར་མི་འགྱུར་ཏེ། མི་ཁོམ་པའི་གནས་སྐབས་ན་ཤིན་ཏུ་རྙེད་པར་དཀའ་བའི་ཕྱིར་ན་ཆོས་རབ་ཏུ་རྣམ་པར་འབྱེད་པར་བྱ་བར་མི་ནུས་པའི་ཕྱིར་རོ་སྙམ་དུ་དགོངས་པའོ།། ཇི་སྐད་དུ། འཕགས་པ་སྡོང་པོ་བཀོད་པའི་མདོར། འཕགས་པ ་རྒྱལ་བ་དྲོད་ཀྱི་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་ལས་མི་ཁོམ་པ་བརྒྱད་ལས་ལྡོག་པ་ཡང་རྙེད་པར་དཀའ། མི་ཉིད་ཐོབ་པ་ཡང་རྙེད་པར་དཀའ། དལ་བ་ཕུན་སུམ་ཚོགས་པ་རྣམ་པར་དག་པ་ཡང་རྙེད་པར་དཀའ། སངས་རྒྱས་འབྱུང་བ་ཡང་རྙེད་པར་དཀའ། དབང་པོ་ལ ་ཚང་བ་མེད་པ་ཡང་རྙེད་པར་དཀའ། སངས་རྒྱས་ཀྱི་ཆོས་ཉན་པ་ཡང་རྙེད་པར་དཀའ། སྐྱེས་བུ་དམ་པ་དང་འགྲོགས་པ་ཡང་རྙེད་པར་དཀའ། ཡང་དག་པའི་དགེ་པའི་བཤེས་གཉེན་རྣམས་ཀྱང་རྙེད་པར་དཀའ། ཡང་དག་པའི་ཚུལ་རྗེས་སུ་བསྟན་པ་ཉེ་བར་སྦྱོར་བ་ཡང ་རྙེད་པར་དཀའ། མིའི་འཇིག་རྟེན་ན་ཡང་དག་པའི་འཚོ་བ་ཡང་རྙེད་པར་དཀའོ་ཞེས་གསུངས་སོ།། འདི་ཉིད་ལ་དགོངས་ནས་འཇིག་རྟེན་ན་ནི་མི་རྙེད་དཀའ།། སངས་རྒྱས་འབྱུང་བ་ཤིན་ཏུ་དཀའ།། དེ་བས་དང་དང་རབ་བྱུང་དང་།། གྲུབ་པའང་ཤིན་ཏུ་རྙེད་པར་དཀའ།། སེམས ་ཅན་ཀུན་ལ་རྗེས་བརྩེ་བས།། སྡུག་བསྔལ་ཐམས་ཅད་རབ་ཞིའི་ཕྱིར།། བྱང་ཆུབ་སེམས་ནི་བརྟན་པ་དག། གཅིག་ནས་གཅིག་ཏུ་དཀོན་པ་ཡིན་ཞེས་གསུངས་སོ།། ཡང་མི་ཁོམ་པ་ནི་འདི་རྣམས་ཡིན་ཏེ། དམྱལ་བ་ཡི་དགས་དུད་འགྲོ་དག། ཀླ་ཀླེ་ཆེ་རིངས་ལྷ་དང་ནི།། ་ལོག་ལྟ་སངས་རྒྱས་མི་འབྱུང་དང་།། ལྐུགས་པ་འདིར་ནི་མི་ཁོམ་བརྒྱད་ཅེས་སོ།། དེ་བས་ན་ད་ལྟ་ཉིད་དུ་བརྩོན་པར་བྱའོ།། ད་ནི་བྱང་ཆུབ་ཀྱི་སེམས་ཡོངས་སུ་བཟུང་བའི་དོན་དུ་དེ་ལ་འདོད་པ་བསྐྱེད་པའི་ཕྱིར་ཕན་ཡོན་ལ་འཇུག་པ།། ཇི་ལྟར་མཚན་མོ་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། ཅི་ལྟར་མཚན་མོའི་སྤྲིན་འདུས་པའི་དུས་སུ་སྤྲིན་རྣམས་ཀྱིས་མུན་ནག་ཤིན་ཏུ་སྟུག་པར་གྱུར་པ་ན་གློག་འགྱུ་སྐད་ཅིག་ཐང་ཅིག་ཙམ་སྣང་བར་བྱེད་དེ། དངོས་པོར་གྱུར་པ་ཅུང་ཟད་རབ་ཏུ་གསལ་བར་བྱེད་དོ།། འདིར་ཡང་དཔེ་དེ ་ཉིད་སངས་རྒྱས་མཐུ་ཡིས་ཞེས་བྱ་བ་ལ་སོགས་གསུངས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཉིད་ཕན་པ་དང་བདེ་བ་ལ་སྦྱོར་བའི་ཕྱིར་སྐལ་པ་ཅན་དང་སྐལ་པ་ཅན་མ་ཡིན་པའི་སེམས་ཅན་གྱི་རྒྱུད་ལ་གཟིགས་ཤིང་རྟག་ཏུ་བཞུགས་ཏེ། གང་གི་ཚིག་གང་དུ ་ཐབས་གང་གིས་གང་ལ་སྐལ་པ་དང་ལྡན་པ་གང་ཡིན་པ་གཟིགས་ནས། དེའི་ཚེ་དེར་ཐབས་དེས་དེ་ལ་དེ་བྱིན་གྱིས་རློབ་པར་མཛད་ཅིང་། སྐལ་བ་དང་མི་ལྡན་པའི་གནས་སྐབས་སུ་བཏང་སྙོམས་ཀྱིས་བཞུགས་སོ།། དེ་ལྟ་ན་དེ་བཞིན་གཤེགས་པའི་བྱིན་གྱིས ་བརླབས་ཀྱིས་ཅི་ཞིག་ལྟར་ན་རྙེད་པར་དཀའ་བ་འབྱུང་བའི་ཕྱིར་འཇིག་རྟེན་ཏེ། སྐྱེ་བོའི་བསོད་ནམས་ཕན་པ་དང་བདེ་བའི་རྒྱུ་དགེ་བའི་ལས་རྣམས་ལ་བློ་གྲོས་ཡུད་ཙམ་ཞིག་འབྱུང་སྟེ། དེ་ནི་དེར་མི་བརྟན་པའི་ཕྱིར་དང་། འཁོར་བ་ཐོག་མ་མེད་པར་འཇིག་རྟེན་གྱི ་ཁམས་མི་དགེ་བའི་ཕྱོགས་ཉིད་ལ་གོམས་པའི་ཕྱིར་རོ།། དེས་ཅིར་འགྱུར་ཞེ་ན། དེ་ལྟས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གིས་ཕྱིར་དེ་ལྟ་བས་ན་དགེ་བ་སྟེ། བསོད་ནམས་ཉམས་ཆུང་བ་དང་སྟོབས་དང་བྲལ་བ་ཉིད་གློག་འགྱུ་བ་དང་འདྲ་བའི་ཕྱིར་རོ།། ། ་རྟག་ཅེས་བྱ་བ་ནི་དུས་ཐམས་ཅད་ཤིན་ཏུ་ཉམ་ཆུང་བ་ཡིན་ནོ།། དེ་ལྟ་ན་གང་ལ་ཤིན་ཏུ་སྟོབས་ཆེ་བོ་ཡོད་ཅེ་ན། སྡིག་པ་སྟོབས་ཆེན་ཞེས་གསུངས་པ་ལ། སྟོབས་ཆེན་ནི་ཡང་མི་དགེ་བ་ཆེན་པོ་ཡིན་ཏེ། ཕྱིའི་སྤྲིན་རུམ་གྱི་མུན་པ་དང་འདྲ་བའི་ཕྱིར་རོ།། དེའི་མི་བཟད ་པ་ནི་ཤིན་ཏུ་འཇིགས་པར་བྱེད་པ་སྟེ། དམྱལ་བ་ལ་སོགས་པའི་སྡུག་བསྔལ་སྐྱེད་པར་བྱེད་པའི་ཕྱིར་དང་། ཐུབ་པར་དཀའ་བའི་ཕྱིར་རོ།། དེ་ལྟར་འདི་ལ་ནུས་པ་ཆེན་པོ་ཡོད་དུ་ཆུག་ཀྱང་དེ་ལྟ་ན་ཡང་དེ་ལས་གཞན་བསོད་ནམས ་སྟོབས་དང་ལྡན་པས་རྒྱལ་བར་བྱེད་པར་འགྱུར་ཏེ། དེ་ལྟར་ཡང་ཅུང་ཟད་ཀྱང་ཉམས་པ་མེད་དོ་ཞེ་ན། དེ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནུས་པ་ཆེན་པོ་དང་ལྡན་པ་དེ་ལྟ་བུ་ད་ནི་གཞན་གང་གིས་ཏེ། ཅིག་ཤོས་བསོད་ནམས་ཀྱིས་ཟིལ་གྱིས་གནོན་པར་འགྱུར ་ཞིང་རྒྱལ་བར་འགྱུར་ཏེ། གཞན་གང་གིས་ཀྱང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། ཡང་ཅིའི་ཕྱིར་འདི་ལྟར་བརྗོད་ཅེ་ན། རྫོགས་པའི་བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་ལ། རྫོགས་པའི་བྱང་ཆུབ་སྟེ་སངས་རྒྱས་ཉིད་ལ་སེམས་ཅན་ཐམས་ཅད་ཡང་དག་པར་གདོན་པའི་བསམ ་པ་དེ་ཐོབ་པར་བྱ་བའི་དོན་དུ་ལྷག་པའི་བསམ་པ་སེམས་གང་ཞིག་ཡིད་ལ་བྱེད་པ་སྟེ། གལ་ཏེ་དེ་མེད་པར་གྱུར་ནའོ།། ནུས་པ་ཆེན་པོ་ཡང་དེ་ལས་གཞན་སྟོབས་ཆེ་བས་རྒྱལ་བར་བྱེད་དེ་མཚན་མོའི་མུན་པ་ལ་ཉི་མས་བྱེད་པ་བཞིན་དུ། བྱང་ཆུབ་ཀྱི་སེམས་ལས ་གཞན་གཉེན་པོ་སྲིད་པ་ཡང་མ་ཡིན་ནོ།། དེ་ལྟ་བས་ན་དེ་གཞོམ་པའི་ཕྱིར་བྱང་ཆུབ་ཀྱི་སེམས་ཉིད་བླང་བར་བྱ་སྟེ། གཞན་ནི་མ་ཡིན་ནོ་སྙམ་དུ་དགོངས་པའོ།། བྱང་ཆུབ་ཀྱི་སེམས་བླངས་པར་བྱ་བ་ཡིན་ནོ་ཞེས་བསྐལ་པ་ཞེས་བྱ་བ་ལ་སོགས་པ་འདིས་ཀྱང་གསུངས ་ཏེ། བར་གྱི་བསྐལ་པ་གཅིག་ཀྱང་བསྐལ་པ་ཡིན་ལ། བར་གྱི་བསྐལ་པ་ཉི་ཤུ་ཡང་བསྐལ་པ་ཡིན་ཞིང་བར་གྱི་བསྐལ་པ་བརྒྱད་ཅུ་ཡང་བསྐལ་པ་ཡིན་ཏེ། དེ་ལ་ཡང་བསྐལ་པ་ཆེན་པོ་ཞེས་བརྗོད་ལ། འདི་ནི་བསྐལ་པ་ཆེན་པོ་ཉིད་དུ་གཟུང་ངོ་།། བསྐལ་པ་མང་པོ ་ཏེ་བསྐལ་པ་གྲངས་མེད་པ་དང་པོའི་ཁོངས་སུ་གཏོགས་པ་རྣམས་སོ།། རབ་དགོངས་མཛད་པ་ནི་འབད་པས་སེམས་པར་མཛད་པ་རྣམས་ཀྱིས་ཏེ། གཟིགས་པ་ནི་རྟོགས་པའོ།། ཐུབ་དབང་རྣམས་ཀྱིས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སོ།། ཕན་པའི ་དོན་ཐམས་ཅད་གྲུབ་པར་རུང་བ་ཡིན་ཏེ། དེའི་ས་བོན་དུ་གྱུར་པའི་ཕྱིར་རོ།། འདི་ཉིད་ནི་བྱང་ཆུབ་ཀྱི་སེམས་ཉིད་དོ།། ཅིའི་ཕྱིར་འདི་ཁོ་ན་ཕན་པ་ཡིན་ཞེ་ན། གང་ཕྱིར་ཞེས་གསུངས་ཏེ། གང་གི་ཕྱིར་བདེ་འཕེལ་ནི་ཕུལ་དུ་བྱུང་བ་སྟེ། སངས་རྒྱས་ཀྱི་མཚན་ཉིད་དོ།། ། ་ཚད་མེད་ནི་གཞལ་དུ་མེད་པ་ཡིན་ལ། སྐྱེ་བོའི་ཚོགས་ནི་སེམས་ཅན་གྱི་ཕུང་པོའོ།། ཐོབ་པར་བྱེད་པ་ནི་འཁོར་བའི་སྡུག་བསྔལ་གྱི་མཚོ་ལས་སྒྲོལ་བར་བྱེད་པའོ།། དེའི་ཕྱིར་ན་འདི་ཉིད་ཕན་པའོ།། ཡང་ན་གང་གི་ཕྱིར་བདེ་བ་ནི་ལྷ་དང་མིའི་བདེ་བ་ཕུན་སུམ་ཚོགས ་པའི་མཚན་ཉིད་ཡིན་ལ། འཕེལ་བ་ནི་འཕེལ་བར་གྱུར་པ་སྟེ་དོན་གྱིས་ན་བྱང་ཆུབ་ཀྱི་སེམས་ཉིད་དོ།། ཐོབ་པར་བྱེད་པ་ནི་ཤིན་ཏུ་ཚིམ་པར་བྱེད་པ་སྟེ་བྱ་བླ་བས་ཆེས་ལྷག་པར་གང་འགྱུར་བ་དེ་ལ་འཐོབ་པར་བྱེད་པ་ཞེས་བརྗོད་དེ། དཔེར་ན་ཞོ་ཡིས་བདག ་ཚིམ་པར་བྱས་སོ་ཞེས་བྱ་བ་ལྟ་སྟེ། ཞོ་ཡི་ཆེས་ལྷག་པར་བྱ་བླ་བར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ།། ཡང་ན་རྫོགས་པའི་བྱང་ཆུབ་ཀྱི་སེམས་གང་ལས་བདེ་བ་འཕེལ་བ་ཡིན་ནོ་ཞེས་བྱ་བར་སྦྱར་བར་བྱའོ།། ཅིའི་ཕྱིར་རབ་ཏུ་འཕེལ་ཞེ་ན། བདེ་བླག་ཉིད་དུ ་ཞེས་གསུངས་ཏེ། ཚེགས་མེད་པར་ཡིན་ཏེ་སྒྲ་འབལ་བ་ལ་སོགས་པའི་དཀའ་བ་ཆེན་པོ་མེད་པས་སོ།། འདི་ལྟར་ཡང་བྱང་ཆུབ་ཀྱི་སེམས་དང་སྡོམ་པ་ཉིད་བྱང་ཆུབ་སེམས་དཔའི་སྡོམ་པ་རྣམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པས་དང་མི་རྣམས་ཀྱི ་ཕུན་སུམ་ཚོགས་པ་རབ་ཏུ་འཕེལ་བ་བདེ་བླག་ཏུ་འཐོབ་ཅིང་སེམས་ཅན་རྣམས་ལ་ཆེས་ལྷག་པར་ཚིམ་པར་བྱེད་པ་ཡིན་ཏེ། དེ་ལྟར་སྐྱེ་ངལ་ཀུན་བསལ་བའི།། བྱང་སེམས་ཤིང་རྟ་ཞོན་ནས་ནི།། བདེ་ནས་བདེ་རུ་འགྲོ་བ་ལ།། སམྲ ་ཤེས་སུ་ཞིག་སྒྱིད་ལུག་འགྱུར། ཞེས་གང་འཆད་པར་འགྱུར་བའོ།། བཅོམ་ལྡན་འདས་ལ་འཕགས་པ་བྱམས་པའི་སྟོབས་ལ་སོགས་པ་སྐྱེས་པའི་རབས་རྣམས་སུ་དཀའ་བ་ཆེན་པོ་མཛད་པ་ཐོས་པ་མ་ཡིན་ནམ། དེ་ཅི་ལྟར་ན་བདེ་བླག་ཉིད་དུ་བདེ་བ་འཕེལ་བར ་བྱེད་ཅེ་ནི། ཉེས་པ་འདི་ནི་མེད་དེ་གང་གི་ཕྱིར་སྙིང་རྗེའི་བདག་ཉིད་ཅན་རྣམས་ཀྱིས་གཞན་ལ་ཕན་པ་དང་བདེ་བ་སྐྱེད་པར་བྱེད་པའི་སྡུག་བསྔལ་ནི་རང་དང་གཞན་ལ་བསྐྱེད་པར་བྱའོ།། ཕ་རོལ་སྡུག་བསྔལ་བས་སྡུག་བསྔལ་བར་གྱུར་པའི་བློ་ཅན་རྣམས་ནི ་སྡུག་བསྔལ་དེ་འདྲ་བ་ལ་བདེ་བ་ཉིད་དུ་མཐོང་བར་འགྱུར་རོ།། རང་དང་གཞན་ལ་ཕན་པའི་རྒྱུ་ཉིད་ཡིན་པ་འདིའི་ཕྱིར་ཡང་བྱང་ཆུབ་ཀྱི་སེམས་ཡོངས་སུ་བཏང་བར་མི་བྱའོ་ཞེས་བསྟན་པའི་ཕྱིར། སྲིད་པའི་སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་གསུང ་ཏེ། འཁོར་བར་གནས་པའི་དམྱལ་བ་ལ་སོགས་པའི་འགྲོ་བའི།། སྡུག་བསྔལ་བདེ་བ་མ་ཡིན་པ་མྱོང་བ་རྣམས་ཡིན་ལ་བརྒྱ་ཕྲག་ནི་མཐར་ཐུག་པ་མེད་པའི་ཚིགས་སོ།། གཞོམ་འདོད་པས་ནི་ཡོངས་སུ་འདོར་བར་འདོད་པས་ཏེ། ཉན་ཐོས་དང་རང་སངས ་རྒྱས་ཀྱི་རིགས་རྣམས་ཀྱིས་སོ།། བདག་ཉིད་འབའ་ཞིག་གི་མ་ཡིན་པར་འཇིག་རྟེན་པ་རྣམས་ཀྱི་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་ཡང་བསལ་བར་འདོད་པའི་བྲལ་བར་འདོད་པ་སྟེ། བྱང་ཆུབ་སེམས་དཔའི་རིགས་རྣམས་ཀྱིས་སོ།། གཅིག་ཏུ་རང ་དང་གཞན་གྱི་སྡུག་བསྔལ་བར་འདོད་པ་མ་ཡིན་གྱི། གཞན་ཡང་བདེ་བ་དང་སྐྱིད་པ་མང་པོ་སྟེ། དེ་རྣམས་ཀྱི་བརྒྱ་ཕྲག་ནི་ལྷ་དང་མི་རྣམས་ཀྱི་སྐྱེ་བ་འཐོབ་པ་ཉམས་སུ་མྱོང་བར་འདོད་པ་སྟེ། འཁོར་བའི་བདེ་བ་འདོད་པས་ཀྱང་ངོ་།། རྟག་ཏུ་ནི་དུས་ཐམས ་ཅད་དུའོ།། གཏང་མི་བྱ་ནི་དོར་བར་མི་བྱ་བ་སྟེ། བྱང་ཆུབ་ཀྱི་སེམས་ཁས་བླང་བར་བྱའོ་ཞེས་བྱ་བའི་དོན་ཏོ།། ཡང་ན་རྫོགས་པའི་བྱང་ཆུབ་འདོད་པ་རྣམས་ཉིད་ཀྱི་ཁྱད་པར་དག་གོ། ཡོན་ཏན་གྱི་ཁྱད་པར་འདི་ལས་ཀྱང་བྱང་ཆུབ་ཀྱི་སེམས་གཟུང་བར་བྱའོ།། ་ཞེས་བྱ་བར་འཁོར་བའི་བཙོན་ར་ཞེས་པ་ལ་སོགས་པ་གསུངས་ཏེ། འཁོར་བ་ཉིད་བཙོན་ར་ཡིན་ལ། དེར་བསྡམས་པས་ནི་འཆིང་བ་དག་སྟེ། འདིར་འདོད་ཆགས་ལ་སོགས་པ་ཉིད་ཡིན་ནོ་ཞེས་ཚིག་རྣམ་པར་སྦྱར་རོ།། དེ་ལྟ་བུའི་ཉམ་ཐག་རྣམས ་ནི་ཉོན་མོངས་པ་རྣམས་སོ།། བསྐྱེད་གྱུར་པ་ནི་དང་པོ་ཉིད་དུ་བྱང་ཆུབ་ཀྱི་སེམས་དང་སྡོམ་པ་ལེན་པས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཉིད་ནའོ།། བདེ་གཤེགས་རྣམས་ཀྱི་སྒྲས་ཞེས་བརྗོད་བྱ་ཞིང་ཞེས་པ་ནི་སངས་རྒྱས་ཀྱི་སྲས་ཞེས་བརྗོད་པར་བྱའོ།། ་སྐད་ཅིག་གིས་ཞེས་པ་ནི་སྐད་ཅིག་དེ་ཉིད་ལའོ།། འདི་འབའ་ཞིག་ནི་མ་ཡིན་ནོ་ཞེས་བྱ་བར་འཇིག་རྟེན་ལྷ་མོར་བཅས་ཞེས་པ་ལ་སོགས་པ་གསུངས་ཏེ། ལྷ་མིར་ཏེ། ལྷ་དང་མི་དང་ལྷན་ཅིག་པར་གྱུར་པ་ཡིན་ལ། གང་ལྷ་མ་ཡིན་གྱི་འཇིག་རྟེན་ལ ་སོགས་པ་དེ་རྣམས་ཀྱི་ཡང་ཕྱག་བྱར་གྱུར་པ་སྟེ། ཕྱག་བྱ་བའི་འོས་དང་བསྟོད་པར་བྱ་བའི་འོས་སུ་ཡང་གྱུར་པའོ།། གྱུར་པའི་སྒྲས་ནི་འདས་པ་གསལ་བར་བྱེད་པའི་ཕྱིར་བྱང་ཆུབ་ཀྱི་སེམས་སྐྱེས་པའི་དུས་ཉིད་ན་གྱུར་པ་ཡིན་ནོ།། ཡོན་ཏན་དང ་ཕན་ཡོན་མཐོང་བ་འདི་ལས་ཀྱང་བྱང་ཆུབ་ཀྱི་སེམས་བླང་བ་ལ་འབད་པར་བྱའོ་ཞེས་བྱ་བ་ནི། མི་གཙང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་གཙང་བའི་ལུས་འདི་ནི་མི་ལ་སོགས་པའི་ལུས་ཀྱི་རང་བཞིན་དེའི་རྒྱུ་འམ་དེའི་ངོ་བོ་ཡིན ་ཏེ། དེས་བསྐྱེད་པ་ཞེས་བྱ་བའི་དོན་ཏོ།། དེ་བླངས་ནས་ནི་བཟུང་ནས་སོ།། རྒྱལ་བ་ཉིད་རིན་ཆེན་ཏེ། རྙེད་དཀའ་བ་ཐོབ་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ།། བྱང་ཆུབ་ཀྱི་སེམས་ཀྱིས་དེའི་སྐུར་བསྒྱུར་བ་ནི་སྐྱེད་པར་བྱེད་པ་སྟེ། དེ་བཞིན་གཤེགས་པའི་སྐུར ་རྫོགས་པར་བྱེད་ཅེས་པའི་དོན་ཏོ།། ཅི་ལྟ་བུར་གྱུར་པ་ཞིག་ཡིན་ཞེ་ན། རིན་ཐབ་མེད་པ་སྟེ། གང་ལ་རིན་ཐང་མེད་པ་དེ་ལ་དེ་སྐད་ཅེས་བརྗོད་དེ། ཁམས་གསུམ་པོ་ཐམས་ཅད་ཡོན་ཏན་མཆོག་ཏུ་གྱུར་པ་དང་ལྡན་པའི་ཕྱིར་དང་། ཡོན་ཏན་གྱི་མཐའ་མི་ཤེས་པའི་ཕྱིར ་རོ།། དེ་ཉིད་ཀྱི་ཕྱིར་གསེར་འགྱུར་རྩིའི་རྣམ་པ་སྟེ། ཤིན་ཏུ་ཆེར་སྦྱར་བར་བྱེད་པའི་ཕྱིར་མཆོག་ཏུ་བསྒྱུར་བའོ།། དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་འདི་ལ་གསེར་འགྱུར་རྩིའི་རྣམ་པ་ལྟ་བུ་དང་གཞན་བྱང་ཆུབ་ཀྱི་སེམས་ཞེས་བརྗོད་དོ།། རབ་བརྟན་གཟུང་ནི་ཅི་ལྟར ་བླངས་པ་དེ་སླར་གཡོ་བ་མེད་པར་རོ།། དེ་ལྟ་བས་ན་བདག་ཉིད་རྒྱལ་བ་རིན་པོ་ཆེར་བྱེད་པར་འདོད་པས་བྱང་ཆུབ་ཀྱི་སེམས་ཀྱི་གསེར་འགྱུར་རྩི་ཆེན་པོ་ལྟ་བུར་རབ་ཏུ་བརྟན་པར་གཟུང་བར་བྱའོ།། དེ་ཡང་བྱམས་པའི་རྣམ་པར་ཐར་པ་ལས་རིགས་ཀྱི་བུ་འདི་ལྟ་སྟེ། ་དཔེར་ན། དངུལ་ཆུའི་རིགས་གསེར་དུ་སྣང་བ་ཞེས་བྱ་བ་ཡོད་དེ། དེ་སྲང་གཅིག་གིས་ཀྱང་ལྕགས་སྲང་སྟོང་གསེར་དུ་བསྒྱུར་རོ།། དངུལ་ཆུ་སྲང་གཅིག་པོ་དེ་ནི་ལྕགས་སྲང་སྟོང་པོ་དེ་ཟད་པར་བྱ་བའམ། ལྕགས་སུ་བསྒྱུར་བར་མི་ནུས་སོ།། དེ་བཞིན་དུ་ཐམས་ཅད་མཁྱེན ་པ་ཉིད་དུ་སེམས་བསྐྱེད་པའི་བཅུད་ཀྱིས་ལེན་དགེ་བའི་རྩ་བ་ཡོངས་སུ་བསྔོས་པའི་ཡེ་ཤེས་ཀྱིས་ཡོངས་སུ་བཟུང་བ་ནི་ལས་དང་ཉོན་མོངས་པའི་སྒྲིབ་པའི་ལྕགས་ཐམས་ཅད་ཟད་པར་བྱས་ཏེ། ཆོས་ཐམས་ཅད་ཐམས་ཅད་མཁྱེན་པའི་གསེར་གྱི་ཁ་དོག་ཏུ་བྱེད་ཀྱང ་ཐམས་ཅད་མཁྱེན་པ་ཉིད་བསྐྱེད་པའི་བཅུད་ཀྱིས་ལེན་གཅིག་པོ་དེ་ནི་ལས་དང་ཉོན་མོངས་པའི་ལྕགས་ཐམས་ཅད་ཀྱིས་ཀྱང་ཉོན་མོངས་པའམ་ཟད་པར་མི་ནུས་སོ་ཞེས་གསུངས་སོ།། སྲིད་པའི་འགྲོ་བ་རྣམས་སུ་འབྱོར་པ་འདོད་པ་རྣམས་ཀྱིས་ཀྱང་འདིར་ཐེ་ཚོམ་དང ་ཕྱིན་ཅི་ལོག་མི་བྱའོ།། ཞེས་ཉེ་བར་བསྟན་པའི་ཕྱིར་འགྲོ་བའི་དེད་དཔོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགྲོ་བ་ཉིད་ཚོང་རྡལ་ཏེ། ཟོང་གི་རྫས་ཉོ་བ་དང་འཚོང་པའི་གྲོང་ཁྱེར་ནི་འདིར་ཚོང་རྡལ་ཡིན་ལ། དེ་བཞིན་དུ་དགེ་བ་དང་མི་དགེ་བའི་ལས་ཀྱིས་ཟོང་གི་རྫས་ཉོ་བ་དང ་འཚོང་པའི་གནས་ནི་འགྲོ་བའི་ཚོང་རྡལ་ལོ།། དེ་རྣམས་སུ་གནས་པ་ནི་རྣམ་པར་གནས་པ་ཉིད་ཀྱི་ངང་ཚུལ་གྱི་རང་བཞིན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བརྗོད་དེ། ཀྱེ་འགྲོ་བའི་ཚོང་རྡལ་དུ་གནས་པའི་ངང་ཚུལ་ཅན་རྣམས། རིན་ཆེན་བྱང་ཆུབ་སེམས་ལེགས ་བརྟན་པར་ཟུང་ཞེས་དེ་རྣམས་ལ་འབོད་པ་ཡིན་ནོ།། བྱང་ཆུབ་ཀྱི་སེམས་ཉིད་རིན་ཆེན་ཏེ། རིན་པོ་ཆེ་ལྟ་བུའོ།། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབུལ་བའི་ངན་འགྲོ་ཞི་བར་བྱེད་པའི་རྒྱུ་ཡིན་པ་དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ཡང་ཡིན་ནོ།། དགོས ་པ་ནི་ཁྱེད་ཅག་ཚོང་བ་བཞིན་དུ་བདེ་བ་ཕུན་སུམ་ཚོགས་པ་ཐོབ་པ་དོན་དུ་གཉེར་བ་ཡིན་པས་རིན་པོ་ཆེ་འདི་ཉིད་གུས་པ་ཆེན་པོས་ཟུང་ཞིག་ཅེས་བྱ་བ་འདི་ཡིན་ནོ།། ཅིའི་ཕྱིར་ཞེ་ན། རིན་ཆེན་པས་ཞེས་ཏེ། འདི་ནི་གཏན་ཚིགས་ཀྱི་ཚིག་ཡིན་ཏེ་གང་གི་ཕྱིར་འདི ་ནི་རིན་ཐང་མེད་པ་ཐམས་ཅད་ལས་མཆོག་ཏུ་གྱུར་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པའི་རྒྱུར་གྱུར་པའི་ཕྱིར་རོ།། དེའི་ཕྱིར་འདི་ཉིད་གཟུང་བར་བྱའོ་ཞེས་བྱ་བའི་དོན་ཏོ།། འདི་ཅི་ལྟར་ཤེས་ཤེ་ན། ་ལེགས་པར་ཡོངས་སུ་བརྟགས་ན་ཞེས་གསུངས་ཏེ། ཤིན་ཏུ་ངེས་པར་བརྟགས་ཤིང་ཡང་དག་པར་གཏན་ལ་ཕབ་པ་ཞེས་བྱ་བའི་དོན་ཏོ།། གང་དག་གིས་ཞེ་ན། ཚད་མེད་བྲོས་ཏེ། ཚད་མེད་ཅིང་གཞལ་བར་མི་ནུས་པའི་བློ་དང་བློ་གྲོས་གང་ལ་ཡོད་པ་དེ་དག ་གྲིས་ཏེ། ཤེས་རབ་ཆེན་པོ་དང་ལྡན་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སོ།། དེ་དག་གིས་ཡོངས་སུ་བརྟགས་པ་ལས་འཁྲུལ་པ་མི་མངའ་བའི་ཕྱིར། ལེགས་པར་ཡོངས་སུ་བརྟགས་ན་ཞེས་པསུངས་སོ།། ཡང་ཇི་ལྟ་བུར་གྱུར ་པ་ཞིག་གིས་ཞེ་ན། འགྲོ་བའི་དེད་དཔོན་གཅིག་པུ་སྟེ། འགྲོ་བ་ན་ཐུགས་རྗེའི་དབང་དུ་གྱུར་པའི་སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་འདི་དག་ནི་དེད་དཔོན་གཅིག་པུ་ཉིད་དེ་དེ་དག་གིས་སོ།། དཔེར་ན་ཆོད་པ་རྣམས་ལ་ཕན་པ་དང ་མི་ཕན་པ་ཐོབ་པ་དང་སྤོང་བ་དག་ལ་ཕན་པར་འདོད་པ་དང་ཤེས་པ་དང་ལྡན་པའི་དེད་དཔོན་གྱིས་ཁྲིད་པར་གྱུར་ན་ངེས་བསླུ་བར་བྱེད་པ་མ་ཡིན་ནོ།། དེ་བཞིན་དུ་འདིར་ཡང་ཡིན་ནོ་སྙམ་དུ་དགོངས་པའོ།། དེའི་ཕྱིར་བྱང་ཆུབ་ཀྱི་སེམས་རིན་པ་ཆ་ར་ན ་པོ་ཆེ་རིན་ཐང་མེད་པ་བརྟན་པར་ཟུང་ཞིག་ཅེས་པའོ།། འདི་ཡང་དེ་ཉིད་དུ། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ཇི་སྲིད་དུ་ཉི་མ་དང་ཟླ་བའི་དཀྱིལ་འཁོར་གྱི་འོད་ཀྱིས་སྣང་བར་བྱེད་པ་དེ་སྲིད་དུ་ནོར་དང་འབྲུ་དང་། རིན་པོ་ཆེ་དང་། ས་ལེ་སྦྲམ་དང་། དངུལ་དང་། ་མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། གོས་དང་། ལོངས་སྤྱོད་གང་གི་རྙེད་པ་དེ་དག་ཐམས་ཅད་ཀྱིས་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོའི་རིན་དུ་མི་བཟོད་དོ།། དེ་བཞིན་དུ་ཇི་སྲིད་དུ་དུས་གསུམ་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཆོས་ཀྱི་དབྱིང ་ཀྱི་ཡུལ་སྣང་བར་མཛད་པ་དེ་སྲིད་དུ་ལྷ་དང་མིའི་དང་སེམས་ཅན་ཐམས་ཅད་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་དགེ་བའི་རྩ་བ་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ནོར་བུ་རིན ་ཆེ་ཆེན་པོ་དབང་གི་རྒྱལ་པོའི་རིན་དུ་མི་ཆོག་གོ་ཞེས་གསུངས་སོ།། མཆོག་ཏུ་ཐུན་མོང་མ་ཡིན་པ་ཕུལ་དུ་བྱུང་བ་དང་ལྡན་པའི་དཔག་བསམ་གྱི་ཤིང་ལྟ་བུ་ཆེ་བའི་བདག་ཉིད་བསྟན་པའི་ཕྱིར། དགོས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ཆུ ་ཤིང་ལན་ཅིག་འབྲས་བུ་བསྐྱེད་ནས་ཡང་འབྲས་བུ་མི་སྐྱེད་པ་དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ལས་གཞན་པའི་དགེ་བ་ཀུན་ནི་ཅུང་ཟད་མ་ཡིན་པ་ཉིད་དོ།། རྣམ་པར་སྨིན་པ་ཡོངས་སུ་སྨིན་ནོས་ཡང་འབྲས་བུ་བསྐྱོད་པའི་ནུས་པ་མེད་པ་ཡིན་ཏེ། དེ་ཙམ་ཉིད ་འདིའི་རྣམ་པར་སྨིན་པ་ཟད་པའི་ཕྱིར་དང་། རྣམ་པར་སྨིན་པ་ཡང་ལུང་དུ་བསྟན་དུ་མེད་པས་ཡང་འབྲས་བུ་དང་རྗེས་སུ་འབྲེལ་པ་མེད་པའི་ཕྱིར་རོ།། །། བམ་པོ་གཉིས་པ།། ཡང་བྱང་ཆུབ་ཀྱི་སེམས་འདིའི་ཁྱད་པར་རྟག་པར་ཡང་ཞེས་བྱ ་བ་ལ་སོགས་པ་གསུངས་ཏེ། རྟག་པར་དུས་ཐམས་ཅད་དུ་དེ་ལས་གཞན་པའི་དགེ་བ་བཞིན་དུ་ལྷ་དང་མིར་སྐྱེས་པ་རྣམས་ལ་བདེ་བ་ཕུན་སུམ་ཚོགས་པ་བྱུང་ནས་ཟད་པར་འགྱུར་བ་མ་ཡིན་ཏེ། བརྟན་པའི་རང་བཞིན་ཡིན་པའི་ཕྱིར་དང་། སྐད་ཅིག་སོ་སོ ་ལ་དགེ་བའི་ཚོགས་ཀྱི་རྒྱུན་རྣམ་པ་དུ་མས་འགེངས་པའི་ཕྱིར་རོ།། འབྱིན་པས་འཕེལ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ལྗོན་ཤིང་སྟེ། རྒྱུན་མི་འཆང་པར་བདེ་བ་ཕུན་སུམ་ཚོགས་པའི་འབྲས་བུ་འབྱིན་པའི་ཕྱིར་དང་། གོང་ནས་གོང་དུ ་དུ་ཡོན་ཏན་གཞན་དང་གཞན་གྱི་ཁྱད་པར་བསྐྱེད་པའི་ཕྱིར་རོ།། བྱང་ཆུབ་ཀྱི་སེམས་ནི་ལྗོན་ཤིང་ལྟ་བུར་དཔེར་བྱས་པ་ཡིན་ཏེ། སྐྱེས་བུ་རྟག་ཅེས་བྱ་བ་ལ་སོགས་པའི་ཚིག་བསྡུས་པ་ལྟ་བུའོ།། གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་རྒྱུན་མི་འཆད་ཅིང་ཕུལ་དུ་བྱུང་བ ་དང་ལྡན་པའི་བདེ་བ་ཕུན་སུམ་ཚོགས་པ་ཐོབ་པར་འདོད་པའི་རྟོགས་པ་དང་ལྡན་པ་རྣམས་ཀྱིས་འདི་ཉིད་གཟུང་བར་བྱའོ།། འདི་ཡང་བློ་གྲོས་མི་ཟད་པས་བསྟན་པ་ལས་བཙུན་པ་ཤཱ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོར་ཆུའི་ཐིགས་པ་ལྷུང་བ་ནི ་བསྐལ་པའི་མཐར་མ་ཐུག་གི་བར་དུ་བར་མ་དྲོར་ཡོངས་སུ་ཟད་པའམ་གཏུགས་པ་མེད་དོ།། དེ་བཞིན་དུ་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་དགེ་བའི་རྩ་བ་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་བར་མ་དོར་ཡོངས་སུ་ཟད་པའམ་གཏུགས་པ་མེད་དོ་ཞེས ་གསུངས་སོ།། ཡང་བྱང་ཆུབ་ཀྱི་སེམས་ནི་དགེ་བ་མ་ལུས་པ་འཕེལ་བར་བྱེད་པ་འབའ་ཞིག་ནི་མ་ཡིན་ཏེ། མི་དགེ་བའི་ཕྱོགས་ཟད་པར་བྱེད་པའི་རྒྱུ་ཡང་ཡིན་པར་ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཀྱིས་བསྟན་པའི་ཕྱིར།། སྡིག་པ་ཤིན་ཏུ་ཞེས་པ་ལ ་སོགས་པ་གསུངས་ཏེ། བྱང་ཆུབ་ཀྱི་སེམས་ཡོངས་སུ་བཟུང་བ་ལས་སྔར་བྱས་པའི་སྡིག་པ་མི་དགེ་བའི་ལས་རྣམས་ནི་དམྱལ་བ་ལ་སོགས་རྣམས་སུ་བཟོད་པར་དཀའ་བའི་སྡུག་བསྔལ་སྐྱེད་པར་བྱེད་པའི་ཕྱིར་མི་བཟད་པ་རྣམས་ཏེ། ཤིན་ཏུ་འཇིག ་པར་བྱེད་པའམ་ཆེན་པོ་རྣམས་སོ།། བྱང་ཆུབ་ཀྱི་སེམས་གང་ལ་བརྟེན་ནས་ཏེ། བརྟེན་པར་བྱས་པ་ནི་བསྐྱེད་པ་དང་བསྲུང་བ་དང་། སྲེལ་བ་དང་། བརྟེན་པའི་མཚན་ཉིད་ལས་སོ།། ཡུད་ཀྱིས་ནི་སྐད་ཅིག་མ་ཉིད་ལ་དེ་བསྐྱེད་པ་ཙམ་གྱིས་བསོད ་ནམས་ཀྱི་ཕུང་པོ་ཆེན་པོ་ཉེ་བར་སོགས་པའི་ཕྱིར་རོ།། སྒྲོལ་འགྱུར་བ་ནི་ངེས་པར་སྒྲོལ་བར་འགྱུར་བ་སྟེ། དེའི་མཐུས་ཟིལ་གྱིས་མནན་ཅིང་འདའ་བར་བྱེད་པས་ཞེས་བྱ་བའི་དོན་ཏོ།། ཇི་ལྟར་ཞེ་ན། དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར་ཏེ། ་དཔེར་ན་ཁ་ཅིག་གིས་གནོད་པ་ཆེན་པོ་བྱས་པ་ཡང་སྐྱེས་བུ་སྟོབས་དང་ལྡན་པ་ལ་བརྟེན་པ་ནས་སྒྲོལ་བར་འགྱུར་ཏེ། དེ་གནོད་པ་བྱས་པའི་འབྲས་བུས་འཇིགས་པ་མེད་པར་འགྱུར་བ་དེ་བཞིན་དུ་སྐབས་སུ་བབ་པ་ལ་ཡང་པོ།། བྱང་ཆུབ་ཀྱི་སེམས་དེ་ལྟ ་བུར་གྱུར་པ་དེ་ལ་མི་ཤེས་པའི་སེམས་ཅན་ཐམས་ཅད་ཤེས་རབ་དང་བྲལ་བ་རྨོངས་པའི་འགྲོ་བ་རྣམས་ཀྱིས་ཅི་ལྟར་ན་མི་བརྟེན་ཅིང་བརྟེན་པར་མི་བྱེད་ཅེས་བྱ་བའི་དོན་ཏེ་དེ་ལ་བརྟེན་པར་བྱ་བ་ཉིད་ཡིན་ནོ་སྙམ་དུ་དགོངས་པའོ།། འོད་ཡང་དེ་ཉིད་ལས་རིགས ་ཀྱི་བུ་འདི་ལྟ་སྟེ་དཔེར་ན། སྐྱེ་བུ་དཔའོ་ལ་ཡང་དག་པར་བརྟེན་པ་ན་དག་པོ་ཐམས་ཅད་ཀྱིས་མི་འཇིགས་སོ།། དེ་བཞིན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྐྱེ་བུ་དཔའོ་ལ་ཡང་དག་པར་བརྟེན་པའི་བྱང་ཆུབ་སེམས་དཔའ་ནི་ཉེས་པར་སྤྱོད་པའི་དགྲ་བོ་ཐམས ་ཅད་ཀྱིས་མི་འཇིགས་སོ་ཞེས་གསུངས་སོ།། བྱང་ཆུབ་ཀྱི་སེམས་ཀྱིས་སྡིག་པ་ཟད་པའི་དཔེ་གཞན་ཡང་། དེས་ནི་དུས་མཐའ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། དུས་མཐའ་ནི་འཇིག་པའི་དུས་སོ།། མེ་ནི་ཉི་མ་བདུན་ཤར་པ་ལས་བྱུང་བའོ།། ། ་དཔེར་ན་བསམ་གཏན་དང་པོ་དང་བཅས་པའི་འདོད་པའི་ཁམས་ཐམས་ཅད་ངེས་པར་སྲེག་སྟེ་མ་ལུས་པར་སྲེག་པ་ནི་ཇི་ལྟར་ཐལ་བ་ཡང་ལུས་པ་མེད་པ་དེ་བཞིན་དུ་སྡིག་པ་རྣམས་སོ།། ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན ་བྱང་ཆུབ་ཀྱི་སེམས་གང་གིས་ཆེན་པོ་རི་རབ་དང་མཉམ་པ་ངུ་འབོད་ཆེན་པོ་ལ་སོགས་པ་སྡུག་བསྔལ་བའི་རྣམ་པར་སྨིན་པ་རྣམས་ངེས་པར་སྲེག་པར་བྱེད་དེ། དེའི་རྣམ་པར་སྨིན་པ་ཉེ་བར་འཇོམས་པས་རྩ་བ་ནས་མེད་པར་བྱེད་དོ།། སྐད་ཅིག་གི་ཡུན ་མི་རིང་བས་སོ།། དེ་ལ་མི་ཤེས་སེམས་ཅན་རྣམས་ཀྱིས་ཅིས་མི་བརྟེན་ཞེས་སྦྱར་བར་བྱའོ།། འདི་ཡང་དེ་ཉིད་ལས་ཉེས་པར་བྱས་པ་ཐམས་ཅད་སྲེག་པར་བྱེད་པས་བསྲེག་པའི་བསྐལ་པའི་མེ་ལྟ་བུའོ།། མི་དགེ་བའི་ཆོས་ཐམས་ཅད་ནུབ་པར་བྱེད་པས ་འོག་ལྟ་བུའོ་ཞེས་གསུངས་སོ།། བཅོམ་ལྡན་འདས་ཀྱིས་ལས་བྱས་པ་ཆུད་མི་ཟ་བར་གསུངས་པ་ཡིན་ནམ།། ཇི་ལྟར་ན་འདི་སྐད་དུ་བརྗོད་ཅེ་ན། བདེན་མོད་ཀྱི་བརྗོད་པར་བྱའོ།། བྱང་ཆུབ་ཀྱི་སེམས་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་སྐད་ཅིག ་སོ་སོ་ལ་ན་མཁའི་ཁམས་ཁྱབ་པར་བྱེད་པ་ཆེན་པོའི་ནང་དུ་ཆུད་པར་གྱུར་པས་རྒྱ་མཚོར་ལན་ཚ་སྣང་གཅིག་གི་དཔེ་བཞིན་དུ་མི་མངོན་པའི་ཕྱིར་དང་། གཉེན་པོའི་ཕྱོགས་སྟོབས་དང་ལྡན་པབྲས་ཟིལ་གྱིས་གནོན་པའི་ཕྱིར་འབྲས་བུ་བསྐྱེད་པའི་ནུ ་པ་མེད་པ་དེ་བསྲེགས་པ་ཉིད་ཡིན་པས་ཉེས་པ་མེད་དོ།། ཡང་ན་མི་སྤྱད་པར་ནི་ལས་མི་ཟད་ཅེས་བྱ་བ་ནི་ཐབས་མེད་པ་ལ་དགོངས་ནས་གསུངས་པ་ཡིན་ལ། འདི་ནི་སྡིག་པ་ཐམས་ཅད་རྩ་བ་ནས་མེད་པར་བྱེད་པའི་ཐབས་ཆེན་པོ་ཡིན་ནོ།། འདི་ལྟར ་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའ་ན་མཁས་ཁྱབ་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་ཐམས་ཅད་ལས་བཏོན་ཏེ། བདེ་བ་ཕུན་སུམ་ཚོགས་པ་ཐམས་ཅད་ལ་སྦྱར་བར་བྱའོ་སྙམ་དུ་ལྷག་པའི་བསམ་པ་རྣམ་པར་སེམས་པར་བྱེད་ཅིང་སྔར ་བྱས་པའི་སྡིག་པ་ཡང་རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པས་ཟད་པར་བྱེད་དོ།། དེའི་ཚེ་བྱང་ཆུབ་ཀྱི་སེམས་ཀྱི་སྟོབས་ཉིད་ཀྱིས་དེའི་རྒྱུད་ལ་སྡིག་པ་ཇི་ལྟར་འབྱུང་ཞིང་། གང་གིས་ན་རྩོད་པའི་སྐབས་ཡོད་པར་འགྱུར་ཏེ། ཐམས་ཅད་དུ་འོཁྲུགས་པ ་མེད་དོ།། དེ་ལྟ་བས་ན། དགེ་གཞན་གང་གིས་ཟིལ་གྱིས་གནོན་པར་འགྱུར་ཞེས་གསུངས་པ་དྲི་ཡང་གསལ་བ་བྱས་པ་ཡིནོ།། ཡང་གཞན་ནི་རྣམ་པར་སྨིན་པ་མ་ངེས་པ་ལ་དགོངས་ནས་འདི་དག་ཐམས་ཅད་གསུངས་པ་ཡིན་ཏེ། རྣམ་པར་སྨིན་པ་ངེས་པ་ནི་ལས ་གང་གིས་ཀྱང་དགག་པར་མི་ནུས་པའི་ཕྱིར་རོ་ཞེས་བརྗོད་དོ།། འདི་ལྟར་ཡང་བྱང་ཆུབ་ཀྱི་སེམས་བླང་བར་བྱ་བ་ཉིད་དུ་གང་གིས་ཞེས་གསུངས་ཏེ། བྱང་ཆུབ་ཀྱི་སེམས་ཀྱི་སེམས་གང་གི་ཕན་ཡིན་ནི་ངོ་བོ་ཉིད་དུ་གྱུར་པའི་ཡོན་ཏན་ནོ།། དཔག་ཏུ ་མེད་པ་ནི་གཞལ་དུ་མེད་པའོ།། བྱམས་མགོན་ནི་བཅོམ་ལྡན་འདས་མི་འཕམ་པས་སོ།། ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། བློ་དང་ལྡན་པ་སྟེ། བྱང་ཆུབ་སེམས་དཔའོ།། བཤད་པ་ནི་གསུངས་པར་གྱུར་པའོ།། གང་ཞིག་ལ་ཞེ་ན། ནོར་བཟང་ལ་སྟེ། བྱང་ཆུབ ་སེམས་དཔའ་ནོར་བཟང་ལའོ།། དེ་ལྟར་ཡང་སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ།། འགྲོ་བ་ཐམས་ཅད་ཀྱི་དཀར་པོའི་ཆོས་རྣར་འཕེལ་བར་བྱེད་པས་ཞིང་ལྟ་བུའོ།། འཇིག་རྟེན་ཐམས ་ཅད་བརྟེན་པས་ས་ལྟ་བུའོ་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཡོངསསུ་བསྲུང་བས་ཕ་ལྟ་བུའོ་ཞེས་བྱ་བའི་བར་དུ་ཡང་བསྒྲེའོ།། དབུལ་བ་ཐམས་ཅད་ཡང་དག་པར་གཅོད་པས་རྣམ་ཐོས་ཀྱི་བུ་ལྟ་བུའོ།། དོན་ཐམས ་ཅད་ཡང་དག་པར་བསྒྲུབ་པས་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་ལྟ་བུའོ།། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་བུམ་པ་བཟང་པོ་ལྟ་བུའོ།། ཉོན་མོངས་པའི་སྒྲ་ཕམ་པར་བྱ་བ་ལ་མདུང་ཐུང་ལྟ་བུའོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར ་གསུངས་སོ།། དེ་ལ་མི་ཤེས་སེམས་ཅན་ཅིས་མི་བརྟེན་ཞེས་པ་ནི་འདིར་ཡང་སྦྱར་རོ།། ད་ནི་བྱང་ཆུབ་ཀྱི་སེམས་ཀྱི་རབ་ཏུ་དབྱི་བ་བསྟན་པའི་ཕྱིར་བྱང་ཆུབ་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཞེས་པ་ནི་ཕན་ཡོན་བསྟན་མ་ཐག་པའི་བྱང་ཆུབ་ཀྱི ་སེམས་སོ།། གཉིས་ནི་རྣམ་པ་གཉིས་ཏེ། ཞེས་བྱ་བ་ནི་གོ་བར་བྱ་བའོ།། རིགས་དང་ས་ལ་སོགས་པར་གྱུར་པས་རྣམ་པ་དུ་མ་སྲིད་ན། ཇི་ལྟར་གཉིས་ཡིན་ཞེས། མདོར་བསྡུས་ནས་ཞེས་གསུངས་ཏེ། རྣམ་པ་གཞན་ཡོད་ན་ཡང་འདི་ནི་མདོར་བསྡུས་ནས ་གཉིས་སུ་བརྗོད་དོ།། གཉིས་པོ་ཡང་གང་ཡིན་ཞེ་ན། བྱང་ཆུབ་སྨོན་པའི་སེམས་ཞེས་པ་ནི་གཅིག་ཡིན་ལ། བྱང་ཆུབ་འཇུག་པ་ཞེས་པ་ནི་གཉིས་པའོ།། བྱང་ཆུབ་ལ་སྨོན་པ་ཡིན་ཏེ། སེམས་དེ་ཉིད་དམ་དེ་ལ་སེམས་པའོ།། སེམས་གང་སྨོན་པ ་ལས་སྐྱེས་པར་གྱུར་པ་སྦྱིན་པ་ལ་སོགས་པ་ལ་འཇུག་པ་བྲལ་བ་དེ་ནི་སྨོན་པ་བྱང་ཆུབ་ཀྱི་སེམས་ཏེ། འདི་ལྟར་འག་བ་ཐམས་ཅད་བསྐྱབ་པའི་ཕྱིར་སངས་རྒྱས་སུ་གྱུར་ཅིག་ཞེས་དང་པོ་ཁོ་ནར་སྨོན་པའི་རྣམ་པའི་སེམས་ལྟ་བུའོ།། འཇུག་པ་ཉིད་ལ ་སེམས་པའམ་འཇུག་པ་ཉིད་སེམས་ཏེ། སེམས་དེའི་རང་བཞིན་ཡིན་པའི་ཕྱིར་རོ།། སེམས་སྔ་མ་སྔོན་དུ་སོང་བ་ཉིད་གང་ནས་བཟུང་སྟེ་སྡོམ་པ་ལེན་པ་སྔོན་དུ་འགྲོ་བའི་ཚོགས་རྣམས་ལ་རབ་ཏུ་འཇུག་པ་དེ་ནི་འཇུག་པ་བྱང་ཆུབ་ཀྱི་སེམས་སོ།། ། ་བསྟན་པའི་རིམ་པས་རྣམ་པ་གཉིས་ཡིན་ཏེ། དབྱེ་བ་ནི་དེ་དག་ཁོ་ནའོ་ཞེས་བྱ་བར་ཉིད་ཀྱི་སྒྲས་བསྟན་ཏོ།། ཀྱང་གི་སྒྲས་ཕན་ཚུན་བསྡུས་པ་ཡིན་ཏེ། གཉིས་ཀ་ཡང་བྱང་ཆུབ་ཀྱི་སེམས་ཡིན་པར་བསྟན་ཏོ།། དེས་ནི་སྡོ་མ་བྱང་ཆུབ་ཀྱི་སེམས ་མ་ཡིན་ནོ་སྙམ་པའི་དོགས་པ་བསལ་བ་ཡིན་ཏེ། དཔའ་བར་འགྲོ་བའི་མདོ་ལས། བཙན་ཐེབས་སུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ཡང་སངས་རྒྱས་ཀྱི་རྒྱུ་ཉིད་དུ་བསྟན་པའི་ཕྱིར་རོ།། དེ་བཞིན་དུ་སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་སེམས་ཅན་གྱི ་འཇིག་རྟེན་ན་སེམས་ཅན་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྨོན་པ་དེ་དག་ཀྱང་དཀོན་ནོ།། དེ་བས་ཀྱང་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཇུག་པའི་སེམས་ཅན་དེ་དག་ནི་ཤིན་ཏུ་དཀོན་ནོ་ཞེས་གསུངས།། ་ད་ནི་རབ་ཏུ་དབྱེ་བ་བསྟན་པ་ཉིད་དཔེས་གསལ་བར་བྱ་བའི་ཕྱིར། འགྲོ་བར་འདོད་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་སྐྱེས་བུ་འགའ་ཞིག་མངོན་པར་འདོད་པའི་ཡུལ་དུ་ཕྱིན་པར་བྱ་བའི་ཆེད་དུ་འགྲོ་བར་འདོད་པ་ནི་འགྲོ་བར་བསམས་པ ་སྟེ་འགྲོ་བ་ཉིད་མ་ཡིན་ནོ།། ཡང་གཞན་ནི་དེར་ཕྱིན་པར་འོ་བའི་ཆེད་དུ་འཇུག་པ་སྟེ་འགྲོ་བ་ཉིད་དོ།། ཇི་ལྟར་ནི་ཇི་བཞིན་དུའོ།། དེ་དག་གི་དབྱེ་བའི་ཁྱད་པར་ཤེས་པ་ནི་རྟོགས་པའོ།། དེ་བཞིན་དུ་ནི་དེ་ལྟར་རོ།། བྱང་ཆུབ་སྨོན་པ་དང་འཇུག་པའི་སེམས ་འདི་དག་གཉིས་ཀྱི་བྱེ་བྲག་ནི་དབྱེ་བ་ཡིན་ལ་ཤེས་པར་བྱ་བའི་རྟོགས་པར་བྱའོ།། མཁས་པས་ཞེས་པ་ནི་ཤེས་པས་སོ།། ཇི་ལྟར་ཞེ་ན་རིམ་བཞིན་ཏེ། སྔར་གྱིས་སྨོས་པ་བྱང་ཆུབ་ཀྱི་སེམས་བསྟན་པ་དང་། ཕྱིས་ཀྱི་འཇུག ་པའི་སེམས་ཞེས་པ་ནི་རིམ་བཞིན་ཞེས་བྱ་བའི་དོན་ཏོ།། དེ་ལ་སྨོན་པ་བྱང་ཆུབ་ཀྱི་སེམས་འདི་སྒྲུབ་པ་དང་བྲལ་ཡང་འཁོར་བར་འབྲས་བུ་ཆེན་པོ་འབྱུང་བར་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནོ་ཞེས་པ་ནི་བྱང་ཆུབ་སྨན་པའི་ཞེས་བྱ་བ་ལ་སོགས ་གསུངས་ཏེ། དེ་སྒྲུབ་པ་དང་བྲལ་བ་ཡིན་དུ་ཆུག་མོད་ཀྱི། དེ་ལྟ་ནའང་སངས་རྒྱས་ཉིད་ཀྱི་རྒྱུ་ཉིད་དུ་རེ་ཞིག་བཞག་སྟེ། དགེ་བ་གཞན་ལས་ཆེན་པོ་ཡིན་པར་རྟོག་པར་ཡང་འབྲས་བུ་འབྱིན་ཞེས་བྱ་བ་ལ་སོགས་པའི་ཁྱད་པོར་གྱིས་ཁྱད་པར་དུ་བྱོས་པའི་ཕྱིར ་རོ།། དེ་ལྟར་ཡང་བྱམས་པའི་རྣམ་པར་ཐོར་པ་ལས་རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་རྡོ་རྗེ་རིན་པོ་ཆེ་ནི་ཆག་ཀྱང་གསེར་གྱི་རྒྱན་ཁྱད་པར་དུ་འཕགས་པ་ཐམས་ཅད་ཟིལ་གྱིས་གནོན་ཅིང་རྡོ་རྗེ་རིན་པོ་ཆེའི་མིང་ཡང་མི་འདོར་ལ། དབུལ་བ་ཐམས་ཅད་ཀྱང ་རྣམ་པར་བཟློག་གོ། རིགས་ཀྱི་བུ་དེ་བཞིན་དུ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པའི་རྡོ་རྗེ་རིན་པོ་ཆེནན་ཏན་དང་བྲལ་བས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡོན་ཏན་གྱི་གསེར་གྱི་རྒྱན་ཐམས་ཅད་ཟིལ་གྱིས་གནོན་ཅིང་། བྱང་ཆུབ་སེམས་དཔའི་མིང ་ཡང་མི་འདོར་ལ། འཁོར་བའི་དབུལ་བ་ཐམས་ཅད་ཀྱང་རྣམ་པར་བཟློག་གོ།། ཞེས་གསུངས་སོ།། དེ་བས་ན་གང་གིས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་དུ་སློབ་པར་མི་ནུས་པ་དེས་ཀྱང་བྱང་ཆུབ་ཀྱི་སེམས་བསྐྱེད་པར ་བྱ་བ་ཡིན་ཏེ། འདི་ལྟར་ཐབས་ཡོངས་སུ་བཟུང་བས་འབྲས་བུ་ཆེན་པོ་ཉིད་དུ་འགྱུར་བའི་ཕྱིར་རོ།། དེ་ཡང་ཇི་སྐད་དུ། འཕགས་པ་རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་འདི་ལྟར་ཁྱོད་བྱ་བ་མང་བ། བྱེད་པ་མང་སྟེ། ཐམས་ཅད།། ་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་བསླབ་པར་མི་ནུས་ཀྱི། དེ་བས་ན་རྒྱལ་པོ་ཆེན་པོ་ཁྱོད་ཡང་དག་པརོ་རྫོགས་པའི་བྱང་ཆུབ་ལ ་འདུན་པ་དང་། དད་པ་དང་། དོན་དུ་གཉེར་བ་དང་། སྨོན་པ་འགྲོ་ཡང་རུང་། འགྲེང་ཡང་རུང་། འདུག་ཀྱང་རུང་། ཉལ་ཡང་རུང་། སད་ཀྱང་རུང་། ཟ་ཡང་རུང་། འཐུང་ཡང་རུང་། རྟག་པར་རྒྱུན་དུ་དྲན་པར་གྱིས་ལ་ཡིད་ལ་ཟུང་སྟེ། སྒོམས་ཤིག ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་དང་། སོ་སོའི་སྐྱེ་བོ་ཐམས་ཅད་དང་། བདག་གི་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་དགེ་པའི་རྩ་བ་ཐམས་ཅད་བསྡུས་ཤིང་གཞོལ་ཏེ་བརྫིས ་ལ་རྗེས་སུ་ཡི་རང་བར་གྱིས་ཤིག། རྗེ་སུ་ཡི་རང་བའི་མཆོག་གིས་རྗེས་སུ་ཡི་རང་བར་གྱིས་ཤིག། རྗེས་སུ་ཡི་རང་བས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། འཕགས་པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་མཆོད་པ་བྱ ་བར་ཕུལ་ཅིག། ཕུལ་ནས་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་གྱིས་ཤིག། དེ་ནས་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་བར་དུ་ཐོབ་པར་འགྱུར་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བ་ཉིད་གཅིག ་བཞིན་དུ་དུས་གསུམ་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ཤིག། རྒྱལ་བ་ཆེན་པ་ཁྱོད་དེ་ལྟར་ཞུགས་ན་རྒྱལ་པོ་ཡང་བྱེད་པ། རྒྱལ་བའི་བྱ་བ་ཡང་ཉམས་པར་མི་འགྱུར་ཞིང་། བྱང་ཆུབ་ཀྱི་ཚོགས་ཀྱང་ཡོངས་སུ ་རྫོགས་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་ནས། རྒྱལ་པོ་ཆེན་པོ་ཁྱོད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་དགེ་བའི་རྩ་བའི་ལུས་ཀྱི་རྣམ་པར་སྨིན་པས་ལན་དུ་མར་ལྷའི་ནང་དུ་སྐྱེས་ཤིང་། ལན་དུ་མར་མེའི་ནང་དུ་སྐྱེས་ཏེ། ལྷ་དང་མིར་ཐམས ་ཅད་དུ་སྐྱེས་པ་ན་དབང་པོ་བྱེད་པར་གྱུར་ཀྱང་ད་དུང་ཞེས་བྱ་བ་ལ་སོགས་པ་རྒྱ་ཚོར་གསུངས་པ་ཡིན་ནོ།། དེས་ན་སྤྱོད་པ་དང་བྲལ་བའི་བྱང་ཆུབ་ཀྱི་སེམས་ཀྱང་བརྙེས་པར་མི་བྱ་སྟེ། དེས་ཀྱང་འཁོར་བའི་བདེ་བ་མཐའ་ཡས་པ་བསྐྱེད་པའི་ཕྱིར་རོ།། གང་ཡང ་སྒྲུབ་པ་སྙིང་པོར་བྱེད་པའི་བྱང་ཆུབ་ཀྱི་སེམས་དེ་ནི་ཤིན་ཏུ་ཡང་འབྲས་བུ་ཆེན་པོ་ཉིད་དུ་གྲུབ་པ་ཡིན་ནོ་ཞེས་བྱ་བར་སྟོན་པ་ནི། ཇི་ལྟར་འཇུག་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་འཇུག་པའི་སེམས་ཀྱི་བསོད་ནམས་ཉིད་རྒྱུན་ཆགས་ཤིང ་བར་མེད་པའི་དགེ་བོའི་ལས་འབྱུང་ཞིང་འཇུག་པ་ལྟར་ཡང་འདི་ནི་དེ་ལྟ་མ་ཡོན་ནོ་སྙམ་དུ་དགོངས་པའོ།། འདི་ཉིད་བསོད་ནམས་རྒྱུན་ཆགས་ཉིད་ཡིན་པར་ཚོགས་སུ་བཅད་པ་གཉིས་ཀྱིས་བསྒྲུབ་པའི་ཕྱིར། གྲང་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ནས ་བཟུང་སྟེ་ཞེས་པ་ནི་གང་ནས་བརྩམས་ནས་སོ།། གང་ལ་མཐའ་སྟེ་འདི་ཙམ་ཞེས་བྱར་མེད་པ་དེ་ནི་མཐའ་ཡས་པ་སྟེ། དེ་ནི་ནམཁའི་ཁམས་ཀྱིས་ཁྱབ་པའི་སེམས་ཅན་གྱི་ཁམས་སོ།། རབ་ཏུ་གྲོལ་པོའི་ཕྱིར་ནི་རབ་ཏུ་གྲོལ་བར་བྱ་བའི་དོན་དུ་སྟེ། སྡུག་བསྔལ་ཐ ་བར་ན་གྱུར་རྒྱུ་བའི་སྒྱུམ་ཅན་དུའོ།། སམ་སྨྲ་ཡང་དག་ཟུངས་གྱུར་དྲན་བྱུ་ན་སང་དུན་པར་རྟགས་པའི་བྱུང་ཆུབ་ཀྱི་སེམས་ཡང་དག་པར་བླངས་ནས་འཇུག་པར། (། ཞན། མི་ལྡག་པའི་སེམས་སྨྲས་ཏེ། འཇུག་པ་ཉམས་པ་མང་། ་བཱ་རི་སེམས་ཀྱིས་སོ།། དེ་ནས་བཟུ་སྟེ་ཞེས་པ་ནི་དེ་དང་པོར་བྱས་ནས་སོ།། གཉི་ལག་གས་ནི་སེམས་གཉིད་ཀྱིས་ནོན་པ་ཡིན་ལ། བག་མེད་པ་ནི་རྣམ་པར་གཡེངས་པས་ཏེ། སེམས་ཀྱང་གཉིག་དང་འབྲེལ་ཏོ།། འདི་མང་ཉེ་བར་མཚོན་བཅས ་ཡིན་ཏེ་འགྲོ་བ་དང་། འགྲེང་བ་དང་། འདུག་པ་དང་། ཟ་བ་དང་། བརྒྱལ་བ་ལ་སོགས་པའི་གནས་སྐབས་ན་ཡང་ཞེས་བྱ་བ་ལ་སོགས་པར་ལྟ་བར་བྱའོ།། དུ་མ་ཞིག་ཅེས་པ་ནི་སྐད་ཅིག་སོ་སོ་ལ་རྣམ་པ་དུ་མའི་བསོད་ནམས་ཀྱི་རྒྱུན་མི་འཆད་པར་རྟག་ཏུ ་བསོད་ནམས་ཀྱི་ཤུགས་རབ་ཏུ་འབྱུང་སྟེ། ནམ་མཁའ་དང་མཉམ་པ་ནི་སྐད་ཅིག་རེ་རེ་ལ་ན་མཁའི་ཚད་ཙམ་མོ།། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་བསྒྲུབ་པ་སྙིང་པོར་གྱུར་པར་བྱའོ།། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། དེ་ལྟ་བས་ནུ་གཞོན ་ནུ་ཁྱོད་ཀྱིས་སྒྲུབ་པ་སྙིང་པོར་གྱུར་པ་ལ་བསླབ་པར་བྱ་སྟེ། ཅིའི་ཕྱིར་ཞེ་ན། གཞོན་ནུ་སྒྲུབ་པ་སྙིང་པོར་བྱེད་པ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དཀའ་བ་མ་ཡིན་ནོ་ཞེས་གསུངས་སོ།། འདི་ལ་བསོད་ནམས་རྒྱུན་མི་འཆད་པ་ཉིད་དུ་བཙོ ་སྔོན་འདས་ཀྱིས་གསུངས་སོ་ཞེས་བསྟན་པའི་ཕྱིར། འོདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། འདི་ཉིད་བསོད་ནམས་དཔག་ཏུ་མེད་པ་ཉིད་ཡིན་ཏོ།། ཉིད་ཀྱི་ནི་བདག་ཉིད་ཀྱིས་སོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་གསུངས་པ་ནི ་བཀའ་སྩལ་པར་གྱུར་པའོ།། གང་དུ་ཞེ་ན། དཔུང་བཟང་གིས་ཞུས་པ་ལས་ཏེ། དཔུང་བཟང་གིས་ཞུས་པའི་མོང་ཅན་གྱི་མདོ་སྔ་ལས།། ཇི་ལྟར་ཞེ་ན། འཐང་བ་དང་བརྟས་པ་སྟེ། རིག་པ་དང་ལྡན་པར་རོ།། གང་གི་དོན་དུ་ནན།། ་དམན་མོས་སེམས་ཅན་དོན་དུ་སྟེ། དམན་པ་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་ལའོ།། མོས་པ་ནི་དད་པའམ་འདུན་པའོ།། སེམས་ཅན་གང་ལ་དེ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེའི་དོན་དུ་འདི་ཡིན་པ་དེའི་ཕྱིར་ཏེ། དགོས་པ་དེ་ལ་གཏད ་ནས་ཞེས་བྱ་བའི་དོན་ཏོ།། འདི་ལྟར་ཡང་རིགས་མ་ངེས་པ་ཡུན་རིང་པོ་ནས་ཚོགས་ཤིན་ཏུ་མང་བ་སོགས་པར་བྱེད་པ་ལ་འཇིགས་པ་རྣམས་ཀྱིས་ཐེག་པ་ཆེན་པོ་ལ་སེམས་བཟློག་ནས་ཡུན་ཤིན་ཏུ་ཐུང་ངུས་བསོད་ནམས་ཀྱིས་ཚོགས་ཤིན་ཏུ ་ཆུང་བ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་སེམས་བསྐྱེད་པར་བྱེད་དེ། དེ་བཟློག་པའི་དོན་དུ་བཅོམ་ལྡན་འདས་ཀྱིས་འཐད་པ་གསུངསོ།། འཐད་པ་དེ་ཉིད་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་པའི་ཕྱིར། སེམས་ཅན་ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། སྔགས་སམ་སྨན་གྱི་སྐྱེ་བོ་ཉུང་ཟད་ཀྱི་ཀླད་པོའི་ནད་ཙམ་བསལ་བར་བྱའོ་སྙམ་དུ་ཡིད་ལ་བྱེད་པ་ན་དགེ་བའི་བསམ་པ་ཅན་འདི་ལེགས་པར་སྤྱད་པ་ཚད་མེད་པ་དང་ལྡན་པར་བལྟ་བར་བྱ་བ་ཡིན་ན། འགྲོ་བ་ཚོད ་མེད་པ་ལས་སེམས་ཅན་རེ་རོའི་འཁོར་བའི་སྡུག་བསྔལ་ཚད་མེད་པ་བསལ་བར་འདོད་པ་ལྟ་ཅི་སྨོས། གཞན་ཡང་སེམས་ཅན་ཐམས་ཅད་ཀྱི་ནང་དེ་བསལ་ནས་ཡོན་ཏན་ཐམས་ཅད་དང་ལྡན་པར་འདོད་པས་ན་བསོད་ནམས་ཚད་མེད་པར་འབྱུང ་བཅི་སྟེ་མི་འགྱུར། རྣམ་དབྱེ་བསྒྱུར་བས་སྦྱར་བར་བྱ་སྟེ། རྒྱུན་མི་འཆད་པར་བསོད་ནམས་ཤུགས། ན་མཁའ་མཉམ་པར་རབ་ཏུ་འབྱུང་བ་སྨོས་ཅི་དགོས་ཞེས་བྱའོ།། དེ་ལྟ་བས་ན་ཅི་ལྟར་སངས་རྒྱས་ཉིད་ཚོགས་མང་པོས་བསྩུ་བྱ་པར། ་བྱ་བ་ཡིན་པ་དེ་བཞིན་དུ་སྐད་ཅིག་མ་རེ་རེ་ལ་ཚོགས་ཀྱང་རྒྱ་ཆེ་བའི་ཕྱིར་རྒྱུའི་ཁྱད་པར་ལས་ཐེག་པ་ཆེན་པོ་འདི་ཉིད་དུ་རྙེད་པ་ཆེན་པོ་ཡིན་ནོ།། དེའི་ཕྱིར་འཇིག་པའི་གནས་མ་ཡིན་པ་ལས་སྐྲག་པས་འདི་ལ་ཕྱིར་ལྡོག་པར་མི་བྱའོ་ཞེས ་ཞེས་བསྟན་པར་འགྱུར་རོ།། གང་འདི་ནི། བྱང་ཆུབ་སེམས་ཀྱི་སྟོབས་ཉིད་ཀྱིས།། སྔོན་གྱི་སྡིག་པ་ཟད་བྱེད་ཅིང་།། བསོད་ནམས་རྒྱ་མཚོ་སྡུད་བྱེད་པསོ།། ཉན་ཐོས་རྣམ་པར་མྱུར་དུ་འགྲོ། ཞེས་འཆད་པར་འགྱུར་རོ།། དེ་ལྟར་སེམས་ཅན ་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་དུ་གང་གིས་བརྩོན་པར་བྱེད་པ་དེ་ལྟ་ལ་སོགས་པ་རྣམས་ལས་ཀྱང་ཡོན་ཏན་ཐུན་མོང་མ་ཡིན་པ་དང་ལྡན་པས་བསྔགས་པར་བྱ་བ་བསྟན་པའི་ཕྱིར། ཕ་འམ་ཞེས་བྱ་བ་ལ་སོགས་པ་གསུངས ་ཏྲེ། སུ་ལ་སྟེ་སེམས་ཅན་ལའོ།། གང་གིས་སྐྱེས་པ་སྟེ་པ་དང་། སྐྱེད་བྱེད་མ་དང་། ལྷ་ནི་ཟླ་བ་དང་ཆུ་ལྷ་ལ་སོགས་པ་རྣམས་དང་། དྲང་སྲོང་རྣམས་ནི་གནས་འཇོག་དང་། གཽ་ཏ་མོ་དང་། ཚངས་པ་ལ་ཡང་ཞེས་བྱ་བ་ནི་རིགས ་བྱེད་ཅན་ལའོ།། འདི་འདྲ་བ་ནི་ཕན་སེམས་འདི་ཡིན་ཏེ། བྱང་ཆུབ་སེམས་དཔའི་ཕན་པ་ལ་སྦྱོར་བའི་བློ་གྲོས་བཤད་མ་ཐག་པ་འདི་ལྟ་བུ་བྱུང་བ་དང་། འབྱུང་བ་ལྟ་ཞོག་སྟེ། འབྱུང་བར་ཡང་འགྱུར་རམ་ཞེས་བྱ་བ་ཡིན་ལ། འབྱུང ་ར་འ་སྣང་བ་ཡང་བྱང་ཆུབ་སེམས་པའང་སུ་གཞན་པ་གམ་མ་ས་པ། སན་ཏུ་།། མ་ས་སུ་ནཱ་ཡན་ཞེན། སེམས་པ་མང་བྱ་ལ་མགས་འསངས། དེདས་མམ་ལ་སོགས་པ ་གེ་དོད་དུ་ནི་སེངག་ཀྱི་དུ་བྱས་ནསནད་ག་མེད་དུ་ལ་ཡིད་འོ།། སྔོན་དུ་བྱ ་སྔོན་ས་པའི་གནས་སྐངས་ནས་བྱུ་པོ་མ་ཞོས་ས་ནི་ན་སྐྱེསདུ་སྐྱེ་དུས་ལ་སྐྱེ་ཤེས་གསུའཇིག་རྟེན་ས་སོས་པ་ཡངས་པ་ཡིན་། དེ་ཉིད་པ་ཡང ་པ་ཡིན་གཞན་གྱི་དོན་དུ་སྔགས་སྲིད། ཡང་ན་བཞིན་གྱི་དོན་དུ་རྨི་ལ་མ་ནུ་ཡ་ན་པ་སྲིད་ཅེས་སྦྱར་རོ།། དེ་སྣོར་བྱང་ཆུབ་སེམས་དཔའི་ཐུན་མོ་ས་ཡིད་པར་བསྟན་ནས་མཇུག་བསྡུ་བསེམས་ཅན་རིན་ཆེན་བྱ་བ་ལ་སོགས་པ ་གསུངཏེ། དེ་ལྟ་ད་དུ་གྱུར་བའི་ལས་བྱེད་པས་རྙེད་དགལ་པའི་ཕྱིར། སེམས་ཅན་ཉིད་མིན་ཆེན་གྱི་ཁྱད་པ་།། སྔན་མེད་པནི་སྔོན་ཆད་མ་བྱུང་བར།། བདི་ཞེས་པ་ནི་འདིས་ཇི་ལྟར་ང་སྐྲུན་པས་ཡོན་ཏན་ཅན་ནོ།། རྨད་ཅིག་ཅི་ལྟར་འགྲུ ་ཞེས་པས་ཅི་ལྟར་མ་མད་དུ་བྱུང་བའོ།། ཡའི་ཅིའི་ཕྱིར་འདི་ལྟར་བརྗོའི་ཅེ་ན། གཞན་དག་ཅེས་ལ་དུ་ས་ཉེ། བདག་ཉིད་ཆེན་པོ་གཞན་གྱི་དོན་དུ་སེམས་སྐྱེ་འདེ་ནི་བསྟན་པའི་རིམ་བཞིན་དུ་སེམས་ཅན་གཞན་དག་ང་གི་དོན་དུ་ཡང་མི་འབྱུང ་བའི་ཕྱིར་རོ།། འདིར་བྱང་ཆུབ་སེམས་བསྐྱེད་པའི་ཡོན་ཏན་གཞན་ཡང་བརྗོད་པར་བྱ་སྟེ། འཕགས་པ་སྡོང་པོ་བཀོད་པ་ལས། བཅོམ་ལྡན་འདས་འཕགས་པ་བྱམས་པས་འཕགས་པ་ནོར་བཟང་གི་དབང་དུ་མཛད་ནས་གསུངས་པ་དེ་ཡང་བསྟན ་བཙོས་མཛད་པ་ཉིད་ཀྱིས་བསླབ་པ་ཀུན་ལས་བཏུས་པར་ཤིན་ཏུ་རྒྱས་པར་བསྟན་པས་དེ་ཉིད་དུ་ཤེས་པར་བྱའོ།། ཡང་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་བསྟན་པའི་སྒོ་ནས་བྱང་ཆུབ་སེམས་དཔའི་བསོད་ནམས་ཚད་མེད་པའི་བསོད ་ནམས་ཉིད་འགྲོ་བ་ཀུན་ཏུ་དགའ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་ཐམས་ཅད་ཀྱི་དགའ་བ་ཀུན་གྱི་རྒྱུ་ལྷ་ལ་སོགས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྒྱུ་རིན་ཆེན་སེམས་ཏེ། བྱང་ཆུབ་ཀྱི་སེམས་ཀྱི་བསོད་ནམས ་གང་ཡིན་པ་དེ་ནི་ཇི་ལྟར་གཞལ་གྱིས་ལ་ངོས་ཏེ། རྣམ་པ་གང་གིས་འགྲང་བར་ནུས་ཏེ། འདི་ཤིན་ཏུ་རྒྱ་ཆེ་བས་གཞལ་བར་མི་ནུས་པའི་ཕྱིར་རོ།། འདི་ནི་འཕགས་པ་དཔལ་སྦྱིན་གྱིས་ཞུས་པ་ལས།། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་།། དེ་ལ ་གལ་ཏེ་གཟུགས་མཆིས་ན།། ན་མཁའི་ཁམས་ནི་ཀུན་གང་སྟེ།། དེ་བས་ཀྱང་ནི་ལྷག་པར་འགྱུར།། ཞེས་གསུངས་སོ།། སྤྱིར་བསྟན་དུ་ཟིན་ཀྱང་དེ་ལྟ་ནའང་འཇུག་པའི་སེམས་ཀྱི་ཡིན་པར་བལྟ་བར་བྱ་སྟེ། དེ་ཉིད་ཀྱི་སྐབས་ཡིན་པའི་ཕྱིར་རོ།། ། ་ཡང་དེ་ཉིད་ཀྱི་ཁྱད་པར་སེམས་ཅན་ཞེས་བྱ་བ་ལ་སེམས་ཅན་སྡུག་བསྔལ་རྩིར་གྱུར་པའི་སྲོག་ཆགས་ཐམས་ཅད་ཀྱི་ལུས་དང་སེམས་ལས་བྱུང་བའི་སྡུག་བསྔལ་ཐམས་ཅད་ལྡོག་པར་བྱེད་པ་ཡིན་པས་ནད་ཐམས་ཅད་འཇོམས་པའི་སྨན ་ཆེན་པོའི་རང་བཞིན་ཡིན་པའི་ཕྱིར་རོ།། དེའི་ཕྱིར་འདིས་བྱང་ཆུབ་ཀྱི་སེམས་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་རྒྱུ་ཡིན་པར་བསྟན་ཏོ།། དེ་བས་ན་འདིའི་བསོད་ནམས་བགྲང་དུ་མེད་པར་རིགས་པ་ཉིད ་དོ་ཞེས་བསྟན་པ་ཡིན་ནོ།། ཡང་འདི་ཅི་ལྟར་རིགས་པ་ཡིན་སྙམ་དུ་དོགས་པ་ལ། དེ་བསྟན་པའི་ཕྱིར་ཕན་པར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགྲོ་བ་ཐམས་ཅད་བསྐྱབ་པའི་ཕྱིར་སངས་རྒྱས་སུ་གྱུར་ཅིག་ཅེས་ལྷག་པའི་བསམ ་པས་སྨོན་ཅིང་འདོད་པ་འབའ་ཞིག་སྒྲུབ་པ་དང་བྲལ་བའི་བྱང་ཆུབ་ཀྱི་སེམས་ལས། བསོད་ནམས་གོང་ཞིག་འབྱུང་བ་སྟེ།། སངས་རྒྱས་མཆོད་ལས་ཁྱད་པར་འཕགས།། ཞེས་བྱ་བའི་དོན་ཏེ། དེ་ལྟར་བསོད་ནམས་ཀྱི་ཕུང་པོ་སྐྱེ་བའི་རྒྱུ ་ཡིན་པར་ལུང་ལས་འབྱུང་བ་ཉིད་དོ།། དེ་ལྟར་བྱང་ཆུབ་ཀྱི་སེམས་དང་པོའི་ཆེ་བའི་བདག་ཉིད་བསྟན་པ་ཡིན་ནོ།། འདི་ཡང་དེ་ཉིད་དུ། གང་གཱའི་བྱེ་མའི་གྲངས་སྙེད་ཀྱི།། སངས་རྒྱས་ཞིང་ནི་མི་གང་གིས།། རིན་ཆེན་བདུན་གྱིས་བཀང ་བྱས་ཏེ།། འཇིག་རྟེན་མགོན་ལ་ཕུལ་བ་བས།། གང་གིས་ཐལ་མོ་སྦྱར་བྱས་ཏེ།། བྱང་ཆུབ་ཏུ་ནི་སེམས་བསྐྱེད་ན།། གང་ལ་མཐའ་ནི་མ་མཆིས་པོའི།། མཆོད་པ་འདི་ནི་ཁྱད་པར་འཕགས།། ཞེས་སོ།། སྡུག་བསྔལ་བའི་སྐྱེ་བོ་ཐམས་ཅད་ཀྱི ་སྡུག་བསྔལ་ཐམས་ཅད་བསལ་ནས་བདེ་བ་ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྗོན་པར་བྱའོ་ཞེས་འདི་ལྟར་བརྩོན་པ་བྱེད་པ་ལ་བསོད་ནམས་ཁྱད་པར་ཅན་དུ་ཅིའི་ཕྱིར་མི་འགྱུར། ཕན་པ་དང་ཕན་པ་འཐོབ་པ་དང་། སྤོང་བ་དག་སེམས ་ཅན་རང་ཉིད་མཁས་པ་མ་ཡིན་ནམ། བརྩོན་པ་དེ་གང་དུ་དགོས་ཞེ་ན། ཚིགས་སུ་བཅད་པ་གསུམ་གྱིས་ལན་བསྟན་པའི་ཕྱིར། སྡུག་བསྔལ་ཞེས་པ་ལ་སོགས་པ་གསུངས་ཏེ། སྡུག་བསྔལ་ལས་བྲལ་བར་འདོད་པ་རྣམས་སྲོག་གཅོད་པ་ལ་སོགས། ་པ་མི་དགེ་བའི་ལས་རྣམས་ཀྱི་བཀྲེས་པ་ལ་སོགས་པའི་སྡུག་བསྔལ་ཕྱིར་འཆིས་པར་འདོད་པ་དག་དམྱལ་བ་ལ་སོགས་པའི་གི་ཡང་སའི་སྡུག་བསྔལ་ཉིད་མྱོང་བའི་རང་བཞིན་ལ་མངོན་པར་རྒྱུག་གོ།། དེ་ཉིད་ལ་ཕྱོགས་ཤིང་འཇུག་པ་ཡིན་ཏེ། ་ཕྱེ་མ་ལེབ་མར་མེའི་རྩེ་མོ་ལ་མཆོད་པ་བཞིན་དུ་སྡུག་བསྔལ་ཉིད་ལ་རབ་ཏུ་འཇུག་གོ་ཞེས་བྱ་བའི་དོན་ཏོ།། དེ་ཉིད་ཀྱི་ཕྱིར་བདེ་བ་འདོད་པ་ཉིད་ནི་བདེ་བ་མངོན་པར་འདོད་པ་ཉིད་རང་གི་བདེ་བ་དགྲ་ལྟར་འཇམས་སོ།། རང་གི་བདེ་བ་གཞོམ་པའི ་ཕྱིར་རང་ཉིད་དགྲ་ལྟ་བུར་འགྱུར་བ་ཅི་ལྟ་བུ་ཞེ་ན། གཏི་མུག་པས་ཞེས་པ་སྟེ། ཕྱིན་ཅི་ལོག་གི་དབང་དུ་གྱུར་པ་སྟེ། ཕན་པ་དང་མི་ཕན་པ་འཐོབ་པ་དང་སྤོང་བ་ཤེས་པ་མེད་པའི་ཕྱིར་རོ།། དེ་བས་ན་གང་ཞིག་ཅེས་པ་ནི་བསོད་ནམས་ཀྱི་བདག ་ཉིད་ཅན་རྒྱུ་མེད་པར་མཉེས་གཤིན་པའོ།། དེ་བས་ན་ཕོངས་པ་ནི་བདེ་བ་འདོད་པ་རྣམས་ཐམས་ཅད་དུ་བདེ་བ་མ་རྙེད་པའོ།། སྡུག་བསྔལ་ནི་གཟིར་བའོ།། མང་ལྡན་ཞེས་པ་ནི་སྡུག་བསྔལ་རྣམ་པ་བརྒྱ་ཕྲག་དུ་མ་མང་པོས་གནོད་པ་རྣམས་སོ།། ་དེ་དག་ལ་ཞེས་པ་ནི་ཕྱིན་ཅི་ལོག་ཅན་ལའོ།། ལུས་ལས་བྱུང་བ་དང་སེམས་ལས་བྱུང་བ་ཐམས་ཅད་ཀྱི་བདེ་བ་ཀུན་གྱིས་ཚིམ་པ་དང་སྟེ་ངོམས་པར་བྱེད་པའོ།། ཡང་ན་མང་ལྡན་ནོ་ཆེམ་པ་རྣམ་པ་དུ་མོར་བདེ་བ་ཀུན་གྱིས་བྱེད་དོ་ཞེས་སྦྱར་བ ་བྱའོ།། བདེ་བ་ཙམ་གྱི་ཚིམ་པ་སྐྱེད་པ་ནི་མ་ཡིན་གྱི་འོན་ཀྱང་སྡུག་བསྔལ་ཐམས་ཅད་དེ། གཟིར་བ་མཐའ་དག་གི་ཚོར་བ་གཅོད་བྱེད་ཅིང་སྟེ་ཞི་བར་ཡང་བྱེད་དོ།། སྡུག་བསྔལ་ཞི་བར་བྱེད་པ་འབའ་ཞིག་ནི་མ་ཡིན་གྱི་བདེ་བས ་ཚིམ་པར་བྱེད་པ་ཡང་ཡིན་ནོ།། གཏི་མུག་ཀྱང་ནི་སེལ་བྱེད་པ་ཞེས་བྱ་བ་ནི་ཡོངས་སུ་མི་ཤེས་པ་ཡང་བཟློག་པར་བྱེད་པ་སྟེ། འདི་ནི་ལམ་མིན་འདི་ནི་ལམ་ཡིན་འདི་ལས་འཇིག་འདི་ནས་འདེང་ངོ་སྒྱིད་ལོག་པར་ནི་མ་བྱེད་ཅིག། ཅེས་དོར་བར་བྱ། ་བ་དང་བླང་བར་བྱ་བའི་ལམ་སྟོན་པའི་ཕྱིར་རོ།། དེ་ལྟར་གང་ཞིག་གཞན་སྡུག་བསྔལ་བ་བཟློག་པ་ལ་གཞན་དབང་དུ་གྱུར་པ་དང་། འབྱུང་པོ་ཐམས་ཅད་ལ་ཕན་པ་དང་བདེ་བ་བསྒྲུབ་པ་ལ་བརྩོན་པ་ཡིན་ནོ།། དེ་དང་དགེ་མཚུངས་ག་ལ་ཡོད་ཅེས་པ ་ནི་བདག་ཉིད་ཆེན་པོ་དེ་དང་མཚུངས་པའི་ལེགས་པ་གང་ལ་ཡོད་ཅིང་། གང་ནའང་ཡོད་པ་མ་ཡིན་ནོ།། རྒྱུ་མེད་པར་མཆོག་ཏུ་མཉེས་གཤིན་པའི་ཕྱིར་རོ།། དེ་འདྲའི་བཤེས་ཀྱང་ག་ལ་ཡོད་དེ། ཕན་པ་དང་བདེ་བ་ལ་སྦྱོར་བར་གཞོལ་བའི་ཡིད་ཅན ་མཆོག་ཏུ་ཡིད་ཆེས་པའི་གནས་ཏེ་དེ་འདྲ་ནི་དེ་དང་མཚུངས་པའོ།། བཤེས་པ་ནི་ག་ལ་ཡོད་དེ་སྲིད་པ་མ་ཡིན་ནོ།། བསོད་ནམས་དེ་འདྲའང་ག་ལོ་ཡོད་དོ།། དེ་འདྲ་བར་གནས་པའི་བྱང་ཆུབ་སེམས་དཔའི་བསོད་ནམས་གང་ཞིག་སྐྱེས་པ་དེ་ཡང ་བསོད་ནམས་གང་དང་ཡང་མཉམ་པ་མ་ཡིན་ནོ།། ཡང་དེ་ལྟར་ཅིའི་ཕྱིར་བརྗོད་ཅེ་ན། ཕན་བཏགས་ཞེས་པ་ལ་སོགས་པ་གསུངས་ཏེ། སྔར་འཇིགས་ཤིང་དོགས་པ་དང་ཉོན་མོངས་པ་རྣམས་ལ་ཕན་བཏགས་པ་ན་འདིས་ཕན་བཏགས་སོ་ཞེས་གང ་ཞིག་ལན་དུ་ཕན་འདོགས་པ་དེའང་རེ་ཞིག་འདི་ནི་ལེགས་སོ་ཞེས་འཇིག་རྟེན་པས་བསྔགས་ཤིང་བསྟོད་དོ།། གང་མ་བཅོལ་ལེགས་པར་བྱེད་པའི་ཞེས་པ་སྟེ། གསོལ་བ་མ་བཏབ་པར་དགེ་བ་ལ་སྦྱོར་བའི་བྱང་ཆུབ་སེམས་དཔའ་ལྟ་སྨོས་ཀྱང་ཅི ་དགོས་ཤིང་གཞན་བརྗོད་ཅི་དགོས་ཏེ། དེའི་བསྔགས་པ་བྱ་བར་མི་ནུས་སོ་ཞེས་བྱ་བའི་དོན་ཏོ།། མཐོང་བའི་ཆོས་ལ་བལྟོས་ནས་བྱང་ཆུབ་སེམས་དཔའི་ཆེ་བའི་བདག་ཉིད་བསྟན་པའི་ཕྱིར། འགྲོ་བ་ཉུང་ཟད་ཅེས་པ་སྟེ། སེམས་ཅན་ཚད་ཡོད་པ་ལ་ཟས ་སྐོམ་ཙམ་སྦྱོར་ཞིང་སྟེར་བས་ན་བསོད་ནམས་བྱེད་པ་ཡིན་ནོ་ཞེས་འགྲོ་བ་ལས་དམ་པ་ལ་དགའ་བའི་འཇིག་རྟེན་རྣམས་ཀྱིས་བཀུར་ཞིང་མཆོད་པར་བྱེད་དེ། སྦྱིན་པ་དེ་ཡང་སྐད་ཅིག་སྟེ། ཉི་མ་རངས་པའང་དེའི་ཕྱེད་དུ་མ་ཡིན་ཏེ། འོན་ཀྱང ་ཡུད་ཙམ་ཉིད་དོ།། ཟས་ཙམ་སྦྱིན་པར་བྱེད་པ་དང་ཞེས་བྱ་བ་ནི་ཟས་ངན་དོན་ནི་ཟས་ཏེ་གྱ་ནོམ་པ་མ་ཡིན་པའི་ཟས་སོ།། དེ་འབའ་ཞིག་ཉིད་ནི་དེ་ཙམ་སྟེ། རྣམ་པ་དེ་ལྟའི་ཚེང་མ་དང་བྲལ་བའོ།། དེ་སྦྱིན་པར་བྱེད་པ་ནི་དོ་གཏོང་བར་བྱེད་པའོ།། ཅི་ལྟར ་ཞེ་ན། བརྙས་བཅས་ནི་ཐོ་འཚམ་པ་དང་བཅས་པ་སྟེ། བཀུར་སྟི་སྔོན་དུ་མ་སོང་བར་སྦྱིན་པའི་ཁང་པར་བཅུག་ཅིང་ཁུ་ཚུར་དང་ཐལ་ལྷག་ལ་སོགས་པ་བསྣུན་ཅིང་ཞེས་བྱ་བའི་ཐ་ཚིག་ཡིན་ལ་འདི་ནི་བྱ་བོའི་ཁྱད་པར་རོ།། ཡང་ཅི་ལྟ་བུར་གྱུར ་པ་ཞེ་ན། ཉིན་ཕྱེད་འགྲངས་པར་བྱེད་ཅེས་པ་སྟེ། ཐུན་གཉིས་ཙམ་ཉེ་བར་སྟོན་པར་བྱེད་པའི་ཕྱིར་ཏེ། ཉི་མ་ཕྱེད་ན་ཟོས་ནས་ཡང་དགོངས་ཀ་ཟས་ཚོལ་བར་བྱེད་པའི་ཕྱིར་རོ།། བྱང་ཆུབ་སེམས་དཔའི་སྦྱིན་པ་ནི་འདི་ལས་བཟློག་པ་ཡིན་ནོ་ཞེས་བསྟན ་པའི་ཕྱིར། སེམས་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་སྙེད་ཅིག་ཅེས་མཚམས་ཆད་པ་མེད་པར་གྲངས་བརྒྱ་འམ་སྟོང་ངམ་ཞེས་པ་འདི་སྙེད་ལ་སྦྱིན་གྱི་དེ་ལས་གཞན་པ་མ་ཡིན་ནོ་ཞེས་སེམས་ཅན ་བགྲངས་ནས་སྦྱིན་པར་བྱེད་པ་ནི་མ་ཡིན་ཏེ། འོན་ཀྱང་མཚམས་ཆད་པ་མེད་པའི་སེམས་ཅན་ལའོ།། དུས་ངེས་པ་ཅན་ཡང་མ་ཡིན་ཏེ། འོན་ཀྱང་དུས་རིང་དུ་སྟེ། བསྐལ་པ་བརྒྱ་དང་། སྟོང་དང་། འབུམ་དང་། བྱེ་བ་ཕྲག་བརྒྱའི་བར་བྱའོ།། དེ ་ལས་གཞན་དུ་ནི་མ་ཡིན་ནོ་ཞེས་སྦྱིན་པར་བྱེད་པ་མ་ཡིན་ནོ།། འོ་ན་ཇི་ལྟར་སྦྱིན་པར་བྱེད་ཅེ་ན། ནམ་མཁའ་ཞེས་གསུངས་པ་ལ། ནམ་མཁའ་དང་འདྲ་བའི་སྐྱེ་བོ་ནི་ན་མཁའི་སྐྱེ་བོ་སྟེ། དཔེར་ན་ན་མཁའ་ལ་མཐར་ཐུག་པ་མེད་པ་དེ་བཞིན་དུ་སྐྱེ་བོ་ཡང ་ཞེས་བྱ་བའི་དོན་ཏོ།། ཡང་ན་ན་མཁའ་དང་སྐྱེ་བོ་ནི་ན་མཁའི་སྐྱེ་བོ་སྟེ། དེ་རྣམས་ཟད་པ་ནི་གཏུགས་པའོ།། ནམ་མཁའི་ཁམས་ཇི་སྲིད་པ་དང་སེམས་ཅན་རྣམས་མྱ་ངན་ལས་མ་འདས་པའི་བར་དེ་སྲིད་ཀྱི་མཚམས་ཏེ། གང་ཇི་སྲིད་ན་མཁའ ་གནས་པ་དང་། འགྲོ་བ་ཇི་སྲིད་གནས་སུ་གྱུར་པ། དེ་སྲིད་བདག་ནི་གནས་གྱུར་ཏེ། ཞེས་གང་འཆད་པར་འགྱུར་བའོ།། དེའི་ཕྱིར་མི་ཟད་པ་ནི་ཟད་པ་མེད་པ་སྟེ། འདི་ལ་མཐའ་མེདོ་ཞེས་བྱས་ནས་སོ།། འདིར་དགོངས་པ་ནི་འདི་ཡིན་ཏེ། ནམ ་མཁའ་དང་སྐྱེ་བོ་མ་ཟད་ཀྱི་བར་དུ་སྦྱིན་པ་གང་ཡིན་པ་དེ་ནི་དངོས་པོ་ལ་ཟད་པ་མེད་པ་ཉིད་ཡིན་ཏེ། དེ་དག་ལ་ཡོངས་སུ་ཟད་པ་མེད་པའི་ཕྱིར་རོ།། དངོས་པོ་སོ་སོར་ངེས་པ་ནི་མ་ཡིན་ཏེ། འོན་ཀྱང་ཡིད་ལ་བསམ་པ་མཐའ་དག་ཡང་དག་པར ་རྫོགས་པར་བྱེད་པ་ཡིན་ཏེ། གང་གིས་མངོན་པར་འདོད་པ་ཁ་ན་མ་ཐོ་བ་མེད་པས་བསམ་པ་ཚིམ་པར་བྱེད་པ་དེ་དག་ཐམས་ཅད་མཆོག་ཏུ་བརྩེ་བ་དང་། གུས་པ་དང་། བཀུར་སྟི་དང་། སྙན་པར་སྨྲ་བ་ར་སྔོན་དུ་སོང་དེང་ཡིད་རབརྒྱ་འབས ་སྟེར་བར་བྱེད་པའི་བྱང་ཆུབ་སེམས་དཔའ་ལྟ་ཅི་ཞིག་སྨོས་ཏེ། མཆོད་པར་རིགས་པ་ཡིན་པས་དེ་ལ་ཤིན་ཏུ་རིགས་སོ་ཞེས་སྦྱར་རོ།། གང་སྲེད་མེད་ཀྱི་བུས་ཞུས་པ་ལས། དངོས་པོ་སྦྱིན་པར་བྱ་བ་གང་ལ་དེ་གཏོང་བའི་སེམས་མི ་སྐྱེ་བ་དང་། གཏོང་བའི་བློ་མི་འཇུག་པ་ཞེས་བྱ་བ་ནས་བདག་གིས་ལུས་འདི་ཡང་སེམས་ཅན་ཐམས་ཅད་ལ་སྦྱིན་ཞིང་ཡོངསུ་གཏོང་ན། ཕྱི་རོལ་གྱི་དངོས་པོ་རྣམས་ལྟ་ཅི་སྨོས་ཀྱིས། སེམས་ཅན་གང་དང་གང་ཅི་དགོས་པར ་འགྱུར་བ་དེ་དག་ལ་དེ་དང་དེ་སྦྱིན་ནོ།། ཡོད་དེ་ཡོད་ན་ལག་པ་འདོད་པ་ལ་ལག་པ་ཞེས་བྱ་བ་ནས་མགོ་བོ་འདོད་པ་ལ་མགོ་བོ་ཡོངས་སུ་གཏོང་ནི།། ཕྱི་རོལ་གྱི་དུག་ལ་འདི་ལྟ་སྟེ། ནོར་དང་། འབྲུ་དང་། ས་ལེ་སྦྲམ་དང་། དངུལ་དང་། རིན ་པོ་ཆེ་དང་། རྒྱན་དང་། རྟ་དང་། གླང་པོ་ཆེ་དང་། ཤིང་རྟ་དང་། བཞོན་པ་དང་། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། རྒྱལ་སྲིད་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དང་། ཚོང་འདུས་དང་། ཚོང་རྡལ་དང་། ་དང་། བྲན་པོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚེ་བ་དང་། བུ་དང་བུ་མོ་དང་། གཡོག་རྣམས་ལྟ་ཅི་སྨོས་ཏེ་ཞེས་རྒྱས་པར་གསུངས་སོ།། དེ་ལྟར་ཡང་ཡོན་ཏན་རིན་པོ་ཆེ་གསུམ་བསྡུས་པའི་གནས་གཞན་ལ་གཅིག་ཏུ་ཕན ་པ་བསྒྲུབ་པ། མཆོག་ཏུ་བརྟུལ་ཞུགས་ཆེ་བའི་བྱང་ཆུབ་སེམས་དཔའ་ལ་བདག་ཉིད་ལ་ཕན་པར་འདོད་པས་རང་གི་སེམས་བསྲུང་བ་ལ་འབད་པར་བྱའོ་ཞེས་བསྟན་པའི་ཕྱིར། གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུ། ་ཏེ། དེ་འདྲ་ནི་དེ་ལྟར་བརྗོད་པའི་རིམས་པས་སོ།། སྦྱིན་བདག་ལ་ཞེས་པ་ནི་ཐམས་ཅད་དུ་བདེ་བ་སྟེར་བའི་བདག་པོ་རྒྱལ་བའི་སྲས་ལ་སྟེ། བདེ་བར་གཤེགས་པའི་སྲསོ་པོ་བྱང་ཆུབ་སེམས་དཔའ་ལ་ཞེས་བྱ་བའི་དོན་ཏོ།། ངན་སེམས་ནི ་སྡིག་པའི་སེམས་སོ།། རང་གི་ཡིད་ལ་ནི་རང་གི་རྒྱུད་ལྔའོ།། བྱེད་པ་ནི་སྐྱེད་པའོ།། གང་བདག་ཉིད་ངན་པ་དེ་དམྱལ་བ་རྣམས་སུ་གནས་པར་བཅོམ་ལྡན་འདས་ཀྱིས་གསུངས་ཏེ་བཀའ་སྩལ་ཏོ།། ངན་སེམས་བསྐྱེད་པའི་གྲངས་བཞིན་བསྐལ ་པར་ནི་སྟེ། དེའི་རྒྱུད་ལ་ངན་སེམས་ཀྱི་ཡིད་བསྐྱེད་པའི་སྐད་ཅིག་ཇི་སྙེད་ཀྱི་བསྐལ་བར་ངན་སེམས་ཀྱི་ཡིད་ཀྱི་གྲངས་བཞིན་དུ་དམྱལ་བར་འགྱུར་རོ་སྙམ་དུ་དགོངས་པའོ།། གང་རབ་ཏུ་ཞི་བ་རྣམ་པར་ངེས་པ་ཆོ་འཕྲུལ་བསྟན་པའི་མདོ་ལས།། ་འཇམ་དཔལ་བྱང་ཆུབ་སེམས་དཔའས་བྱང་ཆུབ་སེམས་དཔའ་ལ་ཁོང་ཁྲོ་བའི་སེམས་བསྐྱེད་ཅིང་བརྙས་པའི་སེམས་བསྐྱེད་པ་དེ་སྲིད་དུ་དེས་བདག་བསྐལ་པར་དམྱལ་བར་གནས་པར་བྱའོ་ཞེས་གོ་ཆ་བགོ་བར་བྱའོ་ཞེས་གསུངས་སོ།། དེ ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བའི་སེམས་བསྐྱེད་པའི་སྐད་ཅིག་གི་གྲོངས་བཞིན་དུ་བསྐལ་པར་མ་ནོར་མེད་པར་གནས་པར་ནི་མ་གསུངས་པ་མ་ཡིན་ནམ། འཇིག་རྟེན་གསུམ་ན་དེ་བཞིན་གཤེགས་པ་ལས་ལྷག་པ་ནི ་ཡོད་པ་མ་ཡིན་ན། དེ་ཇི་སྲིད་ན་ཤིན་ཏུ་དོགས་པར་ཁྱེར་བར་བྱེད་ཅེ་ན། བདེན་ཏེ་ཚུལ་འདི་ལ་སྒྲ་ཇི་བཞིན་དུ་དངོས་པོ་ཉིད་རྣམ་པར་བཞག་པ་ནི་མ་ཡིན་ཏེ། གསུང་རབ་ཐམས་ཅད་ལ་དྲང་བ་དང་ངེས་པའི་དོན་དུ་རྣམ་པར་བཞག་པ་ཡིན་པའི་ཕྱིརརོ།། ། ་དེ་བཞིན་གཤེགས་པ་ལ་ལྷ་དང་བཅས་པའི་འཇིག་རྟེན་འགས་ཀྱང་ངན་སེམས་བསྐྱེད་པར་མི་ནུས་ཏེ། བསྐལ་པ་གྲངས་མེད་པར་སེམས་ཅན་ཐམས་ཅད་ལ་བྱམས་པའི་ཐུགས་གོམས་པར་བསྒོམས་པའི་ཕྱིར་འདིའི་སྐུ་ལ་མཚོན་གྱིས ་མི་ཚུགས་སོ་ཞེས་བྱམས་པའི་སེམས་ཀྱི་ཕན་ཡོན་བསྟན་པའི་ཕྱིར་རོ།། འདིར་ལས་ཀྱི་རྣམ་པར་སྨིན་པ་ནི་དངོས་པོ་ལ་མ་བསྟན་ཏེ། སངས་རྒྱས་རྣམས་ནི་ལས་ཀྱི་རྣམ་པར་སྨིན་པ་དང་བྲལ་བའི་ཕྱིར་རོ།། དེ་ལྟ་བས་ན་གདུལ་བྱའི་བསམ་པ་ལ་དགོངས ་ནས་བསྟན་གྱིས་དོན་དམ་པར་ནི་མ་ཡིན་ནོ།། བྱང་ཆུབ་སེམས་དཔའ་ལ་གནོད་པ་བྱས་པ་ནི་སངས་རྒྱས་ཉིད་རྩ་བ་དང་བཅས་པ་བཅོམ་ཞིང་ཉེ་བར་བཅོམ་པ་ཡིན་ཏེ། དེ་ལྟར་ན་ཡང་ལྷ་དང་བཅས་པའི་འཇིག་རྟེན་གྱི་དོན་ཉེ་བར་བཅོམ་པར ་འགྱུར་རོ།། ལུང་ཇི་ལྟ་བར་འདིར་བསྟན་པ་ཡིན་ཏེ། འདི་ལ་དོན་དམ་པར་ནི་བཅོམ་ལྡན་འདས་ཉིད་ཀྱིས་མཁྱེན་ཏོ།། འདི་ཡང་དད་པའི་སྟོབས་བསྐྱེད་པ་ལ་འཇུག་པ་ཕྱག་རྒྱའི་མདོ་ལས་འཇམ་དཔལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལྔ ་གང་གཱའི་ཀླུང་བྱེ་མ་སྙེད་ཀྱི་མཆོད་རྟེན་པོ་ཤིག་པའམ། བསྲེགས་ལེ། ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཞིག་གིས་ཐེགས་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་གནོད་སེམས་དང་ཐ་བ་དང་། ཁོང་ཁྲོ་བའི ་སེམས་བསྐྱེད་ཅིང་སྨྱོས་ཏེ་བརྒྱད་ན་འདི་ནི་དེ་བས་ཆེས་གྲངས་མེད་པའི་སྡིག་པ་སྐྱེ་བར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་འཁྲུངས་པ་ནི་སངས་རྒྱས་བཅོམ་ལྡན་འདས་སོ།། སངས་རྒྱས ་ལས་བྱུང་བ་ནི་མཆོད་རྟེན་དང་། བདེ་བའི་ཡོ་བྱད་ཐམས་ཅད་དང་། ལྷའི་རིས་ཐམས་ཅད་དོ།། བྱང་ཆུབ་སེམས་དཔའ་ལ་དམ་པ་མ་ཡིན་པར་བྱས་ན་སངས་རྒྱས་ཐམས་ཅད་ལ་དམ་པ་མ་ཡིན་པ་བྱས་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ ་ལ་དམ་པར་བྱས་ན་སངས་རྒྱས་ཐམས་ཅད་ལ་དམ་པར་བྱས་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཡང་གང་ཞིག་དེ་ལ་སེམས་དང་བསྐྱེད་པ་དེའི་བསོད་ནམས་རྣམས་ཀྱི་འབྲས་བུ་ཇི་ཙམ་ཞིག་སྐྱེ་བར་འགྱུར་ཞེ་ན། ་གལ་ཏེ་གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་ལའང་གང་གི་བསོད་ནམས་ཀྱི་བདག་ཉིད་ཀྱིས་ཡིད་དང་བ་སྐྱེ་དྲོ་པར་བྱེད་ན། དེའི་འབྲས་བུ་ཡང་དེ་བས་ལྷག་པར་སྐྱེ་སྟེ། དེའི་སེམས་དང་བ ་འཕེལ་བ་ནི་ཉེ་བར་སྐྱེ་བོར་འགྱུར་བའོ།། དེ་བས་ན་ལྷག་པ་ནི་སྔར་གྱི་སྡིག་པའི་འབྲས་བུ་དེ་བས་ཆེས་མང་བར་བསོད་ནམས་ཀྱི་རྣམ་པར་སྨིན་པའོ་འབྲས་བུ་ཁྱད་པར་དུ་སྐྱེ་སྟེ་འབྱུང་བའི་ཕྱིར་རོ།། ཡང་ན་དེ་བས་ལྷག་པའི་རྣམ ་པབར་སྨིན་པའི་འབྲས་བུ་སྐྱེད་པར་བྱེད་པའི་ལས་ཉིད་ལ་འབྲས་བུ་ཞེས་བརྗོད་དོ།། ཆོས་ལྷག་པར་འབྲས་བུ་སྐྱེད་པའི་ལས་སྐྱེའོ་ཞེས་པའི་དོན་ཏོ།། ངེས་པ་དང་མི་ངེས་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས། འཇམ་དཔལ་གས་ཏེ ་ཡོངས་སུ་བརྟག་པ་ཉེ་བར་བཟུང་སྟེ། ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་སེམས་ཅན་ཐམས་ཅད་ཀྱི་མིག་བཏོན་པར་གྱུར་ལ་ཡོངས་སུ་བརྟག་པ་ཉེ་བར་བཟུང་སྟེ། གལ་ཏེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བྱམས་པའི་སེམས ་ལ་གནས་པ་འགའ་ཞིག་དེ་དག་ཐམས་ཅད་ཀྱི་མིག་སྐྱེད་པར་བྱེད་པ་བས། འཇམ་དབུལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གཞན་ཞིག་གིས་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ལ་སེམས་དང་བས་ལྟ་ན ་འདི་ནི་དེ་བས་བསོད་ནམས་ཆེས་ལྷག་པར་སྐྱེའོ་ཞེས་གསུངས་སོ།། དེ་ལྟ་བས་ན་བསོད་ནམས་ཀྱི་ཞིང་ཆེན་པོ་ལ་མཁས་པ་རྣམས་ཀྱིས་དགེ་བའི་སེམས་ཉིད་དུ་བྱའོ།། གཞན་ཡང་འདིའི་ཕྱིར་ཡང་དགེ་བའི་སེམས་ཉིད་སྐྱེད ་པར་རིགས་པ་ཡིན་ཏེ། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ལ་དོ་གལ་ཆེན་པོས་ཀྱང་སྟེ། ཚེགས་ཆེན་པོས་སོ།། སྡིག་པ་ནི་སྡིག་པ་ཉིད་དམ་དྲན་པའི་ཕྱིར་སྡིག་པ་ཡིན་ཏེ། ཉེས་པར་བྱས་པའི་ལས་རྣམས་དོ་ག་ལ ་ཆེན་པོས་ཀྱང་སྟེ། ཚེགས་ཆེན་པོས་བྱེད་ལ། དེ་རྣམས་ཀྱི་ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་མཐའ་དག་དང་བས་སྐྱེད་པར་བྱེད་པའི་ཕྱིར་དང་། བྱང་ཆུབ་ཀྱི་སེམས་ཀྱི་མཐུ་ལས་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ལ ་འགའ་ཞིག་གིས་གནོད་པ་བྱེད་པའི་སེམས་སྐྱེ་བར་མི་འགྱུར་རོ།། འདིར་ཡང་འཕགས་པ་འཇམ་དཔལ་གྱི་རྣམ་པར་ཐར་པ་ལས། རིགས་ཀྱི་བུ་དཔེར་ན་རིན་པོ་ཆེའི་རྒྱལ་པོ་ཡིད་བཞིན་གྱི་ནོར་བུ་ཅོད་པན་ལ་བཏགས་པའི་ཀླུའི ་རྒྱལ་པོ་རྣམས་ལ་ཕ་རོལ་གྱི་གནོད་པ་དང་འཇིགས་པ་མི་འབྱུང་ངོ་།། དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་དང་སྙིང་རྗེ་ཆེན་པོའི་རིན་པོ་ཆེའི་རྒྱལ་པོ་ཡིད་བཞིན་གྱི་ནོར་བུ་ཅོད་པན་ལ་བཅིངས་པའི་བྱང་ཆུབ་སེམས་དཔའ ་ལ་ངན་སོང་དང་ངན་འགྲོའི་ཕ་རོལ་གྱི་གནོད་པ་དང་འཇིགས་པ་མི་འབྱུང་ངོ་ཞེས་གསུངས་པ་ཡིན་ན། དེའི་ཕྱིར་དེ་རྣམས་ལ་དོན་མ་ཡིན་པ་འཕེལ་བའི་འབྲས་བུ་རྩུབ་པ་ཅིའི་ཕྱིར་འབད་ཅིང་རྩོལ་བར་བྱེད་དེ་ཉིད་ཀྱི་ཕྱིར། དགེ་བ་དང་གིས་ཏེ། ་བསྡུ་བའི་དངོས་པོ་རྣམས་ཀྱི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ལས་བྱེད་པའི་ཕྱིར་དང་། ལས་ཡོངས་སུ་དག་པས་གང་དུ་ཡང་འཁྲུལ་པ་མེད་པའི་ཕྱིར་དེ་རྣམས་ལ་དང་གིས་དགའ་བ་དང་། དང་བ་དང་མཆོག་ཏུ་དགའ་བ་སྐྱེ་བར ་འགྱུར་རོ།། དེའི་ཕྱིར་ཡང་འབད་པ་མེད་པར་དགེ་བ་ཉིད་སྐྱེད་པ་ཡིན་ནོ།། ད་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་ལ་བསྟན་བཅོས་བྱེད་པ་བདག་ཉིད་ཀྱིས་ཤིན་ཏུ་ཡང་ཡིད་རབ་ཏུ་དང་བ་གསལ་བར་བྱེད་པ་དེ་ལ་ཕྱག་འཚལ་བ་གང་ལོ་ཞེས ་པ་ལ་སོགས་པ་གསུངས་ཏེ། སྐྱེས་བུ་གླང་པོ་དེའི་སྐུ་ལས་ཏེ། སྐུ་ལུས་ལའོ།། ཕྱག་འཚལ་ཞིང་ཞེས་པ་ནི་རབ་ཏུ་འདུད་པའོ།། གང་ལ་ཏེ། དེ་རྣམས་ཀྱི་རྒྱུད་ལའོ།། སེམས་ཀྱི་དམ་པ་རིན་ཆེན་དེ་ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་ཕྱིར་སེམས་ཉིད ་རིན་པོ་ཆེའོ།། དབུལ་བའི་སྡུག་བསྔལ་ཐམས་ཅད་སེལ་བའི་ཕྱིར་དམ་པ་སྟེ་མཆོག་གོ།། དེ་ནི་བསྟན་པའི་ཕན་ཡོན་ཅན་ཏེ་སྐྱེས་པ་ནི་འབྱུང་བའོ།། དེ་ཡང་ཡིན་ལ་སེམས་ཀྱི་དམ་པ་རིན་པོ་ཆེ་ཡང་དེ་ཡིན་པས་ཞེས་ཚིག་བསྡུ་བ་འམ། དེ་ཞེས་བྱ་བ ་ནི་ལོགས་ཤིག་པའོ།། འདི་ནི་ཡོན་ཏན་གྱི་གཞི་ལ་ལྷག་པར་བཀུར་བ་ཡིན་ནོ།། དེའི་ཁྱད་པར་གཞན་ཡང་གང་ལ་གནོད་པ་བྱས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ལ་ནི་བྱང་ཆུབ་སེམས་དཔའ་མཆོག་ཏུ་དགེ་བའི་ཐུགས་མང ་བ་རྣམས་ལའོ།། གནོད་པ་བྱས་ཀྱང་ནི་བརྙས་པ་བྱས་ཀྱང་ངོ་།། བིདེ་འབྲེལ་བ་ནི་དེ་བྱེད་པ་ལ་བདེ་བ་གོང་ནས་གོང་དུ་འཕེལ་བར་འགྱུར་བའོ།། དགོངས་པ་ནི་འདི་ཡིན་ཏེ། དེ་ལ་གནོད་པ་ནི་བྱ་བར་མི་ནུས་ལ། བརྒྱ་ལ་སྲིད་ན་ཡང་དེ་ལ ་གནོད་པ་བྱེད་པ་ཉིད་དུ་རྒྱུ་མཚན་དུ་བྱས་ནས་འཇུག་པ་དང་བའི་བསམ་པ་དང་ལྗོན་པ་རྣམས་ལ་ཡང་རྒྱུ་མཚན་འགའ་ཞིག་གིས་དེ་ལ་སེམས་དང་བ་སྐྱེས་པས་དེ་ལ་གནོད་པ་བྱེད་པ་མྱ་ངན་ལས་འདས་པའི་བདེ་བ་དང་འབྲེལ ་པར་འགྱུར་ཏེ། དཔེར་ན་བྱམས་པའི་སྟོབས་ཀྱི་སྐྱེས་པའི་རབས་སུ་ལྔ་སྡེའི་དབང་དུ་བྱས་ནས་བརྗོད་པ་ལྟ་བུའོ།། ཡང་བྱང་ཆུབ་སེམས་དཔའི་སྨོན་ལམ་གྱིས་གནོད་པ་བྱས་པ་ཉིད་བདྲོ་བ་དང་འབྲེལ་པར་བརྗོད་དོ།། ཡང་ན་གང ་དག་བདག་ལ་ཁ་ཟེར་བའམ། གཞན་དག་གནོད་པར་བྱེད་པའམ། དེ་བཞིན་ཕྱར་ཀོ་གཏོང་བའང་རུང་།། ཐམས་ཅད་བྱང་ཆུབ་སྐལ་ལྡན་གྱུར། ཞེས་འཆད་པར་འགྱུར་རོ།། གང་ལ་གནོད་པ་བྱས་ཀྱང་ནི། གང་དག་ལ་གནོད་པ་བྱས ་ཀྱང་སྟེ། བུ་སྡུག་པས་བྱས་པ་བཞིན་དུ་ཐུགས་རྗེ་ཆེན་པོའི་ལྷག་པའི་བསམ་པས་སྡུག་བསྔལ་གྱི་རྒྱུ་ཉིད་ཀྱང་བདེ་བ་ཉིད་སྐྱེད་པར་བྱེད་པ་ཡོད་ཏེ། ཇི་སྐད་དུ་བཟོད་པའི་ལེའུ་ལས་འཆད་པར་འགྱུར་བ་བཞིན་ནོ།། དེ་ལྟར་རྣམ་པ་ཐམས ་ཅད་དུ་བདེ་བའི་རྒྱུ་ཡིན་པའི་ཕྱིར་བདེ་བ་དོན་དུ་གཉེར་བ་རྣམས་ཀྱི་བྱང་ཆུབ་སེམས་དཔའ་ལ་བརྟེན་པར་བྱ་བ་ཡིན་ཏེ། རིན་པོ་ཆེ་དོན་དུ་གཉེར་བ་རྣམས་ཀྱིས་རིན་པོ་ཆེའི་འབྱུང་ཁུངས་བཞིན་དུ་ཞེས ་བསྟན་པའི་ཕྱིར། བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི་ཞེས་པ་ལ། བདེ་བའི་འབྱུང་གནས་ནི་གཅིག་ཏུ་བདེ་བ་ཐམས་ཅད་སྐྱེད་པར་བྱེད་པའི་ཕྱིར་རོ།། དེ་ལ་སྟེ། ཇི་སྐད་དུ། བསྟན་པའི་རིམ་པས་གནོད་པ་བྱས་ཀྱང ་བདེ་བའི་རྒྱུར་གྱུར་པ་ལ་སྐྱབས་སུ་མཆི་བ་ཡིན་ལ། དེ་ལ་བརྟེན་པར་བགྱི་བ་སྟེ། དེ་རྣམས་ཀྱི་བདག་གི་སྐྱབས་མཛོད་ཅིག་ཅེས་བྱ་བར་དགོངས་པའོ།། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ་ཤེས་རབ ་འབྱུང་གནས་བློ་གྲོས་ཀྱིས་བྱས་པ་ལས། བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་གྱི་ལེའུ་སྟེ་དང་པོའོ།། །། བམ་པོ་གསུམ་པ། ད་ནི་དེ་ལྟར་དལ་བ་ཕུན་སུམ་ཚོགས་པ་རྙེད་པར་དཀའ་བ་ཐོབ་ཅིང་། བྱང་ཆུབ་ཀྱི ་སེམས་ཀྱི་ཕན་ཡོན་རིག་ནས། བྱང་ཆུབ་ཀྱི་སེམས་བླང་བའི་དོན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མངོན་དུ་བྱས་ཏེ་ཕྱག་འཚལ་བ་དང་། མཆོད་པ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་དང་། སྡིག་པ་བཤ ་པ་དང་། རྗེས་སུ་ཡི་རང་བ་དང་། སངས་རྒྱས་ལ་བསྐུལ་བ་དང་། གསོལ་བ་གདབ་པ་དང་། བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་རྣམས་བྱེ་བའི་ཕྱིར། རིན་སེམས་དེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཞེས་བྱ་བ་ནི་ཕན་ཡོན་བསྟན ་བསྣུན་མ་ཐག་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཡིན་པ་གཟུང་བའི་ཕྱིར་ནི་བདག་གིར་བྱ་བའི་ཕྱིར་ཏེ། དེ་བསྐྱེད་པའི་ཕྱིར་ཞེས་བྱ་བའི་དོན་ཏོ།། དེ་བཞིན་གཤེགས་པ་ནི་སངས་རྒྱུས་རྣམས་ཏེ། བཅོམ་ལྡན་འདས་ལ་མཆོད ་པའོ།། བདག་ཅེས་པོ་ནི་བྱང་ཆུབ་ཀྱི་སེམས་ལེན་པ་པོར་བདག་ཉིད་བསྟན་པ་ཡིན་ཏེ། འདི་ནི་སངས་རྒྱས་དཀོན་མཆོག་བསྟན་པ་ཡིན་ནོ།། དམ་པའི་ཆོས་དཀོན་མཆོག་ཅེས་པ་ནི་ལུང་དང་རྟོགས་པའི་མཚན་ཉིད་ཡིན་ལ། ཇི ་མ་མེད་ཅེས་བྱ་བ་ནི་དགེ་བ་གསུམ་གྱིས་འཁོར་གསུམ་དག་པ་དང་། རང་བཞིན་གྱིས་འོད་གསལ་བ་ཡིན་ཏེ། ཐམས་ཅད་དུ་དྲི་མ་ཐམས་ཅད་ཀྱི་གནས་མ་ཡིན་པའི་ཕྱིར་དང་། ཉོན་མོངས་པ་ཞེས་བྱ་བ་ལ་གློ་བུར་བ་ཡིན་པའི་ཕྱིར ་དང་། དྲི་མ་ཐམས་ཅད་སྤོང་བ་ལ་མཁས་པའི་ཕྱིར་རོ།། འདིས་ནི་དམ་པའི་ཆོས་དཀོན་མཆོག་བསྟན་པ་ཡིན།། དེ་སངས་རྒྱས་སྲས་ཏེ། སངས་རྒྱས་ཀྱི་སྲས་པོ་ཡིན་ལ། ཡོན་ཏན་རྒྱ་མཚོ་རྣམས་ནི་ཡོན་ཏན་རིན་པོ་ཆེའི་རྒྱ་མཚོ ་སྟེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། འཇམ་དཔལ་དབྱངས་ལ་སོགས་པ་ཡིན་ཏེ། འདིས་ནི་དགེ་འདུན་དཀོན་མཆོག་བསྟན་ཏོ།། འདི་ནི་དང་པོ་དཀོན་མཆོག་གསུམ་པོ་ལ་མཆོད་པའི་ཆོ་ག་ཡིན་ནོ།། མཆོད་ཅེས ་བ་ནི་ཐམས་ཅད་དུ་སྦྱར་བར་བྱའོ།། ལེགས་པར་ཞེས་པ་ནི་མཆོད་པ་ཉིད་ཀྱི་ཁྱད་པར་ཡིན་ཏེ། ལེགས་པར་ཕྱིན་ཅི་མ་ལོག་པ་ཇི་ལྟ་བ་བཞིན་དུ་གྱུར་པ་འམ། སེམས་དང་བ་དྲག་པོས་སོ།། ཡང་ན་གཟུང་བའི་ཁྱད་པར་ཡིན་ཏེ།། ་ལེགས་པར་ཞེས་པ་ནི་ཤིན་ཏུ་དང་བའི་སེམས་ཀྱིས་ལེགས་པར་གཟུང་བའི་ཕྱིར་ཡིན་ལ། གཞན་གྱི་ངོ་བོ་ལ་སོགས་པར་ནི་མ་ཡིན་ཏེ། ཇི་ལྟར་གཟུང་བ་བཞིན་དུ་ཉམས་པར་མི་འགྱུར་པ་ཡིན་ནོ།། ། ་མཆོད་པ་ཉིད་བསྟན་པའི་ཕྱིར། མེ་ཏོག་འབྲས་བུ་ཇི་སྙེད་ཅེས་པ་ལ་སོགས་པ་གསུངས་ཏེ། འདི་དག་གི་ཚོད་གང་ཡིན་པ་ནི་ཇི་སྙེད་ཡོད་པ་སྟེ། ལྷག་མ་མ་ལུས་པའི་མེ་ཏོག་དང་འབྲས་བུ་རྣམས་ཡིན་ནོ།། ནམཁའ་རབ་འབྱམས་རྣ ་ཀྱི་མཐས་གཏུགས་པ།། ཡོངས་སུ་བཟུང་བ་མེད་པ་དེ་དག་ཀུན།། བློ་ཡིས་བླངས་ནས་ཐུབ་པ་སྐྱེས་ཀྱི་མཆོག། སྲས་དང་བཅས་པ་རྣམས་ལ་ལེགས་པར་དབུལ། ཞེས་པ་གོང་མ་ཐམས་ཅད་ལ་སྦྱར་བར་བྱའོ།། སྨན་གྱི་རྣམ་པ་ནི ་སྨན་གྱི་བྱེ་བྲག་གོ།། དང་བ་ཡིད་དུ་འོང་བ་ཞེས་བྱ་བ་ནི་རིན་པོ་ཆེའི་ཁྱད་པར་རོ།། ས་འཛིན་ནི་རི་བོའོ།། རིན་ཆེན་རང་བཞིན་ནི་རིན་པོ་ཆེའི་རིའོ།། དབེན་ཞིང་ཉམས་དགའ་ཞེས་པ་ནི་ཡིད་འཕྲོག་ཅིང་དབེན་པ་སྟེ་རྗེ་སུ་མཐུན་པ་ཞེས་པའི ་དོན་ཏོ།། མེ་ཏོག་མཛེས་རྒྱན་འབར་བ་ཞེས་བྱ་བ་ནི། མཛེས་པའི་མེ་ཏོག་ཉིད་རྒྱན་ཡིན་ཏེ། བརྒྱན་པ་དེ་ཉིད་ཀྱིས་འབར་བ་སྟེ་ཤིན་ཏུ་ལྷག་གེ་བའོ།། འབྲས་བཟང་ཡལ་གདུང་པ་དང་ཞེས་པཱ་ལ་བཟང་བ་ནི་མཛེས་པ་སྟེ། ཁ་དོག་དང ་དྲི་དང་རོ་ཕུན་སུམ་ཚོགས་པའི་འབྲས་བུ་དེ་དག་ཡིན་དེ་རྣམས་ཀྱི་དུད་པ་ནི་དམའི་བར་གྱུར་པ་སྟེ། ཡལ་ག་གང་ཞིག་ས་ལ་རེག་པ་བཞིན་དུ་གྱུར་པ་དེ་སྐད་ཅེས་བྱའོ།། དཔག་བསམ་གྱི་ཤིང་ནི་དཔག་བསམ་གྱི་ལྗོན་པའོ།། པདྨས ་བརྒྱན་པ་ནི་པདྨའི་རྒྱུན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། དད་པ་ཤིན་ཏུ་སྐད་སྙན་ཡིད་འོང་ལྡན་ཞེས་པ་ནི། ངང་པ་རྣམས་ཀྱི་སྐད་ནི་སྒྲའོ།། ཤིན་ཏུ་ཡིད་དུ་འོང་བ་ནི་ཉམས་དགའ་བ་སྟེ། དེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ ་མ་རྨོས་འཁྲུངས་པའོ་ཞེས་པ་ནི་མ་རྨོས་པ་ཉིད་དེ་ཐོང་གཤོལ་གྱི་སྒྲོགས་པ་མེད་པར་སྐྱེས་པ་རྣམས་ཡིན་ལ་སྐྱེས་པའི་ལོ་ཏོག་གི་རྣམ་པ་ནི་འབྲུའི་ཁྱད་པར་རོ།། གཞན་ཡང་མཆོད་པར་འོས་པའི་རྒྱན་རྣམས་ཞེས་པ་ལ། གཞོན ་ཡང་ནི་ལོགས་ཤིག་ལའོ།། མཆོད་པར་བྱ་བ་ནི་མཉེས་པར་བྱ་བ་ཡིན་ཏེ། རྒྱན་རྣམས་ནི་མཛེས་པར་བྱེད་པ་རྣམསོ།། ནམ་མཁའི་ཁམས་ཀྱི་རབ་འབྱམས་མཐས་གཏུགས་པ་ཞེས་བྱ་བ་ལ། ནམ་མཁའི་ཁམས་རབ་འབྱམས་ནི་སྒྲུབ ་རྒྱ་ཆེ་བའོ།། དེ་སྲིད་ཀྱི་མཐས་གཏུགས་པ་ནི་དེའི་མཐར་ཐུག་པའོ།། དེ་དག་ནི་བརྗོད་པ་དང་མ་བརྗོད་པ་དང་འདྲ་བ་ཡིན་ལ། ཡོངསུ་བཟུང་བ་མེད་པ་ནི་བདག་གི་བ་མ་ཡིན་པ་རྣམས་ཏེ། གང་གིས་ཀྱང་རང་གིར་མ་བྱས་པ་ཞེས་བྱ་བའི་དོན ་ཏོ།། བློ་ཡིས་བླངས་ནས་ཞེས་པ་ནི་ཡིད་ཀྱིས་ཞེས་པའོ།། ཐུབ་པ་སྐྱེས་ཀྱི་མཆོག་ནི་ཐུབ་པའི་ཁྱུ་མཆོག་སྟེ། སྲས་དང་བཅས་པ་ནི་བྱང་ཆུབ་སེམས་དཔའ་དང་ངོ་།། ལེགས་འབུ་ཁཱ་ནཱི་ལེགས་པར་སྦྱིན་པའོ།། ཡོན་གནས་དམ་པ་ནི ་ཡོན་གྱི་སྣོད་བླ་ན་མེད་པའོ།། ཐུགས་རྗེ་ཆེ་རྣམས་ནི་སངས་རྒྱས་དོང་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དགོངས་པ་ཅནོ།། བདག་ལ་ཞེས་པ་ནི་ཞན་ཅིང་སྡུག་བསྔལ་བའི་སེམས་ཅན་ལའོ།། ། ་བརྩེར་དགོངས་ནི་ཐུགས་རྗེ་མཛོད་ཅིག་པ་སྟེ། བདག་རྗེས་སུ་གཟུང་བའི་ཕྱིར་ཞེས་བྱ་བའི་དོན་ཏོ།། འདི་དག་ནི་འདི་དག་ཐམས་ཅད་དེ་དག་གིས་མཆོད་པར་སྦྱར་བའི་དངོས་པོའོ།། བཞེས་ཞེས་པ་ནི་བདག་གིར ་མཛོད་ཅིག་པའོ།། དེ་ལྟར་ཡིན་ན་ཡང་འདི་ལྟར་ཡིད་ལས་བྱུང་བའི་མཆོད་པ་ཙམ་ཅིའི་ཕྱིར་བྱེད་དེ། རེ་ཞིག་དངོས་པོ་ཡིད་དུ་འོང་བ་དེ་དང་དེ་དངོས་སུ་ཅིའི་ཕྱིར་འབུལ་བར་མི་བྱེད་ཅེ་ན། བདག་ནི་བསོད་ནམས་མི་ལྡན་ཞེས་པ་ལ་སོགས ་པ་གསུངས་ཏེ། བདག་བསོད་ནམས་མ་བྱས་པ་དེ་ཉིད་ཀྱི་ཕྱིར་བཀྲེན་ཆེན་ཏེ། བསོད་ནམས་དག་གིས་ཡོ་བྱད་ཕུན་སུམ་ཚོགས་པར་འགྱུར་པ་ཡིན་ལ་དེ་དག་བྲལ་བའི་ཕྱིར་མ་ཆོད་པའི་ནོར་གཞན་ཏེ། ཡོ་བྱད་གང་ཅིའང་བདག་ལ་མ ་མཆིས་པའོ།། དེས་ན་བདག་གི་དོན་སླད་ཅེས་བྱ་བ་ནི་བདག་གི་བསོད་ནམས་བཞེད་པ་སྟེ། བཅོམ་ལྡན་འདས་ཀྱང་གཞན་དོན་དགོངས་པ་ནི་གཞན་ལ་ཕན་པ་དང་བདེ་བར་བཞེད་པ་ཡིན་ཏེ། ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཕྱིར་རོ།། མཆོད ་པའི་ཡོ་བྱད་བརྗོད་པ་འདི་བདག་གི་ཕུལ་བ་དེས་ན་མགོན་པོ་ཉིད་ཀྱི་མཐུས་དེ་ཉིད་ཀྱི་སྟོབས་ཀྱིས་བཞེས་ཤིག་པའོ།། ཡང་བདག་དབང་བའི་ལུས་འདི་ཡོད་པས་དེ་འདུལ་བར་བྱའོ།། ཞེས་རྒྱལ་དང་ཞེས་པ་ལ་སོགས་པོ་ལ་གསུངས་པ ་ལ། རྒྱལ་བ་རྣམས་ལ་བདག་ཉིད་ཀྱང་དབུལ་བར་བགྱི་སྟེ། རྣམ་པ་ཀུན་གྱིས་ཞེས་པ་ནི་རྣམ་པ་ཐམས་ཅད་དུ་བདག་གིར་ཁས་བླངས་པ་ཡོངསུ་དོར་ནས་སོ།། དེའི་སྲས་རྣམས་ལའང་སྟེ། སེམས་དཔའ་མཆོག་རྣམས་ལའོ།། བདག་གིས ་ཡོངས་བཞེས་ཤིག་ཅེས་པ་ནི་བདག་སོ་སོ་ནས་ཡངས་སུ་བཞེས་ཤིག་པའོ།། སྐྱེས་བུ་ཁྱུ་མཆོག་ཁྱེད་ཀྱི་འཕངསུ་བྲན་གྱི་དངོས་པོར་ཁས་བླང་བར་བགྱི་སྟེ། འཚོ་བ་ལ་སོགས་པ་འཚལ་བ་མ་ལགས་ལ། འོན་ཀྱང་གུས་པས་ནི་མཆོག་ཏུ་གུས ་པ་སྟེ། སེམས་དད་པའི་སྟོབས་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ། འོ་ན་ཡང་འདིར་ཡོན་ཏན་ཅི་ཞིག་ཡོད་ཅེ་ན། བདག་ནི་ཁྱེད་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྱེད་ཀྱིས་ནི་ཁྱེད་རྣམས་ཀྱིས་སོ།། སྲིད་ན་མི་འཇིགས་སེམས་ཅན་ཕྲན་པར ་བགྱི་སྟེ། ཆེན་པོ་ལ་བརྟོན་པས་འཇིགས་པ་དང་བྲལ་ནས་འཁོར་བར་འཇིག་རྟེན་པ་རྣམས་ལ་ཕན་པའི་དོན་བསྒྲུབ་པར་བགྱིའོ།། ཆེན་པོ་ལ་བརྟེན་ནའང་ལས་མི་དགེ་བས་བསྒྲིབས་པ་དག་རང་ལ་ཕན་པ་བྱེད་པའི་ནུས་པ་ཡང་མེད་པས ་སྔོན་གྱི་ཞེས་པ་ལ་སོགས་པ་གསུངས་ཏེ། སྔོན་མ་ཤེས་ནུས་ལས་མི་དགེ་བ་བྱས་པ་ལས་ཡང་དག་པར་འདའ་བར་བགྱིད་ཅིང་རྣམ་པར་སུན་འབྱིན་པ་ཀུན་དུ་སྤྱོད་པ་ལ་སོགས་པ་རྣམས་ཀྱིས་སྤང་བར་བགྱིའོ།། སྡིག་པ་གཞན་ཡང ་སླན་ཆད་མི་བགྱིད་དོ་ཞེས་པ་ནི་ཡང་སླན་ཆད་མི་བྱེད་པར་སྡོམ་པ་ལེན་པའོ།། དེ་ལྟར་ལུས་འབུལ་བ་ལ་སོགས་པ་མཆོད་པའི་ཡོ་བྱད་ཐམས་ཅད་ཕུལ་ནས། ཡང་མཆོད་པའི་ཁྱད་པར་བྱ་བ་བཞེད་ནས། རིན་ཆེན་འབར་བ་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། རིན་ཆེན་ནི་ཨིཏྤ་ནཱི་ལ་ལ་སོགས་པའོ།། འབར་བ་ནི་འོད་གསལ་བའོ།། གང་ཀ་བ་ཡིད་དུ་འོང་བ་དེ་ནི་འདོད་པར་བྱ་བ་སྟེ། ཁྲུས་ཀྱི་ཁང་པ་དེར་དེ་བཞིན་གཤེགས་པ་རྣམས་ལ་བདག་གིས་ཁྲུས་གསོལ་ལོ་ཞེས་སྦྱར་རོ།། ་ཡང་ཇི་ལྟ་བུར་གྱུར་པ་ཞེ་ན། མུ་ཏིག་རང་བཞིན་ཞེས་པ་མུ་ཏིག་གིས་སྤྲས་ཤིང་བཀོད་པའོ།། འོད་ཆགས་ནི་འོད་གསལ་བ་སྟེ། བླ་བྲེ་ཉིད་ནི་བླ་བྲེ་ཡིན་ལ། གང་དེ་དག་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། གསལ་བ་ནི་ཤིན་ཏུ་དྲི་མ་མེད ་པ་སྟེ། འཚེར་བ་ནི་འོད་ཟེར་དང་ལྡན་པའོ།། འདི་ཤེལ་གྱི་ཡིན་པས་ཤེལ་ཞེས་པས་ཏེ། བསྟར་བ་ནི་ས་གཞི་སྤྲས་པའི་ཁྱད་པར་རོ།། གང་དྲི་ཞིམ་པ་དེར་ཏཱ་ཨ་ག་རུ་ནག་པོ་དང་ཙན་དན་ལ་སོགས་པས་བདུགས་ཤིང་བསྒོས་པའི་ཁྲུས་ཀྱི་ཁང་པ ་པ་དེར་ཡིད་འོང་དྲི་ཆུ་མེ་ཏོག་གིས་བཀང་བ་ནི་ཆུ་དང་། མེ་ཏོག་དང་། ཡིད་དུ་འོང་བའི་དྲི་དེ་རྣམས་ཀྱིས་བཀང་བའོ།། རིན་ཆེན་རང་བཞིན་བུམ་པ་ནི་དེ་དག་བཻ་ཌཱུརྱ་ཆེན་པོ་ཡང་ཡིན་ལ་རིན་པོ་ཆེའང་ཡིན་ཏེ། དེའི་རང་བཞིན་ནོ།། དུ་མ་ཡིན་ཞེས་པ ་ནིནཱིནི་བརྒྱ་དང་སྟོང་དང་བྱེ་བ་རྣམས་ཀྱིས་སོ།། དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ།། གླུ་དང་རོལ་མོར་བཅས་པས་བདག་ཁྲུས་གསོལ། ཞེས་པ་ནི་ཡིད་འཕྲོག་པའི་གླུ་དང་གར་དང་རྫ་རྔ་ལ་སོགས་པའི་རོལ་མོ་དང་བཅས་པ་རྣམས ་ཀྱིས་སོ།། དེ་དག་ནི་དེ་བཞིན་གཤེགས་པ་མཐའ་ཡས་པ་དང་དེའི་སྲས་སོ།། མཚུངས་པ་མེད་པ་ནི་མཉམ་པ་མེད་པ་སྟེ། གོས་ནི་དུ་གུ་ལའི་རས་ཡིན་ལ། གཙང་བ་ནི་དྲི་མ་བཀྲུས་པ་སྟེ། དྲི་མ་མེད་པ་ཞེས་བྱ་བའི་དོན་ཏོ།། དྲི་རབ་བསྒོས་པ ་ནི་ཨ་ག་རུ་ལ་སོགས་པའི་བདུག་སྤོས་རྣམས་ཀྱིས་སོ།། སྐུ་ནི་སྐུ་སྟེ། ཕྱི་བ་ནི་བྱི་དོར་བྱ་བའོ།། དེ་ནས་ཞེས་པ་ནི་ཕྱིས་པའི་འོག་ཏུའོ།། ལེགས་བསྒྱུར་བ་ནི་ལེགས་པའི་ཚོན་གྱིས་ཤིན་ཏུ་ལེགས་པར་བསྒྱུར་བ་སྟེ། ལེགས་པའི་བདུག་སྤོས ་རྣམས་ཀྱིས་བདུག་པ་རྣམས་འབུལ་བའོ།། ན་བཟའ་དམ་པ་ནི་བླ་ན་མེད་པའི་གོས་སོ།། དེ་ལ་ནི་དེ་རྣམས་ཏེ། བཟང་པོ་ནི་ལྷ་ཡུལ་དུ་བྱུང་བ་ལྷ་ལ་འོས་པའོ།། སྲབ་པ་ཡང་ཡིན་ལ་རེག་བྱ་འཇམ་པ་ཡང་ཡིན་ཏེ། འཇམ་ཞིང་ཕྲ་བའོ།། སྣ་ཚོ ་པ་ནི་ཁ་དོག་དུ་མའོ།། མཛེས་པར་བྱས་པ་སྟེ། གང་ལ་ན་བཟའ་ཡང་ཡིན་ལ་རྒྱན་མཆོག་ཀྱང་ཡིན་པ་དེས་ཏེ་ལྷབ་ལྦུབ་གཙོ་བོར་གྱུར་པས་སོ།། དེ་དང་དེ་དག་གིས་ཤེས་པ་ནི་ཅོད་པ་ནི་དང་། གདུ་བུ་དང་དཔུང་རྒྱན་དང་། དོ་ཤལ་དང་། ་རྐང་གདུབ་ལ་སོགས་པ་དེ་རྣམས་ཀྱིས་ཀུན་ཏུ་བཟང་དང་། མི་འཕམ་པ་དང་། འཇམ་དབྱངས་དང་། འཇིག་རྟེན་དབང་ཕྱུག་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ལ་བརྒྱན་པར་བགྱིས་ཏེ་ཆས་སུ་བགྱིའོ།། སྟོང་གསུམ་ཀུན་ཏུ་ཞེས ་པ་ལ། གླིང་བཞི་པ་སྟོང་དང་། དེ་བཞིན་དུ་སོ་སོར་ཟླ་བ་དང་ཉི་མ་དང་། རི་རབ་དང་། འདོད་པའི་ལྷ་དང་། ཚངས་པའི་འཇིག་རྟེན་རྣམས་ནི་སྟོང་སྤྱི་ཕུང་དུ་འདོད་ལ། དེ་ལྟ་བུ་དེ་སྟོང་དུ་བསྒྲེས་པ་ནི་སྟོང་གཉིས་པ་བར་མ་ཡིན་ཏེ། དེ་སྟོང་ནི་སྟོང ་གསུམ་ཡིན་ན་གླིང་བཞི་པ་བྱེ་བ་ཕྲག་བརྒྱ་ཞེས་བྱ་བའི་དོན་ཏོ།། དེ་ལྟར་དེ་ཕྱོགས་ཐམས་ཅད་དུ་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དང་། སྟོང་གསུམ་ཐམས་ཅད་དུ་དང་ལྡང་བར་བྱེད་པའི་ངང་ཚུལ་གང་ལ་ཡོད་པ་དེ་སྐད་ཅེས་བྱ ་རྣམ་པ་དེ་ལྟ་བུའི་དྲིའི་བྱུག་པོ་གང་ལ་ཡོད་པ་དེ་སྐད་ཅེས་བྱ་སྟེ། དྲི་མཆོག་དེ་རྣམས་ཀྱིས་ཏེ། གཞི་མཉམ་པ་དང་། ཙན་དན་ལ་སོགས་པ་རྣམས་ཀྱིས་སོ།། ཐུབ་དབང་གི་སྐུ་དེ་དག་བྱུག་པར་བགྱི་སྟེ་བསྐུ་བར་བགྱིའོ།། ཅི་ལྟ་བུར་གྱུར་པ་དོག ་ལ་ཞེ་ན། བཅོམ་ནི་ཁ་སྦྱར་དུ་བསྐོལ་བ་ལ་སོགས་པས་ནང་གི་དྲི་མ་སྤོངས་སུ་སྦྱངས་པའོ།། བྱི་དོར་བྱས་པ་ནི་རོ་ནྡ་ནཱ་ལ་སོགས་པའི་ནོར་བུས་ཕྱི་བདྨར་བྱས་པའོ།། སྦྱངས་པ་ནི་བུལ་ཏོག་དང་། སྐྱུ་རུ་ར་དང་། ་ལན་ཚྭ་ལ་སོགས་པས་ཕྱིའི་དྲི་མ་བཀྲུས་པའོ།། དེ་ལྟ་བུར་གྱུར་པ་ཡང་ཡིན་ལ། གསེར་ཡང་ཡིན་པ་དེའི་འོད་ཆགས་ནི་འོད་ཟེར་ཞེས་པའི་དོན་ཏོ།། དེ་དང་འདྲ་བར་འབོར་ཞིང་འོད་ཟེར་དང་ལྡན་པའོ།། འདི་ཡང་འཇིག་རྟེན་ལ ་གྲགས་པས་བཤད་པ་ཡིན་ཏེ། དེ་བཞིན་གཤེགས་པའི་སྐུ་མཛེས་པ་ལ་ནི་འཇིག་རྟེན་ན་དཔེ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ།། ང་ནི་ཕྲེང་བའི་མཆོད་པ་ཐུབ་དབང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མན་ད་ར་ནི་ལྷ་རྣམས་ཀྱི ་མེ་ཏོག་གི་ཁྱད་པར་རོ།། མལླི་ཀ་ནི་བ་རཱི་ཀའོ།། དེ་དག་ལ་སོགས་པ་ཐམས་ཅད་དེ། དྲི་ཞིམ་པའི་མེ་ཏོག་ཡིད་འཕྲོག་པ་རྣམས་ཀྱིས་མཆོད་གནས་ཀྱི་མཆོག་ཐུབ་པའི་དབང་པོ་རྣམས་ལ་མཆོད་པར་བགྱིའོ།། མེ་ཏོག་ཀྱང་ཡིན ་ལ་ཕྲེང་བ་ཡང་ཡིན་ཏེ། སྤེལ་ལེགས་ཡིད་འོང་ཞེས་པ་ནི་ལེགས་པར་བསྒྱུར་ཅིང་སྤྲས་པའི་ཁྱད་པར་ཏེ། འདོད་པར་འོས་པ་རྣམས་ཀྱིས་སོ།། སྤོས་ཀྱི་མཆོད་པ་སྤོས་མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་པ་ལྔ། རྒྱས ་པ་ནི་སྡུག་པའོ།། ཁྱབ་པ་ནི་འཕོ་བའམ་དྲི་ཆེ་བར་ལྡང་བའོ།། དེ་ལྟ་བུའི་དྲི་བ་དུག་པའི་སྤྲིན་ཚོགས་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། བདུག་པ་དེ་རྣམས་སྤྲིན་ལྟ་བུར་ན་མཁའི་དཀྱིལ་དུ་འཁྲིགས་པའི་གཟུགས་ཅན་ཏེ། ་སྐྱེས་བུ་སྟག་ལ་སོགས་པ་རྣམས་ཀྱི་ཞེས་པ་ལྟར་དཔེར་བྱས་པའི་ཚིག་བསྡུས་པའོ།། བདུག་པ་རྣམས་ཀྱི་ཚོགས་ཏེ། སྤྲིན་བཞིན་དུ་གྱེན་དུ་འགྲོ་བ་རྣམས་ཀྱི་ཞེས་པའི་དོན་ཏོ།། དེ་ལ་ཞེས་པ་ནི་ཐུབ་པའི་དབང་པོ་ལའོ།། དབུལ་བར ་བགྱི་ཞེས་པ་ནི་བདུག་པ་རྣམས་ཀྱིས་ལྷག་པར་བསྒོ་བར་བགྱིའོ།། བ་ཤོས་གཙང་གི་མཆོད་པ་ཞལ་ཟས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞལ་ཟས་ནི་གང་ཞིག་ཞལ་བཀང་ནས་གསོལ་བའོ།། བཟའ་བ་ནི་གང་ཁམ་དུ ་བཅད་ནས་ཏེ་སྣུམ་ཁུར་ལ་སོགས་པའོ།། བཏུང་བ་ནི་གང་བཏུང་བར་བྱ་བ་དེ་ཉིད་དོ།། སྐོམ་ལ་སོགས་པའོ།། སྣ་ཚོགས་པ་ནི་རྣམ་པ་དུ་མ་ལེགས་པར་སྦྱར་བ་དེ་རྣམས་ཀྱིས་སོ།། དེ་ལ་ཞེས་པ་ནི་ཐུབ་དབང་རྣམས་ལའོ།། དབུ ་བར་བགྱི་བ་ནི་སྦྱིན་པར་བགྱི་བའོ།། མར་མེའི་མཆོད་པ་གསེར་གྱི་པདྨ་ཞེས་པ་ལ་སོགས་པ་གསུངས་ཏེ། རིན་པོ་ཆེ་ལས་གྲུབ་པའི་སྒྲོན་མ་དེ་རྣམས་ཚར་དུ་དང་ར་བ་གང་ཡིན་པ་དེ་དག་ལ་དེ་སྐད་ཅེས་བྱའོ།། གང་དུ་ཞེ་ན། ་གསེར་གྱི་པདྨ་རྣམས་སུའོ།། སྤོས་ཀྱི་བྱུག་པ་དེར་ཞེས་པ་ནི་ཙན་དན་དང་གུར་གུམ་ལ་སོགས་པ་རྣམས་བྱུགས་པའོ།། མུ་ཏིག་རིན་ཆེན་རྒྱན་ཕྲེང་ཞེས་པ་ནི་གང་མཛེས་པའི་ཕོ་བྲང་ཡིན་ལ། དཔག་ཡས་ནི་ཕོ་བྲང་གི་ཚོགས ་ཏེ། འཇིག་རྟེན་གསལ་བར་བྱེད་ཅིང་མཛེས་པར་བྱེད་པ་རྣམས་སོ།། གསེར་གྱི་རང་བཞིན་གྱི་ཡུ་བ་ཅན་དབྱིབས་སྡུག་པ་མུ་ཏིག་གིས་མཛེས་པར་བྱས་པ། རིན་པོ་ཆེའི་རང་བཞིན་གྱི་གདུགས་ཡིན་ལ་བསྒྲེང་བ་ནི་ཡུ་པ་གྱེན་དུ ་བསྒྲེང་པའོ།། ད་ནི་མཆོད་པའི་ཡོ་བྱད་ཉེ་བར་བསྡུ་བ་བསྟན་པའི་ཕྱིར། དེ་ལ་སོགས་པ་གསུངས་པ། འདི་ལ་སོགས་པ་བདག་གིས་ཕུལ་བ་མཆོད་པའི་སྤྲིན་དང་། གཞན་ཏེ་ལྷ་ལ་སོགས་པས་ཕུལ་བ ་བ་བསྐལ་པའམ་བསྐལ་པ་ལས་ལྷག་པ་མཆོག་ཏུ་འཇུག་པས་རབ་ཏུ་གནས་པར་གྱུར་ཅིག་པའོ།། རོལ་མོའི་སྦྱིན་རྣམས་ཀྱང་ཞེས་པ་ནི་རྫ་རྔ་ལ་སོགས་པ་བརྡུང་བར་བྱ་བ་རྣམས་ཡིན་ལ། བསྡུས་དབྱངས་ནི་ཚོགས་པའི་གླུ་ཞེས་བྱ་བའི ་དོན་ཏོ།། ཡང་ན་བསྡུས་དབྱངས་ནི་གར་དང་གླུ་དང་རོལ་མོ་རྣམས་ཚོགས་པ་ལ་བརྗོད་དོ།། དེ་རྣམས་ཀྱི་སྤྲིན་ན་དུ་མ་ཚོགས་པ་ཡིན་ལ། དེ་ཡང་སེམས་ཅན་ཐམས་ཅད་ཚིམ་པ་སྟེ། སེམས་ཅན་ཐམས་ཅད་དགའ་བར་བྱེད་པ་ཡིན་ལ། ་མཉན་པར་བྱེད་ནུས་པ་རོབ་ཏུ་གནས་པར་གྱུར་ཅིག་ཅེས་འབྲེལ་པ་ནི་མ་ཡིན་ནོ།། དམ་པའི་ཆོས་ལ་སོགས་པ་རྣམས་ལ། སྤྱི་མདོར་བསྡུས་ནས་མཆོད་པ་དམ་ཆོས་ཞེས་བྱ་བ་ལ་ལ་སོགས་ཏེ། གསུང་རབ་ཡན་ལོག་བཅུ་གཉི ་ཀྱིཀྱི་བདག་ཉིད་དམ་པའི་ཆོས་རིན་ཆེན་ཐམས་ཅད་ལ་ཡིན་ལ། རིན་ཆེན་བཞིན་དུ་རིན་ཆེན་ཡིན་ཏེ། དངོས་པོའི་དེ་ཁོ་ན་ཉིད་གསོལ་བར་བྱེད་པའི་ཕྱིར་དང་། མཆོག་ཏུ་ཞི་བར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ།། མཆོད་རྟེན་ནི་དེ ་བཞིན་གཤེགས་པའི་མཆོད་རྟེན་ཡིན་ལ། སྐུ་གཟུགས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གཟུགས་བརྙན་རྣམས།། རིན་ཆེན་མེ་ཏོག་ལ་སོགས་ཆར་ཞེས་པ་ནི་མེ་ཏོག་གི་ཆར་དང་། རིན་པོ་ཆེའི་ཆར་རོ།། སོགས་པའི ་སྒྲས་ཀྱང་ཙན་དུན་གྱི་བྱེ་མྦྷ་དང་། གོས་ལ་སོགས་པ་བཟུང་ན། འཁོར་བ་ཇི་སྐྱིད་པར་རྒྱུན་མི་འཆང་བའོ།། བླ་ན་མེད་པའི་མཆོད་པ་བསྟན་པའི་ཕྱིར། འཇམ་དབྱུངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇམ་པའི་དབྱངས་དང་། ་ཀུན་ཏུ་བཟང་པོ་དང་། མི་ཕམ་པ་དང་། འཇིག་རྟེན་མགོན་པོ་ལ་སོགས་པས་བཅུའི་དབང་ཕྱུག་གི་བྱང་ཆུབ་སེམས་དཔའ་རྣམས་སོ།། ཇི་ལྟར་ཞེས་པ་ནི་གོང་གི་ལྷག་པོའི་བསམ་པས་དེ་བཞིན་གཤེགས་པ་རྣམས་མཆོད ་པ་དེ་བཞིན་དུ་དེའི་མོས་པས་བདག་གིས་ཀྱང་དེ་བཞིན་གཤེགས་པ་རྣམས་དང་སྲས་བྱང་ཆུབ་སེམས་དཔའི་ཚིགས་དང་བཅས་པ་རྣམས་ལ་མཆོད་དོ།། བསྟོད་པའི་མཆོད་པ། བདག་གི་དབྱངས་ཀྱི་ཡན་ལག་ཅེས་པ་ལ་སོགས་པ ་གསུངས་ཏེ། དབྱངས་ནི་ས་འཛིན་བདུན་ལ་སོགས་པ་ཡིན་ལ། དེ་རྣམས་ཀྱི་ཡན་ལག་ནི་རབ་ཏུ་དབྱེ་བ་ཡིན་ཏེ། ཀ་མོ་ད་ལ་སོགས་པའོ།། དེ་རྣམས་རྒྱ་མཚོ་བཞིན་དུ་ཤིན་ཏུ་མང་བས་ནི་རྒྱོ་མཚོའོ།། དེ་རྣམས་ཀྱིས་བསྟོད་པ་ནི་བསྟོད་དབྱང ་དུ་མས་བསྟོད་པ་རྣམས་དེ། གླུ་དབྱངས་རྣམས་བསྡུས་པའོ།། དེ་རྣམས་ཀྱི་སྤྲིན་འབྱུང་གྱུར་ཅིག་སྷོ། ཉེ་བར་གནས་པར་གྱུར་ཅིག་པའོ།། དེ་རྣམས་ཡིན་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཡིན་ལ། གཞན་ནི་མ་ཡིན་ཏོ།། ་ཇི་ལྟར་བདག་གི་ཉེ་བར་བརྟགས་པ་དེ་ལྟ་ཉིད་ཡིན་ནོ་ཞེས་པའི་ཐ་ཚིག་གོ། སངས་རྒྱས་དང་ཆོས་དང་དགེ་འདུན་དཀོན་མཆོག་གསུམ་ལ་ཕྱག་འཚལ་བའི་མཆོད་པ། དུས་གསུམ་ཞེས་པ་ལ་སོགས་པ་གསུངས་པ་ལ། ཕྱོགས ་བཅུའི་སངས་རྒྱས་ཀྱི་ཞིང་ཇི་སྙེད་པ་དེ་དག་གི་རྡུལ་ཕྲ་མོ་ཇི་སྙེད་པའི་གྲངས་དེ་སྙེད་ཀྱིས་ཏེ། དུས་གསུམ་གཤེགས་པ་ཀུན་ཞེས་པ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དེ་བཞིན་གཤེགས་པའོ།། ་ལྟ་བུར་གྱུར་པ་ཞིག་ལ་ཞེ་ན། ཆོས་དང་ཚོགས་ཀྱི་མཆོག་བཅས་ལ་སྟེ། ཚོགས་རྣམས་ཀྱི་མཆོག་ནི་རྩེ་མོར་གྱུར་པ་སྟེ། བྱང་ཆུབ་སེམས་དཔའི་ཚོགས་སོ།། ཆོས་ཀྱང་ཡིན་ལ་ཚོགས་མཆོག་ཀྱང་ཡིན་ཏེ། དེ་དག་དང་ལྷན་ཅིག་པའོ།། དེ་བཞི ་གཤེགས་པའི་མཆོད་རྟེན་རྣམས་ལ་ཕྱག་འཚལ་བ། མཆོད་རྟེན་རྣམས་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ།། སྟེང་དང་བར་དང་འོག་དག་དང་།། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཡང་།། སྐུར་བཅས་སྐུ་ནི་མེད་པ་ཡི།། མཆོད ་རྟེན་རྣམས་ལ་བདག་ཕྱག་འཚལ།། ཞེས་བྱ་བའི་དོན་ཏོ།། བྱང་ཆུབ་སེམས་ཀྱི་གཞི་རྣམས་དང་ཞེས་བྱ་བ་ནི་སྐྱེས་པའི་རབྱས་དང་། རྟོགས་པ་བརྗོད་པ་དང་། བལྟམས་པ་ལ་སོགས་པའི་གནས་རྣམ་སོ།། ཕྱག་འོས་ཞེས་པ་ནི་སངས ་རྒྱས་རྣམས་ཏེ་མཆོད་པར་འོས་པའོ།། དེ་ལྟར་འདིས་ནི་མཆོད་པ་དང་ཕྱག་འཚལ་བའི་ཚེ་ག་བརྗོད་དོ།། མཆོད་པའི་ཆོ་ག་འདི་ཡང་དམ་ཚི་གསུམ་གྱི་རྒྱལ་པོ་ལས་བསྟན་པ་ཡིན་ཏེ། ཐང་ལས་སྐྱེས་པའི་རིན་པོ་ཆེའི་རི་བོ་དང་། ཆུ ་ལས་སྐྱེས་པའི་རིན་པོ་ཆེའི་རི་བོ་དང་། ཆུ་དང་ཐང་ལས་སྐྱེས་པའི་ཕྱོགས་བཅུ་ན་གནས་པའི་བདག་གིར་ཡོངསུ་བཟུང་བ་མེད་པ་རྣམས་དབུལ་བར་བྱའོ་ཞེས་ཇི་སྐད་བརྗོད་པ་ལྟ་བུའོ།། ཕྱོགས་འོདིས་སྨན་ཐམས་ཅད་དང་། བཅུད་ཀྱི ་ཀྱི་ལེན་ཐམས་ཅད་དང་། ཆུའི་དཀྱིལ་འཁོར་ཁ་ན་མ་ཐོ་བ་མེད་པ་རྣམས་དང་། འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྣམས་ན་རོ་དང་རེག་བྱ་ཕུན་སུམ་ཚོགས་པའི་ས་ཞག་དང་། བདུད་རྩིའི་ཤིང་དང་། མ་རྨོས་པའི་འབྲས་དཀར་དང་། ་བྱང་གི་སྒྲ་མི་སྙན་རྣམས་དང་། འཇིག་རྟེན་གྱི་ཁམས་རྣམ་པར་དག་པ་རྣམས་ན་ཤིན་ཏུ་ཡིད་དུ་འོང་བའི་ལོངས་སྤྱོད་རྣམས་ཀྱང་ངོ་།། དཀོན་མཆོག་སྦྱིན་ལས་ཀྱང་། མདོ་སྡེ་རྣམས་སུ་བརྗོད་པའི་རྒྱ་ཆེ་བའི་མཆོད་པའི་ལས་གང ་འདི་རྣམས་ལྷག་པའི་བསམས་པ་ཤིན་ཏུ་དྲག་པོས་དེ་རྣམས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཡོངས་སུ་བསྔོ་བར་བྱེད་པ་དང་། དེ་བཞིན་དུ་ངེས་སྣ་ཚོགས་པའི་མཆོད་པའི་ལས་རྣམས་ཡོངས་སུ་སེམས་པར་བྱེད ་དེ་ཞེས་གསུངས་སོ།། ད་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་སྔོན་དུ་སོང་བའི་སྡིག་པ་བཤགས་པ། བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱབས་ཀྱི་དོན་ནི་སྐྱོབ་པའི་དོན་ཡིན་ལ། མཆི་བ་ནི་དེའི་བཀའ་ཡོངས་སུ ་སྐྱོསྤྱོ་པ་ཡིན་ཏེ། གང་ཞིག་གང་ལ་སྐྱབས་སུ་འགྲོ་བ་དེ་ནི་དེའི་བཀའ་ལས་འདའ་བ་མ་ཡིན་ནོ་ཞེས་པའི་དོན་ཏོ།། བྱང་ཆུབ་སྙིང་པོར་ཞེས་པ་ལ། སྙིང་པོའི་སྒྲ་འདི་ནི་སྙིང་པོའི་ཚིག་སྟེ། མར་གྱི་སྙིང་པོ་དང་འོ་མའི་སྙིང་པོ་ཞེས་པ ་བཞིན་ནོ།། དེ་ལྟ་ན་ཇི་སྲིད་དུ་བྱང་ཆུབ་ཀྱི་སྙིང་པོ་ཡང་དག་པར་རྫོགས་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཞེས་པའི་དོན་ཏེ།། ཕྱོགས་རྣམས་ཀུན་ནས་བཞུགས་པའི་ཞེས་པ་ལ། གསོལ་བ་ནི་ཞེས་པ་སངས་རྒྱས་དང་བྱང་ཆུབ་སེམས ་དཔའ་རྣམས་མདུན་དུ་དམིགས་ནས་བསམ་པ་ཐུག་པས་འདི་སྐད་ཅེས་བརྗོད་པར་བྱའོ་ཞེས་པ་འདི་སྟོན་པ་ནི་ཐལ་མོ་སྦྱར་ཏེ་ཞེས་པས་ནི་ལུས་ཀྱི་རྣམ་པར་རིག་བྱེད་བརྗོད་དོ།། ལག་པ་གཉིས་ཁྭ་སྦྱར་བར་བྱས་པ ་ནི་ཐལ་མོ་སྦྱར་ཞེས་པའི་དོན་ཏོ།། ཐོག་མ་ད་ལྡན་ཞེས་པ་ནི་སྔོན་གྱི་སྐྱེ་བ་བརྒྱུད་པ་ཡིན་པ། ཚེ་རབས་འདི་ཞེས་པ་ནི་སྐྱེ་བ་འདི་ཉིད་ལ་ཡང་སྟེ། སྔ་མ་འབའ་ཞིག་ནི་མ་ཡིན་ནོ།། མ་འཚལ་ཞེས་པ་ནི་བདག་ཉིད་གཏི་མུག་ཆེན་པོ་ཉིད་དུ་བསྟན ་ཏོ།། དེ་ལ་ལུས་དང་ངག་དང་ཡིད་གསུམ་པོ་མས་ཀྱིས་རྣམ་པ་གསུམ་བྱས་པའང་སྟེ། བགྱིད་དུ་སྩལ་པ་ནི་ངག་དང་ཡིད་ཀྱིས་ཡིན་ལ་རྗེས་སུ་ཡི་རང་བ་ཡང་ངོ་།། བདག་ནོན་ཕྱིར་ཞེས་པ་ནི་དེའི་ལས་ཀྱི་འབྲས་བུ་བདག་ཉིད་ལ་སྨིན་པའི ་ཕྱིར་རོ།། ནོངས་པ་དེ་ནི་ཞེས་པ་ནི་ལྟུང་བ་སྟེ། བཤགས་པ་ནི་འཐོལ་བ་སྟེ་བསལ་བར་བྱེད་ཅིང་མི་འཆབ་པའོ།། འགྱོད་བགྱིས་ནས་ཞེས་པ་ནི་དུ་མྱལ་བ་ལ་སོགས་པར་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་སྡུག་བསྔལ་བ་ཐོབ་པས། ་དོ་ནི་ཇི་ལྟར་གཙོ་བོར་གྱུར་པའི་སྡིག་པ་བཤགས་པ་དཀོན་མཆོག་གསུམ་ཞེས་པ་ལ་སོགས་པ་གསུངས་པ། དཀོན་མཆོག་གསུམ་ནི་བླ་ན་མེད་པའི་ཞིང་ཡིན་ལ། པ་ཞེས་བྱ་བ་ལ་སོགས་པས་ནི་ཕན་འདོགས་པའི་ཞིང་ཡིན་ཏེ། ་དེ་ལ་གནོད་པས་ནི་སྡུག་བསྔལ་གྱི་རྣམ་པར་སྨིན་པ་རྒྱ་ཆེ་བ་དྲ་བ་ཡིན་པའི་ཕྱིར་རོ།། ཉེས་པ་དུ་མས་སྐྱོན་ཆགས་པ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པས་སྐྱོན་ཆགས་པ་སྟེ། རང་དབང་དུ་མ་ཡིན་ནོ་ཞེས་བྱ་བའི ་དོན་ཏོ།། སྡིག་པའི་ལས་ལ་སྐྱོ་བར་བྱ་བ་གསུངས་པ། ཇི་ལྟར་འདི་ལས་ཏེ་རྣམ་པ་གང་གིས་སོ།། མི་དགེ་བ་འདི་ལས་སོ།། མྱུར་བ་ནི་ཤིན་ཏུ་མྱུར་བར་རོ།། ཁྱེད་ཅིའི་ཕྱིར་རིངས་ཤེ་ན། བདག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་སྲིད་དུ ་སྡིག་པ་བྱེད་པར་མ་བྱས་པ་དེ་སྲིད་དུ་བདག་འཆི་བར་མ་གྱུར་ཅིག་ཅེས་པ་སྟེ། གཞན་དུ་ན་ངན་སོང་དུ་འགྲོ་བས་འཇིགས་པའི་ཕྱིར་རོ།། ཅི་སྟེ་སྡིག་པ་བྱང་བར་མི་བྱས་པར་ཁྱེད་ལ་འཆི་བའི་གཽ་སྐབས་མེད་པ་ཡིན་ནམ་ཞེ་ན། བྱས་དང ་མ་བྱས་ཞེས་པ་ལ་སོགས་པ་གསུངས་ཏེ། རེ་ཞིག་འདི་ནི་བྱས་ལ་འདི་ནི་མ་བྱས་སོ་ཞེས་ཏེ་འཆི་བས་མི་སྡོད་དོ།། ཡིད་བརྟན་པ་ནི་ཡིད་ཆེས་པར་བྱས་ནས་ཏེ་དེས་འཇོམས་པའོ།། བདག་ནད་མེད་པ་དང་ལང་ཚེ་དང་། སྟོབས་དང་ལྡན ་པའི་ལུས་ཡིན་ནོ་ཞེས་བསྟན་པ་ར་མི་བྱའོ།། ཅིའི་ཕྱིར་ཞེ་ན། གློ་བུར་ཐོག་ཆེན་ཞེས་ཏེ་མ་བསམས་པར་ཐོག་འབབ་པ་དང་འདྲའོ།། གང་ཞིག་དེ་ལྟར་སྡིག་པས་འཇིགས་ན་འོ་ན་ཅིའི་ཕྱིར་དེ་བྱེད་ཅེ་ན། མཛའ་དང་ཞེས་པ་ལ་སོགས་པ ་གསུངས་ཏེ། མཛའ་བ་ནི་བདག་དང་བཻདག་གི་པ་ཡོན་ལ། མི་མཛའ་བ་ནི་དེ་ལ་གནོད་པ་བྱེད་པ་ཡིན་ཏེ། མཛའ་བ་ལ་ཕན་པ་དང་བདེ་བ་དང་། མི་མཛའ་བ་ལ་བཟློག་པར་བྱེད་པའོ།། རྣམ་པ་སྣ་ཚོགས་བྱས་པ་ནི་སྲོག་གཅོད་པ་དང ་མ་བྱིན་པར་ལེན་པ་ལ་སོགས་པའི་དབྱེ་བ་སྟེ། རྣམ་པ་དུ་མའོ།། འདི་དག་ཐམས་ཅད་ཡུན་མི་རིང་བར་དོར་བར་བྱ་བ་མ་ཡིན་ནམ། དེ་ཅིའི་ཕྱིར་ན་དོན་མེད་པའི་སྡིག་པ་སོགས་པར་བྱེད་ཅེ་ནི། ཐམས་ཅད་ཅེས་པ་ལ་སོགས་པ ་གསུངས་ཏེ། ཐམས་ཅད་ནི་མཛའ་བ་དང་མི་མཛའ་བ་ཡིན་ལ། དེ་བོར་ནས་འགྲོ་བར་བྱ་བ་ཡིན་པར་བདག་རྨོངས་པས་འདི་མ་ཤེས་ཏེ་ཡོངས་སུ་མ་བསྒོམསོ།། དེ་ནི་ལྷག་མ་ཅི་ཞིག་གནས་ཞེ་ན། དེ་དེ་ཞེས་པ་ལ ་སོགས་པ་གསུངས་ཏེ། དངོས་པོ་གང་དང་གང་ཞེས་པ་ནི་བདེ་བའི་རྒྱུ་དང་སྡུག་བསྔལ་གྱི་རྒྱུ་ཡིན་ལ་སྤྱད་པ་ནི་དེ་མྱོང་བའོ།། ཡང་ཅིའི་ཕྱིར་འདི་ལྟར་ཡིན་ཞེ་ན། རྨི་ལམ་བཞིན་དུ་ཞེས་པ་ལ་སོགས་པ་གསུངས་ཏེ། དཔེར་ན་རྨི་ལམ་གྱི ་གནས་སྐབས་ན་ཉམས་སུ་མྱོང་བ་ཞིག་སྟེ། མི་མཐོང་ཞིང་དེར་དྲན་པ་འབའ་ཞིག་ལྷག་མ་ཡིན་ནོ།། དེ་བཞིན་དུ་གཞན་ཡང་སྟེ། མཛའ་བ་ལ་སོགས་པ་དང་འགྲོགས་པ་ཐམས་ཅད་སྐྱེ་བ་འདི་ཉིད་ལ་མི་བརྟན་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར ་རེ་ཞིག་གནས་པ་ཞེས་པ་ལ་སོགས་པ་གསུངས་ཏེ། གནས་པ་ཞེས་པ་ནི་ཡོད་པ་ཉིད་ནའོ།། འདས་པ་ནི་མི་རྟག་པ་ཉིད་ཀྱིས་བཟུང་བར་བདག་གི་དེ་ལྟར་མཐོང་ངོ་།། གལ་ཏེ་དེ་ལྟར་ན་དེའི་དོན་དུ་བྱས་པའི་སྡིག་པ་ཡང་དེ་ཡང་ལྷམ ་ཅིག་ཏུ་འགྲོ་བར་འགྱུར་རོ་ཞེ་ན། དེ་དག་དོན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་རྣམས་ནི་མཛའ་བ་ལ་སོགས་པ་ཡིན་ལ། དེའི་དོན་དུ་ནི་དེའི་རྒྱུ་མཚན་དུ་བྱས་པའི་སྡིག་པ་ཡིན་ཏེ། དེ་ལ་འོད་བདག་གི་མདུན་ཉིད་ན་གནས ་པ་ཡིན་ལོ།། དེ་ཡང་བདག་དང་ལྷན་ཅིག་ཏུ་འགྲོ་ཞེས་པོའི་དོན་ཏོ།། ཅི་སྟེ་དེ་ལྟར་མཐོང་ན་ཡང་ཅི་ལྟར་བསླས་ཤེ་ན། དེ་ལྟར་ཞེས་པ་ལ་སོགས་པ་གསུངས་ཏེ། བདོག་ནི་གང་གི་ཡང་པོ་ཤེས་པ་དང་གང་ཡང་བདག་གི་ངོ་ཤེས་པ་མ ་ཡིན་ནོ་ཞེས་དེ་ལྟར་བདག་གིས་རྟོགས་པར་མ་གྱུར་ཏེ་སྤྱད་པ་མ་ཡིན་ནོ།། རྒྱུ་དེས་ན་བདག་དང་བདག་གི་བ་ལ་རྗེསུ་ཆགས་པ་དང་། དེ་དང་མི་མཐུན་པར་སྤྱོད་པ་ལ་ཞེ་སྡང་བ་དེ་ཁོང་ཁྲོ་བའོ།། ཁྱེད་ཀྱི་ཚེ་ནཱ་ཤིན་ཏུ་ཡུནྡ་རིང་བ་ཡིན་ནོ།། ། ་འཆི་བའི་དོགས་པ་ཅི་ལྟར་ཡོད་དེ་ཅིའི་ཕྱིར་འདི་ལྷུར་འཇིགས་ཞེ་ན། ཉིན་མཚོན་ཞེས་པ་ལ་སོགས་པ་གསུངས་ཏེ། ཉིན་མཚན་དུ་ཚེ་འགོད་པར་འགྱུར་ཏེ། ཚེའི་འདུ་བྱེད་ཟད་པར་འགྱུར་རོ།། སྡོད་པ་ཡོད་མེད་པརརེ་ཞེས་པ་ནི་སྐད་ཅིག ་ཡང་འགོད་པ་ལ་རྒྱུན་ཆད་པ་མེད་དོ།། འོང་བ་ནི་རྗེས་སུ་འཇུག་པ་ཡིན་ལ་དེ་ཡང་བསྣོན་པ་སྟེ། སྲིད་པའི་ཆ་ཙམ་ཡང་ཡོད་པ་མ་ཡིནོ།། དེ་ལྟར་ན་བདག་ཅིའི་ཕྱིར་འཆི་བར་མི་འགྱུར་ཏེ། འོན་ཀྱང་རིང་པོར་གནས་ནས་ཀྱང་གསོན ་པ་ནི་མཐར་འཆི་བར་འགྱུར་རོ།། དེ་ལྟར་ཡང་གང་གི་དོན་དུ་སྡིག་པ་བྱས་པ་དེ་ཡང་དམྱལ་བ་ལ་སོགས་པར་དེའི་འབྲས་བུ་སྡུག་བསྔལ་ཉམས་སུ་མྱོང་བའི་ཚེ་དེ་ཡཱད་དང་ལྷན་ཅིག་ཏུ་སྐལ་པ་ལེན་པར་གྱུར་ཏེ། དེ་ཅིའི་ཕྱིར་ན། འཇིགས་པར ་བྱེད་ཅེ་ན། རེ་ཞིག་འཇིག་རྟེན་ཕྱི་མ་ལྟ་ཞོག་སྟེ། འདི་ན་ཞེས་པ་ནི་སྲིད་པ་ནི་སྲིད་པ་འདི་ཉིད་ནའོ།། འཆི་བ་དང་ཉེ་བའི་སྡུག་བསྔལ་གྱིས་ནོན་པ་གཉེན་འདབ་དང་འཁོར་གྱི་ནང་ན་གནས་ནས་ཡང་ངོ་།། གནད་ཆད་པའི་ཚོར་བ་དག་ཅེས ་བ་ནི་སྐོམ་པ་དང་ལུས་ཚ་བ་ལ་སོགས་པའི་སྡུག་བསྔལ་བདག་ཉིད་གཅིག་པུས་མྱོང་བར་འགྱུར་གྱི། དེའི་ཆ་ཤིན་ཏུ་ཆུང་ངུ་ཡང་གཞན་ལ་འབྱུང་བ་མ་ཡིན་ནོ།། དམྱལ་བ་ལ་སོགས་པར་ཅི་སྨོས་ཞེས་སྟོན་པ་ནི་གཤིན་རྗེའི་ཕོ་ཉ ་ཞེས་པ་ལ་སོགས་པ་གསུངས་ཏེ། དུས་ཀྱི་ཕོ་ཀུ་ཟིན་པཱ་ནི་དེས་བྱིན་གྱིས་བརླབས་པ་ཡིན་ཏེ། སྐུ་ལ་ཞུགས་པས་བཅིངས་ནས་ཐོ་བས་བརྡུང་བཞིན་དུ་འབྲོག་དགོན་པའི་ཚེར་མ་སྟུག་པོ་ཅན་དང་པ་བོང་ཐག་ཐུག་ཅན ་རྣམས་ཀྱི་རྐང་པ་གཅོད་ཅིང་ཅིང་གྲོགས་མེད་པའི་ལས་ཉམས་སུ་མྱོང་བའི་སར་ཁྲིད་པ་ན། གཉེན་གྱིས་ཅི་ཕན་པཤེས་ཅི་ཕན་ཞེས་པ་ཡིན་ཏེ། དེར་གྲོགས་འགའ་ཡང་སྐྱབསུ་འགྱུར་བ་མ་ཡིན་ལ་དེ་ཚྭ་བསོད་ནམས་གཅིག་སྐྱབས་ན། དེ ་ཡང་བདག་གིས་མ་བསྟེན་ཏོ།། སྐབསུ་གྱུར་པའི་བསོད་ནམས་དེ་ཡང་བདག་གིས་མ་བསགསོ།། ཡང་སྡིག་པ་ལས་སྐོ་བར་བྱ་བ་མགོན་པོ་ཞེས་པ་ལ་སོགས་པ་གསུངས་པ་ལ་མི་རྟག་པ་ནི་ཚེ་མི་གནས་པའོ།། འཇིགས་པ་ནི་འཛིན ་པས་ཏེ། འདི་འདྲ་ཞེས་པ་ནི་དམྱལ་བ་ལ་སོགས་པའི་སྡུག་བསྔལ་འབྱུང་བར་འགྱུར་བ་མ་ཤེས་ཏེ་མ་མཐོང་ནས་སོ།། བདག་མེད་ཅེས་པས་ནི་ལང་ཚེ་དང་གཟུགས་དང་ནོར་དང་། དབང་ཆེ་བ་ལ་སོགས་པ་རྒྱགས་པར་གྱུར་པས་སོ།། ། ་ཡང་ཅིའི་ཕྱིར་ཁྱེད་ལ་དེ་ལྟ་བུའི་སྐྱོ་བ་མང་དུ་འབྱུང་ཞེ་ན། སྐྱེ་བོ་ཡང་ལག་གཅོད་ཅེས་པ་ལ་སོགས་པ་ཏེ། དམྱལ་བའི་སྡུག་བསྔལ་ལས་རྐང་པ་དང་ལག་པ་བཅད་པ་ལས་བྱུང་བའི་སྡུག་བསྔལ་འདི་ཤིན་ཏུ་ཆུང་བ་ཡིན་ཏེ། དེ་ལྟ་ན ་ཡང་དེ་ལ་གཽནས་སྐབས་འདི་ལྟ་བུར་འགྱུར་ཏེ། སྐམས་པ་ནི་བདག་ཉིད་ཐམས་ཅད་ཉེ་བར་སྐམས་པར་གྱུར་པ་དང་། སྐོམ་པ་སྟེ་སྐེམ་གྱིས་གདུངས་པ་དང་། མིག་རྩ་ངན་པ་ནི་ཕོངས་པའི་ལྟ་སྟངས་སོ།། གཞོན་དུ་ནི་བཟློག་པར་རོ།། ་དམྱལ་བའི་སྡུག་བསྔལ་ཤིན་ཏུ་ཆེ་བའི་གཤིན་རྗེའི་ཕོ་ཉ་ཞེས་པ་ལ་སོགས་པ་གསུངས་ཏེ། འཇིགས་འཇིགས་ལྷའི་ཞེས་པ་ནི་འཇུག་པར་བྱེད་པས་སོ།། བྱིན་གྱིས་བརླབས་པ་ནི་བདག་གིར་བྱས་པའོ།། འཇིགས་ཆེན་ནད་ཀྱི་ཐེབས་གྱུར ་པ་ནི་ཟིན་པར་གྱུར་པའོ།། མི་གཙང་བྱུང་བ་ནི་དེ་ལས་བྱུང་ཞིང་ལུག་པའོ།། གོས་པ་ནི་འབགས་པའོ།། བྲེད་ཤ་ཐོན་པ་ནི་ཞན་པ་སྟེ། ཕྱོགས་བཞིར་སྐྱབས་དག་གསོལ་ཅིང་ཚོལ་བར་བྱེད་དོ།། ཇི་ལྟར་བྱེད་ཅེ་ན། སུ་ཞིག་ཅེས་པ་ལ་སོགས ་པ་གསུངས་པ་ལ། ལེགས་པར་ནི་རྒྱུ་མཚན་མེད་པར་བྱས་པའོ།། སྐྱོབས་པའི་ཡོངས་སུ་སྐྱོབ་པར་བྱེད་པའོ།། དེ་ལྟ་ན་ཡང་གང་གི་ཚེ་གང་དུ་ཡང་སྐྱབས་མ་མཐོང་ནས་དེའི་ཚེ་སླར་ཡང་སྐྱབས་མེད་པས་ཀུན་ཏུ་ཡི་མུག་འགྱུར་རོ།། ་དེའི་ཚེ་དེའི་དུས་ན་ཇི་ལྟར་བྱ་བ་ཐམས་ཅད་ལ་ནུས་པ་མེད་པ་ན། གནས་དེར་ཞེས་པ་ནི་རབ་ཏུ་ཆེ་བ་ལ་སོགས་པ་དམྱལ་བའི་སར་རོ།། དེ་ལྟ་བས་ན་ད་ལྟར་ཉིད་དུ་ཕྱིར་བཅོས་པ་ཉམས་སུ་བླངོ་བར་རིགསོ་ཞེས་པ་ནི། དེ་བས་རྒྱལ་བ ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགྲོ་བའི་མགོན་ནི་དབུགས་འབྱིན་པ་དང་ཡིད་བརྟན་པའི་གནས་སུ་གྱུར་པའི་འདྲེན་པའོ།། སྟོབས་ཆེན་ནི་ཐམས་ཅད་དུ་ནུས་པ་ཐོགས་པ་མེད་པ་སྟེ། འགྲོ་བ་སྐྱོབ་པའི་དོན་བརྩོན་པ་ཞེས་པ་ནི། སེམས ་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པའི་དོན་དུ་བརྩོན་པའོ།། གལ་ཏེ་ལྟ་མོད་ཀྱི། དེ་ལ་བརྟེན་ན་ཡང་འཇིགས་པ་ཉེ་བར་ཞི་བར་མི་འགྱུར་ན་དེའི་ཚེ་སྐྱབསུ་འགྲོ་བས་ཅི་ཞིག་བྱ་ཞེ་ན། འཇིགས་པ་ཀུན་སེལ་ཞེས་གསུངས་ཏེ། སྡུག་བསྔལ་བ ་ཐམས་ཅད་སེལ་བར་བྱེད་པའོ།། ཆོས་དང་དགེ་འདུན་དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་ནི། དེ་ཡིས་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ཡིས་ཞེས་བྱ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སོ།། ཐུགསུ་ཆུད་པ་ནི ་མངོན་དུ་བྱས་པ་སྟེ། མྱ་ངན་ལས་འདས་པའི་ཆོས་ཞེས་པའི་དོན་ཏོ།། འཁོར་བའི་འཇིགས་པ་སེལ་པོ་ནི་ཉོན་མོངས་པ་ཐམས་ཅད་ཀྱི་གཉེན་པོར་གྱུར་པའི་ཕྱིར་རོ།། ཡང་དག་ཅེས་པ་ནི་མཆོག་ཏུ་དད་པས་ཏེ། སྒྱུ་དང་གཡོ་ཡིས་སམ ་ཐེ་ཚོམ་གྱི་བསམ་པས་མ་ཡིན་པའོ།། བྱང་ཆུབ་སེམས་དཔའི་ཚོགས་ཞེས་པ་ནི་དགེ་འདུན་ལ་ཡང་དེ་བཞིན་ཡང་དག་པར་རོ།། ད་ནི་ཇི་ལྟ་བ་བཞིན་དུ་གཙོ་བོར་གྱུར་པའི་བྱང་ཆུབ་སེམས་དཔའ་རྣམས་པ་ལུས་འབུལ་བ་ནི་བདག ་ནི་འཇིགས་པས་ཞེས་པ་ལ་སོགསུ་པདྨ་གསུངས་ཏེ། འཇིགས་པས་རྣམ་སྐྲག་ནས་ནི་དམྱལ་བ་ལ་སོགས་པའི་འཇིགས་པས་རྣམ་པར་འཁྲུགས་ནས་སོ།། ཀུན་ཏུ་བཟང་པོ་ནི་བྱང་ཆུབ་སེམས་དཔའ་སྟེ། བདག་ཉིད་འབུལ་བ་ནི་ངེས ་པར་དབུལ་བར་བགྱི་བའོ།། འཇམ་པའི་དབྱངས་ལའང་སྟེ་འཇམ་པའི་མགོན་པོ་ལའོ།། བདག་ཉིད་ཀྱིས་ཞེས་པ་ནི་གཞན་གྱིས་བསྐུལ་བས་མ་ཡིན་ཏེ་རང་ཉིད་ཀྱི་སེམས་དང་བས་ཞེས་པའི་དོན་ཏོ།། དེ་ལ་ཡང་ཞེས་པ་ནི་རབ་ཏུ ་གླགས་པ་ཡིན་ལ། སྤྱན་རས་གཟིགས་མགོན་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གོ། ཐུགས་རྗེའི་སྤྱོད་པ་མ་འཁྲུལ་པ་ཞེས་པ་ནི་འདི་ལ་སྤྱོད་པའི་ངང་ཚུལ་ཡོད་པ་ནི་ཐུགས་རྗེའི་སྤྱོད་པ་མ་འཁྲུལ་པའོ།། འདི་ནི་དེ་ཉིད ་ཀྱི་ཁྱད་པར་རོ།། འོ་དྲོད་འབོད་པ་ནི་གླང་ཆེར་འབོད་པའོ།། ཉམ་ཐག་དཱ་རོས་ཞེས་པ་ནི་བྱ་བའི་ཁྱད་པར་ཏེ། སྡུག་བསྔལ་ཞིང་ཞན་པས་བྱེད་པའི་ང་རོའོ།། འཇིགས་པ་ནི་ལས་ཀྱི་རྣམ་པར་སྨིན་པ་ལ་སྐྲག་པའོ།། དེས་ཞེས་པ་ནི་བཅོམ་ལྡན ་འདས་སྤྱན་རས་གཟིགས་ཀྱིས་སོ།། སྡིག་ལྡན་བདག་ལ་ཞེས་པ་ནི་སྡིག་པ་བྱས་པ་བདག་ལ་སྐྱོབས་ཤིག་པའོ།། འཕགས་པ་ན་མཁའི་སྙིང་པོ་ཞེས་པ་ནི་བྱང་ཆུབ་སེམས་དཔའོ།། སའི་སྙིང་པོ་ཡང་བྱང་ཆུབ་སེམས་དཔའ་གཞན་ཏེ། འདོད ་འབོད་ཅེས་ཕྱི་མ་དང་འབྲེལ་ཏོ།། ཐུགས་རྗེ་ཆེན་པོ་ཐམས་ཅད་ལ་ཞེས་པ་ནི་གོང་མཚན་སྨོས་ནས་མ་བརྗོད་པ་གང་ཡིན་པ་དེ་དག་ཀྱང་མཆོག་ཏུ་ཐུགས་རྗེ་དང་ལྡན་པ་ཡིན་ཏེ། གཞན་སྡུག་བསྔལ་བས་སྡུག་བསྔལ་བར་གྱུར་པའོ།། གང་ཞིག ་མཐོང་ནས་ཞེས་པ་ནི་གང་ཞིག་མཐོང་བ་ཙམ་གྱིས་སོ།། ཕོ་ཉ་ལ་སོགས་ཞེས་པ་ལ་སོགས་པའི་སྒྲས་ནི་གནོད་སྦྱིན་དང་སྲིན་པོ་ལ་སོགས་པ་གཞན་དག་ཀྱང་སྟེ། སྡང་བ་རྣམས་འཇིགས་པར་གྱུར་ནས་འབྱེར་བྱེད་པ་སྟེ་ཐག་རིང་དུ ་འབྲོས་པར་བྱེད་པའི་རྡོ་རྗེ་ཅན་ལ་ཕྱག་འཚལ་ཞེས་ཕྱག་འཚལ་བར་བྱེད་པའོ།། རྡོ་རྗེ་ཅན་ནི་གང་ལ་རྡོ་རྗེ་ཡོང་པ་སྟེ། བྱང་ཆུབ་སེམས་དཔའ་ཕྱུག་ན་རྡོ་རྗེའོ།། དེ་ལྟར་སྐྱབས་སུ་འགྲོ་བ་ལ་སོགས་པ་འདིས་ནི་སྡིག་པ་ཟད་པར ་བའི་དོན་དུ་རྟེན་གྱི་སྟོབས་བརྟན་པ་ཡིན་ནོ།། གང་འཕགས་པ་ཆོས་བཞི་པའི་མདོ་ལས་དེ་ལ་རྟེན་གྱི་སྟོབས་ནི་སངས་རྒྱས་དང་ཆོས་དང་། དགེ་འདུན་ལ་སྐྱབསུ་འགྲོ་བ་དང་། བྱང་ཆུབ་ཀྱི་སེམས་མི་གཏོང་བའོ།། དེ་སྟོབས་དང་ལྡན ་པ་ལ་བརྟེན་ནས་སྡིག་པས་ཟིལ་གྱིས་གནོན་པར་མི་ནུས་སོ་ཞེས་གསུངས་སོ།། ཡང་གཞན་དུ་དོགས་པ་བསལ་བའི་དོན་དུ་སྔོན་ཆད་ཅེས་པ་ལ་སོགས་པ་གསུངས་པ་ལ། ཁྱེད་ཀྱི་བཀའ་ལས་ཞེས་པ ་ནི་ཁྱེད་ཀྱིས་བཀའ་སྩལ་པ་ལས་འདས་པར་བྱས་པ་སྟེ། ད་ནི་སྟེ་ད་ལྟའོ།། འཇིགས་པ་ཆེ་མཐོང་ནས་ནི་གང་གི་ཕྱིར་དེ་ལས་འདས་པས་མི་འདོད་པའི་འཇིགས་པ་སྟེ། མི་འདོད་པའི་འབྲས་བུས་སྐྲག་ནས་སྐྱབས་སུ་མཆི་ལགས་ཀྱིས་སོ།། ། ་དེ་ལྟ་བས་ན་གཞན་དུ་དོགས་པར་མི་བྱ་བས་དེའི་ཕྱིར་འཇིགས་པ་བསལ་དུ་གསོལ་ཞེས་པ་ཡིན་ཏེ། སྔོན་བྱས་པའི་སྡིག་པའི་འཇིགས་པ་བསལ་བར་མཛོད་ཅིག་པའོ།། མྱུར་བ་ནི་སྐྱེན་པར་ཏེ། བདག་ནི་ཞེས་ཁོང་ནས་འབྱུང་ངོ་།། ། ་དེ་ལྟར་ན་ཡང་ཁྱོད་ཚིག་ལས་སུ་ཞིག་ཡིད་ཆེས་པོར་མི་འགྱུར་བ་མ་ཡིན་ནམ་ཞེས་དོགས་པ་ལ་འདིར་དོན་བསྟན་པར་བྱ་བའི་ཕྱིར། ཐ་མལ་ནད་ཅེས་པ་ལ་སོགས་པ་གསུངས་ཏེ། ཐ་མལ་ནི་འགྲོ་བཞིན་པར་འཇིག་པ་སྟེ། ཡུན་རིང ་མི་གནས་ཞེས་པའི་དོན་ཏོ།། ཡང་ནི་ཡང་བའོ།། འདི་དེ་ཡང་ཡིན་ལ་ནད་ཀྱང་ཡིན་པ་སྟེ། དེ་ལ་འཇིགས་པ་ཡིས་སྨན་པའི་ངག་བཞིན་བྱ་དགོས་ན་སྟེ། བདག་གི་ནད་ནི་འཕེལ་བར་མ་གྱུར་ཅིག་ཅེས་པས་སྨན་པའི་ངག་ལས་འདས ་བར་མི་བྱ་ན་ནད་བརྒྱས་ཐེབས་པས་འདའ་བར་མི་བྱ་བ་ལྟ་ཅི་སྨོས་ཏེ། ཡང་ལྟ་སྨོས་ཅི་དགོས། བཞི་བརྒྱ་བཞི་ཡིས་ལྷག་པ་ཡིན་ཞེས་པ་ལ། བཞི་ཡིས་ལྷག་པའི་བཞི་བརྒྱ་རྣམས་ཀྱིས་ཞེས་པའི་དོན་ཏོ།། དུས་མ་ཡིན་པར ་འཆི་བ་བརྒྱ་དང་དུས་སུ་འཆ་བ་གཅིག་ན་བརྒྱ་རྩ་གཅག། དེ་དག་གསོལ་ཡང་རླུང་དང་མཁྲིས་པ་དང་བད་ཀན་དང་དེ་དག་འདུས་པ་ལས་གྱུར་པ་ནི་ནད་བཞི་བརྒྱ་རྩ་བཞིར་འགྱུར་རོ།། རྒྱུ་ཐ་དད་པས་འབྲས་བུ་ཐ་དད་པ་ཡིན་ལ། འབྲས ་དད་པས་རྒྱུ་ཐ་དད་པར་རྣམ་པར་གཞག་པ་ཡིནོ།། དེ་ལྟ་ན་ཡང་གང་ཞིག་མེད་པ་དེ་ལ་ཅིའི་ཕྱིར་འཇིགས་པར་བྱེད་ཅེ་ན། དེ་གཅིག་གིས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནད་ཀྱིས་འཁྲུགས་པ་དེ་གཅིག་གིས་ཀྱང་ངོ་།། ་གང་གི་ཕྱིར་འཛམ་གླིང་ན་གནས་པའི་མི་ཀུན་དེ་སྲོག་ཆགས་རྣམས་སོ།། རླག་བྱེད་པ་ནི་འཆི་བར་བྱེད་པའོ།། གཞན་ཡང་གང་དག་ནད་རྣམས་ཀྱི་སྨན་དེ་རྩི་སྨན་གསོ་བའི་དོན་དུ་གང་ནས་ཀྱང་མི་རྙེད་ནའོ།། འདིར་ཡུལ་ཀ་ཤིའི ་རྒྱལ་པོ་པོད་མའི་སྐྱེས་པའི་རབས་སུ་བསྟན་པ་འདི་ལྟར་ཐོས་ཏེ། འདས་པའི་དུས་ན་བཅོམ་ལྡན་འདས་འདི་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཀ་ཤིའི་རྒྱལ་པོ་པདྨ་ཞེས་བྱ་བར་གྱུར་ཏེ། དེའི་ཚེ་འཛམ་བུའི་གླིང་པའི་མི་ཐམས ་ཅད་ལ་ནད་ཆེན་པོས་བཏབ་པར་གྱུར་ནས་འཆི་བ་ན་དེ་དག་གིས་འདི་ལྟར་བགྲོས་ཏེ་བདག་ཅག་གི་རྗེ་རྒྱལ་པོ་འདི་མཆོག་ཏུ་སྙིང་རྗེ་དང་ལྡན་པ་སླར་འཆོས་པར་མཛད་ལགས་ཀྱིས་འདི་ཉིད་ལ་བདག་ཅག་གི་སྡུག་བསྔལ་ཞི་བར་བྱའོ།། ་ཞེས་དེ་དག་གིས་དེ་ལྟར་ངེས་པར་བཟུང་ནས་འདུག་སྟེ། ཀྱེ་རྒྱལ་པོ་ཆེན་པོ་རྗེ་མཆོག་ཏུ་ཕན་པར་བཞེད་པ་ཁྱེད་བཞུགས་བཞིན་དུ་ཡང་བདག་ཅག་འདི་འདྲ་བའི་གནས་སྐབས་སུ་གྱུར་ཏོ་ཞེས་རྒྱལ་པོ་དེ་ལ་རང་གི་སྡུག་བསྔལ་བསལ ་པར་བྱས་པར་གྱུར་ཏོ།། རྒྱལ་པོ་དེ་ཡང་སྙིང་རྗེས་གཞན་གྱི་དབང་དུ་གྱུར་པའི་ཡིད་ཀྱིས་དེ་དག་གི་སྡུག་བསྔལ་མ་བཟོད་ནས་མྱུར་དུ་འདི་དག་གི་ནད་ཀྱི་གདུང་བ་ལ་སོལ་ཅིག་ཅེས་སྨན་པ་རྣམས་ལ་བཀའ་བསྒོའོ།། ་དེ་དག་གིས་ཀྱང་དེ་བཞིན་བགྱིའོ་ཞེས་སླར་མཉན་ནས་གསོ་བའི་བསྟན་བཅོས་བལྟས་པ་དང་ཉྫ་རོ་ཧི་ཏའི་འཕྲལ་གྱི་ཤ་ལས་སྐྱབས་གཞན་མ་རྙེད་ནས་དེ་བཞིན་དུ་རྒྱལ་པོ་ལ་སླར་གསོལ་ཏོ་ཞེས་རྒྱ་ཆེར་རོ།། འདི་ཉིད་སློབ་དཔོན་ལ་ཀཱི ་ནས་སྐྱེས་པའི་རབས་ཀྱི་བསྟོད་པར་ཡང་བསྟན་ཏོ།། ཟུག་རྔུ་ཐམས་ཅད་འབྱིན་པ་ཡི་ཞེས་པ་ནི་ལུས་དང་ཡིད་ལས་བྱུང་བའི་ཟུག་རྔུ་དུ་མ་འདོན་པའིའོ།། བདག་ཉིད་སྨད་པའི་གནས་ཡིན་ཏེ། ཤིན་ཏུ་ངན་ཅིང་གཏི་མུག་པར་གྱུར་པ་ཡིན།། ་དེ་ལྟར་ཤེས་ཀྱང་གལ་ཏེ་དེ་བཞིན་གཤེགས་པའི་བཀའ་ལྟར་མི་བྱེད་པ་ནི་ཕྱིར་ཕྱོགས་ཤིང་མི་བསྟན་པ་ཡིན་ལ། དེའི་ཚེ་བདག་ལ་གཽ་ཏི་མུག་མཐར་ཐུག་པ་ཡོད་པ་ཡིན་ཏེ་བདག་སྨད་པར་བྱ་བ་ཡིན་ནོ་ཞེས་པའི་དོན་ཏོ།། ཅིའི་ཕྱིར་དེ ་ལྟར་ཡིན་ཞེ་ན། གཡང་ས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གྲ་ཡང་ས་ཐ་མལ་ཆུང་ངུ་ནི་རི་ལ་སོགས་པའི་གཡང་ས་ཆུང་ངུ་ཡིན་ཏེ། གང་དུ་རུས་པ་འཆག་པ་ཙམ་འམ་འཚོ་བ་ཙམ་གྱི་སྡུག་བསྔལ་དུ་གྱུར་པ་ཡིན་ལོ། དཔག ་ཚད་སྟོང་དུ་ལྟུང་བ་ཞེས་ཏེ་དཔག་ཚད་སྟོང་ཕྲག་དུ་མའི་ཚད་ཀྱི་མནར་མེད་པ་ལ་སོགས་པའི་གཡང་ས་ཞེས་པའི་དོན་ཏོ།། ཡུན་རང་ཞེས་པ་ནི་གང་དུ་བར་གྱི་བསྐལ་པ་ལ་སོགས་པས་ཚེ་གཏུགས་པའོ།། དེ་ལྟར་འཆི་བ་མ་མཐོང་བ་ཉིད ་ཡིན་ཏེ། ཅིའི་ཕྱིར་སྐབས་མ་ཡིན་པར་སྔར་བས་བདེ་བར་གནས་པ་འདོར་ཞེས་པའི་དོགས་པ་སྤང་བར་མི་ནུས་སོ་ཞེ་ན། དེ་རིང་ཞེས་པ་ལ་སོགས་གསུངས་ཏེ། གདོན་མི་ཟ་བར་ཞེས་པ་ནི་འདི་ངེས་པའོ།། དེ་ལྟ་ནའང་འཇིགས ་བྱོར་མི་རིགསོ་ཞེ་ན། བདག་ལ་མི་འཇིགས་ཞེས་པ་ལ་སོགས་པ་གསུངས་པ་ལ། གང་གིས་ན་འཇིགས་པར་མི་འགྱུར་བར་གནས་པ་མ་འཇིགས་ཤིག་ཅེས་མི་འཇིགས་པ་སྐྱེས་བུ་དམ་པ་སུ་ཡིས་བདག་ལ་བྱིན་ཞེས་པའི ་དོན་ཏོ།། ཡང་ན་གལ་ཏེ་ངེས་པར་ཐར་པའི་ཐབས་ཡོད་པ་དེ་ལྟར་ན་ཡང་འཇིགས་པར་མི་རིགས་ཏེ། དེ་ཡང་ཡོད་པ་མ་ཡིན་ལ། སྡུག་བསྔལ་འདི་ལས་ཇི་ལྟར་ངེས་པར་འགྱུར་ཏེ། འགྱུར་བ་མ་ཡིན་ནོ།། བཅོམ་ལྡན་འདས་ཀྱི ་གསོན་པ་ཐམས་ཅད་འཆི་བའི་མཐར་གཏུགས་པར་འགྱུར་རོ་ཞེས་གསུངསོ།། འདིས་ཀྱང་ཡིད་བདེ་བར་གནས་པར་མི་རིགས་སོ་ཞེས་བསྟན་པའི་ཕྱིར། སྔོན་ཚད་མྱོང་སྟེ་ཞེས་པ་ལ་སོགས་པ་གསུངས་པ་ལ། མངོན་ཞེན་ནས ་ཞེས་པ་ནི་ཆགས་ནས་སོ།། བླ་མའི་ཞེས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། དགེ་བའི་བཤེས་གཉེན་རྣམས་ཀྱིའོ།། དེའི་ཕྱིར་འདིརྭ་ཉིན་མཚན་དུ་འདི་ཡིད་ལ་བྱ་བར་རིགས་སོ་ཞེས་གསོན་ཚེ་འདི་དང་ཞེས ་པ་གསུངས་པ་ལ། གསོན་ཚེ་ནི་སེམས་ཅན་གྱི་འཇིག་རྟེན་ཡིན་ལོ། འདི་ནི་མི་ལ་སོགས་པ་རིགས་མཐུན་པའི་མཚན་ཉིད་ཡིན་ཏེ། གཅིག་པུ་ཞེས་པ་ནི་གྲོགས་མེད་པའོ།། གཤེད་ཞེས་པ་ན་ངེས་པ་མེད་པའི་གནས་སོ།། མི་དགེ ་བ་ལས་ཞེས་པ་ནི་མི་དགེ་བའི་ལས་ལས་ཏེ། དེ་ལས་ཞེས་པ་ནི་མི་དགེ་བའི་ལས་སོ།། ད་ནི་ལས་དང་འབྲས་བུ་ངེས་པར་བྱས་པས་མངོན་པར་ཞེན་པ་ཆེན་པོའི་སྒོ་ནས་ཡང་ལྟུང་བ་བཤགས་པ་བྱའོ་ཞེས་བསྟེན ་པའི་ཕྱིར། བདག་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། བྱིས་པ་ཞེས་པ་ནི་མི་ཤེས་པ་ཉིད་ཡིན་ལ། གཏི་མུག་པས་ཞེས་པ་ནི་གཏི་མུག་གི་མུན་པོས་སོ།། གང་ཅུང་ཟད་ཅེས་པ་ནི་ལུས་དང་ངག་དང་ཡིད་རྣམས་ཀྱིས་སོ།། རང་བཞིན་ཁ ་ན་མ་ཐོ་བ་ནི་སྲོག་གཅོད་པ་ལ་སོགས་པ་མི་དགེ་བ་བཅུའི་རང་བཞིན་ཡིན་ལ། བཅས་པའི་སྡིག་པ་ནི་སྡོམ་པ་བླངས་པ་རྣམས་ཉིད་ལ་བཅོམ་ལྡན་འདས་ཀྱིས་དུས་མ་ཡིན་པའི་ཟས་ལ་སོགས་པ་བཅས་པའི་རང་བཞིན་ནོ།། བཤག ་བཔར་བགྱི་ཞེས་པ་ནི་ངག་གི་རྣམ་པར་རིག་བྱེད་བསླང་བ་ཡིན་ལ་ཐལ་སྦྱར་ཞེས་པ་ནི་ལུས་ཀྱི་རྣམ་པར་རིག་བྱེད་དོ།། ཡང་དང་ཡང་དུ་ཕྱག་འཚལ་ནས་ཞེས་པ་ནི་ཤིན་ཏུ་ཡང་སེམས་སྐྱོ་བར་སྟོན་ཏོ།། ལྟུང་བ་ལ་ཞེས་པ་ནི་དམྱལ ་བ་ལ་སོགས་པ་རྣམས་སུ་འདུས་ཤིན་ཏུ་ལྟུང་བར་བྱེད་པས་ན་ལྟུང་བར་བྱེད་པས་ན་ལྟུང་བའོ།། ལས་མི་དགེ་བ་ཡིན་པའི་ཕྱིར་ནོངས་པོ་ཉིད་དེ་ཉེས་པ་ཉིད་དུའོ།། གཟུང་དུ་གསོལ་ཏེ་མཁྱེན་པ་དང་། གཟིགས་པ་དང་། རིག་པར་མཛོད ་ཙོག་པའོ།། སྒྲིབ་པ་མེད་པའི་སེམས་ཀྱིས་བདག་གི་སོ་བསལ་བར་བྱ་སྟེ། བདག་ལ་འཆིབ་པ་ཡོད་པ་མ་ཡིན་ནོ་ཞེས་པའི་དོན་ཏོ།། ཡང་འཆབ་པར་དོག་པས་སྤང་བར་འདོད་ནས་ཕྱིན་ཆད་མི་བྱེད་པའི་དོན་དུ་སྡོམ་པ་ལེན་པར་མགོན་པོ ་ས་པ་ལ་སོགས་པ་གསུངས་ཏེ། གླང་གི་ཚེ་འཕགས་པ་དགྱེས་ཤིང་གང་དུ་འཕགས་པ་མཉེས་པ། མཁས་པས་བསྒྲགས་པ་མ་ཡིན་པས་མགོན་པོ་བཟུང་པོ་མ་ལགས་པ་ནི་དམམུན་པ་སྟེ། འཕགས་བླམ་ཡིན་པའིས་དུ ་བརྗོད་དོ།། དེ་ནས་བཟུང་ཤེས་ཤིང་མཐོང་བཞིན་དུ་བློ་སྔོན་དུ་སང་བསྡུ་ས~ཾ་དེ་བདག་གིས་མཾ་སྠཱ། སྲན་ཆད་ཀྱང་མཾ་བགྱིད་པར་སྡོམ་པར་འཚུལ་ལ་ཞེས་པའི་དོན་ཏོ།། ཛ་ཡང་ཕུ་པོ་གསུམ་པ་གདོན་པའི་སྐབས་སུ་གས ་བར་འཆད་པར་འགྱུར་རོ།། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ། ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་བྱས་པ་ལས་སྡིག་པ་བཤུགས་ལེའུ་སྟེ་གཉིས་རིམ་པོ་བཞིཔ ་ད་ནི་སྡིག་ས་བཤེགས་པའི་དྲིམ་ཐག་ཏུ་བསོ་ནུམ་མྦྷ་ལ་རྗེས་སུཾ་ཡཾ་རང་བྱ། སེམས་པན་ཀུན་གྱི་ཞེས་བྱ་བ་མ་སོགས་པ་གསུངས་པ་ས། དམྱལ་བ་ལ་སོགས་པའི་འགྲོ་བ་སྡུག་བསྔས་རྣསས་སུ་མྱོང་བསུལ་བ་རྣམས་ལགས ་པར་བྱིས་པའི་རྣམ་པར་སྨིན་པ་ལ་བརྟེན་ནུས་བདེ་བ་རྫོབ་པས་རུས་ཅུང་ཟད་ཅིག་དུ་ངལ་བས་པའོ།། ངག་རབས་རྗེས་སུ་མི་རང་ངོ་ཞེས་བྱ་བ་ནཱི་སེམས་རབ་ཏུ་དང་བས་ཡང་དག་པར་དགའ་བར་འགྱི་བ་སྷོ།། སུ་སཾ་རང་བ་ཡང་རྣམ ་གསུམ་སྟེ། ཡིད་དང་ལུས་དང་ངག་གོས་སོ།། དེ་ལ་ཡིད་ཀྱིས་ནི་སེམས་རབ་ཏུ་དང་ཡང་དག་པར་དགའ་བར་བྱེད་པ་དང་། ལུས་ཀྱིས་ནོ་བསྤུ་ཟིང་ཞེས་བྱེད་པ་དང་། མཆི་མ་འབྱུང་བ་དང་། ལུས་འདར་བ་ཡི་སོགས་པ་ཉམས་སུ་མྱོང་བང ་ངག་གི་ཡང་དག་པར་དགའ་བའ་སེམས་ཀྱིས་ལེགས་པར་བྱས་སོ།། རབ་ཏུ་བྱས་སོ།། བཟང་པོ་ཞིག་ཏུ་བྱས་སོ་ཞེས་དེ་ལྟར་ངག་ཏུ་བརྗོད་ཅང་རྗེས་སུ་ཡི་རང་བར་བྱེད་པའི།། སྡུག་བསྔལ་ཅན་དག་བདེར་གནས་པ ་ཞེས་བྱ་བ་ནི་དེ་དག་གིས་གང་གི་དོན་དུ་ལས་དེ་བྱས་པ་དེ་ཡང་དེ་དག་གིས་ཐོབ་པར་གྱུར་ཅིག་སྙམ་དུ་དགོངས་པའོ།། འཇིག་རྟེན་པའི་ལས་ལ་རྗེས་སུ་ཡི་རང་བ་བྱས་ནས། འཇིག་རྟེན་ལས་འདས་པ་ལ་རྗེ་སུ་ཡི་རང་བ་ནི་ལུས་ཅན་ཞེས ་བྱ་བ་ལ་སོགས་པ་གསུངས་པ་ལ། སྡུག་བསྔལ་ལས་ངེས་པར་ཐར་པ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་བྱང་ཆུབ་བམ། རང་སངས་རྒྱས་ཀྱི་བྱང་ཆུབ་བམ་སེམས་ཀྱང་རུང་སྟེ། དེའི་དོན་དུ་བསྐྱེད་པ་དེ་ལ་དེ་སྐད་ཅེས་བྱའོ།། དེའི་ཚེ་བྱང་ཆུབ་གསུ ་ལ་གནས་པ་དེའང་བཟུང་ངོ་།། ལུས་ཅན་ཞེས་པ་ནི་སྲོག་ཆགས་སོ།། བྱང་ཆུབ་སེམས་དཔའ་དང་སངས་རྒྱས་ཉིད་ཅེས་པ་ལ། བྱང་ཆུབ་སེམས་དཔའ་ཉིད་ནི་བཅོམ་ལྡན་འདས་ཀྱི་རྒྱུའི་གནས་སྐབས་སོ།། སངས་རྒྱས་ཉིད་ནི་འབྲས་བུའི ་གནས་སྐབས་ཡིན་ནོ།། སྐྱོབ་པ་རྣམས་ནི་རང་གི་ཐུགས་སུ་ཆུད་པའི་ལམི་སྟོན་པ་པོ་རྣམས་ཀྱིས་སོ།། སྐྱོབ་པ་ཉིད་གཟིགས་ལམ་གསུང་བ་ཞེས་གང་གསུངས་པ་སྟེ། དེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། ཡང་ན་སྐྱོབ་པ་ནི་རྒྱུན ་གྱི་དོན་ཏོ།། འཁོར་བ་ཇི་སྲིད་པ་མི་གནས་པའི་མྱ་ངན་ལས་འདས་པར་གནས་སོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་ལ་རྗེས་སུ་ཡི་རང་བ་བྱེད་པ་ནི་ཐུགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐུགས་བསྐྱོད་པ་སྐད་ཅིག ་རེ་རེ་ལྷ་བྱུང་བ་ཡང་མཐའ་ཡས་ཤིང་གཏིང་ཐུག་པ་མེད་པས་རྒྱ་མཚོ་དང་འདྲ་བས་རྒྱ་མཚོའོ།། དེ་ཇི་ལྟ་བུར་གྱུར་པ་ཞིག་ཡིན་ཞེ་ན། སེམས་ཅན་ཐམས་ཅད་བདེ་མཛད་པ་ཞེས་བྱ་བ་སྟེ། སེམས་ཅན་ཐམས་ཅད་ལ་བདེ་བར་མཛད ་པ་ནི་རོ་དེ་ལ་གཅིག་ཏུ་ཞུགས་པའི་རང་བཞིན་ཅན་ཞེས་བྱ་བའི་དོན་ཏོ།། སེམས་ཅན་ཀུན་ལ་ཕན་མཛད་པ་ཞེས་བྱ་བ་ནི་ཕན་པ་མཛད་པ་པོ་རྣམས་སོ།། སྟོན་པ་ཞེས་པ་ལ་སྟོན་པ་ནི་བསྟན་པ་སྟེ། སངས་རྒྱས་ཉིད་ཀྱི་ཐབས་ལ་གོམས་པ ་ཡིན་ཏེ། དེའི་དོན་ཡིན་པས་བཏགས་པའི་ཕྱིར་རོ།། དེ་གང་ལ་ཡོད་པ་དེ་ལ་སྐད་ཅེས་བྱ་སྟེ། སྟོན་པ་ནི་བྱང་ཆུབ་སེམས་དཔའ་རྣམས་སོ།། དེ་སྐད་དུ། འདི་ནི་ཐབས་ལ་གོམས་པ་ཉིད། དེའི་ཕྱིར་དོན་ནི་བསྟན་པར་འདོད་ཅེས་བསྟན་ཏོ།། ། ་ཡང་ན་འདི་ལ་སྟོན་པའི་ངང་ཚུལ་ཡོད་པས་སྟོན་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ཡང་སྦྱིན་པ་ལ་སོགས་པ་བསྡུ་བའི་དངོས་པོ་རྣམས་ཀྱིས་སེམས་ཅན་རྣམས་བསྡུས་ནས་ཡང་དག་པའི་ལམ་ལ་འཇུག་པར་བྱེད་པ་ཡིན་ནོ།། དེ ་དག་གི་རྗེས་སུ་ཡི་རང་བ་བསྟན་ནས། བསྐུལ་བ་བསྟན་པོའི་ཕྱིར་ཕྱོགས་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། ཆོས་ཀྱི་སྒྲོན་མ་སྦར་དུ་ཞེས་བྱ་བ་ནི་མི་ཤེས་པས་བསྒྲིབ་པའི་སེམས་ཅན་ལམ་དང་ལ་མ་མ་ཡིན་པ་ཡོངས ་སུ་ཤེས་པ་མེད་པ་རྣམས་ལ་ཆོས་སྟོན་པ་པོའི་བདག་ཉིད་ཀྱི་སྣང་བ་མཛད་དུ་གསོལ་ཅིག་ཅེས་བྱ་བའོ།། དེ་དག་གིས་བསྐུལ་བ་བརྗོད་དོ།། གསོལ་བ་བཏབ་པ་བསྟན་པ་ནི། རྒྱལ་བ་མྱ་ངན་ཞེས་བྱ་བ་ལ་སོགས་པ་སྟེ། བྱ་བ་བྱས ་པས་ཡོངས་སུ་མྱ་ངན་ལས་འདས་པར་བཞེད་པའི་ཐུགས་མངའ་བ་རྣམས་ལ་བསྐལ་པ་མཐའ་ཡས་པར་བཞུགས་པར་གསོལ་བ་འདེབས་པའོ།། ལྗོངས་པར་མི་འགྱུར་བར་ཞེས་པ་ནི་སྔ་མ་བཞིན་དུ་ལམ་ཡི་ཤེས ་པ་དང་སེམས་པ་མེད་པར་མ་གྱུར་པར་རོ།། འདིས་གསོལ་བ་གདབ་པར་བསྟན་ནས། ད་ནི་གསོལ་པ་གདབ་པའི་དེ་མ་ཐག་ཏུ་ཡོངས་སུ་བསྔོ་བ་ནི། དེ་ལྟར་དེ་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་བསྟེན་པའི་རིམ་པས་དེ་དག ་ཀུན་མཆོད་པ་དང་། སྡིག་པ་བཤུགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་ལ་སོགས་པ་བྱས་ཏེ་བསྒྲུབས་ནས། དགེ་བ་ལེགས་པར་བྱས་པ་བདག་གིས་བསགས་པ་སྟེ། ཐོབ་པ་གང་ཡིན་པའི་དགེ་བ་དེས་ནི་སེམས་ཅན་ཐམས་ཅད་ཀྱི ་སྟེ་སྲོག་ཆགས་མཐའ་དག་གིའོ།། སྡུག་བསྔལ་ཐམས་ཅད་རབ་ཞིར་ནི་ཕོངས་པ་མ་ལུས་པ་རབ་ཏུ་ཞི་བར་བྱེད་ནུས་པར་གྱུར་ཅིག་པ་སྟེ་ཤོག་ནི་གྱུར་ཅིག་པའོ།། དེ་དག་གིས་སྤྱིར་ཡོངས་སུ་བསྔོས་ནས། ཡང་བྱེ་བྲག་ཏུ་འགྲོ་བ་ནད་པ ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེས་ནཱི་ཞེས་བྱ་བ་ཅི་རིགས་པར་ཐམས་ཅད་དུ་སྦྱོར་བར་བྱའོ།། ནད་པོ་ཞེས་པ་ནི་ནད་ཀྱིས་གདུངས་པའོ།། སྨན་ཞེས་པ་ནི་སྨན་ནོ།། སྨན་པོ་ནི་གསོ་དཔྱད་བྱེད་པའོ།། དེའི་ནད་གཡོག་ནི་ནད་པ་དེའི་རིམ ་གྲོ་བྱེད་པའོ།། ནད་སོས་གྱུར་གྱི་བར་ཞེས་པ་ནི་ཇི་སྲིད་དུ་ནད་མེད་པར་གྱུར་གྱི་བར་དུའོ།། བཀྲེས་པ་ནི་ལྟོགས་པའོ།། སྐོམ་པ་ནི་ཁ་སྐོམ་པ་སྟེ། དེ་དག་གི་གནོད་པའོ།། དེ་གཞོམ་པ་ནི་བཟློག་པའོ།། ཟས་དང་སྐོམ་གྱི་ཆར་ཕབ་སྟེ། བཟའ་བ་དང ་བཏུང་བ་ཕུན་སུམ་ཚོགས་པའི་རྒྱུན་རྣམས་ཀྱིས་སོ།། མུ་གེའི་བསྐལ་པ་བར་མའི་ཚེ་ཞེས་པ་ལ། བསྐལ་པ་མཚོན་དང་ནད་ནཱི། མུ་གེ་དག་གིས་ཚར་ཕྱིན་བྱེད། ཅེས་བྱ་བ་ཡིན་ཏེ། དེ་ལ་སྐྱེ་དགུ་རྣམས་ཚེ་ལོ་བཅུ་པན་བར་གྱི་བསྐུལ་པ ་མཐའ་མ་ལ་མུ་གེས་འཇིགས་པའོ།། ལོ་བདུན་དང་། ཟླ་བ་བདུན་དང་། ཉི་མ་བདུན་འབྱུང་བར་འགྱུར་ཏེ། བསྐལ་པ་མཚོན་དང་ནད་དང་ནི།། མུ་གེ་དག་གིས་ཚར་ཕྱིན་བྱེད།། ཞག་རྣམོས་དང་ནི་ཟླ་བ་དང་།། ལོ་བདུན་དག་སྟེ་གོ་རིམ ་བཞིན།། ཞེས་གང་བསྟན་པའོ།། དེར་ཟས་དང་སྐོམ་མེད་པས་གཅིག་ལ་གཅིག་གིས་ཤ་དང་རུས་པ་ཟ་བ་ཉིད་ཟས་ཡིན་ནོ།། ཁ་ཅིག་གིས་དེ་ཡང་མི་རྙེད་ལ་ཟས་མཽད་པས་འཆི་བར་འགྱུར་ཏེ། དེར་ཟས་དང་སྐོམ་དུ་གྱུར་ཅིག་པའོ།། ་དབུལ་བ་ཞེས་བྱ་བ་ནི་ནོར་མེད་པ་རྣམས་སོ།། མི་ཟད་ཅེས་བྱ་བ་ནོར་གང་གིས་ཕྲོགས་ཀྱང་ཟུང་མེད་པའོ།། ཡོ་བྱད་མཁོ་དགུ་སྣ་ཚོགས་སུ་ཞེས་པ་ནི་མལ་ཆ་དང་། སྟན་དང་། གནས་དང་། ན་བཟའ་དང་། རྒྱན་དང་། བྱུག་པ་ལ་སོགས ་པ་གང་དང་གང་སེམས་ཅན་རྣམས་འདོད་པ་དེ་དང་དེའི་ཡོ་བྱད་དེ་ཉེ་བར་མཁོ་བའི་བྱེ་བྲག་གི་རྣམ་པར་རོ།། བདག་ཉིད་ཉེ་བར་གནས་གྱུར་ཅིག་སྟེ། སོ་སོར་ཉེ་བར་གནས་པར་གྱུར་ཅིག་པའོ།། སེམས་ཅན་དབུལ་པོ་དེ་རྣམས་ཀྱི་མདུན ་དུ་ནི་སྔུན་དུའོ།། ཡོངས་སུ་བསྔོ་བ་འདི་ཡང་འཕགས་པ་རྡོ་རྗེ་རྒྱལ་མཚན་གྱི་མདོ་ལས་རྒྱ་ཆེར་བསྟན་ཏེ། དེ་ལས་འདི་སྐད་དུ། ངེས་དགེ་རྩ་བ་དེ་དག་ཡོངས་སུ་བསྔོ་བ་ན་འདི་ལྟར་ཡོངས་སུ་བསྡུ་སྟེ། དགེ་བའི་རྩ་བ་འོངས ་བདག་སྡུག་བསྔལ་གྱི་ཕུང་པོ་ཐམས་ཅད་བཟློག་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་གནས་སུ་གྱུར་ཅིག། ཉོན་མོངས་ཐམས་ཅད་ལ་ཡོངས་སུ་དགྲོལ་བའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་སྐྱོབ་པར་གྱུར ་ཅིག། འཇིགས་པ་ཐམས་ཅད་ལས་བསྲུང་བའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་སྐབས་སུ་གྱུར་ཅིག། ས་ཐམས་ཅད་ཀྱི་རྗེ་སུ་འགྲོ་བའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་རྟེན་དུ་གྱུར་ཅིག། ཤིན་ཏུ་གྲུབ་པ་དང་བདེ་བ་ཐོབ་པར་བྱ་བའི ་ཕྱིར་སེམས་ཅན་ཐམས་ཅད་ཀྱི་དཔུང་གཉེན་དུ་གྱུར་ཅིག། རབ་རིབ་མེད་པའི་ཡེ་ཤེས་ཀུན་ཏུ་བསྟན་པའི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་སྣང་བར་གྱུར་ཅིག། མ་རིག་པའི་མུན་པ་བཟློག་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི ་སྒྲོན་མར་གྱུར་ཅིག་ཅེས་བྱ་བ་ལ་སོགས་པ་རྒྱ་ཆེར་འབྱུང་སྟེ། དེ་ལྟར་བསྟན་ནས། ཡང་འདི་སྐད་དུ། དེ་ཡང་ལྷག་པའི་བསམ་པ་ཐག་པ་ནས་ཡོངས་སུ་བསྔོའོ།། ཚིག་ཙམ་གྱིས་ནི་མ་ཡིན་ནོ།། དེ་ཡང་དགའ་བའི་སེམས་ཀྱིས ་ཡོངས་སུ་བསྔོའོ།། མགུ་བའི་སེམས་ཀྱིས་ཡོངས་སུ་བསྔོའོ།། རབ་ཏུ་དད་པའི་སེམས་ཀྱིས་ཡོངས་སུ་བསྔོའོ།། རབ་ཏུ་དགའ་བའི་སེམས་ཀྱིས་ཡོངས་སུ་བསྔོའོ།། མཉེན་པའི་སེམས་ཀྱིས་ཡོངས་སུ་བསྔོའོ།། བྱམས་པའི ་སེམས་དང་མཛའ་བའི་སེམས་དང་། ཕན་གདགས་པའི་སེམས་ཀྱིས་ཡོངས་སུ་བསྔོའོ་ཞེས་རྒྱ་ཆེར་གསུངས་སོ།། ད་ནི་ལུས་ལ་སོགས་པ་ཡོངས་སུ་གཏོང་བར་བྱེད་པ། ལུས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་འགྲོ་བ་ཐམས་ཅད་དུ་འཆི་འཕོ་དང་། སྐྱེ་བ་དང་། བྱ་བ་ཐམས་ཅད་ལ་བལྟོས་པ་མེད་པར་ཏེ། རྣམ་པ་ཐམས་ཅད་དུ་ཆགས་པ་མེད་པར་ཞེས་བྱ་བའི་དོན་ཏོ།། གཏང་བར་བྱ་ཞེས་པ་ནི་དབུལ་བར་བྱ་བ་སྟེ་སྦྱིན་པར་བྱ་ཞེས་པའི ་དོན་ཏོ།། ལོངས་སྤྱོད་ཅེས་བྱ་བ་ནི་ཉེ་བར་སྤྱད་པར་བྱ་བའི་དངོས་པོ་རྣམས་ཏེ། རྟ་དང་གླང་པོ་ཆེ་དང་། ཤིང་རྟ་དང་། ཁང་བཟུང་ལ་སོགས་པའི་གནས་དང་། མེ་ཏོག་གི་ཕྲེང་བ་དང་། ཙན་དན་དྲང་། གོས་དང་། རྒྱན་དང་། བུ་མོ ་ལ་སོགས་པའོ།། དུས་གསུམ་དགེ་བ་ཐམས་ཅད་ཀྱང་ཞེས་བྱ་བ་ནི་ཁམས་གསུམ་པར་བསྡུས་པའི་བསོད་ནམས་དང་། མི་གཡོ་བའི་རང་བཞིན་ཐམས་ཅད་དོ།། ཡང་ན་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་དང་། བསྒོམས ་པ་ལས་བྱུང་བ་སྟེ་དུས་གསུམ་དུ་གཏོགས་པའི་ནི་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའོ།། འོ་ན་མ་འོངས་པའི་རང་བཞིན་ཡོད་པ་མ་ཡིན་པ་འདི་ཇི་ལྟར་གཏང་དུ་རུང་ཞེ་ན། བདེན་མེད་ཀྱི་འོན་ཀྱང་དེ་ཡོད་པའི་དུས་སུ ་དེ་ལ་ཞེན་པ་བཟློག་པའི་དོན་དུ་དེ་སྐད་བརྗོད་པ་དང་། ད་ལྟ་ན་ཡང་དེ་ཡོངས་སུ་བཏང་བས་བསམ་པ་རྣམ་པར་དག་པ་འཕེལ་བར་བྱ་བའི་དོན་དུ་ཡང་ཡིན་ནོ།། དེ་ཉིད་ནི་བལྟོས་པ་མེད་པ་ཞེས་གསུངས་པ་ཡིན་ཏེ། དེའི་རྣམ་པར་སྨིན ་པ་ལ་རང་གི་དོན་དུ་བལྟོས་པ་མེད་པའོ།། དེ་ལྟར་ན་སུའི་དོན་དུ་ཉམས་སུ་ལེན་པར་བྱེད་ཅེ་ན། སེམས་ཅན་ཀུན་གྱི་དོན་སྒྲུབ་ཕྱིར་ཞེས་གསུངས་ཏེ། སེམས་ཅན་ཀུན་ཏེ་ཁམས་གསུམ་པར་གནས་པ་རྣམས་ཀྱི་མངོན་པར ་མཐོ་བ་དང་ངེས་པར་ལེགས་པའི་མཚན་ཉིད་ཀྱི་དོན་རྫོགས་པར་བྱ་བའི་ཕྱིར་རོ།། འདས་པ་དང་། མ་འོངས་པའི་དགེ་བ་བཏང་བ་ནི། འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་བསྟན་པ། དགེ་ད ་སེམས་དང་སེམས་ལས་བྱུང་བ་རྣམས་རྗེས་སུ་དྲན་ལ་རྗེས་སུ་དྲན་ནས་ཀྱང་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི་འདས་པ་ལས་མཁས་པའོ།། གང་མ་འོངས་པའི་དགེ་བའི་རྩ་བ་ངེས་པར་སེམས་ཤིང་བྱང་ཆུབ་ལ་མངོན་དུ་ཕྱོགས་པའི་ལས ་སེམས་པ་སྟེ། བདག་ལ་དགེ་བའི་སེམས་བསྐྱེད་པ་འབྱུང་བ་གང་ཡིན་པ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི་མ་འོངས་པ་ལ་མཁས་པའོ་ཞེས་རྒྱ་ཆེར་གསུངས་པ་དང་། ཐམས་ཅད་གཏོང་བ ་ལ་མོས་པ་ཡོངས་སུ་རྫོགས་ཏེ། གཏོང་བའི་སེམས་ཀྱི་ཤུགས་ཀྱིས་ལུས་ཀྱི་སྦྱོར་བ་དེས་ཡོངས་སུ་འཛིན་པ་ཐམས་ཅད་གཏོང་སྟེ། ཡོངས་སུ་འཛིན་པ་ཐམས་ཅད་ཀྱི་རྩ་བ་སྲིད་པའི་སྡུག་བསྔལ་ལས་གྲོལ་བ་ལ་གྲོལ་བ་ཞེས་རྒྱ་ཆེར་གསུངས ་པ་གང་ཡིན་པའོ།། འོ་ན་བདག་གི་དོན་དུ་ཡང་ཅུང་ཟད་བསྲུང་བར་རིགས་པ་མོ་ཡིན་ནམ་སྙམ་པའི་སེར་སྣ་ཟློག་པར་བྱེད་པ། ཐམས་ཅད་བཏང་བར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཟག་པ་དང་བཅས་པའི་ལུས་ལ་སོགས་པ་ཐམས ་ཅད་ཀྱི་མྱ་ངན་ལས་འདས་པ་ནི་ཐར་པ་ཡིན་ལ། བདག་གི་སེམས་པ་ནི་དོན་དུ་གཉེར་བ་ཡིན་ཏེ། བཏང་བྱ་ན་ཞེས་བྱ་བ་ནི་གལ་ཏེ་མྱ་ངན་ལས་འདས་པའི་ཚེ་ལུས་ལ་སོགས་པ་ཐམས་ཅད་བདག་གིས་ངེས་པར་བཏང་ལ་འགྲོ་བར་བྱ་བ་ཡིན་པ་དེའི ་ཚེ་སེམས་ཅན་རྣམས་ལ་བཏང་བ་མཆོག་ཡིན་ན། སེར་སྣའི་རྒྱུ་འདིས་བཟུང་ལ་ཅི་ཞིག་བྱ་སྙམ་དུ་དགོངས་པའོ།། དེ་ལྟ་བས་ནི་འདི་འཚམ་པ་ཡིན་ནོ་ཞེས་བདག་གིས་ལུས་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་ཅན ་ཐམས་ཅད་དེ། སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་ཇི་ལྟར་འདོད་པ་དང་མཐུན་པར་བྱ་བ་ལ་བདག་གིས་རང་ལུས་སྒྱུར་བར་བྱའོ།། དེ་ཉིད་སྟོན་པར་བྱེད་པ་ནི། རྟག་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དབྱུག་པ་ལ་སོགས ་པཱས་བརྡེག་པར་བྱེད་པའམ། བསྔགས་པ་མ་ཡིན་པ་བརྗོད་པས་སྨད་དུ་ཆུག་ལ། ལུས་ཀྱིས་ཀྱང་གཏོར་དུ་ཆུག་སྟེ། རྡུལ་གྱིས་ཀྱང་ཐོར་ཅིག་པའོ།། བདག་གིས་དེ་ལ་ལུས་བྱིན་གྱིས་ཞེས་བྱ་བ་ནི་ཐམས་ཅད་ཀྱིས་ཐམས་ཅད་དུ་བདག ་གིས་དེ་རྣམས་ལོ་ཡོངས་སུ་བཏང་བ་ཡིན་ལ། བདག་ལ་བདེ་བ་དང་སྡུག་བསྔལ་བས་ཁ་ངས་ཅི་ཞིག་བྱ། ལས་རྣམས་ཀྱང་ནི་བྱེད་དུ་ཆུག་ཅེས་བྱ་བ་ནི་ཁ་ན་མ་ཐོ་བ་མེད་པོ་དག་སྟེ། དེ་ཉིད་ནི་བདག་ལ་ཞེས་པ་ལ་སོགས་པ་གསུངས་ཏེ། ་བདག་ལ་བརྟེན་ནས་ནམ་དུ་ཡང་སྟེ། འདི་འམ་ཕ་རོལ་ཏུ་སྲོག་ཆགས་བགའ་ལ་ཡང་མི་འདོད་པར་མ་གྱུར་ཅིག་ཅེས་པའོ།། གང་དག་གི་ཁྲོ་བ་འམ་གང་དག་གི་དད་པའི་སེམས་ཏེ། བློ་བྱུང་བ་དེ་དག་གི་ནི་སྟེ་ཁྲོ་བའམ་དད་པའི ་བློ་ཅན་རྣམས་ཀྱིའོ།། དེ་ཉིད་ནི་རྒྱུར་གྱུར་ཅིག་སྟེ། ཁྲོ་བའམ་དད་པའི་སེམས་དེ་ཉིད་དོ།། དོན་ཀུན་འགྲུབ་པའི་ཞེས་བྱ་བ་ནི་བདག་དང་གཞན་གྱི་མངོན་པར་མཐོ་བ་དང་། ངེས་པར་ལེགས་པར་རྫོགས་པའི་ཆེད་དུའོ།། སྐུར་འདེབས ་པ་ཞེས་བྱ་བ་ནི་ལོག་པར་བརྟག་པའི་ཉེས་པས་སུན་འབྱིན་པར་འགྱུར་བ་དང་། གཞན་ཡང་གང་དག་ལུས་སམ་ཡིད་ཀྱིས་གནོད་པ་བྱེད་པར་འགྱུར་བའོ།། ཁ་ཟེར་བ་ཞེས་བྱ་བ་ནི་བཞད་གད་དུ་བྱེད་པ ་འམ། ཅོ་འདྲི་བར་བྱེད་པའོ།། དེ་བཞིན་གཞན་ཞེས་བྱ་བ་ནི་ཐ་མལ་པ་ཙམ་འམ། དད་པ་རྣམས་ཏེ། ཐམས་ཅད་སངས་རྒྱས་ཉིད་ཐོབ་པར་གྱུར་ཅིག་པའོ།། མགོན་མེད་རྣམས་ཀྱི་ཞེས་བྱ་བ་ནི་མགོན་དང་བཅས་པར་འདོད་པ་རྣས ་ཀྱིའོ།། ལམ་ཞུགས་རྣམས་ཀྱི་དེད་དཔོན་དང་ཞེས་བྱ་བ་ནི་ལམ་དུ་ཉེ་བར་ཞུགས་པ་རྣམས་ཀྱི་དེད་དཔོན་གྱི་གཙོ་བོར་རོ།། རྒལ་འདོད་རྣམས་ཀྱི་ཞེས་བྱ་བ་ནི་འབབ་ཆུ་ལ་སོགས་པ་རྣམས་ཀྱི་ཕ་རོལ་གྱི་འགྲམ་དུ་འགྲོ་བར་འདོད་པ ་རྣམས་ཀྱིའོ།། སྒྲོན་མ་ཞེས་བྱ་བ་ནི་མུན་པ་ན་གནས་པ་རྣམས་ཀྱིའོ།། གནས་མཱལ་འདོད་པ་ཞེས་བྱ་བ་ནི་མལ་ཆ་འདོད་པ་རྣམས་ལའོ།། བྲན་འདོད་པ་ཞེས་བྱ་བ་ནི་གང་དག་རིམ་གྲོའི་དོན་དུ་བྲན་དང་ལས་བྱེད་པ་འདོད་པའོ།། ཡིད ་བཞིན་ནོར་བུ་ཞེས་བྱ་བ་ནི་བསམས་པའི་འབྲས་བུ་སྟེར་བར་བྱེད་པའི་རིན་པོ་ཆེའི་ཁྱད་པར་རོ།། བུམ་པ་བཟང་ཞེས་བྱ་བ་ནི་དངོས་པོ་གང་འདོད་པའི་བསམ་པས་དེར་ལག་པ་བཅུག་ན་དེ་དང་དེ་ཐམས་ཅད་ཕུན་སུམ་ཚོགས་པར ་བྱེད་པའོ།། རིག་སྔགས་གྲུབ་ཅེས་བྱ་ནི་གསང་སྔགས་གྲུབ་པོ་སྟེ། གང་དང་གང་ལས་སུ་བྱ་བ་དེ་ཐམས་ཅད་འགྲུབ་པའོ།། སྨན་ཆེན་དང་ཞེས་བྱ་བ་ནི་གནོད་པ་དང་གཟིར་བ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་རྒྱུ་གཅིག་པུ ་ཉིད་གང་ཡིན་པའོ།། དཔག་བསམ་གྱི་ནི་ཤིང་དག་དང་ཞེས་བྱ་བ་ནི་དཔག་ཅིང་བསམ་པའི་དོན་གྲུབ་པར་བྱེད་པའི་ཤིང་གི་ཁྱད་པར་རོ།། འདོད་འཇོར་ཞེས་བྱ་བ་ནི་གང་འདོད་པ་བཞོར་ཡོད་པའོ།། ས་སོགས་ཞེས་བྱ་བ་ལས་ནི་ནོར ་འཛིན་ནོ།། སོགས་པའི་སྒྲས་ཆུ་དང་མེ་དང་། རླུང་གཟུང་སྟེ། འབྱུང་བ་ཆེན་པོ་བཞི་པོ་དག་གོ།། དེ་དག་ཀྱང་ཇི་ལྟར་མལ་ཆ་དང་སྟན་དང་འབྲུ་དང་། སྨན་དང་། མེ་ཏོག་དང་། འབྲས་བུ་དང་། རྩུ་བ་ལ་སོགས་པའི་རྟེན་ཉིད་དང་། དེ་བཞིན ་དུ་བཏུང་བ་དང་ཞུགས་པ་ལ་སོགས་པའི་རྒྱུ་ཡིན་པའི་ཕྱིར་རོ།། དེ་ལྟར་གཞན་ལ་ཡང་སྦྱར་བར་བྱའོ།། ནམ་མཁའ་མཐའ་ཡས་པར་ཁྱབ་པའི་སེམས་ཅན་གྲངས་མེད་པ་རྣམས་ཀྱི་ཡོངས་སུ་སྤྱོད་པ་ཉེ་བར་གྱུར་པ་དེ་བཞིན་དུ ་བདག་ཀྱང་སེམས་ཅན་ཐམས་ཅད་ཀྱི་རྣམ་པ་དུ་མ་ཡིས་ཉེ་བར་སྤྱོད་པར་གྱུར་ཅིག་པའོ།། ཐམས་ཅད་མྱ་ངན་འདས་བར་དུ་ཞེས་བྱ་བ་ནི་ཇི་སྲིད་དུ་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་རྣམ་པར་མ་གྲོལ་གྱི་བར་དུ་སྟེ། ་དེ་ལྟ་བས་ན་བྱང་ཆུབ་དོན་དུ་གཉེར་བ་རྣམས་ཀྱི་ལུས་ལ་སོགས་པ་ཉིད་དགྲ་བཏང་བར་བྱའོ།། སྦྱིན་པ་འོད་དག་ཀྱང་བསླབ་པ་ཀུན་ལོས་བཏུས་པ་ལས། ཤིན་ཏུ་རྒྱ་ཆེ་བར་བསྟེན་ཏེ། དེ་ནི་འདི་ལྟར་དེ་ཉིད་ལས་བྱང་ཆུབ་སེ ་དཔའི་སོ་སོར་ཐར་པ་ལས་གསུངས་པ། ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་ཆོས་ཐམས་ཅད་ལ་གཞན་གྱིར་འདུ་ཤེས་སྐྱེད་པར་བྱེད་དེ། དངོས་པོ་འགའ་ཡང་མི་ལེན་ཏོ།། དེ་ཅིའི་ཕྱིར་ན། ཉེ་བར་ལེན་པ་ནི་དོར ་བྱ་ཡིན་ནོ་ཞེས་དེ་སྐད་བསྟན་ནས། ཡང་དེ་ཉིད་ལས་འདི་སྐད་ཅེས། ཤཱ་རིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་དཔའ་བ་ཡིན་ཏེ། རང་གི་ལག་པའི་བར་དུ་ཡོངས་སུ་གཏོང་བ་ཡིན། ་རྐང་པ་ཡོངས་སུ་གཏོང་བ་དང་། སྣ་ཡོངས་སུ་གཏོང་པ་དང་། མགོ་ཡོངས་སུ་གཏོང་བ་དང་། ཡན་ལག་དང་ཉིང་ལག་ཡོངས་སུ་གཏོང་བ་ནས། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ཡིན་ནོ་ཞེས་བསྟན་ཏོ།། དེ་བཞིན་དུ་སྲེད་མེད་ཀྱི ་བུས་ཞུས་པ་ལས་ཀྱང་གསུངས་ཏེ། དངོས་པོ་གང་ལ་དེ་གཏོང་བའི་སེམས་མི་སྐྱེ་བ་དང་། གཏོང་བའི་བློ་མི་འཇུག་པའི་དངོས་པོ་དེ་བསྲེལ་པར་མི་བྱའོ།། རིགས་ཀྱི་བུ་འོན་ཀྱང་བྱང་ཆུབ་སེམས་དཔའ་དེ་ལྟར་སེམས་བསྐྱེད་པར་བྱ་སྟེ། ་བདག་གིས་ལུས་འདི་ཡང་སེམས་ཅན་ཐམས་ཅད་ལ་བྱིན་ཞིང་ཡོངས་སུ་བཏང་ན། ཕྱི་རོལ་གྱི་དངོས་པོ་རྣམས་ལྟ་ཅི་སྨོས་ཀྱིས་ཞེས་པ་ལ་སོགས་པ་རྒྱ་ཆེར་འབྱུང་ངོ་།། དེ་བཞིན་དུ་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། ལུས ་འདི་བདག་གིས་སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཅི་ཡོད་པ་ལ་ངེས་པར་བྱས་ཏེ། དཔེར་ན་སའི་ཁམས་དང་། མེའི་ཁམས་དང་། ཆུའི་ཁམས་དང་། རླུང་གི་ཁམས་དང་། འབྱུང་བ་ཆེན་པོ་བཞི་པོ་འདི་དག་སྒོ་སྣ་ཚོགས་དང་། རྣམ་གྲངས ་སྣ་ཚོགས་དང་། དམིགས་པ་སྣ་ཚོགས་དང་ཡོ་བྱད་སྣ་ཚོགས་དང་། ལོངས་སྤྱོད་སྣ་ཚོགས་ཀྱིས་ཉེ་བར་ལོངས་སྤྱོད་པ་དང་། ཡོངས་སུ་ལོངས་སྤྱོད་པར་བྱེད་པ་དེ་བཞིན་དུ་བདག་གིས་ཀྱང་འབྱུང་བ་ཆེན་པོ་བཞི་འདུས་པའི་ལུས་འདི་སྒོ ་སྣ་ཚོགས་དང་། རྣམ་གྲངས་སྣ་ཚོགས་དང་། དམིགས་པ་དང་། ཡོ་བྱད་སྣ་ཚོགས་དང་། ལོངས་སྤྱོད་ཚོགས་ཀྱིས་རྒྱ་ཆེར་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བར་བྱའོ་ཞེས་རྒྱ་ཆེར་བསྟན་ཏེ། རིན་ཆེན་སེམས་དེ་ཞེས་བྱ་བ་ལ་སྔོགས ་པ་ནས་བརྩམས་ཏེ། འདི་དག་ཐམས་ཅད་ནི་བྱང་ཆུབ་ཀྱི་སེམས་ནོད་པའི་ཕྱིར་སྔོན་དུ་སྦྱོར་བ་ཡིན་པར་རིག་པར་བྱའོ།། དེ་ལྟར་མཆོད་པ་ལ་སོགས་པ་ལ་བྱས་ལ་ལུས་ལ་སོགས་པ་སྦྱིན་པར་བཏང་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་ཕན ་ཡོན་རྫོགས་པས་དལ་བ་ཕུན་སུམ་ཚོགས་པ་མཆོག་ཏུ་རྙེད་དཀའ་བ་རོ་རིག་ནས་དད་པའི་རྩ་བརྟན་པོར་ཉེ་བར་བཞག་སྟེ། སེམས་ཅན་སྐྱབས་མེད་པ་དང་། དཔུང་གཉེན་མེད་པ་རྣམས་ལ་སྙིང་རྗེ་དང་ལྡན་ཞིང་རང་གི་བདེ་བ་ལ་བལྟོས ་པ་མེད་པར་གཞན་སྡུག་བསྔལ་བས་སྡུག་བསྔལ་བ་དེ་དག་གདོན་པའི་བསམ་པ་དང་དགོངས་པ་ཅན་སངས་རྒྱས་ཉིད་ཀྱི་ཐབས་འདི་དག་ལེགས་པར་མཐོང་ནས། དེ་ལ་གོ་བགོས་པ། འདི་ལྟར་བདག་དང་གཞན་དག་ཀྱང་འཇིགས ་པ་དང་སྡུག་བསྔལ་མི་འདོད་ནི་བདག་དང་བྱེ་བྲག་ཅི་ཡོད་ཀྱིས། གང་དེ་བསྲུང་ལ་གཞན་དེ་མི་བསྲུང་སྙམ་སྟེ། དེས་བདག་དྲང་སེམས་ཅན་གྱི་ཁམས་རྣམས་ཀྱི། སྡུག་བསྔལ་མཐར་འབྱིན་འདོད་པ་དང་། བདེ་བའི་མཐར་ཡང་འགྲོ་འདོད ་པས། དད་པའི་རྩ་བ་བརྟན་བྱས་ཏེ། བྱང་ཆུབ་ལ་ཡང་བློ་བརྟན་བྱ། སྙམ་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་བའི་ཕྱིར་བརྩོན་པར་བྱེད་པ་ནི། ཇི་ལྟར་སྔོན་གྱི་ཞེས་བྱ་བ་ལ་སོགས་པ་སྟེ། བསམ་པ་གང་གིས ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་སྤང་བའི་དོན་དུའམ། ཡང་ན་ཇི་ལྟར་གཟུང་བ་དེ་ཉིད་བཅོམ་ལྡན་འདས་ཀྱིས་མཁྱེན་པའོ།། བྱང་ཆུབ་ཐུགས་ནཱི་ཞེས་བྱ་བ་ལ། བྱང་ཆུབ་ནི་སངས་རྒྱས་ཉིད ་ཡིན་ཏེ། བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་སངས་རྒྱས་པའི་ཕྱིར། ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་ཐུགས་སུ་ཆུད་པའོ།། འདི་སྣང་སྤྲོས་པ་དང་བཅས་པར་ཤེས་རབ་ཀྱི་ལེའུ་རྀ་བཤད་པརུ་བྱའོ།། དྲེ་ར་ཐུགས་ནི ་ལྷག་པའི་བསམ་པས་ཐོང་བར་བྱ་བའི་ཕྱིར་ཡིད་ལ་བྱེད་པ་སྟེ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་བསྒྲུབ་པའི་ཕྱིར་སངས་རྒྱས་སུ་གྱུར་ཅིག་ཅེས་བྱ་བའི་དོན་ཏོ།། དེ་ལྟར་ཕྱེད་སྔ་མས་བྱང་ཆུབ་ཏུ་སེམས་བསྐྱེད་པ་བསྟན་ན། ་བསླབ་པ་སྡོམ་པ་བཟུང་བ་བསྟན་པོ་ནི། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་ནི་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་གང་གིས་རྟག་ཏུ་བྱ་བར་འོས ་པ་སྟེ། དེ་ལ་ཞེས་བྱ་བའི་དོན་ཏོ།། རིམུ་བཞིན་ཞེས་བྱ་བ་ནི་གོ་རིམ་བཞིན་དུའོ།། གང་གི་ཚེ་ལྤང་མོ་ང་པོར་བྱ་བར་ནུས་པ་ནི་དེ་ཉིད་རེ་ཞིག་བྱ་བར་འོས་པ་སྟེ། དེ་བས་དཀའ་བོ་ནི་བྱ་བ་མ་ཡིན་ནོ་སྙམ་དུ་དགོངས་པའོ།། གནས་སྐབས ་བབར་མི་ལ་ཡང་དེ་བཞིན་དུ་ཤེས་པར་བྱ་སྟེ། སྙིང་རྗེའི་བསམ་པ་མ་དག་པས། ལུས་འདི་བཏང་བར་མི་བྱ་སྟེ། ཞེས་གང་འཆད་པར་འགྱུར་བ་ཡིན་ནོ།། དེ་ལྟར་གཞན་ལ་ཡང་བལྟ་བར་བྱའོ།། ད་ནི་བདག་ཉིད་ཀྱི་སྡོམ་པ་གཟུང་བ་བརྗོ། ་པ་ནི། དེ་བཞིན་ཞེས་བྱ་བ་ལ་སོགས་པ་ལ། ངོ་དག་གོ་བཞིན་དུ་འམ། དེ་དག་བཞིན་དུའོ།། སྡོམ་པ་གཟུང་བ་ཡང་བྱང་ཆུབ་སེམས་དཔའི་བསླབ་པའི་གནས་ལ་གོམས་པ་ལྷུར་བྱེད་པ་སྡོམ་པ་དང་ལྡན་པའི་ཐད་ནས་ནོད་དོ།། དེ་ལྟར ་བྱས་དང་དེ་བསླབ་པ་ལས་འདས་ན་ནི་ཤིན་ཏུ་ཡང་ཁྲེལ་ཡོད་པར་འགྱུར་ཞིང་བླ་མ་ལ་བསླུས་པར་དོགས་པའི་འཇིགས་པ་ཡང་སྐྱེ་བས་དེ་ལ་ནི་ནན་ཏན་བྱ་མི་དགོས་པར་དགའ་དང་གུས་པར་འགྲུབ་པར་འགྱུར་ཏེ། འདི་ནི་སྡོམ ་པོའི་ཆོས་ཀྱི་སྤྱིའོ།། དེ་བས་ན་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་སྤྱན་སྔ་ནས་བསླབ་པ་རྣམས་ལས་བསླབ་པ་གང་ཡང་རུང་བ་འགྲུབ་པར་འདོད་པ་རྣམས་ཡིད་དམ་འཆའ་བར་བྱེད་དོ།། དེ་བས་ན་སྡོམ་པ་གནོད་པར ་འདོད་པ་རྣམས་དགེ་བའི་བཤོས་གཉེན་ལ་གསོལ་བ་བཏབ་ལ། དེས་གསུངས་པ་དང་མཐུན་པར་སྨྲ་བས་ཤིན་ཏུ་མཉམ་པར་བཞག་པས་བརྗོད་པར་བྱའོ།། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ཞེས ་བརྗོད་ནས། ཇི་ལྟར་འཕགས་པ་འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པའི་མདོ་ལས། བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་གྱི་སྔོན་གྱི་རྟོགས་པ་བརྗོད་པ་ལས་སྤྱོད་པ་དང་ལྡན་པས་བྱང་ཆུབ་ཏུ་སེམས ་བསྐྱེད་པ་དེ་བཞིན་དུ་བསྐྱེད་པར་བྱའོ།། དེས་འདི་སྐད་ཅེས་བརྗོད་དེ། འཁོར་བ་ཐ་མ་མེད་པ་ཡི། སྔོན་གྱི་ཐ་མ་ཇི་སྲིད་པ། དེ་སྲིད་སེམས་ཅན་ཕན་དོན་དུ། སྤྱོད་པ་དཔག་ལས་སྤྱད་པར་བགྱི།། འཇིག་རྟེན་མགོན་པོའི་སྤྱན་སྔར་ནཱི། ་@རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ།། འགྲོ་བ་ཐམས་ཅད་མགྲོན་གཉེར་ཏེ།། དབུལ་ཞིང་ཕོངསྲ་ལས་དགྲོལ་བར་བགྱི།། བྱང་ཆུབ་ནམ་ཞིག་ཐོབ་པར་དུ།། གནོད་སེམས་དང་ནི་ཐ་བའམ།། ཕྲ་དོག ་དང་ནི་སེར་སྣའང་རུང་།། དེ་རིང་ཕན་ཆད་མི་བགྱིད་དོ།། སྡིག་པའི་འདོད་པ་སྤངས་ནས་ནི།། ཚངས་པར་སྤྱོད་པ་སྤྱད་པར་བགྱི།། ཚུལ་ཁྲིམས་སྡོམ་དང་ངེས་པ་ལ།། སངས་རྒྱས་རྗེས་སུ་བསླབ་པར་བགྱི།། ཞེས་བྱ་བ་ལ་སོགས་པ ་རྒྱ་ཆེར་འབྱུང་ངོ་།། རྣམ་པ་དེ་ལྟ་བུའི་དགེ་བའི་ཤེས་གཉེན་མེད་ན། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མངོན་དུ་བསྒོམས་ལ་སྡོམ་པ་བཟུང་སྟེ། སྡོམ་པ་རང་གི་ནུས་པ་དང་སྦྱར་ལ་བླང་ངོ་།། ་གཞན་དུ་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ལྷ་དོང་བཅས་པའི་འཇིག་རྟེན་རྣམས་བསླུས་པར་འགྱུར་རོ།། སྡོམ་པ་འདི་ནི་བུད་མེད་ཉོན་མོངས་པ་ཆུང་ངུ་སེམས་བྱང་ཆུབ་ལ་མོས་པ་རྣམས་ལ་ཡང་སྐྱེ་བར་འགྱུར་ཏེ། ་བྱང་ཆུབ་སེམས་དཔའི་སོ་སྔོར་ཐར་པ་ལས། ཤཱ་རིའི་བུ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་བདེན་པར་སྨྲ་བ་ཡིན་ནོ་ཞེས་བྱ་བ་ནས་བརྩམས་ཏེ། ཤཱ་རིའི་བུ་འདི་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བླ་ན་མེད་པ་ཡང་དག་པར་རྫོགས ་པོའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བརྩོན་འགྲུས་བརྩམས་ཏེ་གནས་པ་དང་། དགེ་བའི་ཆོས་ཡོངས་སུ་ཚོལ་བའི་ཕྱིར་ཞེས་བྱ་བ་ནས་བརྩམས་ཏེ་གདམས་པ་ཐམས་ཅད་གསུངས་སོ།། བྱང་ཆུབ་སེམས་བསྐྱེད་པ་འདི་ཡང་རྒྱུ་བཞིས ་སྐྱེ་བར་འགྱུར་ཏེ། དེ་ནི་འདི་ལྟར་ཆོས་བཅུ་པའི་མདོ་ལས་བསྟན་པ། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་རིགས་ལ་གནས་པར་གྱུར་པ་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་ན་དེ་བཞིན་གཤེགས་པ་འམ། དེ་བཞིན་གཤེགས ་པོའི་ཉན་ཐོས་ཀྱི་བསྐུལ་ཞིང་སྐྱོ་བར་བྱས། ཡང་དག་པར་འཛིན་དུ་བཅུག་སྟེ་བླ་ན་མེད་པ་ཡོང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདི་ནི་བྱང་ཆུབ་ཀྱི་སེམས་ལ་མོས་པའི་རྒྱུ་དང་པའོ།། རྫོགས་པའི་བྱང་ཆུབ་ཀྱི ་སེམས་ཀྱི་བསྔགས་པ་བརྗོད་པ་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བང་ཆུབ་ཏུ་སེམས་བསྐྱེད་པ་འདི་ནི་རྒྱུ་གཉིས་པའོ།། དེ་སེམས་ཅན་སྐྱོབ་པ་མེད་པ་དང་། སྐྱབས་མེད་པ་དང་། གླིང་མེད་པ་རྣམས་མཐོང ་ནས་སྙིང་རྗེའི་སེམས་ཉེ་བར་བཞག་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་སེམས་བསྐྱེད་པ་འདི་ནི་རྒྱུ་གསུམ་པའོ།། དེ་བཞིན་གླུ་ཤེ་གོས་པའི་སྒྲ་རྣམས་ཐམས་ཅད་ཡོངས་སུ་རྫོགས་པ་མཐོང་ནས་དགའ་བ ་བསྐྱེད་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདི་ནི་བཞི་པའོ་ཞེས་སོ།། འདི་དག་ནི་བྱང་ཆུབ་ཀྱི་སེམས་དང་སྡོམ་པའི་དངོས་གཞིའི་ལས་ཡིན་པར་རིག་པར་བྱའོ།། དེ་ལྟར་བྱང་ཆུབ་ཀྱི་སེམས་དང ་སྡོམ་པ་བསྟན་ནས། མཇུག་བསྟན་པར་བྱ་བའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། སྦྱོར་བ་དང་དངོས་གཞི་དང་། མཇུག་གསུམ་དང་འབྲེལ་པར་གཟུང་བ་སྟེ། ལས་ཡོངས་སུ་རྫོགས་པ་ནི་འབྲས་བུ་ཡང་ངེས་པར ་འགྱུར་རོ་ཡན་ལག་གཅིག་མ་ཚང་བས་ནི་ལས་བཟློག་པ་ཡིན་ནོ།། དེ་ལྟར་ཞེས་བྱ་བ་ནི་བསྟན་པའི་རིམ་པས་སོ།། གཟུང་ནས་ནི་ཡང་དག་པར་བླངས་ནས་ཏེ་བསྐྱེད་ནས་ཞེས་བྱ་བའི་དོན་ཏོ།། བློ་དང་ལྡན་པ་ཞེ། ་བྱ་བ་ནི་བློ་གྲོས་དང་ལྡན་པ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་དོན་ཏོ།། རབ་དང་བས་ཞེས་བྱ་བ་ནི་མཆོག་ཏུ་དགུའ་བ་དང་རབ་ཏུ་མགུ་བ་ཡིན་ཏེ། གཞན་གྱི་རྗེས་སུ་འབྲང་བ་ལ་སོགས་པའམ་འདོད་རྒྱལ་གྱིས་མ་ཡིན་པའོ།། ། ་རྒྱས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་གཞན་དུ་གལ་ཏེ་གཟུང་ནས་གུས་པ་ཞན་པའམ། ཡིད་ལ་གཙིགས་པར་གྱུར་ན་དེའི་ཚེ་མི་འཕེལ་བ་ཉིད་དམ། ཡོངས་སུ་ཟད་པར་འགྱུར་རོ།། འདི་ལྟར་ནི་དེ་བསྲུང་བ་དང་དག་པ་དང་སྤེལ་བར ་འགྱུར་རོ།། འདི་ལྟར་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་རིམ་པས་གཟེངས་བསྟོད་དོ་ཞེས་པ་སྟེ་སྤྲོ་བར་བྱའོ།། དེ་ཉིད་བསྟན་པ་ནི། དེང་དུ་བདག་ཚེ་འབྲས་བུ་ཡོད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། འཁོར་བ་ཐོག་མ་མེད་པའི་ཚེ ་རབས་བརྒྱུད་པ་དག་ཏུ་ནམ་དུ་ཡང་འདི་འདྲ་བ་ཞིག་ཐོབ་པར་མ་གྱུར་ཏོ་སྙམ་དུ་དགེངས་པ་ཡིན་ནོ།། དེ་རིང་སངས་རྒྱས་རིགས་སུ་སྐྱེས་ཞེས་བྱ་བ་ནི་གང་གི་ཚེ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནའོ།། སངས་རྒྱས་སྲས་སུ་ད་གྱུར་ཏོ།། ཞེས ་བ་བ་ནི་ང་རྒྱལ་ཁྱད་པར་དུ་འཕགས་པ་ཡིད་ལ་བྱེད་པས་སེམས་དམན་པ་ཉིད་ཡོངས་སུ་དོར་བའོ།། རང་རིགས་མཐུན་པའི་ལས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་གདང་དང་འཚམ་པའི་ལ་སོ་སོ།། སྐྱོན་མེད་ཅེས་བྱ་བ་ནི་ཐོག་མ་དང་བར་མཐར ་ཡོངས་སུ་དག་པའོ།། རྙོག་པར་མི་འགྱུར་ཞེས་བྱ་བ་ནི་བདག་གི་ཉེ་བར་སྤྱད་པས་སྡིག་པ་ཅི་ནས་ཀྱང་མི་འགྱུར་བར་རོ།། འདི་ལྟར་ཡང་རང་གི་སེམས་ཡང་དག་པར་གཟེང་བསྟོད་པར་བྱ་སྟེ། ལོངས་པས་ཞེས་བྱ་བ་ལ་སོགས ་པ་གསུངས་པ་ལ། ལོང་བ་ནི་མིག་མེད་པའོ།། ཕྱག་དར་ཕུང་པོ་ནས་ནི་ལམ་པོ་ཆེའི་ཉལ་ཉིལ་སྲུངས་ནས་སོ།། འདི་དག་ཐམས་ཅད་ནི་ཤིན་ཏུ་ཡང་འཕྲད་པར་དཀའ་བའོ་སྙམ་དུ་དགོངས་པའོ།། འདིར་ཡང་དེ་ཉིད་དཔེ་ཉིད་དུ་དེ་བཞིན་ཞེས ་བྱ་བ་གསུངས་ཏེ། དེ་ཁོ་ན་ཉིད་རྟོགས་པའི་མིག་མེད་པ་དག་ལ་ཕྱག་དྲར་གྱི་ཕུང་པོ་ལྟ་བུ་འཁོར་བ་ནས་ཇི་ཞིག་ལྟར་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་ཀྱི་སྟོབས་ཀྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་འདྲ་བ་སྐྱེས་སོ།། ཡང་འདི་ལྟར ་རབ་ཏུ་དགའ་བར་བྱ་སྟེ། འགྲོ་བའི་ཞེས་བྱ་བ་ལ། འཇིག་རྟེན་གསོན་པོའི་འཆི་བ་དྲུང་ནས་མེད་པར་བྱ་བའི་དོན་དུ་བྱང་ཆུབ་ཀྱི་སེམས་འདི་བཅུད་ཀྱིས་ལེན་ཡང་ཡིན་ཏེ་སྨན་གྱི་ཁྱད་པར་སྣ་ཚོགས་པ་ལེགས་པ་རོ་སྦྱར་བ་གང་ཞིག་ཆོ་ག ་བཞིན་དུ་བསྟེན་ན་རྒ་ཤི་ལས་གྲོལ་བར་འགྱུར་རོ་ཞེས་འཇིག་རྟེན་ན་གྲགས་པའི་བཅུད་ཀྱིས་ལེན་བཞིན་ནོ།། འདི་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་སོ།། སྐྱེས་པ་ནི་བྱུང་བའོ།། ཡང་འདི་ལྟར་ཡང་དག་པར་རབ་ཏུ་དགའ་བར་བྱ་སྟེ། འགྲོ་བའི་ནད ་ཅེས་བྱ་བ་སྟེ། འགྲོ་བ་རྣམས་ཀྱི་ནད་རྣམས་ནི་ན་ཚ་ཐམས་ཅད་དོ།། མཆོག་ནི་གཙོ་བོ་སྟེ། ལུས་ལས་བྱུང་བ་དང་། ཡིད་ལས་བྱུང་བའི་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་ཕྱིར་རོ།། འདི་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་སོ།། སྲིད་ལམ ་འབྱམ་པ་ནི་སྐྱེ་བའི་སྲིད་པ་དང་། འཆི་བའི་སྲིད་པ་དང་། སྲིད་པ་བར་མ་དོའི་རང་བཞིན་ཏེ། འཁོར་བའི་ལམ་ནུ་འཕྱན་པའོ།། དེས་དུབ་པ་ནི་ཡོངས་སུ་ངལ་བ་སྟེ། ངན་འགྲོ་ནི་སེམས་ཅན་དམྱལ་བ་དང་ཡི་དགས་དང་། དུད་འགྲོ། ་རྣམས་སོ།། དེ་རྣམས་དགྲོལ་བར་བྱེད་པ་ནི་འདའ་བར་བྱེད་པ་སྟེ། དེའི་རྒྱུ་མཚན་དུ་སྤྱི་སྟེ་ཐུན་མོང་གི་སྟེགས་ཡིན་ནོ་ཞེས་བྱ་བ་འདི་ནི་བྱང་ཆུབ་ཀྱི་སེམས་སོ།། བདག་ལ་སྐྱེས་ཞེས་བྱ་བ་ཐམས་ཅད་དུ་ལྷག་མོའོ།། ཉོན་མོངས་གདུང་བའི་ཚེ ་པའོ།། དེ་སེལ་བའི་ཕྱིར་ཤར་པོ་སྟེ། རབ་ཏུ་སྐྱེས་པོའི་སེམས་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་སོ།། དེ་ཉིད་ནི་ཟླ་བ་སྟེ་ཁ་བོའི་འོད་ཟེར་ཅན་ཏེ། གདུང་བ་ཐམས་ཅད་སེལ་བར་བྱེད་པའི་ཕྱིར་རོ།། ཤར་བ་ནི་རབ་ཏུ་སྐྱེས་པའོ།། ཡང་འདི་ལྟར ་འགྲོ་བའི་མི་ཤེས་ཞེས་བྱ་བ་ནི་མི་ཤེས་པ་ཉིད་ནི་རབ་ཡིན་ཏེ། དངོས་པོའི་དེ་ཁོ་ན་ཉིད་འགེགས་པའི་ཕྱིར་རོ།། དཔྱིས་འབྱིན་ནི་ངེས་པར་འབྱིན་པའོ།། ཉི་མ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ཀྱི་ནང་གི་རབ་རིབ་སེལ་བར་བྱེད་པའི་ཕྱིར་རོ།། ་ཡང་འདི་ལྟར་དམ་ཆོས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་གསུང་རབ་བོ།། དེ་ཉིད་ནི་འོ་མ་ལྟ་བུ་སྟེ། དེ་བསྲུངས་པ་ནི་ཐོས་པ་ལས་བྱུང་བ་ལ་སོགས་པའི་ཤེས་རབ་ཀྱིས་སྒྲོགས་པ་སྟེ་དཀྲུགས་པའོ།། མར་གྱི་སྙིང་ཁུ་དང་འདྲ་བའི་བྱང ་བྱང་ཆུབ་ཀྱི་སེམས་བྱུང་བ་ཡིན་ཏེ་སྐྱེས་པ་ཡིན་ནོ།། རྣམ་པ་གཞན་ཡང་བདེ་བའི་ལོངས་སྤྱོད་ཅེས་བྱ་བ་ལ་སོགས་པ་གསུངས་པ་དང་། བདེ་བའི་ལོངས་སྤྱོད་པར་བྱ་བ་ལ་ལོངས་སྤྱོད་པར་འདོད་པའི་སེམས་ཅན་གྱི་ཚོགས་ཀྱི་བྱེ་བྲག ་སྟེ། སྤྱད་པར་འདོད་པ་ལ་ཞེས་བྱ་བ་ནི་ལོངས་སྤྱད་པར་འདོད་པ་ལའོ།། འདི་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཏེ། བདེ་བ་ཐམས་ཅད་འབྱུང་བའི་ཕྱིར་རོ།། འབྲས་བུ་མ་ཐོབ་པ་ཉིད་ཡིན་ན་ཡང་ལྷག་པའི་བསམ་པ་བརྟན་པས་འབྲས་བུ་ཐོབ་པ་བཞིན ་དུ་བརྗོད་དེ། དཔེར་ན་ཆར་པ་འབབ་པ་ན་འབྲོས་སཱ་ལུ་སྐྱེས་སོ་ཞེས་ཟེར་བ་ལྟ་བུར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་བོ་ཞེས་བྱ་བ་ཡང་དེ་བཞིན་ནོ།། མགྲོན་ཆེན་ནི་འགྲོན་པོ་སྟེ། དེ་དང་དེའི་འགྲོ་བར ་འགྲོ་བ་དང་། འོང་བར་བྱེད་པའི་ཕྱིར་རོ།། ཚིམ་པར་བྱེད་པ་ཡིན་ཞེས་བྱ་བ་ནི་བདེ་བོ་ཐམས་ཅད་ཀྱིས་ངོམོས་པར་བྱེད་པའི་ཕྱིར་རོ།། ད་ནི་བྱང་ཆུབ་ཏུ་སེམས་བརྟན་པ་ངེས་པར་བྱས་པ་ལ་སེམས་དང་བ་བསྐྱེད་པ་ནི། བདག་གིས་དེ་རིང་ཞེས ་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། འགྲོ་བ་ནི་སེམས་ཅན་འཇིག་རྟེན་ནོ།། མགོན་དུ་འོས་ཟིན་པ་ནི་བདེ་བར་གཽཤེགས་པ་ཉིད་དང་སངས་རྒྱས་ཉིད་ལའོ།། བར་དུ་བདེ་ལ་ནི་ཇི་སྲིད་དུ་སངས་རྒྱས་ཉིད་དུ་མ་ཐོབ་པ་དེ་སྲིད་ཀྱི་བར་དུ་ལྷ ་དོང་མའི་ཕུན་སུམ་ཚོགས་པའི་བདེ་བ་ལའོ།། སྐྱོབ་པ་ཐམས་ཅད་ཀྱི་སྤྱན་སྔར་ཏེ། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་མདུན་དུ་སྟེ། འདི་ལ་བཅོམ་ལྡན་འདས་རྣམས་ཁོ་ན་དཔང་དུ་གྱུར་པ་ཡིན་ནོ་སྙམ་དུ་དགོངས་པའོ།། ་དང་ལྷ་མིན་ལ་སོགས་པ་དགའ་བར་གྱིས་ཤིག་ཅེས་བྱ་བ་བདག་གི་བསོམ་པ་འགྲོ་བ་ཐམས་ཅད་ཀྱི་ཕན་པ་དང་། བདེ་བའི་གཞི་ལ་ཞུགས་པ་འདི་ལ་ལྷ་དང་། ལྷ་མེ་ཡིན་དང་། གནོད་སྦྱིན་པ་ལ་སོགས་པ་རྣམས་སེམས་རབ་ཏུ་དང ་ཡི་རང་བར་གྱིས་ཤིག་པའོ།། བྱང་ཆུབ་སེམས་ཀྱི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ། ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་བྱས་ལ་ཝ་ལེའུ་གསུམ་པའོ།། ། བནྡྷ་པོ་ལྔ་པ། ་ལྟར་མཇུག་རྒྱས་པར་བརྗོད་ནས། སྒྲུབ་པ་སྙིང་པོར་བྱེད་པ་ལ་བྱང་ཆུབ་ཡོད་ཀྱི། དེ་ལས་བཟློག་པ་ལ་ནི་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། རྒྱལ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་བསྟན་མ་ཐག་པའི་ཆོ་གས་བྱུང ་ཆུབ་ཀྱི་སེམས་རབ་ཏུ་བརྟན་པར་བཟུང་ནས། བྱང་ཆུབོ་སེམས་དཔའ་བསླབ་པ་ལ་ནན་ཏན་དུ་བྱ་བ་སྟེ། བྱང་ཆུབ་སེམས་དཔར་གྱུར་པས་བསླབ་པར་འོས་པ་གང་ཡིན་པ་ལ་ཞེས་བྱ་བའི་དོན་ཏོ།། འདའ་བ་ནི་འགོམ་པའོ།། དེ་ལས་བ ་པ་ནི་མི་འདའ་བའོ།། དེ་ལ་འབད་པ་ནི་ངང་དུ་བླང་པོའོ།། གཡེལ་བ་མེད་པ་ནི་ལེ་ལོ་མེད་པའོ།། ཛཱ་སྐད་དུ་འོཕགས་པ་ག་ཡ་གོ་རཾ་ལས། བྱང་ཆུབ་སེམས་དཔའ་སྒྲུབ་པ་སྙིང་པོར་བྱིང་བ་རྣམས་ལ་བྱང་ཆུབ་ཡོད་ཀྱི་སྒྲུབ་པ་སྙིང ་བྱེད་པ་མ་ཡིན་པ་རྣམས་ལ་ནི་མ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ།། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང་། གཞོན་ནུ་ཁྱོད་ཀྱིས་དེ་ལྟ་བས་ན་སྒྲུབ་པ་སྙིང་པོར་བྱེད་པོར་འགྱུར་བ་དེ་ལྟར་བསླབ་པར་བྱའོ།། གཞོན་ནུ ་བྱར་ནིན། སྒྲུབ་པ་པོའི་བྱེད་པ་ལ་ནི་ཕྲིན་མེད་པོ་མིང་དག་པར་རྫོགས་པའི་བྱང་ཆུ་རྩོང་པར་དགའ་བ་མ་ཡིན་ནན་མོ་གསུལ་ལོ།། བྱ་ཆུ་ཚོམམ་མེ་བ་པོ་སླེབ་པ་དེ་ཡང་བ་མ་དུ་ཁྱེན་པར་པོ་ཚང ་དང་བསྡུ་བའི་དངོས་པོ་ལ་སོགས་པའི་དབྱེ་བས་བློ་གྲོས་མི་ཟད་པ་དང་། དཀོན་མཆོག་སྤྲིན་ལ་སོགས་པའི་མདོ་རྣམས་ལས་རྒྱ་ཆེར་བསླབ་པར་བྱའོ།། དེ་བཞིན་དུ་འཇིག་རྟེན་པའི་བསླབ་པ་ལ་སོགས་པ་ལ་གནས་པ ་རྣམས་ཀྱི་བར་ལ་ཡང་བྱང་ཆུབ་སེམས་དཔས་བསླབ་པར་བྱ་ན། འཇིག་རྟེན་ལས་འདས་པའི་བསམ་གཏན་ལ་སོགས་པ་རྣམས་ལ་ལྟ་ཅི་སྨོས།། གཞན་དུ་ན་ཇི་ལྟར་རྣམ་པ་ཐམས་ཅད་དུ་སེམས་ཅན་གྱི་དོན་བྱ་བར་ནུས ་པར་འགྱུར་མདོར་ན་བྱང་ཆུབ་སེམས་དཔའི་ཐབས་དང་ཤེས་རབ་ཀྱི་ངོ་བོ་གྲུབ་པ་འདི་ཡུང་ཤེས་རབ་ཙམ་ཡང་མ་ཡིན་ལ། ཐབས་ཙམ་ཡང་མ་ཡིན་ནོ།། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་གཏོགས་པའི་སྦྱིན་པ་ལ ་ལ་སོགས་ཕ་རོལ་ཏུ་ཕྱིན་པ་དང་། བསྡུ་བའི་དངོས་པོ་ལ་སོགས་པ་འདི་དག་ཐམས་ཅད་ནི་ཞིང་ཡོངས་སུ་དག་པ་དང་། ལོངས་སྤྱོད་ཆེན་པོ་དང་། འཁོར་ཆེ་བ་དང་། ཡང་དག་པར་སེམས་ཅན་ཡོངས་སུ་སྨིན་པ་དང་། སྤྲུལ་པ་ལ ་སོགས་པ་མངོན་པར་མཐོ་བའི་ཆོས་ཐམས་ཅད་སྡུས་པར་བྱེད་པའི་དགེ་བའི་རྩ་བ་ཞེས་བརྗོད་དོ།། ཤེས་རབ་ནི་ཐབས་དེ་ཉིད་ཕྱིན་ཅི་མ་ལོག་པའི་རང་བཞིན་དུ་ཡོངས་སུ་གཅོད་པའི་རྒྱུ་ཡིན་ནོ།། དོན་འདི་ཡང་རྒྱས་པར་ནི་ཀ ་མ་ལ་ཤི་ལའི་བསྒོམ་པའི་རིམ་པར་བལྟ་བར་བྱའོ།། ལེའུ་འདིས་ཀྱང་དེ་བསྲང་བ་དང་དག་པ་དང་སྤེལ་བ་རྣམས་སམ། ཡང་ན་དེ་བསྲུང་བ་འབའ་ཞིག་བསྟན་པ་ཡིན་ནོ།། ཐོག་མ་ཉིད་དུ་ཡང་བྱང་ཆུབ་སེམས་དཔའི་སྡོམ་པ་ལ ་བདག་ཉིད་ཀྱང་ནུས་པ་ཡོད་དམ་མེད་ཤེས་པར་བྱས་ལ་སྡོམ་པ་མནོད་དོ།། དེ་ནས་སྡོམ་པ་མནོས་པའི་བྱང་ཆུབ་སེམས་དཔའ་འདི་ལྟར་བསམ་པར་བྱའོ་ཞེས་བབ་ཅོལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བབ ་ཅོས་ཞེས་བྱ་བ་ནི་བབ་བབ་ཏུའོ།། བརྩམས་པ་གང་ཡིན་པ་ནི་ལེགས་པར་བརྟག་པའང་མ་ཡིན་པ་སྟེ། དེ་ལ་ནི་ཁས་བླངས་དུ་ཟིན་ཀྱང་བྱ་བ་འམ་བཏང་ཞེས་རེས་ཀྱི་འདྲེ་བ་ལ་བརྟེན་ནས་དེ་ལྟར་བརྟགཽ་པུར་རིགས་ན། འདི་ནི་དེ་ལྟར་མ ་ཡིན་ནོ་ཞེས་སངས་རྒྱས་རྣམས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཀྱི་ཞེས་བྱ་བ་ནི་ལག་བཟངས་ཀྱིས་ཞུས་པ་ལ་སོགས་པའི་མདོ་དེ་དང་དེ་རྣམས་ལས་བསྔགས་པའི་ཕྱིར་རོ།། དེའི་སྲས་ཤེས་རབ་ཆེན་པོས་ཞེས ་བྱ་བ་ནི། འཕགས་པ་མགོན་པོ་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འཕགས་པ་སྡོང་པོ་བཀོད་པ་ལ་སོགས་པའི་མདོ་རྣམས་ལས་སོ།། བདག་ཉིད་ཀྱིས་ཀྱང་ནུས་པ་བཞིན་ཞེས་བྱ་བ་ནི་རང་གི་ཤེས་རབ ་ཀྲྀ་ནུས་པ་དང་མཐུན་པར་བརྟགས་པའོ།། དེ་ལ་བཤོལ་དུ་ཅི་ཞིག་ཡོད་དེ་ཅི་སྟེ་བཤོལ་བར་བྱེད་ཅེས་བྱ་བའམ། གང་ལ་ཐེ་ཙོམ་དུ་གྱུར་པའི་ལྷག་མ་ཅི་ཞིག་ཡོད། དེ་བས་ན་ཇི་ལྟར་དམ་བཅས་པ་བཞིན་དུ་ལེགས་པར་བརྩམས ་པ་ཉིད་རིགས་པ་ཡིན་ནོ།། གཞན་དུ་ན་འདིར་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ལྷ་དང་བཅས་པའི་འཇིག་རྟེན་བསླུས་པར་ཡང་འགྱུར་རོ།། གལ་ཏེ་དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལི། དེ་ལྟར་དམ་བཅས་ནས། ་ཞེས་བྱ་བ་ནི་མ་རྒལ་བ་བསྒྲལ་པར་བྱ་བ་དང་། མ་གྲོལ་བ་དགྲོལ་བར་བྱ་བ་དང་། དབུགས་མ་ཕྱུང་བ་དབུག་དབྱུང་བར་བྱ་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལས་བཟླ་བར་བྱ་བའི་ཕྱིར་དབུགས་དབྱུང་ནས ་ལས་ཀྱིས་བསྒྲུབ་པར་མ་བྱས་ན་ཏེ། གལ་ཏེ་ལས་ཀྱི་བྱ་བ་ཡིས་འདི་རྫོགས་པར་མ་བྱས་ན་འདིས་ལྷ་དང་མི་ལ་སོགས་པའི་སེམས་ཅན་དེ་དག་ཐམས་ཅད་བསླུས་ཤིང་བྱིང་ན་བདག་གིས་འགྲོ་བ་ཅི་འདྲར་འགྱུར་ཏེ། སེམས་ཅན ་དམྱལ་བ་ལ་སོགས་པའི་འགྲོ་བ་ལས་གཞན་གྱི་འགྲོ་བ་མེད་དོ་སྙམ་དུ་དགོངས་པའོ།། དོན་འདི་ཡང་འཕགས་པ་བློ་གྲོས་རྒྱ་མཚོའི་མདོ་ལས་བསྟན་པ། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ་དཔེར་ན་རྒྱལ་པོ་འམ་རྒྱལ་པོའི་བློན་པོ་ཆེན་པོས ་གྲོང་ཁྱེར་གྱི་སྐྱེ་བོ་ཐམས་ཅད་ལ་སྣང་ཟན་སྦྱིན་ནོ་ཞེས་མགྲོན་དུ་བོས་ལ་བཟའ་བ་དང་བཏུང་བ་མ་སྦྱར་ན་དེས་སྐྱེ་བོའི་ཚོགས་དེ་ཐམས་ཅད་བསླུས་པ་ཡིན་ཏེ། དེ་ལ་དེ་དག་ཀྱང་བཟའ་བ་དང་བཏུང་བའི་ཟས་མ་ཐོབ་པས་འཕྱ་ཞིང་སླར ་འདོད་པ་དེ་བཞིན་དུ་བློ་གྲོས་རྒྱ་མཚོ་བྱང་ཆུབོ་སེམས་དཔའ་གང་མ་རྒལ་བ་བསྒྲལ་བ་དང་། མ་གྲོལ་པོ་དགྲོལ་པོ་དང་། དབུགས་མ་ཕྱིན་པ་དབུགས་དབྱུང་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་བཟླ་བའི་ཕྱིར་སེམས ་ཅན་ཐམས་ཅད་དབུགས་དབྱུང་ལ་མང་དུ་ཐོས་པ་དང་། དེ་ལས་གཞན་དགེ་བ་བྱང་ཆུབ་ཀྱི་བྱོད་ཀྱི་ཆོས་རྣ་ཀྱི་བར་ལ་ཡང་བརྩོན་པར་མི་བྱེད་ན། བྱང་ཆུབ་སེམས་དཔའ་དེ་ནི་ལྷ་དང་བཅས་པའི་འཇིག་རྟེན་བསླུ་བོ་ཡིན་ནོ།། དེ་ལྟ་བུ་དེ་ལ་དེ ་སྟོན་སངས་རྒྱས་མཐོང་བའི་ལྷ་རྣམས་ཀྱིས་མཐོང་ནས་འཕྱ་ཞིང་གཞོག་འབྲུ་བྱུང་ལ་རྣམ་པར་སྤྱོད་དེ། གང་དག་མཚད་སྦྱིན་ཆེན་པོ་བྱ་བར་ངམ་བནྡྷས་པ་ཤཱམ་འོག་ཏུ་ཆུང་བར་བྱེད་པའི་མཆོད་སྦྱིན་གྱི་བདག་པོང ་ནི་དཀོན་ནོ།། བློ་གྲོས་རྒྱ་མཚོ་དེ་ལྟ་བོས་ན་ཚིག་གིས་ལཱ་མྱ་དང་མ~ཾ་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་བསླུ་བར་བྱེད་པའི་དྷྲྀག་དེ་ལྟ་བུ་བྱང་ཆུབ་སེམས་དཔའ་སྨྲ་བར་མི་བྱའོ་ཞེས་འབྱུང་ངོ་།། དམ་པོཅེས་པ་ཤིན་ཏུ་ཆུང་བ་ལས་འདའ ་ཡང་འབྲས་བུ་ལྟུང་བ་ལྕི་བར་འགྱུར་བ་ཡིན་ནོ་ཞེས། དངོས་པོ་ཕལ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཟན་ལ་སོགས་པའི་ངོ་བོའི་དངོས་པོ་ཅུང་ཟད་ཙམ་སྟེ་ཉུང་ཟད་ལ་ཡང་འདི་སྦྱིན་པར་བྱའོ་སྙམ་དུ་སེམས་ཀྱི་རྣམ་པར་བསམས་ཏེ། ་ཡང་སླར་དེ་སྦྱིན་པ་ལ་སོགས་པ་ལས་ལྡོག་པར་བྱེད་པ་དེ་ཡང་འཇིག་རྟེན་ཕ་རོལ་ཏུ་ཡི་དག་ས་འགྱུར་གསུངས་ན་ཞེས་བྱ་བ་ནི་ལུང་ནས་བརྗོད་པའོ།། དེ་བཞིན་དུ་ཚིག་ཏུ་དམ་བཅས་ནས་སྦྱིན་པར་མི་བྱེད་པ་སེམས་ཅན་དམྱལ་བར་འགྲོ ་བར་གསུངས་སོ།། བླ་ན་མེད་པ་ནི་གང་ལས་བླ་མོ་སྟེ་གོང་ན་མེད་པཱ་ནི་བླ་ན་མེད་པའོ།། བདེ་བ་ནི་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་མཚན་ཉིད་ཐུན་མོང་མ་ཡིན་པའོ།། སྐད་གསོང་མཐོན་པོ་ནི་རྩོམ་པ་ཆེན་པོས་སངས་རྒྱས ་དང་བྱང་ཆུབ་སེམས་དཔའ་དང་། ལྷ་དང་བཅས་པའི་འཇིག་རྟེན་མདུན་དུ་བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་དང་། བདག་གིས་མ་རྒལ་བ་བསྒྲལ་པར་བགྱིའོ་ཞེས་བྱ་བ་ལ་སོགས་པ་སྐད་ཆེར་བྱས་ནས ་སོ། བསམ་པ་ཐག་པས་ནི་གུས་པ་ཆེན་པོས་སོ།། དོན་དེ་མ་གྲུབ་ན་བདག་གི་འགྲོ་བ་ཅི་འདྲར་འགྱུར། དེ་དག་ཀྱང་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པའི་མདོ་ལས། ཅུང་ཟད་ཙམ་ཞིག་བསམ་པ་ལས་མ་བྱིན་ན་ཡི་དགས་ཀྱི་འགྲོ ་སྐྱེ་ལ། དམ་བཅས་པ་ལས་མ་བྱིན་ན་སེམས་ཅན་དམྱལ་བའི་འགྲོ་བར་འགྱུར་རོ་ཞེས་བསྟན་ན་འགྲོ་བ་མ་ལུས་པའི་དོན་བླ་ན་མེད་པ་དམ་བཅས་ནས་སྒྲུབ་པར་མི་བྱེད་པ་ལྟ་ཅི་སྨོས། དེ་བས་ན་ཆོས་ཡང་དག་པར་བསྡུད་པའི ་མདོ་ལས་ཀྱང་། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་བདེན་པ་ལྷུར་བྱེད་པར་འགྱུར་བར་བྱ་སྟེ། རིགས་ཀྱི་བུ་བདེན་པ་ཡང་དག་པར་བརྗོད་པ་ནི་ཆོས་ཡང་དག་པར་བརྗོད་པའོ།། རིགས་ཀྱི་བུ་དེ་ལ་བདེན་པ་གང་ཞེ་ན་གང་བྱང་ཆུབ ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེ་མོས་བསྐྱེད་ནས་སེམས་དེ་སྲོག་གི་ཕྱིར་ཡང་མི་གཏོང་ཞིང་། སེམས་ཅན་རྣམས་ལ་ཡང་ལོག་པར་མི་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའི་བདེན་པའོ།། ། ་གང་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ལ་སེམས་ཏེ། ཕྱིས་ཡོངས་སུ་གཏོང་ཞིང་སེམས་ཅན་རྣམས་ལའང་ལོག་པར་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའི་རྫུན་དུ་སྨྲ་བ ་ཐ་མ་ཡིན་ནོ་ཞེས་གསུངས་སོ།། དེ་ལྟར་གྱུར་ན་འཕགས་པ་ཤཱ་རིའི་བུ་སྔོན་གྱི་ཚེ་རབས་སུ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བས་ཚེགས་རྣམས་ལ་འཇུག་པར་བྱས་ཤིང ་སངས་རྒྱས་སྟོང་ཕྲག་བཅུ་ལ་བསྙེན་བཀུར་བྱས་ནས། དེ་ནས་བདུད་ཀྱི་ཐོ་བརྩམས་པས་བྱང་ཆུབ་ཀྱི་སེམས་བཏང་ངོ་ཞེས་ཐོས་ཏེ། དེ་ལྟར་ནའང་ཉན་ཐོས་ཀྱི་བྱང་ཆུབ་ཐོབ་ནས་སེམས་ཅན་གྱི་དོན་སྒྲུབ་པར ་ནུས་པར་འགྱུར་པ་འདི་ཇི་ལྟར་དྲང་ཞེ་ན། གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པ་ཐམས་ཅད་དུ་དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མཁྱེན་པའི་སངས་རྒྱས་བཅོམ་ལྡན་འདས་ཁོ་ནས་མཁྱེན་གྱི་ལས་ཚུལ་བསམ་གྱིས་མི ་ཁྱབ་སྟེ། ལས་ཀྱི་ཚུལ་སྣ་ཚོགས་པའི་རང་བཞིན་ཡིན་པའི་ཕྱིར་དོན་འདི་ཚུ་རོལ་མཐོང་བའི་སྤྱོད་ཡུལ་མ་ཡིན་ནོ།། གང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མངོན་དུ་བྱས་ཏེ་བླངས་པའི་བྱང་ཆུབ་ཀྱི་སེམས་བཏང་བ་སྔར་ངམ ་བཅས་པའི་ཡུལ་དུ་བྱ་བའི་སེམས་ཅན་དེ་རྣམས་འཁོར་བའི་སྡུག་བསྔལ་ལས་ཐར་པར་བྱེད་པ་ཉིད་ཡིན་ནོ།། འདི་ལ་རིགས་པ་ནི་འདི་སྣང་སྟེ། འཕགས་པ་ཤཱ་རིའི་བུས་ཐར་པའི་སེམས་རྣམ་པ་ཐམས་ཅད་དུ་ཡོངས་སུ་བཏང ་བ་ནི་མ་ཡིན་ཏེ། རྫིགོས་པའི་བྱང་ཆུབ་ཀྱི་སེམས་བཏང་ནའང་ཉན་ཐོས་ཀྱི་བྱང་ཆུབ་ཐོབ་པའི་ཕྱིར་རོ།། དེའི་ཕྱིར་ནུས་པ་དེ་ལ་བརྟེན་ནས་སྐལ་བ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་སྒྲོལ་བར་འགྱུར་བ་ཡིན་ཏེ་ཉེས་པ་མེད་དོ།། ་ཞར་ལ་འོངས་པ་དོར་ནས་སྐབས་ལ་སྦྱར་བ། དེས་ན་བྱང་ཆུབ་སེམས་དཔའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། དེས་ན་སྟེ་གང་གི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཁས་བླངས་པ་དེས་ན་རྒྱུ་དེའི་ཕྱིར་ནའོ།། ཡང་ཅིའི ་ཕྱིར་དེ་ལྟར་ཡིན་ཞེ་ན། གང་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་འདི་ལ་ལྟུང་བ་དང་བཅས་པར་གྱུར་ན། སེམས་ཅན་ཐམས་ཅད་ཀྱི་དོན་ལ་དམན་པར་འགྱུར་རོ།། གལ་ཏེ་ཡང་འདི་ལ་གང་ཟག ་གཞན་གྱི་བྱེད་པས་སེམས་ཅན་གྱི་དོན་ལོ་དམན་པར་གྱུར་པ་དེའི་ཚེ་གཞན་དེ་ཉིད་ཀྱི་ལྟུང་བ་ཡང་ལྕི་བར་གྱུར་པ་ཡིན་ནོ་ཞེས་གང་གཞན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ལས་གཞན་པའོ།། ། ་སྐད་ཅིག་ཀྱང་ཞེས་བྱ་བ་ལ་མིག་བཙུམས་པའི་བུར་དང་། ཡུད་ཙམ་པ་དང་། ཆུ་ཚོད་ཕྱེད་དང་། ཐུན་ཕྱེད་ལ་སོགས་པའི་དུས་ལྷ་རེ་ཞིག་ཞོག་སྐད་ཅིག་གཅིག་ཙམ་གྱི་བར་དུ་ཡང་སྟེ། བསོད་ནམས་ཀྱི་གེགས་བྱེད་པ་དེའི་ངན་འགྲོའི ་གྲང་བགྲང་བར་མི་ནུས་སོ།། ཅིའི་ཕྱིར་ཞེ་ན། སེམས་ཅན་དོན་ནི་བཅོམ་གྱུར་པསོ་ཞེས་བྱ་བ་སྟེ། བྱང་ཆུབ་སེམས་དཔའི་དགེ་བ་རྣམ་པར་འཇོམས་པར་བྱེད་པ་དེས་ཀྱང་སེམས་ཅན་མ་ལུས་པའི་དོན་ཉམས་པར་བྱེད་པར་འགྱུར་རོ།། ། ་ཇི་ལྟར་ན་འདིའི་ངན་འགྲོ་ལ་མུ་མཐའ་མེད་པ་ཡིན་ཞེ་ན། འདིའི་འཐད་པ། སེམས་ཅན་གཅིག་གི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕན་པ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། བདེ་བ་ལ་ཡང་བལྟ་བར་བྱའོ།། ཉམས་གྱུར་ན ་བདེ་འགྲོ་ཉམས་པར་བྱེད་པའི་ཕྱིར་རོ།། དོན་འདི་ཡང་རབ་ཏུ་ཞི་བ་རྣམ་པར་གདོན་མི་ཟ་བའི་ཆོ་འཕྲུལ་གྱི་མདོ་ལས་བསྟན་ཏེ། འཇམ་དཔལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཛམ་བུའི་གླིང་པའི་སེམས་ཅན ་ཐམས་ཅད་སྲོག་དང་ཕྲལ་ཞིང་བདོག་པ་ཐམས་ཅད་ཕྲལ་ལ། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གཞན་དག་གིས་བྱང་ཆུབ་སེམས་དཔའི་དགེ་བའི་སེམས་ཀྱི་བར་ཆད་བྱེད་དེ། ཐ་ན་དུད་འགྲོའོ ་སྐྱེ་གནས་སུ་སྐྱེས་པ་ལ་ཁམ་གཅིག་ཙམ་སྟེར་བ་ལས་བྱུང་བའི་དགེ་བའི་བར་དུ་གཅོད་ན་དེ་ནི་དེ་བས་ཆེས་གྲངས་མེད་པའི་སྡིག་པ་བསྐྱེར་།། དེ་ཅིའི་ཕྱིར་ཞེ་ན། དེས་སངས་རྒྱས་འབྱུང་བ་སྐྱེད་པར་བྱེད་པའི་དགེ་བའི་རྩ་བ ་རྣམས་ཀྱི་བར་ཆད་བྱེད་པར་གནས་པར་གྱུར་པའི་ཕྱིར་རོ་ཞེས་གང་གསུངས་པའོ།། དེ་ལྟ་ཞེས་བྱ་བ་ནི་སྔར་བརྗོད་པའི་རིམ་པས་ཡིན་ཏེ། རང་གི་བྱེད་པས་ལྟུང་བ་དང་བཅས་པར་གྱུར་པ་དང་། བྱང་ཆུབ་ཀྱི་སེམས་རབ་ཏུ་བརྟན ་པར་མནོས་པའི་ཕྱིར་རྒྱབ་ཏུ་དྲངས་ཤིང་སླར་ཡང་མདུན་དུ་ཁྲིད་པར་བྱས་པ་དེ་ལྟར་རེས་ཀྱིས་འདྲེ་བར་བྱེད་པས་ས་ཐོབ་པ་སྟེ། རབ་ཏུ་དགའ་བ་ལ་སོགས་པའི་ས་ཐོབ་པ་ལ་ཡུན་རིང་ཐོགས་ཤིང་དུས་རིང་པོ་འཁོར་བར ་ཡོངས་སུ་སྐྱེ་བར་འགྱུར་རོ།། དེ་བས་ན་ཇི་ལྟར་རིགས་ཤེ་ན། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་དམ་བཅུས་ནི་སེམས་ཅན་ཐམས་ཅད་གདོན་པར་བྱ་བའི་ཕྱིར་ཁས་བླངས་པའོ།། བསྒྲུབ་པར་བྱ་བ་ནི ་རྫོགས་པར་བྱའོ།། བདག་གིས་བརྩོན་པར་ནི་དང་དུ་བླང་བའོ།། དེ་ནས་ཞེས་བྱ་བ་ནི་ཕྱི་ནས་བྱའོ་སྙམ་དུ་ཡིད་ལའང་མི་བྱའོ།། འོག་ནས་འོག་ཏུ་འགྲོ་བར་འགྱུར་ཞེས་བྱ་བ་ནི་ངན་འགྲོར་བརྒྱུད་ནས་འོག་ཏུ་འགྲོ་པོའི ་ཕྱིར་རོ།། དེ་ལྟར་ཡོན་དུ་ཟིན་ཀྱང་དེ་བཞིན་གཤེགས་པ་འགའ་ཞིག་དང་ཕྲད་པ་ལ་བརྟན་ནས་ཉེས་པ་ཐམས་ཅད་སྤོང་བའི་ཕྱིར་ངན་འགྲོའི་དོགས་པ་ག་ལ་ཡོད་ཞེ་ན། འདིར་སེམས་ཅན་ཕན་པ་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། གྲངས་མེད་པ་ནི་འཁོར་བུ་ཐོག་མ་མེད་པ་བཞིན་དུ་སངས་རྒྱས་འབྱུང་བ་ལ་ཐོག་མ་མེད་པའི་ཕྱིར་རོ།། སེམས་ཅན་ཐམས་ཅད་ཚོལ་མཛད་པ་ནི་འགྲོ་བ་མ་ལུས་པ་ལ་ཕན་མཛད་པ་དྲང་པོ་དེ་བར་སྦྱར་བའི ་ཕྱིར་རྒྱུན་ཏུ་གཟིགས་པའོ།། དེ་ལྟ་མོད་ཀྱི། རང་གི་ཉེས་པས་ཏེ་བདག་ཉིད་ཀྱི་ཉེས་པར་སྤྱད་པས་དེ་བཞིན་གཤེགས་པ་དེ་དག་གི་གསོ་བའི་སྤྱོད་ཡུལ་དུ་བདག་མ་གྱུར་ཏེ། གསོ་བར་མི་རུང་བའི་ནད་ཀྱིས་བཏབ་པའི ་ནོད་པ་བཞིན་དུ་སྨན་པ་ཆེན་པོ་ཡིས་ཀྱང་གསོ་བའི་སྐལ་པ་མེད་པར་གྱུར་པ་ཡིན་ནོ།། གོང་ཞིག་ནམ་དུ་ཡང་མ་བྱུང་བ་དེ་ནི་འབྱུང་བར་མི་འགྱུར་རོ་ཞེས་བྱ་བ་འདི་ལ་རྒྱུ་ཅི་ཞིག་ཡོད་ཅེ་ན། ད་དུང་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། དེ་བཞིན་ཞེས་བྱ་བ་ནི་བསླབ་པའི་སྡོམ་པ་ལྷོད་པ་སྟེ་མི་དགེ་བ་ལས་མི་ལྡོག་པའོ།། བཅས་དང་ནི་རྐང་ལག་དང་རྣ་བ་དང་སྣ་ལ་སྡིགས་པའོ།། གཤེགས་པའི་དེ་དག་ཉིད་ལ་མདུང་ཐུང་དང་། གསལ་ཤིང ་མདའ་ལ་སོགས་པས་རྣམས་ཀྱིས་སོ།། སོགས་པའི་སྒྲས་ནི་གསོད་པ་དང་། འཆིང་བ་དང་བརྡེག་པ་ལ་སོགས་གཟུང་ངོ་།། གཞན་ཡིད་འདི་འདྲའི་འདུ་འཕྲོད་ནི་ཤིན་ཏུ་དཀོན་ཞེས་པ་ཡིན་པས་དེའི་ཕྱིར་དེང་ནས་བརྩོན ་པར་བྱའོ་ཞེས་བསྟན་པའི་ཕྱིར། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་འབྱུང་བ་ཞེས་བྱ་བ་ནི་སངས་རྒྱས་འབྱུང་བ་ནི་བརྒྱ་ལ་རེས་འགྲུའ ་སྲིད་པ་ཙམ་ཡིན་པའི་ཕྱིར་རོ།། དོང་པ་ཞེས་བྱ་བ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དོན་དང་པུས་སྡུད་པར་བྱེད་པའི་ཕྱིར་རོ།། མི་ཞེས་བྱ་བ་ནི་མི་ཁོམ་པ་སྤངས་པའི་མིའི་དངོས་པོའོ།། དགེ་བ་གོམ ་རུང་བ་ཞེས་བྱ་བ་ནི་དབོང་པོ་མ་ཚང་བ་མེད་པ་དང་ཉམས་བདེ་བའོ།། དེ་དག་ཐམས་ཅད་ནི་ཤིན་ཏུ་དཀོན་པ་སྟེ། བྱེ་བས་པར་རྙེད་པ་མ་ཡིན་ན། གང་ན་མོ་ཞིག་ཐོབ་པར་འགྱུར་ཏེ། དུས་གང་གི་ཚེ་འཐོབ་པར་འགྱུར ་བའོ། འདི་ལྟར་ཡང་མྱུར་བ་ཁོ་ནར་འདིར་བྱས་ཉིད་དུ་རིགས་པ། ནད་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ནང་ལས་རྣམ་པར་གྲོལ་བའི་དུས་སོ།། ཟས་བཅས་ཞེས་བྱ་བ་ནི་ཟས་མེད་པ་མ་ཡིན་པའོ།། འཚེ་བ་མེད་པོ་ནི ་ཆོམ་རྐུན་དང་། སྦྲུལ་དང་། གཅན་གཟན་དང་། ཤ་སྦྲང་དང་། སྦྲང་བུ་མཚུ་རིངས་དང་། སྡིག་པ་ལ་སོགས་པའི་འཚེ་བ་དང་བྲལ་བའོ།། ལུས་དང་སྲོག་ལ་ཡིད་ཆེས་པ་དང་མེད་པ་ཡིན་པར་བསྟན་པའི་ཕྱིར། ཚེ་ནི་སྐད་ཅིག ་བསླུ་བོ་སྟེ། གློ་བུར་དུ་ཐོག་ཆེན་པོ་འབབ་པ་ལྟར་སྐད་ཅིག་ཉིད་ལ་སླ་བར་བྱེད་པའོ།། ལུས་འདི་ཐང་ཅིག་བརྙན་པོ་བཞིན་བདག་ཉིད་ཀྱི་དབང་དུ་མ་གྱུར་པའི་ཕྱིར་ཕ་རོལ་གྱི་བརྙན་པའི་རྒྱན་དང་འདྲ་བ་སྟེ། གློ་བུར་དུ་འཆི ་བདག་གིས་ཕྲལ་ནས་འཁྱེར་བའོ།། མི་ལུས་འཐོབ་པའི་ངེས་པ་ཡང་མེད་པ་ཡིན་པར་བསྟན་པའི་ཕྱིར། བདག་གི་སྤྱོད་པ་འདི་འདྲས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་གི་སྤྱོད་པ་མི་དགེ་བ་བྱེད་པ་རྣམས་ཀྱིས ་ཏེ། སླར་ཡང་ཞེས་བྱ་བ་ནི་ཚེ་རླབས་གཞན་དུ་སྟེ། དེའི་ཚེ་ངན་འགྲོ་ཉིད་དོ།། ངན་འགྲོར་ལྷུང་ན་ཡང་སྡིག་པ་འབའ་ཞིག་སོགས་པའོ།། ངན་འགྲོ་ལ་དགེ་བ་སྤྱད་པའི་སྐལ་བ་ཡོད་པ་མ་ཡིན་ནོ་ཞེས། གལ་ཏོ་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ་དགེ་བོའི་ནུས་པ་ཡོད་ཀྱང་ངོ་།། ངན་སོང་སྡུག་བསྔལ་གྱིས་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་ལ་སོགས་པའི་གནོད་པས་ཀུན་ནས་ནོན་པས་ཀུན་ནས་བརྒྱལ་བའམ། ཕན་པ་དང་མི་ཕན་པའི་ཡོངས་སུ་ཤེས ་པ་མེད་པས་བྱ་བ་ཐམས་ཅད་ལ་ལས་སུ་རུང་བ་མེད་པའོ།། དེ་སྤྱད་ཚེ་ནི་སེམས་ཅན་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ཉམས་སུ་མྱོང་བའི་སྐབས་སུའོ།། དགེ་པ་ཞེས་བྱ་བ་ནི་སྤྱོད་པར་མ་གྱུར་ལ། མཐོ་རིས་ནི་བདག ་ལས་འབྱུང་པོར་ཤོག་ཅིག་སྙམ་པ་དེ་ལྟ་མ་ཡིན་ནོ་ཞེས། དགེ་བ་དག་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགེ་བ་མི་བྱེད་པར་སྡིག་པ་བསགས་པ་ལའོ།། བདེ་འགྲོའི་སྒྲ་ཡང་ཐོས་མི་འགྱུར་ཞེས་བྱ་བ་ནི་བདེ་འགྲོའི ་གྲགས་པ་ཙམ་ཡང་སྤངས་པའོ།། བདེ་འགྲོའི་རྒྱུ་ནི་དགེ་བ་ཉིད་ཡིན་ན། དེ་མོད་པར་བདེ་འགྲོ་ག་ལེས་འབྱུང་སྙམ་དུ་དགོངས་པ་ཡིན་ནོ།། བསྐལ་པ་བྱེ་བ་བརྒྱར་ཡང་ནི་ཞེས་བྱ་བ་ནི་ངན་སོང་གཅིག་ནོས་ངན་སོང་གཞན ་དུ་འགྲོ་བའི་ཕྱིར་རོ།། དེ་ཉིད་ལུང་ལས་ཀྱང་བསྟན་ཏོ་ཞེས་དེ་ཉིད་ཕྱིར་ན་ཞེས་དེ་ཉིད་ཕྱིར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་ཉིད་ཅེས་བྱ་བ་ནི་མི་ཁོམ་པ་བརྒྱད་རྣམ་པར་སྤངས་པའི་མིའི་ལུས་སོ།། ། ་འདིར་དཔེར་བརྗོད་པ་བསྟན་པ་ནི། རྒྱ་མཚོ་ཆེར་གཡེངས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དཔེར་ན་ཡོངས་སུ་བརྟག་པ་ཉེ་བར་བཟུང་བ་སྟེ། ཛམ་བུའི་གླིང་ཐམས་ཅད་རྒྱ་མཚོ་ཆེན་པོའི་ཆུ་གཅིག་གི་གཞིར་གྱུར་ལ། དེར ་ཡང་གཉའ་ཤིང་བུ་ག་གཅིག་པ་ཡོངས་སུ་འཕྱོ་བ་ལ་ཤར་ནས་རླུང་གིས་ནུབ་ཀྱི་འགྲམ་དུ་ཁྱེར་ཞིང་། དེ་བཞིན་དུ་ལྷོ་ནས་བྱང་དང་། བྱང་ནས་ལྷོའི་འགྲམ་དུ་སྟེ། རྒྱ་མཚོ་དེར་རུས་སྦལ་ཞར་བ་གཅིག་གནས་ཤིང་། དེ་ཡང ་ལོ་བརྒྱ་འདས་པ་དང་མགྲིན་པ་བཏེག་ནས་ལྟའོ།། ཇི་ལྟར་འགའ་ཞིག་ཏུ་འདི་འདྲ་བའི་ཚོགས་པ་ཡོད་པར་གྱུར་པ་སྟེ། ཤིང་གང་ཡིན་པ་མིག་ཞར་བ་དེའི་ཕྱོགས་སུ་སོང་བར་གྱུར་པ་དང་། དེ་ལ་མི་ལྟ་ན་ཡང་དེའི་མགྲིན་པ་བུ ་ག་དེར་ཆུད་པ་བཞིན་དུ་མིའི་ལུས་ཐོབ་པ་ཡང་དཔེ་དེ་བཞིན་ནོ།། ཡང་ཅིའི་ཕྱིར་དེ་ལྟ་བུ་ཡིན་ཞེ་ན། སྐད་ཅིག་གཅིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཡང་སྦྱོར་བའི་སྐད་ཅིག་མ་མང་མོད་ཀྱི། དེ་ལྟ་ན་ཡང་དངོས ་པོ་གཞི་མཚམས་མེད་པ་ནི་སྐད་ཅིག་མ་གཅིག་ཉིད་ལ་འགྲུབ་པར་འགྱུར་ཏེ། དེ་ལྟར་གཞན་ལ་ཡང་བལྟ་བར་བྱའོ།། ཡང་ན་ཤིན་ཏུ་མྱུར་བར་བྱེད་པའི་ཕྱིར་སྐད་ཅིགོ་མ་མང་པོ་ཉིད་ལ་སྐད་ཅིག་མ་གཅིག་ཅེས་བརྗོད་དེ། ་དཔེར་ནཱ་མིག་བཙུམས་པ་དུ་མའི་བྱ་བ་ལ་ཡང་མྱུར་བར་བསྟན་བྱ་བའི་དོན་དུ་མིག་བཙུམས་པ་ཙམ་གྱིས་བྱེད་དོ་ཞེས་བརྗོད་པ་ལྟ་བུའོ།། བསྐུལ་བར་གནས་གྱུར་ན་ཞེས་བྱ་བ་ནི་བར་གྱི་བསྐལ་པ་གཅིག་སྟེ། མནར་མེད ་བྱ་བར་གྱི་བསྐལ་པར་བརྗོད་དོ་ཞེས་བསྟན་པའི་ཕྱིར་རོ།། འཁོར་བ་ཐོག་མ་དྲོང་ཐ་མ་མེད་པར་ཡང་ཐོག་མེ་དོ་དུས་ནས་བྱས་ཤིང་བས་གླས་པས་ཏེ། བྱས་ཙམ་དང་བསགས་པོ་ཙམ་གྱི་སྡིག་པ་ཡིས་སོ།། བདེ་འགྲོར་མི་འགྲོ ་སྨོས་ཅི་དགོས་ཏེ། བདེ་འགྲོའི་གྲགས་པ་ཙམ་ཡང་མེད་དོ་ཞེས་བྱ་བའི་དོན་ཏེ། འབྲས་བུ་ཉམས་སུ་མྱོང་ཟིན་པའི་ལས་ནི་ལྡོག་པ་མེད་ཅིང་། འབྲས་བུ་ཉམས་སུ་མྱོང་བཞིན་པ་ཡང་རྣམ་པར་སྨིན་པ་ཡོངས་སུ་མཛད་ན། དེ ་ཇི་ལྟར་ན་དེ་ལྟར་འགྱུར་བ་ཡིན་ཞེ་ན། དེ་ཙམ་ཁོ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལས་ཀྱི་འབྲས་བུ་མྱོང་བ་ཙམ་ཁོ་ན་མྱོང་གྱུར་ནས་ཏེ། ཉམས་སུ་མྱོང་ནས་སོ།། དེ་ནི་ཞེས་བྱ་བ་བྱེད་པ་བོས་ཏེ། ལས་ངེས་བསྐྱེད་པའི ་སྡུག་བསྔལ་ལས་རྣམ་པར་གྲོལ་བར་མི་འགྱུར་བའོ།། གང་གིས་ན་ཅིའི་ཕྱིར་དེ་དག་མི་རིགས་པ་ཡིན་ཞེ་ན། གང་གི་ཕྱིར་དེས་བྱས་ཤིང་བསགས་པའི་སྡིག་པོའི་ལས་ཀྱི་འབྲས་བུ་མྱོང་བར་བྱེད་པའི་སྡིག་པ་གཞན་སྩོགས ་པར་བྱེད་དོ།། དེ་ཉིད་ཀྱི་ཕྱིར། རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི་བུ་གར་ཞེས་བྱ་བ་ལ་སོགས་པའི་དཔེར་བརྗོད་པ་རིགས་པ་ཡིན་ནོ།། ཡང་དེ་བཞིན་དུ་ངལ་བ་ཕུན་སུམ་ཚོགས་པ་ཡང་ཤིན་ཏུ་དཀོན་པར་རིག་ནས་གལ ་ཏེ་དགེ་བའི་ཕྱོགས་འཕེལ་བར་བྱ་བའི་ཕྱིར་བརྩོན་པར་མི་བྱེད་ན་རྨོངས་པ་ལས་གཞན་འདིར་རྒྱུ་ཅི་ཞིག་ཡོད་སྙམ་དུ་བདག་ཉིད་སྐྱོ་བ་བསྐྱེད་ནས་འདི་འདྲའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག ་ཉིད་ཀྱང་བདག་ཉིད་ལ་བསླུ་བ་དགེ་བའི་ནོར་ཉམས་པར་བྱེད་པ་འདི་ལས་བསླུས་པ་ཆེན་པོ་གཞན་མེད་དོ།། གཏི་མུག་ཀྱང་འདི་ལས་ཆེ་ཞིང་མཆོག་དུ་གྱུར་པ་འབྱུང་བ་མེད་དོ།། གང་ཞིག་དགེ་བའི་ཆོས་ཀྱི་ནོར་ལག་ན་གན ་པ་མཐོང་བཞིན་དུ་འཕྲོག་པ་ཡིན་ནོ།། དེ་ཉིད་བསྟན་པ་ནི་འདི་འདྲའི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། འདི་ལྟར་མི་དགེ་བའི་ཕྱོགས་སྟོབས་ཆེ་བ་དང་། དལ་བ་ཕུན་སུམ་ཚོགས་པ་མཆོག་ཏུ་དཀོན་པ་དང་། གཱ་ཏི་མུག་ནི ་ཤིན་ཏུ་ནུས་པ་དང་ལྡན་པར་རིག་ནས་ཇི་སྐད་དུ་བསྟན་པའི་བསླབ་པ་སྒྲུབ་པོའི་ཕྱིར་དང་། རང་གི་སེམས་བསྟན་པར་བྱ་བའི་ཕྱིར། གལ་ཏེ་བདག་གིས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱི་བདག་ཉིད་ཀྱི་ཚུལ ་འདི་བརྟགས་ནས་བརྩོན་འགྲུས་བསྐྱེད་པ་ནི། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་བརྟན་པར་སྤྱོད་པ་རོ་བྱའོ།། ཕྱིར་ཡང་སྒྱིང་ལུག་ན་ནི་ལེ་ལོར་གྱུར་པ་སྟེ། དགེ་བའི་ལས་རྣམས་ལ་སྤྲོ་བ་མེད་པ ་འམ། ཡིད་བསང་བར་གྱུར་ནའོ།། ཅི་ཞིག་གིས་ཞེ་ན། རྨོངས་པ་སྟེ། གལ་ཏེ་རྨོངས་པའི་དབང་དུ་གྱུར་ནས་སོ།། དེའི་ཚེ་མྱ་ངན་ལྡང་བར་འགྱུར་ཏེ། མྱ་ངན་འབྱུང་བར་འགྱུར་བའོ།། སེམས་ཅན་དམྱལ་བ་ལ ་སོགས་པའི་འགྲོ་བར་ཡུན་རིང་དུ་ནི་དུས་རིང་པོར་ཏེ། ཕྱིར་ཞིང་ནི་ཇི་ལྟར་སྔ་མ་བསླབ་པས་མྱ་ངན་དང་ལྡན་པ་བཞིན་དུ་སླར་ཡང་ངོ་།། གཤིན་རྗེའི་ཕོ་ཉས་ནི་སེམས་ཅན་དམྱལ་བའི་བསྲུངས་མ་བསྡིགས་པ་དང་བརྡེག་པ་ལ ་སོགས་པའི་ལས་བྱེད་པ་རྣམས་ཀྱིས་ཏེ། ཅིའི་ཕྱིར་ཁྱོད་ཀྱིས་སྔར་འདི་ལྟ་བུ་བྱས་ཅེས་བརྗོད་ཅིང་སྔར་བྱས་པའི་ལས་རྗེས་སུ་དྲན་པས་སམ། དེ་བཞིན་དུ་བརྡེག་པ་ལ་སོགས་པ་སྔོན་དུ་འགྲོ་བས་སོང་ཞིག་སྟོང་ཅིག ་ཅེས་བསྐུལ་བས་ནའོ།། བག་མེད་པའི་འབྲས་བུ་གཞོན་ཡང་ཡོད་དོ་ཞེས་བསྟན་པ་ནི། དམྱལ་མེ་ཞེས་བྱ་བ་ལ་སོགས་པ་ཡི་ནཱཾ་ཏེ། སེམས་ཅན་དམྱལ་བའི་མེ་དྭེ་ནི་སེམས་ཅན་དམྱལ་བ་རྣམས་བསྲེགས་པའི་ཕྱིར་རབ ་ཏུ་སྦར་པོ་ཡིན་པས་དམྱལ་བ་པའིའོ།། བཟོད་དཀའ་ནི་ཤིན་ཏུ་སྡུག་བསྔལ་བས་བརྟེན་པར་ནུས་པའོ།། བདག་གིས་དེ་ལྟར་ཅི་སྟེ་བྱ་སྙམ་ནས་ཕྱིས་གདུང་བ་དེ་ཉིད་མེ་དང་འདྲ་བ་སྟེ། སེམས་བསྲེག་པར་བྱེད་པའི ་ཕྱིར་རོ།། མ་བསླབས་ཞེས་བྱ་བ་ནི་བསླབ་པ་མེད་པ་སྟེ་མ་བསྡམས་པ་ཞེས་བྱ་བའི་དོན་ཏེ། ཡང་བདག་ཉིད་ཀྱིས་བརྟགས་པ། ཤིན་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། ཕན་པའི་ས་ནི་ཕནཔ་དང་བདེ་བའི་དོན་དང་། ་ངལ་བ་ཕུན་སུམ་ཚོགས་པ་དང་། དགེ་བའི་བཤེས་གཉེན་དང་ཕྲད་པ་ཤིན་ཏུ་རྙེད་དཀའ་བ་ནི་བསྟན་ཟིན་ཏོ།། ཤེས་དང་ཡང་ལྡན་པ་བཞིན་དུ་སྟེ། དཔྱད་པ་ཡང་འབྱུང་བཞིན་དུ་དེར་སླར་ཡང་ཁྲིད་ནས་སོ།། གལ་ཏེ། ་ཤེས་པ་ཡོད་ན་ཇི་ལྟར་ན་ཁྲིད་ཅེ་ན། སྔགས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དོན་འདི་ལ་བདག་གི་སེམས་ཀྱིས་འཕྲིགས་པ་མེད་པའོ།། ཅིའི་ཕྱིར་དེ་ལྟར་འགྱུར་འདིར་རིགས་པ་ནི་མ་ཡོད་དེ་དག ་ཏུ་ཡང་ཇི་ལྟར་འགྱུར་ཞེ་ན། འདིར་སྔགས་ཀྱིས་རྨོངས་པར་བྱས་པ་བཞིན་ཞེས་གསུངས་ཏེ། སྔགས་ཀྱང་གང་གིས་རྨོངས་པར་བྱས་ཞེ་ན། ཅིས་རྨོངས་བདག་གིས་ཀྱང་མི་ཤེས་ཏེ་ཞེས་སོ།། ཁྱོད་ཀྱི་ཁོང་ན་གནས་པ་འགའ ་ཞིག་པར་གྱུར་རོ་ཞེ་ན། བདག་གི་ཁོང་ན་ཅི་ཞིག་ཡོད་ཅེའོ།། ཉོན་མོངས་པའི་དགྲ་ཉིད་དག་ཡོད་པ་མ་ཡིན་ནམ་ཞེ་ན། འདིར་ཞེ་སྡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སོགས་པའི་སྒྲས་ནི་མགོ་བོ་ལ་སོགས་པ་མེད་པར ་བརྗོད་དེ། འདིས་ནི་དེ་དག་དབང་པོ་ཐམས་ཅད་ཀྱིས་སྟོང་པར་བསྟན་ཏོ།། ཞེ་སྡང་ནི་ཁོང་ཁྲོ་བའོ།། སྲེད་པ་ནི་ཡང་སྲིད་ལ་མངོན་པར་དགོའ་བ་དང་དགའ་བའི་འདོད་ཆགས་ཀྱི་མོད་ལ་སྐྱེས་པའོ།། སོགས་པའི་སྒྲས་ང་རྒྱལ ་ལ་སོགས་པ་ཕྲ་རྒྱས་བཅུ་གཟུང་བར་བྱ་སྟེ། སྲིད་པའི་རྩ་བ་པ་རྒྱས་དྲུག། འདོད་ཆགས་ཁོང་ཁྲོ་དེ་བཞིན་དུ།། ང་རྒྱལ་དང་ནི་མ་རིག་པ།། ལྟ་བ་ཐེ་ཚོམ་དེ་དག་བཅུ་ཞེས་གང་གསུངས་པའོ།། ལྟ་བ་རྣམ་པ་ལྔར་ཕྱེ་བས ་བཅུར་འགྱུར་ཏེ། འདི་ལྟ་སྟེ། འཇིག་ཚོགས་ལ་ལྟ་བ་དང་། ལོག་པར་ལྟེ་བ་དང་། མཐར་འཛིན་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་དེ་རྟུལ་ཞུགས་མཆོག་ཏུ་འཛིན་པའོ།། དེ་དག་ནི་ལམ་དང ་ཁམས་བདེ་བའི་རབ་ཏུ་དབྱེ་བས་དགུ་བཅུ་རྩ་བརྒྱད་དུ་འགྱུར་རོ།། ཡང་བྱང་ཆུབ་སེམས་དཔའི་ནི་བརྒྱ་ཉི་ཤུར་འགྱུར་བ་ཡིན་ནོ།། དཔའ་བ་སྟེ་དཔའ་བརྟུལ་དང་མི་ལྡན་པའོ།། མཛངས་མིན་ཏེ་ཡིད་གཞུངས་པ་དང་ལྡན ་པ་མ་ཡིན་པའོ།། དེ་ལྟ་བུར་གྱུར་པའི་ཡན་ལག་ཐམས་ཅད་མ་ཚང་བ་རྣམས་ཀྱིས་ཀྱང་ཇི་ཞིག་ལྟར་དེ་དག་གིས་བདག་བྲན་བཞིན་བྱས་སོ་སྙམ་དུ་རང་ཉིད་ལ་རྣམ་པར་དཔྱོད་པར་བྱེད་པ་ཡིན་ནོ།། འདི་ནི་ཤིན་ཏུ་ཡང་ངོ ་མཚར་ཆེ་བ་ཡིན་ནོ་ཞེས། བདག་གི་སེམས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་གི་སེམས་ཉིད་ལ་བརྟེན་བཅས་ནས་བདག་ཉིད་ལ་གནོད་པ་བྱེད་པ་སྟེ། དགའ་མགུར་ཞེས་བྱ་འམ ་སེམས་པའང་མེད་པར་རོ།། བསྟེན་པ་རྣམས་ནི་དེ་མི་རིགས་སོ།། དེ་ལའང་ནི་དེ་ལྟར་ན་དྲན་ཡང་སྟེ། མི་རིགས་པའི་ཚུལ་ཅན་དེ་དག་ལའང་བདག་མི་ཁྲོའོ་ཞེས་ཚིག་ཟུར་གྱིས་སྟོན་པ་ཡིན་ནོ།། པས ་ནི་གཞན་གནོད་པ་བྱེད་པ་ལ་ཇི་མོ་སྙམ་པ་རིགས་པ་ཉིད་མཱ་ཡིནྡ་ནམ་ཞེ་ན། འདིར་གནས་མིན་ཞེས་གསུངས་ཏེ། སྲུལ་འདྲི་ལྟ་བུ་ལ་བཟོད་པའི་ངང་ཚུལ་ཅན་ནི་སྨད་པ་ཡིན་ནི།། ཅིའི་ཕྱིར་དེ་ལྟར་དུ་དག་ཁྱང་མ་བཟང ་ན། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་གིས་ཇི་ལྟར་དམྱལ་བ་ལ་སོགས་པའི་སྡུག་བསྔལ་སྐྱེད་པར་བྱེད་པ་དེ་ལྟར་དགྲ་གཞན་དག་གི་ཁྲིད་ཅིང་སྤྱོད་པར་མི་ནུས་ཤིང་མོ་ལྕོགས་སོ།། མནར་མེད་པའི་མེ ་ཅི་འདྲ་བ་ཞིག་ཅེ་ན། རི་རབ་ཀྱང་ཞེས་བྱ་བ་ལ་ལ་སོགས་པ་གསུངས་པ་ཡིན་ཏེ། རི་རབ་ཀྱང་ཞེས་བྱ་བ་ནི་གཞན་ངན་དོན་ལྟར་རེ་ཞིག་ཞོག། རིའི་རྒྱལ་པོ་དང་མེ་ཕྲད་ན་ཡང་ཐལ་བ་ཡང་མི་མངོན་པར ་བྱེད་དེ། མེ་དྲག་པོའི་འབར་བ་ཆེན་པོས་སྲེག་པར་བྱེད་པའི་ཕྱིར་རོ།། དེར་བདག་སྐད་ཅིག་གཅིག་ལ་འདོར་ཏེ་འདི་འདྲ་བའི་མོར་རོ།། མཚམས་མེད་པའི་ལས་ཀྱི་རྒྱུ་རྣམས་ནི་སྟོབས་ཅན་ནུས་པ་དང་ལྡན་པ་སྟེ། གཉེན་པོས ་ཀུན་ནས་སློང་བ་མེད་པའི་ཕྱིར་རོ།། བོ་ནི་ཁྱོད་དེ་དག་ལ་ནི་དེ་ལྟར་འཁོན་དུ་འཛིན་པ་དམ་པོར་བྱེད་ལ་དགྲ་གཞན་དག་ལ་ནི་མ་ཡིན་པ་ཇི་ལྟ་བུ་ཡིན་ཞེ་ན། བདག་གི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཐོག་མཐའ ་མེད་པ་ཞེས་བྱ་བ་ནི་སྔོན་དང་ཕྱི་མའི་དུས་ཏེ། འཁོར་བ་མཐར་ཐུག་པ་མ་ཡིན་པའི་ཕྱིར་རོ།། གཞན་དག་ལ་ནི་ཉི་མ་སོ་སོར་ངེས་པར་གནས་པ་ཡིན་དགེ་བའི་ཕྱིར་རོ།། དགྲ་གཞན་ཀུན་ནི་ལྷ་དང་མི་ལ་སོགས་པའོ།། འོ་ན་དེ ་དང་མཐུན་པར་སྤྱད་ན་དབང་དུ་འགྱུར་བ་དང་ཕན་པ་དང་བདེ་བསྒྲུབ་པར་བྱེད་པར་འགྱུར་བ་མ་ཡིན་ནམ་ཞེ་ན། འདིར་མཐུན་པར་ཞེས་བྱ་བ་ལ་སྩོགས་པ་གསུངས་ཏེ། ཉོན་མོངས་པ་འདི་དག་ནི་དེ་བཞིན་དུ་རྗེས་སུ་འབྲངས་ན་མི་ཕན ་བ་བྱེད་པ་ཡིན་པའི་ཕྱིར་སེམས་ཅན་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ཤིན་ཏུ་བསྐྱེད་པ་ཡིན་ཏེ་རང་བཞིན་མི་སྲུན་པའི་ཕྱིར་ནན་ཏན་གྱིས་གཞོམ་པར་བྱ་བ་ཉིད་ཡིན་ནོ།། དེ་བས་ན་ངེས་པར་འདི་དག་ཉིད་བདག་གིས ་བྱ་བར་འོས་པ་ཡིན་ནོ་ཞེས་གསུངས་པ། དེ་ལྟར་ཞེས་ཏེ་དེ་བཞིན་དུ་རྒྱུན་ཆགས་ཤིང་བར་མེད་པར་ཏེ། དུས་ཐོག་མཐའ་མེད་པར་ཉེ་བར་གནས་པའི་ཕྱིར་དང་། ཉེ་བར་འཇོམས་པར་བྱེད་པ་ཡིན་པའི་ཕྱིར། ཡུན་རིངས ་དགྲར་གྱུར་པ་ཡིན་ནོ།། གླེགས་བམ་ལ་ལར་རྒྱུན་ཞེས་འདོན་པ་དེར་ནི་རྒྱུན་བར་མ་འཆད་པའི་འཇུག་པའི་ཕྱིར་རོ་ཞེས་བཤད་པར་བྱའོ།། ཡང་ཁྱད་པར་དུ་བྱེད་པ་ནི། གནོད་པ་ཞེས་པ་ཡིན་ཏེ། སེམས་ཅན་དམྱལ ་བ་ལ་སོགས་པའི་སྡུག་བསྔལ་གྱི་གནོད་པ་ཇི་སྙེད་པ་རྣམས་ཏེ། དེ་སྐྱེ་བའི་རྒྱུ་གཅིག་པུ་ཁོ་ནའི་སྙིང་ལ་ལེགས་པར་གནས་པ་དེ་དག་ཉིད། ཡོད་ན་འཁོར་བར་བདག་འཇིགས་པ་མེད་དེ་འཇིགས་པ་དང་བྲལ་ཞིང་དགའོ ་བར་ག་ལ་འགྱུར་ཏེ། མི་རིགས་སོ་ཞེས་བྱ་བའི་དོན་ཏོ།། ཡང་ཉོན་མོངས་པའི་དགྲ་བོ་རྣམས་སྤངས་པའི་ཕྱིར། ཤ་ཁོ་ན་ཞུགས་པར་ཞེན་པ་ཡིད་ལ་བརྟན་པར་གཞུག་པའི་ཕྱིར། འཁོར་བའི་བཙོན་རཱའི་ཞེས་བྱ་བ ་ལ་སོགས་པ་གསུངས་པ་ཡིན་ཏེ། ངེས་པར་འབྱུང་བའི་གནས་བྱེད་པའོ།། དམྱལ་བ་སོགས་ནའང་གནི་དོ་བྱེད་གཤིན་རྗེའི་སྐྱེས་བུ་དེ་དག་ཡིན་ཏེ། ཉོན་མོངས་པའི་དབང་དུ་གྱུར་པ་ལས་ཀྱི་རྣམ་པར་སྨིན་པའི་དབང ་གིས་དེ་དག་སྣང་བའི་ཕྱིར་རོ།། དེ་དག་ཞེས་ཉེས་པ་མ་ལུས་པའི་འབྱུང་གནས་སུ་གྱུར་པ་དེ་དག་གལ་ཏེ་ཡིད་ཀྱི་ཁྱིམ་དུ་ཆགས་པའི་རང་བཞིན་གྱི་གཟེབ་གང་ཡིན་པ་དེར་གལ་ཏེ་གནས་པར་གྱུར་ན་སྟེ། རྫོང་ལ ་བརྟེན་ནས་གལ་ཏེ་འདུག་ན་བདག་ལ་ག་ལ་བདེ། དེ་བས་ན་འདིར་བདག་གི་འདི་ཉིད་ནི་རིགས་པ་ཡིན་ནོ་སྙམ་དུ་བསྟན་པར་བྱ་བ། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་དེ་ལྟར། ་དེ་དག་ཉེས་པ་ཐམས་ཅད་ཀྱི་རྒྱུ་ཡིན་པ་དེའི་ཕྱིར་རོ།། ཁུར་ཞེས་བྱ་བ་ནི་གླང་གི་རྒྱབ་ཏུ་བསྐལ་བའི་ཁལ་ཞེས་བྱའོ།། ཁུར་དང་མཚུངས་པས་ན་ཁུར་ཏེ་དམ་བཅས་པ་འཛིན་པའོ།། འདི་ཞེས་བྱ་བ་ནི་ཉོན་མོངས་པའི ་རང་བཞིན་ཏེ། མདུན་ན་འདུག་པའི་ཕྱིར་མངོན་སུམ་དུ་སྒོས་བཏགས་ན་འདི་ཞེས་བསྟན་ཏོ།། མངོན་སུམ་དུ་ཞེས་བྱ་བ་ནི་བདག་གིས་མཐོང་བ་བཞིན་དུའོ་ངེས་པར་བཅོམ་པ་ནི་རྩ་བ་ནས་མེད་པར་རོ།། ཆུང་ངུ་ལ་ཡང ་ནི་གནོད་པ་ཆུང་ངུ་ལིའང་སྟེ་ཕ་དང་མི་བྱས་པའི་འཁོན་གྱི་རྒྱུ་མཚན་ལའང་ངོ་།། ཡང་ནི་དངོས་པོ་རྒྱ་ཆུ་ངུ་ལའོ།། ཁྲོས་གྱུར་པ་ནི་སྙིང་ལ་དགྲར་བྱས་པའི་ཞེས་པ་བརྟན་པོ་གཞག་པ་སྟེ། འཁོན་དུ་འཛིན་པ་ཞེས་བྱ་བའི ་དོན་ཏོ།། ང་རྒྱལ་བདོ་རྣམས་ནི་ང་རྒྱལ་འབར་བའི་ང་རྒྱལ་ཅན་རྣམས་སོ།། དེ་ཞེས་པ་ནི་གནོད་པོ་མེད་པའོ།། མ་བཅོམ་པ་ནི་དེ་གཞོམ་པར་མ་བྱས་པར་རོ།། གཉིད་མི་འོང་ནི་སེམས་ལས་མེད་པ་དང་བདེ་བོ་དང ་ཕན་པར་མི་འགྱུར་བའོ།། སྐབས་སུ་བབ་པ་དེར་ནས་གོ་བགོས་པ་ཉིད་བསྟན་པར་བྱ་བ། རང་བཞིན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏོ། རང་བཞིན་གྱིས་ངོ་བོ་ཉིད་ཀྱིས་འཆི་བ་སྟེ། གསོན་པའི་མཐའ ་ནི་འཆི་བ་ཡིན་ནོ་ཞེས་བྱ་བའི་ཕྱིར་རོ།། གང་ལ་དེ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ཡང་ཡིན་ལ་དེ་སྡུག་བསྔལ་བ་ཡིན་ལའོ།། དེ་དག་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གྱིས་གཟར་བར་གྱུར་པ་འགྱུར་བའམ། དེ་ཡིས་སྡུག ་བསྔལ་བར་གྱུར་པའོ།། དེ་ཉིད་ཀྱི་ཕྱིར། ཉོན་མོངས་པ་དག་ཡིན་ཏེ། སྙིང་བའོ།། གཡུལ་པོར་དང་ར་ཚེ་ནི་གཡུལ་སྤྱད་པར་བྱ་བའི་གནས་གཙོ་བོ་སྟེ། གཡུལ་གྱི་ས་གཞིའི་སྟོབས་དང་ལྡན་པའི་དཔུང་གང་ན་བར་ཞེས་བྱ་བའི ་དོན་ཏོ།། ནན་གྱིས་ཞེས་བྱ་བ་ནི་བཙོན་ཐབས་སུ་སྟེ། ནུས་པ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བའི་དོན་ཏོ།། གཞོམ་ཕྱིར་ནི་སྲོག་དང་བྲལ་བའི་ཕྱིར་རོ།། དྲག་ཤུལ་ཅན་ནི་གཟི་མདངས་ཅན་ཏེ། བརྩོན་པ་བརྩམ་པ་ཞེས་བྱ་བའི་དོན་ཏོ།། ་ཇི་ལྟར་གྱུར་པ་ཞིག་ཅེ་ནཱ~ཾ། མདའ་མདུང་གི་མཚོན་གྱིས་ཕོག་པའི་སྡུག་བསྔལ་ཁྱད་བསད་ནས་ཏེ། གཡུལ་ངོར་མཚོན་གྱིས་རྨས་པོ་མི་སེམས་ཏེ། སྐྱེས་བུ་དཔའ་བོ་ཞེས་བྱ་བའི་དོན་ཏོ།། ཕྱིར་ཕྱོགས་འབྱོར་པར་མི་བྱེད ་ན་ནི་ཁ་ཕྱིར་ལྡོག་པར་མི་འགྱུར་བའོ།། དོན་མ་གྲུབ་པ་ར་ནི་མངོན་པར་འདོད་པར་གྲུབ་པར་མ་བྱས་པར་རོ།། བརྟན་པ་རྣམས་པས་ཉོན་མོངས་པ་ལྷག་པར་གསུངས་པ། རྟག་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས ་པ་ཡིན་ཏེ། རྟག་ཏུ་ནི་དུས་ཐམས་ཅད་དུའོ།། རང་བཞིན་གྱིས་ཏེ་གནོད་པ་མ་བྱས་ཤིང་རྒྱུ་མེད་པའི་དགྲ་རྣམས་སོ།། བརྩོན་པ་ནི་འབད་པ་སྟེ། བརྩོན་པར་བྱས་པ་ཞེས་བྱ་བའི་དོན་ཏོ།། དེང་ཞེས་པ་ནི་དུས་འདིར ་ཞེས་པ་སྟེ། འདི་ནི་འཇིག་རྟེན་གྱི་སྒྲ་ལུགས་སོ།། སྒྱིད་ལུག་པ་ནི་བྱ་བར་འོས་པ་རྣམས་ལ་ནི་ནུས་སོ་སྙམ་པའི་ཞན་པའོ།། ཡི་ཆད་ནི་སེམས་ཞུམ་པ་འམ། དང་བ་མེད་པའམ། བསམ་པ་དམན་པའོ།། འདི་ནི་ཚིག ་བསྡུས་པ་སྟེ། ཡི་ཆད་པ་མི་འབྱུང་བ་སྒྱིད་ལུག་པ་མི་འབྱུང་བ་ཞེས་བྱའོ།། སྨོས་ཅི་དགོས་ཞེས་བྱ་བ་ནི་དེ་བས་ཀྱང་ལྷག་པ་ཞེས་བྱ་བའོ།། སྡུག་བསྔལ་བརྒྱ་ཕྲག་ནི་དལ་བ་བརྒྱ་ཕྲག་གམ། སྡུག་བསྔལ་བརྒྱ་ཕྲག་གིའོ།། རྒྱུར ་གྱུར་པ་གང་གིས་ཀྱང་ཞེས་པ་ནི་རང་གི་སེམས་ཀྱིས་རྟོག་པ་སྟེ། མི་རིགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། ཇི་ལྟར་ན་མི་རིགས་པ་ཡིན་ཞེ་ན། དོན་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་མེད་ཅེས་བྱ་བ་ནི་འདིར་འཇིག་རྟེན་པ ་ཕ་རོལ་ལ་སོགས་པར་དག་པར་འགྱུར་བའི་དགོས་པ་གཞན་ཅུང་ཟད་ཀྱང་མེད་པའོ།། དེ་ལྟ་ན་ཡང་དགྲའི་མཚོན་ཆ་ཡིས་སྨྲས་པའི་རྨ་བརླ་དང་། སྙིང་ག་དང་། དཔུང་པ་དང་། ལག་པ་ལ་སོགས་པ་ལུས་ལ་རྒྱན་དང་ལྡན་པ་སྟེ། ་རྒྱུན་ཆ་བཞིན་དུ་ཡིད་དགའ་བས་འཆང་བར་བྱེད་ན། འདི་བདག་ལ་ཇི་ལྟར་མི་རིགས་ཞེ་ན། དོན་ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་ཆེན་འགྲོ་བ་ཐམས་ཅད་སངས་རྒྱས་ཉིད་དུ་སྒྲུབ་པ་སྟེ་སྒྲུབ་པར་བྱེད་པ་དེའི་དོན་དུའོ།། ། ་བརྩོན་འགྲུས་བརྩམས་པ་ལ་ཅིའི་ཕྱིར་ཞེས་སྤོང་བར་བྱེད་པ་ཡིན་ནོ།། མཆོག་ཏུ་དད་པའི་རྒྱུ་སྡུག་བསྔལ་དེ་འདྲ་བ་ནི་བདག་ལ་རིགས་པ་ཉིད་མ་ཡིན་ནམ། གང་འགྲོ་བའི་གདུང་སོལ་སྡུག་བསྔལ་ལ།། དགའ་བ་འབའ་ཞིག་འདིར་བྱ ་རིགས་ཞེས་བརྗོད་པར་འགྱུར་བའོ།། གལ་ཏེ་དེ་ལྟར་བརྩོན་པར་བྱེད་པ་དེ་ལྷ་ཡིན་ན་ཡང་རང་གི་བདེ་བ་དང་མི་འགལ་བ་ཉིད་དུ་བརྩོན་པར་བྱ་བར་རིགས་པ་ཡིན་ནོ་ཞེ་ན། འདར་ཉ་པཱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་རང་གི་ཆུང་མ་དང་བུ་ལ་སོགས་པ་དགང་བ་དང་གསོ་བ་ལ་སོགས་པོ་བྱ་བ་ལ་སེམས་ཆགས་པའི་ཉ་པ་ནི་ཉའི་དགྲ་སྟེ། ཉ་འཚེ་བ་ལ་ཡིད་ཆགས་པའོ།། དགུན་གྱི་དུས་ཀྱི་མཚན་མོ་ཁ་བའི་ཚོ་གས་སྐྱུགས་པར་འཇུག་པར་བྱེད ་པ་དང་། ཆོམ་རྐུན་དང་། སྟག་ལ་སོགས་པའི་འཇིགས་པ་ལ་མི་བལྟོས་པ་དང་། དེ་བཞིན་དུ་ཤན་པ་ལ་སོགས་པ་དང་། དེ་ལྟར་གདོལ་པ་ཡང་རྟག་ཏུ་ལས་མ་ཡིན་པ་དགའ་བ། གཞན་གྱི་ནོར་འཕྲོག་པ་ལ་སོགས་པའི ་བསམ་པ་ཅན་ནི་ཚེར་མ་ཅན་དང་ཐུག་ཐུག་དང་གུ་སྲེག་མ་ཅན་བགྲོད་དགའ་བའི་ཆ་འབྲོག་གི་ལམ་དུ་རླུང་དང་ཚད་པ་དང་། ཐོག་དང་། ཆར་བབ་པ་དང་། མུན་པ་དང་ལྡན་པའི་མཚན་མོ་སྡོག་སྦྲུལ་ལ་སོགས་པའི་འཇིགས ་པའི་སྡུག་བསྔལ་རྩིས་མེད་པར་འགྲོ་བ་ནི་སྲོག་ལ་ཐེ་ཚོམ་ཟ་བ་བྱ་དཀའ་བའི་ལས་ལ་འཇུག་པར་བྱེད་དོ།། དེ་བཞིན་དུ་གཞན་གྱི་བུད་མེད་ལ་སྤྱོད་པ་ལ་སོགས་པ་དང་། དེ་ལྟར་ཞིང་པ་སྟེ་རྨོད་པར་བྱེད་པ་པོ་ཞིང་གི་ལས་ཉེ་བར་འཚེ ་བཞིང་རྨོད་པ་ལ་སོགས་པའི་བྱེད་པ་བྱས་པ་རྣམས་ཀྱང་ཉིན་མཚན་དུ་གྲང་བ་དང་། ཚ་བ་དང་། རླུང་ལ་སོགས་པའི་སྡུག་བསྔལ་ཉམས་སུ་མྱོང་བ་ཉིད་ཡིན་ནོ།། དེ་བཞིན་དུ་གཞན་གྱི་གདོང་དུ་ལྟ་ཞིང་འཚོ་བ་ཞབས ་འབྲིང་བ་ལ་སོགས་པ་དང་། དེ་ལྟར་དམན་པའི་ལས་ལ་མངོན་པར་དཀའ་བ་དེ་དག་ཀྱང་གྲང་བ་དང་ཚ་བ་ལ་སོགས་པའི་གནོད་པ་བཟོད་ན་འགྲོ་ལ་ཕན་པ་དང་བདེ་བའི་དོན་དང་སྐྱེས་བུ་མཆོག་གི ་དོན་གྱི་ཕྱིར་ཇི་ལྟར་ན་བདག་གིས་མི་བཟོད། བདག་གི་སླར་ཤིན་ཏུ་ཡང་བསྟེན་པར་བྱ་བར་རིགས་པ་ཡིན་ནོ་སྙམ་དུ་དགོངས་པའོ།། འོ་ན་གལ་ཏེ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་བསྒྲུབ་པའི་ཕྱིར ་སྨོན་ལོམ་བཏབ་པ་དེ་ལྟ་ཡིན་ནོ།། དེའི་ཚེ་དེ་ཉིད་ལ་ནན་ཏན་བྱ་བའི་ཕྱིར་བརྩོན་པར་བྱ་བ་ཉིད་ཡིན་ན། ཅིའི་ཕྱིར་རང་ཉིད་ཀྱི་སྲིད་པ་ལ་སོགས་པ་སྤང་བ་གཙོ་བོ་མ་ཡིན་ཞིང་དགོས་པ་མེད་པའི་དོན་དུ་བརྩོན་འགྲུས ་རྩོམ་པར་བྱེད་ཅེ་ན་དེ་ཕྱིར་ཕྱོགས་བཅུའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱོགས་བཅུའི་ནམ་མཁའི་ཚོད་ཀྱིས་འཚོ་བའི་འཇིག་རྟེན་གྱི་སྡུག་བསྔལ་ཐམས་ཅད་རྣམ་པར་དགྲོལ་བའི་ཕྱིར་སེམས་བསྐྱེད་ཅིང ་ཚིག་ཏུ་ཡང་ཚར་བཏོན་ནས་གཞན་དག་ལྟ་ཞོག། གང་གི་ཚེ་བདག་ཉིད་ཀྱང་སྲིད་པ་ལ་སོགས་པའི་ཉོན་མོངས་པ་རྣམས་མ་གྲོལ་བ་དེའི་ཚེ་རང་གི་ནུས་པ་ལཱ་མ་བལྟས་པ་ཁོ་ནར་ཚིག་ཏུ་བརྗོད་པར་བྱེད་པ་ནི་སེམས་རྣམ ་པར་འཁྲུགས་པར་གྱུར་པ་ཡིན་ནོ་སྙམ་དུ་བསམས་ནས་ཕྱིར་མི་ལྡོག་པར་དམ་བཅས་པ་ལས་བསྟན་པར་འགྱུར་བར་བྱའོ།། འདིར་དགོངས་པ་ནི་འདི་ཡིན་ཏེ། བདག་གིས་ཉོན་མོངས་པ་མ་སྤོངས་པར་གཞན་གྱི ་ཉོན་མོངས་སྤང་བ་ཞེས་བྱ་བ་ན་མི་ནུས་ཏེ། དེ་བས་ན་དེའི་ཐབས་ཡིན་པའི་ཕྱིར་དེ་ཉིད་དྲང་པོར་ངེས་པར་ཉམས་སུ་བླང་བར་བྱ་བ་ཉིད་ཡིན་ཏེ། བདག་ཉིད་ཀྱང་མ་དུལ་བར་གཞན་གདུལ་བར་ནི་ནུས་པར་མི་འགྱུར་རོ།། དེ ་ལྟ་བས་ན་སྡུག་བསྔལ་ཐམས་ཅད་ཁྱོད་དུ་བསད་ནས། འདིར་ཞེ་ན་བྱ་ཞིང་སྟེ་འདིར་ཉོན་མོངས་པ་གཞོམ་པའི་དོན་དུ་བརྩོན་འགྲུས་བརྟན་པ་ལ་ནན་ཏན་དུ་བྱའོ།། ཁོན་དུ་གཟུང་ནས་ནི་ཁོ་ན་མ་བརྗོད་པའོ།། གཡུལ ་སྤང་ནི་རྩོད་པས་ཡིད་བྱུང་བ་སྤངས་པོ་རྣམ་པ་ཐམས་ཅད་དུ་འཐབ་མོ་བརྩམས་པའོ།། ཡང་ན་འོ་ན་གལ་ཏེ་ཐོག་མ་ཉིད་དུ་བདག་ཉིད་ཀྱི་ཉོན་མོངས་པ་སྤངས་པར་མ་གྱུར་ན་འདི་ལ་མི་རིགས་པ་ཅི་ཞིག་ཏུ་འགྱུར། གང་གི ་ནཱ་གུས་པ་ཆེན་པོས་དེ་ཉིད་ལ་བརྩོན་པར་བྱ་ཞེ་ན། འདིར་ཕྱོགས་བཅུའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་བསྡུས་པའི་དོན་ནི་འདི་ཡིན་ཏེ། ཐམས་ཅད་ལའང་གཞན་པས་རང་འདུལ་བ་ནི་རླུང་ལ་རག་པ ་ཡིན་ལ། གང་ལ་བདག་རང་ལའང་ནུས་པ་མེད་པ་དེ་ལ་གཞན་གྱི་རྒྱུད་ལ་ལྟ་ག་ལ་འགྱུར་ཏེ། འདི་ནི་མི་སྲིད་པའི་ཕྱིར་བཞང་གང་བྱེད་པར་ཟད་དེ། རང་གི་ཚོད་མི་ཤེས་པར་དམ་འཆའ་བར་འགྱུར་བ་སྨོན་པའི་ཚིག་ལྟ་བུ ་ཡིན་ནོ།། དེ་བས་ན་བདག་ཉིད་ཡོངས་སུ་སྦྱང་བ་ལ་དང་པོར་འབད་པར་བའོ།། གཞན་ཐམས་ཅད་ནི་སྔ་མ་དང་འདྲའོ།། འོ་ན་གལ་ཏེ་ཉོན་མོངས་པ་རྣམས་པ་ཐམས་ཅད་དུ་སྤང་བར་འདོད་པ་དེ་ལྟ་ཡིན་ན་ནི་དེའི་ཚེ་ཉོན་མོངས ་པ་སྤངས་པ་པོ་མངོན་པར་ཞེན་པ་གང་ཡིན་པ་དེ་ཡང་སྤང་བར་བྱ་བ་ཉིད་དུ་འགྱུར་ཏེ། དེ་ཡང་བག་ལ་ཉལ་གྱི་རང་བཞིན་ཡིན་པའི་ཕྱིར་རོ།། ཇི་སྟེ་དེ་ལྟར་ནཱ་ཡང་ཉོན་མོངས་པ་སྦྱོང་བ་ཉིད ་མི་འགྱུར་རོ་ཞེ་ན། འདིར་མ་གཏོགས་པ་ཞེས་བྱ་བ་གསུངས་ཏེ། ཉོན་མོངས་པ་གང་ཞིག་ཉོན་མོངས་པ་འཇོམས་པར་བྱེད་པའི་གཉེན་པོ་དང་འབྲེལ་པ་རྣམ་པ་དེ་ལྟ་བུ་སྟེ་དེར་སྣང་བ་ཙམ་ཡིན་གྱི་དེ་ཉིད་ནི་ཉོན་མོངས་པ ་ཙཱ་ཉིད་པ་ནི་མ་ཡིན་ཏེ། དེ་དག་ལས་གཞན་ཞེས་བྱ་བའི་དོན་ཏོ།། དེ་དག་གིས་ནི་ཉོན་མོངས་ཐམས་ཅད་རྣམ་པ་ཐམས་ཅད་དུ་སྤངས་པས་འཁོར་བར་མི་སྤངས་པས་འཁོར་བར་མི་སྐྱེ་བའི་ཕྱིར། བླ་ན་མེད་པའི་བྱང་ཆུབ ་འཐོབ་པར་མི་འགྱུར་རོ་ཞེས་བྱ་བའི་ཐལ་བར་འགྱུར་བ་འདི་ཡང་བསལ་བ་ཡིན་ནོ།། ཉོན་མོངས་པ་གང་དག་ངེས་པར་འཆི་བའི་རྒྱུར་གྱུར་པ་དེ་དག་ནི་འདིར་ངེས་པར་གཞོམ་པར་བྱ་བ་ཡིན་ལ། གང་ཡང་ཚོགས་སོགས ་པའི་རྒྱུ་སྐྱེད་པ་དེ་དག་ཇི་སྲིད་དུ་ཚོགས་རྫོགས་པར་མ་གྱུར་གྱི་བར་དུ་རྟ་ཤིན་ཏུ་དུལ་བ་བཞིན་དུ་དུལ་བར་བྱ་བ་ཏེ་གཞག་པར་བྱའོ།། ཕྱིས་ནི་དེ་དག་ཀྱང་གཞོམ་པར་བྱ་བ་ཁོ་ན་ཡིན་ཏེ། འདི་ཉིད་གསུངས་པ་ནི་ཉོན་མོངས ་འཇོམས་པ་དང་འབྲེལ་པ་ཞེས་བྱ་བ་ཡིན་ནོ།། ཡང་ཉོན་མོངས་མ་བསྲེགས་རྩ་ལྔར་ཆུང་ཞིང་ཡང་བ་ཉིད་དུ་བྱ་ཞེས་གང་གསུངས་པའོ།། དེ་བས་ན་རྣམ་པ་ཐམས་ཅད་དུ་ཐམས་ཅད་སྤང་བར་ནི་མི་འདོད་དོ།། དོན་འདི་ནི་བྱ ་དགཀའ་བ་དུ་མས་ཐོབ་པར་བྱ་བ་ཡིན་ཏེ། དེར་ཡང་སྡུག་བསྔལ་བརྒྱ་ཕྲག་མཐའ་ཡས་པས་འཇོམས་པ་འབྱུང་བར་འགྱུར་མ་ཡིན་ནམ། དེ་བས་ངོའི་རྗེས་སུ་འབྲང་བ་ཉིད་བླ་སྟེ་ལེགས་པར་བྱས་པར་འགྱུར་རོ་ཞེ ་ན། བདག་མི་བསྲེམ་ས་དེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤིན་ཏུ་ཆུང་བ་བརྗོད་པ་ཡིན་ཏེ། བདག་གི་དམ་པ་ཅི་འདི་ངེས་པ་ཉིད་ཡིན་པར་ཟུང་ཤིག། མ་ཞེས་བྱ་བ་རྣམས་ཀྱང་ཇི་ལྟར་འདོད་པ་བཞིན་དུ་འོག་ཏུ ་སྟུ་ག་ལ་དུམ་པུར་བྱས་པའམ། ཤཱ་དང་ཁྲག་ཞིག་ཅིང་ཟང་བར་བྱས་ཀྱང་ཉོན་མོངས་པའི་དགྲ་བོ་རྣམས་ལ་མགོ་བོ་འདུད་པར་བྱས་ནས་རྗེས་སུ་སྒྲུ་སྡེ་དོའི་བཀ་བཞིན་བྱེད་པར་མི་བྱི་ཞེས་བྱ ་འི་དོན་ཏོ།། བུམ་བློ་དྲུག་པ།། རྣམ་པ་ཀུན་དུ་ཞེས་བྱ་བ་ནྟི་ནེམ་དུ་ཡང་ངོ་།། ཁྱོད་ཀྱིས་རང་གི་གནས་ལེས་བཏོན་ཡང་གལ་ཏོ་སྟོབས་བའི་གནས་ལྔ་བརྟེན་ནས་དགྲ་གཞན་པོ ་དུ་དགྲ་ཎྜིརཡིན་ནམ། དེའི་ཚེ་འདིར་ཙཾ་ལྟར་སླར་བཅོས་པར་བྱེ་བ་ཞེས་དོག་བཱ་ལ~ཾ། ཐ་མལ་དོག་བོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐ་མ་གཞན་དག་ནི་ཡུལ་ནས་ཕྱུང་ཡང་གནས ་གང་ཞིག་ནས་ནུ་སྤོབས་རྙིང་ནས་དགྲ་ཚར་ཕྱིན་པར་བྱ་བའི་ཕྱིར། ཕྱིར་ཁེ་ལྡོག་པའི་གནས་ཡུལ་གཞན་དེ་ནི་སྐྱིང་ཅེས་ཉོན་མོངས་པའི་གྲུལགཞན་ལྟར་དེའི་སྤྱོང་བ་མི་སྣང་ངོ་།། ་དེ་ལྟར་འདོད་ཀྱང་ག་ལ་འགྱུར་ཞེ་ན། ཉོན་མོངས་ཉོན་མོངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་གི་སེམས་ལས་ཡུལ་ཕྱུང་ན། ཉོན་མོངས་པའི་དགྲ་འདི་གང་དུ་སོང་ནས་གནས་པར ་བྱེད་གང་དུ་གནས་པར་བྱས་ནས་བདག་ལ་གནོད་པ་བྱ་བའི་ཕྱིར་འབད་རྩོལ་བྱེད་དོ། འདིའ་གནས་ནི་མ་མཐོང་ངོ་།། རྩ་བ་ནས་མེད་པར་གྱུར་པ་ལ་ལྡང་བར་མི་རིགས་པའི་ཕྱིར་རོ་སྙམ་དུ་དགོངས་སོ།། བློའི་རྒྱུ་བ་མི་ཟིན་པའི ་ཕྱིར་བདག་ལ་སྤྲོ་བ་མེད་པ་འབའ་ཞིག་ཏུ་ཟད་ཀྱི་ཉོན་མོངས་པ་འདི་ནི་རྩ་བ་མེད་པའི་ཕྱིར་དོན་དམ་པ་དེ་ཁོ་ན་ཉིད་མཐོང་བ་ཙམ་གྱིས་སྤང་བར་བྱ་བ་ཡིན་པས་ན་ཉོན་མོངས་ཡིན་ནོ།། དེ་ཉིད་རབ་ཏུ་བསྒྲུབ་པའི་ཕྱིར་ཉོན ་མོངས་རྣམས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡིད་དུ་འོང་བ་ལ་སོགས་པའི་ཡུལ་མཐོང་ཡང་དབང་པོ་བསྡམས་པ་ཁ་ཅིག་ནི་ཉོན་མོངས་པོ་མི་སྐྱེ་བའི་ཕྱིར་དང་། རྣམ་པར་བརྟགས་ན་རྡུལ་ཕྲ་རབ་ཀྱང་དེ་ལ་མ་མཐོང་བའི ་ཕྱིར་ཡུལ་ན་མི་གནས་སོ།། མིག་ལ་སོགས་པའི་དབང་པོའི་ཚོགས་ལ་ཡང་སྔ་མ་བཞིན་དུ་མི་གནས་ཏེ། ཆོས་ལ་སེམས་པ་ལ་སོགས་པའི་གནས་སྐབས་ན་དབང་པོའི་དངོས་པོ་ཡོད་ཀྱང་མི་དམིགས་པའི་ཕྱིར་རོ།། ་ཡུལ་དང་དབང་པོ་དག་གི་བར་ན་སྟེ་དབུས་ན་གནས་པའང་མིན་ཏེ། སྣང་དུ་རུང་བ་མི་དམིགས་པ་ཉིད་ཡིན་པའི་ཕྱིར་རོ།། དེ་དག་ལས་གཞན་འབའ་ཞིག་ཏུ་ཡང་གནས་པའི་ངེས་པ་མེད་དོ།། དེ་བས་ན་རྩ་བ་མེད་པའི་ཕྱིར་དེ ་ལྗོ་ན་ཉིད་དུ་སྟོང་པ་སྟེ་གློ་བུར་བ་ཉིད་ཡིན་ཏེ། ཡང་དག་པ་ཡིན་པའི་ཀུན་ཏུ་རྟོག་པ་ཙམ་ལས་བྱུང་བའི་ཕྱིར་རོ།། དེ་ལྟ་བུར་གྱུར་ན་ཡང་འགྲོ་བ་ཀུན་གནོད་བྱེད་དེ་འཁྲུག་པར་བྱེད་དོ།། དེ་ལྟར་ཡིན་ན་ཅི་ལྟར་བྱ་བར་རིགས ་ཤེ་ན། གསུངས་པ་འདི་ནི་སྒྱུ་འདྲ་སྟེ། དཔེར་ན་སྒྱུ་མ་ནི་དེའི་རྣམ་པས་སྟོང་ཡང་སྔགས་དང་སྨན་གྱི་མཐུ་ལས་དེ་རྐྱེན་འདི་ཙམ་གྱིས་དེ་ཁོ་ན་ཉིད་དུ་མེད་ཀྱང་གླང་པོ་ཆེ་ལ་སོགས་པའི་རྣམ་པར་སྣང་བ་དེ་བཞིན་དུ་ཉོན་མོང ་པ་འདི་རྣམས་ཀྱང་ཕྱིན་ལོག་གི་རྒྱུ་མཚན་དང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་བྱུང་བ་སྟེ། རྐྱེན་འདི་དག་ཙམ་གྱིས་དེ་ཁོ་ན་ཉིད་དུ་མེད་པ་ཉིད་དུ་སྣང་ངོ་།། དེའི་ཕྱིར་སྙིང་ལ་འཇིགས་པ་སྤོངས་ཏེ་ཉོན་མོངས ་པ་རྣམས་སོ།། དོན་དམ་པར་རྣམ་པར་དཔྱད་ན་བརྫུན་པ་འདི་ཅི་ཞིག་ཏུ་རུང་སྟེ། དེའི་ཕྱིར་བརྩོན་པ་སྟོན་ཅིག་སྟེ་སྤྲོ་བར་གྱིས་ཤིག་པའོ།། ཤེས་ཕྱིར་ནི་དེ་ཁོ་ན་ཉིད་རབ་ཏུ་རྣམ་པར་འབྱེད་པས་རྟོགས་པའི་དོན ་དུའོ།། དོན་མེད་ཉིད་དུ་དགོས་པ་མེད་པའི་ཉིད་དུའོ།། དམྱལ་བ་རྣམས་སུ་ནི་བསྡུས་འཇོམས་ལ་སོགས་པ་རྣམས་སུའོ།། ཉོན་མོངས་པའི་དབང་དུ་གྱུར་པས་བདག་ལ་གནོད་པ་ནི་གཟིར་བ་སྟེ་ཅི་སྟེ་བྱ་བའོ།། ། ་ད་ནི་སྔར་བསྟན་པའི་དོན་མ་ལུས་པ་ཉེ་བར་བསྡུ་བར་བྱ་བའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་ནི་བསྟན་མ་ཐག་པའི་ལེའུ་མ་ལུས་པས་བསྟན་པའི་དོན་ནམ། བསྟན་མ་ཐག་པོའི་སྒྱུ་མ ་བཞིན་ལ་རྣམ་པར་བསམས་ཏེ་བསྟན་པར་བྱས་ནས་འབད་པར་བྱའོ།། ཅིའི་དོན་དུ་ཞེ་ན། ཇི་ལྟར་བཤད་པའི་བསླབ་པ་བསྒྲུབ་པའི་རྒྱུར་ཏེ། ཇི་སྐད་གསུངས་པའི་བསླབ་པ་ནི་མདོ་དེ་དང་དེ་དག་ལས ་ལས་བྱང་ཆུབ་སེམས་དཔའི་བྱ་བར་འོས་པ་གང་ཞིག་བསྟན་པ་འམ། བསྟན་བཅོས་འདི་ཉིད་ལས་མདོར་བསྡུས་ནས་དེ་དང་དེར་ཉེ་བར་བསྟན་པ་དེ་དག་བསྟན་པའི་དོན་དུའོ།། བཅོམ་ལྡན་འདས་ཀྱིས་མདོ་སྡེ་རྣམས་སུ་བྱང་ཆུབ ་སེམས་དཔའི་བསླབ་པའི་གཞི་གསུངས་པ་ནི། ཇི་སྐད་དུ་འཕགས་པ་དཀོན་མཆོག་སྤྲིན་ལས། རིགས་ཀྱི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་སེམས་དཔའི་བསླབ་པའི་སྡོམ་པས་བསྡམས་པ་ཡིན་ཞེ་ན་འདི ་ལ་བྱང་ཆུབ་སེམས་དཔའ་འདི་ལྟར་དཔྱོད་དེ། སོ་སོར་ཐར་པའི་སྡོམ་པ་ཙམ་གྱིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་ཀྱིས་དེ་བཞིན་གཤེགས་པས་གང ་འདི་མདོ་སྡེ་དེ་དང་དེ་དག་ལས་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པའི་གནས་བཅས་པ་དེ་དག་ལ་བདག་གོས་བསླབ་པར་བྱའོ་ཞེས་རྒྱ་ཆེར་གསུངས་པ་ལྟ་བུ་སྟེ། དེ་བས་ནི་བདག་ལྟ་བུ་བློ ་ཞན་པས་རྒྱ་ཆེར་གསུངས་པའི་ཕྱིར་བྱང་ཆུབ་སེམས་དཔའི་སྡོམ་པ་ཤེས་རབར་དཀའ་ན། དེས་ན་ཇི་ལྟར་བྱ་བའི་རིགས།། གང་གིས་ལྟུང་བར་མི་འགྱུར་བའི།། གནད་ཀྱི་གནས་རྣམས་འདིས་རིག་བྱ།། གནད་ཀྱི་གནས་དེ ་གང་ཞེ་ན་འདི་ལྟ་སྟེ། བདག་གི་ལུས་དང་ལོངས་སྤྱོད་དང་།། དགེ་བ་དུས་གསུམ་སྐྱེས་པ་རྣམས།། སེམས་ཅན་ཀུན་ལ་བཏང་བ་དང་། སེས་དག་པ་སྤེལ་བའོ།། ཞེས་གསུངས་སོ།། པ་བྱང་ཆུབ་སེམས ་སྡོམ་པ་གློང་ན་ཡང་ལྟུང་བར་རྣམ་པར་བཞག་པོ་ནི་འདི་ནི་བྱང་ཆུབ་སེམས་དཔའི་སྡོམ་པ་མདུར་བསྡུས་པ་ཡིན་ནོ།། ཇི་སྐད་དུ་སེམས་དཔའི་སེ་སར་ཐར་པའི་མདོ་ལས་གསུང་སོ་འུ་སྟེ། ཆུབ་སེམས ་དཔའ་སེམས་ཅན་རྣམས་ཐམས་ཅད་ཀྱི་ཕྱིར་སྡུག་བསྔལ་ཟད་པར་འགྱུར་བའི་ལམ་གང་ཡོངས་སུ་བཟུང་བ་སྟེ། གྲལ་ཏེ་བྱང་ཆུབ་སེམས་དཔའ་ལམ་དེ་ཡོངས་སུ་བཟུང་ནས་གནས་པ་མ་བསྐལ་པ་བྱ་བ་འདས་ནས ་པན་འདུག་པ་ཙམ་གྱི་བདེ་བ་འདོད་པའི་སེམོ་སྣ་ཅིག་བསྐྱེད་ན་ཡང་དེ་ལ་བྱང་ཆུབ་སེམས་དཔས་སེམས་འོད་ལྟར་བསྲེད་པ་རོ་བྷ་སྟྭ~ཾ། བདག་གིས་སེམས་ཅན་ཐམས་ཅད་ཀཽ་རེས་འདྲང་འངས་ནས་འདུག་པ་གང་ཡིན ་པ་དེ་ཡང་མང་བ་ཡིན་ནོ་ཞེས་སོ།། དེ་ཉིད་ཀྱི་ཕྱིར། སྨྱོན་པའི་དག་ཅེས་བྱ་བ་ལ་སོགས་པ་གསུངས་པལན་སྣུན་པའི་མི་བྱེད་ན་གང་ལ་སྨན་བསྒྲུ་སྭཱམྦྷ་མ་ན་ཀྱི་སྙེ་མེད་ཅེ་ར ་མེད་པར་འགྱུར་བ་གལ་ཡོད། དེ་བཞིན་དུ་ཐམས་ཅད་མཁྱེན་པའི་སྤྱན་པ་ཆེན་པོས་ལུང་ཕོག་པའི་བསླབ་པ་བསྒྲུབ་པར་སྨིན་མེད་པར་འགྱུར་བ་ལོས་དང་ཉོན་མོངས་པས་བཞེས་པའི་སྡུག་བསྔ ་གྱི་འཇིགས་པ་ཆེན་པོ་ལས་རྣམ་པར་གྲོལ་བར་འགྱུར་བ་ལྟ་ག་ལ་ཡོད་དེ་ལྟར་སྡོམ་པ་ཡང་དག་པར་གཟུང་བ་ལ་ལྟུང་བའི་མཚན་ཉིད་གང་དང་ལྡན་པའི་དངོས་པོ་བདག་ཉིད་ཀྱིས་བརྟགས་ཤིང་སྤོང་བ་དང་། ་ལྟུང་བའི་གཟུགས་བརྙན། ལྟུང་བ་མ་ཡིན་པའི་གཟུགས་བརྙན་ལ་རྨོངས་པར་མི་འགྱུར་པའི་ལྟུང་བ་སྤྱིའི་མཚན་ཉིད་བརྗོད་པར་བྱའོ།། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཀྱི་ད་ལྟར་དང་མ་འོངས་པའི་སྡུག་བསྔལ་དང་། ཡིད ་མི་བདེ་བ་ཐམས་ཅད་ཞི་བར་བྱ་བ་དང་། ད་ལྟར་དང་མ་འོངས་པའི་བདེ་བ་དང་། ཡིད་བདེ་བ་ཐམས་ཅད་བསྐྱེད་པའི་ཕྱིར་གཡོ་མེད་པར་ལུས་དང་ངག་དང་། ཡིད་བརྩོན་པས་ནན་ཏན་མི་བྱེད་པ་དང་། དེའི་རྐྱེན་ཚོགས་པ་མི་ཚོལ་བ་དང་། ་དེའི་བར་དུ་གཅོད་པའི་འཆོས་པ་ལ་མི་འབད་པ་དང་། སྡུག་བསྔལ་དང་ཡིད་མི་བདེ་བ་ཆུང་ངུས་སྡུག་བསྔལ་དང་ཡིད་མི་བདེ་བ་ཆེན་པོའི་འཆོས་པར་འགྱུར་བ་མི་སྐྱེད་པ་དང་། དོན་ཆེན་པོ་སྒྲུབ་པའི་ཕྱིར་དོན་ཆུང་ངུ་ཉམས་པར་མི ་བྱེད་པ་དང་། སྐད་ཅིག་གཅིག་ཙམ་ཡང་ཡལ་བར་འདིར་ན་ལྟུང་བ་དང་བཅས་པ་ཡིན་ནོ།། མདོར་ན་རང་གི་ནུས་པ་རང་གི་མ་ཡིན་པའི་བྱ་བའི་ཡུལ་རྣམས་ལ་ལྟུང་བ་མེད་དེ། དེ་ལ་འབྲས་བུ་མེད་པོས་བསླབ་པ་བཅས་པ་མེད་པའི ་ཕྱིར་རོ།། གཞན་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་པས་བཟུང་བ་ཉིད་དོ།། རང་གི་ནུས་པའི་སྤྱོད་ཡུལ་མ་ཡིན་པ་གང་ལོ་བརྩོན་པ་ནི་ཤུགས་ཀྱིས་ལྟུང་བར་འགྱུར་ཏེ། དེ་བསམ་མི་དགོས་པར་སྤྱིར་སྡིག་པ ་བཤགས་པའི་ནང་དུ་འདུས་པས་དེ་ལས་གྲོལ་བར་འགྱུར་རོ།། དེ་དག་ནི་མདོར་ན་བྱང་ཆུབ་སེམས་དཔའི་བསླབ་པའི་ལུས་ཡིན་ཏེ། རྒྱས་པར་བཤད་ན་བསྐལ་པ་དཔག་ཏུ་མེད་པའི་མཐའ་བསྟན་དགོས་པས་སོ།། ཡང་ན་མདོར ་བསྣུན་བྱང་ཆུབ་སེམས་དཔའི་ལྟུང་བ་གཉིས་ཏེ། ཙྪི་ནུས་ཀྱིས་རིགས་པ་དང་མི་རིགས་པ་བརྟགས་ནས་རློམ་པའམ་མི་ལྡོག་པའམ། བཏང་སྙོམས་སུ་འཇོག་པ་ནི་ལྟུང་བ་དང་བཅས་པ་ཡིན་ནོ།། བརྟགས་ཏེ་ཇི་ལྟར་འོ ་པབ་ལས་འདུའ་བར་བྱེད་ལ། ཐ་ན་གདོལ་པའི་བླན་གྱིས་སྤྱད་ནའང་ལྟུང་བ་དང་བཅས་པ་ཡིན་ནོ།། གང་ཞིག་དེ་དག་གོམས་པར་བྱ་བའི་དོན་དུ་བྱེ་བྲག་ཏུ་རྟོགས་པར་འདོད་པ་དེ་ཡིས་རེ་ཞིག་བསླབ་པ་ཀུན་ལས་བཏུས་པ་ལས ་སྤྱོད་པའི་སྒོ་ཙམ་བསླབ་པའི་དོན་དུ་མངོན་པར་བརྩོན་པར་བྱའོ།། བསླབ་པ་ལ་རྩོམ་པ་ཙམ་ཡང་འབྲས་བུ་ཆེ་བ་ཡིན་པའི་ཕྱིར་ཏེ། ཇི་སྐད་དུ་རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་ལས་བསྔགས་པ་ལྟ་བུའོ།། བྱང་ཆུབ་སེམས ་དོངོཔོའི་བསླབ་པ་མདོར་བསྡུས་ནས་བསྟན་པ་བརྗོད་པ་ཡིན་ནོ།། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དཀའ་འགྲོལ། ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་བྱས་པ་ལས་ལེའུ་བཞི་པའོ།། ་དེ་ལྟར་ལུས་ལ་སོགས་པ་བཏང་བ་དང་བསྲུང་བ་བསྟན་ནས། ཡང་རྒྱས་པར་བསྲུངས་པ་དང་སྦྱང་བ་དང་དག་པར་བྱ་བ་རྒྱས་པར་བསྟན་པར་བྱ་བའི་ཕྱིར་རྩོམ་པར་བྱེད་དེ། བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔས་ལུས ་བཏང་བ་ཡང་བསྲུང་བ་དང་སྦྱང་བ་དང་སྤེལ་བ་དག་བྱ་སྟེ། གང་གི་ཕྱིར་སེམས་ཅན་རྣམས་ཀྱི་ལོངས་སྤྱོད་ཕྱིར།། ལུས་ལ་སོགས་པ་སྦྱིན་པར་བྱ།། མ་བསྲུངས་ལོངས་སྤྱོད་ག་ལས་འོང་།། གང་མི་སྤྱོད་ལ་ཅི། ་ཞིག་སྦྱིན།། དེ་བས་སེམས་ཅན་ལོངས་སྤྱོད་ཕྱིར།། དགེ་བོའི་བཤེས་གཉེན་མི་བཏང་ཞིང་།། མདོ་སྡེ་དག་ལ་རྟག་ལྟ་བས།། ལུས་ལྷོ་སོགས་པ་བསྲུང་བར་བྱ། ཞེས་བསྟན་ཏོ།། ལུས་ལ་སོགས་པ་ཡོངས་སུ་བསྐྱང་བ་ལ་སོགས་པོ་དེ་ཡང་བསླ ་པ་བསྲུངས་པ་ལས་འགྱུར་པ་ཉིད་ཡིན་ཏེ། གཞན་དུ་ནི་མི་འགྱུར་ཏེ། སེམས་ཅན་དམྱལ་བ་ལ་སོགས་པར་ལྟུང་བར་འགྲོ་བའི་ཕྱིར་རོ།། དེ་བས་ན་འོད་བརྗོད་པར་བྱ་སྟེ། བསླབ་པ་ཞེས་བྱ་བ་ལ་སོགས་པ་ལ་བསླབ་པ་ནི་བླང་བར་བྱ་སྟེ། ་སྡོམ་པ་གཟུང་བས་གནང་བ་རྣམས་ལ་བྱ་བ་དང་། བཀག་པ་རྣམས་ལ་མི་བྱེད་པར་བསློབ་པའོ།། དེ་བསྲུང་བར་ཏེ། ཡོངས་སུ་བསྐྱང་བར་རོ།། འདོད་པས་ནི་འདོད་པའི་བྱང་ཆུབ་སེམས་དཔའ་ཏེ། བདག་གི་སེམས་བསྲུང་བར་བྱའོ།། ་རབ་ཏུ་བསྒྲིམས་ནས་ནི་འཆད་པར་འགྱུར་བ་བདག་གིས་སོ།། ཅི་སྟེ་བསླབ་པ་བསྲུང་བའི་སྐབས་སུ་ཅིའི་ཕྱིར་སེམས་བསྲུང་བར་བྱ་བ་ཞེ་ན། བསླབ་པ་ཞེས་བྱ་བ་གསུངས་ཏེ། གཞན་དུ་ན་བསླབ་པ་བསྲུང་བ་ཉིད་དུ་མི་ནུས་སོ།། ། ་གཡོ་ཞིང་དབང་དུ་མ་གྱུར་པའི་སེམས་མ་བསྲིངས་ན་སེམས་གཡོ་བའི་བསླབ་པ་ལ་བསྟན་པ་མི་རིགས་པའི་ཕྱིར་རོ།། འདི་ལས་ཀྱང་སེམས་ཁོ་ན་བསྲང་བར་བྱའོ་ཞེས་གླང་ཆེན་མ་དུལ་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་བར་མ ་བྱས་པའོ།། མྱོས་པ་ནི་གླང་པོ་ཆེ་མཆོག་སྟེ། འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་ཏུ་མནར་མེད་པ་ལ་སོགས་པ་གང་བྱེད་པའི་གནོད་པ་དེ་མི་བྱེད་དོ།། རང་འདོད་པ་ལ་སྤྱོད་ཅིང་གནས་པའི་སེམས་ཉིད་ནི་གླང་པོ་ཆེ་མྱོས་པ་དང་འདྲ་བའང ་ཡིན་ཏེ། དེ་བཞིན་གཤེགས་པའི་བཀའི་ལྕགས་ཀྱུས་ཇི་ཞིག་ལྟར་དབང་དུ་བྱེད་པའི་ཕྱིར་རོ།། དེ་དབང་དུ་བྱས་པའི་ཡོན་ཏན་ནི། བཏགས་ན་ཞེས་བྱ་བ་ལ་སོགས་པོ་གསུངས་པ་གལ་ཏེ་ཇི་ཞིག་ལྟར་བཅིངས་པོར་གྱུར་ནའོ།། དྲན ་པ་ནི་འཆད་པར་འགྱུར་བའི་མཚན་ཉིད་ཅན་ནོ།། དེ་ཉིད་ནི་ཐག་པ་དང་འདྲ་བ་སྟེ། འཆིང་བའི་ཐབས་ཡིན་པའི་ཕྱིར་རོ།། ཀུན་ནས་ནི་རྣམ་པ་ཐམས་ཅད་དུ་སྟེ། དམ་པ་མ་ཡིན་པའི་ཕྱོགས་ལ་འཇུག་པ་བགེགས་པའི་ཕྱིར་རོ།། དེའི་ཚེ ་འཇིགས་པ་མེད་འགྱུར་ཏེ་ནུབ་པར་འགྱུར་བའོ།། ཐམས་ཅད་ནི་མ་ལུས་པའོ།། དགེ་བ་ཐམས་ཅད་ནི་མངོན་པར་མཐོ་བ་དང་། ངེས་པར་ལེགས་པའི་མཚན་ཉིད་དོ།། འོངས་པ་ནི་ཐོབ་པ་སྟེ། དཔེར་ན་ཆར་བབ་པ་ན་འབྲོས་ས་ལུ་སྐྱེས་སོ་ཞེས ་ཟེར་བ་ལྟ་བུའོ།། གཅན་གཟན་ཁྲོ་བོ་དང་སྦྲུལ་ལ་སོགས་པ་ཉེ་བར་འཚེ་བར་བྱེད་པ་མང་པོ་ཡོད་པ་མ་ཡིན་ནམ། དེ་དག་ལྔས་སེམས་དབང་དུ་བྱས་པས་ཇི་ལྟར་འཇིགས་པ་འབྱུང་བར་མི་འགྱུར་ཞེ་ན། སྟག་དང་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། གོ་སླའོ།། ཡང་འདི་ཅིའི་ཕྱིར་ཞེ་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལས་ཀྱི་འཕེན་པའི་དབང་གིས་འདི་དག་ཐམས་ཅད་མི་འདོད་པ་སྟེར་བ་བྱེད་པ་ཡིན་ནོ།། ལས་ཀྱང་སེམས་ཉིད་ཡིན་ཏོ།། སེམས་པ་ལ ་ཡིན་ཏེ།། ཞེས་གསུངས་པའི་ཕྱིར་རོ།། ངག་དང་ལུས་ཀྱི་ལས་ཀྱང་སེམས་ཉིད་ཀྱིས་ཀུན་ནས་སློང་བར་བྱེད་པ་ཡིན་པས་དེ་མེད་པར་དེ་དག་མི་འབྱུང་སྟེ་བསམས་པའི་ལས་ཞེས་བརྗོད་པའི་ཕྱིར་རོ།། དེ་བས་ན ་འདི་དག་ཐམས་ཅད་ནི་ལས་ཀྱི་སྤྲུལ་པ་ཡིན་ལ། དེ་ཡང་སེམས་ལས་གཞན་ན་མེད་པའི་ཕྱིར་རོ།། དེ་ནི་ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས།། དེ་ནི་སེམས་པ་དང་ངེས་བྱས།། སེམས་པ་ཡིད་ཀྱི་ལས་ཡིན་ཏོ།། དེ་སྐྱེད་ལུས་དང་ངག་གི ་ལས་ཞེས་བསྟན་ཏོ།། གནོད་པ་བྱེད་པའི་སེམས་མེད་པ་ལ་སུ་ཡང་གནོད་པ་བྱེད་པར་མི་འགྱུར་ཏེ། གང་གི་ཕྱིར་འཇིག་རྟེན་ན་ནི་སྡིག་པའི་སེམས།། མེད་ལ་སྡང་དང་འཇིགས་པ་མེད།། གང་གིས་སེམས་ནི་དབང་བྱས་པ།། དེ་ཡི་བདེ་བ། ་ཉམས་པ་མེད།། དེའི་ཕྱིར་འདི་སྐད་དུ། སེམས་འདུལ་བ་ནི་ལེགས་པ་སྟེ།། སེམས་འདུལ་བ་ནི་བདེ་བ་འཐོབ།། ཅེས་གསུངས་སོ།། ཡང་དག་གསུངས་པ་ནི་བཅོམ་ལྡན་འདས་ཏེ། དངོས་པོའི་དེ་ཁོ་ན་ཉིད་གསུངས་པའི་ངང་ཚུལ་ཅན་ཡིན ་པའི་ཕྱིར་རོ།། དེས་དེ་ཁོ་ན་ཉིད་འདི་བསྟན་པ་ནི་ཐམས་ཅད་སེམས་ལས་བྱུང་བ་ཡིན་ནོ་ཞེས་རབ་ཏུ་གསལ་བར་བྱས་པའོ།། དེ་བས་ན་ཐམས་ཅད་དུ་སེམས་ཉིད་གཙོ་བོ་ཡིན་ནོ།། དེ་ལྟར་དེ་དག་ནི་གཞན་མ་ཡིན་ནོ་ཞེས་རབ་ཏུ་བསྒྲུབ་པའི་ཕྱིར ་སེམས་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམྱལ་བའི་སྲུང་མ་རྣམས་ཀྱིས་མདུང་དང་། རལ་གྲི་དང་། གཽཏུན་ཤིང་ལ་སོགས་པ་འམ།། ལོ་མ་རལ་གྲི་ལྟ་བུའི་ནགས་བྱུང་བ་དག། སུ་ཡིས་བྱས་ཏེ་དེ་ལ་དབང་ཕྱུག་ལ་སོགས་པོ ་བྱེད་པ་པོ་འགའ་ཡང་མེད་དེ། དེ་བྱེད་པ་པོ་གཞན་དུ་བཀག་པའི་ཕྱིར་དང་། འདིར་ཡང་འགྲེགས་པར་འགྱུར་བའི་ཕྱིར་རོ།། ལྕགས་བསྲེགས་པའི་རང་བཞིན་གྱི་ས་གཞི་སུ་ཡིས་བྱས། བུད་མེད་དེ་དག་གི་རྒྱུའི་ཚོགས་པ་གཞན་གྱི་བུད ་མེད་ལ་སྤྱོད་པ་རྣམས་ཀྱིས་ཤལ་མོ་ལའི་ཤིང་གི་འོག་དང་སྟེང་དུ་སྣང་བ་དང་། ཤལ་མ་ལི་གང་ཡིན་པ་དེ་ཡང་ག་ལོས་སྐྱེས་ཏེ་དེའི་ཕྱིར་འདིར་སེམས་ལས་གཞན་པའི་རྒྱུ་ཡོད་པར་བརྟོག་པར་མི་བྱའོ།། གང་སེམས་ཅན་འཇིག་རྟེན་སྣོད ་ཀྱི་འཇིག་རྟེན་དག། སྣ་ཚོགས་སེམས་ཉིད་ཀྱིས་ནི་སྤྲོས་པ་སྟེ།། འགྲོ་བ་མ་ལུས་ལས་ལས་སྐྱེས་པར་བསྟན།། སེམས་ལོས་མ་གཏོགས་ལས་ནི་ཡོད་པ་མིན། ཞེས་གསུངས་པའོ།། དེ་བས་ན་འདིར་སེམས་ཉིད་རྒྱུ་ཡིན་ཏེ། གཞན་མེད་པ ་ཞེས་དེའི་ཕྱིར། སྡིག་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྡིག་པའི་ལས་ཉེ་བར་འདུས་བྱས་པའི་སེམས་ཉིད་དེ་དག་གི་རྒྱུ་ཡིན་པར་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། གཞན་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པ་ཉིད་དོ།། གང ་གི་ཕྱིར་ངོ་ལྟར་ཡིན་པ་དེའི་ཕྱིར་འཇིག་རྟེན་གསུམ་ན་སྡིག་པའི་སེམས་ལས་གཞན་འཛེགས་པའི་རྒྱུ་འགའ་ཡང་མེད་དོ།། དེའི་ཕྱིར་སེམས་ཁྲོ་ན་དབང་དུ་བྱའོ།། གང་འཕགས་པ་དཀོན་མཆོག་སྤྲིན་ལས། སེམས་ནི་ཆོས་ཐམས ་ཅད་ཀྱི་སྔོན་དུ་འགྲོ་བ་སྟེ། སོམས་ཡོངས་སུ་ཤིས་ན་ཆོས་ཐམས་ཅད་ཡོངས་སུ་ཤེས་པར་འགྱུར་རོ་ཞེས་གསུངས་སོ།། གཞན་ཡང་། འཇིག་རྟེན་སེམས་ཀྱིས་ཁྲིད་པ་སྟེ།། སེམས་ཀྱིས་སེམས་ནི་མི་མཐོང་ངོ་།། དགེ་བ་འམ་ཡང་ན ་མི་དགེ་བའི།། ལས་ནི་སེམས་ཀྱིས་སོགས་པའོ།། སེམས་ནི་མགལ་མེ་བཞིན་དུ་འཁོར།། སེམས་ནི་རླབས་དང་འདྲ་བར་གཡོ།། སེམས་ནི་ནགས་ཀྱི་མེ་བཞིན་བསྲེག། སེམས་ནི་ཆུ་ཆེན་བཞིན་དུ་བསྐྱེད། ཅེས་སོ།། དེས་དེ་ལྟར་ཉེ། ་པབར་བརྟགས་པས་ན་སེམས་ལ་དྲན་པ་ཉེ་བར་གཞག་ནས་གནས་ཏེ། སེམས་དབང་དུ་མི་འགྲོའོ།། འོན་ཀྱང་སེམས་དེའི་དབང་དུ་སེམས་ཉིད་འགྲོ་བར་འགྱུར་ཏེ། དེའི་དབང་དུ་སེམས་གྱུར་པ་ན་ཆོས་ཐམས་ཅད་དབང་དུ་གྱུར་པ་ཡིན་ནོ།། དེ ་ལྟར་ཡིན་ན་ཇི་ལྟར་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལས་སེམས་གཙོ་བོ་ཡིན་དེ་ནི་སེམས་ཅན་ཐམས་ཅད་ཀྱི་དབུལ་བ་སེལ་བར་བྱེད་པའི་མཚན་ཉིད་ཡིན་ནོ་ཞེ་ན། གལ་ཏེ་འགྲོ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབུལ་པོ ་ཞེས་བྱ་བ་ནི་ཟག་པ་དང་བཅས་པའི་བདེ་བའི་ལོངས་སྤྱོད་ཀྱིས་བཀྲེན་པའམ་ཡོ་བྱད་མེད་པ་སྟེ། གལ་ཏེ་དེ་དང་འགྲོ་བ་བྲལ་བར་བྱས་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པ་ཡིན་ནོ་ཞེས་བརྗོད་ན། དེའི་ཚེ་སྔོན་སྐྱོབ་པ་སྟེ་སྔོན་མངོན ་པར་རྫོགས་པར་སངས་རྒྱས་པའི་བཅོམ་ལྡན་འདས་རྣམས་ཀྱི་དེ་ཇི་ལྟར་ཏེ། ཇི་ལྟར་ཡང་རིགས་པར་མི་འགྱུར་རོ།། ཅིའི་ཕྱིར་ཞེ་ན། ད་དུང་འགྲོ་བཀྲེན་ཡོད་ན་ཏེ།། ད་དུང་ཡང་ཇི་སྲིད་དུ་འགྲོ་བའི་དབུལ་པོ་ཉེ་བོར་ཞི་བ་མེད་དོ།། གལ ་ཏེ་དེ་ལྟར་མི་འདོད་ན་འོ་ན་འོ་ན་དེ་ཇི་ལྟར་འགྱུར་ཞེ་ན། བདོག་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདོག་པ་ཐམས་ཅད་ནི་ཕྱི་དང་ནང་གི་དངོས་པོ་ཐམས་ཅད་དེ་སྦྱིན་པ་དང་། སྦྱིན་པའི་འབྲས་བུ་སེམས་ཅན་ཐམས་ཅད་ལ་ཡོངསསུ ་གཏོང་བ་གོམས་པའི་རབ་ཀྱི་མཐར་ཕྱིན་པའི་ཕྱིར་གང་གི་ཚེ་ཆགས་པ་མེད་པས་སེར་སྣའི་དྲི་མ་དང་བྲལ་བའི་སེམས་སྐྱེ་བ་དེའི་ཚེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པ་ཞེས་བརྗོད་དེ། དེ་བས་ནུ་སེམས་ཉིད་ལས་གཞན་ན་སྦྱིན ་བྱའི་ཕ་རོལ་ཏུ་ཕྱིན་པ་དེ་མེད་དོ།། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཤིན་ཏུ་སེམས་ཉིད་ཡིན་ནོ་ཞེས་བྱ་བ་དེའི་ཕྱིར། ཉ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྲོག་གཅོད་པ་ཁ་ན་མ་ཐོ་བ་ཐམས་ཅད ་སོང་བའི་སེམས་ཉིད་ནི་ཚུལ་ཁྲིམས་ཡིན་ཏེ། དེའི་རྟེན་དུ་གྱུར་པ་ཕ་རོལ་གྱི་ཡུལ་བཟློག་པའི་རང་བཞིན་ནི་མ་ཡིན་ནོ་གལ་ཏེ་བསྡད་པ་ལ་སོགས་པའི་ཡུལ་གྱི་དངོས་པོ་མེད་པས་དེ་གསོད་པ་ལ་སོགས་པ་མེད་པའི་ཕྱིར་ཚུལ ་ཁྲིམས་སུ་འགྱུར་རོ་ཞེ་ན། དེའི་ཚེ་ཉ་ལ་སོགས་པ་དང་། གཞན་གྱི་བདོག་པ་དང་། བུད་མེད་དང་ཆང་ལ་སོགས་པ་དེ་དག་གང་ཞིག་ཏུ་དེ་དག་མི་མཐོང་བར་འགྱུར་པར་བསླང་པར་བྱ། གཞན་དུ་ན་དེ་དག་བསད་པ་ལ་སོགས་པ ་ལ་འཇུག་པར་བྱེད་པ་ན་ཚུལ་ཁྲིམས་སུ་མི་འགྱུར་རོ།། དེ་ལྟར་མ་ཡིན་པ་དེའི་ཕྱིར་དེ་དག་ཡོད་པ་རྣམས་ལ་ཡང་སྤོང་བའི་སེམས་ནི་ཐོབ་པ་སྟེ། སེམས་ལྡོག་པར་ཡིད་ལ་བྱེད་པ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པར་འདོད་དེ་དེའི ་རང་བཞིན་རིགས་པ་རྣམས་འདོད་དོ།། དེ་བས་ན་དེ་ཡང་སེམས་ཉིད་ཡིན་ནོ།། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་སེམས་ལས་ཐ་དད་པ་མ་ཡིན་ནོ་ཞེས་སེམས་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་གནོད་པ ་བྱེད་པ་ལ་སོགས་པ་ཡོད་ནའང་སེམས་འཁྲུགས་པ་མེད་པ་ཉིད་ནི་བཟོད་པ་ཡིན་ནོ།། གཞན་དུ་ན་གལ་ཏེ་དགྲ་ཐམས་ཅད་ལོག་པར་ལྟུང་བར་བྱེད་པས་དགྲ་ཚར་ཕྱིན་པར་བྱས་པར་གྱུར་པ་ནི་གང་གིས ་ཀྱང་དགྲ་མེད་པས་ཉེ་བར་ཞི་བ་དང་། དགྲ་ལ་ཡང་གནོད་པ་བྱེད་པ་མེད་པར་འགྱུར་བས་བཟོད་པ་ནི་བཟོད་པ་ཡིན་ན་དེའི་ཚེ་དེ་དག་ནི་བསྒྲུབ་པར་མི་ནུས་ཏེ། དགྲ་བོ་རྣམས་ནི་ན་མཁའ་དང་མཚུངས་པའི་ཕྱིར་མཐའ་ཡས་པ་ཉིད་ཡིན་ཏེ། ་དེ་དག་གསད་པར་མི་ནུས་སོ།། དེ་ལྟ་བས་ན་ཁྲོ་བ་ལ་སོགས་པ་ལས་སེམས་ལོག་པ་ཉིད་དེ་ཐབས་ཀྱིས་བསད་པ་དང་འདྲ་བ་ཡིན་ཏེ། དེས་གནོད་པ་བྱས་པར་མི་རྩི་བའི་ཕྱིར་དང་། ཚེ་རབས་གཞན་ལོ་དགྲ་བོ་མི་འབྱུང་བའི་ཕྱིར་དེ་དག ་བསད་པ་དང་འདྲ་བ་ཡིན་ནོ།། མི་ནུས་པ་འདི་ལ་ཡང་ཐབས་ཀྱིས་འཇུག་པ་ན་དཔེ་ཉེ་བར་བསྟན་པས་ནུས་པ་ཉིད་དུ། ས་སྟེང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚོར་མ་ལ་སོགས་པའི་གནོད་པ་བསྲུང་བའི་དོན་དུ་སཽ་སྟེང ་གཡོག་པར་ནི་རིགས་ན་དེ་ནི་མི་ནུས་ཏེ། དེ་སྙེད་ཀྱི་ཀོ་བ་མེད་པའི་ཕྱིར་དང་། ཡོད་དུ་ཟིན་ཀྱང་གཡོག་པར་བྱེད་མི་ནུས་པའི་ཕྱིར་རོ།། ཡང་ཐབས་ཀྱིས་ནུས་པ་ནི། ལྷམ་མཐིལ་ཙམ་གྱི་ཀློ་བས་ནི་ས་སྟོང་ཐམས་ཅད་གཡོགས ་པ་དང་འདྲ་བར་འགྱུར་རོ།། དཔེ་བསྟན་ནས་དོན་རྣལ་མ་ལ་སྦྱར་བ། དེ་བཞིན་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་བཞིན་ནི་ས་སྟེང་གི་ཀོ་བས་གཡོགས་པ་ལྟ་བུར་རོ།། དགྲ་ལ་སོགས་པའི་དངོས་པོ་བདག་གིས་ཕྱིར་བཟློག་པར ་ལྗང་གིས་གནོད་པ་བྱེད་པའི་བྱ་བ་ལྔས་རང་གི་སེམས་ཀྱིས་ནུས་པ་ཉིད་ཀྱིར་བཟློག་པ་སྟེ། གཞན་བཟློག་པ་ལ་དོན་མེད་པའི་ཕྱིར་དང་། རང་གི་སེམས་བཟློག་པ་ཁོ་ནས་དེ་འགྲུབ་པའི་ཕྱིར་རོ།། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན ་འི་དགེ་བའི་ལས་ལ་སྤྲོ་བའི་རང་བཞིན་ཡང་སེམས་ཉིད་ཡིན་པར་ཤིན་ཏུ་གསལ་བས། སེམས་གསལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགེ་བའི་ཕྱོགས་ལ་ལུས་དང་ངག་དང་བཅས་ཀྱང་སེམས་ཀྱི་འཇུག་པ། ཞན ་ས་བསམ་གཏན་ལ་སོགས་པ་ཡུལ་ལ་གསལ་བར་རབ་ཏུ་འཇུག་པ་སེམས་གཅིག་པུ་ཞིག་ན་ཡང་འབྲས་བུ་ཚངས་པ་ལ་སོགས་པ་འབྱུང་བ་ཇི་འདྲ་བ་དེ་ལྟར་འབྲས་བུ་མི་སྐྱེ་སྟེ། དེ་ལྟ་བས་ན་དེ་ཡང་སེམས་ཉིད་ཡིན་ནོ།། བས ་ཏན་ནི་སེམས་ཅན་རྩེ་གཅིག་པའི་མཚན་ཉིད་ཡིན་ཏེ། སེམས་ལས་གཞན་དུ་སྨྲ་བར་མི་ནུས་པས། བཟླས་བརྗོད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གསང་སྔགས་ལ་སོགས་པའི་ཟླས་པའི་མཚན་ཉིད་དག་གི ་དྲུ་བ་ནི་བྱཟླས་བརྗོད་དེ། དཀའ་ཐུབ་ནི་ལུས་ཀྱིས་ཏེ་དབང་པོ་འདུལ་བའི་མཚན་ཉིད་དོ།། དེ་རྣམས་ཞེས་བྱ་བ་ནི་དུས་རིང་པོར་གོམས་པར་བྱས་པ་རྣམས་ཀྱང་ངོ་།། གཞན་དུ་ན་ནི་སེམས་ཆགས་པས་སམ། གཉིད་ཀྱིས ་བཅོས་པའི་སེམས་ཀྱིས་ཏེ། བསམ་གཏན་ལ་གསལ་བ་མེད་པས་ཞེས་བྱ་བའི་དོན་ཏོ།། དོན་མེད་པ་ནི་འབྲས་བུ་མེད་པ་ཉིད་དོ།། འབྲས་བུ་ཤིན་ཏུ་ཉུང་བའི་ཕྱིར་རམ། འདོད་པའི་དོན་ལ་མཁོ་བ་མེད་པའི་ཕྱིར་རོ།། དཔེར ་ན་བུའི་བྱ་བ་མི་བྱེད་པའི་ཕྱིར། བུ་ཡང་བུ་མ་ཡིན་པ་དང་འདྲ་བ་ཡིན་པ་ལྟ་བུའོ།། ཐམས་ཅད་མཁྱེན་པ་སྟེ། བཅོམ་ལྡན་འདས་ཀྱིས་གསུང་སོ།། དེ་ལྟ་བས་ན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང ་སེམས་ཉིད་ཡིན་ནོ།། ཤེས་རབ་ནི་རྩོད་པ་མེད་པར་སེམས་ཉིད་ཡིན་པས། གང་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགྲོ་བ་ལྔའི་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་སྤངས་པའི་ཕྱིར་དེ་སྤོང་བར་བྱེད་པ་དང་། མྱ་ངན་ལས་འདས ་པའི་བདེ་བ་ཐོབ་པ་བྱ་བར་འདོད་ཀྱང་སེམས་ཅན་དེ་དག་འཁོར་བར་འབྲས་བུ་མེད་ཅིང་དོན་མེད་པ་གྱི་ན་ཉིད་དུ་ན་མཁའ་ལ་མེ་ཏོག་ཀཱ་ཤི་བཞིན་དུ་འཁྱམ་མོ།། དེ་ཉིད་ཀྱིས་མེ་ལྔ་བསྟེན་པ་དང་སྐྲ་འབལ་བ་ལ་སོགས་པོའི་བརྟུལ་ཞུགས།། ་འབད་པར་བྱས་པ་གང་དུ་ཡང་འབྲེལ་པ་མེད་པར་བརྗོད་པ་ཡིན་ནོ།། སུ་ཞིག་དེ་ལྟར་འཁྱམ་ཞེ་ན། གང་གིས་ཏེ་འཁོར་བའི་འཇིགས་པས་བྲེང་པོས་བདེ་བ་དོན་དུ་གཉེར་བ་རྣམས་ཀྱིས་ཆོས་ཀྱི་བདོག་པ་ཀུན་ཏེ་འཇིག་རྟེན་དང ་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་གཏེར་དུ་གྱུར་པའོ།། སེམས་ཅན་བྱིས་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་རང་བཞིན་ཡིན་པའི་ཕྱིར་གསང་བ་སྟེ། གང་གིས་མ་བསྒོམས་པ་ནི་དེ་ཁོ་ན་ཉིད་ཀྱི་སེམས་ཀྱིས་ཡང་ནུས ་ཡང་དུ་བརྟན་པར་མ་བྱས་པའོ།། དེ་བས་ན་འདི་ནི་ཤིན་ཏུ་ཡང་སེམས་ཉིད་ཡིན་ནོ།། ཇི་སྐད་དུ་འཕགས་པ་སྡོང་པོ་བཀོད་པའི་མདོ་ལས་ཀྱང་བསྔགས་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ནི་རང་གི་སེམས ་ལ་བརྟན་ཏོ།། སེམས་ཅན་ཐམསྣ་ཅད་སྨིན་པར་བྱ་བ་དང་། གདུལ་བ་ནི་རང་གི་སེམས་ལ་བརྟེན་ཏོ།། དེ་བཞིན་དུ་སྦྱར་རོ།། རིགས་ཀྱི་བུ་དེ་ལ་བདག་འདི་སྙམ་དུ་སེམས་ཏེ། དགེ་བའི་རྩ་བ་རྣམས་ཀྱིས་རང་གི་སེམས་ཉིད ་ཉེ་བར་བརྟན་པར་བྱའོ།། ཆོས་ཀྱི་སྤྲིན་རྣམས་ཀྱིས་རང་གི་སེམས་ཡོངས་སུ་བརླན་པར་བྱའོ།། སྒྲིབ་པར་འགྱུར་བའི་ཆོས་ཅན་རྣམས་ལས་རང་གི་སེམས་ཡོངས་སུ་སྤྱོད་པར་བྱའོ།། བརྩོན་འགྲུས་ཀྱིས་རང་གི་སེམས ་ཉིད་བརྟན་པར་བྱའོ་ཞེས་བྱ་བ་ལ་སོགས་པའོ།། དེ་ལྟར་ཐམས་ཅད་དུ་སེམས་ཀྱི་རང་བཞིན་ཡིན་པར་བསྟན་ནས་མཇུག་བསྡུ་བ་དེ་ལྟ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་བྱང་ཆུབ་ཀྱི་སེམས་བསྐྱེད་པས་བསླབ་པ ་བསྲུང་བ་ལ་འབོད་པ་དང་ལྡན་པར་ཡིད་ལ་བྱའོ།། འཆད་པར་འགྱུར་བའི་ཚུལ་གྱིས་དྲན་པས་ཤིན་ཏུ་བརྟེན་པ་དང་། ཤེས་བཞིན་གྱིས་ཤིན་ཏུ་བསྲུང་བས་བདག་གི་རང་གི་སེམས་རྩེ་གཅིག་པའི་ཡིད་དུ་བྱ་སྟེ། འདི་ཉིད ་ཉིད་ནང་དུ་ཐམས་ཅད་འདུས་པའི་ཕྱིར་རོ།། དེ་བས་ན་སེམས་བསྲུང་བ་ཉིད་བརྟུལ་ཞུགས་གཙྪ་བོ་ཡིན་ཏེ། དེ་བོར་ནས་བརྟུལ་ཞུགས་མང་པོ་གཞན་གྱིས་ཀྱང་བདག་ལ་ཅི་ཞིག་དགོས་ཏེ། ཕན་པ་ཅུང་ཟད་ཀྱང་མེད་དེ།། ་དེ་དང་བྲལ་ན་དེ་ལ་འབྲས་བུ་མེད་པའི་ཕྱིར་རོ།། རེ་ཤིག་བྱང་ཆུབ་སེམས་དཔའི་བསླབ་པ་ནི་འདི་ཡིན་ཏེ། འདི་ལྟ་སྟེ་སེམས་ཡོངས་སུ་སྦྱང་བར་བྱའོ།། དེ་ནི་སེམས་ཅན་གྱི་དོན་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཕྱིར་རོ།། ། ་དེ་ནི་འདི་ལྟར་ཆོས་ཡང་དག་པར་སྡུད་པ་ལས་བསྟན་ཏེ། བྱང་ཆུབ་སེམས་དཔའ་རྣམ་པར་གནོན་པའི་ཟླ་གྲོས་ཀྱིས་གསོལ་པ། ཆོས་ཆོས་ཞེས་བགྱི་བའི་ཆོས་གང་ལགས་པ་དེ་ནི་ཡུལ་ནཱ་མི ་གནས། ཕྱོགས་ན་མི་གནས་ཏེ། ཆོས་རང་གི་སེམས་ལ་རག་ལས་པ་ནི་མ་གཏིགས་པོས་དེ་ལྟ་བས་ན་བདག་གི་རང་གི་སེམས་ཤིན་ཏུ་གཟུང་བ་དང་། ལེགས་པར་མགུ་བ་དང་། ཤིན་ཏུ་མཐར་གཏུགས་པ་དང་། ཤིན་ཏུ ་དུལ་བ་དང་། ཤིན་ཏུ་མཉམ་པར་བརྩམས་པ་དང་། ཤིན་ཏུ་ཚར་བཅད་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། སེམས་གང་ན་མཆིས་པ་དེ་ན་ཡོན་ཏན་དང་ཉེས་པ་རྣམས་མཆིས་ཀྱི། སེམས་མ་མཆིས་པ་དང་ནི་ཡོན་ཏན་དང་ཉེས་པ ་རྣམས་མ་མཆིས་སྙམ་སྟེ། དེའི་བྱང་ཆུབ་སེམས་དཔའ་ཉེས་པ་རྣམས་ལས་སེམས་བཟློག་ན་སོ་ཡོན་ཏན་རྣམས་ལ་འཇུག་སྟེ། དེ་ལྟ་བས་ན་ཆོས་ནི་སེམས་ལ་རཱག་ལས། བྱང་ཆུབ་ནི་ཆོས་ལ་རག་ལས་ཞེས་བགྱིའོ་ཞེས་སོ།། དེ ་ལྟར་ཐམས་ཅད་དུ་སེམས་ལ་རཱག་ལུས་པ་ངེས་པར་བྱས་ནས་སེམས་བསྟན་པར་བྱ་བའི་དཔེ་བརྗོད་པ། མ་གྲངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱེ་བོ་མཉམ་པོར་མ་བཞུག་པའི་ཁྲོད་ན་ཡང་ཉེ་བར་གནོད་པའི ་འཇིགས་པས་དེར་གཏད་པའི་ཡིད་ཀྱིས་བག་ཡོད་པོ་འགའ་ཞིག་ཇི་ལྟར་སྲུང་བ་རྨོའི་བག་བྱེད་པ་བཞིན་དུ་དེ་བཞིན་ཏེ་དེ་ལྟར་བསླབ་པ་བསྲུང་བར་འདོད་པས་དོན་མེད་པར་བྱས་པའི་སྐྱེ་བོའི་ནང་ན་གནས་པ་བརྩོན་པས་སེམས ་ཀྱི་དུས་ཐམས་ཅད་དུ་བསྲུང་ངོ་།། གྲགས་པ་ཇི་བཞིན་དུ་འདིར་དཔེར་བརྗོད་པ་ཡིན་ཏེ། ཡང་ཅུང་ཟད་དུ་ཡང་འདྲ་བ་མེད་པར་གསུངས་པ། རྨའི་ཞེས་བྱ་བ་ལ་སོགས་པགས་ཏེ། རྨ་ཡིས་བྱས་པའི་སྡུག་བསྔལ་ཅུང་ཟད་ཙམ་ནི ་སྡུག་བསྔལ་ཆུང་ངུའོ།། དེ་ཡིས་སྐྲག་པའང་རྨའི་བག་བྱེད་ནའང་སྟེ། གུས་པས་ནི་ལྷུར་བླངས་ནས་སོ།། བསྡུས་འཇོམས་ནི་སེམས་ཅན་དམྱལ་པོར་ལྷུང་བའི་སྡུག་བསྔལ་ལོ།། སྟོང་ཕྲག་དུ་མར་མྱོང་བར་འགྱུར་བའི་རིས ་བགོམས་པ་ཐམས་ཅད་དུ་ཁྱབ་པའི་སྦུན་པའི་སྐྲག་པ་ཡཽས། སེམས་ཀྱི་རྨ་ལྟ་ཅིས་མི་བསྲུང་སྟེ་བསྲུང་བར་བྱའོ་ཞེས་སྐབས་ཀྱིས་འབྲེལ་ཏོ།། ཡང་ན་བདག་གིས་ཅིས་ཏེ་བསྲུང་བར་མི་བྱ་ཞེས་བསྒྱུར་ཏེ་སྦྱོར་བར་བྱའོ།། ཡང་ན ་བྱ་ཆུབ་ཏུ་སེམས་བསྐྱེད་པ་དེ་ལྟར་ཡིད་ཀྱིས་བསམས་པར་བྱའོ་ཞེས་དྲངས་ལ། དེའི་ཚེ་བསྲུང་བར་བྱའོ་ཞེས་གདོན་ཅིང་སྦྱར་བར་བྱའོ།། དེ་ལྟར་གྱུར་པ་ལཱ་ཡོན་ཏན་ཅི་ཞིག་ཡོ་ཅེ་ན། ཡོད་པོ་ཞེས་བྱ་བ་ལ་སོགས་པ ་ངེས་ཏེ། གང་གི་ཕྱིར་ཁང་བཟང་གི་སྟེང་ན་བུད་མེད་ཀྱི་འགྲོ་བའི་ཁྲོད་ནི་ཡིད་ལ་བྱེད་པ་འདི་ལྟ་བུས་གནས་པ་ན་འདོད་པ་རྣམས་ལོས་ཤིན་ཏུ་བཟློག་པར་མི་ནུས་པ་འདི་ཡིན་པ་དེའི་ཕྱིར། སྡོམ་བརྩོན་བརྟན་པ་ཞེས་བྱ་བ ་ངས་པ་ཡིན་ཏེ། ཡིད་ལ་བྱེད་པ་འདི་ལ་ངེས་པར་སེམས་པའོ།། ཉམས་མི་འགྱུར་ཏེ། བསླབ་པ་བསྲུང་བའི་ཡིད་ལ་བྱེད་པ་འཁྲུལ་པར་མི་འགྱུར་བའོ།། ཡང་དེ་ལྟར་བྱ་བར་འོས་པོ་ཡིན་ནོ་ཞེས་དོན་འདི་ལ་མངོན་པར ་ཞེན་པ་བརྟན་པར་བྱ་བ་བསྟན་པ། བདག་གི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་གོས་དང་། བསོད་སྙོམས་ལ་སོགས་པ་རྙེད་པ་ཉམས་བླ་ཞིང་ནི་བརླག་ཀྱང་བླའི་འོ།། བདག་གི་འདོད་པ་ནི་ཇི ་ལྟར་འདོད་པའོ།། བཀུར་སྟི་ནི་གུས་པས་སྟན་གདིང་བ་དང་། ཞབས་ལ་ཕྱོག་འཚལ་བ་ལ་སོགས་པའི་མཆོད་པའོ་ལུས་དང་འཆེ་བ་སྟེ་དེ་དག་ཐམས་ཅད་ཉམས་པ་བླ་ཞིང་གཞན་ཡང་སྟེ། བདེ་བ་དང་། ཡིད་བདེ་བའི་རྒྱུ་མཚན ་གང་ཅི་ཡང་རུང་བ་དེ་དག་ཉམས་སུ་ཆུག་གི། བདག་གི་སེམས་དགེ་བ་ནི་དུས་ནམ་དུ་ཡང་ཉམས་པར་མི་བྱ་བའོ།། ཡང་འདིར་གུས་པ་བསྐྱེད་པར་བྱ་བའི་ཕྱིར་བསྟན་བཅོས་མཛད་པས། སེམས་ཞེས་བྱ་བ་ལ་སོགས་པ་གསུངས། ་ཏེ། ཐལ་མོ་སྦྱར་ཏེ་གསོལ་བ་འདེབས། ཅིའི་དོན་དུ་ཅེ་ན། དྲན་པ་དང་ནི་ཤེས་བཞིན་དག་སྟེ། དྲན་པ་འབའ་ཞིག་ཀྱང་མ་ཡིན་ལ། ཤེས་བཞིན་འབའ་ཞིག་ཀྱང་མ་ཡིནྡ་ནོ་ཞེས་པ་སྟེ། རང་གི་དོན་ནི་ཕན་ཚུན་དུ་བལྟོས་པས་སོ།། དེ ་ལ་དྲན་པ་ནི་འཕགས་པ་གཙུག་ན་རིན་པོ་ཆེའི་མདོ་ལས་བཤད་དེ། དྲན་པ་གང་གིས་ཉོན་མོངས་པ་ཐམས་ཅད་འབྱུང་བར་མི་འགྱུར་བ་དྲང་། དྲན་པ་གང་གོས་བདུད་ཀྱི་ལས་ཐམས་ཅད་ཀྱི་སྐབས་མི་འབྱེད་པ་དང་། དྲན་པ་གང་གི ་ལམ་གོལ་བའམ་ལམ་ངན་པར་མི་འགྲོ་བ་དང་། དྲན་པ་སྒོ་བ་ལྟ་བུར་གྱུར་པ་གང་གིས་སེམས་དང་སེམས་ལས་བྱུང་བའི་ཆོས་མི་དགེ་བ་ཐམས་ཅད་ཀྱི་སྐབས་མི་འབྱེད་པ་འདི་ནི་ཡང་དག་པའི་དྲན་པོ་ཞེས་བྱའོ་ཞེས་སོ།། མདོར ་ན་དྲན་པ་ནི་འདི་ཡིན་ཏེ། གནང་བ་དང་བཀག་པ་གཉིས་ཅི་རིགས་པར་དྲན་པ་ནི་དྲན་པ་ཞེས་བྱ་སྟེ། གུང་གི་ཕྱིར་དྲན་པ་དམིགས་པ་མ་བརྗེད་པའོ་ཞེས་བསྟན་པ་ཡིན་ནོ།། ཤེས་བཞིན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས ་གསུངས་ཏེ། སྤྱོད་ན་ཡང་བདག་སྤྱོད་དོ་ཞེས་རབ་ཏུ་ཤེས་སོ།། འགྲེང་ན་བདག་འགྲེང་ངོ་སྙམ་དུ་རབ་ཏུ་ཤེས་སོ།། འདུག་ན་བདག་འདུག་གོ་སྙམ་དུ་རབ་ཏུ་ཤེས་སོ།། ཉལ་ན་བདག་ཉལ་ལོ་སྙམ་དུ་རབ་ཏུ་ཤེས་སོ།། དེའི་ལུས་ཇི་ལྟ་ཇི་ལྟར ་གནས་པར་འགྱུར་བ་དེ་ལྟ་དེ་ལྟར་རབ་ཏུ་ཤེས་སོ།། དེ་བཞིན་དུ་སྦྱར་ཏེ། དེ་འགྲོ་བ་དང་འོང་བ་ཡང་ཤེས་བཞིན་དུ་སྤྱོད་པ་ཡིན་ནོ།། ལྟ་བ་དང་རྣམ་པར་ལྟ་བ་དང་། བསྐུམ་པ་དང་། བརྐྱང་བ་དང་། ཆོས་གོས་སྣམ་སྦྱར་དང་། ཐང་བ ་དང་། ལྷུང་བཟེད་དང་། ཆོས་གོས་འཆང་བ་དང་། ཟ་བ་དང་། འཐུང་བ་དང་། འཆའ་བ་དང་། གཉིད་དང་། སྙོམ་པ་བསལ་བ་དང་འོང་བ་དང་། འགྲོ་བ་དང་། འགྲེང་བ་དང་། འདུག་པ་དང་། གཉིད་ལོག་པ་དང་། གཉིད་ཀྱིས་མ ་ལོག་པ་དང་། སྨྲ་བ་དང་། མོ་སྨྲ་བ་དང་། ནང་དུ་ཡང་དག་པར་འཇོག་པ་ན་ཤེས་བཞིན་དུ་སྤྱོད་པ་ཡིན་ནོ།། འདི་ཉིད་ནས་ཀྱང་ལུས་དང་སེམས་ཀྱི་གནས་སྐབས་ལ། ཡང་ནས་ཡང་དུ་ལྟ་བ་གང་། འདི་ཉིད་ཁོ་ན་མདོར ་བསྡུས་ན། ཤེས་བཞིན་བསྲུང་བའི་མཚན་ཉིད་དོ་ཞེས་འཆད་པར་འགྱུར་རོ།། གང་གིས་འོད་དག་བསྲུང་བར་བྱ་བར་བསྟན་པ་འདི་དག་མེད་ན་ཉེས་པ་ཅི་ཞིག་ཡོད་ཅེ་ན། ནད་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནད ་ཀྱིས་ནུས་པ་ཉམས་པའི་བུ་ཇི་ལྟ་བར་ལས་རྣམས་ཀུན་ལ་སྟེ། འགྲོ་བ་དང་སྟོན་མོ་ལ་སོགས་པའི་ལས་རྣམས་ཀུན་ལ་ལུས་སུ་རུང་བྱར་མཱི་འགྱུར་བ་དེ་བཞིན་དུ་དྲན་པ་དང་ཤེས་བཞིན་མྱེད་པའི ་སེམས་ཀྱི་བསམ་གཏན་དང་ཁ་ཏོན་ལ་སོགས་པའི་མཚན་ཉིད་དེ་ལས་རྣམས་ཀུའོ།། འདི་དག་བསྡོམས་ནས་མེད་པའི་ཉེས་པ་བསྟན་ནས། རེ་རེ་མེད་པར་བརྗོད་པའི་ཕྱིར། ཤེས་བཞིན་མེད་པའི་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། གང་ལ་ཤེས་བཞིན་ཡོད་པ་མ་ཡིན་པ་དེ་ནི་ཤེས་བཞིན་མེད་པ་སྟེ། སེམས་དེ་གང་ལ་ཡོད་པ་དེ་ལ་ཐོས་པ་དང་། བསམ་པ་དང་། བསྒོམས་པ་ལས་བྱུང་བཱི་ཤྭེ་རབ་ཀྱིས་དངོས་པོ་ཡོངས་སུ་ཤེས་ཀྱང་དྲན ་པ་ལ་མི་གནས་སོ།། དེ་དགེ་བ་ཐམས་ཅད་ཀྱི་རྩ་བ་ཡིན་ནོ།། ཅི་དང་འདྲ་བ་ཞིག་ཅེ་ན། ཇི་ལྟར་བུམ་པ་གློ་རྡོལ་དུ་ཁ་ནས་ཆུ་བླུག་པ་འོག་ཏུ་འགྲོ་ཞིང་མི་གནས་པ་བཞིན་ནོ།། གཞན་ཡང་འདི་མེད་པའི་སྐྱོན། ཐོས་ལྡན་ཞེས ་བ་བ་ལ་སོགས་པ་གསུངས་ཏེ། མང་བ་ནི་མང་དུ་ཐོས་པའོ།། དེ་བཞིན་དུ་དད་པ་དང་ལྡན་པ་བརྩོན་པ་ལྷུར་ལེན་པ་སྟེ། བསླབ་པཱ་ལ་གུས་པར་བྱེད་པ་རྣམས་ཀྱང་། ཤེས་བཞིན་མེད་པའི་སྐྱོན་ཆགས་པས་ལྟུང་བའི་རྙོག ་པ་དང་བཅས་པར་འགྱུར་ཏེ། ལུས་དང་སེམས་ཀྱི་སྤྱོད་པ་སོ་སོར་མི་རྟོག་པའི་ཕྱིར་རོ།། དེ་མེད་པའི་སྐྱོན་གཞན་ཡང་། ཤེས་བཞིན་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་བཞིན་མེད་པ་ནི་ཤེས་བཞིན་དང ་བྲལ་བའོ།། ཉོན་མོངས་པའི་དངོས་པོའི་ངོ་བོ་ནི་ཆོམ་རྐུན་ཏེ། དགེ་བའི་ནོར་འཕྲོག་པར་བྱེད་པའི་ཕྱིར་རོ།། དེས་དྲན་པ་ཉམས་པའི་རྗེས་སུ་འབྲང་བས་སྲུང་ཞིང་སྐྱོང་བར་འགྱུར་བའི་དྲན་པ་བརྗེད་པའི་དངོས་པོའི་རྗེས་སུ་འབྲངས ་ནས། ཕྲོག་པ་ནི་དགེ་བའི་ནོར་ཡོད་པ་དང་བྲལ་བའོ།། བསོད་ནམས་ངག་ནི་ཉེར་བསགས་ཀྱང་སྟེ། དགེ་བའི་ནོར་རྣམས། བསགས་པར་བྱས་ནས་ཀྱང་ངན་འགྲོར་གཞོལ་བར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་ན་བསྟན ་པའི་དོན་ཉིད་གསལ་བར་བྱེད་པ་ཉོན་མོངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོམ་པོ་དང་རྐུན་པོ་དེ་དག་གི་ཚོ་གས་གླགས་སྐབས་ཚེལ་བར་བྱེད་པ་སྟེ། ཤ་ཟ་བཞིན་དུ་གླགས་སྐབས་ཀྱི་ལམ་ལྟོ་ཞིང་སྐྱོན་ཚོལ་བ་ལ་སོགས ་པ་ཞེས་བྱ་བའི་དོན་ཏོ།། གྲོགས་རྙེད་གྱུར་ནས་དེ་འཇུག་པའི་ལས་དང་ཕྲད་ནས་དགེ་བ་འཕྲོག་ཅིང་། དེའི་ཕྱིར་འགྲོ་བ་བཟང་པོའི་སྲོག་ཐོབ་པ་འཇོམས་པར་བྱེད་དེ། དགེ་བའི་རྒྱགས་མེད་པའི་ཕྱིར་རོ།། ད་ནི་དྲན་པའི་དབང་དུ་བྱས ་ཏེ་གསུངས་པ། དེ་བས་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཕྱིར་དྲན་པ་མེད་པའི་ཉེས་པ་དེ་ལྟར་འགྱུར་བ་དེའི་ཕྱིར་ཏེ། འདིར་ཉེས་པ་འདི་མཐོང་ནས་དྲན་པ་དམིགས་པ་མ་བརྗེད་པའི་མཚན་ཉིད་དོ།། ཡིད་སྒོ་ནས་ཡིད་ཀྱི ་ཁྱིམ་གྱི་འཇུག་པའི་སྒོ་ནས་གུད་ན་མི་བཏང་ཞིང་མི་སྤང་བར་རྟག་ཏུ་བཞག་པར་བྱའོ་ཞེས་བྱ་བའི་དོན་ཏོ།། ཇི་སྟེ་བརྒྱ་ཞིག་ལ་བག་མེད་པས་དེ་དེ་ནས་སོང་ནས་དེའི་ཚེ་སོང་ནས་དེའི་ཚེ་སོང་ནའང་བཟློག་ནས་དེ་ཉེ་བར་གཞག་སྟེ། ་དེ་ཉིད་དུ་གཏད་དེ་གཞག་པར་བྱའོ།། ཇི་ལྟར་ཞེ་ན། ངན་སོང་སྟེ་སེམས་ཅན་དམྱལ་བ་ལ་སོགས་པ་ངན་འགྲོའི་གནོད་པ་དྲན་པར་བྱས་ཤིང་ཡིད་ལ་གཞག་ལའོ།། དེ་ལ་དྲན་པ་བཅུ་གཉིས་པོ་འདི་དག་གི ་འབྲས་བུ་མེད་པའི་སྤྱོད་པ་སྤང་བའི་ཕྱིར་ཏེ། དེ་བཞིན་གཤེགས་པའི་བཀའ་ལས་མི་མངའ་བར་སྲུང་ཞིང་རྣམ་པར་སྨིན་པ་ལ་གུས་པར་བྱ་བའི་དྲན་པ་དང་ཞེས་བྱ་བ་ལ་སོགས་པ་བསླབ་པ་ཀུན་ལས་བཏུས་པ་ལས་རབ་ཏུ་བསྟན་ནས་ཏེ། ་དེ་ཉིད་ནས་རྣམ་པར་ཕྱེ་སྟེ་གཟུང་བར་བྱའོ།། དྲན་པ་དེ་ཡང་གུས་པ་དྲག་པོས་སྐྱེའོ།། གུས་པ་ཡང་ཞི་གནས་ཀྱི་བདག་ཉིད་ཆེན་པོ་ཁོང་དུ་ཆུད་ནས་ལྷུར་བླངས་པ་ལས་སྐྱེ་སྟེ། དེ་དག་ཀྱང་སྐབས་ཇི་ལྟ་བ་བཞིན་དུ་བཤད་པར ་བྱའོ།། ཁ་ཅིག་ལ་རྣམ་པ་གཞན་དུ་ཡང་དྲན་པ་སྐྱེ་བར་འགྱུར་ཏེ། དེ་བསྟན་པ་ནི་བླ་མ་དང་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སློབ་དཔོན་དང་མཁན་པོ་དང་ཉེ་བའམ། དེ་ལས་གཞན་ཡང་རུང་སྟེ་མགུ་བར་བྱ་བ་ཚངས་པ་མཚུངས ་པར་སྤྱོད་པ་དང་ཉེ་བར་ཏེ་འགྲོགས་པའོ།། དེའི་རྗེས་སུ་བསྟན་པ་འཇིགས་པ་ནི་དེས་འཇིག་པ་ལ་འདོ་དགུས་པ་ནི་བྱ་བ་རྣམས་ལ་དངོས་པོ་ཀུན་གྱིས་ཕྱོགས་པ་ཉིད་དེ་བརྙས་པའི་གཉེན་པོའི་ཆོས་ཡིན་ནོ།། དེ་བྱེད་པ་ནི་མཁས་པས་འབད་པ་དང ་ལྡན་པོའོ།། དེའི་རྗེས་སུ་བསྟན་པ་ནི་ཕན་པ་དང་མི་ཕན་བསྒྲུབ་པ་དང་དགག་པ་ངེས་པ་རྗེས་སུ་འཛིན་པ་ཚིགས་ཆུང་ངུས་དྲན་པ་སྐྱེ་བར་འགྱུར་རོ།། འདི་ལྟར་ཡང་གནས་ན་དྲན་པ་ཡིད་ལ་བྱེད་པ་མང་དུ་གནས་པར་འགྱུར་རོ་ཞེས ་ཚིག་ལེའུར་བྱས་པ་གཉིས་ཀྱིས་བསྟན་པ། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དུས་ཀུན་ཏུ་དངོས་པོའི་ཡུལ་མཐའ་དགྲ་ཐོགས་པ་མེད་པའི་སྤྱན་མངའ་བ་རྣམས་ཀྱི ་སྤྱན་སྔ་ན་དངོས་པོའི་རྣམ་པ་ཐམས་ཅད་དུས་ཀུན་ཏུ་གནས་པ་ཡིན་ཏེ། དངོས་པོ་ཐམས་ཅད་ལྟར་བདག་ཀྱང་དེ་རྣམས་ཀྱི་སྐྱོན་སྔ་ན་འདུག་པ་ཉིད་ཡིན་ནོ།། ཞེས་ཡིད་ལ་བཞག་ལ། དེ་བཞིན་དུ་བདག་ཉིད་ལེགས་པར་བསྡམས་ཞིང ་བསྡད་དོ།། ངོ་ཚ་ཤེས་གུས་འཇིགས་བཅས་ཞེས་བྱ་བ་ལ། མི་མཐུན་པའི་ལས་ལ་འཇིག་པ་ནི་ངོ་ཚ་ཤེས་པ་དང་། བསླབ་པ་ལ་གུས་པ་དང་། དེ་ལས་མི་འདའ་བར་འཇིགས་པའམ། འདིར་ཁྲེལ་ཡོད་པ་ལ་སོགས་པ་སངས ་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་གོ་བར་བྱའོ།། དེ་ལྟར་གྱུར་ན་ཁྱད་པར་གཞན་ཡང་ཡོད་པས་ན། དེ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་གནས་པ་དེ་ལ་སྐད་ཅིག་རེ་རེ་ཞིང་མི་འདོད་བཞིན་དུ་སངས་རྒྱས ་རྗེས་སུ་དྲན་པར་ཡང་འགྱུར་རོ།། ཤེས་བཞིན་སྐྱེ་བ་དང་བརྟན་པ་དག་གིས་ཡང་རྒྱུ་དྲན་པ་ཉིད་ཡིན་ནོ་ཞེས་བརྗོད་པ། གང་ཚེ་ཞེས་བྱ་བ་ལ་སོགས་གསུངས་ཏེ། གང་གི་ཚེ་དྲན་པ་ཡིད་ཀྱི་སྒོ་ནས་ཉོན་མོངས་པའི་ཆོམ་རྐུན ་གྱི་ཆོ་གས་འཇུག་པ་ཕྱིར་བཟློག་པའི་དོན་དུ་སྒོ་བ་ལྟར་གནས་པར་གྱུར་པ་ན་དེའི་ཚེ་ནས་བཞིན་ཡང་འབད་པ་མེད་པར་འབྱུང་ངོ་།། བྱུང་བ་ཡང་བརྟན་པར་འགྱུར་རོ།། དེ་ལྟར་རེ་ཞིག་འདི་དག་གི་རྗེས་སུ་འགྲོ་བ་དང་ལྡོག ་པ་གང་གི་ཡོན་ཏན་དང་སྐྱོན་བརྗོད་ནས་དོན་མེད་པ་སྤང་བའི་དོན་དུ་དོན་མེད་པའི་སྤྱོད་པ་སྤང་བ་རེ་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོ་རེ་ཞིག་འདི་འདྲའི་སེམས་ཞེས་བྱ་བ་ནང་དུ་བསམ ་པར་བྱའོ།། རྟག་ཏུ་དུས་ཐམས་ཅད་འདི་འདྲ་བའི་བསྟན་པའི་རིམ་པ་དང་ལྡན་པར་ཉེ་བར་གནས་པར་བྱ་སྟེ། དེ་ལས་གཞན་འབྲས་བུ་མེད་པའི་སྤྱོད་པ་སྤངས་པའི་དོན་དུ་དབང་པོའི་ཚོགས་དང་བྲལ་བས་གཟུགསོ་ལ་སོགས་པའི ་ཡུལ་འབྲས་བུ་མེད་པ་འཛིན་པའི་རྣམ་པར་རྟོག་པ་ཐམས་ཅད་བསྡུས་ལ་བདག་གིས་གནས་པར་བྱའོ།། ཅི་འདྲ་བར་ཞེ་ན། ཤིང་བཞིན་དུ་ཞེས་གསུངས་ཏེ། མིག་ལ་སོགས་པའི་བྱེད་པས་སྟོང་པའི་ཕྱིར་རོ།། འདི་ཉིད་གསལ ་པར་བྱེད་པ། འབྲས་མེད་ཅེས་བྱ་བ་ལ་སོགས་པ་ལ། རྫི་མ་གཉིས་ཅུང་ཟད་ཕྱེ་ལ། སྣའི་རྩེ་མོར་བསྟད་པའམ། གཉའ་ཤིང་གང་ཙམ་དུ་རྣམ་པར་ལྟ་བར་བྱས་ཏེ། དང་པོ་རྩོམ་པའི་དུས་ནའོ།། རྟག་ཏུ་གེམས་པར་བྱེད ་བཞིན་དུ་ངལ་བ་སྦེང་བའི་དོན་དུ། ལྟ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྟ་བ་དང་སེམས་སྐྱོ་བ་སྤང་བའི་ཕྱིར་རེ་འགའ་སྟེ་བར་སྐབས་སུ་ཕྱོགས་སུ་རྣམ་པར་བལྟའོ།། ཇི་སྟེ་བརྒྱ་ལ་འགའ་ཞིག་དེ་དང་ཉེ་བར་འོངས་ན ་དེའི་ཚེ་དེའི་འོངས་པའི་ཞར་ཙམ་རིག་པར་བྱས་ལ། ལེགས་པར་བྱོན་ནམ་ཞེས་སྨྲ་བས་ཕེབས་པར་སྨྲ་བའི་དོན་དུ་རྣམ་པར་བལྟ་བར་བྱའོ།། གཞན་དུ་ན་དེར་དེ་ལ་འཕྱ་བས་མི་དགེ་བ་འབྱུང་བར་འགྱུར་རོ།། ལམ་དུ་འགྲོ་ཞིང ་དེ་ལྟར་ལྟ་བ་ན་ཡང་གནོད་པ་བསལ་བའི་དོན་དུ། ལམ་སོགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིགས་པའི་རྒྱུ་རྐུན་མོ་ལ་སོགས་པ་རིག་པར་བྱ་བའི་དོན་དུ་རྣམ་པར་བལྟ་བར་བྱ་བའི་རིམ་པ་བཞིན་དུའོ།། གཞན་དུ་ན ་ལུས་བསྲུང་བར་བྱས་པར་མི་འགྱུར་རོ།། ཕྱོགས་ཐམས་ཅད་དུ་རྣམ་པར་ལྟ་བར་བྱེད་པ་ན་རྒོད་པའི་གནོད་པ་སྤང་བར་བྱ་བའི་དོན་དུ་བསྡད་དེ་བྱའོ།། རྒྱབ་ཏུ་རྣམ་པར་ལྟ་བ་ན་ལེགས་པོར་ལོག་སྟེ་ཁ་ཕྱིར་བལྟས་པར་འགྱུར ་བས་བྱའོ།། མཉམ་པར་གཞག་པ་བསྲུང་བར་བྱ་བའི་དོན་དུ་མདུན་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགྲོ་པོ་ནི་མདུན་དུའོ།། འོང་བ་ནི་ཕྱིར་ལ་སྟེ། གཡས་ལ་སོགས་པའི་གནོད་པ་ལྟ་བར་བྱ་ནའོ།། དེ་ལྟར་བསྟན ་པའི་རིམ་པའི་ཟུར་གྱིས་རང་དང་གཞན་ལ་ཕན་པོ་དང་དགོས་པ་ཁོང་དུ་ཆུད་པར་བྱས་ན་སྒྲུབ་པ་སྙིང་པོར་གྱུར་པ་ཡིན་ནོ།། །། བམ་པོ་བདུན་པ།། ད་ནི་ཤེས་བཞིན་གྱི་བྱ་བ་བསླབ་པའི་ཕྱིར། ལུས་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། སྤྱོད་ལམ་བཞིའི་ནང་ནས་སྤྱོད་ལམ་གང་ཡང་རུང་བ་ཞིག་ལ། ལུས་ཀྱིས་འདི་ལྟར་ཞེས་བྱ་བ་ནི་འགྲེང་བས་སམ་འདུག་པས་གནས་པར་བྱ་སྟེ། དེ་མ་ཐག་ཏུ་ཁོ་ཏོན་ལ་སོགས་པའི་བྱ་བའི་ལས ་བརྩམས་ནས་ཡང་ལུས་འདི་ཇི་ལྟ་བུར་གནས་པ་ཡིན་ཞེས་སྐབས་སུ་རྣམ་པར་བལྟ་བར་བྱའོ།། སྤྱོད་ལམ་དེ་ཉིད་ལ་འམ། དེ་སྟེ་སྤྱོད་ལམ་ལོག་ཤིག་ལའོ།། ལོགས་ཤིག་པ་ལ་ཡིན་ན། ཡང་སྔ་མ་བཞིན་དུ་ལེགས་པར ་གནས་པར་བྱའོ།། ལུས་ལ་སོ་སོར་རྟོག་པ་བརྗོད་ནས་སེམས་སོ་སོར་རྟོག་པ། སེམས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་དང་གཞན་ལྔ་ཕན་པའི་མཚན་ཉིད་ཀྱི་ཆོས་ལ་སེམས་པ་ནི་ཀ་ཆེན་ཏེ། འཆིང ་བདག་ལས་ཐར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ།། དེ་ལ་བརྟགས་པ་ཡང་དང་ཡང་དུ་བརྟག་པར་བྱ་བ་ཡིན་པས། ཅི་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡང་བདག་གིས་ཡིད་འདི་གང་ན་སྤྱོད་ཅེས་དམིགས་པ་སྔ་མ་འམ། དམིགས ་པ་སྔ་མ་འམ། དམིགས་པ་བཞིན་དུ་བརྟགས་ལ། སོང་བར་རྟོགས་ན་དེ་ནས་བཟློག་ལ་དེ་ཉིད་དུ་སྦྱར་བར་བྱའོ།། རང་གི་ངང་འབབ་ན་ནི་བཏང་སྙོམས་སུ་བྱའོ།། དེ་ལྟར་ཞི་གནས་ཀྱི་ཁུར་སྐད་ཅིག་གཅིག་ཀྱང་ཇི་ལྟར་མི་འཚེར་བ་དེ་ལྟར་གཟུང ་བར་བྱའོ།། རེ་ཞིག་དེ་དག་གིས་ནི་ཚུལ་ཁྲིམས་ནི་ཏིང་ངེ་འཛིན་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ།། ཇི་སྐད་དུ་ཟླ་བ་སྒྲོན་མའི་མདོ་ལས། ཉོན་མོངས་མེད་པའི་ཏིང་འཛིན་མྱུར་ཐོབ་སྦ།། དེ་ནི་ཚུལ་ཁྲིམས་རྣམ་དག་ཕན་ཡོན་ནོ་ཞེས ་གསུངས་སོ།། དེ་བས་ན་ཏིང་ངེ་འཛིན་གྱི་རྒྱུར་གྱུར་པའི་སྦྱོར་བ་ཇི་སྙེད་པ་གྲང་ཅི་ཡང་རུང་། བཟའ་བ་དེ་དག་ནི་ཚུལ་ཁྲིམས་རྗེས་སུ་སོང་བ་ཡིན་པར་རིག་པར་བྱའོ།། དེ་ལྟ་བས་ན་ཏིང་ངེ་འཛིན་དོན་དུ་གཉེར་བས་དྲན་པ་དང་ཤེས་བཞིན་གྱི་ངང ་ཚུལ་ཅན་དུ་བྱའོ།། དེ་བཞིན་དུ་ཚུལ་ཁྲིམས་རིན་དུ་གཉེར་བས་ཀྱང་ཏིང་ངེ་འཛིན་ལ་ནན་ཏན་དུ་བྱའོ།། ཏིང་ངེ་འཛིན་ཡོངས་སུ་སྤོང་བའི་སྐབས་ན་འཇིགས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་པ་ནི་མེའི་སྲེག་པ་ལ་སོགས ་པའོ།། དེ་བཞིན་དུ་དཀོན་མཆོག་གསུམ་ལ་མཆོད་པ་ལ་སོགས་པ་ནི་དགའ་སྟོན་ནོ།། དེ་བྲས་ཆེས་ལྷག་པའི་སེམས་ཅན་གྱི་དོན་ལ་སོགས་པའང་རུང་སྟེ། དེ་དག་བྱུང་བ་ན་གལ་ཏེ་གནས་པར་མི་ནུས་ན་དེའི་ཚེ་འདོད་པ་བཞིན་དུ་སྤྱད་དོ།། ་ཞེས་གནང་བ་སྟེ། ལྟུང་བ་དང་བཅས་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། ཡང་ཅིའི་ཕྱིར་འདི་ངེས་པ་མེད་པར་འགྱུར་ཞེ་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཡང་ཚུལ་ཁྲིམས་ནི་སྦྱིན་པ་བས་མཆོག་ཏུ་བྱུང ་བཱ་ཡིན་མོད་ཀྱི། དེ་ལྟ་ནུ་ཡང་བསླབ་པ་གཞན་སློབ་པའི་དེ་མ་ཐག་ཏུ་ཕྱི་ནས་བསླབ་པའི་གནས་ལ་གོམས་པ་གསལ་བ་མེད་པའི་ཕྱིར། ཇི་ཞིག་ལྷོར་དུས་དེ་སྲིད་དུ་དེ་ལས་ལྡོག་པར་བྱེད་ནའང་ལྷུང་བ་མེད་པ་ཡིན་ནོ།། འདི་སྦྱིན་པའི་དུས ་ཡིན་གྱི་ཚུལ་ཁྲིམས་ཀྱི་ནི་མ་ཡིན་པ་སྟེ། དེ་ཉིད་ཀྱི་ཕྱིར་གསུངས་པ་གལ་ཏེ་མི་ནུས་ཞེས་སོ།། དེ་དག་ཙམ་ཉིད་ཀྱི་དཔེ་བརྗོད་པ་སྔོན་ནོ།། ཇི་སྐད་དུ་དེ་ལ་བསླབ་པ་གཅིག་རྫོགས་པར་བྱེད་ལ་བསླབ་པ་ཕྱི་མ་གོམས་པར་མ་བྱས་པས་མི་ནུས ་པ་ལ་ལྟུང་བ་མེད་དོ་ཞེས་བསྟན་ཏོ།། འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། ཇི་སྐད་དུ། སྦྱིན་པའི་དུས་སུ་ཚུལ་ཁྲིམས་ཉེ་བར་བསྡུས་ཏེ་བཏང་སྙོམས་སུ་བྱའོ་ཞེས་རྒྱོ་ཆེར་གསུངས་སོ།། དེ་ལྟ་བས་ན་ལྷོད་པར་མི་བྱའོ།། ། ་དགེ་བའི་ཕྱོགས་གང་ལ་སྤྱོད་ན་ཡང་ཏིང་ངེ་འཛིན་འགའ་ཞིག་གིས་གེགས་སུ་འགྱུར་པ་དེ་བླ་བར་བྱ་བ་མོ་ཡིན་པས། གང་ཞིག་བསམས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་ཉིད་ཀྱི་རིགས་པ་དང་ལུང་གིས་སམ་དགེ་བའི ་བཤེས་གཉེན་གྱི་གསུང་གི་ནུ་ལ་ང་ཏ་བ་བཞིན་དུ་ངེས་པར་གཟུང་ནས་བསམ་གཏན་དང་བསམ་པ་ལ་སོགས་པ་ལས་གང་ཅུང་ཟད་ཅིག་བརྩམས་པ་དེར་ཡིད་གཞོལ་བས་དྲང་པོར་དེ་ཉིད་རེ་ཞིག ་བསྒྲུབ་པར་བྱ་སྟེ། དེ་མ་གྲུབ་པར་དུ་ཡོངས་སུ་དོར་ནས་གཞན་བརྩམས་པར་ནི་མི་བྱའོ།། གལ་ཏེ་དེ་ལྟར་མ་གྱུར་ན་ཅི་ཉེས་ཞེ་ན། དེ་ལྟ་ན་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་དེ་ལྟར་ན་ནི་བྱས་པས་ཐམས་ཅད ་ལེགས་པར་བྱས་པར་འགྱུར་གྱི། དེ་ལས་བཟློག་པས་ན་སྔར་ཁས་བླངས་པ་དང་ཕྱིས་དམ་བཅས་པ་གཉི་གར་མ་འབྲེལ་བར་འགྱུར་རོ།། འཇུག་པ་མི་བརྟན་པ་ནི་ཤེས་བཞིན་མ་ཡིན་པར་རྗེས་སུ་འཇུག་པས་འཕེལ་བར་འགྱུར་རོ།། ། ་དེ་ལྟ་ནའང་འབྲས་བུ་མེད་པ་སྤང་བར་བྱའོ་ཞེས་གསུངས་པ་བྲེ་མོའི་གཏམ་ནི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། འབྲེལ་པ་མེད་པ་རྣམ་པ་དུ་མ་བརྗོད་པ་དང་གཞན་དག་གིས་བྱས་པ་ལ་འཇུག་པ་ངོ་མཚར་བའི་དངོས་པོ་མཐའ་དག ་ལ་འམ་རང་གིས་ཀྱང་བྱ་བ་དེ་ལ་བལྟ་བ་དང་མཉན་པའི་ཕྱིར་དྲག་དང་སེམས་ཞུགས་པ་ལས་བཟློག་པར་བྱའོ།། གཞན་ཡང་འབྲས་བུ་མེད་པ་སྤང་བར་བྱ་བའི་ཕྱིར་སོ་སོར་ཐར་པ་ལས་བསྟན་པར་བྱ་བ་སྤྱད་པར་བྱའོ་ཞེས་བྱ ་བ་ནི། དོན་མེད་ས་རྐོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ས་དང་བྱང་བུ་ལ་སོགས་པ་ལ་སེན་མོ་དང་། དབྱུག་པ་ལ་སོགས་རི་མོ་འདྲེན་ཅིང་འབྲི་བོ་ལ་སོ་གོས་པ་མེད་པ་བྱེད་པ་ནི་ལྟུང་བར་འགྱུར་བས་བཅོམ ་ལྡན་འདས་ཀྱིས་འདི་ལས་བཟློག་པར་བྱ་བར་བཀའ་བསྒོ་བ་དྲན་པར་བྱས་ལ་རྣམ་པར་སྤང་བར་བྱ་བ་སྟེ། དེ་ལས་འདིར་ནི་འབྲས་བུ་རྣམ་པར་སྨིན་པ་འཇིགས་པའི་ཕྱིར་རོ།། དོན་མོ་ལ་ཞེས་བྱ་བ་ནི་དུས་དེར་འགྲོ་བར་མུ་ཐྱ ་བའོ།། ཀུན་ནས་ཉོན་མོངས་པའི་སྤྱོད་པ་ལ་ཤེས་བཞིན་དུ་བར་བསླབ་པ་ནི། གང་ཚེ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བདུན་གྱིས་བསྟན་པ་ཡིན་ཏོ། གང་ཚེ་ཞེས་བྱ་བ་ལ་སོགས་པ་ལ་དང་པོར་རང་གི་སེམས ་བརྟགས་ནས་གསུངས་པ་ནི་ཀུན་ནས་ཉོན་མོངས་པ་མེད་པའི་གནས་སྐབས་ལྟར་བྱ་བ་བསྟན་པའོ།། དེ་ཉིད་ནི་ཆགས་པའམ་ཞེས་བྱ་བ་ལ་སོགས་པ་བསྟན་པར་བྱེད་དེ། གང་གི་ཚེ་རང་གི་སེམས་ཆགས་པ་འམ་སྡང་བར ་མཐོང་བ་དེའི་ལག་པ་དང་རྐང་པ་ལ་སོགས་པ་སྤྱོད་པ་ཙམ་ཡང་མི་བྱ་ཞིང་ངག་གིས་ཀྱང་བརྗོད་པར་མི་བྱ་སྟེ། གཞན་དུ་ནི་དེས་བསྐྱོང་བའི་ལུས་དང་ངག་གི་རྣམ་པར་རིག་བྱེད་ཀྱང་ཀུན་ནས་ཉོན་མོངས་པ་ཅན་དུ་འགྱུར་རོ།། དེར ་ཕྱིར་དབང་པོ་ཕྱི་རོལ་གྱི་བྱེད་པའི་རྣམ་པར་རྟོག་པ་བསྡུས་ལ་དྲི་ཚེ་ཤིང་བཞིན་དུ་གནས་པར་བྱས་ཏེ། བྱེད་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ནི་བྱེད་པ་པོ་མེད་པའོ་ཞེས་ཡིད་ལ་གཞག་ལ་ཤིང་བཞིན་དུ ་གནས་པར་བྱའོ།། གཞན་ཡང་རྒོད་དང་ཞེས་གསུངས་པ་ནི་དམ་པའི་ཆོས་ལ་སོགས་པ་ཉན་པ་ལ་དད་པ་ལས་ཀྱང་རྒོད་པ་སྟེ། རྣམ་པར་གཡེང་བ་མང་བ་ཞེས་བྱ་བའི་དོན་ཏོ།། གཞར་བཅས་པ་ནི་ངག་གི་ཐོ་འཚམ་པ ་ལ་བརྩོན་པར་བྱེད་པ་སྟེ། དེ་དག་ལྡན་པའམ་ང་རྒྱལ་ནི་སེམས་ཁེངས་པའོ།། རྒྱགས་པ་ནི་རང་གི་ཆོས་ལ་སེམས་མངོན་པར་ཞེན་པ་སྟེ། དེ་དག་དང་ལྡན་པ་ནི་དེ་དག་དང་ཡང་དག་པར་ལྡན་པའོ།། ། ་མཚང་འདྲུ་བ་ནི་ལུས་ཀྱིས་ཐོ་འཚམ་པ་སྟེ། དེ་དང་ལྡན་པས་རྒོད་པའོ།། སྐྱོར་འབྱིན་ནི་གྱ་གྱུ་ཅན་ནམ་གཡོ་ཅན་ནོ།། སླུ་སེམས་ནི་སླུ་བར་བྱེད་པ་འམ་སྒྱུ་ཅན་ཏེ། གང་གི་ཚེ་དེ་ལྟར་གྱུར་པ་ན། དེ་ཚེ་ཤིང་བཞིན་གནས་པར་བྱ་ཞེས ་བྱ་བར་འབྲལ་ཏོ།། བདག་ལ་བསྟོད་པ་ནི་རང་གི་ཡོན་ཏན་ཤིན་ཏུ་ཡང་སྟོན་པའོ།། དེར་སྣང་བ་ནི་དེ་རུ་སྣང་བ་སྟེ། དེར་རྣམ་པར་བརྟགས་པའི་ཕྱིར་རོ།། གཞན་ལ་སྨོད་པ་ནི་གཞན་ཚར་གཅོད་པའམ་ཉེས་པ་བསལ་བར་བྱེད་པ ་སྟི། དེ་དང་ལྡན་པའོ།། ག་ཤེ་བཅས་ནི་གཞན་གྱི་ཚིག་ལ་སྨོད་པའོ།། འགྱེད་པ་ནི་རྟག་ཏུ་འཐབ་པ་དང་རྩོད་པའི་རྒྱུ་མཚན་ལ་སེམས་པ་སྟེ། འདིར་གཉི་ག་ལ་དེ་དང་བཅས་པར་གནས་པ་ཞེས་ཚིག་བསྡུས་པ་ཡིན་ནོ།། དེ་ལྟར ་གང་གི་ཚེ་མཐོང་བ་ན་རང་གི་ཡིད་དེ་ཚེ་ཤིང་བཞིན་གནས་པར་བྱ་ཞེས་སྤྱིར་བསྟན་པ་དང་སྦྱར་རོ།། གྲགས་པ་ནི་སྙན་པའོ།། འཁོར་ནི་བྲན་པོ་དང་བྲན་མོ་དང་ལས་བྱེད་པ་ལ་སོགས་པའོ།། རིམ་གྲོ་ནི་རྐང་པ་འཁྲུ་བ་དང་ཉེད་པ ་ལ་སོགས་པའོ།། འདི་དག་དོན་དུ་གཉེར་བ་ནི་འདོད་པ་སྟེ་བདག་གིས་སེམས་དེ་དག་ལས་ཤིང་བཞིན་དུ་གནས་པར་བྱའོ།། གཞན་དོན་ཡལ་བར་འདོད་པ་ནི་གཞན་གྱི་དོན་ལ་ཕྱིར་ཕྱོགས་པའོ།། རང་དོན་གཉེར་བ་ནི་རང་གི་དོན ་ལ་མངོན་པར་ཞེན་པའོ།། གཡོག་འཁོར་ནི་སློབ་མ་དང་ཧཱུཾ་གནས་ལ་སོགས་འདུས་པ་སྟེ། འདི་དག་མངོན་པར་འདོད་ཅུང་འཁོར་དུ་དག་དོན་དུ་གཉེར་བའོ།། མི་བཟོད་པ་ནི་བཟོད་པ་མེད་པའི་ངང་ཚུལ་མོ།། ལ་ལྀ་ནི་བྱ ་ཁཱ་ལས་སུ་མི་རུང་བ་ཡིན་ཏེ་སྙོམས་ལས་ཞེས་བྱ་བའི་དོན་ཏོ།། འཇིག་པ་ནི་ལུས་དེང་འཚོ་བའི་འཇིག་པའམ་འཇིགས་པའི་རྒྱུ་ལས་སོ།། སྤྱི་བརྟུལ་ནི་སྤྱོས་བརྩན་པའོ།། མུ་ཅོར་སྨྲ་བ་ནི་ཚིག་ངན་པ་ཅན་ནམ་རིགས་པ་དང ་མི་རིགས་པ་ལ་བལྟོས་པ་མྱེད་པར་བརྗོད་པར་བྱའོ།། རང་གི་ཕྱོགས་ནི་སློབ་མ་དང་ཉེ་གནས་གཉེན་དང་ཕ་ལ་སོགས་པའོ།། ཞེན་པ་ནི་ཤིན་ཏུ་ཕྱོགས་སུ་ལྷུང་བ་དང་ལྡན་པའོ།། ད་ནི་ཕྱིར་བཅོས་པའི་ཕྱོགས་ཙམ་གསུངས ་པ། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། བསྟོན་པའི་རིམ་པས་སོ།། ཀུན་ནས་ཉོན་མོངས་ཏེ་ཀུན་ནས་ཉོན་མོངས་པ་དང་ལྡན་པའོ།། རང་གི་སེམས་འབྲས་བུ་མེད་པའི་བྱེད་པ་དང་ལྡན་པ་ཤེས་པར་བྱས་ནས་འཇུག་པ་ཐམས ་ཅད་བཀག་ལ་ནུས་པ་མཐུ་ཆུང་བར་བྱས་ནས་ཆེར་བཅད་པར་བྱ་ཞིང་ཟིལ་གྱིས་མནན་པར་བྱའོ།། བསྟན་པ་ནི་ཇི་ནས་སླར་ཡང་འཇུག་པར་མི་འགྱུར་བའི་ཆོས་ཅན་ནོ།། ཉོན་མོངས་པའི་དགྲའི་གཡུལ་ལས་རྣམ་པར་རྒྱལ ་བར་བྱ་བའི་ཕྱིར་གེ་དར་བྱས་པའི་དཔའི་སྟེ་བྱང་ཆུབ་སེམས་དཔའོ།། གཉེན་པོ་ཡིས་ནི་གང་ཞིག་གང་དུ་གཉེན་པོར་བསྟན་པ་སྟེ། ཇི་ལྟར་འདོད་ཆགས་པ་ལ་སོགས་པའི་མི་སྡུག་པ་ལ་སོགས་པ་ལྟ་བུའོ།། དེ་ཡིས་དེ་ལས་བཟློག ་པར་བྱའོ་ཞེས་བྱ་བའི་དོན་ཏོ།། རྟག་ཏུ་ནི་དུས་ཐམས་ཅད་དུ་སྟེ་གང་དང་གང་གི་ཚེ་ཀུན་ནས་ཉོན་མོངས་པ་རྟོགས་པ་ནའོ།། དྲག་ཤུལྔ་ཅན་གྱིས་ཞུས་པ་ལས། བྱང་ཆུབ་སེམས་དཔའི་ཁྱིམ་པའི་དབང་དུ་བྱས ་ཏེ་གསུངས་པ། དེས་འབྲུའི་ཆང་དང་སྦྱར་བའི་ཆང་བག་མེད་པའི་གནས་སྤང་བར་བྱ་སྟེ། དེར་རོ་བ་མེད་པ་དང་། མྱོས་པ་མེད་པ་དང་འཁྲུལ་པ་མེད་པ་དང་། ཚིག་མ་འཆལ་བ་དང་། མི་འཕྱིར་པ་དང་། མི་ཁེངས་པ་དང་། མི་རྒོད་པ ་གཡེང་བ་དང་། དྲན་པ་ཉེ་བར་གནས་པ་དང་། ཤེས་བཞིན་དང་ལྡན་པར་བྱའོ་ཞེས་བྱས་སོ།། དེ་ཉིད་ལས་རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའི་དབང་དུ་བྱས་ཏེ་གསུངས་པ། དྲན་པ་དང་ཤེས་བཞིན་ནི་མི་གཡེང་བའོ་ཞེས་སོ།། ་དེ་བཞིན་དུ་འཕགས་པ་དེ་བཞིན་གཤེགས་པའི་གསང་བའི་མདོ་ལས་བསྟན་ཏེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་དག་ནི་ཚོགས་པའམ། སྡང་བའམ། ཉོན་མོངས་པ་ཅན་ནམ། སྐད་ཅིག་གསལ་བར་བྱས་པའམ། རང་གི ་གི་ཕྱོགས་བསྟོད་པའི་ཚིགས་གམ་གཞན་གྱི་ཕྱོགས་ཚུར་བཅད་པའི་ཚིག་གམ། བདག་ལ་བསྟོད་པ་ལ་རྗེས་སུ་ཆགས་པའི་ཚིག་གམ། གཞན་གྱིས་བསྟོད་པ་ལ་གནོད་པའི་ཚིག་གམ། ཁྭ་འོག་ཏུ་ལུས་འཁྲུས་པར་མི ་བྱེད་པའི་ཚིག་གམ། མངོན་པའི་ང་རྒྱལ་གྱིས་ལུང་སྟོན་པའི་ཚིག་མི་འབྱིན་ཞེས་སོ།། དེ་ལྟར་འབྲས་བུ་མེད་པའི་སྤྱོད་པ་སྤང་བའི་ཕྱིར་ལུས་བསྲུང་བ་བསྟན་པ་ཡིན་ནོ།། དེ་ལྟ་བས་ན་བདག་གིས་ཚུལ་ཁྲིམས་ལ་ལོགས ་པར་གནས་པ་དང་། མི་སྐྱོང་པ་དང་། མི་ལྷོད་པར་གྱུར་པར་བྱའོ།། དེ་དག་ཀྱང་སེམས་མཉམ་པར་གཞག་པས་གྲུབ་པར་འགྱུར་རོ།། དེའི་ཕྱིར་ཞི་གནས་ཀྱི་བདག་ཉིད་ཆེན་པོ་འདི་རྟོགས་ནས་དེ་ལྷུར་བླངས་ཏེ་བསྒོམ་པར་བྱའོ།། ། ་འདིས་ནི་བསླབ་པ་རྣམས་ལ་གུས་པ་དྲག་པོར་འགྱུར་བ་ཡིན་ལ། དེས་ཀྱང་དྲན་པ་ཉེ་བར་གནས་ཏེ། དྲན་པ་ཉེ་བར་གནས་པས་འབྲས་བུ་མེད་པ་སྤོང་ཞིང་དེ་ལ་དོན་མེད་པ་ཕྱིར་འབྱུང་ངོ་།། དེ་ལྟ་བས་ནི་ལུས་བསྲུང་བར་འདོད་པས་རྩ ་པ་དྲན་པ་བཙལ་ཏེ་དྲན་པ་ཉེ་བར་གནས་པར་རྟག་ཏུ་གྱུར་པར་བྱའོ།། དེ་ཉིད་ནི། དེ་ལ་ལུས་བསྲུང་གང་ཡིན་ན།། གང་ཞིག་བོན་མེད་སྤང་བའོ།། དེ་ཀུན་གང་གིས་འཐོབ་ཅེ་ན།། འབྲས་བུ་མེད་པའི་སྤྱོད་སྤངས་ལས།། དེ་ཡང་རྟག་ཏུ་དྲན་པས ་འགྲུབ།། དྲན་པ་ཤིན་ཏུ་གུས་ལས་འབྱུང་།། གུས་ནི་ཞི་བ་ཆེ་བདག་ཉིད།། ཤེས་པར་གྱུར་ནས་བརྟུན་པ་སྐྱེ།། ཞེས་གསུངས་པ་ཡིན་ནོ།། ཞི་གནས་ཀྱི་ཆེ་བའི་བདག་ཉིད་ཀྱང་སྐབས་ཇི་ལྟ་བ་བཞིན་དུ་འདི་ལས་འཆད་པར་འགྱུརརོ།། ། ་འདིར་དོན་མེད་པ་སྤང་བའི་དོན་དུ་བསྡུས་པའི་དོན་འདི་ཁོང་དུ་ཆུད་པར་བྱའོ་ཞེས་ཚིགས་སུ་བཅད་པ་གསུམ་གྱིས་བསྟན་པ་ཤིན་ཏུ་ངེས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤིན་ཏུ་ངེས་པ་ནི་ཐེ་ཚོམ་དང་ཕྱིན་ཅི་ལོག་སྤངས་པའོ།། ་རབ་དང་ནི་རྟག་ཏུ་དགའ་བ་དང་ཡིད་བདེ་བ་མང་བའོ།། བསྟན་པ་ནི་མ་བརྟག་པའོ།། གུས་པ་ནི་བཤད་པ་ཉིད་ཡིན་ནོ།། ཞེས་ནི་མཉེས་པར་བྱ་བ་རྣམས་ལ་སེམས་འདུས་པ་སྟེ། དེ་དག་དང་ལྷན་ཅིག་འཇུག་པའོ།། ངོ་མཚར་བཅས་ནི་སྔ ་མ་བཞིན་ནོ།། འཇིགས་བཅས་ནི་འཁྲུལ་པ་བྱུང་བས་འཇིག་རྟེན་ལ་འཇིགས་པའོ།། ཞི་བ་ནི་དབང་པོ་ཡང་དག་པར་སྙོམས་པའོ།། སེམས་ཅན་མགུ་བར་བྱེད་པ་བརྩོན་པ་དང་ལྡན་པ་སྐྱེ་བོ་གཅིག་གི་འདོད་པ་གང་ཡིན ་པ་དེ་གཞན་ལ་བཟློག་པ་ཡིན་པས་སོ་སོའི་སྐྱེ་བོའི་འདོད་པ་ཕན་ཚུན་མི་མཐུན་པ་རྣམས་ཀྱིས་མི་སྐྱོ་བ་སྟེ་ཡིད་ལ་གཅགས་པ་མེད་པའོ།། ཇི་ལྟར་ཞེ་ན། བརྩེར་ལྡན་སྟེ། འདི་ནི་གཏན་ཚིགས་ཀྱི་ཚིག་ཡིན་ནོ།། གང་གི་ཕྱིར་ཉོན་མོངས ་པ་སྐྱེས་པས་ཏེ་རང་དབང་མེད་པས་སོ།། འདི་ཞེས་པ་ནི་དེ་དག་སྟེ་བྱས་པ་འདི་དག་གི་ཕན་ཚུན་མི་མཐུན་པའི་སྤྱོད་པའོ་སྙམ་དུ་ཤེས་པར་བྱས་སོ།། བདག་དང་སེམས་ཅན་དབང་བྱས་ཤིང་ནི་རང་དང་གཞན་ལ་རག་ལས་པར་ཏེ་དུས་ཐམས ་ཅད་དུའོ།། ཅི་ཐམས་ཅད་དུ་འམ་ཞེ་ན་མ་ཡིན་ཏེ། ཁ་ན་མ་ཐོ་མེད་དངོས་ལ་སྟེ། ཁ་ན་མ་ཐོ་བ་གཉི་གས་སྟོང་པ་རྣམས་ལའོ།། ཅི་དང་འདྲ་བར་ཞེ་ན། སྤྲུལ་པ་བཞིན་དུ་སྟེ་སྤྲུལ་པ་བྱས་པ་ལྟར་ང་རྒྱལ་དང་བྲལ་བ་སྟེ། ང་རྒྱལ་ལེགས་པར ་གཟུང་བར་བྱ་སྟེ་བདག་འདི་ལྟ་བུ་ཡིན་ནོ་སྙམ་དུ་བྱང་ཆུབ་སེམས་དཔའ་ཡིད་ལ་གཞག་པར་བྱའོ།། སྐྱེ་བ་ཡིད་ལ་བྱེད་པ་འདི་ལས་ཀྱང་སེམས་ཀྱི་དོན་མེད་པ་སྤོང་བས་བསྲུང་བར་བྱའོ་ཞེས་གསུངས་པ། རིང་ཞིག་ཅེས་བྱ་བ ་ལ་སོགས་པ་ཡིན་ཏེ། དུས་ཤིན་ཏུ་མང་བ་ཞིག་གོས་ཐོབ་པའི་དལ་བ་མཆོག་བསྟན་པ་དྲན་པའི་སེམས་ཀྱིས་ཡང་དང་ཡང་དུ་བར་མེད་པར་བྱས་ཞིང་བརྟན་པར་བྱའོ།། དེ་ལྟ་བུར་ནི་བརྟན་པའི་རང་བཞིན་ཅན་དུའོ།། རབ་ཏུ་མི ་གཡོ་ནི་འདོད་པ་ལྔ་སོགས་པའི་རྣམ་པར་རྟོག་པའི་རླུང་གིས་རིའི་རྒྱལ་པོ་ལྔར་བསྐྱོད་པར་མི་ནུས་པའོ།། དེ་ལྟར་ཚུལ་ཁྲིམས་དང་ཏིང་ངེ་འཛིན་ཕན་ཚུན་འཕེལ་བར་བྱེད་པ་དེ་དག་གིས་སེམས་ལས་ཡོངས་སུ་བསྒྲུབ་པ་ཡིན་ནོ།། དེ་ལྟ ་བུས་ན་བྱང་ཆུབ་སེམས་དཔའི་བསླབ་པ་ནི་སེམས་ཡོངས་སུ་སྦྱང་བ་ཉིད་ཡིན་ནོ་ཞེས་བྱ་བ་དེ་དག་གནས་སོ།། དེས་ན་གང་སེམས་བསྲུང་བརྟུལ་ཞུགས་མ་གཏོགས་པ། བརྟུལ་ཞུགས་མང་པོས་ཅི་ཞིག་བྱ།། ཞེས་གསུངས་ཏེ།། ་དེ་གནས་པ་ཡིན་ནོ།། ཡང་དེ་གཉིས་གཅིག་པུ་ངེས་པར་ལོགས་པར་གཟུང་བར་བྱ་བའི་ཕྱིར་ལུས་ལ་སོ་སོར་བརྟག་པ། བྱ་རྒོད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་ལ་ནི་རྣམ་པ་ཐམས་ཅ་དུ་གང་དུ་ཡང་བྱེད་པ་མེད ་དེ་བདག་རང་ཉིད་ལའང་ནུས་པ་མེད་པའི་ཕྱིར་རོ།། གཞན་དུ་སེམས་དང་བྲལ་བའི་ལུས་བྱ་རྒོད་ལ་སོགས་པ་རྣམས་ཀྱིས་ཕན་ཚུན་ཀུན་ཏུ་རངས་ཤིང་ཀློངས་ཀྱང་བདག་ཉིད་བསྲུང་བའི་དོན་དུ་སླར་བཅོས་པ་ཅི་སྟེ་མི་བྱེད་ཅེས ་འདྲི་བའོ།། ནུས་པ་ཐམས་ཅད་མེད་པའི་ཕྱིར་ཏེ། དེ་ཉིད་ཀྱི་ཕྱིར་ནི་སེམས་ཡོངས་སུ་སྦྱོང་བ་ཉིད་བསྒྲུབ་པར་བྱ་བ་ཡིན་ནོ།། དེ་ཡོངས་སུ་སྦྱངས་ནས་འབད་པ་མེད་པར་ལུས་ཡོངས་སུ་སྦྱངས་པ་འགྲུབ་སྟེ་དེ་ནི་དེ་ལ་རེག་ལས ་པའི་ཕྱིར་རོ།། ཞེས་བསྟན་པར་འགྱུར་རོ།། དེ་ལྟར་རྣམ་པ་ཐམས་ཅད་དུ་མཁོ་བ་མ་ཡིན་པའི་ལུས་ལ་བལྟོས་པ་དང་བཅས་པ་དགག་པ་ལུས་འདི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀྱེ་ཡིད་བདག་ཉིད་མ་ཡིན་པ་ལ་བདག ་ཉིད་དུ་ཁས་བླངས་ནས་ཤ་དང་རུས་པའི་ཚོགས་ལུས་ཀྱི་མིང་ཅན་ལ་ཅིའི་ཕྱིར་ནི་ཁྱོད་བསྲུང་བར་བྱེད། ཅི་སྟེ་དེ་ལྟར་མི་བྱ་ཞེ་ན། གལ་ཏེ་ཁྱོད་དང་ལུས་འདི་ཐ་དད་པ་ཡིན་ན། དེ་སྟེ་འདི་གོད་པས་ཁྱོད་ལ ་ཅི་ཞིག་ཀོད་པར་འགྱུར། སྔར་ནས་ཡུན་རིང་པོར་བདག་གིརས་བྱས་སོ་ཞེ་ན། གསུངས་པ། རྨོངས་པོ་ཀྱེ་བདོག་གིརི་མི་བྱེད་པོ་སྟེ། ཁྱོད་རྨོངས་པས་འགྱིངས་པ་འདི་གཙང་མ་ནི་དག་བྱེད་དོ།། འདི་ནི་མི་གཙང་བ་ཡིན་ནོ།། མི་གཙང ་ཞེས་བྱ་བ་འདི་གསུངས་ཏེ། དེ། རུལའི་ནི་སུམས་པའིལ་ཆོས་སོ།། འོ་ན་དེ་ལྟ་ན། ཅི་གཞན་ལ་མེད་པའི་འང་སྐྱོན་བརྗོད་དམ་ཞིན་། འདིར་རེ་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། པགས་པའི་རང་བཞིན་གྱི་རིམ་པའོ།། ་གི་བློ་གྲོས་ཀྱི་ཁྱད་པར་གྱིས་ཐ་དང་ཕྱེ་ཅིག་པ་ནི་ཡང་གི་ལུས་རུས་པ་ལས་བྱིས་པའི་དྲ་བའི་འཁྲུལ་འཁོར་ལས་སོལ་ཅིག་པའོ།། ཤེས་རབ་ཀྱི་བདག་ཉིད་ཀྱིས་མཚོན་གྱིས་ཤ་ཚོད་ལ། དེ་མ་ཐག་ཏུ་རུས་པ་རྣམས་ཀྱང ་དུན་བུར་སོ་སོར་ཐ་དད་པར་གྱིས་ལོ་རྐང་ལ་བལྟ་བར་བྱ་སྟེ། རྣམ་པར་ལྟོས་ཤིག། ལུས་ཀྱི་ནང་གང་ཡིན་པ་འབྱུང་བ་ཆེན་པོ་བཞི་ལས་བྱུང་བ། པ་དང་མའི་མི་གཙང་བ་ནུར་ནུར་པོ་ལས་བྱུང་བ། སྡུག་བསྔལ་གྱི་རང ་བཞིན་བྱས་པ་མི་གཟོ་བའོ་ཞེས་རྒྱ་ཆེར་རྟོགས་པར་བྱའོ།། འདི་ལ་སྙིང་པོ་ཅི་ཡོད་ཅེས་བྱ་བ་ནི་མཁས་པས་བསྔགས་པ་འམ་རིག་པ་དང་ལྡན་པར་ཏེ། དེ་ལྟར་བདག་ཉིད་ཀྱིས་བརྟགས་པར་གྱིས་ཤིག།། དེ་ལྟར་ནི ་བརྗོད་པའི་ཚུལ་དུའོ།། ལེགས་པར་སྨྲས་པ་ཡིན་ནོ་ཞེ་ན་ང་དུད་དུ་ཅིའི་ཕྱིར་ཏེ་ཁྱོད་ད་དུང་ཡང་ཡོན་ཏན་ཐམས་ཅད་དང་བྲལ་བར་དེ་ལྟར་རིག་བཞིན་དུ་ཡང་ལུས་སྲུང་བར་བྱེད་སྨོས་ཤིག། དེ་ལྟ་མོད་ཀྱི། འདི་ལས་ཅུང་ཟད ་བླང་བར་བྱ་བ་ཡོད་དེ་ཞེ་ན། བཟར་མི་རུང་ཞེས་བྱ་བ་སྟེ། མདོརི་ན་གང་ཞིག་ཡོད་པ་དེ་ནི་མཁོ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། དེའི་ཕྱིར་མི་མཁོ་བའི་ལུས་ཀྱིས་ཅི་བྱེད། འདི་ལ་ཆགས་པར་མི་རིགས་སོ་ཞེས་བྱ་བའི་དོན་ཏོ།། ་དགོས་པ་གཞན་མེད་པའི་ཕྱིར། འདི་ནི་རིགས་པར་བལྟ་བར་བྱའོ་ཞེས་གསུངས་པ་ནི། ཉིས་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། གང་གི་ཕྱིར་ལས་ལྀ་གང་གིས་ཀྱང་ལྷན་ཅིག་བྱེད་པར་དངོས་པོས་སྦྱར་བར ་བྱ་བ་ཡིན་པས་ན་མཁོ་བས་ནི་ཆགས་པར་བྱའོ་ཞེ་ན། དེ་ལྟ་མོད་ཀྱི། འདི་ལ་མངོན་པར་ཞེན་པར་མི་བྱའོ་ཞེས། འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཆི་བདག་སྙིང་བརྩེ་བ་མེད་པས་ཁྱོད་ཀྱི་ལུས་ཕྲོགས་ཏེ་ཞེས ་བྱ་བ་སྟོབས་ཀྱིས་ཁྱེར་ཏེ་བྱ་རྒོད་རྣམས་ལ་བྱིན་པ་ནི། དེའི་ཚེ་ན་ཡང་འགའ་ཡང་སླར་འཆོས་པར་མི་འགྱུར་རོ་སྙམ་དུ་དགོས་པ་ཡིན་ནོ།། དེ་ལྟར་གྱུར་པ་ཡིན་མོད་ཀྱི། ཟས་དང་བགོ་བ་ལ་སོགས་པ་ཙམ་གྱིས་བསྐྱེད་པར ་བྱའོ་སྙམ་ན། འདིར་བྲན་གཡོག་ཅེས་བྱ་བ་ལོ་སོགས་པ་གསུངས་ཏེ། གལ་ཏེ་བྲན་གཡོག་ལ་སོགས་པ་བཀོལ་བར་བྱ་བ་ཡིན་དུ་ཟིན་ན། དེ་ལྟ་མོད་ཀྱི། དེ་ལ་འཁོར་དུ་མི་བཏུབ་པ་རང་བཞིན་མཛངས་པས་ཤེས་པར ་བྱས་ནས་འཇུག་པར་བྱེད་དོ།། དེ་བཞིན་དུ་སྐབས་སུ་བབ་པར་ཡང་དེའི་ཆོས་ཅན་ཡིན་ན། ཀྱེ་ཡིད་ཁྱོད་བསམ་པ་གང་གི་ཡོ་བྱུང་ཟད་དུ་ཟད་ཤ་ཐང་གིས། འོ་ན་ཅི་དེ་ལ་རྣམ་པ་ཐམས་ཅད་དུ་སྐབས་མི་དབྱེ ་འམ་ཞེ་ན། མ་ཡིན་ཏེ། འདི་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གླ་རྔན་ནི་ལས་ཀྱི་རིན་ནོ།། དེ་སྙེད་ཙམ་ལུས་འགྲོ་བའི་ཚུལ་ཅན་འདི་ལ་བྱིན་ལ་སྟེ། ལས་ལ་མཁོ་བར་བྱ་བའི་ཕྱིར་རོ།། ཀྱི་ཡིད་རང་གི་དགོས་པ་སྒྲུབ་སོ ་ཤིག། ཅིའི་ཕྱིར་འདི་ལ་འདི་ཉིད་ཀྱིས་བསགས་པ་ཅིའི་ཕྱིར་འདི་ལ་སྦྱིན་པར་མི་བྱ་ཞེ་ན། གང་གི་ཕྱིར་གང་ཅུང་ཟད་ལས་བྱེད་པ་སྒྲུབ་པ་ལས་བྱེད་པ་དེ་ལ་སྦྱིན་པར་བྱའོ་ཞེས་བྱ་བའི་རོགས་པ་ནི་ཡོད་པ་མ་ཡིན་ཏེ། དེ་བས་ན་འཇུག ་པ་དང་ཟློག་པའི་རྒྱུར་ལུས་ལ་གྲུའི་བློར་གཞག་ནས་ཉེ་བར་སྟོན་པ་ཙམ་བྱིན་ནས། སེམས་ཅན་གྱི་དོན་བསྒྲུབ་ཅིང་རྫོགས་པར་བྱ་བའི་ཕྱིར་འདོད་པ་ལ་རག་ལས་པའི་ལུས་སུ་གྱུར་ཅིག་པ་སྟེ། ཀྱེ་ཡིད་ཅེས་སྐབས་ཡིན་པར་སྦྱར ་བར་བྱའོ།། དེ་ལྟར་ལུས་སོ་སོར་བརྟགས་པ་ནས་དེའི་རང་བཞིན་མཁོ་བ་ཡང་དཔྱད་དེ། ལུས་ཀྱི་དགོས་པ་ངེས་པའི་ཉེས་པར་བསྡུ་བ་ནི་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། བསྟན་པའི་ཚུལ་དུའོ།། བདག། ་གི་སེམས་དང་ལུས་ཀྱི་མཚན་ཉིད་རག་ལས་པར་གྱིས་ཏེའོ།། དུས་ཐམས་ཅད་དུ་དང་བའི་བཞིན་དུ་གྱིས་ཤིག་པ་སྟེ། སྨིན་མ་དཔྲལ་བར་བསྡུས་ལ་གཉེར་བ་སྟེ། དང་པོ་ཉམས་པར་བྱས་པ་མཐོང་ཞིག་པའོ།། དེ་བཞིན ་དུ་གཞན་དེ་གྱི་སྔར་མ་བསྐུལ་བ་ཉིད་དུ་ལེགས་པར་འོངས་སམ་ཞེས་བྱ་བ་ལ་སོགས་པའི་ངག་གིས་ཕེབས་པར་སྨྲ་བའི་ངང་ཚུལ་དང་། རྒྱུ་མེད་པར་སེམས་ཅན་ཐམས་ཅད་ཀྱི་གཉེན་དུ་གྱུར་པ་གྱིས་ཤིག་པའོ།། དེ་ལྟར་ཡང ་དོན་མེད་པ་སྤང་བའི་ཕྱིར་བསླབ་པའི་བྱ་བ། ཁྲི་ལ་སྩོགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། བབ་ཙལ་དུ་ཏཱ་བ་ཏབ་པོར་དགོས་པ་མེད་པར་ལག་པ་དང་དབྱུག་པ་ལ་སོགས་པས་སྒོ་གླེགས་ཀྱང་བརྡུང་བར་མི་བྱའོ།། ་མདོར་ན་རྟག་ཏུ་སྒྲ་མཽད་པར་བཅོམ་བསྐྱང་བ་ལ་མངོན་པར་དགའ་པར་གྱུར་པར་བྱའོ།། དེ་ལྟར་བྱས་པ་ལ་ཡོན་ཏན་ཅི་ཡོད་ཅེ་ན། ཆུ་སྐུར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་ཐམས་ཅད་ཀྱིས་བཅོམ་བསྐྱངས་ཤིང་སྒྲ་མེད ་པ་དང་མི་རྒོད་པར་གནས་པས་བརྗོད་པར་འདོད་པའི་དོན་འཐོབ་པ་དེ་བཞིན་དུ་བཽརྟུལ་ཞུགས་ཅན་གྱིས་ཀྱང་ཏིང་ངེ་འཛིན་གྱི་ཚེར་མ་སྤངས་ལ་གནས་པར་བྱའོ།། འདི་ལྟར་བསླབ་པར་བྱའོ།། གཞན་ཁུ་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། མདོར་ན་འགྱོད་པ་སེལ་བ་དང་། གདམས་ངག་དང་། རྗེས་སུ་བསྟན་པ་ལ་གུས་པ་ཅན་འདུས་པ་ལ་སོགས་པ་མཁས་པ་གསོལ་བ་མ་བཏབ་པར་ཕན་པར་འདོད་ཅིང་ཕོན་འདོགས་པའི་ཚིག་ནི་སྤྱི་བོས་བླངས ་པར་བྱ་སྟེ། དེ་དག་ལ་སུན་དབྱུང་བར་མི་བྱ་སྟེ་ཁྱད་དུ་བསང་བར་ཡང་མི་བྱའོ་སྙམ་དུ་དགོངས་སོ།། སེམས་ཅན་ཐམས་ཅད་ལ་བླ་མར་གུས་པའི་བློས་ལེགས་པར་དཔྱད་པར་བྱའོ་སྙམ་པས་ཐམས་ཅད་ལ་ཐམས་ཅད་བསླབ་པར ་བྱའོ།། ཕྲ་དོག་གི་དྲི་མ་རབ་ཏུ་བཀྲུ་བའི་ཕྱིར། ལེགས་པར་གསུངས་པ་ཞེས་བྱ་བ་ལ་གཞན་དག་ལ་ཡོན་ཏན་དང་ལྡན་པར་བརྗོད་པ་ལ་མགུ་བར་བྱ་བའི་ཕྱིར་ལེགས་སོ་ལེགས་སོ་འདི་ནི་བཟང་ངོ ་ཞེས་བྱ་བའི་སྒྲ་ལྷག་པའི་བསམ་པས་བརྗོད་པར་བྱའོ།། དགེ་བོའི་ལས་བྱེད་པ་དག་མཐོང་ན་ཡང་ལེགས་པར་བྱས་སོ།། སྐལ་བ་དང་ལྡན་པའོ།། ལེགས་པར་བྱ་བའི་ལས་བྱེད་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་བསྟོང ་པ་བརྗོད་པ་རྣམས་ཀྱི་སྤྲོ་བ་བསྐྱེད་པར་བྱའོ།། ཁོ་གསག་ཏུ་དགོས་པ་བཟློག་པའི་དོན་དུ། ལྐོག་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་ལ་ཡོན་ཏན་ཡོད་པར་གྱུར་པ་ཡིན་ནའང་ལྐོག་ཏུ་བརྗོད་པར་བྱའོ།། མངོན་སུམ ་དུ་ནི་མ་ཡིན་ནོ།། གཞན་དུ་ནི་ཁ་ཅིག་ཁོ་གསག་ཡིན་སྙམ་པར་འགྱུར་རོ།། གཞན་གྱིས་དེའི་མངོན་སུམ་དུ་གཞན་གྱི་ཡོན་ཏན་སྨྲ་བར་བྱེད་པ་ན། དེ་དང་མཐུན་པར་སྨྲ་བར་བྱེད་པས་དེའི་མངོན་སུམ་དུ་བརྗོད་པར་བྱའོ།། ། ་གཞན་དུ་ན་འདི་ལ་མ་དགའོ་སྙམ་ནས་ཕ་རོལ་རང་གི་སེམས་སུན་འབྱིན་པར་བྱེད་དོ།། རང་གི་ཡོན་ཏན་ལ་ཡོན་ཏན་གྱི་ཕྱོགས་སུ་ལྟུང་བས་དང་བ་འགའ་ཞིག་གིས་མངོན་སུམ་དང་ལྐོག་ཏུ་གྲགས་པར་བྱེད་པ་ནི་སེམས་ཀྱི་ཁེང ་པ་བཟློག་ཅིང་། ཡོན་ཏན་བརྗོད་པར་བྱེད་པ་དེ་ལ་ཡོན་ཏན་ལ་རྗེས་སུ་ཆགས་པ་ཡིན་པར་ཡིད་ལ་བྱའོ།། གཞན་གྱི་ཡོན་ཏན་ལ་མི་བཟོད་པ་སྤང་བ། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་ཐ་མ་དང ་འབྲིང་དང་ཕུལ་ཏུ་བྱུང་བ་ཐམས་ཅད་ཀྱི་འམ་ཡང་ན་བརྩོན་པའོ།། སྡུག་བསྔལ་ཡོངས་སུ་སྤོང་བས་དགའ་བྱོར་ཏེ། ཡོངས་སུ་ངལ་པའི་རྩོམ་པ་ཐམས་ཅད་ཀྱིས་ནི་དགའ་བ་ཉིད་བསྐྱེད་པར་བྱའོ་ཞེས་བྱ་བའི་དོན་ཏེ། དགའ་བ་དེ་ཡང་ནོར་བཏང ་བས་ཀྱང་རྙེད་པར་དཀའ་སྟེ་རྙེད་པར་འགྱུར་བ་མ་ཡིན་པའོ།། འདིར་ནི་འབད་པ་མེད་པར་འགྲུབ་ཅིང་ཉེ་བར་གནས་པ་ཡིན་ན་ཅིའི་ཕྱིར་འདོར་བར་བྱེད་སྙམ་དུ་ཤེས་པར་བྱས་ལ་དགའ་བའི་བདེ་ལ་ལོངས་སྤྱོད་པར་བྱ་སྟེ་ཉམས་སུ་མྱོང་བར ་བྱའོ།། ཅི་སྟེ་གཞན་གྱིས་འབད་པས་བསྒྲུབ་པའི་ཡོན་ཏན་རྣམས་ཀྱིས་བསྐྱེད་པ་ལ་མ་ཡིན་ན། བུ་སྡུག་པའི་ཡོན་ཏན་སྲུང་བ་ནི་མི་རིགས་སོ་སྙམ་དུ་བསྒོམ་ལ་གཞོན་གྱི་ཡོན་ཏན་ཐོས་པ་ལས་སེམས་རྩུབ་པར་འགྱུར་བ་སྤང་བར་བྱའོ།། ་འདི་ལ་སོགས་པ་ཡིན་པསྣ། བདག་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་འདི་ལ་འཇུག་པར་འགྱུར་བ་བདག་ལ་འཇིག་རྟེན་འདིར་ཟད་པའི་ཞད་ཙམ་ཡང་འབྱུང་བ་མ་ཡིན་ལ་བསགས་པ་ནི་ཡོད་དོ་ཞེས་སྟོན་པར་བྱེད་པ་ཕ་རོལ་དུ ་འང་བདེ་བ་ཆེ་སྟེ། གཞན་གྱི་ཡོན་ཏན་ལ་མངོན་པར་དགའ་བའི་ཕྱིར་རོ།། དེ་ལྟར་མི་བྱེད་པ་ལ་འགྲིབ་པ་འཇིག་རྟེན་གཉི་གར་ཡང་སྡུག་བསྔལ་བ་མཐོང་སྟེ། གཞན་གྱི་ཡོན་ཏན་མི་བཟོད་པའི་ཕྱིར་རོ།། དེ་བས་ན་སྡིག་པ་ཐང་ཡོང ་སུ་སྤངས་ཏེ། རིགས་པའི་ལས་བྱ་བ་ལ་བསླབ་པར་བྱའོ།། ཞེས་གསུངས་པ་ནི། སྨྲ་ན་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཁ་ན་མ་ཐོ་བ་ཐམས་ཅད་ལས་རྣམ་པར་གྲོལ་བའི་ཕྱིར་ཡིད་ཕེབས་པའོ།། རིམ་པར་རྣམ་པར་གནས ་པའི་ཚིག་དང་། ཐེ་ཚོམ་མེད་པའི་དོན་དང་། ཡིད་ཚིམ་པར་བྱེད་པ་དང་། མཉན་ན་ཚིམ་པར་བྱེད་པ་དང་། སྙིང་རྗེའི་རོའི་རྒྱུ་མཐུན་པ་ལས་བྱུང་བ་དང་། འདོད་ཆགས་ལ་སོགས་པ་རྒྱུ་མ་ཡིན་པ་དང་། འཇམ ་པའི་རྩུབ་པའི་ཚིག་སྤངས་པ་དང་། རན་པའི་ཚིགས་ནི་སྒྲ་ཇི་ཙམ་གྱི་གོ་བར་བྱ་བ་རྟོགས་པར་འགྱུར་བ་སྟེ། དེ་ལས་གཞན་པ་ཡང་མ་ཡིན། ཧ་ཅིང་ལྷག་པ་ཡང་མ་ཡིན་པར་བརྗོད་པར་བྱའོ།། དྲང་པོར་བལྟ་བ་ནི་ཡོན་པོ་མ་ཡིན་ཞིང ་གྱ་གྱུ་ཅན་མ་ཡིན་པར་ཏེ། མཆོག་ཏུ་དགའ་བའི་རོའི་ཁུར་གྱིས་དུད་པར་གྱུར་པའི་མིག་གིས་སྙོམས་པ་ཆུ་གྲང་མོ་མཆོག་ཏུ་ཚིམ་པར་བྱེད་པ་ལེགས་པར་འཐུང་བ་བཞིན་དུ་སེམས་ཅན་རྣམས་ལ་རྣམ་པར་བལྟ་བར་བྱ་སྟེ། ཆགས ་པས་མ་ཡིན། སྡང་བས་མ་ཡིན། རྨོངས་པས་མ་ཡིན་ཏེ། དེ་དག་ནི་མཆོག་ཏུ་པ་ན་འདོགས་པར་བྱེད་པ་ཡིན་ནོ།། ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་སེམས་ཅན་དེ་དག་ལ་བརྟེན་ནས་རྙེད་པར་དཀའ་བའི་སངས་རྒྱས་ཉིད་འཐོབ ་པར་བདག་འགྱུར་བ་སྟེ་སྐྱེ་བར་འགྱུར་རོ།། དེ་ལྟར་གནས་པ་ན་དེས་པང་ཉིད་ནས་ཀྱང་སེམས་ཅན་གྱི་དོན་ནུས་པ་ཉིད་ཡིན་ཏེ། གང་ཀུན་དུ་མི་རྒོད་འཇམ་པ་དང་། རན་ཅིང་མཉེས་པར་སྨྲ་བ་ཡིས།། བསྐལ་ཅན་སྐྱེ་བོ་འདུན་པར ་འགྱུར། གཟུང་བར་འོས་པའང་སྐྱེ་བར་འགྱུར་ཞེས་གསུངས་པ་ཡིན་ཏེ། དེ་དག་ནི་བྱང་ཆུབ་སེམས་དཔའི་ཆོས་ཡང་དག་པར་སྡུད་པ་ཡིན་ནོ།། དེ་ལྟར་མི་བྱེད་ན་ཅི་ཉེས་ཤེ་ན། དེ་ནི་གཟུང་འོས་མ་ཡིན་ན།། འཇིག་རྟེན་རྒྱལ་བའི ་མྱུ་གུ་བརྙས།། ཐལ་བསྡུ་གཡོགས་པའི་མེ་བཞིན་དུ།། སེམས་ཅན་དམྱལ་ལ་སོགས་པར་བསྲེག་ཅེས་སོ།། དེ་ལྟ་བས་ན་སེམས་ཅན་མགུ་བར་བྱ་བ་ཉིད་བྱང་ཆུབ་སེམས་དཔའི་ལས་ཡིན་ནོ།། ཕན་འདོགས་པའི་ཞིང་ནི ་བསོད་ནམས་འབྱུང་བའི་རྒྱུ་ཐུན་མོང་མ་ཡིན་པ་ཡིན་པས་དེའི་ཞར་ལ་འོངས་པ་གཞན་ཡང་བསྟེན་པ། རྟག་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མངོན་པར་ཞེན་པ་ལས་བྱུང་བ་ནི་ཡིད་དམ་དུ་བྱས་པའི་ངད་པ་དྲག་པོས ་བསྐྱེད་པའོ།། གཉེན་པོའི་ཕྱོགས་ཀྱི་ཉོན་མོངས་པའི་གཉེན་པོ་སྟོང་པ་ཉིད་ལ་སོགས་པ་བསྒོམས་པ་ལས་བྱུང་བའོ།། ཡོན་ཏན་གྱི་ཞིང་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའོ།། ཕྲིན་འདོགས་པའི་ཞིང་ནི་ཕ ་མཱ་ལ་སོགས་པའོ།། སྡུག་བསྔལ་བའི་ཞིང་ནི་ནད་པ་ལ་སོགས་པ་སྟེ། དེ་དག་ཉུང་ངུ་ཞིག་བྱས་པས་ཀྱང་དགེ་བ་ཚད་མེད་པའི་རྒྱུ་སྐྱེ་བར་འགྱུར་རོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཏེ་འདི་ཡང་གོམས་པ་དབྱ་བ ་ཡིན་ནོ་ཞེ་སྣ་གསུངས་པ། མཁས་ཤིང་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཐམས་ཅད་དུ་སྤྱོད་པ་སྦྱིན་པའོ།། ལྡང་དང་ལྡང་བ་ནི་ལེ་ལོ་སྤངས་པའི་ཕྱིར་ཏེ་བརྩོན་འགྲུས་དང་ལྡན་པར་གྱུར་པའོ།། དེ་ཉིད་ཀྱི་ཕྱིར ་བདག་ཉིད་ཀྱིས་ཐམས་ཅད་བྱ་བ་སྟེ། ལས་འགའ་ལ་ཡང་གཞན་ལ་བལྟོས་པ་མེད་པར་བྱའོ་ཞེས་པ་འདི་ཉིད་སྐབས་དབྱེ་བ་ཞེས་བྱ་བ་ལ་སོགས་པར་བསྟན་པ་ཡིན་ནོ།། ཕ་རོལ་ཏུ་ཕྱིན་པ་གོམས་པར་བྱེད་པ་ནི་དོན ་མྱེད་པ་སྤངས་པར་བྱ་བའི་ཕྱིར་མཐར་གྱིས་བྱ་བ་སྦྱིན་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོང་ནས་གོང་དུ་ནི་སྦྱིན་པ་བས་ཚུལ་ཁྲིམས་ཁྱད་ཞུགས་ལ། ཚུལ་ཁྲིམས་པས་བཟོད་པའོ་ཞེས་བྱ་བ ་ལ་སོགས་པའོ།། དེའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་གཞན་གྱི་རྒྱར་གོང་མ་མི་བཏང་སྟེ། དེ་དང་འགལ་བས་མི་བསྟེན་སྙམ་དུ་དགོངས་པའོ།། ཅི་རྣམ་པ་ཐམས་ཅད་དུའང་མ་ཡིན་ཞེ་ན། སྤྱོད་པའི་ཞེས་གསུངས་ཏེ། བྱང་ཆུབ་སེམས ་དཔའ་རྣམས་ཀྱི་སྤྱོད་པ་བསླབ་པ་སྡོམ་པ་མཚན་ཉིད་གང་ཡིན་པ་དེ་ཉིད་ནི་དགེ་བའི་ཆུ་བསྲུང་བའི་ཆེད་དུ་ཆུ་ལོན་བྱས་པའོ།། དེ་བས་ན་ལས་གཞན་དུ་ཞེས་བྱ་བ་ནི་མ་གཏོགས་པ་སྟེ། དེ་ཇི་ལྟར་མི་ཉམས་པར་ཞེ་ན། བྱ་བའི་དོན ་ཏོ། དེ་བས་ཚོགས་བསགས་པར་འདོད་པ་སྙིང་རྗེས་གཞན་གྱིས་དབང་དུ་གྱུར་པས་ཐམས་ཅད་བྱ་བར་གསུངས་པ་ཡིན་ནོ་ཞེས་བརྗོད་པ་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་བླ་ན་མེད་པ་ཤེས་པར་བྱས་ལ ་སེམས་ཅན་རྣམས་ཀྱི་ཕན་པ་དང་བདེ་བ་བསྒྲུབ་པར་བྱ་བའི་ཕྱིར། རྟག་ཏུ་བརྩོན་འགྲུས་བརྩམས་པར་འགྱུར་བར་བྱའོ།། དོན་དཀག་པ་ལ་འཇུག་པ་དག་ཇི་ལྟར་ན་ལྟུང་བར་བཅས་པ་མ་ཡིན་ཞེ་ན། འགའ་ཞིག་བཀག ་པ་ཡང་སེམས་ཅན་གྱི་དོན་གྱི་ཁྱད་པར་ཤེས་རོབ་ཀྱི་མིག་གིས་མཐོང་བ་ལ་འགའ་ཞིག་བཀག་པ་ཡང་བྱ་བར་འོས་པ་པོ་ཙམ་ལྡན་འདས་ཀྱིས་གནང་སྟེ། བཅོམ་ལྡན་འདས་ཀྱིས་བསྟན་པ་ལ་ངེས་པར་འབྱུང་བ་དང་བཅས ་པ་ཡིན་ནོ།། དེ་ཡང་ཐམས་ཅད་ལ་མ་ཡིན་གྱི། འོན་ཀྱང་ཐུགས་རྗེ་མངའ་བ་སྟེ་ཐུགས་རྗེ་རབ་ཀྱི་མཐར་ཕྱིན་པ་ལ་འཇུག་པའི་ཕྱིར་རོ།། དེའི་གཞན་དབང་དུ་གྱུར་ཅིང་གཞན་གྱི་དོན་ལ་རོ་གཅིག་པ་ཅན་རང་གི་དགོས་པ་ལ་ཕྱིར ་ཕྱོགས་པ་ལ་སྟེ་དེ་ལྟ་ཤེས་རབ་དང་སྙིང་རྗེ་ལས་བྱུང་བས་གཞན་གྱི་དོན་ལ་འཇུག་པ་ཐབས་མཁས་པས་རབ་ཏུ་འཇུག་པར་བྱེད་པ་ལ་ནི་ལྟུང་བ་མེད་དོ།། འདིར་ཡང་ཉེ་བར་འཁོར་གྱིས་ཞུས་པ་ལས་ལྟུང་བ་དང་ལྟུང་བ་མེད ་པོའི་རྣམ་པར་འབྱེད་པར་རིག་པར་བྱའོ།། དེ་བཞིན་དུ་ཐབས་ལ་མཁས་པའི་མདོ་ལས་བྲམ་ཟེའི་ཁྱེའུ་སྐར་མའི་དབང་དུ་བྱས་ཏེ་ལྟུང་བ་དང་ལྟུང་བར་མི་འགྱུར་བའི་མ་ཤེས་པར་བྱའོ།། འདི་ནི་བདག་ལུས་བསྲུང་བ་སྟེ་སྨན་དང ་གོས་ལ་སོགས་པོ་རྣམས་ཀྱིས་ཞེས་བྱ་བ་དེ་དག་བསྟན་པར་བྱ་བའི་ཕྱིར། ལོག་པར་ལྟུང་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏོ།། སྨན་དང་གིས་ལ་སོགས་པས་བདག་གི་ལུས་ཡོངས་སུ་བསྐྱང་བར་བྱ་སྟེ་གཞན་གྱི་དོན་ལ་མལ ་བའི་ཕྱིར་རོ།། ཇི་སྐད་དུ་སྔར་བསྟན་པ་ལྟ་བུར་སྟེ། དེ་ལ་སྨོན་ནི་རྣམ་པ་གཉིས་ཏེ། རྟག་ཏུ་བྱ་བའི་སྨན་དང་། ན་བའི་གསོས་སྨན་ནོ།། དེ་རྟག་ཏུ་བྱ་བའི་སྨན་ནི་ཟན་ལ་སོགས་པའོ།། ཟས་དོན་དོན་དུ་སྤྱོད་ཡུལ་དུ་སྤྱོད་ཡུལ་དུ ་སྤྱོད་པ་གྲོང་དུ་འཇུག་པ་ནི་ཇི་སྐད་དུ་བསྟན་པའི་བསླབ་པ་ལ་དྲན་པ་གཞག་སྟེ་རྒྱུ་བར་བྱའོ།། དེ་ནས་བསོད་སྙོམས་རྙེད་པ་ལས་ཆེ་བཞིར་བགོས་པ། ལོག་པར་ལྟུང་བར་འགྱུར་བ་དང་། མགོན་མེད་པ་དང་བརྟུལ་ཞུགས་ལ ་གནས་པ་ལ་སོགས་པར་བགོ་བར་བྱ་སྟེ། བགོ་སྐལ་གཅིག་ནི་ལོག་ཕར་ལྟུང་བ་རྣམས་ལ་གཉིས་པ་ནི་མགོན་མེད་པ་རྣམས་ལ། གསུམ་པ་ནི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་བྱིན་ནས། བཞི ་པ་བདག་ཉིད་བཟའ་བར་བྱའོ།། དེ་ཟ་བ་ན་འདོད་ཆགས་མེད་པར་བཟའ་སྟེ། ཆགས་པར་མ་ཡིན། བརྐམ་པར་མ་ཡིན་ཞེན་པར་མ་ཡིན་གྱི་གཞན་དུ་ཇི་ཙམ་དུ་ལུས་འདི་གནས་པར་བྱ་བ་དང་། བསྐྱང་བར་བྱ་བའི་ཕྱིར་དྲན ་པ་ཙམ་དུ་བཟའོ།། ཇི་ལྟར་ཧ་ཅང་ཡང་ཉམ་དམའ་བ་དང་། ཧ་ཅང་ཡང་ལུས་ལྕི་བར་མི་འགྱུར་པ་དེ་ལྟར་བཟའོ།། དེ་ཅིའི་ཕྱིར་ཞེ་ན། ཧ་ཅང་ཡང་ཉམ་དམས་ན་ནི་དགེ་བའི་ཕྱོགས་ལ་རྒྱབ་ཀྱིས་ཕྱོགས་པོར་འགྱུར་རོ།། ལུས་ཏེ ་ཅད་ཡང་ལྕིས་ན་གཉིད་ཀྱིས་ནོན་པར་འགྱུར་རོ།། དེས་བསོད་ནམས་དེ་ཟོས་ནས་དགེ་བའི་ཕྱོགས་ལ། མངོན་དུ་ཕྱོགས་པར་བྱའོ་ཞེས་འཕགས་པ་དཀོན་མཆོག་སྤྲིན་ལས་གསུངས་སོ།། འཕགས་པ་རིན་པོ་ཆེའི་ཕུད ་པོ་ལས་ཀྱང་ཟས་ཟླ་བ་ན་སེམས་འདི་ལྟར་བསྐྱེད་པར་བྱ་སྟེ། ལུས་འདི་ལ་སྲིན་བུའི་རིགས་སྟོང་ཕྲག་བརྒྱད་ཅུ་ཡོད་པ་དེ་དག་དེའི་མཐུས་བདེ་བར་གནས་པར་འགྱུར་ཅིག། ད་ལྟར་ན་ནི་འདི་དག་ཟུང་ཟིང་གིས་བསྡུ་བར ་བའོ།། བྱང་ཆུབ་ཐོབ་ནས་ནི་ཆོས་ཀྱི་བསྡུ་བར་བྱའོ་ཞེས་རྒྱ་ཆེར་འབྱུང་ངོ་།། ཡང་དེ་ཉིད་ལས་འོད་སྲུངས་ངས་གཉིས་ལ་དད་པས་བྱིན་པ་གནང་སྟེ། གཉིས་གང་ཞེ་ན། ལྡན་པ་དང་གྲོལ་བའོ་ཞེས་སོ།། ཕྱོགས་འདིས་ལོངས ་སྤྱོད་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱིན་གྱིས་བརླབ་པར་བྱའོ།། གཞན་དུ་ན་བདག་ཉིད་ལ་ཆགས་པས་ལོངས་སྤྱོད་པ་ལས་ནི་ཉོན་མོངས་པ་ཅན་གྱི་ལྟུང་བ་འབྱུང་བར་འགྱུར་རོ།། ཇི་སྐད་དུ་ཟླ་བའི་སྒྲོན ་མའི་མདོ་ལས་དེ་དག་ཁ་ཟས་རོ་ཞིམ་བསོད་པ་དག། རྙེད་ནས་རྣལ་འབྱོར་མི་བརྩོན་ཟ་ཞིང་འཐུང་།། དེ་དག་ལ་ནི་ཟས་དེ་དུག་ཏུ་འགྱུར།། བ་ལང་ཕྲུག་གུ་པད་རྩམ་བཀྲུས་བཞིན།། ཞེས་གསུངས་པ་ལྟ་བུ་སྟེ། དེ་དག་རྒྱ ་ཆེར་ནི་བསླབ་པ་ཀུན་ལས་བཏུས་པར་བལྟ་བར་བྱའོ།། བཟུའ་བ་དང་བཏུད་བ་ནི་ཐུན་ཆོད་དུ་བྱ་བ་དང་། ཉིན་ཞག་ཏུ་བྱ་བ་དང་ཇི་སྲིད་དུ་འཚེ་བའི་བར་དུ་ཞེས་བྱ་བ་སྟེ་རྣམ་པ་གསུམ་མོ།། དེ་དག་ཀྱང་དགེ་སློང་གི་འདུལ ་བར་བསྟན་པས་དེ་ཉིད་ལས་ཁོང་དུ་ཆུད་པར་བྱའོ།། གོས་ལ་སོགས་པ་ལུས་བསྲུང་བ་ཆོས་གོསཽ་གསུམ་མ་གཏོགས་པར་སྦྱིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་བྱང་ཆུབ་སེམས་དཔའ་ལ་ལྷུང་བཟེད་དང ་ཆོས་གོས་སློང་བ་འགའ་ཞིག་འོངས་ན། ངེས་ཤིན་ཏུ་གཏོང་བར་མི་བྱ་སྟེ། འོན་ཀྱང་བཅོམ་ལྡན་འདས་ཀྱིས་གནང་བ་གོང་ཡིན་པ་དགེ་སྦྱོང་ལ་རུང་བ་ཆོས་གོས་གསུམ་པོ་དེ་ལས་ལྷག་པ་གང་ཡིན་པ་ནི་སློང་བྱ་ལ་སྦྱིན་པར ་བྱ་སྟེ། གཞན་དུ་ནི་མ་ཡིན་ནོ།། བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ལས་གསུངས་པ། ཡང་གལ་ཏེ་ལ་ལ་ཞིག་འོངས་ནས་ལྷུང་བཟེད་དང་ཆོས་གོས་སློང་བ་ན། གལ་ཏེ་དེ་ལ་སངས་རྒྱས་ཀྱིས་གནང་བའི་ཆོས་གོས་གསུམ ་ལས་ལྷག་མ་ཞིག་ཡོད་ན་ཇི་ལྟ་བ་བཞིན་དུ་བཏང་ཞིང་སྦྱིན་པར་བྱའོ།། གལ་ཏེ་དེ་ལ་ཆོས་གོས་གསུམ་ལས་ཉུང་བར་གྱུར་ན་གང་ལ་བརྟེན་ནས་ཚངས་པར་སྤྱོད་པ་ལ་གནས་པ་དེ་ནི་ཡོངས་སུ ་བཏང་བར་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་ཆོས་གོས་གསུམ་བཏིང་བར་མི་བྱའོ།། གསུངས་པ་ཡིན་ནོ།། ཤཱ་རིའི་བུ་གལ་ཏེ་བྱང་ཆུབ་སེམས་དཔའ་ཆོས་གོས་གསུམ་ཡོངས་སུ་བཏང་ནས་སློང་བ་པོ་ལ ་གཙོ་བོར་བྱེད་ན་དེས་ནི་འདོད་པ་ཆུང་བ་བསྟེན་པ་ལ་ཡིན་པར་འགྱུར་རོ་ཞེས་ཧ་ཅང་བཏང་བ་བཀག་པའི་ཕྱིར་རོ།། ཡང་བདག་བསྲུང་བ་བསྟན་པར་བྱ་བའི་ཕྱིར། དམ་པའི་ཆོས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ ་པ་སྟེ་སྐྱེས་བུ་དམ་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སམ། དམ་པའི་ཆོས་ཏེ་གཏན་ལ་ཕན་པ་དང་བདེ་བ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པོ་བསྒྲུབ་པ་སྟེ། དེ་བསྟན་པའི་ལུས་ལ་རྒྱུ་མཚན་ཅུང་ཟད་ཀྱི་དོན་ཆེད ་དུ་གཟོར་བར་མི་བྱ་སྟེ། གཞན་དུ་ནི་དོན་ཆེན་པོའི་ཕུང་པོར་ཉམས་པར་འགྱུར་རོ།། དེའི་ཕྱིར་འདི་དག་ནི་སྔ་མའི་གཏན་ཚིགས་ཀྱི་ཚིག་ཡིན་ནོ།། ཅིའི་ཕྱིར་དེ་ལྟར་ཞེ་ན། གང་ཕྱིར་ཤིན་ཏུ་འཇམ་པའི་བརྩོན་པ་འདི་ཉིད ་འཕེལ་བས་མྱུར་དུ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་བསླབ་པ་ནུས་པར་འགྱུར་བ་ཡིན་ནོ།། གང་གི་ཕྱིར་དེ་བས་ན་རང་གི་ལུས་དང་མགོ་སྦྱིན་པ་ལ་སོགས་པ་མི་བྱའོ་ཞེས་བཀོག་གོ།། གང་གི་ཚེ་ཞེ་ན། མཛའ་བ་དང ་མི་མཛའ་པ་དང་ཅིག་ཤོས་དང་སྐྱེ་བོ་ཕོངས་པ་ཐམས་ཅད་ལ་ཐུན་མོང་དུ་འཇུག་པ་སྙིང་རྗེའི་སེམས་མ་དག་པ་ནའོ།། བརྩོན་འགྲུས་ཧ་ཅང་བརྩམས་ན་ཡང་བདག་དང་གཞན་ལ་ཕན་པའི་དོན་ལ་གནོད་པར་འགྱུར་བ་ཡིན་ནོ།། ་བདག་དང་གཞན་ལ་མཉམ་པའམ་ལྷགས་པར་འཇུག་པའི་བསམ་པ་ཅན་ལ་ནི་མ་བཀག་སྟེ། གང་དེ་བཞིན་དུ་བདག་དང་གཞན་གྱི་བྱང་ཆུབ་ཕྱོགས་དང་ཐོས་པ་ལ་སོགས་པ་པའི་བར་ཆད་བྱེད་པ་ལ་གཏོང་བ་དང་མི་གཏོང ་བ་མི་བྱའོ།། སེམས་ཅན་གྱི་དོན་ལ་ནུས་པ་ལྷག་པའམ་ནུས་པ་མཉམ་པ་དང་། བྱང་ཆུབ་སེམས་དཔའི་ལྷག་པ་འམ་མཉམ་པའི་དགེ་བའི་བར་ཆོད་བྱེད་པ་ལ་གཏོང་བ་དང་མི་གཏོང་བ་མི་བྱའོ་ཞེས་གསུངས་ཏེ་གྲུབ་པ་ཡིན། ་ནོ།། འོད་ཉིད་ལ་དགོངས་ནས་བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ལས་བཤད་དོ།། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའི་ཁྱིམ་གྱི་གནས་ནུས་མངོན་བུར་འབྱུང་བ་བྱང་ཆུབ་ཀྱི་ཡན་ལག་ལ་མངོན་པར་བརྩོན་པ་དེས་ཇི་ལྟར ་སྦྱིན་པར་བྱ་བ་གང་སྦྱིན་པར་བྱ། ཇི་ཙམ་ཞིག་སྦྱིན་པར་བྱ་དེ་བཞིན་དུ་སྦྱར་རོ།། ཆོས་སྦྱིན་པོར་བྱེད་པ་དང་ཆོས་ཀྱི་སྦྱིན་བདག་ཏུ་བྱའོ།། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཁྱིམ་པ་གང་ཞིག་གིས་སངས་རྒྱས་ཀྱི ་ཞིང་གངྒཱའྀ་ཀླུང་གི་བྱེ་མ་སྙེད་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་སྟེ། དེ་བཞིན་གཤོགས་པོ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་དབུལ་བ་ཕུལ་བ་བས། ཤཱ་རིའི་བུ་རབ་ཏུ་བྱུང་བར ་གྱུར་པའི་བྱང་ཆུབ་སེམས་དཔའ་གང་ཞིག་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་བསྟན་ན་འདི་ནི་དེ་བས་ཆེས་བསོད་ནམས་མང་དུ་བསྐྱེད་དེ། ཤཱ་རིའི་བུ་དེ་བཞིན་གཤེགས་པས་རབ་ཏུ་བྱུང་བས་ཟང་ཟིང ་གི་སྦྱིན་པ་བྱ་བར་མ་གནང་ངོ་།། དེ་བཞིན་དུ་ཤཱ་རིའི་བུ་གང་གིས་ལྷུང་བཟེད་དུ་འོངས་པ་ལྷུང་བཟེད་དུ་ཆུད་པའི་རྙེད་པ་ཆོས་དང་མཐུན་པ་ཆོས་ཀྱི་རྙེད་པར་གྱུར་ན་དེས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་ལྷན་ཅིག་ཏུ་ཐུན་མོང་དུ་བཟའ ་བུར་བྱའོ་ཞེས་སོ་དེ་ཉིད་དུ་གསུངས་པ་ཤཱ་རིའི་བུ་ཁྱིམ་གྱི་གནས་ནས་མངོན་པར་མ་བྱུང་བ་གང་ཡིན་པ་དེས་ནི་ཆོས་ཀུན་ནས་བསྟེན་པར་བྱའོ།། དེས་དེ་ལ་བརྩོན་པར་བྱའོ་ཞེས་སོ།། གཞོན་དུ་ན་སེམས་ཅན་གཅིག་གི་དོན་བསྡུ་བའི་ཕྱིར ་སེམས་ཅན་གྱི་ཚོགས་ཆེན་པོ་དང་སེམས་ཅན་དེས་ཀྱང་བྱང་ཆུབ་སེམས་དཔའི་བསམ་པ་ཡོངས་སུ་སྦྱང་བའི་བར་ཆད་བྱས་པས་དོན་ཆེན་པོ་ཉམས་པར་འགྱུར་རོ།། ཐབས་ལ་མཁས་པ་འདིས་གནས་ན་བྱང་ཆུབ་ཀྱི་ལམ་ལ་ཉམས། ་པར་འགྱུར་རོ།། འདིར་དགོངས་པ་ནི་འདི་ཡིན་ཏེ། སྔོན་དུ་ལུས་སེམས་ཅན་ཐམས་ཅད་ལ་བྱིན་མོད་ཀྱི་འོན་ཀྱང་དུས་མ་ཡིན་པར་ལོངས་སྤྱོད་པ་ལས་བསྲུང་བར་བྱ་བ་འབའ་ཞིག་ཡིན་ཏེ། དེས་ན་སེར་སྐྱའི་གོ་སྐབས་ཀྱང་མེད་ཅིང་དམ ་བཅས་པའི་དོན་ལས་ཉམས་པ་ཡང་མེད་དོ།། གང་སྨན་ཤིང་ལྗོན་པ་བལྟ་ན་སྡུག་ཅེས་པའི།། རྩ་བ་ལ་སོགས་སྤྱང་འོས་ས་བོན་ལྟར།། རྫོགས་སངས་རྒྱས་ཀྱི་སྨན་ཤིང་དེ་བཞིན་དུ།། བྱིས་པ་དུས་མིན་སྤྱོད་ལས་ལེགས་བསྲུང ་བྱས་ཞེས་གསུངས་པའོ།། སེམས་ཅན་གྱི་བསམ་པ་བསྲུང་བ་ལས་ཀྱང་བདག་བསྲུང་བར་བྱའོ་ཞེས་བསྟན་པ་ནི། མི་གུས་པ་ལ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱི་ཆོས་ལྷ་དང་མི་ལ་སོགས་པས་མཆོད ་པོ་གུས་པར་མི་བྱེད་པ་ལ་ཆོས་བཤད་ན་དེས་ན་ལྷ་ལ་སྔགས་པ་རྣམས་འཕྱེ་བར་འགྱུར་ཏོ།། དེ་དག་བཅོམ་ལྡན་འདས་ཀྱིས་བཀག་པ་ཡིན་པས་དེའི་བཀའ་ལྔས་འདའ་བ་ནི་ལྟུང་བ་དང་བཅས་པར་འགྱུར་རོ།། རས་ལ་སོགས ་པས་མགོ་བོ་བོ་ཅིངས་པ་ལ་མ་ཡིན་ཏེ་བཅས་པའི་སྒྲ་ནི་གསུམ་ཀ་དང་ཡོང་འབྲེལ་ཏོ། དེ་བཞིན་དུ་མཆོད་ཕྱིར་ཐོགས་པས་མགོ་བོ་དཀྲིས་པ་ལ་ཡང་མ་ཡིན་ནོ།། མིན་བཞིན་དུ་ཞེས་བྱ་བ་ནི་རེ་རེ་ལ་སྦྱར་བར་བྱའོ།། ན་བ ་ལ་ནི་ལྟུང་བ་མེད་དོ།། དེ་དག་ནི་ཉེ་བར་མཚོན་པ་ཡིན་ཏེ། ཉལ་བ་དང་འདུག་པ་ལ་འགྲེང་བས་མ་ཡིན་ཞིང་། ཉལ་བ་ལ་འདུག་པས་མ་ཡིན་ལ་འདུག་པ་ལ་སྟན་མེད་པས་ཀྱང་མཱ་ཡིན་ཏེ། ལམ་གོལ་བ་ནས་འགྲོ་བས་ལ་མ་ནས ་འགྲོ་བ་ལ་མ་ཡིན་ནོ།། མདུན་ནས་འགྲོ་བ་ལ་རྒྱབ་ནས་འགྲོ་བས་མ་ཡིན་ཏེ། རྒྱན་དང་ལྡན་པ་ལ་སོགས་པའང་མ་ཡིན་པར་བལྟ་བར་བྱའོ་དོན་མེད་པ་སྤང་བར་བྱ་བའི་ཕྱིར་རྩ་བའི་ལྟུང་བའི་རྒྱུ་འདི་སྐང་མི་བྱའོ་ཞེས་བསྟན་པ ་དམན་ལ་ཞེས་བྱ་བ་ལ་སོགས་པ་ཡིན་ལ། ཟབ་མོ་ནི་ཡིད་གཞུངས་པ་མ་ཡིན་པས་གཏིང་མི་དཔོགས་པའི་ཕྱིར་རོ།། རྒྱ་ཆེ་བ་ནི་རབ་ཀྱི་མཐར་ཐུག་པའི་ཕྱིར་རོ།། དེ་འདྲ་བའི་ཆོས་དམན་པ་ལ་ནི་བློ་ལེགས་པར་མ་སྦྱངས ་བནྡྷ་རྫུན་པ་ལ་བྷྱོ་སྱཱ་བྷཱ་མས་ལ་། ཤད་དོ་ནས་སྐབས་སྨྲབབ་པས་སྦྱར་བར་ཏུག། བུད་མེད་ལ་ཀཎྜཱིཀྵ་པཱུ་བེན་པར་སོང་སྟེ་ཆོས་སེམས་རྒྱུབ་ཤད་བ་ལྟུང་བ་དང་བཅས་པར་འགྱུར་རོ། ་གལ་ཏེ་སྐྱེས་པ་ཡོད་ན་ཉེས་པ་མེད་དོ།། ཉན་ཐོས་ཀྱི་ཐེག་པ་བཤད་པའམ། ཐེག་པ་ཆེན་པོ་བཤད་པའི་ཆོས་རྣམས་སེམས་དང་པ་ལ་སོགས་པས་མཉམ་པར་བྱ་སྟེ། གཞན་དུ་ན་དམ་པའི་ཆོས་སྤང་བར་འགྱུར་རོ།། སེམས ་ཅན་ཟབ་མོ་དང་རྒྱ་ཆེ་བའི་ཆོས་ཀྱི་སྣོད་དུ་རྒྱུ་མཚན་གྱིས་ཤེས་ནས་ཉན་ཐོས་ལ་སོགས་པའི་ཆོས་ལ་གཞུག་པར་མི་བྱའོ།། སྡོམ་པའི་བསླབ་པའི་སྤྱོད་པར་བྱ་བ.རོ་འོས་པ་རྣམས་དོར་ནས་མདོ་སྡེ་ལ་སོགས་པ་ཀླག་པ་ཉེས་ཀྱིས ་ཁྱོད་དག་པར་འགྱུར་རོ་ཞེས་ཆོས་འདོད་པ་ལ་བསྟན་པར་མི་བྱའོ།། ། བམ་པོ་བརྒྱད་པ། ཡང་འདིར་གསུངས་པ། གཞན་ཡང་དོན་མེད་པ་ནི་དཀོན་མཆོག་བམྱིགས་པ་ལས་གསུངས་པ་མཐོང ་སྟེ། སེམས་ཅན་ཡོངས་སུ་སྨིན་པར་མུ་བྱས་པ་རྣམས་ལ་ཡིད་རྟོན་ཏེ་སྟོན་པ་བྱང་ཆུབ་སེམས་དཔའི་འཁྲུལ་པ་དང་། སེམས་ཅན་སྣོད་དུ་མ་གྱུར་པ་རྣམས་ལ་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་སྟོན་པ་བྱང་ཆུབ་སེམས་དཔའི ་འཁྲུལ་པ་དང་། རྒྱ་ཆེན་པོ་ལ་མོས་པའི་སེམས་ཅན་རྣམས་ལ་ཐེག་པ་དམན་པ་སྟོན་པ་བྱང་ཆུབ་སེམས་དཔའི་འཁྲུལ་པའོ་ཞེས་སོ།། འཕགས་པ་ཆོས་ཐམས་ཅད་རྣམ་པར་འཐག་པ་ཐམས་ཅད་བསྡུ་བ་ལས་ཀྱང་དོན ་མེད་ཕྲ་མོ་གསུངས་ཏེ་འཇམ་དཔལ་དམ་པའི་ཆོས་སྤོང་བའི་ལུས་ཀྱི་སྒྲིབ་པ་ནི་ཤིན་ཏུ་ཕྲའོ།། འཇམ་དཔལ་གང་ཝ་དེ་བཞིན་གཤེགས་པས་གསུངས་པའི་ཆོས་ལ་ལ་ནི་བཟང་བར་འདུ་ཤེས་པར་བྱེད།། ལ་ལ ་ནི་དྲན་པར་འདུ་ཤེས་ན་དེ་དམ་པའི་ཆོས་སྤོང་བའོ།། གང་འདི་རིགས་པའོ་འདི་ནི་མི་རིགས་པའོ་ཞེས་སྨྲ་བ་དེས་དམ་པའི་ཆོས་སྤངས་པས་དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་པ་ཡིན། དགེ་འདུན་ལ་ངན་དུ ་བརྗོད་པ་ཡིན་ནོ་ཞེས་རྒྱ་ཆེར་རོ།། འཕགས་པ་ན་མཁའི་སྙིང་པོའི་མདོ་ལས་ཀྱང་། རྩ་བའི་ལྟུང་བའི་སྐབས་སུ་གསུངས་ཏེ། གཞན་ཡང་བྱང་ཆུབ་སེམས་དཔའི་ལས་དང་པོ་པས་ཁ་ཅིག་ལ་འདི་སྐད་དུ། ཁྱོད ་ཀྱི་སོ་སྦྱོར་ཐ་པཱ་དང་འདུལ་བའི་ཚུལ་ཁྲིམསཱ་ལ་ལེགས་པར་བསླབས་ཏེ། ཁྱོད་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པས་ཅི་ཞིག་བྱ་ཐེག་པ་ཆེན་པོ་ལྷོགས་ཤིག་དང་། དེ་ནས ་ཉོན་མོངས་པའི་རྐྱེན་གྱིས་ལུས་དང་ངག་དང་ཡིད་རྣམས་ཀྱིས་མི་དགེ་བའི་ལས་གླུངྒེ་བསྒྲུབས་པ་དེ་དག་རྣམ་པར་སྨིན་པར་མི་འགྱུར་བར་དག་པར་འགྱུར་རོ་ཞེས་སྨྲ་བ་འོདི་ནི་བྱང་ཆུབ་སེམས་དཔའ་ལས་དང་པོ་པའི ་རྩ་བའི་ལྟུང་བ་གསུམ་པ་སྟེ། གོང་དུ་ཇི་སྐང་དུ་སྨྲས་པའི་བོར་དུའོ་ཞེས་སོ།། དེའི་ཕྱིར་འོང་སངསོ་སོར་ཐར་པ་ལས་བཀག་པས་སྤྱད་པར་མི་བྱར་ཞེསས།། ཤིང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན ་མཆིལ་མ་ནི་བད་ཀན་ནོ།། དོར་བར་བྱ་བ་ནི་གཞག་པར་མི་བྱ་བའོ།། ལོངས་སྤྱད་པའི་ཆུ་དང་ཐང་ནི་ལོངས་སྤྱད་པར་བྱ་བ་སྟེ། གཅི་བ་དང་ཕྱི་ས་ལ་སོགས་པ་ཡང་སྨད་པའོ།། འདིར་ཡང་ལྷ་ལ་སོག་གོ།། ་པ་འཕྱ་བས་བསོད་ནམས་མ་ཡིན་པ་བྱུང་ངོ་།། ཁ་བཀང་པོ་ནི་ཁ་གང་བར་བྱས་པ་སྟེ། ཁམ་ཆེན་པོར་བཅད་ནས་སོ།། སྐུ་བཅས་ནཱི་ཅག་ཅག་ལ་སོགས་པའི་སྒྲ་དང་ངོ་།། ཁ་ཆེར་ཕྱེ་བ་སྟེ། རྐང་པ་བརྐྱང་བ་ནི་ཁྲི་ལ་སོགས ་པ་ལོ་འདུག་པ་ནས་ས་ལ་སོགས་པ་ལ་རྐང་པ་བརྐྱང་སྟེ་འདུག་པར་མི་བྱའོ།། དཔུང་པ་གཉིས་པ་ཡང་མཉམ་པ་སྟེ་དུས་གཅིག་པུ་མི་གཉེའོ།། རིམ་གྱིས་གཉེ་བ་ལ་ནི་ཉེས་པ་མེད་དོ།། རྐྱེན་ཡོད་པས་གཅིག་པུ་སྟེ། ་གཉིས་པ་མེད་པར་གཞན་གྱིས་བུད་མེད་ལ་སོགས་པ་དང་སྟེ་བཞོན་པ་ལ་སོགས་པར་གནས་པར་མི་བྱའོ།། འདྲིར་འདི་ནི་ཁྱིམ་པ་དང་རབ་ཏུ་བྱུང་བ་གཉི་གའི་ཐུན་མོང་ཡིན་པས་གཞན་གྱི་ཞེས་སྨོས་པ་ཡིན་ནོ།། མདོར ་ན་བསྡུས་ནས་བསྟན་པ་ནི་འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་འཇིག་རྟེན་རྣམས་ཀྱི་དང་པོསྐྱེད་པར་བྱེད་པ་མ་ཡིན་པ་གང་ཡིན་པ་དེ་ཐམས་ཅད་བསྟན་བཅོས་སམྲ་ཐ་སྙད་བལྟས་ཤིང་མཁས་པ་ལ་དྲིས་ནས ་སྤང་བར་བྱའོ་ཞེས། དེ་དག་ནི་འདིས་བསྟན་པ་ཡིན་ནོ།། མཐོང་བ་ཡང་ནི་གང་གནོད་པ་བྱེད་པའི་རྣམ་པ་དེ་ལྟ་བུ་དེ་སྤང་བར་བྱ་སྟེ་ལྟུང་བར་འགྱུར་བ་ཡིན་ནོ།། གང་དེ་ཕྱིར་རྒྱལ་བའི་སྡོམ་པའི་མདོར། གང་གིས ་སེམས་ཅན་མ་དང་གྱུར།། དེ་ནི་བསྒྲིམས་ཏེ་རྣམ་སྤང་ཞེས།། དཀོན་མཆོག་སྤྲིན་ལས་བཀའ་སྩལ་ཏོ།། ཇི་སྐད་དུ་བྱང་ཆུབ་སེམས་དཔའི་ལེགས་པར་སྤྱད་པ་དེ་གང་ཞེ་ན། འདིར་ཇི་ཙམ་དུ་བྱང་ཆུབ་སེམས་དཔའ་གནས་དམའ་བ ་ན་དུས་མ་ཡིན་པར་མ་ཡིན། དུས་མ་ཡིན་པར་སྨྲ་བ་མ་ཡིན། དུས་མི་ཤེས་པ་མ་ཡིན། ཡུལ་མི་ཤེས་པ་མ་ཡིན། རྒྱུ་གང་ལས་དེའི་ཐད་དུ་སེམས་ཅན་མ་དད་པ་སྨྲ་བ་ན་དེ་སེམས་ཅན་ཐམས་ཅད་རྗེས་སུ་བསྲུང་བ་དང་། བདག་གི ་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱ་བའི་དོན་དུ་སྤྱོད་ལམ་ཕུན་སུམ་ཚོགས་ཤིང་འཇམ་པར་སྨྲ་བ་དང་། ངལ་བུས་སྨྲ་བ་དང་། འདུ་འཛི་མི་མང་བ་དང་། རབ་ཏུ་དབེན་པ་ལ་མངོན་པར་ཕྱོགས་པ་དང་། བཞིན་གྱི་མངངས ་རབ་ཏུ་དང་པ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ།། བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་འགའ་ཡང་ཁྱད་དུ་བསད་པར་མི་བྱའོ་ཞེས་གསུངས་པ། སོར་མོ་ས་ཞེས་བྱ་བ་ནི་མཛུབ་མོ་ལ་སོགས་པའི་སོར་མོ་གཅིག་གིས་ཅི་ཡང ་བསྟན་པར་མི་བྱ་སྟེ། འོན་ཀྱང་ཀུན་གྱིས་ཀྱང་སྟེ་ལག་པ་གཡས་པ་མཐའ་དག་གིས་བྱའི་ལག་པ་གཡོན་པོས་ན་གུས་པ་མ་ཡིན་པའི་དངོས་པོ་གཞན་ལ་རེ་ཞིག་ཞག། ལམ་ཡང་བསྟན་པར་མི་བྱའོ།། འཇིག་རྟེན་ལ་མ་དད་པ ་སྤང་བའི་ཕྱིར་ལོག་པས་ཤས་ཆེར་ཞེས་བྱ་བ་ལ་སོགས་པ་ལ། དགོས་པ་ཆུང་ངུ་ལ་ལོག་པ་བརྟེན་ཏེ་འགའ་ཞིག་ལ་བོད་པར་མི་བྱའོ།། ཤིན་ཏུ་གལ་ཆེ་བ་ལ་ཉེས་པ་མེད་དོ།། སེ་གོལ་གཏོགས་པ་ལ་སོགས་པའི་སྒྲ་བྱ་སྟེ། ་དེ་མི་བྱེད་ན་མཉམ་པར་མ་བཞག་པ་དང་སྤྱོད་པ་མ་བསྡམ་པར་འགྱུར་རོ།། དེ་དག་གིས་ནི་རྒོད་པ་སྤང་བ་ཡང་བསྟན་པ་ཡིན་ནོ།། དེས་ཉལ་བ་ཡོངས་སུ་བརྟགས་པ་ནི་འདི་ལྟར་ཡོངས་སུ་བརྟག་པ ་བྱའོ་ཞེས་བསྟན་པ་མགོན་པོ་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་མྱ་ངན་ལས་འདྲེས་པ་ཆེན་པོ་གཟིམས་པ་བཞིན་ཉལ་བ་བརྟག་པར་བྱའོ།། མངོན་པར་འདོད་པའི་ཕྱོགས་སུ་མགོ་བསྟན་པ་གློ་གཡས་པ་ཕབ་སྟེ། ་རྐང་པའི་སྟེང་དུ་རྐང་པ་བཞག་ལ། ལག་པ་གཡས་པ་སྔས་སུ་བྱས་ནས་གཡོན་པའང་བརྐྱང་སྟེ་བྱིན་པའི་སྟེང་དུ་གཞག་ལ་ཆོས་གོས་ཀྱི་ལུས་ལེགསཽ་པར་གཡོགས་པ། དྲན་པོ་དང་ཤེས་བཞིན་དང་ལྡན་པས་ལྡང་བའི་འདུ་ཤེས ་དང་སྣང་བའི་འདུ་ཤེས་ཀྱི་ཉལ་བར་བྱེད་དེ། སེམས་གཉིད་ཀྱིས་ནོན་པར་མ་ཡིན་པ་དང་གཉིད་ཀྱི་བདེ་བ་མྱང་བར་མི་བྱ་བ་དང་། སྙེས་པའི་བདེ་བ་ཡང་མ་ཡིན་ཏེ། གཞན་དུ་ནི་ཇི་ཙམ་དུ་འབྱུང་བ་ཆེན་པོ་རྣམས་གནས་པ་དང་འཚོ། ་བར་བྱེད་པའི་ཕྱིར་རོ།། མྱུར་དུ་ལྡང་བ་ནི་རྐྱེན་པར་ལྡང་བར་བྱ་བའོ།། བྱ་སྦྱངས་དང་། ལུས་གཅུ་པ་དང་ལྀ་ལོས་ཉམས་པས་གནས་པར་མི་བྱ་སྟེ། དེ་དག་ཐམས་ཅད་ཀྱང་སྔ་ནས་སོ།། གཞན་ཡང་འདི་དག་མདོར་བསྡུས་ཏེ་བསྟན ་པ། བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ།། བསློབ་པར་བྱ་བ་ཚོད་མེད་ཅིང་གྲངས་མེད་པ་བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ལ་སོགས་པ་ལས་རབ་ཏུ་བསྟན་པ་དེ་དག་བསྡུས་པའི་ཚུལ་དང་པོ་ཉིད་སེམས་སྦྱང་བ ་ཉིད་ཀྱི་སྤྱོད་པ་ངེས་པར་གདོན་མི་ཟ་བར་སྨད་པར་བྱའོ།། ལྟུང་བ་སྤྱིར་སྒྲོས་བྱིན་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉིན་ལན་གསུམ་མཚན་ལན་གསུམ་དུ་ཕུང་པོ་གསུམ་པ་སྟེ། ཕུང་པོ་གསུམ་པོ་རྣམས་ནི་སྡིག་པ་བཤགས་པ་དང་། ་བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། བྱང་ཆུབ་ཏུ་བསྔོ་བ་རྣམས་ཀྱི་མདོར་བསྡུས་པའི་ཕུང་པོ་གསུམ་རབ་ཏུ་གདོན་པར་བྱའོ།། ལྷག་མ་ནི་རྩ་བ་ལས་གཞན་ནམ། ཡང་ན་བསམས་བཞིན་དུ་བྱས་པ་གང་སླར་བཅོས་པ་སྟེ། དེ་ལས ་གཞན་པའམ། དྲན་པ་བརྗེད་པ་ངས་པ་འམ། ཤེས་བཞིན་མ་ཡིན་པས་བྱས་པ་དེ་དག་རབ་ཏུ་ཞི་བར་བྱ་བ་ནི་ཕྱིར་བཅོས་པ་སྟེ། དེས་ཞེས་པ་ནི་ཕུང་པོ་གསུམ་འདོན་པ་དང་། བྱང་ཆུབ་ཀྱི་སེམས་དང་། རྒྱལ་བ་བཅོམ་ལྡན་འདས ་ཡང་དག་པར་བསྟེན་པས་སོ།། དེ་དག་གིས་རྣམ་པར་སུན་འབྱིན་པ་ཀུན་དུ་སྤྱོད་པ་ལ་སོགས་པ་བསྟུན་པ་ཡིན་ནོ།། དེ་ལ་སྡིག་པ་སྦྱང་བ་ནི་ཆོས་བཞི་པའི་མདོ་ལས་བསྣུན་པ། བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས ་ས་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཟིལ་གྱིས་ནོན་པར་འགྱུར་རོ།། བཞི་གང་ཞེ་ན་འདི་ལྟ་སྟེ་རྣམ་པར་སུན་འབྱིན་པ་ཀུན་དུ་སྤྱོད་པ་དང་། གཉེན་པོ་ཀུན་ཏུ་སྤྱོད་པ་དང་། ཉེས་པ་བཟློག་པའི་སྟོབས་དང་། རྟེན་གྱི ་སྟོབས་སོ།། དེ་ལ་རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པའི་སྟོབས་ནི། མི་དགེ་བའི་ལས་སྤྱད་ན་དེ་ཉིད་ལ་འགྱོད་པ་མང་བ་ཡིན་ཏོ།། དེ་ལ་གཉེན་པོ་ཀུན་ཏུ་སྤྱོད་པ་ནི་མི་དགེ་བོའོ་ལས་བྱས་ནས་ཀྱང་དགེ་བའི་ལས་ཤིན་ཏུ་བརྩོན་པའོ།། ། ་དེ་ལ་ཉེས་པ་བཟློག་པའི་སྟོབས་ནི་སྡོམ་པ་ཡང་དག་པར་བླངས་ནས་མི་བྱེད་པའི་སྡོམ་པ་ཐོབ་པའོ།། དེ་ལ་རྟེན་གྱི་སྟོབས་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཀྱི་སེམས་མི་གཏོང ་བ་སྟེ། དེ་སྟོབས་དང་ལྡན་པ་ལ་བརྟེན་ནས་སྡིག་པ་བྱས་པས་ཟིལ་གྱིས་གནོན་པར་མི་ནུས་སོ།། བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཟིལ་གྱིས་གནོན་པར་འགྱུར་རོ།། ་ཞེས་སོ།། ཁྱད་པར་དུ་ནི་བྱང་ཆུབ་སེམས་དཔའི་ལྟུང་བ་ལྕི་བ་དང་ཡང་བ་རྣམས་ཀྱི་བཤད་པར་བྱ་བ་ནི་འཕགས་པ་ཉེ་བར་འཁོར་གྱི་ཞུས་པ་ལས་གསུངས་ཏེ། དེ་དག་བསླབ་པ་ཀུན་ལས་བཏུས་པར་བལྟ་བར་བྱའོ།། བྱང་ཆུབ་སེམས ་དཔའ་ལྟུང་བ་ཐམས་ཅད་སངས་རྒྱས་བཅོམ་ལྡན་འདས་སུམ་ཅུ་རྩ་ལྔའི་སྤྱན་སྔར་གཅིག་པུས་བཤགས་པར་བྱའོ།། དེ་ལ་བཤགས་པ་ནི་འདི་ཡིན་ཏེ། བདག་མིང་འདི་ཞེས་བགྱི་བ་སངས་རྒྱས་ལ་སྐྱབས་སུ་མཆིའོ་ཞེས་བྱ་བ་ནས་བརྩམ ་དགེ་འདུན་ལ་སྐྱབས་སུ་མཆིའོ་ཞེས་བྱ་བའི་བར་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ།། རྡོ་རྗེ་སྙིང་པོས་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ།། ཞེས་བྱ་བ ་ནས་བརྩམས་ཏེ། ཐལ་མོ་སྦྱར་བར་བགྱིས་ཏེ་སྐྱབས་སུ་ཉེ་བར་མཆི་ཞེས་བྱ་བའི་བར་རྒྱ་ཆེར་བསྟན་ནས་གསུངས་པ། ཤཱ་རིའི་བུ་འདི་ལྟར་བྱང་ཆུབ་སེམས་དཔའ་སངས་རྒྱས་སུམ་ཅུ་རྩ་ལྔ་པོ་འདི་དག་ལ་སོགས་པ་དེ་བཞིན་གཽ་ཤེ ་པུ་ཐམས་ཅད་ཀྱི་རྗེས་སུ་སོང་བ་ཡིད་ལ་བྱེད་པས་སྡིག་པ་རྣམ་པར་དག་པར་བྱའོ།། དེ་ལྟར་སྡིག་པ་ཐམས་ཅད་རྣམ་པར་དག་པར་གྱུར་པས་དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཞལ་ཉེ་བར་སྟོན་ཏོ།། དེ་བཞིན་དུ་སྦྱར་རོ་བྱང་ཆུབ ་མས་དཔའ་ཉིན་མཚན་དུ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་མཚན་འཛིན་པ་དང་། ཡོངས་སུ་བརྗོད་པ་དང་། ཕུང་པོ་གསུམ་པའི་ཆོས་ཀྱི་རྣམ་གྲངས་གདོན་པས་ལྟུང་པ་འགྱོད་པ་ལས་བྱུང་བ་དང་། ཏིང་ངེ་འཛིན་ཡང ་ཐོབ་པ་གང་ཡིན་པ་དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པ་ཐམས་ཅད་ཀྱི་ལྟུང་བ་འགྱོད་པའི་གནས་རྣམ་པར་སྦྱོང་བར་མི་ནུས་སོ་ཞེས་སོ།། དེ་དག་མ་ལུས་པར་བསླབ་པ་ཀུན་ལས་བཏུས་པ་ལྔ་རིག་པ་བྱའོ།། རྣམ་པར་སུན་འབྱིན ་པ་ཀུན་ཏུ་སྤྱོད་པ་བསྟན་ཏོ།། གཉེན་པོ་ཀུན་ཏུ་སྤྱོད་པ་དང་། ཉེས་པ་བཟློག་པའི་སྟོབས་ཀྱང་རྒྱས་པར་བསླབ་པ་ཀུན་ལས་བསྔོས་པ་ཉིད་ལས་བལྟ་བར་བྱའོ།། འཕགས་པ་བྱམས་པའི་རྣམ་པར་ཐར་པ་ལས་བྱང་ཆུབ་ཀྱི་སེམས་ཀྱིས ་སྡིག་པ་རྣམ་པར་དག་པར་གསུངས་ཏེ། དེ་ཡང་སྔར་བསྟན་པ་ཉིད་ཡིན་ནོ།། རྒྱལ་པཱ་ལ་བརྟེན་ནས་སྡིག་པ་རྣམ་པར་དག་པར་འགྱུར་བ་ནི་ཕག་མོའི་རྟོགས་པ་བརྗོད་པ་དཔེར་བྱ་སྟེ། གང་དག་སངས་རྒྱས་སྐྱོབ་སོང་བ།། དེ་དག་ངན ་འགྲོར་འགྲོ་མི་འགྱུར།། མི་ཡི་ལུས་འདི་སྤངས་ནས་སུ།། དེ་དག་ལྷ་ཡི་ལུས་འཐོབ་པོ་ཞེས་ཏེ། ད་ལྟར་ཆོས་དང་དགེ་འདུན་གྱི་དབང་དུ་བྱས་ནས་ཀྱང་བརྗོད་དོ།། འདིས་ཀྱང་རྟེན་གྱི་སྟོབས་བསྟན་ཏོ།། ཡང་ངེས་པ་མེད་པར་བསྟན་པ ་རང་ངམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་སྟེ་བདག་ཉིད་དམ་གཞན་ལ་རག་ལས་པའང་རུང་སྟེ་སེམས་ཅན་གྱི་དོན་ལ་རབ་ཏུ་འཇུག་པའོ།། ཡང་ཅི་དེ་ལྟར་ངེས་པ་མེད་པར་བརྗོད་ཅེ་ན། རྒྱལ ་སྲས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྣམ་པ་ཐམས་ཅད་དུ་ཁོང་དུ་ཆུད་ནས་ཐམས་ཅད་ལ་ཕན་པ་དང་བདེ་བ་བསྒྲུབ་པའི་དོན་དུ་བརྩོན་པའི་སངས་རྒྱས་ཀྱི་སྲས་པོ་རྣམས་ཀྱི ་བསླབ་པར་མི་བྱ་བཱ་གང་ཡིན་པ་དེ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། གཞན་དུ་ན་སེམས་ཅན་གྱི་དོན་ཐམས་ཅད་དུ་བྱ་བར་མི་ནུས་ལ་དེ་ལྟར་རྣམ་པར་སྤྱོད་པ་ནི་བསོད་ནམས་ཀྱི་ཚོགས་ཀྱང་མཐར་ཐུག་པ་མེད་པར་འགྱུརརོ།། ་བསླབ་པའི་གཞིའི་རྒྱུ་འདི་ཡང་བཟུང་བར་བྱའོ་ཞེས་གསུངས་པ། དངོས་སམ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཐ་ན་རང་ཟས་ལ་སོགས་པ་བྱེད་པའམ། གཞན་བསྐུལ་བའམ་བརྒྱུད་ནས་ཕོ་ཉ་བསྐུལ་བའམ། དངོས ་སུ་རང་ཉིད་ཟང་ཟིང་གི་སྦྱིན་པ་ལ་སོགས་པ་བྱེད་པའང་རུང་སྟེ། གང་སེམས་ཅན་རྣམས་ཀྱི་ཕན་པ་དང་བདེ་བའི་རྒྱུར་མི་འགྱུར་པ་དེ་མི་བྱ་འམ་བྱེད་དུ་མི་གཞུག་གོ། དེ་དག་འབའ་ཞིག་ཙམ་ནི་མ་ཡིན་ཏེ་འཁོར་བ་སྡུག ་བསྔལ་བར་ལྟུང་བའི་སེམས་ཅན་རྣམས་དེ་ནོས་འབྱུང་བའི་ཕྱིར་དགེ་བའི་རྩ་བ་ཆུང་ངུའང་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱའོ།། ཚིགས་སུ་བཙད་བ་གཉིས་པོ་དེ་དག་གིས་ནི ་བསོད་ནམས་འཕེལ་བ་ཉེ་བར་བསྟན་པ་ཡིན་ནོ།། དགེ་བའི་བཤེས་གཉེན་མི་བཏང་ཞིང་ཞེས་གང་གསུངས་པ་དེ་རྟག་པར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགེ་བའི་མངོན་པར་མཐོ་བ་དང་ངེས་པ་ལེགས་པརྭ་འཐོབ་པའི་མཚན་ཉིད ་ཀྱི་ལས་སོ།། གཉེན་ནི་ཐུན་མྱོང་མ་ཡིན་པའི་ཉེ་བཱ་སྟེ། དེ་ལུས་དང་སྲོག་ཆུད་ཟ་བའི་འཇིག་པ་འཇིག་ཀྱང་མི་བཏང་ངོ་།། དགེ་བའི་བཤེས་གཉེན་གྱི་ཕན་ཡོན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་རྟག་པར་རབ་ཏུ་ངུ ་བྱིའི་ལེའུ་ལས་ཤེས་པར་བྱའོ།། ཆོས་བཞི་པའི་མདོར་ཡང་གསུངས་པ། དགེ་སློང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་སྲིད་འཚོ་བའི་བར་དུ་དགེ་བའི་བཤེས་གཉེན་སྒྲོག་གི་ཕྱིར་ཡང་བཏང་བར་མི་བྱའོ་ཞེས ་སོ་ཡོངས་སུ་མི་བཏང་བའི་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་གསུངས་པ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་བསླབ་པའི་སྡོམ་པ་ལ་རྣམ་པར་གནས་ཤིང་། ཐེག་པ་ཆེན་པོའི་དོན་ལྔ་མཁས ་པ་སྟེ། ཤིན་ཏུ་རྙེད་པར་དཀའ་བ་དེ་ལྟ་བུའོ།། དགེ་བའི་བཤེས་གཉེན་གྱི་བསྙེན་བཀུར་ཡོངས་སུ་ཤེས་པར་བྱ་བའི་དོན་དུ། དཔྲལ་འབྱུང་བའི་ཞེས་གསུངས་ཏེ། འཕགས་པ་སྡོང་པོ་བཀོད་པའི་ལེའུ་དཔལ་འབྱུང་བའི་རྣམ ་བར་ཐར་པ་ལས། དགེ་བའི་བཤེས་གཉེན་གྱི་བསྙེན་བཀུར་བསླབ་པར་བྱ་སྟེ་ཤེས་པར་བྱའོ།། ཇི་སྙེད་དུ་འཕགས་པ་སྡོང་པོ་བཀོད་པ་ལས། འཕགས་པ་དཔལ་འབྱུང་གིས་བསྟན་པ། དགེ་བའི་བཤེས་གཉེན་གྱིས་ཡང་དག ་བར་ཟིན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ངན་འགྲོར་མི་ལྟུང་ངོ་ཞེས་བྱ་བའི་བཤེས་གཉེན་ནི་བྱ་བ་མ་ཡིན་པ་རྣམས་ཁོང་དུ་ཆུད་པར་བྱེད་པའོ།། བག་མེད་པའི་གནས་ལས་ཡང་དག་པར་བཟློག ་པའོ། འཁོར་བའི་གྲོང་ཁྱེར་ནས་འདོན་པའོ།། རིགས་ཀྱི་བུ་དེ་ལྟ་བས་ན་དེ་ལྟར་ཡིད་ལ་བྱ་བ་རྒྱུན་མ་ཆད་པས་དགེ་བའི་བཤེས་གཉེན་རྣམས་ཀྱི་དྲུང་དུ་འགྲོ་བར་བྱའོ།། ཁུར་ཐམས་ཅད་བསྐུར་བས་ཡོངས་སུ་མི་སྐྱོ་བས ་ས་ལྟ་བུའི་སེམས་དང་། བསམ་པ་མི་ཕྱེད་པའི་རྡོ་རྗེ་ལྟ་བུའི་སེམས་དང་། སྡུག་བསྔལ་ཐམས་ཅད་ཀྱིས་མི་སྐུལ་བའི་ཕྱིར་ཁོར་ཡུག་ལྟ་བུའི་སེམས་དང་། ལས་ཐམས་ཅད་ཉམས་སུ་བླང་བ་ལ་མི་སློང་པས་འཇིག་རྟེན་གྱི ་བྲནྡ་ལྟ་བུའི་སེམས་དང་། ང་རྒྱལ་དང་ཆེ་བའི་ང་རྒྱལ་རྣམ་པར་སྤོང་བས་ཕྱག་དར་བ་ལྟ་བུའི་སེམས་དང་། ཁུར་ལྕི་བ་ཁུར་བས་ཐེག་པ་ལྟ་བུའི་སེམས་དང་། མི་ཁྲོ་བས་ཁྱི་ལྟ་བུའི་སེམས་དང་། འགྲོ་ཞིང་འོང་བས་ཡོངས ་སུ་མི་སྐྱོ་བའི་གྲུ་ལྟ་བུའི་སེམས་དང་། དགེ་བའི་བཤེས་གཉེན་གྱི་ངོར་ལྟ་བས་བུ་མཛངས་པ་ལྟ་བུའི་སེམས་ཀྱིས་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱའོ།། རིགས་ཀྱི་བུ་ཁྱོད་ཀྱིས་བདག་ལ་ནི་ནད་པར་འདུ་ཤེས ་བསྐྱེད་པར་བྱའོ།། དགེ་བའི་བཤེས་གཉེན་ལ་ནི་སྨན་པའི་འདུ་ཤེས་དང་། རྗེས་སུ་བསྟན་པ་ལ་ནི་སྨན་གྱི་འདུ་ཤེས་དང་། ནན་ཏན་ཉམས་སུ་བླང་བ་ནི་ནང་འཚེ་བའི་འདུ་ཤེས་བསྐྱེད་པར་བྱའོ།། རིགས་ཀྱི་བུ་ཁྱོད་ཀྱིས ་བདག་ལ་ནི་འཇིགས་པའི་འདུ་ཤེས་བསྐྱེད་པར་བྱའོ།། དགེ་བའི་བཤེས་གཉེན་ལ་ནི་དཔའ་བོའི་འདུ་ཤེས་དང་། རྗེས་སུ་བསྟན་པ་ལ་ནི་མཚོན་ཆའི་འདུ་ཤེས་དང་། ནན་ཏན་ལ་ནི་དགྲ་སལ་བའི་འདུ་ཤེས་བསྐྱེད་པར་བྱའོ་ཞེས་བྱ ་བའི་བར་དུ་གསུངས་པ་ལྟ་བུའོ།། མདོ་སྡེ་དག་ལ་རྟག་ལྟ་བས་ཞེས་གང་གསུངས་པ་དེ་བསྟན་པར་བྱ་བའི་ཕྱིར་གསུངས་པ་འདི་དང་ཞེས་པ་བསྟན་བཅོས་འདིར་བསྟན་པ་འདི་དང་། གཞན་ཡང་སྟེ་གང་འདིར་མ་བསྟན་པས ་སངས་རྒྱས་བཅོམ་ལྡན་འདས་འདི་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་བསྟན་པ་གང་ཡིན་པ་སྟེ། མདོ་སྡེ་སྣ་ཚོགས་པའི་དོན་དེ་དག་འདྲིས་པར་རིག་པར་བྱའོ།། དེ་ཉིད་ནི་མདོ་སྡེ་རྣམས་ལ་ཐེག་པ་ཆེན་པོའི ་མདོ་སྡེ་དཀོན་མཆོག་སྤྲིན་ལ་སོགས་པ་རྣམསོ་ནའོ།། བསླབ་པ་གནང་ཞེས་པས་སྟོན་པ་ཡིན་ཏེ་བསླབ་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བླང་བར་བྱ་བ་དང་དོར་བར་བྱ་བའི་མཚན་ཉིད་དོ།། གང་གི་ཕྱིར་དེ་ལྟར་ཡིན་པ ་དེའི་ཕྱིར་ཁྱད་པར་འདི་བསྟན་པ། ནམ་མཁའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཕགས་པ་ན་མཁའི་སྙིང་པོའི་མདོ་ལས། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྩ་བའི་ལྟུང་བ་ལྔ་དང་། དེ་བཞིན་དུ་སྤྱིའི་རྩ་བའི ་ལྟུང་བ་གཅིག་དང་། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་རྩ་བའི་ལྟུང་བ་བརྒྱུད་བསྟན་པ་ཡིན་ནོ།། དེ་ལྟར་ཡང་དེ་ཉིད་ལས་གསུངས་པ། རིགས་ཀྱི་བུ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྩ་བའི་ལྟུང་བ་ལྔ ་སྟེ་རྩ་བའི་ལྟུང་བ་དེ་དག་གིས་རྒྱུལ་རིགསུ་སྤྱི་བོ་ནས་དབང་བསྐུར་བ་དགེ་བའི་རྩ་བ་སྔོན་བསྐྱེད་པ་ཐམས་ཅད་ཐལ་བར་བརླག་སྟེ་ཕམ་པར་གྱུར་ཅིང་ལྷ་དང་མིའི་བདེ་བའི་དངོས་པོ་ཐམས་ཅད་ནས་ངན་སོང ་དུ་འགྲོ་བར་འགྱུར་རོ།། ལྔ་གང་ཞེ་ན། རིགས་ཀྱི་བུ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བས་མཆོད་རྟེན་གྱི་རྫས་འཕྲོག་གམ། དགེ་འདུན་གྱི་འམ་ཕྱོགས་བཞིའི་དགེ་འདུན་ལ་ཕུལ་བ་འཕྲོག་གམ། འཕྲོག་ཏུ་འཇུག་པ་འདི་ནི་རྩ ་བའི་ལྟུང་བ་དང་པོའོ།། དེ་བཞིན་དུ་ཐེག་པ་གསུམ་དུ་བཤད་པའི་ཆོས་སྤོང་བ་ནི་གཉིས་པའོ།། རབ་ཏུ་བྱུང་བ་ཚུལ་ཁྲིམས་དང་ལྡན་པའམ་ཚུལ་ཁྲིམས་འཆལ་པའི་ངུར་སྨྲིག་འཕྲོག་པའམ། ཁྱིམ་ན་གནས་པར་བྱེད་པའམ། ་ལུས་ལ་བརྡེག་པའམ། བཙོན་རར་འཇུག་པའམ། སྲོག་དང་བྲལ་བར་བྱེད་པ་ལས་ནི་གསུམ་པའོ།། མཚམས་མེད་པ་ལྔ་ལས་གང་ཡང་རུང་བའི་མཚམས་མེད་པ་བྱེད་པ་ལས་ནི་བཞི་པའོ།། ལོག་པར་ལྟ་བ་དང་། མི ་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་པའམ། གཞན་ཡང་དག་པར་ལེན་དུ་འཇུག་པ་ལས་ནི་ལྔ་པའོ།། དེ་བཞིན་དུ་གྲོང་འཇོམས་པ་ལ་སོགས་པ་བྱེད་པ་ལས་ནི་ཐམས་ཅད་ཀྱི་ཐུན་མོང་བ་གཅིག་གོ་ཞེས་སོ།། དེ ་ཉིད་ལས་གསུངས་པ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལས་ཡང་དག་པར་ཞུགས་པ་ལས་དང་པོ་པ་རྣམས་ཀྱི་རྩ་བའི་ལྟུང་བ་ནི་བརྒྱད་དེ། རྩ་བའི་ལྟུང་བ་དེ་དག་གིས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི ་ལྷས་དང་པོ་པ་རྣམས་དགེ་བའིབ་སྔོན་བསྐྱེད་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ།། བརྒྱུད་གང་ཞེ་ན། སེམས་ཅན་གང་དག་སྔོན་ཉེས་པར་སྤྱད་པའི་རྒྱུས་སྙིགས་མ་ལྔ་པའི་འཇིག་རྟེན་གྱི་ཁམས་ཉོན་མོངས་པ་ཅན ་འདིར་སྐྱེས་པ་དེ་དག་དགེ་བའི་རྩ་བ་ཆུང་བ་ལ་ཞེས་བྱ་བ་ནས་དེ་དག་གི་ནང་ན་སྟོང་པ་ཉིད་ལྡན་པའི་མདོ་སྡེ་མཆོག་ཏུ་ཟབ་པ་འདི་ཞེས་པ་འདི་ཞེས་པའི་བར་དོང་མདུན་དུ་རྒྱས་པར་དྲན་པར་བྱེད་ཅིང་སྟོན་ལ། དེ་དག་ནི་ནན་ཏན་དུ་མ ་སྦྱང་པོ་བྱིས་པ་སོ་སོའི་སྐྱེ་བོ་དག་སྟེ་མཉན་ནས་སྐྲག་ཅིང་ཞེས་བྱ་བའི་བར་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ལས་ཕྱིར་ལྡོག་སྟེ། ཉན་ཐོས་ཀྱི་བྱང་ཆུབ་ལ་སྨོན་ན་འོད་ནི་བྱང་ཆུབ་སེམས་དཔའ་ལ ་དོང་པོ་པོའི་རྩ་བའི་ལྟུང་བ་དང་པོ་སྟེ་རྩ་བའི་ལྟུང་བ་དེས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་ཡིན་ནོ།། དེ་བས་ན་བྱང་ཆུབ་སེམས་དཔས་སེམས་ཅན་ཕ་རོལ་དང་གང་ཟག་པ་རོལ་གྱི་བསམ་པ་དང་། བག་ལ་ཉལ་དང་པོར་ཤེས ་པར་བྱས་ནས་སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་མཐར་གྱིས་ཆོས་བསྟན་པར་བྱ་བ་ཡིན་པ་ལསོ་ཐབས་དང་བཅས་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བཟློག་སྟེ། ཐེག་པ་དམན་པ་ལ་གཞན ་གྱི་སེམས་བསྐྱེད་པར་བྱེད་པ་འདི་ནི་གཉིས་པའོ།། སོ་སོར་ཐར་པའི་བསླབ་པའི་སྡོམ་པ་སྤོངས་ནས་ཐེག་པ་ཆེན་པོ་ལ་སེམས་བསྐྱེད་པ་ཙམ་དང་དེ་ཀློག་པས་ཕ་རོལ་དག་པར་བསྟན་པ་ལས་ནི་གསུམ་པའོ།། ཉན་ཐོས་ལ་སོགས། ་པའི་ཐེག་བདག་དོའི་འབྲས་བུ་གསུངས་ཏེ། བྱས་པ་རབ་ཏུ་སྟོན་པཱ་དང་། ཐེག་པ་ཆེན་པོ་ལ་ནི་ཐམས་ཅད་དག་པར་རབ་ཏུ་སྟོན་པ་དང་། གཞན་དག་ཀྱང་དེ་བརྗོད་དུ་འཇུག་པ་ལས་ནི་བཞི་པའོ།། གླགས་པ་དང་རྙེད ་པ་ལ་སོགས་པའི་རྒྱུས་ཐེག་པ་ཆེན་པོ་ཀློག་པ་ལ་སོགས་པ་བྱེད་ཅིང་དེ་བཞིན་དུ་དེའི་རྐྱེན་གྱིས་ཕ་རོལ་ལ་བཤུང་ཞིང་སྨོད་པ་ལ་སོགས་པ་སྨྲ་བ་དང་། བདག་ལ་བསྟོད་པ་དང་། མིའི་ཆོས་བླ་མ་ཁ་ལེན་པ་ལས་ནི་སྔ་པའོ།། ཀླགས་པ་ཅི ་གྱི་ཟབ་མོའི་ཆོས་རྟགས་པར་སྟོན་པ་དང་། གཞན་དག་ཀྱང་དེ་བཞིན་དུ་ཡང་དག་པར་ལེན་དུ་འཇུག་པ་ལས་ནི་དྲུག་པའོ།། རྒྱལ་རིགས་ཀྱི་མདུན་ན་འདོན་དང་། ཞིང་བློ་ན་གདོལ་པ་རྣམས་ཀྱིས་དགེ་སློང་གང་དག་ལ་ནོར་གྱིས་ཆད་པས ་ཆད་པ་བཅད་ཅིང་། དགེ་འདུན་གྱི་འམ། མཆོད་རྟེན་གྱི་འམ་ཕྱོགས་བཅུའི་དགེ་འདུན་གྱི་རྫས་ཕྲོགས་ནས་དེ་དག་ལ་འབུལ་བར་བྱེད་དེ། རྒྱལ་རིགས་དང་དེ་གཉི་ག་ལ་ཡང་རྩ་བའི་ལྟུང་བར་འགྱུར་ཏེ་འདི་ནི་བདུན་པའོ།། ཆོས་དང ་ཆོས་མ་ཡིན་པ་བཟློག་ནས་སྔར་མེད་པའི་བསླབ་པ་སྟོན་པ་དང་། རྩ་བ་དེས་ཆོག་ཉམས་པ་རྣམས་ཀྱི་བཀུར་སྟི་ཉམས་པར་བྱེད་པ་རྣམས་ཀྱི་ཉེ་བར་སྤྱད་པ་དང་། ཡོངས་སུ་སྤྱོད་པ་ལ་ཡོངས་སུ་བསྔོས་པ་མ་གཏོགས་པར་གཉིས ་གར་ཡང་རྩ་བའི་ལྟུང་བ་དང་བཅས་པར་འགྱུར་ཏེ། འདི་ནི་བརྒྱད་པའོ།། རྩ་བའི་ལྟུང་བ་ཉིད་དག་བདེ་བླག་ཏུ་གཟུང་བར་བྱ་བའི་དོན་དུ་བསྟན་བཙས་མཛད་པས་བསྡུས་པའི་ཚིག་ལེའུར་བྱས་པས་བསྟན་པ་བརྗོད་པར་བྱ་སྟེ། དཀོན ་མཆོག་གསུམ་གྱི་དཀར་རྐུ་བ།། ཕས་ཕམ་པ་ཡི་ལྟུང་བར་འདོད།། དམ་པའི་ཆོས་ནི་སྤོང་བྱེད་པ།། གཉིས་པར་ཐུབ་པས་གསུངས་པ་ཡིན།། ཚུལ་ཁྲིམས་འཆལ་པའི་དགེ་སློང་ལའང་།། ངུར་སྨྲིག་འཕྲོག་དང་བརྡེག་པ་དང་།། བཙོན ་ར་འཇུག་པར་བྱེད་པ་དང་།། རབ་ཏུ་བྱུང་ལས་འབེབས་པ་དང་།། མཚམས་མེད་ལྔ་པོ་བྱེད་པ་དང་།། ལོག་པར་ལྟ་བ་འཛིན་པ་དང་།། གྲོང་ལ་སོགས་པ་འཇིག་པ་ཡང་།། རྩ་བའི་ལྟུང་བ་རྒྱལ་བས་གསུངས།། བློ་སྦྱངས ་མ་བྱས་སེམས་ཅན་ལ།། སྟོང་པ་ཉིད་ནི་བརྗོད་པ་དང་།། སངས་རྒྱས་ཉིད་ལ་ཞུགས་པ་དག། རྫོགས་པའི་བྱང་ཆུབ་བཟློག་པ་དང་།། སོ་སོར་ཐར་པ་ཡོངས་སྤངས་ཏེ།། ཐེག་པ་ཆེ་ལ་སྦྱོར་བ་དང་།། སློབ་པའི་ཐེག་པས་ཆགས ་ལ་སོགས།། སྦྱོང་བར་འགྱུར་བ་མིན་ཞེས་འཛིན།། ཕ་རོལ་དག་ཀྱང་འཛིན་འཇུག་དང་།། རང་གི་ཡོན་ཏོན་བརྗོད་པ་དང་།། རྙེད་པ་དང་ནི་བཀུར་སྟི་དང་།། ཚིགས་བཅད་རྒྱུ་ཡིས་གཞོན་སློང་དང་།། བདག་ནི་ཟབ་མོ་བཟོད ་པའོ་ཞེས།། ལོག་པ་ཉིད་ནི་སྨྲ་བ་དང་།། དགེ་སྦྱོང་ཆད་པས་གཅོད་འཇུག་དང་།། སྐྱབས་གསུམ་གྱིས་ནི་སྦྱིན་བྱེད་དང་།། སྦྱིན་པ་ལེན་པར་བྱེད་པ་དང་།། ཞི་གནས་འདོར་བར་བྱེད་པ་དང་།། ཡང་དག་འཇོག་པའི་ལོངས་སྤྱོད ་རྣམས།། ཁ་ཏོན་བྱེད་ལ་སྦྱིན་པ་རྣམས།། དེ་དག་རྩ་བའི་ལྟུང་བ་སྟེ།། སེམས་ཅན་དམྱལ་བ་ཆེན་པོའི་རྒྱུ།། རྨི་ལམ་འཕགས་པ་ན་མཁའི་སྙིང་པོའི།། མདུན་དུ་འདུག་ཏེ་བཤགས་པར་བྱ།། བྱང་ཆུབ་སེམས་ནི་ཡོངས་འདོར ་དང་ཆགས་དང་སེར་སྣ་མི་བཟོད་པས།། སྐྱོང་ལ་སྦྱིན་པར་མི་བྱེད་དང་།། ཁྲོས་ནས་སེམས་ཅན་བརྡེག་པ་དང་།། བསྒྲིམས་ཏེ་དགྲའ་བར་བྱེད་པ་ན།། སེམས་ཅན་ལ་ནི་མི་བཟོད་དང་།། ཉོན་མོངས་པ་དང་གཞན ་མཐུན་པ།། ཆོས་ལྟར་བཅོས་མ་བརྗོད་པའོ།། ཞེས་སོ།། འདི་དག་གསོ་བ་ནི་མདོ་སྡེ་ཉིད་ནས་གསུངས་སོ།། བསླབ་པ་ཀུན་ལས་བཏུས་པར་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱ་བར་འོས་པ་བསྟན་པ་ཡིན་པས་དེ་ཉིད་ཀྱང་བལྟ། ་བར་བྱའོ་ཞེས་གསུངས་པ་ནི། མདོ་སྡེ་ཞེས་བྱ་བ་ལ་སོགས་པ་ལ། བསླབ་པ་ཀུན་ལས་བཏུས་པར་ཡང་ནི་རང་ཉིད་ཀྱིས་མཛད་པའོ།། ངེས་པར་ནི་གདོན་མི་ཟ་བར་རོ།། ཡང་དང་ཡང་དུ་ནི་ལན་ཅིག་མིན་པར་བལྟ་བར་བྱ་སྟེ། ་གོམོས་པར་བྱའོ་སྙམ་དུ་དགོངས་པའོ།། ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་དམ་པ་རྣམས་ཀྱི་སྤྱོད་པ་སྟེ། སྤྱོད་པ་ནི་དེ་ལྟར་བྱ་བ་ཉིད་ཡིན་ཏེ་བསླབ་པ་ཀུན་ལས་བཏུས་པ་དེ་ལས་རྒྱ་ཆེར་རྒྱུན་ཆགས་པར་རབ་ཏུ ་སྟན་པར་ཏེ། རྣམ་པར་གསལ་བར་བྱས་ཤིང་རབ་ཏུ་ཕྱེའོ།། དེའི་ཕྱིར་གལ་ཏེ་དེ་ལ་གོམས་པར་བྱེད་མི་ནུས་ན་ངའི་ཚེ་མདོ་སྡེ་སྣ་ཚོགས་པོ་ནས་ཕྱོགས་གཅིག་ཏུ་བདག་ཉིད་ཀྱིས་མདོར་བསྡུས་ནས་བེ་ཏུས་ཤིང་བྱས་པ་བལྟ ་སྟེ། གཞུང་ངམ་དོན་རྣམ་པར་བལྟ་བར་བྱའོ།། འདིར་ཡང་དགོངས་པ་ནི་སྔ་མ་ཉིད་ཡིན་ནོ།། ཡང་ན་འཕགས་པ་ཀླུ་སྒྲུབ་ཀྱི་མཛད་པའི་བསླབ་པ་ཀུན་ལས་བཏུས་པ་དང་མདོ་ཀུན་ལས་བཏུས་པ་གཉིས་པོ་འང་འབོད་པ་སྟེ། ་གུས་པས་བལྟ་བར་བྱའོ།། གང་འདིར་མི་སྣང་བ་དེ་ནི་དེ་ལ་སྣང་ངོ་སྙམ་དུ་དགོངས་པའོ།། བསླབ་པ་ངེས་པར་མཐོང་བ་རྣམས་ཀྱང་མ་ལུས་པར་ཐམས་ཅད་ལ་ཉེ་བར་མཁོ་བ་གསུངས་པ། གང་ལག་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། གང ་ཁས་ཏེ་དོར་བར་བྱ་བ་སྟེ་བྱ་བར་འོས་པ་མ་ཡིན་པ་ལ་བཟློག་པར་བྱ་ཞིང་མི་བྱ་བ་སྟེ། དགེ་ནི་རབ་ཏུ་གྲུབ་པ་ཡིན་ནོ།། གང་ལས་ནི་བསླབ་པ་ཀུན་ལས་བཏུས་པའམ་མདོ་ཀུན་ལས་བཏུས་པ་ལས་སོ།། དེ་ཉིད་ལས་སུ་བྱ་བ་སྟེ། དེ ་ལ་སྦྱར་བར་བྱ་བ་ནི་བསྒྲུབ་པར་བྱའོ།། བཀག་པ་དང་སྒྲུབ་པ་དེ་ཡང་འཇིག་རྟེན་པའི་སེམས་ཏེ། བསམ་པ་ཡིན་ལ། དེ་བསྲུང་བའི་དོན་དུའོ།། དེ་ཇི་ལྟར་འཁྲུག་པར་མི་འགྱུར་བ་ཏེ། བསླབ་པ་ཀུན་ལས་བཏུས་པ་ལ་སོགས ་པ་ལོས་བསླབ་པ་མཐོང་ནས་རྟོགས་པར་བྱས་ལ་དེ་ཡང་དག་པར་དཔྱད་དོ།། གང་ལས་གང་ཞིག་ཇི་ལྟར་དཔྱད་པར་བྱ་བ་དེ་ལས་དེ་བཞིན་དུ་ཐ་སྙད་དུ་འཇུག་པར་བྱའོ།། གཞན་དུ་ཐ་སྙད་ཀྱི་དོན་ལ་རྨོངས་པ་ནི་ལྟུང་བའི་དྲི་མ ་ཅན་དུ་འགྱུར་རོ།། དེ་དག་གིས་ནི་ལུས་དག་པ་བཤད་པ་ཡིན་ནོ།། ལུ་ཀྱི་དག་པ་གང་ཞེ་ན། སྡིག་དང་ཉོན་མོངས་རྣམ་སྦྱོང་ཡིན།། རྫོགས་སངས་རྒྱས་ཀྱིས་གསུངས་ཚུལ་དུ།། འབད་པ་མེད་ན་ངན་སོང་འགྲོ། ཞེས་གང ་གསུངས་པའོ།། རྟག་ཏུ་དྲན་པ་དང་ཤེས་བཞིན་དཔྱད་པར་བྱའོ་ཞེས་གང་གསུངས་པ་དེ་ལ་དྲན་པ་ནི་རང་གི་མིང་གིས་རང་གི་ངོ་བོ་བསྟན་ཏེ། ཤེས་བཞིན་མི་ཤེས་པས་ཤེས་བཞིན་ཅི་འདྲ་བ་ཞིག་ཅེ་ན་དེའི་རང་གི་ངོ་བོ་བསྟན ་པའི་ཕྱིར། ལུས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་ཀྱི་གནས་སྐབས་དང་། སེམས་ཀྱི་གནས་སྐབས་གང་ཡིན་པའི་སྤྱོད་ལམ་རྣམས་ལ་དུས་ཐམས་ཅད་དུ་སོ་སོར་བརྟགས་པར་བྱེད ་ཅིང་ངེས་པར་རྟོགས་པ་སྟེ། སྔར་ཇི་སྐད་དུ་བསྟན་པ་བཞིན་ནོ།། བསྟན་པའི་བསླབ་པ་དེ་དག་ཐམས་ཅད་ལ་མཁས་པར་བྱ་བ་དང་། ལས་རྣམས་བསྒྲུབ་པར་བྱ་བའི་ཚིག་ཙམ་གྱིས་ནི་མ་ཡིན་ནོ།། ཞེས་ངེས་པར་བྱ་བའི་ཕྱིར ་ལུས་ཀྱི་ཞེས་བྱ་བ་ལ་སོགས་མ་གསུངས་ཏེ། ཡིད་ནི་ལུས་ཀྱིས་བྱེད་པའི་སྔོན་དུ་འགྲོ་བའི་ཕྱིར་དེ་ཡང་འདིས་བསྟན་པ་ཡིན་ནོ།། ནན་ཏན་གྱིས་ཐམས་ཅད་བསྒྲུབ་པར་བྱའི། སྒྲ་ཙམ་བསྒྲགས་པས་ནི་མ་ཡིན་ཏེ། འབྲས ་བུ་མེད་པའི་ཕྱིར་རོ།། བྱང་ཆུབ་སེམས་དཔའ་འབད་པར་བྱའོ།། ཇི་ལྟར་ཞེ་ན། སྨན་པའི་བསྟན་བཅོས་ཀླགས་པ་ཙམ་གྱི་དེའི་བྱ་བ་མི་བྱེད་པས་ནད་ཀྱི་ཐེབས་པ་ལ་འབྲས་བུ་ཅི་ཞིག་སྒྲུབ་པར་འགྱུར།། དེ་ཙམ་གྱིས་ནི ་ནད་མེད་པར་མི་འགྱུར་རོ་སྙམ་དུ་དགོངས་པ་ཡིན་ནོ།། དེ་ལྟོ་བས་ན་བྱ་བ་དེ་དག་ཐམས་ཅད་ནན་ཏན་གྱིས་རྫོགས་པར་བྱའོ།། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བཀའ་འགྲེལ། ཤེས་རབ་འབྱུང་གནས་བློ ་གྲོས་ཀྱིས་མཛད་པ་ལས་ལེའུ་ལྔ་པའོ།། །། དེ་ལྟར་ཚུལ་ཁྲིམས་རྣམ་པར་དག་པ་རྣམ་པ་མང་པོ་སྟོན་པ་ནི་ལུས་ལ་སོགས་པ་བསྲུང་བ་དང་དག་པ་ཡང་བསྟན་ནས། དགེ་བ་རྣམ་པར་དག་པ་བསྟན ་པར་བྱ་བའི་ཕྱིར། བཟོད་བྱ་ཐོས་པ་བཙལ་བར་བྱ།། དེ་ནས་ནགས་སུ་གནས་པར་བྱ།། མཉམ་པར་གཞག་པ་བརྩོན་བྱ་ཞིང་།། མི་སྡུག་ལ་སོགས་བསྒོམ་པར་བྱ།། ཞེས་བྱ་བ་དེ་དག་མངོན་པར་བརྗོད་པར་བྱ་བའི་ཕྱིར་བརྩོན ་པར་བྱེད་པ། བསྐལ་པ་ཞེས་བྱ་བ་ལ་སོགས་པོ་ཡིན་ཏེ། དེ་དག་ཀུན་ཅེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པོར་བླངས་པ་ལས་བྱུང་བའི་ལེགས་པར་སྤྱོད་པ་སྟེ། དགེ་བའི་ངོ་བོས་སོ།། སྦྱིན་པ་ནི་སྤྱིར་རྣམ་པོ་གསུམོ།། ། ་བདེ་གཤེགས་མཆོད་པ་ཡང་རྣམ་པ་གསུམ་མོ།། བསྐལ་པ་སྟོང་ཕྲག་དུ་མར་བསགས་ཤིང་བྱས་པ་གང་ཡིན་པ་དེ་ཐམས་ཅད་ཁོང་ཁྲོ་སྟེ་སེམས་ཅན་ཐམས་ཅད་ལ་རྣམ་པར་སྡང་བས་འཇོམས་པར་བྱེད་དེ། མེ་ཆུང་ངུས་རྩེའི ་ཚོགས་བཞིན་དུ་སྲེག་པར་བྱེད་དོ།། འཕགས་པ་འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས། འཇམ་དཔལ་ཁོང་ཁྲོ་ཁོང་ཁྲོ་ཞེས་བྱ་བ་ནི་བསྐལ་པ་བརྒྱར་བསགས་པའི་དགེ་བ་འཇོམས་པར་བྱེད་པ་སྟེ། དེའི་ཕྱིར་ཁོང ་ཁྲོ་ཞེས་གསུངས་སོ།། འཕགས་པ་ཐམས་ཅད་ཡོད་པར་སྨྲ་བ་ལས་ཀྱང་གསུངས་ཏེ། དགེ་སློང་དག་དགེ་སློང་འདིའི་དབུའི་སྐུ་དང་། སྲིན་མོའི་མཆོད་རྟེན་ལ་ཡན་ལག་ཐམས་ཅད་ཀྱི་ཕྱག་འཚལ་ནས་སེམས་དང་བར་བྱེད ་པ་ལྟོས། བཙུན་པ་དེ་ལྟར་ལགས་སོ།། དགེ་སློང་དག་དགེ་སློང་འདིས་ཇི་ཙམ་ཞིག་ནོན་པའི་འོག་ཏུ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ན་གསེར་ལས་གྲུབ་པ་ལ་ཐུག་པའི་བར་ན་རྡུལ་ཕྲན་ཇི་སྙེད་ཡོད་པ་དེ་སྙེད་དུ་དགེ་སློང་འདིས ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་སྟོང་འགྱུར་དུ་ཡོངས་སུ་སྤྱོད་པར་འགྱུར་ཞེས་བྱ་བ་ནས་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་བཅོམ་ལྡན་འདས་ག་ན་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་འདི་སྐད ་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་དགེ་སློང་འདིའི་དེ་ལྟར་དགེ་བའི་རྩ་བ་ཆེ་བ་གང་གསུངས་པ་ལྟ་ན། བཅོམ་ལྡན་འདས་དགེ་བའི་རྩ་བ་འདིས་གང་དུ་བསྲབས་པ་དང་། ཡོངས་སུ་བྱང་བ་དང་། ཡོངས་སུ་བས་པར་འགྱུར་བ་ལགས། ་བཀའ་སྩལ་པ། ཉེ་བར་འཁོར་ཇི་སྲིད་དུ་ཚངས་པར་སྤྱོད་པ་དམ་པས་ཚངས་པ་མཚུངས་པར་སྤྱོད་པ་ལ་སྡང་བའི་སེམས་མ་བསྐྱེད་པ་དེ་སྲིད་དུ་ཟད་པ་དང་ཉམས་པར་ངས་ཡང་དགེ་བར་རྗེས་སུ་མ་མཐོང་ངོ་།། ཉེ་བར་འཁོར་དེར ་དགེ་བའི་རྩ་བ་ཆེན་པོ་འདི་ཡང་སྲ་བས་པ་དང་། ཡོངས་སུ་བྱང་བ་དང་། ཡོངས་སུ་ཟད་པར་འགྱུར་པ་དེ་ལྟ་བས་ན་མགལ་དུ་མོ་ལ་ཡང་སེམས་ཀྱིས་ཁྲོ་བར་མི་བྱ་ན་རྣམ་པར་ཤེས་པ་དང་བཅས་པའི་ལུས་ལ་ལྟ་ཅི་ཞིག་སྨོས་ཞེས ་སོ། དེའི་ཕྱིར་ཞེ་སྡང་ལྟ་བུའི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་ཞེ་སྡང་ལྟ་བུའི་སྡིག་པ་མེད་དེ། མི་དགེ་བས་བསོད་ནམས་ཟིལ་གྱིས་ནོན་པའི་རྒྱུ་མེད་དོ།། བཟོད་པ་སྲན་ཚུགས་པ་ལྟ་བུ་དང་མཉམ་པའི་དཀའ་ཐུབ་མེད་དོ།། ། ་ཤིན་ཏུ་ངོལ་བ་ཆེར་བྱས་པས་བསྒྲུབ་པར་བྱ་བའི་ཕྱིར་ལེགས་སྤྱད་དོ།། གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་བཟོད་པ་སྟེ། ལྷུར་བླང་བ་ཐམས་ཅད་ཀྱིས་བསྒོམ་པར་བྱ་སྟེ་གོམས་པར་བྱའོ།། སྣ་ཚོགས་ནི་འོག་ནས་འཆད་པར ་འགྱུར་བའི་ཐབས་རྣམ་པ་སྣ་ཚོགས་པས་སོ།། མཐོང་བའི་ཆོས་ཀྱི་ཉེས་པ་ཚིགས་སུ་བཅད་པ་གསུམ་གྱིས་བསྟན་པ། ཞེ་སྡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞི་བ་ནི་རབ་ཏུ་ཞི་བའོ།། ཉམས་མི་མྱོང་ནི་བརྟེན་པ་མེད་པའོ།། ། ་ཉེ་བར་མ་ཞི་བ་ཉིད་ནི་རྟག་ཏུ་ཞེ་སྡང་གི་མེ་འབར་བའི་ཕྱིར་རོ།། དགའ་དང་བདེ་བ་ནི་ཡིད་བདེ་བ་དང་བདེ་བ་མི་འཐོབ་ལ།། མི་རྙེད་པ་སྟེ་ངེས་མནན་པའི་ཕྱིར་རོ།། གོ་ཉིད་མི་འོང་ཞེས་བརྟན་མེད་ན་སེམས་བདེ་བ་ཐོབ་པ་མེད་པ་སྟེ། ལུས་དང ་སེམས་ཀྱི་རྒྱུན་གདུང་བར་བྱེད་པའི་ཞེ་སྡང་ཟུག་རྔུ་སྙིང་ལ་གནས་འཆའ་བས་སོ།། མཆོད་པ་ནི་བཀུར་སྟི་སྟེ་གང་དག་རྙེད་པ་དེ་བཀུར་སྟི་རྣམས་ཀྱིས་སོ།། གང་ཡང་རྗེས་སུ་འཚོ་བ་སྟེ། རྗེ་དཔོན་ཞེ་སྡང་ཅན་དེ་ལ་གནོད་པར་བྱ་བ་འདོད ་པའོ།། ཅི་སྟེ་ཞེ་ན། ཞེ་སྡང་སྐལྔ་དྲན་ཏེ། མི་སྡུག་པས་ཞེས་བྱ་བ་སྟེ་འདི་ནི་གཏན་ཚིགས་ཀྱི་ཚིག་གོ། མཛའ་བཤེས་པ་རྣམས་ཀྱང་སྐྱེ་བར་འགྱུར་ཏེ། ཞེ་སྡང་ཅན་དེ་ཡིས་སྐྲག་པར་འགྱུར་རོ།། སྦྱིན་པ་ལ་ཕྱོགས་ཀྱང་བྲན་གྱི ་ཚོགས་རྣམས་ཀྱིས་བསྟེན་པར་མི་བྱེད་རྗེས་སུ་འགྲོ་བར་མི་བྱེད་དོ།། མང་དུ་སྨྲ་ཅི་དགོས་འདིར་མདོར་ན་ཆོས་འདི་ནི་ངེས་པར་གཟུང་བར་བྱ་སྟེ། གང་གིས་ཁྲོ་བར་བྱེད་པ་ལ་བདེ་བ་ཐོབ་པ་ཉེ་བར་ཞི་བའི་རྒྱུ་དེ་ནི་ཅུང་ཟད་ཀྱང་ཡོད ་པ་མ་ཡིན་ནོ།། སེམས་ཀྱི་རྩུབ་པོའི་གནས་སྐབས་ནི་ཞེ་སྡང་ངོ་།། དེ་ལས་བྱུང་བའི་འཇུག་པ་ནི་ཁྲོ་བ་སྟེ། གང་གིས་དབང་གིས་དབྱུག་པ་ལ་སོགས་པ་ལེན་པར་བྱེད་པའོ།། དེ་ལྟར་ཐ་དད་པ་གཉི་ག་ཡང་སྤང་བར་བྱ་བ ་ཉིད་ཀྱིས་ཐ་མི་དད་པར་བསྟན་ཏེ། དེ་བཞིན་དུ་འདིར་མཐོང་བའི་ཆོས་ལ་ཡང་ཞེ་སྡང་གིས་ཉེས་པ་རྟོག་པར་བྱས་ནས་དེ་སྤང་བར་བྱ་བའི་ཕྱིར་འབད་རྩོལ་དང་ལྡན་པར་བྱའོ་ཞེས་གསུངས་པ། ཁྲོ་བ་ཞེས་བྱ་བ ་བ་ལ་སོགས་པ་ཡིན་ཏེ། ཇི་སྐད་དུ་གསུངས་པའི་རྣམ་པས་གང་གི་ཕྱིར་སྡུག་བསྔལ་བསྐྱེད་པར་བྱེད་པ་དེའི་ཕྱིར། གང་ཞིག་ལེགས་པར་སྤྱད་པའི་བདག་ཉིད་ཀྱིས་བསྒྲིམས་ཏེ་དག་ཏུ་མངོན་པར་ཞེན་པས་ཏེ། བརྩོན་འགྲུས་བརྩམས ་པས་ཞེས་བྱ་བའི་དོན་ཏོ།། དེ་ནི་འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་དུ་བདེའོ།། ད་ནི་ཞེ་སྡང་གཞོམ་པར་བྱ་བའི་ཆེད་དུ་དེ་ལ་རྒྱུ་གཞོམ་པོར་བྱ་བའི་ཕྱིར་རྣམ་པར་བཞག་པ་མཛད་པ་མི་འདོད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད ་པ་དང་མི་བ~ཾད་པ་ནི་བདག་དང་བདག་གིར་འཛིན་པ་ལས་བྱུང་བ་སྟེ། བདག་དང་བདག་གི་ལ་བདེ་བ་བསྒྲུབ་པ་ནི་འདོད་པ་སྟེ། དེ་ལས་བཟློག་པ་ནི་མི་འདོད་པའོ།། དེ་ལྟར་ན་དེ་དག་ནི་རྟོག་པ་བྱས་སུ་ཟད་ཀྱི། དོན་དམ་པར་འདོད་པ་འམ ་མི་འདོད་པར་སྙིང་པ་ཅུང་ཟད་ཀྱང་མེད་དོ།། དེ་ལྟ་བས་ན་ལོག་པར་མངོན་པར་ཞེན་པའི་བག་ཆགས་ཀྱིས་མི་འདོད་པ་བྱས་པ་དང་འདོད་པ་བཤིག་པས་ཡིད་མི་བདེ་བ་སྟེ། ཡིད་ལ་སྡུག་བསྔལ་འབྱུང་ངོ་།། དེ་ལྟ་བས་ན་དེ་བྱེད་པའམ ་དེ་དང་འགལ་བར་བྱེད་པ་ལ་ཞེ་སྡང་སྐྱེ་བར་འགྱུར་རོ།། དེ་ལྟར་ན་ཟས་ནུས་པ་དང་ལྡན་པ་ཡིད་མི་བདེ་བ་ཉིད་ལ་བརྟེན་ནས་སྟོབས་ཡོད་པ་དང་ཞེ་སྡང་གིས་བདག་འཇོམས་སོ་སྙམ་དུ་ངེས་པར་བྱས་ནས་དེ་རྒྱས་པའི་རྒྱུ་ཉིད་དང ་པོར་གཞོམ་པར་བྱའོ།། དེ་བཅོམ་པས་ནི་བདེ་བ་ཉིད་དུ་འགྱུར་ཏེ། དེ་བཅོམ་པའི་ཕྱིར་དང་། རྩ་བ་དང་བཅས་པའི་བཅོམ་པ་ནི་སླར་ལྡང་བ་མི་རིག་པའི་ཕྱིར་རོ།། འོ་ན་ཁྱོད་ཀྱིས་ཤིན་ཏུ་མངོན་པར་ཞེན་པ་འང་ཅི་ལྟ་བུ་ཡིན་ཞེ་ན། ་དེ་ལྟར་ཞེས་བྱ་བོ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་བདག་ལ་གནོད་པ་མ་གཽཏོགས་པ་ཞེ་སྡང་གི་དགྲ་འདི་ལ་ཉིན་དང་མཚན་དུ་གཞན་ཅུང་ཟད་ཀྱང་བྱ་བ་མེད་དོ།། དེ་ལྟར་ཞེ་སྡང་ཉེས་པ་དང་ལྡན་པ་རྣམ་པར་བསྒོམས ་ལ་ཐབས་ཐམས་ཅད་ཀྱིས་དེའི་གཉེན་པོར་གྱུར་པ་བཟོད་པ་བསྐྱེད་པར་བྱའོ།། དེ་ལ་བཟོད་པ་ནི་རྣམ་པ་གསུམ་སྟེ། ཆོས་ཡང་དག་པར་སྡུད་པའི་མདོ་ལས་བཽ་ཤྭད་པ། འདི་ལྟ་སྟེ། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང་། ་ཆོས་ལ་ངེས་པར་སེམས་པའི་བཟོད་པ་དང་། གཞན་ཞིག་གོས་གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པའོ་ཞེས་སོ་དེ་ལ་རེ་ཞིག་སྡུག་བསྔལ་དང་དུ་ལེན་པའི་བཟོད་པའི་དབང་དུ་བྱས་ཏེ། ཅི་ལ་བབ་ཀྱང་ཞེས་བྱ་བ་ལྔ་སོགས ་པ་གསུངས་ཏེ། སྡུག་བསྔལ་དང་དུ་ལེན་པའི་བཟོད་པའི་མི་མཐུན་པའི་ཕྱོགས་ནི་མྱི་འདོད་པ་ལཾ་བྱུང་བ་ལ་བརྟེན་ནས་སྡུག་བསྔལ་བས་འཇིགས་པ་དང་། འདོད་པའི་གེགས་ལྔ་བཎྜོནྡ་ནས་བདེ་བ་ལ་ཆགས་པ་སྟེ། དེ་དག ་བིས་ནི་ཡིད་མི་བདེ་ལ། དེ་ལས་སེམས་ཞེ་སྡང་བའམ། ཞུམ་པར་འགྱུར་རོ།། དེ་ཉིད་ཀྱི་ཕྱིར་ཟླ་བའི་སྒྲོན་མའི་མི་དོ་ལས། བདེ་བ་ལ་མི་ཆགས་པ་དང་སྡུག་བསྔལ་ལ་ཕྱིར་མི་ཕྱོགས་པར་མི་བྱའོ་ཞེས་སོ།། དཀོན ་རྒྱགས་སུ་བྱ་ལྡན་ང་ན་བྱུན་སྨྲ་ན་དྡྷ། ཀྵ་ཥྚ་། ས་བྱུ་གྱུག་པ་ང་ན་ཅ་དང་ན་དུནས་པ།། བསན ་ཏེབདག་གི་མགོ་གཅོང་ན་དེ་ལྡན་སྤང་བདག་གིས་དཀའ་བའི་ཡིང་དཀྲུག་པར་མི་བྱོ། ཁོང་ནས་ལྡང་བར་མོ་བྱའོ།། དགེའ་བའི་ཡིད་མི་བདེ་བའི་གཉེན་པོ་ཡིན་ཏེ། སྡུག་བསྔལ་བྱུང་ཡང་སེམས་རབ་ཏུ་དགའ་བ་ལ་ཡིད ་བདེ་བའི་གོ་སྐབས་མེད་པའི་ཕྱིར་རོ།། དེ་ལྟར་ཡིད་མི་བདེ་བ་སྤང་བར་བྱ་བའི་དགའ་བ་འབད་པས་བསྲུང་བར་བྱའོ།། ཅིའི་ཕྱིར་ཞེ་ན། ཡིད་མི་བདེ་བ་བྱས་ཀྱང་འདོད་པའི་གེགས་ཡོད་ན་འདོད་པ་མི་འགྲུབ་སྟེ། མངོན་པར་འདོད ་པ་འགྲུབ་པར་མི་འགྱུར་བའོ།། འདི་ནི་ཁྱད་པར་དུ་ཡོད་ཏེ་ཡང་དགེ་བ་ཉམས་པར་འགྱུར་བའོ།། ཡིད་དགའ་བ་ཡང་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་རབ་ཏུ་བསྔགས་ཏེ། དེ་ལ་དགའ་བ་གང་ཞེ་ན། གང་སངས་རྒྱས་ཀྱིས ་ཆོས་རྣམས་དྲན་པ་དང་། རྗེས་སུ་དྲན་པོ་ལ་དགའ་བ་དང་། དད་པ་དང་མཆོག་ཏུ་དགའ་བ་དང་། སེམས་མི་འགོང་ཞིང་མི་བརྫི་བ་དང་། འདོད་པའི་དགའ་བ་མེད་པ་དང་། འདོད་པའི་དགའ་བ་ཐམས་ཅད་བཏང་བས་ཆོས་ཀྱི་དགའ་བ ་ཐམས་ཅད་ཀྱི་རྟེན་དང་། སེམས་རབ་ཏུ་དགའ་བ་དང་། ལུས་རབ་ཏུ་ཚིམ་པ་དང་། སངས་རྒྱས་ལ་དགའ་ཞིང་ཡིད་འཕར་བ་དང་། དེ་བཞིན་གཤེགས་པའི་སྐུ་ལ་དགའ་ཞིང་མོས་པ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་བརྗོད་དོ།། ་གཞན་ཡང་ཡིད་མི་བདེ་བ་ནི་མ་སྦྱངས་པས་སྐྱེ་བ་ཡིན་ནོ་ཞེས་གསུངས་པ། གལ་ཏེ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། གལ་ཏེ་འདོད་པའི་གོགས་བཟློག་པའི་ཕྱིར་དང་མི་འདོད་པ་བྱུང་བ་ཕྱིར་བཅོས་པའི་ཐབས་གཞན་ཡོད་ན ་དེའི་ཚེ་དེ་ལ་མི་དགར་ཅི་ཞིག་ཡོད། དེ་ཉིད་ལ་ནན་ཏན་དུ་གྱིས་ཤིག། ཅི་སྟེ་མེད་ན་དེའི་ཚེ་ཡོང་དེ་ལ་མི་དགའ་བྱས་ཅི་ཕན་དགོས་པ་ཅུང་ཟད་ཀྱང་མེད་དེ། དེ་ཐོབས་མེད་པའི་ཕྱིར་དེ་དག་ནི་ཐམས་ཅད་དུ་འདས་པ་ཡིན་ནོ།། ། ་དེ་ལྟར་རྣམ་པར་དཔྱད་ནས་ཡིད་མི་བདེ་བ་བསལ་བ་ཉིད་མཆོག་ཡིན་ནོ།། གྲོམས་པ་སྡུག་བསྔལ་གནོད་པ་མེད་པར་འགྱུར་བ་ཡིན་ནོ་ཞེས་རབ་ཏུ་བསྒྲུབ་པའི་ཕྱིར་བརྩོན་པར་བྱེད་པ་སྡུག་བསྔལ་ཞེས་བྱ་བ་ལ་སོགས ་པ་ཡིན་ཏེ། སྡུག་བསྔལ་ནི་རྣམ་པ་གཉིས་ཏེ། ལུས་ལ་གནོད་པ་བྱུང་བ་དང་སེམས་ལ་གནོད་པ་བྱུང་བའོ།། དེ་ལ་ལུས་ལྔ་གནོད་པ་བྱུང་བ་ནི་དབྱུག་པ་ལ་སོགས་པ་བསྣུན་པ་ལྀས་བྱུང་བའོ།། ཡིད་ལྀ་གནོད་པ་བྱུང་བ ་ནི་བརྙས་པ་ལ་སོགས་པའི་རྒྱུ་མཚན་ལས་སོ།། དེ་ལས་བརྙས་པ་ནི་ངན་པ་བྱེད་པའོ།། ཚིག་རྩུབ་ནི་གནས་འབྱེད་པའི་ཚིག་སྟེ། མི་སྙན་པ་ནི་གྲགས་པ་མ་ཡིན་པ་དང་། ཡོན་ཏན་དང་བྲལ་བར་བརྗོད་པའོ།། དེ་དག ་ཐམས་ཅད་ནི་མི་འདོད་པ་ཡིན་ནོ།། གལ་ཏེ་གཞན་ལས་བྱུང་ན་ལེགས་པ་མ་ཡིན་ནམ་ཞེ་ན། དེའི་ཕྱིར་གསུངས་པོ། བཤེས་རྣམས་ལས་ཞེས་གསུངས་ཏེ། གང་ལ་བདག་ཉིད་ཀྱི་ཁས་བླངས་པ་མཛའ་བའི་གནས་དེ་དག ་དང་བདག་ཉིད་ལ་ཡང་ངོ་།། སྡུག་བསྔལ་ལ་སོགས་པ་བྱེད་པ་པོ་དགྲ་ལ་དེ་ལས་བཟློག་པ་འབྱུང་། དེ་ལ་ནི་སྡུག་བསྔལ་བ་ལ་སོགས་པ་མངོན་པར་འདོད་པ་ཡིན་ནོ།། དེ་ལ་སྡུག་བསྔལ་མི་བཟོད ་པ་དེ་རེ་ཞིག་ཟློག་པར་བྱེད་པ། བདེ་བའི་རྒྱུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འབོད་པ་ཆེན་པོས་དགེ་བའི་ཕྱོགས་ཉེ་བར་བསྟན་པ་རེས་འགའ་འམ་བརྒྱ་ལ་སྟེ་འཁོར་བར་ཟག་པ་དང་བཅས་པའི་བདེ་བ་ཤིན་ཏུ་རྙེད་པ ་དཀའོ།། སྡུག་བསྔལ་ནི་ཐམས་ཅད་དུ་རྙེད་པར་སླ་སྟེ་འབད་པ་མེད་པར་འགྲུབ་པའི་ཕྱིར་རོ།། དེ་བས་ན་དེ་གོམས་པ་ནི་དཀའ་བ་མ་ཡིན་ཏེ། ཐམས་ཅད་དུ་འདྲིས་པའི་ཕྱིར་རོ།། འདི་ལྟར་ཡང་འཁོར་བ་ནས་ངེས་པར་འབྱིན ་བའི་ཐབས་ཀྱང་སྡུག་བསྔལ་ཉིད་ཡིན་ཏེ། དེ་ལྟ་ན་ཡང་རྒྱགས་ཀྱི་ཚུལ་དུ་ང་ཡོངས་སུ་གཟུང་བར་རིགས་པ་ཉིད་ཡིན་ནོ།། གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་གྱི་སེམས་སྡུག་བསྔལ་ཉམས་སུ་མྱོང་བར་བྱ་བའི་ཕྱིར་བརྟོན ་པར་གྱིས་ལ་སྡང་བ་ལ་གནས་བརྟན་པར་མ་བྱེད་ཅིག།། བམ་པོ་དགུ་པ།། འོན་ཀྱང་ལྡོག་བསྔལ་འདི་དོན་ཆེན་པོ་སྒྲུབ་པའི་ཕྱིར་བསྟེན་པར་རིགས་སོ་སྙམ་དུ་ཡིད་ལ་བྱའོ་ཞེས་བྱ་བ ་ནི་རྫོང་གཏུམ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྫོང་གཏུམ་མོའི་བུ་ནི་གཏུམ་མོའི་བུ་སྟེ། སྟོན་ཟླ་འབྲིང་པོའི་ཚེས་དགུའི་དུས་ལ་སོགས་པར་ཞག་གསུམ་མམ་ཞག་གཅིག་དུ་གསོ་སྦྱིན་བྱས་ནས་ལུས་བསྲེག་པ་དང་གོཅོང ་པ་དང་འབིགས་པར་བྱེད་པའི་སྡུག་བསྔལ་ཚོར་བ་འབྲས་བུ་མེད་པ་ཉམས་སུ་མྱོང་བར་བྱེད་པའོ།། དེ་བཞིན་དུ་ཡུལ་ཀརྞ་ཊ་ལ་སོགས་པར་བྱུང་བ་ལྷོ་ཕྱོགས་ཀྱི་རྒྱུད་དུ་གོང་མའི་མིང་འབྲིང་བ་ཙམ་གྱི་ང་རྒྱལ་གྱིས་ཕན་ཚུན་དུ་འགྲན། ་པར་བྱེད་པའི་བྱེད་པ་དུ་མས་སྡུག་བསྔལ་ཉམས་སུ་མྱོང་ཞིང་སྲོག་ཀྱང་འདོར་བར་བྱེད་ན་བདག་ནི་བདག་དང་གཞན་མཆོག་ཏུ་དཀོན་པའི་སངས་རྒྱས་ཉིད་དུ་བསྒྲུབ་པའི་ཕྱིར་བརྩོན་པར་བྱས་པ་ཡིན་ན་ཅིའི་ཕྱིར་སྡུག་བསྔལ་རྣམས་ཀྱི ་བདཱུར་བར་བྱོ། འོ་ན་དེ་ལྟར་གྱུར་ན་གལ་ཏེ་སྡུག་བསྣོལ་ཤིན་ཏུ་ཆུང་བ་ནི་བསྟེན་པར་ནུས་ཀྱིས། ལག་པ་དང་རྐང་པ་དང་མགོ་བོ་གཅོད་པ་ལ་སོགས་པའམ། སེམས་ཅན་དམྱལ་པོ་ལ་སོགས་པའི་སྡུག་བསྔལ་ལས་ཐར་པའི་དོན ་དུ་ཇི་ལྟར་ན་བསྟེན་པར་བྱ་ཞེ་ན། འདིར་གོམིས་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྟན་བཅོས་གོམས་པར་བྱེད་པ་དང་། སྒྱུ་རྩལ་ལ་སོགས་པ་ལ་མཁས་པ་ལ་སོགས་པའམ་སྡུག་བསྔལ་ཆུང་ངུ་དང་འབྲིང་དང་ཆེན་པོ་ཙམ ་ཉམས་སུ་མྱོང་བར་བྱ་བོའི་དངོས་པོ་གང་ཞིག་གོམས་པའི་སྤྱོད་ཡུལ་དུ་མི་འགྱུར་བ་དེ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ་ཐམས་ཅད་ནི་གོམས་པས་བདག་གིར་བྱ་བར་ནུས་སོ་སྙམ་དུ་དགོངས་པ་ཡིན་ནོ།། གང་གི་ཕྱིར་གནོད་པ ་ཤིན་ཏུ་ཆུང་ངུ་ལ་སོགས་པར་འགྱུར་བ་དེའི་ཕྱིར་སེམས་ཅན་དམྱལ་བ་ལ་སོགས་པའི་གནོད་པ་ཆེན་པོའང་བསྟེན་པར་ནུས་ཏེ། ཡུན་རིང་པོར་ཤིན་ཏུ་གོམས་པར་བྱས་པས་སླར་ཡང་དེ་ཉིད་བདེ་བའི་ངོ་བོར་ཡོངས་སུ་འགྱུར ་པར་འགྲོ་བ་ཡིན་པས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདེ་པ་ཉིད་ནི་སྡུག་བསྔལ་ཏེ། ཇི་སྐད་དུ་གསུངས་པ། དེ་ལ་སྡུག་བསྔལ་ཆུང་ངུ་ལ་གོམས་པ་སྔོན་དུ་བཏང་ན་དཀའ་བ་ཤིན་ཏུ་དཀའ་བ་ཡང ་གོམས་པར་འགྱུར་ཏེ། དཔེར་ན་གོམས་པའི་དབང་གིས་སེར་སྣ་ཅན་རྣམས་སྡུག་བསྔལ་ལ་བདེ་བར་འདུ་ཤེས་པ་དེ་བཞིན་དུ་སྡུགེ་བསྔལ་འབྱུང་བ་ཐམས་ཅད་བདེ་བའི་འདུ་ཤེས་ཉེ་བར་གནས་པ་གོམས་པའི་བདེ་བའི་འདུ་ཤེས ་ཉིད་དུ་ཉེ་བར་གནས་པར་འགྱུར་རོ་ཞེས་སོ།། དེ་ལྟར་ན་རྒྱུ་མཐུན་པའི་འབྲས་བུ་ཡང་ཆོས་ཐམས་ཅད་བདེ་བར་འགྲོ་བའི་ཞེས་བྱ་བ་ཏིང་ངེ་འཛིན་འཐོབ་པོ།། ཡབ་དང་སྲས་མཇལ་བ་ལས། བཅོམ་ལྡན་འདས་ཆོས་ཐམས་དྲང ་ལ་བདེ་བར་འགྲོ་བ་ཞེས་བགྱི་བའི་ཏིང་ངེ་འཛིན་མཆིས་ཏེ། ཏིང་ངེ་འཛིན་དེ་དག་གིས་ཐོབ་པས་བྱང་ཆུབ་སེམས་དཔའ་དམིགས་པའི་དངོས་པོ་ཐམས་ཅད་ལ་བདེ་བའི་ཚོར་བ་ཤ་སྟག་མྱོང་བར་འགྱུར་ཞིང་སྡུག་བསྔལ་གྱི་ཚོར ་བ་མི་མྱོང་ལ། སྡུག་བསྔལ་ཡང་མ་ལགས། བདེ་བ་ཡང་མ་ལགས་པ་མི་མྱོང་སྟེ། དེ་ལ་སེམས་ཅན་དམྱལ་བའི་གནོད་པས་གནོད་པ་བགྱིས་ཀྱང་བདེ་བའི་འདུ་ཤེས་ཉེ་བར་གནས་པར་འགྱུར་པ་དང་། མིའི་གནོད་པས་གནོད ་པ་བགྱིས་ཀྱང་བདེ་བའི་འདུ་ཤེས་ཉེ་བར་གནས་པ་དང་། ལག་པ་བཅང་ངམ། རྐང་པ་འམ། རྣ་བ་འམ། སྒོ་གཏུབས་ཀྱང་བདེ་བའི་འདུ་ཤེས་ཉེ་བར་གནས་པར་འགྱུར་བ་དང་། རྩ་ལྡག་གིས་བཞུས་སམ། རྩ་ལྕག་ཕྱེད་ཚལ་ལམ། ་ལྕུག་གིས་བཞུས་ཀྱང་བདེ་བའི་འདུ་ཤེས་ཉེ་བར་གནས་པ་དང་། བཙོན་རར་བཅུག་གམ། དུག་གི་སྤྱོད་ལྟར་གདུགས་སམ། བུ་རམ་ཤིང་བརྡུངས་པ་ལྟར་བརྡུངས་སམ། འདམ་བུ་གཞོམ་པ་ལྟར་བཅོམ་མམ་འབྲུ་མར་གྱི་མར་མེ་ལྟར ་འབར་བར་བྱས་སམ་ཞེས་བྱ་བ་ནས་ཀརྵ་པ་ཎ་ཙམ་དུ་གཏུབས་སམ། འབྲས་ཕྱེ་བཅོ་བ་ལྟར་བཙོས་སམ། གླང་པོ་ཆེ་རྣམས་ཀྱིས་གཉིས་ཀྱང་བདེ་བའི་འདུ་ཤེས་འཇུག་གོ་ཞེས་རྒྱ་ཆེར་འབྱུང་ངོ་།། གལ་ཏེ་དང་པོ་གནོད་པ་ཆུང ་དུ་གོམས་པོར་འགྱུར་ན། དེ་ལྟར་འགྱུར་ན། འོན་ཀྱང་དེ་ཉིད་མེད་དོ་ཞེ་ན། འདིར་སྦྲུལ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦྲུལ་ལ་སོགས་པས་བྱས་པའི་སྡུག་བསྔལ་དོན་མེད་པ་ཅི་མ་མཐོང་སྟེ། དེ་ནི་འབད་པ་མེད་པར་གྲུབ ་པ་ཡིན་ཏེ། གནོད་པ་ཆུང་ངུ་གོམས་པའི་རྒྱུ་མཚན་ནི་ཡོད་པ་ཉིད་དོ་སྙམ་དུ་དགོངས་པའོ།། ཡང་གཞན་དུ་རང་གི་སེམས་བརྟན་པར་བྱ་བའི་ཕྱིར། ཚེ་གྲང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་བཟེ་རེ་ཅན་ནི་སྡུག་བསྔལ ་ཤིན་ཏུ་ཚར་གནོད་པར་འགྱུར་ཏེ། སེམས་བརྟན་པ་ལ་ནི་སྡུག་བསྔལ་ཡང་བཟློག་ནས་སོ།། སེམས་བརྟན་པའི་ཡང་སྡུག་བསྔལ་མི་བཟོད་པ་ཉིད་མ་ཡིན་ནམ་ཞེ་ན། འདིར་ལ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་བརྟན ་པ་ལ་ནི་མི་ནུས་པ་ཞེས་བྱ་བ་ཅུང་ཟད་ཀྱང་མེད་དེ། འདི་ལྟར་སྐྱེས་བུ་དཔའ་བོ་ལ་ལ་གཡུལ་ངོའི་སར་བདག་གི་ཁྲག་མཐོང་ཡང་། ལྷག་པར་དཔའ་བ་བསྟེན་པར་བྱེད་དོ།། ཡང་སེམས་ཀྱི་རྒྱུད་སྔར་བ་ལ་ལ་ནི་གཞན་གྱི་ཁྲག་མཐོང ་བས་ཀྱང་ཤི་ལ་ཐུག་པའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་ཏེ། དེ་དག་གཉི་ག་ཡང་གཅིག་ལ་གཅིག་སེམས་གོམས་པ་དང་བཟློག་པ་ལས་ཡིན་ནོ།། དེ་ལྟར་ཤེས་པར་བྱས་ནས་སྡུག་བསྔལ་རྣམས། ་ཀྱིས་མི་ཚུགས་བྱོས་ཏེ། སྡུག་བསྔལ་རྣམས་ཀྱིས་ཀྱང་ཟིལ་མི་ནོན་པར་བྱ་སྟེ། སེམས་མི་བསྐུལ་བའི་ཕྱིར་རོ།། དེ་བས་ན་གནོད་པ་ཟིལ་གྱིས་གནོན་ཅིང་། དེས་ནི་ཟིལ་གྱིས་མི་གནོན་ནོ།། དེ་ལྟར་ན་ཡོད་གནོད་པ་ཁྱད་དུ་བསད ་པར་བྱའོ་ཞེས་མཁས་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཁས་པས་སྔར་བསྟན་པའི་དང་བ་ཉམས་པར་མི་བྱའོ།། ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཉོན་མོངས་པའི་དུག་རྣམས་དང་ཐབས་གཅིག་ཏུ་གཡུལ་འགྱེད་པར་རྩོམ ་བ་ན། གཡུལ་དུ་ཡང་གནོད་པ་ཞེས་བྱ་བ་མི་འགྱུར་རོ་ཞེས་བྱ་བ་ནི་དཀོན་ཏེ་གནོད་པ་ནི་མེད་པ་ཉིད་ཡིན་ནོ།། དེ་ལྟ་མོད་ཀྱི་ཤིན་ཏུ་བྱ་དཀའ་བ་འདི་འདྲ་བ་སྣང་བ་མ་ཡིན་ནམ་ཞེ་ན། འདིར་གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས ་ཏེ། གཡུལ་པོར་དགྲ་བོ་ཟིལ་གྱིས་གནོན་པ་ལ་མངོན་དུ་ཕྱོགས་པ་ནི་ངེས་མཚོན་བརྡེག་པ་བྲང་དུ་ཕོག་ནའང་ཕོག་ཕོག་ཏུ་དགྲ་ལས་རྒྱལ་བར་བྱ་བ་གང་ཡིན་པ་དེ་དང་དེ་དག་ནི་སྐྱེས་བུ་དཔའ་བོ་ཡིན་ཏེ། མཆོག་ཏུ་དགྲ་ལས་རྣམ ་པར་རྒྱལ་བར་བྱེད་པས་འདི་རྣམ་པར་རྒྱལ་བ་ཐོབ་བྱས་སོ་ཞེས་བསྔགས་པར་བྱེད་དོ།། ཡང་གཞན་གང་ཞིག་དོན་གྱིས་རྨི་ལ་སོགས་པས་དོག་ཟིལ་གྱིས་གནོན་པ་དེ་དག་ནི་ཅུང་ཟད་ཀྱང་བྱེད་པ་མིན་པས་རོལ་གསོད་པ་ལྟར ་དཔའ་བོ་རྣམས་ཀྱིས་སྨད་པར་འོས་པ་ཡིན་ནོ།། ཡོན་ཏན་བསྟན་པ་འདས་ཀྱང་སྡུག་བསྔལ་དང་དུ་བླང་བར་བྱའོ་ཞེས་གསུངས་པ་ནི།། གཞན་ཡང་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། གཞན་ཡང་སྡུག་བསྔལ་འདིའི་ཡོན་ཏན ་ནི་འདི་ཡིན་ཏེ། དགེ་བའི་རྒྱུ་རྫོགས་པའི་ལམ་དང་རྗེས་སུ་མཐུན་པའོ།། སྡུག་བསྔལ་གང་ཡིན་ལ་ཞུགས་ན་སྐྱེ་བ་སྐྱེ་བར་འགྱུར་རོ།། དེའི་ཕྱིར་ན་གཟུགས་དང་ལང་ཚོ་དང་ནོར་ལ་སོགས་པས་བྱས་པའི་དྲེགས་པ་སེལ་བར ་བྱེད་དེ་ཉམས་པར་འགྱུར་བ་དང་། འཁོར་བ་ལ་སྟེ། འཁོར་བ་སྡུག་བསྔལ་གྱིས་གཟིར་བ་རྣམས་ལ་སྙིང་རྗེ་པོའི་སེམས་དང་། འདི་ནི་སྡུག་བསྔལ་བའི་འབྲས་བུ་ཡིན་ནོ་སྙམ་དུ་རིག་ནས་སྡིག་པས་འཇིགས་ཏེ། མི་བྱ ་བོའི་སེམས་དང་སངས་རྒྱས་ཏེ་བཅོམ་ལྡན་འདས་ཉིད་ཀྱིས་སྡུག་བསྔལ་ཟུད་པར་འགྲོ་བའི་ལམ་ནི་ཉེ་བར་བསྟེན་པའོ་སྙམ་ནས་གུས་པ་དང་། དང་པ་དང་། སེམས་དང་བའོ།། སྡུག་བསྔལ་དང་དུ་ལེན་པ་ཡང་གཞན་གྱི་རྐྱེན་གྱིས ་བྱུང་བར་བརྟག་པ་མཁྲིས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་འདི་མཁྲིས་པ་ལ་སོགས་པ་ཉེས་པ་གསུམ་གྱི་བདག་ཉིད་དེ། དེ་ཡང་རྣམ་པ་དེ་ལྟ་བུའི་ཟས་དང་གནས་པ་དང་བྲལ་བས་མ་སྙོམས་པའི་གནས་སྐབས་སུ ་གྱུར་ནས་ནད་བསྐྱེད་པར་བྱེད་དེ། སྡུག་བསྔལ་ཐམས་ཅད་ཀྱི་རྒྱུར་འགྱུར་རོ།། དེ་ལྟར་མོད་ཀྱི་དེ་དག་ཁ་ནི་བདག་མི་ཁྲོ་སྟེ་སེམས་པ་མེད་པའི་ཕྱིར་རོ།། དེ་དག་བསམས་བཞིན་དུ་སྡུག་བསྔལ་བསྐྱེད་པར་བྱེད་པ་ནི་མ་ཡིན ་ཏེ། འོན་ཀྱང་རང་གི་རྒྱུ་ཚོགས་པའི་དབང་གིས་རབ་ཏུ་འཁྲུག་པར་འགྱུར་བ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟར་ཡིན་ན་སེམས་ཡོད་རྣམས་ལ་ཅི་སྟེ་ཁྲོ་ཅི་སྟེ་མ་ཡིན་ཞེ་ན། དེ་དག་ཀྱང་སྔོན་གྱི་ལས་ལ་རག་པའི ་ཕྱིར་རང་གི་རྒྱུ་ཚོགས་པ་རབ་ཏུ་འཁྲུག་པར་གྱུར་པས་སྡུག་བསྔལ་བསྐྱེད་པ་ཡིན་ནོ།། དེ་བས་མཁྲིས་པ་ལ་སོགས་པ་བཞིན་དུ་དེ་དག་ལ་ཡང་བདག་ཁྲོ་བར་མི་རིགས་སོ།། འདིར་གཉི་ག་ཡང་མཚུངས་པར་རྒྱུ་ལ་རག་ལས ་པོའི་ཕྱིར་རོ་ཞེས་ཉེ་བར་སྟོན་པ་དཔེར་ན་ཞེས་བྱ་བ་གསུངས་ཏེ། དཔེར་ན་རང་གི་རྐྱེན་གྱིས་ཉེ་བར་བསྐྱེད་པའི་ནུས་པ་ཅན་མཁྲིས་པ་ལ་སོགས་པ་འདོད་པ་མེད་པར་ཡང་ངེས་པར་ན་ཚེ་བསྐྱེད་པ་དེ་བཞིན་དུ་རང་གི་རྒྱུ་ཡོངས ་སུ་འགྱུར་བ་ལ་བརྟེན་པའི་ནུས་པ་ཡིད་མི་བདེ་བ་ལ་སོགས་པས་ཁྲོ་བ་བསྐྱེད་དོ།། དེ་ལྟར་ན་འདི་དག་ཐུན་མོང་དུ་རྒྱུ་དང་རྐྱེན་ལ་རེག་ལས་པ་ཡིན་ནོ།། ཇི་སྟེ་དེ་ལྟར་ནི་འདིར་སེམས་པ་དང་བཅས་པ་རྣམས་བསམ་ནས ་རྣམ་པ་དེ་ལྟར་མི་འདོད་པ་བྱེད་པ་ཡིན་ལ། ཅིག་ཤོས་ནི་དེ་ལྟར་མ་ཡིན་ནོ་ཞེས། ཁྲོ་བར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་རྐྱེན་ཚོགས་པ་མེད་པར་ཁྲོ་བར་བྱའོ་ཞེས་དེ་ལྟར་བློ་སྔོན་དུ་བཏང་ནས་བསམས ་བཞིན་དུ་སྐྱེ་བོ་རྣམས་རང་དོགར་ནི་མེད། ཁྲོ་བ་ཡང་བསྐྱེད་པར་བྱའོ་སྙམ་དུ་དགོངས་ནས་རང་དབང་ཅན་དུ་མི་སྐྱེའོ།། དེ་ལྟ་བས་ན་འདིར་འདི་ཉིད་ནི་ཚད་མས་གྲུབ་པོ་ཞེས་ཉེ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི ་དགྲ་ཐམས་ཅད་ནི་རྐྱེན་འདི་དག་ཙམ་ཉེ་བར་གནས་པའི་རུང་བཞིན་ཡིན་ཏེ། རང་དབང་དུ་འཇུག་པ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ།། རྐྱེན་རྣམས་ཚོགས་པ་དེ་དག་ཀྱང་རང་གི་འབྲས་བུ་བསྐྱེད་པ་ན་ལེགས་པར་བསམས་ནས་མི ་བསྐྱེད་དོ།། དེ་ནི་རང་གི་རྒྱུ་ཡོངས་སུ་འགྱུར་བ་ཉེ་བའི་ཆོས་ཉིད་ཀྱིས་རྣམ་པ་དེ་འདྲ་བའི་འབྲས་བུ་སྐྱེད་པ་ཡིན་ཏེ། བསམས་ནས་ནི་མ་ཡིན་ལ། དེས་བསྐྱེད་དེ་ཡང་སྟེ་འབྲས་བུ་ཡང་ཚོགས་པ་འདི་དག་གིས་བསྐྱེད་དོ་ཞེས་སེམས ་པ་ཡིད་ལ་བྱེད་པ་ཡོད་པ་མ་ཡིན་ནོ།། དེ་ལྟ་བས་ན་ཆོས་ཐམས་ཅད་ལ་བྱེད་པ་མེད་པའི་ཕྱིར། འདི་ཡོད་པས་འདི་འབྱུང་ལ་འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་ཡིན་པས། འགྲོ་བ་འདི་ནི་རྐྱེན་ལས་བྱུང་བ་ཙམ་སྟེ། འདིར ་འགའ་ཡང་རང་དབང་ཅན་དུ་འབྱུང་བ་མེད་དེ། ཆོས་ཐམས་ཅད་རྒྱུ་དང་རྐྱེན་ལ་རག་ལས་པའི་ཕྱིར་རོ།། འོ་ན་དེ་ལྟར་ཡིན་ན་རང་དབང་ཅན་ནི་ཡོད་པ་མ་ཡིན་ཏེ། ཇི་ལྟར་གྲངས་ཅན་པའི་གཙོ་བོ་དང་། བདག་དང་རིགས ་པ་ཅན་ལ་སོགས་པའི་ན་མཁའ་ལ་སོགས་པའོ།། དེས་ནུ་ཅིའི་ཕྱིར་འདི་ལ་རང་དབང་ཅན་ནི་འགའ་ཡང་མེད་དོ་ཞེས་བརྗོད་པར་བྱེད་ཅེས་དོགས་པ་ལ། གཙོ་བོ་ཞེས་བྱ་བ་ལ། སོགས་པ་གསུངས་ཏེ། ཁྱོད་ཀྱི་གང་རྡུལ་དང ་དང་མུན་པ་དང་སྙིང་སྟོབས་ཀྱི་ཆ་མཉམ་པའི་རང་བཞིན་ནི་གཙོ་བོ་ཞེས་འདོད་པ་དེའོ་ཞེས་བྱ་ཞེས་པ་ནི་དེ་ནི་ཚད་མས་གྲུབ་པ་མེད་དོ་ཞེས་མི་འདོད་པ་སྟོན་པར་བྱེད་པའོ།། དངོས་པོ་འགའ་ཞིག་ལ་བདག་ཅེས་བརྟགས་ཤིང་ཞེན ་པ་གང་ཡིན་པ་དེ་ཡང་ཚད་མ་དང་མི་ལྡན་ནོ་ཞེས་གསུངས་པའོ།། གང་གི་ཕྱིར་དེ་ཉིད་ནི་རང་ཉིད་དེ། དེ་ལས་གཞན་པའི་རྒྱུ་མེད་པའི་ཕྱིར་འབྱུང་ངོ་སྐྱེའོ་ཞེས་བསམས་ནས་སྐྱེ་བ་མེད་དོ།། ཅིའི་ཕྱིར་ཞེ་ན། གང་གི ་ཕྱིར་མ་སྐྱེས་པར་ནི་དེ་སྟེ་གཙོ་བོ་ལ་སོགས་པ་སྔ་ནས་ཡོད་པ་མ་ཡིན་པ་ཉིད་ཡིན་ལ། མེད་པ་ཡང་མོ་གཤམ་གྱི་བུ་ལ་སོགས་པ་ལྟ་བུ་ཡིན་ན་སྐྱེ་བར་འདོད་པར་གྱུར་པ་གང་ཡིན། ཇི་སྟེ་མེད་པ་ནི་འགའ་ཡང་མི་སྐྱོ་སྟེ། འོན་ཀྱང ་མི་གསལ་བའི་གནས་སྐབས་ལས་གསལ་བའི་གནས་སྐབས་སུ་ཡོངསུ་འགྱུར་བ་ཙམ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ཡིན་ན་ཡོངས་སུ་འགྱུར་པ་དང་། གསལ་བའི་གནས་སྐབས་ཀྱང་མེད་ན་ཇི་ལྟར་སྐྱེད། ཡོངས་སུ་འགྱུར་པ་དང ་གསལ་བའི་གནས་སྐབས་དེ་དེའི་རང་བཞིན་ཡིན་ན་དེ་ཡང་སྐྱེ་བར་ཐལ་བར་འགྱུར་རོ།། ཐ་དད་པ་ཡིན་ན་འབྲེལ་པ་མེད་པ་དང་། འབྲེལ་པ་བརྟགས་པ་ཡིན་ན་ཡང་ཐུག་པ་མེད་པར་འགྱུར་ཏེ། འོག་ནོས་རྒྱས་པར་གཙོ་བོ་འགེགས་པར ་འགྱུར་རོ།། འོ་ན་དེ་ལྟར་ན་ཡང་བདག་ལ་ཡང་ཉེས་པ་འདི་མེད་པ་ཉིད་དེ། དེ་ལ་ནི་བདག་ཅག་སྐྱེ་བར་མི་འདོད་དེ། དེ་ནི་དུས་ཐམས་ཅད་དུ་རྟག་པའི་རང་བཞིན་སྐྱེ་བ་མེད་པ་ཁོ་ནའོ་ཞེ་ན། དེ་ལྟར་འདོད་དུ་ཆུག་པ་ཡང་འདི་ནི་རྣམ་པ ་ཐམས་ཅད་དུ་བོང་བུའི་རྭ་དང་འདྲ་བ་ཉིད་ཡིན་ཏེ། སྐྱེ་བ་མེད་པའི་ཕྱིར་རོ།། དེ་བས་ན་འདི་ལ་མི་སྐྱེས་པར་ནི་དེ་མེད་ན། དེ་ཚེ་སྐྱེ་བར་འདོད་པ་གང་ཞེས་བྱ་བའི་ཉེས་པ་ལྡོག་པར་མི་འགྱུར་རོ།། ཡོད་ན་ཡང་འདི་ལ་བདག་ཉིད་ལ་ཡཱ ་རུང་དབང་ཉིད་མེད་དོ།། དེ་ཡང་གཙོ་བོས་གཏང་བའི་ཡུལ་ཉིད་ལ་ལོངས་སྤྱོད་པ་ཡིན་ན། དེའི་ཚེ་ཡང་ལུས་ལ་ལོངས་སྤྱོད་པ་ལས་སྔར་འདི་ལ་ལོངས་སྤྱོད་པ་པོ་ཉིད་མེད་དོ།། ཕྱིས་སྐྱེས་པ་ཡང་དེའི་རང་བཞིན་ཉིད་ཡིན་ཏེ། གཞན་དུ་མ ་དེའི་ལོངས་སྤྱོད་པ་པོ་ཉིད་མི་རིགས་པའི་ཕྱིར་རོ།། དེ་སྐྱེ་བ་ན་ཡང་དེ་ཡང་ཡིན་པའི་ཕྱིར་ཇི་ལྟར་ན་བདག་ལ་སྐྱེ་བར་མི་འདོད།། ཡང་དེ་ཉིད་མ་སྐྱེས་པར་ནི་དེ་མེད་ན།། དེ་ཚེ་སྐྱེ་བོར་འདོད་པ་གང་ཞེས་བྱ་བ་འདི་འཐོབ་པོ།། འདིར་གཞན ་ཡུང་སུན་དབྱུང་བ་གསུངས་པ། ཡུལ་ལ་རྟག་ཏུ་ཡུངས་འགྱུར་ཞེས་བྱ་བ་ལ། གང་གི་ཚེ་འདི་གཙོ་བོ་གཏང་བའི་ཡུལ་ལ་ལོངས་སྤྱོད་པའི་ཕྱིར་འཇུག་པ་ཡིན་ནོ་ཞེས་འདོད་ན། དེའི་ཚེ་སྔར་འཇུག་པ་མེད་པས་ཕྱིས་ཀྱང་འཇུག་པར ་མི་རིགས་སོ།། ཇི་སྟེ་བརྒྱ་ལ་འཇུག་གོ་ཞེས་ན་དེའི་ཚེ་ཡང་ཡུལ་ལ་གཡེངས་པ་ལས་ལྡོག་པར་མི་འགྱུར་རོ།། དེ་ཉིད་ན་འགག་པར་འགྱུར་བའང་མ་ཡིན་ནོ་ཞེས་གསུངས་པ་ཡིན་ཏེ། དེའི་ཚེ་ཡུལ་ལ་ལོངས་སྤྱོད་པ་ལྡོག་པར་ཡང ་སྤྲོ་བ་མེད་པར་འགྱུར་ཏེ། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ།། དེ་ཡང་རྟག་པའི་ཕྱིར་མི་ལྡོག་སྟེ། ལྡོག་ནཱ་ཡང་མི་རྟག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ།། རིགས་པ་ཅན་ལ་སོགས་པའི་བདག་ཏུ་བརྗོད་པ་ནི་རྟག་པའི་ཕྱིར་དེའི་ཁྱད ་པར་གསུངས་པ་ཅི་སྟེ་ཞེས་བྱ་བ་ལ་སོགས་པ་ལ། འདིར་གྲངས་ཅན་ལས་བྱེ་བྲག་ནི་སེམས་པ་མེད་པ་ཡིན་ཏེ། གཞན་ནི་མཚུངས་པ་ཉིད་དོ།། དེ་ལ་རྟག་པ་ནི་དུས་སྔ་ཕྱིར་རང་བཞིན་གཅིག་པའོ།། སེམས་པ་མེད་པ་ཡང་སེམས ་མེད་པའི་རང་བཞིན་ཏེ་བེམས་པོ་ཞེས་བྱ་བའི་དོན་ཏེ། སེམས་ཅན་ནི་གཞན་དང་འབྲེལ་པས་སེམས་པར་བྱེད་པའོ།། མཁའ་བཞོན་ནི་ཁྱབ་པའོ།། དེ་འགྱུར་མངོན་ཏེ་བྱང་བ་མེད་པར་གསལ་བའོ།། གང་གཞན ་དག་འདོད་པ་ལ་སོགས་རྟེན་དང་། རང་ནི་སེམས་མེད་ངོ་བོ་དང་།། རྟག་དང་དེ་བཞིན་དུ་ཀུན་ཁྱབ་དང་།། དགེ་དང་མི་དགེའི་ལས་རྣམས་ཀྱི།། བྱེད་པ་པོ་དང་དེ་འབྲས་བུ།། ལོངས་སྤྱོད་པ་དང་སེམས་པ་དང་།། ལྡན་ཕྱིར་སེམས་པའི ་རང་བཞིན་གྱི།། བདག་ཏུ་འདི་ནི་འདོད་པ་ཡིན་ཞེས་བསྟན་པ་ཡིན་ནོ།། དེ་ལྟར་ན་འདི་ནི་ཅི་ཡང་མི་བྱེད་པ་ཡིན་ཏེ། བྱེ་བ་འགའ་ལ་ཡང་མི་མཁོ་བའི་ཕྱིར་རོ།། འོན་ཏེ་བྱེད་པ་མེད་པ་ལ་ལྷན་ཅིག་བྱེད་པའི་རྐྱེན་གཞོན་ཉེ་བ་ལ་སོགས ་ཡང་བྱེད་པ་ཁས་བླང་བར་བྱ་སྟེ། གང་ཤེས་དང་རྩོལ་བ་དང་འབྲེལ་པ་དེ་ལ་བྱེད་པ་ཉིད་དུ་བཤང་ཅེས་གསུངས་སོ་ཞེ་ན། འདིར་རྐྱེན་གཞན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་པ་དང་རྩོལ་བ་ལ་སོགས་པ་རྐྱེན་གཞན་རྣམ ་དང་ཕྲད་ན་ཡང་རྟག་པའི་ཕྱིར་འགྱུར་བ་མེད་པ་སྔར་གྱི་རང་བཞིན་ལས་འཕོ་བ་མེད་པའི་བདག་ལ་ཅི་བྱར་ཡོད་དེ་ལ་བྱ་བ་ཡོད་པར་མི་རིགས་སོ།། བྱེད་པའི་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་གང་ཞིག་སྟོན་བྱེད་པ་མེད་པའི ་དུས་ན་ཡིན་པ་དེ་ལྟར་བྱེད་པའི་དུས་ན་ཡང་ཡིན་ནི་བྱེད་པ་པོའི་རང་བཞིན་དང་བྲལ་བ་དེ་ལ་བྱེད་པ་པོས་ཅི་ཞིག་བྱས། གང་གིས་ན་རྐྱེན་གཞན་རང་ཕང་པ་དེ་ལ་བྱ་བོ་རྣམ་པར་འཇོག་པར་བྱེད་པ་ཡིན། གཞན་ཡང་འབྲེལ་པ་གཉི ་ག་མེད་པའི་ཕྱིར་ན་བདག་དེའི་བྱེད་པ་འདི་ཡིན་ནོ་ཞེས་འབྲེལ་པར་འགྱུར་བ་གང་ཞིག་ཡོད་དེ། རྒྱུ་མཚན་གཞན་ཅི་ཡོད། ཅི་ཡང་ཡོད་པ་མ་ཡིན་ཏེ། བདག་དང་དབང་ཕྱུག་ཀྱང་རྒྱས་པར་འགེགས་པར་འགྱུར་བའི་ཕྱིར་ཏེ། རང་དབང ་ཅན་འགའ་ཡོང་ཡོད་པ་མ་ཡིན་ནོ།། དེ་ལྟར་ཐམས་ཅད་དུ་རང་དབང་ཅན་མ་ཡིན་པར་བསྒྲུབས་ནས་མཇུག་བསྡུ་བ་ནི། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་བསྟོན་པའི་ཚུལ་གྱིས་ཕྱི་དང་ནང་གི་དངོས་པོའི་རྣམ་པ་ཐམས ་ཅད་གཞན་གྱི་དབང་སྟེ་གཞན་ལ་རེག་ལས་པ་ཡིན་ནོ།། དེ་ལྟར་ན་འོ་ན་གང་གིས་དབང་ཡིན་པ་དེ་ནི་གཞན་ལ་རིག་ལས་པ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། གང་གི་དབང་གིས་དེ་དབང་མྱེད་དེ། རང་གི་རྒྱུའི་གཞན་གྱི་དབང་ཡིན་ནོ།། ་ལྟར་ན་རྒྱུ་དེ་ཡང་གི་རྒྱུ་ལས་སྐྱེ་བའི་ཕྱིར་ཐོག་མ་མེད་པར་འཁོར་བའི་རྒྱུད་པ་ལ་འགའ་ཡང་རང་དབང་ཅན་དུ་གྱུར་པ་མི་སྲིད་དོ།། དེའི་ཕྱིར་ཆོས་ཐམས་ཅད་ནི་བྱེད་པ་ཡིན་ནོ།། དོན་དམ་པར་སུ་ཞིག་སུ་ལ་གནོད་པ་བྱེད། དེ་བས་ནུ ་གནོད་པ་བྱེད་པ་གང་ལ་གནོད་པ་བྱས་པ་གང་ཞིག་གང་ཞེ་སྡང་འབྱུང་བར་འགྱུར། དེ་ཉིད་གསུངས་པ་མྱ་ངན་འདས་ལྟའི་ཞེས་བྱ་བ་ལ་སོགས་པ་སྟེ། བྱེད་པའི་རྟོགས་པ་ཐམས་ཅད་དང་བྲལ་བའི་ཕྱིར་མྱ་ངན་ལས་འདས་པ་བཞིན་དུ་སེམས ་པ་མེད་ཅིང་གཡོ་བ་མེད་པའི་ཆོས་ཐམས་ཅད་དེ་ལྟར་གྱུར་པ་རྣམ་པ་སུ་ལ་ཁྲོ་བར་བྱེད་དེ། རྟོག་པ་དང་ལྗོན་པ་དག་འགའ་ལ་ཡོང་ཁྲོ་བར་མི་རིགས་སོ་སྙམ་དུ་དགོངས་པ་ཡིན་ནོ།། འོ་ན་དེ་ལྟར་ཡིན་ན་གཅིག་བསྒྲུབ་པ་ན་གཉིས་པ་ཉམས ་པར་འགྱུར་རོ་སྙམ་དུ་དོགས་པ་གང་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྒྲུབས་པའི་རིགས་པ་བཟློག་པའང་སྟེ། ཕྱིར་བཟློག་པའང་མྱང་འདས་ལྟ་བུའོ།། སེམས་མེད་དངོས་རྣམས་ལ་མི་རིགས་སོ།། ། ་དེ་ལྟར་ཞེས་བྱ་བ་ནི་གང་གི་ཚེ་རང་དབང་ཅན་འགའ་ཡང་མ་མཐོང་སྟེ། ཐམས་ཅད་རྐྱེན་ཚོགས་པ་ལ་བརྟེན་ཏེ་སྐྱེས་པ་ཡིན་པ་དེའི་ཚེ་བཟློག་པ་པོ་ཡང་མི་རིགས་སོ།། གལ་ཏེ་དེ་ལྟར་ཡིན་པ་དེ་ལྟར་ན་ཡང་ཇི་ལྟར་མི་རིགས། བྱེད་པ་པོ ་རང་དབང་ཅན་གང་གིས་བཟློག་པར་བྱ། རང་དབང་ཅན་འཇུག་པ་ག་ཞིག་བཟློག་པར་བྱ། དགོས་པ་ནི་འདི་ཡོན་ཏེ། རིགས་པ་མཚུངས་པཱ་ལ་ལར་ནི་འཇུག་ལ། ལ་ལར་ནི་ལྡོག་པཱར་མི་རིགས་སོ།། གཅིག་ཏུ་ལྡོག་པ་ན་ཐམས་ཅད་དུ ་ལྡོག་པར་རིགས་ཀྱིས། ལ་ལ་ནི་མ་ཡིན་ཏེ། རིགས་པ་མཚུངས་པའི་ཕྱིར་རོ།། དེ་བས་བཟློག་པ་རིགས་པ་མིན་ཞེས་བྱ་བ་དེ་རིགས་པ་ཡིན་ནོ་ཞེས་གལ་ཏེ་དེ་ལྟར་སེམས་ན། འདིར་ལན་གསུངས་པ་བཟློག་པར་རིགས་སོ།། ཅིའི ་ཕྱིར་ཞེ་ན། བརྟེན་ནས་སོ།། གང་གི་ཕྱིར་བྱེད་པ་མེད་པའི་དངོས་པོ་རྣམས་ལ་འདི་ལ་བརྟེན་ནས་འདི་སྐྱེས་སོ་ཞེས་རྟེན་ཅིང་འབྲེལ་པར་འགྱུར་བ་ཡོད་པ་དེའི་ཕྱིར་བཟློག་པར་རིགས་པ་ཡིན་ཏེ། དེ་བས་ན་འགལ་བ་མེད་དོ།། འདི ་སློང་དུ་བསྟན་པར་འགྱུར་ཏེ། གང་ཡང་ཆོས་ཐམས་ཅད་བྱེད་པ་མེད་པ་ཡིན་མོད་ཀྱི། དེ་ལྟར་ན་ཡང་རྟེན་ཅིང་འབྲེལ་པར་འབྱུང་བའི་སྟོབས་ཀྱིས་གཞན་གྱིས་དབང་ཅན་དུ་བསྟན་ཏེ། དེ་ལྟར་ཐམས་ཅད་གཞན་གྱི་དབང་ཞེས་བསྟན་པའི ་ཕྱིར་རོ།། དེ་བས་ན་མི་རིག་པ་ལ་སོགས་པའི་རྐྱེན་གྱི་སྟོབས་ཀྱིས་གོང་ནས་གང་དུ་འབྲས་བུ་འདྲེན་པས་འདུ་བྱེད་ལ་སོགས་པའི་ངོ་བོ་འཇུག་ཅིང་། སྔ་མ་སྔ་ལོག་པ་ན་ལྡོག་སྟེ། དེ་དག་ཀྱང་ཕྱི་ནས་རྒྱས་པར་སྟོན་པར་འགྱུར་རོ།། དེའི་འཁྱོ ་བའི་སྟགས་བསྔལ་རྒྱུན་ཆུད་པ་ལྡོག་པར་མངོན་པར་འདོད་། དེ་བས་མ་ཞེ་སྡང་ལ་སོགས་པ་སྡིག་པའི་ཇོག་པ་ལས་བཟློག་པ་འཐད་པ་ཡིན་ནོ།། དེ་དག་ལ་བརྟེན་ནས་རྣམ་པ་དེ་ལྟ་བུའི་མངོན་པར་མཐོ་བ་དང་། ངེས་པར་ལེགས་པའི ་རང་བཞིན་གྱི་འབྲས་བུ་བྷྱོའོ།། ད་ནི་སྐབས་ཉྀ་ལུ་སྦྱར་བར་བྱ་སྟེ། དེ་བས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་ཐམས་ཅད་བརྟན་ནས་སྐྱེས་པ་དེའི་ཕྱིར་མི་མཛའ་བ་དང་ཅིག་ཤོག་གནོད་པ་བྱེད་པ་རྐྱེན་ལས་གྱུར་ཏོ།། ་ཞེས་བདེ་བ་ཉིད་དུ་དམིགས་པར་བྱའོ།། ཅིའི་ཕྱིར་ཞེ་ན་འདི་ནི་གནོད་པ་བྱེད་པོའི་རྒྱུའི་ངང་ཚུལ་ཅན་ལ་མཛའ་བ་འམ་ཆོག་ཤོག་འདི་འདྲ་བ་ཡིན་པོ་སྟེ། དེ་ལྟ་འོངས་པར་བྱས་པ་བདེ་བར་འདུག་ལ། ཡི་ངོ་མི་བདེ་བར་མི་བྱའོ།། གཞ ་ཡང་སྡུག་བསྔལ་དང་ཉེ་བས་སེམས་འཁྲུག་ན་ཡང་སྡུག་བསྔལ་ལྡོག་པར་མི་འདོད་དོ་ཞེས་བསྟན་པ། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ཉིད་ཀྱི་འདོད་པ་ཙམ་གྱིས་རྒྱུ་མེད་པ་ཡང་མངོན་པར་མི་འདོད་པོ་ལྡོག་པ ་དང་། མངོན་པར་འདོད་པ་གནས་པར་འགྱུར་བ་མེད་དོ།། དེ་ལྟར་གྱུར་ན་སེམས་ཅན་སུ་ལ་ཡང་སྡུག་བསྔལ་བར་མི་འགྱུར་རོ།། ཅིའི་ཕྱིར་ཞེ་ན། བདག་ཉིད་སྡུག་བསྔལ་བར་འདོད་པ་སུ་ཡང་མེད་དོ།། དེ་ལྟར་ན་སེམས་ཅན་ཐམས ་ཅད་ནི་རང་བདེ་བར་འདོད་པ་ཡིན་ནོ།། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་བརྗོད་ནས། ད་ནི་གཞན་གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པ་བསྟན་པ་བག་མེད་པས་ནི་ཞེས་བྱ་བ་ལ་སོགས་པ་གསུངས ་ཏ། མ་བརྟགས་པར་བྱེད་པ་ནི་བག་མེད་པའོ།། རང་ཉིད་ནི་རང་ཉིད་ཀྱི་ལུས་ལ་ཚེར་མ་དང་དོང་དང་། གྱོ་མོ་དང་རྡོ་བ་དང་། གསྲེག་མ་ལ་སོགས་པ་དང་། བགྲོད་དཀའ་བའི་ལམཾ་དུ་ལས་མ་ཡིན་པ་ལ་འཇུག་པའམ། ཚེ་ར་མ་གཏིང ་བ་ལ་ཉལ་བ་ལ་སོགས་པའམ། དེ་བཞིན་དུ་ཟས་དང་སྐོམ་དང་། བགོ་བ་ལ་སོགས་པ་རྣམས་ཀྱིས་གནོད་པ་བྱེད་པའོ།། ཅིའི་ཕྱིར་ཞེ་ན། རྔམ་པ་སྟེ། བགྲོད་པར་བྱ་བ་ཡིན་པ་གཞན་གྱི་བུད་མེད་དང་ནོར་ལ་སོགས་པ་ཐོབ་པར་འདོད ་པའི་དོན་དུའོ།། འགེགས་པ་ནི་སྦྱངས་པའོ།། གཡང་ས་ནི་རི་ལ་སོགས་པའི་གཡང་དེ།། ཆུ་དང་མེར་འདུག་པ་ལ་སོགས་པ་དང་། དུག་དང་མི་འཕྲོད་པ་ལ་སོགས་པ་ཟ་བ་སྟེ། ཧ་ཅང་ཟ་བ་དང་། ཧ་ཅང་མི་ཟ་བ་ལ་སོགས་པའོ ་འགའ་ཞིག་ནི་མི་རྨོངས་པའོ།། རང་ལ་ནི་བདག་ཉིད་ཀྱི་ལུས་ལ་གཞན་གྱིས་གནོད་པས་གནོད་པ་བྱེད་པ་ཡིད་དེ་གསོད་པར་བྱེད་པའོ།། བསོད་ནམས་མ་ཡིན་སྤྱོད་པ་ཡིས་ནི་གཞན་བསད་པའི་བསམ་པས་གཡུལ་ངོ་ལ་སོགས ་པར་མི་དགེ་བའི་ལས་བྱེད་པས་སོ།། གང་གི་ཚེ་དེ་ལྟར་བསྟན་པའི་རིམ་པས་ཉོན་མོངས་དབང་གྱུར་པ་སྟེ། ཉོན་མོངས་པའི་གཞན་དབང་དུ་གྱུར་པའི་ཕྱིར། སེམས་ཅན་དེ་དག་བདག་སྡུག་ཉིད་ཀྱང་སྟེ། ཕངས་པའང་གསོང་བང ་བུ་གཟིར་བར་བྱེད་པ་དེའི་ཚེ་དེ་དག་གཞན་ལུས་ལ་གཞན་གྱི་ལུས་པོ་ལ་གནོད་པ་བྱེད་པ་སྤོང་བར་ཇི་ལྟར་འགྱུར།། དེ་ལྟར་ན་དེ་དག་སྙིང་བརྩེ་བའི་གནས་ཡིན་པས་ཞེ་སྡང་གི་གནས་ནི་མ་ཡིན་ནོ་ཞེས་གསུངས་པ། ཉོན་མོངས ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཤ་ཟ་བཞིན་དུ་ཉོན་མོངས་པས་སྨྱོ་བར་བྱས་པ་གནོད་པ་བྱེད་པ་དེ་དག་རང་ལ་གནོད་པ་འམ། གཞན་ལ་གནོད་པ་བྱེད་པའི་སྒོ་ནས་བསྟན་པའི་ཚུལ་དུ་ཞུགས་པ་རྣམས་ལ་སྙིང་རྗེ་མེད་པ་ཙམ་མ ་ཡིན་པ་སྟེ། དེ་ཙམ་མ་ཡིན་པའོ།། ཐ་མལ་པའམ་བར་མར་ཡང་དེ་ལ་མི་རིགས་ན། བརྩེ་བའི་གནས་རྣམས་ལ་ཞེ་སྡང་བསྐྱེད་པ་ཅི་ཐ་ཚིག་སྟེ། ཤིན་ཏུ་ཆེར་ཕྱིན་ཅི་ལོག་པ་ཡིན་ནོ།། དེ་ལྟར་ཡང་རང་གི་སེམས་བཟློག་པར་བྱའོ།། ་ཞེས་བྱ་བ་ནི། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། འདི་ལྟར་འདིར་བརྟག་པ་རྣམ་པ་ཉིད་བྱ་སྟེ། གལ་ཏེ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་རང་བཞིན་གཞན་ལ་གནོད་པ་བྱེད་པ་དེ་འདྲ་བ་ཡིན་ན། དེའི་ཚེ་ཁྱོད་ཀྱིས་རང ་བཞིན་ལ་ནི་ཅི་སྟེ་གཞན་ལ་གནོད་པ་བྱེད་ཅེས་བརྒལ་ཞིང་བརྟག་པར་མི་རིགས་སོ་ཞེས་ཡོངས་སུ་བརྟགས་ནས་བྱ་སྟེ། དེ་དག་ལྔ་བདག་གིས་ཞེ་སྡང་བར་མི་རིགས་ཏེ། དཔེར་ན་མེ་སྲེག་པར་བྱེད་པའི་ཕྱིར་མེ་སྲེག་པར་བྱེད་པ་རང ་བཞིན་ཡིན་པ་ལྟ་བུའོ།། གཞན་དུ་དོ་མེད་ན་དེའི་རང་བཞིན་ཉིད་ཉམས་པར་ཐལ་བར་འགྱུར་པའི་ཕྱི་རི་རོ།། བརྟག་པ་གཉིས་པའི་དབང་དུ་བྱས་ཏེ་འོན་ཏེ་འོན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ལྀ། འོན་ཏེ་སྐྱོན་འདི་གློ་བུར་ཏེ་དེའི ་རང་བཞིན་དུ་གྱུར་པ་ལས་གཞན་ཉིད་ཡིན་ལ། ཡང་སེམས་ཅན་གྱི་རང་བཞིན་ནི་སེམས་རང་བཞིན་གྱིས་འོད་གསལ་བ་ཡིན་པའི་ཕྱིར་ངེས་པ་ཡིན་ནུ་སྟེ། གྱ་གྱུ་ཅན་མ་ཡིན་ལ། ཞེ་སྡང་ཉིད་ནི ་སྡང་བའི་རང་བཞིན་ཏེ། སེམས་ཅན་གྱི་མ་ཡིན་ནོ། དེ་ལྟར་ནའང་སེམས་ཅནུ་ངེས་པའི་རང་བཞིན་ཅན་དེ་དག་ལ་ཁྲོ་བ་མི་རིགས་སོ།། གང་དང་འདྲ་ཞེ་ན། གང་ན་དུ་བ་བཀུ་བ་འཐུལ་བ་ཡོད་པ་དེ་དང་འདྲ་སྟེ། ནམ་མཁའ་དྲི་མ་མེད་པ ་དེ་ལ་དུ་བ་བཀུ་བའི་རང་བཞིན་མེད་པ་ཡིན་ཏེ། འོན་ཀྱང་དུ་བའི་ཡིན་ནོ།། དེ་བས་ན་ཉེས་པ་དེ་ནི་དུ་བ་ཉིད་ཀྱི་ཉེས་པར་རིགས་ཏེ། རང་བཞིན་གྱིས་ཡོངས་སུ་དག་པའི་ནམཁའ་ལ་ནི་མ་ཡིན་ནོ།། དེ་བས་ན་ཉེས་པ་རྣམས་ལ ་ཁྲོ་བར་རིགས་ཀྱི་སེམས་ཅན་རྣམས་ལ་ནི་མ་ཡིན་ནོ།། གཞན་ཡང་སྡུག་བསྔལ་གྱི་རྒྱུ་གཙོ་བོ་གང་ཡིན་པ་དེ་ལ་ཁྲོ་བ་རིགས་པར་འགྱུར་གྱི་གཙོ་བོ་མ་ཡིན་པ་ལ་ནི་མ་ཡིན་ནོ་ཞེས། དབྱུག་པ་ལ་སོགས་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། སེམས་མ་བསྒོམས་པའི་ལུས་ལ་དབྱུག་པ་བརྡེག་པས་སྡུག་བསྔལ་འབྱུང་བ་དེ་བས་ན་དབྱུག་པ་ཉིད་སྡུག་བསྔལ་གྱི་རྒྱུ་དངོས་ཡིན་པས་དེ་ཉིད་ལ་ཁྲོ་བར་རིགས་སོ།། འོན་ཏེ་གཞན་གྱི་འཕངས་པ་ཡིན་པས་དབྱུག ་པ་ལ་ཉེས་པར་ཅི་ཡོད་ཅེ་ན། དེའི་ཕྱིར་འཕེན་པར་བྱེད་པ་ཉིད་ཉེས་པ་ཅན་དུ་འགྱུར་རོ།། འོ་ན་དེ་ལྟར་ནི་དེ་ཡང་དབྱུག་པ་བཞིན་དུ་ཞེ་སྡང་སྤྱོད་པར་བྱེད་པས་སྡང་བས་ཞེ་སྡང་ལ་བདག་ཁྲོ་བར་རིགས་ཀྱི། སྤང་བ་ལ་མ་ཡིན་ནོ།། ་གཞན་ཡང་བདེ་བ་དང་། སྡུག་བསྔལ་ལ་མ་གཏད་པ་ནི་འགའ་ཡང་ལོངས་སྤྱོད་པར་མི་བྱེད་དོ་ཞེས་རྣམ་པར་བསམས་ལ། གཞན་གནོད་པ་བྱེད་ཀྱང་དེ་ལ་སེམས་ཁྲོ་བར་མི་བྱའོ་ཞེས། བདག་གིས་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། གང་གི་ཕྱིར་བདག་གིས་ཀྱང་ཚེ་རབས་སྔ་མ་གཞན་ལ་སེམས་ཅན་རྣམ་པ་འདི་ལྟ་བུའི་གཟིར་བར་བྱས་པ་དེའི་ཕྱིར་བུ་ལོན་འཇལ་བའི་རིགས་པས་བདག་ལ་གནོད་པ་བྱེད་པར་རིགས་པ་ཉིད་ཡིན་ཏེ། གནོད་པ ་དེ་ནི་བདག་གི་ལས་ཀྱི་འབྲས་བུ་སྨིན་པའི་ཕྱིར་རོ་སྙམ་དུ་དགོངས་པའོ།། གང་ཞིག་གང་གི་རྒྱུ་ཡིན་པ་དེ་ལས་དེ་འབྱུང་སྟེ། གཞན་ལས་ནི་མ་ཡིན་ནོ་ཞེས་བརྟག་ཅིང་གཞན་གནོད་པ་བྱེད་པ་ཇི་མི་སྙམ་པར་ཞེས་བསྟན་པ ་དེའི་མཚོན་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུའི་ཚོགས་པ་མ་ཚུང་པ་མེད་པ་ནི་འབྲས་བུ་ཐམས་ཅད་ཀྱི་རྒྱུ་ཡིན་ནོ་ཞེས། ཚད་མས་ངེས་པ་ཡིན་ནོ།། དེ་ནི་འདིར་ཡང་རྣམ་པ་དེ་ལྟ་བུ་ཡོད་དེ། འདི་ལྟར་གནོད་པ་བྱེད ་པ་དེའི་མཚོན་རལ་གྲོ་ལ་སོགས་པ་དང་བདག་གིས་ལུས་ཏེ། དེ་དག་གཉི་ག་ཚོགས་པའི་ངོ་བོ་ནི་སྡུག་བསྔལ་གྱི་རྒྱུ་ཡིན་ནོ།། དེ་ལྟ་བུ་ནུས་པ་ཅན་གྱི་རྒྱུ་ཡོད་པར་གྱུར་པ་ནའང་ཇི་ལྟར་ན་འབྲས་བུ་མི་སྐྱེ། གཞན་དུ་ན་དེ་དེའི ་རྒྱུ་མ་ཡིན་པར་འགྱུར་བཔ་དང་། དེ་ལས་གཞན་པ་ཡང་དེ་ལོས་སྐྱེ་བར་འགྱུར་རོ།། དེ་ལྟ་བས་ན་གལ་ཏེ་རྒྱུ་བདག་འཁྲོ་བར་བྱེད་ན་དེའི་ཚེ་བདག་ལའང་ཁྲི་བར་རིགས་སོ།། དེ་བས་ན་ཁྱེད་རང་ཡང་སྡུག་བསྔལ་གྱི་རྒྱུ་འཛིན་ཅིང ་ཉེ་བར་བྱེད་པས་རང་ལ་མི་ཁྲོ་ན། གཞན་ལ་ཡང་མི་རིགས་སོ་སྙམ་དུ་དགོངས་པ་ཡིན་ནོ།། བསྟན་པའི་དོན་རྣམ་པ་གཞན་གྱིས་གསལ་བར་བྱེད་པ་ནི། ཤུ་བ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ་བདག་གིས་ཤུ་བ་སྨིན་པ་ལུས་ཀྱི་རྣམ་པ་འདི་བཟུང་བ་སྟེ། སྡུག་བསྔལ་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་རོ།། འཇོམས་པ་ཐམས་ཅད་མི་བཟོད་པ་ནི་བརྡུང་བ་དང་བརྡེག་པོ་ལ་སོགས་པས་ཀྱང་ཉམས་པར་བྱ་བ་ཡང་མེ་ཡིན་པའི་ཕྱིར་རོ།། ། ་སྡུག་བསྔལ་སྤང་བར་བྱ་བའི་ཕྱིར་དང་། བདེ་བ་ཐོབ་པར་བྱ་བའི་སྲེད་པའི་སྟེ་འདོད་པ་གང་ཡིན་པོའོ།། དེས་ལྡོངས་པ་ན་ཤེས་རབ་ཀྱི་མིག་བཀག་པས་དེ་ལ་གནོད་པ་ཡོད་པ། སུ་ལ་ཁྲོ་བར་བྱེད། ཤུ་པ་རྩིག་པ་ལ་སོགས་པོ་ལ་བྱུང ་པའི་སྡུག་བསྔལ་བ་ལ་རྟོག་པ་དང་ལྡན་པ་གང་ལ་ཁྲོ་བར་མི་རིགས་སོ།། གཞན་ཡང་འབྲས་བུ་དོན་དུ་མི་གཉེར་བ་དེས་དེའི་རྒྱུ་སྤང་བར་བྱ་བ་ཡིན་ན། བདག་ནི་བློ་ཕྱིར་ཅི་ལོག་ཏུ་གྱུར་པ་ཡིན་ནོ་ཞེས། དཔྱད་བ་ལ། བྱིས་པ་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། བྱིས་པ་ཞེས་བྱ་བ་ནི་བྱིས་པའི་ཆོས་ཕྱིན་ཅི་ལྡོག་དང་ལྡན་པའོ།། སྡུག་བསྔལ་ཏེ་དབྱུག་པ་ལ་སོགས་པས་བསྣུན་པ་ལས་བྱུང་བ་མི་འདོད་ཅིང་ཡང་དེའི་རྒྱུ་ལུས་དང་སླར་གནོད་པ་སྟེ། བྱེད་རྒྱུ་ལོ་བརྐམ ་པས་ན་སྟེ། དེའི་ཕྱིར་ན་རང་གི་ལུས་ཀྱི་སྡུག་བསྔལ་གང་ཡིན་པ་དེ་ནི་རང་གི་ཉིས་པ་ལས་གྱུར་པ་ཉིད་ཡིན་ནོ།། དེ་བས་ན་ཅིའི་ཕྱིར་གཞན་ལ་སྟེ། དེའི་ལྷན་ཅིག་བྱེད་པ་ཙམ་ལ་བཀོན་དུ་ཡོད། བདག་ཉིད་ལ་གནོད་པའི་དོན་དུ ་རང་གིས་མཚོན་བྱ་འདུས་བྱས་པ་ལྟ་བུ་ཡིན་པས་གཞན་ལྔ་བདག་ཁྲོ་བ་མི་རིགས་སོ་ཞེས་དཔེར་ན་དམྱལ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རལ་གྲི་ལོ་མའི་ནགས་ཚལ་ནི་སེམས་ཅན་དམྱལ་བ་བྱུང་བ་སྟེ། འདི་ལ་རལ་གྲི་ལོ་མ ་ཡོད་པས་ན་སྟེ་དེའི་ཕྱིར་རོ།། རལ་གྲིའི་སྨོས་པ་ནི་གཙོ་བོའི་ཕྱིར་ཏེ། སེམས་ཅན་དམྱལ་བའི་སྡུག་བསྔལ་གྱི་རྒྱུའི་འཁྲུལ་འཁོར་དང་མཚོན་ཆ་གཞན་དག་ཀྱང་བཟུང་ངོ་།། ནགས་ཚལ་དེ་ན་གནས་པའི་བྱ་རྒོད་དང་འུག་པ་དང་ཁཱ་ལ ་སོགས་པའི་བྱེ་རྣམས་ཇི་ལྟ་བ་བཞིན་དུ་རིང་གི་ལས་ཀྱིས་བསྐྱེད་པ་སྡུག་བསྔལ་གྱི་རྒྱུར་གྱུར་པ་སྟེ། སྡུག་བསྔལ་གྱི་རྒྱུ་གཞན་ཡོད་པ་མ་ཡིན་པ་དེ་བཞིན་དུ་གཞན་གྱི་མཚོན་ཆ་ལ་སོགས་འདི་ལ་ཡང་སྡུག་བསྔལ་གྱི་རྒྱུ་ཡང་ཡིན། ་ནོ།། རང་གི་ལོས་ཀྱིས་འདི་བསྐྱེད་པ་ཡིན་པས་གང་ཞིག་ལ་ཁྲོ་བར་བྱ། འདི་ལྟར་ཡང་འདི་ནི་ཕྱིན་ཅི་ལོག་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། བདག་གི་ལས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་བདག་གི་ལུས་ཀྱི ་བསྐུལ་བྱས་ནས་ཏེ། སྦྲང་ནས་བདག་ལྔ་གནོད་པ་བྱས་པས་གནོད་པ་བྱེད་པ་རྣམས་བྱུང་སྟེ་ཡོད་པ་སེམས་ཅན་དམྱལ་བ་རཱ་དོང་ནི་དེའི་ཕྱིརརོ་བདག་གིས་འདི་དག་གིས་འོད་དག་ལ་གནོད་པ་བྱེད་ཏ་མ་བརླག་གམ་ཞེས་རང་གི་སེམས ་ལ་འབོད་པར་བྱེད་པ་ཡིན་ཏེ། ང་ནི་འདི་དག་གིས་མ་བརླག་གོ། དགོངས་པ་ནི་ཡིན་ཏེ། གལ་ཏེ་བདག་གིས་འོད་འདྲ་བའི་ལས་མ་བྱས་ན་དེའི་ཚེ་དེ་དག་ཀྱང་གནོད་པ་བྱེད་པར་མི་འགྱུར་བས་དེ་བས་ན་བདག་གིས་བྱས་པའི ་ལས་ཉིད་གནོད་པ་བྱེད་པ་ཡིན། བདག་གི་བློ་ནི་ཕན་འདོགས་པ་རྣམས་རྨོངས་པའི་དབང་གིས་གནོད་པ་བྱེད་པར་འཛིན་པའོ་ཞེས་ཚིག་ལེའུར་བྱས་པ་གཉིས་ཀྱིས་བསྟན་པ། འདི་དག་ལ་ནི་ཞེས་བྱ་བ་ལ ་སོགས་པ་གསུངས་པ་ཡིན་ཏེ། འདི་དག་ལ་ནི་གནོད་པ་བྱེད་པའོ།། བརྟེན་བཅས་ནས་ནི་རྒྱུ་མཚན་དུ་བྱས་ནས་ཏེ། བཟོད་པས་ནི་བཟོད་པ་ལ་དམིགས་པས་སོ།། བདག་གིས་སྡིག་པ་ཚེ་རབས་སྔ་མ་ལ་བྱས་པ་སྟེ། གཞན་ལོ་གནོད ་པ་བྱས་པ་ལས་བྱུང་བའོ།། མང་བ་ནི་རྣམ་གྲངས་དུ་མས་བྱོས་པའོ།། འབྱུང་སྟེ། སྡུག་བསྔལ་དེ་ཉམས་སུ་མྱོང་བ་རྣམས་པར་སྨིན་པས་ཟད་པར་འགྱུར་རོ།། བདག་ལ་བརྟེན་ནས་ནི་བདག་གི་ལས་ཀྱིས་བསྐུལ་བ་སྟེ་དེ་ལྟར་བདག་ལ ་གནོད་པ་བྱས་ནས་ཡང་འདི་དག་ནི་དམྱལ་བའི་ཚོར་པོ་མི་བཟོད་པ་བརྟེན་པར་དཀའ་བའི་སྡུག་བསྔལ་ཉམས་སུ་མྱོང་བར་དོང་ངོ་།། དེའི་ཕྱིར་བསྟན་པའི་རོམ་པས། བདག་ནི་དེ་ལ་གནོད་བྱེད་ལ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། གལ་ཏེ ་ཁྱོད་གནོད་པ་བྱེད་པ་མ་ཡིན་ནམ། དེ་ལྟ་ན་ནི་ཁྱོད་སེམས་ཅན་དམྱལ་བར་འགྲོ་བར་རིགས་ལེ་དེ་དག་ནི་མི་ཡིན་ནོ་ཞེ་ན། བདག་ལ་བསམས་པའི་ཡོན་ཏན་གྱིས་ཞེས་གསུངས་པ་ཡིན་ཏེ། སླར་གོནོད་པ་བྱེད་པ་ལས་ལོག་པའི་མཐར ་ཐུག་པ་དེ་དག་ནི་བདག་གི་བསམས་པའི་ཆེ་བའི་བདག་ཉིད་ཡིན་ཏེ། དམྱལ་བར་འགྲོ་བ་ལས་ལོག་པའི་རྒྱུ་ཡིན་ནོ།། དམྱལ་བར་མི་འགྲོ་བ་གང་ཡིན་པ་དེ་ནི་བདག་གི་བསམ་པའི་ཆེ་བའི་བདག་ཉིད་ཀྱི་སྟོབས་ཀྱིས་ཡིན་ལ། འདི ་དག་ནི་བསམས་པ་ངན་པའི་ཕྱིར་བདག་དམྱལ་བར་མ་ལྷུང་པ་ནི་མ་ཡིན་ནོ་སྙམ་དུ་དགོངས་པའོ།། དེ་ལྟར་ན་ཡང་། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སྡུག་པའི་དོན་ནི་འདི་ཡིན་ཏེ། གལ་ཏེ་བདག་ཉིད་གནོད་པ་བྱེད་པ ་ཡིན་ཡང་ཐབས་ལ་མཁས་པ་འགའ་ཞིག་གིས་གལ་ཏེ་སེམས་ཅན་དམྱལ་བར་མི་འགྲོ་ཡང་དེའི་ཚེ་ཕན་འདོགས་པར་བྱེད་པ་དེ་དག་ལ་ཅི་ཞིག་འབྱུང་སྟེ་ཅི་ཞིག་ཟད་ཅི་ཞིག་ཉམས་ཞེས་བྱ་བའི་དོན་ཏོ།། རེ་ཞིག་བདག་ཉིད་གཙྪ་གྷྲ་པུཾས ་ཁྱེད་ཅག་གཞན་ནི་མ་བསྲུངས་ལ། བདག་ཉིད་ནི་བསྲུང་བྱ་ཡིན་ཏེ། དེ་དག་གིས་ང་དག་གི་ཡོནྡ་ཏན་དང་སྐྱོན་ལ་ཅུང་ཟད་ཀྱང་ལྷག་པ་འམ་མ་ཚང་བར་འགྱུར་བ་མེད་དོ།། གལ་ཏེ་དེ་ལྟ་ཡོད་ཁྱེད་ཀྱི་བདག་ཉིད་བསྲུངས་པ་ཡང་མི་རིགས ་པོ་ཡིན་ཏེ་ཕན་འདོགས་པ་བྱས་པ་ཤེས་པའི་ཕྱིར་རོ་ཞེས་དོགས་པ་ལ། འོན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་བྱིས་པ་ལ་སོགས་པ་རྡེག་པར་བྱེད་པ་ལ་ལན་དུ་གནོད་པ་བྱས་ནི་དེ་ལྟ་ནའང་དེ་དག་མ་བསྲུངས་པར་འགྱུར་ཏེ ་དེ་དག་སེམས་ཅན་དམྱལ་པོར་འགྲོ་བ་ལ་སོགས་པ་ལ་སྒྲར་བཅོས་པ་ཅི་ཡང་མ་བྱས་པར་འགྱུར་ལ། བརྡེག་ཀྱང་བདག་གིས་སླར་བརྡེག་པར་མི་བྱ་བ་དང་། དེ་བཞིན་དུ་སེམས་ཅན་ཐོམས་ཅད་བྱམས་པ་སེམས་བདག་གིས་སྤངས ་པར་མི་བྱ་བ་དང་། ཐོ་ན་མགལ་དུ་མ་ལ་ཡང་ཁོང་ཁྲོ་བསྐྱེད་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བདག་ཉིད་སླར་ཉམས་པར་འགྱུར་རོ།། དེ་ལྟ་བས་ན་ད་ནི་སླར་འཆོས་པའི་ཐབས་མེད་པས་ཉོན་མོང ་རེ་སྡུག་བསྔལ་བསྲུང་བར་མི་ནུས་པའི་ཕྱིར་བརླག་པར་འགྱུར་ཏེ། དཱན་འགྲོར་ལྟུང་བར་འགྱུར་བ་ཡིན་པས་དེ་ལྟར་རེ་ཞིག་བཏང་སྙོམས་སུ་བྱས་ལ་ཕྱི་ནས་ཐབས་ལ་བརྟེན་ཏེ་ཇི་ནས་འདི ་ངག་ལ་སྡུག་བསྔལ་རྡུལ་ཙམ་ཡང་མེད་པར་འགྱུར་པ་དེ་བྱའོ།། དེ་ལྟར་གཞན་གྱིས་གནོད་པ་བྱས་ལ་ཇི་སྙམ་པའི་བཟོད་པ་བསྟན་ནས། ད་ནི་ཆོས་ལ་ངེས་པར་སེམས་དཔའི་བཟོད་པ་ཉེ་བར་བསྟན་པའི་ཕྱིར། ཡིད་ནི་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། མ་བརྟགས་ན་གནོད་པ་སྐྱེ་བའི་སྡུག་བསྔལ་རྣམ་པ་གཉིས་ཏེ། ལུས་ཀྱི་དང་སེམས་ཀྱིའོ།། དེ་ལ་ཡིད་ལ་ནི་སུས་ཀྱང་དབྱུག་པ་བརྡེག་པ་ལ་སོགས་པ་བྱར་མི་ནུས་ཏེ། ཡིད་ནི་ལུས་ཅན་མ་ཡིན ་པའི་ཕྱིར་རོ།། དེ་ལྟར་ན་དེ་ལས་བྱུང་བའི་སྡུག་བསྔལ་དོན་དམ་པར་མེད་དོ།། རྟོག་པ་ལས་བྱས་པའི་ཡིད་མི་བདེ་བ་ཡོད་དེ། དེ་ཉིད་བསྟན་པ་ལུས་ལ་ཞེས་བྱ་བ་ལ་སོགས་པ་ལ། བདག་གིས་ལུས་འདི་སྙམ་དུ་རྣམ་པར་རྟོག་པ ་གོམ་པོའི་དབང་གིས་སྡུག་བསྔལ་དག་གིས་ནོན་པ་ཏེ་དེ་ལ་ཡང་སྡུག་བསྔལ་གྱི་རྒྱུ་ངེས་པ་ཉིད་ཡིན་ནོ་ཞེས། བརྙས་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། བརྙས་པ་ལ་སོགས་པའི་ཚོགས་པ་ནི་ལུས་ཀྱི་སྡུག་བསྔལ་གྱི་རྒྱུ ་མ་ཡིན་ཏེ། གང་གིས་ཕྱིར་འདི་ནི་ལུས་ལ་ཅུང་ཟད་ཀྱང་གནོད་པ་བྱེད་པར་མིན་པ་དེའི་ཕྱིར་ན་སེམས་ཁྱོད་རྒྱུ་ཅིའི་ཕྱིར་ཁྲོ་བར་བྱེད། འོན་ཏེ་གལ་ཏེ་བརྙས་པ་ལ་སོགས་པ་ལ་ལུས་ལ་གནོད་པར་བྱེད་པ་མ་ཡིན་མོད་ཀྱི། དེ་ཐོས ་པས་ཀྱང་བདག་ལ་འཇིག་རྟེན་རྣམས་སེམས་མ་དང་བ་སྐྱེ་བ་ཡིན་པས་བདག་མི་འདོད་པ་ཡིན་ནོ་ཞེ་ན། བརྙས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་ཡིན་དུ་ཆུག་ཀྱང་། དེ་ལྟ་མོད་ཀྱི་འདི་དཔྱད་པར་བྱ་སྟེ། བདག་ལ་བརྙས ་པ་ལ་སོགས་པ་ཐོས་པ་ལ་སོགས་པས་འགྲོ་བ་རྣམསོ་ལ་མ་དད་པ་འཇིག་རྟེན་འདི་འམ་འཇིག་རྟེན་གཞན་དུ་ཅི་བདག་ལ་ཟོ་བར་འགྱུར་རམ། གོང་གི་ཕྱིར་འཇིག་རྟེན་མ་དད་པ་དེ་ལ་བདག་མི་དགའ། དེ་ལྟར་རྣམ་པར་དཔྱད་ལ་འདི་ལ་མདོ ་པར་ཞེན་པར་མི་བྱའོ།། ཡང་ན་འདི་ལ་མངོན་པར་ཞེན་པའི་རྒྱུ་ཡོད་དེ། རྙེད་པའི་བར་ཆད་བྱེད་པར་མི་འགྱུར་བ་ཡིན་ནོ་ཞེས། རྙེད་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་བརྙས་པ་ལ་སོགས་པ་ཐོས་པས་འཇིག ་རྟེན་རྣམས་མི་དང་ལྔ། དེའི་རྙེད་པ་འབུལ་བ་ལས་ཕྱིར་ཕྱོགས་པར་འགྱུར་ཏེ། དེ་བས་ན་བརྙས་པ་ལ་སོགས་པའི་ཚོགས་དེ་བདག་མི་འདོད་པ་ཡིན་ནོ་ཞེ་ན། དེ་ནི་མི་རིགས་ཏེ། བདག་གི་རྙེད་པ་ཉིད་དུ་ཡང་ཉི་མ་སོ་སོར་ངེས ་པར་འདོད་ཏེ། འཇིག་པའི་ངང་ཅན་གྱི་ཆོས་ཡིན་པོའི་ཕྱི་རི་འབྲལ་བར་འགྱུར་ཞིང་འཇིག་རྟེན་ཕ་རོལ་ཏུ་ཡང་རྗེས་སུ་འབྲང་བར་མི་འགྱུར་རོ།། དེའི་རྒྱུ་མཚན་གྱིས་བརྙས་པ་ལ་སོགས་བྱེད་པ་རྣམས་ལ་ཁྲོས་པའི་སྡིག་པ་ཡང ་ཡིན་པ་དེ་ཉིད་ནི་ཕ་རོལ་ཏུ་གནས་པར་འགྱུར་ཏེ། འཇིག་རྟེན་ཕ་རོལ་ཏུ་རྗེས་སུ་འབྲང་བར་འགྱུར་རོ།། བརྟན་པར་ཞེས་བྱ་བ་ནི་དེའི་འབྲས་བུ་དེ་ལོངས་མ་སྤྱད་པར་འཇིག་པར་མི་འགྱུར་བའོ།། རང་ཉིད་ཀྱིས་འདིར་འདི་ལྟར ་དཔྱད་པར་བྱའོ།། ཞེས་བདག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྙེད་པ་གང་ཡིན་པ་མེད་པས་ཉི་མ་འདི་ཉིད་དུ་བདག་ནི་ཤྲཱི་བ་ནི་སླ་ཡི། གཞན་ལ་གནོད་པ་བྱས་པའི་སྒོ་ནས་རྙེད་པ་རྙེད་པས ་ལོག་འཚོ་ཡུན་རིང་ནི་མ་ཡིན་ཏེ། དུས་ཡུན་རིང་པོར་རོ།། ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་འཚོ་བའི་མཐའ་ནི་འཆི་བ་ཡིན་ནོ་ཞེས་གསུངས་པས་དུས་མང་པོ་ཞིག་ཏུ་འཚོ་ཡང་ངེས་པར་འོངས་པར་འགྱུར་རོ།། འཆི་བའི་སྡུག་བསྔལ ་དེ་ཉིད་ཡིན་ཏེ། བདག་ལ་ཕྱིས་ལོ་བརྒྱ་འདས་ནས་བྱུང་བ་ཡིན་པ་དེ་ཉིད་ད་ལྟ་ཉིད་དུ་འཚོ་བར་འགྱུར་བ་ཡིན་ནོ།། དེའི་ཕྱིར་ཡུན་རིང་པོར་འཚོ་ཡང་ཁྱད་པར་ནི་མེད་དོ།། འདི་དག་གིས་ཀྱང་ཁྱད་པར་མེད་པ་ཡིན་ནོ་ཞེས་ཚིགིས་སུ ་བཅད་པ་གཉིས་ཀྱིས་བསྟན་པ། རྨི་ལམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་འགའ་ཞིག་རྨི་ལམ་དུ་ལོ་པོ་རྒྱར་བདེ་བ་མྱོང་བ་རྨིས་ཏྲེ་སོད་པ་དང་། གཞན་ཞིག་སྐད་ཅིག་ཙམ་དུ་སྟེ། དང་ཙམ་ཞིག་ཏུ་བདག་ཉིད་བདེ ་བར་གྱུར་པར་རློམ་སྟེ། འདི་དག་གཉིས་ཀ་ལ་ཡང་རྨི་ལམ་དུ་བདེ་བ་མྱོང་བར་རྨིས་པ་སྡུད་པར་གྱུར་པ་ན་རྨིས་པའི་བདེ་བ་ཞིག་པ་དེ་ནི་ཕྱིར་འོང་བ་མེད་དོ།། སད་པའི་གནས་སྐབས་ན་རྗེས་སུ་འབྲང་བ་མེད་དེ། དྲན་པ་ཙམ ་ཞིག་ལས་མ་ལུས་པ་ཡིན་པའི་ཕྱིར་རོ།། དེ་འདྲར་ཟད་ན་ནི་རྨི་ལམ་དུ་རྨིས་པ་བཞིན་དུ་སྐྱེ་བུའི་འོ།། འཆི་བའི་དུས་ན་ནི་འཆི་བའི་ཚེ་ནའོ།། ཚེ་རིང་བ་དང་ཚེ་ཐུང་བའི་བདེ་བ་ནི་ཕྱིར་མི་འོང་བ་ཡིན་ཏེ། དེ་བས་ན་ལོག་པའི་འཚོ་བ ་ཞོག་ཅིག། འདི་དག་གིས་ཀྱང་རྙེད་པ་དང་མ་རྙེད་པ་ལ་བྱུད་པར་འགའ་ཡང་མེད་དོ་ཞེས་བསྟན་པ་རྙེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྙེད་པ་མང་པོ་ནི་ཤིན་ཏུ་བུངས་ཆེ་བའོ།། འཐོབ་གྱུར་ཀྱང་ནི་ཐོབ་པས་དུས་ཡུནྟ་རིང ་པོར་ལོངས་སྤྱད་པའི་བདེ་བ་དུག་ཀྱང་ངོ་།། ཡང་འཆི་བ་ལ་བརྟེན་ནས་ལག་པ་སྟོང་པ་སྟེ་ལག་སྟོང་དུའོ།། རྙེད་པ་ལ་སོགས་པ་དེ་དག་ལས་རྒྱགས་པ་བཟུང་ཞིང་བདེ་བ་ལས་ལྷག་མ་ཅུང་ཟད་ཀྱང་གནས་པ་མེད་དེ། རྐང་པའི་སྲད ་བུ་ཙམ་ཡང་མ་ལུས་པས་སྒྲེན་མོ་སྟེ། ཆོམས་པོས་ཕྲོགས་པ་བཞིན་དུ་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འགྲོ་རྙེད་པ་ལ་ནི་ཁྱད་པར་ཡོད་པ་ཉིད་མ་ཡིན་ནམ། ཆོས་གོས་ལ་སོགས་པའི་གེགས་མེད་པས་ཚེའི་འདུ་བྱེད ་ཉེ་བར་སྟོན་པ་ལས་ཡུན་རིང་པོར་འཚེ་བར་འགྱུར་ཏེ། དེ་ནས་ནི་སྔར་བྱས་པའི་སྡིག་པ་དག་རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་ལ་སོགས་པ་ཡོངས་སུ་ཟད་པར་བྱ་བ་དང་། བསླབ་པ་སྡོམ་པ་ཡོངས་སུ་བསྲུང་བས་བྱུང ་ཆུབ་ཀྱི་སེམས་བརྟེན་པ་ལ་སོགས་པ་དང་། དགེ་བའི་ཕྱོགས་འཕྲལ་བར་བྱ་སྟེ། གང་ཆོས་ལ་སྤྱོད་པ་ཇི་སྲིད་ཡུན་རིང་འོ་ཚོ།། དེ་སྲིད་དགེ་བའི་རྒྱུན་ནི་རབ་ཏུ་འཕོལ།། ཞེས་གསུངས་པ་ལྟ་བུའོ།། དེ་བས་ན་རྙེད་པའི་བུར ་ཆད་བྱེད་པ་ལ་ཁྲོ་བར་རིགས་པ་ཡིན་ནོ་སྙམ་དུ་དོགས་པ་ལ། གལ་ཏེ་རྙེད་པས་ཞེས་བྱ་བ་ལ་སོགས་པ་གསུངས་སྟེ། གལ་ཏེ་བསྟན་པའི་རིམ་པ་བཞིན་དུ་རྙེད་པ་ཡིས་འཚོ་བ་བསྟན་པ་དང་སྡིག་པ་ཟད་པ་དང་། བསོད་ནམས་བྱའོ་ཞེས ་བྱ་བ་ལ་སོགས་པར་སེམས་ན། དེ་ལྟར་མ་ཡིན་ཏེ། དེ་བས་ན་ལྷག་པའི་ཉེས་པ་མ་མཐོང་ནས་བརྗོད་པ་ཡིན་ནོ་ཞེས་རླུང་པའི་དོན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྙེད་པའི་དོན་དུ་ནི་རྙེད་པ ་རྒྱུ་མཚན་དུའོ།། དེའི་བར་ཆོད་བྱེད་པ་ལ་ཞེ་སྡང་བྱེད་ན་ལེགས་པར་སྦྱང་བ་ཉིད་ཟད་པར་འགྱུར་ཏེ། གང་བསྐུལ་པ་སྟོང་དུ་བསགས་པ་ཡི།། སྦྱིན་དང་བདེར་གཤེགས་མཆོད་ལ་སོགས།། ལོགས་སྦྱང་གང་ཡོན་དེ་ཀུན་ཀྱང་།། ་ཞེས་བྱ་བ་གསུངས་པའོ།། ཁྱོད་པར་ནི་འདི་ཡིན་ཏེ། བཟོད་པ་མ་ཡིན་པ་ལས་བྱུང་བ་སྡིག་པའི་ཕུང་པོ་མངོན་པར་འཕེལ་བའོ།། ཇི་སྟེ་འདི་ལྟར་ཇི་ཞིག་ལྟར་དུ་དུས་ཡུན་རིང་པོ་དེ་སྲིད་དུ་རྙེད་པས་འཚོ་བར་འགྱུར་ན་དེ་ཙམ ་ཞིག་བདག་གི་དགོས་པ་ཡིན་ནོ་ཞེ་ན། གང་གི་དོན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་སེམས་ཅན་ངན་ངོན་གྱི་འཚོ་བུ་དགོས་པ་མེད་པ་ཉིད་འདོད་པར་བྱ་བ་ནི་མ་ཡིན་ཏེ། འོན་ཀྱང་ཚོགས་མངོན་པར ་འཕེལ་བར་བྱ་བའི་དོན་དང་། སྡིག་པ་ཟད་པར་བྱ་བའི་དོན་དུ་གལ་ཏེ་དེ་ལེགས་པར་སྤྱད་པ་ཟད་པར་བྱེད་པའི་རྒྱུ་མཚན་དུ་འགྱུར་ན། དེའི་ཚེ་མི་དགེ་བ་འབའ་ཞིག་གིས་ལས་བྱེད་པའི་ངང་ཚུལ་ཅན་ངེས་ཀོ་སྟེ་དེ་འདྲ་བས ་ཅི་ཞིག་བྱ།། ། བམ་པོ་བཅུ་པ། དེ་ནི་སྨད་པ་ཉིད་ཡིན་ནོ་སྙམ་དུ་དགོངས་པའོ།། འོ་ན་དེ་ལྟ་མེད་ཀྱི་རྙེད་པའི་བར་ཆད་བྱེད་པའི་ཕྱིར་བདག་ལ་ལོ་ལ་བསྔགས་པ་མ་ཡིན་པར་སྨྲ་བ་རྣམས ་མཁང་ཀླུ་སུམས་སྐྱོ་བ་ནམ་ཡིན་ཏོ། འོན་ཀྱང་ཡོན་ཏན་འཆང་པ་ལ་སོགས་པ་ལས་ཀྱི་སྡུག་བསྔལ་གྱིརྨྨ་སེན་པ་ཕྱིར་རོ་ཞེ་ན། རྒལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་སྙན་སྨྲ་བ་ནི་གྲགས་པ་མ་ཡིན་པ་བརྗོད་པན།། ་གལ་ཏེ་ཁྱོད་ཀྱི་ཁྲོ་བ་གང་ཡིན་པ་འདི་མི་སྙན་པ་སྨྲ་བ་དེ་སྐྱོན་གསལ་བར་བྱེད་ཅིང་ཡོན་ཏན་འཆབ་པར་བྱེད་པའི་ཕྱིར་ཁྱོད་ཉམས་པར་བྱེད་ཅིང་སུན་འབྱིན་པར་བྱེད་པའོ་སྙམ་དུ་རིག་ནས་དེའི་རྒྱུ་མཚན་གྱིས་སྙམ། ཡང་ན་སེམས་ཅན་ཏེ།། ་འཇིག་རྟེན་ཉམས་པ་བྱེད་པ། མི་སྙན་པ་སྨྲ་བས་བདག་ལ་འཛིན་པར་བྱེད་པ་སྟེ། རང་སེམས་མ་དང་བས་དེ་དག་ཀྱང་སེམས་དྲང་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ།། དེས་ན་མི་སྙན་པ་སྨེ་བ་ལ་ཁྲོ་བ་ཡིན་ནོ་ཞེས་བརྗོད་ན་དེའི ་གཞན་ལ་སྟེ། སེམས་ཅན་ཕ་རོལ་པོ་ལ་མི་སྙན་པ་བརྗོད་པ་གང་ཡིན་པ་དེ་ཡང་ཅི་སྟེ་ཁྲོ་མི་བྱེད། མི་སྙན་པ་སྨྲ་བ་དེ་ཡང་སེམས་ཅན་ཉམས་པར་བྱེད་པ་ཡིན་ཏེ། དེ་བས་ན་འདི་ལ་ཡང་ཁྲོ་བའི་ཚུལ་རིགས་པ་ཡིན་ནོ།། འདི ་ལན་ཏེ་དོགས་པ། མ་དད་ཅེས་བྱ་བ་ལ་སོགས་པ་གསུངས་པ། གཞན་ཏེ་སེམས་ཅན་ཕ་རོལ་ལ་མ་དད་པ་རག་ལས་ཤིང་བརྟེན་པ་སྟེ། སེམས་ཅན་གཞན་ཡུལ་དུ་བྱས་པ་ལས་བྱུང་བ་ཡིན་ནོ།། དེའི་དངོས་པོ་ནི་དེ་ཉིད་དེ། དེ་བས ་ནམ་དད་པ་གཞན་ལ་བརྟེན་པ་ཉིད་ཀྱི་ཕྱིར་རོ།། ངང་པ་མེད་པ་ནི་སེམས་མ་དང་བ་དང་མི་སྙན་པ་སྨྲ་བ་ལའོ།། ཁྱོད་བཟོད་ན་ནི་བཟོད་པ་སྐྱེ་ནའོ་ཞེས་རང་གི་སེམས་ཉིད་ལ་འདྲི་བའོ།། འདིར་གསུངས་པ། ཉོན་མོངས་སྐྱེ་ལ་ཞེས་བྱ་བ ་ལ་སོགས་པ་ལ། གལ་ཏེ་ཁྱོད་མ་དད་པ་གཞན་ལ་རག་ལས་པ་གང་ཡིན་པ་དེ་ལ་བཟོད་པ་ཡིན་ན། དེའི་ཚེ་རང་ལ་མི་སྙན་སྨྲ་ལུ་ཅིས་མི་བཟོད་ཅིའི་ཚུལ་གྱིས་སོ།། ཉོན་མོངས་སྐྱེས་ལ་རག་ལུས་པའི་ཉོན་མོངས ་པ་རྣམས་ཀྱི་སྐྱེས་པ་ནི་གཞན་གྱི་དབང་ཡིན་ཏེ། མ་དང་གཞན་ལ་རག་ལས་པ་ཉིད་ལ་བཟོད་པའི་རྒྱུས་འདིར་གཉི་གར་མཚུངས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། སྐུ་གཟུགས་ལ་སོགས་པ་འཇིག་པར་བྱེད་པ་རྣམས་ལ་ནི་དད་པའི་དབང་གིས ་ཀྱང་ཁོང་ཁྲོའི་སེམས་བསྐྱེད་པར་མི་བྱའོ་ཞེས་གསུངས་པ། སྐུ་གཟུགས་ཞེས་བྱ་བ་ལ་སོགས་པ་སྟེ། འཇིག་པར་བྱེད་པ་ནི་རྣམ་པར་འཁྲུག་པོར་བྱེད་པའོ།། འཁྱལ་པ་ནི་སྐྱོན་གྱི་བློས་ཚུལ་དང་མི་མཐུན་པར་སྨྲ་བའོ།། དེ་རྣམས་ལ ་བདག་གིས་ཞེ་སྡང་མཱི་རིགས་སོ།། ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་སངས་རྒྱསོ་ལ་སོགས་པ་སྟེ། བྱང་ཆུབ་སེམས་དཔའ་དང་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་རྣམས་ལ་ལོག་པར་མངོན་པར་ཞེན་པ་ལས ་བྱུང་བའི་བདག་ཏུ་འཛིན་པ་ལོག་ཅིང་ཆགས་པ་མེད་པའི་ཕྱིར་གནོད་པ་ནི་མི་མངའ་སྟེ། སེམས་གཟིར་བའི་མཚན་ཉིད་ཡིད་མི་བདེ་བ་མི་མངའོ་སྙན་དུ་དགོངས་པའོ།། དེ་བས་ན་སྐུ་གཟུགས་ལ་སྔོགས་པ་འཇིག་པར་བྱེད་པ་རྣམས ་ལ་ཞེ་སྡང་གི་སེམས་བསྐྱེད་པར་མི་བྱའོ།། དེའི་ཚེ་འགོལ་བའི་ཆོས་བྱེད་པ་དེ་དག་ལ་དམ་པ་རྣམས་ཀྱིས་སྙིང་བརྩེ་བ་ཉིད་དུ་རིགས་སོ།། གཞན་དུ་ན་དེ་ཁྱད་པར་མེད་པའི་ཕྱིར་སྡིག་པོ་འབའ་ཞིག་སྐྱེ་བར་འགྱུར་རོ།། གལ་ཏེ་ཆོས ་ཀྱིས་བཟློག་པར་ནུས་ནཱ་དེའི་ཚེ་ཉེས་པ་མེད་དོ།། གང་ལ་ཆོས་འདོད་པས་བླ་མ་དང་ཕ་མ་ལ་སོགས་པ་ལ་གནོད་པ་བྱེད་པ་རྣམས་ལ་ཞེ་སྡང་གི་སེམས་སྐྱེ་བ་དེ་ཡང་བཟློག་པར་བྱའོ་ཞེས་གསུངས་པ། བླ་མ་གཉེན་ལ་ཞེས་བྱ་བ ་ལ་སོགས་པ་ལ་བླ་མ་ནི་ཆོས་ཀྱི་ལམ་སྟོན་པར་བྱེད་ཅིང་མི་དགེ་བའི་ཕྱོགས་ལས་ལོག་པར་བྱེད་པའོ།། གཉེན་ནི་མོ་ལྟོ་གཅིག་པ་དང་། གཉེན་འདབ་དང་། རུས་ཆགས་དང་། གཉེན་འདུན་ལ་སོགས་པ་གཞན་དག་ཀྱང་སྟེ། ་དེ་དག་ལ་གནོད་པ་བྱེད་པ་དང་། དེ་བཞིན་དུ་བཤེས་ལ་ཏེ་ཕངས་པོའི་གནས་རྣམས་ལ་གནོད་པ་བྱེད་པ་རྣམས་ལ་ཡང་ཁྲོ་བ་བཟློག་པར་བྱའོ་ཞེས་སྦྱར་རོ།། ཇི་ལྟར་ཞེ་ན། སྔ་མའི་ཚུལ་དུ་རྐྱེན་དག་ལས་འགྱུར་བ་མཐོང ་ནས་གང་ཉེས་པ་ཇི་སྙེད་ཐམས་ཅད་དང་སྡིག་པ་རྣམ་པ་སྣ་ཚོགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བས་ན་འདི་དགེ་ཐམས་ཅད་ཀྱང་སྔར་གྱི་ལས་ཀྱིས་བསྐྱེད་པའི་འབྲས་བུ་ལོངས་སྤྱོད་དོ།། འདི་ལ་འགའ་ཡང་བཅོས ་པའི་རྒྱུ་ཡོད་པ་མ་ཡིན་ནོ།། དེ་བས་ན་འདིས་ནི་ཇི་སྐད་དུ་གཞན་གྱི་གཞུང་ལུགས་ལས་ལྷ་དང་མི་དང་བྲམ་ཟེ་དང་ཕ་དང་མ་ལ་སོགས་པའི་དོན་དུ་སྡིག་བྱས་ཀྱང་ཉེས་པོ་མེད་དོ་ཞེས་འདོད་པ་དེ་ལྟར་འདིར་མངོན་པར་འདོད་པ་མ་ཡིན ་ནོ་ཞེས་བསྟན་པ་ཡིན་ནོ།། གཞན་ཡང་དངོས་པོའི་དེ་ཁོ་ན་ཉིད་འདི་ཡང་ཡིད་ལ་བྱེད་པས་སེམས་ཅན་རྣམས་ལ་ཁྲོ་བར་མི་བྱའོ་ཞེས་གསུངས་པ། ལུས་ཅན་ཞེས་བྱ་བ་ལ་སོགས་པ་ལ་འབྲས་བུ་མཐའ་ངག་གིས་སྐྱེད་པར ་བྱེད་པ་པོ་ཉིད་དུ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་ཚོགས་པའི་མཚན་ཉིད་ནི་རྒྱུ་ཡིན་པར་ངེས་པར་གཟུང་སྟེ་ཚོགས་པ་དེ་ཡང་དངོས་པོའི་ཆོས་ཡིན་པའི་ཕྱིར་འགའ་ཞིག་ཏུ་ནུས་པ་ཡོད་པའི་རང་བཞིན ་ནོ།། དེ་ལ་སེམས་ཡོད་པས་བྱས་པ་ནི་ལག་པ་དང་རྐང་པ་ལ་སོགས་པ་བསྣུན་པས་སོ།། སེམས་མེད་པས་ནི་དབྱུག་པ་དང་མཚོན་ཆ་དང་ནད་ལ་སོགས་པས་ཏེ། དེ་དག་ལ་ཡང་སེམས་ཡོད་པ་བཞིན་དུ་བྱེད་པ་ཡོད་པ་ཉིད་ཡིན ་ཏེ། ཁྱད་པར་ནི་དངོས་དང་བརྒྱུད་པས་བྱས་པ་ཡིན་ནོ།། རང་ཉིད་འདོད་རྒྱལ་གྱིས་སམ། འོང་བ་དང་རྩིག་པ་ལ་སོགས་པས་གནོད་པ་བྱས་པ་ལ་སོགས་པའང་རུང་ཏེ། ལུས་ཅན་རྣམས་ལ་གནོད་བྱས་ན་སྟེ། ངེས་པར་བྱུང་བ ་ནའདི་ལས་གཞན་གནོད་པའི་རྒྱུ་ནི་མྱོང་ངོ་།། དེ་ལྟར་རྒྱུའི་ཚོགས་པ་རྣམ་པ་གཉིས་པོ་སྐབས་སུ་བབས་དེ་ཡང་སེམས་ཡིད་རྣམ་པརོ་ཤེས་པ་དང་བཅས་པའི་ལུས་ལ་མཐོང་བ་ཚད་མ་ས་ཡོངས་སུ་ངེས་པ་དེ་བས་ན་དེ་ཉིད་དེའི ་སྐྱེ་བའི་གནས་ཡིན་གྱི་གཞན་ནི་མ་ཡིན་ཏེ། སེམས་མེད་པ་ལ་ཚོར་བ་མི་རིགས་པའི་ཕྱིར་རོ།། དེ་བས་ན་གང་ཞིག་གང་གི་སྐྱེ་བའི་གནས་ཡིན་པ་དེ་ནི་དེ་ཉིད་དུ་འབྱུང་གི། གཞན་དུ་ནི་མ་ཡིན་ཏེ། དཔེར་ན་འདམ་དུ་འདམ ་སྐྱེས་འབྱུང་གི་སྐམ་ལ་ནི་མ་ཡིན་པ་ལྟ་བུའོ།། དེ་བས་ན་རིགས་པ་འདི་ཡིས་དེ་དག་སྟེ་བརྗོད་མ་ཐག་པའི་གནོད་པའི་རང་གི་ངོ་བོ་ཉིད་བཟོད་པར་གྱིས་སྲན་པར་གྱིས་ཤིག་པའོ།། དེ་ནི་གཉི་ག་ལ་ཡང་ཐུན་མོང་དུ་སུན་དུ་བྱུང ་བཔབའི་ཕྱིར་སུ་ལ་ཡང་ཁྲོ་བར་མི་རིགས་སོ་ཞེ་བརྗོད་པར་བྱ་བའི་ཕྱིར། ལ་ལ་རྨོངས་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་དང་བདག་གིར་འཛིན་པ་ལ་མངོན་པར་ཞེན་པ་ཕྱིན་ཅི་ལོག་གིས་ལ་ལ་ཁ་ཅིག་གནོད་པ་བྱེད ་དེ། དབྱུག་པ་ལ་སོགས་པ་བརྡེག་པའམ་བརྒྱད་བཀག་སྨྲ་བའི་ཉེས་པ་དེ་རང་གིས་བྱས་པ་ཡིན་ཏེ། གཞན་ནི་གནོད་པ་བྱས་པས་དེ་ལ་ཁྲོ་གྱུར་ན་སྟེ་འཚིག་པར་འགྱུར་ནའོ།། རྨོངས་པས་ནི་རྣམ་པར་རྨོངས་ནས་ཏེ། རོང ་གིས་བྱས་པའི་ལས་དང་འབྲས་བུའི་འབྲེལ་པ་མི་གཉེར་བ་སྟེ། མི་རིག་པའི་སྒྲིབ་པས་སླར་འརྡེག་པ་དང་། འཁྱལ་པ་ལ་སོགས་པ་རྩོམ་པར་བྱའོ།། དེ་ལྟར་ན་ཉོན་མོངས་པའི་སྲིན་པོས་བརླམས་པས་དབང་དུ་བྱས་པ་དེ་ལ ་གྲང་སྐྱོན་མེད་པར་སྨྲ་ཞེས་པ་དང་ཉེས་པ་དང་ལྡན་པར་གང་ལ་སྨྲ། འདི་དག་གཉི་ག་ཡང་ཐུན་མོང་དུ་ཉེས་པ་དང་ལྡན་པའི་ཕྱིར་རོ།། འདི་ལྟར་ཡ་ང་བ་དགྲ་གི་ཚུལ་ཉིད་ལྔ་བསམས་ཏེ་ཁོང་ཁྲོའི་སེམས་བཟློག་པར་བྱའོ། ་ཞེས་གསུངས་པ། གང་གིས་ཞེས་བྱ་བ་ལ་སོགས་པ་ལ། གོང་གི་ཕྱིར་ཏེ། ཅི་སྟེ་དེ་བཞིན་དུ་འབྲས་བུ་དེ་དག་གི་རྒྱུའི་ལས་བྱས། གང་གིས་ཞེས་བྱ་བ་འདི་འཇིག་རྟེན་པའི་སྨྲ་བའི་ཚུལ་ལོ།། ཡང་ན་གང་གི་ཕྱིར་ལསི་ལ ་ནུས་པ་ཡོད་པའི་རྒྱུ་ཡིས་འཁྱལ་པ་དང་། འཆིང་བ་དང་བརྡེག་པ་ལ་སོགས་པས་གཞན་དག་ཕ་རོལ་པོས་གནོད་པ་བྱེད་གཟིར་བར་བྱེད་པའོ།། གལ་ཏེ་དེ་ལྟ་ཡིན་ན་ཡང་ཕྱིར་བཅོས་པར་རིག་པ་མ་ཡིན་ནམ་ཞེ་ན། ཐམས ་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྡུག་བསྔལ་གྱི་རྒྱུ་ཐམས་ཅད་ལས་ཀྱི་རྐྱེན་གྱིས་བསྐྱེད་ཅིང་རབ་ཏུ་འཇུག་པ་ཡིན་ཏེ། དེ་ལྟ་ན་དེའི་འབྲས་བུ་བཟློག་པའི་དོན་འདི་ལ་གཞན་དུ་བདགུ་བཱ་ར་ཙི ་སྟེསྟེ། འབྲས་བུ་སྐྱེད་པ་ལ་ཕྱོགས་པའི་ལས་ལ་གང་གིས་ཀྱང་བཟློག་པར་མི་ནུས་པའི་ཕྱིར་རོ།། ཡང་འདིར་རིགས་པའི་ཚུལ་འདི་ཡིན་ནོ་ཞེས་དེ་ལྟར་མཐོང་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་འདི་དག་ནི་ལ ་དང་ཉོན་མོངས་པ་ལ་རག་ལས་པ་སྟེ་གནས་པའོ།། ཕན་ཚུན་དུ་མི་རིགས་པའི་ལས་བྱེད་པ་རྣམས་བཟློག་པར་མི་ནུས་སོ་ཞེས་དེ་ལྟར་རྟོགས་ནས་སྟེ་ཤེས་ནས་ཡང་བསོད་ནམས་དག་དགེ་བའི་ལས་རྣམས་ལ་དེ་ལྟར་བདག ་གིས་བསྒྲིམས་ཏེ་བྱ་བ་སྟེ། བདག་གིས་རྣམ་པ་དེ་ལྟ་བུའི་ནུས་པ་ཐོབ་པར་བྱས་ནས་ཡང་དག་པའི་ལམ་དུ་ཞུགས་པར་གྱུར་པ་ན་ཐམས་ཅད་ཕན་ཚུན་གཅིག་ལ་གཅིག་བྱམས་པའི་སེམས་དང་ཕན་པ་དང་བདེ་བ་བསྒྲུབ་པ ་ལ་བརྩོན་པར་འགྱུར་བའི་རྣམ་པ་དེ་ལྟ་བུས་བརྩོན་འགྲུས་བརྩམ་མོ།། ཕངས་པའི་དངོས་པོ་འཇོམས་པར་བྱེད་པ་ལ་གནོད་པའི་སེམས་ལ་བཟློག་པར་བྱ་བའི་ཆེད་དུ་འཇིག་རྟེན་པའི་དཔེ་བརྗོད་པས་ཞེ་སྡང་ལས་ལྡོག་པར ་བྱའོ་ཞེས་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་པ་དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་ཁྱིམ་གཅིག་ན་མེས་ཚིག་པར་གྱུར་པ་ན། ཁྱིམ་དེ་ནས་ཁྱིམ་གཞན་དུ་མེ་སོང་ནས་གང་ན་རྩཝ་དང་ཤིང་ལ་སོགས ་པ་ལ་མཆེད་པར་བྱེད་པ་འཕེལ་བར་འགྱུར་བ་ན་དེའི་ནང་དུ་ཆུད་པའི་རྫས་གཞན་དག་ཀྱང་འཚིག་པར་དོགས་པས། དེ་ནི་ཕྱུང་སྟེ་དོར་བར་རིགས་ཏེ་སོ་སོར་བྱས་ཏེ་བཙལ་བར་བྱའོ།། དེ་ལྟར་དཔེའི་རིམ་པས་སྐབས་ལ་སྦྱར ་བར་བྱ་སྟེ། དེ་བཞིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་བསྟན་པའི་དཔེ་བརྗོད་པའི་ཚུལ་གྱིས་དངོས་པོ་གང་ལ་སེམས་ཡིད་ཆགས་ན་སྟེ་ཞེན་པས། ཞེ་སྡང་མེ་ནི་ཁོང་ཁྲོ་བའི་ཡིན་ལ་མཆེད་པར་གྱུར་པ་ནི་ཡོངས་སུ ་གདུང་བར་བྱེད་པ་སྟེ། ཆགོས་པའི་གནས་སུ་གྱུར་པའི་དངོས་པོ་དེ་དེའི་མོད་ལ་ནི་དུས་གཞན་དུ་མི་འགོང་པར་ཡོངས་སུ་དོར་ཏེ། དེ་ལ་མངོན་པར་ཞེན་པ་ཡོངས་སུ་སྤང་ངོ་།། ཅིའི་ཕྱིར་ཞེ་ན། བསོད་ནམས་བདག་ཉིད་ནི་ལུས ་ཏེ་བསོད་ནམས་ཀྱི་ཕུང་པོ་ཞེས་བྱ་བའི་དོན་ཏོ།། དེ་ནི་བསྟན་པའི་རིམ་པས་ཚིག་པར་ཏེ་ཡོངས་སུ་ཟད་པར་མ་གྱུར་ཅིག་ཅེས་པས་སོ།། གཞན་དུ་ན་ཁྱིམ་གཞན་དུ་སོང་བའི་དངོས་པོ་བཞིན་དུ་ཞེ་སྡང་གི་མེས་དེ་ཡང་སྲེག་པར ་བྱེད་དོ།། གཞན་ཡང་མེའི་སྡུག་བསྔལ་གང་ཡིན་པ་རྣམས་ཀྱིས་སེམས་ཅན་དམྱལ་བའི་འབྲས་བུའི་ལས་སྨིན་པར་འགྱུར་བ་བྱ་བ་འདི་ནི་རྙེད་པ་རྙེད་པ་ཡིན་ནོ་ཞེས་བསྟན་པ་ནི། བསད་པའི་ཞེས་བྱ་བ་ལ་སོགས་པ་གསུངས་པ ་ཡིན་ཏེ། གང་ཞིག་བསད་པའི་རིགས་པ་དེ་གལ་ཏེ་ལག་པ་ཙམ་བཅད་དེ་བཏང་ན་དེའི་ཚེ་འདི་ལ་ཉམས་པ་གང་ཡང་མེད་ཀྱི། སླར་ཡང་འཆི་བའི་སྡུག་བསྔལ་བས་ལག་པ་བཅད་པའི་སྡུག་བསྔལ་འདི་ཤིན་ཏུ་ཆུང་བ་ཡིན ་ནོ་ཞེས་བདག་ཉིད་རྙེད་པ་རྙེད་དོ་སྙམ་དུ་སེམས་སོ།། དེ་བཞིན་དུ་གང་མིའི་སྡུག་བསྔལ་བརྡེག་པ་དང་འཆིང་བ་དང་བརྙས་པ་ལ་སོགས་པ་ཉམས་སུ་མྱོང་བར་བྱས་པས་སེམས་ཅན་དམྱལ་བའི ་སྡུག་བསྔལ་ལུས་ཐར་པར་འགྱུར་བ་དེ་ལ་ཅུང་ཟད་ཀྱང་གོང་པ་མེད་དོ།། འདི་ནི་ཅུང་ཟད་ཀྱང་སྡུག་བསྔལ་མ་ཡིན་ཏེ། སེམས་ཅན་དམྱལ་བའི་སྡུག་བསྔལ་ལ་བལྟོས་ན་བདེ་བ་རང་ཉིད་ཡིན་ནོ།། དེ་བས་ན་གལ་ཏེ་མཁས ་པ་ཡིན་ན་དེའི་ཚེ་འདིར་འདི་ལ་ཡིད་བདེ་བ་ཉིད་དུ་བྱ་བར་རིགས་པ་ཡིན་ནོ།། ཇི་ལྟར་བདག་གི་སྡུག་བསྔལ་ཤིན་ཏུ་ཆུང་ངུ་ཡང་བཟོད་པར་ནུས་སྔོ་ཞེ་ན། འདིར་ད་ལྟའི་སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁུ ་ཚུར་དང་ཐལ་ལྕག་དང་བོང་བ་ལ་སོགས་པས་བསྣུན་པར་བྱས་པཱའི་སྡུག་བསྔལ་ཅུང་ཟད་ཙམི་སང་དེ་ལྟར་བཟོད་པ་རཱ་ཏཱི་བརྟེན་པར་མི་ནུས་ཤིང་མི་ལྕོགས་ན་དེ་འདོར་ཁྱོད་ལ་འདྲི་བར་བྱ་སྟེ། གལ་ཏེ་དེ་ལྟར་ཡིན་ན་སམ ་ཅན་དམྱལ་བའི་སྡུག་བསྔལ་གྱི་རྒྱུ་ཁྲོ་བ་སྟེ་ཁོང་ནས་ལྡང་བ་འདི་ཅིའི་ཕྱིར་ན་ལྡོག་པརི་མི་བྱེད། འཇིལ་བར་མི་བྱེད་འདི་ནི་ཤིན་ཏུ་ཡང་སེམས་ཅན་དམྱལ་བ་རྣམས་སུ་སྡུག་བསྔལ་བསྐྱོང་བར་བྱེད་པ་ཡིན་པས་སྡུག་བསྔལ ་གྱིས་འཇིག་པ་རྣམས་ལྡོག་པར་བྱ་བར་རིགས་པ་ཡིན་ནོ།། གཞན་ཡང་གལ་ཏེ་བརྟེན་པ་མི་ནུས་པ་དེ་ལྟར་ཡིན་མོད་ཀྱི་ཁྱོད་ཀྱིས་དེའི་རྒྱུའི་ལས་བྱས་པས་མི་འདོད་ཀྱང་སྡིག་བསྔལ་དུ་འབོབ་པར་འགྱུར་གྱི། འབྲས་བུ་ཅུང ་ཟུང་ཀྱང་མི་འབྱུབ་བ། བཟོད་བུ་ལས་ནི་དེ་ལ་དོན་ཆེན་པོ་རྙེད་པར་འགྱུར་བ་ཡིན་ནོ་ཞེས་ཚིགས་སུ་བཅད་པ་གཉིས་ཀྱི་བསླབ་པར་བྱ་བའི་ཕྱིར། ཁྲོ་བའི་དོན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྲོ་བའི་རྒྱུ་མཚན་ཉིད་ཀྱིས།། ་དེ་བཞིན་དུ་འབྲས་བུ་མེད་པར་སེམས་ཅན་དམྱལ་བ་ཡང་སོས་ལ་སོགས་པ་རྣམས་སུ་སྟོང་ཕྲག་སྟེ་ལན་སྟོང་ཕྲག་དུ་མར་བཅད་པ་དང་། དབྱུག་པ་དང་བཙལ་བ་ལ་སོགས་པའི་རྒྱུ་རྣམས་ཀྱིས་གཟིར་བ་བདག་གིས་མྱོང་བར་བྱས ་ཀྱང་དེ་བཞིན་དུ་སྡུག་བསྔལ་ཉམས་སུ་མྱོང་བ་ཡང་བདག་གི་རང་གི་དོན་མཐོང་བ་དང་མི་མཐོང་བའི་འབྲས་བུ་བསྒྲུབ་པའམ། བདག་གི་སྟེ་ཕ་རོལ་དག་གི་དོན་ཕྲན་པ་དང་བདེ་བ་བསྒྲུབ་པའི་མཚན་ཉིད་མ་བྱས་སོ་ཏེ་མ་པོསྒྲུབས་སོ།། ། ་དེ་ལྟར་དགོས་པ་མེད་པ་ཁོ་ན་ཊ་སེམས་ཅན་དམྱལ་བར་སྡུག་བསྔལ་སྟོང་ཕྲག་མྱོང་བར་གྱུར་ཏོ།། དེ་བས་ན་དེ་དུང་ཡང་དེ་བཞིན་དུ་བདག་མི་བཟོད་པ་བྱ་བར་རིགས་པ་མ་ཡིན་ནོ་ཞེས་གསུངས་པ། འདི་ནི་ཞེས་བྱ་བ་ལ་སོགས ་པ་སྟེ། སྡུག་བསྔལ་འདི་ནི་སེམས་ཅན་དམྱལ་བར་བྱུང་བ་ཅི་འདྲ་བ་མ་ཡིན་ལྔ། འོན་ཀྱང་དོན་ཆེན་པོ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བོའི་གཏེར་དུ་གྱུར་པ་སངས་རྒྱས་ཉིད་བསྒྲུབ་པར་འགྱུར་བའོ།། དེའི་ཕྱིར་ན ་འགྲོ་བའི་གིནོང་སེལ་འགྲོ་བ་གསུམ་དུ་གཏོགས་པ་སྟེ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྡུག་བསྔལ་ལ་དགའ་བ་འབའ་ཞིག་འདིར་བྱ་རིགས་ཀྱི་མི་འདོད་པར་མི་བྱའོ་སྙམ་དུ་དགོངས་པ ་ཡིན་ནོ།། གཞན་གྱི་ཡོན་ཏན་ཐོས་པ་ན་ཕྲག་དོག་གི་དྲི་མ་བཀྲུ་བར་བྱ་བའི་ཕྱིར། གཞན་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡོན་ཏན་ལྷག་པ་ཡོད་པར་བསྟོད་པས་གལ་ཏེ་དགའ་བའི ་བདེ་བ་འབའ་ཞིག་ཐོབ་ན་དེའི་ཚེ་ཀྱེ་ཡིད་ཁྱོད་ཀྱང་དེའི་ཡོན་ཏན་ཡང་དག་པར་བརྗོད་ནས་ཅི་སྟེ་དགའ་བའི་བདེ་བོ་ཉམས་སུ་མྱོང་བ.རཱ་མི་བྱེད། ཅིའི་ཕྱིར་དགོས་པ་མེད་པ་དང་ལྔ་ཕྲག་དོག་གི་མེ་འབར་བས་རང་གི་རྒྱུད་ཕུད་ཤིང ་བུར་བྱེད་བདེ་བ་ཐམས་ཅད་ནི་ཆགས་པའི་བདག་ཉིད་ཡིན་པའི་ཕྱིར། བརྟེན་པ་བཀག་པ་ཉིད་མ་ཡིན་ནམ། དེ་བས་ན་བདག་ནི་བདེ་བ་ཐམས་ཅད་ལས་ཕྱིར་ཕྱོགས་པ་ཡིན་པའི་ཕྱིར་འདི་ཡང་ལེན་པ་མི་བྱེད་དེ། བདེ་བར ་བར་རྣམ་པར་རྨོངས་པའི་ཡིད།། གང་དང་གང་ལ་ཆགས་གྱུར་པོ།། དེ་དང་དེ་བསྡོངས་སྟོང་འགྱུར་དུ།། སྡུག་བསྔལ་ཉིད་དུ་གྱུར་ཅིང་ལྡང་། ཞེས་འཚོད་པར་འགྱུར་བ་ཡིན་ནོ་ཞེ་ན། ཁྱོད་ཀྱི་ཞེས་བྱ་བ་ལ་སོགས་པ ་གསུང་ཏེ། དགའ་བའི་བདེ་བ་ཐམས་ཅད་ནི་དགག་པ་མ་ཡིན་ཏེ། འོན་ཀྱང་ཁ་ན་མ་ཐོ་བ་དང་བཅས་པ་མི་དགེ་བའི་རྒྱུ་དེ་དག་དགག་པ་ཡིན་ནོ།། ཁྱོད་ཀྱིས་གཞན་གྱི་ཡོན་ཏན་ལ་བརྟེན་པའི་དགའ་བོའི་བདེ་བ་ཁ་ན་མ་ཐོ་བ ་མེད་པ་འདི་ནི་མི་དགེ་བའི་རྒྱུ་མ་ཡིན་ནོ།། དེའི་ཕྱིར་ན་བདེར་འབྱུང་སྟེ་འདི་ལ་བདེ་བ་འབྱུང་བ་ཡོད་པས་ཞེས་དེ་ལྟར་ཡིན་པས་སོ།། དེ་ཉིད་ཀྱི་ཕྱིར་ཡོན་ཏན་ལྡན་པ་རྣམས་ཀྱིས་སྣང་བ་སྟེ། བཅོམ་ལྡན་འདས་ཀྱིས་བསྟན ་པའི་ཚུལ་ཤེས་པ་རྣམས་ཀྱིས་སོ།། གཞན་ཡང་འདིའི་ཡོན་ཏན་གྲང་གཞན་སྡུད་པའི་མཆོག་ཀྱང་ཡིན་ཏེ། གཞན་གྱི་ཡོན་ཏན་རྣམས་ལ་དགའ་བས་འདི་ནི་ཡོན་ཏན་དག་ལ་ཕྲག་དོག་མེད་པ་ཡིན་ནོ་སྙམ་ན་སེམས ་ཅན་གཞན་ཡང་སྡུད་པར་འགྱུར་རོ།། དེ་བས་ན་འདིར་དགའ་བའི་བདེ་བ་བླང་བར་རིགས་པ་ཡིན་ནོ།། འོན་ཏེ་ཕ་རོལ་གྱི་ཡོན་ཏན་དག་ལ་བདག་མི་བཟོད་པ་ནི་གང་ཡང་མེད་དོ་འོན་ཀྱང་བསྟོད་པ་བྱེད་པའི་བདེ་བ་དེ་བདག ་གིས་བསྟེན་པར་མ་ནུས་སོ་ཞེས་ན་འདིར་གཞན་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གཞན་ལ་ནི་བསྟོད་པ་བྱེད་པའོ།། བདེ་འགྱུར་ཞེས་པ་ནི་དེ་ལྟ་བས་ན་དགོངས་འདིས་ཁྱོད་གལ་ཏེ་གཞན་གྱི་ཡོན་ཏན་བསྟེན་པའི ་དགའ་བ་ལས་བྱུང་བའི་བདེ་བ་གང་ཡིན་པ་འདི་མི་འདོད་ནི་དེའི་ཚེ་ཤིན་ཏུ་དོགས་པར་ལྟུང་བར་འགྱུར་བ་ཡིན་ནོ།། ཇི་ལྟར་ཞེ་ན། བྲན་ལ་གླ་རྔན་སྦྱིན་སོགས་སྤོང་གཞན་ཡང་ཁྱོད་བདག་རང་བདེ་བའི་རྒྱུ་མཚན་དུ་རང ་གི་བྲན་ལ་སོགས་པ་ལ་བྲན་གྱི་གླ་རྔན་ལས་ཀྱི་རིན་སྦྱིན་པ་དང་། དེ་བཞིན་དུ་ཕན་འདོགས་པ་ལན་དུ་ཕན་འདོག་པ་སྟེ། དེ་དག་ལ་སོགས་པ་སྤོང་བ་དེ། ཕྱིར་ཕྱོགས་པའི་ཕྱིར་གཞན་གྱི་བདེ་བ་ལ་སྡང་བ་ཅན་ལ་དེ ་ཡང་མི་བྱ་བ་ཉིད་དུ་འགྱུར་རོ།། གང་གི་ཕྱིར་ངེས་ཀྱང་དེ་ལ་བདེ་བ་ཉིད་བསྒྲུབ་པར་འགྱུར་ཏེ་དེ་ལྟ་བས་ན་མཐོང་བ་ནི་ཚེ་འདིའི་འབྲས་བུ་དང་། མ་མཐོང་བ་ནི་འཇོག་རྟེན་ཕ་རོལ་གྱི་སྟེ་གཞན་གྱི་བདེ་བ་ཕུན་སུམ་ཚོགས ་པ་ལ་ཎྜཱི་བཟོད་པའི་གནས་ས་པ་འགྱུར་རོ།། གཞན་ཡང་ཅན་ང་གཱ་ལོག་པའི་ལནྡྲ་སྦྱིནྡ་ནྡོ་རུང་གཱ་སྨན་ཏཱན་ཞེས་བྱུ་བ་ལྔ་སྔགས་པ་གཱ་སྨྲ་སྱཱ་ཏྭ། ཀཱཀྵ་ཏྱཱ་དྲུ་གོག་ད་རྒྱུ་བནྡྷཏན ་རྗོད་པརརྱ་བྱེད་ནཱ་ནི་དེའི་ཚེ་གཞན་དེ་ལྟ་མི་འདོད་ཀྱང་བདེ་བར་འདོད་ལ་ཇི་སྟེ་གཞན་གྱི་ཡོན་ཏན་གྱི་རྗེས་སུ་བསྔགས་པ་བྱེད་པ་ནི་དེའི་ཚེ་ཕྱག་དོག་གི་དྲི་མ་དང་ལྗོན་པའི་ཡིད་ཀྱིས་རང་གི་བདེ་བ་ཡང་མི་འདོད་བྱེད། གཞོན་གྱི་དྲང ་སྐྱུར་རེ་ཞིག་ཞོག་ཅེས་བྱ་བ་ནི་འང་གི་སྒྲའོ།། དེ་བས་ན་ཁྱོད་ཀྱི་སྔོན་ཏན་ཕུན་སུམ་ཚོགས་པ་ལ་ཕྲག་དོག་པ་ཉིད་ཡིན་ཏེ། བསྐྱེད་པར་བྱེད་བ་པོའི་བདེ་བ་མ་བརྗོད་པ་ནི་མ་ཡིན་ནོ།། གཞན་ཡང་ངོ་ལྟར་བདེ་འགྱུར་ཉེས་གས ་ཏཱི་ཁྱོད་བདེ་འདི་མི་འདོད་ཅེས་གླང་གསུངས་པ་དེ་ལ་ཁྱད་པར་སྤྱན་འབྱིན་པ། སེམས་ཅན་ཐམས་ཅད་ཅེས་བྱ་བ་ལ་སོགས་གསུངས་ཏེ། ཁྱོད་པར་དུ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཕ་རོལ་གཞན་གྱི་བདེ་བ་ཕུན་སུམ་ཚོགས་པ ་མ་ཐོ་ཟློང་པ་ཞེས་བྱ་བ་གང་ཡིན་པ་ནི་ཤིན་ཏུ་སྐ་དོ་པ་ཁོ་ན་ཡིན་ནོ།། གང་གི་ཕྱིར་བདག་གིས་སངས་རྒྱས་ཉིད་ཐོབ་ནས་ཁམས་གསུམ་པོར་གཏོ་གས་པའི་སེམས་ཅན་ཐམས་ཅད་ལ་བ་བ་ཕུན་སུམ་ཚོགས་པ་མཐའ ་དག་འབྱོར་པར་བྱའོ་སྙམ་དུ་ཡིད་ལ་བྱེད་པས། བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས་ཏེ། དེ་བསྐྱེད་ནས་སེམས་ཅན་ལ་ཇི་སྟེ་ཁྲོ་བར་བྱེད་དེ་དད་པར་བྱ་བའི་གནས་པ་རང་གི་སེམས་མངོན་པར་དང་པོས་བྱས་ནས་བདག ་རང་གི་བདེ་བ་ཐོབ་པ་རྣམས་ལ་དཀོ་སྟེ། ད་ལྟ་ཅི་སྟེ་ཁྲོ་བར་བྱེད། དེ་བས་ནྱ་བྱང་ཆུབ་སེམས་དཔའ་གཞན་གྱི་བདེ་བ་ཕྱིར་ཕྱོགས་པ་དེ་ལྟ་བུ་མི་བྱའོ་སྙམ་དུ་དགོངས་པ་ཡིན་ནོ།། ཡང་བྱང་ཆུབ་ཏུ་སེམས་བསྐྱེད་པ་གང་ཞིག ་བདག་གི་རྙེད་པ་དང་བཀུར་སྟི་ཕུན་སུམ་ཚོགས་པ་མཐོང་ནས་སེམས་ཕྲག་དོག་གི་ཉོན་མོངས་པའི་མྱ་ངན་དེས་ཚིག་པ་དེས་སྤྲོ་བའི་དོན་དུ། འཇིག་རྟེན་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཡང་ན་དེ་ལྟར་མོད་བདག ་གིས་བདེ་བ་དེ་མི་བཟོད་པ་ནི་མ་ཡིན་ནོ།། འོན་ཀྱང་དེས་བརྗོད་པའི་ཡོན་ཏན་གཞན་གྱིས་ཐོས་པ་ན་ཡོད་དད་པས་དེ་དག་ལ་རྙེད་པོ་དང་བཀུརེ་སྟི་འབུལ་བར་བྱེད་པ་མི་བཟོད་པ་ཡིན་ནོ།། ཞེ་ན་འཇིག་རྟེན་གསུམ་མཆོད་ཅེས་བྱ་བ་ལ ་སོགས་པ་གསུངས་ཏེ། འཇིག་རྟེན་གསུམ་ནི་འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་མཚན་ཉིད་དམ་འཇིག་རྟེན་དུ་གྲགས་པའི་མཐོ་རིས་ལ་སོགས་པའི་རང་བཞིན་གྱི་འཇིག་རྟེན་གསུམ་སྟེ་དེ་དག་བསྡུས་པོའོ།། ། ་དེ་ལ་མཆོད་པར་འོས་པས་ན་མཆོད་བྱ་སྟེ། རྗེད་པར་བྱ་བའོ།། འདིས་ནི་ཐམས་ཅད་ལས་ཕུལ་དུ་བྱུང་བ་ཉིད་དུ་བསྟན་པ་སྟེ། དེ་ལྟ་བུར་གྱུར་པའི་སངས་རྒྱས་ཉིད་དུའོ།། སེམས་ཅན་རྣམས་ནི་འདོད་ཅེ་ན་ཞེས་བྱ་བ་ལ། ལོ་ཞེས ་བྱ་བ་འདིས་ནི་ཕྱིན་ཅི་ལོག་ཏུ་མཐོང་ནས་མ་མགུ་བར་སྟོན་པར་རོ་བསྙེན་བཀུར་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ་རྙེད་པ་ཡང་ངོ་།། ལྷག་མ་ནི་གོ་སླའོ།། རྙེད་པ་ལ་བསམས་ནས། གསོ་བྱ་ཞེས་བྱ་ལ་སོགས་པ་གསུངས་ཏེ། ་ཁྱོད་ཀྱི་སྐུ་གསོ་བྱར་བྱ་བ་སྤངས་པའི་བུ་ལ་སོགས་པ་ཁྲོད་ཉིད་ཀྱི་གསོ་བ་གང་ཡིན་པ་དེ་ཁྱོད་ཀྱིས་ནི་སྦྱིན་པར་བྱ་བ་སྟེ་དེས་ནི་ཁྱོད་ཀྱི་ཟད་པར་བྱ་བར་འགྱུར་རོ།། དེའི་ཕྱིར་ཁྱོད་ཀྱི་གཉེན་གྱིས་འཚོ། ་བ་སྟེ། ཁྱོད་ཀྱི་གཟུབ་ཡིས་འཚོ་བོ་གང་ཡིས་འཚོ་བ་གོང་ཡིན་པ་སྟེ། རྣམ་པ་དེ་ལྟ་བུའི་སྐྱེས་བུས་རྙེད་གྱུར་ན་སྟེ། ཐོབ་པར་གྱུར་ནས་དགའ་བ་རོ་མི་འགྱུར་ར་མོ་ཞེས་ཟུར་གྱིས་འདྲི་བའོ།། སླར་ཁྲོ་འམ་དགོའ་བར་མི་བྱེད་དམ ་ཞེས་བྱ་བའི་དོན་ཏོ།། དེ་ལྟར་སྐབས་ལ་ཡང་སྦྱར་ཏེ། གང་གི་ཕྱིར་སེམས་ཅན་ཐམས་ཅད་བདག་གི་རེ་གཟུང་བ་དེའི་དེ་བདེ་བས་བདེ་བ་ཉིད་དུ་རིགས་པ་ཡིན་ནོ།། འོན་ཏེ་དེ་དག་སངས་རྒྱས་ཉིད་དུ་བྱ་བར་བདག་གིས་དམ ་བཅས་ཀྱི། བདེ་བ་གཞན་ལ་ནི་མ་ཡིན་ནོ་སྙམ་དུ་དོགས་པ་ལ་དེ་ཅི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་ཀྱང་ཡང་དག་པ་མ་ཡིན་ཏེ། གང་གི་ཕྱིར་བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི།། སྤྱན་སྦྱར་འགྲོ་བ་བདེ་གཤེག ་ཉིད་དང་ནི།། བར་ཏུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས།། ཞེས་དམ་བཅས་པ་ཡིན་ནོ།། དེ་ལྟར་གྱུར་མོད་དེ་ལྟར་ན་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་སེམས་ཅན་དེ་དག་བྱང་ཆུབ་སྟེ། སངས་རྒྱས་ཉིད་བྱར་འདོད་ཀྱི། དེ་ཅི་གཞན ་གྱི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དོན་གྱི་རྣམ་པ་མི་འདོད་པ་ཡིན་ནམ་ཞེ་ན། ཇི་སྟེ་དེ་ལྟར་མི་འདོད་ནོ་དེའི་ཚེ་བྱང་ཆུབ་ཀྱི་སེམས་ཀྱང་ཉམས་པར་འགྱུར་རོ་ཞེས་གསུངས་པ་དེ་ལ་བྱང་ཆུབ་སེམས་ནི་གང་ལ་ཡོད་དེ ་བྱང་ཆུབ་སེམས་དཔའ་ལོག་པར་དམ་བཅས་པ་ལའོ།། སུ་ལ་ཞེ་ན། གང་ཞིག་གཞན་འབྱོར་ཁྲོ་དེ་ལ་འབྱོར་པ་དཱནཱ་དོན་རྙེད་པ་དང་བཀུར་སྟི་བྱུང་བ་ལའོ།། དེ་ལྟར་གནོད་བྱེད་པ་ནི་བྱང་ཆུབ་སེམས་དཔའི་དགེ་བའི་ལུས་ལྡོག ་པོའི་རྒྱུ་ཡིན་ནོ།། གཞན་ཡང་གཞན་ལ་རྙེད་པ་དང་བཀུར་སྟི་ཕུན་སུམ་ཚོགས་པ་མེད་ན་ཡང་དངོས་པོ་དེ་ཁྱོད་ལ་ནི་མི་འབྱུང་ན། དེ་ཅིའི་ཕྱིར་རྒྱུ་མེད་པར་དེ་ལ་སྡང་བས་བདག་ཉིད་འཇོམས་པའི་དོན་དུ་འབད་པར་བྱེད་ཅེས་བསྟན ་པ་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་ན་ཁྱོད་མི་བཟོད་པའི་ཡུལ་ཏུ་གྱུར་པའི་སེམས་ཅན་དེས་སྟེར་བར་བྱེད་པའི་དངོས་པོ་དེ་མ་ཐོབ་པ་དེ་ལྟར་ན་ཡང་སྦྱིན་བདག་ཁྱིམ་དུ་གནས་པར་གྱུར་པ་དེ་ལས་ཁྱོད་ལ ་ཙྪིཊཱི་ཞིག་བྱུང་བར་གྱུར། རྣམ་པ་ཀུན་ཏུའང་ངོ་རྙེད་པའང་།། ཁྱིམ་ན་གནས་པའདྲ་རླུང་སྟེ། དངོས་པོ་དེ་ཁྱོད་ལ་ཡོད་པ་མ་ཡིན་ནོ།། དེ་བས་ན་བྱིན་དང་མ་བྱིན་རུང་དེསཽ་ཙཾ་བྱཱ།། ཁྱོད་ལ་དགོས་པ་ཅུང་བླུད་ཀྱང་མེ་དོ།། ་ཕྱིར་ནཱ་དེ་ལ་ནི་མཁས་པས་བཏང་སྙོམས་སུ་བྱ་བར་རིགས་སོ།། གཞན་ཡང་རེ་ཞིག་འདི་ལྟར་ཡང་བརྟག་པར་བྱའོ་ཞེས་བརྟན་པ་བསོད་ནམས་དང་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦྱིན་པ་བྱེད་པ་དང་སྦྱིན་བླངས ་ལོ་སོགས་པས་མངོན་པར་དད་པ་རྙེད་པ་དང་བཀུར་སྟི་རྣམས་ཀྱི་གང་ཞིག་ལ་མཆོད་པ་བྱེད་པའི་བསོད་ནམས་དེ་ཅིའི་ཕྱིར་དོར་བར་བྱ། གང་གི་དབང་གིས་དེ་ལ་རྙེད་པ་དང་བཀུར་སྟེ་བྱུང་བར་གྱུར་པོ་སྤྲིན་གྱི་ལས་ཀྱི ་བྱས་པའི་རྣམ་པར་སྨིན་པ་མངོན་པར་ཕྱོགས་པ་དང་། དེས་ཏེ་རབ་ཏུ་དང་པ་དང་། སྦྱིན་པ་པོ་དང་སྦྱིན་བདག་དོར་རཱམ། འོན་ཏེ་གང་ལ་བརྟེན་ནས་འདི་དག་གི་དད་པ་སྐྱེ་བ་དེ་འགྲོ་བ་འདི་དག་ལ་མ་དད་པར ་གྱུར་ཅིག་ཅེས་རང་གི་ཡོན་ཏན་དོར་རམ། ཇི་སྙེད་པར་འགྱུར་བ་ཡང་དེ་དག་ལས་མི་བླང་བར་བྱ་འམ། རྣམ་པ་གང་གིས་འདིར་ཁྱོད་མགུ་བར་མི་འགྱུར་པས་སྨྲོས་ཤིག། དེ་ལ་བསོད་ནམས་ལ་སོགས་པ་ནི་ལྡོག་པར་མི་ནུས ་པའི་ཕྱིར་དང་། རྙེད་པར་འགྱུར་བ་འཛིན་པ་ལ་ཡང་ཀུན་དུ་དེ་ཁྱོད་ལ་མེད་ན་ཞེས་བྱ་བ་ལ་སོགས་པ་གནོད་པ་གསུངས་པའི་ཕྱིར། མགུ་བའི་རྒྱུ་ཅུང་ཟད་ཀྱང་མེད་དོ།། ཇི་སྟེ་ཡང་གཞན་ནི་རྙེད་པ་དང་བཀུར་སྟི་ཕུན་སུམ ་ཚོགས་པ་ཡོད་ལ། འོན་ཏེ་བདག་ལ་ནི་མེད་པ་དེའི་ཚེ་གཞན་ལའང་བྱུང་བར་མ་གྱུར་ཅིག་སྙམ་སྟེ་དེ་དག་བདག་གི་རྒྱུ་ཡིན་ནོ་ཞེ་ན། དེའི་ཕྱིར་ཁྱོད་ནི་རང་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོ་སླ་སྟེ་སྡུག་བསྔལ་གང་ཅི་ཡང ་རུང་བ་དེ་དག་ཐམས་ཅད་ནི་སྡིག་པ་ལས་བྱུང་བ་ཡིན་ལ། མངོན་པར་འདོད་པའི་གེགས་ཀྱང་སྡུག་བསྔལ་ཡིན་ཏེ། གང་འདོད་པ་བཙ་ལོ་ཏེ་མོ་རྙེད་པ་དེ་ཡང་སྡུག་བསྔལ་བའོ་ཞེས་གསུངས་པའི་ཕྱིར་རོ།། གླིང་འདོད་པ་རྣམས་དང ་བྲལ་བ་ནི་སྡིག་པ་སྤྱོད་ལ་འབྱུང་བར་འགྱུར་ཞེས་འཆད་པར་འགྱུར་བའོ།། གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་བསོད་ནམས་ལས་བྱུང་བ་ཡིན་ནོ་ཞེས་དེ་ལྟར་བྱས་ནས་བདེ་བ་འདོད་པ་རྣམས་དགེ་བའི་ལས་ལ་བརྩོན་པར ་བྱའོ། གང་བསོད་ནམས་བྱེད་པ་བདེ་འདོད་པ་ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་པའི་ཕྱིར། ཇི་ལྟར་ན་བསོད་ནམས་བྱས་པ་དང་ལྷན་ཅིག་འགྲན་པར་རིགས། ལེགས་པར་བྱས་པ་ཉིད་ལ་བདེ་བ་ཉིད་མངོན་པར་འདོད ་པོ་ནི་འགྲན་པར་རིགས་སཽ་ཞེས་བྱ་བའི་དོན་ཏོ།། གཞན་ཡང་འདི་དྲི་བར་བྱ་སྟེ། གལ་ཏེ་ཁྱོད་ཀྱི་དགྲ་པོ་ཞེ་སྡང་གི་ཡུལ་དུ་གྱུར་པོ་ལ་ཁྱོད་འདོད་པ་ཙམ་གྱིས་མི་དགའ་བ་མི་འདོད་པ་བྱུང་ཞིང་སྐྱེས་ན་རེ་ཞིག་དེ་ལ་མི་འདོད་པ་བྱུང ་ཡང་གྱུར་མོ་། ཁྱོད་ལ་དེ་ཙམ་ཞིག་གིས་ཅིར་འགྱུར། ཡང་གཞན་ལ་གྱུར་རུང་མ་གྱུར་རུང་བ་དག་གི་ཅུང་ཟད་དེ་ཙམ་ཞིག་གིས་དགོས་པ་ཡིན་ཞེས་གཞན་གྱི་བསམ་པའི་དགས་པ་བསྡུ་བ། ཁྱོད་ཀྱིས་ཞེས་བྱ་བ་ལ་སོག ་པ་ལ། ཁྱོད་ཀྱིས་ཡིད་སྨོན་ནི་འདོད་པ་སྟེ་མངོན་པ་འདོད་པ་ཞེས་བྱ་བའི་དོན་ཏོ།། དེ་ཙམ་གྱིས་རྒྱུར་མི་འགྱུར་ན་འདི་ལ་རྒྱུ་ཡོད་པ་མ་ཡིན་པ་ནི་རྒྱུ་མེད་པའི་དོན་ཏེ། མི་འགལ་བའི་མི་འབྱུང་ངོ་།། དེ་ལྟར་གྱུར་དུ་ཟིན་མོད་ཅེས ་ཁས་བླངས་ནས་ཀྱང་བརྗོད་པར་བྱ་བ་ཡིན་བསྭ་ན་ཇི་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་ཞིག་ན་ཁྱོད་ཀྱི་འདོད་པའི་དགྲ་ལ་མི་དགའ་བ་བསྒྲུབ་ཅིང་རྫོགས་ན་དེ་ལྟ་ན་ཡང་དེ་ལ་སྡུག་བསྔལ་འབྱུང་བ་ལ་ཁྱོད་འདྲེར ་ཅི་ཡོད། ཅུང་ཟད་ཀྱང་མེད་དེ། འདོད་པ་ནི་འདི་ནི་དགོས་པ་མེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། དེ་སྡུག་བསྔལ་བས་བདག་དགའ་བ་གང་ཡིན་པ་འདི་ཉིད་དགོས་པ་ཡིན་ནོ་ཞེ་ན་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ ་ལྔར་ཡང་ཕ་རོལ་སྡུག་བསྔལ་བ་ལ་དགའ་བ་དེ་གལ་ཏེ་འཚེངས་པར་དང་དགོས་པ་ཡིན་ནོ་ཞེ་ན། དེའི་ཚེ་དེ་ལས་གཞན་ཕུང་པ་ཅི་ཡོད། ཅི་ཞེས་བྱ་བ་ནི་ཁྱད་པར་ཏེ། འདི་ཉིད་ཕུང་བ་ཆེན་པོའི་ཞེས་བྱ་བ ་དོན་ཏོ།། ཇི་ལྟར་ན་འདི་དོན་མེད་པ་ཡིན་ཞེ་ན། ཉོན་མོངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་འདི་ནི་ཏེ་རྣམ་པ་འདི་ལྟ་བུ་གཞན་ཕུང་ན་རུང་སྙམ་པའི་སེམས་མཆིལ་པོ་མི་བཟད་གཟེ་བ་ཆེར་འཇིགས་པར་བྱེད་པའོ།། ། ་ཇི་ལྟ་བུར་གྱུར་པ་ཞིག་ཡིན་ཞེ་ན། ཉོན་མོངས་ཉ་པས་བཏབ་པོའི་སྟེ། ཉོན་མོངས་པ་ཉིད་ཉེ་བ་བཞིན་དུ་སྤྱོད་པ་ཡང་ཡིན་པས་ཉ་བ་སྟེ་དེས་བཏབ་པ་ནི་བཏབ་པའོ།། ཉོན་མོངས་ཉ་པ་གང་གིས་ཉ་བ་ཉ་ལ་བྱ་བ་བཞིན་དུ་དམྱལ་བའི ་སྲུང་མ་གཤིན་རྗེའི་སྐྱེས་བུས་ཁྱོད་བཟུང་ནས་བུམ་པར་ནི་སེམས་ཅན་དམྱལ་བའི་བྱེ་བྲག་ཏུ་འཚོང་དེས་ཏེ་སྐོལ་ཞིང་གདུང་བར་བྱེད་དོ།། དེ་ལྟ་བས་ན་འདི་ལ་འདོད་པར་མི་བྱའོ་སྙམ་དུ་དགོས་པ་ཡིན་ནོ།། གང་བསྟོད་པ་ལ ་སོགས་པའི་གླེགས་བྱེད་པས་སྡུག་བསྔལུ་སྐྱེ་བ་དེ་ཡང་མ་བརྟགས་པ་ཁོ་ན་ཡིན་ནོ་ཞེས་ཉེ་བར་བསྟན་པ་བསྟོད་དང་གྲགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་རྣམ་པ་ལྔ་ནི་མཁས་པ་དྲག་སྐྱེས་བུའི་དོན་དུ་འདོད ་པ་ཡིན་ཏེ། འདི་ལྟ་སྟེ། བསོད་ནམས་དང་ཚེ་འཕེལ་བ་དང་། སྟོབས་འཕེལ་བ་དང་། ནད་མེད་པ་འཐོབ་པ་དང་ལུས་བདེ་བ་འཐོབ་པ་དང་། བསྟོད་པ་ལ་སོགས་པ་ནི་དེ་དག་དགའ་ལ་ཡང་མི་མཁོའི། རང་གི་དོན་དུ་འགྱུར་ན ་ནི་འདི་དག་འགྱུར་ལ་རང་དོན་ཤེས་པ་ནི་ཤེས་རབ་དང་ལྡན་པ་སྟེ། གཞན་ལ་ནི་གཞན་དུའང་འགྱུར་རོ་ཞེས་བདག་ཉིད་ལ་སྤྱོད་དེ། གལ་ཏེ་རང་གི་དོན་ཤེས་པ་ཡིན་ན་ཡང་དེ་ལྟ་མོད་ཀྱི་རང་གི་དོན་ཤེས་པའི་ཐབས་མ་ཡིན ་པའི་ཕྱིར་ལོག་ཏུ་མ་བསྟན་ཏོ།། བློ་ལྡན་ཞེས་བྱ་བ་ནི་སྐབས་དེ་དང་འབྲེལ་པའི་ཕྱིར་དེ་ཡང་བསྟན་པ་ཡིན་ནོ།། འོ་ན་ཡོད་བདེ་བ་ཡོད་པ་མ་ཡིན་ནམ། དེའི་ཕྱིར་ངེས་པར་གཟུང་བར་མི་རིགས་སོ་ཞེས་ན། འདིར་རྒྱན་སོགས ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡིང་བདེ་བ་ནི་སེམས་བདེ་བ་སྟོད་དེ་ཙམ་ཞིག་འདོད་ན་ནི་ཆང་དང་རྒྱན་པོ་དང་སྨད་འཚོང་མ་དྲང་གཞན་གྱི་བུད་མེད་ལ་སོགས་པོ་བསྟེན་པར་བྱ་དགོས་པར་འགྱུར་རོ།། དམ་པའི་ཆོས་ལ་སོགས ་ས་པ་ལས་ཡིད་བདེ་བ་གང་ཡིན་པ་དེ་ནི་བསོད་ནམས་སྨོས་པས་བསྡུས་པ་ཡིན་པས་ན་ཉེས་པ་མེད་དོ།། དེ་ལྟ་བས་ན་ཡིད་བདེ་བའི་རྒྱས་བསྟོད་པ་ལ་སོགས་པ་བྱིས་པའི་སྐྱེ་བོ་དགའ་བར་བྱེད་པ་ནི་བླང་བར་བྱ་བ་ཉིད་མ་ཡིན་ནོ།། དེ ་ལྟ་ན་ཡང་བསྟོད་པ་ལ་སོགས་པ་ནི་བྱིས་པ་སྐྱེ་བོའི་ཚིག་ཡིན་ནོ་ཞེས་གྲགས་པའི་དོན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱེས་བུ་རྨོང་ས་པ་འགའ་ཞིག་ཡོན་ཏནཽ་དེ་འདྲ་བ་རང་ལས་ཤིན་དུ་རིང་པན་གནས་ན་ཡོང་བརྒྱ་བྱིན་ལ་སོགས ་པའི་ཡོན་ཏན་གྱིས་སྐྱེ་བོ་སློངས་མོ་གཞན་དག་གིས་བསྟོད་པར་བྱེད་པ་ནི་མིག་གདངས་པའི་བཞིན་གྱི་གྲགས་པ་དོན་དུ་གཉེར་བས་གླང་པོ་ཆེ་དང་རྟ་ལ་སོགས་པའི་ནོར་རྩ་བཞིན་དུ་སྦྱིན་པར་བྱེད་དོ།། དེ་བཞིན་དུ་ཡོན་ཏན་དེ་དག་དང ་ལྡན་པར་ཡིད་ལ་བྱས་པས་བདག་བརྒྱ་བྱིན་ལྟར་དགྲ་ལས་རྣམ་པར་རྒྱལ་བ་ལས་བྱུང་བའི་བདག་གིས་གྲགས་པ་འགྲོ་བར་རྒྱ་ཆེར་འབྱུང་བར་འགྱུར་རོ་སྙམ་དུ་མངོན་པར་ཞེན་པས་བཟོད་པར་དཀའ ་བུའི་གཡུལ་དུ་ཆས་ཏེ་གསོད་པར་བྱེད་དོ།། འདྲ་ལྔ་དོན་དམ་པར་དྭགོས་པ་ཅུང་ཟད་ཀྱང་མེད་དེ། གཞན་དུ་ན་ལོག་པའི་རྣམ་པར་རྟོག་པ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ཚོགས་འབྱུང་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས། ་ཏེ། བསྟད་པ་ལ་སོགས་པ་རྗོད་པར་བྱེད་པའི་ཡིག་འབྲུ་སྟེ་ཡི་གེ་རྣམས་ཀྱིས་ཅི་བཟའ་ཞིང་མུར་དུ་རུང་ངམ། གྲགས་པའི་དོན་དུ་ཤི་བར་གྱུར་ན་གྲགས་པ་ཐོས་པ་ལས་བྱུང་བའི་བདེ་བ་དེ་ཀོ་སུ་ལ་བདེ། དེ་ལྟ་བས་ན་དེ ་ངག་བྱིས་པའི་རྩེད་མོ་དང་མཚུངས་སོ་ཞེས་ཉེ་བར་བསྟན་པ། བྱེ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་བྱིས་པ་ཁ་ཅིག་རྡུལ་ལས་བྱས་པའི་ཁང་བུས་ཤིན་ཏུ་དགའ་ཞིང་ཡོངས་སུ་རྩེ་བ་ན་འབའ་ཞིག་གིས་དེ་བཤིག ་བ་དང་། སྡུག་བསྔལ་ཆེན་པོས་ཟིན་ཏེ། མཆོག་ཏུ་ཉམ་ཐག་པར་གཟིར་པོས། ངའི་ཁང་པ་བཤིག་གོ་ཞེས་སྙིང་རྗེ་རྗེར་ཚེ་ངེས་འདོབས་སོ།། དཔེ་དེ་ཉིད་ལྟར་འདིར་ཡང་གསུངས་པ་དེ་བཞིན་ཞེས་བྱ་བ་ལ་དེ་བཞིན་དུ ་བསྟོད་པ་དང་གྲགས་པ་ཉམས་ན་ཏེ་རྣམ་པར་བཅོམ་ན་རང་གི་སེམས་ནི་སྡུག་བསྔལ་ཞུགས་པས་བྱིས་པ་བཞིན་སྣང་སྟེ། རྣམ་པར་དཔྱད་ན་འདིར་ཡང་བདག་གི་དངོས་པོར་གྱུར་པ་སུས་ཀྱང་བཤིག་པོ་མེད་དོ་བརྟག་པར ་བྱའོ།། ཡང་གཞན་དུ་དཔྱད་ན་འདི་ནི་བྱིས་པའི་ཚིག་ཡིན་ནོ་ཞེས་ཚིགས་སུ་བཅད་པ་བཞིས་གསུངས་པ། རེ་ཤིག་ཅེས་བྱ་བ་ལ་སོགས་པ་ཡིན་ཏེ། སྒྲ་ནི་རྗོད་པར་བྱེད་པའི་བྱ་དག་ཉིད་དེ་ཕྱི་རོལ་གྱི་དོན་ཡིན་པའི་ཕྱིར ་སེམས་མེད་ཅིང་སེམས་མེད་པ་སྟེ་དེའི་དངོས་པོ་ནི་དེ་ཡིན་པའི་ཕྱིར་རོ།། སྒྲ་དེ་བདག་ལ་བསྟོད་སེམས་ཏེ་བདག་གི་བསྔགས་པ་བརྗོད་པའི་བསམས་པ་ཡོང་མི་སྲིང་དེ་དེ་མི་འབྱུང་ངོ་།། དེ་ཇི་ལྟ་ན་ཡིད་བདེ་བར་འགྱུརརོ་ཞེ་ན། ་བུདག་ལ་གཞན་ཞེས་བྱ་བ་གསུ་ངས་ཏེ། སྐྱེས་བུ་ཕ་རོལ་སོམས་པའི་བདག་ཉིད་ཅན་ནོ།། གྲག་ཅེས་བྱུ་བ་ནཱི་འདི་ཡང་དོན་བྱེད་པ་ཡིན་ཞེས་མི་འདོད་པ་སྟོན་པར་བྱེད་པའོ།། བདག་ལ་དགའ་བ་ནི་མངོན་པར་འདོད་པའོ།། ་སྟེ་བསམ་པ་དེ་དགའ་བོའི་རྒྱུ་ཡིན་གྲང་ན་ཡང་འབྲེལ་བ་མེད་པའི་ཕྱིར་བྱིས་པའི་སྤྱོད་པ་ཁོ་ནར་ཟད་ཅེས་སྦྱོར་རོ།། འབྲེལ་པ་མེད་པ་ཉིད་བསྣུན་པ་གཞན་ནེ་མ་ཞེ་སློ་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་སེམས་ཅན ་གཞན་ལའམ། བདག་ལ་དགའ་བ་གཞན་གྱི་རྒྱུད་ལ་ཡོད་པ་སོ་ཅི་ཞིག་འོངས་ཏེ། བདག་ལ་ཕན་པོ་ཅུང་ཟད་ཀྱང་མེད་དོ།། ཅིའི་ཕྱིར་ཞེ་ན། དེ་ཉིད་ཀྱིས་ཏེ་དེའི་ཕྱིར་རོ།། བདེ་བ་གང་ཡིན་པ་ནི་བསྟོད་པ་བྱེད་པ་དེའི་དགའ་བ ་ཡིན་གྱི་གཞན་གྱི་ནི་མ་ཡིན་ནོ།། དེ་བས་ན་ཤེས་ནི་གཞན་གྱི་རྒྱུད་ལ་ཡོད་པའི་དགའ་བདེ་དེ་ལས་ཅུང་ཟད་ཙམ་སོ་བདག་གིས་མི་འཐོབ་པོ།། དེ་ལྟ་ཡིན་མོད་བྱང་ཆུབ་སེམས་དཔའ་རྣམས་ནི་གཞན་བདེ་བས་བདེ་བར་གྱུར་པ་ཡིན་ན ་དེ་ཅིའི་ཕྱིར་དྲ་ལས་ཆ་ཤས་མི་འཐོབ་ཅེ་ན། འདིར་བདེ་བ་ཡིས་ཞེས་བྱ་བ་ལ་སྤོགས་པ་གསུངས་ཏེ། གལ་ཏེ་ཕ་རོལ་བདེ་བས་བདེ་བ་དང་ལྡན་པར་འགྱུར་ན། དེའི་ཚེ་ཐམས་ཅད་ལའང་སྟེ་གཞན ་དགའ་བ་ཡིས་བདེ་བར་གྱུར་པ་ལ་ཡང་དེ་བཞིན་བྱ་དགོས་ན། ཅིའི་ཕྱིར་བདག་ལ་གཞན་མངོན་པར་དོང་བས་ནི་གཞན་ལ་སླར་དགའ་ཞིང་གཞན་ལ་དང་པུས་བདྲེ་བར་གྱུར་པའི་སེམས་ཅན་ལ་བདག་བདེ་བ་མ་ཡིན། དེ་ལྟ་བས་ན ་དེ་དག་ནི་ཚིག་ཙམ་ཡིན་གྱི་དོན་དམ་པ་ནི་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་བས་ཞེས་བྱ་བ་སོགས་པ་གསུངས་ཏེ། དེ་ལས་རྒྱུ་མཚན་གཞན་མེད་པའི་ཕྱིར་རོ།། བདག་ལ་བསྟོད་དོ་ཞེས་དེ་ལྟར་རྣམ་པར་རྟོག་པས ་རང་ལ་དགྲའ་བ་སྐྱེ་བར་འགྱུར་ཞིང་གཞན་བདེ་བས་བདེ་བར་མི་འགྱུར་པའི་ཕྱིར་རོ།། དེ་ལ་ཡང་སྟེ་གཞན་ལ་དགའ་བས་བདེ་བར་མི་འགྱུར་པཱ་འབྲའ་ཞིག་ཏུ་མ་ཟད་ཀྱི། བདག་ཉིད་ཀྱང་དེ་ལྟར་བསྟན་པའི་རིམ་པས་མི་འཐད་ཅིང ་འབྲེལ་པ་མེད་པས་དེ་དག་གི་ནི་བྱིས་པའི་རྩེ་མོ་འབའ་ཞིག་ཏུ་ཟད་དོ།། གཞན་ཡང་བསྟོད་པ་ལ་སོགས་པས་ནི་བདག་ལ་གོང་པ་ཉིད་བསྒྲུབ་པ་ཡིན་ནོ་ཞེས་ཉེ་བར་བསྟན་པ་བསྟོད་སོགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྟོད ་པ་ལ་སོགས་པ་འདི་དག་ནི་ལེགས་པ་སྟེ་དགེ་བའོ།། ཡང་ན་དག་པ་ནི་དགེ་བའི་ཕྱོགས་ཡོངས་སུ་སྦྱོང་བའོ།། དེ་བཞིན་དུ་སྐོ་བ་ནི་འཁོར་བའི་སྡུག་བསྔལ་ལ་སྐྱོབ་པ་སྟེ། འཇིག་པར་བྱེད་པ་ནི་འཇོམས་པར་བྱེད་པའོ།། དེ་དག་ཙམ ་དུ་མ་ཟད་ཀྱི་འོན་ཀྱང་ཡོན་ཏན་ལྡན་ལ་ཕྲག་དོག་དང་སྟེ་བདག་གི་ཡོན་ཏན་ལྷག་པར་བྱའོ་སྙམ་པ་དེས་གཞན་གྱི་ཡོན་ཏན་སྤང་བའི་ཕྱིར་རམ། དེའི་ཡོན་ཏན་ལ་མི་བཟོད་པའི་ཕྱིར་རོ།། ཕུམ་སུམ་ཚོགས་པ་ནི་རྙེད་པ་དང་བཀུར ་སྟི་ལྔ་སོགས་པའི་ངོ་བོའོ།། ཁྲོ་བར་བྱེད་པ་ནི་དེ་དག་ལ་མི་བཟོད་པར་བྱེད་པའོ།། བདག་ཉིད་ཁོ་ན་ཡོན་ཏན་ལྷག་པ་དང་། བདག་ཁྲོ་ན་ཕུན་སུམ་ཚོགས་པ་ཐམས་ཅད་རིགས་ཀྱི། གཞན་དག་ལ་ནི་མ་ཡིན་ནོ་སྙམ་ནས་སོ།། གང ་གི་ཕྱིར་བསྟོད་པ་ལ་སོགས་པ་ལ་ཉེས་པ་དེ་དག་འབྱུང་བ་དེ་ལྟ་བས་ན་པོ་སྟེང་ལ་སོགས། གཞོམ་ཕྱིར་ཏེ་དགག་པར་བྱ་བའི་ཕྱིར་སེམས་ཅན་གང་དག་ཉེ་བར་གནས་པ་སྟེ་འབད་པ་བྱེད་པའོ།། ངན་སོང་དུ་ལྷུང་བ་ནི་སེམས་དམྱ ་པ་ལྀ་སོགས་པར་ལྟུང་བའོ།། དེ་ལས་བདག་ནི་བསྲུང་བའི་ཕྱིར་ཏེ་བསྐྱབ་པའི་དོན་དུ་སྟེ། བསྲུང་བར་བྱ་བའི་རྒྱུ་མཚན་དུ་ཞུགས་ཤིང་བརྩོན་པར་བྱེད་པ་མིན་ནམ། དེའི་ཕྱིར་དེ་དག་ནི་དགེ་བའི་བཤེས་གཉེན་ཡིན་ཏེ་གནོད་པ ་བྱེད་པ་མ་ཡིན་པས་རྙེད་པ་ལ་སོགས་པའི་གེགས་བྱེད་པ་ལ་རྣམ་པ་ཐམས་ཅད་དུ་བདག་ཁོང་ཁྲོ་བའི་སེམས་སུ་མི་རིགས་སོ་ཞེས་བསྟན་པར་བྱ་བའི་ཕྱིར་བདག་ནི་གྲོལ་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་གྲོལ ་བོར་འདོད་པ་ལ་ནི་རྙེད་པ་དང་བཀུར་སྟི་རྣམས་འཆིང་པོ་དང་འདྲ་སྟེ། ཆགས་པའི་གནས་ཡིན་པའི་ཕྱིར་རོ།། མི་དགོས་པ་ནི་ཐར་པའི་འདོད་པ་ལ་འཆིང་བ་མི་རིགས་པའོ།། བདག་བཅིངས་པ་ལས་འཁོར་བསྡུག་བསྔལ་གྱི་མཚན ་ཉིད་དམ། རྙེད་པ་ལ་སོགས་པའི་ངོ་བོ་ལས་དགྲ་པོ་མངོན་པར་འདོད་པས་དགེ་བའི་བཤེས་གཉེན་གྱི་བྱ་བ་བདེ་པས་གྲོལ་བར་བྱེད་པ་སྟེ་བྲལ་བར་བྱེད་པའོ།། དེ་དག་སྟེ་མཆོག་ཏུ་ཕན་འདོགས་པ་དགའ་བའི་གནས ་དུག་ལ་བདག་ནི་ཇི་ལྟར་ཁྲོ་སྟ་མི་རིགས་སོ་སྙམ་དུ་དགོངས་པ་ཡིན་ནོ།། ཇི་ལྟར་མི་རིགས་ཤེ་ན། བདག་ནི་ཞེས་བྱ་བ་ལ་སོགས་པོ་གསུངས་ཏེ། རྙེད་པ་དང་བཀུར་བསྟི་ལོ་མངོན་པར་ཞེན་པར་གྱུར་པས་ཏེ། འཁོརུ་བའི་སྡུག་བསྔལ་ལས ་གྲོལ་བར་འདོད་པ་ལ། སྐྱེས་བུ་དམ་པའི་བྱེ་བྲག་གང་ཞིག་སྒོ་འཕར་ཉིད་དེ་སྒོ་གླེགས་ཉིད་དུ་གྱུར་པ་སྟེ་སེན་པོའོ།། གང་ལས་ཞེ་ན། སངས་རྒྱས་རྣམས་ཀྱི་བྱིན་རླབས་མཐུ་ཆེན་པོ་བཞིན་དུ་སྟེ། དེ་ལ་བདག་ནི་ཇི་ལྟ་རེ་ཁྲོའོ།། དགེ་བ ་འཇོམས་པར་བྱེད་པ་རྣམས་ལ་ཡང་སྡང་བ་བཟློག་པར་བྱ་བ་གསུངས་པ། འདི་ནི་བསོད་ནམས་གེགས་བྱེད་དོ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ནི་དགེ་བའི་གེགས་བྱས་སོ་ཞེས་དེ་ལྟར་ཡོད་ལ་གཞག་ལ། འདིར་བསོད་ནམས ་ཀྱི་གེགས་བྱེད་པོ་རྣམས་ལ་སྡུང་བར་རིགས་མིན་ཏེ། ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་བཟོད་པ་སྟེ་སྟོན་པ་དང་མི་ཚུངས་ཤིང་མཉམ་པའི་དཀའི་ཐུབ་ནི་ལེགས་པར་སྤྱད་པ་ནི་ཡོད་པ་མ་ཡིན་ན་སྟེ། དགེ་བའི་ལསྣ་ཐམས་ཅད་ཀྱི་རྒྱུ་ཡིན ་པའི་ཕྱིར་ཏེ། བཟོད་པ་ལ་བུའི་དཀའ་ཐུབ་མེད་ཅེས་གསུངས་པའི་ཕྱིར་རོ།། དེ་ལ་སྟི་འབང་རྩོལ་འདི་ཉིད་ལ་གནས་ཤིང་བསྒྲུབ་པ་མ་ཡིན་ནམ། བསོད་ནམས་ཀྱི་གོགས་བྱེད་པ་ལྟ་བུའི་ངོར་གྱིས་བསོད་ནམས་ཀྱི་རྒྱུ་ཉེ་བར་གནས་པ་དེ ་ལ་ཁྲོན་བདག་ཉིད་ཀྱིས་བསོད་ནམས་ཀྱི་གེགས་བྱས་པར་འགྱུར་རོ་ཞེས་གསུངས་པ། གལ་ཏེ་བདག་ནི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཇི་སྟེ་གལཱ་ཏེ་བདག་ཉིད་ཀྱི་སྐྱོན་མ་བཟོད་པའི་བདག་ཉིད་ཀྱིས་གེགས་བྱེད་པ་འདི་ལ་བཟོད་ཅིང ་སྨོན་པར་མི་བྱེད་ན་དེའི་ཚེ་བདག་ཉིད་ཀྱིས་ཏེ་གཞོན་གྱིས་ནི་མ་ཡིན་པར་བསོད་ནམས་འདི་ལ་གླེགས་བྱས་པར་ཟད་དོ།། ཅིའི་ཕྱིར་ན། བསོད་ནམས་ཀྱི་ལ་བསོད་ནམས་ཀྱི་གེགས་བྱེད་པ་ཉིད་དུ་མངོན་པར་འདོད་པས་ཉེ་བར་གནས་པ ་སྟེ་ཉེ་བར་གྱུར་པས་སོ།། ཡང་ན་འདི་ལ་ནི་བསོད་ནམས་ཀྱི་རྒྱུ་འདི་ལ་ཞེས་སྦྱར་རོ།། གལ་ཏེ་བསོད་ནམས་ཀྱི་གེགས་བྱེད་ན་འདི་ཇི་ལྟར་ན་བསོད་ནམས་ཀྱི་རྒྱུར་གྱུར། འོན་ཀྱང་དེ་ཉིད་ནི་གེགས་ཡིན་ནོ་ཞེ་ན། གང་ཞིག་གང་མེད་ཅེས ་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་པོ་གང་འབྲས་བུར་མངོན་པར་འདོད་པོ་གང་ཞིག་རྒྱུར་མངོན་པར་འདོད་པ་གང་མི་ད་ནུ་མི་འབྱུང་ལ་སྟེ། དེ་ལོག་ན་མེད་པ་ནི་འབྲས་བུ་རྟོན་པར་འདོད་པ་དེའི་སྐྱེད་པར་བྱེད་པའི་རྒྱུ་གཞན་མ ་ཡིན་པ་སྟེ། དེ་དང་རྗེས་སུ་འགྲོ་བ་དང་ལྡོག་པ་ལྡན་པའི་ཕྱིར་རོ།། དེ་བཞིན་དུ་སྐབས་སུ་བབ་པ་ལ་ཡང་སྐྱེད་པར་བྱེད་པ་དེ་ཇི་ལྟར་ན་བསྐྱེད་པར་བྱ་བའི་གེགས་སུ་བརྗོད་དོ།། གེགས་ཀྱི་རྒྱུ་ཞེས་རྗོད་པརོ་བྱེད། རྣམ་པ་དེ་ལྟ ་བུ་ལ་ཡང་དེ་ལྟར་ཐ་སྙད་དུ་བྱེད་ན་མིང་ལེ་ལོག་པར་རྟོག་པར་ཟད་དོ།། བསྟན་པོའི་དོན་དཔེ་ཉེ་བར་བསྟན་པའི་སྒོ་ནསོ་གསལ་བར་བྱེད་པ་དུས་སུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་སྦྱིན་བདག་འགའ་ཞིག་སྦྱིན་པ ་བྱེད་པའི་དུས་ལ་བབ་པ་ན་སློང་མོ་བ་སློང་བར་བྱེད་པས་སྦྱིན་པའི་གེགས་བྱེད་པས་སྦྱིན་པའི་གེགས་བྱེད་པ་མ་ཡིན་པར་བརྗོད་དེ། གང་གི་ཕྱིར་དེ་ནི་སྦྱིན་པའི་རྒྱུ་ཉིད་ཡིན་ནོ།། རབ་ཏུ་བྱུང་བར་འདོད་པ་གང་ལ ་ལའི་རབ་ཏུ་འབྱིན་པར་བྱེད་པ་དང་ཕྲད་པ་ན་རབ་ཏུ་འབྱུང་བར་སྡོམ་པ་ལ་སོགས་པ་ལེན་པའི་ངོ་བོ་དེའི་ཚེ་གེགས་ཞེས་བྱ་བར་མི་རུང་ངོ་།། འོན་ཀྱང་དེ་ནི་རྒྱུ་ཉིད་ཡིན་ཏེ། དེ་མེད་པ་རེ་དེ་མི་འབྱུང་བའི་ཕྱིར་རོ།། དེ་ལྟར་སྐབས་སུ་བབ ་པ་ལ་ཡང་བལྟ་བར་བྱའོ།། །། བམ་པོ་བཅུ་གཅིག་པ།། གཞན་ཡང་བཟོད་པའི་རྒྱུ་ནི་ཤིན་ཏུ་དཀོན་པ་ཡིན་པས་དེ་དང་ཕྲད་པ་ན་དགའ་བ་ཁོ་ནར་རིགས་སོ་ཞེས་བསྟན་པ་འཇིག་རྟེན་ན་ནི་ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། ཐམས་ཅད་དུ་ཐམས་ཅད་ན་འཇིག་རྟེན་ན་སློང་བར་བྱེད་པ་ནི་ཤིན་ཏུ་ན་ང་བར་གྱུར་པ་ཡིན་ཏེ། དེ་ལྟར་སྦྱིན་པར་བྱེད་པ་ན་ཕྱིར་མི་ལྡོག་པའི་ཕྱིར་རོ།། གནོད་པ་བྱེད་པ་ནི་དེ་ལྟ་མ་ཡིན་ཏེ་དེ་བས་ན་དེ་དག་དཀོན ་པ་སྟེ། སྟོང་ཕྲག་བརྒྱའི་ནང་ནས་གལ་ཏེ་ཇི་ཞིག་ལྟར་འགའ་ཞིག་འབྱུང་བ་འམོ་མ་ཡིན་ནོ།། དེ་དེ་ལྟར་ཡིན་པ་ཅིའི་ཕྱིར་ཞེ་ནུ། འདི་ལྟརོ་ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་ཕར་གནོད་མ་བྱས་ན་སྟེ། ཕ་རོལ་ལ་གནོད་པ་བྱེད ་པ་ལས་ལྡོག་ན་བདག་ལ་རྒྱུ་མཚན་མེད་པས་འགའ་ཡང་སྟེ་གཅིག་ཀྱང་གནོད་པ་མི་བྱེད་དོ།། དེ་ལྟར་ན་ཤིན་ཏུ་དཀོན་པའི་ཕྱིར་དང་། མཆོག་ཏུ་ཕན་འདོགས་པའི་ཕྱིརརོ་གནོད་པ་བྱེད་པ་ལ་མངོན་པར་དགའ་བར་བྱའོ་ཞེས ་གསུངས་པ། དེ་བས་ངལ་བས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་རྗེ་ཞིག་ལྟར་གནོད་པ་བྱེད་པ་དང་ཕད་ན་དེའི་ཚེ་ཁྱིམ་དུ་བྱུང་བའི་གཏེར་བཞིན་དུ་ངལ་བ་མ་བྱས་པར་ཐོབ་པའི་དགྲ་ལ་བདག་གིས་འདོད་པར་བྱའོ།། བྱུང ་ཆུབ་སྤྱོད་པ་ནི་སངས་རྒྱས་ཉིད་ཀྱི་ཚོགས་ཉེ་བར་རྫོགས་པ་ན་གྲོགས་བྱེད་པར་གྱུར་པས་སོ།། རྣམ་པ་དེ་ལྟ་བུ་རེ་སྐྱེས་བུ་མཆོག་གི་དོན་ལ་གྲོགས་བྱེད་པ་ལ་བྱས་པ་ཤེས་པའི་ཕྱིར་བདག་ལན་དུ་ཕན་གདགས་པ་རོ་རིགས ་པ་ཡིན་ནོ་ཞེས་ཉེ་བར་བསྟན་པ་འདི་དང་བདག་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་དེ་ལ་འདིས་གྲོགས་སུ་བྱས་པས་རྒྱུ་ཉིད་ཡིན་གྱིས་གེ་གོས་མ་ཡིན་པ་དེའི་ཕྱིར་བདག་གིས་བཟོད་པ་གོམས་པར་བྱས་པ ་དང་། འདིས་ཀྱང་གནོད་པ་བྱས་པ་ཡིན་ཏེ་གཉི་གས་བསྐྱེད་པ་ཡིན་ནོ།། འདི་ཞེས་བྱ་བ་ནི་གང་བསྒྲུབ་པར་བྱ་བའི་ཕྱིར་གྲོགས་བྱས་ཤིང་བསྟེན་པའི་བཟོད་པའི་འབྲས་བུ་སྟེ། བསོད་ནམས་ཐོབ་པའི་མཚན་ཉིད་དོ།། འདི་ལྔ་སྟེ ་ཆོས་ཀྱི་ཕྱོགས་ལ་ཐོག་མོར་ཕུང་བདར་བར་བྱའོ།། དཔེར་ན་བྱང་ཆུབ་སེམས་དཔའ་བྱམས་པོའི་སྟོབས་ཀྱིས་ལྔ་སྡེའི་ཆེད་དུ་སྨོན་ལམ་བཏབ་པ་ལྟར་བདག་གིས་སྨོན་ལམ་གདབ་པར་བྱའོ།། དེ་ལ་རྒྱུ་གསུངས་པ་ནི་གང ་གི་ཕྱིར་ཞེས་སོ།། གལ་ཏེ་བསམས་པ་ཉིད་ཀྱིས་དེ་འཇུག་ན་དེ་དེ་ལྟར་རིགས་ན། འོན་ཀྱང་འདི་ནི་གནོད་པ་བྱེད་པའི་བསམ་པ་ཅན་ཡིན་ནོ་ཞེས་དོགས་པ་གལ་ཏེ་བཟོད་པ་བསྒྲུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང ་པའི་རྒྱུ་ཡིན་པའི་ཕྱིར་སེམས་ཅན་གྱི་ཞིང་ངོ་།། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་དེ་བཞིན་དུ་ཞིང་ཡིན་ཏེ། དེ་ལྟ་བུ་དེ་ཡིན་པས་ན་སངས་རྒྱས་ཉིད་ཀྱི་བྱེད་པའི་རྒྱུ་མིན་པའི་ཕྱིར ་རྣམ་པ་འདིས་བཅོམ་ལྡན་འདས་ཀྱིས་བསྔགས་སོ།། ཅིའི་ཕྱིར་ཞེ་ན། འདི་ལྟར་གང་གི་ཕྱིར་སེམས་ཅན་དང་རྒྱལ་བ་དེ་དག་རྗེས་སུ་མཐུན་པར་བསྒྲུབ་པས་མགུ་བར་བྱས་ཏེ་མང་པོ་ཞིག་སངས་རྒྱས་ཉིད་ཐོབ་ནས ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་ཕུན་སུམ་ཚོགས་པ་ཐམས་ཅད་མཐར་ཐུག་པ་ཐོབ་པ་ཡིན་ནོ།། འོ་ན་དེ་ལྟར་ཡིན་ན། གལ་ཏེ་ཞིག་ན་སེམ་སྲོ་ཅན་རྣམས་ཀྱང་ཕུན་སུམ་ཚོགས་པ་ཐམས ་ཅད་ཀྱི་རྒྱུ་ཡིན་ན་དེ་ལྟར་ན་ཡང་དེ་བཞིན་གཤེགས་པ་རྣམས་དང་མཚུངས་པ་མི་རིགས་སོ་ཞེ་ན། སེམས་ཅན་རྣམས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཉི་ག་ལས་ཀྱང་སྤངས་རྒྱས་ཀྱི་ཆོས་སྟོབས་དང ་མི་འཇིགས་པ་ལ་སོགས་པ་འགྲུབ་པ་དང་འཐོབ་པ་ལ་མཚུངས་ཤིང་ཁྱད་མེད་དེ། གཉི་ག་ཡང་དེ་ཡང་དེ་ལ་རྒྱུ་ཉིད་ཡིན་པར་ཁྱད་མེད་དོ་སྙམ་དུ་དགོངས་པ་ཡིན་ནོ།། དེ་ལྟ་བས་ན་རྒྱུའི་དངོས་པོ་ཐུན་མོང་ཡིན་ཡང ་རྒྱལ་བ་རྣམས་ལ་གུས་པར་བྱ་བ་ཇི་འདྲ་བ་དེ་བཞིན་དུ་སེམས་ཅན་རྣམས་མིན་པ་དེ་ལྟ་བུ་ཅིའི་ཚུལ་དང་གོ་རིམ་ཡོན་རྟོག་པ་དང་ལྡན་པས་མི་རིགས་སོ་ཞེས་བྱ་བའི་དོན་ཏོ།། འོ་ན་སེམས་ཅན་རྣམས་ལ་འདོད་ཆགས་ལ ་སོགས་པའི་དྲི་མ་རྣམས་ཀྱིས་བསམ་པ་ཞན་པར་གྱུར་པའི་ཕྱིར་རྒྱུ་ཉིད་ཡིན་ན་ཡང་ཇི་ལྟར་ན་བཅོམ་ལྡན་འདས་དང་མཚུངས་པ་ཉིད་དུ་རིགས་པ་ཡིན་སྙམ་དུ་དོག་པ་ལ་བསྡམ་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་འདི་ལ་ཡང་བཅོམ་ལྡན་འདས་ནི་བསོད་ནམས་དང་ཡེ་ཤེས་དཔག་ཏུ་མེད་པས་བསྐྱེད་པ་བླ་ན་མེད་པའི་བདག་ཉིད་ཆེན་པོའོ།། དེ་ལྟར་ཡང་ཉེ་བར་མཁྲོ་བར་སྦྱོར་བ་ཉིད་ཀྱི་ཕྱིར་རྒྱུའི་དངོས་པོ་མཚུངས་པས་ན་ཆེ་བའི་བདག ་ཉིད་མཉམ་པར་བརྗོད་དོ།། གཏན་ཚིགས་དེའི་ཕྱིར་སེམས་ཅན་དེ་དག་རྒྱལ་བ་རྣམས་དང་མཉམ་པ་ཡིན་ཏེ་འདྲ་བར་ཞེས་བརྗོད་དེ། དེ་ལྟར་ན་འདིར་བྱེད་པ་ལ་ཁྱད་པར་མེད་པ་ཡིན་ནོ།། གང་དུ་སོ་སོར་ངེས་པའི་བདག ་ཉིད་ཀྱི་ཚུལ་ནི་ཁྱད་པར་དེ་བསྟན་པའི་ཕྱིར། བྱམས་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་རྣམས་ལ་བྱམས་པའི་སེམས་སུ་གནས་པ་ལ་སྐྱེ་བོ་རྣམས་ཀྱིས་མཆོད་པ་གང་ཡིན་པ་དེ་ནི་བྱམས་སེམས་ལྡན ་པ་དེའི་སྡེ་སོ་རང་གི་རྣམ་པའི་ཚེ་བའི་བདག་ཉིད་དེ་གཞན་གྱིས་ནི་ཡིན་ནོ།། དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་དམིགས་ནས་རང་གི་སེམས་དད་པར་བྱེད་པའི་བསོད་ནམས་སྐྱེ་བ་གང་ཡིན་དེ་ནི་བཅོམ་ལྡན་འདས་ཉིད་ཀྱི་ཆེ་བའི ་བདག་ཉིད་ཐུན་མོང་མ་ཡིན་པ་སྟེ། གཞན་ལ་རྣམས་པ་དེ་ལྟ་བུའི་ཡོན་ཏན་མེད་པའི་ཕྱིར་རོ།། དེ་ལྟར་ཐུན་མོང་མ་ཡིན་པའི་ཡོན་ཏན་བརྗོད་ནས་སྐབས་ལ་བབ་པའི་མཇུག་བསྡུ་བ། སངས་རྒྱས་ཆོས་འགྲུབ་བྱེད་ཅེས ་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་མཚུངས་པར་བསྒྲུབ་པའི་ས་བོན་ནི་འདི་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། དོན་དམ་པར་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་མཚུངས་པའི་སེམས་ཅན་དུ ་གྱུར་པ་འགའ་ཡང་མེད་དོ།། གལ་ཏེ་རྣམ་པ་དེ་ལྟ་བུར་གྱུར་ན་དེའི་ཚེ་ཡང་སངས་རྒྱས་ཉིད་ཡིན་ནོ་ཇི་ལྟར་གྱུར་པའི་ཞེ་ན། ཡོན་ཏན་རྒྱ་མཚོ་མཐའ་ཡས་པའི་ལྗོན་ཏནྡ་རྣམས་ཀྱི་མཚོ་ནི་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་ཡིན ་ཏེ། གཏིང་མཐའ་མི་དཔོགས་པའི་ཕྱིར་ན་དེ་རྣམས་དང་ངོ་།། ཡང་དེ་དག་གི་ཁྱད་པར་དུ་བྱེད་པ་གསུངས་པ། མཐའ་ཡས་ཆ་ནི་མཐའ་ཡས་ཤིང་མུ་མེད་པའི་ཆ་ཉིད་ནི་ཕྱོགས་ཀྱང་སྟེ། ཡོན་ཏན་རྒྱ་མཚོ་གླེང་ལ་ཡོད་པ ་དེ་ལ་དེ་སྐད་ཅེས་བྱ་སྟེ་སེམས་རྣམས་དང་ངོ་།། བསྟན་པའི་དོན་ཉིད་གསལ་བར་བྱེད་པ་ཡོན་ཏན་མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡོན་ཏན་རྣམས་ལ་གཙོ་བོའི་ཕུང་པོ་གཅིག་ཏུ་མངའ་བའི་བཅོམ་ལྡན་འདས ་གང་ཡིན་པ་དང་དེ་དག་གི་ཡོན་ཏན་ཤས་ཙམ་ནི་རྡུལ་ཕྲ་རབ་ཙམ་ཡང་སྟེ། ཡོན་ཏན་ཕྲ་མོ་ཡང་ཞེས་བྱ་བོའི་དོན་ཏོ།། གལ་ཏེ་སེམས་འགའ་ཞིག་ལ་ཁྱད་པར་སྣང་ན་ཡང་མཐོང་ན་ཡང་དེ་ལྔ་སྟེ་ཡོན་ཏཱ་ནི་རྒྱ་མཚོ ་དེ་མཆོད་པའི་རྒྱུ་མཚན་དུ་ཁམས་གསུམ་ཕུལ་ཡང་ཆུངེས་པར་འགྱུར། འཇིག་རྟེན་གསུམ་དུ་བྱུང་བའི་རིན་པོ་ཆེ་ལ་སོགས་པ་རྣམས་འཚམ་པ། ཡིན་ནོ་ཞེས་བྱ་བའི་དོན་ཏོ།། གལ་ཏེ་དེ་ལྟ་ཡིན་ན། ཇི་ལྟར་སེམས ་ཅན་མགུ་བར་བྱ་བ་བསྟན་ཅེ་ན། སངས་རྒྱས་ཆོས་མཆོག་ཞེས་བྱ་བ་ལ་སྩོགས་པ་གསུངས་ཏེ། སྔར་བཤད་པ་ཉིད་ཡིན་ནོ།། འདི་དག་གིས་ཀྱང་སེམས་ཅན་མགུ་བར་བྱ་བར་རིགས་པ་ཡིན་ནོ་ཞེ་ན། གཞན་ཡང་ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། གཡོ་མེད་གཉེན་གྱུར་པའི་ནི་བཅོས་མ་མིན་པའི་བཤེས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཏེ། ཕན་འདོགས་པ་མཐའ་ཡས་པོ་མཛད་པ་རྣམས་ལ། ལན་ལྗོན་པ་ནི་དེས་ཕན་གདོགས ་པ་བྱས་པའི་ལན་གླན་པ་སྟེ། ལན་ཁྱེར་བ་ཞེས་བྱ་བའི་དོན་ཏོ།། གཞན་གང་ཞིག་གིས་འགྱུར་སེམས་ཅན་མགུ་བར་བྱ་བ་མིན་པར་ཏེ། དེ་ཉིད་མཆོག་ཏུ་ལན་ལྡོན་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། བདག་པོའི་སེམས ་དང་མཐུན་པར་འཇུག་པ་ཉིད་བྲན་གྱི་འདོད་པ་འགྲུབ་པར་འགྱུར་རོ་སྙམ་དུ་ཤེས་པར་བྱས་ནས་སེམས་ཅན་མགུ་བར་བྱ་བ་ཁོ་ན་བླང་བར་བྱ་བ་ཡིན་ནོ་ཞེས་བསྟན་པ་གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང ་དག་ལ་ཕན་པ་དང་བདེ་བ་བསྒྲུབ་པའི་ཕྱིར་ལག་པ་དང་རྐང་པ་དང་མགོ་དང་མིག་ལ་སོགས་པ་བཅད་ཅིང་རབ་ཏུ་སྟེར་བར་བྱེད་པ་དང་། དེ་བཞིན་དུ་གང་གི་དབང་དུ་བྱས་ཏེ་དེ་དག་གི་གནོད་པ་ཞི་བར་བྱ་བའི་དོན་དུ་གཞན་སྡུག་བསྔལ ་པས་སྡུག་བསྔལ་བར་གྱུར་པ་རྣམས་མོནར་མེད་པ་ཡང་འཇུག་པ་སྟེ། སྐབས་སུ་བབ་པའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཡིན་ནོ།། དེ་ལ་སྟེ་སེམས་ཅན་རྣམས་ལ་ཕན་གདགས་ལན་ལོན་འགྱུར་བས ་ན་གཞན་དུ་ནི་ཕན་བཏགས་ཀྱང་ལྡན་ལོན་པར་མི་འགྱུར་རོ།། ལན་གྱི་སྒྲ་འདི་ནི་འདིར་སྐབས་ཀྱི་དབང་དུ་བྱས་པས་ལེགས་པར་བྱེད་པ་ལ་འཇུག་གོ་གང་གི་ཕྱིར་དེ་ལྟར་ཡིན་པ་དེ་ལྟར་ཡིན་པ ་དེས་ན་མཆོག་ཏུ་གནོད་པ་རྣམས་ལ་ཡང་སེམས་ཁྲོ་བར་མི་བྱ་བ་སྟེ། འོན་ཀྱང་ཐམས་ཅད་དེ་རྣམ་པ་དུ་མར་ལུས་སམ། ངག་གམ། ཡིད་དག་གིས་བབླང་དགུ་ཞིག་ཏུ་འདི་དག་ལ་ཕན་པ་དང་བདེ་བ་བསྒྲུབ་པར་བྱ་བའོ།། ་བསྟན་པ་ཉིད་བསྒྲུབ་པ་ནི་རེ་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་གི་རྗེར་གྱུར་ཉིད་ནི་སངས་རྒྱས་ལ་སོགས་པའོ།། རང་གི་བདག་ཉིད་ཀྱི་སྟེ་རེ་ཞིག་ཅེས་པ་ནི་དཔྱོད་པའོ།། གང་གི་ཕྱིར་ནི་གང་དག་གི་རྒྱུ ་མཚན་དུ་སྟེ། རང་གི་སྐུ་ལའང་ནི་རང་ཉིད་ཀྱི་ལུས་འཚེ་བ་ལ་ཡང་བསྟན་པའི་རིམ་པས་མི་གཟིགས་པ་སྟེ། མངོན་ཞེན་མེད་པར་རྩ་བཞིན་དུ་ཡོངས་སུ་འདོར་བའོ།། དེ་བས་ན་བདག་ནི་དེ་དག་གི་བྲན་དུ་གྱུར་པ་ཡིན་ནི།། ་སེམས་ཅན་བདག་པོ་ལྟ་བུ་དང་བུ་ལྟར་མཆོག་ཏུ་སྡུག་པ་དེ་དག་ལ་ཅི་ལྟར་ན་ང་རྒྱལ་བྱ་ཞིང་སྟེ་རེ་ཞིག་ཤེས་བཞིན་དུ་ཅིའི་ཕྱིར་མི་མཐུན་པར་བྱ་ཞིང་བྲན་གྱི་དངོས་མི་བྱ་སྟེ་བྲན་དུ་གྱུར་ཏེ་བརྙས་པར་མི་བྱེ། འདི་དག་གིས ་ཀྱང་སེམས་ཅན་ལ་གནོད་པ་བྱེད་པ་ཡོངས་སུ་དོར་ལོ་དེ་དག་མགུ་བར་བྱ་བ་ཁོ་ན་བྱའོ་ཞེས་གང་དག་བདེ་བས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བུ་སྡུག་པ་ལྟ་བུའི་སེམས་ཅན་གང་དག་གི་ལུས་དང་ཡིད་ལས་བྱུང ་པབདེ་བས་ཕྲ་ལྟ་བུའི་ཐུབ་པའི་དབང་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་དགྱེས་པར་འགྱུར་ཞིང་དེ་དག་ལ་སྡུག་བསྔལ་ན་མི་དགྱེས་འབྱུང་བར་འགྱུར་པཱ་ནི་ཡོངས་སུ་མི་མགུ་བར་འགྱུར་བ་སྟེ་དེ་དག་མྱི་མཉེས ་འི་ཕྱིར་བཅོམ་ལྡན་འདས་ལ་དེ་སྐད་དུ་བརྗོད་དོ། དེ་ནི་སྟེའུ་དང་ཙན་ལྡན་ལྟ་བུ་ཡིན་ཏེ། ཉན་ཐོས་རྣམས་ལ་ཡང་ཁོང་ཁྲོ་བས་རྗེས་སུ་ཆགས་པ་ནི་མི་འབྱུང་བའི་ཕྱིར་རོ།། གཞན་གི་སླའོ།། ཇི་ལྟར་ན་དེ་ལ་གནོད་པ་བྱས ་སཱ་ཐུབ་པ་རྣམས་ལ་གནོད་པ་བྱས་པར་འགྱུར་ཞེ་ན་འདིར་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་སྐྱེས་བུའི་ལུས་ལ་ཀུན་ནས་ཡན་ལག་ཐམས་ཅད་ལ་ཁྱབ་པར་མེ་འབར་བས་ན་འདོད་པའི་ཡོན་ཏན ་ལྔ་ཡིས་ཡིད་བདེ་བར་མི་འགྱུར་ཞིང་། ལུས་ལའང་བདེ་བ་མེད་དེ། དེ་ལ་རབ་ཏུ་འབར་བའི་སྡུག་བསྔལ་དེ་ཉིད་ཀྱི་ནོན་པའི་ཕྱིར་རོ།། དེ་བཞིན་ཏེ་དེ་ལྟར་སེམས་ཅན་རྣམས་ལ་གནོད་པ་བྱས་ན་ཡང་སྟེ། སྡུག་བསྔལ ་མྱོང་བ་ན་ཐུགས་རྗེའི་བདག་ཉིད་སངས་རྒྱས་བཅོམ་ལྡན་འདས་རྣམས་དགྱེས་པ་སྟེ། ཡིད་བདེ་བའི་ཐབས་དང་རྒྱུ་མེད་དོ།། ད་ནི་དེ་ལྟ་བས་ན་ཡོངས་སུ་མ་ཤེས་པས་སམ། ཉོན་མོངས་པའི་གདོན་དང་བཅས་པའི ་དབང་གིས་སེམས་ཅན་ལ་གནོད་པ་བྱས་པའི་མི་དགེ་བ་གང་བསགས་པ་དེ་ཡང་མཇུག་བསྡུ་བའི་སྒོ་ནས་བཤགས་པར་བྱ་བ། དེ་བས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་དེ་ལྟར་སེམས་ཅན་ལ ་གནོད་པ་བྱས་ན་ཐུབ་པ་རྣམས་ལ་གནོད་པ་བྱས་པར་འགྱུར་བ་དེའི་ཕྱིར་སྡིག་པ་དེ་རིང་དྭ་ལྟ་སོ་སོར་བཤགས་པར་བགྱི། སྐྱོབ་པས་ཐུགས་རྗེས་ཆེན་པོ་དེ་དག་གི་སྤྱན་སྔར་བཤགས ་པར་བགྱི་ཞིང་། ཡང་དེ་བཞིན་དུ་ཤེས་བཞིན་དུ་མི་བགྱིད་དོ་ཞེས་སླན་ཆད་བསྡམ་པར་བགྱིའོ།། མི་མཐུན་པ་གང་ཞིག་སྤྱད་པ་དེ་ལ་ཐུགས་བརྩེ་བ་ཉེ་བར་གཟུང་སྟེ་བདག་ལ་བཟོད་པ་མཛད་དུ་གསོལ། བཟོད་པ་གསོལ ་ནུས་ད་ནི་དེ་བཞིན་གཤེགས་པ་རྣམ་སྔ་མཉེས་པར་བགྱི་སླད་དུ་ཞེས་བྱ་བ་ལ་སོགས་པས་དེ་ལ་བདག་ཉིད་གཅིག་པུ་གཞོལ་བར་སྟོན་པར་བྱེད་དོ།། དེ་བཞིན་གཤེགས་པ་རྣམས་ཀྱི་བཞེད་པ་བསྒྲུབ་པའི་ཕྱིར་འཇིགས ་རྟེན་དང་འཇིག་རྟེན་གྱི་ཡུལ་དུ་བདག་གི་ལུས་ཐམས་ཅད་ཀྱིས་སམ། ངག་གམ་ཡིད་ཀྱི་བྲན་གྱི་དངོས་པོར་ཁས་བླང་བར་བྱའོ།། དེ་དག་ཀྱང་བདག་ལ་སྤྱི་བོར་ཟློག་པས་བཞག་ཀྱང་དེ་དག་གི་རྐང་པ་ལ་རབ་ཏུ་དགའ་བའི ་སེམས་ཀྱིས་མགོ་བོར་བླང་བར་བགྱིའོ།། འདིས་ཀྱང་བདག་གིས་སྔར་ཉེ་བར་བྱས་པ་སྤངས་པས་འགྲོ་བའི་བདག་པོ་བཅོམ་ལྡན་འདས་ཐུགས་དགྱེས་པར་མཛོད་ཅིག། བཅོམ་ལྡན་འདས་ལ་གུད་པར་བྱེད་པ་རྣམས ་ཀྱིས་སེམས་ཅན་རྣམས་ལ་མ་གུས་པར་མི་བྱའོ་ཞེས་རབ་ཏུ་བསྒྲུབ་པ་གསུངས་པ། འགྲོ་བ་འདི་ཀུན་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཐམས་ཅད་ཆོས་ཀྱི་དབྱིངས་སོ་སོར་རྟོགས་པའི་ཕྱིར་སེམས་ཅན་ཐམས་ཅད ་མཉམ་པར་བསྒྲུབ་པས་སྲམ། གཞན་དང་བདག་རྗེ་བ་ལ་སོགས་པའང་རུང་སྟེ། འགྲོ་བ་འདི་ཀུན་ཐུགས་རྗེས་བདག་ཉིད་མ་ཡིན་པ་ལྔ་བདག་གིར་མཛད་ཅིང་ཞལ་གྱིས་བཞེས་ཏེ། འགའ་ཙམ་ལཱ་ནཱི་མ་ཡིན་ནོ།། ་གཞན་དུ་ན་སངས་རྒྱས་ཉིད་དུ་མི་རིགས་པའི་ཕྱིར་རོ།། དེ་བས་ན་སེམས་ཅན་གྱི་ངོ་བོར་ཏེ་སངས་རྒྱས་བཅོམ་ལྡན་འདས་ཉིད་དུ་སེམས་ཅན་འདི་དག་མཐོང་བ་ཉིད་ཡིན་ན་དེས་ན་འདིར་སེམས་རྨོངས་པ་དག་ཅིའི་ཕྱིར་གུས་པ ་མི་བྱེད། རིགས་པ་མ་ཡིན་ནོ་སྙམ་དུ་དགོངས་པའོ།། སེམས་ཅན་མགུ་བར་བྱེད་པ་ནི་དོན་དུ་མ་གྲུབ་པར་བྱེད་པའི་ཕྱིར་ཡང་དེ་ཉིད་ལ་བརྩོན་པར་བྱའོ་ཞེས་གསུངས་པ། འདི་ཉིད་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས ་པ་སྟེ། འདིའི་རང་གི་དོན་སངས་རྒྱས་ཉིད་ཀྱི་ཚོགས་ཀྱི་མཚན་ཉིད་དམ། འཇོག་རྟེན་གྱི་སྡུག་བསྔལ་སེལ་བར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ།། འདི་ནི་ཞེས་བྱ་བ་ནི་སེམས་ཅན་མགུ་བར་བྱ་བ་ཡིན་པས་ཐམས་ཅད་དུ ་སྦྱར་བར་བྱའོ།། གཞན་ཡང་མ་འོངས་པའི་འཇིགས་པ་བསྟན་པས་ཀྱང་གཞན་ཀྱང་གཞན་ལ་གནོད་པ་བྱེད་པ་ལ་ཕྱིར་ཕྱོགས་པ་གོམས་པར་བྱའོ་ཞེས་དཔེ་བརྗོད་པ་གསུངས་པ། དཔེ་རོ་ན་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། རྒྱལ་པོ་གང་གི་ཡུལ་ན་གནས་པ་དེའི་སྐྱེས་བུ་དེ་སྐྱེ་བོ་མང་པོ་ལ་སྟེ། གྲོང་ཁྱེར་དང་། གྲོང་རྡལ་དང་། གྲོང་དང་། ཚོང་རྡལ་ན་གནས་པ་རྣམས་ལ་གནོད་པ་བྱེད་ཀྱང་སྟེ་རྣམ་པར་འཇོམས་པར་བྱེད་ཀྱང་དེ ་དག་ཀྱང་མ་འོངས་པའི་རྒྱུ་ལྔ་པོའི་ཆད་པས་འཇིགས་པ་མཐོང་བས། སྐྱེ་བོ་མང་པོ་དག་ཚིག་ཙམ་གྱིསྭཱ་ཀླུང་ཇི་ཙམ་དུ་རྣམ་པར་འགྱུར་བར་འགྲོ་བ་ཙམ་ཡང་མི་ནུས་སོ།། དེས་དེ་དག་ཤིན་ཏུ་ཡང་། ་སེམས་ཀྱི་ཚུལ་དུ་སྣུམ་པ་ཉིད་དུ་གནས་ཏེ། གང་གི་ཕྱིར་འདི་ལྟར་རྒྱལ་པོའི་སྐྱེས་བུ་དེ་གྲོགས་མེད་པ་ཉིད་དུ་མི་བལྟའོ།། ཇི་ལྟར་ན་འདི་གྲོགས་མེད་པོ་མ་ཡིན་ཞེ་ན། དེའི་ཞེས་གསུངས་ཏེ། རྒྱལ་པོའི་མཐུ་སྟོབས་ཉིད་དེའི ་སྤོབས་ཡིན་ཏེ།། དེའི་ཕྱིར་ཕྱོགས་འཛིན་པའི་ཕྱིར་རོ།། དེ་བས་ནི་ནུས་པ་ཆུང་བ་ཡིན་ཡང་ངེས་གནོད་པ་བྱས་ནས་སླར་མི་བྱའོ།། གང་གི་ཕྱིར་དེ་ཡང་གཅིག་པུ་མ་ཡིན་པ་དེའི་ཕྱིར་སེམས་ཅན་མགུ་བར་བྱའོ།། ཅིའི་ཕྱིར་ཞེ་ན།། ་འདི་ལྟར་དམྱལ་བའི་སྲུང་མ་དང་སྟེ། དེ་ལ་གནོད་པ་བྱས་པ་བཞིན་དུ་བརྟུན་ཏེ་སླར་གནོད་པ་བྱེད་པའོ།། ཐུགས་རྗེ་ལྡན་རྣམས་ནི་རྒྱལ་བ་ལ་སོགས་པ་སྟེ་དེའི་ཕྱོགས་སུ་ལྷུང་བས་དཔུང་ཡིན་ནོ།། ཇི་ལྟར་བྱ་ཞེ་ན། ་ལྟར་དམངས་ཀྱི་རྒྱལ་གཏུམ་བཞིན། དཔེར་ན་རྒྱལ་པོ་འཇིགས་སུ་རུང་བ་ལ་རྗེས་སུ་འབྲེང་པོའི་ལས་ཀྱིས་རྗེས་སུ་འཚོ་བར་བྱེད་པ་ཅན་ཐམས་ཅད་ཇི་ལྟར་མཉེས་པར་བྱེད་པ་དེ་བཞིན་དུའོ།། གཞན་ཡང་འདི་ནི་འཇིག ་རྟེན་གྲགས་པས་འདིར་བསྟན་པ་ཡིན་གྱི་སེམས་ཅན་ལ་གནོད་པ་བྱས་པ་ལས་བྱུང་བའི་འབྲས་བུ་དང་། རྒྱལ་པོ་ལ་གནོད་པ་བྱས་པའི་འབྲས་བུ་དག་མཚུངས་པ་མ་ཡིན་ནོ་ཞེས་རྒྱལ་པོ་ལྟ་ཞིང་ཁྲོས་ན་ཡང་ཞེས་བྱ་བ་ལ ་སོགས་གསུངས་ཏེ། ཅིའི་ཕྱིར་ཞེས་ཟུར་གྱིས་འདྲི་བ་ཡིན་ཏེ། ཅི་དེ་སྡུག་བསྔལ་གྱི་རྣམ་པ་བསྐྱེད་པར་མིའི་བདག་པོས་ནུས་སམ་མ་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ།། ཅི་འདྲ་བར་གྱུར་པ་ཞིག་ཅེ་ན། སྡུག་བསྔལ་གྱི ་རྣམ་པ་གླང་གིས་སེམས་ཅན་དམྱལ་བའི་རྱཱ་བྱཱ་ཉམས་སུ་མྱོང་བར་བྱེད་པ་ཡིན་ནོ།། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་མཛད་པ་ལས་ལེའུ་དྲུག་པའོ།། ་རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཆེན་པོ་སུ་མ་ཏི་ཀཱརྟིའི་ཞལ་སྡེ་ནོས་དང་། སྒྲ་སྒྱུར་གྱི་ལོ་ཙྪ་བ་ཨཱཾ་ཙུརྱ་མར་པ་ཆོས་ཀྱི་དཔུང་ཕྱུག་གིས་བསྒྱུར་ཅིང་ཞུས་པ།། ། དེ་ལྟར་མི་མཐུན་པའི་ཕྱོག ་ཀག་པའི་སྒོ་ནས་བཟོད་པ་གསུམ་བསྟན་ནས། བརྩོན་འགྲུས་བསྟན་པའི་ཕྱི་ར།། དེ་ལྟར་ན་བཟོད་པས་ཞེས་བྱ་བ་ལ་སོགས་པ་གསུང་བས་ཏེ། དེ་ལྟར་ནི་བརྗོད་པའི་རིམ་པས་ཡིན་ལ། བཟོད་པ་དང་ལྡན་པས་ན་བཟོད་པ ་སྐྱེ། རང་གིས་གོམས་པར་བྱས་པའི་བཟོད་པའོ།། བརྩོན་འགྲུས་བརྩམས་པ་ནི་བརྩོན་འགྲུས་ལ་འབད་པར་བྱ་བ་སྟེ།། གཞན་དུ་ན་སྡུག་བསྔལ་བཟོད་པར་མི་ནུས་པས་བརྩོན་འགྲུས་ཞན་པར་འགྱུར་རོ།། ཅིའི ་ཕྱིར་བརྩོན་འགྲུས་བླང་བར་བྱ་བ་ཡིན་ཞེ་ན། འདི་ལྟར་བརྩོན་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་བརྩོན་ལ་བྱང་ཆུབ་གནས་པ་ནི་དེའི་རྒྱུ་ཉིད་ཀྱིས་ཡིན་ཏོ།། དེ་ལ་རག་ལས་སེམ་སངས་རྒྱས་ཉིད་དོ།། འདི ་ཡང་གང་ལས་ཤེ་ན། གང་གི་ཕྱིར་བསོད་ནམས་བརྩོན་འགྲུས་མེད་མི་འབྱུང་ཞེས་ཏེ་བསོད་ནམས་ཀྱི་ཚོགས་ཡོད་པ་མ་ཡིན་ནོ།། འདི་ནི་མཚོན་པ་ཙམ་སྟེ། བརྩོན་འགྲུས་གཉི་གའི་རྒྱུ ་ཡིན་པའི་ཕྱིར་ཡེ་ཤེས་ཀྱང་བལྟ་བར་བྱའོ།། དེས་ནུ་བརྩོན་འགྲུས་འདི་ལས་བསོད་ནམས་དང་ཡེ་ཤེས་ཀྱི་ཚིགས་ཡིན་ལ། དེ་དག་ལས་སངས་རྒྱས་ཉིད་དོ་ཞེས་བརྗོད་པ་ཡིན་ནོ།། བརྩོན་འགྲུས་ཀྱིས་རང་གི་ངོ་བོ་མི་ཤེས ་ནས་བརྩོན་འགྲུས་གང་ཞེས་འདྲེ་བར་བྱེད་དེ། བརྩོན་འགྲུས་ཞེས་བྱ་བ་འདི་ཅི་ཡིན་ཞེ་ན། འདིར་གསུངས་གསུངས་པ་དག་ལ་སྤྲོ་བ་སྟེ་ཞེས་པ་ལ། གང་འདི་དགེ་བའི་ལས་སྦྱིན་པ་ལ་སོགས་པ་དང་ཐོས་པ་ལ་སོགས ་པ་ལ་སྤྲོ་བ་དེ་ལ་བརྩོན་འགྲུས་ཞེས་བརྗོད་དོ།། དེ་དགེ་བ་ལ་མི་སྤྲོ་བོ་ནི་ལེ་ལོ་ཉིད་དོ།། མངོན་པར་འདོད་པ་གྲུབ་པ་ལ་མི་མཐུན་པའི་ཕྱོགས་ཀྱིས་ཉམས་པར་བྱས་པའི་བརྩོན་འགྲུས་ཡན་ལག་མ་ཡིན་པའི་ཕྱིར་མི་མཐུན ་པའི་ཕྱོགས་དེ་སྤང་པར་བསྟེན་པའི་ཆེང་དུ། དེའི་མི་མཐུན་པའི་ཕྱོགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་ནི་བརྩོན་འགྲུས་ཀྱིའོ།། འགའ་ཞིག་ཉམས་པར་བྱེད་པའི་ཕྱོགས་ནི་མི་མཐུན་པའི་ཕྱོགས་སྷོ།། ། ་དེ་གང་ལ་བཤད་ཅེ་ན། ལེ་ལོ་ཞེས་པ་ལ་སོགས་པ་ལ། ལེ་ལོ་ནི་སྙོམ་ལས་ཏེ། ལུས་དང་ཡིད་དག་ལས་སུ་མི་རུང་བའོ།། ངན་ལ་ནི་སྨད་པར་བྱ་བ་ཡིན་ཏེ། རྒོད་པ་དང་སྒེག་པ་ལ་སོགས་པ་ཡིན་ལ་དེ་ལ་ཞེན་པའོ།། སྒྱིད ་ལུག་པ་ནི་སྒྱིད་ལུག་པ་ཉིད་དེ་དཀའ་པའི་ལུས་ལ་སེམས་བཟློག་པ་ཡིན་ཏེ་ཞེན་པ་མེད་ཅེས་བྱ་བའི་དོན་ཏོ།། དེས་བདག་ཉིད་ལ་བརྙས་པ་སྟེ་ཆོད་ཡོད་བྱེད་པ་ཡིན་ལ། འདི་ནི་དེའི་མི་མཐུན་པའི་ཕྱོགས་སོ།། དེ་ལ་ལོ་དགག་པའི་དོན། ་དུ་དེའི་རྒྱུ་རེ་ཞིག་བསྟན་པར་འདོད་ནས་མི་རྩོལ་བ་ཞེས་བྱ་བ་ཁ་སོགས་པ་གསུངས་ཏེ། འཁོར་བའི་སྡུག་བསྔལ་མི་སྐྱོ་ལས་ཤེས་པ་ནི་སྐྱེ་བ་དང་བྲལ་བས་གང་ཞིག་མི་རྩོལ་བ་ནི་བྱེད་པ་དང་བྲལ་བ་ཡིན་ཏེ། དྲི་ལའང་དེས་བདེ་ཉམ ་ལེན་པ་ནི་བདེ་བ་མངོན་པར་འདོད་པ་སྟེ་དེ་དང་གཉིད་ནི་གོ་ཉིད་ཀྱིས་ནོན་པ་ཡིན་ལ། དེ་དག་གིས་ཏེ་སྲིད་པ་ནི་བསྟེན་པར་འདོད་པའོ།། དེ་ལ་ལོ་ལོ་ཉེ་བར་སྐྱེ་བར་འགྱུར་ཞེས་སྦྱོར་རོ།། ཡང་ན་འགྲོ་བའི་སྡུག་བསྔལ་མི ་སྐྱོ་ལས་མི་རྩོལ་བ་ཡིན་ཏེ། དགེ་བའི་ལས་གང་ལ་ཡང་མི་འཇུག་པའོ།། དེ་ལས་བདེ་ཉམས་ལེན་པ་ཡིན་ལ། དེ་ལས་ནི་གཉིད་ཡིན་ཏེ་ལས་ཀྱང་བརྟེན་སྲེད་པའོ།། དེའི་ཕྱིར་འཁོར་བའི་སྡུག་བསྔལ་ལ་མི་སྐྱོ་བ་བཟློག ་པའི་དོན་དུ་འདིར་སྐྱོ་བ་སྒོམ་པ་འདི་མངོན་དུ་བྱའོ་ཞེས་བྱ་བར། ཉོན་མོངས་རྒྱ་བས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱ་ནི་ཉ་ལ་སོགས་པ་གསོད་པར་བྱེད་པའི་དྲ་བར་བརྗོད་ལ་དེ་སྤྱོད་པ་ནི་ཉ་ལ་སོགས་པ་རྣམས་ཏེ་དེ་བཞིན ་དུ་ཉོན་མོངས་པ་ཉིད་རྒྱ་བ་ཡིན་ལ་དེས་བཤོར་བ་ནི་དབང་དུ་བྱས་པ་ཡིན་ནོ།། འདི་ཅི་ལྟརོ་ཞེ་ན། སྐྱེ་བའི་རྒྱར་ནི་ཆུད་པ་སྟེ། རིགས་མཐུན་ཞིང་སྐལ་བ་མཉམ་པར་སྐྱེས་པ་ཉིད་སྐྱེ་བའི་རྒྱར་ཆུད་པ་ཡིན་ནོ།། དེར་ཆུད་པ་ནི་དེའི ་ནང་དུ་སོན་པ་ཞེས་པའི་ཐ་ཚིག་གོ། འདི་འདིར་དེའི་དཔུང་དུ་གྱུར་པ་ནི་འཐད་པའོ།། ད་དུང་ནི་འདི་ལྟ་བུའི་གནས་སྐབས་ཐོབ་པར་གྱུར་ན་ཡང་ངོ་།། འཆི་བདག་ཁར་ནི་སོང་གྱུར་པ།། ཡིན་ན་ཡང་མི ་ཤེས་སམ་ཞེས་པ་སྟེ། གལ་ཏེ་སྐྱེས་པར་གྱུར་ན་ངེས་པར་འཆི་བར་འགྱུར་རོ་ཞེས་པའི་དོན་ཏོ།། སྐྱོ་བའི་རྒྱུ་གཞན་འདི་ཡང་གསུངས་པ། རང་སྡེ་ཞེས་བྱ་བ་ལ་སོགས་པའོ།། རང་སྡེ་ནི་སྡེ་ཚན་ཏེ། གང་དང་ལྷན་ཅིག་ཏུ་བྱིས ་པ་ལ་སོགས་པའི་གནས་སྐབས་ན་རོལ་ཅིང་རྒོད་པ་ལ་སོགས་པ་རྣམ་པར་སྤྱད་པའོ།། རང་སྡེ་དེ་རྣམས་ནི་གདོལ་པ་རྣམས་ཀྱིས་ངེས་པར་གསང་པོར་བྱེད་པའི་མ་ཧེ་དང་འདྲའོ།། མཐོང་བར་མ་གྱུར་ཏ་མ་ཞེས་པ་ནི་བདག ་ཀྱང་གནས་སྐབས་འདི་ཉིད་ལ་གནས་སོ་ཞེས་པའོ།། འདི་དུས་ཅུང་ཟད་ཅིག་ཡོངས་སུ་ཐོབ་ནས་ངེས་པར་འཆི་བར་འགྱུར་ཏེ། དེས་ན་དུས་དེ་སྲིད་དུ་བདག་གིས་བདེ་བ་ཉམས་སུ་མྱོང་བར་བྱ་བ་ཉིད་རིགས་སོ་ཞེ་ན། གལ་ཏེ་དེ་ལྟར ་གྱུར་པ་དེ་ལྟ་ན་ཡང་ངེས་པར་འཆི་བར་འགྱུར་བ་ལ་ཡིད་ཆེས་པར་རིགས་པ་མ་ཡིན་ཏེ། ཐམས་ཅད་དུ་གསད་པར་བྱ་བའི་སྐྱེས་བུ་གཤེད་མས་བྱིན་གྱིས་བརླབས་པ་བསད་པར་བྱ་བའི་སརོ་ཁྲིད་པ་བཞིན་དུ་ཐར་པར་མ་མཐོང ་ནི་ཁྱོད་ཀྱི་བདེ་བ་ལ་སྤྱོད་པར་སྲེད་པ་རིགས་པ་མ་ཡིན་ནོ།། དེའི་ཕྱིར་སྐྱོ་བ་བསྒོམས་པས་རྒྱུ་དགག་པ་ལས་ལེ་ལོ་སྤངས་ཏེ། དགེ་བ་ཕྱོགས་ལ་སྤྲོ་བ་འཕེལ་བ་ཉམས་སུ་བླང་བར་བྱའོ།། གལ་ཏེ་ངེས་པར་འཆི་བར་འགྱུར་བ་དེ ་དྲང་ཉེ་བ་དང་གོ་བར་བྱས་ལ་ལེ་ལོ་སྦྱང་བར་བྱའོ་ཞེས་དོགས་ནས་ཇི་སྲིད་ཅེས་པ་ལ་སོགས་པ་གསུངས་ཏེ། བསགས་པ་ནི་ཚོགས་པར་བྱས་པ་ཡིན་ལ། ཚོགས་པ་ནི་གང་གིས་འཆི་བའི་དོན་དུ་ནད་དང་རྒས་པའི་མཚན ་ཉིད་འབྱོར་པའོ།། ཇི་སྲིད་ཅེས་པ་ནི་འཇིག་རྟོན་པའི་བརྗོད་པ་ཡིན་ལ། མྱུར་བྱ་ནི་མགྱོགས་པར་ཡིན་ཏེ། ཤིན་ཏུ་ཉེ་བར་གྱུར་པའི་ཕྱིར་རོ།། དེ་ལྟར་འཆི་བདག་གི་ཁུར་སོན་པ་དེའི་ཚེ་དུས་མ་ཡིན་པ་རི་ལེ་ལོ་སྤངས་ཀྱང་ཅི ་ཞིག་བྱ་སྟེ། དེའི་ཚེ་དགོས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་པའི་དོན་ཏོ།། ཚིགས་སུ་བཅད་པ་གསུམ་གྱིས་དུས་མ་ཡིན་པ་ཉིད་དུ་བསྒྲུབ་པའི་ཕྱིར། འདི་ནི་མ་ཐོབ་ཅེས་པ་ལ་སོགས་པ་གསུངས་ཏེ། འདི་ནི ་ཞེས་པ་ནི་ཕྱི་ནས་བྱའོ་ཞེས་ཡིད་ལ་བྱས་པ་སྟེ་དེ་མ་ཐོབ་པའོ།། འདི་བརྩམས་པ་ནི་དགོངས་པ་གང་ཞིག་དང་པོ་ཉིད་དུ་བྱེད་པར་འདོད་པའོ།། འདི་ཕྱེད་བྱས་པར་གནས་པ་ལ་ཞེས་པ་ནི་གང་གི་ཅུང་ཞིག་བསྒྲུབ་ས ་ཤྲཱིང་ཅི་ཞིག་མ་བསྒྲུབས་པའོ།། དེའི་ཕྱིར་བྱེ་བ་མཐར་མ་ཐུག་པ་ཉིད་དུ། གློ་བུར་འཆི་བདུག་འོངས་ནས་ནི།། བདག་ནི་བཅོམ་ཞེས་སེམས་པར་འགྱུར།། ཤིན་ཏུ་དཀའ་བས་སེམས་ཏེ་མྱོས་པར་འགྱུརཆེ་ཅི ་ཞིག་བྱ་ཞེས་པ་ཕྱིས་འབྱུང་བ་དང་འབྲེལ་ཏོ།། མྱ་ངན་ནི་སྡུག་པ་དང་བྲལ་བས་སེམས་ཡོངས་སུ་གདུང་བར་བྱས་པའོ།། དེའི་ཤུགས་ནི་རྒྱུན་མི་འཆང་བར་འཇུག་པའོ།། ངེས་སྤངས་པ་ནི་ཆེན་པོར་གྱུར་པ ་ཡིན་ལ། མཆི་མ་ནི་རླངས་པ་དང་བཅས་པའོ།། དམར་པོ་ནི་ཟངས་ཀྱི་ཁ་དོག་ཡིན་ལ། མིག་ནི་ལྟ་བར་བྱེད་པ་ཡིན་ཏེ། གང་གི་གདོང་ལ་དེ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། དེ་ལྟ་བུར་གྱུར་པའི ་གདོང་ངམ་བྱུད་ཉེ་དུ་གང་རྣམས་ཀྱི་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་རྣམས་མཐོང་ནས་ནི་རྣམ་པར་བལྟས་པ་ནའོ།། ཅི་ལྟ་བུར་གྱུར་པ་ནཱཾ་ཞེ་ན། རེ་ཐག་ཆུད་པ་ལའོ།། གང་དུ་ཞེ་ནུ། སླར་གསོན་པོའི་བསམ་པ་དང་བྲལ་བ ་འམ། མགྲོན་དང་བྲལ་པ་དེ་ལའོ།། འཆི་བའི་དུས་ན་གནོས་པའི་གཤིན་རྗེའི་ཕོ་ཉའི་བཞིན་ལ་ཡང་སྟེ། སྐྱེས་བུ་ཁྲོ་བ་དང་བཅྡོཾས་པ་ཁྲོ་གཉེར་ཅན་མཐོང་བ་ན། མྱོས་པར་འགྱུར་ཚེ་ཅི་ཞིག་བྱ་ཞེས་སོ།། རང་སྡིག་དྲན་པས ་གདུངས་པ་ནི་འཆི་བའི་དུས་ན་འདི་ཅིའི་ཕྱིར་བདག་གིས་བྱས་ཤེས་ཏེ། ཕྱིས་འགྱོད་པས་གདུངས་པ་ནའོ།། འོད་ཙམ་འབའ་ཞིག་ནི་མ་ཡིན་ཏེ། འོན་ཀྱང་དམྱལ་བའི་སྒྲ་ཐོས་པ་ནི་ཏེ་སྡུག་བསྔལ་མི་བཟད་ཉམས་སུ་མྱོང་བས ་སྡུག་བསྔལ་བར་གྱུར་པས་བཏོན་པའི་འོ་དོད་བྱོས་པོའོ་སྒྲ་དམྱལ་བ་ལས་བྱུང་བ་དོན་འབའ་ཞིག་ལ་ཁྲོ་བའི་སྒྲ་བཞིན་དུ་དེ་ཐོས་ནས་བདག་ཀྱང་གནས་སྐབས་འདི་ཉིད་ལ་གནས་པ་ཡིན་ནོ་ཞེས་སོ།། སྐྲག་པས་གང་ཞིག་ལ་མི ་གཙང་བ་འབྱུང་བ་ནི་དོར་བ་སྟེ། དེས་ལུས་བསྒོས་པའོ།། མྱོས་པ་ནི་ལུས་དང་ངག་དང་ཡིད་ཀྱིས་འཇུག་པ་དབང་དུ་མ་གྱུར་པའོ།། ཅི་ཞིག་བྱ་ཞེས་པ་ནི་བྱ་བ་ཐམས་ཅད་ལ་བྱེད་པའོ།། འདི་ལྟར་རྟོགས་པར་བྱས་ནས་ནང ་མེད་པའི་གནས་སྐབས་ཉིད་དུ་བསླབ་པར་འདོད་ནས། ཁྱོད་ནི་ཉ་གསོན་ཞེས་པ་ལ་སོགས་པ་གསུངས་ཏེ། རིམ་གྱིས་བཟའ་བའི་དོན་དུ་ཉིད་གསོ་བར་བྱེད་པ་ཡིན་ཏེ། ཕལ་ཆེར་ན་ཤར་ཕྱོག་སྔ་ན་གནས་པའི་སྐྱེ་བོ་རྣམས ་ཀྱི་སྲུང་བར་བྱེད་དོ།། གསོན་ནས་མཚོན་བྷིཉྫ་ནི་ཉ་གསོན་མ་ཡིན་ཏེ། དེའི་དུས་ནའོ།། དེ་དང་འདྲ་བར་བདག་ཀྱང་དེ་རིང་ངམ་སང་ངེས་པ་ཉིད་དུ་འཆི་བར་འགྱུར་རོ་ཞེས་ཡིད་ལ་བྱས་ནས་ཁྱེད་ཀྱིས་འདི་ཉིད་དུ་འཇིགས་པར་རིག ་སོ། འདི་རོ་ཞེས་པ་ནི་ཤེས་བཞིན་ལྡན་པའི་གནས་སྐབས་ཉིད་ནའོ།། ཁྱེད་ནི་ཞེས་པ་ནི་འཆི་བ་ལ་འཐོབ་པར་གྱུར་པ་སྟེ། སྡིག་པ་བྱས་པར་གྱུར་པ་ཁྱེད་ཤིན་ཏུ་བཟོད་པ་དཀའ་བའི་དམྱལ་བའི་སྡུག་བསྔལ་ལས་འཇིགས ་པར་རིགས་པ་ལྟ་སྨོས་ཀྱང་ཅི་དགོས་པའོ།། མི་རྩོལ་བ་དང་བདེ་ཉམས་ལེན་པའི་དབང་དུ་བྱས་པའི་ཆུ་ཚན་ཞེས་པ་ལ་སོགས་པ་གསུངས་ཏེ། ཆུ་ཚོན་གྱིས་ཀྱང་རེག་པའོ།། གཞོན་ཤ་ཅན་ཞེས་པ་ནི་བོད་པ་ཡིན་ཏེ། ་ཤིན་ཏུ་འཇམ་པའི་ལུས་ཡིན་པས་བཟོད་པར་མི་ནུས་སོ།། གུལ་ཏེ་དེ་ལྟར་ཡིན་པ་དེའི་ཚེ་སྲོག་བྱས་ཤེས་པ་ལ་སོགས་པ་ནི་གོ་སླའོ།། གཞན་གྱིས་ཡང་དབང་དུ་བྱས་ཏེ་བརྩོན་མེད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ལ ་བདེ་བའི་རྒྱུ་བསྐྱེད་པའི་དོན་དུ་བྱེད་པས་སྟོང་པ་དེ་ལྟ་ན་ཡང་དེའི་འབྲས་བུ་བདེ་བ་འདོད་པ་དང་སྡུག་བསྔལ་མི་བཟོད་པར་བྱེད། དེ་ལྟ་ནའང་གནོད་པ་མང་བར་བྱེད་པ་ཡིན་ཏེ། སྡུག་བསྔལ་ཐམས་ཅད་ཀྱི་འབྱུང་ཁུངས ་ཡིན་པའི་ཕྱིར་རོ།། འཆི་བདག་གིས་ཀྱང་དབང་དུ་བྱེད་པར་ཅིའི་ཕྱིར་བྱེད། དེ་ལྟར་ནའང་བདག་ཉིད་མི་འཆི་བར་ཅིའི་ཕྱིར་སེམས་བྱེད་ཅེས་པའོ།། དེ་ལྟར་ཡང་འདི་ལ་སྤྱོད་པའི་ཕྱིན ་ཅི་ལོག་པ་མཐོང་ནས་སྙིང་རྗེ་བཞིན་པས་སྐྱེ་བ་དང་བཅས་པས། ཀྱི་ཧུད་སྡུག་བསྔལ་དག་གིས་བཅོམ་ཞེས་གསུངས་ཏེ་འདི་རྨོངས་པ་ཆེན་པོ་ཉིད་ཀྱིས་དཀའ་བའི་གནས་སྐབས་སུ་ཞུགས་སོ་ཞེས་པ་དང་། བདག་ཉིད ་ལ་ཡང་སྐྱོ་བར་བྱེད་དེ། དེ་བཞིན་དུ་གཞན་དུ་ཡང་ཇི་ལྟར་རིགས་པར་བལྟ་བར་བྱའོ།། བརྩོན་མེད་ཅེས་པ་ལ་སོགས་པ་རྣམས་ནི་འབོད་པའི་ཚིག་རྣམས་ཡིན་ནོ།། གཉིད་ཀྱི་དབང་དུ་གྱུར་པའི་དབང་དུ་མཛད་ནས། ་མིའི་གྲུ་ཞེས་པ་ལོ་སྩོགས་པ་གསུངས་པ་ལ། མི་ཁོམ་པ་བརྒྱད་ལས་གྲོལ་བའི་མེའི་དངོས་པོ་ཐོབ་པ་གྲུ་དང་འདྲ་བ་མངོན་པར་མཐོ་བ་ལ་སོགས་ཕ་རོལ་དུ་སྒྲོལ་པ་རྙེད་ནས་སོ།། སྡུག་བསྔལ་གྱི་རང་བཞིན་གྱི་ཆུ་བོ་ཆེན་པོ ་ལས་སྒྲོལ་ཞེས་པ་ནི་བརྒལ་བར་གྱིས་ཤེས་པ་སྟེ། བརྩོན་འགྲུས་ལ་བརྟེན་ནས་སྡུག་བསྔལ་རྣམས་ལ་རྒྱབ་ཀྱི་ཕྱོགས་པར་གྱིས་ཤིག་པའོ།། ཀྱེ་རྨོངས་པའི་དབང་དུ་གྱུར་པ་ཇི་སྲིད་དུ་གྲུ་འདི་དང་ཉེ་བར་གྱུར་པའི ་དུས་འདི་ནི་གཉིད་ལོག་པའི་དུས་མ་ཡིན་ནོ།། གལ་ཏེ་ད་ལྟ་ཉིད་དུ་འབད་པར་མི་བྱེད་ན། དེའི་ཚེ་ཡང་ངན་སོང་གི་འགྲོ་བ་ལས་གྲོལ་བའི་གྲུ་འདི་རྙེད་པར་དཀའ་སྟེ། ཕྱིས་འདི་ཡང་དག་འབྱོར་བར་ག་ལ་འགྱུར་ཞེས་གང ་གསུངས་པའོ།། དེ་ལྟར་ལེ་ལོ་བཀག་ནས། དཱན་ལ་མངོན་པར་ཞེན་པའི་ཕྱིར། དམ་ཆོས་དགའ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགའ་བ་ནི་ལས་རྣམས་ལ་དགའ་བའོ།། མཆོག་ནི་བླ་ན་མེད་པའོ།། ཅི་ལྟ་བུར ་གྱུར་པ་ཞ་ན། བར་མེད་པའི་དགའ་བའི་རྒྱུན་ཡིན་ཏེ། བདེ་འགྲོ་གོང་ནས་གོང་དུ་བསྐྱེད་པའི་ཕྱིར་རོ།། མཐའ་ཡས་པ་ནི་མཐར་ཐུག་པ་མེད་པ་ཡིན་ཏེ་དགའ་བའི་རྒྱུན་ཏེ་གང་ལ་བདེ་བའི་རྒྱན་ཡོད་པ་དེ་ལ་དེ་སྐད་ཅེས་བྱ ་སྟེ། དེ་ཉིད་ཀྱི་ཕྱིརརྱ་མཆོག་ཏུ་བརྗོད་པའོ།། དེ་སྤངས་ནས་ཏེ་དགའ་བ་ནི་མངོན་པར་དགའ་བའོ།། གཡེང་བ་ནི་ལུས་དང་སེམས་འཕངས་བསྟོད་པ་ཡིན་ཏེ་རྒོད་པའི་ངང་ཚུལ་ཞེས་པའི་དོན་ཏོ།། རྒོད་པའི་ནི་ངག་གིས་རྣམ ་པབར་གཡེང་པོ་ཡོན་ཏེ། དགའ་བ་དང་བཅས་པའི་ངག་གི་རྣམ་པར་འགྱུར་བའོ་ཞེས་བྱ་བའི་དོན་ཏོ།། སོགས་ཀྱི་སྐྱེས་ནི་གྲུ་ལ་སོགས་པ་གཟུང་ངོ་།། དེ་ལ་ཁྱོད་ཅིའི་ཕྱིར་བདགའ་ཞེས་ཏེ་རིགས་པ་མ་ཡིན་ནོ་ཞེས་དགོད ་བའོ།། ཅི་ལྟ་བུར་གྱུར་པ་ལ་ཞེ་ན། སྡུག་བསྔལ་གྱི་རྒྱུ་ལས་ཏེ་དམྱལ་བ་ལ་སོགས་པ་དོན་འགྲོར་འཁྱེར་བར་བྱེད་པའི་ཕྱིར་སྡུག་བསྔལ་གྱི་རྒྱུའོ།། དེ་ལྟར་ངན་ལོ་ཞེན་པ་སྤངས་ནས་སྒྱིད་ལུག་ཅིང་བདག་ཉིད་བརྙས་པ་བརྩོན ་འགྲུས་ཀྱིས་མི་མཐུན་པའི་ཕྱོགས་སྤང་བར་འདོད་པའི་དེའི་མི་མཐུན་པའི་ཕྱོགས་གཞན་ཡང་སྤང་པོའི་ཕྱིར་དུ་བསྟན་པོ་སྒྱིད་མུག་མེད་ཅེས་པོ་ལ་སོགས་གསུངས་པ་ལ། སྒྱིད་ལུག་པོ་ལས་ཕྱིན་ཅི་ལོག་པ་ནི་སྒྱིད་ལུག་མེད ་པ་ཡིན་ལ། དཔུང་ཚོགས་ནི་འཚོགས་པ་ཡིན་ཏེ། འཆད་པར་འགྱུར་བའི་མཚན་ཉིད་ཅན་ནོ།། ལྷུར་བླང་བ་ནི་གྲིམས་པའོ།། བདག་ཉིད་དབང་དུ་བྱ་བ་ནི་བདག་ཉིད་དབང་དུ་གྱུར་པའོ།། འདི ་དག་ཐམས་ཅད་ནི་ཟླས་དབྱེ་བའི་ཚིག་བསྡུས་པ་ཡིན་ནོ།། ཡང་ན་འདི་རྣམས་དང་ལྷན་ཅིག་པའི་བདག་ཉིད་དབང་དུ་བྱས་པ་ཡིན་ནོ།། བདག་དང་གཞན་དུ་མཉམ་པ་དང་། བདག་དང་གཞོན་དུ་རྗེ་བ་དག་ནི་བསམ་གཏན་གྱི་ལེའུར ་འཆད་པར་འགྱུར་བའོ།། འདི་དག་མ་ལུས་པ་ནི་ལེ་ལོ་སྤང་བའི་ཕྱིར་དང་བརྩོན་འགྲུས་སྦྲེལ་བ་ལ་མཐུ་དང་ལྡན་པ་ཡིན་ནོ་ཞེས་མདོར་བསྟན་པ་ཡིན་ལ། མདོར་བསྟན་པའི་དོན་ཉིད་རིམ་གྱིས་རྒྱས་པར་བསྟན་པའི་ཆེད་དུ། བདག་གི ་ཞེས་པ་ལ་སོགས་པ་གསུངས་ཏེ། བདག་གིས་བྱང་ཆུབ་ག་ལ་ཞེས་ཤེས་པ་ནི་ཉོན་མོངས་བདག་ཇི་ལྟར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྣོད་ཡིན་ཏེ། སངས་རྒྱས་ཉིད་ནི་དབང་པོ་རྣོན་པོ་བརྩོན་འགྲུས་བརྩམས་པ། དཔག ་ཏུ་མེད་པའི་བསོད་ནམས་ཀྱི་ཚོགས་བསགས་པ་ཤིན་ཏུ་དཀའ་བའི་སྤྱོད་པ་ཉམས་སུ་ལེན་པས་བསྐལ་པ་གྲངས་མེད་པ་དུ་མས་སྐྱེས་བུ་ཁྱད་པར་ཅན་འགའ་ཞིག་གིས་བསྒྲུབ་པར་བྱ་བ་ཡིན་ལ། བདག་ནི་དེ་ལྟ་བུ་མ་ཡིན་པའི ་ཕྱིར་བདག་ཅི་ལྟ་བ་དེ་ལྟ་བུ་ལ་སངས་རྒྱས་ཉིད་ཅི་ལྟར་སྲིད་པར་འགྱུར་ཞེས་རྣམ་པ་འདི་ལྟ་བུར་ཡིད་ལ་བྱ་བས་སྒྱིད་ལུག་ཅིང་བརྙས་པར་མི་བྱ་སྟེ་དོན་ཆེན་པོ་ལས་ཉམས་པའི་རྒྱུ་ཡིན་པའི་ཕྱིར་རོ།། ཇི་ལྟར་སྒྱིད་ལུག་པ་ཡང ་དོན་མིད་ཡིན་ཞེས་གསུངས་སོ།། ཅིའི་ཕྱིར་ཞེ་ན། གུང་ཕྱིར་དེ་བཞིན་ག་ཤེགས་པས་ཏེ། འདི་ནི་འཆད་པར་འགྱུར་བ་ཡིན་ལ་བདེན་པ་ནི་དེ་ལས་གཞན་དུ་མ་ཡིན་པ་ཡིན་ཏེ། གསུངས་པ་ནི་བཀའ་སྩལ་པའོ།། ཇི་ལྟར་ཤེས་པར་བྱ ་ཞེ་ན། བདེན་པ་གསུངས་པས་ཞེས་ཏེ། ཡེ་ཤེས་ཀྱི་བྱ་བ་མངའ་བས་ཕྱིན་ཅི་མ་ལོག་པར་གསུངས་པའོ།། དེའི་ཕྱིར་བདེན་པ་གསུངས་པ་ལ་འདི་ནི་གཏན་ཚོགས་ཀྱི་ཚིག་ཡིན་ནོ།། ཇི་ལྟ་བུའི་བདེན་པ་གསུངས་ཤྲཱིསྭཱ་ནཱ། སྦྲང་བུ ་པ་ལ་སོགས་པ་གསུངས་ཏེ།། རྗེས་ཀྱང་ཞེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། རིན་ཆེན་གཙུག་ཏོར་ཅན་དེ་ལཱ། མ་ནམན་རྒྱ་མཚོའི་འཁོར་བའི་ནང་དུ་ཆུད་པ་སྔར་གྱི་སོ་སོའི་སྐྱེ་བོའོ་གྷན་། སྐབས ་ན་ཡོངས་སུ་འཁོར་པོར་གྱུར་པ་ཉིད་དུ་གནས་པ་ནི། གང་གིས་བརྩོན་པའི་སྟོབས་བསྐྱེད་པ་ནི་བརྩོན་འགྲུས་འཕེལ་བའི་སྟོབས་ཀྱིས་ཚོགས་བསྩགས་པ་ནའོ།། བྱང་ཆུབ་ཐོབ་དཀའ་བ་སྦྱིན་ལ་བླ་མེད་ཐོབ་པོ་ནི་མཆོག་གོ།། བརྩོན ་འགྲུས་བརྩམས་པཱ་ལ་ཅུང་ཟད་ཀྱང་དཀའ་བ་ཡོད་བླ་མ་ཡིན་ནོ་ཞེས་པ་ནི་བདེན་པ་ཉིད་དོ་ཞེས་དགོངས་སོ།། བདག་ནི་མིར་སྐྱེས་པ་སྟེ་མི་རུ་སྐྱེ་བ་ཐོབ་པ་ཡིན་ལ། ཕན་གནོད་པོ་ཤེས་ནུས་པ་ཕྱིས་ཞེས་པ་ནི་འདི་ནི་ཕན་པ་ཡིན་ལ ་འདི་ནི་མི་ཕན་པ་ཡིན་ནོ་ཞེས་དགེ་བ་དང་མི་དགེ་བའི་ལས་ཉེ་བར་སྟོན་པ་དྲང་པོ་ཤེས་པ་སྟེ། ཁོང་དུ་ཆུད་པར་ནུས་པའོ།། དྲིའི་ཕྱིར་བདག་ལ་ཤིན་དུ་ཡང་བྱང་ཆུབ་རྙེད་དཀའ་བ་མ་ཡིན་ནོ་ཞེས་སྟོན་པ་ནི། བདག་གིས་ཞེས་པ ་ལ་སོགས་པ་གསུངས་ཏེ། འདི་ལྟར་བསམས་ནས་སོ།། ཐམས་ཅད་མཁྱེན་པ་ནི་དངོས་པོའི་དེ་ཁོ་ན་ཉིད་མཁྱེན་པ་ཡིན་ལ། ཚུལ་འདི་ནི་བླང་བ་དང་དོར་བའི་དེ་ཁོ་ན་ཉིད་སྟོན་པའི་ཐེག་པའོ།། མཱ་བཏང ་ནི་ཡོངས་སུ་མ་སྤངས་པ་སྟེ། དེ་ལེན་པ་དང་ཡོངས་སུ་འཛིན་པ་དང་བསྟེན་པ་ཞེས་པ་ལ་སོགས་པའི་དོན་ཏོ།། སངས་རྒྱས་ཉིད་བདག་གི་རི་མི་འཐོ་སྟེ་འི་ཐུ་སོག་ཁོ་ནར་བསྟན་ཏོ།། འདི་བཅོམ་ལྡན་འདས་ཀྱིས་དཀོན་མཆོག་སྤྲིན ་དུ་གསུངས་པ་ཡིན་ཏེ། ཇི་ལྟར་འདི་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་མིར་གྱུར་པ་ནི་བྱང་ཆུབ་ཐོབ་པ་དཀའ་སྟེ། བདག་གི་བརྩོན་འགྲུས་འདི་ནི་ཆུང་ཞིང་ཞན་ལ། བདག་ཀྱང་ལེ་ལོ་ཅན་ཏེ། བྱང་ཆུབ་ནི་མགོའི་ཐོད་ལ་མི ་འབར་བཾ་བཞིན་དུ་བསྐལ་པ་མང་པོ་བསྐོལ་པ་བརྒྱ་ཕྲག་མང་པོར་བསྒྲུབ་དགོས་པས་བདག་ནི་དེ་ལྟ་བུའི་ཁུར་བསྐུར་བར་མི་རིགས་མི་སྤྲོ་སྙམ་དུ་སེམས་མི་སྐྱེད་དེ། འོན་ཀྱང་ཅི་འདི་ལྟར་བྱང་ཆུབ་སེམས་དཔའ་ནི་འདི་ལྟར ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་གང་མངོན་པར་རྫོགས་པར་སངས་རྒྱས་པ་དེ་དག་དང་། གང་མངོན་པར་རྫོགས་པར་འཚང་རྒྱ་བ་དེ་དག་དང་། གང་མངོན་པར་རྫོགས ་པར་འཚང་རྒྱ་བར་འགྱུར་བ་དེ་དག་ཀྱང་ཚུལ་འདི་འདྲ་བ་དང་། ལམ་འདི་འདྲ་བ་ཉིད་དང་། བརྩོན་འགྲུས་འདི་འདྲ་བ་ཉིད་ཀྱིས་མངོན་པར་རྫོགས་པར་སངས་རྒྱས། མངོན་པར་རྫོགས་པར་འཚང་རྒྱ། མངོན་པར་རྫོགས་པར ་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དེ་དག་ཀྱང་དེ་བཞིན་གཤེགས་པར་གྱུར་པ་ཤ་སྟག་ལས་མངོན་པར་རྫོགས་པར་སངས་རྒྱས་པ་མ་ཡིན་གྱིས། བདག་ཀྱང་ཅི་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བར་སེམས་ཅན་ཐམས་ཅད་ཐུན་མོང་གི་བརྩོན་འགྲུས་དང་། སེམས་ཅན་ཐམས་ཅད་ལ་དམིགས་པའི་བརྩོན་འགྲུས་ཀྱི་བདག་གིས་ཀྱང་དེ་ལྟ་དེ་ལྟར་བཙལ་ལོ ་འབདོ་དོ་ཞེས་སོ།། འདི་ནི་རིགས་པ་ཉིད་ཡིན་ཏེ། འོན་ཀྱང་གཅིག་པུ་ཤིན་ཏུ་དཀའ་བའི་སྤྱོད་པ་ཐོབ་པས་སྒྱིད་ལུག་པ་བཟློག་པར་མི་ནུས་སོ་ཞེས་པའི་རྣམ་པར་རྟོག་པ། འོན་ཏེ་རྐང་ལག་ཅེས་པ་ལ་སོགས་པ་གསུངས་ཏེ། ལག ་པཱ་དང་རྐང་པ་དང་མགོ་ལ་སོགས་པའི་སྦྱིན་པ་མེད་པར་སངས་རྒྱས་ཉིད་ཐོབ་པ་མ་ཡིན་ནོ་ཞེས་ཤིན་ཏུ་དཀའ་བའི་ལས་རྣམས་ལ་འཇུག་པས་འཇིགས་པས་སྤྲོ་བ་ཡང་ལྡོག་པ་ཉིད་དོ་ཞེས་གལ་ཏེ་སེམས་ནི། རང་གི་སེམས ་ཉིད་ལ་གསུངས་པ། དེ་ལ་ལྕི་བ་དང་ཡང་བ་ལྔ་བདག་རྨོངས་པ་ཉིད་དེ་ཆུང་ངུ་ལ་ཆེན་པོ་ཉིད་དང་། ཆེན་པོ་ཆུང་ངུ་ཉིད་དུ་གཏི་མུག་གི་དབང་དུ་གྱུར་པས་ཡིན་ལ། མ་དཔྱད་པ་ནི་མ་ཤེས་པས་ཏེ་བདག་གི་དོན་དམ་པར ་དཔྱད་པར་མ་གྱུར་ཏོ།། དོན་དམ་པར་དཔྱད་ན་ལྕི་བ་དང་ཡང་བ་འདི་ཕྱིན་ཅི་ལོག་པ་ཉིད་དོ་ཞེས། བསྐལ་པ་ཞེས་པ་ལ་སོགས་ཏེ། འཁོར་བའི་བཙོན་རར་གནས་པ་ན་དེ་ལྟ་བུའི་ལས་ཀྱི་དབང་གིས་བདག་བཅད་པ་སྟེ། ལག ་པཱ་དྲང་རྐང་པ་ལ་སོགས་བུ་ལུས་དང་ཡན་ལག་དང་ཉིན་ལག་བཅད་པའི་ཕྱིར་དེ་དམྱལ་བ་ལ་སོགས་པ་རྣམས་སུ་ནི་ལ་ཡིན་ནོ།། དེ་བཞིན་དུ་ཕུག་སྟེ་ནི་མདུད་དང་འཕང་མདུང་ལ་སོགས་པ་རྣམས ་ཀྱིས་སོ།། སྲེག་པ་ནི་དམྱལ་བའི་མེ་ལ་སོགས་པས་སོ།། གཤེགས་པ་ནི་སོག་ལེ་འབར་བ་ལ་སོགས་པས་སོ།། ལན་གྲངས་དུ་མར་ལན་མང་དུ་ཡིན་ཏེ་འཁོར་བའི་ལམ་མཐར་ཐུག་པ་མེད་པར་དམྱལ་བ་ལ་སོགས་པ་རྣམས ་སུ་སྡུག་བསྔལ་ཉམས་སུ་མྱོང་བ་ཡིན་ནོ།། བསྐལ་པ་བྱེ་བ་གྲངས་མེད་དུ་ཞེས་པ་ནི་བགྲང་བར་མི་ནུས་པ་ཡིན་ནོ།། དེའི་ཕྱིར་མི་འདོད་ཀྱང་མཐར་ཐུག་པ་མེད་པའི་སྡུག་བསྔལ་རྣམས་སུ་དུ་མ་འབྱུང་བར་འགྱུར་ཏེ། དེ་སངས ་རྒྱས་ཀྱི་ཚིགས་སུ་གྱུར་པ་ནི་མ་ཡིན་ནོ།། འདི་ནི་འཁོར་བ་ལ་མཐར་ཐུག་པ་མེད་པས་སྡུག་བསྔལ་ཤིན་ཏུ་ཆེན་པོ་དང་འབྲས་བུ་མེད་པ་ཡང་ཡིན་ནོ།། སངས་རྒྱས་ཉིད་སྒྲུབ་པར་བྱེད་པ་ནི་ཤིན་ཏུ་ཆུང་བ་དང་འབྲས་བུ ་དང་བཅས་པ་ཡང་ཡིན་ནོ་ཞེས་བསྟན་པའི་ཕྱིར། བདག་གི་ཞེས་པ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཉིད་སྒྲུབ་པར་བྱེད་པའི་བདག་གིས་སྡུག་བསྔལ་འདོན་ཚད་ཡོད་དོ་ཞེས་པ་ནི་དུས་ངེས་པར་འགྱུར་བའི་ཕྱིར ་ཡང་སྡུག་བསྔལ་གྱི་རྒྱུད་དེ་དེ་ལྟ་བུར་གྱུར་པའི་ཟུག་རྔུ་དེས་གནོན་པ་དེ་བསལ་བའི་ཕྱིར་ཏེ། དེ་སེལ་བ་ནི་ལྡོག་པར་བྱེད་པའོ།། དེའི་རྒྱུ་མཚན་དུ་དེ་བཏང་སྙོམས་སུ་བོར་ནས་ཇི་སྲིད་འཚོའི་བར་གྱི་སྡུག་བསྔལ་བསོལ་བར ་བྱའོ་ཞེས་པའི་དོན་ཏོ།། དེའི་ཟུག་རྔུ་ཁོང་རླག་གདོན་པའི་ཆེད་དུ་ལུས་ལ་རྨ་བཏོང་ནས་འབྱིན་ཅིང་འདོན་པར་བྱེད་དོ་ཞེས་པའི་དོན་ཏོ།། དུས་སོ་སོར་ངེས་པའི་སྡུག་བསྔལ་ཤིན་ཏུ་ཆུང་བ་ངེས་ཡུན་རིང་པོའི་སྡུག་བསྔལ་ཞི་བའི ་རྒྱུ་མཚན་ཡིན་པ་དེ་བཞིན་དུ་སྡུག་བསྔལ་འདི་ལ་ཡང་བཟོད་པར་བྱ་བར་རིགས་སོ།། སྨན་པ་ཀུན་ཀྱང་ཞེས་པ་ལ་སོགས་པ་གསུངས་པ་འདིས་ཀྱང་སྡུད་པ་ཡིན་ཏེ། སྨན་པ་ཀུན་ཀྱང་ནི་བདག་འགའ་ཞིག་མ་ཡིན ་པོ་ཉིད་དོ།། བསྙུང་བ་དང་སྨན་པ་ལ་སོགས་པ་བྱས་པས་ཇི་ལྟར་འདོད་པར་ཟ་བ་དང་འདུག་པ་ལ་སོགས་པ་བཀག་པ་ལས་བྱུང་བའི་བྱ་བའི་སྡུག་བསྔལ་གྱིས་གདུངས་པ་རྣམས་ལ་ནད་མེད་པ་བསྐྱེད་པར་བྱེད་དེ།། གཞན ་དུ་ན་དེ་ཞི་བར་བྱེད་པར་མི་ནུས་སོ།། གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་ཤིན་ཏུ་ཡང་སྡུག་བསྔལ་ཆུང་ངུ་ལ་བཟོད་པར་བྱའོ།། ཅིའི་ཕྱིར་ཞེ་ན། སྡུག་བསྔལ་མང་པོ་དག་གཞོམ་ཕྱིར་ཞེས་ཏེ། བདག་དང་སེམས་ཅན ་ཐམས་ཅད་ཀྱི་ཡུན་རིང་པོའི་སྡུག་བསྔལ་ཐམས་ཅད་ཞི་བར་བྱེད་པོའི་ཕྱི་རཱ་རོ་ཞེས་པའི་དོན་ཏོ།། བློ་དང་ལྡན་པས་འོདི་ལྟར་རེ་ཞིག་ཁས་བླངས་པར་རིགས་ཏེ་འདིར་རིགས་པ་ཡོན་ཡང་དགའ་བའི་ལས་ལ་བཅོམ ་ལྡན་འདས་ཀྱིས་ལས་དང་པོ་པཡིན་རྡོ་རྗེ་སུ་གནང་བ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གསོ་སྤྱང་ཅེས་པ་སོགས་པ་གསུངས་ཏེ། གསོ་སྤྱང་འོས་པ་འདི་འདྲ་བརྗོད་མ་ཐག་པའི་སྡུག་བསྔལ་སྐྱེད་པར་བྱེད་པ་རྣམས་ཡིན། ་ཡིན་ལ། བྲོས་པ་ཡིན་ན་ཡང་ནི་བསྟེན་པར་བྱ་བ་ཡིན་ན་ཡང་ངོ་།། སྨན་པའི་མཆོག་ནི་བཅོམ་ལྡན་འདས་ཏེ་ནང་ཐམས་ཅད་འཆོས་པར་མཛད་པས་རྣམ་པ་ཐམས་ཅད་དུ་དང་པོར་གྲ་ནང་བ་མ ་ཡིན་ལ། ལས་དང་པོ་པས་བྱ་བ་མ་ཡིན་པ་ཉིད་དུ་བསྟན་ཏོ།། བོ་ན་དྷཱ་ལྟར་འདོད་ཆགས་ལ་སོགས་པའི་ནད་སེལ་བྱར་བྱེད་ཅེ་ན། ཉེ་བར་སྤྱོད་པ་འཇམ་པོས་ཤེས་པ་ལ་སོགས་པ་གསུངས་ཏེ། ཉེ་བར་སྤྱོད་པ་ཤིན་ཏུ་འཇམ ་པོའི་རིམ་བྱས་ཏེ་ཇི་ལྟར་བཟོད་པར་གསོ་སྤྱད་གསུངས་པས་ཤེས་པའི་དོན་ཏོ།། གསོ་བྱར་མཛད་པ་ནི་ནང་ལས་གྲོལ་པོར་མཛད་པའོ།། ནད་པ་ཆེན་པོ་ནི་ཡུན་རིང་པོའི་ནང་པ་སྟེ། འདོད་ཆགས་ལ་སོགས་པོའི་ནད་ཆེན་པོ་གཟུང ་བ་རྣམས་སོ།། ཡང་ཅི་ལྟར་ཉེ་བར་སྤྱོད་པ་འཇམ་པོ་ཡིན་ཞེ་ན། ཚོད་དམ་ཞེས་པ་ལ་སོགས་པ་གསུངས་ཏེ། སེར་སྣའི་དྲི་མ་སྤང་བའི་ཕྱིར་དང་བདེ་ཞིང་བདེ་བའི་ཚོགས་སྤེལ་བའི་དོན་དུ་ཡོངས་སུ་གསོ་བར་ནུས་པའི་སྔོ་རྔང ་དདུང་ཕྱེ་ཟན་གྱི་ཆང་བུ་ཙམ་སྦྱིན་པ་ལ་ཐོག་མ་ཁོ་ནར་འདྲེན་པས་ཏེ་བཅོམ་ལྡན་འདས་ཀྱིས་སྦྱོར་བར་མཛད་དེ། ཡང་ཐབས་ཀྱི་ཁྱད་པར་གྱིས་སྦྱོར་བ་མཛད་དོ།། དེ་ལ་ཞེས་པ་ནི་འཇིག་རྟེན་པའི་བརྗོད་པ་ཡིན་ལ། གང ་དེ་ལྷོར་ན་སྦྱིན་པ་ཆུང་ངུ་ལ་སོགས་པ་སྟེར་བ་ལ་གོམས་པའི་རིམ་པས་སྦྱིན་པ་ཆེན་པོའི་ཆེན་པོ་ལ་གོམས་པ་ཕུལ་དུ་ཕྱིན་པར་གྱུར་པ་ན་ཕྱི་ནས་ནི་དུས་ཕྱི་ནས་དཀའ་བ་མེད་པ་ཉིད་དུ་རང་གི་ཤ་དང་ཁྲག་ལ་སོགས་པ་ཡང་དང་བས ་སྟེར་བར་བྱེད་དོ།། ཡང་འདི་ཅིའི་ཕྱིར་ཞེས་དགོངས་ནས། གང་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་དུས་ན་སྦྱིན་པ་ལ་སོགས་པ་ལ་མཆོག་ཏུ་གོམས་པ་ཕུལ་དུ་ཕྱིན་པར་གྱུར་པ་ལས་སེར་སྣ་རྣམ་པ་ཐམས ་ཅད་དུ་བྲལ་བས་རང་གི་ཤ་ལ་ཡང་སྔོ་རྔད་ལྟ་བུའི་ཞེན་པ་མེད་པའི་བློ་སྐྱེ་བར་འགྱུར་ལ། དེའི་ཚྭ་རང་གི་ཤ་ལ་སོགས་པོ་གཏོང་བ་ཡང་ཉམས་སུ་ལེན་པར་མི་ནུས་པ་མ་ཡིན་པའི་ཕྱིར་དེའི་དུས་ན་དཀའ་བ་ཅི་ཞིག་ཡོད ་དེ་ཅུང་ཟོད་ཀྱང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། འོ་ན་དེ་ལྟར་གྱུར་ན་ཡང་དུས་ཡུན་རང་པོར་གཞན་གྱི་དོན་དུ་འཁོར་བ་ཇི་སྲིད་ཀྱི་སྡུག་བསྔལ་ཅི་དང་འདྲེ་བར་སྤང་ནུས་ཞེས་ན། སྡིག་པ་ཞོས་པ་ལ་སོགས་པ་གསུངས་ཏེ།། ་སྡུག་བསྔལ་གྱི་གནོད་པ་རྣམས་པ་གཉིས་ཁོ་ན་སྐྱེད་པར་བྱེད་དེ། ལུས་ལས་བྱུང་བ་དང་ཡིད་ལས་བྱུང་བའོ།། དེ་ལ་གཉིས་པོ་འདི་ཡང་བྱང་ཆུབ་སེམས་དཔའ་ལ་སྲིད་པ་མ་ཡིན་ཏེ། ལུས་དང་ངག་དང་ཡིད་རྣམས་ཀྱིས ་ཁ་ན་མ་ཐོ་བ་ཐམས་ཅད་སྤང་བའི་ཕྱིར་ལུས་ཀྱི་སྡུག་བསྔལ་འདི་ལ་སྐྱེ་བ་མ་ཡིན་ནོ།། ལུང་དང་རིགས་པ་དག་གིས་བདག་མེད་པ་གཉི་ག་གཽཏན་ལ་ཕབ་པའི་ཕྱིར་ཡིད་ཀྱི་ཡང་ཇི་ལྟར་སྲིད་པ་ཡིན། འདི་ལྟར་ལོག ་པར་རྟོག་པ་དང་ཞེས་པ་ནི་གང་བདེན་པ་མ་ཡིན་པའི་རྣམ་པར་རྟོག་པ་དེས་བདག་དང་བདག་གིར་འཛིན་པ་འཇུག་པ་དང་། དངོས་པོ་ལ་མངོན་པར་ཞེན་པར་བྱས་པས་སེམ་ཅན་སྡུག་བསྔལ་བ་དང་སྡིག་པ་སྟེ་སྲོག་གཅོད ་པ་ལ་སོགས་པའི་ལུས་སྡུག་བསྔལ་བ་ཡིན་ནོ།། དེ་ལྟར་རེ་ཞིག་སྡུག་བསྔལ་གྱི་རྒྱུ་སྤངས་པའི་ཕྱིར་འདི་ལ་སྡུག་བསྔལ་སྐྱེ་བ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ།། ད་ནི་འདི་ལ་བདེ་བ་ཁོ་ན ་ཡིན་ནོ་ཞེས་བསྟན་པའི་བསོད་ནམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ལ་བདེ་བ་སྐྱེས་པའི་ལུས་ནི་བདེ་བ་ཡིན་ལ། བདེ་བ་གང་ལ་ཡོད་པའི་ཡིད་ནི་བདེ་བ་ཡིན་ཏེ། དེ་ལྟར་གཉི་ག་ལ་ཡང་བདེ་བ་དང་ལྡན་པའི་ཕྱིར ་རོ། ཐུགས་རྗེ་དང་ལྡན་པ་གཞན་གྱི་དོན་དུ་འཁོར་བར་འཁོར་བ་ན་སྡུག་བསྔལ་གང་གིས་སྐྱེ་བར་བྱེད་དེ་སྐྱོ་བར་སེམས། ཡང་ན་གང་གིས་སྐྱོ་བར་བྱེད་དེ་སྐྱོ་བའི་རྒྱུ་མེད་པའི་ཕྱིར་གང་གིས་ཀྱང་མ་ཡིན་ནོ་ཞེས་དགོངས ་སོ།། ཇི་ལྟར་ཅིའི་ཕྱིར་རྒྱུ་མེད་པར་འཇིགས་པས་ཕྱིར་ཕྱོགས་པར་བྱེང་། དེ་ལྟར་གྱུར་ན་ཡང་ཡུན་རིང་པོར་བསྟེན་ཅིང་བསྒོམས་པ་མང་དུ་བྱས་པའི་བསོད་ནམས་ཀྱི་ཚོགས་ཆེན་པོས་ཡང་དག་པར་རྫོགས་པའི་བྱུང ་ཆུབ་འཐོབ་ལ་དེ་བློས་རྨོངས་པ་རྣམས་བྱེད་པ་མྱུ་བས་ཉན་ཐོས་ཀྱི་ཐེག་པ་ཉིད་ལ་བརྟེན་པ་བླའོ་ཞེས་དོགས་ནས། འདི་ནི་བྱང་ཆུབ་སེམས་སྟོབས་ཤེས་པ་ལ་སོགས་པ་གསུངས་ཏེ། སྔར་བྱས་པའི་སྡིག་པོ་གང ་ཡིན་པ་དེ་རྣམས་ནི་བྱང་ཆུབ་ཀྱི་སེམས་ཀྱི་སྐྱེ་བས་ཉིད་ཀྱིས་ཟད་པར་བྱེད་དོ།། ཇི་ལྟར་སྔར་ཡང་། གང་གི་དུས་མཐའི་མེ་བཞིན་སྡིག་ཅན་རྣམས།། སྐད་ཅིག་གཅིག་གིས་ངེས་པར་སྲེག་པར་བྱེད་ཤེས་བརྗོད་པ་ལ ་དུའོ།། དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཀྱི་སྟོབས་ཉིད་ཀྱིས་སྡུས་པར་བྱེད་པ་ནི་སྟེར་བར་བྱེད་པ་སྟེ། བསོད་ནམས་ཀྱི་རྒྱ་མཚོ་རྣམས་ཏེ། རྒྱུན་མི་འཆད་པར་བསོད་ནམས་ཤུགས།། ན་མཁའ་མཉམ་པར་རབ་ཏུ་འབྱུང ་ཞེས་གང་བརྗོད་པའོ།། རྣམ་པ་འདི་ལྟ་བུའི་དད་པའི་ཤུགས་ཀྱིས་ཐོག་པ་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཉན་ཐོས་ལ་སོགས་པ་རྣམ་པས་ཀྱང་མྱུར་ཞིང་མགྱོགས་པར་འགྲོའོ།། དེ་ལྟར་ཞེས་པ་ལ་སོ ་བས་བསྟན་པའི་དོན་ཉིད་བསྡུས་ནས་སྟོན་པར་བྱེད་དེ། དེ་ལྟར་ནི་བརྗོད་པའི་རིམ་པ་ཡིན་ལ། ཁོ་ན་མ་ཐོ་བ་སྤངས་པ་དང་སྔར་བྱས་པའི་སྡིག་པ་ཟད་པའི་ཕྱིར་རྨི་ལམ་ན་ཡང་ངན་སོང་དུ་འགྲོ་བ་དང་བྲལ་བའི་ཕྱིར་དང་བས ་པ་ཤིན་ཏུ་དྲུག་པའི་བདེ་བ་དུ་མས་ཉིན་མཚན་དུ་ནམ་མཁའ་ཁྱབ་པའི་བསོད་ནམས་ཀྱི་རྒྱ་མཚོ་མངོན་པར་འཕེལ་བར་བྱ་བའི་ཕྱིར་བདེ་འགྲོ་བརྒྱུད་པས་ལམ་བཟང་པོར་འཇུག་པའི་བྱང་ཆུབ་ཀྱི་སེམས་ཤིང་རྟ་དང་འདྲ ་བ་བསྐྱེད་ཅིང་ཞོན་ནས་ཤེས་པའི་དོན་ཏོ།། ཅི་ལྟ་བུར་གྱུར་པ་ཞེ་ན། སྨྱོ་བྱས་ནི་ཡོངས་སུ་ཉོན་མོངས་པ་སྟེ། ང་ལོ་བ་ནི་དུབ་པའོ།། དེ་སེལ་བ་ནི་རིགས་པ་སྔར་བསྟན་པའི་ཕྱིར་ཚུལ་གྱིས་སྐྱོན་ཀུན་སེལ་བའོ།། ་བདེ་བོ་གཅིག་ལས་གཞན་གོང་ནས་གོང་དུ་ལྷག་ཅིང་ལྷག་པར་ལྷ་དང་མིའི་བདེ་བ་ཕུན་སུམ་ཚོགས་པའི་མཚན་ཉིད་དུ་འགྲོ་སྟེ་ཐོབ་པར་གྱུར་ནའོ།། རྟོག་པ་དང་ལྡན་པ་རྣམས་སྦྱང་ལུག་པོར་འགྱུར་བ་ཅི་ལྟར ་སྲིད། དེའི་ཕྱིར་དེ་ལྟར་ན་རྣམ་པ་དུ་མས་སྒྱིད་ལུག་པའི་རྒྱུ་མཚན་བཀླག་པས་སྒྱིད་ལུག་པ་མེད་པ་ཉིད་དུ་བསྟན་ནས། དཔུང་གི་ཚོགས་བསྟན་པའི་ཕྱིར། སེམས་ཅན་དོན་ནཱི་ཞེས་པ་ལ་སོགས་པ ་གསུངས་ཏེ། འདིར་ཡང་མདོར་བསྟན་པའི་དྲེག་ཉིད་ཡིན་ནོ།། འདུན་བཻ་ནེ་འདིརི་དགེ་བའི་དོད་པ་ཡིན་ལོ། བཱརྟན་པ་ནི་བརྩམས་པ་ལ་བརྟན་པ་ཡིན་ཞིང་། དགའ་བ་ནི་དམ་པའི་ལུས་ལ་ཞེན་པ་ཡིན་ཏེ། གཏོང་བ་ནི་མི ་ནུས་པ་ན་དུས་ཅུང་ཟད་ཅིག་འཇིག་པའོ།། འདི་ནི་དཔུང་གི་ཚོགས་བཞི་ཡིན་ཏེ། ཆ་ཤས་དུ་མས་བསྡུས་པའི་བདག་ཉིད་ཡིན་པའི་ཕྱིར་གླང་པོ་ཆེ་ལ་སོགས་པའི་དཔུང་བཞིན་ནོ།། སེམས་ཅན་དྲོན་གྲུབ་ཕྱིར་ཞེས ་པ་ལ། འདི་བརྩོན་འགྲུས་རྒྱུ་ཡིན་པའི་ཕྱིར་ལ། བརྩོན་འགྲུས་ཀྱང་མངོན་པར་འདོད་པ་ཐམས་ཅང་གྲུབ་པར་བྱང་བའི་ཕྱིར་རོ་ཞེས་པའི་དོན་ཏོ།། དེ་ལ་སྟོབས་ཀྱི་ཚོགས་ནི་བྱེད་པ་མང་བའི་ཕྱིར་འདུན་པ་ཞེས ་པ་ལ་སོགས་པས་བསྐྱེད་པའི་རྒྱུ་གསུངས་ཏེ། སྡུག་བསྔལ་འཛེགས་པས་ཞེས་པ་ནི་མི་དགེ་བའི་ལས་ལས་སྡུག་བསྔལ་འབྱུང་བས་འཇིགས་པ་ལས་འདུན་པ་བསྐྱེད་དོ།། དེའི་ཕན་ཡོན་བསམ་པས་ཤེས་ཏེ། ཕན ་ཡོན་ནི་འབྲས་བུའི་སྒོ་ནས་ཡོན་ཏན་གྱི་ཁྱད་པར་ཡིན་ཏེ་དེ་ཡང་ཤུགས་ཀྱི་ལས་དགེ་བ་ཉིད་དོ།། དེ་བསྒོམ་པ་ནི་དགེ་བའི་ལས་རྣམས་དུ་མའི་སྒོ་ནས་འབྲས་བུ་བཟང་པོ་འབྱིན་པར་ཡང་ནས་ཡང་དུ་བསམ་པས ་ཞེས་པའི་དོན་ཏོ།། ད་ནི་དཔུང་གི་ཚོགས་ཀྱི་བྱ་བ་བསྟན་པའི་ཕྱིར། དེ་ལྟར་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལྟར་ནི་བརྗོད་པའི་རྒྱུན་གྱི་རིགས་པས་སོ།། མྱི་མཐུན་པའི་ཕྱོགས་ནི་ལེ་ལོ་ལ་སོགས་པའོ།། སྤངས ་པ་ནི་གཉེན་པོ་བསྒོམས་པའི་ཆོ་གས་སེལ་བ་སྟེ་བརྩོན་འགྲུས་སྦྲེལ་བའི་ཕྱིར་སྟོབས་བསྐྱེད་པར་བྱའོ།། ཐབས་གང་གིས་ཤེ་ནཱ། འདུན་དང་ཞེས་པ་ལྔ་སོགས་པ་སྨོས་ཏེ། ང་རྒྱལ་ནི་སེམས་མཐོན་པོ་ཡིན ་ལ་འདི་ནི་བརྟན་པའི་དཔུང་འཕེལ་བར་བྱེད་པའི་མ་བརྟན་པའི་སྟོབས་ཉིད་ཡིན་ཏེ། འདི་རྣམས་ཀྱི་སྟོབས་ཀྱིས་ནི་མཐུ་རྣམས་ཀྱིས་སོ།། འདིར་ནུས་པའི་རྣམ་གྲངས་ནི་སྟོབས་ཀྱི་སྒྲ་ཡིན་ནོ།། དེ་ལ་རེ་ཞིག་འདུན ་པ་བསྐྱེད་པ་དང་པོར། བདག་དང་གཞོན་གྱི་ཞེས་པ་ལ་སོགས་པ་གསུངས་ཏེ། སེམས་ཅན་ཐམས་ཅད་ལ་ཕན་བཏགས་པས་བདག་ཉིད་ཀྱི་ཡེང་ཉོན་མོངས་པ་ཐམས་ཅད་སྤང་བའི་ཆེད་དང་། ཡོན་ཏན ་མ་ལུས་པ་བསྐྱེད་པའི་དོན་དུ་བདག་གིས་བྱང་ཆུབ་ཀྱི་སེམས་བསྐྱེད་ལ་དེ་ཡང་བྱ་བ་ཞན་པས་བསྒྲུབ་པར་བྱ་བ་མ་ཡིན་ནོ་ཞེས་གོ་བར་བྱས་ནས་ཀྱང་གལ་ཏེ་བརྩོན་འགྲུས་བརྩམས་པ་ཡིན་པ་ཡི་བརྩོམས་པ་ཞན ་པར་གནས་པ་ཡིན་ལ། དེའི་ཚེ་ངན་སོང་དུ་ལྷུང་བ་ལས་གཞན་གནས་པ་ཡིན་ལ། དེའི་ཚེ་ངན་སོང་དུ་ལྷུང་བ་ལས་གཞན་རྟེན་ཡོད་པོ་མ་ཡིན་པར་བདག་གིས་བསམས་ནས་སྐྱོ་བ་མངོན་དུ་བྱ་སྟེ། འདུན་པ ་བསྐྱོད་པར་བྱའོ་ཞེས་པ་ནི་བསྡུས་པའི་དོན་ཏོ།། ཡན་ལག་གི་དོན་བརྗོད་པར་བྱ་སྟེ། དཔག་ཏུ་མེད་པ་ནི་ཚད་དུ་བྱ་བར་མི་ནུས་སོ།། ཉེས་པ་ནི་ལུས་དང་སེམས་ལ་བརྟེན་པའོ།། གཞོམ ་པར་བྱ་བ་ནི་སྤང་བར་བྱ་བའོ།། བདག་དང་གཞན་ནི་རང་གི་བདག་ཉིད་དང་། གཞན་གྱི་བདག་ཉིད་དོ།། རེ་རྀ་ལཾ་ཞེས་པ་ནི་རེ་ཞིག་མང་པོ་རྣམས་བཞག་སྟེ། མང་དུ་ནི་དེ་རྣམས་ལའོ།། བསྐལ་པ་རྒྱ་མཚོ་སྟེ། ་བསྐུལ་པ་བརྒྱ་སྟོང་དུ་མས་སོ།། ཟད་པ་ནི་སྤོང་བར་བྱེད་པས་སོ།། དེ་ལ་ནི་དེ་རྣམས་ལའོ།། ཉེས་ཟང་རྩོམ་པ་ནི་ཉེས་པ་སློང་བ་ལ་སྤྲོ་བའོ།། ཅུང་ཟད་ཙམ་ནི་ཆ་ཙམ་ཡང་ངོ་།། བདག་ལ་མ་མཐོང་བ་ནི་སྣང་བའོ།། ། ་དེའི་ཕྱིར་སྡུག་བསྔལ་དཔག་ཏུ་མེད་པའི་བརྟེན་ཏེ། སྡུག་བསྔལ་ཚད་མེད་པའི་སྣོད་ཡིན་ནོ།། བདག་གི་སྙིང་མི་འགས་པ་ནི་ཅིའི་ཕྱིར་རལ་བར་མ་གྱུར་པ་སྟེ། རྣམ་པ་གང་གིས་སོ།། བདག་དང་གཞན་གྱི་ཞེས་པ་ལ ་སོགས་པ་ནི་གོ་སླའོ།། དོན་མེད་པ་ནི་འབྲས་བུ་མེད་པ་ཉིད་དེ། བདག་གི་སྐྱེ་བ་ནི་མི་ཁོམ་པ་བརྒྱད་ལས་གྲོལ་བ་ཡིན་ལ་ཁྱེ་པ་ནི་བསྐལ་པས་ཏེ་རྒྱབ་ཏུ་བྱས་ཞེས་པའི་ཐ་ཚིག་གོ། བརྒྱ་ལ་ན་ཐོབ་པ་ནི་རྒྱ་མཚོ ་ཆེར་གཡེངས་གཉའ་ཤིང་གི། བུ་གར་རུ་སྦལ་མགྲིན་ཆུད་ལྟར། ཡུན་རིངོ་པོས་ཐོབ་པ་ཡིན་ནོ།། དེ་ཉིད་ཀྱི་ཕྱིར་ངོ་མཚར་བའི་གནས་ཡིན་པས་རྨོད་དུ་བྱུང་བའོ།། འདིའི་ཕྱིར་ཡང་ཉམས་པ་ཡིན་ནོ་ཞེས། བདག ་གིས་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་རྣམས་ལ་བསྙེན་བཀུར་བྱས་པས་དགའ་སྟོན་ཆེན་པོ་སྟེ་ཤིན་ཏུ་མངོན་པར་དགའ་བ་དང་ལྡན་པ་ཡིན་ཞིང་། དེས་བདེ་བ་ནི་ཡིད་བདེ་བ་ཡིན་ལ། མ་ཐོབ་པ་ནི ་བདག་གིས་མ་རྟོགས་པའོ།། བསྟན་པ་ནི་སྐུ་གཟུགས་དང་མཆོད་རྟེན་དང་། དམ་པའི་ཆོས་ལ་སོགས་པ་ལ་བཀུར་སྟི་དང་། ལྷ་ཁང་དང་ཀུན་དགའ་ར་བ་དང་། གཟིམས་ཆ་ལ་སོགས་པའི་དངོས་པོ་དབུལ་བ་བྱ་བ་སྟེ། ་མཆོད་པ་ཡང་མ་བྱས་སོ།། དབུལ་པོ་རྣམས་ནི་ནཱར་ཞན་པ་རྣམས་ཡིན་ལ། བསམ་པ་འདི་འདོད་པ་ཡིན་ཏེ། ཉེ་བར་མཁོ་བོའི་སྒོ་ནས་རྫོགས་པར་མ་བྱས་པའོ།། འཇིགས་ལ་ནི་དགྲ་ལ་སོགས་པའི་འཇིགས་པའི ་འཁྲུག་པ་རྣམས་ལོ་མ་འཇིགས་ཤིག་ཅེས་མི་འཇིགས་པ་མ་ཡིན་པའོ།། ཉམ་ཐག་ནི་ལུས་དང་ཡིད་ཀྱི་སྡུག་བསྔལ་གྱིས་གདུངས་པ་ཡིན་ལ། དེ་བསོལ་ནས་བདེ་བར་བྱས་པ་ཡང་མ་ཡིན་ནོ།། སྐྱེས་བུ་དམ་པའི་ཆོས ་འོདི་དག་ཐམས་ཅད་དང་བྲལ་བའི་ཕྱིར། བདག་མའི་མངལ་གྱི་ཞེས་པ་ལ་སོགས་པ་གསུངས་ཏེ་གོ་སླའོ།། ཁྱེད་རྣམས་ཀྱི་གནས་སྐབས་ངན་པ་འདི་ཡང་ཅིའི་ཕྱིར་ཐོབ་ཅེ་ན། ཆོས་ལ་འདུན་དངངོ་ཞེས་པ་ལ་སོགས ་པ་གསུངས་ཏེ། ཆོས་ལ་འདུན་པ་དང་བྲལ་བའི་སྔར་གྱི་སྐྱེ་བར་བསགས་པ་ཉིད་ཀྱི་བདག་ལ་ད་ལྟའི་སྐྱེ་བ་འདི་ལ་ཡང་རྒུད་པ་འདི་འདྲ་བ་འབྱུང་བར་གྱུར་ཏེ་ནུས་པ་ཐམས་ཅད་དང་བྲལ་བའི་རང་བཞིན་སྔར་བརྗོད་པ ་རྣམས་ཐོབ་པར་གྱུར་པར་འདི་ལྟར་ཤེས་པར་བྱས་ནས་སུ་ཞིག་ཆོས་ལ་འདུན་པ་གཏོང་བར་བྱེད་དེ་ཡོངས་སུ་གཏོང་བར་བྱེད་ཅིང་མཁས་པས་ཅིའི་ཕྱིར་ལེན་པར་མི་བྱེད་ཅེས་པའི་ཐ་ཚིག་གོ།། ་ཡང་ཅིའི་ཕྱིར་དག་པ་དོན་དུ་གཉེར་བ་རྣམས་ཀྱིས་འདུན་པ་སྐྱེད་པ་ལ་འབད་པར་བྱེད་ཅེས་དགོངས་ནས། གང་འདུན་པ་སྡུག་བསྔལ་འཇིགས་པས་བསྐྱེད་ཅེས་པ་ལ་སོགས་པ་གསུངས་པ་དེ་བསལ་བར་བྱ་བ་འདོད ་ནས་དགེ་བོའི་ཕྱོགས་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། རྒུད་པ་བསལ་བ་འབའི་ཞིག་གི་དོན་དུ་ནི་མ་ཡིན་ཏེ། དཀར་པོའི་ཆོས་བསྔགས་པའི་དོན་དུ་ཡང་འདུན་པ་བསྐྱེད་པ་ལ་འབྱེ་བྱར་བྱའོ་ཞེས་པ་ནི་འོང་གི་སྒྲའི ་དོན་ཏེ། ཐམས་ཅད་ཀྱི་ཞེས་པ་ནི་འགའ་ཞིག་མ་ཡིན་པའོ།། རྩ་བ་བདུན་པ་ནི་རྒྱུ་ཡིན་པར་བཅོམ་ལྡན་འདས་ཀྱིས་གསུངས་ཏེ་རང་གིས་བརྟགས་ནས་བརྗོད་པ་ནི་མཾ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། དེའི་ཡ་ནི་འདུན་པའི ་སྙིང་ངོ་།། རྩ་བརྟག་ཏུ་ནི་དུས་ཐམས་ཅད་ངུའོ།། ནམ་སྦྱིན་འབྲས་བུ་བསྒོམས་པས་ནཱི་དགེ་བང་མི་དགེ་པའི་གྷྲིནྡྷར་སྨིན་པའི་འབྲས་བུ་འཇིག་རྟེན་ཕ་རོལ་ཏུ་འདོད་པ་དང་མི་འཛིད་པའི་ཐོབ་པའི་མཚན་ཉིད་ཡོན་ལ། དེ་བསྒྲེ ་པ་ནི་ཡང་ནས་ཡང་དུ་མངོན་དུ་བྱེད་པའོ།། དེ་ལ་ལས་མི་དགེ་པའི་རྣམ་པར་སྨིན་པའི་འབྲས་བུ་བསྟན་པའི་ཕྱིར། སྡུག་བསྔལ་ཞེས་པ་ལ་སོགས་པ་གསུངས་ཏེ། ལུས་དང་ངག་དང་ཡིད་ཇི་སྲིད་པ་རྣམས་ཀྱིས་དམྱལ ་བ་ལ་སོགས་པའི་སྡུག་བསྔལ་སྣ་ཚོགས་རྣམ་པ་དུ་མའི་འཇིགས་པ་འདི་ལྟར་བཅིང་ཞིང་འཁྱག་པ་དང་བརྡེག་པ་ལ་སོགས་པ་རྣམས་དང་། ཡིད་ཀྱིས་ཚོལ་བའི་རྙེད་པའ་བར་ཆད་འདོད་པའི་གེགས་བྱེད་པ་ཡང་སྡིག་པ་བྱེད ་པ་རྣམས་ཉིད་ལས་སྐྱེད་ཅིང་འབྱུང་བར་འགྱུར་རོ།། ལེགས་སྤྱད་ཀྱི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་བསྟན་པའི་ཕྱིར། ཡིད་ལ་བསམ་པའི་ཞེས་པ་ལ་སོགས་པ་གསུངས་ཏེ། འདོད་པ་ལ་སྨོན་པའི་རྣམ་པར་རྟོག་པོ ་ནི་ཡིད་ལ་བསམ་པ་ཡིན་ལ། གང་འཇིག་རྟེན་ན་ཡིད་ཀྱི་རྒྱལ་སྲིད་ཅེས་རབ་ཏུ་གྲགས་པ་བཞིན་ནོ།། དགེ་བ་བྱས་པ་ནི་བསོད་ནམས་བྱས་པ་ཡིན་ལ། གང་དང་གང་དུ་ཞེས་པ་ནི་ཟློས་པ་ཡིན་ཏེ། འགའ་ཞིག་ཁོ་ནར་མ་ཡིན་ནོ།། ། ་འགྲོ་བ་ནི་བསྐྱོད་པའོ།། འབྲས་བུ་རིན་གྱིས་ཤེས་པ་ནི་མངོན་པར་འདོད་པའི་འབྲས་བུ་སྟོན་པར་བྱེད་པ་ཉིད་རིན་བཞིན་དུ་རིན་ཏེ། དེས་མཆོད་པ་ཡིན་ནོ།། ཡང་མི་དགེ་བའི་འབྲས་བུ་བསྟན་པའི་ཕྱིར། སྡིག་པ་ཞེས་པ་ལྔ ་སོགས་པ་གསུངས་ཏེ། བདེ་བ་འདོད་པ་ནི་བདེ་བ་དོན་གཉེར་བའོ།། སྡུག་བསྔལ་མཚོན་གྱིས་ཞེས་པ་ནི་བྱེད་པས་ཏེ། སྡུག་བསྔལ་ཉིད་མཚོན་དུ་དེའི་འདོད་པ་གཅོད་པར་བྱེད་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ།། སོ་སོའི ་སྐྱེ་བོ་དང་ཐུན་མོང་མ་ཡིན་པའི་དག་པའི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ཐུན་མོང་མ་ཡིན་པ། རྒྱ་ཆེ་ཞེས་པ་ལ་སོགས་པ་གསུངས་ཏེ། རབ་ཏུ་དགའ་བའི་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་མི་འདོད་བཞིན་དུ ་མའི་མངལ་དུ་སྐྱེ་བ་མ་ཡཱན་ཏེ། འོན་ཀྱང་བདེ་བ་ཅན་དུ་སྣ་ཚོགས་པའི་འདབ་མ་ཅན་གྱི་པདྨའི་ནང་དུ་སྐྱེ་བར་འགྱུར་རོ།། དེ་རྣམས་ཀྱི་བདེ་བའི་འབྱོར་པ་དུ་མ་སྟོན་པར་བྱེད་དེ་རྒྱ་ཆེ་བྱ་ན ་ཤིན་ཏུ་སྤངས་པ་ཡིན་ལ། དྲི་ཞིམ་པ་ནི་ཡིད་དུ་འོང་བའི་དྲི་ཡིན་ཏེ། བསིལ་བ་ནི་བདེ་བའི་རེག་བྱ་ཡིན་ཞིང་། དེ་རྣམས་ཀྱང་པདྨ་སྟི་འོད་མ་སྐྱེས་ཡིན་ནོ།། དེ་དག་གི་སྙིང་པོ་ནཱི་ཡང་པདྨོའི་སྙིང་པོའི་བྱེ་བྲག་ཡིན་ནོ།། ་དེ་རྣམས་ལ་གནས་པ་ནི་བཞུགས་པ་ཡིན་ལ། ཤེས་རབ་དང་ཐབས་དང་སྙིང་རྗེ་ཆེན་པོ་ལས་བྱུང་བའི་བསོད་ནམས་དང་། ཡེ་ཤེས་ཀྱི་ཡན་ལག་བསྡུས་པ་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་བདེ་གཤེགས ་ཀྱི་སྲས་སུ་དགེ་བས་འགྱུར་རོ་ཞེས་འབྲེལ་ཏོ།། པདྨའི་སྙིང་པོ་རྣམས་སུ་ཡང་ཎྜཱི་ལྟར་རྒྱུས་པར་འགྱུར་ཞེ་ན། རྒྱལ་བའི་གསུང་སྙན་ཞེས་པ་ལ་སོགས་པ་གསུངས་ཏེ། སྙན་པ་ནི་དབྱངས་ཀྱི་ཡན་ལག་ཐམས ་ཅད་དང་ལྡན་པས་མཆོག་ཏུ་ཡིད་བདེ་བར་བྱེད་པ་རྣམས་ཀྱིསོ།། རྫོགས་པའི་སངས་རྒྱས་ཀྱི་ཆོས་དབྱིངས་ཀྱི་ཟོས་ཏེ། ཞལྔ་ཟས་ཀྱིས་མདངས་འཕེལ་བར་བྱས་པའི་ལུས་གང་ལ་ཡིད་པ་དེ་ལྟ་དེ་སྐད་ཅེས་བྱའོ།། ་དེ་ཅི་ལྟར་སྐྱེ་ཞེ་ན། ཐུབ་འོད་ཅེས་པ་ལ་སོགས་པ་གསུངས་ཏེ། ཡོངས་སུ་སྨིན་པའི་དུས་སུ་མཁྱེན་ནས་ཐུབ་འོང་དེ་བཞིན་གཤེགས་པའི་འོད་ཟེར་རྣམས་ཀྱི་རྒྱས་ཤིང་ཁ་ཕྱེ་བར་བྱས་པ་ཡང་ཡིན་ལ་དེ་ནི་པདྨོའང ་ཡིན་ནོ་ཞེས་པའི་དོན་ཏེ། དེ་ལས་བྱུང་བ་ནི་སྐྱེས་པ་ཡིན་ལ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་ལུས་གང་ལ་སོང་པ་དེ་ལ་དེ་སྐད་ཅེས་བྱའོ།། དེ་ལྟ་བུར་གྱུར་པའི་བདེ་གཤེགས་ཀྱི་སྲས་བྱང་ཆུབ་སེམས་དཔའི་རྒྱུད་དུ ་སྟེ། བདེ་གཤེགས་སྤྱན་སྔར་བ་བྱ་ཅན་དུ་བཅོམ་ལྡན་འདས་འོད་དཔག་མེད་ཀྱི་སྤྱན་སྔར་གཅིག་ཏུ་དཀར་བའི་དགེ་བའི་ལས་རྣམས་ཀྱིས་འབྱུང་ཞིང་སྐྱེ་བར་འགྱུར་རོ།། དེ་ལྟར་འདི་ནི་མའི་མངལ་དུ་སྐྱེ་བར་འགྱུར ་བ་རྣམས་ལ་ཁྱད་པར་འདི་ལས་བཟློག་པའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ་ཞེས་བསྟན་པར་འགྱུར་ཏེ། འདི་ལྟར་ཡང་དེ་ན་དོག་པ་དང་དྲི་ང་པོ་དང་། ཕོ་བའི་མེ་དྲོད་ཀྱིས་ཚ་བ་དང་། ཕ་དང་མོའི་མི་གཅོང་བ ་ནུར་ནུར་པོ་ལས་ཡང་དག་པར་བྱུང་ཞིང་སྐྱེས་པ་དང་། མཱ་ཡིས་ཟོས་པ་དང་འཐུངས་པ་སྐྱུགས་པ་དང་འདྲ་བས་བསྐྱེད་པ་དང་། མངལ་གྱི་དྲི་མས་གོས་པཱ་དང་། ཡོངས་སུ་སྨིན་པའི་དུས་ན་བརྒྱ་ལ་ཕྲོག་མགྲིན ་པར་ཕྱིན་པཱ་དང་། བཅུར་ལ་མནན་པ་བཞིན་དུ་བཙའ་བའི་དུས་ནཱ་ཡང་ཡིན་ཏེ་ཕལ་ཆེར་མིརཱ་སྐྱེས་པའི་འདྲེན་མིའོ་ལས་ཀྱི་རྣམ་པར་སྨིན་པ་བཤད་པ་ཡིན་ནོ།། གཅིག་ཏུ་གནག་པའི་ལས་ཀྱི་རྣམ་པར་སྨིན་པ ་གཤོན་རྗེའི་སྐྱེས་བུ་ཞེས་པ་ལ་སོགས་པ་གསུངས་ཏེ། གཽ་ཤིན་རྗེའི་སྐྱེས་བུ་ཞེས་པ་ནི་དུས་ཀྱི་ཕོ་ཉ་བས་ཏེ་བཤུས་པ་ནི་འབར་བའི་ཐོ་བ་ལ་སོགས་པའི་མཚོན་རྣམས་ཀྱིས་རྣམ་པར་ཕྲལ་བའོ།། མ་ལུས་པ ་ནི་མཐའ་དག་ཡིནྡྲ་ལ་པགས་པ་ནི་ཤཱནཱ་ལྤགས་སམ་ནུས་པ་སྟེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། རབ་ཏུ་ཉམ་ཐག་པར་གྱུར་པ་ན་ཤིན་ཏུ་འབར་བའི་ལྕགས་ཀྱི་ས་གཞིར་ལྒང་།། སྐུར་ཡང ་ཅི་ལྟ་བུར་གྱུར་པ་ཞེ་ན། རབ་ཏུ་ཚ་བའི་མེ་ཡིས་ཞུ་བར་གྱུར་པའི་ཟངས་གང་ཡིན་དེས་ལུས་རྣམས་ལ་བླུགས་པ་སྟེ་བཀྲུས་པའོ།། དེ་ནས་ཡང་པགས་པ་མ་ལུས་པར་བཤུས་པ་ལ་འབར་བའི་རཾ་ལ་གྲི་རྣམས་དང་། ་མདུང་ཐུང་སྟེ་མཚོན་ཆའི་ཁྱད་པར་རྣམས་ཀྱིས་དེ་རྣམས་ལ་བསྣུན་པ་ཡིན་ཏེ་རྣམ་པ་དུ་མའི་མཚོན་གྱིས་སྒོ།། ལྷགས་ཤིང་ནི་རྣམ་པར་བཅད་པ་དགྲ་ཡིན་ཏེ་ཤའི་དུམ་བུ་ནི་མཐའ་དག་ཡིན་ལ་གང་གི་དེ་ལྟར ་གྱུར་པ་ནི་ཤིན་ཏུ་འབར་བའི་རང་བཞིན་གྱིས་གཞི་རྣམས་སུ་ལྷུང་བར་འགྱུར་བའོ།། མི་དགེ་བ་ནི་དགེ་པ་མ་ཡིན་པའི་ལས་རྣམས་ཀྱིས་སྷོ།། མང་པོས་ཞེས་པ་ནི་ལན་མང་པར་ཡིན་ཏེ། དུས་རྙིང་པོ་དེའི་འབྲས་བུ ་ཟིང་པའི་ཕྱིར་རོ།། དེ་ལྟར་དགེ་བ་དང་མི་དགེ་བྲའི་ལས་དེའི་རྣམ་པར་སྦྱིན་པའི་འབྲས་བུ་བསྠཱནྡྷ་ནས། འདུན་པའི་སྟོབས་ཉེ་བར་བསྒོ་བའི་ཕྱིར་དེ་བས་ཞེས་པ་ལ་སོགས་པ་གསུངས་ཏེ། ག~ཾ་གི་ཕྱིར་དྲྀ་ཝཱར་དེརྨཱ ་དང་མདོག་པ་ལས་ཀྱི་བྲས་བུ་རྣམ་པར་སྨིན་པ་འཇམ་པ་དང་དུབ་མི་ཡིན་པ་དེའི་ཕྱིར་འདི་སྟེར་ཡོངས་སུ་བསམས་ནས་མི་དག་པའི་ལོས་སྤངས་དགེ་ལ་འདུན་པ་ཉིད་ལ་གུས་པར་བྱའོ།། དོན་བརྟན་པའོ། ་བསྟན་པར་བཞེད་ནོས་རྡོ་རྗེ་རྒྱལ་མཚན་ཞེས་གསུངས་ཏེ། རྡོ་རྗེ་རྒྱལ་མཚན་གྱི་མདོ་ལས་གསུངས་པའི་ཆོ་གས་ཡང་ང་རྒྱལ་ཏེ་བསྒྲུབ་པར་བྱ་བའི་དོན་བརྩམས་ནས་བསྒོམ་པར་བྱའོ།། ཡང་ན་བརྩམས་ནས་བསྒོམ ་པར་བྱ་ཞེས་པའི་བརྟན་པར་ཡང་དག་པར་བརྣམས་ནས་བསྒོམ་པར་བྱ་སྟེ། སེམས་ལྔ་བརྟན་པར་བྱ་བ་ཡིན་ལ་སྦྱོར་བ་དམན་པས་ནི་མ་ཡིན་ནོ།། རྩོམ་པའི་རིམ་པ་ཉིད་བསླབ་པར་བཞེད་ནས་དང་པོར་ཞེས ་པ་ལ་སོགས་པ་གསུངས་ཏེ། དང་པོར་སྔ་མ་ཉིད་དུ་མངོན་པར་འདོད་པོའི་དེན་བསྒྲུབ་པའི་ཆེད་དུ་འབྱོར་པ་སྟེ་རྒྱུ་མཐོ་ལ། ས། བརྟགས་པ་དྲོའི་སྟོབས་དང་ལྡན་པ་དང་མི་ལྡན་པ་རྣམ་པར་དཔྱང་ནས་སྟོབས་དང ་ལྡན་ན་བརྩམས་པའམ། སྟོབས་དང་མི་ལྡན་ནཱ་བཙེམས་པཱར་མྱི་བྱའོ།། འོད་ལྟར་བརྟགས་པ་ལ་དགོས་པ་ཅི་ཡོད་རྗེན་མ་བརྩམས་པ་ནི་མཆོག་ཡིནྡ་གྱི་ཞེས་གསུངས་ཏེ། མི་ནུས་ན་དང་པོ་ཉིད་དུ་བརྩམ་ས། ་ནས་བཟློག་པར་མི་བྱའོ།། ཅི་སྟེ་འདི་ལྟར་གང་གིས་ཅི་ཞིག་མི་འདོད་ནས་སྟོན་ཅེ་ན། སྐྱེ་བུ་གཞན་དུ་ཡང་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལྟར་བྱེད་པ་ནི་སྐྱེ་བ་གཞན་ལ་དེ་གོམས་པ་སྟེ། བརྩམས་ཤིང་ལྡོག། ་པ་ཞེས་བྱ་བ་ཡིན་ལ། དམ་བཙས་ཤིང་ཡང་མི་བྱེད་པའི་སྡིག་དེ་ལས་སྡུག་བསྔལ་འཕེལ་བར་འགྱུར་རོ།། གཞན་ནི་གང་ཞིག་སྤངས་ནས་དེ་བརྩོམས་པ་ཡིན་ལ་དམན་པ་ནི་ང་ཆུད་ཟོས་པའོ།། འབྲས་བུའི ་དུས་ཀྱང་དམན་པ་ནི་བརྩམས་པ་ཡོངས་སུ་སྤངས་པའི་འབྲས་བུའི་དུས་ཏེ། འདིདྲིའི་འབྲས་བུ་དེའི་དུས་ན་གང་འབྲས་བུ་གཞན་བྱ་བ་དེ་ཆུད་ཟོས་པ་ཞེས་པའི་དོན་ཏོ།། དེ་ཡང་ནི་གང ་བརྩམས་ནུས་ཡོངས་སུ་དོར་བ་དེ་ཡང་མ་བསྒྲུབས་ཏེ་འགྲུབ་པར་མ་བྱས་པའོ།། དེ་ལྟར་ཉེས་པ་རྣམ་པ་ལྔ་ཡིན་ལ་དེས་ན་འདོད་པ་མ་ཡིན་ནོ་ཞེས་དགོངས་པ་ཡིན་ནོ།། འོ་ན་ང་རྒྱལ་འདི་ཐམས་ཅད་དུ་བྱ་བ་མ ་ཡིན་ནམ་ཞེ་ནཱ་གསུམ་པོ་ཞེས་པ་ལ་སོགས་པ་གསུངས་ཏེ། གསུམོ་པོ་གང་དག་ལ་ཞེ་ན། དེ་ནི་ལས་དང་ཉོན་མོངས་ནུས་ཞེས་གསུངས་ཏེ། དེ་ལྔ་ཉེ་བའི་ཉོན་མོངས་པ་ནི་དངོས་པོར་ཕྲིན་ཚེགས་ཀྱི་མིང་ཅན་ཏྲེ། ཁྲོ་བ ་དང་ཁོན་དུ་འཛིན་པ་དང་། འཆབ་པ་དང་། འཚིག་པ་ལ་སོགས་པ་ལྔ་བཅུ་རྩ་བདུན་ནམ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ཉིད་ཉེ་བའི་ཉོན་མོངས་པ་རྣམས་སུ་བརྗོད་དོ།། དེ་ལྔ་ལས་ཀྱི་ང་རྒྱལ ་བཤད་པར་འདོད་ནས། བདག་ཉིད་གཅིག་པུས་ཞེས་པ་ལ་སོགས་པ་གསུངས་ཏེ། གང་ཅུང་ཟད་སེམས་ཅན་རྣམས་ཀྱི་ཁ་ན་མ་ཐོབ་པ་མེད་པའི་ལས་བྱ་བར་གྱུར་པ་དེ་ཐམས་ཅུད་བདག་ཉིད་གཅིག་པུསྷོ། ་བྱ་སྟེ། གཞན་ལ་སྐབས་དབྱེ་བར་མི་བྱའོ།། ཞེས་པའི་དོན་ཏོ།། ཉིད་བསྟན་པའི་ཕྱིར་ཉོན་མོངས་ཞེས་པ་ལ་སོགས་པ་གསུངས་ཏེ། ཉོན་མོངས་པས་དབང་དུ་བྱས་པ་ནི་སྐྱེ་བོའི་ཚོགས་འདི་ཐམས་ཅད་ཡིན ་ཏེ། གང་དུ་ཡང་རང་གི་དོན་བསྒྲུབ་པ་ལ་ནུས་པ་དང་ལྡན་པར་མི་འགྱུར་རོ།། གང་རྣམས་ལ་བདེ་བ་ཐམས་ཅད་བསྐྱེད་པར་བྱ་བའི་ཕྱིར་བདག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། གང་གི་ཕྱིར་དེ་ལྟར་ཡིན་པ ་དེའི་ཕྱིར་སྐྱེ་བོ་འདི་དག་འདི་ལྟ་བུའི་ཁུར་བསྐུར་བ་ལ་བདག་ལ་ནུས་པ་མེད་པ་མ་ཡིན་ནོ།། དེའི་ཕྱིར་བདག་ཉིད་ཀྱིས་འོདི་ཐམས་ཅད་བྱའོ།། དམན་པའི་ལས་ལ་ཡང་ལྡོག་པོར་མི་བྱའོ་ཞེས་པོ་གཞན་དག་དམན ་པཱའི་ལས?་ཞེས་པ་ལ་སྩོགས་པ་གསུངས་ཏེ། དམན་པ་ནི་ཤིནརྀ་ཏུ་སྨད་པ་ཡིན་ཏེ། འཇིག་རྟེན་ནོ་ཁུ་ཨུམ་ལ་སོགས་པའོ།། བདུག་ཀྱང་སེམས་ཅན་ཐམས་ཅད་ཀྱི་བྲན་དུ་གྱུར་ནས་ཡང་འདུག་ཏེ་ཡོད་ཀྱང་ངོ་།། བདག ་གི་བྱ་བ་ཅི་ལྟར་གཞན་གྱིས་བྱེད་དེ་བདག་ཉིད་ཀྱིས་བྱུ་བུར་འོས་སོ་ཞེས་པའི་དོན་ཏོ།། འོ་ན་ལྷས་དེ་བདག་གིས་རྗེས་སུ་མཐུན་པ་ཉིད་དེ་ཞེས་པའི་སེམས་ཁེངས་པ་བཟློག་པར་འདོད་ནས་འདི་ལ་ང་རྒྱལ་གྱིས་ཞེས་པ་ལ་སོགས ་པ་གསུངས་ཏེ། བདག་ཉིད་དེའི་བུ་ཡིན་ལ་ལས་འདི་ནི་ཤིན་ཏུ་དམན་པ་ཡིན་ཏེ་དེ་བདག་གིས་བྱ་བར་རིགས་པ་མ་ཡིན་ནོ་ཞེས་ནས་གལ་ཏེ་ང་རྒྱལ་གྱི་མི་བྱེད་ན་དེའི་ཚེ་བདག་གི་ང་རྒྱལ་བ་རླགཱ་ནུ་བླ་སྟེ། ང་རྒྱལ་ཆེན་པོ ་ཉམས་པར་བྱེད་པ་འདིས་བདག་ལ་ཅི་ཞིག་བྱ། དམན་པའི་ལས་ལ་འཇུག་པར་མི་བྱའོ་ཞེས་པའི་དོན་ཏོ།། དེ་ལྟར་ལས་རྣམས་ལ་ང་རྒྱལ་བཤད་ནས། ཉེ་བའི་ང་རྒྱལ་བཤད་ནས་ཉེ་བའི་ཉོན་མོངས་པ་རྣམས་ང ་རྒྱལ་བསྟུན་པར་འདོད་ནས། སྦྲུལ་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། གལ་ཏེ་ཉེ་བའི་ཉོན་མོངས་པ་རྣམས་ལུ་ང་རྒྱ་ལྔ་བཅོམ་པས་བདག་གི་སེམས་ཞུན་པར་འགྱུར་ཏེ། དེའི་ཚེ་ཕོངས་པ་སྟེ། ་ལྟུང་བས་གནོད་པར་བྱེད་དེ། གནོད་པར་བྱེད་ཅིང་ལྟུང་བ་དང་བཙས་པར་བྱེད་དོ་ཞེས་པའི་དོན་ཏོ།། ཆུང་ངུ་ཡང་ནི་ཉེ་བའི་ཉོན་མོངས་པས་བསྐྱོད་པའི་སྤྱོད་པ་ཞུན་པའོ།། ཅི་ལྟ་བས་ཞེ་ན། ཤི་བོ་སྟེ་སྲོག་དོར་བ་ཡིན་ལ། ་དེ་ལྟ་བུའི་སྦྲུལ་རྙེད་པོར་གྱུར་པ་ན་དཔེར་ནོ་ན་མཁའ་ལྡིང་ལྟ་བུར་སྤྱོད་དོ།། ཡང་ཅིའི་ཕྱིར་དེ་ལྟར་ཡིན་ཞེ་ན། ཞུམ་བྱས་ཞེས་པ་ལ་སོགས་པ་གསུངས་ཏོ། སེམས་ཀྱི་སྤངས་མཐོ་བ་བློར་ཏེ་ཞུམ་པར་བྱས་པས་ལུས ་དྲང་སེམས་ཀྱི་ས་འཇུག་པ་དམན་པ་ན་ལེ་ལོས་བཅོམ་པ་དང་། བརྗེད་ངས་པ་ན་ལྟུང་བ་བླ་སྟེ། རྙེད་བླ་ཞིང་འབྱུང་བར་འགྱུར་བ་ཉིད་དེ། ལྟུང་བ་ཆུང་ངུས་ཀྱང་གཞོམ་པར་བྱ་བ་ཡིན་པའི་ཕྱིར་རོ།། མུ་ཞུམ་པ་ནི ་སེམས་དེ་སྐྱེས་པས་སླར་ཡང་སྤྲོ་བ་ཕུན་སུམ་ཚོགས་པ་དང་ལྡན་པར་འགྱུར་ཏེ་སྤྱོད་པ་དང་ལྡན་པ་ནི་དྲན་པ་དང་ཤེས་བཞིན་དག་གིས་ཉེ་བའི་ཉོན་མོངས་པ་ལ་སྐབས་སྟོར་བར་མི་བྱེད་དོ།། ཆེན་པོ་ཡིས་ཀྱང ་ཐུབ་པར་དཀའ་སྟེ་རྒྱལ་བར་མི་འགྱུར་རོ།། དེ་བས་ཞེས་པ་ལ་སོགས་པས་བརྟེན་པའི་སྟོབས་ལ་བརྟེན་པའི་མཇུག་བསྡུ་བ་སྟོན་ཏེ། གང་གི་ཕྱིར་དེ་ལྟར་ཡིན་པ་དེ་བས་ན་སེམོས་ནི་བརྟན་པ་ཡིན་ཏེ། ་རྒྱལ་གྱི་གོ་ཆ་བགོས་པས་སོ།། ལྷུང་བ་ཉིད་ཉམས་པར་བྱས་པ་སྟེ། གཞོམ་པར་བྱའོ།། རྣམ་པ་ཐམས་ཅད་དུ་དེའི་རྗེས་སུ་འཇུག་པ་བཀག་པས་དེའི་རྒྱུད་དྲུངས་དབྱུང་བར་བྱ་སྟེ། གཞན་དུ་ལྟུང་བའི་དབང་དུ ་གྱུར་པས་ཕོངས་པས་འཇོམས་པར་འགྱུར་རོ།། ཁམས་གསུམ་ལས་རྒྱལ་བར་ཙོམ་པུ་ལ་བཞད་གད་དེ། ཁྲེལ་གེད་ཀྱི་གནས་སུ་འགྱུར་རོ།། དེ་ཇི་ལྟ་བུར་གྱུར་པ་ཡིན་ཞེ་ན། བདག་གིས་ཞེས་པ་ལ་སོགས ་པ་གསུངས་ཏེ། ཅིའི་ཕྱིར་ཞེ་ན། གང་ལས་རྒྱལ་བ་ཉིད་ནི་བཅོམ་ལྡན་འདས་ཏེ། སེང་གེའི་བདུད་ཀྱི་རི་དགས་ཐམས་ཅད་དག་གིས་གཞོམ་པར་བྱ་བ་མ་ཡིན་པའི་ཕྱིར་རོ།། དེ་རྣམས་ཀྱི་སྲས་བདག་ཀྱང་ཅི་ལྟར ་གཞན་གྱི་ཕམ་པ་ཞེས་པ་འཐོབ་པར་བྱེད། དེ་ལྟར་ཡིད་ལ་བྱས་ནས་བདག་གིས་ང་རྒྱལ་འདི་ལ་གནས་པར་བྱ་སྟེ། དཔེར་ན་སེང་གེའི་ཕྲུ་གུ་མྲྀ་འཇིགས་པ་ཐེ་བོ་ནས་རི་དྭགས་གཞན་ཐམས་ཅད་ཀྱིས་ཟིལ ་གྱིས་མི་ནོན་པ་ཉིད་ཀྱིས་ནགས་སུ་སྤྱོད་པར་བྱེད་པ་དེ་བཞིན་དུ་བདག་ཀྱང་བརྟན་པར་གནས་པར་བྱའོ་ཞེས་པའི་དོན་ཏོ།། གལ་ཏེ་དེ་ལྟར་ནི་དེའི་ཚེ་གང་དག་ཡང་དགྲ་ལ་སྩོགས་པ་ལས་རྒྱལ་བའི་ང་རྒྱལ་ཅན ་ང་རྒྱལ་ཡོད་པ་དེ་རྣམས་ཀྱི་བསྔགས་པར་བྱ་བར་ཅིའི་ཕྱིར་མི་འགྱུར་ཞེ་ན། འགྲོ་གང་ཞེས་པ་ལ་སོགས་པ་གསུངས་ཏེ། ང་རྒྱལ་གྱིས་བཅོམ་པ་ནི་ང་རྒྱལ་གྱིས་ཟིལ་གྱིས་མནན་པ་སྟེ། ཉོན་མོངས་པའི ་སྡུག་བསྔལ་ཅན་དེ་རྣམས་ཀྱང་ང་རྒྱལ་ཅན་དུ་འགྱུར་བཱ་མ་ཡིན་པ་ཉིད་དོ།། ང་རྒྱལྔ་ཅན་དགྲའི་དབང་མི་འགྲོ་ཞེས་པ་ནི་འདི་འགྲོ་བ་མ་ཡིན་ཏེ། དགྲའི་སྐྱེ་བའི་རྗེས་སུ་འཇུག་པ་མ ་ཡིན་ནོ་ཞེས་པའི་དོན་ཏོ།། གང་དག་རྣམས་འདོད་པའི་ང་རྒྱལ་ཅན་དེ་རྣམས་ང་རྒྱལ་དགྲའི་དབང་དུ་གྱུར་པ་ཡིན་ཏེ་དེའི་དབང་དུ་བྱས་ནས་འཇུག་པ་ཡིན་ནོ།། འདི་ཉིད་ཚིགས་སུ་བཅད་པོ་གཉིས་ཀྱིས་བསྒྲུབ་པར ་འདོད་ནས། ང་རྒྱལ་གྱིས་ནི་ཞེས་པ་ལ་སོགས་པ་གསུངས་པ། ང་རྒྱལ་བདུན་པོ་རྣམས་ལས་གང་ཡང་རུང་བའི་ང་རྒྱལ་གྱིས་དོན་སོང་དུ་ཁྲིད་པ་ནི་དམྱལ་བ་ལ་སོགས་པ་རྣམས་སུ་ཁྲིད་པའོ།། དེ་རྣམས་བརྒྱ་ལ ་མིའི་དངོས་པོ་ཐོབ་པར་གྱུར་པ་དེའི་དེར་ཡང་རྒྱུ་མུཐུན་པའི་འབྲས་བུ་དགའ་སྟོན་བཅོམ་པ་ནི་དགའ་བ་མེད་པར་འགྱུར་བ་ཡིན་ཏེ། དམན་ཞིང་ཞན་པའི་ཡིད་དུ་འགྱུར་རོ་ཞེས་པའི་དོན་ཏོ།། གཞན་གྱི་ཁམ་ཟ་བླ་ནི་ཟས ་མེད་པའི་ཕྱིར་ཏེ། གཞན་གྱི་བྱིན་པའི་སློངས་མེའི་ཟས་ཟ་བའོ།། བྲན་ནི་གཞན་གྱི་དབང་དུ་གྱུར་པའི་ཁོལ་པོའོ།། གླེན་པ་ནི་སྤྱོད་པ་ཐམས་ཅད་ཀྱི་སྟོང་པའོ།། མི་སྡུག་པ་ནི་ལུས་མི་མཛེས་པ་དང་མི་དགའ ་བསྐྱེད་པའོ།། ཉམ་ཆུང་བ་ནི་ལུས་རྗུད་པ་དང་སྟོབས་མེད་པའོ།། ཐམས་ཅད་དུ་ཐམས་ཅད་ལ་གནོད་པ་མ་བྱས་ཀྱང་ལུས་དང་ངག་གིས་བརྙས་པ་ཐོབ་པར་འགྱུར་རོ།། གང་གིས་འདི་ལྟར་ཡིན་ཞེ་ན། ང་རྒྱལ་གྱི ་ཁེས་དགའ་ཐུབ་ཙནྟ་ཞེས་ཏྱེ་ང་རྒྱལ་གྱིས་ཁེངས་པ་ནི་ཞུམ་པ་མཱ་ཡིན་པའོ།། དཀའ་ཐུབ་ཅནྡ་ནི་ཉོན་མོངས་པཱ་སྟེ། དེ་ཡང་ནི་དེ་ལྟར་གྱུར་པ་ཡང་གལ་ཏེ་ང་རྒྱལ་ཅན་གྱི་ནང་དུ་གཏོག་སྟཱ་ན་དྷཱི་ལྟར་དམན་པ་སྟེ་བཀྲེན་པ་ཡིན ་ལྷ་སྙིང་རྗེའི་གནས་ཡིན་ནོ་ཞེས་པའི་དོན་ཏོ།། སླར་ཡང་གཞན་ཅི་ལྟ་བུ་ཞིག་ཏུ་འགྱུར་སྨྲོས་ཞེས་པ་ནི་བརྗོད་ཅིག་ཅེས་རྒོལ་བ་པ་ལ་བྱེད་པའོ།། གལ་ཏེ་རྣམ་པ་དེ་ལྟ་བུ་ང་རྒྱ་ལཱ་ཅན་དུ་མི་བརྗོད་ནི་འོ་ན་དེ་དག་ཇི་ལྟ་བུར་གྱུར་པ། ་ཡིན་ཞེ་ན། གང་ཞིག་ང་རྒྱལ་ཞེས་པ་ལ་སྩོགས་པ་གསུངས་ཏེ། གང་ཞིག་ང་རྒྱལ་གྱི་དགྲ་ལས་རྒྱལ་བར་ཏེ་རྒྱལ་བར་འགྱུར་བ་དེ་ཉིད་ང་རྒྱལ་ཅན་དུ་བརྗོད་དོ།། གང་ཞིག་ནི་བྱང་ཆུབ་སེམས་དཔའ་སྟེ། དེ་བདེ་བ་ཡང་ཡིན ་ལྔ་སྟོབས་དང་ལྡན་པའང་ཡིན་ཞིང་ང་རྒྱལ་གྱི་དགྲ་བཅོམ་སྟེ་བསལ་ནས་འདོད་བཞིན་ཏེ་ཅི་ལྟར་འདོད་པར་སྐྱེ་བོ་འཇིག་རྟེན་པ་ལས་ནི་ལྷ་དང་བཅས་པ་ལས་སོ།། རྒྱལ་བའི་འབྲས་བུ་སངས་རྒྱས་ཀྱི་གནས་སྐབས་གསལ་བྱར ་བྱེད་དེ། འདི་ལྟ་བུའི་དྷ་རྒྱུ་ལ་དྷེ་དགྲ་ལས་རྒྱུ་ལྟ་བ་དེ་འདི་ལྟ་བུ་བྱུདག་ཅག་རྣམས་ལ་མཐོང་ངོ་ཞེས་པའི་དོན་ཏོ།། དེ་ཉིད་ནི་རྣམ་པར་རྒྱལ་བ་ཡིན་ཏེ་རྒྱལ་བ་ཐོབ་པ་དང་། དེ་ཉིད་དཔའ་བོ་ཡིན་ཏེ་གཞི་བརྗིད་དང་ལྡན་པ་ཡིན་ནོ།། ་ཆོག་གཉིས་པོ་འདི་ནི་ཇི་ལྟར་རིགས་པར་བྱའོ།། དེ་ལྟར་ཉེ་བའི་ཉོན་མོངས་པ་རྣམས་ལ་ང་རྒྱལ་བཤད་ནས། ནུས་པའི་ང་རྒྱལ་ཉོན་མོངས་ཞེས་པ་ལ་སོགས་པ་གསུངས་ཏེ། ཉོན་མོངས་པའི་ཕྱོགས་ནི་སྡེ་ཚན་ཡིན ་ལ་དེའི་ཁྲོད་ན་གནས་པའི་རྣམ་པ་སྟོང་འགྱུར་དུ་སྲན་བཙུགས་ཏེ་ཤིན་ཏུ་ཡང་བརྟན་པའི་སྟོབས་ལ་བརྟེན་ནུས་སོ།། ཅི་ལྟ་བུར་གྱུར་པ་ཞེ་ན། ཉོན་མོངས་ཚོགས་ཀྱིས་ཤེས་ཏེ། ཉོན་མོངས་པའི་ཚོགས ་ཀྱིས་ཚུགས་པར་དཀའ་བ་ནི་མི་ཚུགས་པ་སྟེ། ཅི་ལྟར་ཡང་རྒྱལ་བར་མི་འགྱུར་བར་རོ།། ཞེས་པའི་དོན་ཏོ།། ཅི་ལྟ་བུར་གྱུར་པ་ཞེ་ན། རི་དྭགས་ཚོགས་ཀྱི་སེང་གེ་བཞིན་ཞེས་ཏེ་ཇི་ལྟར་རི་དགས་ཀྱི་རྒྱལ་པོ་སེ་གེ་རི་དགས ་འཁྲུགས་པའི་དབུས་ན་གཟི་བརྗིད་ཆེན་པོ་ཅན་སྟོབས་དང་ལྡན་པར་གྱུར་པས་ནགས་སུ་གནས་པ་ན་རི་དྭགས་ཐམས་ཅད་རྣམ་པར་གནོན་ལ། དེ་དག་གིས་ནི་དེ་ལ་གནོད་པ་མ་ཡིན་པ་དེ་བཞིན་དུ་བྱང་ཆུབ་སེམས ་དཔའ་ལ་ཚུགས་པར་དཀའ་བར་འགྱུར་བར་རོ།། འདི་དང་རྒྱུ་མཚན་གཞན་ཡང་གཟུང་བར་བྱའོ་ཞེས་ཉམ་དུ་ཆེ་དང་ཞེས་པ་ལ་སོགས་པ་གསུངས་ཏེ། ཚེ་དང་སྟེ་ཤིན་ཏུ་ཕུལ་དུ་བྱུང་བ་ཡ་ངོ་།། ཉིམ་ང་བ་སྟེ། ་སྡུག་བསྔལ་ཡོད་ཀྱང་ངོ་།། རློ་ནི་མངར་བ་ལ་སོགས་པ་ལྕེའི་དབང་པོའི་ཡུལ་ཡིན་ཡང་མིག་གིས་མི་མཐོང་སྟེ་མི་རྟོགས་ལ་ཡུལ་དུ་མི་བྱེད་དོ་ཞེས་པའི་དོན་ཏོ།། དེའི་ཡུལ་གཟུགས་ཡིན་པའི་ཕྱིར་ཡུལ་རོ་ལ་འཇུག ་པ་མ་ཡིན་ནོ་ཞེས་དགོངས་པ་ཡིན་ནོ།། དེ་ལྟར་བརྗོད་པའི་རོ་དང་མིག་གི་ཚུལ་གྱིས་ཉམ་པ་བྱུང་གྱུར་ཀྱང་། ཉོན་མོངས་དབང་དུ་མི་འགྱུར་རོ།། དེ་ལྟར་བརྗོད་པའི་རིམ་པས་བསྟན་པའི་སྟོབསོ་བཤད་ནས་དགའ་བའི ་སྟོབས་བསྟན་པའི་ཕྱིར་རྩེད་མོའི་ཞེས་བྱ་ལ་སོགས་པ་གསུངས་ཏེ། ལས་ནི་ཚོགས་ཀྱི་རྒྱུ་མཚན་བསམ་གཏན་དང་ཀློག་པ་ལ་སོགས་པའི་མཚན་ཉིད་ཡིན་ལ། གང་གྱུར་པ་ནི་རིམ་གྱིས་བྱེད་པ་ལ་སྦྱོར་བས་ཐོབ་པར་གྱུར་པའོ།། ། ་པས་དེ་ཉིད་ལ་ཞེན་པར་བྱ་སྟེ། བྱ་བ་དེའི་རོ་ལ་ཞུགས་པའི་སེམས་ཀྱིས་སོ།། ལས་དེ་དགའ་བར་བྱ་བ་ནི་དེ་ལ་ཤིན་ཏུ་འཇུག་པར་འདོད་པའོ།། མི་ངོམས་པ་ནི་ཡང་ནས་ཡང་དུ་འདོད་པ་དང་ལྗོན་པའོ།། ཅི་དང་འདྲ་བར་ཞེ་ན། རྩེད ་མོའི་འབྲས་བུ་བདེ་བ་འདོད་པ་ལྟར་སྟེ། རྒྱུན་པ་ལ་སོགས་པ་ཟེད་མྱོའི་འབྲས་བུ་གང་ཡིན་པའི་བོ་བ་དེ་ལ་འདོད་པ་བཞིན་དུའོ།། རྣམ་པར་དཔྱད་པ་འདིས་ཀྱང་ལུས་ལ་དགའ་བ་བསྐྱེད་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། ་བདེ་བའི་དོན་དུ་ཞེས་པ་ལ་སོགས་པ་གསུས་ཏེ། ཐམས་ཅད་ཀྱིས་ཀྱང་ལས་ཀྱི་འབྲས་བུའི་བདེ་བ་ཐོབ་པར་འདོད་པས་བྱེད་དོ།། གཞན་དུ་ནི་དེ་ལ་འཇུག་པར་མི་འགྱུར་ཏེ། དེ་ལྟར་ན་ཡང་འདི་ལྟར་སེམས་རབ་ཏུ་ཞུགོས་པ ་ཡང་ལས་འགའ་ཞིག་གི་མངོན་པར་འདོད་པའི་འབྲས་བུར་འགྱུར་ཞིང་འགུའ་ཞིག་གི་ཡང་འབྲས་བུ་མེད་པར་འགྱུར་ཏོ། འབྲས་བུ་མེད་པར་རྩོམ་པ་ཡང་སྲིད་པའི་ཕྱིར་ལ། དེ་ལྟར་ན་སྐྱེ་བོས་ལས་བརྩམ་པོ་ལས་ཡང ་འབྲས་བུ་སྲིད་པའི་ཕྱིར་ལྡོག་པར་འགྱུར་བ་མ་ཡིན་པ་ཉིད་དོ།། གང་གིས་ཏེ་ཡང་ལས་ཉིད་བདེ་བར་གྱུར་པ་དེའི་ཕྱིས་ཀྱི་བདེ་བ་གཞན་འདོད་པ་དེས་ལས་མི་བྱེད་དེ་ལས་དང་བྲལ་ན་ནམ་ཞིགོ་བདེ་བར་འགྱུར་ཏེ། བརྒྱ་ལམ ་ནའང་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ།། འདི་ལྟར་ཡང་བསམ་ནས་ལས་ལ་མངོན་པར་བྱའོ་ཞེས་སཱུ་གྲཱི་ཞེས་པ་ལ་སོགས་པཱ་གསུངས་ཏེ། གཟུགས་ལ་སོགས་པའི་ཡུལླཱ་རྣམས་ཀྱིས་འཁོར་བར་ཏེ་འཁོར ་བ་ན་ཡང་དང་ཡང་དུ་མྱོང་བས་མི་ངོམས་ཏེ་ཚིམ་པ་མ་ཡིན་ནོ།། ཇི་ལྟ་བུར་གྱུར་པས་ཤེས་ན། སྤུ་གྲི་སོར་ཆགས་སྦྲང་རྩི་ལྷའི་ཞེས་ཏེ། སྤུ་གྲིའི་སོ་ལ་སྦྲང་རྩ་སྟ་གང་སྦྲང་རྩིའི་རོ་གང་གི་ཚེ་མྱོང་བ་ན་སེར་སྣའི་དབང་དུ་གྱུར ་པས་ཕྱིས་ལྕེ་ཆོད་པའི་སྡུག་བསྔལ་སྐྱེ་བར་འགྱུར་བ་དེས་མཚོན་པ་དེ་ལྟ་བུ་ནི་དཔེ་སྟེ། གང་དག་གིས་འདྲ་བ་དེས་སོ།། རེ་ཞིག་ཙམ་གྱིས་བདེ་བ་ཡང་ཡོངས་སུ་གྱུར་པའི་སྡུག་བསྔལ་གྱིས་ན་སེམས་ཅན་དེ་རྣམས་ལ་སྡུག་བསྔལ ་དྲག་པོས་འགྱུར་རོ་ཞེས་དགོངས་པའོ།། བདུད་རྩི་དང་འདྲ་བའི་བསོད་ནམས་དེ་རྣམས་ཉིད་ཀྱིས་ཇི་ལྟར་ངོམས་པར་འགྱུར། ཁྱད་པར་ཅི་ལྟ་བུས་ཤེས་ན། རྣམ་པར་སྨིན་པ་བདེ་བ་སྟེ་མངོན་པར་མཐོ་བའི་བདེ་བའི་འབྲས ་བུའི་རྒྱུ་ཉིད་ཀྱི་ཡོངས་སུ་གྱུར་པས་བདེ་བའི་རོ་ཡིན་པའི་མཆོག་ཏུ་བདེ་བ་བསྐྱེད་པར་བྱེད་པ་རྣམས་ཀྱིས་སོ།། ཞི་བ་ནི་དགེ་བར་བྱེད་པ་དག་ཡིན་ཏེ། ངེས་པར་ལེགས་པ་སྐྱེད་པར་བྱེད་པས་སྐྱེ་ཤི་མེད་པའི་འབྲས་བུ་འབྱིན ་བར་བྱེད་པའི་ཕྱིར་སྡུག་བསྔལ་ཐམས་ཅད་ཞི་བར་བྱེད་པས་སོ་ཞེས་པའི་དོན་ཏོ།། དེ་ཉིད་ཀྱི་ཕྱིར་བསོད་ནམས་བདུད་རྩིས་ཞེས་པ་ནི་འདིར་འདི་གཏན་ཚིགས་ཡིན་ནོ།། དེ་ལྟས་ཞེས་པས་མཇུག་སྡུད་པས་ལས་ལ་མོདྨོ ་པར་དགའ་བ་བསྟན་པར་བྱ་བའི་ཆེད་དུ་གསུངས་པ་ཡིན་ཏེ། ལས་བརྩམས་པ་ཏེ་མཐར་ཕྱིན་ན་ཡང་སྟེ་ཟིན་པའི་དུས་ན་ཡང་འཇུག་པར་བྱེད་དེ། དེ་ལ་མངོན་པར་ཞེན་པའི་རོལ་ཞུགས་པ་ཉིད་ན་གཏོང་བར་བྱེད་དོ།། ཅི་ལྟ་བུ་ཞོ ་ན། ཇི་ལྟར་སྨོས་ཀའི་དུས་ནི་ཉི་མ་ཕྱེད་དུ་གྱུར་པའི་ཚེ་ཀུན་ཏུ་ཆུ་མ་རྙེད་ཅིང་ཉི་མ་ཤིན་ཏུ་ཚྭ་བོས་གདུངས་པའི་གླང་པོ་ཆེ་མཆོག་ཏུ་མངོན་པར་ཞེན་པའི་རོ་དང་ལྡན་པས་ཤིན་ཏུ་ཡང་སིམ་པར་བྱེད་པའི་ཆུ་བསིལ་བས་ཡོངས་སུ ་གང་བའི་མཚོ་བྲན་དང་ཕྲེད་བ་ན་དང་པོ་ཉིད་དུ་ནུབ་པར་བྱེད་པ་དེ་བཞིན་དུའོ་ཞེས་པ་ནི་སྤྱིའི་དོན་ཏོ།། གང་གིས་མཚེ་དང་ཕྲད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་ཕྱི་ནས་ལུས་འཛིན་པ་ཡིན་ནོ།། དང་པོ་རཾ་ཞེས་པ་དང་མཇུག་ཅེས་པ་ནི ་འབྲེལ་ཏོ།། དགེའ་བའི་སྟོབས་བཤད་ནས། ད་ནི་དོར་བའི་སྟོབས་སྟོན་པར་འདོད་ནས། སྟོབས་ཟད་ཅེས་པ་ལ་སོགས་པ་གསུངས་ཏེ། བསམས་པོའི་ལས་རྫོགས་པར་བྱ་བ་ལ་བདག་ཉིད་ནུས་པ་ཟད་པར་རིགས་བྱས་ནས་ནུས ་པ་མེད་པར་གྱུར་པ་ན་སླརརྱ་ཡང་བྱའོ་ཞེས་པའི་བསམ་པས་དུས་རེ་ཞིག་དུ་སྤང་ཞིང་དོར་བྱར་བྱ་སྟེ། དེ་སྲིད་དུ་འདྲིར་རྣམ་པར་གཡེང་བར་འགྱུར་བ་ནི་མ་ཡིན་ལ། གཞན་དུ་ནི་དེ་ལྟར་གྱུར་ཀྱང་དེ་མ་དོར་ན་མི་འདོད་པ་དང་ཕྲད་པ་ཉིད ་དུ་འགྱུར་རོ།། གང་གི་ཚེ་བརྩོམས་པའི་ལས་དེ་ལེགས་པར་རྫོགས་པར་གྱུར་པ་དེའི་ཚེ་འང་དོར་བར་བྱ་སྟེ། གཞན་དུ་ཞེན་པས་དེ་ལ་ཞུགས་ནས་སླར་ཡང་བྱ་བ་ལ་རྣམ་པར་གཡེང་བར་འགྱུར་རོ།། དེ་ལྟ་བས་ན་ཕྱི ་ཕྱིར་ཁྱད་པར་འདོད་པས་སྤང་སྟེ། དོར་བར་བྱའོ།། འདི་ནི་གང་སྔར་དང་པོར་འབྱོར་པ་བརྟག་བྱ་སྟེ་ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་བསྟན་པ་དེའི་དམིགས་ཀྱིས་བསལ་བ་བསྟན་པ་ཡིན་ནོ།། དེ་ལྟར་ནང ་གི་ཁྱད་པར་བསྟན་པས་སྟོབས་ཀྱི་ཚོགས་དེ་རྣམ་པ་ཐམས་ཅད་དུ་བརྗོད་ནས། དང་པོ་མདོར་བསྟན་པོས་རྟོགས་པར་བྱས་ཀྱང་ཡང་འདུན་པ་ལ་སོགས་པའི་ཚོགས་ཀྱི་ནང་དུ་བརྗོད་པའི་འབད་པ་བསྟན་པའི་ཕྱིར། ཉོན་མོངས་མཚོན ་ཞེས་པ་ལ་སོགས་པ་གསུངས་ཏེ། ཉོན་མོ་ངེས་པ་རྣམས་ཀྱི་མཚོན་ནི་གནོད་པ་བྱེད་པ་ཡིན་ལ། གཟུར་བ་ནི་བཟློག་པ་སྟེ། ཅི་ལྟར་དེ་དག་གི་མཚོན་གྱིས་ཕོག་པར་མི་འགྱུར་བར་རོ་ཞེས་པའི་དོན་ཏོ།། སླར་ཉོན་མོངས་པ་རྣམས ་ནི་མཚོན་གྱིས་བཏགས་པར་བྱ་སྟེ། འཇེབས་པར་ནི་ཤིན་ཏུ་བསྣུན་པས་ཏེ་ཇི་ལྟར་སླར་སྐབས་རྙེད་པར་མི་འགྱུར་བར་རོ།། འདིར་དཔེ་བསྟན་པ་ནི་གཡུལ་ངོར་རལ་ཁ་ཞེས་པ་སྟེ་དཔེར་ན་བསླབས་པ་སྟེ་མཚོན་ཆའི་རིགས་པ་ལ ་མཁས་པ་དང་ལྡན་པའི་དགྲ་དང་ལྷན་ཅིག་ཏུ་བརྩོན་པས་རལ་གྲིས་གཡུལ་པོར་དེ་ལ་རྡེག་པར་བྱེད་དེ། དེ་ནི་ཅི་ལྟར་མི་འཕོག་པར་གྱུར་པ་དེ་ལྟར་རོ།། དེ་ལ་ཞེས་པ་ལ་སོགས་པས་འབད་པར་ལ་བསླབ་པར་བྱ་བ་གསུངས ་ཏེ། དེ་ལྔ་ནི་རལ་གྲིའི་གཅོད་པ་ལའོ།། དཔེར་ན་རལ་གྲི་ལག་པ་ནས་བརྒྱ་ལ་ལྷུང་བར་གྱུར་ན་དགྲ་ཡིས་པ་དག་ལ་གླགས་འདི་རྙེད་པར་མ་གྱུར་ཅིག་ཅེས་པ་མྱུར་དུ་སྟེ་རིངས་པ་ཉིད་དུ་ལེན་ཅིང་འཛིན་ཏེ་དུས་ལ་སོགས་པ་ནི་མ་ཡིན་ནོ། ་ཞེས་པའི་ཐ་ཚིག་གོ།། དེ་བཞིན་དུ་ནི་དེ་དང་འདྲ་བར་ཏེ། ཉོན་མོངས་པའི་དགྲ་ལུས་རྣམ་པར་རྒྱལ་བའི་དབང་དུ་བྱས་ཏེ་རལ་གྲི་བཞིན་དུ་བརྗེད་ངས་པ་མེད་པར་དྲན་པ་མ་ཉམས་པར་གཟུང་བར་བྱས་ཤིང་མངོན་དུ་བྱའོ།། ། ་དམྱལ་བ་དག་ནི་ངུ་འབོད་ལ་སོགས་པ་ཡིན་ལ་དྲན་པ་བརྗེད་པར་གྱུར་བྱས་ནི་དེའི་སྡུག་བསྔལ་ལ་བརྟེན་པ་ཉིད་དུ་ཡིད་ལ་བྱའོ།། ཅི་སྟེ་གླང་གིས་ན་དེ་ལ་བཏང་སྙོམས་སུ་མི་བྱེད་དེ་ཉོན་མོངས་པོ་ཕྲ་བ་ཀུན་ཏུ་སྤྱོད་པས ་ཀྱང་ཉམས་པ་ཅུང་ཟད་ཀྱང་མེད་དོ་ཞེ་ན། ཇི་ལྟར་ཁྲག་ལ་ཞེས་པ་ལ་སོགས་པ་གསུངས་ཏེ། ཉེས་པ་རྡུལ་ཙམ་ལ་ཡང་སྐབས་དབྱེ་བར་མི་བྱེད་ལ། གཞན་དུ་ན་དེ་ཙམ་ལ་ཡང་སེམས་ལ་རྗེས་སུ་ཞུགས་ན་དེ་འཕེལ་བ ་དགག་པར་མི་ནུས་པའི་ཕྱིར་རོ།། དཔེར་ན་ལུས་ཀུན་གྱི་རྨ་ཆུང་ངུ་ལ་ཡང་ཁྲག་དང་ལྷན་ཅིག་པའི་དུག་བཞིན་དུ་རྡུལ་གྱི་ཚད་ཙམ་གྱིས་ཉོན་མོངས་པ་ཆུང་ངུས་འཇོམས་པ་བཟློག་པ་ལ་འབད་པར་བྱའོ།། ཡང་ཇི་ལྟར་འབད ་པ་ལ་བརྟན་པར་བྱ་བར་ཉུངས་མར་ཞེས་བུ་ལ་སོགས་གསུངས་ཏེ། དཔེར་ན་སྐྱེས་བུ་འགའ་ཞིག་ལ་རྒྱལ་པོ་གཏུམ་པོའི་བཀས་མར་ནག་གིས་ཡོངས་སུ་བཀང་བའི་སྣོད་བཀུར་ནས་འགྲེང་པོའི་སར་འགྲོར་བཅུག་པ ་ན་ལག་ན་རལ་གྲི་ཐོགས་པའི་རྒྱལ་པོའི་མིས་མར་ནག་ཐིགས་པ་ཙམ་གྱིས་པོས་ན་ཡང་ལྟ་ཉིད་དུ་ཁྱོད་ཀྱི་སྲོག་གཅོད་པར་བྱའོ་ཞེས་སྨྲ་བས་ལྟ་ཞིང་འགྲོ་བ་ན་འདིར་གལ་ཏེ་བདག་ཉམས་པར་གྱུར་ན་དེའི་ཚེ་ངེས་པར ་འདྲིས་གསོད་པར་འགྱུར་ཞེས་ནས་འཆི་བས་འཇིགས་ཏེ་འབད་པར་འགྱུར་བ་དེ་བཞིན་དུ་བརྟུལ་ཞུགས་ཅན་སྡོམ་པ་འཛིན་པས་རང་བཞིན་ལས་ཉམས་པས་དམྱལ་བ་ལ་སོགས་པའི་སྡུག་བསྔལ་གྱིས་འཇིགས ་ནས་དེ་སྐབས་མི་དབྱེ་བའི་ཆེད་དུ་འབད་པར་བྱ་སྟེ་ལྷུར་བྱེད་པ་དང་ལྡན་པར་བྱའོ།། བརྗོད་ཟིན་པ་མཇུག་སྡུད་པ། དེ་བས་ཞེས་པ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་དེ་ལྟར་ཡིན་པ་དེ་བས་ན་པང་དུ་ཕང་བར་འོང་བ་ཡིན་ལ། ་སྦྲུལ་ནི་སྦྲུལ་དུག་ཅན་ཡིན་ཏེ། རིངས་པ་ཉིད་དུ་བདག་ལ་དྲུག་གིས་གཟུང་བ.རརོ་མ་གྱུར་ཅིག་ཅེས་ནས་ལྡང་བ་དེ་བཞིན་གཉིད་དང་སྙོམ་ལས་འོངས་ན་སྟེ་གཉིད་དང་རླུགསོ་པ་འོངས་ནས་བཟློག་པར་བྱ་བ་ནི་དེའི་གཉེན་པོ་མི་རྟག་པ་ལ ་སོགས་པ་བསྒོམ་པས་ཕྱིར་བཅོས་པར་བྱའོ།། ཡང་དེ་ལྟར་འབད་པ་དང་ལྡན་ཡང་བརྒྱ་ལ་ཉམས་པར་གྱུར་ན་དབང་པོ་ཉམས་པའི་ཚུལ་གྱིས་ཉམས་པར་གྱུར་ན་དེའི་ཚེ་ཕྱིར་བཅོས་པ་བྱས་ནས་འབད་པར་བྱའོ་ཞེས་བསྟན ་པའི་ཕྱིར། ཉེས་པ་བྱུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དྲན་པ་ཉམས་པ་ན་རེ་རེ་སྟེ་སོ་སོར་བརྒྱ་ལ་ཉོན་མོངས་པའི་རྗེས་སུ་འཇུག་པའི་གླགས་རྙེད་ན། ཕྱིར་བཅོས་པའི་བསམ་པས་ཡིད་ལ་གདུང་བར་བྱས་ནས ་བསམ་པར་བྱ་ཞིང་ཀྱེ་མ་ཤིན་ཏུ་དཀའ་སྟེ་ཤེས་བཞིན་དུ་གླགས་རྙེད་པས་རྣམ་པ་གང་གིས་འདིར་དེ་ཕྱིར་བཅོས་པར་བྱ་སྟེ་ཡང་འདི་ཕྱིས་མི་འབྱུང་བར་དེ་ལྟར་བསྟན་པར་རྩོམ་པ་བླངས་ནས་གནས་པར་བྱ་སྟེ། སླར་ལྷོང ་པར་འགྱུར་བར་མི་བྱའོ་ཞེས་པའི་དོན་ཏོ།། དེ་ཉིད་ཀྱི་ཕྱིར་རྣམ་པར་དབེན་པ་འདོད་པ་རྣམས་ཀྱིས་དགག་པ་ལ་ཡང་སྣང་བ་ཕྲད་པ་ཞེས་པ་ལ་སོགས་པ་གསུངས་ཏེ། མཁན་པོ་དང་སློབ་དཔོན་ནམ་དེ་ལས་གཞན་པ་ཚངས་པར ་སྤྱོད་པ་རྣམས་དང་མང་དུ་ཐོས་པ་དང་། སྡེ་སྣོད་གསུམ་རིག་པ་འགྱོད་པ་སེལ་བ་ལ་མཁས་པ་རྣམས་དང་ལྷན་ཅིག་ཏུ་ཕྱིད་ནས་བསྒྲུབ་པར་བྱ་ཞེས་འདོད་ཅིང་སྨིན་པར་བྱ་སྟེ། དེ་ལ་བརྟེན་པ་ཉིད་ཀྱི་གནས་པར་བྱའོ་ཞེས་དགོསོ།། ། ་ལོས་ཐོབ་པ་ལ་ཞེས་པ་ནི་དེ་ལ་གདམས་པ་དང་རྗེས་སུ་བསྟན་པའི་མཚན་ཉིད་དང་། ལྟུང་བ་ལས་ལྡང་བའི་ཆེད་དུ་དེས་ཆད་པའི་ལས་བྱིན་པ་སྒྲུབ་པར་འདོད་པར་བྱའོ།། རྒྱུ་འདི་ཡིས་དེ་དག་འཇུག་པ་བསྲུང་བའི་བསམ ་པས་སོ།། འདི་ཉིད་བསྟན་པའི་ཕྱིར། ཇི་ལྟར་ཞེས་གསུངས་ཏེ། ཐབས་གང་གིས་ཞེས་པའོ།། གནས་སྐབས་འདི་དག་ལ་ནི་ཉོན་མོངས་པ་འཇུག་པའི་གནས་སྐབས་ལྔའོ།། དྲན་པ་གོམས་པར་འགྱུར་བ་ནི་འབད་པ་མེད ་པ་ཉིད་ལ་བསྟེན་ནས། བདག་ལ་བརྗེད་པ་མེད་པར་འགྱུར་བའོ་ཞེས་པ་ནི་བསམས་པ་འདིས་སོ།། འདིར་འདི་ནི་བསྡུས་པའི་དོན་ཏེ། དགེ་བའི་བཤེས་གཉེན་དང་ཉེ་བ་ན་དེའི་གདམས་ངག་དང་རྗེསུ་བསྟན་པ་དང་དེའི་སྤྱོད་པ ་མཐོང་བས་ཀྱང་རྟག་ཏུ་དྲན་པ་དང་ཤེས་བཞིན་གྱིས་གནས་པས་ཉོན་མོངས་པས་འཇུག་པའི་སྐབས་མི་རྙེད་དོ།། དེའི་ཕྱིར་འདི་ལ་འགལ་བ་མེད་པ་ཉིད་ཀྱི་སྤྲོ་བ་འཕེལ་བར་བྱའོ་ཞེས་སོ།། གང་དགེ་བའི་བཤེས་གཉེན་རྟོགས ་པར་ཡང་སྲོག་གིས་ཕྱིར་ཡང་མི་བཏང་ངོ་ཞེས་གསུངས་པ་དང་། དེ་བཞིན་དུ་མཁན་པོས་རྗེསུ་བསྟན་པ་དང་།། བླ་མ་དང་ནརྀ་འགྲོགས་པ་ལས།། འཇིགས་པས་སྐལ་ལྡན་གུས་བྱེད་པ།། དྲན་པ་ཤིན་ཏུ་སྐྱེ ་པར་འགྱུར་ཞེས་སོ།། འབད་པ་བསྟེན་ནས། ད་ནི་བདག་ཉིད་དབང་དུ་བྱ་བ་བསྟེན་པར་འདོད་ནས་བག་ཡོད་ཅེས་པ་ལ་སེགས་པ་གསུངས་ཏེ། བདག་ཉིད་ཀྱི་ལུས་དང་ངག་དང་ཡིད་ཀྱི་མཚན་ཉིད་ལས་ཐམས་ཅད་རྒྱས་པར་དེ་བཞིན ་བྱ་སྟེ། སྤྲོ་བ་གོམས་པར་བྱས་པས་དབང་དུ་བྱའོ་ཞེས་པའི་དོན་ཏོ།། ཇི་ལྟར་ལས་བྱུང་སྔོན་རོལ་ནས་ཞེས་པ་ནི་རྩོམ་པ་ལས་སྔོན་རོལ་ཏེ་སྔ་མ་བཞིན་ཉིད་དུ་རྟོགས་ཤིང་དབང་དུ་གྱུར་པས་དེའི་ལམ་རྟོགས་བཞིན་དུ་ལས ་ལོ་འཇུག་པར་བྱའོ།། བརྗོད་པའི་དོན་དཔེའི་སྒོ་ནས་གསལ་བར་བྱ་བའི་ཕྱིར། ཇི་ལྟར་ཞེས་པ་ལ་སོགས་པ་གསུངས་ཏེ། ཤིང་བ་ལེ་ནི་རལ་བལ་ལ་སོགས་པ་ལས་བྱུང་བའོ།། ཇི་ལྟར་རླུང་འགྲོ་བ་དང་འོང་བས་དབང་དུ་བྱས་ཏེ་དེ ་ལ་རག་ལས་པ་དེ་བཞིན་དུ་དེ་ཉིད་སྤྲོ་བའི་དབང་དུ་གྱུར་པས་ཏེ་བརྩོན་འགྲུས་ཀྱི་དབང་དུ་གྱུར་པས་སོ།། འདི་ལྟར་གོམས་པའི་དབང་དུ་གྱུར་པས་རྫུ་འཕྲུལ་ཡང་སྟེ། ནམ་མཁའ་ལ་འགྲོ་བ་ལ་སོགས་པ་ཐོབ་པར་འགྱུར་རོ།། བདག ་དང་གཞན་དུ་མཉམ་པ་དང་བདག་དང་གཞན་དུ་བརྫི་བ་གཉིས་ཀར་ཡང་མཁོ་བ་བསམ་གཏན་གྱི་ལེའུར་འཆད་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ་ཤེས་རབ་འབྱུང་གནས་བློ་གྲོས ་ཀྱིས་བྱས་པ་ལས་བརྩོན་འགྲུས་ཀྱི་ལེའུ་སྟེ་བདུན་པའོ།། །། དེ་ལྟར་བཟོད་པའི་རྗེས་ལ་བརྩོན་འགྲུས་བརྗོད་ནས། དེ་ནས་ནགས་སུ་གནས་པར་བྱ།། མཉམ་པར་བཞག་ལ་བརྩོན་བྱ་ཞིང་།། མི་སྡུག་ལ་སོག ་བསྒོམ་པར་བྱ་ཞེས་གསུངས་པ། དེ་ལྟར་བརྩོན་འགྲུས་བསྐྱེད་ནས་ནི་ཞེས་པ་ལ་སོགས་པས་རྟོགས་པར་བྱ་བར་འདོད་ནས་འཇུག་པར་བྱེད་དེ། དེ་ལྟར་བརྗོད་པའི་གཉེན་པོ་བསྟེན་པ་ལ་སོགས་པས་མི་མཐུན་པའི་ཕྱོགས ་རྩད་ནས་བཏོན་པས་བརྩོན་འགྲུས་སྤེལ་བར་བྱས་ནས་ལྷུན་གྱིས་གྲུབ་པར་འཇུག་པས་བསྟན་པར་བྱ་ཞིང་ཏིང་ངེ་འཛིན་ཏེ། མཉམ་པར་བཞག་པ་ལ་ཡིད་དེ་སེམས་རྩེ་གཅིག་ཏུ་གཞག་པར་བྱ་སྟེ། དེ་ལ་གཞག་པར ་བྱ་ཞིང་བསྡད་པར་བྱའོ་ཞེས་པའི་ཐ་ཚིག་གོ། ཅིའི་ཕྱིར་ཞེ་ན། རྣམ་པར་གཡེང་བའི་ཞེས་སྨོས་སོ།། ནི་ཞེས་པ་ནི་གཏཱན་ཚིགས་ཡིན་ལ། གང་གི་ཕྱིར་མི་སྟེ་སྐྱེས་བུ་ཏིང་ངེ་འཛིན་མེད་པར་རྣམ་པར་གཡེང་བའི་སེམས་ཏེ། ་མཉམ་པར་བཞག་པ་ཉེ་བར་སྤྱོད་པས་བརྩོན་འགྲུས་དང་ལྡན་ཡང་སྲིན་པོ་ལྟ་བུའི་ཉོན་མོངས་པ་རྣམས་ཀྱི་མཆེ་བའི་ཕྲག་ན་སྟེ། དབུས་ན་གནས་ལ་དེས་ཁཾམོ་དུ་བྱས་ནས་ཡོད་པའོ།། དེ་ལྟ་བས་ན་དེ་ལ་རེ་ཞིག་ཏི་ངེ་འཛིན ་གྱི་མི་མཐུན་པའི་ཕྱོགས་རྣམ་པོར་གཡེངས་པ་སྤང་བར་འདོད་ནས་གཞི་འཆའ་བ། ལུས་དང་སེམས་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། ལུས་དབེན་པ་ནི་སྐྱེ་བོ་དང་འགྲོགས་པ་སྤངས་པ་ཡིན་ལ། སེམས་དབེན་པ་ནི་འདོད ་པ་ལ་སོགས་པའི་རྣམ་པར་རྟོག་པ་སྤངས་པ་ཉིད་དེ། དེ་ལྟར་ལུས་དང་སེམས་དག་གི་རྣམ་པར་མི་དབེན་པ་ལ་ཞེན་པ་མེད་པ་ཉིད་ཀྱིས་རྣམ་པར་གཡེང་བ་སྟེ། དེ་དག་གི་གཟེངས་བསྟོད་པ་ཉིད་ལ་དམིགས ་པ་ཉིད་ཀྱིས་རབ་ཏུ་གནས་པ་ཞེས་བྱ་བའི་དོན་ཏོ།། མི་འབྱུང་བ་སྟེ་མི་སྐྱེ་བའོ།། གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་དང་པོར་འཇིག་རྟེན་ཏེ། རང་གི་གཉེན་དང་བཤེས་ལ་སོགས་པའི་མཚན་ཉིད་སྤང་བར་བྱ་སྟེ་དོར་བར ་བྱའོ།། རྣམ་པར་རྟོག་པ་ནི་སེམས་རྣམ་པར་གཡེང་བའི་རྒྱུ་ཡིན་ཏེ། ཡོངས་སུ་དོར་ཞིང་ཡོངས་སུ་སྤང་བར་བྱའོ།། དེ་ལ་འཇིག་རྟེན་མ་སྤོང་བའི་རྒྱུ་རེ་ཞིག་དགག་པར་འདོད་ནས། རྙེད་དང་ཞེས་པ་ལ་སོགས་པ་གསུངས་ཏེ། ་བོདག་དང་བདག་གི་བའི་འཛིན་པས་ཡོངས་སུ་འཇུག་པའི་མངོན་པར་ཞེན་པ་ནི་ཆགས་པ་སྟེ། དེའི་ཕྱིར་འཇིག་རྟེན་མི་སྤྱོད་ལ། རྙེད་པ་ལ་སོགས་པ་ལ་སྲེད་པས་ཀྱང་ངོ་།། སོགས་པའི་སྒྲས་ནི་བཀུརུ་སྟྭཾ་དང་། སྙན་པ་དང་། ་ཚིགས་སུ་བཅད་པ་ལ་སོགས་པ་ཡོངས་སུ་བཟུང་སྟེ། དེ་རྣམས་ལ་སྲེད་པས་ཏེ་རབ་ཏུ་འདོད་པ་སོ་སོ།། དང་གི་སྒྲས་ནི་འཇིག་རྟེན་མི་སྤོང་ཞེས་པ་རྙེད་པ་ལ་སོགས་པ་ལའང་སྡུད་དོ།། གང་གི་ཕྱིར་འདིའི་རྒྱུ་མི་སྤོང་བ་དེ ་བས་ནའོ།། འདི་དག་སྟེ་ཆགས་པ་དང་རྙེད་པ་ལ་སོགས་པ་ལའམ། འཇིག་རྟེན་ནའང་སྤོང་བ་ན་རྒྱུ་མཚན་དུ་གྱུར་པའོ།། འཆད་པར་འགྱུར་བ་འདི་ལྟར་བརྟག་པར་བྱ་ཞིང་བསམ་པར་བྱའོ།། དེ་ཉིད་ཞི་གནས་ཤེས་པ་ལ ་ལ་སོགས་པ་གསུངས་པ་ལ། ཞི་གནས་ནི་སྙེམས་རྩེ་གཅིག་པའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་ཡིན་ལ་དེ་དང་རབ་ཏུ་ལྡན་པ་ཞེས་པ་སྟོན་ཏོ།། འདིར་ཡང་རབ་ཏུ་སྦྱར་རོ།། ཡང་ན་གཏན་གྱི་དོན་ལ་གསུམ་པ་ཡིན་ཏེ། ཞི་གནས་ཀྱི་རྒྱུས་ལྷག ་མཐོང་དང་ལྡན་པའམ་ལྷན་ཅིག་པའི་དོན་ཡིན་ཏེ། ཞི་གནས་དང་ལྷན་ཅིག་ཏུ་ལྕུག་མཐོང་དང་ལྡན་པའོ་ཞེས་སོ།། ལྷག་མཐོང་ནི་ཇི་ལྟ་བུར་གྱུར་པའི་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པའི་རང་བཞིན་གྱིས་ཤེས་རབ་ཡིན་ལ། དེ་དང་ལྡན་པ་ནི་ཟུང ་དུ་འཇུག་པས་ཞུགས་པའི་ལྡུམ་གྱི་སྦྱོར་བས་ཉོན་མོངས་པ་འཇོམས་ཤིང་སྤོང་བར་བྱེད་དེ་ཞེས་ཤེས་པར་བྱ་སྟེ་གོ་བར་བྱས་ནས་སོ།། ཉོན་མོངས་པ་ལས་གྲོལ་བར་འདོད་པས་ཞི་གྲནས་ཐོག་མར་ཏེ་དང་པོར་བཙལ་བྱ་སྟེ་ཉེ་བར་བྱ་ཞིང ་བསྐྱེད་པར་བྱའོ་ཞེས་པའི་ཐ་ཚིག་གོ། དེའི་རྗེས་ལ་ནི་ལྷག་མཐོང་སྟེ་མཉམ་པར་གཞོག་པས་ཇི་ལྟ་བུར་གྱུར་པ་ཤེས་པོ་ཉིད་དུ་སྟེ། གང་བརྗོད་པ། མཉམ་གཞག་ཡང་དག་ཅི་བཞིན་དུ།། ཤེས་པར་འགྱུར་ཞེས་ཐོབ་པས་གསུངས ་ཕྱི་རོལ་གོ་ལཱ~ཾ་བ་བཟློག་པ་ཡིས།། སེམས་ནི་ཞི་ལས་གཡོ་མི་འགྱུར།། དེ་ཡང་ནི་ཞི་གནས་སྔོ།། འཇིག་རྟེན་ནི་འཇིག་རྟེན་ཡུལ་དུ་བྱས་པ་ལའོ།། བལྟོས་པ་མེད་པ་ནི་མངོན་པར་དགའ་བ་སྤངས་པ་སྟེ། དེ་ཉིད་ཀྱིས་འགྲུབ་ཏུ་གཞན་གྱིས ་མོ་ཡིན་ནོ་ཞེས་དོན་ཏོ།། མངོན་པར་དགའ་ཞིང་བལྟོས་པ་མེད་པ་ཉིད་འཆད་པར་འགྱུར་བའི་གཞུང་རྒྱས་པར་བསྟན་པར་འདོད་ནས་མི་རྟག་ཅེས་པ་ལ་སོགས་པ་གསུངས་ཏེ། སེམས་དང་ལྡན་པ་སུ་ཞིག་རང་ཉིད་མི་རྟག་པ་རྣམས ་ལ་ཚགས་པར་འགྱུར་བ་ཇི་ལྟར་རྒྱུ་གང་གིས་ཏེ་རྒྱུ་མཚན་གླང་གིས་རིགས་ཤིང་རུང་བར་འགྱུར། སྟོང་ཕྲག་ནི་སྐྱེ་བ་དུ་མ་ཡིན་ཏེ། མཐར་ཐུག་པ་མེད་པའི་འཁོར་བར་འཁོར་བ་ན་བརྒྱ་ལ་ཞིག་ན་ཡང་སྡུག་པ་མཐོ། ་བ་མ་ཡིན་ནོ།། གཞན་ཡང་དགའ་བར་བྱེད་པས་ན་སྡུག་པར་བརྗོད་ལ། དེ་ཡང་འདི་ན་མེད་དོ་ཞེས་སོ།། མ་མཐོང་ན་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་དེ་རེ་ཞིག་དེ་མཐོང་བ་དེའི་ཚེ་དགའ་བྱར་འདིར་མི་འགྱུར་ཏེ། ཡིད ་མི་བདེ་བ་དེ་ཉིད་ཀྱིས་ཏིང་ངེ་འཛིན་ལ་འཇོག་པར་མི་འགྱུར་ཏེ་མི་གནས་པ་ཉིད་དུ་འགྱུར་ལ། དེ་ལ་དམིགས་པ་ལ་ནུས་པ་མེད་པ་ཡིན་ཏེ། སེམས་རྣམ་པར་འཁྲུག་པའི་ཕྱིར་རོ་ཞེས་པའི་དོན་ཏོ།། འོན་ཏེ་གལ་ཏེ་ཡང་སྡུག་པ་མཐང ་བ་འདིར་འགྱུར་བ་དེ་ལྟར་ན་མཐོང་ཡང་ངོམས་པར་མི་འགྱུར་ཏེ་སླར་ཡང་ལྷག་པར་སྲེད་པས་གདུངས་པར་འགྱུར་ལ། དེ་མཐོང་བར་འདོད་པས་སྦྱར་བཞིན་དུ་སྟེ། མ་མཐོང་བ་དང་འདྲ་བར་གདུང་བར་འགྱུར་རོ།། གཞན་ཡང་དྲོན ་ཉམས་པ་ཐམས་ཅད་ཀྱི་རྒྱུ་སྡུག་པ་དང་ཕྲད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཡང་དག་གྱུར་པ་ལ་སོགས་པ་གསུངས་ཏེ་སྡུག་པ་དང་ཕྲད་པར་འདོད་པས་ཡང་དག་པར་གྱུར་པ་སྟེ་མ་ནོར་བའི་ཡོན་ཏན་དྲང་སྐྱོན་མི་མཐོང་སྟེ་མི ་ཤེས་སོ།། ཞེན་པ་དེ་ཉིད་ཀྱིས་སྐྱོ་ལ་འཇིག་རྟེན་ཉམས་པར་འགྱུར་རོ།། དེ་ཉིད་དང་ཕྲད་པར་འདོད་པས་སྲེག་པར་འགྱུར་ཏེ་མྱ་ངན་དེ་ཡིས་ཏེ། ཡུད་ཙམ་ཡང་རྒྱུན་མ་ཆད་པར་གྱུར་པས་སོ།། མྱ་ངན་དེས་ནི་ཞེས་པ་ནི་ཡིད་གདུང་བར ་གྱུར་པ་དེ་ཉིད་ཀྱི་སྲེག་པར་བྱེད་དོ་ཡོངས་སུ་གདུང་བར་བྱེད་དོ།། སྡུག་པ་དང་ཕྲད་པར་འདོད་པ་ནི་སྡུག་པ་དང་ཕྲད་ཅིང་སྦྱོར་བའོ།། དེ་ལ་འདོད་པས་ཏེ་སྲེད་པ་རྒྱུར་གྱུར་པས་སླར་ཡང་། ཡང་ནས་ཡང་དུ་ལྷག་ཅིང་ལྷག་ཅིང་ལྷག་པར་ཚོར་བར་བྱེད ་པས་སོ།། དེ་དང་ཕྲད་པས་ནི་དོན་མེད་པའི་རྒྱུ་ཉིད་དེ་ཞེས་དེ་ལ་སེམས་པ་ལ་སོགས་པ་འདིས་ཀྱང་སྟོན་པར་བྱེད་དེ། དེ་ལ་ནི་སྡུག་པ་ལྔ་ཡིན་ལ། ཡང་ན་ཕྲད་པ་དེ་ལའོ།། སེམས་ཀྱིས་དེའི་ཡོན་ཏན་ལ་རྟག་ཏུ་སེམས་པས་སོ།། ཅི་ལྟར་ཡང་བདོག ་སྡུག་པ་འདི་དང་ཕྲད་པ་རྒྱུན་ཆད་པར་མ་གྱུར་ཅེས་པའམ། དེ་ལ་སེམས་ཞུགས་པས་སོ།། དོན་མེད་པ་ཉིད་ནི་ཚེའི་འདུ་བྱེད་སྐད་ཅིག་རེ་རེ་ལ་ཟད་པར་འགྱུར་བ་སྟེ། དགེ་བའི་ལས་ཅུང་ཟད་ཙམ་ལ་ཡང་དག་པར་སྦྱར་བ་མ་ཡིན་ནོ་ཞེས་དགོངས་ལ། ་གང་གི་དྲོན་དུ་ཚེ་ཟད་པར་བྱས་པ་མ་ཡིན་ནོ་ཞེས་སོ།། དེ་ལྟར་ན་ཡང་འཛའ་བཤེས་བརྟན་པ་ཡིན་ནོ་ཞེ་ན། རྟག་པ་མེད་པའི་ཞེས་པ་ལ་སོགས་པ་གསུངས་ཏེ། ངེས་པར་འཇིག་པར་འགྱུར་བས་མི་གནས་པའི་ཕྱིར་མི་རྟག་པའི་མཛའ་བཤེས་ཀྱི་རྒྱུས ་ཆོས་འཇིགས་པས་ཏེ་ཡོངས་སུ་ཉམས་པར་འགྱུར་བ་ཡིན་ལ། རྟག་པ་ནི་དུས་རིང་པོའི་གནས་སྐབས་ཆགས་སུ་གྱུར་པའི་ཕྱིར་དང་། འབྲས་བུ་ཆེན་པོ་ཉམས་པ་མེད་པའི་ཕྱིར་རོ།། དེ་ལྟར་གྱུར་ན་ཡང་འགའ་ཞིག་དང་འགྲོགས་པ་ལས་ངེས ་པར་ཕན་པ་དང་བདེ་བའི་རྒྱུ་མཚན་ཐོབ་པར་གྱུར་ན་དེ་ཅིའི་ཕྱིར་རྣམ་པ་ཐམས་ཅད་དུ་འགོག་པར་བྱེད་ཅེ་ན། འདིར་བྱས་པ་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་དང་འགྲོགས་པ་ལས་དོན་མེད་པར་མ་གཏོགས་པ་འདོད་པ་མཆོག་ཅུང་ཟད་ཀྱང ་ཐོབ་པར་མི་འགྱུར་ཏེ། དེ་ལྟར་ཡང་བྱིས་པ་སོ་སོའི་སྐྱེ་བོ་དང་ལྷན་ཅིག་སྐལ་བ་མཉམ་པར་སྤྱོད་པ་སྟེ། སྤྱོད་པ་མཚུངས་པས་ངན་འགྲོར་ངེས་པ་ཉིད་དུ་འགྲོ་བར་འགྱུར་ཏེ། དེ་དང་འདྲ་བའི་ལས་སྤྱད་པའི་ཕྱིར་དང་། འཕགས ་པའི་ཆོས་ལས་ཕྱི་རོལ་ཏུ་གྱུར་པའི་ཕྱིར་ལ། འོན་ཏེ་འཕགས་པའི་ཆོས་ཀྱི་རྗེས་སུ་ཞུགས་པ་ནི་དེ་དང་མི་འདྲ་བའི་ལུས་བྱེད་པར་འགྱུར་བ་དེའི་ཚེ་སྐལ་བ་སྟེ་མཉམ་པོར་སྤྱོད་པའི་བྱིས་པ་མི་འདོད་དེ་སྡང་བས་ན་བྱིས་པ་ཞེས་པ་དང་འབྲེལ་ཏེ། འདིར ་བྱེད་པ་པོ་ལ་གསུམ་ཡིན་ཏེ། དེ་ལྟར་ན་འཇིག་རྟེན་གཉི་ག་ལ་གནོད་པའི་ཕྱིར་རོ།། བྱིས་པ་དང་འགྲོགས་པས་ཅི་ཞིག་འཐོབ་སྟེ། ཕན་པ་དང་བདེ་བའི་རྒྱུ་སྟེ། ལྷག་པ་ཅུང་ཟད་ཀྱང་མེད་དོ་ཞེས་པའི་དོན་ཏོ།། རྗེས་སུ་མཐུན་པ་སྤྱད་ཀྱང་བདག་གིས་བྱ ་བོར་མི་ནུས་སོ་ཞེས་སྐད་ཅིག་ཅེས་པ་ལ་སོགས་པ་གསུངས་ཏེ། གང་གི་དགོས་པ་ཅུང་ཟད་ལ་བརྟེན་ནས་སྐད་ཅིག་ཙམ་གྱི་མཛའ་བར་འགྱུར་ཏེ་གྲོགས་སུ་འགྱུར་རོ།། རྒྱུ་མཚན་ཅུང་ཟད་ཙམ་ལ་དམིགས་ནས་སྐད་ཅིག་ཙམ་ཉིད་ཀྱི་དེ་ཉིད་དགྲ ་སྟེ་མི་མཐུན་པར་འགྱུར་ཏེ། ལྡོག་པར་སེམས་པའི་ཕྱིར་རོ།། དེ་རྣམས་ལ་ངེས་པར་རྒྱུ་མཚན་ཡོད་པ་ཡང་མ་ཡིན་ནོ།། གང་ཞིག་བརྒྱ་ལ་སེམས་དགའ་བོའི་ཁྱད་པར་ལ་བཟློག་པའི་དབང་གིས་ཁྲོ་བར་བྱེད་དོ།། སོ་སོའི་སྐྱེ་བོ་འཕགས་པ ་མ་ཡིན་པ་མགུ་བར་དཀའ་བ་ཡིན་ཏེ། སྡུག་བསྔལ་དང་བཅས་པས་མགུ་བར་ནུས་པས་སོ།། བྱིས་པའི་ཆོས་གཞན་ཡང་སྤང་བའི་དོན་དུ་ཕན་པ་ཞེས་པ་ལ་སོགས་པ་སྟོན་པར་མཛད་དེ། འདི་ནི་བྱ་བ་ཡིན་ལ་འདི་ནི་བྱ་བ་མ་ཡིན་ནོ་ཞེས ་བརྗོད་ཅིང་སྨྲས་པ་ན་ཁྲོ་བར་འགྱུར་ཏེ་ཞེ་སྡང་བར་འགྱུར་རོ།། ཡང་ཕན་པ་དང་མི་ཕན་པ་བརྗོད་པ་འཛིན་པར་མི་འགྱུར་ཏེ། སླར་ཡང་བདག་ཕན་པཱ་ལས་ཟློག་པར་བྱེད་ལ། ཁྱོད་གཅིག་པུ་ངལ་བའི་འབྲས་བུ་འདི་ཉམས་སུ་བླངས་ནས་ཅི ་བྱ་ཞེས་བདག་དེ་ལ་ཞུགས་པ་དེ་ལ་དེས་བཟློག་པར་བྱེད་དོ།། གལ་ཏེ་བྱིས་པ་དེ་རྣམས་ཀྱི་ཚིག་མ་མཉན་ན་ཞེས་པ་ནི་ལྷག་མའོ།། གལ་ཏེ་དེའི་ཚིག་ལ་བརྙས་ནས་རང་གི་ཕན་པ་ལ་འཇུག་པར་བྱས་པ་དེའི་ཚེ་ཁྲོ་བར་བྱེད་དེ། བདག་གི ་ཚིག་ལས་འདི་མ་ལོག་གོ་ཞེས་པས་སོ།། དེ་ལ་ཕན་པ་མ་ཡིན་པ་བྱེད་པ་ཡིན་ནོ་ཞེས་ནས་ལས་དེས་བསྐུལ་བྱས་ངན་འགྲོར་འགྲོ་བར་འགྱུར་རོ།། བྱིས་པའི་ཆོས་གཞན་འདི་ལ་ཡང་སྐྱོ་བར་བྱའོ་ཞེས་བསྟན་པའི་ཕྱིར་ཕྲག་དོག་ཅེས་པ ་ལ་སོགས་པ་གསུངས་ཏེ། བདག་ལས་ཁྱད་པར་མཆོག་ཏུ་གྱུར་པའི་རིགས་པ་དང་། ནོར་ལ་སོགས་པ་དང་ལྗོན་པ་ཕྲག་དག་སྟེ། གཞན་གྱི་ཕུན་སུམ་ཚོགས་པ་ལ་མི་བཟོད་པ་སྐྱེ་བར་འགྱུར་བའོ།། དོན་གྱིས་ན་དེ་རྣམས་ཉིད་དང་བདུག ་མཉམ་ཞིང་མཚུངས་པ་ལ་འགྲན་པས་རྩོད་དོ།། བདག་པས་དམན་པ་སྟེ་ཞན་པ་ལ་མངོན་པའི་ང་རྒྱལ་ཏེ་ང་ནཱི་མཆོག་ཡིན་ནོ་ཞེས་མངོན་པར་ང་རྒྱལ་བའི་ཕྱིར་རོ།། བསྟོད་པས་དྲེགས་པ་ནི་བདེན་པ་དང་བདེན་པས་མ་ཡིན་པའི་ཡོན ་ཏན་བརྗོད་པ་ན་བདག་ཆེན་པོ་ཡིན་ནོ་ཞེས་སྒྲོ་འདོགས་པས་དགོད་པར་བྱེད་དོ།། མི་སྙན་བརྗོད་པ་སྟེ་བདག་གི་ཉེས་པ་བསྒྲག་པ་ཐོས་པ་ལས་ཏེ་དོན་གྱིས་ནི་མི་སྙན་པ་བརྗོད་པ་ལས་ཁོང་ཁྲོ་བ་སྟེ་ཞེ་སྡང་སྐྱེའོ།། དེ་ལྟར་ན་ནམ་ཞིག ་སྟེ། དུས་འགའ་ཞིག་ན་བྱིས་པ་ལས་ཕན་པར་འགྱུར་བ་ནམ་ཡང་མ་ཡིན་ནོ་ཞེས་པའི་དོན་ཏོ།། འདིས་ཀྱང་བྱིས་པ་རྣམས་ཡོངས་སུ་སྤངས་ནས་གནས་པར་བྱའོ་ཞེས་བསྟན་པའི་ཕྱིར་བྱིས་ལུས་བྱིས་པ་ལ་ན་ཞེས་པ་ལ ་སོགས་པ་གསུངས་ཏེ། བྱིས་པ་གཅིག་ལ་བྱིས་པ་གཞན་ལས་འདི་ལྟ་བུ་ལ་སོགས་པའི་མི་དགེ་བ་སྟེ་དགེ་བ་མ་ཡིན་པ་ངེས་པར་སྐྱེ་བོར་འགྱུར་རོ།། ཅི་ལྟ་བུརེ་ཞེ་ན། བདག་ལ་བསྟོད་པོས་དེ་ཐོས་པ་དང་ཤོས་པོ་ལ་སོགས་པས་མཆོག་ཏུ ་བསྔགས་པའོ།། ཐོས་པ་ལ་སོགས་པ་སྦ་བའི་དོན་དུ་གཞན་ལ་སྨོད་པ་སྟེ་ཉེས་པ་སྒྲོགས་པའོ།། འཁོར་བར་དགའ་བ་ནི་མངོན་པར་དགའ་བ་ཡིན་ཏེ། དེའི་གཏམ་ནི་དེ་ལ་བསྔགས་པ་སྟེ། འདོད་པའི་ཡོན་ཏན་རྣམས་ལ་ཡང་དག་པར་བསྟོད་པའི ་ཕྱིར་ཏེ། འདི་ལྟ་བུ་ལ་སོགས་པའི་རྣམ་པ་དེ་ལྟར་རོ།། དེ་ལྟར་དེ་དང་ཞེས་པ་ནི་གཞན་དང་ཡིན་པ་སྟེ། དེ་དང་འབྲེལ་པ་སྟེ། དེ་གཞན་གཉིས་པ་དང་འགྲོགས་པས་སོ།། མི་དགེ་པ་ཅུང་ཟད་དུ་ངེས་པར་གྱུར་ཏོ།། གང་གིས་དེ་ལྟར་ཡིན་པའི་རྒྱུ་དེས ་ན་ཕུང་བར་འགྱུར་བ་སྟེ་མི་དགེ་བ་འབྱུང་བར་འགྱུར་ཏེ། བྱིས་པ་འདི་དང་འགྲོགས་པ་ལ་ཐོབ་པར་འགྱུར་རོ།། དེའི་ཕྱིར་འཕགས་པའི་ཆོས་ལ་རྗེས་སུ་བསླབ་པའི་དོན་དུ་གཅིག་པུ་སྟེ་བྱིས་པ་དང་འགྲོགས་པ་དང་བྲལ་བས་གཉིས་པ་མེད ་པར་རྒྱུ་བར་བྱའོ།། དེ་དང་བྲལ་བས་བདེ་བ་སྟེ་བྱ་བོ་འདི་ནི་བྱ་བའི་ཁྱད་པར་ཡིན་ནོ།། ཅི་ལྟར་ཞེ་ན། དེས་ན་ཡིད་ནི་སྦྱོར་བས་ཞེས་ཏེ། དེ་དང་འགྲོགས་པ་སྤངས་པའི་ཕྱིར་ཏེ་ངེས་བྱས་པོའི་ཉོན་མོངས་པ་དང་བྲལ་བའི་ཕྱིར་རོ།། སྔ་མ་ལ ་འདི་ནི་གཏན་ཚིགས་ཀྱི་ཚིག་ཡིན་ནོ།། ཡང་ན་བདེ་བ་ནི་ལུས་ཀྱི་ཡིན་ལ་ཉོན་མོངས་མེད་ཡིད་ཀྱིས་ཞེས་པ་ནི་ཡིད་ལས་བྱུང་བ་ཡིན་ནོ།། དེའི་ཕྱིར་བྱིས་པའི་སྐྱེ་བོ་དང་འགྲོགས་པས་སྡུག་བསྔལ་བ་སྤོང་བར་འདོད་པས་དེ་དང་འགྲོགས ་པར་མི་བྱའོ་ཞེས་བསྟན་པའི་ཕྱིར་བྱིས་ལས་ཞེས་པ་ལ་སོགས་པ་གསུངས་ཏེ། བྱིས་ལས་ཏེ་ཐམས་ཅད་ཤིན་ཏུ་ཐག་རིང་བར་བྱོལ་བར་བྱ་སྟེ་འབྲོས་པོར་བྱ་ཞིང་ཇི་ལྟར་དེ་དང་བརྒྱ་ལ་ཡང་ཕྲད་པར་མི་འགྱུར་བར་བྱའོ་ཞེས་པའི ་དོན་ཏོ།། འོན་ཏེ་བརྒྱ་ལ་སྟེ་དབང་གིས་ཕྲད་པ་དེའི་ཚེ་ཕྲད་ཅིང་ཚོགས་པ་ན་བསྟེན་པར་བྱ་སྟེ་དགའ་བས་ཏེ། དགའ་བའི་རྣམ་པའི་ཉེ་བར་སྤྱོད་པས་བརྟེན་པར་བྱའོ།། བསྟེན་པ་ན་ཡང་འདྲེས་ཆེན་ཉིད་དུ་མི་འགྱུར་བར་ཏོ།། བསྙེན་བཀུར ་རེ་བའི་བསམ་པས་མ་ཡིན་པའོ།། ཡང་ན་འདྲིས་ཆེན་པོ་རྗེ་ས་སུ་ཆགས་པ་མ་ཡིན་གྱི་འོན་ཀྱང་ཆགས་སྡང་དང་བྲལ་བས་ཐ་མལ་པ་བཞིན་དུ་སྟེ། དམ་པའི་སྤྱོད་པ་གཟུ་བོ་ལྟ་བུར་རོ།། སྐྱེ་བོ་བཟང་པོ་དང་། ལྷན་ཅིག་སྤྱོད་པར་འདིས ་ཀྱང་བསླབ་པར་བཞེད་ནས། ཆོས་ཀྱི་དོན་ཙམ་ཞེས་པ་ལ་སོགས་པ་གསུངས་ཏེ། ཆོས་ཀྱི་ཆེད་འདི་ནི་ཆོས་དོན་ཏེ། དེ་ཉིད་འབའ་ཞིག་ཙམ་ནི་དེ་ཙམ་མོ།། དེ་བླངས་ནས་ནི་གཟུང་ནས་ཏེ་སྙིང་པོ་བླང་བར་བྱས་ནས་ཞེས་པའི་དོན་ཏོ།། ་བུང་བ་བཞིན་དུ་ནི་སྦྲང་རྩི་བྱེད་བཞིན་དུ་ཏེ། མེ་ཏོག་ལས་སྦྲང་རྩི་ལྡན་པ་བཞིན་དུའོ།། ཡང་ན་ཆོས་ཉིད་ཀྱི་དོན་ནི་དགོས་པ་སྟེ། འདི་ཆོས་གོས་དང་བསོད་སྙོམས་ལ་སོགས་པ་ཡིན་ནོ་ཞེས་ཚིག་སྡུད་དོ།། བྱིས་པ་དང་འགྲོགས ་པ་ལ་རྒྱབ་ཀྱིས་ཕྱོགས་ཏེ། སྔོན་མེད་བཞིན་དུ་སྟེ་ཟླ་བ་གསར་བཱ་དང་འདྲ་བར་གནས་སྐབས་ཀུན་ཏུ་འམ་ཡུལ་ཀུན་ཏུ་གནས་པར་བྱའོ།། འདྲིས་པ་མེད་པ་ནི་ངོ་ཤེས་པ་མེད་པ་སྟེ། གནས་པར་བྱ་ནི་དེར་རེ་དང་བྲལ་བར ་ཞེས་པའི་དོན་ཏོ།། དེ་ལྟར་ན་སྡུག་པ་དང་འགྲོགས་པའི་རྒྱུ་ཆགས་པ་བསལ་ནས་ད་ནི་རྙེད་པ་ལ་སོགས་པ་ལ་སྲེད་པ་འཇིག་རྟེན་མི་གཏོང་བའི་རྒྱུ་སྤང་བར་བྱའོ་ཞེས་བསྟེན་པར་བྱ་བའི་ཕྱིར། བདག་ནི་རྙེད་པ་མང་ཞེས་པ་ལ་སོགས་པ ་གསུངས་ཏེ། འོདིའི་རྙེད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཆོས་གོས་དྲང་བསོད་སྙོམས་པ་ལ་སོགས་པའི་རྙེད་པ་དང་ལྡན་པས་བདག་རྙེད་པ་ཅན་དང་བཀུར་སྟི་བྱས་པའང་ཡིན་ཏེ། སྐྱེ་བོས་མཆོད་པ་ཡིན་ནོ།། བདག་ལ་དགའ་བ་ནི ་འདོད་པ་ཡིན་ལ་མང་པོ་ཡང་དུ་མ་ཡིན་ཏེ། སྐྱེ་བོ་མང་པོས་འདོད་པ་ཞེས་པའི་དོན་ཏོ།། ཞེས་པ་ནི་དེ་ལྟར་སེམས་པ་ན་འདི་ལྟར་ས་སྟེང་སྟེ་ཡིན་ལ། ཤི་བའི་འོག་ཏུ་འཇིགས་པ་སྐྱེའོ།། ཅི་ལྟར་བུར་གྱུར་པ་ལ་ཞེ་ན། མ་བསམས་པར་ཐོབ་པ ་ལ་གློ་བུར་དུའོ།། དེ་ལྟར་ན་ཐམས་ཅད་དུ་ངེས་པར་འཆི་བ་ཡིད་ལ་བྱས་པས་འཇིག་རྟེན་པའི་སྐྱེ་བོ་ལ་སེམས་པའི་སྤྱོད་པ་ཡོངས་སུ་བསམ་པས་ཅི་ཞིག་བྱ་སྟེ་དགོས་པ་ཅུང་ཟད་ཀྱང་མེད་དེ་བླང་བར་བྱ་བ་མ་ཡིན་ནོ་ཞེས་པའི་ཐ་ཚིག ་གོ།། བྱིས་པ་དང་འགྲོགས་པ་སྡུག་བསྔལ་གྱི་རྒྱུ་ཉིད་དོ།། ཞེས་སེམས་ཅན་རྙེད་པ་མེད་ལ་ཞེས་པ་འདིས་ཀྱང་སྟོན་ཏེ། སེམས་ཅན་རྙེད་པ་མེད་པ་སྟེ་རྙེད་པ་དང་བྲལ་བ་ཡིན་ལ། བསོད་ནམས་མ་བྱས་པའི་ཉོན་མོངས་པ་འདིས་བསོད་སྙོམས ་ལ་སོགས་པ་ཤིན་ཏུ་ཉོན་མོངས་པས་མི་རྙེད་དོ་ཞེས་འཆབ་བར་བྱེད་དོ།། རྙེད་པ་ཅན་ལ་ཡང་མི་སྙན་པར་བརྗོད་དེ། ཡོན་ཏན་བདག་གམ་སྦྱིན་པ་པོ་རྣམས་ཀྱི་དད་པ་མཆོད་ནས་སྦྱིན་པ་པོ་དང་། ཡོན་ཏན་བདག་རྣམས་ཚུལ་བ་ཆོས་ལ་སྡོག ་པས་དད་པར་བྱས་ནས་ཆོས་གོས་ལ་སོགས་པའི་རྙེད་པ་ཐོབ་པ་ཡིན་ཏེ། གཞན་དུ་ན་གཞན་ལ་ཡང་དེ་ལྟ་བུའི་སྣརོན་ཏཱན་ཡོད་ན། ཅིས་ན་འདི་ཉིད་ཀྱིས་ཐོབ་ལ་གཞན་མ་ཡིན་ཞེས་དེ་ལ་མ་དད་པར་བྱེད་ཅིང་ཚིག་དེ་ལྟར་སྨྲའོ།། དེ་ལྟར་གཉི་ག ་ལྔ་ཡང་དེ་རྣམས་ལས་སེམས་ཞི་བ་ཡོད་པ་མ་ཡིན་ཏེ། དེ་འདི་ལྟར་རང་བཞིན་གྱིས་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་རོ།། ཡང་ན་གང་བྱིས་པའི་སྐྱེ་བོ་དེ་རྣམས་སྡུག་བསྔལ་བས་གནས་པ་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། དེ་དག་གིས ་ནི་དེ་ལྟ་བུར་གྱུར་པས་ཏེ། ལྷན་ཅིག་ཏུ་འགྲོགས་པར་གྱུར་པས་དགའ་བ་ཇི་ལྟར་སྐྱེ་བར་འགྱུར་ཏེ་མ་ཡིན་ནོ་ཞེས་པའི་དོན་ཏོ།། བྱིས་པ་སྙིང་འགྲོགས་ཀྱང་བརྟན་པ་མ་ཡིན་པར། གང་གི་ཕྱིར་བྱིས་པ་ཞེས་པ་ལ་སོགས་པ་གསུངས ་ཏེ། གྲོགས་པོ་ནི་སྙིང་དུ་སྡུག་པ་ཡིན་ལ། དེ་བཞིན་གཤེགས་པས་གསུངས་པ་ནི་ལུང་རྣམས་སུ་གསུངས་པ་ཡིན་ནོ།། ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་རང་ལ་དགོས་པ་མེད་པར་བྱིས་པ་གང་ལ་ཡང་དགའ་བ་སྐྱེ་བར་མི་འགྱུར་ཏེ། དེའི་ཕྱིར ་དེ་མེད་པ་ལས་བཟློག་པར་འགྱུར་རོ།། དེ་ཀྱང་བྱིས་པ་དང་འགྲོགས་པ་ཡིན་ན་ཡང་བསྟེན་པ་མ་ཡིན་ནོ།། དེ་ལ་བྱམས་པར་བྱས་པས་ཀྱང་སོ་སོའི་སྐྱེ་བོ་མགུ་བར་མི་ནུས་སོ།། དེ་ལྟ་བས་ན་དེ་དང་འགྲོགས་པ་ལས་བྱུང་བའི་ཉེས་པ་སྤོང ་པའི་ཆེད་དུ་བདེ་བ་དང་ཡིད་བདེ་བས་དབེན་པ་འདོད་པས་གནས་པར་བྱ་སྟེ། བདག་གིས་དགོན་པ་ལ་སོགས་པ་བརྟེན་པ་ལ་གནས་པར་བྱའོ་ཞེས་ནས་དེའི་ཕན་ཡོན་བསྟན་པའི་ཕྱིར། ཤིང་རྣམས་ཞེས་པ་ལ་སོག ་པ་གསུངས་ཏེ། ཤིང་རྣམས་སྨོད་པར་མི་བྱེད་པ་ནི་ལྗོན་ཤིང་རྣམས་སོ།། རབ་ཏུ་བསྒྲིམས་ནས་ཞེས་པ་ནི་ནགས་ལ་སོགས་པ་རྣམས་སུ་དེ་དང་མཐུན་པའི་ཡང་དོག་པར་སྤྱོད་པས་བསྟེན་མི་དགོས་པ་ནི་བསྟེན་པར་བྱ་བ་མ་ཡིན་པ་སྟེ། ་ནགས་ནི་འགྲོགས་པ་ནས་བསྡམ་པ་ངན་པ་དང་བྲལ་བའི་ཕྱིར་རོ།། དེའི་ཕྱིར་བདག་ནམ་ཞིག་ཤིང་རྣམས་དང་ལྷན་ཅིག་ཏུ་འགྲོགས་པར་འགྱུར། ཅི་ལྟ་བུར་གྱུར་པ་ཞེ་ན། བདེ་བར་འགྲོགས་པས་ཏེ་འདི་ལྟར་སྨོན་པ་ཡིན་ལ་བདེ་བའི ་རྒྱུ་ཡིན་པས་བདེ་བ་ཡིན་ནོ་ཞེས་སྔར་བཞིན་དུ་འོང་ཡང་གཅིག་པུ་རྒྱུ་བར་བྱ་བ་ལ་དགའ་བར་བྱ་བར་ཕུག་གམ་ཞེས་པ་ལ་སོགས་པ་གསུངས་པ་ལ། ལྷ་གྲོང་ནི་སྐྱེ་བོའི་ཚོགས་དང་བྲལ་བ་ཡིན་ཏེ། གནས་བཅས་ནི་ཅི་ལྟར་འདོད་པར ་ནུབ་གཅིག་གམ་གཉིས་ངལ་སོ་ཞིང་གནས་པའོ།། ལྗོན་ཤིང་གི་དྲུང་ནི་ཤིང་གི་འོག་ཡིན་ལ། ཕུག་ནི་རི་ལ་སོགས་པ་རྣམསུ་གསང་བའི་ཡུལ་ཡིན་ཏེ་དེར་ཡང་ངོ་།། བལྟོས་པ་མེད་པ་ནི་ཞེན་པ་མེད་པ་ཡིན་ཏེ། འགྱུར་ཞིག་གུ་ནི ་སྨོན་པའི་གནས་འགའ་ཡང་མེད་པསོ།། དེ་ཉིད་ཀྱི་ཕྱིར་རྒྱབ་ཏུ་མི་ལྟ་བ་ནི་ཕྱིས་ལྡོག་པ་མེད་པའི་ཕྱིར་རོ།། ཡང་གཞན་གསུངས་པ་ས་ཕྱོགས་ཞེས་པ་ལ་སོགས་པ་ལ། འགེགས་པར་བྱེད་པ་གང་གིས་ཀྱང་སྔར་བདག་གིར་མ ་བྱས་པ་ཡང་སཱ་ཤིང་རྒྱ་ཆེ་བ་ཡིད་བདེ་བར་བྱེད་པ་རྣམས་སུ་སྟེ། རང་བཞིན་གྱིས་ནི་རང་ཉིད་ཀྱིས་སོ།། དེ་ལྟ་བུ་རྣམས་སུ་བཅོས་མ་མ་ཡིན་པས་གནས་པར་བྱའོ།། ནུམ་ཞིག་བདག་ཅེས་པ་ནི་སྨོན་པ་སྟེ། འདིར་གནས་པའི་བདེ་བ་གང་ཡིན ་པོ་དེ་བསྟན་པའི་ཕྱིར། རང་དབང་ཞེས་པ་ལ་སོགས་པ་གསུངས་ཏེ། རང་དབང་དུ་སྤྱོད་པ་ནི་གཞན་དབང་གིས་འཇུག་པ་མ་ཡིན་ལ་གནས་མེད་པ་ནི་གནས་དང་བྲལ་བ་ཡིན་ཏེ་གང་ལ་གནས་ལྔ་ཞེས་པ་དང་བྲལ་བས་གང་ལ་གནས་མེད་པ་སྟེ། ་གང་ལ་ཡང་བདོག་གིར་བྱས་པ་མེད་པའི་ཕྱིར་རོ།། དེ་ལྟ་བུར་གྱུར་པ་གང་དང་ཡང་འབྲེལ་པ་མེད་པ་ཡིན་ཏེ། ལྷག་མ་ནི་གོ་བླའོ།། ཡང་འདི་ལྟར་འདོད་པ་ཆུང་བས་སྨོན་པར་བྱ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། སའི་ལྷུང་བཟེད་ཙམ་ཞེས ་པ་ལ་སོགས་པ་གསུངས་པ་ལ། སའི་ལྷུང་བཟེད་ནི་སོའི་རང་བཞིན་གྱི་སློང་སྟོང་ངོ་དོ།། དེ་ཉིད་འབའ་ཞིག་ནི་དེ་ཙམ་ཡིན་ལ། དེ་ལྟ་བུའི་བདོག་པ་གང་གི་ཡོན་པ་དེ་ལ་དེ་སྐད་ཅེས་བྱའོ།། ཀུན་ལ་མི་མཁོ་བ་ནི་ཕྱོག་དར་ཁྲོད་ལས་གོས་བྱས་པའི ་ཕྱིར་ཏེ་ཡོངས་སུ་ལོངས་སྤྱད་པར་བྱ་བ་མ་ཡིན་པ་དང་། མཁོ་བ་མ་ཡིན་པ་ཞེས་པའི་ཐ་ཚིག་གོ།། དེ་ལྟ་བུའི་ཆོས་གོས་གང་གི་གོས་ཡིན་པ་དེ་ལྟ་དེ་སྐད་ཅེས་བྱའོ།། གཉིས་པོ་འདི་གཞན་གྱིས་འཕྲོག་པ་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་འཛག ་པོ་མེད་པ་དང་། ལུས་གསོན་པ་ལ་བལྟོས་པ་མེད་པ་ཡིན་ལ། དེ་ཉིད་ལུས་འདི་སྦ་བ་མ་བྱས་ཀྱང་ཞེས་པས་སྟོན་ཏེ། ཕྱི་དང་ནང་གི་བདག་ཉིད་ཀྱི་ཡོངས་སུ་བཟུང་བ་མེད་པའི་ཕྱིར་བསྲུང་བ་དང་བྲལ་བ་ཡིན་ནོ།། མི་རྟག་པ་འདི་ཡང་ཞེན ་འདོར་བའི་རྒྱུ་ཡིན་པས་ཐམས་ཅད་དུ་བསྟེན་པར་བྱའོ་ཞེས་ཚིགས་སུ་བཅད་པ་གསུམ་གྱིས་གསུངས་པ་ནི་ལུས་ཀྱི་གཉུག་མའི་སར་སྤོང་ནས་ཞེས་པ་ལ་སོགས་པ་ཡིན་ཏེ། ལུས་ཀྱི་གཉུག་མའི་ས་ནཱི་དུར་གྱིས ་སྟེ། ལུས་ཀྱིས་ཡུན་རིང་པོར་གནས་ནས་ཀྱང་དེ་བཞིན་དུ་མཐར་གཏུགས་པའི་ཕྱིར་རོ།། གཞན་རུས་ཞེས་པ་ནི་སྔར་ཤི་བ་རྣམས་ཀྱི་རུས་པ་ཡིན་ལ་རུས་པ་ནི་རྣག་དང་ལྡན་པའོ།། དེའི་ཆོས་ཅན་ནི་དེའི་རང་བཞིན་ལ། བདག་གི་ལུས་ནི ་འདི་ཉིད་ཀྱང་ཞེས་པ་ལ་སོགས་པས་དེ་ཉིད་མགོ་སྙོམ་པར་སྟོན་པར་བྱེད་དེ། འདི་ལྟར་ཞེས་པ་ནི་རུས་པ་གཞན་ཞུ་བ་དང་རང་གིས་ལུས་པོ་འདྲ་བ་ལ་བརྗོད་དོ།། རུས་པ་སྟེ་སྨད་པར་འགྱུར་བའོ།། ཇི་ལྟ་བུར་གྱུར་པ་ཞེ་ན། གང་གི་དྲིའི་ཞེས ་པཱ་ལ་སོགས་ལ་གསུངས་ཏེ། ཤིན་ཏུ་དྲི་ང་བས་ཅེ་སྤྱང་ཟས་དེ་དོན་དུ་གཉེར་བྱས་ཀྱང་བཟོད་པར་དཀའ་བ་ཡིན་ནོ།། སྡུག་པ་དང་འགྲོགས་པ་ནི་ངོས་ཀྱང་དགག་པར་སྟོན་པ་ནི་ལུས་འདི་གཅིག་པུ་ཞེས་པ་ལ་སོགས་པ་གསུངས་པ་ལ། ལུས ་འདི་གཅིག་པུ་བྱུང་བ་ནཱི་གཅིག་པ་ཉིད་དུ་བརྟག་པའོ་ལུས་ཡིན་ལ། ལྷན་ཅིག་སྐྱེས་པ་ནི་ལུསྣ་དང་ལྷན་ཅིག་སྐྱེས་པའི་རུས་དུ་མ་ཡིན། སོ་སོར་འགྱེས་པར་གྱུར་པ་ནི་བྲལ་བར་འགྱུར་ན་ཞེས་པའི་དོན་ཏེ། མཛའ་བ་དཔག་གཞན་ལྟ ་ཅི་ཞིག་སྨོས་པ་ནི་སོ་སོར་ཅིའི་ཕྱིར་མི་འགྱུར་ཞེས་པའི་དོན་ཏེ། གང་ཐམས་ཅད་དུ་བྲལ་བ་ཉིད་དུ་འགྱུར་རོ་ཞེས་པའོ།། དེ་ལྟར་གྱུར་ན་ཡང་བུ་དང་ཆུང་མ་ལ་སོགས་པ་རྟག་ཏུ་བདག་གིས་བདེ་བ་དང་སྡུག་བསྔལ་གྱི་གྲོགས་སུ ་གྱུར་པས་དེ་རྣམས་ལ་རྗེས་སུ་ཆགས་པར་བྱ་བར་འོས་པ་ཉིད་དོ་ཞེ་ན། སྐྱེ་བོ་གཅིག་པུ་ཞེས་པ་ལ་སོགས་པ་གསུངས་ཏེ། སྐྱེ་བ་དང་འཆི་བ་དག་གི་སྡུག་བསྔལ་གང་གིས་ཀྱང་ཐུན་མོང་དུ་བྱེད་པར་མི་འགྱུར་ཏེ། ཐམས་ཅད་ཀྱི་བར་སྐབས ་རང་གི་ལས་ཀྱིས་སྐྱེད་པའི་བདེ་བ་དང་སྡུག་བསྔལ་ཉིད་མྱོང་བར་འགྱུར་ཏེ། དེའི་ཕྱིར་འདི་མངོན་པར་ཞེན་པ་ཙམ་ཉིད་དོ།། སྡུག་བསྔལ་གྱི་སྐལ་བ་དེ་གང་གི་ཕྱིར་གཞན་བདག་ལསྣ་ཐ་དད་པ་རྗེ་སུ་ཆགས་པ་བྱས་པ་དེ་ལ་སྡུག་བསྔལ ་བ་དོའི་ཆ་སྟེ་ཆ་ཤུས་ལེན་པར་འགྱུར།། དེའི་དེ་སྙེད་དེ་ཉིད་ཀྱིས་མྱོང་བར་བྱ་བའི་ཕྱིར། དེའི་ཕྱིར་དགེ་བའི་ཕྱོགས་ཀྱི་གགས་བྱེད་པའི་མཛུབ་པས་དགོས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ།། དེ་ཁོ་ན་ཉིད་དུ་གང་ལོ་ལའི་མཛའ་བ་ཅུང་ཟད་ཀྱང ་གང་གིས་ཀྱང་ཡོད་པ་མ་སྲིན་ནོ་ཞེས་བསྟན་པའི་ཕྱིར་ལཱ་མི་དགྲོ་དུ་ནི་ཞེས་པ་ལ་སོགས་པོ་གསུངས་ཏེ།། ལམ་དུ་ཞུགས་པོ་ནི་ཕྱོགས་འགའ་ཞིག་ཏུ་འགྲོ་བར་རྩོལ་བ་ཡིནཱ་ལ། ཇི་ལྟར་གཞན་དུ་འགྲོ་བ་དང་ལྷན་ཅིག་ཏུ་གནས་གཅིག ་སྟེ་འདུ་ཁ་ལ་སོགས་པའི་གནས་འཛིན་པར་འགྱུར་བ་དེ་བཞིན་དུ་འཁོར་བར་ཡང་ལས་ཀྱི་དབང་དུ་གྱུར་པས་འཁོར་བ་ན་སྐྱེ་བོ་ནི་རིགས་གཅིག་པ་དང་སྡུག་གི་གཉེན་མཚམས་ལ་སོགས་པ་རྣམས་དང་གནས་གཅིག་པ་སྟེ། སྐྱེ་བའི ་གནས་ཡོངསུ་ལེན་ཏོ།། སླར་ཡང་དེ་སྤངས་ནས་འགའ་ཞིག་ཏུ་གཅིག་པུ་འགྲོ་བར་འགྱུར་ཏེ། དེར་སུ་ཞིག་ཀྱང་དེ་དང་ལྷན་ཅོག་ཏུ་འགྲོ་བ་མ་ཡིན་ནོ།། དེའི་ཕྱིར་གང་ལ་ལའི་དངོས་པོར་གྱུར་པའི་གྲོགས་ལ་ལ་ཡང་ཡོད་པ་མི་ཡོན་ནོ།། ་དེས་ན་དོན་མེད་སྟོང་ཕྲག་བསྐྱེད་པའི་རྒྱུར་དུ་ཉིད་ཀྱིས་བརྟགས་ནས་སུ་ཞིག་གིས་གྲོགས་སུ་བྱེད་པར་འགྱུར་རོ་ཞེས་པའོ།། མཛའ་བའི་སྐྱོན་དེ་ལྟར་བརྗོད་ནུས་ཡང་གཅིག་ཏུ་ཉིད་ཀྱི་ཡོན་ཏན་འདི་དག་ཡིན་ནོ་ཞེས་ཚིགསུ ་བཅད་པ་གསུམ་གྱིས་བསྟན་པའི་ཕྱིར་འཇིག་རྟེན་ཞེས་པ་ལ་སོགས་གསུངས་ཏེ། ད་ནི་གསོན་པའི་མཐའ་མི་འདོད་ཀྱང་ངེས་པར་འཆི་བར་འགྱུར་བས་ཁྱི་མོ་ནི་གནས་པའི་སྟོབས་ཀྱིས་དོར་བར་བྱ་བ་ཡིན་པ་དེ་བས་ན་དེ་ལྟར་རང་ཉིད་ཀྱིས ་གསོན་པ་ཉིད་ན་དོར་བར་རིགས་སོ།། དེ་ནས་ཞེས་པ་ནི་ཁྱིམ་ནས་སོ།། མྱ་ངན་མེད་པར་ཞེས་པ་ནི་ཀྱི་ཧུད་ཅེས་པ་ལ་སོགས་པ་བརྗོད་པའི་ཚིག་གིས་ཡོངས་སུ་གདུངས་པ་འཇིག་རྟེན་གྱི་གཉེན་ལ་སོགས་པས་མ་བྱས་པ་དེ་སྲིད་ཉིད་དུའོ། ་དེ་ལས་དང་པོ་ཉིད་དུ་ནགས་སུ་འགྲོ་བར་བྱའོ།། ཡང་འདིར་ཡོན་ཏན་གྱི་ཁྱད་པར་ཅི་ལྟ་ཡོད་ཅེ་ན། བཤེས་མེད་ཅེས་པ་ལ་སོགས་པ་གསུངས་ཏེ། རྗེ་སུ་ཆགས་པ་དང་འཁོན་པ་དང་བྲལ་བའི་ཕྱིར་རོ།། ཤི་ན་ཡོད་མྱ་ངན་བྱེད་པ་མེད ་པ་ནི་མྱ་ངན་གྱིས་བསྐྱེད་པའི་སྡུག་བསྔལ་བརྟེན་པར་མི་འགྱུར་བའོ།། ཅིའི་ཕྱིར་ཞེ་ན། འཇིག་རྟེན་ནཱ་ནི་སྦྱར་ཉིད་ཤི། གང་གི་ཚེ་ཁྱིམ་ནས་བྱུང་བ་དེ་ཉིད་ཀྱི་ཚེ་རང་གཱི་བཤེས་དང་གཉེན་ལ་སོགས་པའི་འཇིག་རྟེན་གྱི་ཡུལ་ནའོ།། ཡོན ་ཏན་གཞན་འདི་ཡང་ཡོད་པར་དྲུང་ན་འཁོད་པར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དྲུང་ན་འཁོད་པ་ནི་ཉེ་བར་གནས་པའི་གོཉེན་དང་རིགས་གཅིག་པ་ལ་སོགས་པ་རྣམས་ཡིན་ཏེ། ནད་པ་དེ་དང་མ་བྲལ་མྱ་ངན་ཏེ། མྱ་ངན་བསྐྱེད ་པ་དང་གནོད་པ་བྱེད་པ་ཡང་ཡོད་པ་མ་ཡིན་ཏེ།། བདག་ཉིད་ཀྱི་ལུས་དང་ངག་དང་ཡིད་ལ། གདུང་བར་བྱེད་པ་མ་ཡིན་ནོ།། ཡང་ན་དེ་རྣམས་ཀྱི་མྱ་ངན་མཐོང་བས་འཆི་བ་པོའི་ཡིད་གདུང་བར་བྱེད་པ་མ་ཡིན་ནོ།། འདིའི་ཞེས་པ་ནི་སྐྱེ་བོ་དང ་འགྲོགས་པ་དང་བྲལ་བའི་སྟེ། འཆི་བའི་དུས་ན་སྟོན་ཏཱནྟྲ་འདི་འབྲུའ་ཞིག་ནི་མ་ཡིན་ནོ།། འོན་ཀྱང་སངས་རྒྱུསརྡྷེས་དཱན་ལ་སོགས་པའང་ཡིན་ལྔ་སོགས་པའི་སྒྲས་ནི་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་འམ་ཆོས་རྗེས་སུ་དྲན་པ་ཡང་ངོ་།། དེ་བས ་ཞེས་པ་ལ་སོགས་པསྟེ་ནི་མཇུག་སྤྱད་པ་ནི་བྱེད་དེ། གཅིག་པུ་ནི་ཆགས་པ་མེད་པར་རྒྱུ་བས་སོ།། ཉམས་དགའ་བ་ནི་བདེ་བ་བསྐྱེད་པའི་རྒྱུ་ཡིན་པའི་ཕྱིར་ལ། ཚོགས་ཆུང་བ་ནི་སྡུག་བསྔལ་གྱི་གཉེན་པོ་ཡིན་པའི་ཕྱི་ར་ཏཱཾ། བདེ་བ་སྐྱེད་པ་ནི། ་མངོན་པར་མཐོ་བ་དང་དེ་སྭཱ་པཱར་ལེགས་པ་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་ལ། གཡེང་བ་ཐམས་ཅད་ཞི་བྱེད་པ་ནི་ལུས་དང་ངགོ་དང་ཡིད་ཀྱིས་ཉེས་པར་སྤྱོད་པའི་རྣམ་པར་གཡེང་བ་ཐམས་ཅད་ཞི་བར་བྱེད་པ་ཡིན་ཏེ། ཟློག་པོར་བྱེད་པའི ་རྒྱུ་ཡིན་པའི་ཕྱིར་རོ།། བཱ་དགྲ་གིས་རྟག་ཏུ་བསྟེན་པར་བྱ་ཞེས་པ་ནི་འདི་ཉིད་ལ་མངོན་པར་ཞེན་པས་མེད་པར་བྱ་ཞེས་པའི་དོན་ཏོ།། དེ་ལྟར་སྐྱེ་བོ་དང་འགྲོགས་པ་སྤངས་པས་ལུས་རྣམ་པར་དབེན་པ་བཤད་ནས། སེམས་རྣམ ་པར་དབེན་པ་བཤད་པའི་ཕྱིར། བསམ་པ་གཞན་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། བསམ་པ་གཞན་ཀུན་ནི་མི་བདེན་པའི་རྣམ་པར་རྟོག་པའི་རང་བཞིན་ཏེ་དེ་རྣམས་བཏང་བ་ནི་དེ་དང་བྲལ་བའོ།། བདག་གི་སེམས་ནི་རྩེ ་གཅིག་གིས་ཞེས་པ་ནི་རྩེ་གཅིག་པ་ནི་གཙོ་བོ་ཡིན་ཏེ། སེམས་དེ་ཡིད་ལ་བྱེད་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ལྟ་བུའི་སེམས་གང་ལ་ཡོད་པ་དེ་ནི་དེ་སྐད་ཅེས་བརྗོད་པའམ། སེམས་རྩེ་གཅིག་པས་གཅིག ་ཏུ་དབང་དུ་གྱུར་བར་དེའི་རྒྱུ་བ་ལ་ལྟ་བར་བརྩོན་པ་འམ། དམིགས་པ་ངེས་པ་ལ་བྲེལ་བའི་ཡིད་གང་གི་ཡིན་པ་ཞེས་ཚིག་སྡུད་པ་ཡིན་ལྀ། དེ་ལྟ་བུར་གྱུར་པའི་ཡང་དག་པར་མཉམ་པར་གཞག་པ་ལ་སེམས་ཞི་བར་གནས་པས་གཞ ་པར་བྱ་སྟེ། དེ་ལ་བརྩོན་པར་འགྱུར་བར་འགྲོ་བར་བྱ་ཞིང་དེ་ལ་རྩེ་གཅིག་པས་སྦྱར་བར་བྱའོ་ཞེས་པ་ནི་འདུལ་བར་བྱ་སྟེ་ཡང་དང་ཡང་དུ་དམིགས་པ་དེ་ཉིད་ལ་སྦྱོར་བའམ་ཕྱིའི་རྣམ་པར་གཡེང་བ་དགག་པའི་ཕྱིར་དེ་ལ་སེམས་མཉམ ་པར་གཞག་པ་ནི་གཉེན་པོ་ཡིན་པའི་ཕྱིར་རོ།། འདོད་པའི་རྣམ་པར་རྟོག་པ་དགགོ་བར་འདོད་ནས་འཇིག་རྟེན་ཞེས་པ་ལ་སོགས་པ་གསུངས་ཏེ། སྲིད་པ་ལ་སྦྱོར་བ་མ་སྤངས་པས་འདོད་པར་བྱ་བ་ཉིད་ཀྱིས་ཞེན་པའི་ཕྱིར་འདོད་པ་ནི ་གཟུགས་ལ་སོགས་པའི་ཡུལ་ལཱ་བརྗོད་དེ། ནིའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཡིན་ལ། དེ་བས་འདོད་ལ་དགའ་མི་བྱ་ཞེས་པ་དང་འབྲེལ་ཏེ།། དེ་ཡང་བརྟེན་པ་ན་ཕུང་ཁྲོལ་སྐྱེད་པ་ཡིན་ཏེ། མི་འདོད་པའི་འབྲས་བུ་སྟོབ་པའི་ཕྱིར་རོ།། ། ་འཇིག་རྟེན་འདི་ནི་སྐྱེ་བ་འདི་ཉིད་ཡིན་ལ། ཕ་རོལ་ནི་འཇིག་རྟེན་ཕ་རོལ་ཏེ་སྐྱེ་བ་ཕྱི་མ་ཞེས་པའི་དོན་ཏོ།། དེ་ཉིད་འདིར་བསད་དང་ཞེས་པ་ལ་སོགས་པས་སྟོན་ཏེ། གཞན་གྱི་ཆུང་མ་འཕྲོག་པ་ལ་སོགས་པས་འཇིག་རྟེན་འདིར ་འཆི་བ་ལ་སོགས་པའི་ཁྱད་པར་མངོན་སུམ་ཉིད་དུ་རྟོགས་ལ་འཇིག་རྟེན་ཕ་རོལ་ཏུ་ནི་ལུང་ལས་སོ།། དེ་ལ་གཞན་འདོད་པའི་འདོད་ཆགས་རྣམས་ལ་འདོད་པའི་ཆགས་པ་ནི་ཤིན་ཏུ་ཡང་དཀའ་བ་ཡིན་ཏེ། འདི་ལྟ་བུད་མྱེད་ལ་སྐྱེ ་རིརེརིག་པའི་ཆགས་པའོ།། དེའི་ཕྱིར་དང་པོར་དེ་ཉིད་ལ་ཚོགས་པ་བཟློག་པའི་ཕྱིར་སྨད་པར་བཞེད་ནས། གང་ཕྱིར་ཞེས་པ་ལ་སོགས་པ་གསུངས་ཏེ། གང་ཕྱིར་ནི་གུང་གཞན་གྱི་ཆུང་མ་ལ་སོགས་པའི་ཆེད་དུ་ཡིན་ལ། ཕོ་ཉཝ་དང་ཕྱོ ་མོ་ལ་དེའི་བསམ་པས་སྐྱེས་པ་དང་ཕྲིན་སྐུར་བར་བྱེད་པ་རྣམས་ཀྱིས་ཐལ་མོ་སྦྱར་ནས་ཁྱེད་ཀྱི་དྲིན་གྱིས་བདག་དང་དེ་ཇི་ལྟར་ཕྲད་པར་བྱེད་པ་དེ་བཞིན་དུ་མཛོད་ཅིག། དེ་ལྟར་ན་བདག་ཁྱེད་ཀྱིས་གསོན་པར་བྱས་པ་ཡིན་ནོ་ཞེས ་གསོལ་བ་འདེབས་པ་སྔོན་དུ་སོང་བས་ལོག་པ་ཐོལ་མོ་སྦྱར་ཏེ་ལན་དུ་མར་གསོལ་པ་འདེབས་སོ།། དེའི་ལས་ཀྱི་རྣམ་པར་སྨིན་པ་ལས་འཇིག་རྟེན་ཕ་རོལ་ཏུ་གནོད་པའི་མི་དགེ་པའི་ལས་དེ་ལ་ཡང་མ་བལྟོས་པ་དང་། གྲགུས ་པ་མ་ཡིན་པ་འཇིག་རྟེན་འདི་ས་ལ་གནོད་པར་བྱེད་པ་ཡིན་ལྔ་སྔོན་ཏེ་སྔ་མ་ཉིད་དུ་དེ་ལ་གསོལ་བ་འདེབས་པའི་དུས་ན་སྟེ། དེའི་གསོ་ན་བའི་གནས་སྐབས་ན་ཞེས་པའི་དོན་ཏོ།། འཇིགས་པ་ལ་ཡང་བདག་ཞུགས་ཤིང་ཞེས་ཏེ། དེ ་ལ་ཞུགས་པ་ན་འཆི་བ་ལ་སོགས་པའི་ཉེས་དམིགས་ཀྱི་འཇིགས་པ་ཡང་དེ་ལྟར་བྱུང་བ་ལ་མ་འཇོམས་པས་བདག་ཉིད་ནི་རང་གི་ལུས་བཅུག་པ་སྟེ་སྦྱར་བའོ།། རྫས་ཀྱང་ཟད་པར་བྱས་པས་ཏེ་གོས་དང་རྒྱན་དང་བྱུག་པ་དང་ག ་བུར་ལ་སོགས་པའི་བྱུག་པ་སྤྱད་པས་རྫས་ཀྱང་ཟད་པར་བྱེད་དོ།། གཉིས་གར་ཡང་གཱང་གྲི་དོན་དུ་ཞེས་པ་དང་། སྔོན་ཞེས་པ་དང་ཡང་འབྲེལ་ཏོ།། གཱདཱ་ལ་ཞེས་པ་ན་རུས་པ་ཞེས་པ་དང་སྦྱར་བར་བྱ་སྟེ། ་ཡོངས་སུ་མཁྱུད་པ་ནི་བརྟན་པར་མཁྱུད་པ་ཡིན་ལ། མཆོག་ཏུ་དགའ་བའི་རོ་ཉིམས་སུ་མྱོང་བར་གྱུར་པ་ཡིན་ཏེ། དེ་ཉིད་ཀྱི་རུས་པ་ནི་ཤི་བ་དེའི་རུས་པ་ཡིན་ཏེ། དུར་ཁྲོད་ཀྱི་སར་ལྷུང་བ་རྣམས་ཡིན་ལ་གཞན་གྱི་དབྱ་དུ་གྱུར ་པ་ནི་མ་ཡིན་ཏེ། བདག་གི་དབང་དུ་གྱུར་པ་ཡིན་ཞིང་བདག་མ་ཡིན་པ་ནི་ཡོངས་སུ་མ་བཟུང་པོ་དག་ཡིན་ཏེ། གཞན་གང་གིས་ཀྱང་བདག་གིར་མ་བྱས་པ་ཞེས་པའི་དོན་ཏོ།། དེའི་ཕྱིར་རབ་ཏུ་འདོད་ཅིང་ཡོངས་སུ་ཞེན་ནས་ཏེ། ཅིའི་ཕྱིར། ་ཇི་ལྟར་འདོད་པར་འཁྱུད་པའི་དོན་དུ་བརྟན་པར་འགྲོ་བཱརཱ་མི་བྱེད་ཅེས་པའོ།། དགའ་བར་ཞེས་པ་ནི་སྔར་བཞི་ནོ།། རང་གི་ཆུང་མ་ལ་ཞེན་པའི་དབང་དུ་བྱས་ནས། གང་ཞིག་དང་པོ་ཞེས་པ་ལ་སོགས་པ་གསུངས་ཏེ། ངོ་ཚའི་དབང་དུ་གྱུར ་པས་ཆུང་མའི་བཞིན་འོག་ཏུ་ལྟ་བ་ན་ཇི་ལྟར་ཡང་འདིའི་བྱང་བཞིན་གསལ་བར་བལྟ་བར་བྱ་བར་འདོད་པས་འབད་པས་ཏེ་འདོད་པ་ཅན་གྱིས་ཞོན་པས་བསྐྱེད་པའི་སེམས་ཀྱིས་བདེགས་པ་ན་ཆུང་མ་ངོ་ཚའི་དབང་དུ་གྱུར་པ་དེ ་ཡང་འོག་ཏུ་ལྟ་བར་བྱེད་དེ། ངོ་ཚས་ངེས་པར་འོག་ཏུ་ལྟའོ།། སྟོན་ནི་སྔར་དུ་སོ་བ་ལས་སྡོ་མར་ཡིན་ལ་དེ་ལྟར་ན་ཡང་བྱ་བླ་བས་མ་མཐོང་ངོ་ཞེས་མཐོང་ངམ་མ་མཐོང་ཡང་ཞེས་གསུངས་པ་ལ། བརྒྱ་ལ་ཅུང་ཟད་མཐོང་བ ་ན་རྣམ་པ་ཐམས་ཅད་དུ་ལྟ་བར་འདོད་པ་ཅིའི་ཕྱིར་ལྡོག། སེང་བའི་རས་ཀྱིས་གདོང་གཡོགས་པ་སྟེ་ཡུལ་དབུས་ན་ཕལ་ཆེར་བཅོམ་རླག་པའི་རིགས་རྣམས་ཀྱི་རིགས་ཀྱི་ཆུང་མ་བཞིན་དགའ་བའི་དོན་དུ་སེདྷཱ་རཱས་ཀྱིས ་གཡོགས་ཏེ། གང་གི་བྱེད་དེས་གཡོག་ས་ཤིང་བསྒྲིབས་པའི་བྱད་དེས་ནི་དུ་ཁྱོད་ཀྱི་སྣ་ན་བྱ་རྒོད་ཀྱིས་གསལ་བར་བྱས་པས་སོ།། གཡོགས་མ་ཐམས་ཅད་དང་བྲལ་བས་རྣམ་པར་གསལ་བར་བྱས་པའི་ཇི་ལྟར་འདོད ་བར་སྟིའི་ཕྱིར་ལྟ་ཞིང་རྟོག་པར་མི་བྱེད། ཅི་ལྟར་གྱུར་པས་ཤེ་ན། ཁྱོད་ཉོན་མོངས་པའི་གདྲོང་ལ་མི་བཟོད་གྱུར་པ་བཞིན་དུ་དེའི་གདོང་བལྟ་བའི་དོན་དུ་ཁྱོད་ཀྱིས་སྔོན་ཡོངས་སུ་དུལ་བར་བྱས་པ་དེ་ལ་ཁྱེད་རྣམས་ཀྱི་སྡེ་བཟོ ་པར་མི་ནུས་པ་བཞིན་དུ་དེ་ལྟ་ད་ལྟར་འཇིགས་པ་མཐོང་ནས་འཇིགས་པར་གྱུར་པ་ན་ཅིའི་ཕྱིར་འབྱེར་བར་བྱེད་ཅིང་འབྲོས་པར་བྱེད། འདོད་པ་ཅན་ལ་བརྒལ་ཞིང་བརྟག་པས་བསྐྱོད་པ་གཞན་འདི་ཡང་བསྟེན་པའི་ཕྱིར།། ་གཞན་རྣམས་མིག་གིས་ཤེས་པ་ལ་སོགས་པ་གསུངས་ཏེ། སུ་ཡང་དེ་ལ་ལྟ་བར་མ་བྱེད་ཙིགཱ་ཙོས་སྟཱར་གསུངས་ནས་ཡོད་པ་དེ། ཇི་སྲིད་དུ་ད་ནི་བྱ་རྒོད་ལ་སོགས་པས་ཟ་པཱ་ལྀ་ཐུག་པ་སྟེ། ཀྱེ་ཕྲག་དོག་ཙནྡ་ཅིའི་ཕྱིར ་སྲུང་མི་བྱེད་དེ་སྦེད་པར་མི་བྱེད། གཞན་ཡང་དང་ནི་ཤིན་ཏུ་ཡང་བསྲུང་བར་འོས་སོ་ཞེས། ཤའི་ཕུང་པོ་ཞེས་པ་ལ་སོགས་པ་གསུངས་ཏེ། བྱ་རྒོད་ལ་སོགས་པ་གང་རྣམས་ཀྱི་ཟས་ཏེ། ཁ་ཟས་ཤེའི་ཕུང་པོའི་གཟུགས ་ལ་ཁྱོད་ཀྱིས་མེ་ཏོག་ལ་སྩོགས་པ་རྣམས་ཀྱིས་མཆོད་པར་བྱེད། བྱ་རྒོད་དང་གཞན་ཅེ་སྲུང་ལ་སོགས་པ་རྣམས་ཀྱིས་ཤཱིའི་ཕུང་པོ་སྟེ་ཤའི་ཚོགས་ཟ་བ་འཇིགས་སུ་རུང་བ་མཐོང་བ་ན་ཅི་ཕྱིར་ཕྲག་དོག་ཅན་བསྲུང ་བར་མི་བྱེད་ཅེས་སྦྱར་བར་བྱ་བ་དང་། ད་ལྟ་ཅིའི་ཕྱིར་འབྱེར་བར་མི་བྱེད་ཅེས་པོ་བར་དུ་ཆོད་པ་དང་ཡང་འབྲེལ་ཏོ།། འདི་ཡང་ཁྱེད་རྣམས་ཀྱི་སྐུ་ཅིའི་ཕྱིར་ལྟ་བར་མི་བྱེད་ཅེས་རུས་གྲོང་ཞེས་པ་ལ་སོགས་པ་གསུངས་ཏེ། མི་འགུལ ་ཡང་སྟེ་ཤིང་དང་བོང་བ་ལ་སོགས་པ་དང་འདྲ་བའི་ཕྱིར་རོ།། ཁྱོད་སྐྲ་ག་ན་ཞེས་ཟུར་གྱིས་འདྲི་བར་བྱེད་དེ། རུསེ་གྲོང་ལས་ཏེ། རུས་པའི་སྐལ་ཚིགས་ལས་སོ།། དེ་ལྟར་ཞེས་པ་ནི་འདི་ལྟར་འཇིགས་པའི་གཟུགས་མཐོང་བ་ལས་ཏེ ་བལྟས་པ་ལས་སོ།། ཡང་ན་དེ་ལྟར་ཞེས་པ་ནི་སྐྲག་པ་སྟེ་གོང་རིང་བ་ལས་ཀྱང་ཤིན་ཏུ་རིང་པར་བྲོས་པར་བྱེད་ཅེས་པ་དང་སྦྱར་རོ།། གང་གི་ཕྱིར་དེ་ལྟར་གཡོ་བྱ་ལས་ཅིའི་ཕྱིར་འཇིགས་ཤེ་ན། རོ་ལངས་བཞིན་དུ་ཞེས་གསུངས་ཏེ། ་གསོན་པར་གྱུར་པ་འབྱུང་པོའི་གདོན་གྱིས་བསྐྱེད་པར་བྱས་པ་ན་བསྐྱོད་པ་ལས་ཅིས་ན་འཇིགས་པར་མི་འགྱུརརཱ་ཏེ། དེའི་ཕྱིར་ཤིན་ཏུ་འཇིགས་པར་རིགས་སོ་ཞེས་པའི་དོན་ཏོ།། རེ་ཞིག་དེ་ལྟར་སྨད་པར་བྱ་བ་ཉིད་དུ་བསྟནྡ་ནས། ཡཱ ་གཞན་དུ་བསྟེན་པའི་ཕྱིར། ཟས་ནི་གཅིག་པུ་ཞེས་པ་ལ་སོགས་པ་གསུངས་ཏེ། ཤེས་པ་གཏི་མུག་གིས་བསྒྲིབས་པ་འབའ་ཞིག་དུག་གིས་མྱོས་པར་འགྱུར་བའི་སེམས་འདོད་པ་ཅན་གྱི་དེ་འདོད་པར་བྱ་བ་ཉིད་ཡིན་པས ་དེ་བཞིན་སྦྲང་རྩིའི་བཏུང་བ་བཞིན་དུ་རླིག་ནས་དེའི་གདོང་འབའ་ཞིག་གི་མཆིལ་མའི་བཏུང་བ་འདོད་པ་ལ་བརྒལ་ཞིང་རྟག་པ་མཚུངས་ཡིན་ཏེ། གཉི་གའི་ཡང་རྒྱུ་གཅིག་པུ་བཟའ་བ་དང་བཏུང་བའི་རང་བཞིན་ལས་བྱུང་བ་དེ་ལ་དེ་དག་གི ་ནུརླུང་ན་ཁྱེད་མི་གཙང་བ་བཤང་བ་ཡི་མི་དགའ་ཞིང་། ཁུ་ཆུ་བདུ་ཀུན་གྱི་བཏུང་བ་ལཱ་ཅིའི་ཕྱི་དགའ་སྟེ་རྣམ་བུ་གུང་གིས་གཞན་དུ་མཱ་ཡིན་པར་དེརྱ་དགའ་བར་འགྱུར་ཏེ། གཉི་ག་ལ་ཡང་རིགས་སོ་ཞེས་དགོངས་སོ།། ལྗོན་ཏེ་དེ་ལྟར་ན་གལ ་ཏེ་ཡང་རྒྱུ་ཐ་དད་པ་མ་ཡིན་པ་དེ་ལྟར་ན་ཡང་དེ་ལ་ཤིན་ཏུ་དྲི་མི་ཞིམ་པས་ཕྱིར་ཕྱོགསོ་ཤིང་གཞན་ལ་ནི་དེ་མེད་པས་དགའ་བ་ཡིན་ནོ་ཞེ་ན། འདི་དེ་ལྟར་ན་ཡང་ལེགས་པར་བརྗོད་པ་མཱ་ཡིན་ནོ་ཞེས་བསྣུན་པའི་ཕྱིར། ཤིང་བྲལ་ཞེས ་པ་ལ་སོགས་པ་གསུངས་ཏེ། ར་སྭཱ་ལ་སོགས་པའི་བལ་གྱིས་ཡོངས་སུ་བཀང་བའི་ནང་ཚངས་ཅན་ལ་སོགས་པའི་སྔས་རེག་ན་འཇམ་པ་ལ་འདོད་ཅིང་དགའ་བར་མི་བྱེད་དེ། སྡུག་པར་མི་བྱེད་པར་མི་གཙང་བ་ལས་བྱུང་བའི་དྲི་ང་བ ་འཛུཛག་པ་མ་ཡིན་ནོ་ཞེས་བྱས་ནས་མི་གཙང་བས་ཡོངས་སུ་གང་བའི་བུད་མེད་ཀྱི་ལུས་པོ་ཉིད་ལ་ཅིའི་ཕྱིར་དགའ་བར་བྱེད། དེ་ལྟར་ནའང་ཅིའི་ཕྱིར་འདོད་ལྡན་ཏེ་འདོད་པའི་བདེ་བ་འདོད་པས་གང་ལས་མི་གཙང་བ་ལ་རྨོངས་ཏེ། འདི་ནི་གཏན ་ཚིགས་ཀྱི་ཚིགས་ཡིན་ལ། མི་གཙང་བ་སྟེ་ཡུལ་མི་གཙང་བའམ་མི་གཙང་བས་རྨོངས་པའོ།། མི་གཙང་བ་ལ་སྟེ། གཙང་བ་ལས་བཟློག་པོ་དེ་ཉིད་ལས་ཤིན་ཏུ་ཡང་མངོན་པར་དགའ་བར་ཉམས་སུ་མྱོང་བར་འགྱུར། དེ་ལྟ་ན་ཡང ་གལ་ཏེ་རང་མི་གཙང་བ་ཉིད་བུད་མེད་ཀྱི་ལུས་མི་གཙང་བ་ཉིད་དང་ཐུན་མོང་བ་དེ་ལྟར་ན་ཡང་དེ་གཅིག་ནི་བསྒྲིབས་པ་ཡིན་ལ། གཞན་ནི་མ་གཡོགས་པ་ཡིན་ཏེ། དེའི་ཕྱིར་གཅིག་ཡོངསུ་སྤངས་པས་འདི་ལ་ཆགས ་པར་བྱེད་དོ་ཞེ་ན། གང་ལ་གཡོགས་ནཱ་ཞེས་པ་ལ་སོགས་པ་གསུངས་ཏེ། མི་གཙང་བའི་རང་བཞིན་གཡོགས་པ་གང་ལ་ཅི་མཐོང་ན་ཡང་འདི་ལྟ་བུ་མངོན་པར་ཞེན་པ་སྟེ་མ་གཡོགས་པར་མཐོང་བར་གྱུར་ན་ཤིན་ཏུ་འདོད་པ་སྐྱེ ་བར་རིགས་ཏེ། དེ་ལྟ་བུར་གྱུར་པ་ལ་ཅིའི་ཕྱིར་འདོད་པར་མི་བྱེད། འོན་ཏེ་དེ་ལྟ་བུར་གྱུར་པ་ལ་རྣམ་པ་ཐམས་ཅད་དུ་ཅུང་ཟད་ཀྱང་དགོས་པ་མེད་པས་ཕྱིར་ཕྱོགས་པ་ཉིད་ཡིན་ནོ་ཞེ་ན། གང་དེ་ལྟར་ན་ཅིའི་ཕྱིར་ན་རྒྱུ་ཅི་གཡོགས ་པ་བྱེ་བྲག་ཏུ་ཚོལ་ཏེ། དེ་གཞན་སྤངས་ནོས་དེ་ཉིད་དང་ཕྲད་པོ་ལ་འབད་པར་བྱེད། གཞན་ཡང་ཁྱེད་ལ་འདི་འདྲི་བར་བྱ་སྟེ། ཅི་ཁྱོད་མི་གཙང་བ་ལ་ཆགས་པཱ་དང་བྲལ་བ་འམ་མ་ཡིན་ཞེས་སོ།། འདི་རྣམ་པར་རྟོག་པ་དང་པོའི་དབང ་དུ་བྱས་ཏེ། གལ་ཏེ་མི་གཙང་ཞེས་པ་ལ་སོགས་པ་གསུངས་ཏེ། གལ་ཏེ་ཁྱེད་མི་གཙང་བ་ལ་མ་ཆགས་ཤིང་རྣམ་པ་ཐམས་ཅད་དུ་ཞེན་པ་མེད་ན་འོ་ན་ཅིའི་ཕྱིར་གཞན་ཐ་དད་པ་པང་དུ་འཁྱུད་། འདི་ཅི་ལྟ་བུ་ཞེ་ན། ཤའི་འདམ ་ཞེས་གསུངས་ཏེ།། ཤ་ཉིད་འདམ་དང་འདྲ་སྟེ་ཞལ་ཞལ་དུ་ཆོས་མཐུན་པོའི་ཕྱིར་ལ། དེས་ཞལ་ཞལ་བྱས་པ་ནི་ཉེ་བར་བསྐུས་པའོ།། ཅིའི་ཕྱིར་དེ་ལྟར་གྱུར་པ་ཡིན་ཞེ་ན། རུས་གཟེབ་རྒྱུས་པས་སྦྲེལ་བ་ལ་ཞེས་གསུངས་ཏེ། ་རྒྱུརྒྱས་པས་སྐྱེལ་བྷ་ནི་བྷྱཎཱིངས་ཤྀ་དབྱུང་དུ་སྨྲས་པ་མིན་ལ། ཪྠས་བྷ་བྱེ་བ་ནཱི་རུསྱཱ་ཐཱ་མཐའ་དག་ཡིན་ཏེ། གཞན་ཏུ་ནུ་དུམ་བུར་འཐོར་བར་འགྱུར་རོ།། དེ་ལྟར་འདོད་ཆགས་དང་བྲལ་བའི་ཡུལ་དུ་སྟོན་པར་བྱེད་དོ།། འོན་ཏེ་མི་གཙང ་བལ་ཆགས་པ་ཡིནྡ་ནོ་ཞེས་རྣམ་ཙྪགྷ་པ་གྲཱྀནྡྷིས་པ་ཁྲུས་ཁྱེན་ན། དེ་ལ་ཁྱོད་ཉིད་ཅེས་པ་ལ་སོགས་པ་གསུངས་སོ།། ཡང་ན་གཞན་དུ་སྦྱར་བར་བྱ་སྟེ། གང་བརྗོད་པ་པགས་པ་ལ་སོགས་བུ་གཞིན་གྱིས་གཡོགས་པ་ལ་ཆགས ་པར་གྱུར་ནི་མྱ་གཡོ་ས་བྷ་དྷོལླཱ་ཡོང་གྷཱགྷུ་ཏེ་སྐྲྀམྦྷ་བཱལླ་མྦྷ་སྨཻ་བྱཱ་གྷྲ་སྦྲེངས་ཏེ། ཀཱ་གྣེརྦྷེ་བྱུགས་པ་ལས་གས་པ་གཡོགས་པའི་ཕྱིར་རྒྱུ་ངེས་ཁྱོད་མཱི་གཙང་བ་ལ་ཆགས་པར་གྱུར་ན་དེའི་ཚོ་ཅིའི་ཕྱིར་གཞན་ཏེ་གཞན་གྱི ་ལ་འཾ་ཁྱུ་གྱུར་བྱེད། གྷཝཱནྡྲ་ནོ་སྠཱ་ཧཱུ~ཾ་ཡང་མོ་རིགས་ཞེས། སྤྱོད་ཉིད་ས་པ་ལ་སོགས་བྷཱ་གསུངས་ཏེ། རོང་ཉྀད་དེ་བདག་ཉིད་མི་གཙང་བ་ཤིན་ཏུ་མང་བ་ནི་མཆོལ་མྦྷ་དང་སྣརུབས་དང་རླུད་རྒྱུ ་ང་ས་འི་མྱིག་དྷཱནྱ་བྷྱོ་ནི་ཡོད་ལ་བས་པ་གྱི་འོ།། དག་གི་ག་འདུ་ས་པ་ལ་སོག་བས་སྨད་སྨྲས་པའི་རྙེད་སྦྱི་ནུ་གསངྱས་པ་སྦྱིན་། བྷྲཱུཾ་སྐྱེ ་འདི་ནི་ཤལ་དགུལ་པ་སྟེ། དག་ཡིན་ལ་འདྲིན་ནུས་སློང་གིའོ།། ཡང་ནི་ཤལ་དགའ་བོ་ནི་ཤ་ལ་དགའ་བ་ཡིན་ལ་སྔར་བཞིན་དུ་བདག་ནི་འདི་ལའོ།། ཞེས་ཏེ་བདག་འདི་ཅོ་ཤ་ལ་དགའ་བ་ཡིན་ནོ་ཞེས་པའི་ཐ་ཚིག་གོ། ་ལྟར་ན་དེ་ལ་ཞེན་པའི་ཕྱིར་རམ་སླར་ཕན་འདོགས་པའི་བློས་རེག་དང་ལྟ་བར་འདོད་པ་སྟེ། མཐོང་བ་དང་རེག་པ་ལ་དགའ་བའོ།། འདིར་གསུངས་པ་སེམས་མེད་པ་ནི་སེམས་ཀྱིས་སྟོད་པ་ཡིན་ཏེ་འཇིམ་གོང་བཞིན ་དུ་རུང་བཞིན་གྱིས་ཐ་མལ་པའོ།། ཡང་སེམས་དང་ལྡན་པས་སེམས་སོ་ཞེས་ཇི་ལྟར་གཞན་གྱིས་བརྗོད་པ་དེ་ལྟར་ཤ་ལཱ་ཁྱོད་ནི་ཞེས་པ་ལྟར་རང་བཞིན་མ་ཡིན་པ་ནི་མ་ཡིན་ནོ།། འདོད་པ་ཅན་ཁྱོད་དེ་ཅེས་མི་འདོད། དེ་འདོད་པ་ན ་འཇིམ་པའི་དུམ་བུ་ལ་ཡང་འགྱུར་ལ་དེ་བཞིན་དུ་ཡང་ཁྱོད་ཀྱང་སེམས་དང་བྲལ་བར་འགྱུར་རོ།། དེ་ལ་སེམས་ཀྱི་རང་བཞིན་གྱིས་སེམས་ཡོད་པ་དེ་ལ་ངེས་འདོད་པ་ཡིན་ནོ་ཞེས་པ་ནི། གལ་ཏེ་སེམས་ནི་ཞེས་པ་ལ་སོགས་པ ་གསུངས་ཏེ། གང་སེམས་ཏེ་སེམས་ཀྱི་རང་བཞིན་འདོད་ན་དེ་གཟུགས་མེད་པའི་ཕྱིར་བལྟ་བར་མི་ནུས་ལ། ལུས་མེད་པའི་ཕྱིར་རེག་པར་མི་ནུས་ཏེ། གང་ཤ་དང་རུས་པའི་རང་བཞིན་གྱིས་ལུས་རེག་པ་དང་བལྟ་བར་ནུས་ཤིང ་གྲུབ་པ་ལ་དེ་དང་ལྡན་པའི་ཤེས་པ་མེད་པ་ཡིན་ཏེ། སེམས་དང་བྲལ་བའི་ཕྱིར་རོ།། དེའི་ཕྱིར་ཅི་ཞིག་ཅེས་ཏེ། སེམས་མེད་པ་དེ་ལ་འཁྱུད་པར་བྱེད་ཅིང་སྦྱོར་བར་བྱེད། རྨོངས་པ་ཞེས་པ་ནི་འབྲས་བུ་མེད་པ་ཉིད་དུ་འཁྱུད་པར་རིགས་པ ་མ་ཡིན་ནོ་ཞེས་པའི་ཐ་ཚིག་སྟེ། གཞན་དུ་ན་བོང་བ་ལ་སོགས་པ་ལ་ཡོད་འཁྱུད་པོར་ཐལ་ལོ།། གཞན་ཡང་འདི་ཡང་ཤིན་ཏུ་སྨད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་མི་གཙང་ཞེས་པ་ལ་སོགས་པ་གསུངས་ཏེ། གཞན ་གྱིས་ལུས་ལ་མི་གཙང་བའི་རང་བཞིན་དུ་གྲང་མི་རྟོགས་པ་དེ་ལ་ངོ་ཚུར་ཅུང་ཟད་ཀྱང་མེད་པར་རིགས་པ་ཉིད་དེ། གཞན་གྱི་རྒྱུད་ཀྱི་རིགས་པ་དེ་བདག་ཉིད་ལ་སྐལ་བ་ཡིན་པའི་ཕྱིར་རོ།། འདི་ནི་ཤིན་ཏུ་ཡང་ངོ་མཚར་བའི་གནས ་ཡིན་ཏྲེ། རང་སྟེ་བདག་ཉིད་ལ་མི་གཙང་བའི་རང་བཞིན་གང་ཡིན་པའི་ལུས་ཁྱོད་ཀྱིས་རྟོག་པར་མ་གྱུར་ཏེ་མ་གོ་བའོ།། ད་ནི་བསྟན་བཅོས་མཛད་པ་དེ་ལ་སྐྱོ་བཱར་མཛད་པ་སྤྲིན་བྲལ་ཞེས་པ་ལ་སོགས་པ་གསུངས་ཏེ། སྤྲིན ་བྱལ་ཉི་ཟེར་གྱིས་ཕྱེ་བ་ནི་གསལ་བར་བྱས་པ་སྟེ་དེ་ལྟ་བུའི་པདྨ་གཞོན་ནུ་སྟེ། མངོན་པར་གསར་པའི་མཚོ་སྐྱེས་བོར་ནས་མི་གཙང་ཞེན་པའི་སེམས་ཀྱིས་མི་གྷ་ཙ་བའི་གཟེ་བ་ལ་སུ་ཞིག་དགའ་སྟེ་རིགས་པ་མ་ཡིན ་ནོ་ཞེས་པའི་ཐ་ཚིག་གོ།། གཞན་ཡང་སཽ་ཞེས་པ་ལ་སོགས་པ་གསུངས་པ་ལ་སོགས་པའི་སྒྲས་ནི་གོས་པ་ལ་སོགས་པ་ཡིན་ལ། མི་གཙང་གིས་གོས་པའི་ཕྱིར་གལ་ཏེ་རེག་པར་མི་འདོད་ན། གང་ལས་ཏེ་ལུས ་ལས་ཡིན་ལ་དེ་བྱུང་བ་ནི་མི་གཙང་བ་འཐོན་པ་སྟེ་ལུས་དེ་ལ་ཅི་ལྟར་ཁྱོད་རེག་པར་འདོད། དོ་ལྟར་གྱུར་ན་ཡང་བདག་ལྔ་བཱརྒལ་ཞིང་བརྟག་སྲ་པ་འདི་རིགས་པའི་དྲི་བོ་མཱ་ཡིན་ཏེ། གང་གྲི་ཕྱིར་མི་གཙུང་བྷ་གཅིག་ལ ་ཡང་མངོན་པར་ཞེན་པ་མདོ་སྒེག་ཏེ་ཞེས་པ་ལ་སོགས་པས་གསུངས་པ་ལ། མི་གཙང་བའི་ཞིང་ནི་མའི་མངལ་ཡིན་ཡིན་ཏེ་མི་གཙང་བ་དུ་མའི་གནས་ཡིན་པའི་ཕྱིར་རོ།། དེར་བྱུང་བ་སྟེ་དེར་སྐྱེས་པའོ།། དེའི་ས་བོན་ནི ་མི་གཙང་བ་དེ་ཉིད་དེ་ཕ་དང་མའི་ཁུ་བ་དང་ཁྲག་གྲི་རང་བཞིན་གང་གིས་བློན་ཡིན་པ་དེ་ལ་དེ་སྐད་ཅེས་བརྗོད་དོ།། དེས་བསྐྱེད་པ་ཞེས་པ་ནི་མ་ཡིས་འཐུངས་པ་དང་ཟོས་པ་སྐྱུགས་པ་དང་འདྲ་བའི་མི་གཙང ་བའི་རོ་དེས་འཕེལ་བར་བྱས་པ་སྟེ། མངལ་ན་གནས་པ་བསྐྱེད་པའོ།། ཕྱིར་བྱུང་བ་ནི་ཡང་རང་གིས་ཟློས་པ་དང་འཐུངས་པའི་ཡོངས་སུ་སྨིན་པའི་མི་གཙང་བའི་རོ་ཡིས་ཀྱང་བསྐྱེད་གཞན་ཁྱོད་ཅིའི་ཕྱིར་པ་དུ་འཁྱུད ་ཅེས་པ་དང་འབྲེལ་ཏེ་གཞན་གྱི་བུད་མེད་ཀྱི་ལུས་སོ།། དེ་ལྟར་ན་ཁྱེད་ལ་བརྒལ་ཞིང་བརྟགས་པ་ཡོད་དོ།། འོན་ཏེ་བདག་མི་གཙང་བ་ལ་ཆགས་པ་མེད་དོ་ཞེས་པའི་ཕྱོགས་ཁ་ས་ལེན་ན་དེའི་ཚེ་ཡང་པོརྒལ་ཞིང་བརྟོག ་པ་མཚུངས་པ་ཉིད་དོ་ཞེས་མི་གཙང་ལས་བྱུང་ཞེས་པ་ལ་སོགས་པ་གསུངས་ཏེ། བཤང་བ་ལ་སོགས་པ་མི་གཙང་བའི་རྫས་ལས་བྱུང་བའི་སྲོག་ཆགས་ཀྱི་རིགས་སྲིན་བུ་ཡང་མི་འདོད་དེ་ཞེན་པར་མི་བྱེད་པར་ཡང ་མའི་ལུས་ཀྱི་ཚོགས་མི་གཙང་བ་ཤིན་ཏུ་མང་བའི་རང་བཞིན་མི་གཙང་བ་ལས་བྱུང་བ་ལ་ཡང་སྔར་བཞིན་འདོད་པར་བྱེད། འོན་ཏེ་འདི་ལྟར་ཡང་འགྱུར་ཏེ་འདིར་ལན་ཅི་ཞིག་བདེབས་པར་བྱེད། གང་གི་ཕྱིར་བདག་ཀྱང་དེའི ་ལུས་དེ་ལྟ་བུ་ཡིན་ལ། དེས་ན་མི་གཙང་བ་མི་གཙང་བ་དང་ཕྲད་པ་ལ་ཉེས་པ་ཅི་ཡོད་དེ་གནོད་སྦྱིན་ཇི་ལྟ་བར་གཏོར་མ་ལྀ་དེ་བཞིན་ནོ་ཞེ་ན། འདིར་ཁྱོད་ནོ་ཞེས་པ་ལ་སོགས་པ་གསུངས་ཏེ། འདིར་འདི་རྨོངས་པ་ཆེན་པོའི ་མཐུས་བདག་ཉིད་ལ་ཡོད་པའི་མི་གཙང་བའི་རང་བཞིན་གང་ལ་རེ་ཞིག་སྤང་བར་མི་བྱེད་ཅིང་། སླར་ཡང་གཞན་གྱི་མི་གཙང་བའི་རྒྱལ་བ་ལ་འདོད་པ་བྱེད་དེ། འདི་ནི་དོན་དང་བྲལ་བ་ཤིན་ཏུ་སྤྱད་པའི་གླུནས་ཡིན་ནོ།། མི་གཙང ་རྒྱལ་པ་ཞེས་སྐྱོ་བའི་ཚིག་གིས་དེ་ཉིད་ལ་འབྱོད་པ་ཡིན་ནོ།། ད་ནི་མི་གཙང་བའི་རང་བཞིན་མངོན་སུམ་དུ་བྱས་པར་བསྟན་པའི་ཕྱིར་ག་བུར་ཞེས་པ་ལ་སོགས་པ་གསུངས་ཏེ། གཙང་ཞིང་གཙང་སྦྲའི་དངོས་པོ་འདི་ལྟ་བུ་གང ་ཕྱོགས་གཅིག་དང་ཕྲད་པ་ཁས་བྱུང་བའི་མི་གཙྪ་དཱི་བའི་རང་བཞིན་དུ་གྱུར་པའི་དངོས་པོ་དེ་རེ་ཞིག་གཞག་སྐྱེ་དེ་དང་ཕྲད་པ་ལས་སུ་གཞི་གཙང་བའི་རང་བཞིན་ཡང་མི་གཙང་བ་ཉིད་དུ་འགྱུར་རོ།། དེ་ལྟར་རེ་ཞིག་ཐ་སྙད་འདི ་མོངོན་སུམ་གྱིས་གྲུབ་པ་དེ་ལྟ་ན་ཡང་གལ་ཏེ་མི་རྟོག་ཅིང་ཡིད་མི་ཆོསན་ཏེ་མཐོང་ཡང་དད་པ་མ་གྱུར་ན་ཞེས་པའི་དོན་ཏོ།། དེའི་ཚེ་དུར་ཁྲོད་དུ་སོ་སོར་གནས་པ་ན་བལྟ་བར་གྱིས་ཤིགྷ། དྷཱི་ལྟ་བུར་གྱུར་པ་ལ་ཞེ་ན། འཇིགས ་པ་སྟེ། རྣམ་པར་ཟོས་པ་དང་། རྣམ་པར་མྱགས་པ་དང་། རྣམ་པར་བརྣགས་པ་ལ་སོགས་པའི་རང་བཞིན་གྱིས་འཇིགས་སུ་རུང་བ་འམ་འཇིགས་པར་བྱེད་པའོ།། གཞན་ཡང་ཞེས་པ་ནི་འདི་བས་ལྷག་པའོ།། གཞན་ཡང་རང ་བཞིན་གྱིས་མི་སྡུག་པ་ཐམས་ཅད་དུ་སྦྱར་ཏེ་ལུས་པོ་འདི་ཉིད་མི་དགའ་བའི་གནས་སུ་སྦྱར་རོ་ཞེས་བསྟན་པར་འདོད་ནས། གང་ཞིག་པགས་པའི་ཁ་ཕྱོ་ཞེས་པ་ལ་སོགས་པ་གསུངས་ཏེ། ཁ་ཕྱེ་བ་ནི་རྣམ་པར་ཕྲལ་བ་སྟེ། དེ ་གང་ལས་ཞེས་པ་ནི་ལུས་ལས་སོ།། དེའི་ཚེ་འཇིགས་པ་ཆེན་པོ་སྐྱེ་བར་འགྱུརརོ།། ཇི་ལྟ་བུར་གྱུར་པ་ཞེ་ན། འདི་ལྟ་བུར་གྱུར་པའི་རང་བཞིན་ཤེས་ཀྱང་ཇི་ལྟར་དེ་ཉིད་ཀྱི་གནས་ལ་འཇིགས་པའི་གནས་སུ་ནམ་ཞིག་ན ་ཡང་མ་རྟོགས་པར་ཕྱིར་ཞིང་དགའ་ཞིག་མངོན་པར་ཞེན་པ་སྐྱེ་བར་འགྱུར་ཏེ། དེ་ལྟར་གྱུར་ན་ཡང་མི་གཙང་བའི་རང་བཞིན་གྱིས་ལུས་སུ་གལ་ཏེ་མངོན་སུམ་དུ་གྱུར་པ་དེ་ལྟ་ན་ཡང་། ཙན་དན་ལ་སོགས་དང་ཤུག་པས་ལུས་པོ་ལ ་བསྐུས་པས་འདི་འདོད་པར་བྱ་བ་ཉིད་དུ་འགྱུར་རོ་ཞེ་ན། ལུས་ལྔ་བསྐུས་པ་ཞེས་པ་ལ་སོགས་པ་གསུངས་ཏེ། ལུས་ལ་བསྐུས་པ་ཡང་ཙན་ངན་ལ་སོགས་པ་ལས་བྱུང་བའི་དྲི་འདིས་གང་ལ་བསྒོས་པའི་ལུས་ལྔ་འདོད་པར་བྱ་བའི་བློ ་སྐྱེ་བོར་འགྱུར་ཏེ། ཙན་དན་འབའ་ཞིག་ལས་ཡིན་ལ། གཞན་མིན་ནེ་ཞེས་པ་ནི་ལུས་ཀྱི་མ་ཡིན་པའོ།། དེའི་ཕྱིར་གཞན་གྱི་དྷི་ཙན་དན་ལ་སོགས་པ་ལས་བྱུང་བས་འདིར་དྲི་ཞིམ་པར་མི་འགྱུར་བ་གཞན་དགུ་ལ་ཅིའི་ཕྱིར་མངོན་པར་དགའ ་བོར་བྱེད། གཞན་ཡང་ཙཱན་དན་ལ་སོགས་པའི་ལེགས་པར་སྦྱར་བས་ཀྱང་བདག་ཉིད་ལ་གནོད་པ་འབའོ་ཞིག་ཏུ་འགྱུར་ཏེ། ཕན་པའི་ཆེད་དུ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་གལ་ཏེ་རང་བཞིན་ཞེས་པ་ལ་སོགས་པ་གསུངས་ཏེ། ་རང་བཞིན་གྱིས་དྲི་ང་བ་ནི་ལྷན་ཅིག་སྐྱེས་པའི་རུལ་པའི་རང་བཞིན་གྱི་ཕྱིར་རོ།། འདིར་ཞེས་པ་ནི་ལུས་ལའོ།། གལ་ཏེ་འདོད་ཆགས་མ་སྐྱེས་ན་དེའི་ཚེ་ལེགས་མིན་ནམ་སྟེ་ལེགས་པ་ཉིད་དུ་འགྱུར་རོ།། འདི་ལྟ་བུའོ་ཡོན་ཏན་ཡོད་བཞིན ་དུ་དོན་མེད་པ་ལ་སྲེད་པའི་འཇིག་རྟེན་རྒྱུ་ཅིས་ལུས་དེ་ལ་དྲིས་སྨྲས་པར་བྱེད་དེ་རྣམ་པ་ཐམས་ཅད་དུ་དེ་རིགས་མ་ཡིན་ནོ་ཞེས་པའི་དོན་ཏོ།། སྟོང་ཕྲག་དུ་མས་མངོན་པར་འདུ་བྱས་ཀྱང་རང་བཞིན་གཞན་དུ་འགྱུར་བ་མ་ཡིན་ནོ་ཞེས ་འོན་ཏེ་དྲི་མ་ཞིམ་ཞེས་པ་ལ་སོགས་པ་གསུངས་ཏེ། ལུས་པོ་རང་བཞིན་གྱིས་དྲི་ང་བ་ལས་ཅི་ཞིག་བྱུང་སྟེ་ཅི་ལྟ་བུར་གྱུར་པ་ཅུང་ཟད་ཀྱང་བྱུང་བ་མེད་ཡིན་ནོ།། དྲི་ཞིམ་ཙན་དན་ནརྀ་ཞེས་པ་ནི་གང་ལ་མཛེས་པའི་དྲི་ཡོད་པ་ཞེས་འབྲུ ་མང་པོ་བ་སྟེ་དེ་ལྟར་ན་ཡང་དེའི་རང་བཞིན་ལ་ཉམས་བྱ་མེད་དོ་ཞེས་པའི་ཐ་ཚིག་གོ།། འོན་ཏེ་དེའི་དབ་གིས་དེ་ལ་འདོད་པར་བྱ་བ་ཉིད་དུ་གཟུང་ནུས་མངོན་པར་འདོད་པ་སྐྱེ་བའོ་ཞེ་ན། གཞན་གྱི་དྲི་ཡིས་ཞེས་པ་ལ་སོགས་པ་གསུངས ་ཏེ། འདི་ལྟར་ཡང་མཁས་པ་མ་ཡིན་ནོ་ཞེས་པའི་དོན་ཏོ།། སྐྲ་ལ་སོགས་པ་མངོན་པར་འདུ་བྱས་པའི་སྒོ་ནས་ཀྱང་ལུས་འདི་དོན་མེད་པའི་རྒྱུ་ཡིན་ནོ་ཞེས་ཚིགས་སུ་བཅད་པོ་གཉིས་ཀྱིས་བསྟན་པའི་ཕྱིར། གལ་ཏེ་འདྲི་སྒྲ་སེན་ཞེས་པ ་ལ་སོགས་པ་གསུངས་ཏེ། རིང་བ་ན་ལྷན་ཅིག་སྐྱེས་པ་མ་བཅད་པ་ཞེས་པའི་དོན་ཏོ།། སོ་སྐྱེ་བ་ནི་དྲི་ང་བ་དང་བཅས་པས་ཏེ་སོ་ཤིང་དང་སོག་ལེ་ལ་སོགས་པས་འདུས་མ་བྱས་སོ།། འདམ་གྱི་དྲི་བོ་སྒོས་ནི་དྲི་མ་ཉིད་འདུམ་སྟེ་རྫབ ་ཡིན་ལ་དེས་བསྒོས་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཁྲུས་དང་བྱུག་པ་ལ་སོགས་པ་དང་བྲལ་བས་སོ།། གཅེར་བུ་ཞེས་བྱ་བ་ནི་གོས་དང་བྲལ་བའི་ཕྱིར་རོ།། ཇི་ལྟར་སྐྱེས་བུ་བཞིན་དུ་སྟེ་ཇི་ལྟར་གྱུར་པས་གནས་པའོ།། གལ་ཏེ་ལུས་རང ་བཞིན་གྱིས་འཇིགས་པ་ཡིན་ནཱ་ཡི་དྭགས་བཞིན་དུ་རང་བཞིན་གྱིས་འཇིགས་པར་བྱེད་པ་ལ་འབད་པས་ཏེ་སྐྲ་དང་སེན་མོ་ལ་སོགས་པ་བཅོམ་པའི་ཁྱད་པར་དང་། སོ་ཤིང་དང་སོ་རྩི་དང་ཁྲུས་དང་བྱུག་པ ་ལ་སོགས་པ་རྣམས་ཀྱིས་འདི་ལྟ་བུར་གྱུར་པ་ཅིའི་ཕྱིར་བྱི་དོར་བྱེད། ཇི་ལྟ་བུར་ཞེ་ན། རང་ལ་གནོད་པས་མཚོན་བཞིན་ཏེ་བདག་ཉིད་ལ་གནོད་པའི་དོན་དུ་རལ་གྲི་ལ་སོགས་པས་ཇི་ལྟར་འདུས་བྱས་པ་དེ་ལྟར་རོ།། འདི་ལྟ་བུ ་རྣམས་རྨོངས་པའི་དབང་དུ་གྱུར་པའི་སྤྱོད་ལ་མྱ་ངན་མཛོད་པ། བདག་ལ་རྨོངས་ཞེས་པ་ལ་སོགས་པ་གསུངས་ཏེ། འབད་པ་དང་ལྡན་པའི་སྨོན་པ་སེམས་རང་བཞིན་དུ་མི་གནས་པས་བདག་ཉིད་ཀྱིས་བསམས་ནས་བདག ་ཉིད་ལ་རྨོངས་པ་བསྐྱེད་ཅིང་ཡང་འདི་ལྟར་ཕྱིན་ཅི་ལོག་གི་ལམ་ཉམས་སུ་བླངས་པས་ཉོན་མོངས་པ་འདི་རྣམས་སེམས་རང་བཞིན་དུ་མི་གནས་སོ་ཞེས་བསྟན་བཅོས་མཛད་པས་མྱ་ངན་མཛད་པའོ།། འདི་ན་བདག ་ཉིད་ཤེས་པ་འགའ་ཡང་ཡོད་པ་ཡང་མ་ཡིན་ཏེ། སྨྱོན་པས་འཁྲུགས་པས་ཏེ་ས་ཡོངས་སུ་གང་བ་ཡིན་ནོ།། དྲིས་པ་ལ་ཞར་མ་བྱུང་བས་ལན་བཏབ་ནས་སྐབསུ་བབ་པ། རུས་གོང་ཞེས་པ་ལ་སོགས་པ་གསུངས ་པ་ལ། རོ་རྣམས་ཀྱི་རུས་གོང་འགའ་ཞིག་སྟེ་སོ་སོ་ན་གནས་པའོ།། འདི་སྐད་བརྗོད་པར་འགྱུར་ཏེ། གང་ལས་པགས་པ་ཕྲལ་བྱས་ནི་ཞེས་པ་ལ་སོགས་པ་གསུངས་ནས། གང་ཤེས་ཀྱང་ཇི་ལྟར་ཞེས་པ་ལ་སོགས་པ ་གསུངས་པ་དེར་གཞན་གྱི་ལན་ཡིན་ནོ།། གང་གིས་དེ་བཞིན་དུ་འདི་ལ་ཡང་ཆགས་པར་མི་འགྱུར་བ་དུར་ཁྲོད་ཀྱི་ལུས་དང་འདྲུ་བ་ཡོད་པ་མ་ཡིན་ཏེ། དུར་ཁྲོད་དུ་དེ་མཱི་གཙང་བའི་གནས་ཡིན་ལ་འདིར་ནི་མ་ཡིན་ནོ་ཞེས་སོ།། ། ་འདིར་བརྗོད་པར་བྱ་བ་ནི་རུས་གོང་ཞེས་པ་ལ་སོགས་པ་ཡིན་ནོ།། གློང་གི་དུར་ཁྲོད་ཅེས་པ་ལ་འདིར་ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། དུར་ཁྲོད་དུ་བརྩོག་པའི་གནས་ནི་ལུས་པོ་དེ་ཉིད་ཡིན་ལ། གྲོང་དུ་ཡང་ཡིན་ཏེ ་མངོན་པར་དགའ་བོའི་གནས་གང་ཡིན་ཞེས་ཟུར་གྱིས་འདྲི་བའོ།། འདི་ལ་མཁས་པའི་བློ་ཅན་གྱིས་མཉམ་པར་རིགས་སོ་ཞེས་བསམས་པའོ།། གཡོ་བའི་རུས་གོང་གིས་ཁྱབ་པ་ཞེས་པ་འདིས་དེ་ཉིད་སྟོན་པ་ཡིན་ནོ།། འདི ་ཙམ་ཁྱད་པར་ཡིན་གྱི། ཁྱད་པར་འདིས་མི་གཅོད་བའི་རང་བཞིན་གྱིས་མི་གཙང་བའི་རྒྱུ་ལས་བཟློས་པ་ནི་མ་ཡིན་ཏེ། གང་གིས་ནི་འཇུག་པའི་ཡན་ལག་གི་རང་བཞིན་དུ་འགྱུར། ཁྱབ་པ་ནི་ཡོངས་སུ་འཁྲུགས་པའོ།། འདི་ལྟ ་བུའི་མི་གཙང་བའི་རང་བཞིན་ཡང་ཕག་ལྔ་སོགས་པ་རྣམས་ལ་བཞིན་དུ་མངོན་པར་དགའ་བའི་གནས་སུ་གྱུར་ན་ཡང་དེ་ལྟར་ན་ཡང་རྣམ་པ་དེ་ལྟ་བུ་དེ་ནོར་དང་བྲལ་བས་རྙེད་པར་སྨྲ་བ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར ་དེ་ལྟར་ཞེས་པ་ལ་སོགས་པ་གསུངས་ཏེ། རིན་མེད་པར་དེ་ནོར་དང་བྲལ་བས་རྙེད་ཅིང་ཐོབ་པར་མི་འགྱུར་ལ། དེའི་ཕྱིར་དེ་དོན་དུ་གཉེར་བས་དང་པོ་ཁོ་ནར་ནོར་ཉིད་བསགས་པར་བྱ་སྟེ། དེ་གསོག་པ་ལ་ངལ་བའི་སྒོ་ནས ་སོ་ནམ་དང་ཚོད་དང་བསྙེན་པ་ལ་སོགས་པ་ལ་ཡང་དག་པར་བརྟེན་པས་ཡོངས་སུ་ངལ་བ་ལས་འདི་ཉིད་དུ་ཆོས་མ་ཡིན་པས་ཀྱང་ཚོལ་བའི་ཕྱིར་དམྱལ་བ་ལ་སོགས་པ་རྣམས་སུ་སྡུག་བསྔལ་བསྐྱེད ་པར་བྱེད་དོ།། དེ་ལྟར་དེ་ཚོལ་བ་ནི་འཇིག་རྟེན་གཉི་གར་དོན་མེད་པའི་རྒྱུ་ཉིད་ཡིན་ནོ།། བསགས་པ་དེས་བདེ་བ་འཐོབ་པ་ཡང་མ་ཡིན་ཏེ། སྡུག་བསྔལ་ཉིད་འབའ་ཞིག་ཡིན་ནོ་ཞེས་བསྟན་པའི་ཕྱིར། བྱིས་པ་ཞེས་པ་ལ་སོགས ་པ་གསུངས་ཏེ། བྱིས་པའི་གནས་སྐབས་ན་གནས་པ་ལ་ནོར་སྤེལ་བའི་ནུས་པ་མེད་དེ། བྱིས་པ་ཉིད་ཀྱིས་ནོར་གང་གིས་སམ་རྣམ་པ་གང་གིས་སམ་རྣམ་པ་གང་གིས་བྱིས་པ་འདི་དེར་ལོ་བབ་པ་སྟེ་ལང་ཚོ་ལ་བབ་པའི ་གནས་སྐབས་ནའོ།། བདེ་བར་འགྱུར་ཏེ་ནོར་དང་བྲལ་བས་ཅུང་ཟད་ཀྱང་མ་ཡིན་ནོ་ཞེས་པའི་དོན་ཏོ།། གང་ཡང་ཕ་དང་མེས་པོ་ལ་སོགས་པས་བསགས་པའི་ནོར་གྱིས་ལྗང་ཚེ་ལ་བབ་པ་ན་བདེ་བ་ཉིད་ཐོབ་པ་དེ་ལྟ་ན་ཡང ་ཐམས་ཅད་ལ་སོ་སོར་ངེས་པ་ཉིད་ནི་མ་ཡིན་ནོ།། འདིར་སྔར་བརྗོད་པའི་སྡུག་བསྔལ་གཉིས་ལས་གྲོལ་བར་ཡང་མ་ཡིན་ནོ།། དང་པོར་ནོར་སོགས་པ་ཉེ་བར་མཁོ་བ་ཉིད་ཡིན་ཏེ། བདེ་བ་བསྒྲུབ་པའི་ཐབས་ཡིན་པའི་ཕྱིར ་དེ་བསགས་པ་ཉིད་ན་ཡང་ལང་ཚེ་ལས་ཉམས་པ་ལས་འགའ་ཞིག་ལ་ཡང་མཁོ་བའི་ཡུལ་མ་ཡིན་ནོ།། འོན་ཏེ་དེ་ལྟར་གྱུར་ན་ཡང་དེ་སོག་པ་ན་འདོད་པའི་བདེ་བ་མྱོང་བར་བྱེད་དོ་ཞེ་ན། འདོད་ལྡན་ཞེས་པ་ལ་སོགས་སྨོས ་ཏེ། འགའ་ཞིག་དམན་པའི་འདོད་པ་ལ་གཡེངས་པའི་སེམས་ཀྱིས་ཤིང་དང་རྩད་སོ་མ་ལ་སོགས་པ་ལེན་པ་བྲན་གྱི་ལས་བྱེད་པའི་མཚན་ཉིད་ཉི་མའི་མཐུས་གཏུགས་པར་ལས་ཁུར་གྱིས་ལུས་སྡེམས་དུབ་སྟེ་སྤྲོ་བ་མེད་ལ། ་ཉི་མ་ནུ་བཱ་པཱ་ན་རང་གི་ཁྱིམ་དུ་འོངས་ནས་རོ་དང་འདྲ་བར་གཉིད་ལོག་པས་ཉལ་བར་གྱུར་པའོ།། ཡང་ཐོ་རངས་ལངས་ནས་དམན་པའི་ལས་དེ་ཉིད་ལ་སྦྱོར་རོ།། གྱུར་ཅེས་པའི་སྒྲ་ནི་ཚིག་གི་རྒྱུན་ཡིན་ཏེ། འདས་པའི་དོན་ཡུལ ་ཡིན་པའི་ཕྱིར་རོ།། འདོད་པ་ཅན་འགའ་ཞིག་དེ་ལྟར་ཚེ་འདུས་བྱས་པས་སྐྱེལ་བར་བྱེད་ཀྱི་འདོད་ཀཱི་ཀྵི་རོ་ནི་མྱོང་བ་མ་ཡིན་ནོ།། གཞན་བསྟན་པའི་དབངངོ་དུ་བྱས་སྟེ། ཚར་གཅོད་ཅེས་པ་ལ་སོགས་པ་གསུངས་ཏེ། ཁ་ཅིག་ནི ་སྔར་གྱི་རྣམས་ལས་གཞན་ངན་བུ་ལ་ཆག་པ་ཙན་ཡིན་ཏེ་བསྟེན་པ་པོ་ཞེས་པའི་དོན་ཏོ།། ཚར་གཅོད་བགྲོདང་པ་ལ་སོགས་པ་རྣམས་ཀྱིས་གཞན་གྱི་དཔུང་ལས་རྒྱལ་བའི་དོན་དུ་བགྲོད་པ་སྟེ། འགྲོ་བ་འམ། གཞན་གྱི ་ཡུལ་གྱི་ནོར་བླངས་པའི་དོན་དུ་འགྲོ་བའོ།། དེ་ལ་སོགས་པས་གང་དག་མགྲོན་དུ་བཏང་བ་ལ་སོགས་པ་རྣམས་མཐར་གྱིས་ཡུལ་གཞན་དུ་བགྲོད་པས་ཉོན་མོངས་པས་ཡོངས་སུ་ངལྔ་པ་ཡིན་ལ། དེས་སྡུག་བསྔལ་གྱིས ་ཡོངས་སུ་གདུང་བ་ཅན་ཡིན་ནོ།། རྣམ་པ་ཐམས་ཅད་དུ་དེ་ལྟར་གྱུར་པས་ཁྱུད་ཀོར་ལོས་ཀྱང་སྟེ་དུ་མར་ཟད་པར་གྱུར་ཀྱང་བུ་དང་ཆུང་མ་མི་མཐོང་སྟེ་སྤྱོད་ཡུལ་དུ་མ་གྱུར་ཏོ།། འདོད་བཞིན་དུ་ཞེས་པ་ནི་ངེས་བུ་དང་ཆུང་མ ་སོགས་པ་རྣམས་དོན་དུ་གཉེར་བས། དེ་ལ་འདོད་པ་རྣམས་ཡིན་ལ་སྟེ་དེའི་དོན་ཉིད་གཞན་སྟེན་པ་ལ་སོགས་པ་ཁས་བླངས་པའོ་ཞེས་པའི་དོན་ཏོ།། ཀྱེ་མ་འདི་རྣམས་འབྲས་བུ་མེད་པར་ཉམས་སུ་ལེན་པ་ཡི་ནོ་ཞེས་ཤིན་ཏུ ་མྱ་དྲན་མཛད་པར་བདག་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། བདག་ཉིད་འདོད་པས་བསླུས་པས་གང་གི་དོནྡ་ཏེ་བདེ་བ་ཐོབ་པའི་རྒྱུ་མཚན་དུ་བཙོངས་ཤིང་གཞན་གྱི་བྲན་བྱས་ནས། དེ་མ་ཐོབ་པ་ནི་མེད་པ་དེ་མ་ཐོབ་པ་ཡིན་ལ། ཚེའི་འདུ་བྱེང ་པོ་ཉིད་ཁོ་ན་དོན་མེད་པར་གཞན་གྱི་ལས་ཉམས་སུ་ལེན་པར་ཟད་པར་བྱས་པ་སྟེ། ལེགས་པའི་ལས་འགའ་ཞིག་ལ་ནི་སྦྱར་བ་མ་ཡིན་ནོ་ཞེས་པའི་དོན་ཏོ།། བདེ་བ་ཐོབ་པར་འདོད་པས་ཞུགས་པ་རྣམས་སླར་སྡུག་བསྔལ་དེ་ཉིད་ལ་འདི་རྣམས ་ལྷུང་ངོ་ཞེས་བསྟན་པའི་ཕྱིར། ལ་ལ་ཞེས་པ་ལ་སོགས་པ་གསུངས་ཏེ། གང་གི་བདེ་བར་སྤྱད་པར་འདོད་པས་གཞན་རྣམས་ལ་བཙོངས་ཏེ་གཞན་གྱིས་དབང་དུ་བྱས་པ་ཡིན་ཏེ། རང་གི་ལུས་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ལྟར ་གཞན་དེ་རྣམས་ཀྱིས་ཡིན་ནོ་ཞེས་པའི་དོན་ཏོ།། དེ་ཉིད་ཀྱི་ཕྱིར་རྟག་ཏུ་སྐུལ་བུ་བྱེད་པའི་ངོང་ཚུལ་ཅན་དག་བདག་པོ་གཞན་ཕ་རོལ་པོའི་དགོས་པ་ལྔ་འགྲོ་བ་ནི་བུད་མེད་རྣམས་ལཱམ་ཉིད་དུ་བུ་བྱུང་བར་འགྱུར་རོ།། ཤིང་དྲུང་དགོན་སོགས ་བབ་བབ་ཅེས་པ་ལ། སོགས་པའི་སྒྲས་ནི་རིའི་ཕྲག་གམ་ཆུ་ཀླུང་གི་འགྲམ་ལ་སོགས་པ་དཀའ་བའི་གནས་རྣམས་སུའོ།། དེ་རྣམས་ལ་གཞན་ཕྱིན་ཅི་ལོག་འདི་ཡང་ཡོད་པ་མ་ཡིན་ནོ་ཞེས་བསྟེན་པར་འདོད་ནས། འདོད་པས་ཞེས་པ་ལ ་སོགས་པ་གསུངས་ཏེ། རང་གི་དངོས་པོ་བཙོངས་ནས་མཆེ་བ་བཞི་འཁྲིགས་པའི་ཡུལ་དུ་འཇུག་གོ།། ཇི་ལྟར་བུར་གྱུར་པ་ཅིག་ཅེ་ན། སྲོག་སྟོར་དོགས་བཞིན་པསྭཱ་ཏེ། དེར་ཞུགས་པས་ན་གསོན་པར་འགྱུར་རམ་མི་འགྱུར་ཞེས་སྟོར་དོགས ་བས་འདི་ལྟར་བྱས་ནས་སོ།། འདིར་རྙེད་པ་ཐོབ་པས་འཚོ་བས་རྒྱུར་བརྟགས་ཤིང་འཚེ་བར་བྱའོ་ཞེས་པའི་ཐ་ཚིག་གོ།། ཁེངས་ཕྱིར་བྱིན་དུ་འགྲོ་བར་བྱེད་ཅེས་པ་ནི་སྟོབས་དང་ལྡན་པ་འགའ་ཞིག་གིས་གནོད་པ་བྱས་པའི་དུས་སུ་རང་གི ་དུ་རྒྱལ་དབྱུང་བྱའི་ཕྱིར་སོར་མོ་བཙོད་པ་དང་།། དུས་ཀྱི་ཚད་འཛིན་པས་བསྙེན་པ་ཁས་ལེན་པའི་ཕྱིར་རོ།། རྨོངས་པ་ནི་ཤེས་རབ་ཀྱི་མིག་གཏི་མུག་གི་མུན་པར་བྱས་པའོ།། དེ་གང་ཡིན་ཞེ་ན། འདོད་པས་བསླུས་པ་རྣམས་ཏེ་འདོད་པའི ་ཆེད་དུ་འམ་འདོད་བྱས་བསླུས་པ་ཏེ་སྨྱོས་པའོ།། འདོད་པ་ལ་ཞེན་པའི་སེམས་དང་ལྡན་པ་རྣམས་ལོ་སྐྱེ་བ་འདི་ཉིད་ལའང་སྡུག་བསྔལ་མཐོང་བ་དེ་བསྟན་པའི་ཕྱིར་འདོད་ལྡན་ཞེས་པ་ལ་སོགས་པ་གསུངས་ཏེ། གཞན་གྱི་ཆུང་མ་དང ་ནོར་འཕྲོག་པ་ལ་སོགས་པའོ།། ལྷ་གྲོ་མ་ནི་གོ་སླའོ།། གཞན་ཡང་འདི་བདེ་བ་སྒྲུབ་པ་ཉིད་ཀྱིས་ནོར་ལེན་པར་བྱེད་པ་ན་ཡང་དོན་མེད་པ་རྒྱུད་པ་སྐྱེ་བར་འགྱུར་བའི་རྒྱུ་ཉིད་དེ་ཞེས་བསྟན་པར་འདོད་ནས། བསྔགས་པ་དང་ཞེས་པ་ལ ་སོགས་པ་གསུངས་ཏེ། སོག་པ་ནི་མེད་པ་ལ་སོགས་པར་བྱེད་པའོ།། བསྲུང་བ་ནི་དཀའ་བས་བསགས་པ་དེ་ཡང་ཆུ་དང་མེ་ལ་སོགས་པ་ཆུས་ཟ་བར་བྱེད་པ་ལྔ་ལས་ཡོངས་སུ་སྐྱོང་བར་བྱེད་པའོ།། ཤིན་ཏུ་དཀའ་བ་དེ་ལྟར་སྲུང ་པ་ཡང་བརྒྱ་ལ་རྐུན་མ་ལ་སོགས་པ་རྣམས་ཀྱིས་བརླག་པར་བྱེད་པས་གདུང་ཞིང་ཡིད་མི་བདེ་བ་སྡུག་བསྔལ་བའི་རྒྱུ་ནི་ཕུང་ཁྲོལ་ཡིན་ལ་དེ་ཉིད་དོན་མེད་པ་རྒུད་པའི་རྒྱུ་ཡིན་པའི་ཕྱིར་རྒྱུ་ལ་བརྟགས་ནས ་ནོར་ཉིད་ཕུང་ཁྲོལ་དུ་བརྗོད་དོ།། བསགས་པ་ལ་སོགས་པས་རྟག་ཏུ་རྣམ་པར་གཡེངས་པའི་ཕྱིར་དྲང་། ནོར་ལ་ཞེན་པའི་སེམས་ཀྱིས་སྐད་ཅིག་ཙམ་ཡང་ཏིང་ངེ་འཛིན་ལ་གཏང་བའི་སྐབས་མེད་པའི་ཕྱིརོ་འཁོར་བ་ལ་བརྟེན་པའི ་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་ལས་གྲོལ་བའི་སྐབས་མེད་དོ།། རྟག་ཏུ་དེ་ལ་ཡིད་ཞུགས་པ་ཉིད་ཀྱིས་ཚེའི་འདུ་བྱེད་ཟད་པའི་ཕྱིར་རོ།། འདི་ཐམས་ཅད་མཇུག་བསྡུས་ནས་འདོད་པ་ལ་ཞེན་པ་ཡོངས་སུ་སྤངས་པའི་ཆེད་དུ་སྐྱོ ་བིའི་གཏམ་གྱིས་སྤྲོ་བར་བྱེད་པ། འདོད་ལྡན་རྣམས་ལ་ཞེན་པ་ལ་སོགས་པ་གསུངས་ཏེ། དེ་ལྟ་བུ་ནི་བརྗོད་པའི་རྣམ་པ་ལ་བལྟ་བོ།། ཉེས་དམིགས་ནི་ཕུང་ཁྲོལ་ཡིན་ཏེ་མང་བ་ནི་རྣམ་པ་དུ་མ་ཡིན་ལ། འདིར་བདེ་བ་བསྐྱེད་པར་བྱེད ་པནྡི་གཏམ་ཙམ་ཡང་མེད་དེ། དེ་ལྟར་ན་ཡང་ཕྱིན་ཅི་ལོག་པས་བརྒྱ་ཞིག་ལ་འདི་ནི་བདེ་བའོ་ཞེས་སྣང་སྟེ། དེ་ལྟར་ན་གྱི་ནའོ།། ཤིན་དུ་ལྕི་བའི་ཁུར་གྱིས་མནན་པ་བས་ངལ་བའི་ལུས་དང་ལྡན་པའི་ཕྱུགས་རྩ་ཅུང་ཟད་ཙམ་འཛིན་པ ་བཞིན་དུ་ཤིན་ཏུ་གསོག་གྱུར་ཅིང་མནོག་ཆུང་བའི་བདེ་བའི་ཆ་འདི་ལྟ་བུར་གྱུར་པ་དེ་ཕྱུགས་དང་ཡང་ཐུན་མོང་པ་གང་ཡིན་པ་དེའི་དོན་དུ་སྟེ། དེའི་རྒྱུ་མཚན་དལ་འབྱོར་ཕུན་སུམ་ཚོགས་པ་སྟེ་མི་ཁོམ་པ་བརྒྱད་ལས་གྲོལ་བ ་འདི་བཅོམ་ཞིང་ཉམས་པར་བྱས་ཏེ། དོན་མེད་པར་བྱས་སོ་ཞེས་པའི་དོན་ཏོ།། ཁྱད་པར་ཇི་ལྟ་བུ་ཞེ་ན། རྙེད་དཀའ་བ་ཡིན་ཏེ་བཤད་ཟིན་ཏོ།། གང་གིས་ཞེ་ན། ལས་ཀྱིས་མནར་བ་སྟེ། ལས་ནི་མངོན་གྱི་ལས་ཡིན་ལ། དེས་མནར་བའི་ནི ་ཕན་པ་དང་མི་ཕན་པ་ཤེས་པ་ལ་ཕྱིན་ཅི་ལྡོག་པའི་བློ་ཡིན་ཏེ་རྨོངས་པས་བྱས་ཤེས་པའི་དོན་ཏོ།། འདི་དངོས་པོ་ལ་ནི་སྤྱོ་བའི་ཚིག་ཡིན་ཏེ་བསྐལ་པ་མནར་བ་ཉིད་དུ་བརྗོད་དོ།། ངེས་པར་འཇིག་ཅིང་ཆུང་གྱུར་པ་ཞེས་པ་ལ་སོགས་པ ་ཚིགསུ་བཅད་པ་གཉིས་ཀྱི་ཕྱིན་ཅི་ལོག་གི་ངོ་བོ་ཉིད་དུ་སྟོན་པར་བྱེད་དེ། ངེས་པར་འཇིག་ཅིང་ཞེས་པ་ནི་མི་བརྟན་པའི་རོང་བཞིན་ཡིན་ལ་ཆུང་བ་ནི་འཇིག་རྟེན་ལས་འདས་པ་ལ་བལྟོས་ནས་ཡིན་ཏེ། ཤིན་ཏུ་ཁྱད་ཞུགས་པས་ཆུང་བ ་ཡིན་ནོ།། དམྱལ་བ་ལ་སོགས་པར་ལྟུང་བྱེད་ཅིང་ཞེས་པ་ནི་དཔག་ཏུ་མེད་པའི་སྡུག་བསྔལ་བསྟེན་པས་རང་གི་བདེ་བ་བསྐྱེད་པ་ལ་ཡང་ནུས་པ་མེད་དོ་ཞེས་བྱ་བའི་དོན་ཏོ།། ལུས་ནི་རང་གི་ལུས་ཏེ་འདིའི་དོན་ནི་བདེ་བ་སྐྱེད་པའི་ཆེད ་དུལོ་གང་འོདི་ནི་དམྱལ་བ་ལ་སོགས་པའི་སྡུག་བསྔལ་མ་བརྩིས་པར་བྱས་པ་སྟེ་དུས་ཐམས་ཅད་དུ་འཁོར་བར་སྔར་བྱས་པའི་བྱེ་བར་ཡོངས་སུ་ངལ་ཞིང་ཉོན་མོངས་པ་ཡིན་ལྔ། དེ་ལས་ཏེ་བྱེ་བའི་བརྒྱའི་ཆ་ཡོངས་སུ་ངལ་བས ་སངས་རྒྱས་ཉིད་དུ་འགྱུར་ལ། དེ་ལ་བལྟོས་ནས་ཤིན་ཏུ་ཆུང་བའི་ཆ་ཡིས་སངས་རྒྱས་ཉིད་འཐོབ་སྟེ། དེ་ལྟར་ནི་དེའི་དོན་དུ་བློ་གྲོས་དམན་པ་རྣམས་སྤྲོ་བར་མི་བྱེད་དོ་ཞེས་པའི་དོན་ཏོ།། འོན་ཏེ་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ཡང ་དགའ་བ་བརྒྱ་ཡིས་རྩོམ་པར་ཕྱིར་ཤིན་ཏུ་སྡུག་བསྔལ་སྟོང་ཕྲག་དུ་མ་སྐྱེད་པའི་ཕྱིར་རོ་ཞེ་ན། འདོད་ལྡན་ཞེས་པ་ལ་སོགས་པ་གསུངས་ཏེ། གང་ཞིག་འདོད་པའི་དོན་དུ་འཁོར་བར་སྤྱོད་པ་ནི་བྱང་ཆུབ་སྤྱོད་པའི་སྡུག ་བསྔལ་ལ་བལྟོས་ནས་འདི་ཉིད་སྡུག་བསྔལ་ཤིན་ཏུ་ཆེན་པོ་ཡིན་ཏེ། དེ་རྣམས་མནར་མེད་པར་ལྟུང་བར་བྱེད་པའི་ཕྱིར་དང་། གཞན་གྱི་དབང་གིས་སྤྱན་རིང་པོར་ཉམས་སུ་མྱོང་བའི་ཕྱིར་ལ། བྱང་ཆུབ་སེམས་དཔའ་རྣམས་ལ་ནི ་དུས་སོ་སོར་ངེས་པར་རང་ཉིད་འདོད་པས་ཉམས་སུ་མྱོང་བ་ཉིད་ཡིན་པས་ན་དེ་ལྟ་མ་ཡིན་ནོ།། དེ་ལྟར་ན་གླིང་བྱང་ཆུབ་སེམས་དཔའ་རྣམས་གཞན་གྱི་དྲོན་དུ་སྡུག་བསྔལ་ཉམས་སུ་མྱོང་བ་དེ་ནི་བྱང་ཆུབ་ཏུ་འགྱུར་བ་ཡིན་ལ། ་འདོད་པ་དང་ལྡན་པ་རྣམས་ཀྱིས་འདོད་པའི་དོན་དུ་སྡུག་བསྔལ་མྱོང་བ་ནི་བྱང་ཆུབ་ཏུ་འགྱུར་བ་མ་ཡིན་ནོ་ཞེས་པའི་དོན་ཏོ།། ཡང་ཁྱད་པར་དུ་འདོད་པའི་རྒྱུས་སྡུག་བསྔལ་བ་ཉིད་དུ་བསྟན་པའི་ཕྱིར། དམྱལ་སོགས་ཞེས་པ་ལ ་སོགས་པ་གསུངས་ཏེ། མཚོན་ལ་སོགས་པ་འདི་རྣམས་སྡུག་བསྔལ་བསྐྱོད་པར་བྱེད་པའི་རྒྱུ་ཉིད་དུ་རབ་ཏུ་གྲགས་པ་དང་། འདོད་པ་རྣམས་མཚུངས་པར་འགྱུར་བ་ནི་མ་ཡིན་ནོ།། ཅིའི་ཕྱིར་ཞེ་ན། དམྱལ་པོ་ལ་སོགས་པ་ངན་འགྲོའི ་སྡུག་བསྔལ་ལུང་ལས་བཤད་པ་དྲན་པ་ལས་ཏེ། དྲན་པས་ཡུལ་དུ་བྱས་པ་ལས་སོ།། མཚོན་ཆ་ལ་སོགས་པ། ཡང་དུས་ངེས་པར་འཆི་བ་ལ་སོགས་པ་འདི་རྣམས་སྡུག་བསྔལ་སྐྱེད་པར་བྱེད་པ་པོ་ཡིན་ལ། འདོད་པ་ནི་དུས ་སུན་རིང་པོར་དམྱལ་བ་ལ་སོགས་པའི་སྡུག་བསྔལ་མྱི་བཟད་པའི་རྒྱུ་རྣམས་ཡིན་ཏེ། དྷཱི་ལྟ་བུར་ངྒེ་རྣམས་ཀྱི་དཔེར་འགྱུར།། དེ་ལྟར་ལུས་རྣམ་པར་དབེན་པའི་རྗེས་ལ་སེམས་རྣམ་པར་དབེན་པ་བརྗོད་ནས། སྐབས་སུ ་བབ་པ་ལ་སྦྱར་བའི་ཆེད་དུ། དེ་ལྟར་འདོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་པ་སྐྱེ་འཇིགས་པའི་རྒྱུ་རྣམས་སོ།། དེ་ལྟར་བརྗོད་པའི་རིམ་པས་སྐྱོན་ཞིང་སྐྲག་པར་བྱས་ནས་སྔར་བརྗོད་པའི་དབེན་པའི་དགའ་བ་ལ་མངོན ་པར་དགའ་བ་བསྐྱེད་པར་བྱཱའོ།། གྷ་ང་དུ་གནས་ནས་བྱ་ཞེ་ན། དེ་གསུངས་པ། ཙྪེ་དེ་པ་དང་ཞེས་པ་ལ་སོགས་པ་གསུངས་ཏེ། འགྲན་ཟླ་མེད་པས་དེ་རྩོད་པས་སྟོངད་པ་དག་ཡིནཱ་ལ། སྡིག་དང་རི་དགས་དང་སྦྲུལ་དང་རྐུན་མཱ་ལ་སོགས ་པ་དང་བྲལ་བས་དགའ་བ་ཡིན་ནོ།། དེའི་བ་ནི་ཡིན་སྐོལ་ལྡན་ཞེས་པ་ལ་སོགས་པ་གསུངས་པ་ལ། སྐལ་ལྡན་ནི་ལེགས་པར་སྤྱོད་པ་རྣམས་ཡིན་ལ། ཟླ་བ་ནི་ཟླ་བ་ཉིད་ཡིན། འོད་ནི་འོད་ཟེར་ཡིན་ཏེ། དེ་ཉིད་དཀར་ཞིང ་བསྟྲིལ་བྷཱུཊ་ཆོས་མཐུན་པས་ཅན་དན་ཡིནྨ་ཀྵྨ། གངྒཱ་ཪྻཱངྒ་བསིལ་བ་རྣམས་དང་ཝཱནྠ་པཽའི་རྡོ་ལེ་བཱ་དེ་རྣམས་ལ་འཆག་པར་བྱེད་ཅེས་པ་དང་འབྲེལ་ཏོ།། ཁྱད་པར་ཅི་ལྟ་བུ་དང་ལྡནྡ་པར་ཞེ་ན། ཉམས་དགའ་བ་ར་ཏེ། ར ་བཞིན་གྱིས་གཙང་ཞིང་དག་པ་རྩུབ་པ་ལ་སོགས་པའི་ཉེས་པ་དང་བྲལ་བ་རྣམས་སོ།། ཡངས་པའི་རྡོ་ལེབ་ཁང་བཟངས་ནི་ཁང་བཟངས་དང་འདྲ་བ་སྟེ་ཡངས་པ་རྣམས་སོ།། ཇི་ལྟར་བུར་གྱུར་པའི་དམ་པར་འཆག་པ ་xxx ་xxx ་xxx ་xxx ་xxx ་xxx ་བ་ནི་ལུས་དང་སེམས་ཀྱི་སྐུ་རྣམ་པར་དབེན་པ་ཡིན་ལཱ། ཡོནྣ་ཏཱན་བསྒོམ་པ་ནི་འདི་ལྟར་ཡང་བདེ་བ་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྒྱུ་ནི་བདེ་བ་ཡིན་ནོ་ཞེས་སེམས་ལ་ཡང་ནས་ཡང་དུ་མངོན་དུ་བྱས་པའི་རྒྱུས་སོ།། རྣམ ་བཔར་རྟོག་པའི་རྒྱུ་ཉེ་བ་རུ་ཞི་བ་ནཱི་ཀླུང་གི་དམ་པ་མ་ཡིན་པའི་ཡིད་ལ་བྱེད་པ་དེ་ལྟར་གྱུར་པ་ན་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱ་སྟེ། འདི་ལྟར་སེམས་ཡོངས་སུ་བྱུང་བ་སྒོམ་པ་ནི་བྱང་ཆུབ་ཀྱི་སེམས་ཕུལ་དུ་ཕྱིན་པའི་གོ ་འཕེང་སྐྱེ་བ.རའི་གྱུར་རོ་ཞེསཾ་ནཱིའི་སྠཱ་སཱུ་ཁྱུད་པཱ་རྲ་སྟོན་ཏོ།། དེ་ལ་རེ་ཞིག་གཅིག་ཏུ་གེཞན་དུ་བཽ་དག་ཉིད་མ་བྱས་པ་དེ་སྲིད་དུ་གཞན་ལ་ཕན་པ་དང་བདེ་བའི་སེམས་ཕུན་སུམ་ཚོགས་པར་མི་འགྱུར་ཏེ། བདག་ཏུ་འཛིན་པ་ནི ་བདག་ཉིད་ལ་ཁྱད་པར་དུ་འཇུག་པའི་ཕྱིར་རོ།། དེའི་ཕྱིར་འདི་བཟློག་པར་བྱ་བའི་ཆེད་དུ་དང་པོར་ཏི་ཐོག་མར་བདོག་དང་གཞིན་དུ་མཉམ་པ་བསྒོམ་པར་བྱ་སྟེ། ཕྱི་ནས་ནི་བདགེ་དང་གཞན་དུ་བརྗེ་བའོ་ཞེས་པའི་དོན་ཏོ།། འདི་ལྟར་ཞེས ་བ་ནི་འཆང་བར་འགྱུར་ཟིན་ཚུལ་གྱི་སྨོ་སོ།། འབྱེ་པས་ཞེས་པ་ནི་མངོན་པར་ཞེན་པ་ཆེན་པོས་སོ།། བདེ་དང་སྡུག་བསྔལ་མཉམ་པས་ཞེས་པ་ནི་དེ་ཉིད་ཀྱི་སྣུམ་པ་སྟོན་པ་ཡིན་ནོ།། བདག་ལེས་འདི་དག་ལ་ཁྱད་པར་ཅུང་ཟད ་ཀྱང་ཡོད་པ་མ་ཡིན་ཏེ། གང་ལས་ཇི་ལྟར་དགེ་སྡུག་བསྔལ་ཞིང་གནོད་པ་དེ་བཞིན་དུ་འདི་རྣམས་ལ་ཡང་ངོ་།། ཇི་ལྟར་བདག་གི་བདེ་བ་ཡོངས་སུ་བཟུང་བ་སྟེ། དེ་བཞིན་དུ་འདི་རྣམས་ལ་ཡང་ཞེས་སྲེག་ཆ་གོས་ཐམས་ཅད ་བདེ་བ་དང་སྡུག་བསྔལ་མཉམ་པར་འགྱུར་བ་ཡིན་ཏེ། དེའི་ཕྱིར་བདག་བཞིན་དུ་བདག་གིས་བསྐྱང་བར་བྱ་སྟེ། དཔེར་ན་བདག་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལུས་འབྱིན་པ་དེ་བཞིན་དུ་སེམས་ཅན་གཞན ་ཡང་གདོན་པར་བྱ་བ་དང་དཔེར་ན་བདག་ཉིད་རྣམ་པ་ཐམས་ཅད་དུ་བདེ་བར་འདོད་པ་དེ་བཞིན་དུ་གཞན་ཡང་བདོག་བཞིན་དུ་ཡོངས་སུ་བསྲུང་བར་བྱའོ།། འོ་ན་བདག་ཉིད་ལས་འགྲོ་བ་དུ་མོའི་རྣམ་པ་ཐ་དད་པའི་སེམས་ཅན ་རྣམས་གཅིག་ཏུ་འགྲུབ་པར་མི་འགྱུར་བ་མ་ཡིན་ནམ། བདེ་བ་དང་སྡུག་བསྔལ་བ་ཐ་མི་དད་པར་ཡང་ཇི་ལྟར་འདོད་པར་འགྱུར་ཞེ་ན། འདི་ལ་ལག་པ་ལ་སོགས་པ་ཞེས་པ་ལ་སོགས་པ་གསུངས་པ་ལ། ལག་པ་དང་རྐང་པ་དང ་མགོ་བློ་ལ་སོགས་པ་དབྱེ་བ་རྣམས་པ་མང་པོ་ཇི་ལྟར་ལུས་གཅིག་ཏུ་ཞོན་པས་ཡོངས་སུ་བསྲུང་བར་བྱ་བར་འགྱུར་ཏེ། སྡུག་བསྔལ་ལས་བཟློག་པའི་ཕྱིར་དང་། བདེ་བ་ལ་བསྟོད་པའི་ཕྱིར་རོ།། དེ་བཞིན་དུ་འགྲོ་བ་སྟེ་སེམས་ཅན ་གྱི་འཇིག་རྟེན་ཐ་མི་དད་ཅིང་གཅིག་པ་ཉིད་དུ་ཞེན་པས་བྲདག་གིས་ཡོངས་སུ་བསྲུང་བར་བྱ་བ་ཉིད་དུ་འགྱུར་རོ།། བཱདཾ་བྷྲྀ་དང་སྡུག་བསྔལ་ཐ་མི་དད་པར་ཡཱང་གཱི་སྒྲ་མི་མངོན་པར་བྱས་པས་སྟོན་ཏོ།། དེ་ལྟར་ལྷག་བུ་ལ་སོགས ་པའི་དབྱེ་བ་བཞིན་དུ་འདི་ཐམས་ཅད་ཅེས་ཏེ་རྣམ་པ་མང་པོའི་འགྲོ་བའི་བྱེ་བྲག་ཐ་དད་པ་ཡོད་ངོ་།། བསམ་པ་ནི་འདི་ཡིན་ཏེ། ལུས་པོ་འདི་ལ་གཅིག་པ་ཉིད་མེད་ཀྱང་ཇི་ལྟར་གོམས་པས་གཅིག་ཏུ་ཞེན་པ་དེ་བཞིན་དུ་འགྲོ་བ ་བ་རྣམ་པ་དུ་མ་ལས་ཡཏྠ་ཡིན་ཏེ། ཁྱད་པར་ཅུང་ཟད་ཀྱང་མེད་དོ།། འདི་དེ་ལྟར་གྱུར་ན་གལ་ཏེ་ཁྱེད་དང་ལྷན་ཅིག་ཏུ་འགྲོ་བ་གཅིག་གི་རང་བཞིན་ཡིན་པ་དེའི་ཚེ་ཇི་ལྟར་ཁྱེད་ཀྱི་སྡུག་བསྔལ་གཞན་གྱི་རྒྱུད་ལ་གནོད་པར་མི ་འགྱུར་ལ། དེ་བཞིན་དུ་བཟློག་པ་ལྟ་ཡང་སྦྱར་བར་བྱའོ་ཞེས་དོགས་ནས། གལ་ཏེ་གཞན་གྱི་ལུས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་གཞན་གྱི་ལུས་ཏེ་གཞན་གྱི་ལུས་པོ་དགྲ་ལེ་བདག་གི་སྡུག་བསྔལ་གལ་ཏེ་གནོད ་པར་མ་གྱུར་པ་དེ་ལྟར་ན་ཡང་སྡུག་བསྩལ་དེ་ཉིད་བདག་གི་ཡིན་ནོ།། ཅིའི་ཕྱིར་ཞེ་ན། བདག་ལ་ཆགས་པས་བཟོད་པར་དཀའ་བ་ཡིན་ཏེ་མི་ནུས་སོ་ཞེས་པ་སྟེ་འདི་ནི་གཏན་ཚིགས་ཀྱི་ཚིག་ཡིན་ལ། ཆའི་སྒོ་ནས་འཇུག་ན་ཡང་སྡུག ་བསྔལ་གྱི་རང་བཞིན་ཉིད་མི་འདིར་རོ་ཞེས་པའི་དོན་ཏེ། དེ་བཞིན་དུ་བཟློག་པ་ཡང་བཤད་པར་བྱའོ།། དེའི་ཕྱིར་རང་དང་གཞན་གྱི་ཁྱད་པར་དོར་ནས་སྡུག་བསྔལ་གྱི་རང་བཞིན་ཉིད་དུ་བཟློག་པའི་གཏན་ཚིགས་བདག་གིས་ཞེས་པ ་ལ་སོགས་པ་གསུངས་པ་ལ། གང་སྡུག་བསྔལྔ་ཡིན་པ་དེ་བདག་གིས་བསལ་བར་བྱ་སྟེ། བདག་གི་སྡོག་བསྔལ་བཞིན་ནོ།། སེམས་ཅན་གཞན་གྱི་སྡུག་བསྔལ་འདི་ཡང་སྡུག་བསྔལ་ཡིན་པས་ཞེས་པ་ནི་རང་བཞིན་གྱི ་གཏན་ཚིགས་ཀྱི་སྦྱོར་བ་ཡིན་ཏེ། སྡུག་བསྔལ་གྱི་རང་བཞིན་ཙམ་འབྱུང་བར་འགྱུར་བ་སྤང་བར་བྱ་བ་ཉིད་དོ།། གཏན་ཚིགས་མ་གྲུབ་པ་ཡང་མ་ཡིན་ཏེ། སྡུག་བསྔལ་གྱི་རང་བཞིན་ཉིད་དུ་ཁྱད་པར་མེད་པར་བསྒྲུབས་པའི་ཕྱིརརོ།། ། ་མ་ངེས་པ་ཡང་མ་ཡིན་ཏེ། ཁྱད་པར་མེད་པའི་ཕྱིར་བདག་གི་སྡུག་བསྔལ་ཡང་སྤང་བར་བྱ་བ་མ་ཡིན་པ་འགྱུར་རོ་ཞེས་པ་ནི་བཟློག་ན་གནོད་པ་ཅན་ནོ།། འདི་ཉིད་ཀྱི་ཕྱིར་འགལ་བ་ཡང་མཱ་ཡིན་ནོ།། དེ་བཞིན་དུ་སྦྱོར ་བ་གཞན་འདི་ཡང་ཡིན་ཏེ། གང་སེམས་ཅན་ཡིན་པ་དེ་ཐམས་ཅད་ལ་བོ་དག་གིས་ཕན་པར་བྱ་སྟེ། ཇི་ལྟར་སེམས་ཅན་བདག་ཉིད་བཞིན་ནོ།། སྲོག་ཆགས་གཞན་ཡང་སེམས་ཅན་ཡིན་པ་ཞེས་པ་ནི་རང་བཞིན་གྱི་གཏན་ཚིགས་ཉིད་དོ།། ་སེམས་ཅན་གྱི་བདག་ཉིད་ཙམ་འབྱུང་བར་འགྱུར་ལ་ཕན་གདགས་པར་བྱའོ།། འདི་ཡང་མ་གྲུབ་པ་མ་ཡིན་ཏེ། སེམས་ཅན་གྱི་བདག་ཉིད་ཀྱི་ཕྱོགས་གྲུབ་པའི་ཕྱིར་རོ།། བདག་ཉིད་ལ་ཡང་ཕན་མི་འདོགས་པར་ཐལ་བར་འགྱུར ་བས་མ་ངེས་པ་ཡང་མ་ཡིན་ལ། སྔར་བཞིན་དུ་འགལ་བ་ཡང་མ་ཡིན་ནོ།། སྡུག་བསྔལ་ལས་མངོན་པར་ཞེན་པ་ཞེས་པ་བདག་དང་གཞན་ལ་ཁྱད་པར་ཡོད་པ་མ་ཡིན་ནམ། དེའི་ཕྱིར་དེ་ལྟར་ན་གཏན་ཚིགས་ནི་མ་ངེས་པ་ཡིན་ནོ ་ཞེ་ན། གང་ཚེ་བདག་དང་ཞེས་པ་ལ་སོགས་པ་གསུངས་པ་ལ། བདེ་བ་སྟེ་དགའ་བ་འདོད་པར་མཚུངས་ཤིང་མཉམ་པ་ཉིད་ལ་དེ་བདག་དང་གཞན་ལ་ཁྱད་པར་ཅི་ཡོད་དེ་ཅུང་ཟད་ཀྱང་མེད་དོ།། གང་གི་ཕྱིར་བདག་ཉིད་ལ་བདེ་བ ་བསྐྱེད་པར་བྱ་བའི་ཕྱིར་བརྩོན་ལ་གཞན་ལ་མ་ཡིན་ཞེས་པའི་དོན་ཏོ།། གཏན་ཚིགས་དང་པོ་ལ་མ་ངེས་པ་ཉིད་སྤང་བའི་ཕྱིར་གང་ཚེ་བདག་དང་ཞེས་པ་ལ་སོགས་པ་གསུངས་ཏེ། འཇིགས་པ་ནི་སྡུག་བསྔལ་གྱི་རྒྱུ་ཡིན་ལ། གཞན ་མིན་ཞེས་པ་ནི་གཞན་ལ་མ་ཡིན་པའོ།། དེ་ལྟར་གྱུར་ན་ཡང་སྡུག་བསྔལ་གཅིག་གི་བདག་ཉིད་དུ་ཁྱད་པར་མེད་པར་གྱུར་པ་དེ་ལྟ་ན་ཡང་། གང་ལ་སྡུག་བསྔལ་གྱིས་གནོད་པ་དེ་ཉིད་ཀྱིས་བསྲུང་བར་འོས་ཀྱི་གཞན་གྱིས་ནི་མ་ཡིན་ནོ། ་ཞེ་ན་གལ་ཏེ་དེ་ལ་ཞེན་པ་ལ་སོགས་པ་གསུངས་ཏེ། གཞན་དེའི་སྡུག་བསྔལ་གྱིས་བདག་ལ་གནོད་པ་དང་གདུང་བ་མེད་པའི་ཕྱིར་རྒྱུ་འདི་ཡིས་གལ་ཏེ་གཞན་མི་བསྲུང་ན་གཞན་འདི་ཉམས་པར་འགྱུར་ཏེ། གང་གི་ཕྱིར་མ་འོངས་པ ་སྟེ་འཇིག་རྟེན་ཕ་རོལ་གྱི་ལུས་དམྱལ་བར་སྐྱེས་པའི་སྡུག་བསྔལ་གྱི་བདག་ཉིད་འདིར་སྐྱེས་པའི་ལུས་པོ་འདི་ལ་ཅུང་ཟད་ཀྱང་གནོད་པར་མི་སྲིད་དེ། དེ་གཞན་ཡིན་པའི་ཕྱིར་རོ།། དེ་ཞེས་པ་ནི་འཇིག་རྟེན་པའི་བརྗོད་པ་འམྦ་དེའི་དོན་ཏོ།། ། ་གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་བསམས་པ་གང་གིས་འདྲིར་བསྲུང་བ་ལུས་ཀྱི་རང་བཞིན་ཡིན་པའི་ཕྱིར་ཏེ། སྡིག་པ་ལས་ལྡོག་པའི་ཕྱིར་དང་དགེ་བ་ལ་འཇུག་པའི་ཕྱིར་རོ།། བདག་ནི་དུས་ཐམས་ཅད་དུ་གཅིག་ཡིན་ཏེ། ་ལུས་དགྲ་ལ་ཐ་དད་པ་ཡོད་པ་མོ་ཡིན་ལྔ། དེའི་ཕྱིར་ཉེས་པ་འདི་མེད་དེ་ཞེ་ན། བདག་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ནི་འགོགས་པར་འགྱུར་བའི་ཕྱིར་དང་། ཅུང་ཟད་བཀག་པའི་ཡང་ཕྱིར་གང་ཞིག་ངའོ་ཞེས ་རྟོག་པའི་ཡུལ་དུ་འགྱུར། དེའི་ཕྱིར་ངའོ་ཞེས་ཤེས་པའི་ཡུལ་གང་ལ་ཡང་གིཅིག་ཅེས་པ་མེད་པའི་ཕྱིར་ཞེན་པའི་རྣམ་པར་རྟོག་པ་འདི་ནི་ལོག་པའོ།། བདག་ཉིད་དེའི་ཚེ་ཡང་ཞེས་པ་ནི་འདི་སྲིད་པ་གཞན་ཡིན་ལ། སྒྱུ་མ་ལྟ་བུ་ཉེ ་བར་ལེན་པའི་ཕུང་པོ་ལྔ་ཙམ་དམིགས་པའི་ཕྱིར་རོ།། འདི་ཡང་ཞེན་པའི་དབང་གིས་བརྗོད་པ་ཡིན་ཏེ། ཡང་དངོས་པོ་ལ་ནི་དམིགས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ་རྣམ་པར་རྟོག་པའི་བདག་ཉིད་ཡིན་པའི་ཕྱིར ་རོ། ཡང་འདི་ཅིའི་ཕྱིར་རྣམ་པར་རྟོག་པ་ལག་པ་ཡིན་ཞེ་ན། འདི་ལྟར་ཤི་བ་ཞེས་པ་ལ་སོགས་པ་གསུངས་ཏེ། བདག་ཅིག་ཏུ་ཕུང་པོ་ལྔ་པོ་ཙམ་ཉིད་ཡིན་ལ། གང་གི་ཚེ་བདག་ལ་སོགས་པ་འགའ་ཞིག་འཇིག་རྟེན་ཕ་རོལ་ཏུ་འགྲོ ་བར་སྲིད་པ་མ་ཡིན་པ་དེའི་ཚེ་ངེས་པར་ཕུང་པོ་ལྔ་པོ་དེ་འདི་ཉིད་དུ་འཇིག་པར་འགྱུར་པ་ནི་མ་ཡིན་ཏེ། དེ་ཉིད་འཇིག་རྟེན་ཕ་རོལ་ཏུ་སྐྱེ་བར་འགྱུར་རོ།། འོན་ཀྱང་སྔ་མ་འགགས་ནས་དེས་རྐྱེན་འདིས་ཁྱད་པར་དུ་གྱུར་པའི་ལས ་དང་ཉོན་མོངས་པས་འདུས་བྱས་པ་བར་མ་དེའི་སྲིད་པ་སྔར་མེད་པའི་རྒྱུད་སྐྱེད་པར་འགྱུར་ཏེ། དེའི་ཕྱིར་ཐོག་མ་མེད་པའི་འཁོར་བ་ནས་འཇུག་པའི་ལོག་པའི་རྣམ་པར་རྟོག་པ་ལ་གོམས་པའི་བག་ཚོགས་ཀྱི་དབང་ལ་སོགས ་པའི་རྐྱེན་གྱིས་ཕྱིར་ཕྱིན་ཙཽ་ལོག་པ་ཉིད་སྐྱེ་བར་འགྱུར་རོ།། གཞན་ཡང་གནོད་པར་བྱེད་པ་གཞན་འདི་ཡིན་ནོ་ཞེས་གང་གི་ཚེ་ཞེས་པ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་འབྱུང་བར་འགྱུར་བའི་ལུས་ཀྱི་སྡུག་བསྔལ ་བསྲུང་བའི་དོན་རོ་ཤི་ག་ཞོག་ལ། འདིར་ལུས་པོ་གཅིག་ལ་ཡན་ལག་ཐ་དད་པས་སྡུག་བསྔལ་ཐ་དད་པ་ཡིན་ཏེ། དེའི་ཕྱིར་གང་གཞན་གྱི་སྡུག་བསྔལ་གཞན་གྱིས་བསྲུང་བ་ལ་འབད་པར་མི་རིགས་ན། རྐང་པ་ལ་སོགས ་པ་ལ་འཕངས་པ་གང་ཞིག་མཐོང་བ་ན་ཅིའི་ཕྱི་རུ་ལག་པ་ལ་སོགས་པས་སྐྱོང་བར་བྱེད་དེ། གཞན་ཉིད་དུ་ཁྱད་པར་མེད་པའི་ཕྱིར་འདི་རིགས་པ་མ་ཡིན་ནོ་ཞེས་པའི་དོན་ཏོ།། འོན་ཏེ་འདི་རིགས་པ་ཡིན་ན་ཡང་ལུས་པོ་འདི་ལ་བདག ་གིར་འཛིན་པ་སྟེ། བདུག་ཅེས་པ་བདུག་ཏུ་འཛིན་པ་ལས་བདག་མེད་ཀྱང་འཇུག་པར་འགྱུར་ཏེ། རྐང་པ་ལ་སོགས་པ་ལ་བསྲུང་བའི་ཡིད་ལ་བྱེད་པ་འབྱུང་བར་འགྱུར་རོ་ཞེ་ན། འདི་ཡང་ལེགས་པ་མ་ཡིན་ཏེ། ཇི་ལྟར་གང་མི་རིགས ་པ་སྟེ་རིགས་པ་དང་མི་མཐུན་པ་དེ་བཟློག་པར་བྱ་སྟེ། བདག་དང་གཞན་གྱི་ཡང་བསལ་བར་བྱ་སྟེ། ནན་གྱི་ནི་ནུས་པ་ཅི་ལྟ་བར་རོ།། ནུས་པ་དང་བྲལ་བས་ནི་འདིར་བཏང་སྙོམས་ཉིད་དུ་བྱ་བར་རིགས་སོ་ཞེས་པའི་དོན་ཏོ།། གལ ་ཏེ་བདག་ལ་སོགས་པ་མེད་པར་གྱུར་པ་དེ་ལྟ་ན་ཡང་རྒྱུད་ཅེས་པ་གཅིག་ཡོད་པ་ཡིན་ཏེ། དྲི་བཞིན་དུ་ལུག་པ་དང་རྐང་པ་ལ་སྩོགས་པ་མང་པོ་རྣམས་ལ་ཡང་ཚོ་གས་པའི་ལུས་གཅིག་ཡོད་པ་ཡིན་ལ། གཉིས་པོ་འཇིག ་རྟེན་འདི་དང་འཇིག་རྟེན་ཕ་རོལ་ཏུ་ཇི་ལྟར་སྐྱིད་པར་བདག་སྡུག་བསྔལ་ཁྱེར་བར་བྱེད་པ་ལ་སོགས་པའི་ངེས་པར་བྱེད་པ་ལ་སོགས་པའི་ངེས་པར་བྱེད་པར་འགྱུར་ཏེ། དེའི་ཕྱིར་ཁྱད་པར་ཅི་ཞིག་ཡོད་ཅེས་པའི་གཏན་ཚིགས་མ ་གྲུབ་པ་ཡིན་ལ། སྔ་མ་ནི་མ་ངེས་པ་ཡིན་ནོ་ཞེས་དོགས་ནས་རྒྱུ་དང་ཞེས་པ་ལ་སོགས་པ་གསུངས་ཏེ། རྒྱུད་ཅེས་པོ་འགའ་ཞིག་དོན་དམ་པར་སྲིད་པ་མ་ཡིན་ཏེ། འོན་ཀྱང་རྒྱུ་དང་འབྲས་བུའི་དངོས་པོ་འཇུག་པ་སྐད་ཅིག་བརྒྱུད ་པའི་རྒྱུན་གྱི་རང་བཞིན་ཉིད་འདི་ཡིན་ཏེ། དེ་ལ་ཐ་དད་པ་དེ་མ་དམིགས་པའི་ཕྱིར་རོ།། དེའི་ཕྱིར་སྐད་ཅིག་མ་འདི་རྣམས་ཚིག་གཅིག་གིས་བློའི་ཐ་སྙད་བྱ་བའི་དོན་དུ་རྒྱུད་ཅེས་བརྔུར་བྱས་པ་ཡིན་ཏེ། དེ་ལྟར་ན་འདི ་ནི་བརྟགས་པར་ཡོད་པ་ཉིད་ཡིན་ལ། དེས་ན་འདིར་མངོན་པར་ཞེན་པ་སྲུང་བར་བྱ་སྟེ། གཞན་དུ་ན་གང་གིས་ཁས་མི་ལེན་པར་འགྱུར་བ་བདག་གིས་གནོད་པ་ཅི་ཞིག་གིས་བྱས། དེ་བཞིན་དུ་ཆོ་གོས་པ་ཅན་ལ་སྔགས་པའི་དངོས ་པོ་གཅིག་པུར་གྱུར་པ་ཡོད་པ་ནི་མ་ཡིན་ཏེ། དྲི་རྣམས་ལས་དེ་ཐ་དྲད་པར་མ་དམིགས་པའི་ཕྱིར་ལ། དེ་ཉིད་དང་གཞན་དུ་བརྟགས་པའི་ཆ་ཤས་ཀྱི་རྣམ་པར་དཔྱད་པས་མི་གནས་པའི་ཕྱིར་འདིར་བརྗོད་པར་མི་བྱ་སྟེ། དེའི་ཕྱིར ་འདི་ཡང་སྔར་བཞིན་དུ་ཀུན་རྫོབ་ཏུ་ཡོད་པ་ཉིད་དོ།། འདི་བདག་གོ་རིམ་གྱི་ལྟ་བར་དཔེར་བརྗོད་པ། ཕྲེང་བ་མ་དམིགས་ཞེས་པ་ལཱ་སོགས་པ་གསུངས་ཏེ། རྒྱུད་ནི་ཕྲེང་བ་བཞིན་དུ་ཡིན་ལ། ཚོགས་པ་ནི་དམིག་ལ་སོགས་པ་བཞིན ་ཡིན་པ་ལ་སོགས་པའི་སྒྲས་ཕྲེང་བ་དང་། ནགས་ལ་སོགས་པ་གཟུབ་ངོ་།། ཇི་ལྟར་གྲོག་མོ་ལ་སོགས་པ་དུ་མ་འདི་རྣམས་སྔ་ཕྱིའི་རིམ་པས་གནས་པ་རྣམས་ལ་རང་གི་ངོ་བོ་ལས་མ་གཏོགས་པ་མེ་ཏོག་བརྒྱུས་པ་བཞིན་དུ་རྒྱུད ་གཅིག་ནི་ཡོད་པ་མ་ཡིན་ནོ།། གང་གི་ཚེ་གླང་པོ་ཆེ་དང་རྟ་དང་རྐང་ཐང་ལ་སོགས་པ་བསྡུས་པ་རྣམས་ལས་ཐ་དད་པའི་དམ་གེ་ལ་སོགས་པ་གཞན་ཅུང་ཟད་ཅིག་ཀྱང་དེར་ཡོད་པ་མ་ཡིན་ཏེ། དེ་བཞིན་དུ་འཚོགས་པའང་ཡིན་ལ་འདི ་ཡང་གཞན་དུ་རྒྱས་པས་དཔྱད་པས་འདི་རུ་དཔྱང་བར་མི་བྱའོ།། དེའི་ཕྱིར་ཤེས་པ་འདི་ནི་བརྫུན་བུ་ཡིན་ཏེ། རྟག་ཏུ་དངོས་པོར་དམིགས་པ་དང་བྲལ་བའི་ཕྱིར་དང་དོན་ལ་དཔྱད་མི་བཟོད་པའི་ཕྱིར་རོ།། དེ་དེ་ལྟར་ན་བདག་ལ་སོགས ་པུ་བདག་པོ་གང་ཡང་མེད་པས་གང་དང་འབྲེལ་བའི་སྡུག་བསྔལ་ལ་སོགས་པ་ཡང་མེད་དོ།། དེའི་ཕྱིར་སྡུག་བསྔལ་དེའི་བདག་པོར་གང་ཞིག་འགྱུར་ཏེ་གོང་ཡང་མ་ཡིན་ནོ་ཞེས་པའི་དོན་ཏོ།། གལ་ཏེ་བདག་ལ་སོགས་པ་མེད་ན་དེའི ་ཚེ་བདག་སྡུག་བཞིན་ཞེས་པ་དང་།། སེམས་ཙན་ཡིན་ཕྱིར་བདག་ལུས་བཞིན་ཞེས་བྱ་བའི་དཔེ་ཇི་ལྟར་འཐད་ཅེ་ན། འདི་ནི་བདེན་ཏེ་འོན་ཀྱང་ཕོངས་པའི་སྒོ་ནས་སྒྲུབ་པར་བྱེད་པ་ནི་མ་ཡིན་ཏེ། འོན་ཀྱང་གཞན་ལྔ་བདག་ཏུ་འཛིན་པའི ་མངོན་པར་ཞེན་པ་སྣང་བར་བྱ་བའི་དོན་དུ་ཡིན་ཏེ། གལ་ཏེ་གཞན་གྱིས་བདག་དུ་འཛིན་པའི་མངོན་པར་ཞེན་པ་དེ་ལྡོག་པ་ཉིད་དུ་ཡིན་པ་དེའི་ཚེ་རྗེས་སུ་དཔག་པའི་སྦྱོར་བ་ལ་དགོས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ།། འོན་ཏེ་མེ་ལོག ་པབུ་དེའི་ཚེ་བསམ་པ་ཉིད་ཀྱིས་རོང་གི་ཆ་དང་གཞན་གྱི་ཚོར་བྱས་ཏེ་རྟོགས་པར་བྱ་བའི་དོན་དུ་སྒྲུབ་པར་བྱེད་པ་དང་དཔེ་དགོད་པར་བྱ་བ་སྟེ། དེ་ལྟར་ན་དཔེ་མ་གྲུབ་པ་མ་ཡིན་ཏེ། ཐ་སྙད་ལ་འཇུག་པར་བྱ་བའི་དོན་ཡིན་པས་སོ།། གཞན་ཡང ་ཟིན་པའི་ཕུང་པོ་ཉིད་ལ་དགོངས་ནས་དཔེ་མཛད་པ་ལ་ཉམས་ཅུང་ཟད་ཀྱང་མེད་པས་འདི་ཉིད་དུ་བདག་གི་སྒྲ་འཇུག་པ་མཛད་དོ།། ད་ནི་སྐབས་སུ་བབ་པ་བསྡུ་བར་བཞེད་ནས། སྡུག་བསྔལ་དཔག་ཏུ་མེད་པ་ཞེས་བྱ་བ་ལ་སོགས་པ ་གསུངས་པ་ལ། གསུངས་པའི་རིམ་པས་པདྨ་རྣམས་ལ་བདག་པོ་མེད་པ་ཞེས་པའི་ཐ་ཚིག་སྡུད་པ་ཡིན་ཏེ། བདག་གི་བཱ་མ་ཡིན་པ་གང་དང་ཡང་འབྲེལ་བ་མ་ཡིན་ནོ་ཞེས་པའི་དོན་ཏོ།། གང་ཅུང་ཟད་ཐམས་ཅད ་ཉིད་ཀྱིས་མ་ཡིན་ནོ་ཞེས་ཁྱད་པར་དུ་བྱེད་དེ། གང་དུ་ཡང་གང་གི་ཡང་བདག་གི་བ་ཉིད་ཡོད་པ་མ་ཡིན་ལ་འདི་ལས་ཁྱད་པར་ཡོད་པ་མ་ཡིན་པའི་ཕྱིར་སྡུག་བསྔལ་ཉིད་བདག་དང་གཞན་གྱིར་དབྱེ་བླ་མ་བྱས་པར་བཟློག་པར་བྱ་བ ་ཉིད་དུ་འགྱུར་ལ་དེ་ལ་བདག་གི་པ་ལ་སོགས་པ་རྒྱུ་མཚན་གཞན་ནི་ཡོད་མ་ཡིན་ཏེ་དེས་ན་གང་གིས་ཉིད་ནི་བཟློག་པར་བྱ་བ་ཡིན་ལ། གཞན་དག་གི་ནི་མ་ཡིན་ཞེས་པ་འདི་ངེས་པར་འགྱུར་བར་གང་གིས་བྱོས་ཏེ་ཁྱད་པར་གང་གིས ་བྱས། དེ་ལྟར་ན་སྡུག་བསྔལ་ཉིད་ཀྱི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ངེས་པ་མ་ཡིན་ནོ་ཞེས་སྨྲས་པ་ཡིན་ནོ།། ཅི་སྟེ་སྡུག་བསྔལ་ཅན་འགའ་ཞིག་ཀྱང་འཁོར་པ་ན། གལ་ཏེ་ཡོད་པ་ཡིན་ན། དེ་ལྟ་ན་སྡུག་བསྔལ་བཟློག་པར་བྱ་བ ་མྲྀ་ཡིན་པ་ཉིད་དུ་འགྱུར་ཏེ། སྙིང་རྗེའི་ཞིང་སྡུག་བསྔལ་ཅན་འགའ་ཡང་ཡོད་པ་མ་ཡིན་པའི་ཕྱིར་ཞེས་དོགས་ནས། ཅིའི་ཕྱིར་སྡུག་བསྔལ་ཞེས་བྱ་བ་ལ་སྩོགས་པ་གསུངསྱཱ་ཏེ། བཟློག་པར་བྱ་བ་མ་ཡིན་པ་ཉིད་ཡིན་ཏེ། བདྲག་མེད ་པའི་ཕྱིར་རོ་ཞེས་གལ་ཏེ་སེམས་ནི། དེའི་ཚེ་འདིར་རིགས་པ་མ་ཡིན་པ་མ་ཡིན་ནོ།། ཅིའི་ཕྱིར་ཞེ་ན། ཐམས་ཅད་རྩོད་མེད་ཕྱིར་ཏེ། རྒོལ་བ་ཐམས་ཅད་ལ་རྩོད་པ་མེད་པའི་ཕྱིར་ལ་སོགས་མེད་པར་རྟོགས་པ་མེད་པའི་ཕྱིར་རོ།། ། ་ཚུ་རོལ་མཛེས་པ་ཡང་འདིར་རང་གི་སྡུག་བསྔལ་སྤོང་བར་ཞུགས་པའི་ཕྱིར་རོ།། དེ་རྣམས་ཀྱིས་བདག་ཁས་བླངས་པ་ཉེས་པར་མ་གྱུར་པ་ནི་མ་ཡིན་ཏེ། དེའི་རང་བཞིན་མ་དམིགས་པས་སོ།། ཁས་བླངས་པ་ཙམ་གྱི་སྒོ་ནས་དེ ་ཡོད་པར་གྲུབ་པ་ནི་མ་ཡིན་ཏེ། དེ་ལ་སྒྲུབ་པར་བྱེད་པ་མེད་པའི་ཕྱིར་དང་། གནོད་པ་བྱེད་པ་དུ་མ་བརྗོད་པའི་ཕྱིར་རོ།། དེ་ལྟར་ན་སྡུག་བསྔལ་ཐམས་ཅད་བཟློག་པར་བྱ་བ་ཡིན་པ་དེའི་ཚེ་ཐམས་ཅད་བཟློག་པར་བྱའོ།། གལ་ཏེ་བཟློག་པར ་བྱ་བ་མ་ཡིན་ན་དེའི་ཚེ་བདག་ཉིད་ཀྱང་ཟིན་པའི་ཕུང་པོ་ལྔའི་རང་བཞིན་གྱི་སྡུག་བསྣོལ་བ་ཡང་བཟློག་པར་བྱ་བ་མ་ཡིན་ཏེ། ཐམས་ཅད་བཞིན་དུ་ཁྱད་པར་མེད་པའི་ཕྱིར་རོ་ཞེས་མཇུག་སྡུད་དོ།། ཅི་སྟེ་ཐམས་ཅད་ཀྱི་སྡུག་བསྔལ ་བྲོསལ་བར་བྱ་བའི་ཕྱིར་བརྩོན་པ་སྙིང་རྗེ་གཞན་གྱི་དབང་དུ་གྱུར་པས་གཞིན་སྡུག་བསྔལ་བས་སྡུག་བསྣོལ་བ་ཡིན་པ་དེ་ལྟ་ན་ལྷུར་སྡུག་བསྔལ་ཐམས་ཅད་ཀྱི་རྒྱུ་དེ་ཉིད་དང་པོ་ཉིད་དུ་བསྐྱེད་པར་བྱ་བ་ཉིད་སྦྱར་བར་མི་རིགསོ ་ཞེས་གཞན་གྱི་ཚི་གཽ་གིས་ངོགས་པར་བྱས་ནས། སྙིང་རྗེ་ཞེས་པ་ལ་སོགས་པ་གསུངས་ཏེ། ནན་གྱིས་ཞེས་པ་ནི་རྩོལ་བས་སོ།། འདིར་ལན་གསུངས་པ། འགྲོ་བའི་སྡུག་བསྔལ་བ་ལ་སོགས་པས་བྱས་པའི་རྣམ་པ་མང་པོ ་བསམ་པར་བྱས་ན་སྙིང་རྗེ་བྱས་པའི་སྡུག་བསྔལ་འདི་ཅི་ལྟར་མང་སྟེ། སྙིང་རྗེ་ཅན་གྱི་སྡུག་བསྔལ་ནི་མང་བ་མ་ཡིན་ནོ་ཞེས་དགོངས་སོ།། གཞན་ཡང་ལན་འདི་ཡང་ཡོད་དོ་ཞེས། གལ་ཏེ་སྡུག་བསྔལ་གཅིག་གིས་ཞེས་པ ་ལྔ་སོགས་པ་གསུངས་ཏེ། སྐྱེས་བུ་གཅིག་གི་སྡུག་བསྔལ་གྱིས་གལ་ཏེ་སེམས་ཅན་མང་པོ་རྣམས་ཀྱི་སྡུག་བསྔལ་མེད་པར་འགྱུར་ཞིང་བཟློག་པར་འགྱུར་ན་དེའི་དེ་ལྟ་བུའི་སྡུག་བསྔལ་བསྐྱེད་པ་བྱ་ཞིང ་བསྒྲུབ་པར་བྱའོ།། སྙིང་རྗེའི་བདག་ཉིད་ཅན་གྱི་དམ་པས་རང་དང་གཞན་གཉི་གའི་སྡུག་བསྔལ་བསལ་བར་བྱའོ།། བརྟགས་པ་ནི་མ་ཡིན་ནོ་ཞེས་བརྙེད་པའི་ཕྱིར། དེས་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོང་གི་ཕྱིར་སྙིང ་རྗེ་ཅན་གྱིས་རོང་བཞིན་གྱི་སྡུགས་བསྔལ་ཉིད་བསྐྱེད་པར་བྱ་བ་ཉིད་དེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་མེ་ཏོག་ཟློ་མཱཛེས་ཀྱིས་རྒྱལ་པོ་ཉམས་པ་སྟེ་རྒྱལ་པོའི་ཉམས་པའམ་རྒྱལ་པོ་ལས་ཉམས་ཏེ་ཤེས་ཤིང་གྲོ་ཡང་ངོ་།། བདག ་གི་སྡུག་བསྔལ་མཱ་བསལ་བི་ནི་མཱ་བཟློག་པ་ཡིན་ཏེ་བཏང་སྙོམས་སུ་བྱས་པའི་ཐ་ཚིག་གོ།། དེ་བཞིན་དུ་རྒྱལ་པོའི་ཕྱིར་མའི་སྡུག་བསྔལ་ཡང་ངོ་།། སྡུག་བསྔལ་ཅན་གྱིས་མི་ཟོད་བྱས་པ་སྟེ། སྡུག་བསྔལ་གྱིས་ཞེས་སྐབས་སུ ་བབ་པ་ལ་དྲུག་པའི་མཐའ་ཅན་གྱིས་འབྲེལ་ཏོ།། གང་མེ་ཏོག་ཟླ་མཛེས་ཀྱི་དེ་ལྟ་བུ་བྱུང་བའི་ལས་འདི་ལྟར་ཡང་འདས་པའི་དུས་ན་རིན་པོ་ཆེ་པདྨའི་རྣམ་པར་དག་པ་མངོན་པར་འཕགས་པའི་རྒྱལ་པོ་ཞེས་བྱ་བའི་དེ་བཞིན ་གཤེགས་པ་བྱུང་ཞིང་རྒྱལ་པོ་ཡང་བྱུང་བར་གྱུར་པ་ན་བཅོམ་ལྡན་འདས་དེ་ཡང་སངས་རྒྱས་ཀྱི་མཛད་པ་མཛད་ཅིང་ཡུན་རིང་དུ་བཞུགས་ནས་ཡོངས་སུ་མྱ་ངན་ལས་འདས་སོ།། དེའི་ཚེ་ཡོངས་སུ་མྱ་ངན་ལས་འདས་ནས ་ནས་བསྟན་པ་ནུབ་པར་གྱུར་པ་ན་རྒྱལ་པོ་དཔའ་བྱིན་ཞེས་བྱ་བ་བྱུང་བར་གྱུར་ཏེ། དེའི་ཕོ་བྲང་འཁོར་ནི་རིན་ཆེན་ལྡན་པ་ཞེས་བྱ་བ་ཡིན་ལ། དེའི་ཚེ་དེའི་དུས་ན་སེམས་ཅན་རྣམས་བལྟ་བ་ལོག་པར་གྱུར་ཏོ།། དེ་རྣམས་ལྔ་ཐུགས་བརྩེ ་བའི་དོན་དུ་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་མང་པོ་བྱུང་བར་གྱུར་ཏེ་ཡུལ་འཁོར་དང་གྲོང་རྡལ་དེ་ལས་དེ་རྣམས་ཀྱང་བསྐྱོད་ནས་ཆོས་སྨྲ་བ་མེ་ཏོག་ཟླ་མཛེས་དང་ལྷན་ཅིག་ཏུ་ཀུན་ཏུ་བཟང་པོ་ཞེས་བྱ་བའི་དགོན་པའི་ནགས་ཁྲོད ་ན་བརྟན་ཅིང་གནས་སོ།། དེ་ནས་ཡང་བྱང་ཆུབ་སེམས་དཔའ་མེ་ཏོག་ཟླ་མཛེས་སེམས་ཅན་རྣམས་ལ་སྙིང་རྗེའི་བསམས་པས་དབེན་པར་ནང་དུ་ཡང་དག་འཇོག་ལ་ཞུགས་ཏེ། བདག་གིས་གྲང་དང་གྲོལ་རྡལ་དང་ཡུལ་འཁོར ་དུ་སོང་ལ་སེམས་ཅན་ལམ་ངན་པར་ཞུགས་པ་རྣམས་དགེ་བའི་ལམ་ལ་གཞག་པར་བྱའོ་ཞེས་སེམས་ལ་རྣམ་པར་རྟོག་པ་སྐྱེས་ཏེ། ཚངས་པ་མུཚུངས་པར་སྤྱོད་པ་རྣམས་ལ་དོན་དེ་སྨྲས་སོ།། དེ་རྣམས་ཀྱིས་བཀག་པར་གྱུར་ཀྱང ་བདག་ཉིད་ཉམས་པ་དང་རྒྱལ་པོ་ཡང་ཉམས་པར་ཤེས་བཞིན་དུ་ནགས་ཁྲོད་དེ་ལས་བྱུང་བར་གྱུར་ཏེ། རིམ་གྱིས་ཆོས་སྟོན་ཅིང་རྒྱལ་པོ་དེའི་ཕོ་བྲང་གི་འཁོར་དུ་ཕྱིན་པར་གྱུར་ཏོ།། དེར་རྒྱལ་པོའི་བུ་དང་བློན་པོ་དང་མདུན ་ན་འདོན་ལ་སོགས་པ་སེམས་ཅན་མང་པོ་རྣམས་ལ་ཇི་ལྟར་འདུལ་བར་ཐབས་རྣམ་པར་དུ་མས་ཡང་དག་པའི་ལམ་ལ་འཇོག་པའི་ཚེ་རྒྱལ་པོ་དེ་རྒྱལ་པོའི་ལམ་དུ་མཐོང་བ་བཞིན་དུ་ཁྲོས་ཏེ། ཕྲག་དོག་གིས་བསླང་བའི་སེམས ་ཀྱིས་འདིས་སྐྱེ་བོ་ཐམས་ཅད་རུངས་པར་བྱས་སོ།། སྙམ་ནས་བསད་པའི་དོན་དུ་རང་གི་བླ་རྣམས་ལ་བསྒོ་བ་དང་། དེ་རྣམས་ཀྱང་དེ་གསོད་པ་ལ་ཕྱིར་ཕྱོགས་པར་གོ་ནས་གསོད་པའི་གཤེད་མ་དག ་བྱེད་ལ་བཀའ་བསྒོ་བའོ།། དེས་ཀྱང་རྒྱལ་པོའི་བཀའ་བཞིན་དུ་བྱེད་པས་ལག་པ་དང་རྐང་པ་ལ་སོགས་པུ་རིམ་གྱིས་བཅད་ནས་མིག་དག་ཀྱང་སྐམ་བྱས་ཕྱུང་སྟེ་སྲོག་དང་བྲལ་བར་བྱས་སོ།། དེ་ནས་དགེ་སློང་དེ་རྒྱལ་པོའི ་ལོམ་དུ་སྲོག་དང་བྲལ་བའི་ལུས་ལས་ངོ་མཚར་རྨད་དུ་བྱུང་པོ་དུ་མ་བྱུང་བ་དེ་མཐོང་ནས་དགེ་སློང་འདི་ནི་བྱང་ཆུབ་སེམས་དཔའ་ཉིད་དོ་ཞེས་རྒྱལ་པོས་ཚྭ་ངེས་བྱས་ནས་ཡོངསུ་གདུང་པར་གྱུར་ཏེ་རྣམ་པ་དུ་མོས་སྨེ ་སྔགས་འདོན་ཏེ། དེ་ལྟར་མེ་ཏོག་ཟླ་མཛེས་ཀྱི་དེ་ལྟ་བུ་བྱུང་བ་ཅུང་ཟད་འདིར་མདོར་བསྡུས་ནས་བརྗོད་པ་ཡིན་ཏེ། ཡང་རྒྱས་པར་ནི་ཏིང་ངེ་འཛིན་རྒྱལ་པོའི་མདོར་བསྟན་པས་དེ་ཉིད་དུ་རེག་པར་བྱའོ།། ཕ་རོལ་སྡུག་བསྔལ ་བས་སྡུག་བསྔལ་བའི་སྙིང་རྗེ་ཅན་རྣམས་ནི་སྡུག་བསྔལ་ཆེན་པོས་ཀྱང་གནོད་པར་འགྱུར་བ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་ལྟར་རྒྱུད་ནི་ཞེས་པ་ལྔ་སྩོགས་པ་གསུངས་ཏེ། དེ་ལྟར་རྒྱུད་ནོ་ཞེས་པ་ལ་སོགས་པ ་གསུངས་ཏེ། དེ་ལྟར་ནི་བདག་དང་གཞན་དུ་མཉམ་པའོ།། རྒྱུད་བསྒོམས་པ་ནི་སེམས་ཀྱི་རྒྱུད་ལྷུན་གྱིས་གྲུབ་པས་འཇུག་པའོ།། གཞན་གྱི་སྡུག་བསྔལ་ཞི་ཞིང་ཉམས་དགའ་བ་སྟེ། བདེ་བའི་རྒྱུ་གང་ལ་ཡོད་པ་དེ་ལ་དེ་སྐད ་ཅེས་བྱ་སྟེ། བདག་གི་བདེ་བ་ཡང་གཞན་གྱི་སྡུག་བསྔལ་བས་སྡུག་བསྔལ་བ་ཉིད་གང་རྣམས་ཀྱིས་ཡིན་པ་ཞེས་པའི་དོན་ཏོ།། དེ་རྣམས་མནར་མེད་པར་འཇུག་པ་རྣམས་ནི་གཞན་སྡུག་བསྔལ་ལས་གདོན་དུ་སྡུག་བསྔལ ་དེ་ཉིད་ལ་བདེ་བ་སོམས་པ་རྣམས་སོ།། འདི་ཉིད་འདིར་པདྨའི་མཆི་རུ་དང་པ་ལྟར་ཞེས་གསུངས་ཏེ། མནར་མེད་པའི་སྡུག་བསྔལྔ་ཡང་བདེ་བ་ཉིད་ཡིན་ཏེ། གང་རྣམས་ཀྱི་གཞན་གྱི་དོན་དུ་ཡིན་པས་སྡུག་བསྔལ་གྱི་རྒྱུ ་གཞན་གང་གིས་སྡུག་བསྔལ་བར་འགྱུར། གཞན་ཡང་དེ་རྣམས་ཀྱི་བདེ་བ་ཡང་ཐུན་མོང་མཱཾ་ཡིན་པ་ཉིད་གཞན་གྱི་སྡུག་བསྔལ་གྱིས་སྐྱེ་བྱར་འགྱུར་ཏེ། དེ་བྱས་ན་བསྟན་པའི་ཕྱིརུ་སེམས་ཅན་རྣམས་ནི་གྲོལ་བ་ན?་ཞེས་གསུང ་ཏེ། སེམས་ཅན་རྣམས་སྡུག་བསྔལ་གྱི་འཆིང་བ་ལས་གྲོལ་བར་བྱེད་པ་ཡོད་པ་ལའོ།། གང་ཡིན་དེ་ཞེས་པ་ནི་དེ་རྣམས་ཉིད་ཀྱི་ཉམས་སུ་མྱོང་བས་གྲུབ་པའི་ཕྱིར་འདི་ཙམ་ཞེས་བརྗོད་པར་ནུས་པ་མ་ཡིན་ལ། དེ་ཉིད་ཀྱི་ཕྱིར ་དགའ་བའི་རྒྱ་མཚོ་ཡིན་ཏེ། མགུ་བའི་རྒྱུ་མུརྒྷོ་སྙིང་རྣོ་དང་ལྷུན་པོའི་རྒྱུད་རྣམས་ལ་སྐྱེ་བར་འགྱུར་རོ།། དགའ་བའི་རྒྱ་མཚོ་དེ་ཉིད་ཀྱིས་མཐར་ཕྱིན་པ་ནི་བདེ་བོ་གཞན་ལ་ཕྱིར་ཕྱོགས་པ་ལྔས་ཡོངས་སུ་ཐོབ་པ་སྟེ་བདེ་བ ་ཐམས་ཅད་སྤངས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ།། ཅི་སྟེ་དེ་ཉིད་བདེ་བའི་མཐར་ཐུག་པ་ཅི་ལྟར་ཡིན་ཏེ། གཅིག་ཏུ་ཉོན་མོངས་པའི་ཡོངས་སུ་གདུང་བ་ཉེ་བར་ཞི་བས་རྣམ་པར་གྲོལ་བའི་བདེ་བ་ཡིན་པའི་ཕྱིར་ཤིན་ཏུ་ལྷག ་པ་ཡིན་ནོ་ཞེ་ན། རོ་བྲལ་ཐར་པ་ཞེས་པ་ལ་སོགས་པ་གསུངས་ཏེ། ཐར་པ་ཡང་དེ་ལ་ལྟོས་ནས་དེ་རྣམས་རོ་དང་བྲལ་བ་ཉིད་དུ་སྣང་ངོ་།། དགོངས་པ་ནི་འདི་ཡིན་ཏེ། གཞན་ལ་ཕན་པ་དང་བདེ་བ་བསྒྲུབ་པ་ཉིད་དེ་རྣམས ་ཀྱི་རོའི་མཆོག་ཉིད་ཀྱིས་ཞུགས་པའི་ཕྱིར་དེ་ལ་མངོན་པར་ཞེན་པ་ཡིན་ལ། སྙིང་རྗེ་དང་ལྡན་པ་རྣམས་ལ་བདེ་བ་དེ་ཉིད་དགོས་པ་ཡིན་གྱི། ཐ་རཱ་པཾ་ནི་མ་ཡིན་ནོ།། དེ་གྲལ་ཏེ་ཉམས་སུ་ལེན་པ་ལ་ཆེད་ཆེར་བྱེད་ན་ཐར་པ་ཡང་མུངོན་དུ་གྱུར ་ན་ཡང་གཞན་གྱི་དོན་དེ་ཉིད་ལ་ཆེད་དུ་གཉེར་བ་ནི་མ་ཡིན་ནོ་གང་གསུངས་པ། འགྲོ་བ་མ་ལུས་རང་བཞིན་མངོན་དུ་མཛད་གང་གི། དེ་བཞིན་གཤེགས་པ་ཉིད་ནི་ཞར་ལ་བྱུང་བ་སྟེ།། གཞན་དབོང་གྱུར་པ་ཁྱེད་ཀྱི་ཡོན་ཏན་རྣམ ་ལས་ནི།། ཅུང་ཟད་ཙམ་ཞིག་ཚིག་གི་རྗོད་བྱེད་སྙན་དངགས་མཁན་ཞེས་སོ།། གང་གི་ཕྱིར་ཐར་པ་ལ་རིངས་པ་མེད་པ་དེའི་ཕྱིར་ཏེ། རྒྱུ་འདི་ལས་གཞན་གྱི་དོན་བྱས་ཀྱང་སྟེ། དེ་ལ་སྙེམས་གཞོལ་བར་ཞུགས་པས་རློམ་སེམས ་དང་རྒྱགས་པ་མ་ཡིན་ལ། ངོ་མཚར་བ་ཡང་མེད་དེ་དཀའ་བ་སྤྱད་པས་རྨད་དུ་བྱུང་བའི་བློ་ཡང་དེ་རྣམས་ལ་སྐྱེ་བར་འགྱུར་བ་མ་ཡིན་ཏེ། བདག་གིས་དམ་པའི་ལས་བྱས་པ་འདི་ཡི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་འཇིག ་རྟེན་ཕ་རོལ་ཏུ་འབྱུང་བར་འགྱུར་རོ་ཞེས་པ་དང་། རྣམ་པར་སྨོན་པའི་འབྲས་བུ་ལ་འདོད་པ་ཡང་སྐྱེ་བ་མ་ཡིན་ནོ།། འདིའི་རྒྱུ་གཅིག་ཏུ་གཞན་དོན་ལ་དགའ་བས་ཞེས་གསུངས་ཏེ། གང་གཞན་གྱི་དོན་རྣམས་ལ་གཅིག་ཏུ་སྟེ། ་དགོས་པ་གཞན་ལ་བལྟོས་པ་མེད་པས་ཁྱད་པར་དུ་ཤིན་ཏུ་དགའ་བ་ཡིན་ཏེ་དེ་ཉམས་སུ་ལེན་པ་ལ་ཚིམ་པ་མེད་པ་ཡིན་ལ་རྒྱུ་དེས་སོ།། འདིས་ནི་བདག་དང་གཞན་དུ་མཉམ་པའི་འབྲས་བུའི་སྐབས་ཀྱི་ཁྱད་པར་དེ་བསྟན་པར ་འགྱུར་རོ།། དེ་ལྟར་ན་ཞར་ལ་བྱུང་བ་དེ་ལྟར་བརྗོད་ནས། སྐབས་སུ་བབ་པ་མཇུག་བསྡུ་བའི་སྒོ་ནས་བསྟན་པར་བྱ་བའི་ཕྱིར་དེ་བས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་བརྗོད་པའི་རིམ་པས་བདག་དང་གཞན་ལ་ཁྱད ་པར་ཅུང་ཟད་ཀྱང་མེད་པ་བདེ་བས་ནའོ།། ཆུང་ངུ་ན་ཞེས་པ་ནི་སྡུག་བསྔལ་གྱི་རྒྱུ་ཅུང་བླུད་ཙམ་མཱ་སྙན་པ་ལྔས་ཀྱང་བདག་བསྲུང་ཞིང་སྦ་བར་བྱའོ།། དེ་ལྟར་གྱུར་ན་ཡང་བདག་དང་གཞན་དུ་མཉམ་པར་བསྒྲུབ་པ་ཞེས་བྱ་བ་འདི ་ཉམས་སུ་བླང་བར་མི་ནུས་པ་ཉིད་ཡིན་ལ། དེ་བས་ཀྱང་བདག་དང་གཞན་དུ་བརྫི་བ་ནི་ཤི་ནཱ་ཡང་མི་ནུས་པ་ཡིན་ཏེ། དེ་ཇི་ལྟར་ན་བླང་བར་བྱ་བ་ཡིན་ཞེས་ན། གེམས་པ་ཡིས་ནཱི་ཞེས་པ་ལ་སོགས་པ་གསུངས་པ་ལ། དེ་བཞིན་དུ ་བརྗོད་པའི་རིམ་པས་འདིར་དངོས་པོ་གོམས་པའི་སྤྱོད་ཡུལ་དུ་འགྱུར་བ་ནི་དཀའོ་ཞེས་པའི་བློ་བསྐྱེད་པར་མི་བྱ་སྟེ། གང་གི་ཕྱིར་གཞན་དག་སྟེ་ཕ་མ་དང་འབྲེལ་བའི་ཁུ་བ་ཁྲག་གི་ཐིགས་པ་ལ་ལུས་ཞེས་ཞེན་པ་རྣམས་ལ་གོམས ་པས་བདག་གོ་ཞེས་ཤེས་པར་འགྱུར་ཏེ་བརྟན་པ་ཉིད་ཀྱི་འཇུག་གོ།། འོན་ཏེ་བདག་གི་ཞེས་ཤེས་པའི་རྒྱུ་མཚན་གཞན་ཡོད་པ་ཡིན་ཏེ། ཅིའི་ཕྱིར་འདིར་མི་འཐད་ཅེ་ན། དངོས་པོ་མེད་པར་གྱུར་ཀྱང་ཞེས་པ་ལ་སོགས་པ་གསུངས་ཏེ། བདག ་ལ་སོགས་པའི་དངོས་པོ་རྒྱུ་མཚན་དུ་གྱུར་པ་མེད་ན་ཡང་གོམས་པ་འབྲའ་ཞིག། ལས་དེ་ལྟར་སྒོམ་པར་བྱེད་པས་གཞན་ལ་ཡང་ངེས་པ་ཉིད་དུ་འགྱུར་རོ།། དེ་ཉིད་དེ་བཞིན་ཞེས་པ་ལ་སོགས་པ་གསུངས་ཏེ། ་བདག་ཅེས་ཅིའི་ཕྱིར་མྱི་གཟུང་སྟེ་གཟུང་བར་བྱ་བ་ཉིད་དུ་ཤིན་ཏུ་ནུས་པ་ཡིན་ལ། དེའི་རང་བཞིན་ཉིད་དུ་རང་གི་ལུས་གྲུབ་པ་ཉིད་དོ།། གཞན་དུ་ན་དེ་དང་མཉམ་པ་ཉིད་དུ་ཡང་མི་འགྱུར་ཏེ། དེ་ལྟར་ན་བདག་དང་གཞན་དུ་བརྗེ་བ ་དཀའ་བས་བསྐུ་བོ་དགོས་པ་མ་ཡིན་ནོ།། དེ་ལྟར་བདག་དང་གཞན་དུ་མཉམ་པ་བསྟན་ནས། བདག་དང་གཞན་དུ་བརྗེ་པ་བསྟན་པར་བཞེད་ནས། བདག་ཉིད་སྐྱོན་བཅས་ཞེས་བྱ་བ་ལ་སོགས་པོ་གསུངས་ཏེ། རྟོགས་པ་དང་ལྡན་པ་རྣམས ་ཀྱི་ཡོན་ཏན་དང་སྐྱོན་བླང་བ་དང་དོར་བ་དག་གི་རྒྱུ་མཚན་བདག་དང་གཞན་ལ་དེ་མཐོང་ནས་བླང་བ་དང་དོར་བར་བྱ་བ་དག་བསྒོམ་ཞིང་གོམས་པར་བྱའོ།། བདག་ལུས་ཡོངས་སུ་དོར་བ་ནི་བདག་ཉིད་ལ་གཞན་དུ་བྱའོ།། གཞན་བླང ་པ་ཞེས་པ་ནི་གཞན་རྣམས་ལ་བདག་ཉིད་དུའོ།། དེ་ལྟར་ན་འདིས་བདག་དང་གཞན་དུ་བརྗེ་བའི་ཐབས་གཞན་བསྟན་པར་འགྱུར་རོ།། དེ་ལྟར་གྱུར་ན་སེམས་ཅན་རྣམས་ཐ་དད་པ་མང་པོ་རྣམས་ལ་ཇི་ལྟར་སོ་སོར་བདག་དང་གཞན་དུ་བརྗེ ་བ་བསྒོམ་པར་ནུས་ཞེ་ན། ཇི་ལྟར་ལག་པ་ལ་སོགས་ཀྲི་བ་ལ་སོགས་པ་གསུངས་ཏེ། གང་སྟེ་ཡང་ལག་པ་ལ་སོགས་པ་ཐ་དད་པ་ཡིན་པ་དེ་ལྟ་ན་ཡང་ལུས་སུ་ཞེན་པའི་ཡན་ལག་ཉིད་ཀྱིས་སུ་ཞེས་དེ་ལ་གཅིག་ཏུ་ཡུལ་དུ་བྱེད་པ ་དེ་བཞིན་དུ་འགྲོ་བ་ཡང་མ་ལུས་པ་གཅིག་ཉིད་དུ་ཞེན་པས་དེའི་ཡན་ལག་ཉིད་ཀྱིས་སྲོག་ཆགས་ལ་འགྲོ་བ་ཞེས་གཅིག་ཉིད་དུ་དེ་ཅིའི་ཕྱིར་མི་འཛིན། བདག་དང་གཞན་དུ་བརྗེ་བ་འདི་ལ་དཀའ་བའི་བློ་གྲོས་མི་བྱ་སྟེ་གོམས་པས་ཐོབ་པ་ཡིན། ་ནོ་ཞེས་བསྟན་པའི་ཕྱིར། ཇི་ལྟར་བདག་མེད་ཅེས་པ་ལ་སོགས་པ་གསུངས་ཏེ། དོན་བཤད་ཟིན་ལ་བདག་དང་གཞན་དུ་བརྗེས་པ་ན་འཇིག་རྟེན་ཕ་རོལ་ཏུ་འབྲས་བུ་ལ་འདོད་པ་སྐྱེས་པ་མ་ཡིན་ནོ།། གང་དང་འདྲ་བར་ཞེ་ན། བདག་ཉིད་ཀྱི་ཟས ་ཟོས་ནས་ཏེ། སྦྱིན་པ་འདིས་བདག་དང་སེམས་ཅན་ལོངས་སྤྱོད་ཕུན་སུམ་ཚོགས་པར་གྱུར་ཅིག་ཅེས་འབྲས་བུ་མི་འདོད་པ་བཞིན་ནོ།། དེ་བཞིན་དུ་ནི་དེ་ལྟར་རོ།། དེ་ལྟར་ན་འདི་གོམས་པའི་ཡུལ་ཉིད་དུ་བསྟན་ནས། བཟློག་པ་ལ་གོམས་པར་བྱ་བ ་རང་གི་སེམས་སྦྱར་བའི་ཕྱིར། དེ་བས་ཞེས་པ་ལ་སོགས་པོ་གསུངས་ཏེ། འདོད་པ་ནི་མངོན་པར་འདོད་པའི་དངོས་པོ་ཐོབ་པའི་ཆེང་དུ་གདུང་བ་སྟེ། སེམས་ཀྱི་ཆོས་ཡིན་པ་འམ་ལུས་ཀྱི་སྡུག་བསྔལྔ་ཡིན་པ་ནི་དཔེར་ན་འགྲོ་བའི་ནད་ལྟ་བུའོ།། ་མྱ་ངན་ནི་སྡུག་བསྔལ་དང་བྲལ་བ་ལ་སོགས་པས་བྱས་པའི་སྡུག་བསྔལ་ལོ།། སོགས་པའི་སྒྲས་ནི་ལུས་དང་སེམས་ཀྱི་སྡུག་བསྔལ་གཞན་གཟུང་ངོ་།། དེ་ཉིད་དཔེའི་སྒོ་ནས་བསྟན་པར་བྱ་བའི་ཕྱིར་དེ་བས་མགོན་པོ་ཞེས་པ་ལ་སོགས་པ ་གསུངས་ཏེ། དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་རང་གི་མཚན་ཡང་བྱིན་གྱིས་བརླབས་ཏེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཅེས་བདག་ཉིད་ཀྱི་མཚན་བྱིན་གྱིས་བརླབས་པ་དང ་ལྡན་པ་ཡི་ནཱ་གཱ་འཁོར་གྱི་འཇིགས་པ་ནི་སྐྲག་པ་ཡིན་ཏེ། སེམས་བསྐུམས་ནས་འཇུག་པ་ཡིན་ལ། སྤོབས་པ་དང་བྲལ་ཞེས་པའི་བར་དུའོ།། འགྲོ་བ་ནི་འཇིག་རྟེན་པ་ཡིན་ལ་དེ་ལས་འཇིགས་པའམ་དེ་ཉིད ་ཀྱིས་འཇིགས་པའོ།། དེ་བསལ་བའི་ཕྱིར་ནི་དེ་སྤང་བའི་དོན་དུའོ།། མཚན་གང་སེམས་ཅན་འགའ་ཞིག་སེམས་མེས་པས་ཀྱང་བདག་གི་མིང་འཛིན་པར་བྱེད་ན་དེ་ལ་སྡུག་བསྔལ་ཐམས་ཅད་རྣམ་པ་ཐམས་ཅད་དུ་འབྱུང་བར་མི་འགྱུར ་ལ། ཐ་ན་འཁོར་གྱིས་འཇིགས་ཤིང་སྐྲག་པ་ཡང་འབྱུང་བར་མི་འགྱུར་རོ་ཞེས་བྱིན་གྱིས་བརླབས་སོ།། གཞན་ཡང་དཀའ་བའི་ཚོར་བ་ལ་ཡང་གོམས་པས་དགའ་བར་འགྱུར་བས་ན་བདག་ཅག་གིས་ལྡོག་པར་མི་རིགས་པ ་ཉིད་དོ་ཞེས་བསྟན་པའི་ཕྱིར་དཀའ་ལས་ཤེས་པ་ལ་སོགས་པ་གསུངས་ཏེ། འདི་ནི་མི་ནུས་སོ་ཞེས་ནས་ལྡོག་པར་མི་བྱའོ།། ཅིའི་ཕྱིར་ཞེ་ན། གང་ལས་གོམས་པའི་སྟོབས་འདྲིར་མཐོང་སྟེ། གང་གིས་ཐོས་ནས་འཇིགས་པ་ཞེ ་པ་ནི་རྣ་བའི་ལམ་དུ་གྱུར་ན་སྐྲག་པ་དང་འཇིགས་པ་སྐྱེ་བར་འགྱུར་བ་ལ། ཕྱི་ནས་རྒྱུ་ཅུང་ཟད་ཐོབ་པ་ལས་སྡུག་པ་རོ་གོམས་པའི་དབང་གིས་འཇིགས་པའི་རྒྱུ་དེ་ཉིད་ཀྱིས་མེད་པར་གྱུར་ན་མི་དགའ་བར་འགྱུར་རོ།། གཞན་ཡང ་དགོས་པ་འདི་ཡང་ཡོད་པར་མཐོང་བ་ཡིན་ཏེ། དེ་ལ་གུས་པའི་སྒོ་ནས་གོམས་པའི་དབང་དུ་གྱུར་པར་བྱའོ་ཞེས་བསྟན་པའི་ཕྱིར། གང་ཞིག་བདག་དང་ཞེས་པ་ལ་སོགས་པ་གསུངས་ཏེ། གང་ཞིག་མྱུར་ཞིང་མགྱོགས་པ་ཉིད ་དུ་སྡུག་བསྔལ་གྱི་འཇིགས་པ་ཐམས་ཅད་ལས་བསྒྲུབ་ཅིང་བསྲུང་བར་འདོད་པས་དེ་སྤྱད་པར་བྱ་སྟེ། བདག་དང་གཞན་དུ་བརྗེ་བའོ།། ཅི་ལྟ་བུར་གྱུར་པ་ཞེ་ན། གསང་བའི་དམ་པ་སྟེ་དེའི་རིགས་ཅན་མ་ཡིན་པ་རྣམས་སྐྲག་པའི་རྒྱུ་ཡིན ་པའི་ཕྱིར་རམ། མ་དད་པ་བསལ་བའི་ཕྱིར་ཤིན་ཏུ་ཡང་གསང་བར་བྱ་སྟེ། གཞན་དུ་ན་དེ་ཡོས་སྤངས་པས་དེ་རྣམས་ངན་སོང་དུ་འགྲོ་བར་འགྱུར་རོ།། གང་བདག་ཉིད་སྐྱོན་བཅས་ཞེས་པ་ལ་སོགས་པ་གསུངས་པའི་བདག་དང་གཞན་གྱི ་བདག་ཉིད་ཉེས་པ་དང་ཡོན་ཏན་དེ་རྣམས་རྒྱས་པར་བསྟན་པའི་ཕྱིར། བདག་ལུས་ཞེས་པ་ལ་སོགས་པ་གསུངས་ཏེ། བརྟ་ནི་ཆགས་པས་ཞེས་ནི་བདག་ཏུ་འཛིན་པས་བསྐྱེད་པའི་མངོན་པར་ཞེན་པས་སོ།། ཆུང་ཞེས་པ་ནི་འཁོར ་གྱི་འཇིགས་པ་སྐད་ཅིག་མ་ཅུང་ཟད་ལས་ཀྱང་ང་ངོ་།། འཁོར་གྱི་འཇིགས་པའི་རྒྱུ་ཡིན་པས་ན་འཇིགས་པའམ། རྣམ་པར་རྟོག་པས་བརྟགས་པའི་འཇིགས་པའང་འཇིགས་པ་ཞེས་བརྗོད་དོ།། འདི་ལྟ་བུར་གྱུར་པའི་བདག་ཉིད་ལ ་སེམས་དང་ལྡན་པ་སུ་ཞིག་སྣང་བར་གྱུར་པའི་བདག་ཉིད་ལ་སེམས་དང་ལྡན་པ་སུ་ཞིག་སྡུང་བར་མི་བྱེད་དེ་སྡང་བར་བྱ་བ་ཉིད་དེ་ཞེས་པའི་དོན་ཏོ།། དེ་གང་ཡིན་ཞེ་ན། དགྲ་བཞིན་དུ་གང་གིས་འཇིགས་པ་བསྐྱེད་པར་བྱེད་པ་སྟེ། ་བརྗོད་པའི་རིམ་པས་དགྲ་བཞིན་དུ་གང་ཞིག་འཇིགས་པ་སྐྱེད་པར་བྱེད་པའོ།། བསམ་པ་ནི་འདི་ཡིན་ཏེ། དགྲ་ལ་ཡང་སྡང་བར་བྱེད་དེ། སྡུག་བསྔལ་བསྐྱེད་པར་བྱེད་པ་ཡིན་པའོ་ཕྱིར་རོ།། དེ་འདི་ལ་ཡང་ཡོད་པས་ཅིའི་ཕྱིར་མི་འཇིགས ་ཏེ་འཇིགས་པར་བྱ་བའོ།། དེ་ལ་ཉེས་པ་གཞན་ཡང་བརྗོད་པའི་ཕྱིར། དམན་གླང་ཞེས་པ་ལ་སོགས་པ་གསུངས་ཏེ། དམན་པ་ནི་ནད་པ་ཡིན་ལ། བཀྲེས་པ་ནི་བྲུ་བ་ཆེ་བ་ཡིན་ཞིང་། སྐོམ་པ་ནི་བཏུང་བ་འདོད་པ་ཡིན་ལ། ་སོགས་པའི་སྒྲས་ནི་གོས་ལ་སོགས་པ་དང་བྲལ་བའོ།། འདི་རྣམས་ལས་གསོ་བའི་ཚི་ག་ནི་སྤྱིར་འཆོས་པ་ཡིན་ཏེ། ཉེ་བར་ཞི་བར་བྱེད་པའི་ཐ་ཚིག་གམ། འདི་དག་གི་ཕྱིར་འཆིས་པ་སྟེ། དེ་གསོ་བར་བྱེད་པར་འདོད་པ་དེས་གང་ཞིག་ན ་བའི་ཟས་དང་སྨན་ལ་སོགས་པའི་རྒྱུ་མཚན་གྱིས་བྱ་དང་ཉ་དང་རི་དྭགས་དག་གསོད་པར་བྱེད་དེ་སྲོག་དང་བྲལ་བར་བྱེད་པའོ།། མཁས་པ་སུ་ཞིག་ལུས་དེ་ལ། འདྲོད་ཅིང་ཞེས་པ་ལ་སོགས་པ་འཆད་པར་འགྱུར་བ་དང་འབྲེལ་ཏོ།། ། ་ལཱམ་ཉྫུག་པར་བྱེད་པས་གནས་ཏེ། ལམ་མ་ཡིན་པ་ནས་འཇུག་པར་འགྱུར་བའི་རྐུན་མོ་ཉིད་ལ་བརྗོད་དེ། གཞན་གྱི་རྫས་འཕྲོག་པར་བྱེད་དོ་ཞེས་པའི་ཐ་ཚིག་གོ།། དེ་བཞིན་དུ་ཕ་དང་མ་ཡང་སྟེ་དེ་དག་ཀྱང་བང་གི་ཉིད་ཀྱི་རྙེད་པའི་རྒྱུད ་རཱིརིམ་གྲིའི་རྒྱུས་ཀྱང་གསོད་པར་བྱེད་དེ། འདི་དག་གསོན་པའི་དོན་གྱིས་རྙེད་པ་འམ་བཀུར་སྟི་བདག་གིར་གྱུར་ཅིག་ཅེས་བསམས་ནས་གསོ་བར་བྱེད་དོ།། དཀོན་མཆོག་གསུམ་གྱིས་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་བདག ་ཉིད་ཀྱི་ཡིན་ཏེ། དཀོར་ནི་ནོར་ཡིན་ལོ། བརྐུས་ནས་ནི་བླངས་ནས་སོ།། སྔར་བརྗོད་པའི་རྒྱུ་མཚོན་དུ་འདིར་ཡང་མིཁས་པ་སུ་ཞིག་ལུས་དེ་ལ་ཞེས་བྱ་བ་དོང་འབྲེལ་ཏོ།། གང་གིས་ཏེ་ཕ་བསད་པ་ལ་སོགས་པ་བྱས་པས་མནར་མེད་པ ་ལ་སོགས་པའི་མེས་དེའི་ལས་ཀྱིས་སྐྱེས་པ་སྟེ་སྲེག་པར་འགྱུར་ཏེ། འདི་ནི་མཚོན་པ་ཙམ་ཡིན་ལ། དེ་ལས་གཞན་པའི་དམྱལ་བའི་བུད་ཤིང་གིས་ཀྱང་སྲེག་གོ།། ཡང་ན་དཀོན་མཆོག་གསུམ་གྱི་དཀོར་རྐུ་བར་བྱེད་པ་དེ་རབ་ཏུ་ཚ་བ་ལ་སོག ་པའི་སྡུག་བསྔལ་ཡིན་ཏེ། མནར་མེད་པའི་སྡུག་བསྔལ་དང་འདྲ་བའི་ཕྱིར་རོ།། འདི་ལྟར་ཉེས་པ་འདི་མཐོང་བ་ན་མཁས་པ་སྟེ། རིགས་པ་དང་ལྡན་པ་སུ་ཞིག་གི་དེ་འདི་ལྟ་བུའི་སྡུག་བསྔལ་ཐམས་ཅད་ཀྱི་རྒྱུ་བདག་ཉིད་འདོད་ཅིང་དེ ་ལྔ་དགའ་བའོ།། སྲུང་བ་སྟེ་ཡོངས་སུ་སྐྱོང་བ་དང་མཆོད་པར་བྱེད་པ་སྟེ། རྙེད་པས་མཆོད་པར་བྱེད། འདི་ལ་དགྲ་བཞིན་དུ་ལྟ་བར་མི་བྱེད་དེ་འོན་ཀྱང་དེ་བཞིན་དུ་བདེ་བླག་ཏུ་དེ་ལྟ་བཱིར་རིགས་ཏེ། སྡུག་བསྔལ་ཐམས་ཅད་ཀྱི་རྒྱུ་ཡིན ་པའི་ཕྱིར་ཞེས་ཟུར་གྱིས་སྟོན་པ་ཡིན་ནོ།། འདི་ལྟར་སྤྱོད་པའི་གནས་ལ་སུ་ཞིག་སྟེ་མཁས་པ་གང་ཞིག་བརྙས་པར་མི་བྱེད་ཅིང་བསྟོན་པར་བྱེད་ཅེས་པའི་ཐ་ཚིག་གོ།། དེ་ལྟར་བདག་གི་ཉེས་པ་བརྗོད་ནི། བདག་དང་གཞན་གྱི་ཉེས་པ་དང ་ཡོན་ཏན་རྣམས་བསྟན་པར་བཞེད་པས?། གལ་ཏེ་བྱིན་ན་ཞེས་པ་ལ་སོགས་པ་གསུངས་ཏེ། དངོས་པོ་འདི་ལ་རྙེད་ན་ས་དྲོན་དུ་གཉེར་བ་ཡང་འོངས་པར་གྱུར་པ་ན་དེ་ལ་ཅི་འདི་སྦྱིན་པ་འམ་འོན་ཏེ་སྤྱོད་པར་བྱ་ཞེས་རྣམ་པར་རྟོག་པ ་ངེས་པོར་བྱེད་དོ།། གལ་ཏེ་སྦྱིན་ན་དེའི་ཚེ་ཅི་ཞིག་སྤྱད་པར་བྱ་སྟེ། གཞན་གྱིས་རྣམ་པ་ཐམས་ཅད་དུ་དབང་དུ་བྱས་པའི་ཕྱིར་རོ།། དེ་ལྟར་ན་བདག་གི་དོན་དུ་སྟེ་རང་གི་བདེ་བ་བསྐྱོབ་པའི་ཕྱིར་གཞན་ལ་རྒྱབ་ཀྱིས་ཕྱོགས་པས་འཇུག ་པར་འདོད་པ་རྣམས་ཡི་དྭགས་ཀྱི་འགྲོ་བར་གསུངས་པ་ཡིན་ཏེ། སེར་སྣ་གཙོ་བོར་གྱུར་པའི་ཕྱིར་རོ།། འདི་ལས་བཟློག་པ་གསུངས་པ་ནི་གལ་ཏེ་ཞེས་པ་སྟེ། འོན་ཏེ་གལ་ཏེ་སྤྱད་ན་འོ་ན་ཅི་ཞིག་སྦྱིན་པར་བྱ་སྟེ་དེའི་དུས ་ལ་བལྟོས་ནས་ད་ལྟར་བྱུང་བའི་སྒྲའོ།། དེའི་ཕྱིར་འདི་ལྟར་རང་དོན་ལ་བལྟོས་པ་མེད་པ་གཞན་གྱི་བདེ་བ་བསྒྲུབ་པའི་ཆེད་དུ་ཞུགས་པ་རྣམས་ལྷའི་རྒྱལ་པོ་སྟེ་ལྷོའི་དབང་ཕྱུག་གོ།། དེ་ལྟར་གཞན་ལ་ཕན་པ་དང་མི་ཕྲན་པ་དག ་བརྗོད་ནས་གཞན་དང་བདག་གི་གནོད་པ་དང་ཕན་པ་དག་གི་སྐྱོན་དང་ཡོན་ཏན་རྣམས་ཇི་ལྟར་སྲིད་པའི་སྟན་པའི་ཕྱིར། བདག་ཕྱིར་ཞེས་པ་ལ་སོགས་པ་གསུངས་ཏེ། བདག་གི་བདེ་བ་ཡིད་ལ་བྱེད་པས་ལུས་དང་ངག་གི་ཆད་པ ་རྣམས་ཀྱི་གཞན་ལ་གནོད་པར་བྱས་ནས་དམྱལ་བ་ལ་སོགས་པའི་ངན་འགྲོ་རྣམས་སུ་སྡུག་བསྔལ་མྱོང་བར་འགྱུར་རོ།། བཟློག་པས་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་བྱར་འགྱུར་རོ།། བདག ་དང་གཞན་ལ་སེམས་ཙམ་གྱིས་ཀྱང་ཕན་པ་དང་གནོད་པར་བྱེད་པར་འདོད་པ་ལས་ཡོན་ཏན་དང་སྐྱོན་གང་ཡིན་པ་བསྟན་པའི་ཕྱིར། བདག་ཉིད་ཅེས་པ་ལ་སོགས་པ་གསུངས་ཏེ། མཐེ་བ་ནི་ལང་ཚེ་དང་གཟུགས་དང ་ནོར་ལ་སོགས་པ་རྣམས་ཀྱིས་གཞན་ལས་མཆོག་ཡིན་ནོ་ཞེས་མངོན་པར་ང་རྒྱལ་བ་གང་ཞིག་ངོ་རྣམས་ཉིད་མཐོ་བར་འདོད་ཅིང་གཞན་ལ་སྟེ་ཕ་རོལ་ལ་སྤོ་བ་སྟེ་འཕོ་བར་བྱས་ན་སྔར་གྱི་ལས་བཟློག་པར་འགྱུར་རོ།། ། ་བདག་དང་གཞན་ལ་ངགྲ་ཙམ་དུ་ཡང་བདེ་བའི་རྒྱུ་མ་ཡིན་པ་ཉིད་དོ་ཞེས་བསྟན་པའི་ཕྱིར། བདག་གི་དོན་དུ་ཞེས་པ་ལ་སོགས་པ་གསུངས་ཏེ། སོགས་པའི་སྒྲས་ནི་བདག་གི་དངོས་པོ་མི་སྡུག་པ་ལ་སོགས་དང་རྗེ་དཔོན་ཉིད་ལ་སོལ ་པ་ཞེས་པ་འདིར་ཡང་སོགས་པའི་སྒྲས་རིགས་ལ་སོགས་པ་དང་། གཟུགས་བཟོད་པ་ལ་སོགས་པའོ།། ད་ནི་བརྗོད་པའི་དོན་ཉིད་བསྡུས་ནས་བསྟན་པའི་ཕྱིར། འཇིག་རྟེན་ཞེས་པ་ལ་སོགས་པ་གསུངས་ཏེ། བདག་བདེ་བར ་འདོད་པས་ཀྱང་དེ་ལྟར་བསྒྲུབ་པ་ཐམས་ཅད་བྱ་བ་མ་ཡིན་པ་ལ་ཡང་བྱ་བ་ཉིད་དུ་ཞེན་པར་བྱེད་དོ།། དེའི་ཕྱིར་དེའི་ལས་ཀྱི་སྒྲིབ་པ་ལས་འཇིག་རྟེན་ཕ་རོལ་ཏུ་མི་འདོད་པའི་ལས་ལས་བྱུང་བའི་སྡུག་བསྔལ་སྐྱེ་བར་འགྱུར་རོ།། བདེ ་བ་ཞེས་ཏེ་བདེ་བ་དང་འབྲེལ་པ་ཡིན་ལ། གཞན་བདེ་བ་འདོད་ཅེས་པ་ནི་ཕ་རོལ་པོ་རྣམས་ལཱྀ་ལ་ཕན་པ་དང་བདེ་བ་ལ་སྦྱར་བའི་ཆེད་དུ་བསྒྲུབས་པའི་ཕྱིར་རོ།། ད་ནི་བསྟན་པའི་དོན་ཉིད་དཔེས་མི་དོར་བསྡུས་ཏེ་བསྟན་པའི་སྒོ་ནས ་བསྟན་པར་བྱ་བའི་ཕྱིར། མུང་དུ་ཞེས་པ་ལ་སོགས་པ་གསུངས་ཏེ། རྒྱུས་པསྡུ་བཤད་པ་ཅི་ཞིག་བྱ་སྟེ། འདི་ཉིད་འདིར་མོ་དོར་བསྡུས་པས་གསལ་བཱར་དོ་པེར་བརྗོད་པ་རྟོགས་པར་བྱས་པ་ལ་བདག་ལ་གཞན་དུ་བརྫི་བ་ལ་འབད ་པར་བྱའོ།། འོདི་ལྟར་ཡང་སོ་སོའི་སྐྱེ་བོ་བདག་ཉིད་ཀྱི་དགོས་པ་ལ་ཞུགས་པའི་ཡིད་ཅན་དང་ཐུབ་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་གཞན་གྱི་གཞན་དབང་དུ་གྱུར་པའི་ཁྱད་པར་འདི་བྱེ་བྲག་ཏུ་བལྟོས་ལ་ངེས་པར་ཟུང ་ཤིག། ཅི་ལྟར་ལུས་ལས་དཔེ་ཡོད་པ་ཡིན་པར་བསྟན་པ་དེ་ལྟར་འདི་རྟོགས་པར་བྱ་སྟེ། དེའི་ལས་བཟློག་པ་ལ་སེམས་དང་ལྡན་པས་ཀྱང་ཅིའི་ཕྱིར་ཡང་སྤྲོ་བ་མེད་པར་འགྱུར། དེ་ལྟར་ན་ཡང་སངས་རྒྱས ་དོན་དུ་གཉེར་བའི་གལ་ཏེ་ལམ་འདི་ཉིད་ཡིན་ན་ཡང་གང་རྣམས་འཁོར་བའི་བདེ་བ་ཙམ་འདོད་པ་དེ་རྣམས་ལ་དེ་ཇི་ལྟར་བདེ་བའི་ལམ་ཡིན་ཞེ་ན། བདག་བདེ་ཞེས་པ་ལ་སོགས་པ་གསུངེས་ཏེ། སངས་རྒྱས་ཉིད་དེ་བྱང་ཆུབ ་བསྒྲུབ་པར་བྱ་བ་སྟེ། རྫོགས་པར་བྱ་བ་ནི་བདག་དང་གཞན་དུ་བརྗེ་བའི་ལམ་བླང་བར་བྱ་བ་ཡིན་ཏེ་སྐྱེས་བུ་མཆོག་གི་དོན་ཡིན་པས་སོ།། འདི་འབའ་ཞིག་བདག་དང་གཞན་དུ་བརྗེ་བ་མེད་པར་མི་འགྲུབ་པ་མ་ཡིན་ལ་འཁོ ་མ་ནི་ཡང་ལྷོ་དང་མི་དག་གི་བདེ་བ་ཕུན་སུམ་ཚོགས་པའི་མཚན་ཉིད་དེ་ཇི་ལྟར་འགྱུར་བ་ཡིན་ཏེ་མ་ཡིན་པ་ཉིད་དོ།། གང་གི་མི་འགྱུར་ཞེ་ན། བདག་བདེ་བ་ཞེས་གསུངས་ཏེ། བདག་གཱ་བདེ་བ་དང་གཞན་གྱི་སྡུག་བསྔལ་བརྗེ ་བྱར་ངེས་པར་མ་བྱས་པའི་འོ།། བདག་གི་བདེ་བ་གཞན་གྱི་ཡིན་པ་དང་། གཞན་གྱི་སྡུག་བསྔལ་བདག་གོ་ཡིན་ནོ་ཞེས་འཕོ་བར་མ་བྱས་སོ་ཞེས་པའི་དོན་ཏོ།། ཇི་ལྟར་གལ་ཏེ་བྱིན་ན་ཅི་སྤྱད་ཅེས་ཞེས་པ་ལ་སོགས་པ་གསུང ་སོ།། གཞན་ཡང་བདེ་བ་གཞན་ཡང་སྐྱེ་བ་འདི་ཉིད་ལ་གཞན་ལ་ཕན་བཏགས་པ་མེད་པར་མི་འབྱུང་ངོ་ཞེས་བསྟན་པའི་ཕྱིར་འཇིག་རྟེན་ཕ་རོལ་ཞེས་པ་ལ་སོགས་པ་སྨོས་ཏེ། གང་འཇིག་རྟེན་ཕ་རོལ་ཏུ་གཞན་ལ་ཕན ་བཏགས་པ་མེད་པར་བདེ་བར་མི་འགྱུར་རོ་ཞེས་བྱ་བ་འདིར་ཤིག་བཞག་སྟེ་ནི་རེ་ཞིག་དེ་ལྟར་གྱུར་ཀྱང་སྟེ། དེ་ནི་ཤིན་ཏུ་ལྐོག་ཏུ་གྱུར་པ་ཡིན་པའི་ཕྱིར་རོ།། གང་ཡང་སྐྱེ་བ་འདི་ཉིད་ལ་མཐོང་བ་སྟེ་གྲུབ་པའི་དོན་ཡིན་ལ་མངོན་པར ་འདོད་པའི་བསྒྲུབ་བྱའི་མཚན་ཉིད་མི་གྲུབ་སྟེ་མི་རྫོགས་ལ། དེར་ལྡོག་པར་རྟོགས་པ་མེད་པའི་ཕྱིར་ཅི་ཞིག་བརྗོད་པར་བྱ། གང་གི་མི་འགྲུབ་ཅེ་ན། བྱིན་གཡོག་ཅེས་པོ་ལ་སོགས་པ་སྨོས་ཏེ། རྗེ་དཔོན་ནི་བདག་པོ་ཡིན་ལ་བྲན ་གཡོག་ནི་ལས་ཀྱི་འབྲས་བུ་ལེན་པ་བྲན་གྱིས་རྗེས་སུ་འཚོ་བ་ཡིན་ཏེ། དེའི་ལས་མ་བྱས་པ་ན་གཉི་ག་ཡང་མཐོང་བའི་ཆོས་ལ་མི་འགྲུབ་པར་དེ་མཐོང་བ་ཉིད་དོ།། དེ་ཡང་གོ་རིམ་ཇི་ལྟོ་བ་བཞིན་དུ་དེ་ཡིས་བསྒྲུབ་པར་བྱ་བ ་བསྙེན་བཀུར་གྱི་བདེ་བ་ལ་སོགས་པ་དང་དེ་ལས་ཕྱུང་བའི་ཟས་དང་གོས་ལ་སྩོགས་པ་ཡིན་ནོ།། འདི་ལྟར་ཤེས་ཀྱང་གཞན་དང་བདག་ལ་ཡོད་པའི་སྤྱོད་པ་ཕྱིན་ཅི་ལོག་ནི་རྨོངས་པའི་མཐུས་ཡིན་ནོ་ཞེས་བསྟན་པའི་ཕྱིར ་མཐོང་དང་ཞེས་བྱ་བཱ་ལ་སོགས་པ་གསུངས་ཏེ། ཕན་ཚུན་བདེ་བ་བསྐྱེད་པ་ནི་བདེ་བ་སྒྲུབ་པར་བྱེད་དོ།། ཅི་ལྟ་བུར་གྱུར་པ་ཞིག་ཅེ་ན། མཐོང་དང་མ་མཐོང་བདེ་འགྲུབ་པཱ་སྟེ། མཐོང་བ་དང་མ་མཐོང་བའི་འཇིག་རྟེན་དུ་བདེ ་འགྲུབ་པ་སྟེ་ཆེན་པོ་ཉིད་ཡིན་ལ། བདེ་བའི་དགའ་སྟོན་གྱི་དགའ་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། དེ་བོར་ནས་ཕན་ཚུན་དུ་མི་འདོད་པ་བྱས་པས་སྡུག་བསྔལ་བའི་ཕྱིར་སྡུག་བསྔལ་སྐྱེད་པར་བྱེད་པ་ཡིན་པས་སྡིག ་བསྔལ་ལེན་ཅིང་འཛིན་པ་ཡིན་ནོ།། མི་བཟད་པས་ནི་དམྱལ་བཱ་ལ་སོགས་པར་བྱས་པའི་ཤིན་ཏུ་འཇིགས་སུ་རུང་བའི་རང་བཞིན་ཡིན་པའི་ཕྱིར་རོ།། རྨོངས་པ་ཞེས་པ་ནི་སྨད་པ་ཡིན་ཏེ། རྨོངས་པའི་དབང་གིས ་ཕན་པ་དང་མི་ཕན་པ་མ་མཐོང་བ་ཡིན་ལ། ཡང་ན་རྨོངས་པ་ཞེས་པ་ནི་འདྲི་གཏན་ཚིགས་ཀྱི་ཚིག་ཡིན་ནོ།། གང་གི་ཕྱིར་རྨོངས་པ་ཡིན་པ་དེའི་ཕྱིར་འདི་རྣམས་ཕྱིན་ཅི་ལོག་གིས་འཇུག་པ་ཡིན་ཏེ། དེ་ལྟར་ན་རྨོངས་པ་འདི་ཉིད་སེམས ་ཅན་རྣམས་ལ་གནོད་པར་བྱེད་པ་ཡིན་ནོ་ཞེས་བསྟན་བཅོས་མཛད་པས་སྙིང་བརྩེ་བར་མཛད་དོ།། འདི་ཡིད་ལ་བྱས་པས་ཀྱང་བདག་ཏུ་འཛིན་པའི་མངོན་པར་ཞེན་པ་མི་བྱའོ་ཞེས་སྟོན་པའི་ཕྱིར། འཇིག་རྟེན་དག་ན་ཉེར་གནོད་ཅེས་པ ་ལ་སོགས་པ་གསུངས་པ་ལ་ཉེ་བར་གནོད་པ་ནི་ཡིད་མི་བདེ་བའི་རྒྱུ་གནོད་པ་ཡིན་ནོ།། སྡུག་བསྔལ་བ་རྣམས་ནི་ལུས་ཀྱི་ཚོར་བ་རྣམས་སོ།། འཇིགས་པ་ནི་སྡུག་བསྔལ་གྱི་རྒྱུ་རྣམས་ལ་སྐྲག་པོའོ།། འདི་ཐམས་ཅད་ཀྱི་རྒྱུ་ནི་བདག་ཏུ་འཛིན ་བ་ཡིན་ནོ།། གང་གི་ཕྱིར་དེ་ལྟར་ཡིན་པ་དེ་བས་ན་སྡུག་བསྔལ་གྱི་རྒྱུ་ཡོངས་སུ་བཟུང་བ་འདིས་ཅི་ཞིག་བྱ་སྟེ། དགོས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ།། དེ་ལྟར་ན་བདག་ཏུ་འཛིན་པ་ནི་སྡུག་བསྔལ་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར ་དེ་ཡོད་ན་སྡུག་བསྔལ་ལ་ལྡོག་པ་མེད་དོ་ཞེས་འཇིག་རྟེན་དག་ན་ཞེས་པ་ལ་སོགས་སྨོས་ཏེ། བདག་ནི་བདག་ཏུ་འཛིན་པ་ཡིན་ལ་བདག་ཡོངས་སུ་དོར་བ་འདི་ཉིད་བདག་ཏུ་འཛིན་པ་ཡོངས་སུ་དོར་བ་ཡིན་ནོ།། དེ་ལྟར་ན་བདག་ཏུ ་འཛིན་པ་ཡོངས་སུ་མ་དོར་བ་དེ་ཉིད་བདག་ཏུ་འཛིན་པ་གང་ཡིན་པ་ཉིད་དོ།། དེའི་ཕྱིར་བདག་ཏུ་འཛིན་པ་ཡོངས་སུ་མ་དོར་ན་སྡུག་བསྔལ་ལྡོག་པ་མེད་དོ་ཞེས་རིག་པར་བྱའོ།། འདིར་རྗེ་སུ་མཐུན་པའི་དཔེ་ཇི་ལྟར་མེ་ནི་ཞེས་པ་ལ་སོགས་པ ་གསུངས་ཏེ། གང་ཞིག་སྲེག་པ་མི་འདོད་ཅི་མེ་ཡོངས་སུ་མ་དོར་ན་དེའི་སྲེག་པ་ལྡོག་པར་ཡང་མི་འགྱུར་ཏེ། རྒྱུ་ལ་ནུས་པ་དེ་ཡོད་ན་འབྲས་བུ་མི་སྐྱེ་བར་རིགས་པ་མ་ཡིན་ཏེ། དེའི་དེ་འབྲས་བུ་ཉིད་ཡིན་པ་ཉམས་པར་ཐལ་བའི་ཕྱིར་དང་། ་རྣམ་པ་ཐམས་ཅད་དུ་མི་སྐྱེད་པར་ཐལ་བར་འགྱུར་བའི་ཕྱིར། དེའི་ཕྱིར་སྡུག་བསྔལ་ལྡོག་པར་འདོད་པས་བདག་ཏུ་འཛིན་པར་མི་བྱའོ།། དེ་ལྟར་ཞེས་པ་ལ་སོགས་པས་སྐབས་སུ་བབ་པ་མཇུག་སྡུད་པ་སྟེ། གང་གི་ཕྱིར་བདག་ཏུ་འཛིན་པ ་འདི་ནི་བདག་ལ་སྡུག་བསྔལ་ཐམས་ཅད་སྐྱེད་པར་བྱེད་པོ་ཡིན་ལ། གཞན་ལ་ཡང་སྡུག་བསྔལ་བསྐྱེད་པར་བྱེད་པ་དེ་ལྟ་བས་ན་བདག་ཉིད་གཞན་ལ་བཏང་བྱ་སྟེ། བདག་ལ་གཞན་ཉིད་དུ་གཟུང་བར་བྱ་སྟེ། བདག་ཉིད་གཞན་ཡིན་ལ། ་གཞན་ནི་མ་ཡིན་ནོ་ཞེས་པའམ། གཞན་གྱི་དབང་དུ་བྱའོ་ཞེས་ཏེ་དེ་བསྟེན་པ་ལྷུར་བྱེད་པའི་ཕྱིར་རོ།། དེ་བཞིན་དུ་གཞན་ཕ་རོལ་པོ་གཟུང་བྱ་བ་ནི་ཁས་བླང་བར་བྱ་བ་ཡིན་ལ། བདག་བཞིན་དུ་གཞན་ལ་བདག་གི་དངོས་པོར་གཟུང་བར་བྱ། ་སྟེ། འདི་ཉིད་བདག་ཡིན་ལ། བདག་མ་ཡིན་ནོ་ཞེས་སོ།། འདི་ནི་འདིར་བསྡུས་པའི་དོན་ཡིན་ཏེ། ཇི་ལྟར་སྔར་ཡོངས་སུ་མ་ཤེས་པས་བདག་ལ་ཡོངས་སུ་ངལ་བས་ཕན་པ་དང་བདེ་བ་སྐྱེད་པའི་ཕྱིར་སྤྱད་ལ། ད་ནི་གཞན་རྣམས་དང་བདག་གོ ་ལུས་ཡོངས་སུ་བརྗེ་བཱར་སྤྱད་པར་བྱ་སྟེ། དཔེར་ན་གཞན་ལ་སྔར་སྤྱད་པ་དེ་བཞིན་དུ་བདག་ལ་གཞན་ཉིད་དུ་བརྗེས་པས་ན་སྤྱད་པར་བྱའོ།། ཅི་སྟེ་ཅི་ལྟར་བདག་མེད་པས་བདག་ལ་བདག་ཉིད་འཁྲུལ་པ་ཡིན་པ་དེ་བཞིན་དུ ་གཞན་ལ་ཡང་ཡིན་ཏེ། དེ་ལ་ཡང་དེ་མེད་པའི་ཕྱིར་དེ་ལ་ཇི་ལྟར་ན་འཁྲུལ་པར་ཁྱད་པར་མེདདྲོ་པ་ལ་འབྲས་བུ་ལ་ཁྱད་པར་ཡོད་ཅེ་ན། འཁྲུལ་པར་ཁྱད་པར་མེད་པ་ལ་ཡང་འབྲས་བུའི་ཁྱད་པར་མཐོང་བ་མ་ཡིན་ནམ། དཔེར་ན་མར་མེའི་འོད་ལ་ནོར ་བུ་ཞེས་ཞེན་པས་དེའི་ཡུལ་དུ་ཕྱིན་པ་ན་ནོར་བུ་དང་ཕྲད་པ་མེད་ལ། ཡང་གཞན་དུ་ནོར་བུའི་འོད་ལ་ནོར་བུ་མཐོང་ངོ་ཞེས་ཡིད་ལ་བྱས་ནས་དེའི་ཡུལ་དུ་ཕྱིན་པས་ནོར་བུ་དང་ཕྲད་པར་འགྱུར་ཏེ། དེ་ལ་གཉི་ག་ལ་ཡང་འཁྲུལ་པ་ཞེས་པ་ཡོད ་དེ་འཁྲུལ་པར་ཁྱད་པར་མེད་ཀྱང་འབྲས་བུ་ལ་ཁྱད་པར་ཡོད་པ་ཡིན་ནོ།། དེ་ལྟར་ཡང་མར་མེ་ནོར་བུའི་འོད་དག་ལ། ནོར་བུ་བློ་ཡིས་མངོན་རྒྱུག་པ།། ལོག་པའི་ཤེས་པར་ཁྱད་མེད་པར། ཇི་ལྟར་དོན་བྱེད་ལ་ཁྱད་ཡོད་ཅེས་གང་བརྗོད་པའོ།། ། ་དེ་ལྟར་ན་ཡང་ཇི་སྲིད་དུ་གང་དུ་བརྒྱད་པ་ཡོད་པ་དྲི་སྲིད་དུ་ཤེས་པ་དངོས་པོ་དང་འབྲེལ་པ་ཡོད་པ་དེར་ཐོབ་པ་ཡོད་ལ། གང་དུ་ཤེས་པ་དང་དངོས་པོ་ལ་བརྒྱུད་པས་ཀྱང་འབྲེལ་པ་མེད་པ་ན་དྲིར་ཐོབ་པ་མ་ཡིན་ལ་ཐོབ་པར་བྱ་བར་ཐོབ ་པར་བྱས་པའི་ཁྱད་པར་ཡོད་པ་ནི་རིགས་པ་ཉིད་ཡིན་ཏེ། འདིར་ཡང་དེ་བཞིན་དུ་ཡོད་པ་མ་ཡིན་ཏེ། གཉི་ག་ལ་ཡང་ཁྱང་པར་མེད་པའི་ཕྱིར་ལ། དེ་ལྟར་ན་འདི་ནི་དཔེ་དང་མི་མཐུན་པ་ཡིན་ནོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། འཁྲུལ ་པར་ཁྱད་པར་མེད་ཀྱང་འབྲས་བུ་ལ་ཁྱད་པར་མཐོང་སྟེ། འདི་ཙམ་གྱི་ཁྱད་པར་གྱིས་དཔེར་བརྗོད་པ་དང་མཐུན་པ་ཡིན་ཏེ། གང་འཁྲུལ་པ་དེ་ཐམས་ཅད་ལ་འབྲས་བུ་ཐུན་མོང་བ་མ་ཡིན་ནོ་ཞེས་ཁྱབ་པ་དྲན་པ་ཙམ་འདིར་མངོན་པར་འདོད ་པ་ཡིན་ནོ།། དཔེའི་ཆོས་དང་ཐམས་ཅད་དུ་མཐུན་པར་ནི་སྦྱར་བར་བྱ་བ་ཡང་མ་ཡིན་ནོ།། དེ་ལ་གལ་ཏེ་དཔེ་དང་མཐུན་པ་མ་ཡིན་པ་དེ་ལྟ་ན་ཡང་ཅི་ལྟར་ཡང་དཔེ་དང་མཐུན་པར་ཡོད་པས་ཉེས་པ་མེད་དོ།། ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་ལ ་རྟོག་པ་དང་ལྡན་པ་རྣམས་བཅོམ་ལྡན་འདས་ཀྱི་བཀའ་ཉིད་ཀྱིས་འཇུག་པར་བྱའོ།། དེ་ལྟར་འདིར་འཁྲུལ་པ་ཁྱད་པར་མེད་ཀྱང་དེ་ལྟ་བུའི་འབྲས་བུ་བསྒྲུབ་པ་ལ་ནུས་པ་ཡོད་ལ། འགའ་ཞིག་གི་ཡིན་གྱི་ཐམས་ཅད་ཀྱི་མ་ཡིན་ནོ་ཞེས ་བྱ་བ་དེ་ནི་ལུང་ཉིད་ཀྱིས་རྟོགས་པར་བྱ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ་བསམ་གྱིས་མི་ཁྱབ་པའི་ཕྱིར་ཡང་ངོ་།། ཇི་ལྟར་ཡང་གཞན་གྱི་དོན་མེད་པར་རང་གི་དོན་ཀྱང་མི་འགྲུབ་སྟེ། དེ་ལྟར་བྲན་གཡོག་ལས་བྱེད་མི་བཏུབ་ལ་ཞེ་ཏ་བ་ལ་སོ།། ་པོར་མཐོང་བའི་ཆོས་ཀྱི་ཅུང་ཟད་བསྟན་པ་ཡིན་ནོ།། འདིར་ཀུན་རྫོབ་ཏུ་རྒྱུ་དང་འབྲས་བུ་ཡོད་པ་ལོ་ནི་ཅུང་ཟད་ཀྱང་འཁྲུལ་པ་ཡོད་པ་མ་ཡིན་ཏེ། དེ་ལྟར་ལོག་པའི་ཀུན་རྫོབ་ཏུ་བྱས་པ་དང་ཁྱད་པར་ཡོད་པ་ཡིན་ནོ།། རྣལ་འབྱོར ་སྤྱོད་པའི་གཞུང་གིས་ཀྱང་རྒྱུ་དང་འབྲས་བུ་ཐམས་ཅད་ཀྱི་ཐ་སྙད་ནིའིཁྲུལ་པ་ཉིད་ཡིན་ཏེ། ཕྱི་རོལ་གྱི་དོན་ལ་བརྟེན་པའི་ཕྱིར་དང་དམིགས་པ་ཐམས་ཅད་འཁྲུལ་པ་ཡིན་ཞེས་པའི་ཚིག་ལས་སོ།། དེའི་ཕྱིར་འཁྲུལ་པར་ཁྱད་པར ་མེད་ཀྱང་རྒྱུ་མཚན་ལ་ཁྱད་པར་ཡོད་པས་ཐམས་ཅད་འཚམ་མོ།། དེ་ལྟར་ན་མཐར་ཐུག་པའི་བསམ་པས་བསྐུལ་ནས་རང་གི་སེམས་བྱ་བ་དེ་ཉིད་ལ་སྦྱར་བར་བྱའོ་ཞེས། བདག་ནི་གཞན་གྱི་དབང་གྱུར་ཞེས ་པ་ལ་སོགས་པ་གསུངས་ཏེ། ཡང་ཁྱོད་ངེས་པར་ཞེས་པ་ནི་འདིར་ཐེ་ཚོམ་དང་ཕྱིན་ཅི་ལོག་ཏུ་ཡི་བྱའོ་ཞེས་པ་ཡིན་ཏེ། འདི་ནས་བཟུང་ནས་ཁྱོད་ཀྱིས་སེམས་ཅནྡ་ཐམས་ཅད་ཀྱི་དགོས་པ་ལས་མ་གཏོགས་པ་རཱ་གཞན་དེ ་རང་གི་དགོས་པ་ལ་སོགས་བསམ་པར་མི་བྱ་སྟེ། ཡིད་ཀྱིས་ཀྱང་མི་བྱ་ཞེས་པའི་དོན་ཏོ།། ཅིའི་ཕྱིར་ཡང་རང་གྲི་དགོས་པ་ཡང་བསམ་པར་མི་བྱ་ཞེ་ན། གཞན་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། རང་གི་དོན་ནི་རདྭ་གི ་དགོས་པའོ།། མིག་སྟེ་ལྟ་བར་བྱེད་པ་དང་སོགས་པའི་སྒྲས་ཉན་པ་ལ་སོགས་པ་ཡང་ཡིན་ནོ།། དེའི་སྟེ་གཞན་གྱི་ཡིན་ལ་མིག་ལ་སོགས་པས་རྣ་བ་ལ་སོགས་པ་གཞན་ཡང་གཟུང་ངོ་།། ལག་པ་ལ་སོགས་པ་ཞེས་པ་འདིར ་ཡང་རྐང་པ་ལ་སོགས་པ་ཡང་གཟུང་ངོ་།། གང་གིས་གཞན་དང་འབྲེལ་པར་ཁྱེད་ཀྱིས་ངེས་པ་ན་རྒྱུ་ཉིད་ཀྱིས་སེམས་ཅན་གཙོ་བོར་བྱས་ཏེ། སེམས་ཅན་གཞན་གྱི་དབང་དུ་བྱས་ནས་དེའི་དགོས་པ་ལ་ཞུགས་པའི ་ཞེས་པའི་ཐ་ཚིག་གོ།། བདག་གི་ལུས་ལ་ཞེས་པ་ནི་དེ་ལ་རྟེན་པར་གྱུར་པ་ཡིན་ཏེ། གང་དང་གང་གོས་སོགས་པ་བདེ་བའི་ཡོ་བྱད་མཐོང་ཞིང་རྟོགས་པ་དེ་དང་དེ་ཞེས་ཟློས་པའི་ཚིག་གིས་ཁྱད་པར་གསུངས་པ་ཡིན ་ཏེ། ཐམས་ཅད་ཉིད་ཡིན་ལ་ཅུང་ཟད་ཙམ་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ།། རང་གི་ལུས་ལས་ཕྲོགས་ཤིང་ཕྲལ་ནས་ཕན་ཞིང་འདོད་པའི་དངོས་པོ་སྦྱར་རོ།། ང་ནི་དམན་པ་ལ་སོགས་པ་རྣམས་ལ་ང་རྒྱལ་ལ་སོགས་པའི་སེམས་ཀྱི་སྡིག ་པཱ་བསལ་བར་བཞེད་ནས། དམན་སོགས་ཞེས་པ་ལ་སོགས་པ་གསུངས་ཏེ། དམན་པ་ལ་བལྟོས་ནས་ང་རྟུལ་དང་མཉམ་པ་ལ་བལྟོས་ནས་འགྲན་པ་དང་། མཆོག་ལ་བལྟོས་ནས་ཕྲག་དོག་སྐྱེ་བར་འགྱུར་པ་འདི་ནི་བྱིས་པའི་ཆོས ་ཡིན་ཏེ། གང་སྔར་མཐོ་ལ་ཕྲག་དོག་མཉམ་ལ་འགྲན་ཞེས་གསུངས་པའོ།། འདི་ཐམས་ཅད་ཉོན་མོངས་པའི་རྒྱུ་ཡིན་ཡང་བདག་དང་གཞན་དུ་བརྗེས་པས་རྣམ་པར་བྱང་བའི་རྒྱུ་ཉིད་དུ་བསྒྱུར་བར་བྱེད་དོ།། དེ་ལྟར་ན་འདི་ཉིད་རྣམ་རྟོག ་མེད་པའི་ཞེསུ་བུ་ལ་སོགས་པས་བརྗོད་པར་བྱ་སྟེ། རྣམ་རྟོག་མེད་པ་ཞེས་པ་ནི་ཐེ་ཚོམ་མེད་པས་སོ།། བསྒོམ་པར་བྱ་བ་ནི་འཆད་པར་འགྱུར་བའི་ཚུལ་གྱིས་སོ།། ཕྲག་དོག་བསྒོམ་པ་དེ་ཉིད་འཆད་པར་འགྱུར་པའི་གཞུང་གིས ་སྟོན་པ་ནི། འདི་ནི་ཞེས་པ་ལ་སོགས་པ་གསུངས་པ་ཡིན་ཏེ། ཚུལ་ཁྲིམས་དང་ཡོན་ཏན་ལ་སོགས་པས་བདག་ཏུ་མཐོ་བ་དང་གཞན་ནི་དེ་དང་བྲལ་བྱས་དམའ་བ་ཉིད་དུ་མཐོང་བར་བྱས་པས་བདག་ལ་འདི་ནི་བཀུར་བྱས་ཞེས་པ་ལ་སོགས ་བའི་རྣམ་པས་ཕྲག་དོག་བསྒོམ་པར་བྱའོ།། འདི་ནི་ཞེས་པ་ནི་བདག་དང་གཞན་དུ་བརྗེས་པ་ཉིད་ཡིན་ཏེ། གཞན་ཉིད་ལ་ང་ཞེས་བསྟན་པ་ཡིན་ནོ།། འཆད་པར་འགྱུར་བ་ཐམས་ཅད་ལ་གཞན་དང་བདག་ཏུ་བརྗེས་ནས་ཡོད་པ་ལ་སྦྱར ་བར་བྱའོ།། བསྟོད་པ་ཞེས་པ་ནི་ཡོན་ཏན་བསྒྲགས་པའི་སྒོ་ནས་བསྔགས་པའོ།། བདག་ལ་སྤྱོད་པ་ཞེས་པ་ནི་དམན་པ་ཉིད་ཀྱི་སྒོ་ནས་སྨད་པར་བྱ་བའོ།། ལས་རྣམས་བདག་གིས་བྱེད་པ་ནི་དམན་པའི་ལུས ་ཁུར་ཁྱེར་བ་ལ་སོགས་པོ་བྱེད་པའོ།། བདེ་བར་གནས་པ་ཞེས་པ་ནི་སེམས་བདེ་བར་གནས་པའང་ཡིན་ནོ།། འདི་འཇིག་རྟེན་ལ་ཆེ་བར་གྲགས་པ་ནི་འདིས་ཆེན་པོ་ཉིད་ཀྱང་གོམས་ཤིང་འབད་པས་བསྒྲུབ་པར་བྱ་བ་ཡིན་ཏེ། དེ་བཞིན ་དུ་གཞན་གྱིས་ཀྱང་ཁྱོད་དང་འདྲ་བར་རྙེད་དཀའ་བ་མ་ཡིན་ནོ།། གོང་མ་གོང་མ་མཐོང་བས་ན་ཁྱེད་ཆེན་པོ་ཕུལ་དུ་བྱུང་བར་ཡང་གནས་པ་མ་ཡིན་ཏེ། ཚུ་རོལ་མཐོང་བ་ཐམས་ཅད་དམན་པ་ཡིན་པའི་ཕྱིར་རོ།། དེ་ལྟར་ན་ཇི་ལྟར་བདག ་ཀྱང་ཡོན་ཏན་ཆེན་པོ་དང་ལྡན་པ་ཉིད་དུ་འགྱུར་བ་དེ་ལྟར་བདག་གིས་བྱ་སྟེ། གྲགས་པའི་སྒྲས་ནི་འདི་གཉི་ག་ལ་ཡིད་བྱ་རློག་གི་ལྟ་སྟངས་ཀྱིས་སྦྱར་བར་བསྟན་པ་ཡིན་ནོ།། དེ་ལྟར་གྱུར་ན་ཡང་བདག་གི་ཡོན་མེད་པ་ཅི་ཞིག་བྱ་སྟེ། ་ཡོན་ཏན་དང་ལྡན་པ་ཉིད་དུ་བྱའོ་ཞེས་ཁ་བསྐུང་ངོ་།། དགོས་པ་ཅུང་ཟད་ཀྱང་མེད་པས་བདག་ཉིད་ལ་ཡོན་ཏན་དང་ལྡན་པ་ཉིད་དུ་ངེས་པར་བྱས་པོ་འདི་ཉིད་ཀྱིས་མཆོག་སྟེ། གང་གཞན་སུ་ལ་ཡང་འདིར་སྟོན་གྱི་ཆ་ཤས་ཉིད་ཀྱང་ཡོད ་པ་མ་ཡིན་ལ། གང་གི་ཕྱིར་བདག་ཡོན་ཏན་ཐམས་ཅད་ལྡན་པ་ཡིན་ཏེ། སེམས་ཅན་གཞན་ལ་ནི་ཡོད་པ་མ་ཡིན་ཞིང་རྣམ་པ་ཐམས་ཅད་དུ་ཡོན་ཏན་དང་ལྡན་པ་ཡང་ཡིན་ཏེ། ལྟ་བས་ཕོངས་པས་ཀྱང་ཡོན་ཏན་ཐོབ་པར་འགྱུར་རོ།། ་ཞེས་པའི་ཚིག་ལས་སོ།། གཞན་ཡང་མཐོན་པོ་དང་དམའ་བ་དག་ནི་བལྟོས་པས་བྱས་པ་ཡིན་ཏེ། འདི་རྣམས་ལས་བདག་ཉིད་མཐོན་པོར་བྱས་པའི་སྐྱེས་བུ་དམ་པ་དེ་ནི་ཡོད་པ་མིན་ལ། བདག་ལས་ཤིན་ཏུ་ངན་པའི་དམན་པ ་ཡང་ཡོད་པ་ཡིན་ཞིང་། གང་ལས་བལྟོས་ནས་བདག་ཀྱང་མཆོག་ཡིན་ཏེ་གང་རྣམས་ལས་བདག་ཉིད་དམ་པའོ།། དེ་ལྟར་ན་ཐམས་ཅད་ལས་བདག་ནི་དམན་པ་མ་ཡིན་ཏེ། འདི་ནི་ཐམས་ཅད་ལས་མཐོ་བ་ཡང་མ་ཡིན་ནོ།། དེ་ལྟར ་ན་ཡང་ཁྱེད་ནི་ཚུལ་ཁྲིམས་ལ་སྩོགས་པས་ཕོངས་པས་སྡིག་པ་དང་བཅས་པའི་རང་བཞིན་ཡིན་པའི་ཕྱིར་དམན་པ་ཡིན་ལ། བདག་ལ་ནི་དེ་ཡོད་པ་མ་ཡིན་པས་དམན་པ་མ་ཡིན་ནོ་ཞེ་ན། ཚུལ་ཁྲིམས་ལྟ་བས་ཞེས་པ་ལ་སོག ་པ་གསུངས་པ་ལ། ཚུལ་ཁྲིམས་ཀྱིས་ཕོངས་པ་ནི་སོ་སློར་ཐར་པའི་སྡོམ་པ་བླངས་པས་ཉམས་པ་ཡིན་ལ་ལྟ་བཱསཱ་ཕོངས་པ་ནི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་རྣམ་པ་ལྟ་བ་ལྟ་པོ་ཡིན་ཏེ་དེ་ཉིད་ཕོངས་པ་ཡིན་པའམ། ་དེ་རྣམས་ཀྱིས་ཕོངས་པར་བྱས་པ་ཡིན་ཏེ། སོགས་པའི་སྒྲས་ནི་སྤྱོད་པསྣ་ཕོངེས་པ་ལ་སོགས་པ་ཡང་གཟུང་ངོ་།། འདི་ཐམས་ཅད་ཉོན་མོངས་པ་རྣམས་ཀྱི་སྟོབས་ཀྱིས་བདག་ཉིད་ཀྱི་འདོད་པའི་དབང་དུ་གྱུར་པ་མ་ཡིན་ནོ།། དེ་ལ ་གལ་ཏེ་ཁྱོད་སྙིང་རྗེ་དང་ལྡན་པ་ཡིན་ན་དེའི་ཚེ་བདག་གསོ་བར་བྱ་བ་ཡིན་ཏེ་ཁྱེད་ལ་གང་དང་གང་དུ་གསོ་བའི་ནུས་པ་ཡོད་པ་ཅི་ལྟ་བ་བཞིན་དུ་སྟེ། གང་གི་ཉེས་པ་དང་བྲལ་བར་བསྒྲུབ་པར་བྱ་བའི་བློ་ཡོད་ན་ཞེས་པའི ་དོན་ཏོ།། ཡང་ན་ནུས་པ་ཅི་ལྟ་བར་བདག་གིས་གནོད་ཀྱང་དང་དུ་བླང་ངོ་ཞེས་ཕྱི་མ་དང་འབྲེལ་ཏེ། བརྟུལ་ཞུགས་དང་ངེས་པའི་དཀའ་བའི་བྱ་བ་ལ་སོགས་པའི་མཚན་ཉིད་ཀྱི་སྡུག་བསྔལ་བའོ།། གལ་ཏེ་ཁྱེད་ལ ་བདག་གིས་གསོ་བའི་བློ་ཅུང་ཟད་ཡོད་ན་དེ་ཡང་བདག་གིར་ཁས་བླང་བར་བྱའོ།། དེ་ལྟར་གྱུར་ན་ཡོང་གཅིག་ཏུ་ཁྱོད་ལ་འདི་གསོ་བའི་ནུས་པ་ཡོད་པ་མ་ཡིན་ཏེ། བསྒྲུབ་བྱའི་ཉེས་པ་དང་ལྡན་པའི་ཕྱིརི་འདི་རིགས་སོ་ཞེ་ན། འོན་ཏེ་ཞེས ་པ་ལ་སོགས་པ་གསུངས་ཏེ། འོན་ཏེ་ཞེས་པ་ནི་རྣམ་པ་གཞན་དགོད་པ་ཡིན་ཏེ། གལ་ཏེ་འདི་ལ་བདག་གསོ་བའི་ནུས་པ་མེད་ན་དེ་རྒྱུ་ཅིས་བདག་ནི་མཐོ་ལ་བདག་གསོ་བོའི་ནུས་པ་མེད་ན་དེ་རྒྱུ་ཅིས་བདག་ནི་མཐོ་ལ་འདི་ནི་དམའ་བ་ཡིན ་ནོ་ཞེས་འདི་ནུས་པ་མེད་པར་ཡང་བདག་ལ་བརྙས་པར་བྱེད་འོན་ཏེ་གལ་ཏེ་ཡང་གསོ་བའི་ནུས་པ་དང་བྲལ་བ་དེ་ལྟ་ན་ཡང་དེ་གཞན་གྱི་ཡོན་ཏན་དེ་ཡིས་བདག་ལ་ཅི་ཞིག་བྱ་སྟེ། དགོས་པ་ཅུང་ཟད་ཀྱང་མེད་པ། རྣམ་པ་ཐམས་ཅད་དུ་ཉེ་བར ་མཁོ་བ་དང་བྲལ་བའི་ཕྱིར་རོ།། འདི་ཉིད་འབའ་ཞིག་གི་དབང་དུ་བྱས་ཏེ། གང་ལས་བདགེ་ཉིད་དེ་རང་ཉིད་ཀྱི་ཡོན་ཏན་དང་ལྡན་པ་འདི་ཡིན་ལ། དེ་ལས་ཡོན་ཏན་གྱི་ཆ་ཅུང་ཟེད་ཀྱང་བདག་ལ་ཡོད་པ་མ་ཡིན་ནོ།། དེ་ལྟར་གྱུར་ན་ཡང་སྙིང་རྗེའི ་ཡོན་ཏན་དང་ལྡན་པས་དེ་ལས་གཞན་ལ་ཡང་དེའི་ཡོན་ཏན་ཉེ་བར་མཁོ་བ་ཡིན་ནོ་ཞེ་ན། སྙིང་རྗེ་ཡང་དངོས་པོ་ལ་མཐོང་བ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ངན་འགྲོ་ཞེས་པ་ལ་སོགས་པ་གསུངས་ཏེ། གང་ཞིག་སྡིག་པ་བྱེད་པ་དེ ་ངན་འགྲོར་ངེས་པའི་ཕྱིར་ངན་འགྲོའི་ཁར་གནས་པར་བརྗོད་དོ།། ཡང་ན་ངན་འགྲོར་གནས་པས་འདིར་ཁ་ཞེས་པ་དང་འབྲེལ་ཏོ།། ཡཱང་ནཱ་ངན་འགྲོ་ནི་དམན་པ་འམ་མཁོ་བའི་ཡོ་བྱད་དང་བྲལ་བ་དེར་གནས་པ་ཡིན་ནོ།། གདུག་པའི་ཁར ་གནས་ཞེས་པ་ལ་གདུག་པ་ནི་སྦྲུལ་དང་། གཅན་ཟན་གཏུམ་པོ་ལ་ཡང་བརྗོད་དོ།། དེ་རྣམས་ཀྱི་ཁར་གནས་པའི་སྐྱེ་བོ་ལ་སྙིང་རྗེ་བའི་ཡིད་ཀྱིས་སྙིང་རྗེ་བ་མ་ཡིན་ཏེ། དེ་སྡུག་བསྔལ་དང་བྲལ་བར་འབད་པར་བྱེད་པ་མ་ཡིན་ནོ།། དེ་ཙམ ་འབའ་ཞིག་ནི་ཡོད་པ་མ་ཡིན་ལ་ཁྱད་པར་འདི་ཡང་ཡིན་ཏོ།། གང་ཡོན་ཏན་རློམ་པས་ཏེ། ཡོན་ཏན་ལྷག་པ་ཡིན་ནོ་ཞེས་ནམ་མཁས་པ་རྣམས་ལས་རྒྱལ་བར་སྔོ་སྟེ་རྒྱལ་བར་འདོད་དོ།། དེ་ལྟར་རེ་ཞིག་མཐོང་ལས་ཕྲག་དོག་བཤད་ནས ་མཉམ་པ་ལ་བརྗོད་པའི་ཕྱིར། བདག་དང་མཉམ་པ་ལ་ཞེས་པ་ལ་སོགས་པ་གསུངས་ཏེ། གཞན་དང་ལྷན་ཅིག་ཏུ་ཡོན་ཏན་ལ་སོགས་པས་བདག་མུཉམ་པར་བལྟོས་ཤིང་གསལ་བར་བྱས་ནས། གང་དེ་ལས་ལྷག་པར་བྱ་བའི ་ཕྱིར་ཏེ། གཞན་ལས་ཡོན་ཏན་རྣམས་ཀྱིས་བདག་ལྷག་པར་བྱ་བའི་ཕྱིར་འབད་པར་བྱའོ།། གལ་ཏེ་རྙེད་པ་དང་བཀུར་སྟི་འདི་ལ་ལྷག་པ་མཐོང་ན་དེའི་ཚེ་འདི་ལས་ཕྲོགས་ནས་གཟུང་བར་བྱའོ།། དེ་ལྟར་ནའང་མི་སྟེར་ན་རྩོད་པ་དང ་མོ་ཚང་འབྲུ་བ་ལ་སོགས་པས་ཀྱང་བསྒྲུབ་པར་བྱ་སྟེ། བདག་གི་རྙེད་པ་དང་བཀུར་སྟི་ཞེས་ཟླས་དབྱེ་བ་ཡིན་པའི་ཕྱིར་མ་ནིང་གི་རྟགས་སོ།། བདག་གི་ཞེས་པ་ནི་རང་གི་གང་ཡིན་པ་སྟེ། ཇི་ལྟ་འདི་གཟུང་ནས་འདུག་ཅེས་པའི་དོན ་ཏོ། གཞན་ཡང་གལ་ཏེ་རྙེད་པ་ལ་སོགས་པའི་ཡོན་ཏན་མཐོང་བ་རྣམས་ཀྱིས་འདི་མཆོད་པ་དེ་ལྟར་བདག་གིས་བྱའོ།། གང་གིས་རྙེད་པ་ལ་སོགས་པའི་རྒྱུ་འདི་འགྲིབ་པར་འགྱུར་བར་བྱའོ་ཞེས། ཡང་ནི་བདག ་གི་ཡོན་ཏན་ཞེས་པ་ལ་སོགས་པ་གསུངས་ཏེ། ཡང་ནི་ཞེས་པ་ནི་བརྟག་པ་བཟུང་བའི་ཚིག་དག་གོ།། ཇི་ལྟར་བདག་གི་ཡོན་ཏན་གསལ་བར་འགྱུར་པ་དེ་ལྟར་བདག་གིས་བརྩམ་པར་བྱ་སྟེ། བདག་གི་ནུས་པོ་བརྟན་པར་བྱ་ཞེ་ན། ་བདག་གི་སྐྱོན་ཡང་ཞེས་པ་ལ་སོགས་པ་གསུངས་ཏེ། ཡང་ནི་སྔར་བཞིན་ནོ།། འདིས་ཀྱང་ཅིར་འགྱུར་ན་བདག་ནི་མཆོད་འགྱུར་འདི་ལ་མིན་པར་འགྱུར་པར་རོ།། དེས་ཀྱང་ཅིར་འགྱུར་ཞེ་ན་ཞེས་དོགས་ནས་བདག་དེང་རྙེད་པ་ཞེས ་པ་ལ་སོགས་པ་གླ་སྤངས་ཏེ། གང་གིས་བདག་ནི་བཀུར་འགྱུར་འདི་ལ་མིན་ཏེ། ཤིན་ཏུ་ལེགས་པར་རྙེད་པ་དེས་བདག་གིས་ཐོབ་ཅེས་བདག་ཉིད་ལ་བསྟོད་པ་སྟོན་པར་བྱེད་དེ། བསྒྲུབ་བྱ་གྲུབ་པའི་ཕྱིར་རོ།། སླར་ཡང་ཤིན་ཏུ་དགའ ་གསལ་བར་བྱ་བའི་ཕྱིར་འདི་ནི་མ་རུངས་ཞེས་པ་ལ་སོགས་པ་གསུངས་ཏེ། རྒྱས་པའི་མིག་དང་ལྡན་པའི་གདོང་དང་ཡིད་རབ་ཏུ་དགའ་བར་རེ་ཞིག་བལྟའོ།། དེ་ལྟར་རྙེད་པོ་འདོད་པས་མ་རུངས་པར་བྱས་པ་རྙེད་པ་བཀུར་སྟི་ལྔས ་ཕྱི་རོལ་ཏུ་བྱ་སྟེ་བསལ་བར་བྱའོ་ཞེས་པའི་དོན་ཏོ།། ཡུན་རིང་པོ་ནི་དུས་ཤིན་ཏུ་རིང་བར་རོ།། ནམ་ཡང་འདི་ལ་བརྟེན་ནས་ཁོ་བོ་ཅག་ལ་འདི་ལྟར་དགའ་བ་སྐྱེ་བར་མི་གྱུར་པའོ།། འདིས་ཀྱང་མ་རུངས་པར་བྱས་པ་ཞེས་བསྟན་པའི ་ཕྱིར། འགྲོ་བ་ཀུན་གྱིས་ཞེས་པ་ལ་སོགས་པ་གསུངས་ཏེ། དེའི་ཉེས་པ་བརྗོད་པས་བཞད་གད་དུ་བྱེད་པའོ།། དེ་དེར་ཞེས་པ་ནི་ཕྱོགས་ཐམས་ཅད་དུའོ།། འདིར་ཡང་བལྟ་ཞེས་པ་དང་འབྲེལ་ཏོ།། ད་ནི་ལྷག་པ་ཐོབ་པ་གྱུར་པས་སེམས ་རླངས་པས་བདག་ཉིད་དམན་པ་ཉིད་དུ་བསྒོམ་པར་བྱའོ་ཞེས་བསྟན་པའི་ཕྱིར། ཉོན་མོངས་འདི་ཡང་ཞེས་པ་ལ་སོགས་པ་གསུངས་ཏེ། འདི་ཡང་ནི་དེ་ལྟར་སྐྱོ་བའི་གནས་ཐམས་ཅད་དུ་དམུན་པ་ལ་འཇུག་པ་ཡང་ཡིན་ཏེ། དེ་ཉིད་ཀྱི ་ཕྱིར་ན་ཉོན་མོངས་པ་ཡིན་ལ་བདག་དང་ལྷན་ཅིག་ཏུ་འགྲན་ཏེ་མཉམ་པར་བྱེད་པར་གྲགས་སོ།། གྲགས་ཅེས་པ་ནི་མི་འདོད་པ་དང་འདི་མི་རིགས་ཞེས་པ་ཉིད་དོ།། ཇི་ལྟར་མི་རིགས་ཤེ་ན། འདི་བདག་ཅེས་པ་ལ་སོགས་པ་གསུངས ་ཏཽ། ཐོས་པས་ནི་བསྟན་བཅོས་ལ་སོགས་པ་རྣམས་ཐོས་པ་ཡིན་ལ། རོ་ཞིག་འདི་དང་བདག་མཉམ་མམ་ཅི་ཞེས་ཏེ། ཤེས་རབ་ནི་བློ་ཁྱད་པར་དུ་གྱུར་པ་ཡིན་ལ། གཟུགས་རིགས་ནོར་གྱིས་ཀྱང་མཉམ་མམ་ཞེས་པའི་ཐུ་ཚིག་གོ།། ། ་དུ་ལྟར་ཉིད་དུ་སྐྱེ་བོ་རྣམས་ཀྱིས་ཀྱང་བདག་གི་ཡོན་ཏན་ཕྱོགས་བཅུར་བསྒྲགས་པ་ཐོས་ཤིང་མཉན་ནས་སྤུ་ལྷུང་བ་སྐྱེས་པར་གྱུར་པ་སྟེ་ལུས་ལ་བ་སྤུ་ལྡང་བ་དང་ལྡན་པའོ།། དགའ་བ་ནི་ཡིད་རབ་ཏུ་དགའ་བ་དང་ལྡན་ཞིང་ཡོངས་སུ ་ལོང་སྤྱོད་པ་སྟེ་བདེ་བའི་དགའ་སྟོན་ནོ།། འོན་ཏེ་བརྒྱ་ལ་འགའ་ཞིག་ནས་འདིས་བག་མེད་པས་རྙེང་པར་གྱུར་ན་དེའི་ཚེ་དེ་ལྟར་ཞེ་ན། གལ་ཏེ་འདི་ལ་རྙེད་ཡོད་ཀྱང་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལྟར་འདིའི་རྙེད་པ་ལ་བར་དུ་བཅད ་པའི་ཕྱིར་འབད་པར་བྱས་ཀྱང་གལ་ཏེ་ཅི་ལྟར་ཡང་འདི་ལ་རྙེད་པ་ཡོད་ན་དེའི་ཚེ་འདི་ཉིན་ལ་རྟོག་པས་མནན་ནས་བླང་བར་བྱ་སྟེ། བདག་གིས་འདི་ལ་སྟོབས་ཀྱིས་བླང་ངོ་།། ཅི་སྟེ་རྣམ་པ་ཐམས་ཅད་དུ་འདིའི་སྲོག། ་དང་བྲལ་བར་བྱ་བ་ཡིན་ན་མཽ་ཞེ་ན། ངའི་ལས་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། འཚོ་བ་ཙམ་ཞིག་ནི་རེ་ཞིག་སྲོག་འཛིན་པ་དེ་ཙམ་འདི་འབྱིན་ནས་གཞན་ཐམས་ཅད་བདག་གིས་ཡོངས་སུ་གཟུང་བར་བྱའོ།། དེ་ལྟ་ན་ཡང་ནཱམ་ཞིག ་ངའི་ལས་ནི་བྱེད་ཅེ་ན་ཞེས་ཏེ། གལ་ཏེ་འདི་ཁོ་བོའི་བཀའ་ཉན་པ་ལ་སྦྱོར་ན་འམ་མ་སྨྲས་ཀྱང་རྗེས་སུ་མཐུན་པར་བྱེད་ན་དེའི་ཚེ་འདི་ལ་འཚོ་བ་ཙམ་ཞིག་སྦྱིན་པར་བྱ་སྟེ། གཞན་དུ་ནི་མ་ཡིན་ནོ།། ཡང་འདི་ཇི་ལྟར་ན་དམན་པའི་གན ་སྐབས་སུ་ཁྱད་པར་བྱེད་ཅེ་ན། གང་འདི་བ་དེ་ལས་ཞེས་པ་ལ་སོགས་པ་གསུངས་ཏེ། གང་ཞེས་པ་ནི་གང་ལས་ཏཽ་བདེ་བ་ལས་ཡིན་ལ། ཉམས་པར་བྱ་བ་ནི་བྲལ་བར་བྱའོ།། འདི་ཙམ་གྱིས་བཏང་བར་བྱ་བ་ནི་མ་ཡིན་ཏེ་འོན་ཀྱང ་བདག་གིས་གནོད་ལ་རྟག་ཏུ་སྦྱར་བར་བྱ་སྟེ་དུས་ཐམས་ཅད་དུ་བདག་གི་སྡུག་བསྔལ་གྱི་ཁུར་འདིའི་སྐྱོ་བར་ཡང་དག་པར་གཞན་སྟེ་དེའི་ཕྱིར་འདི་ལ་དེ་ལྟར་བྱའོ།། ཡང་ཅིའི་ཕྱིར་འདི་ལྟར་ཁྱོད་འདི་ལ་ཞོ་སྡང་བར་བྱེད་ཅེ་ན། འདི་ཡིས ་ཞེས་པ་ལ་སོགས་པ་གསུངས་ཏེ། སྡང་བའི་སེམས་ཅན་འདས་སྔར་འཁོར་བར་ཐམས་ཅད་དུ་བདག་ལ་ལན་གྲངས་བརྒྱ་ཕྲག་དུ་མར་གནོད་པ་བྱས་པ་ཡིན་ཏེ། བཅིང་པོ་དང་བསད་པ་དང་བརྡེག་པ་ལ་སོགས་པ་རྣམས་ཀྱིས ་སྡུག་བསྔལ་བར་བྱས་པ་ཡིན་ནོ།། ད་ནི་སྡུག་བསྔལ་འདི་བཟོད་པར་མ་ནུས་ཏེ་བརྒྱ་ལ་འདི་ལྔས་སེམས་ལྡོག་པར་དོགས་ནས་ཐབས་སླུ་བའི་རིམ་པས་དེ་ཉིད་ལ་སྦྱར་བར་བྱ་བའི་ཆེད་དུ་ཉེ་བར་སྟོན་པ་ནི་ཡིད་ཁྱོད་ཅེས་པ་ལ་སོགས ་པ་གསུངས་ཏེ། ཐོག་མ་མེད་པའི་འཁོར་བར་གཞལ་བར་མི་ནུས་པའི་བསྐལ་པར་རང་གི་དོན་བྱེད་འདོད་པས་ཏེ་གོམས་པས་དྲལ་བ་ཆེན་པོས་དུབ་པར་གྱུར་པས་སྡུག་བསྔལ་ཆེན་པོ་དུས་རིང་པོར་མྱོང་བར་གྱུར་པའི་མཚན་ཉིད་ཀྱི ་སྡུག་བསྔལ་ཉིད་བསྒྲུབས་པ་ཡིན་ཏེ། ལས་དེ་དང་དེ་ལས་དགོས་པ་ཅུང་ཟད་ཐོབ་པ་མ་ཡིན་ནོ།། བྱུང་བར་གྱུར་པ་དེ་དང་དེ་རེ་ཞིག་བཟློག་པར་བྱེ་བ་མ་ཡིན་པར་གྱུར་ན་ཡང་ར་ལྟ་འོང་བ་ལ་ཅི་ལྟར་རིགས་ཤེ་ན། དེ་ལྟར་བདག་གིས ་གསོལ་བ་འདེབས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསོལ་བ་འདེབས་པ་ནི་བསྙེན་བཀུར་སྔོན་དུ་སོང་བའི་ཚིག་བརྗོད་པ་ཉིད་ཀྱིས་ཏེ། ཇི་ལྟར་སྔར་རང་ཉིད་ཀྱིས་ལས་དེ་དང་དེ་ལྔ་ཞུགས་པ་དེ་ལྟར་བདག་དང་གཞན་དུ་བརྗེ་བཱ་ལ ་གོམས་པ་འདི་ལ་ཡང་འཇུག་པར་གྱིས་ཤིག། སྤྱོད་པ་མེད་པ་ཞེས་བྱ་བ་ཤིན་ཏུ་ལྐོག་ཏུ་གྱུར་པའི་དོནི་ལྔ་དཔྱོད་པ་བྲལ་བའི་ཕྱིར་རོ།། ཅི་སྟེ་བསྒྲུབ་པའི་དོན་རྟོགས་པ་མེད་པར་ཅི་ལྟར་འདི་ལ་འཇུག་པ་ཉིད་དུ་འགྱུར་ཞེ་ན། ནུབ་པའི ་བཀའ་ཞེས་པ་ལ་སོགས་པ་གསུངས་ཏེ། ཕྱིས་ནི་རྗེས་ཕྱིས་ནས་རྟོགས་པར་ཏེ། དེའི་སྟི་བདག་གི་ཆོ་ག་གོས་ཞུགས་པོའམ་བདག་དང་གཞན་ཏུ་ནི་རྗེས་པའི་མན་ཏན་ལས་སོ།། དེ་ཁྱོད་ཀྱི་མི་ཉམས་སུ་བླངས་ནས་དེརའི་གྱུར་རོ། ་ཇི་ལྟར་ཤེས་ཤེ་ན། ཐུབ་པའི་བཀའ་ནི་ཡང་དག་པ་ཡིན་པ་སྟེ། ཡང་ངག་ཕྱིན་ཅི་མ་ལོག་པ་རྟོགས་པ་བྱེད་པ་ཡིན་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་ཀྱི་བཀའ་ཡིན་པ་དེའི་ཕྱིར་ཤེས་སོ།། དེ་ལྟར་གྱུར་ན་ཡང་བདུག་གིས ་ལས་འདི་དུ་མར་བྱས་ཀྱང་དེ་ལྟར་ན་ཡང་ཁྱད་པར་ཅུང་ཟད་ཀྱང་མ་རྟོགས་སོ་ཞེས་དོགས་ནས་གལ་ཏེ་ཁྱོད་ཀྱིས་ཞེས་པ་ལ་སོགས་པ་གསུངས་ཏེ། ཁྱོད་ནི་བདེན་པར་སྨྲ་བ་མ་ཡིན་ཏེ་གཞན་དུ་གལ་ཏེ་ལས་འདི་སྔར་བྱ་ནས་དེ་ཚེ་ཁྱེད ་ལ་ལས་ཀྱི་འབྲས་བུ་ཡང་འབྱུང་བར་འགྱུར་རོ།། དེ་ལས་སངས་རྒྱས་ཀྱི་ཕུན་སུ་མ་ཚོགས་པའི་བདེ་བ་སངས་རྒྱས་ཉིད་མ་ཡིན་པ་སངས་རྒྱས་ཉིད་ཀྱི་བདེ་བ་བོར་ནས་སྲིད་པར་མི་འགྱུར་ཏེ། གནས་སྐབས་ངན་པ་འདིའི་སྐབས་མི ་སྲིད་དོ།། ལས་དེ་མ་བྱས་ན་འབྲས་བུ་ཡང་སྐྱེ་བར་འགྱུར་བ་མ་ཡིན་ནོ།། ད་ནི་མཇུག་བསྡུ་བའི་ཚུལ་གྱིས་རང་གི་སེམས་དེ་ཉིད་ལ་བསྟན་པར་བྱ་བའི་ཕྱིར། དེ་བས་ཞེས་པ་ལ་སོགས་པ་གསུངས་ཏེ། གང་ལས་འདི་ལྟ་བུའི་འབྲས་བུ ་འདི་གོམས་པ་ལས་སྐྱེ་བར་འགྱུར་པ་དེའི་ཕྱིར་བྱས་ཤིང་བསྒྲུབས་པ་དེ་ལྟར་རོ།། དེའི་ཕྱིར་བརྗོད་པའི་འབྲས་བུ་འདོད་པས་དེའི་བྱ་བ་ལ་སྐྱོ་བ་བསལ་ནས་རང་བཞིན་ཉམས་སུ་བླང་བར་བྱའོ་ཞེས་བསྟན་པའི་ཕྱིར་གཞན་གྱི ་ཞེས་པ་ལ་སོགས་པ་གསུངས་ཏེ། སེམས་ཅན་གཞན་གྱི་རྟོགས་མཁན་ཞི་བ་ལ་སོར་བ་གསུངས་ཏེ། རབ་ཏུ་སྦས་ནས་དེའི་དགོས་པར་བྱེད་པ་ཡིན་ནོ།། ད་ནི་བདག་དང་གཞན་དུ་བརྗེ་བ་བོར་ནས་སླར་ཡང་ཕྲག་དག་བསྒོམ་པ་ལ་རང་གི ་སེམས་སྦྱང་བའི་ཕྱིར། བདག་སྐྱིད་པ་ལ་སོགས་པ་གསུངས་ཏེ། དེ་བས་གནས་པའི་ཕྱིར་སྐྱིད་པ་ཡིན་ལ་སྡུག་བསྔལ་གྱི་གནས་པས་མི་སྐྱིད་པ་ཡིན་ནོ།། དེ་ལྟར་ཕྱག་དོག་གྱིས་ཤིག་ཅེས་རང་གི་སེམས་ལ་འདི་ལྟར་གསུངས་པ། ་བདག་ནི་ཞོས་པ་ལོ་སོགས་པ་སྟེ། བདག་ནི་ཞེས་པ་ནི་བདག་གི་ལུས་ལའོ།། གང་ཚེ་ཞེས་པ་ནི་དུས་ནམ་ཞིག་ནའོ།། ཅི་བྱེད་ཅེས་པ་ནི་རང་གྲི་དོན་ནམ། གཞན་གྱི་དོན་ནཱམ། དམ་པའི་ལས་སམ། དམ་པ་མ་ཡིན་པའི་ལས་སམ། ཐ ་མལ་པའི་ལས་ཅི་བྱེད་ཅི་གནས་ཞེས་སོ།། དེ་ལྟར་འདིའི་ལུས་ལ་གླགས་བརྟགས་ཏེ་བཙལ་ལོ།། འོནེ་ཏྲེ་གང་གི་ཚེ་འདི་ལ་གྲོགས་མ་རྙེད་ན་དེའི་ཚེ་ཇི་ལྟར་བྱ་ཞེ་ན། གཞན་གྱིས་ཞེས་པ་ལ་སོགས་པ་གསུངས་པ་ལྔ། གཞན་གྱིས་བྱས ་པའི་ཉེས་པ་འདི་ཡང་ཁྱོད་ཉིད་ཀྱི་ཉེས་པར་སྦྱད་བ་ཡིན་ནོ་ཞེས་གང་གིས་འདིའི་སྤྱོད་པ་ཡིན་ནོ་ཞེས་དེ་ལྟར་འདི་ཉིད་ཀྱི་ལུས་ཀྱི་མགོ་ལ་བསྒྱུར་བར་བྱོས་ཤིག། ཡང་ན་གཞན་གྱིས་བྱས་པའི་ཉེས་པ་ཞེས་བྱ་བ་ནི་གཞན་གྱིས་བྱིས་པའི ་ཉེས་པར་སྤྱོད་པ་ཡང་འདི་ཉིད་ཀྱི་མགོ་བོ་ལ་བསྒྱུར་བར་བྱོས་ཤིག་ཅེས་དེའི་ལས་ཀྱི་འབྲས་བུའི་ཆ་ཉིད་དུ་གྱིས་ཤིག་པའོ།། གང་འགྲོ་བའི་སྡུག་བསྔལ་གང་ཅི་ཡང་རུང་།། དེ་ཀུན་བདག་ལ་སྨིན་གྱུར་ཅིག། བྱང་ཆུབ་སེམས་དཔའི་དྷ) ་འདུན་གྱིས།། འགྲོ་བ་བདེ་ལ་གནས་པར་ཤོག་ཅེས་འཆད་པར་འགྱུར་རོ།། གང་གི་ཚེ་ཡང་ཉེས་པ་ཆུང་ངུ་ཡང་འདི་ལ་མཐོང་ན་དེའི་ཚེ་སྦ་བར་མི་བྱའོ་ཞེས་བདག་གིས་ཉེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆུང་ངུ་སྟེ་ལུས ་འདི་ཧྲཱི་པའི་ཡང་ཉེས་པ་རབ་ཏུ་ཤློཀྵ་རྗེས་ཏེ་མངོན་པར་གྱིས་ཤཱག་བྷུའོ།། ཐུ་པ་ཆེན་པོ་ནི་སངྱས་རྒྱས་བཅོམ་ལྡན་འདས་ཏེ་དེ་སྤྱནྡྷ་སར་མོ།། གང་གཱ་འདུ་འཇུགས་པས་སྒྲར་སྨྱུད་མི་བྱུད་བྷྱོའི་སྱཱརྨྨ། ་ཉིད་ཀྱིས་གནས་སོ།། གལ་ཏེ་འདིའི་སྙན་པ་གསལ་བར་གྱུར་པ་མཐོང་ན་དེ་ལ་གསུངས་པ། གཞན་གྱི་ཞེས་པ་ལ་སོགས་པ་སྟེ། འདིའི་གྲགས་པ་གཞན་རྣམས་ཀྱི་དྲི་བས་ལྷག་པའི་གྲགས་པ་གསལ་བར་དྲི་མ་ཅན་དུ་གྱིས་ཤིག ་ཅེས་དེ་རྙོག་པ་དང་བཅས་པར་གྱིས་ཤིག་པ་དང་སྦ་བར་གྱིས་ཤིག་ཅེས་པའི་དོན་ཏོ།། འདི་ལ་སྙིང་རྗེའི་སེམས་ཅུང་ཟད་ཙམ་ཡང་བསྐྱེད་པར་མི་བྱའོ་ཞེས་བདག་ནི་བྲན་གྱིས་ཞེས་པ་ལ་སྒྲོགས་པ་གསུངས་ཏེ། དེས་པར་དམན་པའི ་བྲན་གྱི་ཐ་མ་ལྟར་གཞན་གྱི་དགོས་པ་སེམས་ཅན་གྱི་དོན་རྣམས་ལ་འདི་ལྟར་བཀོལ་བར་གྱིས་ཤིག་སྟེ་བུར་ཁྱེར་པ་ལ་སྦྱོར་བའོ།། གལ་ཏེ་འདྲ་ལ་ཡོན་ཏན་གྱི་ཆ་ཅུང་ཟད་མཐོང་བ་དེའི་ཚེ་ཅི་བ་སྟོང་པ་བྱ་བའམ་ཞེ་ན། འདི་ནི ་སྐྱོན་ཅན་ཞེས་པ་ལ་སོགས་པ་གསུངས་ཏེ། བརྒྱ་ལ་ཡོན་ཏན་ལྷག་པ་ལྷན་ཅིག་སྐྱེས་པ་ཡོད་ན་ཡང་འདྲ་ནི་བསྟོད་པར་བྱ་བ་མ་ཡིན་པ་ཉིད་དོ།། ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་འདི་ནི་ཉེས་པ་དུ་མཱའི་བདག་ཉིད་ཡིན་པའི་ཕྱིར་རོ།། གཞན་ལྔ ་ཡོན་ཏན་རྟོགས་པའི་སྒོ་ནས་བསྟོད་པར་བྱ་བར་འགྱུར་ན་འདི་ཉིད་རྩ་བ་དང་བཅས་པ་ཉམས་པ་ཡིན་ནོ་ཞེས་འདིའི་ཡོན་ཏོར་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། འདིར་མང་དུ་བརྗོད་པས་ཅི་ཞིག་བྱ་སྟེ། མདོར་ན་འོད་ལ་ཆད་པའི་ལས ་བྱཱབྱའོ་ཞེས་བསྟན་པའི་ཕྱིར། མདོར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གནོད་པ་ཞེས་པ་ནི་སྡུག་བསྔལ་བ་འམ་གནོད་པ་བྱེད་པའོ།། འདི་ལྟར་གལ་ཏེ་ཡང་བདག་གིས་སྡུག་བསྔལ་གྱི་ཁུར་ཁྱེར་བར་མི་ནུས་སོ་ཞེས་སྨྲས་ན་དེའི་ཚེ་འདིར ་ཅིལྟར་འཇུག་པར་བྱ་ཞེ་ན། གང་གིས་ངག་རྩུབ་འགྱུར་ཚུལ་དུ་ཞེས་པ་ལ་སོགས་པ་གསུངས་ཏེ། གང་གིས་ངག་རྩུབ་པར་འགྱུར་བ་ནི་ཕོད་པ་ཆེ་བུ་ཡིན་ཏེ་དང་པོ་ཉིད་དུ་འདི་ལ་དེ་ལྟར་སྐབས་དབྱེ་བར་མི་བྱའོ།། འོན་ཀྱང་གཞག་པར་བྱ་སྟེ ་གཟུང་བར་བྱའོ།། བོག་མ་གསར་པའི་འཇུག་པ་བཞིན་དུའོ།། དེ་ཉིད་གསུངས་པ། འཇིགས་དང་ཞེས་ཏེ་ཉམས་པ་ལས་སྐྲག་པའོ།། ངོ་ཚ་ཞེས་པ་ནི་བྱ་བ་མ་ཡིན་པ་ལ་ངོ་ཚ་བའོ།། ཐམས་ཅད་དུ་མཽ་མཐུན་པོ་ལ་འཇུག་པ་ལ་བཟློག་པཱ་ལ ་བརྩོན་པར་བྱ་ལ། དེ་ལྟར་གནས་པ་ན་ཡང་རྣམ་པ་ཐམས་ཅིང་ལྕགས་ཀྱུ་མེད་པར་མི་བྱའོ་ཞེས་བསྟན་པའི་ཕྱིར། འདི་ལྟར་གྱིས་ཤིག་ཅེས་པ་ལ་སོགས་པ་གསུངས་ཏེ། འདི་ལྟར་བཀའ་ཉན་པ་ལོ་འཇུག་པར་བྱས་ནས་ལུས་འདི་དབང ་དུ་གྱུར་པར་བྱ་སྟེ། རང་ལ་རག་ལས་པས་གཞག་པར་བྱ་སྟེ། ནི་དུལ་བ་བཞིན་ནོ།། འོན་ཏེ་འདི་ལྟར་དབང་དུ་མ་གྱུར་ནཱ་དེའི་ཆང་པས་བཅད་པར་བྱ་སྟེ། དེ་ལས་འདིས་ན་སྟེ་གལ་ཏེ་ཁྱོད་བཀའ་ལས་འདས་པས་འཇུག་ན་དེའི་ཚེ་ཆུད་པས ་བཅད་པར་བྱ་སྟེ་སྐྱོ་བར་བྱ་བ་འམ། ཆར་བཅད་པར་བྱའོ།། དེ་ནི་བདག་གིས་སེམས་དང་བདག་ཐ་དད་པ་བཞིན་དུ་ཡོངས་སུ་བརྟགས་ནས་བརྟན་པས་བསྡུ་བའི་ཕྱིར་གསུངས་པོ། འོན་ཏེ་དེ་ལྟར་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་ཡང ་ཁྱོད་འདི་ལ་རབ་ཏུ་ཞུགས་པར་གྱུར་ཏེ་བརྒྱ་ལ་ཉམས་པར་གྱུར་ན་དེའི་ཚེ་ཉེས་པ་དེས་ཁྱོད་ཉིད་ཚར་བཅད་པར་བྱའོ།། ཅིའི་ཕྱིར་ཞེ་ན། ཉེས་པ་ཐམས་ཅད་ཁྱོད་ལ་བརྟེན་པ་ཡིན་པ་ཏེ་རང་ཉིད་སེམས་ལུས་མེང་བར་གྱུར་པ ་ཡང་ཁྱོད་ཉིད་ཀྱི་བསམ་པ་ཉིད་ཀྱིས་འདི་ཐམས་ཅད་དུ་འཇུག་པར་བྱེད་དེ། དེས་གང་འགའ་ཞིག་ཏུ་ངན་གོཡོ་ཅན་དུ་བསྟེན་པར་བྱེད་དོ།། དེར་ཁྱོད་ཀྱིས་དྲང་པོ་མ་ཡིན་ནོ་ཞེས་བསམ་པའོ།། དེ་ནས་མྱི་བཟོད་པས་རང་གི་སེམས་ཉིད་ཁ་བསྡིགས ་པ་ཁྱོད་ཀྱིས་ཞེས་པ་ལ་སོགས་པ་གསུངས་ཏེ། བསྡིགས་པ་འདི་ནི་འཇིག་རྟེན་པའི་བརྗོད་པའོ།། གང་དུ་འགྲོ་བ་ཁོ་བོས་བལྟ་ཞེས་པ་ནི་ང་ནི་ཁྱོད་ཀྱིས་གུང་དུ་འབྲོས་པར་བྱེད་ཅེས་སོ།། ཇི་ལྟར་ཁྱོད་ཀྱིས་མི་ཤེས་པ་ནི་གླགས་རྙིད་པ་དེ་ལྟེ་། ་ནི་ནུས་པ་ཡིན་ཏེ། ད་ནི་རང་བཞིན་ཡོངས་སུ་ཤེས་པས་བདག་ཉིད་སྟོབས་དང་ལྡན་པ་ཡིན་ཏེ་དེ་ཉིད་གསུངས་པ་དྲེགས་པ་ཐམས་ཅད་གཞེམ་བྱ་སྟེ་ཞེས་པ་ནི་ཁྱོད་ཀྱི་སྲོག་བླང་བར་བྱའོ།། འོན་ཏེ་ཁྱོད་ཀྱིས་སྔ་རཱ་བཞིན་དུ་བ་དག་ལ་དེ ་ལྟར་ཡང་སྟོབས་ཡོད་དོ་ཞེས་སེམས་བྱ་བསམ་པར་མི་བྱ་སྟེ། ཁྱོད་ཀྱིས་གང་དྲི་ཁོ་ཟ་བརླག་བཱ་སྟྭ~ཾ། ལ་མ་མ་ཡིན་པར་བྲིང་པ་ནི་གང་གི་ཕྱིར་སྣརོན་བྷྲཱུཾ་དྲུས་ཡུན་རིང་པོ་གཞན་ཡིན་ལོ།། ད་ནི་དུས་འོདདི་གཞན་ཡིན་ནོ། སྔོན་དང་འདྲམ ་མ་ཡིན་ནོ།། ད་ནི་སྔོན་གྱི་དུས་མ་ཡིན་ནོ་ཞེ་ན། ཞེས་ཅི་ལྟའོ་ཤེས་པར་བྱ་ཞེ་ན། ད་དུང་ཞེས་པ་ལ་སོགས་པ་གསུངས་ཏེ། སྔར་ནི་རང་གི་དོན་ལོ་ཞེས་པའི་སེམས་ཉིད་ཀྱིས་ཁྱོད་ཀྱིས་ཁོ་བོ་བསླུས་པ་ཡིན་ལ། དེ་ཡང་བདག་ལ་ད་ལྟ་ཡ ་ཡོད་དོ་ཞེས་ཡིད་ལ་མ་བྱེད་ཅིག། འདི་ལྟར་ཤེས་པར་བྱས་ནས་སེམས་ཅན་མང་པོའི་དོན་ལ་རབ་ཏུ་ཞུགས་ཤིག། སྐྱོ་བར་སེམས་ཏེ་དཀའ་བའི་བློ་བོར་ཅིག་པའོ།། ཡང་ན་སེམས་ཅན་གྱི་དོན་གྱི་ཁུར་ཁྱེར་བར་སེམས་པ་ན། སྡུག་བསྔལ ་བའི་བློ་ཡིས་དོར་བར་མི་བྱེད་ཅིག། ཅིའི་ཕྱིར་ཞེ་ན། བདག་གི་གཞན་ལ་ཁྱོད་བཙོངས་ཀྱིས་ཞེས་ཏེ། སྔར་ཉིད་དུ་བདག་དང་གཞན་དུ་ཡོངས་སུ་བརྗེས་པ་ན། ཁྱོད་བདག་གིས་གཞན་ལ་ལས་རག་ལོས་པ་ལ་སྦྱར་བ་ཡིན་ནོ།། དེ་ལྟར་ནི ་ཡང་བདག་ཉེས་པ་མ་བྱས་པ་ལ་ཡང་ཁྱོད་ཡོངས་སུ་མ་མགུ་བ་གང་གིསོ་ཡོངས་སུ་གཏོང་བའི་བློ་སྐྱིད་ཅེས་དྲེགས་ནས། གུལ་ཏི་བཱག་མེད་ནུས་པ་ལ་སོགས་པ་གསུངས་ཏེ། གལ་ཏེ་ཡང་ཇི་ལྟར་ཡང་བོག་མེད་པར་གྱུར་ཏེ། ་བློ་སྟོར་བས་བག་མེད་པའིའམ་དྲན་པ་ཉ་མོས་ཏེ་སེམས་ཅན་རྣམས་ལ་སེམས་ཅན་ཁྱོད་མ་བྱིན་ཏེ། འོང་ཉིད་ཀྱིར་བྱས་ན་དེའི་ཚེ་ཁྱོད་ཀྱིས་ཁྲོ་བོ་དམྱལ་བའི་སྐད་མ་རྣམས་ཏེ། དམྱལ་བའི་སྡུག་བསྟིལ་སྐྱེད་པ་ལ་སྦྱར་བ་ཤིན་རྗེའི་སྐྱེ ་བུ་རྣམས་ལ་བྱིན་པར་ངེས་ཏེ་ཐེ་ཚོམ་ཡོད་པ་མ་ཡིན་ནོ།། དེ་ལྟར་རྗེས་སུ་མཐུན་པོར་བྱས་ཀྱང་ཁྱོད་རྗེས་སུ་མི་མཐུན་པ་ཡིན་ཏོ།། དེའི་ཕྱིར་ཁྱོད་ལ་གྷ་ཏྭོ་བཾའི་བྷྲྀརརྱ་འགྱུར་རོ།། ཉོན་ཏེ་གཱང་གཱིས་ནྱ་དོ་ལྷུར་རྗོད་བཱིར་བྱེད་པ་བཱརྒྱུ ་དེལྟར་གྱུར་ཏམོ་ཞེ་ན། དེ་ལྟར་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལྟར་ཞེས་པ་ནི་ཁྱོད་ལ་རྗེས་སུ་མཐུན་པ་སྤྱད་པ་ལས་ཏེ། ལན་གྲངས་དུ་མར་ཁྱོད་ཀྱིས་ཁོ་བོ་སྡུག་བསྔལ་འབའ་ཞིག་གི་སྣོད་དུ་བྱས་པ་ཡིན་ལོ།། ཡུན་རི ་བནི་སུ་ལྡིང་བྱོར་ན།། ནི་ས་ས་ནས་ཤེ་ན། མྦྷ་བ་བཱན་མས་ལ་བྱིན་ནས་སྷོ།། ཁྱོན་རྣམས་ཎྱེ་སྟཱར་གྷི་གྷྲ་སྟྲེ་དག་ཉིད་དུ་མྱུར་པ་རྣམས་ཡིན་ཏེ། དུན་དུ་ནུམ་ས་དྲན་པར་བྱས་པ་གཞོམྦུ་པཪྻཱ་བྱཱགྷྣཱཙྪ་ཧྲུ་དུ ་བརླག་པར་བྱའོ།། རང་གི་དོན་ཏེ་ཁོལ་དང་བྲན་ཉིད་ཡིན་ཏེ། དུས་ཐམས་ཅད་དུ་དེའི་དབང་དུ་གྱུར་པའི་ཕྱིར་རོ།། དེ་ལྟར་ནི་རང་གི་སེམས་དེ་ལ་དྲག་ཏུ་བསྣུན་ནུས་སླཪྵ་ཡང་ཞི་བའི་རིམ་པས་བརླབ་པ་རོ་བྱཱ་ཊའཾ་བྷཻར་དེའི་ཚེ། བདགྣ་ནཱི་ཞེས ་པ་ལ་སོགས་པ་གསུངས་ཏེ། གལ་ཏེ་ཁྱོད་བདག་ཉིད་ཡུན་རིང་པོ་ངེས་པར་ལེགས་པ་འདོད་པ་ཡིན་ནཱ་དེའི་ཚེ་བད་ཉིད་ལ་དགའ་བར་མི་བྱ་སྟེ་སྤང་བར་བྱའོ་ཞེས་པའི་ཐ་ཚིག་སྟེ། གཞན་དུ་ན་བདག་ཉིད་ལ་དགུའོ་བ་ཉིད་དུ་བྱས་པར་མི་འགྱུར། ་གལ་ཏེ་ཡང་བདག་ཉིད་ལ་ཁྱོད་ཀྱིས་བཚོགས་པ་ཐམས་ཅད་ལས་བསྲུང་བའི་བློ་ཡང་ནུ་དེའི་ཚེ་ལུས་འདི་བསྲུང་བྲཝ་རིགས་སོ་ཞེས་རང་གི་སེམས་ལ་བརྗོད་དོ།། ཙྭི་སྟེ་དེ་ལྟ་ན་ཡང་འདི་ཁ་རྗེ་སྭ་སུ་བཟུང་བར་བྱ་བར་རིགས་པ་ཉིད་དོ་ཞེ་ན། ་ཅི་ལྟ་ཇི་ལྟར་ཞེས་པ་ལ་སོགས་པ་གསུངས་ཏེ། འདི་ནི་ཞེས་པ་ནི་རང་བཞིན་ཕྱིན་ཅི་ལོག་ཏུ་གྱུར་པའི་ལུས་སོ།། ཅི་ལྟ་ཅི་ལྟར་ཏེ་རྣམ་པ་གངྒཱ་དང་གང་གིས་ཅི། སྲིད་དེ་སྲིད་དུ་དེ་དང་དེ་བདེ་བའི་ཡོ་བྱདེ་བསྒྲུབས་པས་འཕེལ་བུ་རི་བྱེད་པར ་འདོད་པ་ནི་ཡོངས་སུ་སྐྱོང་བར་བྱེད་པ་ཡིན་ནོ།། དེ་ལྟ་དེ་ལྟར་ཤིན་ཏུ་ནི་རང་བཞིན་ཤིན་ཏུ་གཞོན་པར་གྱུར་པས་ལྷུང་བར་འགྱུར་བ་ཉིད་དེ། རྣམ་པ་ཐམས་ཅད་དུ་ལས་ཐམས་ཅད་ལ་ལས་སུ་མི་རུང་བར་འགྱུར་རོ།། ཅི་སྟེ་གལ་ཏེ ་ལྷུང་ན་ཡང་ལྷུང་བུ་དྲུག་མོང་ཉམས་པ་ཅི་ཡོད་དེ། དེ་ལྟར་ན་ཡང་མངོན་པར་འདོད་པ་ཐམས་ཅད་དུ་འགྱུར་བ་ལས་ལྡོག་པར་འགྱུར་རོ་ཞེ་ན། འདི་ནི་དེ་ལྟར་ཞེས་པ་ལ་སོགས་པ་གསུངས་ཏེ། འདི་ཞེས་པ་ནི་ལུས་ཡིན་ལ། དེ་བྷུར་ཞེས་པ་ནི ་བདེ་བ་འདོད་པ་སྟེ་ལྟུང་བར་གྱུར་པ་ན་ས་གཞི་འདི་དག་ཐམས་ཅད་ནི་འཛམ་གླིང་འདི་ཐམས་ཅད་དོ།། འདོད་པ་ཆོག་པ་མེད་པ་ནི་འདོད་པ་སྟེ་མངོན་པར་འདོད་པ་ཡིན་ལ། ཆོག་པར་འགྱུར་བའི་ནུས་པ་དང་ལྡན་པ་མ་ཡིན་ཏེ། དབྱེར་ན ་རྒྱལ་པོ་ང་ལས་ནུ་འཛམ་བུའི་གླིང་གི་བདག་པོར་གྱུར་པས་ངོམས་པར་མ་གྱུར་ནས་ཡང་གླིང་བཞིའི་བདག་པོ་ཐོབ་པར་གྱུར་ཅིང་བརྒྱ་བྱིན་གྱི་སྟན་ཕྱེད་ཐོབ་པ་ལས་ཀྱང་ཆོག་པ་མེད་པ་བཞིན་ནོ།། གང་གི་ཕྱིར་དེ་ལྟར་སུ་ཞིག་སྟེ། ་དདག་ང་དཀའ་བའི་ལུས་འདི་འདོད་པ་བྱེད་པར་འགྱུར་ཏེ་མ་ཡིན་ནོ།། ཇི་ལྟར་དཤིན་ཏུ་ཐལ་ཆེས་པ་ནི་མི་རིགས་ལ། ཅུང་ཕྲང་ཙམ་གྱི་སླབ་སོ་ཡིན་པ་ལ་ཉེས་པ་ཅི་ཡོད་ཅེ་ན། མི་ནུས་འདོད་ལ་ཞེན་པ་ལ་སོགས་པ་གསུངས་ཏེ། རྙེད་པར ་དཀའ་ཞིང་མི་ནུས་པར་འདོད་དེ་མངོན་པོར་འདོད་ན་ཉོན་མོངས་པ་སྟེ་མ་ལུས་པའི་མངོན་པར་ཞེན་པ་དང་། དེ་ཐོབ་པའི་གེགས་བྱེད་པ་ལ་ཞེ་སྡང་བ་དང་། བསམ་པ་ཉམས་པ་ཡང་འབྱུང་བར་འགྱུར་ཏེ། དེ་ལས་ཡིད་མི་བདེ་བར་འགྱུར་རམ ་བསམ་པ་ནི་འདི་ཡིན་ཏེ། ཅུང་ཟད་ཙམ་ལ་རྫསུ་ཞུགས་ནས་སླར་ཡང་གང་ནས་གོང་དུ་ལྷག་པ་མངོན་པར་འདོད་པ་ལ་འཇུག་པས་བཟློག་པས་མི་ནུས་པའི་འདོད་པ་འཕེལ་བ་ཡང་ཡིན་ཏེ། སྲེད་པ་ལས་ངེས་པ་མེད་པའི་ཕྱིར་འདོད ་པ་འདི་ཙམ་ཞེས་པ་མེད་པར་འགྱུར་རོ།། སླར་ཡང་གླང་ཞིག་དང་པོ་ཉིད་དུ་རྣམ་པ་ཐམས་ཅད་དུ་ཡུལ་ཐམསྣ་ཅད་ལ་སྐབས་མེད་པར་བྱས་ན་དེའི་ཕུན་སུམ་ཚོགས་པ་མ་ཞུམ་པ་ཡིན་ཏེ། ཡི་གྲཝར་མི་འོང་བ་སྐྱེད་པར་བྱེད ་བའི་ཕྱིར་དང་། དེ་ལ་སེམས་འཇུག་པར་མི་བྱེད་པའི་ཕྱིར་རོ།། གང་གི་ཕྱིར་ཅུང་ཟད་ལ་ཡང་འདོད་པས་ཚིམ་བཱ་མེད་པ་ཉིད་ཡིན་པ་དེ་ལྟ་བུས་ནུ་ལུས་ཀྱི་འདོད་པ་འཕེལ་བའི་ཕྱིར་སྐབས་དབྱེ་བར་མི་བྱའོ་སྟེ། ཅི་སྟེ་ཡུལ་དམ་པ་དེ་ལྟ་བུ ་ལས་སེམས་ཇི་ལྟར་བཟློགས་པར་མི་ནུས་ཞེ་ན། གང་གིས་ཡིད་འོང་ཞེས་པ་ལ་སོགས་པ་གསུངས་ཏེ། སྔར་འདི་ཉིད་དུ་བརྗོད་པ་རང་ཉིད་ཀྱིས་ནི་འགྲོ་ཉིད་ལ།། བརྟན་པར་བྱས་ཏེ་རབ་ཏུ་རྟོགས་ཞེས་གོང་གསུངས་པའོ།། གཞན་ཡང་གང ་འདོད་པར་བྱ་བ་ཉིད་མི་འཛིན་པ་དེ་ཉིད་ནི་དངོས་པོ་བཟང་པོ་ཡིན་ཏེ། གཞན་དུ་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་ཉིད་འཕེལ་བར་འགྱུར་རོ།། གཞན་ཡང་རྒྱུ་མཚན་མེད་པ་ཉིད་དུ་མི་བདེན་པ་ལ་མངོན་པར་བདག་གིས་སྡུག་བསྔལ ་བསྔགས་པོར་བྱ་བ་ཡིན་ཞེས་ཁྱོད་རང་ཉིད་ཀྱིས་སྤྱོད་པར་བྱའོ་ཞེས། ཐ་མར་ཐལ་བའི་ཞེས་པ་ལ་སོགས་པ་གསུངས་ཏེ། ཐ་མཱར་ཐལ་བ་ནི་གནས་སྐབས་ཡིན་ལ། མཐ་གཏུགས་པ་ནི་དེ་ལ་ཐུག་པ་ཡིན་ཏེ། འདི་གང་གི་སྨིན ་པ་དེ་སྐད་ཅེས་བྱའོ།། ཤི་བར་གྱུར་པ་ན་ལུས་པོ་འདིའི་མཐར་ཐུག་པ་ནི་ཐ་མར་ཐལ་བ་ཡིན་ཏེ། དེ་ལས་གཞན་པའི་རྟེནི་ཡོད་པ་མ་ཡིན་ནོ་ཞེས་དགོངས་པའོ།། མི་གཙང་ལུས་འདི་ལུས་ཀྱི་རྣམ་པ་གཟུང་བ་ཡིན་ལ། མི་བཟད་པ་ནི ་འཇིགས་སུ་རུང་བའམ་འཇིགས་བྱར་བྱ་བ་པཱ་ཡིནྣ་ཏེ། འཇིགས་པ་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་རོ།། མི་གཡོ་བ་ནི་བོང་བཱ་དང་ཤིང་ལྟ་བུ་ཡིན་ནོ།། རང་ཉིད་བྱེད་པ་མང་པཱ་ཡིན་ན་འདི་འགྲོ་བ་དང་འཆག་པ་ལ་སོགས་པར་ཙིར་འགྱུར ་ཞེ་ན། གཞན་གྱིས་བསྐྱོད་པ་ཡིན་ཏེ། གཞན་ཡིད་ཀྱིས་ཁྱེད་པས་འདི་བྱ་བ་དང་ལྡན་པ་བཞིན་དུ་དམིགས་པ་ཡིན་ནོ།། ཞེན་པའི་རྒྱུ་མཚན་མིད་པའི་ཕྱིར་རྒྱུ་ཅི་སོར་ལུས་པོ་འདི་ལ་བདག་ཏུ་འཛིན་ཏེ་རྗེས་སུ་འཇུག་པ་སྐྱེ་བར་འགྱུར། གེ་ཞེན ་འདི་ཡང་ཁྱོད་ཀྱིས་དཔྱོད་པར་བྱའོ་ཞེས་བསྟན་པའི་ཕྱི་། ཅིའི་ཕྱིར་ཞེས་པ་ལ་སོགས་པ་གསུངས་ཏེ། འཁྲུལ་འཁོར་འདི་སྟེ་ལུས་ཀྱི་བདག་ཉིད་ཀྱིས་སོ།། གསོན་པ་འམ་ཤི་བཱ་ཡང་རུང་སྟེ། བདག་ལ་ཙཱ་ཞིག་བྱ་སྟེ། བདག་ལས་ཐ་དད ་པ་ཡིན་པའི་ཕྱིར་དང་། འདི་རང་ཉིད་ལ་རྒྱུ་བ་མེད་པའི་ཕྱིར་རོ།། དེའི་ཕྱིར་བོང་བ་ལ་སོགས་པ་དང་ཁྱད་པ་རི་ཅི་སྣོད་དོ་ཞེས་སྟོན་པར་བྱེད་དོ།། འོན་ཏེ་བདག་ཏུ་འཛིན་པའི་གཞི་ཉིད་ཀྱིས་ཁྱེད་ཡོད་དོ་ཞེ་ན། འདིར་གསུངས་པ། ཀྱི་ཆུང ་ང་རྒྱལ་སེལ་མཽ་བྱེད་དེ། འདི་ལྟར་བརྟག་སེཾ་ན་ཡང་ཡུན་རིང་པོ་ནས་འདྲིས་པར་གྱུར་པའི་ཕྱིར་རོ།། ཁྱོད་ཇི་ལྟར་འཇིགས་པར་མི་བྱེད་ཅིང་ཇི་ལྟར་ཡང་བརླག་པར་མི་བྱེད་ཅེས་པའི་ཐ་ཚིག་གོ།། དེ་ཉིད་བསྟན་པར་འདོད་ནས། ལུས ་ཞེས་པ་ལ་སོགས་པ་གསུངས་ཏེ། འདི་ནི་བདག་གི་ལུས་ཡིན་ནོ་ཞེས། བདག་ཏུ་འཛིན་པའི་མངོན་པར་ཞེན་པས་ཁྱོད་ཀྱི་རྒྱུ་མཚན་མེད་པ་ཉིད་དུ་སྡུག་བསྔལ་གྱི་ཕུང་པོ་ང་རྒྱལ་ལ་སོགས་པར་བྱེད། ཡང་ཅིའི་ཕྱིར་འདི་ལྟར ་བརྗོད་ཅེ་ན། རྗེས་སུ་ཆགས་པ་དང་ཞེས་པ་ལ་སོགས་པ་གསུངས་ཏེ། བོང་བ་དང་འདྲ་བའི་ལུས་པོ་འདི་ལ་རྒྱུ་མཚན་མེད་པ་ཞེ་སྡང་སྟེ་ཁོང་ཁྲོ་བ་དང་། རྗེས་སུ་ཆགས་པ་སྟེ་མངོན་པར་ཞེན་པས་ཅི་ཞིག་བྱ་སྟེ་ཅུང ་ཟད་ཀྱང་མ་ཡིན་ནོ།། ཅིའི་ཕྱིར་ཡང་འདི་ལྟར་ཡིན་ཞེ་ན། བདུག་གིས་ཞེས་པ་ལ་སོགས་པ་གསུངས་ཏེ། འདི་ལྟར་ཐམས་ཅད་རྗེསུ་གཟུང་བའི་རྣམ་པས་བསྐྱངས་ཤིང་གསོས་པའམ། བྱ་རྒོད་དང་ཅེ་སྤྱང་ལ་སོགས་པ་རྣམས་ཀྱིས་ཟ་བ ་ན་ཡང་ཕན་པ་དེ་ལ་ཆགསོ་བར་བྱེད། གནོད་པ་བྱེད་པའི་བྱ་རྒོད་ལ་སོགས་པ་རྣམས་ལ་ཡང་གང་ལ་ཞེ་སྡང་བ་མེད་པའོ།། དེ་ལྟ་བུ་ཤིང་དང་མཚུངས་པ་སེམས་མེད་པ་དེ་ཉིད་ལ་ཆགས་པ་རོ་བྱེད། ཤིང་དོང་མཚུངས་པ་ཉིད་དུ་བསྟན་ནས་དེ ་མམ་གཟུང་བས་འབྲས་བུ་དང་བཅས་པར་བསྟན་པའི་ཕྱིར། གང་ཞིག་ཅེས་པ་ལ་སོགས་པ་གསུངས་ཏེ། ལུས་བདག་གིར་མ་བྱས་ཤིང་སྤངས་པ་ལས་ཁྲོ་བ་སྟེ་ཞེ་སྡང་བ་འདི་ལ་མེད་པ་དང་གོང་ལ་ཡང་མཆོད་པ་སྟེ་བསྙེན་བཀུར་བྱས་པས ་མགུ་བ་སྟེ། རབ་ཏུ་དགའ་བ་བདག་ལ་སྐྱེ་བར་འགྱུར་པོ་མ་ཡིན་ཏེ། དེ་ཉིད་ལ་སེམས་མེད་པའི་ཕྱིར་མི་ཤེས་པ་ཡིན་ཏེ། རྟོགས་པ་མ་ཡིན་ནོ།། དེ་ལ་བརྟེན་ནས་ཁང་ཁྲོ་བ་དང་རྗེས་སུ་ཆགས་པའི་བདག་ཉིད་ཀྱི་ངལ་ཞིང་དུབ་པུས་གང་ལ ་བྱས་པས་བདག་ལ་ཅུང་ཟད་ཀྱང་དགོས་པ་མེད་དོ་ཞེས་པའི་དོན་ཏོ།། དེ་ལྟར་ཁྱེད་ཀྱིས་བསླབ་པར་བྱའོ།། དེ་ལྟར་རང་གི་སེམས་རྟོགས་པར་བྱས་ནས་བདག་དང་གཞན་དུ་བརྗེ་བའི་རང་བཞིན་མཇུག་བསྡུས་ཏེ་བསྟན་པའི་ཕྱིར། གང ་ཞིག་ལུས་འདི་ཞེས་པ་ལ་སྩོགས་པ་གསུངས་ཏེ། འདི་ཞེས་པ་ནི་བདུག་གི་སྟེ། དྲུག་ལྔ་ཞིག་གིས་ལུས་འདོད་པ་སྟེ་ཕྱིན་པ་རང་བདེ་བ་བསྒྲུབ་པར་འདོད་པ་འམ། ཡིད་བདེ་བར་མཐོང་བའོ།། དེ་ཡང་བདག་གིས་བཤེས་ཡིན་ཏེ་སྡུག་ཅིང་རྒྱུག ་པའི་ཡུལ་ཡིན་ནོ་ཞེས་པའི་ཐ་ཚིག་གོ།། ཡང་གི་སྒྲས་ནི་བདག་ཉིད་འབའི་ཤིག་གི་མ་ཡིན་ནོ།། ཁོ་ཞེས་པ་ནི་རིགས་པས་བརྟགས་ན་མི་བདེན་པ་ཉིད་དོ།། དེ་ལྟ་ཡིན་དུ་ཚུགས་ན་ཡང་གཞན་དང་ཡང་ཐུན་མོང་མ་ཡིན་ནོ་ཞེས་རི་ཌཱ ་པ་ཉེ་བར་བསྟན་པའི་ཕྱིར། ཐམས་ཅད་རང་གི་ལུས་ཞེས་པ་ལཱ་སོགས་པ་གསུངས་ཏེ། གལ་ཏེ་རང་གི་ལུས་ལ་རྗེས་སུ་ཆགས་པའི་རྒྱུ་མཚན་གྱིས་ཞེན་པ་གཞན་ཏེ་དེ་ལས་གཞན་པའི་སེམས་ཅན་ཡང་རང་གི་ལུས་འདོད་དོ།། བརྗོད་པའི ་རིམས་རྒྱུ་མཚན་ལ་ཁྱད་པར་མྱེད་པས་དེ་རྣམས་ལ་བདག་ཅིའི་ཕྱིར་མི་དགའ་སྟེ། བདག་ལ་ནི་རྒྱུའི་ཁྱད་པར་སྔར་ཉིད་དུ་བསལ་བའི་ཕྱིར་དེ་རྣམས་ལ་ཡང་བདག་དགའ་བར་རིགས་སོ་ཞེས་པའི་དོན་ཏོ།། ད་ནི་བསྟན་པའི་དོན་མཇུག་བསྡུ ་བའི་ཕྱིར།། དེ་བས་ཞེས་པ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་བདག་ལ་ཞེན་པ་མ་སྤངས་པར་འགྲོ་བའི་དོན་རྫོགས་པར་བྱེད་མི་ནུས་པའི་ཕྱིར་སྤོབས་པ་མེད་པ་ཐམས་ཅད་ཀྱི་ཐམས་ཅད་ལ་བལྟོས་པ་སྤངས་པས་སོ།། འགྲོ ་ལ་ཕན་པ་ཞེས་པ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་བསྒྲུབ་པའི་དོན་དུ་གང་ལས་འགྲོ་བ་ལ་ཕན་པ་དང་ལྡན་པ་དེས་ན་ལུས་པོ་འདི་ལ་ཉེས་པ་མང་ཡང་སྟེ། ཉེས་པ་དུ་མའི་གནས་ཡིན་ཡང་ལས་བྱེང་བའི་སྤྱད་བཞིན་དུ་གཟུང ་@བར་བྱ་སྟེ། གཞག་པར་བྱ་བ་འམ་བསྲུང་བར་བྱ་སྟེ་དགོས་པའི་དོན་ལ་མཁོ་བའི་དངོས་པོ་བཞིན་དུའོ།། གང་གསུངས་པ། བསམ་པ་གཞན་ནི་ཀུན་བཏང་སྟེ།། བདག་གི་སེམས་ནི་མཆོག་གཅིག་པུས་ཞེས་པཱ་ལ་སོགས ་པ་དེ་མཇུག་བསྡུ་བའི་ཕྱིར་དེས་ན་ཞེས་པ་ལ་སོགས་པ་གསུངས་ཏེ། གོང་ལ་སེམས་མཉམ་པར་བཞག་པ་མེད་ན་ཉོན་མོངས་པ་སྤོང་བར་མི་འགྱུར་བ་དེས་ན་འཇིག་རྟེན་གྱི་སྤྱོད་པས་ཆོ་ག་སྟེ་དགོས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་འཇིག ་རྟེན་གྱི་སྤྱོད་པ་ནི་དོན་མོང་པའི་རྒྱུ་ཡིན་པའི་ཕྱིར་རོ།། དེའི་ཕྱིར་མཁས་པ་སྟེ་དེ་ཁོ་ན་ཉིད་མཁྱེན་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། དེ་ལས་གཞན་དེའི་བསྟོན་པ་ལས་གནས་པ་རྣམས་ཀྱི་རྗེས་སུ་བསྙེགས་ཏེ་དེའི་བསླབ་པ ་ལ་རྗེསུ་སློབ་པོ།། ཇི་ལྟར་ཞེ་ན། བག་ཡོད་གཏམ་ནི་དྲན་བྱས་ནས་ཏེ་ལེའུ་བཞི་པ་དང་བདུན་པར་བརྗོད་པ་དང་། གཞན་ཡང་བསླབ་པ་ཀུན་ལས་བཏུས་པ་ལ་སོགས་པར་བརྗོད་པའོ།། བག་མེད་པ་ནི་ལུས་དང་སེམས་ཀྱི་རྣམ་པར་གཡེང་བ་ཡིན ་ལ་དེ་ལས་བཟློག་པ་ནི་བག་ཡོད་པ་ཡིན་ཏེ། དེ་ལ་བག་ཡོད་པའི་དོན་དུ་བྲག་མེད་པ་ཟློག་པའི་གཏུམ་སྟེ། དེ་སྟོན་པར་བྱེད་པའི་གཞུང་དྲན་པར་བྱས་ཏེ་སེམས་ལ་བཞག་ནས་ཇི་ལྟར་བརྩམས་པའི་དོན་ལ་འཁྲུལ་པར་མི་འགྱུར་ཏེ། གཉིད་དང ་རྨུགས་པ་བཟློག་པར་བྱེད་ལ། རྨུགས་པ་ནི་ལུས་པོ་ཞུམ་པ་ཡིན་ཏེ་ལེ་ལོ་ཞེས་པའི་ཐ་ཚིག་གོ།། གཉིད་ནི་གཉིས་ཀྱིས་སེམས་དམར་པར་བྱས་པ་ཡིན་ལ། དེ་བཟློག་པ་ན་མཁས་པའི་རྗེས་སུ་འབྲང་བར་བྱའོ་ཞེས་པ་དང་འབྲེལ་ཏོ།། དེ་ལྟར ་མཉམ་པར་བཞག་པ་ལ་མི་མཐུན་པའི་ཕྱོགས་སྤངས་ནས་མཉམ་པར་བཞག་པ་ལ་གཅིག་ཏུ་གཞོལ་བར་བྱའོ་ཞེས་བསྟན་པའི་ཕྱིར། དེ་བས་ཞེས་པ་ལ་སོགས་པ་གསུངས་ཏེ། སྒྲིབ་པ་ནི་ཉོན་མོངས་པ་ལ་སོགས་པ་ཡིན་ལ། བསལ ་བབ་ནི་འཆད་པར་འགྱུར་བའི་ཚུལ་གྱིས་དེ་དག་སྤོང་བར་འདོད་པ་སྟེ། མཉམ་པར་བཞག་པ་སྟེ་ཞི་གནས་འབྲེལ་བར་བྱའོ།། རྣམ་པ་གང་གིས་ཤེ་ན། ལོག་པའི་ལམ་ལས་ཞེས་པ་ལ་སོགས་པ་གསུངས་ཏེ། སྔར་བརྗོད་པའི་འདོད་པའི་རྣམ ་པར་རྟོག་པ་ལ་སོགས་པ་རྣམས་ལས་སོ།། ཡང་ནུ་ལོག་པའི་ལམ་ནི་ལེ་ལོ་ལ་སོགས་པའི་ཉོན་མོངས་པ་རྣམ་སཱ་ལ་བརྗོད་དེ། ཇི་ལྟར་མདོར་བསྡུས་ནས་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཉེས་པ་ནི་རྣམ་པ་དྲུག་ཡིན་ཏེ། ལེ་ལོ་དང་། དམིགས ་པ་ལ་བརྗེད་ངས་པ་དང་། བྱིང་བ་དང་། རྒོད་པ་དང་མི་རྩོལ་བ་དང་རྣམས་རྩོལ་བུའོ།། འདི་རྣམས་ཀྱི་གཉེན་པོ་སྤོང་བའི་འདུ་བྱེད་བསྒོམ་པར་བྱ་བ་ཡིན་ཏེ། འདི་ལྟར་དད་པ་དང་། འདུན་པ་དང་། རྩོལ་བ་དང་། ཤིན་ཏུ་སྦྱངས་པ་དང་། དྲན་པ ་དང་། ཤེས་བཞིན་དང་། སེམས་པ་དང་བཏང་སྙོམས་སོ།། དེ་ལ་དང་པོ་བཞི་ནི་ལེ་ལོའི་གཉེན་པོའོ།། འདི་ལྟར་ཏིང་ངེ་འཛིན་གྱི་ཡོན་ཏན་རྣམས་ལ་མངོན་པར་ཡིད་ཆེས་པའི་མཚན་ཉིད་ཀྱི་དད་པས་རྣལ་འབྱོར་པ་དེ་ལ་མངོན་པར་འདོད ་པ་སྐྱེ་ལ། མངོན་པར་འདོད་པ་དེ་ལ་སྔོ་གྲུ་ཀྱཻའི། བརྩོན་འགྲུས་ཀྱི་སྟོབས་དེ་ལས་ལུས་དང་སེམས་ལས་སུ་རུང་བ་སྒྲུབ་པར་བྱེད་དེ། དེ་ལས་ནི་ཤིན་ཏུ་སྦྱངས་པའི་ལུས་དང་སེམས་ཡིན་ཏེ། ལེ་ལོ་བཟློག་པར་བྱེད་དོ།། དེས་ན་དད་པ་ལ་སོགས ་པ་རྣམས་ལེ་ལོ་སྤང་བའི་ཆེད་དུ་བསྒོམ་པར་བྱའོ།། དྲན་པ་ལ་དམིགས་པ་ན་བརྗེད་པའི་གཉེན་པོ་ཡིན་ལ། ཤེས་བཞིན་ནི་བྱིང་བ་དང་རྒོད་པའི་གཉེན་པོ་ཡིན་ཏེ། ཡང་དག་པའི་ཡོན་ཏན་ཉེ་བར་མཚོན་པའི་ཕྱིར་རོ།། ་བྱིང་བ་དང་རྒོད་པ་རབ་ཏུ་ཞི་བའི་དུས་ན་ཡང་མི་རྩོལ་བ་ཉེས་པ་ཡིན་ཏོ། དེའི་གཉེན་པོར་བྱིང་བ་དང་རྒོད་པ་རབ་ཏུ་ཞི་བ་ན་སེམས་པ་བསྒོམ་པར་བྱའོ།། གང་གི་ཚེ་སེམས་གདུལ་དཀའ་བ་དེའི་ཚེ་རྩོལ་བ་ཉེས་པ་ཡིན་ནོ།། དུ་ནི་དེའི་གཉེན ་པོར་བཏང་སྙོམས་བསྒོམ་པར་བྱ་སྟེ། སྤྱོང་བའི་འདུ་བྱེད་བརྒྱད་པོ་འདི་རྣམས་དྲང་ལྡན་པའི་ཏིང་ངེ་འཛིན་མཆོག་ཏུ་ལས་སུ་རུང་བར་འགྱུར་རོ་ཞེས་རྒྱས་པར་གསུངས་སོ།། དེ་ལྟར་འདིའི་ཕྱིར་ལོག་པའི་ལམ་ལས་སེམས་བླན་ཏ ་བཟློག་ནས་སོ།། འདི་ནི་དམ་པའི་ལས་ཀྱི་སྦྱོར་བ་བཤོད་པ་ཡི་ནཱི་ནོ།། རང་བཞིན་ཅི་ཡིན་ཞེ་ན། ཡང་དག་དམིགས་ལྔ་རྟག་པ་སྟེ།། གང་ཅུང་ཟད་དམིགས་པ་མདོར་བསྡུས་པས་སམ་རྒྱས་པོས་སེམས་ཀྱི་ངེས་པ་དེ་ལ་བརྟན་པ་ཡིན ་ཏེ། མི་མཐུན་པའི་ཕྱོགས་ཀྱི་སེམས་པ་རོ་མ་ཆོད་པར་ཏེ་དེའི་བར་ཆོད་དང་བྲལ་བ་ཞེས་བྱ་བའི་ཐེ་ཚིག་གོ།། འདིས་ནི་མཉམ་པར་བཞག་པའི་རང་བཞིན་བརྗོད་དོ།། སེམས་རྩེ་གཅིག་པ་དེའི་རང་བཞིན་མ་ཡིན་པའི་ཕྱིར། རྒྱུན ་མི་འཆད་པའི་སྦྱོར་པོ་ཡང་བརྗོད་པ་ཡིན་ནོ།། ཞི་གནས་བསྒོམ་པ་བསྒྲུབ་པའི་རིམ་པ་འདི་ཡང་ཀ་མ་ལ་ཤཱི་ལའི་བསྒོམ་པའི་རིམ་པ་ལས་གསལ་བར་བསྟན་ཏེ། དེར་བརྗོད་པ་ནི་འདི་ལྟར་ཚུལ་ཁྲིམས་ལ་སོགས་པ་ཞི་གིནྡ ་ཀྱི་ཚོགས་རྣམས་ལ་གནས་ནས་ཡིད་དང་རྗེས་སུ་མཐུན་པའི་གནས་རྣམས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་བ་ལ་སོགས་པ་བྱས་ནས། སྡིག་པ་བཤགས་པ་དང་བསོད་ནམས་ལ་རྗེས་སུ་ཡི་རུང་བ ་ཡང་བྱས་ཏེ་འགྲོ་བ་མཐའ་དག་གདོན་པའི་བསམ་པས་སྙིང་རྗེ་ཆེན་པོ་ཉིད་མངོན་དུ་བྱས་ཏེ་བདེ་བའི་སྟན་ལ་འདུག་ནས་ལུས་དྲང་པོར་བསྲང་སྟེ་སྐྱིལ་མོ་ཀྲུང་བཅས་ནས་ཏིངེ་འཛིན་བསྐྱེད་པར་བྱའོ།། དེ་ལ་དྲང་པོར་རེ་ཞིག་གང་དངོས་པོ ་དེ་ལྔ་དཔྱད་པར་བྱ་སྟེ། ཇི་སྲིད་དུ་རྣམ་པ་གང་གིས་མདོར་ན་དངོས་པོ་མཐའ་དག་བསྡུས་པར་གྱུར་པ་དེ་ལ་སེམས་བསྟན་པར་བྱའོ།། ཡང་མདོར་བསྔོས་ན་དངོས་པོ་ཐམས་ཅད་ནི་གཟུགས་དང་གཟུགས་མེད་པའི་དབྱེ་བས་རྣམ་པ་གཉིས་ཡིན། ་ཏེ། དེ་ལ་ཡང་ལས་དང་པོ་པའི་རྣམ་པར་གཡེང་བའི་ཉེས་པ་སྤང་བའི་ཕྱིར་རེ་ཞིག་མདོར་བསྡུས་པ་ལ་དམིགས་པར་རིགས་སོ།། གལ་ཏེ་ཡིད་ལ་བྱེད་པ་དུལ་བར་གྱུར་ན། དེའི་ཚེ་ཕུང་པོ་དང་ཁམས་ལ་སོགས་པའི་དབྱེ་བས་རྣམ་པར ་སཱུངས་ཏེ་རྒྱུས་པ་ལ་ཡང་དམིགས་པར་བྱ་བ་ཉིད་དོ།། ཇི་སྲིད་དུ་དེ་ལ་ས་ངེས་པར་བྱས་ནས་དངོས་པོ་ཐམས་ཅད་བསྡུས་པ་དེ་ཉིད་ལ་ཡང་སེམས་ཀྱི་རྒྱུན་བསྡམ་པར་བྱའོ།། གང་གི་ཚེ་བར་སྐབས་སུ་འདོད་ཆགས་ལ་སོགས་པས་སེམས ་ཕྱི་རོལ་ཏུ་རྣམ་པར་གཡེངས་པ་དེའི་ཚེ་རྣམ་པར་གཡེངས་པར་ཚོར་བར་བྱས་ལ། མྱུར་དུ་མི་སྡུག་པ་བསྒོམས་པ་ལ་སོགས་པས་རྣམ་པར་གཡེངས་པ་ཞི་བར་བྱས་ནས་མྱུར་དུ་དེ་ཉིད་ལ་སེམས་ཕྱིར་ཞིང་། འཇུག་པར་བྱའོ།། ། ་གང་གི་ཚེ་དེ་ལ་སེམས་མངོན་པར་མི་དགུའ་བར་མཐོང་བ་དེའི་ཚེ་ཏིང་ངེ་འཛིན་གྱི་ཡོན་ཏན་མཐོང་བ་དེ་ལ་མངོན་པར་དགའ་བ་བསྒོམ་པར་བྱའོ།། རྣམ་པར་གཡེང་བ་ལ་ཉེས་པར་མཐོང་བས་ཀྱང་མི་དགའ་བ་རབ་ཏུ་ཞི་བར་བྱའོ།། ་ཅི་སྟེ་རྨུགས་པ་དང་གཉིད་ཀྱིས་ནོན་ཏེ་རྒྱུ་བ་མ་གསལ་བས་སེཾས་བྱིང་བའི་བྱིང་དུ་དོགས་པར་མཐོང་བ་དེའི་ཚེ་སྡང་བའི་འདུ་ཤེས་སངས་རྒྱས་ཀྱི་ཡོན་ཏན་ལ་སོགས་པ་མཆོག་ཏུ་དགའ་བའི་དངོས་པོ་ཡིད་ལ་བྱེད་པས་མྱུར་དུ་བྱིང་བ་ཞི་བར་བྱས་ལོ།། ་ཡང་དེ་མིགས་པ་དེ་ཁོ་ན་ཉིད་ཤིན་ཏུ་བརྟན་པོར་བཟུང་བར་བྱའོ།། ཅི་སྟེ་གང་གི་ཚེ་སྔོན་རྒོད་པ་དང་རྩེ་ས་པི་རྗེས་སུ་དྲན་པར་གྱུར་པས་བར་སྐབས་བྱར་སྐབས་སུ་སེམས་འཕྱར་བ་འམ། རྒོད་དུ་དོགས་པར་མཐོང་བ་དེའི་ཚེ་གོང་མ་བཞིན་དུ་མི ་རྟག་པ་ལ་སོགས་པ་ཡིད་འབྱུང་བར་འགྱུར་བའི་དངོས་པོ་ཡིད་ལ་བྱས་ལ། གཡེང་བཞི་བར་བྱ་ཞིང་། དེ་ནས་ཡང་དེ་ཁོ་ན་ཉིད་ལ་སེམས་མངོན་པར་འདུ་བྱ་བ་མེད་པར་འཇུག་པར་འབད་པར་བྱའོ།། གང་གི་ཚེ་བྱིང་པ་དང་རྒོད་པ་དང ་བྲལ་བར་གྱུར་ནས་མཉམ་པར་ཞུགས་ཏེ་དེ་ཁོ་ན་ཉིད་དེ་ཉིད་ལ་སེམས་རང་གི་ངང་གིས་འཇུག་པར་གྱུར་པ་དེའི་ཚེ་རྩོལ་བ་གློང་དེ་བཏང་སྙོམས་སུ་བྱའོ།། གལ་ཏེ་སེམས་མཉམ་པར་ཞུགས་པ་ལ་རྩལ་བར་བྱས་ན་དེའི་ཚེ་སེམས་རྣམ་པར ་གཡེང་བར་འགྱུར་རོ།། ཡང་གང་གི་ཚེ་དམིགས་པ་དེ་ལ་མངོན་པར་འདུ་བྱེད་པ་མེད་པར་འཇུག་པས་ཇི་ལྟར་འདོད་པ་འགྱུར་ཏེ། དེའི་ཚེ་ཞི་གནས་གྲུབ་པར་རིག་པར་བྱའོ།། འདི་ཡང་ཞི་གནས་ཐམས་ཅད་ཀྱི་ཐུན་མོང་གི་མཚན་ཉིད་ཡིན་ཏེ། ་སེམས་རྩེ་གཅིག་པ་ཙམ་གྱི་རང་བཞིན་ཡིན་པའི་ཕྱིར་རོ།། ཞི་གནས་ཀྱི་དམིགས་པ་ཡང་ངེས་པ་དེ་ཉིད་ཡིན་ནོ་ཞེས་རྒྱས་པར་བཤད་དོ།། འདིས་དམིགས་པ་ལ་བར་མེད་པ་ཉིད་དུ་བཤད་པའམ། མི་མཐུན་པའི་ཕྱོགས་བསལ་བ་ཡང ་བསྟན་པ་ཡིན་ནོ།། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་མཛད་པ་ལས་བསམ་གཏན་གྱི་ལེའུ་སྟེ་བརྒྱད་པའོ།། ། འཕགས་པ་འཇམུ་དཔལ་གཞོན ་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། གང་དག་གོས་པ་ཉིད་ཀྱིས་སྤྲོས་པ་ཀུན་སྤངས་བླ་མེད་གོ་འབྱུང་ལྡན།། ཤེས་རབ་ལ་སོགས་ཕ་རོལ་ཕྱིན་པར་ཀུན་རྫོབ་ཚིག་གིས་བརྗོད་དེ་ཟག་པ་མེད།། གང་ཞིག་ཡང་དག་རྟོགས་པས་དྲི་མེད་བློ་དག་མྱ ་ངན་འདས་མཆོག་བརྙེས་དེ་ལ།། ཕྱག་འཚལ་ནས་ནི་དེ་ཡི་འགྲེལ་པ་རབ་ཏུ་གསལ་བའི་ཚིག་གིས་རིམ་པ་བཞིན་དུ་བྱ།། ཡོན་ཏན་གཏེར་གྱུར་སློབ་དཔོན་ཞི་བའི་ལྷ་འདིས་གང་དུ་གསལ་བར་ནི།། གསུང་རབ་རྒྱ་མཚོ་ཆེན་པོའི ་ཕྱི་རོལ་སྟོན་པས་བརྗོད་པར་སྤྱོད་པོ་ཡིན།། བློ་གྲོས་རྨོངས་པ་བདག་གི་སྒྲ་དེ་དོན་མི་ལྷ་ཊ་བརྗོད་ནུས་དེ་ལྟ་ནའང་།། ཤེས་རོབ་གོམས་པས་ལེགས་བྱས་གང་ཕྱིར་མཉམ་མེད་དེས་ན་དེ་ལྟ་འཇུག། ཡོན་ཏན་ཕྲ་བ་འགའ་ཡི་བག་ཆགས ་བློ་གྲོས་མེད་པ་སྟེ།། བདག་ལ་སྤོབས་པའི་ཡོན་ཏན་བསགས་པ་ཡོད་པ་མ་ཡིན་ལ།། དེ་ལྟ་ཡོད་ཀྱི་གང་ཕྱིར་བཤེས་གཉེན་དམ་པ་བསྟེན་པ་ཡི།། འབྲས་བུས་དེ་ལྟར་དེ་ལྟ་བུ་ལ་ངག་ནི་རབ་ཏུ་རྒྱས།། དེ་ལ་གང་ཞིག་རིགས་ཀྱི་ཁྱད ་པར་འགའ་ལྔས་དགེ་བའི་བཤེས་གཉེན་བསྟེན་པ་ཉིད་ཀྱིས་འགྲོ་བ་གསུམ་གྱི་ནང་དུ་གཏོགས་པའི་སྐྱེ་བོ་མ་ལུས་པ་སྡུག་བསྔལ་གྱིས་སྡུག་བསྔལ་བར་གྱུར་པའི་སྲོག་འཛིན་པ་ཐམས་ཅད་སྡུག་བསྔལ་མ་ལུས་པ ་ལས་གདོན་པའི་བསམ་པས་བདག་ཉིད་ཀྱི་སྡུག་བསྔལ་ཁྱད་དུ་བསད་དེ། དེ་ཞི་བའི་ཐབས་སུ་གྱུར་པ་སངས་རྒྱས་ཡིན་པ་རོ་འདི་ལྟར་བསམས་ནས། དེ་ཐོབ་པར་འདོད་པས་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཆེ་བའི་བདག་ཉིད་བདེ་བར ་གཤེགས་པ་སྒྲུབ་པའི་ཐབས་སུ་གྱུར་པ་ཚིགས་གཉིས་ཡོངསུ་རྫོགས་པའི་དོན་དུ་སྦྱིན་པ་ལ་སོགས་པ་རྣམས་ལ་རིམ་གྱིས་འཇུག་སྟེ། དེ་དེ་ལྟར་ཞུགས་པ་ན་ཞི་གནས་དང་ཡང་དག་པར་ལྡན་པར་གྱུར་པས་ཀྱང་སྦྱིན་པ་ལ་སོགས ་པ་ཤེས་རབ་དང་བྲེལ་བ་ཉིད་ཀྱིས་འགྲོ་བྱའི་དོན་བསྒྲུབ་པའི་རྒྱུས་སངས་རྒྱས་ཉིད་ཐོབ་པ་མ་ཡིན་པར་བསམས་ནས་འཁོར་བའི་སྡུག་བསྔལ་ལས་ངེས་པཱརཱ་འབྱུང་བར་འདོད་པས་ཤེས་རབ་བསྐྱེད་པའི་དོན་དུ་འབྲང་པོར་བྱ་སྟེ། ཇི ་སྐད་དུ་ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས་ཞེས་པ་ལ་སོགས་པ་གསུངས་པས་སོ།། དེ་ལ་ཞི་གནས་བསྟན་ནས་དཱ་ནི་དེའི་རྗེས་ལ་ཐོབ་པའི་ལྷག་མཐོང་གི་མིང་ཅན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པའི་ཕྱིར། ཡན་ལག་འདི ་དག་ཐམས་ཅད་ཅེས་པ་ལ་སོགས་པ་གསུངས་ཏེ། འདི་དག་ཅེས་པ་ནི་བསྟན་བཅོས་འདིར་བརྗོད་མ་ཐག་པའི་མཚན་ཉིད་ཅན་སྦྱིན་པ་ལ་སོགས་པའོ།། འདི་ཞེས་པ་ནི་མངོན་སུམ་དུ་གྱུར་པ་ཉིད་ལ་དཔྱོད་པར་བྱེད་དོ།། ཡན་ལག་འདི ་དག་ཅེས་པ་ནི་འཁོར་ཏེ་རིས་ཡིན་ལ་ཚོགས་ཞེས་པའི་ཐ་ཚིག་གོ།། བརྗོད་པ་དང་། བརྗོད་པའི་རྣམ་པ་དང་གཞན་ཡང་སྟེ་ཤེས་རབ་དོན་དུ་ཐུབ་པས་གསུངས་ཞེས་པ་དང་འབྲེལ་ཏོ།། ཤེས་རབ་ནི་ཇི་ལྟར་གནས་པའི་རྟེན་ཅིང་འབྲེལ་པར ་འབྱུང་བའི་དེ་ཁོ་ན་ཉིད་རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་ཅན་ཡིན་ལ། དེ་ཉིད་དོན་ཡིན་ཏེ། བྱང་ཆུབ་ཀྱི་རྒྱུའི་དངོས་པོར་ཡང་དག་པར་འདྲེན་པར་བྱེད་པས་གང་གི་སྦྱིན་པའི་མཚན་ཉིད་ཀྱི་ཡན་ལག་ནི་དགོས་པ་ཡིན་པ་དེ་ལ་དེ་སྐད་ཅེས ་བརྗོད་དོ།། སྦྱིན་པ་ལྔ་སྩོགས་པའི་ཕ་རོལ་ཏུ་ཕྱིན་པའི་དངོས་པོ་རྣམས་ཆོས་རྣམ་པར་འབྱེད་པའི་རང་བཞིན་གྱིས་ཤེས་རབ་གཙོ་བོ་ཡིན་པའི་ཕྱིར་རོ།། དེ་ལྟར་ཡང་སྦྱིན་པ་ནི་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པའི་ཕྱིར་རྒྱུའི་དང་པོ་ཡིན ་ཏེ། བསོད་ནམས་ཀྱི་ཚོགས་སུ་གཏོགས་པའི་ཕྱིར་རོ།། དེ་ཡང་ཚུལ་ཁྲིམས་ཀྱིས་རྒྱུན་དུ་བྱས་པ་ཉིད་བདེ་འགྲོ་བརྒྱུད་པར་བདེ་བའི་ལྗོངས་སྤྱོད་ཀྱི་ཉེ་བར་མཁོ་བླ་ཕུན་སུམ་ཚོགས་པ་འབྱུང་བར་འགྱུར་བས་བླ་ན་མེད་པའི་ཡེ་ཤེས ་འབྱུང་བའི་རྒྱུ་ཡིན་ནོ།། བཟོད་པ་ཡང་དེའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་ཁྱོང་ཁྲོའི་གཉེན་པོ་ཉིད་ཀྱིས་སྦྱིན་པ་དང་ཚུལ་ཁྲིམས་ཀྱིས་ལོགས་པར་སྤྱད་པའི་རང་བཞིན་གྱིས་ཚོགས་རྗེས་སུ་སྐྱོང་བར་བྱེད་པ་ཡིན་ཏེ་བདེ་འགྲོ་ཉིད ་ཐོབ་པའི་ཆེད་དུ་རབ་ཏུ་འཇུག་གོ།། སྦྱིན་པ་ལ་སོགས་པ་གསུམ་པོ་ལས་བྱུང་བའི་བསོད་ནམས་ཀྱི་ཚོགས་སུ་བརྗོད་པ་འདི་ཡང་དགེ་བ་ཡིན་ཏེ། བསམ་གཏན་ལ་སོགས་པ་ལས་བྱུང་བ་ནི་ཡེ་ཤེས་ཀྱོ་ཚོགསོ་ཞེས་པ་ཡིན་ལ། དེ་དག ་བརྩོན་འགྲུས་མེད་པར་འབྱུང་བས་དེ་ལྟར་ན་ཡང་ཚོགས་གཉིས་ཀའི་རྒྱུ་ཡིན་པས་སྒྲིབ་པ་ཐམས་ཅད་སྤོང་བའི་ཆེད་དུ་བྱུང་བ་ཡིན་ནོ།། སེམས་མཉམ་པར་བཞག་པས་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པར་འགྱུར ་བྱས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་བླ་ན་མེད་པའི་ཡེ་ཤེས་ཐོབ་པའི་རྒྱུ་རུ་འགྱུར་བ་ཡིན་ནོ།། དེ་ལྟར་སྦྱིན་པ་ལ་སོགས་པ་འདི་རྣམས་གུས་པར་བྱས་པས་བསྒྲུབས་ན་ཡང་། ཤེས་རུཔཱ་དང་བྲལ་ན་བླ་ན་མེད་པའི་གློ་འཕྱང ་ཐོབ་པའི་རྒྱུར་མི་འགྱུར་ཞིང་ཕ་རོལཱ~ཾ་ཏུ་ཕྱིན་པཱའི་མིང་ཐོབ་པར་མ་ཡིན་ཏེ། ཤེས་རབ་ཀྱིས་དག་པར་བྱས་པ་ལྔ་བརྟེན་པས་དེ་ཡང་བར་ཆད་མེད་པར་རྒྱ་ཆེ་བ་ལ་འཇུག་པས་དེའི་རྗེས་སུ་མཐུན་པས་དེའི་རྗེས་སུ་འཇུག་པ་ན་དེའི་རྒྱུའི་དངོས ་པོ་ཐོབ་པར་འགྱུར་ལ། ཕ་རོལ་ཏུ་ཕྱིན་པའི་མིང་ཡང་ཐོད་པར་འགྱུར་རོ།། དེ་བཞིན་དུ་གཏོང་བ་པོ་དང་། སྦྱིན་པར་བྱ་བ་དང་། ལེན་པ་པོ་ལ་སོགས་པ་གསུམ་པོ་རྣམས་མི་དམིགས་པའི་སྦྱོར་བས་ཤེས་རབ་ཀྱིས་ཡོངས་སུ་སྒྱིངས་ཏེ། ་གུས་ཤིང་བར་ཚད་མེད་པར་དུས་ཡུན་རིང་པོར་གྲོམས་པར་བྱས་པས་རབ་ཀྱི་མཐར་ཐུག་པར་འགྲོ་ཞིང་། མི་རིག་པས་བསྐྱེད་པའི་རྣམ་པར་རྟོག་པའི་དྲི་བ་མཐའ་དག་དང་བྲལ་ཏེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ལོས་གྲོལ ་བའི་བདག་མེད་པ་རྣམ་གཉིས་ཐུགས་སུ་ཆུད་པའི་རང་བཞིན་བདག་དང་གཞན་ལ་ཕན་པ་ཐམས་ཅད་ཀྱི་གཞིར་གྱུར་པ་དོན་དམ་པའི་དེ་ཁོ་ན་ཉིད་ཀྱི་བདག་ཉིད་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་མངོན་པར་ཐོབ་པར་བྱེད་པས ་ཤེས་རབ་ནི་གཙོ་བོ་ཡིན་ལྔ། སྦྱིན་པ་ལ་སོགས་པ་ནི་ཕལ་པར་བརྗོད་དོ།། སྦྱིན་པ་ལ་སོགས་པ་ལས་ཤེས་རབ་གཙོ་བོ་ཡིན་ན་བྱང་ཆུབ་སྒྲུབ་པར་བྱེད་པའི་རྒྱུ་དེ་ཉིད་འབའ་ཞིག་ཞོག་ལ། སྦྱིན་པ་ལ་སོགས་པ་རྣམས་ཀྱིས་ཅི་ཞིག་བྱ ་ཞེས་ནི་བརྗོད་པར་མི་བྱ་སྟེ། དེ་ལྟས་གཞན་གྱིས་དགོས་པ་བརྗོད་ཟིན་པའི་ཕྱིར་རོ།། སྦྱིན་པ་ལ་སོགས་པ་འབའ་ཞིག་ནི་མིག་དང་བྲལ་བ་ཡིན་ཏེ། ཤེས་རབ་ཀྱི་མིག་དང་ལྡན་པ་ཉིད་ཀྱིས་ཇི་ལྟར་མངོན་པར་འདོད་པའི་བདེ་བར ་གཤེགས་པ་ཉིད་ཀྱི་སོ་བགྲོ་བར་འགྱུར་བར་བྱེད་པའི་ཕྱིར་ཤེས་རབ་ལོ་འདྲེན་པར་བརྗོད་དེ། ཤེས་རབ་འབའ་ཞིག་ཀྱང་ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་པར་བྱེད་པ་ནི་མ་ཡིན་ནོ།། དེ་ལྟ་བས་ན་སྦྱིན་པ་ལ་སོགས་པའི ་འཁོར་ནི་ཤེས་རབ་ཀྱི་དོན་དུ་གྲུབ་བོ།། རྣམ་པར་རྟོག་པ་ཐམས་ཅད་སྤངས་པའི་ཕྱིར་རམ། སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་གཉིས་པོ་མོ་གསུང་བའི་ཕྱིར་རོམ། མི་སློབ་པའི་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཚན ་ཉིད་ཐུབ་པ་གསུམ་དང་འབྲེལ་བའི་ཕྱིར་ཐུབ་པ་ནི་སངས་རྒྱས་བཅོམ་ལྡན་འདས་སོ།། སྡུག་བསྔལ་གསུམ་གྱིས་སྡུག་བསྔལ་བའི་འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱོབ་པའི་དགོངས་པས་གསུངས་ཏེ་གསུངས་པ་དང་ལྡན་ནོ།། ་ཞེས་བྱ་བའི་ཐ་ཚིག་གོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་མདོ་རྣམས་སུ་ཤེས་རབ་ཀྱི་དོན་དུ་རིམ་པས་སྦྱིན་པ་ལ་སོགས་པའི་འཁོར་གསུངས་པ་ཡིན་ནོ།། ཇི་སྐད་དུ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་སྟོང་ཕྲག་བརྒྱ་པ་ལས། རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཉི་མའི་དཀྱིལ་འཁོར་དང་ཟླ་བའི་དཀྱིལ་འཁོར་ནི་གླིང་བཞིར་ལས་བྱེད་ཅིང་། གླིང་བཞིའི་རྗེས་སུ་འགྲོའོ།། གླིང་བཞིའི་རྗེས་སུ་འབྲང་ངོ་།། རབ་འབྱོར་དེ་བཞིན་དུ་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཕ་རོལ་ཏུ་ཕྱིན་པ་ལྔར་ལས་བྱེད་ཅིང་། ཕ་རོལ་ཏུ་ཕྱིན་པ་ལྔའི་རྗེས་སུ་འགྲོའོ།། ཕ་རོལ་ཏུ་ཕྱིན་པ་ལྔའི་རྗེས་སུ་འབྲང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ན་ཕ་རོལ་ཏུ་ཕྱིན་པ་ལྔ་ཕ་རོལ་ཏུ་ཕྱིན་པའི ་མིང་མཱི་འཐོབ་བོ།། རབ་འབྱོར་འདི་ལྟ་སྟེ་དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་བྲལ་ན། རིན་པོ་ཆེ་སྟེ་བདུན་གྱིས་འཁོར་ལོས་སྒྱུར་བའི་མདོ་མི་འཐོབ་བོ།། རབ་འབྱོར་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྷ་ཡང་ཤེས་རབ་ཀྱི་ལ་ཏུ་སྦྱིན་པ་དགྲ་ནི་ཏུ་ན ་པའི་མིང་མི་འ་ཐོབ་བོ།། རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཆུ་ཀླུང་གུང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ནི་ཆུ་ཀླུང་ཆེན་པོ་གངྒཱ་གང་ནི་བ་དེར་འདོང་ངོ་།། དེ་དག་ཆུ་ཀླུང་གོང་གཱ་དང་འགྲོགས་ཤིང་རྒྱ་མཚོ་ཆེན་པོའི་ནང་དུ་འདོང་ངོ་།། རབ ་འབྱོར་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་ཡང་ཤེས་རབ་ཀྱི་ཕ་རོལཱ་ཏུ་ཕྱིན་པས་ཡོངས་སུ་ཟིནྡ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ག་ནཱ་བ་དེར་འདོང་ངོ་།། ཞེས་རྒྱ་ཆེར་གསུངས་སོ།། ཡང་ཇི་སྐད་དུ། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་འདིས་ནི་སྦྱིན་པོའི་ཕ་རོལ་ཏུ་ཕྱིན་པ་ཟིལ་གྱིས་གནོན་ཏོ།། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ་བྱས་མ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཟིལ་གྱིས་གནོན་ཏོ།། ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན་དམུས་ལོང་བརྒྱ་འམ་སྟོང་ངམ་བརྒྱ་ཕྲག་སྟོང་ཡང་རུང་སྟེ། དམིགས་བུ་མེད་པར་ལམ་དུ་འཇུག་པར་ཡང་མི་ནུས་ན་གྲོང་ཁྱེར་དུ་འགྲོ་བར་ལྟ་ག་ལ་ནུས། ་ཀཽ་ཤཱི་ཀ་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་བྱིད་དག་ནི་དམུས་ལྡོང་ལྟ་བུར་གྱུར་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་ན་དེ་དག་ལ་དམིགས་བུ་མེད་པས་བྱང་ཆུབ་ཀྱི་ལམ་ཡང་སྐྱེད་པརཱ་མི་ནུས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད ་ཉིད་ཀྱི་གྲོང་ཁྱེར་དུ་འཇུག་པར་གཱ་ལ་ནུསྭཱ། ཀཽ་ཤི་ཀྵ་ཕ་རོལ་ཏུ་ཕྱིན་པ་ལྔ་ནམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་གྱུར་པ་དེའི་ཚེ་མིག་དང་ལྡན་པར་གྱུར་ཏེ། ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པས་ཡོངས་སུ་བཟུང་ན་ཕ་རོལ་ཏུ་ཕྱིན་པའི་མིང་འཐོབ་བོ་ཞེས་རྒྱ་ཆེར་གསུངས་པ་ཡིན་ནོ།། དེ་བཞིན་དུ་གཞན་ཡང་འདིར་མདོ་གཞན་གྱི་རྗེས་སུ་འབྲངས་ནས་ཇི་ལྟ་བུ་བཞིན་དུ་གོ་བར་བྱའོ།། འདི་སྐད་དུ། དྲི་མེད་སྨད་པ་མེད་ཁྱོད ་ལོ། ཕ་རོལ་ཕྱིན་པ་ཐམས་ཅད་རྣམས།། ཐམས་ཅད་དུ་ནི་རྗེས་འབྲང་སྟེ།། ཟླ་བའི་རྗེས་སུ་རྒྱུ་སྐུར་བཞིན། ཞེས་གསུངས་པ་ཡིན་ནོ།། དེ་ཡང་འདི་དག་ཅེས་གསུངས་པ་ཡིན་ནོ།། དེ་བཞིན་དུ་གཞན་ཡང་བ་ནི་འདིས་མ་ཐག་པའི་ཞི ་གནས་ཀྱི་བདོག་ཉིད་ཀྱི་རྒྱུན་ནོ།། ཡན་ལག་ཅེས་པ་ནི་ཤེས་རབ་ཀུན་ནས་སློང་བར་བྱེད་པ་ཉིད་ཀྱིས་དེའི་རྒྱུ་འཚོགས་སམ་གཞི་ཡིན་ནོ།། ཤེས་རབ་དོན་དུ་ཞེས་པ་ནི་སྔར་བརྗོད་པའི་ཤེས་རབ་དེ་ཉིད་དགོས་པ་ཡིན་ཞིང་བསྒྲུབ ་པར་བྱ་བ་ཉིད་ཀྱིས་གང་གིས་ཡིན་པ་ནི་ཞི་གནས་ཀྱིས་ཡོངས་སུ་དག་པར་བྱས་པའི་སེམས་ཀྱི་རྒྱུན་ལ་ཤེས་རབ་སྐྱེ་བའི་ཕྱིར། ལེགས་པར་སྦྱངས་པའི་ཞིང་ལས་འབྲུ་སྐྱེ་བ་དང་འདྲའོ།། ཇི་ལྟར་བརླབ་པ་ཀུན་ལས་བཏུ ་པར་ཡང་ཞི་གནས་འདིའི་བདག་ཉིད་ཆེ་བུ་ཛྲཱི་ལྟ་ཞེ་ན། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་སྐྱེད་པ་ནུས་པ་ཡིན་ཏེ། གང་གི་ཕྱིར་མཉམ་པར་བོ་ཞག་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཥྚོ་ཤེས་སོ་ཞེས་བརྗོད་དེ་ཐུབ་པས་གསུངས་སོ ་ཞེས་པ་ཡིན་ནོ།། འདི་ཡང་འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས། མཉམ་པར་བཞག་པའི་སེམས་ཀྱིས་ཡང་དག་པོ་ཇི་ལྟ་བ་བཞིན་མཐོང་བར་འགྱུར་རོ།། ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བའི་བྱང་ཆུབ་སེམས་དཔའ་སེམས ་ཅནྡ་རྣམས་ལུ་སྙིང་རྗེ་ཆེན་པོ་འཇུག་སྟེ། བདག་གི་སེམས་ཅན་ཐམས་ཅད་ལ་ཏིང་ངེ་འཛིན་གྱི་སྒོ་འདི་བསྒྲུབ་པར་བྱའོ།། སྙིང་རྗེ་ཆེན་པོ་དེས་བསྐུལ་བས་ལྷག་པའི་ཚུལ་ཁྲིམས་དང་ལྷག་པའི་སེམས་དྲང་ལྷག་པའི་ཤེས་རབ་ཀྱི་བསླབ ་པ་ཡོངས་སུ་རྫོགས་པས་བླ་ནུ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྫོགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྫོགས་པར་བྱའོ་ཞེས་གསུངས་སོ།། ནི་ཞེས་པ་ནི་གང་གི་ཕྱིར་ཏེ། སྦྱིན་པ་ལ་སོགས་པའི་འཁོར ་རམ་ཞི་གནས་ཀྱི་བདག་ཉིད་ཀྱི་འཁོར་ཤེས་རབ་ཀྱི་དོན་དུ་ཡིན་པར་ཐོབ་པས་གསུངས་ཏེ། དེ་ལྟ་བས་ན་ཤེས་རབ་བསྐྱེད་པར་བྱའོ་ཞེས་སྦྱར་བར་བྱའོ།། བསྐྱེད་པར་བྱའོ་ཞེས་པ་ནི་བསྒྲུབ་པར་བྱའོ་ཞེས་པའོམ། མངོན་སུམ་དུ་བྱ་བ་འམ། ་བསྒོམ་པར་བྱ་བ་འམ། བསྟེན་པར་བྱ་བ་འམ། མང་ཆེད་དུ་བྱ་བའོ།། ཤེས་རབ་དེ་ཡང་རྣམ་པ་གཉིས་ཏེ། རྒྱུར་གྱུར་པའམ། འབྲས་བུར་གྱུར་པའོ།། རྒྱུར་གྱུར་པའང་རྣམ་པ་གཉིས་ཏེ། མོས་པས་སྤྱོད་པ་དང་། སྣ་ཐོབ་པའི་བྱང་ཆུབ་སེམས ་དཔའི་འོ།། འབྲས་བུར་གྱུར་པ་ཡོད་མཚན་མ་མེད་པའི་སྦྱོར་བས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་རྟོགས་པའི་རང་བཞིན་ནོ།། དེ་ལ་དྲང་པོར་རྒྱུར་གྱུར་པ་ནི་ཐོས་པ་དང་བསམ་པ་དང་བསྒྲེ ་པའི་རིམ་པས་གོམས་པསྡུ་ས་ལ་རབ་ཏུ་ཞུགས་པའི་ཤེས་རབ་བསྐྱེད་པར་བྱེད་པ་ཡིན་ཏེ། དེ་ཡང་ས་གཞན་དང་གཞན་འཐོབ་པའི་སྦྱོར་བས་མཆོག་ཏུ་འཕེལ་བར་གྱུར་པ་ཡིན་ཏེ། ཇི་སྲིད་དུ་སྒྲིབ་པ་གཉིས་དང་བྲལ་རྟོག་པའི ་དྲ་བ་མཐའ་དྲུག་སྤངས་པའི་སངས་རྒྱས་ཉིད་ཀྱིས་ཤེས་རབ་ཀྱི་རང་བཞིན་ཡོངས་སུ་རྫོགས་པར་བྱེད་དོ།། དེ་ཉིད་ཀྱི་ཕྱིར་སྡུག་བསྔལ་ཞི་བར་འདོད་པས་ཞེས་གསུངས་ཏེ། སྡུག་བསྔལ་ནི་འཁོར་བའི་འགྲོ་བ་རིས་ལྔས་ཡང་དག ་པར་སྨྲས་པའི་སེམས་ཅན་གྱི་ཕུང་པོརྭ་གཏོགས་པའི་བདག་ཉིད་ལ་ཡོད་པའི་སྐྱེ་བ་དང་། ནད་དང་། རྒ་བ་དང་། འཆི་བའི་རང་བཞིན་དང་། སྡུག་པ་དང་བྲལ་བ་དང་། མི་སྡུག་པ་དང་ཕྲད་པ་དང་། འདོད་པ་ཚོལ་བའི་གེགས་བྱེད་པའི ་མཚན་ཉིད་དང་། མདོར་ན་ཉེ་བར་ལེན་པའི་ཕུང་པོའི་བདག་ཉིད་ཀྱང་ངོ་།། ཞི་བ་ནི་མྱ་ངན་ལས་འདས་པ་ཡིན་ཏེ། སླར་མི་སྐྱེ་བའི་ཉེ་བར་ཞི་བའི་ཆོས་ཉིད་ཀྱིས་ཤིན་ཏུ་རྒྱུན་ཆད་པ་ཞེས་པའི་དོན་ཏོ།། དེ་ལ་འདོད་པ་ནི་མངོན་པར ་འདོད་པ་དང་འདུན་པ་ཞེས་པའི་ཐ་ཚིག་གོ།། འདི་ལྟར་ཕྱིན་ཅི་ལོག་པའི་འདུ་ཤེས་ཅན་མི་བདེན་པའི་དེ་ཁོ་ན་ཉིད་དུ་སྒྲོ་འདོགས་པའི་མངོན་པར་ཞེན་པའི་སྟོབས་ཀྱིས་བདག་གི་བར་འཛིན་པར་འཇུག་པས་ཚུལ ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ལས་བྱུང་བ། འདོད་ཆགས་ལ་སོགས་པོ་ཉོན་མོངས་པའི་ཚོགས་ཡང་དག་པར་སྐྱེ་བར་འགྱུར་རོ།། དེ་ལས་ནི་ལས་ཡིན་ལ། དེ་ལས་སྐྱེ་བ་ཡིན་ཞིང་དེ་ལུས་ཀྱང་ནད་དང་རྒ་ཤི་མྱ་ངན་དང་། སྐྱེ ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་། ཡིད་མི་བདེ་བའི་ཡོངས་སུ་ངལྟ་བ་ལ་ཡང་འབྱུང་བར་འགྱུར་རོ།། དེ་ལྟར་ན་འདི་འབའ་ཞིག་ལས་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབྱུང་བར་འགྱུར་རོ།། དེ་ལས་དེ་ལྟར་ལུགསོ་ལས་བཟློག ་པའི་རྣམ་པས་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ཡང་དག་པའི་ཤེས་རབ་ཀྱིས་དམིགས་པར་བྱེད་པས། ཡང་དེ་ཉིད་བདག་མྱེད་པ་དང་། བདག་པོ་མེད་པ་དང་། སྒྱུ་མ་དང་། སྨིག་རྒྱུ་དང་། དྲི་ཟའི་གྲོང་ཁྱེར་དང་། རྨི་ལམ་དང་། གཟུགས་བརྙན ་ལ་སོགས་པ་དང་མཚུངས་པའི་རྣམ་པ་ཉིད་ཀྱིས་དོན་དམ་པ་རང་བཞིན་མེད་པར་མཐོང་པོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་ཤིང་དེའི་མི་མཐུན་པའི་ཕྱོགས་ཀྱི་བདག་ཉིད་རྨོངས་པའི་རང་བཞིན་གྱི་མ་རིག་པ ་སྲིད་པའི་ཡན་ལག་ཟློག་པར་བྱེད་ལ། མ་རིག་པ་འགགས་པས་དེའི་རྐྱེན་ཡིན་པའི་ཕྱིར་འདུ་བྱེད་འགག་གོ།། དེ་ལྟར་རྒྱུར་གྱུར་པ་སྔ་མ་སྔ་མ་རྣམས་འགགས་པས་འབྲས་བུར་གྱུར་པ་ཕྱི་མ་ཕྱི་མ་རྣམས་འགག་པར་རིག་པར ་བྱཱབྱསྟེ། ཇི་སྲིད་དུ་སྐྱེ་བ་འགག་པས་རྒ་ཤི་དང་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་ཡིད་མི་བདེ་བས་ཡོངས་སུ་ངལ་བ་ཡང་འགག་པར་འགྱུ་རོ།། དེ་ལྟར་ན་གཅིག་ཏུ་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འགག། ་པོར་འགྱུར་རོ།། དེ་ལ་མ་རིག་པ་དང་སྲེད་པ་དང་ལྡན་པ་ནི་ཉོན་མོངས་པའི་ལམ་དུ་རྣམ་པར་ཆད་ལ། འདུ་བྱེད་དང་སྲིད་པ་ནི་ལས་ཀྱི་ལཱམ་དུ་རྣམ་པར་ཚད་དེ། ཡན་ལག་ལྷག་མ་རྣམས་ནི་སྡུག་བསྔལ་གྱི་ལམ་དུ་རྣམ ་པུར་ཆད་ཅིང་། སྔོན་གྱི་ཕྱི་མའི་མཐའ་འགགས་པ་ནི་འགོག་པའི་ལམ་དུ་རྣམ་པར་ཆད་དོ།། དེ་ལྟར་ཉིད་དུ་ལམ་གསུམ་ནི་བདག་མེད་པ་མ་ཡིན་ལ། བདག་དང་བདག་གི་བ་མེད་པ་སྟེ། སྐྱེ་བའི་སྦྱོར་བས་སྐྱེ་བར་འགྱུར་ཞིང་འགག་པའི ་སྦྱོར་བ་སྡུ་འགག་པར་འགྱུར་ཏེ། དངོས་པོ་ལ་སྨྱུག་མའི་ཚིགས་དང་འདྲའོ།། འདི་ཡང་ཕྱི་ནས་རིགས་པ་དང་ལུང་གིས་རྒྱས་པར་བསྟན་པར་བྱའོ།། དེ་བས་ན་འདི་ལྟར་འདུས་བྱས་ལ་ཤེས་རབ་ཀྱིས་རྨི་ལོམ་དང་སྒྱུ་མ་ལ་སོགས་པའི ་རང་བཞིན་དུ་སོ་སོར་རྟོག་པ་ན་ཆོས་ཐམས་བཅད་རང་བཞིན་མེད་པར་རྟོག་པས་དོན་དམ་པར་ཁོང་དུ་ཆུད་པ་ལས་བོག་ཆགས་དང་བཅས་པའི་ཉེས་པའི་ཕུང་པོ་ལྡོག་པོར་འགྱུར་ཞིང་། སྡུག་བསྔལ་ཐ་སེམས་ཅད་ཉེ་བར་ཞི ་བའི་རྒྱུ་ཤེས་རབ་སྐྱེ་བར་འགྱུར་ཏེ། འདིས་ཇི་ལྟར་ལུང་དང་རིགས་པ་དག་གིས་དཔྱོད་པ་ན་དངོས་པོའི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པ་གསལ་བར་བྱེད་པའི་ཕྱིར་རོ།། ཀུན་རྫོབ་དང་མ་རིག་པ་དང་། རྨོངས་པ་དང་ཕྱིན་ཅི་ལོག་ཅེས ་བྱ་བ་ནི་རྣམ་གྲངས་ཡིན་ནོ།། མ་རིག་པ་ཡང་མི་བདེན་པའི་དོན་གྱི་རང་བཞིན་སྒྲོ་འདོགས་པར་བྱེད་པ་ཡིན་ལ། རང་བཞིན་མཐོང་བ་ལ་སྒྲིབ་པས་ན་ཀུན་རྫོབ་ཏུ་འཐད་དོ།། གང་སཱ་ལུ་ལྗང་བ་ལས་གསུངས་པ། གཞན་ཡང ་དེ་ཁོ་ན་ཉིད་མ་རིག་པ་དང་ལོག་པར་རྟོགས་པ་ནི་མི་ཤེས་པ་དང་མ་རིག་པ་ཡིན་ནོ་ཞེས་སོ།། ཡང་གསུངས་པ། མ་རིག་སྐྱེས་པ་ཉིད་ཀྱིས་ན། ཡང་དག་མིན་པའི་དོན་སྣང་ཞིང་།། ཡང་དགྲ་སྒྲིབ་པར་བྱེད་ལ་འཇུག། མིག་སྔར་གྱིས་ནི་གནོད་པ ་བཞིན་ཞེས་སོ།། དེས་ཉེས་བྱར་བསྟན་པ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བའི་དངོས་པོའི་རང་བཞིན་ཡིན་པ་དེ་ཀུན་རྫོབོ་ཅེས་བྱ་སྟེ། དེ་ཉིད་ལ་འཇིག་རྟེན་པའི་ཀུན་རྫོབ་ཀྱི་བདེན་པ་ཞེས་བརྗོད་ལ། འཇིག་རྟེན་པ་ཉིད་ཀྱི་ཀུན་རྫོབ་ཀྱིས ་བདེན་པ་ཞེས་བྱ་བ་ལས་སོ།། གང་གཏི་མུག་ཀུན་རྫོབ་ཡིན་ཏེ་རང་བཞིན་ལ་སྒྲིབ་པས།། གང་ཞིག་བཅོས་མ་ཁོ་ན་དེ་ཡིས་བདེན་པར་སྟོན།། དངོས་པོའི་དོན་དང་བྱས་པ་ཡང་ནི་ཀུན་རྫོབ་ཏུ།། འདི་ནི་ཀུན་རྫོ་བ་བདེན་པ་ཞེས་བྱར་འདུ་བ ་གསུང་ཞེས་བརྗོད་པའོ།། ཀུནྡ་རྫོབ་དེ་ཡང་འཇིག་རྟེན་པ་ཉིད་ཀྱིས་རྣམ་པ་གཉིས་སུ་འབྱེད་དེ། ལོག་པའི་ཀུན་རྫོབ་དང་ཡང་དག་པའི་ཀུན་རྫོབ་ཅེས་སོ།། འདི་ལྟར་ཡང་གང་ཅུང་ཟད་རྐྱེན་ལས་སྐྱེས་པའི་དངོས་པོ་སྔོན་པོ་ལ་སོགས ་པའི་རང་བཞིན་སྦྱིན་མེད་པའི་དབང་པོས་དམིགས་པ་ནི་འཇིག་རྟེན་པ་ཉིད་ལས་བདོན་པ་ཉིད་ཡིན་ལ། རྟེན་ཅིང་འབྲེལ་པར་འབྱུང་བ་ལས་སྐྱེས་པ་ཡིན་ཡང་སྒྱུ་མ་དང་སྨིག་རྒྱུ་དང་གཟུགས་བརྙན་ལ་སོགས་པ་རྣམས་དཔ ་ཉེས་པ་དང་ལྡན་པས་མཐོང་བ་དང་ཇི་ལྟར་མུ་སྟེགས་ཅན་གྱི་རང་གི་གྲུབ་མཐས་ཡོངས་སུ་བརྟགས་པ་ཡང་འཇིག་རྟེན་པ་ཉིད་ལས་ལོག་པ་ཡིན་ཏེ། དེ་བརྗོད་པ། གལ་ཏེ་དབང་པོ་ཉམས་པར་མ་གྱུར་པའི།། དྲུག་པོ་རྣམས་ཀྱིས་འཇིག ་རྟེན་ཡུལ་རྟོགས་བྱེད།། དེ་ནི་འཇིག་རྟེན་ཉིད་ལ་བདྲིན་ཡིན་ཏེ།། ལྷག་མ་བརྟགས་པ་འཇིག་རྟེན་ཉིད་ལ་བརྫུན་ཞེས་སོ།། དེ་ལྟར་དེ་གཉི་ག་ཡང་། ཡང་དག་པ་གཟིགས་པའི་འཕགས་པ་རྣམས་ལ་ནི་བརྫུན་པ་ཡིན་ཏེ། དོན་དམ་པའི་གནས་སྐབས ་སུ་ཀུན་རྫོབ་ཀྱི་བདེན་པ་ནི་འཁྲུལ་པ་ཡིན་པའི་ཕྱིར་རོ།། འདི་དེ་མ་ཐག་ཉིད་རིག་པའི་སྒོ་ནས་རྟོགས་པར་བྱ་སྟེ། དེ་ལྟ་བས་ན་མ་རིག་པ་དང་ལྡན་པ་ལ་དངོས་པོའི་རང་བཞིན་མི་སྣང་ངོ་།། དམ་པ་ནི་མཆོག་ཡིན་ལ། དོན་ནི་དམ་པའི་དོན ་ཡིན་ཏེ། མ་བཅོས་པ་དངོས་པོའི་རང་བཞིན་གང་གིས་རྟོགས་པས་སྒྲིབ་པའི་བག་ཆགས་དང་རྗེས་འབྲེལ་བའི་ཉོན་མོངས་པ་སྦྱོང་བར་འགྱུར་བའོ།། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དང་། སྟོང་པ་ཉིད་དང་དེ་བཞིན་ཉིད་དང་། ཡང ་དག་པའི་མཐའ་དང་ཆོས་ཀྱི་དབྱིངས་ཞེས་པ་ནི་རྣམ་གྲངས་ཡིན་ལ། རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ཐམས་ཅད་རང་བཞིན་མེད་པ་དྲིན་དམ་པའི་ངོ་བོ་ཡིན་ཏེ། ཇི་ལྟར་སྣང་བའི་ཀུན་རྫོབ་ནི་མི་འཐད་པའི་ཕྱིར་རོ།། འདི་ལྟར ་ཡང་རེ་ཞིག་ཇི་ལྟར་མཐོང་བའི་ངོ་བོས་དངོས་པོ་ཡོད་པའི་རང་བཞིན་མ་ཡིན་ཏེ། དེའི་རྗེས་ཀྱི་དུས་ན་མི་གནས་པའི་ཕྱིར་རོ།། རང་བཞིན་ཡང་ཐམས་ཅད་དུ་གློ་བུར་པ་མ་ཡིན་པས་མི་གཡོ་བའི་རང་བཞིན་ཡིན་པའི་ཕྱིར་རོ།། ། ་གང་ཞིག་གང་གིས་རང་བཞིན་ཡིན་པ་དེ་ནི་ཇི་ལྟར་ནམ་ཡང་ལྡོག་པ་མ་ཡིན་ཏེ། གཞན་དུ་ན་དེའི་རང་བཞིན་ཉམས་པར་ཐལ་བར་འགྱུར་བཱ་སཾ། རང་བཞིན་མེད་པ་ཉིད་དུ་འགྱུར་རོ།། དེ་སྐྱེ་བ་ན་ཡོད་པའི་ངོ་བྲོས ་འགའ་ཞིག་ནས་འོངས་པའམ། འགག་པུ་ན་འགའ་ཞིག་ཏུ་སོང་བར་འགྱུར་པ་ཡང་མ་ཡིན་ཏེ། འོན་ཀྱང་སྒྱུ་མ་བཞིན་དུ་རྒྱུ་དང་རྐྱེན་ཚོགས་པའི་རང་བཞིན་གྱིས་སྐྱེའོ།། དེ་མ་ཚང་བ་ལས་འགག་པར་འགྱུར་པ་ཡང་ཡིན་ཏེ། ་རྒྱུ་དང་རྐྱེན་གྱི་ཚོགས་པ་ཚད་པ་ལས་བྱུང་ཞིང་གཞན་ལ་རེག་ལས་པས་བདག་ཉིད་ཐོབ་པ་ན་གཟུགས་བརྙན་ཉིད་དུ་གྱུརརེ་པི་ཡིན་ལ་ཇི་ལྟར་དེའི་རང་བཞིན་ཡིན་ཏེ། གང་གི་དོན་ཡང་དོན་དམ་པ་མ་ཡིན་ལ། རྒྱུ་དང་རྐྱེན་གྱི་ཚོགས ་པ་ལས་བྱུང་བ་སྲིད་པ་མ་ཡིན་ཏེ། དེ་ཡང་གཞན་ལ་རུག་ལ་སྣ་ཚོགས་པ་གཞན་ལས་བྱུང་བའི་བདག་ཉིད་ལས་ངོ་བོ་ཐོབ་པ་རྣམས་ནི་རང་བཞིན་མེད་པ་ཡིན་པའི་ཕྱིར་རོ།། དེ་བཞིན་དུ་གཞན་གང་ཞིག་སྔ་མ་སྔ་མ་ཡས ་རང་རང་གི་རྒྱུའི་ཚོགས་པ་ལས་སྐྱེ་བས་རང་བཞིན་མེད་པ་ཉིད་དུ་བལྟ་བར་བྱའོ།། རྒྱུ་དང་འབྲས་བུ་རྗེསུ་མཐུན་པ་འདོད་པ་རྣམས་ཀྱིས་ཇི་ལྟར་དངོས་པོ་མེད་པ་ལས་དངོས་པོའི་རང་བཞིན་སྐྱེ་བར་ཁས་བླང་བར་བྱ། གང་འཆད ་མར་འགྱུར་བ། སྒྱུ་མས་སྤྲུལ་པ་གང་ཡིན་དང་།། རྒྱུ་རྣམས་ཀྱིས་ནི་གང་སྤྲུལ་པ།། དེ་ནི་གང་ལས་འོངས་གྱུར་ཅིང་།། གང་དུ་འགྲོ་བ་བརྟག་པར་གྱིས།། གང་ཞིག་གང་ནི་ཉེས་པ་ཡིས།། མཐོང་འགྱུར་དེ་མེད་ན་མིན་པ། བཅོས་སུ ་གཟུགས་བརྙན་དང་མཚུངས་པ།། དེ་ལ་བདེན་ཉིད་ཇི་ལྟར་ཡོད།། ཅེས་པ་དང་། ཡང་བརྗོད་པ། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས།། དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན།། རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད།། གང་གིས། ་སྟོང་ཉིད་ཤེས་དེ་བག་ཡོད་ཡིན་ཞེས་པ་དང་། སྟོང་པ་ཁོ་ནའི་ཆོས་རྣམས་ལས།། སྟོང་པའི་ཆོས་རྣམས་འབྱུང་བར་འགྱུར་ཞེས་པས་སོ།། རང་དང་གཞན་དང་གཉི་གའི་རྒྱུ་དང་འབྲེལ་པ་དང་། རྒྱུ་མེད་པ་དང་འབྲེལ་པ་ལས་དངོས་པོ ་སྐྱེ་བ་ནི་ཤིན་ཏུ་ལེགས་པར་འཐད་པ་མ་ཡིན་ཏེ། འདི་ལྟར་ཡང་རང་གི་བདག་ཉིད་དངོས་པོ་རྣམས་རང་སྐྱེ་བའི་རྒྱུ་མཚན་གལ་ཏེ་ཡིན་ན་སྐྱེས་པའམ་མ་སྐྱེས་པ་ཡིན། སྐྱེས་པ་ལ་ནི་རེ་ཞིག་མ་ཡིན་ཏེ། རང་གི་བདག་ཉིད་རྒྱུ་ཡིན་པ་ན་དེའི ་བདག་ཉིད་ཐམས་ཅད་རུང་ཉིད་ཀྱིས་སྐྱེས་པའི་ཕྱིར་རོ།། གང་དུ་ཡང་འདི་ལ་བྱ་བ་དང་ལྡན་པར་འགྱུར་བ་བསྐྱེད་པར་བྱ་བ་ཡང་འདི་ལ་མ་སྐྱེས་པ་གཞན་གྱི་རང་བཞིན་མེད་པའི་ཕྱིར་ཏེ། གཅིག་པུ་འདི་ལ་ཚྭ་ཤས་དང་ལྡན་པའི ་ཕྱིར་རོ།། ཕྱིས་སྐྱེ་བར་འགྱུར་བ་གཞོན་འདི་ནི་དེའི་རང་བཞིན་དུ་རིག་པ་མ་ཡིན་ཏེ། དྲི་གྲུབ་པ་དང་མ་གྲུབ་པ་ནི་དེའི་རང་བཞིན་མ་ཡིན་པའི་ཕྱིར་རོ།། དེས་ན་རང་གི་བདག་ཉིད་ལས་སྐྱེས་པ་ནི་ཅུང་ཟད་ཀྱང་སྲིད་པ་མ་ཡིན་ནོ།། ཡང ་རོང་ལས་སྨྱོས་པའི་ཕྱོགས་ལ་གང་ཡང་འཐད་པ་མ་ཡིན་ཏེ། སྔར་གྲུབ་པའི་རང་བཞིན་ལ་གཅིག་ལ་གཅིག་བརྟེན་པའི་ཉེས་པར་ཐལ་པོར་འགྱུར་བས་སོ།། དེ་མ་གྲུབ་པ་ལས་ཀྱང་མ་ཡིན་ཏེ། ན་མཁའི་མེ་ཏོག་དང་འདྲ་བར ་ནུས་པ་མཐའ་དག་གིས་སྟོང་པ་ནི་རང་གྲུབ་པའི་རྒྱུའི་དངོས་པོར་འགྲོ་བར་རིགས་པ་མ་ཡིན་ནོ།། གཞན་དུ་ན་བོང་བུའི་རྭ་ཡང་རང་རང་གི་དངོས་པོ་བསྐྱེད་པའི་རྒྱུ་ཉིད་དུ་ཐལ་བའི་ཕྱིར་རོ།། གཞན་ཡང་ལས་ཞེས་པའི་ཕྱོགས ་འདི་ཡང་མཱ་ཡིན་ཏེ། ཉི་མ་ལས་ཀྱང་མུན་པ་འམ་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་དང་། བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པར་མི་འདོད་པ་དག་མངོན་པར་འདོད་པའི་འབྲས་བུ་ལ་བལྟོས་པ་སྟེ་གཞན་ཉིད་དུ་ཁྱད་པར ་མེད་པའི་ཕྱིར་རོ།། བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་རྒྱུ་གཅིག་པ་སོ་སོར་ངེས་པ་ཡང་འབྲས་བུ་མ་སྐྱེས་པ་ན་བརྟགས་པ་ཉིད་ཀྱིས་དངོས་པོ་ཁཱ་རིགས་པ་མ་ཡིན་ནོ།། མ་འོངས་པའི་ཆོས་གནས་པ་ལ་བལྟོས་ནས་འབྲས་བུ་ལ་སོགས ་ཐ་སྙད་དངོས་པོ་མ་ཡིན་ཏེ། དངོས་པོའི་རང་བཞིན་དུ་ཡོད་པར་དཔྱོད་པར་འགྱུར་བའི་ཕྱིར་རོ།། ས་བོན་གནས་པ་རྣམས་ལ་མྱུ་གུ་ཡོད་པ་བལྟོས་པ་ནི་ས་བོན་ལས་གཞན་པ་ཉིད་ཡིན་པར་བརྟགས་པ་ནི་ཡོད་པ་མ་ཡིན་ཏེ། རྒྱུ་ལ་འབྲས་བུ ་ཡོད་པ་ཉིད་ནི་འགེགས་པར་འགྱུར་བ་ཡིན་པའི་ཕྱིར་རོ།། གོང་དུ་མཐོང་བ་ཉིད་ཀྱིས་དངོས་པོ་རྣམ་པར་དཔྱད་པས་གནས་པ་མ་ཡིན་ན་དེར་མ་འོངས་པ་ལ་སོགས་པ་རྣམས་སྲིད་པའི་བསམ་པའང་ཅི་ཡོད། གཉི་གའི་ཕྱོགས་ཀྱང་མ ་ཡིན་ཏེ། སོ་སོ་བའི་ཕྱོགས་ལ་བརྗོད་པས་གཉི་གའི་ཕྱོགས་ལ་སྐྱོན་དུ་འགྱུར་བའི་ཕྱིར་རོ།། འབྲས་བུ་མོ་སྐྱེས་པ་ན་ཡང་གཉི་གའི་རྒྱུའི་ངོ་བོ་དོན་དམ་པར་མེད་པའི་ཕྱིར་རོ།། སྐྱེས་པ་ལ་ཡང་ཅུང་ཟད་ཀྱང་བསྐྱེད་པོར་བྱར་མེད་པ ་གང་ལ་གཉི་གའི་ངོ་བོའི་རྒྱུའི་བྱ་བ་དང་ལྡན་པར་འགྱུར། རྒྱུ་མེད་པ་ལས་ཞེས་པའི་རྣམ་པར་རྟོག་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་མེད་པར་དགག་པའི་བདག་ཉིད་ཀྱིས་རྒྱུ་མེད་པ་ལས་ཞེས་པ་ནི་འཐད་པ་མ་ཡིན་ཏེ། རྒྱུ་མེད་པ་ན ་དངོས་པོ་རྣམས་ཀྱི་ཡུལ་དང་དུས་ཀྱི་ངེས་པ་མེད་པར་ཐལ་བར་འགྱུར་བ་འམ། རྟག་ཏུ་ཡོད་པ་དང་མེད་པར་ཐལ་བར་འགྱུར་བ་དང་། ཐབས་ལས་བྱུང་བ་འདོད་པས་ཀྱང་སོ་སོར་ངེས་པའི་ཐབས་ཉམས་སུ་ལེན་པར་ཡང་མི ་འགྱུར་རོ།། གཙོ་བོ་དང་ཕྱུག་ལྔ་སོགས་པ་རྣམས་རྒྱུ་ཡིན་པ་ཉིད་འདི་འགེག་པར་འགྱུར་བའི་ཕྱིར་རོ།། རྒྱུ་མེད་པ་ལས་དངོས་པོའི་རང་བཞིན་ཐོབ་པ་ནི་མ་ཡིན་ནོ།། དེ་ལྟ་བས་ན་དངོས་པོ་རྣམས་རང་དང་གཞན་དང་གཉི་ག་དང་རྒྱུ ་མེད་པ་ལས་ཡོད་པ་སྐྱེ་བ་མི་འཐད་དོ།། དེ་སྐད་དུ་ཡང་། རང་ལས་མ་ཡིན་གཞན་ལས་མིནྡ།། གཉིས་ལས་མ་ཡིན་རྒྱུ་མེད་མིན།། དངོས་པོ་གང་དག་གང་ན་ཡང་།། སྐྱེས་པ་ནམ་ཡང་ཡོད་མ་ཡིན་ནོ།། ཞེས་གསུངས་སོ།། གཅིག ་དང་དུ་མ་དང་བྲལ་བ་དཔྱོད་པས་ཀྱང་དངོས་པོ་ཐམས་ཅད་རང་བཞིན་དང་བྲལ་བས་ཡོད་པའི་དངོས་པོ་ནི་མ་ཡིན་ནོ།། དེ་ལྟ་བས་ན་རྨི་ལཾ་ད་སྒྱུས་དང་གཟུགས་བརྙན་ལ་སོགས་པ་དང་འདྲ་བ་རྐྱེན་ལས་བྱུང་བ་ཙམ་ཉིད་འདི་མ ་བརྟགས་ན་ཉམས་དགའ་བ་བཞག་སྟེ་ཇི་ལྟར་སྡུག་བསྔལ་ཐམས་ཅད་ཀྱི་རྒྱུར་གྱུར་པ་མངོན་པར་ཞེན་པས་ཅི་ཞིག་བྱ་སྟེ། དགོས་པ་ཡོད་པ་མ་ཡིན་ནོ།། དེའི་ཕྱིར་འདི་ནི་དོན་གྱི་དེ་ཁོ་ན་ཉིད་ཡིན་ཏེ། བདག་དང་གཞན ་སྨྲས་དངོས་འདི་དག། ཡང་དག་ཏུ་ན་གཅིག་པ་དང་།། དུ་མའི་རང་བཞིན་བྲལ་བའི་ཕྱིར། རང་བཞིན་མེད་དེ་གཟུགས་བརྙན་བཞིན་ཞེས་སོ།། དེ་ལྟར་ན་རང་བཞིན་མེད་པ་ཉིད་དངོས་པོ་རྣམས་ཀྱི་གཉུག་མ་ཡིན་ཏེ། ་དོན་དམ་པའི་རང་བཞིན་གྱིས་གནས་པ་མ་ཡིན་ནོ།། དེ་ཉིད་ལ་སྐྱེས་བུའི་དགོས་པའི་མཆོག་དང་ཁྱད་པོར་དུ་འཕགས་པར་བརྗོད་དོ།། འདི་ལ་ཡང་མངོན་པར་ཞེན་པར་མི་བྱའོ།། གཞན་དུ་ན་དངོས་པོ་ལ་མངོན་པར་ཞེན་པ་ལ་ཁྱད་པར ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། གཉི་ག་ཡང་བརྟགས་པའི་བདག་ཉིད་ཀྱིས་བསྒྲིབས་པ་ཡིན་པའི་ཕྱིར་རོ།། མེད་པར་བརྟགས་པའི་རང་བཞིན་གྱིས་རང་གི་ངོ་བོ་ཅུང་ཟད་ནི་ཡོད་པ་མ་ཡིན་ལ། དངོས་པོ་ལོག་པ་ཡང་དངོས་པོ་མེད ་པ་མ་ཡིན་ཏེ། ལོག་པ་ནི་རང་བཞིན་མེད་པ་ཡིན་པའི་ཕྱིར་རོ།། གལ་ཏེ་ཡང་དངོས་པོ་མ་ཡིན་ཏེ། ལོག་པ་ནི་རང་བཞིན་ཉིད་འགའ་ཞིག་གི་རང་བཞིན་ཡིན་ན། དེའི་ཚེ་བཀག་པའི་བདག་ཉིད་ཀྱང་དངོས་པོ་མེད་པར་འགྱུར་རོ།། དངོས ་པོའི་རང་བཞིན་མེད་དོ་ཞེས་བསྟན་པ་ཉིད་ཡིན་ནོ།། དྲིའི་ཕྱིར་དངོས་པོ་ལོག་པའི་ངོ་བོ་དངོས་པོ་མེད་ཅེས་བྱ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ།། དངོས་པོ་དང་དངོས་པོ་མེད་པ་དག་བརྗོད་པའི་རིམ་པས་མེད་པར་བསྟེན་པ་ན། དེ ་གཉིས་འདྲེས་པའི་བདག་ཉིད་དམ་གཉི་ག་བཀག་པའི་རང་བཞིན་ཉིད་ནི་ཡོད་པ་མ་ཡིན་ཏེ། དངོས་པོའི་རྣམ་པར་རྟོག་པ་ཉིད་རྣམ་པར་རྟོག་པ་མཐའ་དག་གི་རྒྱུ་ཡིན་པའི་ཕྱིར་དེ་བཀག་པ་ནི་འདི་རྣམ་པ་ཐམས་ཅད་ཉིད་དགོག་པ་གཅིག ་གིས་བས་ལྔ་བ་ཡིན་ནོ།། དེའི་ཕྱིར་ཡོད་པ་དང་། ཡོད་པ་མ་ཡིན་པ་དང་། ཡོད་པ་དང་མེད་པ་གཉི་ག་དང་། གཉི་གའི་བདག་ཉིད་ཀྱང་མ་ཡིན་པ་ལ་ཅུང་ཟད་ཀྱང་མངོན་པརྭ་ཞེན་པའི་ཡུལ་དུ་བརྟག་པར་མི་བྱའོ།། དེ་འཕགས་པ་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་པ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའི་ཐེག་པ་པོའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཐབས་མི་མཁས་པས་གཟུགས་སྟོང་པའོ་ཞེས་ཡང་དག ་པར་ཤེས་པ་ནི་ཞེན་པའོ།། ཚོར་བ་སྟོང་པའོ་ཞེས་ཡང་དག་པར་ཤེས་ན་ཞེན་པའོ།། འདུ་ཤེས་སྟོང་པའོ་ཞེས་ཡང་དག་པར་ཤེས་ན་ཞེན་པའོ།། འདུ་བྱེད་སྟོང་པའོ་ཞེས་ཡང་དག་པར་ཤེས་ན་ཞེན་པའོ།། རྣམ་པར་ཤེས་པ་སྟོང ་པའོ་ཞེས་ཡང་དག་པར་ཤེས་ན་ཞེན་པའོ།། དེ་བཞིན་དུ་མྱིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་། ཇི་སྲིད་དུ་ཆོས་ཀྱི་བར་དུ་སྟོང་པའོ་ཞེས་ཡང་དག་བར་ཤེས་ན་ཞེན་པའོ།། ཞེས་རྒྱས་པར་རོ།། ཇི་སྐད་དུ་ཡང་། ཀུན་རྟོག་ཐཾད ་སྦྱང་བའི་ཕྱིར།། སྟོང་ཉིད་བདུད་རྩི་སྟོན་མཛད་ལ།། གང་ཞིག་དེ་ལ་ཞེན་གྱུར་ན།། དེ་ཉིད་ཁྱེད་ཀྱིས་ཤིན་ཏུ་སྨད་ཅེས་གསུངས་པ་ཡིན་ནོ།། ཡོད་མིན་མེད་མིན་ཡོད་མེད་མིན།། གཉིས་ཀྱི་བདག་ཉིད་དུ་ཡང་མེད།། མཐའ་བཞི་དག་ལས་ངེས ་གྲོལ་བ།། དེ་ཉིད་དབུ་མར་མཁས་རྣམས་བཞེད་ཅེས་སོ།། དེ་ལྟར་མཐའ་བཞི་ལས་གྲོལ་བ་གདོད་མ་ནས་ཞི་བ་མ་སྐྱེད་པ་མ་འགགས་པ་རྟག་པ་དང་ཆད་པ་མེད་པ་ལ་སོགས་པའི་རང་བཞིན་གྱི་སྤྲོས་པ་དང་བྲལ་བའི་ཕྱིར་ན་མཁའ ་བཞིན་དུ་ཆགས་པ་མེད་པ་གནས་མེད་པར་འགྲོ་བ་མ་ལུས་པར་བལྟ་བར་བྱའོ།། འདི་ནི་བདེན་པ་གཉིས་སུ་འདོད་ཅེས་ཏེ། གང་ཞེ་ན། ཀུན་རྫོབ་དང་ནི་དོན་དམ་སྟེ་ཞེས་འོག་ཏུ་སྦྱར་བར་བྱའོ།། ཀུན་རྫོབ་ནཱི་གཅིག་ཡིན ་ལ་བདེན་པ་ནི་ཕྱིན་ཅི་མ་ལོག་པ་ཡིན་ནོ།། ཡང་དོན་དམ་པ་སྟེ་བདེན་པ་གཞན་ཡིན་ལ། དང་གི་སྒྲོས་ནི་བདེན་པ་ཙམ་དུ་མཚུངས་པར་སྡུད་པར་བྱེད་དོ།། དེ་ལ་ཀུན་རྫོབ་ཀྱི་བདེན་པ་ནི་འཇིག་རྟེན་པའི་ཕྱིན་ཅི་མ་ལོག་པའི་ངོ་བོ་ཡིན ་ལ་དོན་དམ་པའི་བདེན་པ་ལ་ཡང་བདེན་པ་ནི་བསླུ་བར་མི་བྱེད་པ་ཡིན་ནོ།། དེ་ཁོ་ན་ཉིད་ནི་འཕགས་པ་རྣམས་ཀྱིའོ་ཞེས་པ་ནི་ཁྱད་པར་རོ།། དོན་གྱི་ཁྱད་པར་འདི་ལྟ་བུ་མཐོང་བས་ཀྱང་དང་གི་སྒྲ་ནི་རིགས་པ་ཡིན་ཏེ། འདི་སྐད་བརྗོད་པར ་འགྱུར་ཏེ། ཕྱི་རོལ་དང་ནང་གི་བདག་ཉིད་ཀྱི་དངོས་པོ་འདི་ཐམས་ཅད་རང་བཞིན་རྣམ་པ་གཉིས་འཛིན་པས་ཡང་དག་པར་སྐྱོ་བར་འགྱུར་ཏེ། འདི་ལྟ་སྟེ་ཀུན་རྫོབ་དང་དོན་དམ་པ་ཞེས་པའོ།། དེ་ལ་གཅིག་ནི་མ་རིག་པའི་རབ་རིབ་ཀྱིས ་བསྒྲིབས་པའི་མིག་ཅན་ཡང་དག་པ་མ་ཡཱིན་དཱི་པ་ག་ཉི་ཡོ་བའི་སོ་སོའི་སྐྱེ་བོ་རྣམས་ཀྱི་ཡུལ་བརྫུན་པ་མཐོང་བ་ཉིད་ནཱ་ཡང་དག་པར་མཐོང་བར་ཞེན་ཏོ།། གཞན་ནི་རྣམ་པར་འབྱེད་པའི་མིག་སྨན་གྱི་ཐུར་མ་ས་མཱ་རིག་པའི་ལིང ་ཏོག་བསལ་བས་ཡང་དག་པའི་ཤེས་པའི་མིག་ཅན་དེ་ཁོ་ན་ཉིད་རིག་པའི་འཕགས་པ་རྣམས་ཀྱི་ཡང་དག་པའི་ཤེས་པའི་ཡུལ་དུ་གྱུར་པས་རང་བཞིན་རྣམ་པར་བཞག་པ་ཡིན་ནོ།། དེ་ལྟར་དངོས་པོ་འདི་དག་ཐམས་ཅད ་རང་བཞིན་གཉིས་འཛིན་པ་ཡིན་ནོ།། རང་བཞིན་འདི་དག་ལས་བྱིས་པ་བརྫུན་པ་མཐོང་བ་རྣམས་ཀྱི་ཡུལ་དེ་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། གང་ཡང་དག་པའི་གནས་སྐབས་ཀྱི་དེ་ཁོ་ན་ཉིད་རྟོགས་པ་རྣམས་ཀྱི་ཡུལ་དེ་ནི་དོན་དམ ་པའི་བདེན་པ་ཞེས་བསྟན་བཅོས་རིགས་པས་རྣམ་པར་བཞག་གོ།། གང་གསུངས་པ། ཡང་དག་དང་ནི་བརྫུན་པའི་དངོས་མཐོང་བ།། འཐོབ་ལས་དངོས་ཀུན་ངོ་བོ་གཉིས་འཛིན་ལ།། ཡང་དག་གཟིགས་ཡུལ་གང་དེ་དེ་ཉིད་དེ།། ་བརྫུན་པ་མཐོང་བ་ཀུན་རྫོབ་བདེན་པར་བརྗོད་ཅེས་སོ།། དེ་ལྟར་གཉིས་བསྡུས་པ་ལ་གཉིས་སོ་ཞེས་རིགས་སོ།། འདོད་ཅེས་པ་ནི་མངོན་པར་བཞེད་པའོ།། གང་རྣམས་ཞེ་ན། སྒྲིབ་པ་སྤངས་པའི་ཐུགས་དང་ལྡན་པ་སངས ་རྒྱུས་བཅོམ་ལྡན་འདས་རྣམས་དེའི་རྗེས་སུ་ཞུགས་པའི་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ།། འདི་ཉིད་བདེན་པ་གཉིས་ཡིན་ཏེ། གཞན་བདེན་པ་ནི་ཡོད་པ་མ་ཡིན་ནོ་ཞེས་དང ་གི་སྒྲ་ངེས་པར་བཟུང་བའི་དོན་དུ་ཡང་འཐད་དོ།། དེ་སྐད་དུ། བདེན་པ་གཉིས་ལ་བརྟེན་ནས་ནི།། སངས་རྒྱས་རྣམས་ཀྱི་ཆོ་སྡེ་བསྟན་པ།། འཇིག་རྟེན་ཀུན་རྫོབ་བདེན་པ་དང་།། དམ་པའི་དོན་གྱི་བདེན་པའོ།། ཞེས་གསུངསོ།། ། ་ཡབ་སྲས་མཇལ་བ་ལས་ཀྱང་།། འཇིག་རྟེན་མཁས་པའི་བདེན་པ་འདི་གཉིས་ཏེ།། ཁྱེད་ཀྱིས་གཞན་ལས་མ་གསན་རང་གི་གཟིགས།། དེ་ནི་ཀུན་རྫོབ་བདེན་དང་དོན་དམ་སྟེ།། བདེན་པ་གསུམ་པ་གང་ཡང་མ་མཆིས་སོ་ཞེས ་གསུངས་སོ།། བཅོམ་ལྡན་འདས་ཀྱིས་འཕགས་པའི་བདེན་པ་བཞི་པོ་སྡུག་བསྔལ་དང་འགོག་པ་དང་ལམ་གྱི་མཚན་ཉིད་ཆོས་མངོན་པ་ལས་གསུངས་པ་མ་ཡིན་ནམ། དེ་ཇི་ལྟར་ན་བདེན་པ་གཉིས་ཁོ་ན ་ཡིན་ཞེ་ན། བདེན་ཏེ་འོན་ཀྱང་གདུལ་བྱའི་བསམ་པ་དང་བག་ལ་ཉལ་གྱི་དབང་གིས་གཉིས་པ་ཉིད་བཞིར་བྱས་ན་སྔ་བསྟན་པ་ཡིན་ཏེ། འདི་རྣམས་གཉིས་པོ་ཉིད་དུ་འདུས་པའི་ཕྱིར་རོ།། འདི་ལྟར་ཡང་སྡུག་བསྔལ་དང ་འབྱུང་བ་དུང་ལམ་རྣམས་ནི་ཀུན་རྫོབ་ཀྱི་བདེན་པའི་རང་བཞིན་གྱིས་ཀུན་རྫོབ་ཀྱི་བདེན་པར་འདུས་ལ། འགོག་པའི་བདེན་པ་ནི་དོན་དམ་པའི་བདེན་པ་ཡིན་ཏེ། ཅུང་ཟད་ཀྱང་འགལ་བ་མེད་དོ།། དེ་ལྟར་ན་ཡང་ཀུན་རྫོབ་ནི་མ ་རིག་པས་ཉེ་བར་བསྟན་པས་ཡང་དག་པར་མ་ཡིན་པའི་སྒྲོ་བཏགས་པའི་རང་བཞིན་ཡིན་པའི་ཕྱིར་རྣམ་པར་དཔྱད་པ་ལས་ལན་བརྒྱ་ཕྲག་དུ་ཉམས་པར་གྱུར་ན་ཡང་ཇི་ལྟར་བདེན་པ་ཡིན་ཞེ་ན། དེ་ཡང་བདེན་མོད་ཀྱི། ་འོན་ཀྱང་འཇིག་རྟེན་པའི་ཞེན་པ་ལས་ཀུན་རྫོབ་ཀྱི་བདེན་པ་ཞེས་བརྗོད་དེ། འཇིག་རྟེན་པ་ཉིད་ཀུན་རྫོབ་ཀྱི་བདེན་པ་ཞེས་འདོད་ཅིང་། དེའི་རྗེས་སུ་འབྲངས་ནས་བཅོམ་ལྡན་འདས་ཀྱིས་ཀྱང་དེ་ཁོ་ནའི་དོན་དེ་ཉིད་བཏང་སྙོམས ་སུ་བཞག་ནས་ཀུན་རྫོབ་ཀྱི་བདེན་པ་ཞེས་གསུངས་ཏེ། ཉིད་ཀྱི་ཕྱིར། འཇིག་རྟེན་ཀུ་རྫོན་པ་དང་ཞེས་བསྟན་བཅོས་སུ་ཀྱད་པར་དང་བཅས་པས་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་གསུངས་སོ།། དངོས་པོ་ལ་ནི་དོན ་དམ་པའི་བདེན་པ་གཅིག་པུ་ཁོ་ན་ཡིན་ཏེ། དེ་བས་ནཱ་ཅུང་ཟད་ཀྱང་ཉམས་པ་མེད་དོ།། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་འདི་ནི་གཅིག་པུ་སྟེ། དོན་དམ་པའི་བདེན་པའོ།། འདི་ལྟ་སྟེ་མི་བསླུ་བ་མྱ་ངན་ལས་འདས་པའི་ཆོས ་ཡིན་ལ། འདུས་བྱས་ཐམས་ཅད་ནི་བརྫུན་པ་བསླུ་བའི་ཆོས་སོ་ཞེས་གསུངས་སོ།། འདི་ནི་བདེན་པ་གཉིས་སུ་བརྗོད་པ་ཡིན་ནོ།། དེ་ལ་མ་རིག་པས་བསླང་བའི་སེམས་དེའི་རང་བཞིན་གྱིས་ཀུན་རྫོབ་ཀྱི་བདེན་པ་ཡིན་ཞེས་རྟོགས་ལ། དོན ་དམ་པའི་བདེན་པ་ནི་ཇི་ལྟ་བུ་དང་མཚན་ཉིད་གང་ཡིན་པ་དང་རང་བཞིན་གང་ཡིན་པ་མ་ཤེས་པས་དེའི་མཚན་ཉིད་བརྗོད་པར་བྱ་སྟེ། འདི་ལྟར་དོན་དམ་བློའི་སྤྱོད་ཡུལ་མིན་ཞེས་གསུངས་སོ།། བློ་ནི་ཤེས་པ་ཐམས་ཅད་ཡིན་ཏེ། ་ཤེས་པ་ཐམས་ཅད་ཀྱི་ཡུལ་ལས་འདས་པའི་ཕྱིར་སྤྱོད་ཡུལ་མ་ཡིན་པ་སྟེ། ཡུལ་མ་ཡིན་པའོ།། བློ་དེ་ཐམས་ཅད་ཀྱིས་རྣམ་པ་གང་གིས་ཀྱང་ཡུལ་དུ་བྱ་བཱ་ར་མུ་ནུས་པ་ཡིན་ནོ་ཞེས་པའི་ཐ་ཚིག་སྟེ། ཇི་ལྟ་དེའི་རང་བཞིན ་དེ་ལྟར་བསྟན་པར་ནུས། འདི་ལྟར་ཡང་སྤྲོས་པ་ཐམས་ཅད་ལས་རྣམ་པར་གྲོལ་བའི་རང་བཞིན་དེ་བཞིན་ཉིད་དོན་དམ་པའི་བདེན་པའི་དེ་ཁོ་ན་ཉིད་ཡིན་པ་དེའི་ཕྱིར་ཇི་ལྟར་ཡང་རྣམ་པར་རྟོག་པས་མཐོང་བ་མ་ཡིན་ཏེ་ཁྱད ་པར་ཐམས་ཅད་དང་བྲལ་བའི་ཕྱིར་རོ།། བརྟགས་པ་ལས་འདས་པའི་རང་བཞིན་ཡང་སྒྲ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ཏེ། སྒྲ་ནི་རྣམ་པར་རྟོག་པས་བསྐྱེད་པ་ཡིན་ལ་ཡུལ་མ་ཡིན་པ་ལ་རྣམ་པར་རྟོག་པའི་བློ་འཇུག་པ་མ ་ཡིན་ནོ།། དེ་ལྟ་བསྡུ་ན་རྣམ་པར་རྟོག་པའི་བརྗོད་པ་ཐམས་ཅད་དང་བྲལ་བས་སྒྲོ་མ་བཏགས་པ་ཀུན་རྫོབ་མ་ཡིན་པ་བརྗོད་དུ་མེད་པ་ནི་དོན་དམ་པ་དེ་ཁོ་ན་ཉིད་ཇི་ལྟར་བསྟན་པར་ནུས། དེ་ལྟ་ན་ཡང་སྣོད་དང་ལྡན་པའི་ཉན་པ་པོ ་རྣམས་ཇི་ལྟར་ཡང་རྗེས་སུ་བཟུང་བའི་དོན་དུ་ཡོངས་སུ་བརྟག་པ་བཟུང་ནས་ཀུན་རྫོབ་ཀྱི་བདེན་པ་དཔེ་ཉེ་བར་བསྟན་པས་ཅུང་ཟད་བརྗོད་པ་ཡིན་ཏེ། དཔེར་ན་རབ་རིབ་ཅན་ལ་རབ་རིབ་ཀྱི་མཐུས་ན་མཁའི་ཕྱོགས་ཐམས་ཅད་དུ་སྐྲ་ཤད་ཀྱིས ་ཁྱབ་པརུ་མཐོང་ནས་དེ་དང་དེར་གདོང་བ་བསྒྱུར་བར་བྱེད་དེ། དེ་ལྟར་བྱེད་པ་རབ་རིབ་མེད་པས་རིག་ནས་འདི་ཅི་བྱེད་ཅེས་དེའི་གན་དུ་སོང་ནས་དེ་མཐོང་བའི་སྐུའི་ཡུལ་དུ་མིག་ཕྱེ་ནས་བལྟས་ཀྱང་སྐྲའི་གཟུགས་ནི་མཐོང་བ་རློ་མ་གྱུར་ལ། ་སྒོ་ཤད་དེ་གཞིར་གྱུར་པའི་དངོས་པོ་དང་དངོས་པོ་མེདོ་པའི་ཁྱད་པར་རྣམས་ཡོངས་སུ་རྟོག་པ་མ་ཡིན་ནོ།། གང་གི་ཚེ་རབ་རིབ་ཅན་གྱིས་རབ་རིབ་མེད་པ་ལ་འདི་ན་སྒྲ་ཡོད་དོ།། ཞེས་རང་གི་བསམ་པས་སྟོན་པར་བྱེད་པ་དེའི་ཚེ་དེའི་རྣམ་པར ་རྟོག་པ་སྦྱང་བའི་དོན་དུ་དེ་ལ་འདི་ན་སྐྲ་ཤད་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་འདྲི་སྟོན་པར་བྱེད་དོ།། རབ་རིབ་ཅན་གྱིས་མཐོང་བའི་ངོར་དགག་པ་ལྷུར་བྱེད་པ་ཉིད་ཀྱི་ཚིག་འདི་སྨྲས་པ་ཡིན་ཏེ། དེ ་རྣམས་ཀྱིས་དེ་སྐད་སྨྲས་པ་ན་ཡང་དགག་པའམ་བསྒྲུབ་པར་བྱས་པ་ནི་ཡོད་པ་མ་ཡིན་ནོ།། སྐྲ་ཤད་ཀྱི་དེ་ཁོ་ན་ཉིད་དེ་ཡང་རབ་རིབ་ཅན་གྱིས་མཐོང་བ་གང་ཡིན་པ་དེ་རབ་རིབ་མེད་པས་མཐོང་བ་ནི་མ་ཡིན་ནོ།། དེ་བཞིན་དུ་མ ་རིག་པའི་རབ་རིབ་ཀྱིས་ཉམས་པ་དང་ལྡན་པས་དེ་ཁོ་ན་ཉིད་མཐོང་བའི་བྱིས་པས་གང་ཕུང་པོ་དང་སྐྱེ་མཆེད་ཀྱི་རང་བཞིན་འདི་དམིགས་པ་མ་ཡིན་ཏེ། དེ་རྣམས་ཀྱི་ཀུན་རྫོབ་ཀྱི་ངོ་བོ་ཕུང་པོ་ལ་སོགས་པ་དེ་བཞིན་གང་གིས་རབ་རིབ ་མེད་པས་མཐོང་བའི་ཚུལ་གྱིས་མ་རིག་པའི་བག་ཆགས་མཐའ་དྲུག་སྤངས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཟིགས་པ་དེ་ནི་དེ་རྣམས་ཀྱི་དོན་དམ་པའི་བདེན་པ་ཡིན་ནོ།། ཇི་སྐད་དུ། བསྟན་བཅོས་མཁྱེན་པས། ་གང་ཞིག་རབ་རིབ་སྣང་བས་རྣམ་བརྟགས་པ།། སྐྲ་སོགས་ངོ་བོ་དེ་ཉིད་ཕྱིན་ཅི་ལོག། མཐོང་དག་གང་གིས་ཡང་དག་མཐོང་ང་ནི།། དེ་ཉིད་ཡིན་ཏེ་དེ་བཞིན་འདིར་ཤེས་བྱ་ཞེས་གསུངས་པ་ཡིན་ནོ།། དེ་ལྟར་དོན་དམ་པ་བརྗོད་པར་བྱ་བ་མ ་ཡིན་ཡང་། དོན་དམ་པའི་དེ་ཁོ་ན་ཉིད་གཟིགས་པའི་སྒོ་ནས་ཉེ་བར་བརྟོག་པ་བཟུང་སྟེ། ཀུན་རྫོབ་ཇི་ལྟར་ཡུང་བསྟན་པ་ཡིན་ལ་ཀུན་རྫོབ་ཀྱི་ཐ་སྙད་མ་ལུས་པ་སྤངས་པ་དེས་དངོས་པོའི་རང་བཞིན་སྨྲ་བར་ནུས་པ་ནི་མ་ཡིན་ཏེ། ཇི ་སྐད་དུ། ཡི་གེ་མེད་པའི་ཆོས་རྣམས་ལ།། ཉན་པ་པོ་གང་སྟོན་པ་གང་།། དོན་གང་ཉན་ཅིང་སྟེན་བྱེད་པ།། སྒྲོ་བཏ་གྲཱྀས་པ་ས་ནཱ་ཡི་གཱི་མེད།། ཅེས་བརྗོད་གསུངས་སོ།། དེ་ལྟ་བས་ན་ཐ་སྙད་པའི་བདེན་པ་ཉིད་ལ་བརྟེན་ནུས་དོན་དམ་པ ་སྟོན་པ་ཡིན་ཏེ། དོན་དམ་པ་བསྟན་པ་རྟོགས་པས་ཀྱང་དོན་དམ་པ་མངོན་དུ་བྱེད་པ་ཡིན་ཏེ། དེ་ཉིད་དེའི་ཐབས་ཡིན་པའི་ཕྱིར་རོ།། གང་བསྟན་བཅོས་ལས།། ཐ་སྙད་ལ་ནི་མ་བརྟེན་པར།། དམ་པའི་དོན་ནི་རྟོགས་མེད་པར།། མྱ་ངན ་འདས་པ་ཐུབ་མ་ཡིན་ཞེས་གསུངས་སོ།། དེ་ལྟར་དོན་དམ་པ་བསྟན་པ་ནི་ཐབས་ཡིན་ལ། དོན་དམ་པ་རྟོག་པ་ཡང་ཐབས་ལས་བྱུང་བ་ཡིན་ཏེ། གཞན་དུ་ན་དེ་བསྟན་པར་མི་ནུས་པའི་ཕྱིར་རོ།། ཅི་སྟེ་ཡང་དེ་ལྟ་བུར་གྱུར ་པ་ཡང་དེ་ལྟ་བུར་གྱུར་པའི་བློའི་ཡུལ་ཡིན་ཏེ། དོན་དམ་པར་ཅིའི་ཕྱིར་མི་འགྱུར་ཞེ་ན། འདི་ལ་བློ་ནི་ཀུན་རྫོབ་ཡིན་པར་བརྗོད་ཅེས་གསུངས་པ་ཡིན་ཏེ། བློ་ལ་སྣང་བ་དང་མི་སྣང་བ་ཉིད་ཀྱི་ཐམས་ཅད་བརྟགས་པའི་འདྲ་བཞི་ནུ་ཡིན་ཏེ། ་རྟོག་པ་ཡང་ཐམས་ཅད་དུ་མ་རིག་པའི་རང་བཞིན་ཡིན་ཏེ། དངོས་པོ་མེད་པ་འཛིན་པའི་ཕྱིར་རོ།། གང་རྣམ་པར་རྟོག་པ་འདིར་རང་ཉིད་ཀྱིས་མ་རིག་པའི་ངོ་བོར་གྱུར་ཅེས་གསུངས་སོ།། མ་རིག་པ་ཡང་ཀུན་རྫོབ་ཡིན་ཏེ། དེའི་ཕྱིར་པོ ་ལ་ཡང་བློ་ནི་དོན་དམ་པའི་རང་བཞིན་འཛིན་པར་དོན་དམ་པར་འཐུད་པ་ནི་མ་ཡིན་ནོ།། གཞན་དུ་ན་ཀུན་རྫོབ་བློའི་གཟུང་བར་བྱ་བ་ཡིན་པས་དོན་དམ་པའི་རང་བཞིན་ཉིད་དེ་ཉམས་པར་འགྱུར་ཏེ། དངོས་པོ་ལ་དོན་དམ་པོ་ནི་ཀུན ་རྫོབ་ཀྱི་ཤེས་པའི་ཡུལ་ཡིན་པའི་ཕྱིར་རོ།། བཅོམ་ལྡན་འདས་ཀྱིས་འཕགས་པའི་བདེན་པ་གཉིས་ལེ་འཇུག་པ་དེར་ཡང་ལྷའི་བུ་གལ་ཏེ་དོན་དམ་པར་དོན་དམ་པའི་བདེན་པ་ལུས་དང་ངག་དང་ཡིད་ཀྱི་སྤྱོད་ཡུལ་དུ་གྱུར་ན ་དེ་དོན་དམ་པའི་གྲངས་སུ་མི་འགྲོ་ཞིང་ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་འགྱུར་རོ།། ལྷའི་བུ་འོན་ཀྱང་དོན་དམ་པའི་བདེན་པ་ནི་ཐ་སྙད་ཐམས་ཅད་ལས་འདས་པ་དང་། ཡང་དག་པར་མ་སྐྱེས་པ་དང་མ་འགགས་པ་དང་། བརྗོད་པར་བྱ ་བདང་བརྗོད་པདྨ་བྱེད་བྱཱ་དང་། ཤེས་བྷ་དང་། ཤེས་པ་དང་བྲལྟ་བ་ཡིན་ཏེ། ཇི་སྲིད་དྷ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཐམས་ཅད་ཙྪ་ཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ལྷས་འདུས་པ་ནི་དོན་དམ་པའི་བདེན་པ་ཡིན་ནོ་ཞེས་རྒྱས ་པཱ་ར་གསུངས་སོ།། དེ་ཉིད་ཀྱི་ཕྱིར་རྣམ་པར་རྟོག་པ་རྣམས་ཀྱི་ཡུལ་མ་ཡིན་ཏེ། གང་དངོས་པོ་དང་དངོས་པོ་མེད་པ་ཡིན་པ། རང་དང་གཞན་གྱི་དངོས་པོ་ད། བདེན་པ་དང་བདེན་པ་མེ་ཡིན་པ་དང་། རྟག་པ་དང་། ཆུད་པ་དང་། རྟག་པ་དང་། ་མི་རྟག་པ་དང་། བདེ་བ་དང་། སྲོག་བསྔལ་བ་དང་། གཙང་བ་དང་། མི་གྷཙ་བ་དང་། བདག་དང་། བདག་མེད་པ་དང་། སྟོང་པ་དང་། སྟོང་པ་མ་ཡིན་པ་དང་། གཅིག་དང་ནཱམཱ་དང་། སྐྱེ་བ་དང་། འགག་པ་ལ་སོག་སྐྱེ་བའི་ཁྱད་པར་རྣམས་དེ་ཁོ ་ན་ཉིད་དུ་སྲིད་པ་མ་ཡིན་ཏེ། འདི་རྣམས་ཀུ་ནི་རྫོབ་ཀྱི་ཆོས་ཡིན་པའི་ཕྱིར་རོ།། འདི་ཡང་བཅོམ་ལྡན་འདས་ཀྱིས་ཡབ་དང་སྲས་མཇལ་བའི་མདོ་ལས་ཇི་སྐད་དུ། འདི་ལྟར་དེ་བཞིན་གཤེགས་པས་ཀུན་རྫོབ་དང་དེནི་དམ་པ་གཉིས ་ཐུགས་སྒྲ་ཆུང་། ཤེས་རབར་བྱ་བ་ཡངྒ་ཀུན་རྫོབ་དང་། དོན་དམ་པ་འདིར་ཟང་དོ།། དེ་ཡང་བཅོམ་ལྡན་འདས་ཀྱིས་སྤྱོད་པ་ཉིད་དུ་རབ་ཏུ་གཟིགས། རབ་ཏུ་མཁྱེན། ལེགས་པར་མངོན་དུ་མཛད་པས་དེའི་སྠིཪྵ་ཐམས་ཅད་མཁྱེན་པ ་ཞེས་བྱའོ།། དེ་ལ་ཀུན་རྫོབ་ནི་འཇིག་རྟེན་གྱི་སྤྱོད་པ་དེ་བཞིན་གཤེགས་པས་གཟིགས་སོ།། དོན་དམ་པ་གང་ཡིན་པ་དེ་ནི་རྫུད་དུ་མེད་པའོ།། ཤེས་པར་བྱ་བ་མ་ཡིན་པ་དང་། རྣམ་པརའི་ཤེས་པར་བྱ་བ་མ་ཡིན་པ། ཡོངས་སུ་ཤེས ་པར་བྱ་བ་མ་ཡིན་པ། མ་བསྟུན་པ། རབ་ཏུ་མ་བསྟན་པ་ནས་བྱ་བ་མེད་པའི་བྱར་དང་། བྱེད་པ་མེད་པ་ནས་ཇི་སྲིད་དུ་ཐོབ་པ་མ་ཡིན་པ། མ་ཐོབ་པ་མ་ཡིན་པ། བདེ་བ་མ་ཡིན་པ། སྡུག་བསྔལ་བླ་མ་ཡིན་པ། སྤྱན ་མ་ཡིན་པ། མི་སྙན་པ་མ་ཡིན་པ། གཟུགས་མ་ཡིན་པ། གཟུགས་མེད་པ་མ་ཡིན་པ་ཞེས་བྱ་བ་ལ་སོགས་སོ།། དེ་ལྟར་ཀུན་རྫོབ་ཀྱི་ཁྱད་པར་མཐའ་དག་ནུབ་པ་ཁྱད་པར་མ་ལུས་པ་དང་བྲལ་བ་ལྔ་དངོས་པོ་མཐའ་ཡ་སྡེ་ཤིང་ཡངས་པ་ཁྱབ ་པུའི་ཡེ་ཤེས་ཀྱི་སྣང་བ་ལ་གསལ་བུའི་ནང་གི་བདག་ཅན་བཅོམ་ལྡན་འདས་ཀྱིས་དོན་ངོམ་པའི་བདེན་པའོ་ཞེས་གསུངས་སོ།། འདི་འཕགས་པ་རྣམས་ཉིད་ཀྱིས་རང་རིག་པའི་རང་བཞིན་ཡིན་པས་སོ་སོ་རུང་གིས་རིག་པ་ཡིན་ཏེ། ་དེའི་ཕྱིར་དེ་ཉིད་འདི་ལ་ཚད་མ་ཡིན་ནོ།། ཀུན་རྫོབ་ཀྱི་བདེན་པ་ནི་འཇིག་རྟེན་པའི་ཐ་སྙད་ལ་བརྟེན་ནས་བསྟན་པ་ཡིན་ནོ།། དེ་འདི་ལྟར་རྣམ་པར་དབྱེ་བ་ཅི་ལྟ་བར་བདེན་པ་གཉིས་ཤེས་པས་ཕྱིན་ཅི་མ་ལོག་པར་ཆོས་རྣམ་པར་འབྱེད་པ་སྐྱེ ་བར་འགྱུར་རོ།། དེ་ལྟར་ཀུན་རྫོབ་དང་དོན་དམ་པའི་དབྱེ་བས་བདེན་པ་གཉིས་སུ་རྣམ་པར་བཞག་ནས། དེ་ལ་དབང་བའི་འཇིག་རྟེན་ཡང་རྣམ་པ་གཉིས་ཉིད་དོ་ཞེས་བསྟན་པའི་ཕྱིར། དེ་ལྔ་འཇིག་རྟེན་ཞེས་པ་ལ་སོགས་པ་གསུངས་ཏེ། དེ ་ལ་ནི་དེ་དག་ལ་སྟེ། ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལ་དབང་བར་གནས་པའི་བདེན་པ་གཉིས་རྟོགས་པར་བྱེད་པ་པོ་ཞེས་བྱ་བའི་ཐ་ཚིག་གོ།། འཇིག་རྟེན་ནི་སྐྱེ་བོ་ཡིན་ལ། གཉིས་ནི་རྣམ་པ་གཉིས་ཡིན་ཏེ། ཀུན་རྫོབ་དང་དོན་དམ ་པའི་བདེན་པ་རྟོག་པ་དག་གོ།། འཇིག་རྟེན་ཞེས་པ་ནི་སྤྱིའི་ཚིག་ཡིན་པ་དེས་ན་ཕུང་པོ་གཉིས་ཡིན་ནོ་ཞེས་པའི་དོན་ཏོ།། མཐོང་བ་ནི་ལུང་དང་རིགས་པས་རྟོགས་པའོ།། ཇི་ལྟར་ན་རྣམ་པ་གཉིས་སུ་བྱས་ཤེ་ན། རྣལ་འབྱོར་པ་དང་ཕྲལ་པའོ། ་ཞེས་པ་སྟེ། རྣལ་འབྱོར་ནི་ཏིང་ངེ་འཛིན་ཡིན་ལ། ཆོས་ཐམས་ཅད་མ་དམིགས་པའི་མཚན་ཉིད་ཡིན་ཏེ། དེ་གང་ལ་ཡོད་པ་དེ་ནི་རྣལ་འབྱོར་པ་ཡིན་ལ། འཇིག་རྟེན་པ་ཞེས་ཕུང་པོ་རྣམས་གཅིག་ཏུ་བྱོས་སོ།། དེ་བཞིན་དུ་ཕུལ་པ་ནི་འཁོར་བར ་འཇུག་པའི་རྒྱུ་མ་རིག་པ་དང་སྲེད་པ་ཡིན་ལ། དེ་ལས་བྱུང་བ་ནི་ཕལ་པ་ཡིན་ཏེ། ཕལ་པ་ཉིད་ཕལ་པ་ཡིན་ལ་འཇིག་རྟེན་ནི་གཉིས་པའོ།། དེ་ལ་རྣལ་འབྱོར་པ་ཉིད་ནི་གཙོ་བོ་ཡིན་ཏེ་ཕྱིན་ཅི་མོཾ་ལོག་པར་མཐོང་བ་ཡིན་ནོ།། ཕལ་པས ་དངོས་པོ་ཕྱིན་ཅི་ལོག་ཏུ་མཐོང་བ་ཡིན་ཏེ། འཁྲུལ་པའི་ཕྱིར་རོ།། དེ་ལྟར་ན་ཡང་གཉི་གས་ཡང་རང་གི་དེ་ཁོ་ན་ཉིད་ཅི་ལྟ་བ་མཐོང་བས་གངང་ཞིག་མ་འཁྲུལ་པ་ཅན་ཡིན་ཞེ་ན། གང་ཉིད་ལ་གཞན་གྱིས་གནོད་པའོ།། ཡང་འདི་དག ་ལས་གཱ་གིས་གནོད་པ་ཡིན་ཞེ་ན། དེ་ལ་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལ་ཞེས་པ་ནི་བདུན་པའི་མཐའ་ཅན་སྦྱིན་བཏང་བའི་ཚིག་དང་དམིགས་ཀྱིས་དགར་བཱ་ལ་བདུན་པའོ།། དེ་ལ་རྣལ་འབྱོར་པ་དང་འཇིག་རྟེན་ཕལ་པ ་དེ་དག་གི་ནང་ནས་འཇིག་རྟེན་ཕལ་པ་ནི་ཕལ་པའི་རིགས་ཀྱི་སྤྱི་ལས་དམིགས་ཀྱིས་བསལ་བ་ཡིན་ཏེ། དམིགས་ཀྱིས་བསལ་ནས་ཀྱང་གནོད་ཅེས་པ་ནི་གནོད་ཅེས་པ་ནི་གནོད་པར་བརྗོད་དོ།། གང་ལས་བལྟོས་ནས་ཞེ་ན། རྣལ ་འབྱོར་འཇིག་རྟེན་ཞེས་པ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་པ་ཉིད་འཇིག་རྟེན་ཞེས་པ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་པ་ཉིད་འཇིག་རྟེན་ཡིན་ཏེ་རྣལ་འབྱོར་པའི་འཇིག་རྟེན་པའོ།། དེས་གནོད་པ་ནི་ཕྱིན་ཅི ་ལོག་གི་བློར་རྣམ་གཞག་བྱེད་པའོ།། ཇི་ལྟར་ཞེ་ན། བློ་ཁྱད་ཀྱིས་ཞེས་ལ་སྦྱར་བར་བྱ་སྟེ། རྣལ་འབྱོར་པ་ལ་ནི་འཇིག་རྟེན་པས་གནོད་པ་ཡིན་ནོ།། འདིར་བསམ་པ་ནི་འདི་ཡིན་ཏོ།། ཇི་ལྟར་འཁྲུལ་པས་བསྐྱེད་པའི་དངོས་པོ་རེ་རབ་རིབ་ཀྱིས ་ཉམས་པར་བྱས་པའི་མིགཽ་ཙམ་གྱི་མི་བདེན་པའི་སྒོ་ཤྭད་མཐོང་བའི་ཤེས་པ་ལྀ་ནི་དངོས་པོ་ཇི་ལྟར་གནས་པའི་དེ་ཁོ་ན་ཉིད་འཛིན་པ་རབ་རིབ་མེད་པ་ཅན་གྱི་ཤེས་པས་གནོད་དོ།། དེ་བཞིན་དུ་རབ་རིབ་མེད་པ་ཅན་གྱི་ཤེས་པ་ལ་ནི ་རླབ་རིབ་ཅན་གྱི་ཤེས་པས་མི་གནོད་དེ། དེ་བཞིན་དུ་མ་རིག་པའི་དྲི་མའི་རབ་རིབ་ཀྱིས་བློའི་མིག་སྐྱོན་ཅན་དུ་བྱས་པས་དངོས་པོའི་རང་བཞིན་ཕྱིན་ཅི་ལོག་ཏུ་འཛིན་པ་ནི་ཕལ་པའི་ཤེས་པ་ཡིན་ལ། ཤེས་རབ་ཀྱི་ཆུས་བཀྲུས་པའི་མཚ ་ཉིད་ཅན་དྲི་མ་དང་བྲལ་བ་ཟག་པ་མེད་པའི་མིག་དག་གིས་དངོས་པོ་གཉུག་མའི་དེ་ཁོ་ན་ཉིད་རིག་པའི་རྣལ་འབྱོར་པས་འཇིག་རྟེན་པའི་ཤེས་པ་ལ་གནོད་ལ། སླར་ཅིག་ཤོས་ཀྱིས་ནི་རྣལ་འབྱོར་པའི་ཤེས་པ་ལ་གནོད་པ་མ་ཡིན་ནོ།། ཇི ་ལྟར་མཐོང་བའི་རབ་རིབ་མིག་ཅན་གྱིས།། རབ་རིབ་མེད་པའི་ཡེ་ཤེས་ལ་གནོད་མིན།། དེ་བཞིན་ཤེས་པ་དྲི་མའི་དབང་གྱུར་པས།། དྲི་མེད་བློ་ལ་གནོད་པ་ཡོད་མ་ཡིན་ཞེས་གསུངས་ཏེ། དེ་བས་ན་ཕལ་པའི་ཤེས་པ་འཁྲུལ་པ་ཉིད་ལ་གནོད། ་དོ། བོན་ཏེ་ཅི་ཕལ་པ་ཉིད་ལྔ་གནོད་དོ།། འོན་ཏེ་ནི་ཕལ་པ་ཉིད་ལ་རྣལ་འབྱོར་པ་རྣམས་ཀྱིས་གནོད་དམ། འོན་ཏེ་རྣལ་འབྱོར་པ་ལ་གནོད་ཅེ་ན། གོང་མ་ཞེས་པ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་པ་ལ་ཡང་རྣལ་འབྱོར་པ་གཞན་དང་གཞན་གྱིས ་གནོད་དེ། ཕལ་པ་འབའ་ཞིག་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཡང་གི་སྒྲའི་དོན་ཏེ།། ཇི་ལྟ་བུར་གྱུར་པ་ཞེ་ན། གོང་མ་གོང་མའི་ཞེས་ཏེ། གོང་མ་ལས་ཀྱང་གོང་མ་དེ་རྣམས་ཀྱིས་སོ།། ཡོན་ཏན་གྱི་ཁྱད་པར་ཞེས་གོང་ནུས་གོང་དུ་གནས་པའི་ད ་བས་ཁྱད་པར་ཐོབ་པ་སྟེ། ལྷག་ཅིང་ལྷག་པས་ཞེས་པའི་དོན་ཏེ། དེ་ལ་ལྟོས་ནས་ཡོན་ཏན་ཆུང་བར་གྱུར་པ་འོག་མའི་ལ་གནོད་པར་བྱེད་པ་ཡིན་ལ། ཡེ་ཤེས་ཀྱི་ཆེ་བའི་བདག་ཉིད་ལ་སོགས་པ་རྣམས་ཀྱིས་ཟིལ་གྱིས་གནོན་ཏོ།། ་ལྟར་ཞེ་ན། བློ་ཁྱུད་ཀྱིས་ཏེ། བློ་ནི་ཡེ་ཤེས་ཡིན་ཏེ་ཤེས་རབ་ཀྱི་ཁྱད་པར་དེས་སྒྲིབ་པ་དེ་དང་བྲལྔ་བས་མཆོག་ཏུ་གྱུར་པ་ཡིན་ལ་འོད་ཡང་མཚོན་པ་ཙམ་སྟེ་བསམ་གཏན་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ལ་སོགས་པའི ་ཁྱད་པར་རྣམས་ཀྱིས་ཀྱང་ཡིན་ནོ།། འདི་ལྟར་ཡང་ས་དང་པོ་རབ་ཏུ་དགའ་བར་གྲགས་པ་ཐོབ་པའི་བྱང་ཆུབ་སེམས་དཔའི་ཤེས་རབ་ལ་སོགས་པའི་ཡོན་ཏན་ལས་བལྟོས་ན་དེའི་གོང་མ་དྲི་མ་མེད་པར་བརྗོད་པའི་ས་གཉིས་པ་ཐོབ་པའི ་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་སྟོབས་ལ་སོགས་པ་རྣམས་ཀྱི་ཡོན་ཏན་ཁྱད་པར་དུ་འཕགས་སོ།། དེ་བཞིན་དུ་ས་གོང་མ་གོང་མ་གཞན་ཐོབ་པ་རྣམས་ལ་ཡང་རིག་པར་བྱའོ།། དེ་བཞིན་དུ་བསམ་གཏན་དང་པོ་ལ་སོགས་པ ་ཐོབ་པ་རྣམས་ལ་ཡང་གོང་མ་གོང་མས་གནོད་པར་སྦྱར་བར་བྱ་སྟེ། ཟག་པ་དང་བཅས་པ་རྣམས་ལ་ཟག་པ་མེད་པ་རྣམས་ཀྱིས་ཞེས་པའི་བར་དུའོ།། དེ་ལྟར་བདེན་ན་ཡང་རྣལ་འབྱོར་པའི་བློའི་ཁྱད་པར་ལས་ཕལ ་པའི་ཤེས་པ་འཁྲུལ་པ་ཡིན་ནོ་ཞེས་ཇི་ལྟར་རྟོགས་པར་ནུས་ཤེས་ན། གཉི་ག་ཡང་ནི་འདོད་པའི་དཔེས་ཞེས་གསུངས་ཏེ། རྣལ་འབྱོར་པ་དང་ཕལ་པ་གཉི་ག་འདོད་ཅིང་མངོན་པར་འདོད་པའི་དཔེ་སྟེ་ཉེ་བར་སྦྱར་བ་དེས་སོ།། གང་འདིར་མདོ ་རྣམས་སུ་བཅོམ་ལྡན་འདས་ཀྱིས་སྒྱུ་མུ་དང་སྨིག་རྒྱུ་དང་དྲི་ཟའི་གྲོང་ཁྱེར་དང་གཟུགས་བརྙན་ལ་སོགས་པའི་དཔེ་གསུངས་པ་ཡིན་ཏོ།། དེ་ཡང་གཉི་ག་ལྔ་རང་བཞིན་མེད་པར་གྲུབ་པ་ཡིན་ལ། དེ་དང་ཆོས་མཐུན་པས་ཆོས་ཐམས་ཅད ་རང་བཞིན་མེད་པ་ཉིད་དུ་སྟོན་པའི་ཕྱི་རོ།། འདི་ལྟར་རེ་ཞིག་སྐྱེ་བོ་ཐམས་ཅད་ཀྱིས་རྟོགས་པའི་གཟུགས་ལ་སོགས་པ་རྣམས་རྣལ་འབྱོར་པ་དེ་དག་ཉིད་ཀྱིས་རང་བཞིན་མེད་པ་ཉིད་དུ་རྟོགས་པ་ཡིན་ཏེ། དོན་དམ་པའི་བདེན་པ་རྟོ ་བའི་ཕྱིར་རོ།། ཡང་གང་དག་གིས་འདི་རྣམས་སྒྱུ་མ་ལ་སོགས་པར་དམིགས་པ་དེ་རྣམས་ཕལ་པ་དེ་རྣམས་ལ་ཡང་འགྲུབ་སྟེ། དེའི་ཕྱིར་གཉི་ག་ལ་ཡང་ལོག་པར་རྟོགསྡེ་པ་མེད་པའི་ཕྱིར་དཔེའི་ཆོས་རྣམས་ཉམས་པ་མེད་དོ།། ཡང ་དཔྱོད་པ་པ་ལ་སོགས་པ་གང་རྣམས་ཡུལ་དང་དུས་གཞན་གྱི་བདག་ཉིད་དངོས་པོ་ཉིད་དེ་དེ་བཞིན་དུ་སྣང་བ་ཡིན་ནོ་ཞེས་འདོད་དེ། དེ་རྣམས་ཀྱང་གཞན་དུ་སུན་ཕྱུང་བའི་ཕྱིར་དེའི་འདོད་པ་འདིར་འགེགས་པ་མ་ཡིན་ནོ།། རང་གི་སྡེ ་པ་གང་དེ་དག་ཡང་སེམས་ཀྱི་དངོས་པོ་ཡོད་པ་ཉིད་རྨི་ལམ་ལ་སོགས་པ་རྣམས་ལ་དེ་ལྟར་སྣང་བར་འདོད་དེ། དེ་རྣམས་ཀྱང་སྐབས་ཇི་ལྟ་བར་འོག་ནས་རང་རིག་པ་འགེགས་པར་སུན་འབྱིན་པར་འགྱུར་རོ།། རིགས་པས་གྲུབ་པ ་ཡང་གཉི་ག་ལ་གྲུབ་པ་ཡིན་ནོ།། དེའི་ཕྱིར་དཔེ་དེས་ཕྱིན་ཅི་ལོག་གི་དངོས་པོའི་རང་བཞིནི་འཛིན་པ་ཐེ་མལ་པའི་ཤེས་པ་འཁྲུལ་པ་ཞེས་རྣམ་པར་འཇོག་གོ།། དེ་བཞིན་དུ་རྣལ་འབྱོར་པའི་ཤེས་པ་ལ་ཡང་ཇི་ལྟར་རིགས་པར་ཤེས ་བར་བྱའོ།། གལ་ཏེ་དངོས་པོ་ཐམས་ཅད་རང་བཞིན་མེད་པ་ཞེས་པ་དངོས་པོའི་དེ་ཁོ་ན་ཉིད་ཡིན་ན། འོ་ན་སེམས་ཅན་ཐམས་ཅད་གདོན་པའི་བསམ་པས་སྦྱིན་པ་ལ་སོགས་པའི་ཚོགས་ཡོངས་སུ་རྫོགས་པའི་དོན་དུ་དེ་ཁོ་ན་ཉིད ་རྟོག་པོའི་བྱང་ཆུབ་སེམས་དཔའ་ཡང་ཇི་ལྟར་འཇུག་པར་འགྱུར་ཏེ། དེ་རྣམས་ཀྱང་རང་བཞིན་མེད་པ་ཡིན་པའི་ཕྱིར་རོ་ཞེ་ན། དེའི་ཕྱིར་དགོས་པའི་དོན་དུ་མ་དབྱུང་ཕྱིར་ཞེས་པ་ལ་སོགས་པ་གསུངས་ཏེ། དགོས་པ་ནི་བསྒྲུབ་བྱ་དང་ས ་འབྲས་བུ་བརྗོད་ལ་དོན་ནི་དེའི་རྒྱུ་མཚན་དུའོ།། མ་དཔྱད་པ་ནི་མུ་བརྟགས་པར་དེའི་རྒྱུ་ལ་འཇུག་པའི་ཕྱིར་ཏེ། དེ་ལྟར་གྱུར་ན་ཡང་དེ་ལ་འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ངེས་པ་ཡོད་པའི་ཕྱིརར་རྒྱུ་དང་། འབྲས་བུ་ལ་འགལ ་མེད་དོ།། འདི་སྐད་དུ། གལ་ཏེ་ཡང་སྒྱུ་མ་ལ་སོགས་པོ་རང་བཞིན་མེད་པས་སྦྱིན་པ་ལ་སོགས་པ་རྣམས་རང་བཞིན་མེད་པ་ལྟ་ན་ཡང་འཁོར་གསུམ་ཡོངས་སུ་དག་པས་གུས་པ་ལ་སོགས་པའི་སྦྱོར་བ་ཡོངས་སུ་གོམས་པ་ན།། ་དོན་དམ་པ་རྟོགས་པའི་ཆེད་དུ་དེ་ལྟ་བུར་གྱུར་པ་ཡང་རྒྱུའི་དངོས་པོ་ཉིད་དུ་འགྱུར་ཏེ། དེ་རྣམས་ཀྱི་ཐབས་ཡིན་པའི་ཕྱིར་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་བསམ་གྱིས་མི་ཁྱབ་པ་ཡིན་པའི་ཕྱིར་རོ།། ་ལྟ་བུ་ནི་འབྲས་བུར་རྟོགས་ཏེ་དེ་དེའི་ཐབས་ལས་བྱུང་བའི་ཕྱིར་རོ་ཞེས་བརྗོད་པར་འགྱུར་རོ།། དེ་སྐད་དུ་ཐབས་སུ་གྱུར་པ་ཐ་སྙད་བདེན་པ་དང་། ཐབས་ལས་བྱུང་བའི་དོན་དམ་བདེན་པ་དག་ཅེས་གསུངས་སོ།། འདི་ནི་ངེས་པར ་དེ་ལྟར་ཡིན་ཏེ། གཞོན་དུ་ནུ་དྲི་མ་དང་བཅས་པའི་གནས་སྐབས་ན་ལམཱ་ལ་སོགསུ་པ་མེད་ན་དྲི་མ་དང་བཅས་པའི་གནས་སྐབས་ལ་དྲི་མ་མེད་པ་ལ་གནས་པ་དང་། རྟོག་པ་དང་བཅས་པའི་གནས་སྐབས་ལས་རྟོག་པ་མེ ་པར་ཇི་ལྟར་སྐྱེ་བར་འགྱུར་ཏེ། དེ་དོན་དམ་པར་དེའི་རང་བཞིན་ཡིན་པའི་ཕྱིར་རོ།། འདི་ནི་གཞན་དུ་ཡང་མཚུངས་པ་ཡིན་ཏེ། ཆོས་ཐམས་ཅད་དོན་དམ་པར་རང་བཞིན་མེད་པའི་ཕྱིར་རོ།། རྒྱུ་ཉིད་དང་དེའི་རང་བཞིན་ཐམས་ཅད ་འབྲས་བུར་འདོང་ངོ་།། དེའི་ཕྱིར་ཀུན་རྫོབ་རང་བཞིན་མེད་པ་ལས་ཀྱང་རང་བཞིན་མེད་པའི་རྟོག་པ་ཉིད་འབྲས་བུ་ཡིན་ནོ།། ཇི་ལྟར་འདུས་བྱས་པའི་ལམ་ལས་གཞན་འདུས་མ་བྱས་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་ཏེ། ་དེ་ལྟར་ན་སྦྱིན་པ་ལ་སོགས་པ་དངོས་པོ་ལ་རང་བཞིན་མེད་པ་ཡིན་ན་ཡང་དོན་དམ་པའི་དེ་ཁོ་ན་ཉིད་རྟོགས་པའི་ཆེད་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་རྗེས་འཛིན་པར་མཛད་དེ། གཞོན་དུ ་ན་དོན་དམ་པ་རྟོགས་དང་བྲལ་བའི་ཕྱིར་རོ།། དེས་ན་སྦྱིན་པ་ལ་སོགས་པ་ལ་འཇུག་པ་མ་བཀག་པ་ཉིད་དེ། དེ་བས་ན་འདོད་པ་དང་མི་འདོད་པའི་འབྲས་བུ་ཐོབ་པ་དང་སྤོང་བར་འདོད་པས་དགེ་བ་དང་མི་དགེ་བ་དག་ལ་འཇུག ་པ་དང་ལྡོག་པར་བྱ་སྟེ། འདི་ཡང་ཕྱི་ནས་གསལ་བར་བྱེད་པར་འགྱུར་རོ།། དེ་ལྟར་སྒྱུ་མ་ལ་སོགས་པ་དང་མཚུངས་པའི་དངོས་པོའི་རང་གི་ངོ་བོའི་རང་བཞིན་རྣལ་འབྱོར་པ་རྟོགས་པ་དེ་ཉིད་སྐྱེ་བོ་ཕལ་བས་རྟོགས་ན་ཇི ་ལྷུར་གང་དུ་ལོག་པར་རྟོགས་པ་ཡོད་པར་འགྱུར་ཞེ་ན།། འཇིག་རྟེན་ཞེས་པ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་པ་ནི་སྐྱེ་བོ་ཕལ་པ་སྟེ་རྒྱུ་དང་རྐྱེན་ལ་བརྟེན་ནས་དངོས་པོ་རྣམས་རང་བཞིན་ཐོབ་བོ་ཞེས་སོ།། དེ་ལྟར་ན་དངོས ་པོའི་སྒྲས་ནི་ཡོད་པའི་རང་བཞིན་གྱིས་དངོས་པོ་མེད་པ་བརྗོད་པ་ཉིད་དུ་རྟོགས་སོ།། མཐོང་བ་འབའ་ཞིག་ནི་མ་ཡིན་གྱི་ཡང་དག་པ་ཉིད་དུ་རྟོགས་པར་བྱེད་པའང་ཡིན་ཏེ། ཇི་ལྟར་རང་བཞིན་རྟོག་པ་ཉིད་དོན་དམ་པར་ཞེན་པ ་བྱེད་དོ་ཞེས་པའི་དོན་ཏོ།། གང་འདི་ནི་བདག་གི་རྟོགས་པའི་སྤྱོད་ཡུལ་དུ་གྱུར་པའི་ངོ་བོ་ཡིན་ཏེ། དེ་དངོས་པོ་ཉིད་ཡིན་ནོ་ཞེས་ཞེན་པའི་ཕྱིར་ལྔ་སྒྱུ་མ་བཞིན་དུ་ནི་མ་ཡིན་ཏེ། ཡང་ཇི་ལྟར་རྣལ་འབྱོར་པས་སྒྱུ་མ་བཞིན་དུ་སྟེ། སྒྱུ་མ ་ལྟ་བུར་དོན་དམ་པའི་རང་བཞིན་མཐོང་བ་དེ་བཞིན་དུ་རྟོགས་པ་མ་ཡིན་ནོ།། དེའི་ཕྱིར་འདིར་ཞེས་ཏེ་འདི་ལ་སྤྱོད་པ་སྟེ་ལོག་པར་རྟོགས་པ་ཡིན་ལ། རྣལ་འབྱོར་པ་དང་འཇིག་རྟེན་པ་སྤྱོད་དེ་རྣལ་འབྱོར་པ་དང་འཇིག་རྟེན་པ་ལྷ་ན ་ཅིག་ཏུའོ་ཞེས་པའི་དོན་ཏོ།། དེ་རྟོགས་པའི་དངོས་པོའི་དེ་ཁོ་ན་ཉིད་ལ་འཇིག་རྟེན་པས་མ་རྟོགས་པས་ཡང་འཇིག་རྟེན་དང་ལྷན་ཅིག་ཏུ་དེ་རབ་ཏུ་རྟོགས་པ་ལ་རྣལ་འབྱོར་པས་ཇི་ལྟ་བའི་དོན་འགེགས་པའི་ཕྱིརརོ།། ། ་བསམ་པ་ནི་འདི་ཡིན་ཏེ་དངོས་པོ་ཐམས་ཅད་ལ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ངོ་བོ་གཉིས་ཡོད་པ་ཡིན་ཏེ། དེ་ལ་གང་ཀུན་རྫོབ་ཀྱི་བདེན་པ་དེ་ཉིད་ནི་འཇིག་རྟེན་པས་རྟོགས་པ་ཡིན་ལ་གང་དོན་དམ་པའི་བདེན་པ་དེ་ནི ་རྣལ་འབྱོར་པས་རྟོགས་སོ་ཞེས་བརྗོད་དེ། དཔེར་ན་སྒྱུ་མ་མཁན་གྱིས་སྤྲུལ་པའི་གླང་པོ་ཆེ་ལ་སོགས་པའི་གཟུགས་ཉིད་སྔགས་ལ་སོགས་པའི་གཟུགས་ཉིད་སྔགས་ལ་སོགས་པའི་མཐུས་བསླད་པའི་མིག་ཅན་གྱི་སྐྱེ ་བོ་རྣམས་ཀྱིས་མཐོང་སྟེ། སྒྱུ་མ་མཁན་གྱིས་ནི་དེའི་རང་བཞིན་ལ་སོགས་གཉུག་མུའི་གཟུགས་མཐོང་ངོ་།། དེ་བཞིན་དུ་རྣལ་འབྱོར་པ་དང་འཇིག་རྟེན་པས་ཀྱང་ཡིན་ཏེ་ཇི་ལྟར་རིག་པར་རྟོགས་པར་བྱའོ།། དེ་ལྟར་གྱུར་ན ་ཡང་གུང་སྐྱེ་བོ་མ་ལུས་པ་ལ་ཐུན་མོང་དུ་མངོན་སུམ་གྱི་ཚད་མས་མཐོང་བའི་དངོས་པོའི་རང་བཞིན་དེ་དོན་བྱེད་ནུས་པ་ཡིན་ལྔ། དེ་ལ་ཇི་ལྟར་བསྐོན་པར་ནུས་ཞེས་གཞན་གྱི་སེམས་ཀྱི་དོགས་པ་བསུ་ནས་གཟུགས་སོགས་མངོན ་སུམ་ཞེས་པ་ལ་སོགས་པ་གསུངས་དེ་གཟུགས་ལ་སོགས་པ་གང་ཞིག་མངོན་སུམ་དུ་བྱས་ནས་ཡང་ངོ་།། སོགས་པའི་སྒྲས་ནི་སྒྲ་ལ་སོགས་པ་དང་ཚེར་བ་ལ་སོགས་པ་བཟུང་ངོ་།། དེ་ཡང་ཡོངསུ་གྲགས་པ་ཡིན་ཏེ། ་འཇིག་རྟེན་པའི་ཡོངས་སུ་གྲགས་པ་ཡིན་ལ་ཚད་མས་མིན་ཏེ། ཚད་མས་རྟོགས་པ་མངོན་སུམ་གྱི་གཟུགས་ལ་སོགས་པ་ཡོད་པ་མ་ཡིན་ནོ་ཞེས་པ་དང་འབྲེལ་ཏེ། མངོན་སུམ་ལ་སོགས་པ་ཐ་སྙད་པའི་ཚད་མ་ཉིད་ཡིན་པའི་ཕྱིར ་རོ།། དེས་རྟོགས་པའི་གཟུགས་ལ་སོགས་པ་ཡང་ཀུན་རྫོབ་ཉིད་ཡིན་ཏེ། འཇིག་རྟེན་པའི་ཚད་མས་ཡང་དག་པར་རྟོགས་པར་བྱ་བ་དེ་ཁོ་ན་ཉིད་ཀྱི་རུང་བཞིན་ནི་མ་ཡིན་ཏེ། སྐྱེ་བོ་ཐམས་ཅད་ཀྱིས་དེ་ཁོ་ན་ཉིད་རྟོགས་པར་ཐལ ་བའི་ཕྱིར་རོ།། གླང་གསུངས་པ། གང་ཞིག་དཔུང་པོས་གང་ཞིག་དམིགས་པ་སྟེ། གལ་ཏེ་དེ་ཉིད་ཡིན་གྱུར་ན།། བྱིས་ལ་དེ་ཉིད་རྟོགས་སྐྱེ་བས།། དེ་ཚེ་དེ་ཉིད་ཤོས་ཅི་དགོས་ཞེས་སོ།། དེ་ལྟ་བས་ན་མངོན་སུམ་ཡིན་ཡང་ཚད་མས ་རྟོགས་པ་མ་ཡིན་ནོ།། གཟུགས་ལ་སོགས་པའི་དེ་ཁོ་ན་ཉིད་མངོན་སུམ་ཡིན་ན་ཡང་གལ་ཏེ་ཚད་མུས་མ་རྟོགས་ན་དེ་ལྟར་རབ་ཏུ་གྲགས་པར་འགྱུར། རབ་ཏུ་གྲགས་པ་ན་ཡང་ཇི་ལྟར་བརྫུན་པ་ཡིན་ཞེ་ན། མི་གཙང་ཞེས་པ་ལ ་སོགས་པ་གསུངས་ཏེ། ཇི་ལྟར་ཡང་དོན་དམ་པར་བུད་མེད་ཀྱི་ལུས་ལ་སོགས་པ་མི་གཙང་བ་ལ་ཕྱིན་ཅི་ལོག་ཏུ་ཞེན་པའི་སེམས་ཀྱིས་དེ་ལ་གཙང་བའི་བློ་སྐྱེ་བར་འགྱུར་རོ།། སོགས་པའི་སྒྲས་མི་རྟག་པ་ལ་སོགས་པ་ལ ་རྟག་པ་ལ་སོགས་པའི་བློ་སྐྱེ་བ་གཟུང་ངོ་།། དེ་ཡང་དེ་མ་ཡིན་པ་དེར་འཛིན་པས་བརྫུན་པ་ཡིན་ཏེ་ཕྱིན་ཅི་ལོག་ཏུ་འཛིན་པ་ཡིན་ནོ་ཞེས་དོན་ཏོ།། དེ་བཞིན་དུ་གཟུགས་ལ་སོགས་པ་རྣམས་ལ་ཡང་ཁྱད་པར་མེད་དོ།། གལ་ཏེ། ་མངོན་སུམ་གྱི་ཚད་མས་དེ་མ་གྲུབ་ན་འོན་ཀྱང་ལུ་ཏ་ལས་གྲུབ་པར་འགྱུར་ཏེ། འདི་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་རང་བཞིན་གྱིས་ཡོད་པར་བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལུས ་བསྟན་པ་དང་། སྐད་ཅིག་མ་ལ་སྩོགས་པའི་རང་བཞིན་ཡང་བསྟན་ཏོ།། དེར་གསུངས་པ་འདི་ཡིན་ཏོ།། བྲམ་ཟེ་ཐམས་ཅད་ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་ལ་རྣམས་དང་སྐྱེ་མཆེད་བཅུ་གཉིས་པོ་རྣམས་དང་ཁམས་བཅོ་བརྒྱད་དོ་ཞེས ་བིའི་བར་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ་དང་། འདི་ལྟར་ཡང་། འདུས་བྱས་ཐམས་ཅད་སྐད་ཅིག་མ།། མི་གནས་བྱ་བ་ག་ལ་ཡོད།། འདི་དག་ཆུང་བ་ང་ཉིད་ནི།། བྱ་བོ་དེ་ཉིད་བྱེད་པར་བརྗོད་ཅེས་སོ།། སྒྱུ་མ་ལ་སོགས་པའི་རང ་བཞིན་རྣམ་པ་སྐད་ཅིག་པ་དང་སྐད་ཅིག་མ་ཡིན་པ་ལ་སོགས་པའི་ཆོས་བསྟན་པར་རིག་པ་མ་ཡིན་ཏེ། རང་བཞིན་མེད་པ་རྣམས་ལ་རང་བཞིན་ཅུང་ཟད་ཀྱང་ཡོད་པོ་མ་ཡིན་པའི་ཕྱིར་དེ་ཇི་ལྟར་འདི་རྣམས་དོན་དམ་པར་ཡོད་པ ་མ་ཡིན་ཞེ་ན། འཇིག་རྟེན་གཞུག་པའི་དོན་དུ་ཡང་ཞེས་པ་ལ་སོགས་པ་གསུངས་ཏེ་འཇིག་རྟེན་ནི་དངོས་པོ་ལ་མངོན་པར་ཞེན་པ་ཕུང་པོ་ལ་སོགས་པ་བསྟན་པས་གདུལ་བར་བྱ་བའི་སེམས་ཅན་རྣམས་ཡིནུ་ཏེ། རེ་ཤིག ་སྟོང་པ་ཉིད་བསྟན་པ་ལ་མི་དབང་བར་གྱུར་པ་རྣམས་ཡིན་ནོ།། སྟོང་པ་ཉིད་ལ་གཞུག་པའི་དོན་དུ་རིམ་པ་ཤིན་ཏུ་འཇམ་པོས་གཞུག་པའི་ཆེད་དུ་ཡིན་ནོ།། ཡང་ནི་གཏན་ཚིགས་ཡིན་ཏེ། གང་གི་ཕྱིར་ཕུང་པོ་དང་ཁམས ་ལྔ་སོགས་པའི་མཚན་ཉིད་ཅན་གྱི་ཆོས་རྣམས་དངོས་པོ་ལ་རང་བཞིན་མེད་པའི་ཕྱིར་རོ།། མགོན་པོས་ནི་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ལས་སེམས་ཅན་རྣམས་ཡོངས་སུ་སྐྱོབ་པས་མངོན་པར་མཐོ་བ་དང་ངེས་པར ་ལེགས་པའི་བདེ་བ་ཐོབ་པར་འདོད་པ་ལ་སོགས་པའི་བསམ་པ་མཁྱེན་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྟན་པ་ཡིན་ཏེ། གསོལ་བར་མཛད་པ་ཡིན་གྱི་དྲོན་དམ་པར་ནི་མ་ཡིན་པ་དེ་ལྟ་བས་ན་མདོ་འགལ་བ་ནི་མ་ཡིན་ནོ།། ། ་དེ་སྐད་དུ་རྒྱལ་བས་བདག་དང་བདག་གི་ཞེས།། དགོས་པའི་དབང་གིས་གསུངས་པ་ལྟར།། དེ་བཞིན་ཕུང་པོ་སྐྱེ་མཆེད་ཁམས།། དགོས་པའི་དབང་གིས་གསུངས་པ་ཡིན་ཞེས་གསུངས་པའོ།། གྲལ་ཏེ་དོན་དམ་པར་གསུངས་པ་མ ་ཡིན་ན་འོ་ན་དེ་རྣམས་ཇི་ལྟར་སྐད་ཅིག་མ་ཡིན་ཞེ་ན། དེ་ཉིད་དུ་དེ་སྐད་ཅིག་མ་ཉིད་མིན་ཞེས་གསུངས་ཏེ། དེ་ཁོ་ན་ཉིད་དུ་སྟེ་དོན་དམ་པར་ཡིན་ལ། རང་བཞིན་མེད་པའི་ཕྱིར་སྐད་ཅིག་མ་ཡང་མ་ཡིན་ནོ།། དེ་དག་ནི་དངོས་པོ་འདི་རྣམས ་ཡིན་ཏེ། སྐད་ཅིག་མ་ལ་སོགས་པས་བསྟན་པའི་གདུལ་བྱ་རྣམས་ལ་དེའི་རང་བཞིན་བསྟན་པའི་ཕྱིར་རོ།། གལ་ཏེ་དེ་ཁོ་ན་ཉིད་དུ་སྐད་ཅིག་མ་མ་ཡིན་ན། འོ་ན་ཡང་ཇི་ལྟར་བསྟན་ཞེས་ཡིད་ལ་གཞག་ནས། ཀུན་རྫོབ་ཅེས་སྨོས་ཏེ། ་གལ་ཏེ་ཀུན་རྫོབ་ཏུ་སྐད་ཅིག་མར་བསྟན་ཏོ་ཞེས་བརྗོད་ན། ཞེས་ལན་དོགས་པ་བྱས་ན་དེའི་ཚེ་འགལ་བར་འགྱུར་ཞེས་ཏེ། ཀུན་རྫོབ་ཏུ་སྐད་ཅིག་མ་ཡིན་ཞིང་དོན་དམ་པར་མ་ཡིན་ནོ་ཞེས་འགལ་བར་འགྱུར་ཏེ་འབྲེལ་པར་མི་འགྱུར ་ལ་སྐད་ཅིག་མ་མ་ཡིན་པར་རྟོགས་པ་དང་འགལ་ལོ།། ཐ་སྙད་པ་རྣམས་ཀྱིས་སྐད་ཅིག་མ་མ་ཡིན་པའི་དེ་ཁོ་ན་ཉིད་དུ་རྟོགས་པ་དང་། ཀུན་རྫོབ་ཀྱི་རང་བཞིན་ཞེས་པ་ནི་འགལ་ལོ་ཞེས་པའི་དོན་ཏོ།། འདི་གྲུབ་པའི་མཐའ ་གསུང་བས་སྤོང་བ་ནི་རྣལ་འབྱོར་ཀུན་རྫོབ་ཉེས་མེད་དེ་ཞེས་པ་ལ། འདི་ལ་རྟོགས་པ་དང་འགལ་བའི་ཉེས་པ་མེད་དོ།། ཅིའི་ཕྱིར་ཞེ་ན། གང་ཟག་ལ་བདག་མེད་པའི་ཏིང་ངེ་འཛིན་ཐོབ་པའི་རྣལ་འབྱོར་པ་རྣམས་ཀྱི་ཀུན་རྫོབ་ཀྱི་ཐ་སྙད་ཡིན། ་ཏེ། དེ་སྐད་ཅིག་མ་ཉིད་དུ་རྟོགས་སོ།། སམ་པ་ནི་འདི་ཡིན་ཏེ། ཚུ་རོལ་མཐོང་བ་རྣམས་ཀྱིས་གལ་ཏེ་སྐད་ཅིག་མ་ཉིད་མ་རྟོགས་མོད་ཀྱི་དེ་ལྟ་ན་ཡང་རྣལ་འབྱོར་པའི་ཐ་སྙད་ཀྱི་ཡུལ་ཡིན་ལ། རྣལ་འབྱོར་པའི་ཐ་སྙད་དུ་ཡང་ཀུན་རྫོབ་ཀྱི་རང ་བཞིན་སྤོང་བ་མ་ཡིན་ཏེ། བློ་ནི་ཀུན་རྫོབ་ཡིན་པར་བརྗོད་ཅེས་པའི་ཚིག་ལས་སོ།། རྟོགས་པ་དང་འགལ་བ་ཡང་གནོད་པ་མ་ཡིན་པ་ཉིད་དེ། དེ་ལྟ་བུའི་རྟོགས་པ་ནི་ཚད་མ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ།། ཅིའི་ཕྱིར་ཡང་ཀུན་རྗེག་ཏུ་ཡང་སྐད་ཅིག ་མ་ཉིད་ལ་སོགས་པ་རྣལ་འབྱོར་པ་ཉིད་ཀྱིས་མཐོང་གི་ཚུ་རོལ་མཐོང་བ་རྣམས་ཀྱིས་མ་མཐོང་ཞེ་ན་གསུངས་པ། འཇིག་རྟེན་ལས་ཏེ་ཚུ་རོལ་མཐོང་བའི་བདག་ཉིད་ལས་སོ།། དེ་རྣམས་ནི་རྣལ་འབྱོར་པ་དེ་ཁོ་ན་ཉིད་མཐོང་བ་ཡིན་ཏེ། དབང་པོ ་ལས་མཐོང་བ་ཡིན་ལ། འདི་ནི་གཏན་ཚོགས་ཀྱི་ཚིག་ཡིན་ནོ།། གང་གི་ཕྱིར་དེ་རྣམས་ཀྱིས་དེ་ཁོ་ན་ཉིད་མཐོང་བ་དེའི་ཕྱིར་སྐད་ཅིག་མའི་བདག་ཉིད་ལ་སོགས་པ་འཇིག་རྟེན་པ་རྣམས་ཀྱིས་མ་རྟོགས་ཀྱང་འངས་རྟོགས་པ་ཡིན་ནོ།། དེ་ཉིད ་ཀྱི་ཕྱིར་དེ་རྣམས་ལ་འཇིག་རྟེན་གྱི་རྟོགས་པས་གནོད་པ་ཡོད་པ་མ་ཡིན་ནོ།། ངེས་པར་འདི་ཁས་བླང་བར་བྱའོ།། ཞེས་གཞན་དུ་ཞེས་པ་ལ་སོགས་པ་གསུངས་ཏེ། གཞན་དུ་ན་གལ་ཏེ་འདི་ལྟ་བུ་ཁས་མི་ལེན་ན་དེའི་ཚེ་ཁྱོད་ཀྱིས ་ཁས་བླངས་པ་ལ་འཇིག་རྟེན་གྱིས་གནོད་པར་འགྱུར་རོ།། གང་དུ་ཞེ་ན། བུད་མེད་མི་གཙང་བར་ངེས་པར་རྟོག་པ་ན་སྟེ་མི་གཙང་བར་བསྒོམ་པའི་དུས་ན་འདོད་པར་བྱ་བའི་བུད་མེད་འདི་མི་གཙང་ངོ་ཞེས་ངེས་པར་རྟོག་སྟེ། བསྒོམ ་པའི་དུས་ན་འཇིག་རྟེན་གྱིས་གནོད་འགྱུར་ཏེ། འཇིག་རྟེན་གྱི་གྲགས་པས་གནོད་པར་འགྱུར་ལ། འཇིག་རྟེན་པས་བུད་མེད་ཀྱི་ལུས་མི་གཙང་བ་ཉིད་དུ་ཞེན་པའི་ཕྱིར་རོ།། དེ་ལྟ་བས་ན་འཇིག་རྟེན་པའི་རྟོགས་པ་རྣལ་འབྱོར་པའི་མཐོང་བ་ག ་མ་ཡིན་ནོ།། འདི་ཉིད་དུ་འདི་ལྟ་རབ་རིབྷ་ཀྱིས་མཐོང་བ་ཞེས་པ་ལ་སྩོགས་པ་ལྷག་པའི་གཏན་ཚིགས་འདིར་སྦྱར་བར་བྱའོ།། ལུང་གིས་ཀྱང་དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་གྲུབ་པ་མ་ཡིན་ནོ།། དེ་ལྟ་བས་ན་ཆོས་ཐམས་ཅད་ནཱི་སྠཱ ་མ་དང་རྨི་ལམ་ལ་སོགས་པའི་རང་བཞིན་ཡིན་ནོ་ཞེས་འདི་ངེས་པ་ཡིན་ནོ།། དེ་ལྟར་ན་ཡང་གལ་ཏེ་སྒྱུ་མྲའི་རང་བཞིན་གྱིས་ཐམས་ཅད་ལ་ཁྱབ་པ་ཡིན་ནོ།། འོ་ན་ནི་སངས་རྒྱས་ཀྱང་སྒྱུ་མ་ལྟ་བུ་རྨི་ལམྦྷ་ལྟ་བུ་འགྱུར་རོ།། འདི་ནི ་བཅོམ་ལྡན་འདས་མར་གསུངས་ཏེ། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། ལྷའི་བུ་དག་སེམས་ཅན་དེ་དག་ནི་སྒྱུ་མ། བུ་སེམསས་དེ་དག་ནི་རྨི་ལམ་ལྟ་བུ་སྟེ། ལྷའི ་བུ་དག་དེ་ལྷུར་སྒྱུ་མ་དང་སེམས་ཅན་དེ་དག་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ།། ལྷའི་བུ་དག་ཆོས་ཐམས་ཅད་ཀྱང་སྣུ་མ་ལྟ་བུ་རྨི་ལམྦ་ལྟ་བུའོ།། རྒྱུན་ཏུ་ཞུགས་པ་ཡང་སྒྱུ་མ་ལྟ་བུ་རྨི་ལམྦ་ལྟ་བུའོ།། རྒྱུན་ཏུ་ཞུགས། ་པའི་འབྲས་བུ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ།། དེ་བཞིན་དུ་ལན་ཅིག་ཕྱིར་འོང་བ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བ་དང་། ཕྱིར་མྱི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་དང་། དགྲ་བཅོམ་པའི་འབྲས་བུ་ཉིད་ཀྱང་སྒྱུ་མ ་ལྟ་བུ་རྨི་ལམ་ལྟ་བུའོ།། རང་སངས་རྒྱས་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ།། རང་སངས་རྒྱས་ཉིད་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ།། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ།། ཡང་དག་པར་རྫོགས་པའི ་སངས་རྒྱས་ཉིད་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟའི་བུའོ་ཞེས་པ་ནས་ཇི་སྲིད་དུ་མྱ་ངན་ལས་འོདས་པ་ཡང་ངོ་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ།། མྱ་ངན་ལས་འདས་པ་ལས་ཁྱད་པར་དུ་འཕ་རྫོགས་པའི་ཆོས་གཞན་ཞིག་ཡོད་ཀྱང་དེ་ཡང་སྒྱུ་མ་ལྟ ་བུ་རྨི་ལམ་ལྟ་བུའོ་ཞེས་སྨྲའོ་ཞེས་ཏེ་དེ་ལྟར་ན་དེ་ལ་ཕན་པ་དང་གནོད་པ་དག་ལས་ཇི་ལྟར་བསོད་ནནའོས་དང་སྡིག་པ་སྐྱེ་བར་འགྱུར་རོ་ཞེས་སེམས་ཤིང་དོགས་ནས་སྤྱི་འདྲའི་ཞེས་པ་ལ་སོགས་པས་གསུངས་ཏེ། གལ་ཊ་ཏེ་བཙ ་ལྡན་འདས་ཀྱང་སྒྱུ་མ་ལྟ་བུའི་རང་བཞིན་ཡིན་ན་དེའི་ཚེ་སྒྱུ་མ་ལྟ་བུར་རང་བཞིན་མེད་པའི་རྒྱལ་བ་སྟེ་བཅོམ་ལྡན་འདས་ལ་བསོད་ནམས་ཏེ། མཆོད་པ་དང་བསྙེན་བཀུརེ་དང་ཞབས་ལ་ཕྱག་འཚལ་བ་ལ་སོགས་པ་རྣམས་ཀྱིས ་སྡིགས་པར་སྤྱད་པ་ཇི་ལྟར་ཏེ་གང་དང་འདྲ་བར་འགྱུར་ཞེས་སེམས་ཏེ་དེ་འདྲ་ཡང་མཚོན་པྲཱ་ཙམ་ཡིན་ལ། དེ་ལ་གནོད་པ་བྱས་པ་ལས་སྡིག་པརྱཱ་ཡང་ཇི་ལྟ་བུར་འགྱུར་ཞེས་བ་བར་བྱ་སྟེ། སྒྱུ་མ་མཁན་གྱིས་སྤྲུལ་པའི ་སྐྱེས་བུ་ལ་བཀུར་སྟི་བྱས་པ་དང་། གནོད་པ་བྱེད་པ་དག་ལས་བསོད་ནམས་དང་སྡིག་པ་སྐྱེ་བར་རིགས་པ་མ་ཡིན་ནོ་ཞེས་པ་ནི་གཞོན་གྱི་བསམ་པ་ཡིན་ནོ།། འདིར་སྔར་བརྗོད་པ་ཉིད་ལན་ཡིན་ལ། དེ་བཞིདོན་དུ་འདིར་གཞནལ་འདི ་སྐོད་དྲི་བཱར་བྱ་སྟེ། དངོས་པོ་ཡོད་ལ་གལ་ཏེ་ཇི་ལྟ་བུར་ཞེས་པའོ།། ཡོད་པ་སྟེ་དོན་དམ་པོར་ཡོད་པའི་བཅོམ་ལྡན་འདས་ལ་ཡང་ཇི་ལྟར་ཏེ་ཇི་བཞིན་དུ་ཞེས་གཉི་ག་ལ་སྦྱར་བར་བྱའོ།། དགོས་པ་ནི་འདི་ཡིན་ཏེ། དཔེར་ན་དོན་དམ་པར ་ཡོད་པའི་རྒྱལ་བ་འགའ་ཞིག་ལས་དོན་དམ་པའི་བསོད་ནམས་སྐྱེ་བར་འགྱུར་བ་དེ་བཞིན་དུ་གཞན་ལ་ཡང་སྒྱུ་མཱ་ལྟ་བུ་ལས་སྒྱུ་མ་ལྟ་བུ་ཉིད་ཡིན་ལ། ཁྱེད་དང་ཁོ་བོ་ཅག་ལ་ཁྱད་པར་ཅུང་ཟད་ཀྱང་མེད་དེ། འདི་རྟེན་ཅིང་འབྲེལ་པར ་འབྲུས་ཙམ་དུ་གཉིས་ག་ལ་ཐུན་མོང་ཡིན་པའི་ཕྱིར་རོ།། དེས་ན་གང་ཁྱེད་ཀྱི་ལེན་ཡིན་པ་དེ་ཉིད་བདག་ཅག་གི་ཡང་ཡིན་ཏེ། ཁྱད་པཱར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ།། རིགས་པས་གྲུབ་པ་དོན་དམ་པར་ཡོད་པའི་དངོས་པོའི་རང ་བཞིན་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་བསྒྲུབས་ཟིན་ཏོ།། སྒྱུ་མ་ལྟ་བུའི་རྒྱལ་བ་ལས་བསོད་ནམས་སྐྱེར་ཆུག་པ་དེ་ལྟ་ན་ཡང་འདི་ལ་ལན་ཇི་ལྟར་འདེབས་ཞེས། གལ་ཏེ་སེམས་ཅན་ཞེས་པ་ལ་སོགས་པ་སྨོས་སོ།། ཡང་ནྱ་གྲཞན ་དུ་སྦྱར་བར་བྱ་སྟེ། གལ་ཏེ་རྒྱལ་བ་ཡང་སྒྱུ་མ་ལྟ་བུ་ཡིན་ན་དེ་ལྟར་ན་འཁོར་བའི་སེམས་ཅན་རྣམས་ལ་ཇི་ལྟར་བརྗོད་དེ། དེ་རྣམས་ཀྱང་དེ་བཞིན་དུ་བརྗོད་དེ། ལྷའི་བུ་སེམས་ཅན་དེ་རྣམས་ཀྱང་སྒྱུ་མ་ལྟ་བུའི་ཞེས ་བྱ་བའི་ཚིག་ལས་སོ།། དེ་ལྟར་ན་ཉེས་པ་ཆེན་པོར་ཐལ་བར་འགྱུར་རོ།། ཞེས་པ་གལ་ཏེ་སེམས་ཅན་ཞེས་པ་ལ་སོགས་པ་གསུངས་ཏེ། གལ་ཏེ་སྒྱུ་མ་ལ་སོགས་པའི་རང་བཞིན་དང་འདྲ་བའི་ཆོས་སེམས་ཅན་སྲོག་ཚོགས་རྣམས་ཡིན ་ནོ། ཤི་ནས་ཇི་ལྟར་སྐྱེ་ལ་ཇི་ལྟར་ཞེས་པ་ནི་འདྲི་བ་འམ་མི་བཟོད་པའོ།། ཤི་བ་ནི་རིགས་མཐུན་པ་ལས་ཉམས་པ་ཡིན་ལ། ཇི་ལྟར་སྐྱེ་སྟེ་ཡང་འབྱུང་བར་འགྱུར་ཞེས་འདིར་རྒྱ་མཚན་བརྗོད་པར་བྱ་བ་འམ་འདི་རིགས་པ་མ་ཡིན་ནོ། ་ཞེས་སོ།། སྒྱུ་མའི་སྐྱེས་བུ་ཞིག་ནས་སྐྱེ་བ་ནི་ཡོད་པ་མ་ཡིན་ཏེ། དེ་ལྟ་བས་ན་དོན་དམ་པར་ཡོད་པའི་དངོས་པོ་ཡིན་ནོ་ཞེས་ཁས་བླང་བར་བྱའོ།། འདི་ཁས་བླང་བར་མི་བྱའོ་ཞེས་པ་ཇི་སྲིད་ཅེས་པ་ལ་སོགས་པ་གསུངས་ཏེ། དུས་ཇི་སྲིད ་དུ་རྐྱེན་རྣམས་ཏེ་རྒྱུ་རྣམས་ཡིན་ལ། སྔགས་དང་སྨན་ལ་སོགས་པའི་ཚོགས་འདུས་པ་སྣ་ཚོགས་པར་གྱུར་ཅིང་རྒྱུ་ཡིན་པ་ན་དུས་དེ་སྲིད་དུ་སྒྱུ་མ་ཡང་འཇུག་པ་ཡིན་ཏེ་སྔར་ལྡོག་པ་མ་ཡིན་ནོ།། དེ་བཞིན་དུ་ཇི་སྲིད་དུ་མ་རིག ་པ་དང་ལས་དང་སྲེད་པའི་རང་བཞིན་གྱི་ཚོགས་པ་དེ་སྲིད་དུ་སེམས་ཅན་གྱི་རྒྱུན་གྱི་སྒྱུ་མ་ཡང་འབྱུང་བར་འགྱུར་ཏེ། གིང་རྐྱེན་རྣམས་གང་ཡིན་པ་ནི་འཇུག་པའི་ཕྱིར་རོ།། གལ་ཏེ་དོན་དམ་པར་སེམས་ཅན་མེད་ན་འཁོར་བ་ཇི་སྲིད་དུ ་སེམས་ཅན་གྱི་རྒྱུན་རྣམས་ཇི་ལྟར་འཇུག་པར་འགྱུར་ཏེ། སྒྱུ་མཱ་བཞིན་དུ་ཡུན་ཐུང་བར་འབྱུང་བ་ནི་མ་ཡིན་ནོ་ཞེ་ན། འདི་ལ་བརྗོད་པ། ཇི་སྲིད་རྐྱེན་རྣམས་ཚོགས་གྱུར་པ།། དེ་སྲིང་སྒྱུ་མ་འབྱུང་བར་འགྱུར་ཞེས་སོ།། གཞན་ཡང་ཡུན་རྙིང ་དུ་གནས་པས་ཀྱང་ཡང་དག་པ་ཉིད་དུ་རྣམ་པར་བཞག་པའི་སྒྱུ་མ་ཡིན་ནོ་ཞེས། རྒྱུན་རིང་ཙམ་གྱིས་ཤེས་པ་ལ་སོགས་པ་གསུངས་ཏེ།། རྒྱུ་ནི་རྙིང་སྟེ་དུས་རིང་པོར་གནས་པའི་རྒྱུད་འབྱུང་བ་དེ་ཉིད་དེ་ལྟ་བུ་ཙམ་འབའ་ཞིག་ངེས་ཇི ་ལྟར་ཏེ་རྣམ་པ་གང་གི་སྒོ་ནས་སེམས་ཅན་ཡོད་ཅིང་བདོག་ཅེ་སྣ་འདྲི་བའོ།། ཡོད་པ་ནི་དོན་དམ་པར་རོ།། འདི་ལྟ་བུའི་ཁྱད་པར་ཡོད་པས་གང་ལ་ཡུན་རིང་པོ་གནས་པའི་རྒྱུ་དང་རྐྱེན་གྱི་ཁྱད་པར་ཡོད་པ་དེ་ཡུན་རིང་པོར་འཇུག་པ་ཡིན་ལ། ་གང་ལ་དེ་བཞིན་དུ་མེད་པ་དེ་རྗེས་སུ་ལྡོག་པ་ཡིན་ཏེ། དེ་ཙམ་གྱིས་ཡང་དག་པ་དང་ལོག་པ་ནི་མ་ཡིན་ནོ།། དེ་ལྟ་བས་ན་སྒྱུ་མའི་རང་བཞིན་ཡིན་ན་ཡང་སླར་མི་སྐྱེ་བ་ནི་མ་ཡིན་ནོ།། དེ་ལྟ་ན་འོ་ན་སྒྱུ་མའི་སྐྱེས་བུ་བསད་པ་ལ་སྲོག་གཅོད་པ ་མྱེད་པ་དེ་བཞིན་དུ་དེ་ལས་གཞན་པོའི་སྐྱེས་བུ་བསྙད་པ་ལྔ་སྩོགས་པ་ཡང་མི་འགྱུར་ཏེ། རང་བཞིན་ཐ་དད་པ་མ་ཡིན་པའི་ཕྱིར་རོ་ཞེ་ན། སྒྱུ་མའི་སྐྱེས་བུ་ཞེས་པ་ལ་སོགས་པ་གསུངས་ཏེ། སྒྱུ་མོའི་སྐྱེས་བུ་བསང་སོགས་གལ་ཏེ ་སྲོག་དང་བྲལ་བ་ལ་སོགས་པ་ལའོ།། སོགས་པའི་སྒྲས་ནི་འདི་ལ་མ་བྱིན་པར་བླངས་པ་ལ་སོགས་པ་ཡིན་ལ་རང་བཞིན་མོང་པ་ཉིད་དུ་མཚུངས་ནི་ཡང་སེམས་ཏེ། རྣམ་པར་ཤེས་པ་སྒྱུ་མ་སྐྱེས་བུའི་རྒྱུད་ལ་མེད་པ་སྟེ་མི་སྲིད་པའི ་ཕྱིར་སྡོག་མེད་དེ་མི་དགེ་བ་སྐྱེ་བར་མི་འགྱུར་རོ།། དེ་ལ་ཡང་བསང་པའི་བསམ་པས་བརྒྱ་པ་པཱ་ལས་མི་དགེ་བར་འགྱུར་བ་ཁོ་ནར་ཏྟེ། སྲོག་གཅོད་པ་ནི་མ་ཡིན་ནོ།། སྒྱུ་མའི་སྐྱེས་བུ་ལས་གཞན་ལ་ནི་སྲོག་གཅོད་པ ་ཇི་ལྟར་འགྱུར་ཞེ་ན། སྟ་མོའི་སེམས་ཞེས་པ་ལ་སོགསརྦ་གསུངས་ཏེ། སེམས་ཉིད་སྒྱུ་མ་ཡིན་ཏེ་སྒྱུ་མའི་སེམས་ཡིན་ལ་དེ་དང་མཚུངས་ཏེ་ལྡན་པ་ལའོ།། སྒྱུ་མའི་རང་བཞིན་གྱིས་སེམས་དུང་འབྲེལ་ཞེས་པའི་དོན་ཏོ།། ནིའི་སྒྲས་ནི་སྔར ་ལས་ཁྱད་དུ་བྱེད་པའི་དོན་ཏོ།། བསོད་ནམས་དང་སྡིག་པ་ནི་བསོད་ནམས་དང་སྡིག་པོ་དག་སྟེ། ཕན་པ་དང་གནོད་པ་དག་གི་ཉེས་པར་དཔྱད་པ་དང་ལེགས་པར་དཔྱད་པ་ལས་བྱུང་བ་ནི་ཚེགས་པའི་ཁྱད་པར་ལས་འབྲས་བུའི་ཡིན་ཏེ། ་དཔེར་ན་སྡེ་བོ་དང་གཞན་ལས་སྐྱེས་པའི་མྱུ་གུ་དགེ་རྣམ་པར་མཚུངས་པར་ཡོད་ཀྱང་རྒྱུའི་ཁྱད་པར་ལུས་རང་བཞིན་གྱི་ཁྱད་པར་ཡིན་པ་དེ་བཞིན་དུ་འདྲི་ལ་ཡང་བརྗོད་པའི་ཉེས་པ་ཡོད་པ་མ་ཡིན་ནོ།། གང་སྒྱུ་མའི་སེམས་དང ་ལྡན་པ་ལ་ཞེས་བརྗོད་པ་ན་དེ་ལོ་གཞན་གྱི་ཉམས་པར་འགྱུར་རོ་ཞེས་སྔགས་སོགས་ཞེས་པ་ལ་སོགས་པ་སྨོས་ཏེ། སྔགས་ལྔ་སོགས་པའི་སྒྲས་ནི་སྤྱན་ལ་སོགས་པ་ཡིན་ལ་སེམས་བསྐྱེད་པ་ལ་ནུས་པ་མེད་པས་ཏེ ་བྱ་བ་མི་བྱེད་པའི་ཕྱིར་སྒྱུ་མ་ལ་སེམས་འབྱུང་བ་མེད་ཅིང་སྒྱུ་མའི་རང་བཞིན་ནི་སེམས་སུ་འགྱུར་བ་མ་ཡིན་ཏེ་དཔེར་ན་གཞན་རྨོངས་པའི་རྒྱུ་མཚན་ཅན་རྣམས་ལ་སྒྱུ་མ་མཁན་གྱི་རབ་ཏུ་སྦྱར་བའི་སྔགས་ལ་སོགས་པའི ་མཐུས་གླང་པོ་ཆེ་ལ་སོགས་པའི་རྣམ་པར་འགྲུབ་ལ་དེ་བཞིན་དུ་སེམས་ཡོད་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་གཞན་གྱི་བསམ་པ་ཡིན་ནོ།། འདིའི་ལན། སྣ་ཚོགས་རྐྱེན་ཞེས་པ་ལ་སོགས་པ་གསུངས་ཏེ། ཡང་གི་སྒྲས་ནི་ངེས་པར་གཟུང ་བའམ་རིམ་པ་གཞན་དུ་སྦྱར་བ་ཡིན་ཏེ། སྒྱུ་མ་དེ་སྣ་ཚོགས་ཉིད་དེ་རྣམ་པ་སྣ་ཚོགས་པ་ཉིད་ཡིན་ལོ། ཤིན་ཏུ་ཡང་རྐྱེན་སྣ་ཚོགས་ལས་བྱུང་བ་ཡིན་ཏེ། སྣ་ཚོགས་པའི་རྐྱེན་རྣམ་པ་དུ་མ་ལས་བྱུང་ཞིང་སྐྱེས་པ་གང་ཡིན་པ་དེ་ལ་དེ་སྐད ་ཅེས་བྱའོ།། དགོངས་པ་ནི་འདི་ཡིན་ཏེ། གལ་ཏེ་ཡང་སྒྱུ་མ་སྒྱུ་མ་ཞེས་བྱ་བའི་སྒྲ་མཚུངས་པ་དེ་ལྟ་ན་ཡང་དེའི་རྒྱལ་ཐ་དད་པ་མེད་པ་མ་ཡིན་ཏེ། སྒྱུ་མའི་རང་བཞིན་ན་ཡང་འབྲས་བུ་སྣ་ཚོགས་པའི་རང་བཞིན་ཡིན་པའི་ཕྱིར་རོ།། འབྲས ་བུ་གཅིག་པ་རྒྱུ་གཅིག་མཐོང་བས་འབྲས་བུའི་སྒྲ་མཚུངས་པའི་ཕྱིར་ཐམས་ཅད་དུ་དེ་ཉིད་ཡིན་ནོ་ཞེས་བརྟག་པར་རིག་པ་ནི་མ་ཡིན་ཏེ། འོན་ཀྱང་སྒྲ་མཚུངས་ན་ཡང་འགའ་ཞིག་ལ་འགའ་ཞིག་གི་ནུས་པའི་རང་བཞིན་ཐ་དད་པའི ་ཕྱིར་རོ།། དེ་ཉིད་བསྟན་པའི་ཕྱིར། རྐྱེན་གཅིག་གིས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཅིག་གི་ནུས་པ་འགའ་ལ་མཐོང་བའི་རྐྱེན་གཅིག་སྟེ་རྒྱུ་ཐམས་ཅད་ཀྱི་ནུས་པ་འབྲས་བུ་ཐམས་ཅད་ལ་ནུས་པ་ཡོད་པ་ནི་སྲིད་པ་མ་ཡིན ་ཏེ། འགའ་ཞིག་ཏུ་མཐོང་ཞེས་བྱས་ནས་གང་ན་ཡང་སྟེ་དུས་འགའ་ཞིག་གམ་ཡུལ་འགའ་ཞིག་ཏུ་མཐོང་བ་འམ་འདོད་པ་མ་ཡིན་ནོ།། དེའི་ཕྱིར་སྒྱུ་མ་འགའ་ཞིག་སྔགས་ལ་སོགས་པའི་ནུས་པས་གྲུབ་པའི་རང་བཞིན་དང་འགའ ་ཞིག་ཡང་ཐོག་མ་མེད་པའི་འཁོར་བ་ནས་འཇུག་པའི་ཆེ་བའི་བདག་ཉིད་མ་རིག་པ་ལས་བྱུང་བས་རབ་ཏུ་འཇུག་གོ།། དེ་ལྟ་བས་ན་ཐམས་ཅད་ལ་ནི་སྔགས་ལ་སོགས་པ་ལ་ནུས་པ་ཡོད་པ་མ་ཡིན་ནོ།། འདི་ཐམས ་ཅད་འཇིག་རྟེན་པའི་ཐ་སྙད་ཀྱི་རྗེས་སུ་འབྲང་སྟེ་རྟོག་པས་སྤྲུལ་པའི་ཀུན་རྫོབ་ཀྱི་དངོས་པོའི་དེ་ཁོ་ན་ཉིད་ལ་བརྟེན་ནས་བྱུང་བ་ཡིན་གྱིས་དོན་དམ་པར་ནི་མ་ཡིན་ཏེ། དོན་དམ་པའི་གནས་སྐབས་ན་སྐྱེ་བ་དང་འཆི་བ་དང་འབྱུང་བ་དང་འགག ་བ་དང་རྒྱུ་དང་འབྲས་བུ་དང་དངོས་པོ་དང་། དངོས་པོ་མེད་པ་ལ་སོགས་པའི་བརྟགས་པ་མེད་པའི་ཕྱིར་ན་ཆོས་ཐམས་ཅད་རང་བཞིན་གྱིས་ལྡོག་པའི་ཕྱིར་རོ།། འདི་ལས་མ་བཟོད་ནས་གཞན་ཡོད་སླར་ཡང་ཐལ་བར་འགྱུར་བ་བརྗོད ་པ་ནི་གལ་ཏེ་དོན་དམ་ཞེས་པ་ལ་སོགས་པའོ།། མྱ་ངན་ལས་འདས་པ་ནི་རང་བཞིན་གྱིས་སྟོང་པ་ཡིན་པའི་སྐྱེ་བ་དང་འགག་པ་ལ་སོགས་པ་དང་བྲལ་བ་ཡིན་ལ། དོན་དམ་པར་དོན་དམ་པའི་བདེན་པ་ཡིན་ཏེ། རང་བཞིན་གྱིས་མྱ ་ངན་ལས་འདས་པར་གདོད་མ་ནས་ཞི་བའི་ཕྱིར་རོ།། གལ་ཏེ་ཀུན་རྫོབ་ནི་ཀུན་རྫོབ་ཀྱི་བདེན་པས་ཏེ། བརྟགས་པ་ཉིད་ཀྱིས་སོ།། འཁོར་བར་འགྱུར་བ་ནི་སྐྱེ་བ་དང་རྒ་ཤི་ལ་སོགས་པའི་དང་ལྡན་པར་གྱུར་པ་ཡིན་ལ། དེའི་ཚེ་འགྲོལ ་བ་ཆེན་པོར་འགྱུར་རོ་ཞེས་སངས་རྒྱས་ཀྱང་ནི་འཁོར་འགྱུར་བས་ཞེས་བརྗོད་དེ། འདི་ལྟར་ཁས་བླངས་པ་ན་སྒྲིབ་པ་ཐམས་ཅད་དང་བྲལ་བས་མྱ་ངན་ལོས་འདས་པའི་སངས་རྒྱས་ཀྱང་འཁོར་བར་འགྱུར་ཏེ། སྐྱེ་བ་ལ་སོགས་པའི ་དང་ལྡན་པར་འགྱུར་རོ།། གང་གི་ཕྱིར་དེ་ལྟར་ན་རྒྱུ་དེས་བྱང་ཆུབ་ཀྱི་སྤྱོད་པ་ཅི་ཞིག་བྱ་སྟེ། བྱང་ཆུབ་པའི་ཆེད་ནི་སངས་རྒྱས་ཀྱི་ཆེད་དུ་སྤྱོད་པ་སྟེ་ལག་པ་དང་རྐང་པ་དང་མགོ་བོ་ལ་སོགས་པ་སྦྱིན་པ་སྔོན་དུ་འགྲོ་བའི་སྡུག་བསྔལ་དུ ་མའི་མཚན་ཉིད་ཀྱིས་ཅི་ཞིག་བྱ་ཞིང་དགོས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། བརྗོད་པའི་རིམ་པས་འབྲས་བུ་མེད་པའི་ཕྱིར་རོ།། དེ་ཡང་འཁོར་བའི་ཆོས་ཐམས་ཅད་ལྡོག་པའི་ཆེད་དུ་ཡོན་ཏན་ཐམས་ཅད་བསྡུས་པ་ལ་བརྟེན་ཏེ ་ཏེ་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར་ཡང་དག་པར་བརྟེན་ལ་དེ་ལྟ་ན་ཡང་འཁོར་བའི་ཆོས་མ་ལོག་ན་བསྒྲུབས་པས་ཅི་ཞིག་བྱ་ཞེས་བསམས་པའོ།། འདི་ཡང་ཇི་སྲིད་རྐྱེན་རྣམས་ཚོགས་གྱུར་པ་ཞེས་བྱ་བ་ལ་སོགས་པ་བསལ ་བ་ཡིན་ཏེ། སླར་ཡང་ཁྱད་པར་བསྟན་པའི་ཕྱིར། རྐྱེན་རྣམས་རྒྱུན་ནི་མ་ཆུད་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྐྱེན་རྣམས་ཏེ་རྒྱུ་རྣམས་རྒྱུན་མ་ཆད་ཅིང་མ་ཉམས་ནའོ།། ནི་ཞེས་པ་ནི་གང་གི་ཕྱིར་ཏེ་སྒྱུ་མ་འང་ཡིན་ཏེ་འཁོ ་བཱ་འབའ་ཞིག་ནི་མ་ཡིན་ལ། འང་གི་སྒྲས་ནི་སྡུད་པ་ཡིན་ཏེ། རྒྱུན་ཆད་ཅིང་ལྡོག་པོར་མི་འགྱུར་རོ།། རྐྱེན་རྣམས་ཏེ་རྒྱུ་རྣམས་རྒྱུན་ཆད་པའི་ཕྱིར་ལྡོག་པས་ན་ཀུན་རྫོབ་ཀྱང་བརྟགས་པ་ཉིད་དེ། ཐ་སྙད་དུ་ཡང་འཁོར་བ་སྲིད་པ་མ ་ཡིན་ནོ།། རྐྱེན་རྣམས་རྒྱུན་ཆད་པ་ཡང་དེ་ཁོ་ན་ཉིད་ལ་གོམས་པར་བྱས་པས་མ་རིག་པ་ལ་སོགས་པ་རིམ་གྱིས་འགལ་བར་འགྱུར་པར་ཤེས་པར་བྱའོ།། དེ་ཇི་ལྟར་སཱ་ལུ་ལྟུང་བའི་མདོ་ལས་འདི་སྐད་དུ། བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་བྱམས་པས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ།། བཅོམ་ལྡན་འདས་ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པས་གང་འདི་སྐད་དུ། དགེ་སློང་དག་གང་གིས་རྟེན་ཅིང་འབྲེལ་པར ་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ་།། གང་གིས་ཆོས་མཐོང་བ་དེས་སངས་རྒྱས་མཐོང་ངོ་ཞེས་གསུངས་པ་དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་གང་ཞེ་ན། འདི་ལྔ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན ་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད ་པ་སྐྱེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤཽ་དང་། མྱ་ངན་དང་། སླེ་སཱཌ་འདོན་པ་དང་། སྡུག་སྔ་ང། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར ་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འབྱུང་བར་འགྱུར་རོ།། དེ་ལ་མ་རིག་པ་འགོགས་པས་འདུ་བྱེད་འགག་ཞེས་པ་ནས། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འགག་པར་འགྱུར་ཏེ། འདི་ལ་རྟེན་ཅིང ་འབྲེལ་པར་འབྱུང་བ་ཞེས་བརྗོད་དོ།། སྔ་མ་བཞིན་དུ་འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན་ཏེ། རྟག་པོ་དང་། སྲོག་མེད་པ་དང་། སྲོག་དང་བྲལ་བ་དང་། ཇི་ལྟ་བུ་ཉིད་དང་། མ་ནོར་བ་དང་། མ་སྐྱེས་པ་དང་། མེ་བྱུང་བ་དང་། ་མ་བྱས་པ་དང་། འདུས་མ་བྱས་པ་དང་། ཐོགས་པ་མེད་པ་དང་། དམིགས་པ་མེད་པ་དང་། ཞི་བ་དང་། འཇིགས་པ་མེད་པ་དང་། མི་འཕྲོགས་པ་དང་། རྣམ་པར་ཞི་བ་མ་ཡིན་པའི་རང་བཞིན་གྱིས་མཐོང་བ་དེས་ཆོས་ཐམས ་ཅད་མཐོང་ངོ་།། གང་གིས་འདི་ལྟར་རྟག་པ་དང་སྲོག་མེད་པ་ནས་རྣམ་པར་ཞི་བ་མ་ཡིན་པའི་རང་བཞིན་དུ་མཐོང་བ་དེས་བླ་ན་མེད་པའི་ཆོས་ཀྱི་སྐུར་སངས་རྒྱས་མཐོང་བ་ཞེས་གོང་མ་བཞིན་དུའོ།། དེ་ལ་མ་རིག་པ་གང་ཞེ་ན། ་ཁམས་དྲུག་པོ་འདི་དག་ཉིད་ལ་གང་གཅིག་པུར་འདུ་ཤེས་པ་དང་། རིལ་པོར་འདུ་ཤེས་པ་དང་། རྟག་པར་འདུ་ཤེས་པ་དང་། བརྟན་པར་འདུ་ཤེས་པ་དང་། ཐེར་ཟུག་ཏུ་འདུ་ཤེས་པ་དང་། བདེ་བར་འདུ་ཤེས་པ་དང་། བདག་ཏུ ་འདུ་ཤེས་པ་དང་། སེམས་ཅན་དུ་འདུ་ཤེས་པ་དང་། སྲོག་ཏུ་འདུ་ཤེས་པ་དང་།། སྐྱེ་བར་འདུ་ཤེས་པ་དང་། ཤིང་བུར་འདུ་ཤེས་པ་དང་། ཤོང་ལས་སྐྱེས་བུར་འདུ་ཤེས་པ་དང་། བདག་ཏུ་ང་རྒྱལ་དང་། བདག་གི་བར་འདུ་ཤེས ་པ་སྟེ། འདི་ལྟ་བུ་ལ་སོགས་པ་སྣ་ཚོགས་པ། མི་ཤེས་པ་ལ་མ་རིག་པར་བརྗོད་དོ།། དེ་ལ་མ་རིག་པ་ཡོད་པས་ཡུལ་རྣམས་ལ་འདོད་ཆགས་དང་། ཞེ་སྟོང་དང་། གཏི་མུག་འཇུག་སྟེ། དེ་ལ་ཡུལ་རྣམས་ལ་འདོད་ཆགས་དང་། ཞེ ་སྡང་དང་། གཏི་མུག་གང་ཡིན་པ་འདི་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱའོ།། དངོས་པོ་སོ་སོར་རྣམ་པར་རིག་པ་ནི་རྣམ་པར་ཤེས་པའོ།། འབྱུང་བ་ཆེན་པོ་བཞི་པོ་ཉེ་བར་གཟུང་ནས། གཟུགས་གཅིག་པོ་ནི་གཟུག ་སོ་རྣམ་པར་ཤེས་པ་དང་ལྷན་ཅིག་བྱུང་བ་ཉེ་བར་ལེན་པའི་ཕུང་པོ་བྱན་པོ་གཟུག་ཅན་དུ་མུ་ཡིན་པའི་ཉེ་བར་ལེན་པའི་ཕུང་པོ་ནི་མྱིང་སྟེ། དེ་དང་དེ་ནི་མིང་དང་གཟུགས་སོ།། མིང་དང་གཟུགས་ལ་བརྟེན་པའི་དབང་པོ་རྣམ ་ནི་སྐྱེ་མཆེད་དྲུག་གོ།། ཆོས་གསུམ་འདུས་པ་ནི་རེག་པའོ།། རིག་པ་མྱོང་བ་ནི་ཚེར་བའོ།། ཚོར་བུ་ལྟོ་ཞེན་པ་ནི་སྦེད་པའོ།། སྨད་པ་འཕེལ་བ་ནི་ལེན་པའོ།། ལེན་པ་ལྔས་སྐྱེས་པ་ཡང་སྲིད་པ་བསྐྱེད་པའི་ལས་ནི་སྲིད་པའོ།། རྒྱུ་དེ་ལས་ཕུང་པོ ་བྱུང་བ་ནི་སྐྱེ་བའོ།། སྐྱེས་ནས་ཕུང་པོ་སྨིན་པ་ནི་རྒས་པའོ།། རྒ་སོ་ནས་ཕུང་པོ་འཇིག་པ་ནི་འཆི་བའོ།། འཆེ་ཞིང་མྱོ་སྟེ་མངོན་པར་ཆགས་དང་བཅས་པའི་ན་གཱི་ཡོངས་སུ་གདུང་བ་ནི་མྱ་ངན་ནོ།། མྱ་ངན་ལས་བྱུང་བའི་ཚིག་ཏུ ་ཏུ་སྨྲ་བ་ནི་སྒྲ་སྔགསོ་འདོན་པའོ།། རྣམ་པར་ཤེས་པ་ལྔའི་ཚོགས་དང་ལྡན་པའི་མི་བདེན་པ་མྱོང་བ་ནི་སྡུག་བསྔལ་མྱོང་བའོ།། ཡིད་ལ་བྱེད་པ་དང་ལྡན་པའི་ཡིད་ཀྱི་སྡུག་བསྔལ་ནི་ཡང་མི་བདེ་བའོ།། གཞན་ཡང་འདི་ལྟ་བུ ་ལྔ་སོགས་པ་ཉོན་མོངས་པ་གང་ཡཱིནུ་པ་ནི་འཁྲུག་པ་ཞེས་བྱའོ།། དེ་ལཱ་མུན་པ་ཆེན་པོའི་ཕྱིར་མཱ་རིག་པའོ།། མངོན་པར་འདུ་བྱེད་པའི་ཕྱིར་འདུ་བྱེད་རྣམས་སྷོ།། རྣམ་པར་རིག་པའི་ཕྱིར་རྣམ་པརཾ་ཤེས་པའོ།། རློམ་པའི་ཕྱི ་མིང་དང་གཟུགས་སོ།། སྐྱེ་བའི་སྒོའི་ཕྱིར་སྐྱེ་མཆེད་དྲུག་གོ།། རིག་པའི་དོན་གྱིས་རིག་པའོ།། མྱོང་བའི་ཚོར་བའོ།། སྐེམ་པོའི་ཕྱིརརོ་སྲང་པོའོ།། ཉེ་བར་ལེན་པའི་ཕྱིར་ལེན་པའོ།། ཡང་སྲིད་པ་བསྐྱེད་པའི་ཕྱིར་སྲིང་པོའོ།། ་ཕུང་པོ་འབྱུང་བའི་ཕྱིར་སྐྱེ་བའོ།། ཕུང་པོ་སྨིན་པའི་ཕྱིར་རྒས་པའོ།། འཇིག་པའི་ཕྱིར་འཆི་བའོ།། མྱ་ངན་བྱེད་པའི་ཕྱིར་མྱ་ངན་ནོ།། ཚིག་གི་སྐྱེ་བའི་ཕྱིར་སྨྲེ་སྔགས་འདོན་པའོ།། ལུས་ལ་གནོད་པའི་ཕྱིར་སྡུག་བསྔལ་བའོ།། སེམས་ལ ་གནོད་པའི་ཕྱིར་ཡིད་མྱི་བདེ་བའོ།། ཉོན་མོངས་པའི་ཕྱིར་འཁྲུག་པའོ་ཞེས་རྒྱས་པར་གསུངས་སོ།། དེ་ལྟར་ཉོ་བར་བསྟན་པའི་རྐྱེན་རྣམས་རྒྱུན་མ་ཚད་ན་འདུ་བྱེད་ཉམས་པ་མེད་པར་འཇུག་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ ་ཡན་ལག་བཅུ་གཉིས་པོ་དེ་ཉིད་འདུ་བྱེད་པ་ཡིན་པའི་ཕྱིར་རོ།། སློབ་དཔོན་གྱི་ཞལ་སྔ་ནས། ཇི་ལྟར་འཕངས་བཞིན་རིམ་གྱིས་རྒྱུན།། སྐྱེས་ནས་ལས་དང་ཉོན་མོངས་ཀྱིས།། འཇིག་རྟེན་ཕ་རོལ་དག་ཏུ་འགྲོ། སྲིད་པའི་འཁོར་ལི་ཐོག ་མ་མེད།། དེ་ནི་རྟེན་ཅིང་འབྲེལ་འབྱུང་པོའི།། ཡན་ལག་བཅུ་གཉིས་ཆ་གསུམ་མོ་ཞེས་གསུངས་པ་ཡིན་ནོ།། རྐྱེན་རྣམས་ཡང་རྒྱུན་ཆད་ན་རྣམ་པ་ཐམས་ཅད་དུ་འཁོར་བ་མེད་པར་འགྱུར་ཏེ། རྒྱུ་མ་ཚང་བའི་ཕྱིར་རོ།། དེའི་ཕྱིར་ས ་ཀྱང་འཁོ་ལ་ཀཽ་འགྱུར་བ་དེ་ནི་མ་ཡིན་ནོ།། དེ་ལྟར་རེ་ཞིག་མདོ་སྡེ་པ་ལ་སོགས་པའི་བརྒལ་བ་བསྔལ་ནས། རྣལ་འབྱོར་སྤྱོད་པཾ་པའི་ལོག་པར་རྟོག་པ་བསལ་བའི་ཆེད་དུ་དེའི་ལུགས་ཀྱིས་ཉིས་པར་བརྗོད་པ་ནི། གང་ཚོ་འཁྲུལ ་པ་ཞེས་པ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་དབུ་མར་སྨྲ་བ་རྣམས་ཀྱིས་འགྲོ་བ་ཐམས་ཅད་སྒྱུ་མའི་བདག་ཉིད་ཀྱིས་རང་བཞིན་གྱིས་སྟོང་པར་ཁས་བླངས་པ་ན་ཕྱི་རོལ་བཞིན་དུ་སྒྱུ་མའི་རང་བཞིན་ཀུན་རྫོབ་འཛིན་པར་བྱེད ་པའི་བློ་ཡང་ཁྱེད་ལ་ཡོད་པ་མ་ཡིན་ལ། དེའི་ཚེ་སྒྱུ་མ་གང་གིས་དམིགས་པར་འགྱུར་ཏེ། གང་གིས་རྟོགས་པར་འགྱུར་བ་དེ་འཛིན་པ་དངོས་པོ་ཡོད་པའི་ཤེས་པ་མ་གཏོགས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། ་ཞེས་པའི་དོན་ཏོ།། གང་གི་ཡང་རང་གི་སེམས་ཉིད་དོན་དམ་པར་ཡོད་པ་ཡིན་ལ། ཕྱི་རོལ་གྱི་རང་བཞིན་ཉིད་ཀྱི་འཁྲུལ་པས་དེ་བཞིན་དུ་སྣང་སྟེ། དེ་ལ་ནི་ཉེས་པ་ཡོད་པ་མ་ཡིན་ནོ་ཞེས་པ་ནི་བསམ་པའོ།། དེ་ལྟ་བུ་བསལ་བའི་དོན་དུ་གང ་དུ་གང་ཚེ་ཁྱོད་ལ་ཞེས་པ་ལ་སོགས་པ་གསུངས་ཏེ། གླང་པོ་ལ་སོགས་པའི་རྣམ་པར་འཇུག་པས་གཟུང་བར་བྱ་བ་ཉིད་ཀྱི་གང་གི་ཚེ་སྒྱུ་མ་ཉིད་ཁྱོད་དེ། རྣམ་པར་ཤེས་པར་སྨྲ་བ་ཁྱེད་ཅག་ལ་ཡོད་པ་མ་ཡིན་ཏེ། འགྲོ་བ་སེམས་ཙམ་དུ ་ཁས་ལེན་པས་ཕྱི་རོལ་གྱི་དོན་མེད་པའི་ཕྱིར་དེའི་ཚེ་ཅི་ཞིག་དམིགས་ཏེ། དེའི་ཚེ་འདིར་ཅི་ཞིག་སྣང་བར་འགྱུར། ཕྱི་རོལ་གྱི་དོན་མེད་པའི་ཕྱིར་ཡུལ་ལ་སོགས་པར་རྣམ་པར་ཆད་པའི་སྣང་བ་རིགས་པ་མ་ཡིན་ནོ་ཞེས་པའི་དོན ་ཏོ། དེ་ལ་གཞན་གྱི་བསྡམ་པའི་དོགས་པས་གལ་ཏེ་དངོས་པོར་ཞོན་པ་ལ་སོགས་པ་གསུངས་ཏེ། རང་གི་སེམས་ཉིད་འཁྲུལ་པས་ཕྱི་རོལ་གྱི་གཟུགས་ཉིད་དུ་གླང་པོ་ཆེ་ལ་སོགས་པའི་རྣམ་པར་སྣང་བ་ཡིན་ནོ་ཞེས་གསུངས་སོ་ཞེ ་ན། གསུངས་པ་ཉིད་ཡིན་ཏེ་འོན་ཀྱང་སེམས་ཉིད་རྣམ་པར་ཤེས་པ་ཉིད་ཡིན་ཏེ། དེ་ནི་ཞེས་པ་ནི་ཡུལ་ལ་སོགས་པ་ཆད་པར་གཟུང་བར་བྱ་བ་ཉིད་ཀྱིས་རབ་ཏུ་སྣང་བ་དང་ལྡན་པ་ཡིན་ལ། རྣམ་པ་ནི་སྣང་བ་ཡིན་ཏེ། གཞན་ཞེས་པ ་ནི་རླུང་གི་འཛིན་པ་སེམས་ཀྱི་རྣམ་པ་གཞན་ལ་ཡོད་པ་ནི་བདོག་པ་སྟེ་དེ་ཁོ་ན་ཉིད་ཀྱི་དངོས་པོ་ཡིན་ལ་གལ་ཏེ་ཡང་ཞེས་པ་ནི་ཁས་བླངས་པ་བརྗོད་པ་ཡིན་ཏེ། དེ་ལྟ་ན་ཡང་འདི་ནི་འབྲེལ་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གང་ཚེ་སེམས ་ཉིད་སྒྱུ་མ་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། སེམས་ཉིད་རྣམ་པར་ཤེས་པ་ཉིད་ཡིན་ཏེ། རིག་པར་བྱེད་པ་པོ་ཉིད་དུ་ཁས་བླངས་པ་ཡིན་ལ་གང་གི་ཚེ་སྒྱུ་མ་ལས་གཞན་མ་ཡིན་པའི་རིག་པ་པོ་སེམས་ལས་ཐ་དད་པ་སྒྱུ་མ་ཞེས་བྱ་བ ་འགྲའ་ཡང་ཡོད་པ་མ་ཡིན་ཏེ། དེའི་བདག་ཉིད་ཡིན་པས་དེ་དེ་ལྟར་སྣང་བ་ཁས་བླང་བའི་ཕྱིར་རོ།། དེ་ཚེ་གོང་ཞིག་གང་གིས་མཐོང་ཞེས་ཏེ། གང་ཞིག་གང་གིས་རྟོགས་པར་འགྱུར་ཏེ། མཐོང་བ་ཉིད་འབའ་ཞིག་ཡོད་ཀྱི་མཐོང་བར་བྱ ་བ་ནི་མེད་ལ། མཐོང་བར་བྱ་བ་མེད་པར་མཐོང་བ་ཡང་ཡོད་པ་མ་ཡིན་ཏེ། དེ་ནི་མཐོང་བར་བྱ་བ་ལ་ལྟོས་པའི་ཕྱིར་རོ།། དེའི་ཕྱིར་གང་གིས་ཅུང་ཟད་ཀྱང་མཐོང་བ་མ་ཡིན་ཏེ། དེ་ལྟ་བས་ན་འགྲོ་བ་མཐའ་དག་ལོང་བ་ཉིད་ཐོབ་པར་འགྱུར ་རོ་ཞེས་དགོངས་པ་ཡིན་ནོ།། གལ་ཏེ་དེ་ལྟར་གྱུར་ན་ཡང་གལ་ཏེ་ཤེས་པའི་བདག་ཉིད་མྱོང་བ་མ་ཡིན་པར་འགྱུར་ལ། འོན་ཀྱང་རང་རིག་པ་ཉིད་ཀྱིས་རང་གི་ངོ་བོ་མྱོང་བ་ན་དེ་ལས་ཐ་མི་དད་པའི་སྒྱུ་མ་ལ་སོགས་པ་ཡང་རྟོགས་པ ་ཡིན་ཏེ། དེ་ལྟར་གྱུར་ན་ཡང་ཅུང་ཟད་ཀྱང་ཉམས་པ་མེད་དོ་ཞེས་རྣམ་པར་ཤེས་པར་སྨྲ་བའི་བསམ་པའི་དོན་པས་གསུངས་པ། འཇིག་རྟེན་གྱིས་ནི་མགོན་པོས་ཀྱང་ཞེས་པ་ལ་སོགས་པ་གསུངས་ཏེ། འགྲོ་བ་རང་བཞིན་གྱིས་སྟོང ་པཱ་ཉིད་དུ་གང་གི་ཚེ་རིགས་པས་བསྟན་པ་དེའི་ཚེ། གང་གིས་གང་གི་རང་བཞིན་གྱིས་དངོས་པོ་ཞེས་གླང་ཞིག་གང་གིས་རྫོགས་པར་འགྱུར། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་སྟོང་པ་ཡིན་ཏེ། སྟོང་པ་ཉིད་ཀྱི་མཚན་ཉིད ་ཀྱི་མཚན་ཉིད་སེམས་ཡིན་ཞིང་ཆོས་ཐམས་ཅད་རྣམ་པར་དབེན་པ་དང་། རྣམ་པར་དབེན་པའི་མཚན་ཉིད་ཀྱང་སེམས་ཡིན་ནོ་ཞེས་གསུངས་སོ།། གཞན་ཡང་འཇིག་རྟེན་གྱི་མགོན་པོས་ཀྱང་གསུངས་ཤིང་བཀའ་སྩལ་པ་ཡིན་ཏེ། འཇིག་རྟེན་ནི་སེམས ་ཅན་ཐམས་ཅད་ཡིན་ལ། མགོན་པོས་ཞེས་པ་ནི་སྐྱབས་ཏེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སོ།། ཅི་ཞིག་གསུངས་ཤེ་ན། སེམས་ཀྱིས་སེམས་མི་མཐོང་ཞེས་ཏེ། སེམས་ཀྱི་བདག་ཉིད་ནི་སེམས་ཀྱིས་ཤེས་པ་མ་ཡིན་ཏེ། དངོས་པོ་དེ་ཁོ ་ན་ཉིད་དུ་ཡོད་ཀྱང་བདག་ཉིད་ལ་བྱེད་པ་འགལ་བློའི་ཕྱིར་རོ།། ཅི་ལྟ་བུ་ཞེ་ན། རལ་གྱི་སོ་ནི་རླུང་ཞེས་ཏེ། ཛཱ་ལྟར་ཤིན་ཏུ་རྣོ་བའི་རལ་གྲིའི་སོས་གཞན་བཞིན་དུ་བདག་ཉིད་དེ་རང་གི་ལུས་མི་གཅོད་ཅིང་གཅོད་པར་མི་བྱེད་དེ། བདག་ཉིད་ལ་བྱེད་པ ་འགལ་བའི་ཕྱིར་རོ།། དེ་བཞིན་དུ་ཡོད་ཀྱང་རལ་གྲིའི་སོ་བཞིན་དུ་བདག་ཉིད་ཀྱིས་སེམས་ཀྱི་བདག་ཉིད་མི་མཐོང་ངོ་ཞེས་སྦྱར་རོ།། ཤེས་པ་གཅིག་པུ་དེ་ལ་རིག་པར་བྱ་བ་དང་རིག་པར་བྱེད་པ་དང་། རིགས་པའི་བདག་ཉིད་གསུམ་མི་རིག་སྟེ། ་ཆ་ཤས་མེད་པ་གཅིག་ལ་རང་བཞིན་གསུམ་མི་འཐད་པའི་ཕྱིར་རོ།། དེ་ལ་འདི་འཕགས་པ་གཙུག་ན་རིན་པོ་ཆེའི་མདོ་ལས། དེ་སེམས་ཀུན་ཏུ་ཚོལ་བ་ན་སེམས་ནང་ན་ཡང་དག་པ་རོ་རྗེས་སུ་མི་མཐོང་། སེམས་ཕྱི་རོལ་ན་ཡང་དག་པར ་རྗེས་སུ་མི་མཐོང་ཞེས་པ་དང་། ཕུང་པོ་རྣམས་ལ་ཡང་སེམས་ཡང་དག་པར་རྗེས་སུ་མི་མཐོང་། ཁམས་རྣམས་ལ་ཡང་སེམས་ཡང་དག་པར་རྗེས་སུ་མི་མཐོང་། སྐྱེ་མཆེད་རྣམས་ལ་ཡང་སེམས་ཡང་དག་པར་རྗེས་སུ་མི་མཐོང་ངོ་།། དེས ་སེམས་ཡང་དག་པར་རྗེས་སུ་མ་མཐོང་བས། སེམས་གང་ལས་བྱུང་ཞེས་སེམས་ཀྱི་རྒྱུན་ཀུན་ཏུ་ཚོལ་ཞིང་དེ་འདི་སྙམ་དུ་སེམས་ཏེ། དམིགས་པ་ཡོད་པ་ལས་སེམས་འབྱུང་བར་འགྱུར་རོ་སྙམ་མོ།། དེ་ཡང་འདི་སྙམ་དུ་སེམས ་ཏེ། ཅི་དམིགས་པ་དེ་གཞན་ལེ། སེམས་དེ་ཡང་གཞན་ནམ། འོན་ཏེ་དམིགས་པ་གང་ཡིན་པ་དེ་ཉིད་སེམས་ཡིན། གལ་ཏེ་དམིགས་པ་ཡང་གཞན་ལ་སེམས་ཀྱང་གཞན་ན་ནི་སེམས་དེ་གཉིས་སུ་འགྱུར་རོ།། འོན་ཏེ་དམིགས་པ་གང་ཡིན ་པ་དེ་ཉིད་སེམས་ཡིན་ན་སེམས་དེ་ལྟར་མཐོང་བར་འགྱུར་ཏེ། སེམས་ཀྱིས་སེམས་མཐོང་བར་མི་རུང་ངོ་།། འདི་ལྟ་སྟེ་དཔེར་ན། རལ་གྲིའི་སོ་དེ་ཉིད་ཀྱིས་རལ་གྲིའི་སོ་ང་ཉིད་བཅང་པར་མི་ནུས་པ་དང་། སོར་མོའི་རྩེ་མོ་དེ་ཉིད་ཀྱིས་སོ ་མོའི་རྗེ་མོ་ལ་རེག་པར་མི་ནུས་པ་དེ་བཞིན་དུ་སེམས་དེ་ཉིད་ཀྱིས་སེམས་དེ་ཉིད་མཐོང་བར་མི་ནུས་སོ་ཞེས་རྒྱས་པར་གསུངས་སོ།། འདིར་སེམས་ཙམ་ཉིད་སྨྲ་བས་རང་ལ་བྱེད་པ་འགལ་བ་བསལ་བར་འདོད་ཅིང་རང་གི་ཕྱོགས ་བསྒྲུབ་པའི་ཆེད་དུ་དཔེ་བརྗོད་པ་ཇི་ལྟར་མར་མེ་ཞེས་པ་ལ་སོགས་པ་གསུངས་ཏེ། རང་གི་དངོས་ནི་རང་གི་རང་བཞིན་ཡིན་ཏེ། དཔེར་ན་མར་མེ་བཞིན་དུ་སྟེ་མར་མེ་ལྟར། ཡང་དག་གསལ་བར་བྱེད་ཅིང་མངོན་པར་བྱེད་དོ།། འདི་ལྟར ་ལྟར་ཡང་ངེས་པས་མུན་པ་ལ་སོགས་པའི་དངོས་པོ་རྟོགས་པར་བྱ་བའི་ཆེད་དུ་མཱར་མེ་འདེགས་པར་བྱེད་ལ། དེ་བཞིན་དུ་མར་མེ་གསལ་བྱར་བྱ་བའི་ཆེད་དུ་ནི་མར་མེ་གཞན་མ་ཡིན་ཏེ། འོན་ཀྱང་བུམ་པ་ལ ་སོགས་པ་གསལ་བར་བྱེད་པ་གང་ཡིན་པ་དེ་ཉིད་ཀྱང་གསལ་བར་བྱེད་ལ། དེ་བཞིན་དུ་སྐྱོབས་སུ་བབ་པའི་རང་རིག་པ་ལ་ཡང་གོ་བར་བྱ་ཞིང་ཅུང་ཟད་འགལ་བ་ཡོད་པ་མ་ཡིན་ནོ་ཞེས་ཐམས་ཅད་དུ་སྦྱར་བར་བྱ་སྟེ། དེ་ལྟ་བུ་སེན་མར་མེ ་བཞིན་དུ་འགལ་བ་མེད་པོ་ཉིད་དོ་ཞེ་ན། གལ་ཏེ་དེ་ལྟར་སེམས་ན་དེའི་ཚེ་འོད་སྲིད་སྨྲ་བར་མི་བྱའོ།། ཅིའི་ཕྱིར་ཞེ་ན། མཱར་མེ་ཞེས་པ་ལ་སོགས་པ་གསུངས་ཏེ། གསལ་བར་བྱ་བ་མཱ་ཡིནྡ་པཱ་ཉིད་ཡིན་ཏེ། བུམ་པོ་ལ་སོགས་པ་བཞིན་དུ་གསལ ་བཱར་བྱ་བ་མ་ཡིན་པ་ཁོ་ནའོ།། གང་གྷྲཾ་ཕྱིར་མཱར་མེ་མུན་གྱིས་བསྒྲིབས་པ་མེད་དེ་མུན་པོས་གཡོགས་པ་རྩཝ་ཡིན་ནོ།། སྒྲིབ་པར་བྱུང་བ་ཡོད་པ་སེལ་བ་ནི་གསལ་བ་ཡོན་ནོ།། དེའི་ཕྱིར་བུམ་པ་ལ་སོགས་པ་གསལ་བ་ནི་དེ་རྣམས་སྔར་ཡོད ་པའི་ཕྱིར་ལ། དེ་ལྟར་མར་མི་ནི་མ་ཡིན་ཏེ། དེ་སྔར་མེད་པའི་ཕྱིར་རོ།། མེད་པ་ཡང་གསལ་བར་རིག་པ་མ་ཡིན་ཏེ་མེད་པ་ཉིད་ཀྱི་ཕྱིར་རོ།། དེའི་ཕྱིར་འདི་ལྟར་མར་མེ་ནི་གསལ་བ་མོ་ཡིན་ཏེ། འདི་ལྟར་མི་འདྲ་བའི་ཕྱིར་རོ།། མར་མེའི་དཔེས ་ནི་བསྒྲུབ་བྱ་འགྲུབ་པ་མ་ཡིན་ནོ།། དེ་ལྟར་གྱུར་ན་ཡང་ཇི་ལྟར་མར་མེ་ཞེས་པ་ལ་སོགས་པས་མར་མེའི་བདག་ཉིད་གང་ཡིན་པོ་ནི་མུན་པས་བསྒྲིབ་པ་གསལ་བར་བྱེད་པ་ཡིན་ནོ་ཞེས་འདི་སྐད་དུ་བརྗོད་པ་ནི་མ་ཡིན་ལ། འོན་ཀྱང ་དེའི་རང་བཞིན་གྱི་དབབ་དུ་བྱས་ཏེ། གཞན་ལ་ལྟོས་པ་མ་ཡིན་པ་ཙམ་ཡིན་ནོ་ཞེས་བརྗོད་པར་བྱའོ།། འདི་ཉིད་བསྟན་པའི་ཕྱིར། ཤེལ་བཞིན་ཞེས་པ་ལ་སོགས་པ་གསུངས་ཏེ། ནི་ཞེས་བྱ་བ་ནི་གང་གི་ཕྱིར་ཏེ། ཇི་ལྟར་ཤེལ ་རྡོརང་བཞིན་སྔོན་པོ་མ་ཡིན་པར་ཡོད་པ་ཡོན་ཏན་སྔོན་པོ་ཉིད་དུ་སྐྱེད་པ་ལ་རྒྱུ་མཚན་གཞན་གྱི་ཁྱད་པར་འདབ་མི་སྔོན་པོ་ལ་སོགས་པ་ཉེ་བ་ལ་ལྟོས་ལ། དེ་བཞིན་དུ་དངོས་པོ་རང་ཉིད་ཀྱིས་སྔོན་པོ་ཡིན་པ་པོལྟ་ན་ཡང་སྔོན་པོ་ཉིད ་དུ་བྱ་བ་ལ་ཁྱུང་པར་གཞན་ལ་བལྟོས་པ་ནི་མ་ཡིན་ནི།། དེ་བཞིན་ཞེས་ཏེ་རྣམ་པ་དེས་བུམ་པ་ལ་སོགས་པའི་དངོ་སྡེ་པོ་ཅུང་ཞིག་མར་མེ་ལ་སོགས་པ་གཞན་ལ་ལྟོས་པས། གསལ་བ་མཐོང་ལ་མར་མེ་ལ་སོགས་པ་འགའ་ཞིག ་ཡིངད་གཞན་ལ་ལྟོས་པ་མ་ཡིན་ཞིང་རང་ཉིད་གསལ་བའི་བདག་ཉིད་དུ་མཐོང་སྟེ་དམིགས་པ་ཡིནཱ་ལཱ། འདི་ཙམ་ཉིད་བརྗོད་པར་འདོད་པ་ཡིན་ནོ།། དེ་བཞིན་དུ་རྣམ་པར་ཤེས་པ་ཙམ་དུ་སྨྲ་བས་ཁྱད་པར་བརྗོད་པ་ལ། གྲུབ་བྱའི ་མཐའ་སྨྲ་བས་སྔོན་པོ་ཉིད་རེ་ཞིག་གཞན་ལ་བལྟོས་པ་མེད་པར་དཔེའི་སྒོ་ནས་བསྟན་པ་དགག་པའི་ཕྱིར། སྔོན་ཉིད་མིན་ལེ་ཞེས་པ་ལ་སོགས་པ་གསུངས་ཏེ། དཔེ་འདི་ཡང་འདྲ་བ་མ་ཡིན་ཏེ། གང་གི་ཕྱིར་སྔོན་པོ་ཡང་སྟོན་པོ ་ཉིད་དུ་བྱེད་པ་ཡེ་ཤེས་བཞིན་དུ་གཞན་ལ་མ་བལྟོས་པ་མ་ཡིན་ཏེ། དེའི་ངོ་བོར་འགྱུར་བ་ལ་རང་གི་རྒྱུ་དང་རྐྱེན་ལ་བལྟོས་པའི་ཕྱིར་རོ།། འདི་ཡང་ནམ་གྱི་ཚེ་གཞན་ལ་བལྟོས་པ་ཡོད་པར་འགྱུར་ཞེ་ན། གལ་ཏེ་སྔོན་པ་མ ་ཡིན་པ་ཉིད་དུ་རང་གི་རྒྱུ་ལས་སྐྱེས་ན་ཡང་དེར་འགྱུར་བ་ལ་གཞན་ལ་མ་ལྟོས་པར་རང་ཉིད་ཀྱིས་སྔོན་པོའི་བདག་ཉིད་དུ་བྱེད་ན་སྟེ་དེ་ཡང་ཡོད་པ་མ་ཡིན་ནོ།། གང་གི་ཕྱིར་སྔོན་པོ་མ་ཡིན་ཏེ་སྔོན་པོའི་ཡོན ་ཏན་དང་བྲལ་བ་ན་ཡིན་ནོ།། ཞེས་འགེགས་པར་བྱེད་དེ། དེ་ཞེས་བྱ་བ་ནི་སྔོན་པོར་འདོད་པའི་དངོས་པོ་ཡིན་ལ། སྔོན་པོ་སྟེ་སྔོན་པོའི་ཡོན་ཏན་དང་ལྡན་པ་ཡིན་ཞིང་། བདག་ཉིད་དེ་རང་གི་ངོ་བོ་ཉིད་ཀྱི་རང་བཞིན་གྱིས་བྱེད་པ་མ་ཡིན ་ལ། སྔར་བཞིན་དུ་བྱེད་པར་ནུས་པ་མ་ཡིན་ཏེ། བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར་རོ།། དེའི་ཕྱིར་སྔོན་པོ་ཡང་སྔོན་པོ་ཉིད་དུ་བྱེད་པ་ལ་ཤེལ་བཞིན་དུ་གཞན་ལ་མ་ལྟོས་པ་མ་ཡིན་ཏེ། འདི་ལྟར་ཤེལ་རྡོ་ཡང་དངོས་པོ་གནས་པའི་ངོ་བོ་ཉིད ་ཁྱུད་པེར་གཞན་དང་ཉེ་བས་སྔོན་པོས་བསྒྱུར་བར་གྱུར་པ་ཡིན་ཏེ། འོན་ཀྱང་ཐམས་ཅད་རང་གཱི་ཉེ་བར་ལེན་པའི་སྐད་ཅིག་མོ་དང་སྔོན་པོའི་ཁྱད་པར་ལྷན་ཅིག་བྱེད་པའི་རྐྱེན་ལས་ཀྱང་སྔ་མཾ་རང་ཉིད་ཀྱིས་འགགས་ནས། ཤེལ་གྱི ་སྔོན་པོའི་ཡོན་ཏན་གྱིས་བསྒྱུར་བ་གཞན་ཉིད་སྐྱེ་བཪྵ་འགྱུར་རོ།། ཞེས་པ་ནི་གྲུབ་པའི་མཐའ་ཡིན་ནོ།། དཱ་ལ་ཡོན་ཏན་སྐྱེད་པ་ལ་རྒྱུ་དང་རྐྱེན་ལ་འོག་ལས་པར་ནི་འདྲི་དག་ཐུན་མོང་ཉིད་ཡིན་ལེ། དེ་བཞིན་དུ་སྐབས་སུ་བབ་པའི་བསྒྲུབ ་བྱེ་ལ་ཡང་ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ།། འོ་ནི་ནི་མཛའ་བོས་ཡིད་དུ་འོང་བ་བསྒྲུབས་པ་ཡིན་ཏེ། གང་གི་ཕྱིར་རང་གི་རྒྱུ་དང་རྐྱེན་ལས་བེམས་པོའི་རང་བཞིན་ལས་བཟློག་གིས་བདག་ཉིད་དུ་བསྐྱེད་པའི་ཤེས་པ་ཉིད ་གསལ་བ་གཞན་ལམ་བལྟོས་པར་བདག་ཉིད་གསལ་བ་ལ་རང་རིག་པར་བརྗོད་དེ། འདི་ཉིད་ནི་ཁོ་བོས་ཀྱང་སྔོན་པོའི་བདག་ཉིད་དཔྱད་པས་བསྒྲུབས་པ་ཡིན་ནོ།། འདི་ཙམ་ཉིད་ཀྱིས་མར་མེ་ཡང་དཔེར་བྱས་པ་ཡིན་ལ། ཡང་ཁོ་བོ་ཅག ་རྣམས་ཀྱིས་ལས་དང་བྱེད་པ་པོ་དང་བྱ་བ་ཐ་དད་པས་ཤེས་པའི་བདག་ཉིད་གསྔལ་བར་ནི་ཡོད་པ་མ་ཡིན་ཏེ། ཡོད་པ་གཅིག་ལ་ལས་ལ་སོགས་པའི་རང་བཞིན་གསུམ་མི་རིགས་པའི་ཕྱིར་རོ།། དེ་བྱ་བ་ཐ་དད་པའི་སྒོ་ནས་སྟོན ་བརྗོད་ན་ཡང་ཁོ་བོ་ནི་ཅུང་ཟད་ཀྱང་སུན་ཕྱུང་བ་མ་ཡིན་ཏེ། རང་གི་རྒྱུ་ལས་སྐྱེས་པའི་བདག་ཉིད་ཀྱི་གསལ་བ་མ་ཉམས་པའི་ཕྱིར་རོ།། དེ་ལྟར་ན་བདག་ཉིད་རིག་པ་ལ་སྐྱོན་བརྗོད་པས་ཐལ་བ་མེད་དོ།། དེ་བརྗོད་པ། རྣམ་ཤེས་བེམས་པོའི་རང ་བཞིན་ལས། བཟློག་པ་རབ་ཏུ་སྐྱེ་བ་སྟེ། བེམས་མིན་རང་བཞིན་གང་ཡིན་པ།། དེ་ཉིད་བདག་ཉིད་ཤེས་པ་ཡིན།། གཅིག་པ་ཆ་མེད་རང་བཞིན་ལ།། གསུམ་གྱི་བདག་ཉིད་མི་འཐང་ཕྱིར།། འདི་ཡི་རང་བཞིན་རིག་པ་ནི།། བྱཱ་དང་བྱེད་པོའི ་དངོས་པོར་མིན་ཞེས།། འདི་ལ་བརྗོད་པར་བྱ་སྟེ། བྱ་བ་དང་བྱེད་པ་པོའི་ཁྱད་པར་གྱིས་ཐ་སྙད་ལས་གྲུབ་པའི་སྒྲའི་དོན་རྟོགས་པ་ཉེས་པ་བརྗོད་པ་ཡིན་ཏེ། རང་རིག་པའི་སྒྲས་དེའི་དོན་བརྗོད་པའི་ཕྱིར་རོ།། གལ་ཏེ་ཡང་ཉེས་པོས ་འཇིགས་ནས་འཇིག་རྟེན་ལ་གྲགས་པའི་སྒྲའི་དོན་ཡོངས་སུ་སྤོང་ན། དེའི་ཚེ་ཁྱེད་ལ་འཇིག་རྟེན་པ་ཉིད་ཀྱིས་གནོད་པར་འགྱུར་ལ། འདིས་ཀྱང་རང་རིག་པ་དོན་དམ་པ་འགྲུབ་པ་མ་ཡིན་ཏེ། དེ་བཞིན་དུ་རྒྱུ་དང་། རྐྱེན་ལས་སྐྱེས་པའི ་གཟུགས་བརྙན་རང་བཞིན་མེད་པ་ཉིད་དུ་བརྗོད་ལ། དེ་ལྟར་ཡཱར་རིག་པའི་ཤེས་པ་ནི་ཤིན་ཏུ་ཡང་མེད་པ་ཡིན་ཏེ། དེ་ཁོ་ན་ཉིད་དུ་གཉུག་མའི་རང་བཞིན་དུ་མེད་པའི་ཕྱིར་རོ།། རང་བཞིན་མེད་པར་ཡང ་ན་མཁའི་ཨུཏྤལའི་བདག་ཉིད་རང་རིག་པར་ཡང་རིགས་པ་མ་ཡིན་ནོ།། དབུ་མར་སྨྲ་བ་པོ་རྣམས་ཀྱི་དབང་དུ་བྱས་ཏེ་བེམས་པོའི་རང་བཞིན་ཡོད་པ་མ་ཡིན་ཞིང་། གུང་གིས་བེམས་པའི་ལས་བཟློག་པ་བེམས་པོ་མ་ཡིན་པའི་རང ་རིག་པར་འགྱུར་བ་དོན་དམ་པར་གང་ཞིག་ཀྱང་ཡོད་པ་མ་ཡིན་ནོ།། དེ་ལྟ་བས་ན་དངོས་པོར་སྨྲ་བ་གཞན་ཉིད་ཀྱི་དབང་དུ་བྱས་ཏེ། འདི་སྨྲ་བར་རིགས་པ་ཡིན་ནོ།། དེའི་ཕྱིར་ན་རང་བཞིན་མེད་པ་ཉིད་ཀྱིས་ནམ་ཡང་རང་རིག་པ ་གྲུབ་པ་མ་ཡིན་ནོ།། འདི་ཡང་ཕྱི་ནས་དྲན་པ་ཉེ་བར་བཞག་པ་སྟོན་པའི་སྐབས་སུ་རྒྱས་པར་བྱའོ།། ད་ནི་མར་མེ་རང་ཉིད་གསལ་བར་ཁས་བླངས་ནས་བློ་ལ་རང་རིག་པ་རིགས་པ་མ་ཡིན་ནོ།། ཞེས་བསྟན་པའི་ཆེད་དུ་མྱུར་མེ་ཞེས ་པ་ལ་སོགས་པ་གསུངས་ཏེ། མར་མེ་རབ་ཏུ་གསལ་བའི་བདག་ཉིད་དུ་གྱུར་པ་དེ་ལྟ་ན་ཡང་བློ་རང་རིག་པར་བསྒྲུབ་པ་ལ་འདྲ་བའི་དཔེ་མ་ཡིན་ནོ།། ཞེས་པ་ནི་བསྡུས་པའི་དོན་ཏོ།། མར་མེ་གསལ་བར་བྱེད་དོ་ཞེས་པ་ནགས ་བར་བྱེད་པ་གཞན་ལ་མོ་བསྡུས་པར་རང་ཉིད་ཀྱིས་གསལ་བ་ཡིན་ནོ་ཞེས་ཤེས་པར་བྱས་ནས་ཏེ། ཤེས་པས་གོ་བར་བྱས་ནས་ཟློས་བརྗེད་པར་བྱེད་ཅིང་རབ་ཏུ་རྟོགས་པར་བྱང་ངོ་། མར་མ་ཤེས་པའི་ཡུལ་ཡིན་པའི་ཕྱིར་རོ།། ་བློ་ནིནཱི་ཤེས་པ་ཡིན་ལ་གསལ་བ་ཉིད་ཅེས་པར་གང་བརྗོད་པ་དེ་ཡང་གང་གིས་ཤེས་ནས་ཏྭེ་གོ་བཱར་བྱས་ནས། བརྗོད་ཅེས་གཞན་ལ་དྲིས་པ་ཡིན་ཏེ། འདིར་ཡང་བློ་རྟོགས་པར་བྱེད་པའི་རྒྱུ་མཚན་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་པའི་སྒྲ ་ནི་མི་སྲིད་པ་སྟོན་པར་བྱེད་པ་ཡིན་ནོ།། རེ་ཞིག་ཤེས་པ་སྔ་མས་ནི་དེ་རྟོགས་པ་མ་ཡིན་ཏེ། དེའི་དུས་ན་མ་སྐྱེས་པའི་ཕྱིར་དེ་མེད་པས་སོ།། དུས་ཕྱིས་འབྱུང་བས་ཀྱང་མ་ཡིན་ཏེ། དེའི་ཚེ་སྐད་ཅིག་མ་ཡིན་པ་ཉིད་ཀྱིས་གཟུང་བར་བྱ་བ་འདུ ་པའི་ཕྱིར་རོ།། དེ་དང་དུས་མཉམ་པར་གྱུར་པས་ཀྱང་མ་ཡིན་ཏེ། དེས་དེ་ལ་ཕན་མི་འདོགས་པའི་ཕྱིར་ལ། ཕན་མི་འདོགས་པ་ཡང་ཡུལ་གྱི་དངོས་པ་མ་ཡིན་ཏེ། རྒྱུ་མ་ཡིན་པ་ནི་ཡུལ་མ་ཡིན་ནོ་ཞེས་པའི་ཚིག་གིས་སོ།། རོང་གིས ་ཀྱང་མོ་ཡིན་ཏེ་དེ་ཉིད་ལྔ་ལོག་པར་རྟོགས་པས་དེ་ཇི་ལྟར་དེས་རྟོགས་ཞེས་མི་ཤེས་སོ།། རྣམ་པ་ཐམས་ཅད་དུ་བློ་མ་རྟོགས་པ་དེའི་རང་རིག་པ་ཤིན་ཏུ་ཡང་མི་རིགས་སོ་ཞེས། གསལ་བའམ་ཞེས་པ་ལ་སོགས་པ་གསུངས་ཏེ། གསལ་བ ་བྱའམ་སྟེ། མར་མེ་བཞིན་དུ་གསལ་བའི་བདག་ཉིད་ངམ། མི་གསལ་བ་སྟེ་བུམ་པ་བཞིན་དུ་མི་གསལ་བ་ཡིན་ལ། ཕན་ཚུན་བསྡུ་བའི་ཕྱིར་འམ་གྱི་སྒྲ་གཉིས་སོ།། བློ་ནི་གང་ཚེ་སུས་ཀྱང་མཐོང་བ་མེད་པ་སྟེ། རྟོགས་པ་པོ་འགའ་ཡང་མེད་ལ ་རྟོགས་པ་ཅུང་ཟད་ཀྱང་མེད་པར་དེ་དང་གཞན་གཉི་གས་ཀྱང་མ་ཡིན་ནོ།། གང་ཚེ་ཞེས་པའི་ཚིག་གིས་དེ་ཚེ་ཞེས་པ་འདྲེན་པར་བྱེང་ངོ་།། དེའི་ཚེ་མོ་གཤམ་ནི་མི་སྐྱེ་བའི་ཆོས་ཅན་གྱི་བུད་མེད་ཡིན་ལ། དེའི་བུ་མོའི་རོལ་པ་ནི་སྒེག་པ་ཉིད་ཡིན ་ཏེ། དེ་བཞིན་དུ་བརྗོད་ཀྱང་སྟེ་བསྟན་ཀྱང་ངོ་།། དེ་དོན་མེད་པ་ནི་ཏེ་དོན་དང་བྲལ་བའོ།། མོ་གཤམ་གྱི་བུ་མོ་མེད་པ་ཉིད་ཀྱིས་མ་རྟོགས་པའི་ཕྱིར་དེའི་རོལ་པ་ཤིན་ཏུ་ཡང་མི་རྟོགས་པ་ཡིན་ནོ།། ཡང་ན་མ་སྐྱེས་པ་དང་མ ་འགགས་པའི་རང་བཞིན་ཡིན་པ་སྔ་མོ་གཤམ་གྱི་བུ་མོ་ལྟ་བུ་ནི་བློ་ཡིན་ལ། མ་རྟོགས་པའི་རང་བཞིན་ཡིན་པས་དེའི་རོལ་པ་དང་འདྲ་སྟེ། རང་རིག་པ་དེས་མ་རྟོགས་པའི་ཕྱིར་དེའི་རྟོགས་པ་ཡང་མེད་དོ།། དེ་ནི་རང་རིག་པ་ཡོན་ལ། དེ་ལྟར་ན ་བརྗོད་ཀྱང་རིགས་པ་དང་བྲལ་བའི་ཚིག་ཙམ་གྱིས་དོན་མེད་པ་ནི་བླང་བར་བྱ་བ་མ་ཡིན་པའི་ཕྱིར་དགོས་པ་མེད་པ་ཡིན་ནོ།། དེ་ལྟ་མོད་ཀྱི་འདི་ནི་རིགས་པས་སྟོང་ཞིང་ཚིག་ཙམ་ཡིན་ཏེ། གང་གི་ཕྱིར་འདི་ལ་རིགས་པ་འདི་ཡོད་དོ་ཞེས ་བརྗོད་པ། གལ་ཏེ་ཞེས་པ་ལ་སོགས་ཏེ། གལ་ཏེ་རང་རིག་ཡོད་མིན་ན་ཞེས་ཏེ། གལ་ཏེ་རང་རིག་པའི་རྣམ་པར་ཤེས་པ་མེད་ཅིང་ཡོད་པ་མ་ཡིན་པ་དེའི་ཚེ་རྣམ་ཤེས་ཇི་ལྟར་དྲན་པར་འགྱུར་ཏེ། རྣམ་པར་ཤེས་པ་ལ་རང་རིག་མེད་པའི་དུས ་ཕྱིས་དྲན་པར་མི་འགྱུར་ལ། ཉམས་སུ་མ་མྱོང་བ་ནི་དྲན་པར་མི་ནུས་ཏོ།། ཧ་ཅང་ཐལ་བར་འགྱུར་པས་སོ།། དེ་ལྟ་བས་ན་ཉམས་སུ་མྱོང་བའི་འབྲས་བུ་དྲན་པ་དུས་ཕྱིས་དམིགས་པའི་ཕྱིར་རང་རིག་པའི་ཤེས་པ་ཡོད་དོ་ཞེས་དཔག ་པར་བྱའོ།། འདི་ཡང་སྒྲུབ་པར་བྱེད་པ་ཡིན་པོས་འདིས་བསྒྲུབ་པར་བྱ་བ་མ་ཡིན་ཏེ། གང་གིས་ཕྱིར་རང་རིག་པའི་འབྲས་བུ་ཉིད་དུ་དྲན་པ་ངེས་པར་འགྱུར་ན། མེ་དང་དུ་བ་བཞིན་དུ་དྲན་པས་རང་རིག་པ་བསྒྲུབ་པར་བྱེད་པར་འགྱུར ་ཏེ་ཚད་མས་རང་རིག་པ་མ་གྲུབ་ན་དྲན་པ་དེའི་འབྲས་བུར་འཛིན་པ་མ་ཡིན་ཏེ་ཐམས་ཅད་དུ་རྒྱུ་དང་འབྲས་བུ་རྟོགས་པ་ནི་གཉི་ག་རྟོགས་པ་མེད་པར་མ་ཡིན་ནོ།། མིག་ལ་སོགས་པ་ལ་རྣམ་པར་ཤེས་པ་བཞིན་དུ་མ་མཐོང་ཡང་དྲན་པ་དེའི ་འབྲས་བུཪྻ་ནི་གྲུབ་པ་མ་ཡིན་ཏེ། མིག་མེད་པར་སྔོན་པོ་ལ་སྩོགས་པའི་ཤེས་པ་མེད་པོས་ལྡོག་པའི་སྒོ་ནས་དེའི་འབྲས་བུར་རྗེས་སུ་དཔོག་གོ།། དྲན་པ་ནི་རང་རིག་པའི་ཤེས་པ་མེད་ཀྱང་འབྱུང་ངོ་ཞེས་འཆད་པར་འགྱུར་རོ།། དེའི ་ཕྱིར་རང་རིག་པའི་འབྲས་བུ་ཉིད་དུ་ངེས་པ་མེད་པར་དྲན་པ་ནི་དེ་མེད་པ་ཡང་འབྱུང་བས་རང་རིག་པ་གྲུབ་པ་མ་ཡིན་ནོ།། དེའི་ཕྱིར་དྲན་པ་ཡང་རྣམ་པར་ཤེས་པ་ཡིན་པའི་ཕྱིར་ཇི་ལྟར་གྲུབ་པར་འགྱུར་ཞེས་བརྗོད་པར་བྱའོ།། རང ་ལྔ་རྟགས་མ་གྲུབ་པར་ནི་གཞན་གྱི་ཤེས་པར་བྱེད་པ་མ་ཡིན་ལ། དྲན་པ་ནི་རང་རིག་པ་ལ་མངོན་སུམ་ཉིད་ཀྱིས་འཛིན་པ་མ་ཡིན་ཏེ། དེ་དང་དེ་གཞན་ཡིན་པའི་ཕྱིར་རོ།། ཤེས་པ་ནི་ཤེས་པ་གཞན་གྱི་ཡུལ་མ་ཡིན་ཏོ་ཕྱི་རོལ ་དོན་བཞིན་དུ་འབྲེལ་པ་མ་གྲུབ་པ་ལ་སོགསོ་པའི་ཉེས་པར་འགྱུར་བྱས་སོ།། གཞན་ཉིད་དུ་ཁྱད་པར་མེད་པས་རྒྱུད་གཞན་གྱི་དངོས་པོ་དེ་ཡང་དྲན་པས་འཛིན་པར་འགྱུར་རོ།། འོན་ཏེ་ངེས་སྔར་ཉམས་སུ་མ་མྱོང་བཱས་ནརྀ་དྷན་པ ་མི་འགྱུར་རོ་ཞེ་ན། རྒྱུད་གཅིག་ཏུ་གྱུར་པ་ཡང་སྔར་ཉམས་སུ་མ་མྱོང་བའི་ཕྱིར་ཐལ་བར་འགྱུར་བ་མཚུངས་སོ།། རྒྱུ་དང་འབྲས་བུ་ན་ཡང་དེ་ལ་ངེས་བྱེད་རིགས་པ་མ་ཡིན་ཏེ། དོན་དམ་པར་རྒྱུ་དང་འབྲས་བུ་ཉིད་མེད་པའི་ཕྱིར་རོ།། ཤེས ་པ་ཐམས་ཅད་ལ་དེ་ཡོད་ཀྱང་རུང་ཉིད་རྟོགས་པ་ལ་མཐར་ཐུག་པ་ཡིན་པའི་ཕྱིར་དང་། དེ་འཛིན་པར་མི་ནུས་པའི་ཕྱིར་རོ།། ཇི་ལྟར་ཐ་སྙད་ཁས་བླངས་པ་ན་བརྟགས་པ་ཉིད་ཡིན་ཏེ། བརྟགས་པ་ཉིད་ཡིན་པ་ན་ཡང ་ཐ་སྙད་ཐམས་ཅད་རྟོག་པས་སྤྲུལ་པ་ཡིན་པའི་ཕྱིར་ཀུན་རྫོབ་བསྒྲུབ་བྱ་ཡིན་པས་དོན་དམ་པ་མ་བསྒྲུབས་པར་འགྱུར་རོ།། དེ་ལྟར་དྲན་པས་རང་རིག་པ་གྲུབ་པ་མ་ཡིན་ནོ།། ཇི་ལྟར་ཁྱེད་ལ་ཡང་རང་རིག་པ་མེད་པར་དྲན་པ་ཇི་ལྟར་འགྲུབ ་ཅེ་ན་གཞན་མྱོང་བ་ན་འབྲེལ་པ་ལས་ཤེས་པ་ལ་སོགས་པ་གསུངས་ཏེ། འདིར་ཤེས་པ་ལས་གཞན་གཟུང་བར་བྱ་བའི་དངོས་པོ་ཡུལ་དུ་གྱུར་པ་ཉམས་སུ་མྱོང་བ་ནི་ཤེས་པ་ལ་དྲན་པ་སྐྱེ་བར་འགྱུར་རོ།། གཞན་མྱོང་བས་གཞན་དྲན་པ ་ནི་རིགས་པ་མ་ཡིན་ཏེ། ཤིན་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ་ཞེ་ན། འབྲེལ་པ་ལས་ཤེས་གསུངས་ཏེ། ཡུལ་དྲན་པ་ན་འབྲེལ་པ་ལས་ཤེས་པ་དྲན་པར་འགྱུར་རོ།། རྣམ་པར་ཤེས་པ་ཡང་དེའི་འཛིན་པ་ཉིད་ཡིན་པས་དེ་དང་འབྲེལ་པ ་ཡིན་ཏེ། དེའི་ཕྱིར་རྣམ་པར་ཤེས་པ་དྲན་པ་ཡིན་ཏེ་གཞོམ་དུ་མ་ཡིན་ནོ།། འབྲེལ་པ་བདེན་ཡང་འདི་མ་མྱེད་ན་གཞན་དྲན་པ་ནི་བསླང་བའི་དྲན་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། སྔར་ཉམས་སུ་མྱོང་བའི་ཡུལ་ཕྱིས་རྗེས་སུ་དྲན་པ་ན་མྱོང་བ ་ཁྱད་པར་ཅན་དེ་ཉིད་དྲན་པ་ཡིན་ཏེ། དེས་ཁྱད་པར་དུ་བྱས་པ་དེ་འཛིན་པའི་ཕྱིར་རོ།། ཤེས་པ་ཉིད་ཡུལ་ཉམས་སུ་མྱོང་བ་ཡིན་ལ་གཞན་མ་ཡིན་པའི་ཕྱིར་ཡུལ་ཉམས་སུ་མྱོང་བ་དྲན་པ་ལས་དེ་དང་འབྲེལ་པས་ཤེས་པ་དྲན་པར་བརྗོད ་བར་བྱའོ།། ཡུལ་སྤངས་པའི་ཤེས་པ་ཉིད་འབའ་ཞིག་ནི་དྲན་པ་མ་ཡིན་པའི་ཕྱིར་ཉེས་པ་མེད་དོ།། ཅི་སྟེ་མྱོང་བའི་ཤེས་པས་གཞག་པའི་དྲན་པའི་བག་ཆགས་ཀྱི་ས་བོན་མེད་པར་ཕྱིས་དྲན་པ་སྐྱེད་པ་ཅི་ལྟ་བུ་ཞེ་ན། བྱེ་བ ་དུག་ཅེས་གསུངས་ཏེ། བྱི་བའི་དུག་ནི་ཇི་ལྟར་འབྲེལ་པར་ཕྱིས་སྐྱེ་བར་འགྱུར་བ་དེ་བཞིན་དུ་དྲན་པ་ཡང་ཡིན་ནོ་ཞེས་པའི་དོན་ཏོ།། འདི་ལྟར་བྱི་བའི་དུག་སྐད་ཅིག་ལ་ལུས་ལ་འཕོས་ནས་ཡང་དུས་གཞོན་དུ་འབྲུག་གི་སྒྲའི་རྐྱེན་དང ་ཕྲད་པ་ལས་རང་རིག་པས་གཞག་པའི་དྲན་པའི་བག་ཆགས་ཀྱི་ས་བོན་མེད་པར་ཡང་རྐྱེན་དང་ཕྲད་པ་ཉིད་ཀྱི་ཕྱིར་སྐད་ཅིག་མ་གཞན་དུ་རྣམ་པར་འགྱུར་བ་ཐོབ་སྟེ། དེ་བཞིན་དུ་སྐབས་སུ་བབ་པ་ལ་ཡང་སྐྱོན་མེད་དོ་ཞེས་དགོངས་སོ།། ་སླར་ཡང་རྣམ་པར་ཤེས་པ་ཙམ་དུ་སྨྲ་བྱས་རང་རིག་པ་གྲུབ་པར་བྱ་བའི་ཆེད་དུ་རྣམ་པ་གཞན་བསྟན་པའི་ཕྱིར་རྐྱེན་གཞན་དག་དང་ཞེས་པ་ལ་སོགས་པ་གསུངས་ཏེ། རྐྱེན་གཞན་ནི་དུས་གཞན་ཡིན་ཏེ། ལྟ་བའི་རིག་པ་ལ་སོགས ་པ་དང་གཞན་གྱི་སེམས་ཤེས་པ་ལ་སོགས་པའི་མངོན་པར་ཤེས་པ་དག་དང་ལྡན་པས་དེའི་ཚོགས་པ་དང་། འབྲེལ་པའི་སེམས་མཐོང་བའི་ཕྱིར་ཏེ་སྣང་བའི་ཕྱིར་རྣམ་པར་ཤེས་པ་རང་ཉིད་གསལ་ཏེ་རང་བཞིན་གསལ་ཞིང་རིག་པ ་ཡོད་དོ་ཞེས་པའི་དོན་ཏོ།། གལ་ཏེ་ཡང་དེ་ཐམས་ཅད་དུ་ལྐོག་ཏུ་གྱུར་པའི་རང་བཞིན་ཡིན་ན་ཇི་ལྟར་ཚོགས་པའི་ཁྱད་པར་ལས་བརྒྱ་ལ་ཡང་དམིགས་པ་མ་ཡིན་ཏེ། དེའི་ཕྱིར་དཔེར་ན་ཚོགས་པའི་ཁྱད་པར་ལས་གཞན་གྱི་སེམས ་དམིགས་པ་དེ་བཞིན་དུ་དེ་མ་ཐག་པའི་རྐྱེན་དང་དམིགས་པའི་རྐྱེན་ལ་སོགས་པ་ལས་རང་གི་སེམས་ཀྱང་དམིགས་པ་ཡིན་ནོ་ཞེས་བསམས་པའོ།། འདིས་ཀྱང་ཤེས་པའི་རིག་པ་སྒྲུབ་པ་མ་ཡིན་ནོ་ཞེས་བསྟན་པའི ་ཕྱིར་གྲུབ་པའི་མིག་སྨནྡ་ཞེས་པ་ལ་སོགས་པ་གསུངས་ཏེ། གྲུབ་པའི་ཡང་ཡིན་ལ་མིག་སྨན་ཡང་ཡིན་པའམ་གྲུབ་པའི་མིག་སྨན་ནོ།། དེའི་སྦྱོར་བ་ནི་རྣམ་པར་སྦྱོར་བ་འམ་རབ་ཏུ་སྦྱོར་བའོ།། དེ་ལས་མཐོང་བ་ནི་བུམ་པའམ ་གཽཏེར་ལ་སོགས་པ་ཡིན་ལ། དེ་འདི་ལྟར་མིག་སྨན་ཉིད་འགྱུར་མིན་ཏེ། བུམ་པའམ་ལ་སོགས་པ་མིག་སྨན་དུ་འགྱུར་བ་མ་ཡིན་ལ། གང་ལས་རྟོགས་པ་དེ་དེར་འགྱུར་བ་ནི་མ་ཡིན་ཏེ་དེ་བཞིན་དུ་ལྟ་བ་པོའི་རིག་པ་ལ་སོགས ་པ་དང་ལྷན་ཅིག་པའི་ཤེས་པས་གཞན་གྱི་སེམས་བུམ་པ་ལ་སོགས་ལྟར་མཐོང་ན་རེ་ཞིག་དེ་རིག་པར་སྒྲུབ་པར་མི་འགྱུར་ཏེ། དེ་ལྟ་བས་ན་འདི་ནི་བསྒྲུབ་བྱ་བ་ལ་མཁོ་བའི་སྒྲུབ་པར་བྱེད་པ་མ་ཡིན་ནོ།། གལ་ཏེ་ཤེས་པ་རིག་པའི ་ངོ་བོར་མི་གྱུར་ན་དོན་ཡང་རྟོགས་པར་མི་འགྱུར་བ་མ་ཡིན་ནམྦ་ཤེས་པ་ནཱི་མི་གསལ་བ་གསལ་བར་བྱེད་པའི་ཕྱི་རོ་ཏེ་དོན་ནི་གསལ་བ་མ་ཡིན་ལཾ། དེ་མ་རྟོགས་པ་ལ་དོན་ཅི་ལྟར་རྟོགས་པར་འགྱུར་ཏེ། འདི་ལྟར་རང་རིག་པ ་གཀག་པའི་ཕྱིར་དང་། གཞན་གྱིས་གཞན་འཛིན་པ་ཡང་མི་རིགས་པའི་ཕྱིར་ཕྱི་མ་ཕྱི་མས་འཛིན་པ་རོ་ཁས་བླངས་པོ་ནི་ཡང་མ་རྟོགས་རྟོགས་པར་བྱ་བའི་ཆེད་དུ་ཤེས་པ་གཞན་དོན་དུ་གཉེར་བས་ཐུག་པ་མེད་པར་ཐལ ་བར་འགྱུར་བའི་ཡང་ཕྱིར་ཇི་ལྟར་ཡང་དོན་རྟོགས་པ་མ་ཡིན་ཏེ། དེས་ན་གང་གཞན་མྱོང་བ་ལྟ་སོགས་པ་ཞེས་བརྗོད་པ་དེ་རིགས་པ་མ་ཡིན་ཏེ། དོན་ཉམས་སུ་མྱོང་བ་མེད་པའི་ཕྱིར་འཇིག་རྟེན་ན་མཐོང་བའི་ཐ་སྙད་འདི་ཐམས་ཅད་མེད་བྱར ་འགྱུར་རོ་ཞེ་ནུ། ཇི་ལྟར་མཐོང་ཐོས་ཞེས་པ་ལ་སོགས་པ་གསུངས་ཏེ། གང་མཐོང་བ་ལ་སོགས་པའི་ཐ་སྙད་མེད་པར་འགྱུར་རོ་ཞེས་པ་དེ་དོན་དམ་པའམ། ཀུནྡ་རྫོབ་ཏུ་མེད་པར་འགྱུར། དེ་ལ་གལ་ཏེ་དོན་དམ་པར་མེད་པར་འགྱུར་རོ་ཞེས ་བརྗོད་ན་དེའི་ཚེ་འདི་ནི་བདག་འདོད་པ་མ་ཡིན་ཏེ། ཀུན་རྫོབ་ཏུ་ངན་དམ་པ་ལ་དཔྱད་པ་འཇུག་པ་ཡོད་པ་མ་ཡིན་ནོ།། འོན་ཏེ་འཇིག་རྟེན་གྱི་གྲགས་པས་ཡིན་ན་དེའི་ཚེ། ཇི་ལྟར་མཐོང་ཐོས་ཤེས་པ་ཀུན།། འདྲིར་ནི་དགག་པ་བྱ་མིན་ཏེ་ཞེས་སོ།། ། ་ཇི་ལྟར་མཐོང་བྷཱུ་ཞེས་ཡིག་ལ་སོགས་པའི་ཤེས་པར་མངོན་སུམ་དུ་མཐོང་བ་སྦྱིན་ལ། ཐོས་པ་ཞེསྡུ་པ་ནི་གང་ཟག་གཞན་ལས་དང་ལུང་ལས་སོ།། ཤེས་པ་ཞེས་བཱ་ནྀ་ཚུལ་གསུམ་པའི་རྟགས་ལས་སྐྱེས་པའི་རྟས་སུཾ་དབྱུག་པར་དེས ་པའོ།། དེ་ཉིད་འདིར་ཐ་སྙད་ཐམས་ཅད་ལ་བརྟེན་ཏེ་དགག་པར་བྱ་མིན་ཞེས་པ་མི་ཟློག་པའོ།། གང་ཇི་ལྟར་འཇིག་རྟེན་རབ་ཏུ་གྲགས་པ་དེ་དེ་བཞིན་ཉིད་དུ་མ་དཔྱང་བའི་ངོ་བོ་ཁས་བླངས་ནས་འཇིག་རྟེན་གྲགས་པ་ཡིན་ཏེ་དོན་དམ་པཱ་ནི ་མ་ཡིན་ནོ།། དེས་ན་ཤེས་པའི་རིག་པ་མེད་པས་དོན་རྟོགས་པ་ལ་སོགས་པ་མེད་ཅེས་པའི་ཉེས་པ་དོན་དམ་པའི་ཕྱོགས་སྨྲ་བ་ལ་འདིར་གླགས་མི་རྙེད་དོ།། གལ་ཏེ་དེ་དེ་བཞིན་དུ་ཁས་ལེན་པ་ན་དེ་ཁོ་ན་ཇི་ལྟ་བུ་ཞིག་འགེགས་ཤེ་ན། འདིར ་ནི་སྡུག་བསྔལ་ཞེས་པ་ལ་སོགས་པ་གསུངས་ཏེ། བདྲེན་པ་ནི་དོན་དམ་པ་ཡིན་ཏེ་རྟོག་པས་སྒྲོ་བཏགས་པ་མ་ཡིན་པ་ཡང་ཞེས་དོན་ནི་སླར་གྱི་དོན་ཏོ།། དེ་ཡང་འདིར་སྤྱོད་པའམ་གྲུབ་མཐའ་བཟློག་པར་བྱ་བ་ཡིན་ཏེ ་དགག་པར་བྱ་བ་ཡིན་ནོ།། ཅིའི་ཕྱིར་ཞེ་ན། སྡུག་བསྔལ་གྱི་ཞེས་ཏེ། འདི་ནི་རྒྱུའི་ཚིག་ཡིན་ལ། གང་གི་ཕྱིར་སྡུག་བསྔལ་གྱི་རྒྱུ་སྟེ་བྱེད་པ་ཡིན་པ་དེའི་ཕྱིར་ཞེས་པའི་དོན་ཏོ།། ཉེ་བར་ལེན་པའི་ཕུང་པོ་རྣམས་ཡོད་པ་དང་མེད་པ་ལ་སོགས་པ ་བརྟགས་པས་གཞག་པ་འཇུག་པའི་རྒྱུ་ཉིད་ནི་འཁོར་བ་ཡིན་ཏེ། སྡུག་བསྔལ་ཀུན་འབྱུང་འཇིག་རྟེན་དང་།། ལྔ་གནས་སྲེད་པའང་དེ་དག་ཉིད་ཅེས་པའི་ཚིག་ལས་དེ་ལྟར་བདེན་པར་རྟོག་པ་ནི་སྡུག་བསྔལ་གྱི་རྒྱུ་ཡིན་ནོ།། དེ་ལྟ་བས་ན་འདིར ་ནི་བདེན་པ་མ་ཡིན་པའི་འདོགས་པ་རྟོགས་པའི་མངོན་པར་ཞེན་པ་དགག་པ་ཙམ་བཞེད་པ་ཡིན་ལ། དངོས་པོ་ཅུང་ཟད་ཅིག་ནི་འདིར་དགག་པ་མ་ཡིན་ནོ།། དེའི་ཕྱིར་དེ་ལྟར་ན་རང་རིག་པའི་ཤེས་པ་ཅུང་ཟད་ཀྱང་རིགས་པ་མ་ཡིན་ཏེ། རྟོགས ་བྱ་རྟོགས་བྱེད་རྣམ་པའི་སེམས།། དེ་བཞིན་གཤེགས་པས་གཟིགས་པ་མེད།། གླང་དུ་རྟོགས་དང་རྟོགས་བྱེད་པ།། དེ་ལ་བྱང་ཆུབ་སེམས་ཡོད་མིན།། ཞེས་གསུངས་སོ།། གང་དེར་ཅུང་ཟད་བཅོམ་ལྡན་འདས་ཀྱིས་སེམས་ཙམ་ཉིད་དུ་ཡོད ་པོར་གསུངས་པོ་དེ་ཕུང་པོ་དང་སྐྱེ་མཆེད་ལ་སོགས་པ་བཞིན་དུ་དྲང་བའི་དོན་ཉིད་ཡིན་པར་བཤད་པར་འགྱུར་རོ།། དོ་ནི་ཞར་ལ་བྱུང་བ་ཡོངས་སུ་རྫོགས་པར་བྱས་ནས། སྐབས་སུ་བབ་པ་ལ་སྦྱོར་བའི་ཕྱིར། སེམས་ལས་སྒྱུ་མ་ཞེས ་པ་ལ་སོགས་པ་གསུངས་ཏེ། འདི་ལྟར་སེམས་ལས་སྒྱུ་མ་གཞན་ཡིན་པར་འགྱུར་བ་འམ། གཞན་མ་ཡིན་པར་འགྱུར་བ་འམ། གཉི་གའི་རང་བཞིན་ཡིན་པ་འམ། གཉི་གའི་རང་བཞིན་མ་ཡིན་པ་ཞེས་བརྟག་པ་བཞིའོ།། དེ་ལ་རེ་ཞིག་ཕྱོགས ་དང་པོ་ནི་མ་ཡིན་ཏེ། སེམས་ལས་གཞན་ཁས་ལེན་ན་ཡང་འགྲོ་བ་སེམས་ཙམ་དུ་འདོད་པའི་གྲུབ་མཐའ་དང་འགལ་བར་འགྱུར་རོ།། རྣམ་པར་རྟོག་པ་གཉིས་པ་ལ་ཡང་གང་གི་ཚེ་ཁྱོད་ལ་སྒྱུ་མ་ཉིད་མེད་ན་ཞེས་པ་ལ་སོགས་པ་བསྟན་པ ་ཉིད་ཀྱིས་ཉེས་པ་ཡོད་དོ།། རྣམ་པ་གསུམ་པ་ཡང་མི་འཐད་དོ།། གཅིག་ལ་ཕན་ཚུན་འགལ་བ་མི་སྲིད་པའི་ཕྱིར་རོ།། འོན་ཏེ་བརྟག་པ་བཞི་པ་ཡིན་ན་དེ་ཡང་འབྲེལ་པ་མ་ཡིན་ལ། དེ་ཉེ་བར་བཟུང་ནས་བརྗོད་པར་བྱ་སྟེ། སེམས་ལས་སྒྱུ ་མ་གཞན་མིན་ཞིང་ཞེས་པས་གཞན་ཉིད་འགེགས་སོ།། འོ་ན་གཞན་མ་ཡིན་པ་ཡང་ཡིན་ནོ་ཞེ་ན། གཞན་མིན་པར་ཡང་མི་རྟགས་ན་ཞེས་ཏེ། དེ་ཉིད་ཡིན་པའང་འགེགས་པ་ཡིན་ལ། དེ་ལྟར་ན་གཉི་ག་བཀག་པའི་ཕྱོགས་ཡིན་ནོ ་ཞེས་རྟོགས་ཅིང་རྣམ་པ་གཞན་བྱེད་ན། དེ་ཡང་རིགས་པ་མ་ཡིན་ཏེ། ཕན་ཚུན་ཡངས་པ་དང་ལྡན་པ་ནི་གཅིག་གཀག་པ་གཅིག་སྒྲུབ་པ་མེད་ན་མི་འབྱུང་བ་ཡིན་པའི་ཕྱིར་ཏེ། དེ་དག་གཅིག་ལ་མི་སྲིད་པའི་ཕྱིར་བརྟོག་པ་བཞི་པ ་ཡང་མི་འཐད་དོ།། ཡང་དངོས་ན་ཞེས་ཏེ་གལ་ཏེ་སྒྱུ་མ་དེ་དངོས་པོ་ཡིན་ནོ།། ཇི་ལྟར་དེ་གཞན་མིན་ཏི་སེམས་ལས་གཞན་དུ་མི་འགྱུར། འོན་ཏེ་གལ་ཏེ་གཞན་མིན་ཞེ་ན། སེམས་ཉིད་སྒྱུ་མ་ཡིན་ཏེ། དེའི་ཚེ་དངོས་པོར་མེད་དོ།། དོན་དམ་པར ་ཡོད་པ་མ་ཡིན་པ་དེ་ལ་སྟེ་དེའི་རང་བཞིན་ཡིན་པའི་ཕྱིར་རོ།། སེམས་འབའ་ཞིག་ཡིན་པ་ཞེས་པ་འདི་ཉིད་འོངས་པ་ཡིན་ཏེ། གང་ཚེ་ཁྱོད་ལ་སྒྱུ་མ་ཉིད།། མེད་ན་དེ་ཚ་ཅི་ཞིག་དམིགས་ཞེས་གསུངས་པ་ཡིན་ནོ།། དེ་ནི་སྐབས ་སུ་བབ་པའི་བསྒྲུབ་བྱ་བསྒྲུབས་ནས་མཇུག་བསྡུ་བའི་ཕྱིར། ཇི་ལྟར་སྒྱུ་མ་ཡོ་མིན་ཡང་། ཞེས་པ་ལ་སོགས་པ་གསུངས་ཏེ། དམིགས་པར་བྱ་བའི་སྒྱུ་མ་གླང་པོ་ཆེ་ལ་སོགས་པ་ལྟར་དངོས་པོ་མེད་པ་འམ་མེད་པའི་རང་བཞིན་ཡིན་པ་སྟེ། དེ་ལྟ ་བུ་ཡང་ཇི་ལྟར་བལྟ་བྱ་སྟེ་མཐོང་བའི་ཡུལ་སྒྱུ་མ་ཡིན་པ་ལྟར་དེ་བཞིན་ལྟ་བྱེད་ཡིད་ཀྱང་ཡིན་ཏེ། མེད་པའི་སྒྱུ་མ་དེ་ཉིད་བལྟ་བར་བྱ་བ་དང་། ལྟ་བ་དེ་བཞིན་དུ་ཡིད་ཡིན་ཏེ་དོན་དམ་པར་མེད་པའི་རང་བཞིན་ཡིན་ན་ཡང་མཐོ་བའི་ནུས་པ ་འགྱུར་རོ།། དེས་ན་གང་གི་ཚེ་འཁྲུལ་པ་འདི་ཡི་མིན་ན་ཞེས་པ་ལ་སོགས་པ་ཕ་རོལ་གྱིས་གང་བརྗོད་པ་དེས་བསྒྲུབ་པར་བྱ་བ་མཇུག་བསྡུས་ནས་བསྟན་ཏོ།། གཞན་ཡང་རྣམ་པ་གཞན་གྱིས་དོན་དམྦྷ་པར་ཡོད་པའི་རྣམ་པར་ཤེས་པ ་བསྒྲུབ་པའི་ཆེད་དུ། གཞན་གྱིས་འབད་པའི་བསམ་པས། གལ་ཏེ་འཁོར་བ་དངོས་རྟེན་ཅན་ཞེས་སྨྲས་ཏེ་འདི་ལྟར་ཀུན་ནོས་ཉོན་མོངས་པ་དང་རྣམ་པར་བྱང་བ་དོར་བར་བྱ་བ་དང་བླང་བར་བྱ་བ་ཉིད་ཀྱིས་འདི་གཉིས་ཡིན་པར་ཇི་ལྟ་བ ་བཞིན་དུ་རྟོགས་པར་བྱ་སྟེ། དེ་ལ་འདོད་ཆགས་ལ་སོགས་པའི་དྲི་མས་བསྒྲིབས་པའི་སེམས་ལ་ཀུན་ནས་ཉོན་མོངས་པ་ཞེས་བརྗོད་ལ། དེ་ཡང་ཡང་རིག་པ་མ་ཡིན་པའི་སྒྲོ་བཏགས་པོའི་སྟོབས་ཀྱིས་བསྐྱེད་པའི་ཕྱིར་གློ་བུར་བའི ་སེམས་ལ་བསྟེན་ནས་འཇུག་གོ།། དེ་ལས་བྱུང་བའི་ལས་དང་སྐྱེ་བ་བརྒྱུད་པ་ལས་བྱུང་བའི་འཁོར་བ་སྐྱེ་བར་འགྱུར་ཏེ། དེ་ཉིད་སེམས་ཡིན་ཏེ་དོན་དམ་པར་རང་བཞིན་གྱིས་འོད་གསལ་བ་གློ་བུར་མ་ཡིན་པ་ཡང་དག་པ་མ་ཡིན་པའི་ཀུན་ཏུ ་རྟོག་པ་ལས་བྱུང་བ། གཟུང་བ་དང་འཛིན་པ་ལ་སོགས་པ་གཉིས་སུ་སྒྲོ་འདོགས་པའི་མངོན་པར་ཞེན་པོའི་བགས་ཀྱིས་སྟོངས་པ་གཉིས་སུ་མེད་པའི་རང་བཞིན་གློ་བུར་བའི་ཉེས་པ་ལས་གྲོལ་བ་གནས་གྱུར་པ་ལ་རྣམ་པར་བྱང་བ་ཞེས ་བརྗོད་དོ།། དེའི་ཕྱིར་དེ་ལྟར་ན་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དག་ཡོད་པར་གྱུར་པའི་དངོས་པོའི་སེམས་མེད་པར་རྣམ་པར་གཞག་པ་མི་འཐད་དོ་ཞེས་སེམས་ཏེ། འཁོར་བ་དང་མྱ་ངན་ལས་འདས་པ་ཡང་སེམས་ཀྱི་ཆོས ་ཡིན་པའི་ཕྱིར་ལ། སེམས་ཉིད་ཀུན་ནས་ཉོན་མོངས་ཤིང་སེམས་ཉིད་རྣམ་པར་བྱང་བའོ་ཞེས་པའི་ཚིག་ལས་སོ།། དེ་ལྟར་ན་འདི་ནི་གཞན་གྱིས་འདོད་པར་ངེས་པར་བྱེད་པ་ཡིན་ཏེ། དངོས་པོ་ཉིད་ཡང་དག་པར་གྱུར་པའི་དངོས་པོའི་སེམས ་ཉིད་ལ་བརྟེན་པ་གང་ཡིན་པ་ཞེས། གལ་ཏེ་ཞེས་ཏེ་དངོས་བརྟེན་པ་ཞེས་འཁོར་པོ་རྣམ་པར་འཇིག་པར་བྱེད་དོ་ཞེས། དྲིའི་ཚེ་འཁོར་བ་གཞན་དུ་འགྱུར་ཏེ། སེམས་ལུས་གཞན་ཡིན་པར་འགྱུར་རོ།། དངོས་པོ་ལས་གཞན་ཡིན་ན་དངོས ་པོ་མེད་པར་འགྱུར་ཏེ། སེམས་ཉིད་དངོས་པོ་ཡིན་པོའི་ཕྱིར་རོ།། ཅི་ལྟ་བུ་ཞེ་ན། མཁའི་འདྲར་ཏེ་ན་མཁའ་བཞིན་དུའོ།། འདི་སྐད་དུ་གང་འདི་སེམས་ལ་བརྟེན་པ་ལ་འཁོར་བ་ཞེས་བརྗོད་ན་དེ་ཅི་དངོས་པོ་ཡིན་ནམ་དངོས་པོ་མེད་པ་ཡིན།། ་དངོས་པོ་ཡིན་ན་ཡང་སེམས་ཡིན་ནམ་དེ་ལས་གཞན་ཡིན། དེ་ལ་གལ་ཏེ་དངོས་པོ་སེམས་ཉིད་ཡིན་ན་དེའི་ཚེ་སེམས་ལས་འཁོར་བ་གཞན་མ་ཡིན་ཏེ། དེ་ལ་བརྟེན་པ་ནི་སེམས་ཉིད་ཡིན་ནོ།། སེམས་དེ ་ཡང་རང་བཞིན་གྱིས་འོད་གསལ་བ་ཡིན་པའི་ཕྱིར་རྣམ་པར་བྱང་པའི་རང་བཞིན་ཡིན་པས་སྤང་བར་བྱ་བ་མ་ཡིན་ལ། འོན་ཏེ་སེམས་ལས་གཞན་ན་དེའི་ཚེ་སེམས་ལས་ཐ་དད་པ་གཞན་ཁས་བླངས་པས་གྲུབ་མཐའ་ཉམས་པ ་ཡིན་ནོ།། འོན་ཏེ་དངོས་པོ་མེད་པ་ཡིན་ན་དེའི་ཚེ་འཁོར་བ་ཞེས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། རི་བོང་གི་རྭ་བཞིན་ནོ།། དེ་ཉིད་ཀྱི་ཕྱིར་མཁའ་འདྲར་འགྱུར་ཞེས་གསུངས་ཏེ། དཔེར་ན་ན་མཁའ་རྟགས་སུ་ཡོད་པ་ཙམ་ནི་མེད་པའི ་དངོས་པོས་ཅུང་ཟད་ཀྱང་དོན་བྱེད་ནུས་པ་ཡོད་པ་མ་ཡིན་ཏེ། དེ་བཞིན་དུ་ཁྱེད་ཀྱི་འཁོར་བ་ཡང་ཡིན་པར་འགྱུར་རོ།། ཡང་མཁའ་འདྲར་འགྱུར་ཞེས་པ་ནི་རང་བཞིན་མེད་པ་ཡིན་པའི་ཕྱིར་ཁོ་བོ་ཅག་གི་གྲུབ་པའི་མཐར་ཞུགས ་པཔ་ཡིན་ནོ་ཞེས་བརྗོད་པར་འགྱུར་རོ།། དེ་ལྟ་ཡིན་ན་ཡང་གལ་ཏེ་ཡང་དངོས་པོ་ཡིན་དུ་ཆུག་མོང་། དེ་ལྟ་ན་ཡང་ཡོད་པའི་དངོས་པོར་གྱུར་པའི་སེམས་ལ་རྟེན་པས་དེ་དོན་བྱེད་ནུས་པར་འགྱུར་རོ་ཞེ་ན། དངོས་མེད་དངོས་ལ་རྟེན ་པས་ཞེས་པ་ལ་སོགས་པ་གསུངས་ཏེ། མེད་པའི་རང་བཞིན་ནི་འགའ་ཞིག་ལ་ཡང་བརྟེན་པར་རིགས་པ་མ་ཡིན་ཏེ། རྟེན་དང་བརྟེན་པའི་དངོས་པོ་ནི་རྒྱུ་དང་འབྲས་བུ་ངོ་བོ་ཡིན་པའི་ཕྱིར་རོ།། དངོས་པོ་མེད་པ་ནི་གང་གི་ཡང ་འབྲས་བུ་མ་ཡིན་ཏེ། བསྐྱེད་པར་བྱ་བ་མ་ཡིན་པར་ཁྱད་པར་མེད་པའི་ཕྱི་ར་རོ།། དེ་ལྟ་ཡིན་དུ་ཆུ་ག་སྟེ། དེ་ལྟ་ན་ཡང་དངོས་པོ་ལ་བརྟེན་པས་ཏེ། དངོས་པོ་ཡོད་པར་གྱུར་པའི་སེམས་ལ་བརྟེན་པས་དངོས་པོ་མེད་པའི་བདག་ཉིད་བྱེད ་པ་དང་ལྡན་པ་དོན་བྱེད་པ་ཉིད་དུ་ཇི་ལྟར་འགྱུར་ཏེ། ནཽམཱ་ཡང་རིགས་པ་མ་ཡིན་ནོ་ཞེས་པའི་དོན་ཏོ།། གཞན་དུ་ན་དེ་དངོས་པོ་ཡོད་པར་འགྱུར་ཏེ་ནུས་པ་ནི་དངོས་པོའི་མཚན་ཉིད་ཡིན་ལ། ནུས་པ་ཐམས་ཅད་དང་བྲལ་བ་ནི་དངོས་པོ ་མེད་པ་ཉིད་ཡིན་ནོ་ཞེས་པའི་ཚིག་ལས་སོ།། ད་ནི་ཤིན་ཏུ་དཔྱད་པ་ན་ཁྱེད་ལ་ཅི་ཞིག་གནས་པོར་འགྱུར་ཞེ་ནི། ཁྱོད་ཀྱི་སེམས་ནི་གྲོགས་མེད་པ་ཞེས་པ་ལ་སོགས་པ་གསུངས་ཏེ། མེད་པ་ཉིད་དངོས་པོ་དང་བྲལ་བ་འདི་དོ་ཡིན་པ་གྲོགས ་པོ་མེད་པ་ཡིན་ཏེ། ནི་ཞེས་པ་ངེས་པར་གཟུང་བས་སོ།། ཁྱོད་སེམས་གཅིག་པུ་དོན་དམ་པར་སྨྲ་བས་གཅིག་པུ་ཉིད་དེ། གཉིས་མ་ཡིན་པ་ཉིད་ཡིན་ནོ།། ཅི་སྟེ་གཟུང་བ་དང་འཛིན་པའི་རྣམ་པ་དང་བྲལ་བ་གཉིས་སུ་མེད ་པའི་མཚན་ཉིད་ཀྱི་སེམས་སུ་བརྗོད་པ་དེ་ལྟར་ན་སེམས་གཅིག་ཉིད་དུ་བསྒྲུབས་པས་ཁོ་བོ་ཅག་ཅུང་ཟད་ཀྱང་མི་འདོད་པ་མ་ཡིན་ནོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། ཀུན་ནས་ཉོན་མོངས་པ་སྤང་བའི་ཆེད་དུ་དངོས་པོ་ཉིད་བརྗོད ་པ་ཡིན་ལ་དེ་སེམས་གཅིག་པུ་ཉིད་ཡོད་པར་གྱུར་པ་དེ་ལྟ་ན་ཡང་གནོད་པར་བྱེད་པ་ལས་གྲོལ་བ་མ་ཡིན་ནོ་ཞེས། གང་ཚེ་སེམས་ནི་གཟུང་བྲལ་བ་ཞེས་པ་ལ་སོགས་པ་གསུངས་ཏེ། གཟུང་བ་ཞེས་པ་ནི་ཉེ་བར་མཚོན་པ ་ཡིན་ཏེ། འཛིན་པ་ལ་སོགས་པ་དང་བྲལ་བ་ཡང་རིག་པར་བྱའོ།། ཡང་ན་གཟུང་བ་ལ་སོགས་པ་ལ་རག་ལས་པ་ནི་འཛིན་པ་ཡིན་ནོ་ཞེས་པས་དེ་དང་བྲལ་བའི་ཕྱིར་འཛིན་པ་མེད་པ་ཡིན་ལྔ། འཛིན་པ ་མེད་ན་ཡང་དེས་ཉེས་པར་བརྟགས་པའི་མངོན་པརུ་བརྗོད་པ་མེད་པས་བརྗོད་པར་བྱ་བ་མེད་དོ་ཞེས་བསྟན་པའི་ཕྱིར་གཟུང་བྲལ་བ་ཞེས་བརྗོད་པ་ཡིན་ནོ།། གཟུང་བ་ལ་སོགས་པ་དང་བྲལ་བ་གཉིས་སུ་མེད་པའི་རང་བཞིན ་གང་གི་ཚེ་འགྲོ་བ་ཐམས་ཅད་ཀྱི་སེམས་ཡིན་པ་དེའི་ཚེ་དེའི་སེམས་སུ་སེམས་ཅན་ཐམས་ཅད་རྒྱུད་ནང་དུ་འདུས་པའི་ཕྱིར་འཁོར་བའི་སེམས་ཅན་ཐམས་ཅད་ཀྱི་དེ་བཞིན་གཤེགས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཉིད་ཐོབ་ལ། ་འགའ་ཡང་སོ་སོའི་སྐྱེ་བོར་མི་འགྱུར་ཏེ། དེའི་ཕྱིར་ཡང་ཀུན་ནས་ཉོན་མོངས་པ་སྤང་བའི་ཆེད་དུ་གཞན་ལམ་བསྒོམ་པ་དོན་མེད་པར་ཐལ་ལ། དེ་ལྟར་ཡང་མ་ཡིན་ཏེ། དེ་ལྟ་བས་ན་གཟུང་བ་དང་འཛིན་པ་དང་བྲལ་བ་ཡོད་ན ་ཡང་དངོས་པོ་ལ་མངོན་པར་ཞེན་པ་དེ་བཞིན་དུ་གནས་པས་ཉོན་མོངས་པ་སྤོང་བར་མི་འགྱུར་རོ་ཞེས་དགོངས་ནས། དེ་ལྟར་ན་ཡང་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལྟར་ཞེས་པ་ནི་ཚིག་ཕྲང་སྡུད་པ་ཡིན་པ་ལ་དེ་ལྟར་ཡིན ་ན་ཡང་དོན་འདི་ལ་ཡང་ཞེས་ཏེ་འང་གི་དོན་ཏོ།། དེ་ལྟར་ཁས་བླངས་ན་ཡང་ཡོན་ཏན་ཅི་ཞིག་ཡོད་དེ། ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། སེམས་ཙམ་ཞེས་པ་ནི་རྣམ་པར་རིག་པ་ཙམ་ཉིད་དུ་ཡང་བརྟགས་པ་ལ་སྟེ། རྟོགས་པས ་བརྟགས་པ་ནི་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པ་དང་འབྲེལ་པ་ཡིན་ན་ཡང་། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་འདོད་ཆགས་ལ་སོགས་པ་ཡོངས་སུ་གནས་པའི་ཕྱིར་རོ།། ཅི་སྟེ་ཁྱེད་དབུ་མར་སྨྲ་བ་དང་ཡང་མཚུངས ་པ་ཡིན་ནོ་ཞེས་སྐྱོན་མཚུངས་པ་ཉིད་དུ་བརྗོད་པའི་ཕྱིར། སྒྱུ་མ་ལྟ་བུར་ཤེས་ནཱ་ཡང་ཞེས་པ་ལ་སོགས་པ་སྨོས་ཏེ། སྒྱུ་མུ་སྟེ་སྒྱུ་མའི་རང་བཞིན་ཉིད་དུ་ཡང་འགྲོ་བས་ཤེས་ན། ཇི་ལྟར་ཉོན་མོངས་ལྡོག་འགྱུར་ཏེ། ཇི་ལྟར་འདོད ་ཆགས་ལ་སོགས་པའི་ཉོན་མོངས་པ་སྤོང་བར་འགྱུར་ཞེ་ས་འདྲིའོ།། འདིར་ཉོན་མོངས་པ་སྤོང་བ་ལ་མི་འཐད་པའི་རྒྱུ་ཅི་ཞིག་ཡོད་ཅེས་གང་ཞིག་འདི་ན། གང་ཚེ་སྒྱུ་མའི་ཞེས་པ་ལ་སོགས་པ་སྨོས་ཏེ། འདིར་མི་སྤོང་བའི་འཐད་པའི ་ས་བོན་མཐོང་སྟེ། གང་གི་ཚེ་སྒྱུ་མའི་བུད་མེད་སྟེ་གང་ཞིག་སྒྱུ་མ་མཁན་གྱིས་སྤྲུལ་པའི་བུད་མེད་ལ་ཆགས་པ་སྟེ། ཞེན་པའི་སེམས་སྐྱེ་སྟེ་འབྱུང་པོ་དེ་བྱེད་ཉིད་ཀྱང་ངོ་ཞེས་ཏེ། གང་རྨོངས་པར་བྱ་བའི་ཆེད་དུ་དེ་སྤྲུལ་པ་དེ་རྣམས ་འབྲའ་ཞིག་ལ་ནི་སྐྱེ་བ་མ་ཡི་སྦྱིན་གྱི། འོན་ཀྱང་སྒྱུ་མའི་བུད་མེད་དེའི་བྱེད་པ་པོ་ལ་ཡང་སྐྱེའོ།། དེ་ལྟར་འདི་ནི་ཀྱང་གི་སྒྲའི་དོན་ཏོ།། གང་གི་ཚེ་གཞན་གྱི་སེམས་འཁྲུལ་པ་བསྐྱེད་པའི་དོན་དུ་ཤིན་ཏུ་དེའི་རྣམ་པར་འཁྲུལ་པ་ལ་མཁས ་པའི་སྒྱུ་མ་མཁན་པོ་འགའ་ཞིག་ཡུལ་གྱི་བཟང་མོའི་བུད་མེད་ཉེ་བར་སྟོན་པར་བྱེད་དོ་དེ་ཡང་སྔགས་དང་སྨན་གྱི་མཐུས་སྤྲུལ་པའི་ཡན་ལག་དང་ཉིང་ལག་ཐམས་ཅད་ཀྱི་ཆ་ཤས་ཡོངས་སུ་རྫོགས་པའི་མཚན་ཉིད་ལང ་གསར་ལ་བབ་ཅིང་མཛེས་པ་ཕུན་སུམ་ཚོགས་པ་ཡང་དག་པར་རྫོགས་ཤིང་གསལ་ལ་ཡིད་དུ་འོང་བའི་ཁ་དོག་ཅན་འཇམ་ཞིང་མཉེན་པས་མཛེས་པར་གྱུར་པ་སྤྲུལ་པ་མཐོང་བས་དེའི་ཚེ་གཞན་འབའ ་ཞིག་ལ་འདོད་པའི་ལྷའི་མདངས་བསྣུན་པའི་སེམས་ཀྱི་སྡུག་བསྔལ་བ་སྐྱེ་བ་ནི་མ་ཡིན་ཏེ། འོན་ཀྱང་བདག་རང་ཉིད་ཀྱིས་འདི་སྤྲུལ་ལོ་ཞེས་དེའི་རང་བཞིན་ལ་མཁས་པ་དེས་ཀྱང་གནོད་པར་བྱ་བའི་མཛེས་པ་ཕུན་སུ་ཚོགས་པ ་འདོད་པའི་བྱ་བ་ལ་མཁས་པའི་ཆགས་པའི་ལུས་མངོན་པར་སྤྲུལ་ཏེ། འདོད་པའི་བྱ་བ་མཆོག་གི་གནས་སྐབས་ཐོབ་པ་ན་ངེས་ཧཱུཾ་ལྟར་ཡང་སེམས་ངེས་པར་གཟུང་བར་མི་ནུས་ན། དེ་ཇི་ལྟར་ན་སྒྱུ་མ་ཉིད་དུ་ངེས་ན་ཡང་འཁོར ་བའི་རྒྱུན་གཅོད་པར་འགྱུར་ཞེ་ན། འདི་སྤང་བའི་ཕྱིར་དེ་བྱེད་པ་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། ཁོ་བོ་ཅག་ལ་ཉེས་པ་འདྲར་ཐལ་བར་འགྱུར་བ་མ་ཡིན་ཏེ། དེ་བྱེད་པ་ནི་སྒྱུ་མའི་བུད་མེད་སྤྱིལ་པ་པོ་ཡིན་ལ། གང་གི་ཕྱི་མ ་སྤངས་ཤིང་མཱ་བཟློག་པ་ཡིན་ནོ།། ཅི་ཞིག་མ་སྤངས་ཤྭེ་ནཽ། ཤེས་བྱ་དང་། ཉོན་མོངས་བག་ཆགས་ཏེ། ཤེས་བྱ་དང་ཉོན་མོངས་པའི་རང་བཞིན་དང་བཅས་པར་སྒྲོ་འདོགས་པ་ལས་ཞེན་པ་ལ་སོགས་པའམ། དངོས་པོ་རཱྀ་སྒྲོ ་བཏགས་པ་ཡིན་ཏེ། ཤེས་བྱའི་སྒྲུབ་པ་ཞེས་པའི་ཐ་ཚིག་གོ།། དེའི་དབང་གིས་ཐོག་མ་མེད་པའི་འཁོར་བར་སྐྱེ་བ་བརྒྱུད་པར་གོམས་པ་ལོག་པའི་རྣམ་པར་རྟོག་པ་ལས་བྱུང་བ་དང་དེ་ས་བོན་དུ་གྱུར་པའི་སེམས་ཀྱི་རྒྱུན་གྱིས ་འདུས་བྱས་པ་ཡིན་ཏེ། དེ་མ་སྤངས་པའི་ཕྱིར་རོ།། ཅི་སྟེ་ལན་འདི་ནི་རྣམ་པར་ཤེས་པར་སྨྲ་བ་ཙམཱ་ལ་ཡང་མཚུངས་པ་ཡིན་ཏེ། དེ་ལ་ཡང་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་ཡོད་ཀྱང་། གློ་བུར་བའི་ཉོན་མོངས་པའི་བག་ཆགས་མ་སྤངས་པའི ་ཕྱིར་ཐམས་ཅད་དེ་བཞིན་གཤེགས་པར་མི་འགྱུར་རོ་ཞེ་ན། འདི་ནི་མཚུངས་པ་མ་ཡིན་ཏོ།། གང་གི་ཕྱིར་མེད་པའི་བདག་ཉིད་ཀྱི་དྲི་མ་ནི་འབྲས་བུའི་ཚིགས་པ་དང་བྲལ་བ་ནི་སྒྲིབ་པར་རིགས་པ་མ་ཡིན་ནོ་ཞེས་བརྗོད་ཟིན་པ་ཉིད་དོ།། ཁོ་བོ ་ཅིག་ལ་ནི་རང་བཞིན་མེད་པ་ཉིད་བསྐྱེད་པར་བྱ་བ་དང་བསྐྱེད་པར་བྱེད་པ་ཡིན་པས་མཚུངས་པ་ཡིན་ཏེ། གང་གི་ཕྱིར་དེ་མ་སྤངས་པ་དེས་ནི་རྒྱུ་འདི་ལས་དེ་མཐོང་དུས་ན། དེ་ཤེས་བྱའི་རང་བཞིན་དུ་མཐོང་སྟེ་དམིགས་པ་ཡིན་ལ། དེའི་དུས ་ནའམ་སྒྱུ་མའི་བུད་མེད་དེ་མཐོང་བའི་དུས་ན་སྟེ་དམིགས་པའི་དུས་ནའོ།། དེ་ཞེས་པ་ནི་ཉོན་མོངས་པའི་བག་ཆགས་མ་སྤངས་པའི་མཐོང་བ་པོའོ།། སྟོང་པའི་བག་ཆགས་ཉམ་ཆུང་ཞེས་པ་ལ། སྟོངས་པ་སྟེ་དངོས་པོའི་དེ་ཁོ་ན་ཉིད་དམ ་སྟོང་པ་ཉིད་ཞེས་ཚིག་བསྡུ་སྟེ་སྡེབ་སྦྱོར་གྱི་ངོར་དངོས་པོའི་རྐྱེན་བསུབྱས་ནས་སྟོང་པ་ཞེས་བསྟན་ཏོ།། བག་ཆགས་ནི་འདུས་བྱས་པས་གཞག་པ་ཡིན་ལ་དེ་ཉམས་ཆུང་བ་ནི་ནུས་པ་དང་བྲལ་བ་ཡིན་ཏེ། བརྟགས་པའི་ངོ་བོ་མཐོང་བའི ་ཕྱིར་རོ།། དེའི་ཕྱིར་དེའི་ཚེ་དངོས་པོ་སྟོབས་དང་ལྡན་པ་ཡིན་ནོ།། འོ་ན་ཇི་ལྟར་དེ་བཟློག་པར་འགྱུར་ཞེ་ན། སྟོང་ཉིད་ཅེས་པ་ལ་སོགས་པ་གསུངས་ཏེ། སྟོང་ཉིད་ནི་སྒྱུ་མའི་རང་བཞིན་རང་བཞིན་མེད་པ་ཉིད་ཡིན་ལ། བག་ཆགས་ནི་ངེས ་བཞག་པའི་ཤུགས་ཡིན་ཏེ། གོམས་པའི་སྟོབས་ཀྱིས་བསྟན་པར་འགྱུར་ཞེས་པའི་ཐ་ཚིག་གོ།། དེས་ན་འགལ་བའི་རྐྱེན་གྱིས་སྤོངས་པར་འགྱུར་ཏེ། མཱ་དང་ཉེ་བར་གྱུར་པས་གྲང་བའི་རེག་པ་བཞིན་བཟློག་པར་བྱེད ་དེ། ཅི་ཞིག་ཅེ་ན། དངོས་པོའི་བག་ཆགས་ཏེ། ཟློག་མ་མེད་པའི་འཁོར་བ་ནུས་གོམས་པས་དངོས་པོར་འཛིན་ཅིང་ཞེན་པ་ནི་བག་ཆགས་ཡིན་ལ། དེ་ཡང་དག་པའི་དོན་ཡིན་པའི་ཕྱིར་དང་དངོས་པོའི་རང་བཞིན་ཡིན་པའི་ཕྱིར་དང་། གཞོན ་ནི་བརྫུན་པ་ཡིན་པས་གློ་བུར་བ་ཡིན་པའི་ཕྱིར་རོ།། དངོས་པོ་ལ་མངོན་པར་ཞེན་པའམ་སྟོང་པ་ཉིད་དུ་མངོན་པར་ཞེན་པར་ཁྱད་པར་ཅུང་ཟད་ཀྱང་མེད་པ་མ་ཡིན་ནམ། དེ་ཡང་རྟོག་པ་ལས་མ་འོངས་པའི་ཕྱིར་ཏེ་གང་། སྟོང་ཉིད ་བལྟ་བ་ཐམས་ཅད་ལས།། ངེས་པར་འབྱིན་པར་རྒྱལ་བས་གསུངས།། གང་དག་སྟོང་པ་ཉིད་བལྟ་བ། དེ་དག་གསོ་བྱ་མིན་པར་གསུངས་ཞེས་གསུངས་པ་ཡིན་ནོ་ཞེ་ན། འདི་སྤང་བར་འདོད་ནས་ཅི་ཡང་མེད་ཅེས་པོ་ལ་སོགས་པ ་གསུངས་ཏེ། ཅུང་ཟད་ཅེས་པ་ནི་དངོས་པོ་འམ་སྟོང་པ་ཉིད་དོ།། མེད་པ་ནི་ཡོད་པ་མ་ཡིན་ལ་ཡང་གི་སྒྲ་ནི་སྔ་མ་ལ་བལྟོས་པས་སྡུད་པ་ཡིན་ནོ།། དེའི་ཕྱིར་དེ་ལྟར་གོམས་པས་བག་ཆགས་དེ་སྤངས་པ་ཕྱི་ནས་སྟོང་པ་ཉིད་ཀྱི་བྲག་ཆ ་ཀྱང་སྤོང་བར་འགྱུར་ཏེ་ཟློག་པར་འགྱུར་རོ།། བསམ་པ་ནི་འདི་ཡིན་ཏེ་སྟོང་པ་ཉིད་རྟོགས་པ་ནི་དངོས་པོ་ལ་མངོན་པར་ཞེན་པའི་གཉེན་པོ་ཡིན་པའི་ཕྱིར་སྤོང་ང་ཆུས་ལལས་ལས་བྱུང་བ་རྟོགས་ནས་གང་གཟིངས་དང་འདྲ་བ་ཡིན་པའི ་ཕྱིར་ཐབས་ཀྱང་ཕྱི་ནས་སྤང་བར་ཉམས་སུ་བླང་ངོ་།། འདི་ཉིད་གསུངས་པ། རྣམ་རྟོག་ཐམས་ཅད་སྤང་བའི་ཕྱིར།། སྟོང་ཉིད་བདུད་རྩི་བསྟན་པ་ཡིན།། གང་ཞིག་དེ་རུ་འཛིན་པ་ཡང་།། འདི་ནི་ཁྱེད་ཀྱིས་སྤངས་པ་ལགས་ཤེས་སོ།། དེ ་ལྟར་གྱུར་ན་ཡང་གལ་ཏེ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་ཡིད་ལ་བྱེད་པ་གོམས་པ་ལས་སྟོང་པ་ཉིད་ཀྱི་བག་ཆགས་སྤོང་བར་འགྱུར་བ་ཡིན་པ་དེ་ལྟ་ན་ཡང་། དེ་གོམས་པས་ཡང་དངོས་པོ་མེད་པའི་རྣམ་པར་རྟོག་པ ་འཇུག་པ་བཟློག་པར་མི་ནུས་ཏེ། དེས་ན་ལྦ་བ་བཅུག་པ་ལས་མིག་འབྲས་འབྱུང་བ་བཞིན་དུ་ཁྱེད་ཀྱི་ཉེས་པ་དེ་བཞིན་དུ་གནས་པ་ཡིན་ནོ་ཞེས། གང་ཚེ་ཞེས་པ་ལ་སོགས་པ་སྨོས་ཏེ། འདི་ཡང་དཔྱད་ན་གནས་པ་མ་ཡིན་ནོ་ཞེས ་སྨྱོན་པར་བྱེད་དེ། གང་ཞིག་དངོས་པོ་མེད་དོ་ཞེས་རབ་ཏུ་རྟོག་ཅིང་གང་གི་དངོས་པོ་འགེགས་པར་བྱེད་ན་དེ་གང་གི་ཚེ་རྟོག་པ་ནཱ་རབ་རིབ་ཅན་གྱིས་མཐོང་བའི་སྒྲའི་དོགས་པ་བཞིན་དུ་རང་བཞིན་དུ་རང་བཞིན་མི་རྙེད་དེ། མི་འཐོབ། ་བྱོ། དེ་ཚེ་རྟེན་འབྲེལ་པ་ཞེས་པ་ལ། གང་གི་དངོས་པོ་འདི་ཡོངས་སུ་རྟོག་པ་ན་དེ་དང་འབྲེལ་པའི་དངོས་པོ་མེད་པའི་ཕྱིར་མི་དམིགས་པ་ཡིན་ཏེ། མེད་པ་ཡིན་ནོ།། རྟོགས་པས་བསྟན་པའི་ལུས་ཇི་ལྟར་བློའི་མདུན་ན་གནས་ཏེ། ་ཇི་ལྟར་འདི་བརྟགས་པས་བློའི་མདུན་དུ་སྣང་བར་འགྱུར། དངོས་པོ་རང་ཉིད་ཀྱིས་དངོས་པོ་མེད་པར་ལྡོག་པར་འགྱུར་རོ།། ཡང་ན་གཞན་དུ་བཤད་པར་བྱ་སྟེ། སྟོང་པ་ཉིད་ཀྱི་སྟོབས་ཀྱིས་གཞག་པས་དངོས་པོའི་བག་ཆགས ་@ལྡོག་ཏུ་ཆུག་ན་ཡང་དེ་ལ་འགེགས་པ་མེད་པའི་ཕྱིར་དངོས་པོ་མེད་པའི་མངོན་པར་ཞེན་པ་གང་གིས་ལྡོག་པར་བྱེད་ཅེ་ན། གང་ཚེ་ཞེས་པ་ལ་སོགས་པ་གསུངས་ཏེ། གཞན་ཐམས་ཅད་ནི་སྔ་མ་བཞིན ་ནོ།། འདི་ནི་འདིར་བསྡུས་པའི་དོན་ཡིན་ཏེ། དངོས་པོ་ལ་མངོན་པར་ཞེན་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་སྤོང་བར་བརྗོད་ལ། སྟོང་པ་ཉིད་དེ་ཡང་སྟོང་པ་ཉིད་མངོན་དུ་བྱེད་པ་ལས་ཕྱི་ནས་སྤོང་བར་འགྱུར་རོ།། གང་ཡང ་ཇི་ལྟར་ཡང་དངོས་པོར་རྟོག་པ་སྐྱེ་བར་འགྱུར་ན། དེ་ཡང་དེ་མ་ཐག་ཏུ་དཔྱོད་པར་འགྱུར་བས་ཟློག་པར་འགྱུར་ཏེ། དེ་ཉིད་ཀྱི་ཕྱིར་རྣམ་པར་རྟོག་པའི་ཚོགས་དུ་མ་བཟློག་པའི་ཆེད་དུ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་མར་ནཱང་སྟོང་པ་ཉིད་ལ་སོགས་པ་སྟོང་པ་ཉིད་བཅོ་བརྒྱད་རྒྱས་པར་གསུངས་ཏེ་སྟོང་པ་ཉིད་ནི་དངོས་པོ་ལས་གཞན་མ་ཡིན་ཏེ། དངོས་པོ་ཉིད་དེའི་ར་བཞིན་ཡིན་པའི་ཕྱིར་རོ།། གཞན་དུ་ན་སྟོང་པ་ཉིད་ཆོས་རྣམས་ལྔ ་ཐོ་དད་པ་ཡིན་ན། ཆོས་རྣམས་དངོས་པོ་མེད་པར་མི་འགྱུར་ཏེ། དངོས་པོ་མེད་པ་ན་དེའི་རང་བཞིན་ཡིན་ནོ་ཞེས་སྔར་བསྒྲུབས་པ་ཡིན་ནོ།། འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་པ་གཞན་ཡང་རབ་འབྱོར ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པ་ཡིད་ལ་བྱེད་པས་འདི་ལྟར་རྟོགས་ཏེ་གཟུགས་ཀྱིས་སྟོང་པ་ཉིད་ཀྱིས་གཟུགས་སྟོང་པ ་མ་ཡིན་ཏེ་གཟུགས་ཉིད་སྟོང་པའོ།། སྟོང་པ་ཉིད་གཟུགས་སོ།། ཚོར་བའི་སྟོང་པ་ཉིད་ཀྱིས་ཚོར་བ་སྟོང་པ་མ་ཡིན་ཏེ། ཚོར་བ་ཉིད་སྟོང་པའོ།། སྟོང་པ་ཉིད་ཚོར་བའོ།། འདུ་ཤེས་ཀྱི་སྟོང་པ་ཉིད་ཀྱིས་འདུ་ཤེས་སྟོང་པ་མ་ཡིན་ཏེ། འདུ་ཤེས ་ཉིད་སྟོང་པའོ།། སྟོང་པ་ཉིད་འདུ་ཤེས་སོ།། འདུ་བྱེད་ཀྱི་སྟོང་པ་ཉིད་ཀྱིས་འདུ་བྱེད་སྟོང་པ་མ་ཡིན་ཏེ། འདུ་བྱེད་ཉིད་སྟོང་པའོ།། སྟོང་པ་ཉིད་འདུ་བྱེད་དོ།། རྣམ་པར་ཤེས་པའི་སྟོང་པ་ཉིད་ཀྱིས་རྣམ་པར་ཤེས་པ་སྟོང་པ་མ་ཡིན་ཏེ། རྣམ ་པར་ཤེས་པ་སྟོང་པའོ།། སྟོང་པ་ཉིད་རྣམ་པར་ཤེས་པའོ་ཞེས་རྒྱས་པར་རོ།། ཡང་། གང་ཞིག་རྟེན་ཅིང་འབྲེལ་པར་འབྱུང་།། དེ་ཉིད་ཁྱེད་ཀྱིས་སྟོང་པར་བཞེད།། དངོས་པོ་རང་དབང་ཅན་མེད་ཅེས།། ཁྱེད་ཀྱི་སཾངྒེའི་སྒྲ་མཚུངས ་མད་ཅེས་གསུངས་པ་ཡིན་ནོ།། དེ་ལྟར་ན་སྟོང་པ་ཉིད་ནི་ཆོས་རྣམས་ལས་ཐ་དད་པ་མ་ཡིན་ནོ།། དེ་ལྟ་བས་ན་སྟོང་པ་ཉིད་ལ་ཡང་མངོན་པར་ཞེན་པར་མི་བྱའོ།། དེ་ལྟར་རྣམ་པར་རྟོག་པ་ཐམས་ཅད་ནུབ་པའི་ཕྱིར་སྒྲིབ་པ་མཐའ ་དྭག་ལས་གྲོལ་བ་སྐྱེའོ་ཞེས་བསྟན་པའི་ཕྱིར་གང་ཚེ་དངོས་དང་ཞེས་པ་ལ་སོགས་པ་གསུངས་ཏེ། གང་ཚེ་དངོས་པོ་དོན་དམ་པར་ཡོད་པའི་རང་བཞིན་ཡོད་པ་མ་ཡི་ཁྲེ་ཟུགཔ་ཡིན་མ་ཙུན་ཡང་དག་པར་གནས་པ་ཡིན་ནོ།། དངོས་མེད་ཀྱང་མ ་ཡིན་ཏེ། དངོས་པོ་དང་བྲལ་བའི་མཚན་ཉིད་དངོས་པོ་མེད་པ་ཡང་མ་ཡིན་ནོ།། གང་ཚེ་བློའི་མདུན་ན་གནས་པ་དེ་ཚེ་རྣམ་པ་གཞན་མེད་པས་ཤེས་ཏེ། དགག་པ་དང་བསྒྲུབ་པ་གཞན་མེད་པའི་ཕྱིར་ཏེ། གཉི་ག་དང་གཉི་ག་མ་ཡིན་པའི ་ཕྱོགས་གཉིས་པོ་འདི་བསྒྲུབ་པ་དང་དགག་པའི་བདག་ཉིད་ཡིན་པའི་ཕྱིར་འདི་དག་ལས་མ་གཏོགས་པ་འདི་གཉིས་ཀྱི་ནང་དུ་འདུས་ལ་དེར་འདུས་པས་ཀྱང་རྟེན་མེད་པ་ཡིན་ཏེ། ཡོད་པ་དང་མེད་པ་དམིགས ་པ་དང་བྲལ་བའི་ཕྱིར་རོ།། བློ་རབ་ཏུ་ཞི་བ་ཡིན་ལ་རྣམ་པར་རྟོག་པ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་ཞི་བོ་ཡིན་ཏེ། མེ་བཞིན་དུ་འདས་པ་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ།། གལ་ཏེ་ཇི་ལྟར་རྣམ་པར་རྟོག་པ་མཐའ་དག་དང་བྲལ་བས་བསྐལྔ་པ ་གྲངས་མེད་པ་ནས་འདོད་པའི་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཐབས་སུ་གྱུར་པའི་སངས་རྒྱས་ཉིད་ཐོབ་ནས་བཅོམ་ལྡན་འདས་ཀྱིས་གཞན་གྱི་དོན་མངོན་པར་རྫོགས་པར་བྱེད་པར་ཅི་ལྟར་འགྱུར་ཞེ་ན། འདིར་ཡིད་བཞིན་ནོར ་བུ་ཞེས་པ་ལ་སོགས་པ་གསུངས་ཏེ། ཡིད་བཞིན་ནོར་བུ་ཞེས་པ་ནི་བསམས་པའི་འབྲས་བུ་སྟེར་བའི་རིན་པོ་ཆེའི་ཁྱད་པར་རོ།། དཔག་བསམ་གྱི་ཤིང་ཞེས་པ་ནི་བསམ་པའི་འབྲས་བུ་སྟེར་བའི་ཤིང་གི་ཁྱད་པར་ཡིན་ཏེ། དེ་ཇི་ལྟར ་རྣམ་པར་རྟོག་པ་མེད་ཀྱང་སྣོད་ཇི་ལྟ་བར་འཇིག་རྟེན་པ་རྣམས་ཀྱི་རེ་བ་ཡོངས་སུ་རྫོགས་པ་ཡིན་ཞིང་། འདོད་པ་ཐོབ་པར་བྱེད་པ་ཡིན་ཏེ། དེ་བཞིན་རྒྱལ་བའི་སྐུར་སྣང་ངོ་ཞེས་པ་དང་འབྲེལ་ཏོ།། རྒྱལ་བ་ནི་བདུད་བཞི་ལས་རྒྱལ་བའི་ཕྱིར ་རིམ། སྡིག་པའི་ཆོས་ལས་རྒྱལ་བས་རྒྱལ་བ་སྟེ། བཅོམ་ལྡན་འདས་སོ།། རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་མཛེས་པར་བྱས་པའི་ལུས་སོ།། དེ་བཞིན་དུ་སྟེ་རྣམ་པ་དེས་སྣང་སྟེ། ་རྣམ་པར་རྟོག་པ་ཐམས་ཅད་མེད་ཀྱང་གཞན་ལ་ཕན་པ་དང་བདེ་བ་བསྒྲུབ་པར་ནུས་པ་རྟོགས་སོ།། ཡང་ཇི་ལྟར་ན་འདོད་པ་ཙམ་གྱིས་གྲུབ་པར་འགྱུར་ཞེ་ན། གདུལ་བྱ་སྨོན་ལམ་དག་གིས་ནི་ཞེས་གསུངས་ཏེ། གདུལ་བྱའི་དབང་གིས་ཡིན་ཏེ། ་གང་སངས་རྒྱས་བཅོམ་ལྡན་འདས་རྣམས་གདུལ་བྱ་དེ་རྣམས་གདུལ་བྱེ་དྲི་རྣམས་ཀྱི་འབྲས་བུའི་ཁྱད་པར་ཐོབ་པའི་རྒྱ་གེ་བའི་ལས་ནི་རྣམ་པར་སྨིན་པ་དེའི་དབང་གིས་སོ།། སྨོན་ལམ་གྱི་དབང་གིས་ཏེ། གང་བཅོམ་ལྡན་འདས་ཀྱི་བྱང་ཆུབ་སེམས ་དཔའི་གནས་སྐབས་ན་རྣམ་པ་དུ་མས་སེམས་ཅན་གྱི་དོན་བསྒྲུབ་པོའི་སྨོན་ལམ་ངེས་འཕྱངས་པའི་དབང་གིས་རྫ་མཁན་གྱི་འཁོར་ལོ་འཁོར་བའི་ཚུལ་གྱིས་ལྷུན་གྱིས་གྲུབ་པའི་འཇུག་པས་སེམས་ཅན་ཐམས་ཅད་ལ་ཕན་པ་དང ་བདེ་བ་བསྒྲུབ་པར་འཐད་པ་ཡིན་ནོ།། གང་གི་ནུབ་མོ་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་ནས་གང་དུ་མྱ་ངན་ལས་འདས་ཕྱིའི་བར་འདིར་དེ་བཞིན་གཤེགས་པས་ཡི་གེ་གཅིག་ཀྱང་མ་གསུངས་ཏེ། དེ་ཅིའི ་ཕྱིར་ཞེ་ན། བཅོམ་ལྡན་འདས་ནི་རྟག་ཏུ་མཉམ་པར་བཞག་པ་ཡིན་ནོ།། གང་ཡང་ཡི་གེ་དང་དབྱངས་དང་སྒྲ་ནི་དེ་བཞིན་གཤེགས་པའི་ཞལ་དང་མཛོད་སྤུ་དང་། གཙུག་ཏོར་ལས་བྱུང་བའི་སྒྲ་སེམས་ཅན་དེ་རྣམས་ཀྱིས་ཐོས་སྔོ་ཞེས་པ ་ལ་སོགས་པ་གསུངས་སོ།། ཡོང་ཏིང་འཛིན་དེ་ལ་མཉམ་བཞག་པ།། ཡིད་བཞིན་ནོར་བུ་བཞིན་དུ་གནས།། ཇི་ལྟར་འདོད་བཞིན་རྩིག་སོགས་ལས།། སྒྲོན་མའི་སྒྲ་ནི་འབྱུང་བ་ཡིན།། ངོ་དག་ཤེས་པར་འདོད་དོན་རྣམས།། མི་རྣམས ་ཀྱིས་ནི་ཐམས་ཅད་རྟོགས།། སྐལ་པ་བཞིན་དུ་ཕན་པར་ཡང་།། མྱུར་དུ་ཐོབ་པར་འགྱུར་བ་ཡིན་ཞེས་གསུངས་སོ།། བསྟོད་པ་བཞི་པ་ལས་ཀྱང་།། གཙོ་བོ་ཁྱེད་ཀྱིས་འགའ་ཞིག་ཏུ།། ཡི་གེ་གཅིག་ཀྱང་མ ་གསུངས་ཏེ།། ཆོས་ཀྱི་ཆར་གྱིས་གདུལ་བྱ་ཡི།། འགྲོ་བ་མ་ལུས་ཚིམ་པར་མཛད་ཅེས་གསུངས་སོ།། དེ་ལྟར་ཐུན་མོང་མ་ཡིན་པའི་རྒྱུ་བཤད་ནས་ཡང་གཞན་དུ་རྒྱུའི་གནས་སྐབས་ཉིད་གང་ལྷུན་གྱིས་གྲུབ་པས་གཞན་གྱི་དོན ་སྒྲུབ་པར་བྱེད་པའི་འབྲས་བུ་སྐྱེ་བར་འགྱུར་པ་དེ་ལྟ་བུའི་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་པའི་ཕྱིར་དཔེར་ན་ན་མཁའ་ལྡིང་གི་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། དཔེར་ན་ན་མཁའ་ལྡིང་གི་ནི་ཞེས་ཏེ། དུག་གི་དེ་ཁོ་ན་ཉིད ་རིག་པ་སྔོགས་ཀྱིས་ནུས་པ་ཐོབ་པས་ཤིང་གི་རང་བཞིན་ནཱམ་རྡོ་བ་འམ་གཞན་གྱི་ཡང་རུང་ཏེ། མཆོད་སྡོང་བསྒྲུབས་ན་སྔགས་ཀྱིས་མངོན་པ་རྣ་སྦྱངས་ཏེ། ཁོ་བོ་མེད་ཀྱང་འདི་ཉིད་དུག་ལ་སོགས་པ་ཐམས་ཅད་སེལ་བ་ལ་ནུས ་པ་དང་ལྡན་པར་འགྱུ་རེ་རེ་ཞེས་ནས་འདས་པར་གྱུར་ཏེ། རང་ཉིད་བྱ་བ་དང་བྲལ་བར་འགྱུར་རོ།། མཆོད་སྡོང་དེ་ལ་དེས་སྔགས་བཏབ་སྟེ་མཁའ་ལྡིང་ཅན་དེ་འདས་ནས་ཡུན་རིང་ལོན་ཡང་སྟེ། ཡུན་རིང་པོར་བྱ་བ་དང་བྲལ་ཡང་དུག ་ལ་སོགས་པ་ཞི་བར་བྱེད་ལ་སོགས་ཀྱི་སྒྲས་ནི་གདོན་ལ་སོགས་པའི་རྣམ་པར་འགྱུར་བ་ཡང་འཇོམས་པར་བྱེད་དོ།། དེ་ལྟར་དཔེ་ཉེ་བར་བསྟན་ནས། དོན་ལ་སྦྱར་བའི་ཕྱིར་བྱང་ཆུབ་སྤྱོད་ཅེས་པ་ལ་སོགས་པ་གསུངས་ཏེ། ་དཔེར་ན་ཞེས་པའི་སྒྲས་དེ་བཞིན་དུ་ཞེས་པ་འདྲེན་པར་བྱེད་དེ། དེ་བཞིན་དུ་བྱང་ཆུབ་ལ་བྱང་ཆུབ་ཀྱི་རྒྱུ་མཚན་སངས་རྒྱས་ཀྱི་ཆེད་ཀྱི་སྤྱོད་པ་ནི་བྱང་ཆུབ་ཀྱི་སྤྱོད་པའོ།། བྱང་ཆུབ་སེམས་དཔའ་འདས་གྱུར་ཀྱང་ཞེས་ཏེ། བྱང་ཆུབ་ནི་སངས་རྒྱས ་ཉིད་ཡིན་ཏེ། གཅིག་དང་དུ་མ་དང་བྲལ་པ་སྐྱེ་བ་མེད་པ། འགག་པ་མེད་པ། ཆད་པ་མེད་པ། རྟག་པ་ཚང་པ། སྤྲོས་པ་ཐམས་ཅད་དང་བྲལ་བ། ནཾ་མཁའ་དང་མཉམ་པ། ཆོས་ཀྱི་སྐུར་གྲགས་པ་ལ་དྲོན་དམ་པའི་དེ་ཁོ་ན་ཉིད་དུ་བརྗོད་དོ།། ། ་དེ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོང་སྟོང་པ་ཉིད་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། ཆོས་ཀྱི་དབྱིངས་ལ་སོགས་པའི་སྒྲས་ཀུན་རྫོབ་ཀྱི་བདེན་པ་ལ་བརྩམས་ནས་བརྗོད་དོ།། འདི་ཉིད་ལ་དགོངས་ནས། སངས་རྒྱས་། ་རྣམས་ནི་ཆོས་ཉིད་བལྟ།། འདྲེན་པ་རྣམས་ནི་ཆོས་ཀྱི་སྒྲ།། ཆོས་ཉིད་ཤེས་པར་བྱ་མིན་པས།། དེ་ནི་རྣམ་པར་ཤེས་མི་ནུས། ཞེས་གསུངས་སོ།། ཡང་མཚན་ཉིད་མེད་ཅིང་མ་སྐྱེས་པ།། ངག་གི་ལམ་མིན་འདུས་མུ་བྱས།། ན་མཁའ་དང་མཉ ་བྱང་ཆུབ་སེམས།། བྱང་ཆུབ་གཉིས་མེད་མཚན་ཉིད་ཡིན་ཞེས་གསུངས་ཏེ། དེ་ལ་སེམས་དཔའ་ནི་གང་གི་བསམ་པ་ཡིན་པ་དེ་ལ་བྱང་ཆུབ་སེམས་དཔའ་ཞེས་བྱའོ།། དེ་འདས་པར་གྱུར་ཀྱང་ངོ་།། ཡང་གི་སྒྲ་ནི་རིམ་པ་གཞན་དུ་ཡིན་ཏེ། ་མི་གནས་པའི་མྱ་ངན་ལས་འདས་པས་དོན་དམ་པ་ཞི་བར་གྱུར་ཀྱང་ངོ་།། རྒྱུའི་གནས་སྐབས་ལོག་ཅིང་འབྲས་བུའི་གནས་སྐབས་ཐོབ་པ་ན་ཡང་ཞེས་པའི་དོན་ཏོ།། དེ་ལྟར་གཉི་གར་ཡང་རྟོག་པ་དང་ཐམས་ཅད་དུ་བྲལ་ཡང་གཞན ་གྱི་དོན་སྒྲུབ་པ་ཉམས་པ་མེད་པར་བསྟན་པ་ཡིན་ནོ།། དེ་ལྟར་གྱུར་ན་ཡང་གལ་ཏེ་བཅོམ་ལྡན་འདས་རྣམ་པར་རྟོག་པར་དམིགས་པ་ཐམས་ཅད་དང་བྲལ་བས་སེམས་ལས་བྱུང་བ་ཐམས་ཅད་ཀྱི་བྱ་བ་འདས་པ ་ཡིན་ཏེ། འོ་ན་ཇི་ལྟར་དེ་བཞིན་གཤེགས་པ་མཆོད་པ་འབྲས་བུར་ཆེན་པོར་བསྔགས་ཞེས་དོགས་སེམས་མེད་ཞེས་པ་ལ་སོགས་པ་སྨོས་ཏེ། ཀུན་རྫོབ་ཀྱི་སེམས་དང་བྲལ་བའི་བཅོམ་ལྡན་འདས་ལ་མཆོད་པ་སྟེ་མཆོད་པ་བྱས་པ ་ལས་ཞེས་བྱེད་པའི་ཁྱད་པར་རོ།། ཇི་ལྟར་འབྲས་བུར་ལྡན་པར་འགྱུར་ཏེ་འབྲས་བུ་དང་བཅས་པར་འགྱུར།། ལོང་སྤྱོད་པར་བྱེད་པ་མེད་པ་དེ་ལ་སྦྱིན་པ་པོ་དང་སྦྱིན་བདག་རྣམས་ལ་ཇི་ལྟར་བསོད་ནམས་སུ་འགྱུར་ཞེ་ན། འདི་ལ་ལན ་གང་ཕྱིར་བཞུགས་པ་འམ་ཞེས་པ་ལ་སོགས་པ་གསུངས་ཏེ། མཚུངས་ཤིང་མཉམ་པ་ཉིད་དུ་བཤད་དེ་ལུང་ལས་བསྟན་ཏོ།། གང་གི་ཕྱིར་བཞུགས་པ་འམ། མྱ་ངན་འདས་པ་དེ་ལའང་དེའི་ཕྱིར་འབྲས་བུ་དང་ལྡན་པར ་འགྱུར་རོ་ཞེས་སྦྱར་རོ།། ཞུགས་པ་ནི་མྱ་ངན་ལས་མ་འདས་པ་ཡིན་ལ། མྱ་ངན་ལས་འདས་པ་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལུས་འོངས་པར་གྱུར་པ་ཡིན་ཏོ།། བསྣོད་ནམས་ལ་ཁྱད་པར་ཡོད་པ་མ་ཡིན་ནོ།། བསེམ་པ་ནི ་འདི་ཡིན་ཏེ། བསོད་ནམས་ནི་རྣམ་པ་ཡིན་ལ། གཏོང་བ་དང་རྗེས་སུ་འབྲེལ་པ་ནི་གཏོང་བ་ཉིད་ལས་གང་སྐྱེས་པའོ།། ཡོངས་སུ་ལོང་སྤྱོད་པ་དང་རྗེས་སུ་འབྲེལ་པ་ནི་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་ལོངས་སྤྱོད་པ་ལས་གང ་སྐྱེས་པའོ།། དེ་ལ་གལ་ཏེ་བཅོམ་ལྡན་འདས་མྱ་ངན་ལས་འདས་པ་ལ་ལེན་པ་མེད་པས་ཡོངས་སུ་ལོངས་སྤྱོད་པའི་བསོད་ནམ་སུ་མི་འགྱུར་ཡང་གཏོང་བ་དང་ཡོངསུ་འབྲེལ་པ་གང་གིས་བཟློགས་པར་བྱ། ཅི་སྟེ་ཡོངས་སུ ་མ་བླངས་ནཱ་ག་ལ་ཡང་ཇི་ལྟར་ཡོངས་སུ་གཏོང་བ་དང་འབྲེལ་པའི་བསོད་ནམས་སུ་འགྱུར་ཞེ་ན། ལེན་པ་པོ་ཡོད་ན་བསོད་ནམས་སུ་འགྱུར་ལ། མེད་ན་ནི་མ་ཡིན་ནོ་ཞེས་པ་རྒྱུ་ཅི་ཡིན། ཡང་ཅི་སྟེ་ལེན་པ་པོ་འགའ་ཡང ་མེད་པའི་ཕྱིར་རོ་ཞེ་ན། དེ་ནི་རྒྱུ་མ་ཡིན་པ་ཉིད་ཡིན་ཏེ། གང་ཕྱིར་ཞེས་ཏེ། བསོད་ནམས་གཞན་ཡོངས་སུ་ལེན་པ་ཉིད་ཀྱིས་འགྱུར་ན་བྱམས་པ་ཚད་མེད་པ་ལ་སོགས་པ་དང་ཡང་དག་པའི་ལྟ་བ་བསྒོམས་པ་ལ་བསོད་ནམས ་མེད་པར་འགྱུར་རོ།། དེ་ལྟ་བུས་རུང་གི་སེམས་ཀྱི་མཐུས་གཞན་ཡོངས་སུ་ལེན་པ་མེད་པར་ཡང་བསོད་ནམས་ཡོད་པར་འདོད་པར་བྱ་སྟེ། དེས་ན་ཡོན་ཏན་དང་ལྡན་པ་འདས་པ་ལ་ཡང་དེ་ལ་གུས་པར་བྱས་པས་རང་གི་རིས་ལ་སོ ་སུ་འགྱུར་བ་ལ་འགྲེལ་བ་མེད་དོ།། གཞན་ཡང་བསོད་ནམས་དང་སྡིག་པ་ཐམས་ཅད་ཡོད་པ་དག་ལ་ལུང་དབང་པོ་ཉིད་དུ་ལུང་ལོས་བཤད་ཅེས་ཏེ། འདིར་འཐད་པ་གཞན་གྱིས་ཅི་ཞིག་བྱ། ལུང་ལས་ཏེ་བཅོམ་ལྡན་འདས ་ཀྱིས་བཀའ་ལས་ཡིན་ལ། འབྲས་བུ་ནི་བཅོམ་ལྡན་འདས་ལ་མཆོད་པ་བྱས་པས་ལོང་སྤྱོད་ཆེན་པོ་ལ་སོགས་པའི་མཚན་ཉིད་རྟོགས་པར་འགྱུར་རོ།། དེ་ལ་ཞེས་པ་ནི་མྱ་ངན་ལས་འདས་པའམ་མྱ་ངན་ལས་མ་འདྲེས་པའི ་བཅོམ་ལྡན་འདས་ལ་མཆོད་པའི་ཁྱད་པར་འདི་དག་ཡིན་ཏེ། ཁ་ཅིག་ནི་འབྲས་བུ་ཀུན་རྫོབ་ཡིན་ལ། ཁ་ཅིག་ནི་ཡང་འབྲས་བུ་དོན་དམ་པ་སྨིན་ནོ་ཞེས་འདོད་དོ།། འདི་ལྟར་དཔྱད་པ་བཏུང་སྙོམས་སུ་བྱས ་ནས་ཁྱད་པར་དུ་བརྗོད་པར་བྱ་སྟེ། ཀུན་རྫོབ་བམ་དེ་ཉིད་དུ་འང་རུང་སྟེ། བསོད་ནམས་དང་སྡིག་པ་བྱས་པའི་འབྲས་བུ་བཅོམ་ལྡན་འདས་ཀྱི་བཀའ་ལས་རྟོགས་པ་ཡིན་ཏེ། དེ་ལ་ཡང་ཁྱེད་དང་ཁོ་བོ་ཅག་ལ་རྩོད་པ་མེད་པ ་ཉིད་དོ།། དེ་ལ་འདི་བཅོམ་ལྡན་འདས་ཀྱིས་མེ་ཏོག་བརྩེགས་པའི་གཟུངས་ལས། སེངྒེ་རྣམ་པར་རྩེ་བ་འགའ་ཞིག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་གྱི་ཚོགས ་དཔག་ཏུ་མེད་པ་དང་ལྡན་པ་དེའི་ཕྱིར་དེ་ལ་མཆོད་པའི་རྣམ་པར་སྨིན་པ་དེ་ཡང་དཔག་ཏུ་མེད་པར་བྱའོ།། སེངྒེ་རྣམ་པར་རྩེ་བ་གང་ལ་ལ་དག་བཞིན་གཤེགས་པ་བཞུགས་ཀྱང་རུང་། ཡོངས་སུ་མྱ་ངན་ལས་འདས་ཀྱང ་རུང་། མཆོད་པར་བྱེད་པ་དེ་དག་ཐམས་ཅད་ནི་འདི་ལྟ་སྟེ། ཐེག་པ་གསུམ་ལས་ཐེག་པ་གཅིག་གིས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ།། སེངྒེ་རྣམ་པར་རྩེ་བ་གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ ་ཡང་དག་པར་རྫོགས་པའི་སངས་རྒྱས་མཐོང་ནས་སེམས་དང་བར་འགྱུར་ལ། དང་བའི་སེམས་ཀྱི་རྙེད་པ་དང་། ནི་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། སྙུན་གསོལ་བ་དང་། ཡོ་བྱད་དང་། བདེ་བར་སྦྱར་བ་ཐད ་ཀྱིས་བསྟི་སྟང་དུ་བྱས་ཤིང་རི་མོར་བྱས་ཏེ། མཆོད་ཅིང་རྗེད་ལ་རིམ་གྲོར་བྱས་པ་དང་། གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་གྱི་མཆོད་རྟེན་ལ་མཆོད་པ ་བྱས་པའི་རྣམ་པར་སྨིན་པ་ནི་མཉམ་པོར་ཤེས་པར་བྱ་སྟེ། བྱེ་བྲག་གམ་ཐོ་དད་དུ་བྱ་བ་དེ་བཞིན་གཤེགས་པའི་མཆོད་པ་ལ་མེད་དོ་ཞེས་གསུངས་པ་ཡིན་ཏེ། གང་ཞིག་བཞུགས་ལ་མཆོད་པ་དང་།། མི་གནས་མྱ་ངན་འདས ་པོ་ལ། སེམས་ནི་མཉམ་པར་དང་བ་ཡིས།། བསོད་ནམས་ལ་ནི་ཁྱད་པར་མེད།། ཡང་འདི་གསུངས་པ་ཡིན་ཏེ། གང་ཡང་སེངྒེ་རྣམ་པར་རྩེ་བ་དེ་བཞིན་གཤེགས་པ་ལ་ལོ་བརྒྱ་འམ། མེ་སྟོང་ཡང་རུང་སྟེ། བོང་བའི་ཡོ ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པ་དང་། གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་ལ། བྱང་ཆུབ་ཀྱི་སེམས་ཀྱིས་ཡང་དག་པར་ཟིན་པས་མེ་ཏོག་འགའ་འབུལ་ལམ ་ཆུ་སྙིམ་པ་གང་ཙོམ་འཐོར་རམ། བྱུག་པའི་ཐིག་ལེ་འདྲི་འམ། མེ་ཏོག་གྲི་ཉལ་ཉིལ་འཕྱག་གམ། བྱུག་པ་འབུལ་ལམ། མར་མེ་འབུལ་ཞིང་ཕུལ་ནས་དགའ་བའི་སེམས་ཀྱིས་གོམས་པའི་གནས་སྐབས་འགའ་བོར་ཏེ ་སངས་རྒྱས་བཅོམ་ལྡན་འདས་དེ་ལ་ཕྱག་འཚལ་ལོ་ཞེས་སྨྲ་ཙམ་ལ་སེང་གེ་རྣམ་པར་རྩེ་བ་བསྐལ་པའམ། བསྐལ་པ་བརྒྱར་རམ། བསྐལ་པ་སྟོང་དུ་འམ། བསྐལ་པ་འབུམ་དུ་འམ། ངན་འགྲོ་ལོག་པར་ལྟུང་བར་འགྲོ ་བར་འགྱུར་བ་དེའི་གནས་མེད་དེ། འདི་ལ་དོགས་པའམ་ཡིད་གཉིས་སམ་ཐེ་ཚོམ་ཟ་བར་མི་བྱའོ་ཞེས་གསུངས་སོ།། འདི་ངེས་པར་ཁས་བླང་བར་བྱའོ་ཞེས། དཔེར་ན་བདེན་པའི་ཞེས་པ་ལ་སོགས་པ་གསུངས་ཏེ། ་བདུན་པའི་སངས་རྒྱས་ཏེ་དོན་དམ་པར་ཡོད་པའི་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནའོ།། འབྲས་བུར་བཅས་ཞེས་པ་ནི་བསོད་ནམས་དང་བཅས་པ་ཡིན་ན་ཡང་ཇི་ལྟར་ཞེས་ཏེ་ཇི་ལྟ་བ་བཞིན་དུ་དཔེར་ན་བརྗོད་པ་སྟོན་པར་བྱེད་དོ།། འདིར ་དཔེར་བརྗོད་པ་ལུང་ལས་གཞན་ཡོད་པ་མ་ཡིན་ནོ།། དེ་ལྟ་བས་ན་བཅོམ་ལྡན་འདས་ཀྱིས་མཆོད་པའི་འབྲས་བུ་ཡོད་པ་རྣམ་པ་ཐམས་ཅད་དུ་ལུང་ལས་གོ་བར་བྱའོ།། སྟོང་ཉིད་བག་ཆགས་བསྒོས་པ་ལས་ཞེས་བྱ་བ་ལ་སོགས ་པ་གང་གསུངས་པ་དེ་ལ། བྱེ་བྲག་ཏུ་སྨྲ་བ་ལ་སོགས་པ་རྣམས་ཆོས་ཐམས་ཅད་ཀྱི་སྟེང་པ་ཉིད་ཀྱིས་སྒྲིབ་པ་ཐམས་ཅད་སྤོང་བར་མི་བཟོད་པས་འཕགས་པའི་བདེན་པ་བཞི་མཐོང་བྱ་དང་སྒོམ་པ་ནི་དེའི་ཐུ་བོས་སུ་འདོད་པས། ་བདེན་པ་མཐོང་བས་ཤེས་པ་ལ་སོགས་པ་སྨོས་ཏེ། འཕགས་པའི་བདེན་པ་བཞི་པོ་རྣམས་ནི་སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་གྱི་མཚན་ཉིད་རྣམས་ཡིན་ལ་མཐོང་བ་ནི་དམིགས་པ་ཡིན་ཏེ། མངོན་སུམ ་དུ་བྱས་པས་ཤེས་པའི་དོན་ཏོ།། མཐོང་བས་ཤེས་པ་ནི་མཚོན་པ་ཡིན་ཏེ། བསྒོམས་པས་ཤེས་པ་ཡང་ལྟ་བར་བྱའོ།། དེ་སྐད་དུན་བདེན་པ་མཐོང་དང་བསྒོམས་པ་ལས།། ཉོན་མོངས་སྤོང་བར་བཤད་པ་ཡིན་ཞེས་བརྗོད་པ་ཡིན་ན། ་དེ་ལ་ཞུགས་པས་ཐོས་པ་དང་བསམ་པ་དང་ལྡན་པ་བསྒོམ་པ་ལ་ཞུགས་པ། མི་གཙང་བ་དང་དབུགས་འབྱུང་བ་དང་རྔུབ་པ་དྲན་པ་དང་། དྲན་པ་ཉེ་བར་བཞག་པ་སྒོམ་པ་གྲུབ་པའི་རིམ་པས་མི་རྟག་པ་དང་། སྡུག་བསྔལ་པ་དང་། ་སྟོང་པ་དང་། བདག་མེད་པ་ཞེས་པ་རྣམ་པ་བཅུ་དྲུག་པོ་འདི་རྣམས་ཀྱི་སྡུག་བསྔལ་གྱི་བདེན་པ་ལ་སོགས་པ་མཐོང་སྟེ། དྲོ་བར་གྱུར་པ་ལ་སོགས་པ་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་སྒོ་ནས་སྡུག་བསྔལ་ལ་ཆོས་ཤེས ་པོའི་བཟོད་པ་ལ་སོགས་པ་སྐད་ཅིག་མ་བཅོ་ལྔའི་མཚན་ཉིད་ནི་མཐོང་བའི་ལམ་ཡིན་ལ། དེའི་རྗེས་ལ་བསྒོམ་བྱའི་ལམ་ཐོབ་པས་མཐོང་བ་དང་བསྒོམ་པས་སྲིང་བར་བྱ་བའི་ཁམས་གསུམ་གྱི་ཉོན་མོངས་པ་དང་ཉེ་བའི ་ཕུང་པོ་སྤངས་པས་ཟད་པ་དང་མི་སྐྱེ་བའི་ཤེས་པ་སྐྱེ་བར་འགྱུར་ཏེ། དེ་ལྟ་ན་འཕགས་པའི་བདེན་པ་རྣམས་མངོན་པར་རྟོགས་པའི་རིམ་མདོར་བསྡུས་པ་ཡིན་ནོ།། འདིས་འཕགས་པའི་བདེན་པ་མཐོང་བ་ལས་གྲོལ ་བར་བརྗོད་པ་ཡིན་ནོ།། དེ་ལྟ་བས་ན་ཀྲོལ་བ་འདི་ཉིད་ཀྱིས་ཆོག་པོས་སྟོང་ཉིད་མཐོང་བྱས་ཅི་ཞིག་བྱ་སྟེ། སྟོང་པ་ཉིད་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་མེད་པ་ཡིན་པ་མཐོང་བས་ཏེ་རྟོགས་པ་དང་མངོན་སུམ་དུ་བྱས་བྱས་སོ།། ། ་རེ་ཞིག་དགོས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། ཐར་པའི་ཐབས་དེ་ལས་གཞན་ཡོད་པའི་ཕྱིར་རོ་ཞེ་ན། འདི་ལ་གང་གི་ཕྱིར་ལུང་ལས་ཞེས་པ་ལ་སོགས་པ་གསུངས་ཏེ། ཐབས་གཞན་མེད་པ་འདིའི་ཕྱིར་ཞེས་པའི་ཐ ་ཚིག་གོ།། འདི་ཉིད་དོན་གྱི་དེ་ཁོ་ན་སྟེ། འདི་ལྟར་ཐམས་ཅད་ཉིད་དངོས་པོར་སྒྲོ་བཏགས་པ་དང་མ་བཏགས་པ་ཞེས་ངོ་བོ་གཉིས་སུ་འགྱུར་རོ།། དེ་ལ་གུང་མ་རིག་པས་འཕངས་པའི་སྒོ་བཏགསྡུ་པའི་ངོ་བོ་དེ་ནི ་སྐྱེ་བོ་ཐམས་ཅད་ཀྱི་ཐུན་མྱོང་བ་ཡིན་ལ། དེ་དམིགས་པའི་ཉོན་མོངས་པ་སྤང་བར་མི་འཐད་དེ། གཞན་དུ་བྱིས་པའི་སྐྱེ་བོ་ཐམས་ཅད་དེ་བཞིན་གཤེགས་པར་འགྱུར་རོ་ཞེས་སྔར་བསྟན་པའི་ཐལ་བར་འགྱུར་བ་ཡིན་ནོ།། དེ་བས ་ནི་སྒྲོ་མ་བཏགས་པའི་དེ་ཁོ་ན་ཉིད་མི་དམིགས་པའི་སྦྱོར་བས་དེ་ཁོང་དུ་ཆུད་དོ།། མི་ཤེས་པ་དང་ཟག་པ་ཟད་པའི་ཆེད་དུ་ནུས་པ་ཐོབ་པ་ཡིན་ཏེ། དེ་ཡང་ཤེས་རབ་ཀྱིས་རྣམ་པར་འབྱེད་པ་ན་ཆོས་ཐམས་ཅད་མི་དམིགས་པའི ་མཚན་ཉིད་རྟོགས་པས་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ཁོ་ནས་རྣམ་པར་འཁྲུལ་པའི་སྒྲིབ་པ་ཐམས་ཅད་སྤོང་བའི་དོན་དུ་ནུས་པ་དང་ལྡན་པར་རྟོགས་པར་བྱའོ།། དེ་ལྟར་རིགས་པ་སྔོར་བརྗོད་ལ་ཕྱིས་ཀྱང་གཏན་ལ་འབེབས ་པར་འགྱུར་རོ།། ཡང་འདིར་ལུང་ཉིད་ཀྱིས་འདིའི་དོན་རྟོགས་པར་བྱ་བའི་ཕྱིར། གང་ཕྱིར་ལུང་ལས་ལཱ་ལ་འདི་ནི།། མེད་པར་བྱང་ཆུབ་མེད་ཅེས་ལུང་ལས་གསུངས་ཏེ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་གཟུགས་དངོས་པོ་ཡོད་ཅེས་བྱ་བར་མི་སྒོམ་མོ།། ཚོར་བ་དངོས་པོ་ཡོད་ཅེས་བྱ་བར ་མི་སྒོམ་མོ།། འདུ་ཤེས་དངོས་པོ་ཡོད་ཅེས་བྱ་བར་མི་སྒོམ་མོ།། འདུ་བྱེད་དངོས་པོ་ཡོད་ཅེས་བྱ་བར་མི་སྒོམ་མོ།། རྣམ་པར་ཤེས་པ་དངོས་པོ་ཡོད་ཅེས་བྱ་བར་མི་སྒྲོམ་མོ་ཞེས་བྱ་བ་ནས་ལམ་གྱི་རྣམ་པར་ཤེས་པ་ཉིད་དངོས་པོ་ཡོད་ཅེས་བྱ ་བར་མི་སྒོམ་མོ།། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དངོས་པོ་ཡོད་ཅེས་བྱ་བར་མི་བསྒོམ་མོ།། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་སྤངས་པ་དངོས་པོ་ཡོད་ཅེས་བྱ་བར་མི་སྒོམ་མོ།། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དངོས ་བོའི་འདུ་ཤེས་ཅན་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་མེད་དོ་ཞེས་བྱ་བ་ནས། དངོས་པོའི་འདུ་ཤེས་ཅན་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་མེད་དོ།། དངོས་པོའི་འདུ་ཤེས་ཅན་ལ་ནང་སྟོང་པ་ཉིད་སྒོམ་པ་མེད་དོ་ཞེས་བྱ་བ་ནས། ་དངོས་པོའི་འདུ་ཤེས་ཅནྡྲ་ལུ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྒོམ་པ་མེད་དོ།། དངོས་པོ་འདུ་ཤེས་ཅན་ལ་མངོན་པར་ཤེས་པ་དྲུག་སྒོམ་པ་མེད་དོ་ཞེས་པ་ནས། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང ་དེ་བཞིན་གཤེགས་པའི་སྟོབས་དང་། མྀ་འཇིགས་པ་དང་།། སོ་སོ་ཡང་དག་པར་རིག་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་སྒོམ་པ་མེད་དོ་ཞེས་པ་ནས། བག་ཆགས་ཀྱི་མཚམ ་སྦྱོར་བའི་ཉོན་མོངས་པ་སྤོང་བ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དངོས་པོ་ལ་འདི་བདག་གོ་ཞེས་བྱ་བར་མཐའ་གཉིས་ལ་ཆགས་ཏེ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེ ་xxx ་xxx ་xxx ་xxx ་xxx ་xxx ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ།། མ་འོངས་པའི་དུས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས ་རྒྱས་གང་ཇི་སྙེད་ཅིག་འབྱུང་བ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བློ་རྟེན་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པ་འཚང་རྒྱའོ།། ད་ལྟར་བྱུང་བའི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས ་ཚད་མེད་གྲངས་མེད་པ་དག་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པོ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན ་ཏེ་ཐུན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ།། འདས་པའི་དུས་ཀྱི་དེ་བཞིན་པ། ཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཉན་ཐོས་གང་ཇི་སྙེད་ཅིག་བྱུང ་བ་དང་། མ་བྱོན་པའི་དེ་བཞིན་གཤེགས་པ་དྲུགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཉན་ཐོས་གང་ཇི་སྙེད་ཅིག་འབྱུང་བ་དང་། ད་ལྟར་བྱུང་བྱའི་དྲི་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས ་པའི་སངས་རྒྱས་རྣམས་ཀྱི་ཉན་ཐོས་གང་ཇི་སྙེད་ཅིག་ཡོད་པ་དེ་དག་གིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ཏེ་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་བོ།། འཐོབ་བོ།། འཐོབ་པར་འགྱུར་རོ་ཞེས་པ་ནས་དགྲ་བཅོམ་པ་ཉིད ་@ཐོབ་བོ།། འཐོབ་བོ།། འཐོབ་པར་འགྱུར་རོ།། འདུག་པའི་དུས་ཀྱི་རང་སངས་རྒྱས་གང་ཇི་སྙེད་ཅིག་འབྱུང་བ་དང་ཞེས་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ཏེ་རང་བྱང་ཆུབ་ཐོབ་བོ།། འཐོབ་བོ།། འཐོབ ་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར་ཐེག་པ་གསུམ་པོ་ཐམས་ཅད་རྒྱ་ཆེར་བསྟན་ཏེ། དེ་དག་ཀྱང་མཚན་མ་མེད་པའི་ཚུལ་དང་། སྐྱེ་བ་མེད་པའི་ཚུལ་དང་། འགག་པ་མེད་པའི་ཚུལ་དང་། ་ཀུན་ནས་ཉོན་མོངས་པ་མེད་པའི་ཚུལ་དང་། རྣམ་པར་བྱུང་བ་མེད་པའི་ཚུལ་དང་ཞེས་པ་ཇི་སྲིད་དུ་འཇིག་རྟེན་གྱི་ཐ་སྙད་ཀྱིས་སྔོན་ཏེ་དོན་དམ་པའི་ཚུལ་གྱིས་ནི་མ་ཡིན་ནོ་ཞེས་བྱ་བའི་བླར་དུ་རྒྱས་པར་གསུངས་སོ།། གང་སངས་རྒྱས ་རྣམས་དང་རང་སངས་རྒྱས།། ཉན་ཐོས་རྣམས་ཀྱིས་ངེས་བསྟེན་པའི།། ཐུ་ན་ལམ་གཅིག་པུ་ཁྱེད་ལགས་ཏེ།། གཞན་དུ་ངེས་པོ་མ་མཆིས་སོ་ཞེས་གསུངས་སོ།། ཐེག་པ་ཆེན་པོའི་ཚིག་འདྲི་མ་བཟོད་ནས། གལ་ཏེ་ཐེག་ཆེན་ཞེས ་པ་ལ་སོགས་པ་སྨོས་ཏེ། ཀྱེ་སྟོང་པ་ཉིད་དུ་སྨྲ་བ་དེ་ཐེག་པ་ཆེན་པོ་ནི་བཀའ་ཉིད་དུ་ཁོ་བོ་ཅག་ལ་མ་གྲུབ་སྟེ། འདོད་པ་མ་ཡིན་ལ་སྒྲུབ་པར་བྱེད་པ་ཉིད་དུ་དེ་བརྗོད་པ་ནི་ལེགས་པ་མ་ཡིན་ནོ།། འདིར་གཞན་དང་ལན་མཚུངས་པའི་སྒོ ་ནས་སུན་དབྱུང་བའི་ཕྱིར། ཁྱོད་ཀྱི་ལུང་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། གལ་ཏེ་ཐེག་པ་ཆེན་པོ་དེ་མ་གྲུབ་ན་ཇི་ལྟར་ཏེ། རྣམ་པར་གང་གིས་ཁྱོད་ཀྱི་ལུང་བཅོམ་ལྡན་འདས་ཀྱི་བཀར་གྲུབ། དེར་ལུང་ཉིད་དུ་སྒྲུབ་པར་བྱེད་པའི ་ཆུང་མ་ལྷག་པ་འགྲའ་ཞག་ནི་མཐོང་བ་མ་ཡིན་ནོ།། གཞན་གྱི་ལན་གླང་ཕྱིར་ཞེས་བྱ་བ་ལ་སོགས་པ་བརྗོད་དེ། རྒྱུ་གང་གི་ཕྱིར་བདག་གི་ལུང་འདི་ལུང་ཉིད་དུ་གྲུབ་པ་ཁྱོད་དང་ཁོ་བོ་ཅག་གཉིས་ལ་ངེས་པ་ཡིན་ཏེ། བདག་གི་ལུང་ལ ་ཁྱེད་ཀྱང་ཐག་པ་ཆེན་པོའི་རྗེས་སུ་འཇུག་པ་སངས་རྒྱས་ཀྱི་བཀའ་ཉིད་དུ་ལོག་པར་རྟོག་པ་ཡོད་པ་མ་ཡིན་ལ། དེ་ལྟ་བས་ན་འདྲི་གྲུབ་པ་ཡིན་ནོ།། ཐེག་པ་ཆེན་པོ་ལ་ནཱི་བདག་གིས་ཡང་དག་པཱ་རུ་རྟོགས་པ་ཡོད་པ་མ ་ཡིན་པས། གང་གིས་ནི་ལྡན་འདི་རཱི་འགྱུར་བ་ཡིན་ཞེ་ན། གྲུབ་པའི་མཐའ་སྨྲ་བསཱ་དང་པོ་ཁྱོད་ལ་འདིར་མ་གྲུབ་ཅེས་གསུངས་ཏེ། གལ་ཏེ་ཁྱོད་ཀྱིས་ལུང་ལུང་ཉིད་དུ་གཉི་ག་ལ་གྲུབ་པ་རྒྱུ་ཡིན་ན་དེའི་ཚེ་འདི་བརྗོད་པར་མི་བྱ ་སྐྱེ། མ་གྲུབ་པའི་ཕྱིར་རོ།། གླེང་གི་ཕྱིར་རོ།། གླང་གི་ཕྱིར་ཁྱོད་ཉིད་ལ་འདི་ལུང་ཉིད་དུ་གྲུབ་པ་མ་ཡིན་ནོ།། གང་གི་ཚེ་ཞེ་ན། དང་པོརཱ་ཏོ་ངོ་ཁས་ལེན་པ་ལས་དང་པཱི་སྟེ་སྔོན་རོལ་ཏུའོ།། ཁས་བླངས་པ་ལས་དང་པོར་ཁྱོད་ལ ་ཇི་ལྟར་ཡང་གྲུབ་པོ་མ་ཡིན་ནོ།། དེ་ལྟ་བས་ན་གཉི་ག་ལ་གྲུབ་པོ་ཞེས་པ་མ་གྲུབ་པའི་ཕྱིར་སྒྲུབ་པར་བྱེད་པ་མ་ཡིན་ནོ།། གལ་ཏེ་གཉི་ག་ལ་གྲུབ་པ་མ་གྲུབ་ན། འདི་ལྟར་སྒྲུབ་པར་བྱེད་པ་འདི་ཡོད་པ་ཡིན་ཏེ། སངས་རྒྱས ་ཀྱི་གསུང་རབ་ཉིད་དུ་བླ་མ་དང་སློབ་མ་བརྒྱུད་པ་ལས་བྱུང་བ་ཡིན་ལ། གང་ཡང་མདོ་སྡེ་ལ་འཇུག། འོདུལ་བ་ལ་སྣང་བའི་རྒྱུ་མཚན་བླང་བར་བྱ་ཞིང་གུས་པར་བྱ་བ་བརྗོད་པ་ཡིན་ནོ།། དེར་ཞེས་པ་ནི་རང་གི་ལུང་ལ་ཡིན། ་ལྔ་ཆོས་ཉིད་དང་མི་འགལ་བ་དེ་སངས་རྒྱས་ཀྱི་བཀའ་ཡིན་ཏེ། གཞན་ནི་མ་ཡིན་ནོ་ཞེ་ན། རྐྱེན་གང་གིས་ཞེས་པ་ལ་སོགས་པ་གསུངས་སོ།། རྐྱེན་ཏེ་རྒྱུ་མཚན་གང་གིས་འདི་ལ་ཡིད་ཆེས་པ་ཡིན་པ་དེ ་ནི་དེ་སྐད་དུ། གང་གི་རྐྱེན་གྱིས་ཡིད་ཆེས་པའི་རྒྱུ་མཚན་བླང་བར་བྱ་ཞིང་གུས་པར་བྱ་བར་བརྗོད་པ་ཡིན་ནོ།། དེར་ཞི་བ་ནི་རང་གི་ལུང་ལ་ཡིན་ལྔ། རེ་ཞིག་ཡིན་ཡིད་ཆེས་པ་དེ་འབའ་ཞིག་འདིར་ཐེག་པ་ཆེན་པོ་ལ་ཡང་བྱོས་ཤིག ་ཅེས་ཏེ། ཐེག་པ་ཆེན་པོ་ལས་ཡང་བརྗོད་པའི་ཡིད་ཆེས་པ་ཡོད་པའི་ཕྱིར་རོ།། འདི་ནི་ཡོང་སངས་རྒྱས་ཀྱི་བཀའ་ཐམས་ཅད་ལ་ཐུན་མོང་བའི་མཚན་ཉིད་མ་འཁྲུལ་པ་ཡིན་ནོ།། གང་ལྷག་པའི་བསམ་པ་བསྐུལ་པོའི་མདོ་ལ། ་བྱམས་པ་གཞན་ཡང་རྒྱུ་བཞིས་ནི་སྤོབས་པ་ཐམས་ཅད་ནི་སངས་རྒྱས་ཀྱིས་གསུངས་པར་རིག་པར་བྱའོ།། བཞི་གང་ཞེ་ན། བྱམས་པ་འདི་ལ་སྤོབས་པ་དོན་དང་ལྡན་པ་ཡིན་གྱི་དོན་དང་མི་ལྡན་པ་མ་ཡིན་པ་དང་། ཆོས ་དང་ལྡན་པ་ཡིན་གྱི། ཆོས་དང་མི་ལྡན་པ་མ་ཡིན་པ་དང་། ཉོན་མོངས་པ་ཟད་པར་བྱེད་པ་ཡིན་གྱི། ཉོན་མོངས་པ་འཕེལ་བར་བྱེད་པ་མ་ཡིན་པ་དང་། མྱ་ངན་ལས་འདས་པའི་ཡོན་ཏན་དང་། ཕན་ཡོན་སྟོན་པ་ཡིན་གྱི ་འཁོར་བའི་ཡོན་ཏན་དང་། ཕན་ཡོན་སྟོན་པར་བྱེད་པ་མ་ཡིན་ནོ།། བྱམས་པ་རྒྱུ་བཞི་པོ་འདི་དག་དང་ལྡན་ན་སྔར་བཞིན་དུ་རིག་པར་བྱའོ།། བྱམས་པ་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམཾ། དགེ་བསྙེན་མ ་གང་སུ་ཡང་རུང་སྟེ། རྒྱུ་བཞི་པོ་འདི་དག་གི་སྤོབས་པས་སྤོབས་པ་འམ། སྤོབས་པར་འགྱུར་ཡང་རུང་སྟེ། དེ་ལ་རིགས་ཀྱི་བུ་འམ་བུ་མོ་དད་པ་ཅན་དག་གིས་དེ་དག་ལ་སངས་རྒྱས་སུ་འདུ་ཤེས་བསྐྱེད་པར་བྱ་ཞིང་། སྟོན་པར་འདུ་ཤེས ་བྱས་ནས་དམ་པའི་ཆོས་ཉན་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། བྱམས་པ་ལེགས་པར་སྨྲས་པ་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་སངས་རྒྱས་ཀྱི་གསུངས་པ་ཡིན་པའི་ཕྱིར་རོ།། བྱམས་པ་དེ་ལ་གང་ཟག་ལ་དད་པའི་ཕྱིར་འདི་དག་ནི། ་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ་ཞེས་སྤོབས་པ་བཞི་པོ་དེ་དག་སྤོང་ཞིང་དེ་དག་ལ་མ་གུས་པ་སྐྱེད་པར་བྱེད་པ་དེས་ནི་སངས་རྒྱས་ཀྱིས་གསུངས་པའི་སྤོབས་པ་ཐམས་ཅད་སྤངས་པ་ཡིན་ཏེ། ཆོས་སྦྱངས་ནས་ཆོས་ཀྱིས་འཕོང ་པར་འགྱུར་བའི་ལས་མངོན་པར་འདུ་བྱེད་པས་ངན་སྡོང་དུ་འགྲོ་བར་འགྱུར་རོ།། བྱམས་པ་དེ་ལྟར་བས་ན་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དད་པ་ཅན་གང་ཆོས་ཀྱི་འཕོངས་པར་འགྱུར་པའི་ལས་ལས་ཡོངས་སུ། གྲོལ་བར་འདོད ་པས། གང་ཟག་ལ་སྡང་བའི་ཕྱིར་ཆོས་ལ་སྡང་བར་མི་བྱའོ།། དེ་ལ་ཆོས་ཉིདདྲི་དང་མི་འགལ་བ་ཉིད་ནི་ཡང་དག་པའི་མཚན་ཉིད་ཡིན་ནོ།། གང་ཞིག་དོན་ལྡན་ཆོས་དང་ཉེ་འབྲེལ་ཅིང་།། ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད ་གསུང་། ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང་།། དེ་ནི་དྲང་སྲོང་གསུང་ཡིན་བཟློག་པ་གཞན་ཞེས་གསུངས་སོ།། འདི་ཐེག་པ་ཆེན་པོ་ལ་ཡོད་པས་ཇི་ལྟར་བླང་བར་བྱ་བ་མ་ཡིན་པར་འགྱུར། གང་དང་པོར་ཁོང་ལ་འདི་མ་གྲུབ ་ཅེས་པ་དེ་ལ་གཞན་གྱིས་ཁྱད་པར་བརྗོད་དེ། གང་གི་ཚེ་ཁྱོད་དང་ཁོ་བོ་ཅག་གཉི་ག་ལ་གྲུབ་པ་ཞེས་མི་སྨྲའོ།། འོན་ཀྱང་འུ་བུ་ཅག་ལས་གཞན་པ་གཉི་ག་ལ་གྲུབ་པའི་བདག་ཉིད་ལུང་ནི་བླང་བར་བྱ་བ་ཡིན་ལ། ་ཐེག་པ་ཆེན་པོ་ནི་མ་ཡིན་ཏེ། དེ་ལས་བཟློག་པ་ཡིན་པའི་ཕྱིར་ལ་དེས་ན་བླང་བར་བྱ་བ་མ་ཡིན་ནོ་ཞེ་ན། གཞན་གཉིས་འདོད་པས་བདེན་ན་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། གལ་ཏེ་འུ་བུ་ཅག་རྩོད་པ་དང་བཅས་པའི་ཕྱིར་འུ་བུ་ཅག་ལས ་གཞན་པ་གང་སུདག་གཉི་ག་ལ་གྲུབ་པ་དེ་དག་འདོད་ཅིང་མངོན་པར་འདོད་པ་དང་ཡང་དག་པར་འདོད་པའི་བར་དུ་སྟེ་དེ་བདེན་པ་ཇི་ལྟ་བའི་དོན་ཡིན་ཞིང་ཁས་བླངས་པ་ན་རིག་བྱེད་སོགས་ཀྱང་བདེན་པར་འགྱུར་ཏེ། རིག་བྱེད་ཀྱི་ངག་སྐུལ ་བར་བྱེད་པའི་མཚན་ཉིད་ཀྱང་བདེན་པར་འགྱུར་ཏེ། སོགས་པའི་སྒྲས་གཟུགས་ཟན་ལ་སོགས་པའི་ཚིག་ཀྱང་བདེན་པར་འགྱུར་ལ་བརྫུན་པ་མ་ཡིན་པར་འགྱུར་ཏེ། དེ་ཡང་རྒོལ་བ་དང་ཕྱིར་རྒོལ་བདག་ལས་གཞན་གཉི་གས་འདོད་པ ་སྲིང་པོའི་ཕྱིར་ཁྱེད་ལ་བླང་བར་བྱ་བར་འགྱུར་རོ།། དེ་ལྟ་བྱས་ན་འདི་ལ་ནི་ཁྱད་པར་ཡོད་པ་མ་ཡིན་ནོ།། དེ་ལྟར་གྱུར་ན་ཡང་ཁོ་བོ་ཅིག་ལུང་ལས་སངས་རྒྱས་ཀྱི་བཀའ་ཉིད་དུ་རྩོད་པ་ཡོད་པ་མ་ཡིན་ལ། ཐེག་པ་ཆེན་པོ་ནི་མ་ཡིན་པས ་དེས་ན་དེ་ནི་གླང་པོར་བྱ་བ་ཡིན་ལ་ཙོག་ཤོས་ས་ནི་མ་ཡིན་ནོ་ཞེས་དོགས་ནས།། ཐེག་ཆེན་རྩོད་བཅས་ནས་པ་བྱལ་སོགས་པ་སྨོས་ཏེ། བརྩོད་པ་དང་བཅས་པ་ནི་ལོགས་པར་རྟོག་པ་དང་བཅས་པ་ཡིན་ཏེ་ཁ་ཅིག་ནི་སངས་རྒྱས་ཀྱི་ག ་ཉིད་ཀྱིས་འཇུག་པའི་ཡཱནཱ་ལྷག་ཏུ་འདོད་ལ། ཁ་ཅིག་ནི་ཕྱིན་ཅི་ལོག་གི་སྒྲོ་བཏགས་པ་ཉིད་དུ་འདོད་དེ། རྒྱུ་དེའི་ཕྱིར་གལ་ཏེ་གཟུང་བར་བྱ་བ་མ་ཡིན་ནོ་ཞེ་ན། དེའི་ཚེ་ལུང་དོར་བྱར་འགྱུར་ཏེ་རང་གི་ལུང་ཡང་དོར་བར་བྱ་སྟེ། དེ་ཡང་འཇུག་པའི་ཡན་ལག ་ཡིན་པར་འགྱུར་རོ།། ཅིའི་ཕྱིར་ཞེ་ན། མུ་སྟེགས་ཏེ་དཔྱོད་པ་པ་ལ་སོགས་པ་རྣམས་དང་རྩོད་པ་དང་བཅས་པ་ཡིན་ལ་ལོག་པར་རྟོགས་པ་སྲིད་པའི་ཕྱིར་དོར་བར་བྱ་བར་རིགས་སོ།། མུ་སྟེགས་ཅན་འབའ་ཞིག་དང་ནི་མ་ཡིན་ཏེ། འོན་ཀྱང་རང ་གི་སྡེ་པ་དང་ཡང་ཡིན་ནོ་ཞེས་རང་དྲང་ཞེས་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་བསྟན་པ་ནི་སྡེ་པ་བཞི་ལས་བཅོ་བརྒྱད་དུ་གྱེས་པ་ཡིན་ཏེ། དེ་ལ་སྡེ་པ་གཅིག་ལ་ཡང་དུ་མར་གྱེས་པ་སིད་པའི་ཕྱིར་རང་གི་སྡེ་པ་ལས་ཡང་ཕན་ཚུན་དུ ་བརྩོད་པ་སྲིད་པ་རང་ཞེས་ཏེ། རང་གྲི་སྡེ་པའི་ནང་གི་གྱོས་པའི་ཁྱད་པར་ལ་གནས་པ་ཡིན་ལ། གཞན་གྱི་ཞེས་པ་ནི་སྡེ་པ་གཞན་ལ་གནས་པ་ཡིན་ཏེ། དང་གི་སྒྲས་ནི་སྔ་མ་དང་ཕྱི་མའི་དོན་སྡུད་པ་ཡིན་ནོ།། རྩོད་བཅས་ཡིན་ཕྱིར་ལུང ་དོར་བར་བྱའོ་ཞེས་འབྲེལ་ཏེ་ཁྱེད་ཀྱིས་ཁྭས་བླངས་པའི་ལུང་ལྔས་གཞན་གྱི་ལུང་། ལུང་གི་ཁྱད་པར་དེ་ཡང་རྩོད་པ་དང་བཅས་པ་ཡིན་པའི་ཁས་བླངས་པར་འོས་པ་མ་ཡིན་ནོ།། ཁྱོད་ཀྱིས་ལུང་ཡང་གཞན་ལ་བལྟོས་ནས་རྩོད་པ་དང ་བཅས་པོ་ཡིན་ཏེ། སྤངས་པར་བྱ་ཉིད་དུ་རིགས་པ་མཚུངས་པ་ཡིན་ནོ།། ཡང་ན་རང་ཞེས་པ་ནི་གྱེས་པ་གཅིག་ལ་གནས་པའི་མདོ་སྡེ་དང་། མངོན་ལ་ཕན་ཚུན་དུ་རྩོད་པ་དང་བཅས་པའི་ཕྱིར་མདོ་སྡེ་དང་འདུལ་བ་དང་ཆོས་མངོན་པ་ཡོངསུ ་xxx ་xxx ་xxx ་xxx ་xxx ་ནི་ཐོམ་ཐམས་ནས། བདེན་པ་མ་ཐོ་བ་གྲོ་གྲོལ་འགྱུར་གྱི།། ཅིར་མཐིང་བམ་ཅི་ཞེས་བྱ་ནས་གང་བ་རྗོད་པ་སུན་ཐུང་བའི་ཕྱིར་བསྟན་གྱིནས་གྱི་མ་མ་མིགས་པ་གསུལ་སྦྱིན་སྦྱིན་པནི་འདོ་ཀྱི ་ཞེས་བཀའ་ལ་གཞོལ་བ་ལ་དགེ་སློང་ཉིད་རྩ་བ་ཡིན་ཏེ་དེ་ལ་དགེ་སློང་གི་དངོས་པོ་ཉིད་དགེ་སྦྱོང་ཡིན་ལ། དེ་ཉིད་རྩ་བ་ཡིན་ཏེ། གང་གི་རྩ་བ་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ལ་གནས་པ་ཡིན་པའི་ཕྱིར་རོ།། ཇི་ལྟར་རྩ་བ་བསྟན ་པའི་ཤིང་ཡུན་རིང་དུ་གནས་པ་ཉམས་སུ་མྱོང་བ་ན་སྡོང་བུ་དང་། ཡ་ལ་ག་ཕྲེའུ་དང་། ལོ་མ་དང་། འབྲས་བུ་དང་། གྲིབ་མས་གདུང་བ་སེལ་བར་བྱེད་པ་ལ་སོགས་པ་ཉེ་བར་མཁོ་བ་ལ་ནུས་པ་དང་ལྡན་པར་འགྱུར་རོ་ཞེས ་གྲགས་པ་དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་བསྟན་པ་ཡང་དཔག་བསམ་གྱི་ཤིང་དགེ་སློང་ཉིད་ཀྱི་རྩ་བ་ལྔ་བརྟེན་ནས། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས ་དང་། བྱང་ཆུབ་ཀྱི་ཡནི་ལག་དང་། གཟུགས་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་དང་། བྱང་ཆུབ་ཀྱི་ཕྱོགས་རྣམས་དང་མཐུན་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་དང་། དགེ་སློང་གི་འབྲས་བུ་ཕུན་སུམ་ཚོགས་པ ་དང་། རྫུ་འཕྲུལ་གྱི་ཆོ་འཕྲུལ་ལ་སོགས་པ་རྣམས་ཀྱིས་ཉོན་མོངས་པའི་གདུང་བ་ལ་སོགས་པ་སེལ་ནུས་པར་འགྱུར་རོ།། དེ་ལྟར་ན་དགེ་སློང་ཉིད་རྩ་བ་དང་ཆོས་མཚུངས་པ་ཡིན་ཏེ། དེ་ལ་མིང་གི་དགེ་སློང་དང་། ཁས་འཆེ་བའི ་དགེ་སློང་དང་། སློང་བའི་ངང་ཚུལ་གྱི་དགེ་སློང་དང་། གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའི་དགེ་སློང་དང་། ཉོན་མོངས་པ་བཅོམ་པ་དགེ་སློང་སྟེ། དེ་ལྟར་ན་དགེ་སློང་ནི་རྣམ་པ་ལྔ་ཡིན་ནོ།། དེ་ལས་བཞི་པ་དང ་ན། རྡུལ་གཱ་ནྟི་ནམ་ཆག་སན་ལྔ།། གཞན་རྣམས་ནི་མྱོང་མཆུངསྨྲ་པནྡྷམྦུ་གྱི་བརྡུ་ཡིན་པར་གྱུར་རོ།། ད་ལས་གནས་པོ་སྣང་བསྐྲུན་པ་གནས་པའི་ཉིད་སུ་འགལ་པ་ལྡན་ནོ།། ལཱ་ཡང་ན་མ ་པ་བཅོམ་པའི། དགེ་སློང་ཉིད་གཙོ་བོ་ཡིན་ཏེ། དེ་ཅིད་འདིར་གཟུང་ཡི། དེའི་ངོས་པ་དགེ་སློང་ཉིད་ཡིན་ལ། ངོ་ཡ་ཅུག་ས་འི་བདེན་པ་མཐོང་བ་དྷེས། དེ་ལྟར་འཐད་པར་འགྱུར་བ་མི་ཡིན་ནོ།། དན་མོ་ཉིད་ནི་ཉོན་མོངས ་བཅོམ་པ་ཡིན་ཏེ། ནོར་ལྗོངས་པ་སྤངས་པ་སྦྱིན་ནོ་ཞེས་རྒྱུ་བཱའི་དྷཱར་འོ།། རླུང་གི་སྠཱ་ནྠི་ཞིང་བུགཞན་སྤྱོད་པ་སྐྱེར་བྱ་ཉིད་དུ་འཇིགས། ཀླུང་གི་ཕྱིར་དྲིནི་སློང་དེ་ཉིད་གུ་བས་གནས་པ་སིནྣ་ཏཱི། སྐྲོད་པ་མཐོང་བཞི ་མེད་པར་འཚས་པ་ས་སྦྱིན་ལྔ་བཛིན་པ་མཐོང་བ་འབའོ་ཞིག་གིས་རིགས་པ་མི་ཡིན་ལ།། དེས་པས་ནི་བདུན་པ་མཐོང་བས་གྲོལ་བ་མྦྷ་སེཾནྣ་། ས་ར་བརྗོང་པར་མེ་བྱའོ་ཞེས་བསྣམ་པ་ཡིན་ནོ།། ཇི་སྐར་དུ ་སྨྲས་པ་ལམ་ནུ་ན། སེཾསས་ཧཱུ~ཾ་ཊཱིཀྲིས་པར་བྱས་རྣམས་ཧྲཱི་ཧཱུ~ཾས་རྒྱབ་ས་སོགས་ས་ཀྱིག་སྨྲ་བུ་ནས་སྟེ་ངས་པའི་མྦྷ་ཁྱེན་པ་སྦྱིན་པས་འཇོག་པ་མྱིགས་པ་ས་པ་ཡིན ་ནི་དེ་ལྟ་སུར་གྱུར་བའི་སེམས་ཡིན་ནོ།། གང་རྣལ་འབྱོར་པ་དེརྣམས་ཀྱི་སེཾ་པ་དེས་དེརྣམས་ཀྱི་ཞེ་ཕྱིའོ།། གང་གི་ཕྱིར་སྣརེ་སུམས་སོགས་པའི་བདེན་པ་རྣམས་ཀྱིས་ཉིན་མོངས་པ་དང་བྱལ་བ་ལ ་དངོས་པོ་ཉིད་དུ་དམྱིགས་པས་ཞེས་ཁྱེད་འདོད་པ་ཡིན་ལ། དེའི་ཕྱིར་དམིགས་པ་དང་བཅས་པར་ལྟ་བ་རྣམས་ལ་དཀའ་བར་གནས་པ་ཡིན་ནོ།། སེམས་དམིགས་པ་དང་བྲལ་བ་རྣམས་ལ་ནི་མ་ཡིན་ནོ།། གང་སྔར་བརྗོད་པ་བདེན ་པ་མཐོང་བས་གྲོལ་ཞེས་རྗོད་པ་དེ་ལ་བརྟག་པར་བྱ་སྟེ། བདེན་པོ་མཐོང་བ་ལ་རྣམ་པ་ཉིས་སྒྱིང་ལ། དོན་དམ་པ་འམ་ཀུན་རྫོབ་བོ།། དེ་ལ་གལ་ཏེ་བརྟག་པ་དང་པོ་ལྟར་ན་དེའི་ཚེ་ཁོ་བོ་ཅག་ལ་ལོག་པར་རྟོགས་པ་མེད་དེ། ཁོ་བོ་ཅག་གི ་ཕྱོགས་གཙོ་བོ་ཡིན་པའི་ཕྱིར་ལ། ཁོ་བོ་ཅག་རྣམས་ཀྱིས་ཆོས་ཐམས་ཅད་དོན་དམ་མཐོང་བར་ཁས་བླངས་པའི་ཕྱིར་རོ།། འོན་ཏེ་གཉིས་པ་ཡིན་ན་དེ་ལ་མི་བཟོད་དེ། རིགས་པ་དང་འགལ་བའི་ཕྱིར་ཏེ། ཀུན་རྫོབ་ཀྱི་བདེན་པ ་མོམིམོ་ཐོང་བས་གྲོལ་བ་ནི་རིགས་པ་མ་ཡིན་ཏེ། སེམས་ཅན་ཐམས་ཅད་གྲོལ་བར་འགྱུར་བའི་ཕྱིར་ལ། འདི་ལྟར་ལུང་དང་རིགས་པ་དག་གིས་དེ་ཁོ་ན་ཉིད་དང་དེ་ཁོ་ན་མ་ཡིན་པ་རྣམས་པར་ཕྱེ་བོའི་ཕྱིར་དོན་དམ་པའི་བདེན ་པ་ཉིད་ཀྱིས་ཉོན་མོངས་པ་སྤོང་བའི་དོན་དུ་ངེས་པ་ཡིན་ཏེ། ཀུན་རྫོབ་ཀྱིས་ནི་མ་ཡིན་ནོ།། དེ་ཡང་ཆོས་ཐམས་ཅད་མི་དམིགས་པའི་མཚན་ཉིད་ཡིན་ལ། དེ་མེད་པར་ཉོན་མོངས་པ་ལྡོག་པར་འཐད་པོ་མ་ཡིན་ནོ།། ཇི་སྲིད་དུ ་དངོས་པོ་ལ་མངོན་པར་ཞེན་པ་དེ་སྲིད་དུ་རྣམ་པར་རྟོག་པ་ལྡོག་པ་མ་ཡིན་ལ། ཇི་སྲིད་དུ་རྣམ་པར་རྟོག་པ་ཡོད་པ་དེ་སྲིད་དུ་ནུས་པ་ཉམས་པ་མ་ཡིན་ཏེ། ཉོན་མོངས་པའི་སེམས་ཀྱི་རྒྱུན་གནས་པ་ཡིན་ལ། ཇི་སྲིད་རྗེ ་ཉོན་མོངས་པ་ཡོད་པ་དེ་སྲིད་དུ་ལས་ཀྱིས་སྤྲུལ་པའི་སྐྱེ་བ་བརྒྱུད་པས་རབ་ཏུ་གནས་པ་ཡིན་ཏེ། འཁོར་བ་ཡང་མཆོག་ཏུ་ཉམས་པ་མེད་པར་མཐའ་ཡས་པར་འཇུག་གོ།། དེའི་ཕྱིར་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ཁོ་ན ་མ་རིག་པའི་གཉེན་པོ་ཡིན་པའི་ཕྱིར་འཁོར་བའི་རྒྱུན་གཅོད་པའི་རྒྱུར་གཏོགས་པར་བྱས་ལ། བདེན་པ་མཐོང་བ་འབའ་ཞིག་གིས་ནི་མ་ཡིན་ནོ།། འདི་ཉིད་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས། སྟོང་ཉིད་མཐོང་བས་གྲོལ་འགྱུར་གྱི།། སྒོམ་པ ་ལྷག་མ་དེ་དོན་ཡིན་ཞེས་གསུངས་སོ།། ཇི་ལྟར་འཕགས་པའི་བདེན་པ་རྣམས་ནི་བདེན་པ་གཉིས་སུ་འདུས་པ་ཡིན་ཏེ། དེ་བཞིན་དུ་སྔར་བསྟན་པ་ཉིད་ཡིན་ནོ།། དེ་ལྟར་ན་ཤིན་ཏུ་སྤྲོས་པས་ཆོག་གོ།། གཞན་ཡང་སེམས་ནི ་དམིགས་པར་བཅས་རྣམས་ཀྱི།། མྱ་ངན་འདས་པ་འདྲ་དཀའ་བར་གནས་ཞེས་ཏེ། དགེ་སློང་འབའ་ཞིག་ནི་མ་ཡིན་ལ་འོན་ཀྱང་མྱ་ངན་ལས་པ་ཡང་ཡིན་ནོ་ཞེས་འང་གི་དོན་ཡིན་ཏེ། མྱ་ངན་ལས་འདས་པ་ཉོན་མོངས་པ་དང་བྲལ ་བས་ཕུང་པོ་ལྷག་མ་མེད་པ་དཀའོ་བར་གནས་པ་ཡིན་ཏེ། འཐད་པ་མ་ཡིན་ནོ།། དེ་ལ་རེ་ཞིག་དགེ་སློང་ཉིད་མི་འཐད་པར་ཉོན་མོངས་སྤངས་པས་ཞེས་པ་ལ་སོགས་པ་གསུངས་ཏེ། གལ་ཏེ་འཕགས་པའི་བདེན་པ་མཐོང ་བས་ཉོན་མོངས་པ་སྤོང་བར་འགྱུར་ན། དེ་ལས་གྲོལ་བའི་ངོ་བོ་སྐྱེ་བར་འགྱུར་ཏེ། དེའི་ཚེ་དེ་མ་ཐག་ཏུ་ཉོན་མོངས་སྤངས་པའི་ཕྱིར། དེ་མ་ཐག་ཉིད་དུ་གྲོལ་བར་འགྱུར་བ་ཉིད་དོ།། སུ་ཞིག་གིས་ཀྱང་གཞན་དུ་ཡིན་ནོ་ཞེས་སྨྲ ་བ་འདི་ཡང་ཡོད་པ་མ་ཡིན་ཏེ། ཅིའི་ཕྱིར་འདི་ལྟར་ཡིན་ཞེ་ན། ཉོན་མོངས་མེད་ཀྱང་ཞེས་པ་ལ་སོགས་པ་གསུངས་ཏེ། མཐོང་ཞིང་རྟོགས་པའི་ལུང་ལས་ཏེ་གང་གི་ཕྱིར་ཉོན་མོངས་པ་དེ་རྣམས་སྤངས་ན་ཡང་འཕགས་པ་མོ་ཏྤལ་གྱི་བུ་དང་། འཕ ་པ་སོར་ཕྲེང་ཅན་ལ་སོགས་པ་རྣམས་ལ་ནུས་པ་སྟེ་འབྲས་བུ་འབྱིན་པའི་ནུས་པ་ཡོད་པ་དེ་ལྟ་བས་ན། དེ་མ་ཐག་ཏུ་གྲོལ་བ་ཡོད་པ་མ་ཡིན་ནོ།། གང་གི་ནུས་པ་མཐོང་ཞེ་ན། ལས་ཀྱི་སྟེ་དགེ་བ་དང་མི་དགེ་བའི་མཚན་ཉིད་ཅན་གྱིའོ།། གང་ཡིན་ཞེ་ན། ་སྔར་འཕགས་པ་མ་ཡིན་པའི་གནས་སྐབས་ན་ཉོན་མོངས་པ་དང་བཅས་པའོ།། ཉོན་མོངས་པ་མེད་ཀྱང་ཡིན་ནོ།། ཞེས་བསྟན་པའི་ཕྱིར། ཉོན་མོངས་མེད་ཀྱང་ཞེས་གསུངས་ཏེ། ལྷན་ཅིག་བྱེད་པའི་ཉོན་མོངས་པ་དང་། བྲལ་ན་ཡང ་ལས་ཀྱི་ནུས་པ་མཐོང་བ་ཡིན་ནོ།། ཅི་སྟེ་ཡང་བདྲེན་པ་མཐོང་བ་ལས་མ་རིག་པ་སྤོང་བ་ཡིན་ཏེ། དེ་སྦྱངས་པ་ལས་འདུ་བྱེད་ལ་སོགས་པ་སྤོང་བའི་རིམ་པས་སྲེད་པ་ཡང་སྦྱོང་པར་འགྱུར་བ་ཡིན་ལ། སྲེད་པ་དང་ཕྱིན་ཅི་ལོག་དང ་ལྡན་པ་ནི་སླར་སྐྱེ་བའི་རྒྱུ་མཚན་ཡིན་ཏེ། དེའི་ཕྱིར་དེ་དག་བྲལ་བས་ཤུན་ཕྲགས་མེད་པའི་ས་བོན་བཞིན་དུ་ལས་ཡང་ན་ཡང་ཅུང་ཟད་ཀྱང་ཉམས་པ་མེད་པ་ཡིན་ནོ།། དེ་སྐད་དུ་ཡང་། ལྡོག་ཤེས་དང་ནི་དེ་སྐྱེད་སྲེང།། བཅས་པའི ་སེམས་ཀྱི་དབང་གིས་ནི།། དམན་པའི་གནས་སུ་སྐྱེ་བ་ཡིན།། དེ་སྤངས་པས་ནི་སྐྱེ་བ་མེད་ཅེས་གསུངས་ཏེ། ཡང་ན་སྲིད་པ་ཉིད་འབའ་ཞིག་ཡང་སྲིད་ཀྱི་རྒྱུ་ཡིན་ཏེ་ཀུན་འབྱུང་བ་རྒྱུ་ཡིན་པའི་ཕྱིར་བཅོམ་ལྡན་འོངས་ཀྱིས་ཀྱང་དེ་ལ ་ལ་ཀུན་འབྱུང་འཕགས་པའི་བདེན་པ་གང་ཞེ་ན། གང་སྲེད་པ་ནི་གང་འབྱུང་བ་ལ་མངོན་པར་དགའ་བ་དང་། འདོད་ཆགས་དང་བཅས་པས་དེ་དང་དེ་ལ་མངོན་པར་དགའ་བ་ཡིན་ཏེ། འདི་ལྟ་སྟེ། ་འདོད་པའི་སྲེད་པ་དང་། སྲིད་པའི་སྲེད་པ་དང་། ལོངས་སྤྱོད་ཀྱི་སྲེད་པ་ཡིན་ནོ།། དེ་ལྟར་ན་གང་སྲེད་པ་མེད་པ་དེ་ལ་རྒྱུ་ཀུན་འབྱུང་བ་ཡང་ཤིང་མེད་པའི་ཕྱིར་ཡང་སྐྱེ་བ་སྲིད་པ་མ་ཡིན་ནོ་ཞེས་གསུངས་སོ།། གཞན་གྱི་བསམ ་པ་བླངས་ནས། རེ་ཞིག་ཉེར་ལེན་ཞེས་པ་ལ་སོགས་པ་གསུངས་ཏེ། མ་རིག་པ་སྤངས་པས་སྲེད་པ་ཡང་སྲིད་ཀྱི་ཉེ་བར་ལེན་པའི་རྒྱུ་ཡིན་པ་མེད་ཅིང་། ཡོད་པ་མ་ཡིན་ཏེ་ཅེ་ན་ཞེས་གལ་ཏཱཾ་བསྟན་ཞིང་ངེས་པར་བྱེད ་ནའི། དེའི་ཚེ་འདི་སྐད་བརྗོད་པར་མྱི་བྱ་སྟེ། གང་གི་ཕྱིར་དམིགས་པ་དང་བཅས་པའི་ལྟ་བ་པ་རྣམས་ལ་མ་རིག་སྤོང་བ་ཉིད་འཐད་པ་མ་ཡིན་ཏེ། དེ་ཡོད་པས་སྲེད་པ་སྤངས་པ་ཡང་ཡོད་པ་མ་ཡིན་པའི་ཕྱིར་རོ།། ། ་ཡིན་དུ་ཆུག་ན་ཡང་ཡང་འདི་ལྟར་བརྗོད་པརི་བྱ་སྟེ། སྲེད་འདི་ཞེས་པ་ལ་སོགས་པ་གསུངས་པ་ལ། ཉོན་མོངས་ཅན་མ་ཡིན་པ་ཡོད་ན་སྟེ། ཉོན་མོངས་པ་དང་མཚུངས་པར་མི་ལྡན་པའི་སྲེད་པ་འདི་ཁྱེད་ཀྱི་རྣལ་འབྱོར་པ ་རྣམས་ལ་མེད་པ་ཇི་ལྟར་སྲིད་དེ་ཅི་སྟེ་མེད། ཇི་ལྟ་བུ་ཞེ་ན། རྨོངས་པ་བཞིན་དུ་སྟེ། ཉོན་མོངས་པ་ཅན་མ་ཡིན་པའི་ཤེས་པ་བཞིན་དུའོ།། འདིས་ཀྱང་སྲེད་པ་སྤང་བར་མི་ནུས་སོ་ཞེས་ཚོར་བའི་རྐྱེན་གྱིས་ཞེས་པ་ལ ་སོགས་པ་གསུངས་ཏེ། རེག་པའི་རྐྱེན་གྱིས་ཚོར་བ་ཡིན་ལ་ཚོར་བའི་རྐྱེན་གྱིས་སྲེད་པ་ཡིན་ཏེ། སྲེད་པའི་རྒྱུ་ཚོར་བ་དེ་ཡང་ཡོད་པ་ཡིན་པས་ཉམས་པ་མེད་པའི་རྒྱུ་ཡོད་ན་དེའི་འབྲས་བུ་དེ་ཡོད་པ་མ་ཡིན་ནོ་ཞེས་ཇི་ལྟར ་བརྗོད་པར་ནུས། ཁ་ན་མཱ་ཐོ་བ་མེད་པའི་ཚེར་བ་མེད་ན་ཡང་སྲེད་པ་ཡོད་པ་མ་ཡིན་ནོ་ཞེ་ན། དངོས་པོ་ལ་མངོན་པར་ཞེན་པ་ཅན་ལ་ཁ་ན་མ་ཐོ་བ་མེད་པ་ཉིད་ཀྱང་འགྲུབ་པ་མ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ།། དེའི་ཕྱིར་གླུལ ་རྟེཉིན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཡོད་ཀྱང་སྲེད་པ་ཁས་མི་ལེན་པ་དེ་ལྟ་ན་ཡང་སྟོང་པ་ཉིད་མཐོང་བ་དང་བྲལ་བས་རིགས་པའི་སྟོབས་ཀྱིས་ཐོབ་པ་ཡིན་ནོ།། འདིར་འདི་ནི་བསྡུས་པའི་དོན་ཡིན་ཏེ། གང་གི ་ཚེ་རྒྱུད་གྲོལ་བ་ཡིན་ན་ཡང་ལས་འབྲས་བུས་སྟེར་བ་ལ་ནུས་པ་དང་ལྡན་པར་མཐོང་བ་ཡིན་ལ། སྲིད་པ་ཡང་ཚུར་བ་ཡོད་པ་ཡིན་པ་ན་དེའི་ཚེ་ཉོན་མོངས་པ་སྤངས་པ་ལ་ཡང་ཐེ་ཚོམ་ཟ་བས་ཇི་ལྟར་གྲོལ་བར་ངེས་བྱ། དེ་ལྟ་བ ་ན་སྟོང་པ་ཉིད་མེད་པརྱ་དགེ་སློང་ཉིད་ལེགས་པར་གནས་པར་སྣང་བར་འགྱུར་ཞེས་པའོ།། གང་སེམས་ནི་དམིགས་པར་བཅུས་རྣམས་ཀྱི།། མྱ་ངན་འདས་པའང་དགའ་བས་གནས་ཞེས་པ་དེ་བརྗོད་པའི་ཕྱིར། དམིགས ་པ་དང་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། དམིགས་པ་དང་བཅས་པ་ནི་ཉེ་བར་དམིགས་པ་དང་བཅས་པའི་སེམས་ཀྱིས་སོ།། གནས་པ་ནི་ཞོན་པའོ།། འགའ་ཞིག་ལ་ནི་མངོན་པར་ཞེན་པའི་གནས་འཕགས་པ ་བདེན་པ་ལ་སོགས་པ་དེ་དང་དེ་ལ་འམ། དེ་བསྒོམ་པའི་འབྲས་བུ་རྣམས་ལྔ་ཞེན་པ་སྲིད་བྲས་ཡང་སྐྱེ་བ་ལྡོག་པ་མ་ཡིན་ནོ།། ཡང་སྐྱེ་བ་སྲིད་པ་རྣམས་ལ་ཇི་ལྟར་མྱ་ངན་ལས་འདས་པ ་ཡང་ཐེ་ཚོམ་མི་ཟ་བར་འགྱུར། དེའི་ཕྱིར་བརྗོད་པའི་སྟོང་པ་ཉིད་མྱ་ངན་ལས་འདས་པའི་རྒྱུ་ཡིན་པར་བརྗོད་པའི་ཕྱིར། སྟོང་པ་ཉིད་དང་བྲལ་བའི་ཞེས་པ་ལྔ་སོགས་པ་གསུངས་ཏེ།། སྟོང་པ་ཉིད་མེད་པར་སེམས་ཏེ་རྣམ་པར ་ཤེས་པ་དམིགས་པ་དང་བཅས་པའོ།། འགགས་པ་ནི་དམིགས་པ་ལ་ཞེན་པའི་ཞགས་པ་བསྡམས་པར་འགྱུར་བའོ།། ཡང་སྐྱེ་བར་འགྱུར་ཏེ། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་དུས་ཅུང་ཟད་ཅིག་ཏུ་ལོན་ན་ཡང་སླར་སྐྱེ་བ ་དྲང་ལྡན་པར་འགྱུར་རོ།། ཡང་གང་དུ་ཡང་འདི་ལྟ་བུ་མཐོང་ཞེ་ན། ཇི་ལྟར་ཤེས་མེད་པའི་ཞེས་པ་ལ་སོགས་པ་གསུངས་ཏེ། དཔེར་ན་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པུ་ན་དུས་རེ་ཞིག ་སེམས་དང་སེམས་ལས་བྱུང་བ་ལྡོག་ན་ཡང་སླར་ཡང་སྐྱེ་བར་འགྱུར་ཏེ། དེ་བཞིན་དུ་གཞན་དུ་ཡང་ངོ་ཤེས་པའི་དོན་ཏོ།། འདི་ནི་ཉེ་བར་མཚོན་པ་ཡིན་ཏེ། དཔེར་ན་འགོགས་པའི་སྙོམས་པར་འཇུག་པ་བཞིན་ནོ་ཞེས་ཀྱང་བལྟ། ་བར་བྱའོ།། ཡང་ན་འདུ་ཤེས་མེད་པའི་སྙོམས་པར་འཇུག་པོ་ལ་སྙོམས་པར་ཞུགས་ནས་འདུ་ཤེས་མེད་པའི་ལྷ་རྣམས་སུ་སྐྱེས་པ་ན་བསྐལ་པ་བརྒྱ་ཕྲག་དུ་མར། ཇི་སྲིད་འགགས་པར་གྱུར་ན་ཡང་སྙོམས་པར་འཇུག ་པའི་རྣམ་པར་སྨིན་པ་ཡོངས་སུ་རྫོགས་པ་ན་སེམས་དང་སེམས་ལས་བྱུང་བ་སླར་སྐྱེ་བ་དེ་བཞིན་ནོ།། གང་གི་ཕྱིར་སྟོང་པ་ཉིད་མེད་པར་དགེ་སློང་ཉིད་དང་མྱ་ངན་ལས་འདས་པ་མི་འཐད་དེ། དེ་ལ་གཉི་ག་དོན་དུ་གཉེར་བ་རྣམས ་ཀྱིས་སྟོང་པ་ཉིད་བསྒོམ་པར་བྱའོ་ཞེས་དེས་ན་སྟོང་ཉིད་ཅེས་པ་ལ་སོགས་པ་གསུངས་སོ།། རྒྱུ་གང་མེད་པ་ན་ཡང་སྟོང་པ་ཉིད་དང་འབྲེལ་པའི་སེམས་སྐྱེ་བར་འགྱུར་ཏེ། རྒྱུ་དེས་ན་ཡང་མྱ་ངན་ལས་འདས་པ་ལ་སོགས་པ ་དོན་དུ་གཉེར་བས་སྟོང་པ་ཉིད་བསྒོམ་པར་བྱའོ།། དེ་སྒོམ་པ་ནི་ཉོན་མོངས་པ་སྤངས་པ་དང་། མྱ་ངན་ལས་འདས་པ་ཡང་ཐོབ་པར་འགྱུར་གྱི། གཅིག་ཏུ་བདེན་པ་ལ་སོགས་པ་བསྒོམས་པས་ནི་མ་ཡིན་ནོ་ཞེས་པའི ་དོན་ཏོ།། དམིགས་པ་དང་བཅས་པའི་ཕྱིར་རོ།། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པ་ལུས། རབ་འབྱོར་འདི་ཇི་སྙམ་དུ་སེམས། རྒྱུན་ཏུ་ཞུགས་པ་འདི་སྙམ་དུ་བདག་གིས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་བོ་སྟེ ་དུ་སེམས་སྙམ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་ཅི་ལ་ཡང་ཞུགས་པ་མ་མཆིས་པའི་སླད་དུ་སྟེ། དེས་ན་རྒྱུན་ཏུ་ཞུགས་པ་ཞེས ་བགྱིའོ།། གཟུགས་ལ་ཡང་མོ་ཞུགས། སྒྲ་ལ་མ་ལགས། དྲི་ལ་མ་ལགས། རོལ་མ་ལགས། རེག་བྱ་ལ་མ་ལགས། ཆོས་རྣམས་ལ་ཡང་མ་ཞུགས་ཏེ། དེས་ན་རྒྱུན་ཏུ་ཞུགས་པ་ཞེས་བགྱིའོ།། བཅོམ་ལྡན་འདས་གལ ་@ཏེ་རྒྱུན་ཏུ་ཞུགས་པ་དེ་འདི་སྙམ་དུ་བདག་གིས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་བོ་སྙམ་སེམས་པར་གྱུར་ན་ང་ཉིད་དེའི་བདག་ཉིད་དུ་འཛིན་པར་འགྱུར་ལགས་སོ།། སེམས་ཅན་དུ་འཛིན་པ་དང་། སྲོག་ཏུ ་འཛིན་པ་དང་། གང་ཟག་ཏུ་འཛིན་པར་འགྱུར་ལགས་སོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། དགྲ་བཅོམ་པ་འདི་སྙམ་དུ་བདག་གིས་དག་བཅོམ་པ་ཉིད་ཐོབ་བོ་སྙམ་དུ་སེམས ་སྙམ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ།། ཅིའི་སླད་དུ་ཞེ་ན། གང་དགྲ་བཅོམ་པ་ཞེས་བགྱི་བའི་ཆོས་དེ་གང་ཡང་མ་མཆིས་པའི་སླད་དུའོ།། བཅོམ་ལྡན་འདས་གལ་ཏེ་དགྲ་བཅོམ་པ་འདི ་སྙམ་དུ་བདག་གིས་དགྲ་བཅོམ་པ་ཉིད་ཐོབ་པོ་སྙམ་དུ་སེམས་པར་གྱུར་ན། དེ་ཉིད་དེའི་བདག་ཏུ་འཛིན་པར་འགྱུར་ལགས་སོ།། སེམས་ཅན་དུ་འཛིན་པ་དང་། སྲོག་ཏུ་འཛིན་པ་དང་། གང་ཟག་ཏུ་འཛིན་པར་འགྱུར་ལགས ་སྔོ་ཞེས་པར་བསྒྲེ་བར་བྱའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟར་མི་གནས་པར་སེམས་བསྐྱེད་པར་བྱའོ།། ཅི་ལྔ་ཡང་མི་གནས་པར ་སེམས་བསྐྱེད་པར་བྱའོ།། གཟུགས་ལེ་ཡང་མི་གནས་པར་སེམས་བསྐྱེད་པར་བྱའོ།། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ལ་མི་གནས་པར་སེམས་བསྐྱེད་པར་བྱའོ་ཞེས་གསུངས་པ་ཡིན་ནོ།། དེ་ལྟ་བས་ན ་སྟོང་པ་ཉིད་ནི་བྱང་ཆུབ་ཀྱི་ལམ་ཡིན་ནོ་ཞེས་གནས་སོ།། གང་ཞིག་མདོ་སྡེ་ལ་འཇུག་ཚིག་ཅེས་པ་ལྔ་སོགས་པའི་ཚིགས་སུ་བཅད་པ་གསུམ་ནི་འགའ་ཞིག་གིས་བསྣན་པ་ལྟ་བུར་མཚོན་བུར་བྱ་སྟེ། སྐབས་སུ་བབ་པ་མ ་སྨིན་པའི་ཕྱིར་ལུང་ལ་ལོག་པར་རྟོགས་པར་སྤྱད་པའི་སྐབས་སུ་ཡིན་ནོ།། བསྟན་རྩ་དགེ་སློང་ཉིད་ཡིན་ན་ཞེས་བྱ་བ་ལ་སོགས་པའི་ལུང་རྣམས་ལ་རྗོད་པ་ལས་སྐབས་གཞན་ཡིན་པའི་ཕྱིར་སྔ་མ་ཉིད་དུ་བརྗོད་པར ་རིགས་སྷོ།། འདིས་བརྗོད་མ་ཐག་པའི་རྗོད་པ་ཡང་བརྗོད་པའི་སྐབས་སུ་ནི་གཞུང་རྩོམ་པ་པོ་སྐབས་སྨྲ་བབ་པ་ལ་མྱི་མཁས་པར་འགྱུར་ཏེ་རྐྱེན་གྲུ་གིས་ནི་ཞེས་བྱ་བ་ལ་སོགས་པས་སྔར་བརྗོད་པའི་ཚིགས་སུ་བཅད་པ ་གཉིས་ཀྱིས་བརྗོད་པའི་ཕྱིར་རོ།། འོད་སྲུངས་ཆེན་པོ་ཞེས་པ་ལ་སོགས་པའི་ཚིག་མ་འབྲེལ་བའི་ཕྱིར་གཞུང་རྩོམ་པ་བློས་སྦྱར་བ་མ་ཡིན་ནོ་ཞེས་ངེས་སོ།། དྲི་ལྟ་བུས་ན་འདི་བཅུག་པ་ཉིད་ཡིན་ནོ།། དེ་ལྟར་གྱུར་ན་ཡང ་དྷཱི་ལྟ་དམྱིགས་པ་དང་བཙོས་པའི་སེམས་ལ་ཞེན་པ་སྲིད་པའི་ཕྱིར་ཐར་པ་མེད་པར་འགྱུར་ན། དེ་བཞིན་དུ་སྟོང་པ་ཉིད་ལོ་ཡང་འཇིག་པ་སྐྱེ་བར་འགྱུར་ཏེ། དེ་ལྟ་བས་ན་གཉི་ག་སྤུངས་ཏེ་འཁོར་བ་ན་གནས་པ ་ཉིད་མཆོག་ཡིན་པར་རིགས་སོ་ཞེས། ཆགས་འཇིགས་ལས་ནི་མ་གྲོལ་བ་ལས་ཞེས་ཏེ་ཆགས་པ་ནི་ཞེན་པ་ཡིན་ལ། འཇིག་པ་ནི་སྟོང་པ་ཉིད་ཀྱི་སྒྲ་ཐོས་པས་སྐྲག་པ་སྟེ། དེའི་དོན་མ་ཤེས་པའི་ཕྱིར་རོ།། ་ཆགས་འཇིགས་ཞེས་པ་ནི་ཟླས་དབྱེ་བའི་བསྡུ་བ་ཡིན་ནོ།། དེའི་ཕྱིར་གཉི་གའི་ཕྱོགས་སྤངས་ནས་འཁོར་བ་སྟེ་ཁཱམས་གསུམ་པའི་རང་བཞིན་འགྲུབ་སྟེ། གནས་པའི་གནས་སྐབས་སྐྱེ་བར་འགྱུར ་རོ།། ནིའི་སྒྲས་ནི་ཉེས་པུ་སྤང་བའི་དོན་དུ་སྟེ། འདི་ནི་སྟོང་པ་ཉིད་ཁས་ལེན་པ་ལ་ཉེས་པར་འགྱུར་ཏེ། སྐྱོན་ཐུན་མོང་མ་ཡིན་ནོ་ཞེས་པའི་ཐ་ཚིག་གོ། ཅིའི་ཕྱིར་ཞེ་ན། མ་གྲོལ་བས་ཞེས་གཏན་ཚིགས་ཀྱི་དོན་གྱི་གསུམ ་པ་སྟེ་ཐར་པ་མེད་པའི་ཕྱིར་རོ་ཞེས་པའི་དོན་ཏོ།། འདི་ཇི་ལྟ་བུ་ཞེ་ན། སྡུག་བསྔལ་ཅན་ཞེས་ཏེ། འགྲོ་བ་ལྔའི་འིཁོར་བ་རྣམས་སུ་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གྱིས་གདུངས་པར་གྱུར་པས་གནས་པའོ།། ཇི་ལྟར་ཞེ་ན། ་དོན་དུ་ཞེས་ཏེ་དོན་གྱི་ཡུལ་ལའོ།། རྨོངས་པས་ཞེས་ཏེ་མ་རིགས་པས་ཡིན་ལ། དམིགས་པའི་ཞེན་པས་ཞེས་པའི་དོན་ཏོ།། དེའི་ཕྱི་རུ་འདི་ནི་སྟོང་པ་ཉིད་ཀྱི་འབྲས་བུ་ཡིན་ཏེ། གང་གིས་སླར་ཡང་མྱ་ངན་ལས་འདས་ནས་འཁོར ་བར་གནས་པར་འགྱུར་བའོ།། བསམ་པ་ནི་འདི་ཡིན་ཏེ། ཇི་ལྟར་སྟོང་པ་ཉིད་མེད་པར་དམིགས་པ་ཅན་གྱི་ལྟ་བྲས་གྲོལ་བར་མི་འགྱུར་ལ། དེ་བཞིན་དུ་ཡུལ་ལ་ཆགས་པའི་བདེ་བའི་སེམས་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ཀྱིས ་འཇིགས་ཤིང་སྐྲག་སྟེ། སྔར་བའི་བྱིས་པ་རྣམས་འཁོར་བ་ཉིད་དུ་གནས་པ་མཆོག་གོ་ཞེས་སེམས་པས་ཞི་བའི་བདེ་བ་ལ་ཕྱིར་ཕྱོགས་ཏེ། སྐྱེ་བ་ལ་སོགས་པའི་སྡུག་བསྔལ་ཉམསུ་མྱོང་བས་སླར་ཡང་དེ་ཉིད་ལ ་གནས་པ་ཡིན་པས་འདི་ཅི་ཞིག་བསྒྲུབས་ཞེས་སོ།། གཞན་དག་གིས་ནི་ཆགས་དང་འཇིགས་མཐའ་ལས་གྲོལ་བར་ཞེས་པའི་ཚིག་ཏུ་སེམས་པས་འདི་ལྟར་སེམས་པར་བྱེད་དེ། ཞེན་པའི་རྒྱུ་ཡིན་པའི་ཕྱིར་ཆགས་པ་ནི་ཞེན་པའི ་གནས་སོ།། འཇིགས་པའི་རྒྱུ་ཡིན་པའི་ཕྱིར་འཇིགས་ཤིང་སྐྲག་པའི་གནས་སོ།། དེ་དག་ཉིད་མཐའ་ཡིན་ཏེ་ཚེགས་པ་དང་འཇིགས་པའི་གནས་ཡིན་ལ། རྟག་པ་དང་ཆད་པའི་མཐའ་ཞེས་པའི་དོན་ཏོ།། འདི་ལྟར་རྟག་པའི ་ལྟ་བ་ལས་ཆགས་པ་དང་། ཆད་པའི་ལྟ་བ་སྐྲག་པར་དག་སྐྱེ་བར་འགྱུར་རོ།། དེ་དག་ལས་གྲོལ་བ་ནི་གྲོལ་བྱས་ཞེས་སྔ་མ་བཞིན་དུ་གསུམ་པའོ།། གང་ཞིག་དོན་དམ་པར་དཔྱད་པས་རྟག་པའི་མཐའ་སྤངས་ཤིང་། ་ཀུན་རྫོབ་ཀྱི་བདེན་པ་ཁས་བླངས་པས་ཆད་པའི་མཐའ་སྤངས་པས་སྒྲོ་འདོགས་པ་དང་སྐུརཱ་པ་འདེབས་པའི་མཐའ་སྤངས་པའི་ཕྱིར་དབུ་མའི་རྟོགས་པ་འདི་བསྟན་པར་འགྱུར་རོ།། དེ་ལྟར་ན་ཅི་ཞིག་འཐོབ་པར ་འགྱུར་ཞེ་ན། འཁོརུ་བ.རཱ་གནས་པ་གྲུཔྟ་པ་ནི་ཞེས་གསུངས་ཏེ། ཤེས་རབ་ཀྱིས་འཁོར་བའི་ཉེས་པས་མ་གོས་པ་དང་། སྙིང་རྗེའི་གཞན་དབང་དུ་གྱུར་པས་འཁོར་པཱ་ཡང་གྲུབ་པར་འགྱུར་ཏེ། གནས་པ་ནི་ཡང ་དག་པར་གནས་པའོ།། ཅིའི་ཕྱིར་ཞེ་ན། སྡུག་བསྔལ་ཅན་གྱི་དོན་དུ་སྟེ། སྡུག་བསྔལ་གྱི་སྡུག་བསྔལ་བར་གྱུར་པའི་སྡུག་བསྔལ་ཅན་འཁོར་བ་པའི་དོན་དུ་དེའི་སྡུག་བསྔལ་ལ་གདོན་པར་འདོད་པས་སོ།། ། ་ཅི་སྟེ་འཁོར་བཱ་པ་དོན་དམ་པར་ཡོད་པ་མ་ཡིན་ཏེ། དེ་ཇི་ལྟར་གནས་པ་ཡིན་ཞེ་ན། རྨོངས་པས་ཏེ་ཕྱིན་ལོག་གྲིས་ཡིན་ལ། སེམས་ཅན་ཀུན་རྫོབ་ལ་དམིགས་པས་སོ།། འདི་ཡང་སྡུག་བསྔལ་ཉེ ་བར་ཞི་དོན་དུ། འབྲས་བུ་རྨོངས་པ་བཟློག་མི་བྱ་ཞེས་འདིར་ཕྱིར་གསལ་བར་བྱེད་པར་འགྱུར་རོ།། དེ་ལྟ་བས་ན་སྟོང་པ་ཉིད་ཀྱི་འབྲོས་བུ་ནི་འདི་ཡིན་ཏེ། གང་སྙིང་རྗེས་འཁོར་བར་གནས་ན་ཡང་སྟོང་པ་ཉིད་མཐོང་བས་འཁོར་བའི ་ཉེས་པས་མི་གོས་པ་ཡིན་ནོ།། འདི་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཡིན་ཏེ་སྟོང་པ་ཉིད་ཀྱི་འབྲས་བུ་ཡིན་ལ། སྟོང་པ་ཉིད་མེད་ན་འདི་མེད་པའི་ཕྱིར་རོ།། དེ་ལྟ་བས་ན་འཁོར་བ་ཅི་སྲིད་དུ་སེམས་ཅན་གྱི་དོན་གནས་པར་འདོད ་པ་རྣམས་ཀྱིས་སྟོང་པ་ཉིད་བསྒོམ་པར་བྱའོ།། འདི་དག་ཐམས་ཅད་མཇུག་བསྡུ་བའི་སྒོ་ནས་བཤད་པའི་ཕྱིར་དེ་ལྟར་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ནི་འདི་ཡིན་ལ། ལྟར་ནི་བརྗོད་པའི་རིམ་པས་ཡིན་ཏེ། ་སྟོང་པ་ཉིད་ལ་སྐྲག་པས་འཁོར་བ་ན་གནས་པའི་མཚན་ཉིད་ཡིན་ནོ་ཞེས་སྟོང་པ་ཉིད་ཕྱོགས་ལ་སུན་འབྱིན་པ་ནི་འཐད་པ་མ་ཡིན་ཏེ། འཆད་པར་འགྱུར་བསོ་ལན་འདེབས་པའི་ཕྱིར་རོ།། འདི་ལྟར་དང་པོའི་ཕྱོགས་ལ་སྦྱར ་བར་བྱ་སྟེ། གང་གི་ཕྱིར་དེ་ལྟར་ཡིན་པ་དེས་ན་དེ་ཐེ་ཚོམ་མི་ཟ་བར་སྟོང་པ་ཉིད་བསྒོམ་པར་བྱ་བ་ཉིད་ཡིན་ལ། ཐེ་ཚོམ་མི་ཟ་བར་སྟེ་ཐེ་ཚོམ་དང་བྲལ་བ་དང་། སོམ་ཉི་དང་བྲལ་བས་སོ།། དེ་ལྟར་གནས་པས་བསྒོམ་པར་བྱ ་ཉིད་དེ་གོམས་པར་བྱ་བ་ཉིད་དོ།། སྟོང་པ་ཉིད་ནི་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དེ། རང་བཞིན་གྱིས་མི་དམིགས་པའི་སྦྱོར་བས་སོ།། འདིས་ནི་གང་ལམ་འདི་མེད་པར་ཞེས་པའི་མཇུག་བསྡུ་བར་གྱུར་པ་ཡིན་ནོ།། ཡང་སྟོང ་པ་ཉིད་མཐོང་བས་ཅི་ཞིག་བྱ་ཞེས་སྨྲས་པ་དེ་ལ་སྟོང་པ་ཉིད་ཀྱི་ཁྱད་པར་བརྗོད་པ་ཉོན་མོངས་ཤེས་བྱའི་ཞེས་པ་ཡིན་ཏེ། ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པ་ཡིན་ལ། ཤེས་བྱ་ནི་རྣམ་པ་ལྔ་ཡིན་ཏེ། སྒྲིབ་ཅེས་པའི ་སྒྲ་ནི་གཉིས་ག་དང་འབྲེལ་ཏོ།། ཉོན་མོངས་པ་རྣམས་ཉིད་སྒྲིབ་པོ་ཡིན་ལ། ཤེས་བྱ་ལ་ནི་སྒྲིབ་པར་བྱེད་པས་སྒྲིབ་པ་རྣམས་སོ་ཞེས་རྣམ་པར་ཕྱི་ནས་སྦྱར་བར་བྱ་སྟེ། ཤེས་བྱ་ཉིད་ལ་སྒྲོ་བཏགས་པའི་རདྭ་བཞིན་ཡིན་པའི ་ཕྱིར་རོ།། སྒྲིབ་པ་དེ་ཉིད་ནི་མུན་པ་ལྟར་མུན་པ་ཡིན་ཏེ། དངོས་པོའི་དེ་ཁོ་ན་ཉིད་ལ་སྒྲིབ་པར་བྱེད་པའི་ཕྱིར་རོ།། དེའི་གཉེན་པོ་ནི་སྤོང་བའི་གཉེན་པོ་ཡིན་ནོ།། ཉིད་ཅེས་པ་ནི་གང་གི་ཕྱིར་ཏེ། སྟོང་པ་ཉིད་ཡིན་པ་དེའི་ཕྱིར་མྱུར་ཞིང ་མགྱོགས་པར་ཐམས་ཅད་མཁྱེན་པ་སྟེ་སངས་རྒྱས་ཉིད་ལ་འདོད་ཅིང་མངོན་པར་འདོད་པོ་གང་གིས་ཡིན་པ་དེ་ལ་དེ་སྐད་ཅེས་བརྗོད་དོ།། ཐམས་ཅད་མཁྱེན་པ་ལ་འདོད་པས་ཞེས་ཐམས་ཅད་མཁྱེན་པ་འདོད་པའོ།། དེ ་ཇི་ལྟར་སྒོམ་མི་བྱེད་ཅེས་ཏེ། སྟོང་པ་ཉིད་དེ་ཇི་ལྟར་སྒོམ་པར་མི་བྱེད་དེ་གོམས་པར་མི་བྱེད། འོན་ཀྱང་འབད་པ་ཆེན་པོས་བསྒོམ་པར་བྱ་བ་ཉིད་དོ།། གང་ཡང་བརྗོད་པ། སྐྲག་པས་སྟོང་པ་ཉིད་ལ་འཇུག་པར་མི ་འགྱུར་རོ་ཞེས་དེ་ཡང་རིགས་པ་མ་ཡིན་པར། དངོས་གང་སྡུག་བསྔལ་སྐྱེད་བྱེད་པ་ཞེས་པ་ལ་སོགས་པ་གསུངས་ཏེ། ཕྱོགས་གཉིས་པ་ལ་སླར་ཡང་འདི་ལྟར་སྦྱར་བར་བྱ་སྟེ། སྟོང་པ་ཉིད་ལ་ཕན ་ཡོན་འདི་ཡོད་པ་ཡིན་ཏེ། འོན་ཀྱང་དང་པོ་ཉིད་དུ་དེ་ལ་སྐྲག་པས་འཇུག་པར་མི་འགྱུར་རོ་ཞེ་ན། དངོས་གང་སྡུག་བསྔལ་ཞེས་པ་ལ་སོགས་པ་གསུངས་ཏེ།། དངོས་པོ་གང་སྡུག་བསྔལ་སྐྱེད་པར་བྱེད་ཅིང་གདུང་བར་བྱེད་པའི་གདུང་བར ་བྱེད་པའི་དངོས་པོ་དེ་ལ་འཇིགས་ཤིང་སྐྲག་པབྱེ་སྟེ་འབྱུང་བར་འགྱུར་ན་ཡང་། སྟོང་པ་ཉིད་ནི་སླར་ཡང་སྡུག་བསྔལ་དེ་ཞི་བར་བྱེད་པ་ཡིན་ཏེ་འཁོར་བ་པོ་ཐམས་ཅད་ཀྱི་སྡུག་བསྔལ་སྤོང་པོར་བྱེད་པོ་ཡིན་ནོ།། དེ་ལས་ཏེ་སྟོང་པ་ཉིད་དེ་ལ ་ཇི་ལྟར་ཞེས་ཏེ་མི་འཇིགས་པའི་གནས་ལས་སྟེར་བར་གྱུར་པའི་སྐྱེ་བ་འཇིགས་པ་ཇི་ལྟར་སྐྱེ་བར་འགྱུར་ཏེ། ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཡིན་པའི་ཕྱིར་དེ་ལ་དགའ་བ་ཉིད་དུ་རིགས་སོ་ཞེས་བསམ་པ་ཡིན་ནོ།། བདག་ཏུ ་འཛིན་པ་ལས་བྱུང་ཞིང་ངར་འཛིན་པ་ལས་སྐྱེས་པར་གྱུར་པ་ནི་འཇིགས་པ་ཡིན་ཏེ། དེ་ཁོ་ན་ཉིད་མ་རིག་པ་རྣམས་ལ་སྐྱེ་བར་འགྱུར་རོ།། དེ་ཡང་བདག་ཏུ་བརྟགས་པས་སྒྲོ་བཏགས་པའི་ངོ་བོ་ཞེས་འཛིན་པ་ཡང་དྲི་ལ་མེད་པའི ་ཕྱིར་གནས་མ་ཡིན་ནོ་ཞེས་བསྟན་པའི་དོན་དུ་གལ་ཏེ་བདག་ཅེས་པ་ལ་སོགས་པ་གསུངས་ཏེ། ཅི་ཡང་རུང་ལས་འཛེགས་པ་ནི་འཇིགས་པའི་གནས་ལས་ཏེ་འཇིགས་པར་འགྱུར་མོད། ནམ་གྱི་ཚེ་ཞེ་ན། གལ་ཏེ་ང་ཞེས་པ་ཅུང་ཟད ་ངའོ་སྙམ་པའི་བདག་ཅེས་པའི་ཡུལ་དུ་བརྗོད་པ། བདག་ཅེས་པ་བདག་ཏུ་འཛིན་པའི་ཤེས་པས་རིག་པར་བྱ་བ་འགའ་ཞིག་སྟེ་ཅུང་ཟད་ཅིག་ཡོད་པར་གྱུར་ན་དེའི་ཚེ་འཇིགས་པར་རིགས་པ་ཉིད་ཡིན་ཏེ། གང་གི་ཚེ་ཡང་བདག་ཉིད་ཅུང ་ཟད་ཀྱང་དངོས་པོ་ཡོད་པ་དཔྱོད་པ་ན་བདག་ཅུང་ཟད་སྒྲ་དང་རྣམ་པར་རྟོག་པ་ལས་གཞན་པ་གལ་ཏེ་ཡོད་པོར་གྱུར་ན། དྲིའི་ཚེ་བདག་གང་ཞེས་འདི་མེད་པའི་ཕྱིར་འཇིགས་པར་འགྱུར་ཏེ། སྐྱེ་བར་འགྱུར་ན་འདི་ལྟར་དཔྱད་པས ་འཇིགས་པ་ཞི་བར་འགྱུར་རོ་ཞེས་བསམས་པ་ཡིན་ནོ།། དེ་སྐད་དུ་ཡང་། བདག་ཡོད་མ་ཡིན་འབྱུང་འགྱུར་མིན།། བདག་གི་བ་མེད་ཡོད་མི་འགྱུར།། འདི་ལྟར་བྱོས་པ་སྐྲག་འགྱུར་ཏེ།། མཁས་པོ་ཡིས་ནི་འཇིགས་པ་བྱུད་ཅེས་གསུངས ་སོ།། ཇི་ལྟར་ཡང་བདག་ཤེས་པའི་ཡུལ་དུ་གྱུར་པས་རྟོགས་པ་ཙམ་གྱིས་ཉེ་བར་བསྟན་པའི་ཕྱིར་མེད་པ་དེ་ལྟར་བསྟན་པར་བཞེད་པས། སྒྲ་དང་སེན་མོ་ཞེས་པ་ལ་སོགས་པ་གསུངས་ཏེ། སོ་དང་སྒྲ་སེན་བདག་མིན་ཏེ།། འདི་དག ་སོ་སོ་ལ་བདག་ཏུ་ཤེས་བྱའི་ཡུལ་དུ་འགྱུར་བ་མ་ཡིན་ནོ།། བདག་ནཱི་རུས་པ་ཁྲག་མཱ་ཡིན་ཏེ། རུས་པ་དང་ཁྲག་གཉིས་པོ་འདི་དང་བདག་མ་ཡིན་ནོ།། སྣརུབས་མིན་བད་ཀླན་བདག་མིན་ཏེ། སྣབས་དང་བད་ཀན་བདག་མྱ་ཡིན ་ལ། ཆུ་སོར་ན་རྨའི་རློན་པ་ཡིན་ཏེ། རྣག་ནི་ཆེར་ཁྲག་ཡོངས་སུ་སྨིན་པའོ།། དེ་དག་ཀྱང་བདག་མ་ཡིན་ནོ།། བདག་ནི་ཞག་དང་རྡུལ་མིན་ཏེ་ཞེས་པ་ལ། ཞག་ནི་ལུས་ཀྱི་སྣུ་མ་ཡིན་ལ། རྡུལ་ནི་རབ་ཏུ་རྡུལ་བའོ།། མེ ་ཁམས་བཞི་པ་ཡོན་ཏོ།། འདི་དག་ཀྱང་བདག་མ་ཡིན་ནོ།། ནང་ཀྐོ་ལླ་ཡང་ནི་བདག་སྦྱིན་ཏེ་ཞེས་པ་ལ། ནང་ཁྱོལ་ནོ་ཀླགས་པ་ཉིད་དོ།། དེ་ཡང་བདག་མ་ཡིན་ནོ།། ཞག་ཀྱང་བདག་མ་ཡིན་ནོ།། བདག་ནི་ཕྱིས ་གཅིན་མ་ཡིན་ཏེ། ཡོངས་སུ་གྲགས་པ་དེ་ཉིད་ཀྱང་བདག་མ་ཡིན་ནོ།། ཤ་དང་རྒྱུས་པ་བདག་མིན་ཏེ། རྩ་རྒྱུས་ནི་རྒྱུས་པ་ཡིན་ཏེ། དྲོ་བ་ནི་ཁྲུས་ཀྱི་མྱེའི་ཁམས་ཡིན་ཏེ། འདི་ཡང་བདག་མ་ཡིན་ནོ།། རླུང་ཡང་བདག་མ་ཡིན་ཏེ། རླུང ་ནི་འབྱུང་བ་དང་། རྔུབ་པའི་དབུགས་ཀྱི་མཚན་ཉིད་ཡིན་ལྔ་དེ་ཡང་བདག་མི་ཡིན་ནོ།། ཟུག་དགུ་ཡང་བུདག་མིན་ཏེ། བུ་ག་དགུ་ནི་མི་དམིགས་ལ་སོགས་པ་རྣམས་ཡིན་ལ། དེ་དག་ཀྱང་བདག་མ་ཡིན་ནོ།། རྣམ ་ཤེས་དྲུག་ནི་མིག་དིང་ན་བ་དང་སྣ་དྲང་ལྕེ་དང་ལུས་དང་ཡིད་ལ་ཀྱི་རྣམ་པར་ཤེས་པ་རྣམས་ཏེ། དེ་རྣམས་ཀྱང་རྣམ་ཀུནཱ་ཧཱུ~ཾ་སྟྭཾ། རྣམ་པ་ཐམས་ཅད་དུ་བདྨག་མ་ཡིནྣ་ཏེ་སོ་སོར་རམ་འདུས་པ་བདུག་མ་ཡིན་ནོ།། ་སོ་མ་སོགས་པ་འདུས་པའི་བདག་ཉིད་ལ་བདག་ཏུ་དམིགས་ལ།། དེ་ཡང་ས་སར་བདག་ཏུ་ཤེས་པས་རིག་པར་འགྱུར་བ་མོ་ཡིན་ཏེ། སོ་སོར་བདག་ཏུ་འཛིན་པའི་ཤེས་པའི་ཡུལ་དུ་དེ་རྣམས་མེད་པའི་ཕྱིར་རོ།། གནོན ་དག་ལཱ་ཡང་སྒྲ་ལ་སོགས་པ་རེ་རེ་ལ་ཡང་བདག་ཏུ་ཤེས་པས་རིག་པར་བྱ་བ་མ་ཡིན་ལ་བསྡུས་པ་དེ་ཉིད་འབའ་ཞིག། ཡིན་ཏེ་སྔར་བཞིན་ནོ།། དེ་རྣམས་བསྡུས་པ་ལ་ཡང་གཅིག་སྲིད་པ་མ་ཡིན་ཏེ། དེ་འགགས་པར་འགྱུར།། ་བའི་ཕྱིར་རོ།། དུ་མ་བསྡུ་བ་ཡང་ཤེས་པ་གཅིག་གི་ཡུལ་དུ་རིག་པ་མ་ཡིན་ལ། དུ་མ་རྣམས་ལ་ཡང་གཅིག་ཏུ་འཛིན་པའི་ཤེས་པ་མ་འཁྲུལ་པར་ཡང་རིགས་པ་མ་ཡིན་ནོ།། འཁྲུལ་པ་ལ་དེ་ཁོ་ན་ཉིད་ཀྱི་རྣམ་པར་གཞག ་པ་ཡང་རིགས་པ་མ་ཡིན་ཏེ། དེ་ལྟ་བས་ན་བདག་གོ་ཞེས་པ་འདི་ནི་བརྟགས་པ་ཙམ་ཉིད་དེ། སྟོང་ཞིང་དངོས་པོ་མེད་པ་ཡིན་ནོ་ཞེས་ངེས་སོ།། འདི་ཡང་བསླབ་པ་ཀུན་ལ་བཏུས་པར་མི་སྡུག་པ་བསྒོམ་པའི་སྐབས་སུ ་བཤད་པ་ཡིན་ཏེ། འདི་ལྟ་སྟེ་ལུས་འདི་ལ་སྐྲ་དང་། སྥུ་དང་། སེན་མོ་དང་། སོ་དང་། རྡུལ་དང་། དྲི་མ་དང་། པགས་པ་དང་། ཤ་དང་། རུས་པ་དང་། རྒྱུས་པ་དང་། རྩ་དང་། མཁལ་མ་དང་། སྙིང་དང་། ་མཆིན་པ་དང་། གློ་བ་དང་། རྒྱུ་མ་དང་། གཱཉི་མ་དང་། ཕོ་བ་དང་། སུལ་མངས་དང་། ལོང་ཀ་དང་། མཆེར་པ་དང་། ཕྱི་ས་དང་། མཆི་མ་དང་། མིག་རྔུ་དང་། སྣབས་དང་། ངར་སྣབས་དང་། ་ཞག་དང་། ཆུ་སེར་དང་། རྐང་དང་། ཚོལ་དང་། འཁྲིས་པ་དང་། བད་ཀན་དང་། རྣག་དང་། ཁྲག་དང་། ཀླང་པོ་དང་། ཀླང་རྒྱས་དང་། གཅིན་དག་ཡོད་དེ། དངོས་པོ་དེ་དག་ལ ་བྱང་ཆུབ་སེམས་དཔའ་ཡོངས་སུ་རྟོག་སྡུ་པའི་རང་བཞིན་ཅན་ཡིན་ཏེ་ཞེས་གསུངས་པའོ།། དེ་ཡང་ལུས་རྗེས་སུ་དྲན་པའི་མཐར་ཕྱིས་སྟོན་པར་འགྱུར་རོ།། དེ་ལྟར་ན་ངར་འཛིན་པ་ལ་ནི་ཡུལ་མྱུ། ་པ་ཉིད་དོ།། གལ་ཏེ་དེ་ལྟར་ན་ཡང་སྒྲ་ལ་སོགས་པ་རྣམས་ངར་འཛིན་པའི་རིག་པར་བྱ་བ་གལ་ཏེ་ཡིན་པར་འགྱུར་བ་དེ་ལྟ་ན་ཡང་འདི་ནི་ཡུལ་མེད་པར་མི་འགྱུར་ཏེ། གང་གི་ཕྱིར་ནང་གི་བྱེད་པ་དང་ལྡན་པའི་སྐྱེས་བུ་ངར་འཛིན ་པའི་སྤྱོད་ཡུལ་ཉིད་དུ་ཁོ་བོ་ཅག་གི་འདོད་དོ་ཞེས་རིགས་པ་ཅན་ལ་སོགས་པ་རྣམས་བརྗོད་དོ།། དེ་ཡང་མི་འཐད་དེ། གང་གི་ཕྱིར་བདག་ནི་དཀར་ཤ་མ་དང་སྐུམ་པ་དང་། རིང་བ་དང་འགྲོ་བའོ་ཞེས་པ་ལ་སོགསོ་པའི་རྣམ་པར ་དཔྱོད་པའི་བདག་ཉིད་དུ་ཤེས་པ་འདྲི་ལ་སྣང་བ་ཡིན་ཏེ། ཕ་རོལ་པོ་རྣམས་ཀྱི་འདི་དག་ལ་དག་ཏུ་འདོད་པ་མ་ཡིན་ལ་རྣམ་པོ་གཞན་པའི་ཤེས་པས་གཞན་འཛིན་པ་ནི་མི་རིགས་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིརརོ།། འདི ་ལྟར་ཡང་དེ་དང་ལྡན་པ་འདི་ནི་འདིའོ་ཞེས་མཚན་ཉིད་ཡིན་པར་གཞན་རྣམས་ཀྱིས་བརྗོད་པ་ཡིན་ཏེ། དེ་ལ་རིགས་པ་ཅན་གྱིས་རྟག་པ་དང་། ཐམས་ཅད་ལ་ཁྱབ་པ་དང་། སྲོག་ཆགས་སོ་སོ་ལ་ཐ་དད་པ་དང་། སེམས་པ་མྦེ། ་དང་། སེམས་པ་དང་འབྲེལ་པས་སེམས་ཅན་དང་། བདེ་བ་ལ་སོགས་པ་ཡོན་ཏན་རྒྱུའི་རྟེན་དང་། དགེ་བ་དང་མི་དགེ་བའི་ལས་ཀྱི་བྱེད་པ་པོ་དང་། དེའི་འབྲོས་བུ་ལོངས་སྤྱོད་པ་པོ་དང་། འཇིག་རྟེན་ཕ་རོལ་ཏུ་འགྲོ་བ ་ཞེས་པ་ལ་གཏུགས་པར་བླདགུ་འདོད་དེ། རིགས་པ་ཅན་བཞིན་དུ་བྱེ་བྱུག་པ་ཡང་འདོད་པ་ཡིན་ལ། གཞན་དག་འདི་ལྟར་བདག་འདོད་དེ།། འདོད་པ་ལ་སོགས་པ་ཡི་རྟེན།། རང་ཉིད་སེམས་པ་མེད་པ་དང་།། དེ་བཞིན་རྟག ་དང་ཀུན་སོན་པ།། དགེ་དང་མི་དགེའི་ལས་བྱེད་དང་།། དེའི་འབྲས་ལ་རྣོ་ལོངས་སྤྱོད་དང་།། སེམས་དང་འབྲེལ་པས་སེམས་ལྡན་ཏེ།། རང་གི་ངོ་བོས་མ་ཡིནོ་ཞེས་བརྗོད་དོ།། ཡང་རྒྱལ་དཔོགས་པ་ནི་ལྡོག་པ་དང་རྗེ་སུ་འགྲོ་བའི ་བདག་ཉིད་དང་། བློའི་གཟུགསུ་ཡོངསུ་འགྱུར་བ་དང་། སེམས་པ་དང་ལྡན་པའི་ངོ་བོར་བདག་ཉིད་འདོད་དོ།། སེམས་དང་ལྡན་པ་དེ་ཡང་བློའི་རང་བཞིན་ཡིན་ལ། དེ་ཡང་འཇུག་པ་དང་ལྡོག་པ་བདག་ནི་མ་ཡིན་ལ། དེ་གཉི ་གའི་རྗེ་སུ་འགྲོ་བའི་རང་བཞིན་ཡིན་པའི་ཕྱིརརོ།། འདི་ལྟར་འཁྱིལ་པའི་སྦྲུལ་ལོག་སྟེ་དྲང་པོའི་གནས་སྐབསུ་གྱུར་པ་ན་སྦྲུལ་ཉིད་ནི་གཉི་ག་ལ་ཡང་རྗེ་སུ་འཇུག་པ་ཡིནོ།། ཇི་སྐད་དུ། གཞན་གྱི་བདག་གི་མཚན་ཉིད་དང་། ལྡོག ་པ་དང་རྗེ་འགྲོའི་བདག་ཉིད་དང་།། སེམས་ལྗོན་བློ་ཡི་མཚན་ཉིད་དེ།། སེམས་དང་ལྡན་པའི་ངོ་བོར་འདོད།། དཔོར་ན་སྦྲུལ་ནི་འཁྱིལ་པའི་སྐབས།། དོར་ནས་དེའི་རྗེས་དྲང་པོ་ཡི།། གནས་སྐབསུ་ནི་འགྱུར་སྲིད་དེ། སྦྲུལ་ཉིད་ལྡེག ་པར་མི་འགྱུརརོ།། དེ་བཞིན་བདག་གི་རང་བཞིན་ཡང་།། རྟག་པ་དང་ནི་སེམས་ལྡན་དང་།། གཟུགས་ནི་མ་ལུས་དང་འབྲེལ་དང་།། ཀུན་གྱི་རྗེ་སུ་འགྲོ་བའང་ཡིན་ཞེས་བརྗོད་དེ། འདི་ནི་ཁྱད་པར་རོ།། གཞན་ཐམས་ཅད་ནི་སྔ་མ ་ག། རྒྱུས་པ་གྲུས་ནན་ཤཱ་བཞིན་དུ་སེམས་དང་ས་པའི་བདུག་ཏུ་འདོད་དོ།། རྫས་དང་རྣམྦྷ་བླངས་རྩཝ་ཛ་བ་ཛ་ལྟར་རིགས་པར་རྗེསུ་འགྲོ་བ་དང་། ལྡོག་པའི་བདག་ཉིད་ཡིན ་ཏེ། དེ་ལྟར་ཡང་རྒྱལ་དཔོག་པ་བཞིན་རྒྱལ་བ་པས། སེམས་ཀྱི་མཚན་ཉིད་རྒྱུ་དང་ནི།། རྫས་དང་རྣམ་གྲངས་ངོ་བོ་ཡིས།། སྒྲོག་དང་རྗེས་འགྲོའི་བདག་ཉིད་ཅན་ཞེས་བརྗོད་དོ།། སེར་སྨྲ་བས་ནི་རྟག་པ་དང་ཁྱབ་པ་དང་། ཡོན་ཏན ་དང་བྲལ་བ་དང་། རང་ཉིད་སེམས་པ་ཅན་དུ་བདག་འདོད་དེ་བློ་དང་འབྲེལ་པས་ནི་མ་ཡིན་ལ། བློ་ནི་རང་ཉིད་རིག་པ་མེད་པའི་ཕྱིར་རོ།། རང་གི་ངོ་བོ་ནི་སེམས་པ་དང་ལྡན་པའི་ངོ་བོ་ཡིན་ནོ་ཞེས་བརྗོད་པའི་ཕྱིར་རོ།། འབྲས་བུ་འམ་འག ་ཡང་རང་ཉིད་བྱེད་པ་པོ་མ་ཡིན་ཞིང་། དེའི་འབྲས་བུ་ལོངས་སྤྱོད་པ་པོ་ཡང་མ་ཡིན་ཏེ། བྱ་བ་དང་བྲལ་བའི་ཕྱིར་རོ།། རང་བཞིན་ཉིད་བྱེད་པ་པོ་ཡིན་ཏེ། བདག་དེ་ལ་འབྲས་བུ་སྟོབས་པར་བྱེད་པ་ཡིན་ནོ།། ཡང་ཕྱིན་ཅི་ལོག་གི་དབང ་གིས་འདི་ཉིད་ལ་དེར་སྒྲོ་འདོགས་པ་ཡིན་ནོ།། འདི་ལྟར་ཡང་གང་གི་ཚེ་སྐྱེས་བུའི་སྒྲ་ལ་སོགས་པ་ནི་ཡུལ་ལ་ལོངས་སྤྱོད་པའི་རྣམ་པར་འདོད་པ་སྐྱེ་བར་འགྱུར་ཏེ། དེའི་ཚེ་རང་བཞིན་གྱིས་སྐྱེས་བུའི་འདོད་པ་ཡོངསུ་ཤེས་ནས་སྐྱེས་བུ ་དང་སྦྱོར་བར་བྱེད་དོ།། དེ་ནས་སྒྲ་ལ་སོགས་པ་འབྱིན་པར་བྱེད་དོ།། ཡིད་ཀྱིས་བྱིན་གྱིས་བརླབས་པའི་ཉན་པ་ལ་སོགས་པའི་འཇུག་པ་རྣམས་ཀྱིས་ཡོངསུ་གཟུང་བའི་སྒྲ་ལ་སོགས་པའི་ཡུལ་རྣམ་ལ་བྲོ་ཞེན་པར་བྱེད་དོ།། དེ་ནས ་བློ་ཞེན་པའི་དོན་ལ་སྐྱེས་བུས་སེམས་པར་བྱེད་དོ།། དེ་བཞིན་དུ་སེམས་དང་ལྡན་པའི་རྔོ་བོ་ཡིན་པའི་ཕྱིར་ཡོན་ཏན་དང་བྲལ་བ་སྟོན་ལ། ཁྱབ་པའི་ཕྱིར་བྱ་བ་མེད་པ་ཡིན་ཏེ། གྲངས་ཅན་གྱི་བུའི་ཁྱད་པར་ཡིན་ནོ།། དེ་སྐད་དུ་ཡ ་གཞན་དག་བློ་ཡི་རང་བཞིན་ལས།། སེམས་ཅན་ནི་ཐུ་དད་འདོད།། བདག་གི་གཞུག་མའི་གཟུགས་ཉིད་ནི།། སེམས་ཅན་དུ་དེ་རྣམ་རྟོག། གཙོ་བོ་ཡིས་ནི་གཏོང་བ་ཡི།། འབྲས་ལ་ལོངས་སྤྱོད་འབའོ་ཞིག་ཡིན།། བྱེད་པ་པོ་ཉིད་དེ ་ལ་མེད།། རང་བཞིན་ཉིད་ལ་དེ་འདོད་དོ་ཞེས་སོ།། ཡོན་ཏན་འདི་རྣམས་རང་བཞིན་འཇུག་པ་ལས།། སེམས་ཅན་ལ་མུན་བསྒྲིབས་ཕྱིན་ཅི་ལོག། རྩཝ་རྩེ་འགུགས་པ་ཙམ་ལ་དབང་མེད་ཀྱང་།། བདག་གིས་བྱས་ཞེས་མི་ཤེས ་ན་ཡང་སེམས་ཞེས་བརྗོད་དོ།། རིགས་བྱེད་ཀྱི་མཐའ་གསང་བར་སྨྲ་བས་ཀྱང་སྲོག་ཚོགས་མ་ལུས་པའི་རྒྱུད་ལ་ཡོད་པ་དང་། གཅིག་པུ་ཉིད་དང་། ཁྱབ་པ་དང་རྟག་པའི་ཤེས་པར་འདོད་དོ།། དེ་རྣམ་པར་གྱུར་པ་ཉིད་ཀྱི། ་ས་དྲང་ཆུ་དང་མེ་དང་རླུང་ལ་སོག་པ་མ་ལུས་པར་འགྲོ་བ་འདི་སྨྱུང་བ་ཡིན་ལ། དེའི་རང་བཞིན་ཉིད་ཀྱང་བདག་ཉིད་ཡིན་ཏེ། ཕྱི་རོལ་ནི་མ་ཡིན་ལ། ཆུ་ཤོས་ཅན་དང་རྡུལ་ཕྲ་རབས་ལ་སོགས་པ་ཅུང་ཟད་ནི་གཟུང་བར་བྱ་བ ་མ་ཡིན་ཆེ། རྟགས་དང་ཤེས་པའི་རྣམ་འགྱུར་འདི།། ས་དང་མི་དང་ཆུ་སོགས་ནི།། བདག་ཡིན་དེ་ཡི་བདག་ཉིད་ཅེས།། གཞན་གྱི་ཡང་དག་བརྗོད་པ་ཡིན།། གཟུང་བའི་མཚན་ཉིད་དང་ལྡན་པ།། འདོད་ན་ཅུང་ཟད་ཡིད་མ་ཡིན།། ་འདི་ནི་རྣམ་ཤེས་ཡོངསུ་གྱུར་ཏེ། དེས་ན་ཐམས་ཅད་ཡང་དག་མཐོང་ཞེས་བརྗོད་པ་ཡིནོ།། ཡང་གང་ཟག་ཏུ་སྨྲ་བ་ནང་གི་མུ་སྟེགས་ཅན་རྣམས་ཀྱི་ཕུང་པོ་རྣམས་ལས་དེ་ཉིད་དང་གཞན་དུ་བརྗོད་དུ ་མེད་པའི་གང་ཟག་པའི་བདག་འདོད་དེ། གཞན་དུ་ན་མུ་སྟེགས་ཅན་གྱི་གྲུབ་མཐའ་ལ་མངོན་པར་ཞེན་པའི་ལྟ་བར་འགྱུར་རོ།། འདིར་ཡང་བདེར་གཤེགས་པ་འགའ་ཁ་ཅིག་ནི། གཞན་ཡང་བདག་ཏུ་རབ་བརྗོད་བྱེད་ཅེས་བརྗོད་པ ་ཡིན་ནོ།། དེའི་ཕྱིར་ཇི་ལྟར་ན་བདག་ངར་འཛིན་པའི་ཤེས་པའི་ཡུལ་དུ་འགྱུར་ཏེ། རང་རང་གི་ངོ་བོས་དེ་ལ་མི་སྣང་བའི་ཕྱིར་ལ་དེ་ཇི་ལྟར་ན་ངར་འཛིན་པའི་ཤེས་པའི་ཡུལ་དུ་བདག་སྣང་བར་འགྱུར། དེ་ལྟ་བས་ན་འདི་ནི་སྣང ་བར་རྟོག་པ་ཙ་མོ་སྟེ་ཡུལ་མེད་པར་སྐྱེ་བ་ཡི་ནོ་ཞེས་གནས་པ་ཡོནོ།། ད་ནི་སེམས་ཀྱི་རང་བཞིན་གྱི་བདག་ཏུ་སྐྱེ་བ་གྲངས་ཅན་ལ་སོགས་པ་རྣམས་རྣམ་པར་ཤེས་པ་དྲུག་པོ་རྣམས་ལ་བདག་འགེགས་པ་མ་བཟོད་ནས ་བརྗོད་པ། སྒྲ་ལ་སོགས་པའི་ཤེས་པ་སེམས་ཀྱིས་བདག་ཉིད་ལ་བདུག་ཉིད་དུ་ཁོ་བོ་ཅག་གིས་བརྗོད་དེ། དེ་ཇི་ལྟར་ནི་འདིའི་འདོད་པས་འགེགས་ཞེས་བརྗོད་པར་བྱེད་ཅེ་ན། དེ་ལྟར་གཞན་གྱི་བསམ་པ་བླངས་ནས ་གྲུབ་པའི་མཐའ་སྨྲ་བས་ཐལ་བར་འགྱུར་བ་བརྗོད་པའི་ཕྱིར་གལ་ཏེ་སྒྲའི་ཤྭེ་པ་ལ་སོགས་པས་གསུངས་ཏེ། གལ་ཏེ་སྒྲའི་ཤེས་པའི་བདག་ཉིད་ཡི་ནོ།། དེ་རྟག་པ་ཡིན་པའི་ཕྱིར་སྒྲའི་ཤེས་པ་རྟག་པར་འགྱུར་ལ ་དེ་ཚེ་སྒྲ་དེ་ཡོད་པ་དང་མེད་པའི་དུས་ན་ཡང་རྟག་ཏུ་འཛིན་པར་འགྱུར་ཏེ། སྒྲ་འཛིན་པའི་རང་བཞིན་དེ་ཡོད་པ་དང་མེད་པའི་དུས་ན་རྟག་ཏུ་འཇུག་པའི་ཕྱིརརོ།། གཞན་དུ་ན་དེ་རྟག་པ་ཉིད་ཉམས་པར་འགྱུར་རོ།། འདི་ལྟར ་འགྱུར་བ་ཉིད་ཞེ་ན། ཤེས་བྱ་མེད་ན་ཞེས་པ་ལ་སོགས་པ་གསུངས་ཏེ། ཤེས་བྱ་ཉིད་ནི་བདག་ཏུ་ཉེ་བར་གནས་པ་ཡིན། སྒྲ་ནི་རི་འགའ་བ་ཡིན་པའི་ཕྱིར་རྣམ་པ་ཐམས་ཅད་དུ་མངོན་པས་བསལ་བ་མ་ཡིན་ནོ།། དེའི་ཕྱིར ་དེ་མེད་པའི་དུས་ན་ཤེས་བྱ་མེད་པ་སྟེ་ཡུལ་སྡེ་ཤེས་པ་དེས་ཅི་ཞིག་རིག་པར་བྱ་སྟེ་ཅི་ཞིག་ཤེས་པར་བྱ། གང་གི་སྒྲས་ནི་མེད་པའི་དུས་ལ་འདྲི་བའི་ཁྱད་པར་ལ་འཇུག་གོ། གང་ཤེས་པར་བྱ་བས་སྟོང་ན་ཡང་ཤེས་པར ་ཇི་ལྟར་བརྗོད་དེ། མངོན་པར་བརྗོད་པར་བྱེད། ཤེས་བྱ་ཤེས་པས་ནི་ཤེས་པར་བརྗོད་ལ་དེ་མེད་ན་ཇི་ལྟར་ཤེས་པ་ཡིན་ཞེས་དགྲོངས་སོ།། དེ་ཉིད་གལ་ཏེ་ཤེས་མེད་ཅེས་པ་ལ་སོགས་པོ་གསུངས་ཏེ། གང་ཡུལ་མྱི ་ཤེས་པ་དེ་ལྟ་ན་ཡུང་གལ་ཏེ་ཤེས་པར་བརྗོད་ན་དེའི་ཚེ་ཤེས་པ་མྨེ་པཱ་རང་བཞིན་གྱི་ཤིང་ཡང་ཤེས་པར་ཐལ་བར་འགྱུར་རོ།། གང་གིས་ན་མི་ཤེས་པར་འགྱུར་བ་དེས་ཉེས་པ་བྱས་པ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡཱན་ནོ།། ་དེ་ལྟར་ཡང་མ་ཡིནོ།། དེ་ལྟ་བས་ན་དཔེར་ན་ཡུལ་ཡོངསུ་ཤེས་པ་མེད་ཅིང་ཤེས་པར་མི་འགྱུར་བ་དེ་བཞིན་དུ་གཞན་ཡང་མི་འགྱུར་རོ།། དེས་ན་ཞེས་པ་ལ་སོགས་པ་གསུངས་ཏེ། གང་གིས་ཡུལ་མེད་པར ་ཤེས་པར་མ་གྱུར་པའི་རྒྱུ་དེས་ནའོ།། ཤེས་བྱ་ཉེ་བར་གནྡ་པ་མེད་པ་སྟེ། ཉེ་བ་མ་ཡིན་པ་ནི་རུང་བའི་ཡུལ་ན་མི་གནས་པ་ཤེས་པར་བྱ་བ་ནི་གཟུང་བའི་ཡུལ་གང་གི་ཡིན་པ་དེ་ལ་དེ་སྐད་ཅེས་བརྗོད་པ་སྟེ། ་ཤེས་པ་མེད་དེ་ཡོད་པ་མ་ཡིན་ནོ།། ངེས་པ་ནི་གཅིག་ཏུ་འདྲི་ལ་བལྟོས་པའི་ཕྱིར་རོ།། དེ་ལྟར་གྱུར་པ་ཡང་སྒྲ་རྟག་པ་ཡོད་པ་མ་ཡིན་པའི་ཕྱིར་སྒྲའི་ཤེས་པ་ཡུལ་མི་ཉེ་བ་མ་ཡིན་ཏེ། བརྒྱ་ལ་མི་འཛིན་པ་ནི་གསལ་བ་རེས་འགྲུའ་ཡིན་པའི ་ཐལ་བར་འགྱུར་བ་བརྗོད་པའི་ཉེས་པ་མ་ཡིནོ་ཞེ་ན། འདི་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་ཤེས་པ་གང་གིས་ཡོངསུ་བཅད་པར་བྱ་བའི་ངོ་བོ་ཉིད་གསལ་བ་ཞེས་བརྗོད་ལ་དེར་རྟག་ཏུ་ཉེ་བ་མ་ཡིན་པའི་ཡུལ་ཡིན་པས་འཛིན་པར་བྱེད ་པ་ཤེས་པ་མ་ཡིན་པར་བརྗོད་པར་བྱའོ།། སྒྲ་ནི་རྟག་ཏུ་ཡོད་པ་དང་། མེད་པར་བརྗོད་པོར་འདོད་པ་མ་ཡིན་ཏེ། ཤེས་པ་ནི་བརྒྱ་ལ་འཛིན་པར་བྱེད་པ་མ་ཡིན་པ་ཞེས་པ་འདི་ཉིད་ཀྱིས་བསྒྲུབ་བྱ་འགྲུབ་བོ།། དེ་ལྟ་བས་ན་ཤེས་པར་བྱ་བོ་མི ་ཉེ་བ་འདིས་ཤེས་པ་འཛིན་པར་བྱེད་པ་མ་ཡིན་པར་སྒྲུབ་བོ།། གང་གི་ངོ་བོས་ཤེས་པའི་གཟུང་བར་བྱ་བའི་ཡུལ་དེ་རྟག་ཏུ་ཉེ་བ་མ་ཡིན་པས་ན་ཐལ་བར་འགྱུར་བ་བརྗོད་པའི་ཉེས་པ་ཇི་ལྟར་མི་འགྱུར། སྒྲ་ཇི་ལྟར་རྟག་ཏུ་ཡོད་པ ་མ་ཡིན་པར་གཞུང་མངས་པའི་འཇིགས་པས་མ་བརྗོད་དོ།། གཞན་ཡང་གལ་ཏེ་སྒྲ་ཤེས་པ་ཉིད་བདག་ཡིན་ན་དེ་ཚེ་འཛིན་པའི་བདག་ཉིད་ཡིན་པའི་ཕྱིར་དེ་གཟུགས་ལ་མ་འཛིན་པར་མི་འགྱུར་རོ།། དེ་ནི་ཡོད་པ་མ་ཡིན་ཏེ། གང་གི ་ཕྱིར་དེ་ཉིད་གྲཟུགས་འཛིན་པར་འདོད་དོ་ཞེ་ན། འདི་ལ་དེ་ཉིད་ཀྱིས་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ཉིད་ནི་སྒྲའི་ཤེས་པ་ཉིད་ཡིན་ཏེ། གལ་ཏེ་གཟུགས་ཤེས་པར་འདོད་ན་དེའི་ཚ་བོས་པ་ཡང་ཙ་སྟེ་མིན། དེའི་ཚེ་སྟེ་གཟུགས་འཛིན། ་པོའི་དུས་ན་ཅི་སྟེ་ཐོས་པ་མ་ཡིན་སྒྲ་ཡང་ཅིའི་ཕྱིར་ན་མི་འཛིན་ཏེ། སྒྲའི་ཤེས་པ་མ་ཡིན་པའི་ཕྱིརརོ།། འོན་ཏེ་སྒྲ་མི་ཉེ་བ་དེའི་ཕྱིར་ན་དེའི་ཤེས་པ་སྟེ། སྒྲ་དེའི་ཤེས་པ་ཡང་མེད་ཅིང་ཡོད་པ་མ་ཡིན་ཏེ། འདི་ལྟར་སྒྲའི་ཤེས་པ་ཉི་དུ་དེ་མི ་འགྱུར་རོ་ཞེས་པའི་དོན་ཏོ།། གཞན་ཡང་གཱལྀ་ཏེ་སྒྲའི་ཤེས་པ་ཡིན་ན་དེའི་ཚེ་དེ་གཟུགས་འཛིན་པའི་བདག་ཉིད་མི་འཐོད་དོ་ཞེས་བསྟན་པའི་ཕྱིར་སྒྲ་འཛིན་ཞེས་པ་ལ་སོགས་པ་གསུངས་ཏེ། སྒྲ་འཛིན་རང་བཞིན་ནི་སྒྲ་འཛིན ་པའི་རང་གི་ངོ་བོ་ཡིན་ཏེ། སྒྲའི་འཛིན་པ་པོ་ཞེས་པོའི་ཐ་ཚིག་གོ།། གང་ཞིག་ཤེས་པ་དེ་སྒྲ་འཛིན་པ་གཟུགས་འཛིན་པའི་བདག་ཉིད་དུ་ཇི་ལྟར་འགྱུར་ཏེ། ཅུང་ཟད་ཀྱང་མ་ཡིན་ཏེ། ཆ་ཤས་མོད་པ་གཅིག་ལ་གཟུགས་གཉིས ་མི་རིགས་པའི་ཕྱིར་རོ།། ཙཾ་སྟེ་དཔེར་ན་གཅིག་འགའ་ཞིག་འགའ་ཞིག་ལ་བལྟོས་ནས་ཕ་ཡིན་ལ་འགའ་ཞིགས་ལ་བལྟོས་ཏེ། དེ་ཉིད་བུ་ཡིནྡ་པར་འགྱུར་ལ། དེ་བཞིན་དུ་སྐབསུ་བབ་པ་ལྔ་ཡང་གཟུགས་ཉིད་པོ་དག་གཅིག ་ཏུ་འགྱུརརོ་ཞེ་ན། གཅིག་ནི་ཕ་དང་ཞེས་པ་ལ་སོགས་པ་གསུངས་ཏེ། གཅིག་ཁོ་ན་ཕ་ཡིན་ཏེ་སྐྱེད་པ་པོ་ཡིན་ལ་བུ་ཡང་བསྐྱེད་པར་བྱ་བ་ཡིན་ཏེ། དེ་ཉིད་འདི་ཡིན་ཞེས་པ་ནི་བརྟགས་པ་ཡིན་ནོ།། དེ་ཡང་དེ་ལ་བལྟོས་པ་ནི་བརྟན ་པར་རྣམ་པར་གཞག་པར་དྷ། ཡང་དྲནན་ཅན་དོན་དུམ་པ་ཅུ་ཡོན་དུ།། གག་། བཞོན་ཏུད་གཏནན་དུ་རྟགས་པཤཱནྡྷ་བྱུགས་པསྟན་རྒྱུ། གཟུགས་པ་ད་པས་སག་ཏད་དུ་ན་དུ། ་སྒྲ་སྣ་ཚོགས་པར་སྒྲ་སྣ་ཚོགས་ཀྱིས་བརྗོད་པར་བྱ་བ་མིན་ནོ།། དངོས་པོ་པའི་རང་བཞིན་གཉིས་གཅིག་ཏུ་སྦྱར་བར་བྱ་བ་ཡིན་ལ། དེ་ཡང་ནམ་ཡང་རིགས་པ་མ་ཡིན་ནོ།། རང་བཞིན་ཉིད་ཐཱ་དད་པ་ཡིན་པས་དངོས་པོ་སྭཱངྒ་གཱཉིས ་བར་འགྱུར་རོ།། དེ་ལྟ་བས་ན་ཇི་ལྟར་དངོས་པོ་གཅིག་གཉིས་ཡིན་པ་ལ་དཔེའི་ཆོས་ཅན་ཡོད་པ་མ་ཡིནོ།། གང་ཡང་བརྟགས་པས་ཡོད་པ་དེ་ནི་སྐབསུ་བབ་པ་ལ་མཁོ་བ་མ་ཡིན་ཏེ། འདི་ནི་ཅུང་ཟད་ཀྱང་མ་ཡིན་ནོ།། འདིའི་ཕྱིར་ཡང ་འདི་དོན་དམ་པར་མ་ཡིན་ནོ།། ཞེས་བསྟན་པའི་ཕྱིར། འདི་ལྟར་སྙིང་སྟོབས་ཞེས་པ་ལ་སོགས་པ་གསུངས་ཏེ། འདི་ཡང་ཁྱོད་ཀྱིས་ཁས་བླང་བར་བྱ་སྟེ། གྲངས་ཅན་གྱི་གཞུང་ལུགས་ཀྱིས་འགྲོ་བ་ཡོན་ཏན་གསུམ་གྱི་བདག་ཉིད་ཡིན ་ལ། དེའི་ཕྱིར་སྙིང་སྟོབས་དང་། རྡུལ་དང་མུན་པ་ཡང་ཞེས་ཚིག་ཕྲད་བསྡུས་པ་ནི་སྡུད་པའི་དོན་ཏོ།། འདི་ལྟར་ཞེས་ཏེ་གོང་གྲི་ཕྱིར་ཡོན་ཏན་འདི་རྣམས་རང་གི་ངོ་བོས་གནས་པ་ཡིན་ཏེ། སོ་སོར་རམ་བསྡུས་ནས་སོ།། དེ་ལྟ ་བས་ན་དོན་དམ་པར་ཕ་ཡང་མ་ཡིན་ལ། བུ་ཡང་མ་ཡིན་ཏེ། ཐམས་ཅད་དུ་ཡོན་ཏན་གཅིག་ཁོ་ནར་ཡོད་པ་ཡིནོ།། དོན་ནི་འདི་ཡིན་ཏེ་བུའི་གནས་སྐབས་ན་གང་ཞིག་སྙིང་སྟོབས་དང་རྡུལ་དང་མུན་པའི་མཚན་ཉིད་ཀྱི་ཡོན ་ཏྲོན་དེ་ཉིད་སྐྱེད་པར་བྱེད་པའི་དངོས་པོར་ཡང་འགྱུར་ཏེ། དེས་ན་སྔ་མ་དང་ཕྱི་མའི་དུས་དགུ་ཏུ་ཁྱད་པར་མྱེད་བླའི་དངོས་ཉིད་ཡིན་ནོ།། དེ་ལྟ་བསྟན་དེ་སྒྱུ་ལྟོས་ནས་པ་ད་བུ་རུ་བརྗོད་པར་བྱ་སྟེ། དེ་ལ་ཁྱད་པར་ནི་སྤྱོད་པ་མ་ཡིན། ་དེ་ལྟ་བུས་ན་འདི་ནི་བརྟགས་པ་ཉིད་ཀྱི་ཐ་སྙད་ཡིན་ནོ།། གལ་ཏེ་ཡང་གཟུགས་འཛིན་པའི་དུས་ན་ཡང་སྒྲ་འཛིན་པའི་ཤེས་པ་དེ་གཅིག་ཉིད་ཡིན་ན་དེའི་ཚེ་རང་བཞིན་དམིགས་པར་འགྱུར་ནི་དམིགས་པོ་ཡང་མཱ་ཡིནོ།། དེ་ལྟ་བས ་ན་དེ་འཛིན་པའི་བདག་ཉིད་མ་ཡིན་ནོ།། ཞེས་བསྟན་པའི་ཕྱིར། དྭེ་ནི་སྒྲ་འཛིན་ཞེས་བུ་ལ་སོགས་པ་གསུངས་ཏེ། སྒྲ་འཛིན་དང་ལྡན་པ་ནི་འབྲེལ་པ་ཡིནྡ་ལ་ནཱིའི་སྒྲས་ནི་ཁྱད་པར་བརྗོད་པ་ཡིན།། རང་བཞིན་དེ་ནི་གཟུགས་འཛིན ་པ་པོ་ཡིན་ཏེ། ཤེས་པ་དེ་མཐོང་བ་མ་ཡིན་ཏེ། རྟོགས་པ་མ་ཡིན་ཏེ། དེའི་ཕྱིར་དེའི་ཚེ་སྒྲ་འཛིན་པའི་བདག་ཉིད་དེ་ཡོད་པ་མ་ཡིན།། ཞེས་ངེས་པར་བྱའོ།། དེ་ལྟར་གྱུར་ན་ཡང་གལ་ཏེ་རྟོགས་པར་མ་གྱུར་པ་དེ་ལྟ་ན་ཡང་དེ་ཉིད་དེ ་ཡིནོ་ཞེ་ན་དེ་ལྟར་ན་ཇི་ལྟར་གཟུགས་འཛིན་པར་འགྱུར་ཞེ་ན། དེ་ཉིད་ཅེས་པ་ལ་སོགས་སྨོས་ཏེ། དེ་ཉིད་སྒྲ་ཤེས་པ་ཡིན་ལ་གཞན་གྱི་གཟུགས་ཀྱི་རང་བཞིན་གཟུགས་འཛིན་པའི་བདག་ཉིད་ཀྱི་གཟུགས་འཛིན་པ་ཡིནོ་ཞེས ་པ་ནི་ལྷག་མའོ།། དེ་ཇི་ལྟ་བུར་རྣོ་མཐུན་པཱནྡོ་མཐུན་པ་ཡིན་ཞེ་ན། གར་མཁན་ལྟ་བུ་ཞེས་ཏེ། ཇི་ལྟར་གཞན་གར་གྱི་དུས་ན་གར་གྱི་ས་གཞིར་སོང་སྟེ། གར་མཁན་གཅིག་པུ་ཉིད་སྣ་ཚོགས་པའི་གཟུགས་ཀྱིས་འཇུག་པ་དེ་བཞིན་དུ ་སྐབསུ་བབ་པ་ལ་ཡང་ཉེས་པ་མེདོ་ཞེ་ན། དེ་ལ་བརྗོད་པ། དེ་ཡང་རྟག་པ་མིན་ཞེས་ཏེ། མི་རྟག་པ་ཡིན་ལ་སྔ་མའི་རང་བཞིན་ཡོངསུ་དོར་ནས་ངོ་བོ་གཞན་ཐོབ་པ་ཡིནོ།། སྔ་མ་དང་ཕྱི་མ་དག་པ་རང་བཞིན ་གཅིག་པ་ཉིད་མ་ཡིན་ཏེ། གར་མཁན་སྣ་ཚོགས་པའི་གཟུགས་ཡིན་པའི་ཕྱིར་རོ།། གཞན་དུ་ན་དེའི་གཟུགས་གཉིས་པོ་ཡང་གཅིག་ཏུ་སེམས་ལ་སྣང་བར་འགྱུར་རོ།། དེའི་ཕྱིར་བསྒྲུབ་བྱ་མེད་པའི་དཔེ་ལྟར་སྣང་བ་ཡིན་ནོ།། འོན་ཏེ་དེ ་ལྟ་ན་ཡང་དངོས་པོ་དེ་ཉིད་ཀྱི་རང་བཞིན་སླར་ཡང་གཞན་དང་གཞན་དུ་སྐྱེ་ཞིང་འགག་པ་དེས་ནི་ཉེས་པ་འདི་མེདོ་ཞེ་ན། འདི་ལ་གལ་ཏེ་ཚུལ་གཞན་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ཉིད་ནི་བདག་གམ་ག་རི་མཁན་ནོ།། ཚུལ་གཞན་ནི ་རང་བཞིན་གཞན་ཡིན་པར་གལ་ཏེ་བརྗོད་ནའོ།། དེའི་ཚེ་གཅིག་པུ་འདི་ཉིད་སྔོན་མེད་པ་སྟེ། འདི་ནི་སྔར་མ་བྱུང་བ་སྔར་མ་མཐོང་བ་འདི་ལྟ་བུའི་གཅིག་པ་ཡིནོ།། དེའི་དངོས་པོ་གཞན་སྐྱེས་པ་ན་ཡང་གཅིག་པ་ཉིད་ཡིན་ཞིང་ཐ་མི་དད། ་པའི་བདག་ཉིད་ཡིན་ན་འདི་ལྟར་དེ་ཉིད་འདི་ཡིན་ནོ་ཞེས་པ་དང་། ཡང་གཞན་གྱི་ངོ་བོ་ཡིན་ནོ་ཞེས་དེ་ཉིད་གཞན་ཉིད་ཡིན་པར་བརྗོད་ན་ཕན་ཚུན་འགལ་བའི་ཆོས་གཉིས་པོ་འདི་གཅིག་རིགས་པ་མ་ཡིན།། གླང་གི་སྐྱེ་བ་དང་འགག། ་པར་འགྱུར་བ་ན་ཡང་དངོས་པོ་ལ་དེ་དག་མི་འགྱུར་བ་དངོས་ཞེས་བྱ་བ་རང་བཞིན་ངོ་བོ་ལས་གཞན་མ་ཡིནོ།། དེ་ཐ་མི་དད་པའི་རང་སྐྱེ་བ་དང་འགག་པ་དག་གི་དངོས་པོ་དེའི་གནས་སྐབསུ་རིགས་པ་ཡང་མ་ཡིན་ཏེ། ཐ་དད་པ་མ་ཡིན། ་པ་མེད་པར་ཐལ་བར་འགྱུར་བའི་ཕྱིརརོ།། ཐ་དད་པ་འབྲེལ་པ་གྲུབ་པ་མ་ཡིན་ཞེས་བསམས་པ་ཡིནོ།། དེ་ལྟར་གྱུར་ན་ཡང་གལ་ཏེ་བདག་འདི་རང་བཞིན་གཉི་སུ་བདེན་པ་ཡིན་ན་ཐལ་བའི་དིར་འགྱུར་བ་སྟེ། འོན་ཀྱང་འདིའི་རང་བཞིན ་གཉུག་མ་བོར་ནས་གཞན་གྱིས་ངོ་བོ་དེ་ཁོ་ན་ཉིད་མ་ཡིན་པ་ཡིན་པའི་ཕྱིར་དེས་ན་ཐལ་བར་འགྱུར་བ་བརྗོད་པ་ཡོད་པ་མ་ཡིནོ་ཞེས་པའི་དོགས་པས། གལ་ཏེ་ཚུལ་ཞེས་པ་ལ་སོགས་པ་གསུངས་ཏེ། གཞན་གྱི་གཟུགས་དེའི་ཡུལ་གྱི ་ཁྱད་པར་ཅན་ཤེལ་གྱི་རྡོ་བཞིན་དུ་འདི་གཅིག་པ་ཡིནོ་ཞེས་གལ་ཏེ་ཟེར་ནོ།། དེ་ལྟར་ན་དེའི་རང་བཞིན་སྨོས་ཞེས་ཏེ། རང་བཞིན་གཉུག་མའོ།། དེའི་བདག་གི་ངོ་བོའི་དེ་ཁོ་ན་ཉིད་བརྗོད་ཅིང་སྨྲ་བར་གྱིས་ཤིག། དེའི་གཟུགས་གཞན་ཡོད་པ ་ཉིད་ཡིན་ཏེ། དེ་གང་ཞེ་ན། ཤེས་པ་ཉིད་ཅེ་ན་ཞེས་ཏེ། ཤེས་པའི་བདག་ཉིད་དེ་དུས་སྔ་མ་དང་ཕྱི་མའི་ལ། རྗེ་སུ་འགྲོ་བ་ཅན་ནི་དེའི་གཉུག་མའི་རང་བཞིན་ཏེ། གཞན་ནི་ཅི་ཞིག་བརྗོད་པར་བྱ།། དེའི་གཟུགས་ཀྱིས་སྔ་མ་དང་ཕྱི་མ ་དག་ཏུ་གཟུགས་གཞན་དང་འབྲེལ་བ་ན་ཡང་ཤེལ་བཞིན་དུ་འདི་གཅིག་པ་ཡིནོ་ཞེས་གལ་ཏེ་ཟེར་ནའོ།། དེ་ལྟར་ན་སྐྱེས་བུ་ཀུན་གཅིག་ཏུ་ཐལ་བར་འགྱུར་ཏེ། དེ་ལྟར་ན་དེ་ཤེས་པ་ཉིད་དུ་ཐུན་མོང་པའི་ཆོས་ཡིན་པས་སོ།། དཔེར་ན་སྔ ་མ་དང་ཕྱི་མའི་དུས་ཀྱི་སྒྲ་དང་གཟུགས་ཀྱི་ཤེས་པ་དག་དེའི་རྣམ་པ་ཐ་དད་པས་ཐ་དད་པ་ཡིན་ན་ཡང་གཅིག་ཡིན་པ་དེ་ལྟར་ན་སེམས་ཅན་ཀུན་ཏེ། སྲོག་ཆགས་ཀྱི་རྒྱུད་དུ་རྟོག་པ་རྣམས་བདག་གཅིག་ཏུ་ཐལ་བར་འགྱུར་བ་ཐོབ་པར ་འགྱུར་ལ། དངོས་པོ་ཐ་དད་པ་ཡང་ཁྱད་པར་མེད་པའི་ཕྱིརརོ།། དེ་ལྟར་ན་ཡང་ཐལ་བའི་དིར་འགྱུར་བ་ཡིན་ཏེ་ཞེས་བསྟན་པའི་ཕྱིར། སེམས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་བརླ་སྐ ་ཀྱི་ཐ་དད་པའི་རྒྱུ་མཚན་གྱི་ཁྱད་པར་སྤངས་ནས་རྣམ་པ་ཅུང་ཞིག་ལ་བརྟེན་ནས་གཅིག་ཏུ་བརྗོད་ནས། དེའི་ཚེ་སེམས་དང་ལྡན་པ་སྐྱེས་བུའི་ཆོས་དང་སེམས་མེད་པའི་རང་བཞིན་གྱི་ཆོས་སོ་ཀྱང་གི་སྒྲས་ནི་ཉེས་པ་གཞན་སྡུད་པ་ཡིན ་དེ་རྣམས་ཀྱང་གཅིག་ཅིང་ཐ་དད་པ་མེད་པའི་དངོས་པོར་འགྱུར་རོ།། ཇི་ལྟར་ཞེ་ན། སེམས་དང་ལྡན་པ་དང་། མི་ལྡན་པ་དེ་དག་ལྔ་གི་ཕྱིར་ཏེ་རྒྱུ་མཚན་གང་གིས་ཡོད་པ་སྟེ། བདོག་པ་དེ་ཡང་དངོས་པོ་རྣམས་ཀྱི་གཉུག་མའི་གཟུགས།། མཚུངས ་པ་སྟེ་གཉིས་པ་དང་འདྲ་བ་ཡི་ནོ།། ཅི་སྟེ་འདི་ལ་ཡང་དངོས་པོ་ཐ་དད་ན་ཡང་འདྲ་བའི་རྒྱུ་མཚན་གྱིས་གཅིག་པ་ཉིད་ཡིན་ཏེ་དེ་ལྟ་ཡས་ན་གང་འདོད་པའི་དངོས་པོ་བསྒྲུབས་པས་ཉེས་པ་མེདོ་ཞེ་ན། གང་ཚེ་བྱེ་བྲག་ཅེས་པ་ལ་སོགས ་པསྨྲས་ཏེ། ཉེས་པ་གཞན་བསལ་བར་བྱེད་པས་རང་གི་སྒྲ་ཡི་ནོ།། བྱེ་བྲག་ནི་རྩ་དད་པའི་དངོས་པོ་ཐམས་ཅད་ངེས་པ་མེད་པས་གང་གི་ཚེ་ལོག་པ་ཡིན་ཞིང་མི་བདེན་པ་གཉུག་མའི་གཟུགས་ཡིན་པ་དེའི་ཚེ་འདྲ་བའི་རྟེན་གང ་མིགང་ལ་བརྟེན་ནས་འདྲ་བར་རྣམ་པར་བཞག་པར་བྱེད། ཁྱད་པར་ཡོད་ན་ཡང་ཆོས་མཐུན་པ་ཅུང་ཟད་ཙམ་གྱིས་འདྲ་བར་འགྱུརརོ།། ཁྱད་པར་མེད་ན་ཡང་དེ་ཉིད་དུ་འགྱུར་ལ་འདྲ་བ་མ་ཡིན་ཏེ། བ་ལང་དང་པ་མོན་དག ་ལ་ཁྱད་པར་ཉམ་སུ་མྱོང་བ་མེད་ན་བ་མེན་པ་ལང་དང་འདྲ་བར་མི་འགྱུར་ཏེ། འོན་ཀྱང་བ་ལང་ཉི་དུ་འགྱུརརོ།། དེའི་ཕྱིར་བྱེ་བྲག་ཉིད་འདྲུ་བའི་རྟེན་ཡིན་ལ། དེ་ཡང་གང་གི་ཚེ་དྲོན་དམ་པར་མི་འགྱུར་ན། དེའི་ཚེ་གང་འདྲ་བར་འགྱུར ་ཏེ། མཚུངས་པའི་རྣམ་པ་ཉིད་སྐྱེས་བུའང་གཞན་དག་ལ་བརྟེན་པཱ་རྒྱུ་མཚན་དུ་གྱུར་པ་ཅུང་ཟད་ཀྱང་ཡོད་པ་མཽ་ཡིན་ནོ་ཞེས་པའི་དོན་ཏོ།། དེའི་ཕྱིར་དངོས་པོ་ལ་གཅིག་ཉིད་དུ་འགྱུར་པ་ཡིན་ཏེ། ཁྱོད་ཀྱི་འདྲ་བས་བྱས་པ་ནི་མ་ཡིན། ་ལ། དེ་ཇི་ལྟར་ན་གྲུབ་པ་ལ་བསྒྲུབ་པའི་ཕྱིར་ཉེས་པ་མེདོ་ཞེས་བརྗོད་པར་བྱེད། དེ་བཞིན་དུ་སེར་སྐྱ་བ་དང་། རྒྱལ་དཔོགས་པས་ཡོངསུ་བརྟགས་པི་སེམས་ཀྱི་རང་བཞིན་གྱི་བདག་ཡོད་པར་མ་གྲུབ་བོ།། རིག་བྱེད་ཀྱི་མཐའ་གསང་བར་སྨྲ་བས ་བརྟགས་པ་ལ་ཡང་ཇི་ལྟར་སྲིད་པས་སུན་དབྱུང་བ་བརྗོད་པར་བྱའོ།། ད་ནི་རིགས་པ་ཅན་ལ་སོགས་པས་བརྟགས་པའི་སེམས་མེད་པའི་བདག་གི་ཡོད་པའི་ཐ་སྙད་དགག་པའི་ཆེ་དུ་སེམས་མེད་པ་ཡང་ཞེས་པ་ལ་སོགས་པ་གསུངས་ཏེ། ་སེམས་དང་ལྡན་པའི་བདག་རེ་ཞིག་བརྗོད་པའི་རིགས་པ་མི་འཐད་ལ་སེམས་མེད་ཀྱང་བདག་མ་ཡིན་པར་བསྟན་པའི་ཚེ་དུ་མིན་ཏེ་ཞེས་ཏེ། མི་རིགསསོ་ཞེས་པ་ནི་འང་གི་སྒྲའི་དོན་ཏེ། ཅིའི་ཕྱིར་ཞེ་ན། སེམས་མེད་ཕྱིར་ཏེ། སེམས་དང་མི་ལྡན ་པའི་ཕྱིར་རོ།། སེམས་མེད་པ་གང་ཡིན་པ་དེ་ནི་སེམས་མེད་པའོ།། དེ་ལྟ་བས་ན་སེམས་མེད་པ་དེའི་ཕྱིར་ཞེས་པའི་དོན་ཏོ།། ཇི་ལྟ་བུ་ཞེ་ན། སྣམ་སོགས་བཞིན་ཞེས་ཏེ། ཇི་ལྟར་སྣམ་བུ་དང་། ཤིང་དང་རི་ལ་སོགས་པ་རྣམས་སེམས་དང་བྲལ་བའི ་ཕྱིར་བདག་མ་ཡིན་པ་དེ་བཞིན་དུ་མངོན་པར་འདོད་པ་ཡང་སྟེ་ལས་དང་བྱེད་པ་པོ་ལ་སོགས་པ་རྣམས་ཁས་བླངས་པའི་ཕྱི་རོ།། གཞན་དུ་ན་དེས་ཅུང་ཟད་ཀྱང་དགོས་པ་ཡོད་པ་མ་ཡིན།། སེམས་སྡེ་བ་ཡང་དེར་རིགས་པ ་མ་ཡིན་ཏེ། དཔེར་ན་སྣམ་བུ་ལ་སོགས་པ་བཞིནོ།། གལ་ཏེ་ཡང་འདིའི་རང་ཉིད་སེམས་དང་ལྡན་པ་མ་ཡིན་པ་དེ་ལྟར་ན་ཡང་བློའི་སེམས་ཀྱིས་སེམས་དང་ལྡན་པར་བྱེད་དེ། དེས་ན་ཉེས་པ་འདི་མེད་ཅེས་གཞན་གྱི་བསམ་པས་སྲིད་པས་འོན ་ཏེ་སེམས་དྲུང་ལྡན་པའི་ཕྱིར། ཤེས་ན་ཞེས་སྨོས་ཏེ། འོན་ཏེ་ཞེས་པ་ནི་འདྲི་བའོ།། འོན་ཏེ་བདག་འདི་སེམས་དང་ལྡན་པའི་ཕྱིར་ཏེ། བློ་དང་འདུལ་བ་ལས་རང་ཉིད་སེམས་དང་མི་ལྡན་པ་ན་ཡང་ཤེས་པར་འགྱུར་ནའོ།། ཤེས་པར་བྱེད་པས་ན ་ཤེས་པ་ཡིནོ།། དེ་ལྟར་ཁས་ལེན་པ་ན་མི་ཤེས་འཇིགས་པར་ཐལ་ཏེ། གང་གི་ཚེ་འདི་ལྟར་ར་རོ་བ་དང་། བརྒྱལ་བ་ལ་སོགས་པའི་གནས་སྐབས་ན་སེམས་དང་ལྡན་པ་ལོག་པ་ན་བདག་ཉིད་མི་ཤེས་པ་སྟེ། ཅུང་ཞིག་ཀྱང་མི་ཤེས་པ་དེའི ་ཚེ་འཇིགས་པར་འགྱུར་ཏེ། སྔར་སེམས་དང་ལྡན་པ་དང་འབྲེལ་པའི་རང་བཞིན་ཡོངསུ་གཏོང་བས་ཡོངསུ་འཇིག་པར་ཐལ་བར་འགྱུརརོ།། ཅི་སྟེ་སེམས་དང་འབྲེལ་པ་དང་མ་འབྲེལ་པའི་དུས་ན་རང་བཞིན་གཅིག་ཉིད་ཡིན་པས་ཉེས་པ ་མེདོ་ཞེས་ཕ་རོལ་པོའི་དགོས་པས། ཅི་སྟེ་བདག་ལ་ཞེས་པ་ལ་སོགས་པ་སྨོས་ཏེ། ཅི་སྟེ་སེམས་དང་ལྡན་པ་སྐྱེ་བ་དང་འགག་པ་དག་འགྱུར་བ་མེད་པ་ཉིད་ཡིན་ཏེ། མེ་སྐྱེས་པ་དང་མ་འགག་པའི་རང་བཞིན་ཉིད་བདག་ཡིནོ་ཞེས།། ་གལ་ཏེ་དེ་ལྟར་ན་སེམས་པས་དེ་ལ་ཅི་ཞིག་བྱ་སྟེ། སེམས་པ་དང་བྲལ་བ་དུས་ཐམས་ཅད་དུ་འགྱུར་བ་མེད་པར་གནས་ན། བདག་འདི་སེམས་དང་ལྡན་པའི་བློ་དང་འདུ་བས་ཅི་ཞིག་བྱས་ལ། ཁྱད་པར་ལྷག་པ་ཅི་ཞིག་བསྒྲུབས ་ཏྲེ། ཅུང་ཟད་ཀྱང་མ་ཡིན།། བློ་དང་འདུ་བ་ཡིན་ནོ། ཡང་སྔར་གྱི་རང་བཞིན་དེ་ལྟ་བུ་ཉིད་མ་ཉམས་པའི་གནས་སྐབས་ཉིད་ཡིན་པས་བདག་ནི་སེམས་དང་བཅས་པ་ཉིད་ཡིན་ནོ།། དེ་ལྟར་གནས་ན་ཡོང་ཁྱོད་ཀྱིས་ཅི་ཞིག་བསྒྲུབ་པ་ཡིན། ་ཞེས། དེ་ལྟར་སེམས་མེད་ཅེས་པ་ལ་སོགས་པ་གསུངས་ཏེ། མི་ཤེས་པ་ནི་ཕན་པ་དང་། མི་ཕན་པ་ཅུང་ཟད་ཀྱང་ཤེས་པར་མི་བྱ་བ་ཡིན་ལ། བྱ་བ་དང་བྲལ་བ་ནི་བྱ་བ་ལས་ཕྱི་རོལ་ཏུ་གྱུར་པ་ཡིན་ཏེ། བྱ་བ་མེད་པའོ།། དེ་ནི་ཕྱིར ་བཅོམ་པ་ཐམས་ཅད་དང་བྲལ་ཞིང་། བྱ་རྒྱུ་ཐམས་ཅད་ལ་ཁྱད་པར་མི་བྱེད་པའོ།། ཡང་ན་ལུས་ཐམས་ཅད་ལ་ནུས་པ་དང་བྲལ་བ་འམ་འགྲོ་བ་ལ་སོགས་པའི་བྱ་བས་སྟོང་པ་ཡིན་ཏེ། ནམ་མཁའ་སྐབསུ་བབ་པ་ཉྫ་པར་མཁོ་བ་མ ་ཡིན་པའི་ཕྱིར་ན། ནམ་མཁའ་དང་འདྲ་བ་ཡིན་ཏེ། འདི་ལྟར་ཡིན་པ་ན་བདག་ནི་བདག་ཉིད་ཀྱི་རང་བཞིན་ཏེ། རྣམ་པར་བཞག་ཅིང་རྣམ་པར་བཞག་པ་ཡིནནོ།། འདི་ཡང་རང་གི་འདོད་པ་ལ་འཇུག་སྡུད་པ་ཡིན་ཏེ། ཇི་ལྟར་རང ་བཞིན་མེད་པ་ཉིད་ཀྱིས་བྱ་བ་ཐམས་ཅད་ཀྱིས་སྟོང་པ་ལ་བརྟགས་པ་ཙམ་གྱི་ན་མཁའ་བཞིན་དུ་བདག་ཀྱང་ཡིནོ་ཞེས་པའི་དོན་ནམ། གཞན་གྱི་འདོད་པ་ཡིན་ཏེ། ཇི་ལྟར་ལས་དང་བྱེད་ལ་སོགས་པ་ལ་ཡིན་པའི་ངོ་བོ ་ནཱི་ན་མཁའ་ཡིན་ཏེ། སེམས་པ་མེད་པའི་ཕྱིར་དང་། བྱ་བ་མེད་པའི་ཕྱིརརོ།། ད་ནི་ཡང་གཞན་དུ་བདག་འགེགས་པར་བྱེད་པའི་འདོད་པ་བསྟན་པར་འདོད་ནས་གཞན་གྱི་གཞུང་ལུགས་དགོད་པ་ནི ་གལ་ཏེ་བདག་ནི་ཡོད་མིན་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་འཇིག་རྟེན་ཕ་རོལ་པོ་འགའ་ཡང་མེད་པར་འགྱུར་ན་དེའི་ཚེ་བདག་དེ་འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་ཡོད་པ་མ་ཡིན་ཞིང་། མེད་ན་ལས་འབྲས་འབྲེལ་པར ་མི་རིགས་ཏེ། ལས་ནི་དགེ་བ་དང་མི་དགེ་བ་ཡིན་ལ། འབྲས་བུ་ནི་དེ་ཉིད་འདོད་པ་དང་མི་འདོད་པ་ཡིནོ།། དེ་དང་འབྲེལ་པ་འམ་ལས་བྱས་པ་འབྲས་བུ་དང་འབྲེལ་པ་ཡིནོ།། གང་ཉིད་ཀྱིས་ལས་བྱས་པ་དེ་ཉིད་ཀྱིས་དེའི་འབྲས ་བུ་ཐོབ་པ་ཡིན་ཏེ། གཞན་གྱིས་ནི་མ་ཡིན་ལ། དེ་ཅིས་འཐད་པ་ཡིན་ཏེ། མི་རིགས་ཤིང་འཐད་པ་མ་ཡིནོ།། འཇིག་རྟེན་ཕ་རོལ་ཏུ་ལོས་དང་འབྲས་བུ་འབྲེལ་པ་ནི་འདོད་པ་ཡང་ཡིནོ།། འདི་ལ་ཡང་བདེ་བར་གཤེགས་པ་པ ་རྣམས་དང་ཡང་རྩོད་པ་མེད།། དེ་ལྟར་ཡང་མདོ་ལས་འདི་ཉིད་ཀྱིས་བྱས་པའི་ལས་ཇི་ལྟར་གཞན་གྱིས་མྱོང་བར་འགྱུར།། དགེ་སློང་དག་བྱས་ཤིང་བསགས་པའི་ཝ་ནཱི་སའི་ཁམས་ལ་སྨིན་པར་འགྱུར་བ་མ་ཡིན། ཆུའི་ཁམ ་ལ་མ་ཡིན། མེའི་ཁམས་ལ་མ་ཡིན་ལ་རླུང་གི་ཁམས་ལ་མ་ཡིན། ཟིན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་འདི་ཉིད་ལ་སྨིན་པ་ཡིནོ་ཞེས་རྒྱས་པར་གསུངས་པ་ཡི་ནོ།། ཡང་གསུངས་པ་ལས་རྣམས་བསྐལ་པ་བརྒྱར ་ཡང་ནི། ཆུད་མི་ཟ་ཞིང་ཚོགས་དང་དུས། རྙེད་ནས་ལུས་ཅན་རྣམས་ལ་ནི།། འབྲས་བུ་དག་ཏུ་ངེས་པར་འགྱུར་ཞེས།། དེ་ལྟ་བས་ན་ལས་དང་འབྲས་བུ་འབྲེལ་པ་ཁྱེད་ཀྱིས་ཀྱང་སྤང་བ་མ་ཡིན་ལ། དེ་ལྟ་བས་ན་ངེས་པར་བདག ་ཁས་བླང་བར་བྱ་སྟེ། གཞན་དུ་ན་འདི་ཐམས་ཅད་མི་རིགས་པར་འགྱུར་ཏེ། བདག་མེད་ན་ལས་དང་འབྲས་བུ་འབྲེལ་པར་ཇི་ལྟར་འཐད་པར་འགྱུར་ཞེ་ལྔ་བྱས་ནས་ནི་ཞེས་པ་ལ་སོགས་པ་སྨོསོ།། ནིའི་སྒྲས་ནི་གང་གི་ཕྱིར་ཏེ། དགེ ་བ་དང་མི་དགེ་བོའི་མཚན་ཉིད་ཀྱི་ལས་བྱས་ཏེ། ལས་བསྐྱེད་ནས་ཞིག་པ་ན་ཞེས་ཏེ། ཞིག་ཅིང་ལས་བྱེད་པ་འགགས་པ་ན་འབྲས་བུ་ག་ལ་འགྱུར་ཏེ། བདག་མེད་པ་ན་འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་སུ་ཡང་མེད་པའི་ཕྱིརརོ།། གང་གི ་སེམས་ཀྱི་སྐད་ཅིག་མས་བྱས་པའི་ལས་དེ་སྐད་ཅིག་མ་ཡིན་པས་དེ་ལས་བྱེད་པའི་དུས་ན་འགགས་པའི་ཕྱིར་ལས་བྱས་པའི་འབྲས་བུ་བདེ་འགྲོ་འམ། ངན་འགྲོ་ལ་བདེ་བ་དང་སྡུག་བསྔལ་འཇིག་རྟེན་པ་གང་གི་ཡིན་པོར་འགྱུར་ཞིང ་སྐྱེ་བར་ཏེ། གང་གི་ཡང་མཽ་ཡིན།། འཇིག་རྟེན་ཕ་རོལ་དུ་ཡང་ལས་བྱས་པོ་ཉིད་ཀྱི་འབྲས་བུ་དང་ལྡན་པ་གཞན་འགའ་ཞིག་སྐྱེས་པའི་ཕྱིར་རོ།། དེ་ལྟར་ན་བྱས་པས་ཆུད་ཟ་ཞིང་། མ་བྱས་པ་དང་ཕྲད་པར་འགྱུརརོ།། འདི་ནི་མཚོན་པ་ཅི ་ཡིན་ཏེ། དྲན་པ་དང་ངོ་ཤེས་ཀྱི་ཤེས་པ་དང་། ཐེ་ཚོམ་དང་། ངེས་པོ་དང་། རང་གི་བཅོལ་བ་ལེན་པ་དང་། མཐོང་བའི་དོན་ལ་ངོ་མཚོར་དང་བྲལ་བ་དང་། རྒྱུ་དང་འབྲས་བུ་ཉིད་དང་རྟོགས་པའི་ཚད་མ་དང་། བཅིངས་པ་དང་། ཐར ་པ་ལ་སོགས་པ་དག་ཏུ་ཡང་མི་འགྱུ་རོ་ཞེ་ན་ཏེ་གལ་ཏེ་དེ་ལྟར་འདོད་ན། དེ་རིགས་པ་མ་ཡིནོ་ཞེས་བྱ་བ་འབྲས་བུ་བཞི་ཞེས་པ་ལ་སོགས་པ་གསུངས་ཏེ། ཁྱོད་དང་ཁོ་བོ་ཅག་གཉིས་ལ་སྟེ། བདག་ཏུ ་སྨྲ་བ་ཁྱེད་དང་། བདག་མེད་པར་སྨྲ་བ་ངེད་ཅག་གྲུབ་ཅིང་ངེས་པ་ཡིནོ།། ཅི་ཞིག་གྲུབ་ཅེ་ན། བྱ་བ་འབྲས་བུ་གཞི་ཐ་དད་པར་གསུངས་ཏེ། ལས་ནི་བྱ་བ་ཡིན་ཏེ། འཇིག་རྟེན་འདི་ལའོ།། འཇིག་རྟེན་ཕ་རོལ་ཏུ་དེའི་འབྲས་བུའོ།། ་གཞི་ཐ་དད་པ་དེ་དག་ལ་ཏེ། རྟེན་སྣ་ཚོགས་དེ་དག་ལ་གྲུབོ།། འདི་ལྟར་ཡང་ལུས་ངག་གིས་སྐྱེ་བ་དེ་ཉིད་ལ་ལས་བྱེད་པ་ནི་མ་ཡིན་ཏེ། དེ་ཉིད་ཀྱི་འཇིག་རྟེན་ཕ་རོལ་དུ་འབྲས་བུ་ལོངས་སྤྱོད་པ་ཡིན་ནོ།། དེའི་ཕྱིར་ལས་བྱེད་པ ་གཞན་ཉིད་ཡིན་ལ། ལོངས་སྤྱོད་པ་པོ་ཡང་གཞན་ཡིན་ནོ།། དེ་ལྟ་བས་ན་གཞི་ཐ་དད་པ་ལ་བྱ་བ་དང་འབྲས་བུ་དག་དུ་འགྱུར་ལ་འདི་ལ་ཡང་འུ་བུ་ཅག་ལ་རྩོད་པ་ཡོད་པ་མ་ཡིན།། དེ་ལྟར་གྱུར་ན་ཡང་བདག་དེའི་བྱ་བ་མེད་པར ་དེ་ཉིད་བྱེད་པ་པོ་ཉིད་དང་། ལོངས་སྤྱོད་པ་པོ་ཉིད་དག་ཏུ་མི་འགྱུར་རོ་ཞེ་ན། འདི་ལ་བརྗོད་པ་དེར་བདག་བྱེད་པ་མེད་ཅེས་པ་ལ་སོགས་པ་གསུངས་ཏེ། བྱེད་པ་མེད་པ་ནི་བྱེད་པ་དང་བྲལ་བ་ཡིན་ལ། དེ་ལ་ཞེས་པ་ནི་ལས་བྱེད་པ ་དང་འབྲོས་བུ་ལ་ལོངས་སྤྱོད་པ་དག་ལའོ།། བདག་བྱེད་པ་མེད་པ་ཉིད་ནི་སེམས་པ་མེད་པའི་ཕྱིར་དང་། རྟག་པའི་ཕྱིར་གང་ལ་ཡང་བྱེད་པ་ལ་ནུས་པ་ཡོད་པ་མ་ཡིནོ།། གང་ཡང་བརྗོད་པ། ཤེས་པ་ཙམ་སོགས་གང་འབྲེལ ་པ། དེ་ལ་བྱེད་པ་པོ་ཉིད་དུ་བརྗོད།། བདེ་དང་སྡུག་བསྔལ་སོགས་རིགས་པ།། འདུ་བ་ལས་ནི་ཟབ་བོ་ཞེས།། དེ་ཡང་བརྗོད་པའི་རིམ་པས། སྔ་མ་དང་ཕྱི་མའི་དུས་དག་ཏུ་མི་གཡོ་བའི་རང་བཞིན་དུ་རིགས་པ་མ་ཡིནོ།། རྒྱུ་དེ་སྟ་ན་འདིར། ་ཏེ་བདག་ལ་བྱེད་པ་མེད་པ་ཡིན་ལ། རྩོད་པ་ནི་རྣམ་པར་རྩོད་པ་ཡིན་ལ་གང་དོན་དེ་ཁས་བླངས་པ་ནི་དོན་མེད་ཅིང་འབྲས་བུ་མེད་པ་ཡིན་ཏེ། དེ་ལ་དེ་ཉེ་བར་ཁོ་བ་མ་ཡིན་པའི་ཕྱིརརོ།། མ་ཡིན་ནམ་ཞེས་པ་ནི་གཞན་ལ་བོད་པའི་ཚིག་གོ།། ་གལ་ཏེ་བདག་མེད་ན་འོ་ན་ཇི་ལྟར་བྱས་པ་ཆུད་ཟོས་པ་ལ་སོགས་པའི་ཉེས་པར་མི་འགྱུར། དེ་ལྟ་བས་ན་རྩོད་པ་དོན་མེད་པ་མ་ཡིན་ནོ་ཞེ་ན། འདི་ལ་རྒྱུ་ལྡན་ཞེས་བྱ་བ་གསུངས་ཏེ། གང་རྒྱུ་དང་ལྡན་པ་ནི་ལས་དང་ལྡན་པ་ཡིན་ལ་ཉིད ་འབྲས་བུ་དང་ལྡན་པ་ཡིན་ཏེ། འབྲས་བུ་དང་བཅས་པའི་ཕྱིརརོ།། ཞེས་བྱ་བ་ནི་འདི་ལྟར་མཐོང་བ་དེ་ནི་སྲིད་པ་མ་ཡིན་ལ་དམིགས་པ་མ་ཡིན་ཏེ། གང་གི་ཕྱིར་འཇིག་རྟེན་འཆི་བ་གཞན་ཉིད་ལ། སྐྱེ་བ་ཡང་ནི་གཞན་ཉིད་དོ།། དེའི ་ཕྱིར་རྒྱུ་དང་ལྡན་པ་འབྲས་བུ་དང་བཅས་པ་མ་ཡིན་ནོ།། འོ་ན་འདི་ཉིད་ཀྱིས་ནི་བྱས་པའི་ལུས་གཞན་གྱིས་ཇི་ལྟར་མྱོང་བར་འགྱུར་ཞེས་བརྗོད་པ་དེ་ལྟར་རྟོགས་པར་བྱ་ཞེ་ན། འདི་ལ་རྒྱུད་གཅིག་ལ་ནི་ཞེས་པ་ལ་སོགས་པ་གསུངས ་ཏོ་རྒྱུད་གཞན་དང་གཞན་སྐད་ཅིག་མ་དུ་མ་བརྒྱུད་པའི་མཚན་ཉིད་འབྲས་བུ་དོང་རྒྱུའི་དངོས་པོས་འཇུག་པ་འབའ་ཞིག་ལ་བརྟེན་ནས་དུ་མ་རྣམས་ལ་འཇིག་རྟེན་པའི་ཞེན་པས་གཅིག་ཉིད་དུ་སྒྲོ་བཏགས་པ་ཉིད་ཀྱི་རྒྱུ་མཚན་གྱིས ་བྱེད་པ་པོ་དང་ཟབ་ཟ་ཞེས་བསྟན་པ་ཡིན་ནོ།། ལས་བྱེད་པ་པོ་གང་ཡིན་པ་དེ་ཉིད་ལོངས་སྤྱོད་པ་པོ་ཡང་ཡན་ཞེས་བསྟན་པ་འདི་གདུལ་བྱའི་བསྡམ་པའི་དབང་གིས་བཅོམ་ལྡན་འདས་ཀྱིས་བསྣུན་པ ་ཡིན་ལ་གཞན་དུ་ནུ་སྐྱེ་བོས་ལས་དང་འབྲས་བུ་རྒྱུན་ཆད་པར་སེམས་ལ་རེ་ཞིག་སེམས་ཅན་འཇིག་རྟེན་གཉི་གའི་རྗེ་སུ་འཇུག་པར་བཤད་པ་མ་ཡིནོ།། དེ་ཉིད་ཀྱི་ཕྱིར་དེ་ཉིད་དུ་ཟིན་པའི་ཕུང་པོ་དང་ཁམས་དེང་སྐྱེ་མཆེད་འདི་ཉིད་ལ ་སྨིན་པར་འགྱུར་རོ་ཞེས་གསུངསོ།། དེ་བཞིན་དུ་སེམས་པའི་ལས་ཀྱིས་བསམ་པས་བསམས་པའི་ལས་ཡིནོ་ཞེས་གསུངས་པས་སོ།། དེ་སྐད་དུ་གསུངས་པ། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེ།། ལས་ནི་སེམས་པ་དང་དེ་བྱས།། ་སེམས་པ་ཡོད་ཀྱི་ལས་ཡིན་ཏེ།། དེས་བསྐྱེད་ལུས་དང་ངག་གི་ལས་ཞེས་སོ།། གཞན་ཡང་སེམས་ཅན་འཇིག་རྟེན་སྣོད་ཀྱི་འཇིག་རྟེན་ནི།། སྣ་ཚོགས་སེམས་ཉིད་ཀྱིས་སྤྲུལ་པ་ཡིན།། ལས་ནི་སེམས་པས་མ་གཏོགས་ཡོད་མིན་དང་།། ་འགྲོ་བ་མ་ལུས་སེམས་ལས་སྐྱེ་བར་གསུངསོ།། དེ་ལྟ་བས་ན་སེམས་ལས་མ་གཏོགས་པའི་ལས་གཞན་ནི་ཡོད་པ་མ་ཡིན་ལ། དེ་ཡང་དགེ་བ་དང་མི་དགེ་བའི་སེམས་སྐྱེས་ནས་འགགས་པ་ན་རང་གི་ཉེ་བར་ལེན་པ་ལས་བྱུང་བའི་སེམས ་ཀྱིས་སྐད་ཅིག་ལ། དགེ་བ་དང་མི་དགེ་བ་ལ་སོགས་པའི་འདུ་བྱེད་པའི་བག་ཆགས་འཇོག་གོ། དེ་ཡང་དེས་གཞག་པའི་བག་ཆགས་གཞན་དང་གཞན་དེས་མངོན་པར་འདུ་བྱས་པའི། སྐད་ཅིག་མ་གཞན་དང་གཞན་རྒྱུན་མ་ཆད ་པས་འཇུག་པ་ན་ཡོངསུ་གྱུར་པའི་ཁྱད་པར་ཉེ་བར་སྐྱེའོ།། ལས་ཀྱི་ཁྱད་པར་དང་རྗེ་སུ་མཐུན་པ་དེ་ལྟ་བུའོ།། རྣམ་པ་བདེ་བ་ལ་སོགས་པའི་རང་བཞིན་གྱི་སེམས་ཀྱི་བདག་ཉིད་ཀྱི་འབྲས་བུ་འཇིག་རྟེན་ཕ་རོལ་ཏུ་སྐྱེད་པར་བྱེད་དོ་ཞེས་བརྗོད་དོ།། ་དཔེར་ནི་དེ་ནི་ས་དང་ས་བོན་ལ་སོགས་པ་ཕན་ཚུན་ཚོགས་པའི་རྐྱེན་གྱི་ཁྱད་པར་ལས་ཐོབ་པའི་ཁྱད་པར་དུ་གྱུར་པས་སྐད་ཅིག་མ་དང་པོ་ལས་བསྐྱེད་པའི་རང་གི་ཉེ་བར་ལེན་པའི་འབྲས་བུར་གྱུར་པ་སྐད་ཅིག་མི་གཉིས་པར་གྱུར་པའི་ཚོགས་པ ་ལ་འབྲས་བུ་བསྐྱེད་པའི་རྗེ་སུ་མཐུན་པའི་ཁྱད་པར་སྐྱེད་པར་གྱུར་ནས་ཕྱི་མ་ཕྱི་མ་ཁྱད་པར་དུ་འབྱུང་བའི་རྒྱུད་ཡོངསསུ་གྱུར་པའི་ཁྱད་པར་ལས་མཐའི་སྐད་ཅིག་མའི་མཚན་ཉིད་ཕུལ་དུ་བྱུང་བ་སྐྱེད་པ་ཐོབ་བོ།། ས་བོན་དང་རྗེསུ་མཐུན་པ་ས་ལི ་དང་། ཀོ་ཏྲ་བའི་མྱུ་གུ་སྐྱེད་པར་བྱེད་དེ། ཇི་ལྟར་ཡང་རྒྱ་སྐྱེགས་ཀྱི་ཁུ་བས་ཡོངས་བསྒོས་པ་མ་ཏུ་ཁུང་ག་ལ་སོགས་པའི་ས་བོན་བཏབ་པས་དེ་མངོན་པར་འདུ་བྱས་པ་རྒྱུད་པས་འཇུག་པ་མེ་ཏོག་ལ་སོགས་པ་རྣམས་དམར་པོར་འབྱུང་བ ་ཡིན་ནོ།། དེ་ལ་ཅུང་ཟད་ཀྱི་སྔ་མོ་དང་ཕྱི་མའི་དུས་སུ་གཅིག་འཇུག་པ་ནི་མ་ཡིནོ།། དགེ་བ་དང་མི་དགེ་བ་དང་། མཚུངས་པ་ལ་ཡང་རྣམ་པར་རྟོགས་པས་གཞག་པའི་ཕྱིར་ཉེ་བར་དགོད་པ་ནི་མི་རིག་སོ།། དེ་ལྟར་ལྔ་གང་གི་རྒྱུད་ནི་འདི་ཉིད་ལ། ཝ་ཀྱི་བག་ཆ ་གཞག་པ་ཁྭ། འདུ་བུ་དེ་ཉིད་ལ་འགྱུར་ཏེ།། རིས་པ་ལ་དམར་པོ་ཇི་བཞི་ནོ།། དེ་ལྟ་བས་ན་ས་བོན་ལ་སོགས་པ་རྣམས་ལ་བདག་མེད་ན་ཡང་འབྲས་བུ་སོ་སོར་ངེས་པ་ཡིན་ཏེ་དེས་སྐྱེ་བ་ཡང་རིམ་གྱིས་སྐྱེ་བར་འགྱུར།། དེ་བཞིན་དུ་སྐབས་སུ ་བབ་ལ་ཡང་འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་གཅིག་པོ་གཅིག་མེད་ན་ཡང་རྒྱུ་དང་འབྲས་བུའི་དངོས་པོའི་ངེས་པ་ཉིད་ཀྱི་ཕྱིར་འབྲས་བུའི་ངེས་པ་ཉིད་ཡིན་ཏེ། ལས་དང་ཉོན་མོངས་པས་འདུས་བྱས་པའི་རྒྱུད་མ་ཆད་པར ་འཇུག་པས་འཇིག་རྟེན་ཕ་རོལ་ཏུ་འབྲས་བུ་ཐོབ་པར་འགྱུར་བར་བརྗོད་དོ།། དེའི་ཕྱིར་མ་བྱས་པ་དང་ཕྲད་པར་བྱས་པ་ཆུད་ཟོས་པའི་ཉེས་པ་མེདོ།། དེའི་ཕྱིར་བདག་མེད་ཀྱང་ལས་དང་འབྲས་བུའི་འབེལ་པར་མི་འཐད་པ་མེད།། ཇི་ལྟར་ཡང ་བདག་ཡོད་པར་མི་འཐད་པ་དེ་ལྟར་སྤྲོས་ན་ཤིན་ཏུ་རྒྱུས་པར་འགྱུར་བས། འདིར་རྒྱས་པར་མ་བརྗོད་དོ།། དེ་ལྟར་ཡང་བདག་མེད་ཕུང་པོ་ཙམ་ཉིད་ལ། ཉོན་མོངས་ལས་ཀྱིས་མངོན་དུ་བྱས།། སྲིད་པ་བར་མའི་རྒྱུད་ཀྱིས་ནི།། མར་མེ་བཞིན་། ་དུ་མངལ་དུ་འཇུག་ཅེས་གསུངསོ།། གང་ཟག་ཏུ་སྨྲ་བ་དེ་རྣམས་ཀྱིས་ཀྱང་དེ་ཉིད་དང་གཞན་དུ་འགེགས་པའི་ཕྱོགས་ཁས་བླངས་པའི་ཕྱིར་རང་ཉིད་ཀྱིས་དངོས་པོ་དགག་པ་ཡིན་ཏེ། དངོས་པོ་ནི་འདི་ཉིད་དང་གཞན་གྱི་ཁྱད་པར་ལས་མ་འདས ་པའི་ཕྱིརརོ།། ཕན་ཚུན་སྤངས་པ་དང་ལྡན་པ་གཅིག་དགག་པ་ནི་གཞན་སྤངས་པ་མེད་པའི་ཕྱིརརོ།། ཁུར་ཁྱེར་པ་ལ་སོགས་པའི་མདོ་སྡེ་ཡང་དོན་འདི་ལ་གསལ་བ་ཡིན་ནོ།། དེ་ལྟ་བས་ན་བཅོམ་ལྡན་འདས་ཀྱིས་དགོངས་ཏེ་གསུངས་པ་མི་ཤེས ་པ་རྣམས་ཀྱིས་འདི་ཡོངསུ་བརྟགས་པ་ཡིན་ཏེ། དངོས་པོར་ཡོད་པ་ནི་མ་ཡིནོ།། དངོས་པོས་བླངས་པ་ན་ཡང་གཞན་མ་ཡིནོ་ཞེས་བདག་བཀག་པ་ཉིད་ཀྱིས་བསལ་བ་མ་ཡིན།། དེ་ལྟ་བས་ན་འདིར་ཁྱད་པར་དུ་བཀག་པ་མ་ཡིན་ནོ།། དེ་ལྟར ་ཡང་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ལས་ཡོད་ན་འབྲས་བུ་ཡོད་ཀྱི། བྱེད་པ་པོ་ནི་མ་དམིགསོ།། ཕུང་པོ་འདི་བོར་ནས་ཕུང་པོ་གཞན་ཉེ་བར་ལེན་པ་ཆོས་ཀྱི་བརྡར་བྱས་པ་ལས་གཞན་ནི་མེདོ་འདིར་ཡང་འདི་ཆོས་ཀྱི་བརྡའ་ཡིན་ཏེ། འདི་ལྟ ་སྟེ་འདི་ཡོད་པས་ན་འདི་འབྱུང་བར་འགྱུར་ཞིང་། འདི་སྐྱེས་པས་ན་འདིར་སྐྱེ་བར་འགྱུར་རོ་ཞེས་གསུངས་པ་ཡིནོ།། དེ་ལྟར་ན་བཅོམ་ལྡན་འདས་ཉིད་ཀྱིས་རྐྱེན་འདི་པ་ཙ་མཽ་གྱི་མཚན་ཉིད་རྒྱུ་དང་འབྲས་བུའི་དངོས་པོ་ཡང་བསྟན་པ་ཉིད་ཡིན།། འདི ་ཡང་རྒྱུན་གཅིག་ཅེས་པས་ཐ་སྙད་ཇི་ལྟ་བ་བཞིན་དུ་མ་བརྟག་པའི་ངོ་བོར་བསྟན་པ་ཉིད་དེ། རྒྱུད་ཀྱི་ཚིག་གིས་ནི་རྐྱེན་འདི་པ་ཙམ་ཁས་བླངས་པའི་ཕྱིར་རོ།། གཞན་ཏུ་རྒྱུད་ཉིད་མེད་པར་འགྱུར་རོ།། དེས་ན་དངོས་པོ་ལ་གྲུབ་པའི་རྒྱུ་དང་འབྲས ་བུའི་དངོས་པོ་ལ་ཡོད་པའི་སྐྱོན་གྱིས་གོས་པ་མ་ཡིན་ནོ།། འདི་ཉིད་སློབ་དཔོན་གྱི་ཞལ་སྔ་ནས་ཀྱང་གསུངས་པ་ཡིན་ཏེ་ཐམས་ཅད་ནུས་པ་མཽད་ཅེ་ན། ས་བོན་སོགས་ནི་མྱུག་སོགས་ལ།། ནུས་མཐོང་གལ་ཏེ་དེ་ཀུན་རྫོབ།། འདོད་ན ་ཇི་ལྟར་དེ་ལྟར་འགྱུར་ཞེས་གསུང་སོ།། རྒྱུ་དང་འབྲས་བུའི་དངོས་པོ་སོ་སོར་ངེས་པ་ཉིད་ཀྱིས་དྲན་པ་མེད་པ་ཡང་སྤངས་པ་ཡིནོ།། གཅིག་རྗེ་སུ་འགྲོ་བའི་བདག་ནི་ཡོད་པ་མ་ཡིན་པའི་ཕྱིར་དྲན་པ་པོ་འགའ་ཞིག་ཀྱང་འདིར་ཡོད་པ་མ ་ཡན་ཡིན་ཏེ། འོན་ཀྱང་སྒྲོ་བཏགས་པའི་དབང་གིས་སྲན་པ་འབའ་ཞིག་ཙམ་ཡིན་ནོ།། དངོས་པོའི་ཡུལ་དྲན་པར་བྱེ་བ་ཡང་འདིར་དྲན་པ་པོ་མེད་ན་ཡང་ཉམས་པར་འགྱུར་བ་མ་ཡིནོ།། ཉམ་སུ་མྱོང་བའི་དངོས་པོ་ལ་རྣམ་པར་ཤེས ་པའི་རྒྱུད་ལ་དྲན་པའི་ས་བོན་གཞག་པ་ལས་དུས་ཏེ་ཡོངསུ་སྨིན་པའི་རྒྱུ་ལས་དྲན་ཞེས་བྱ་བའི་འབྲས་བུ་སྐྱེ་བར་འགྱུ་རོ།། དེ་བཞིན་དུ་ངོ་ཤེས་པ་ལ་སོགས་པ་ཡང་བལྟ་བར་བྱའོ།། དེ་ལྟར་ན་ཤིན་ཏུ་མ་ངེས་པས་འཇ ་པ་སོ་སོར་འདིར་བརྗོད་པ་མ་ཡིན་ནོ།། དེ་བསྒྲུབས་པ་ནི་གཞན་དུ་རྒྱས་པར་བཤད་པོས་དེར་གོ་བར་བྱའོ།། འདི་ཐམས་ཅད་ནི་ཀུན་རྫོབ་ཀྱི་བདེན་པ་ལས་བརྩམས་ཏེ་བསྒྲུབ་པ་ཡིན་ནོ།། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་མེད་པ་ཡིན་པའི ་ཕྱིར་དང་། རྣམ་པར་རྟོག་པ་ཐ~ཾད་རྒྱུན་ཆད་པར་ཕྱིར་ཅུང་ཟད་ཀྱང་སྐྱེ་བ་དང་། འགག་པ་དང་། རྒྱུ་དང་འབྲས་བུ་བདག་དང་བཅས་པ་དང་། བདག་མེད་པ་ཡོད་པ་མ་ཡིན།། རྣམ་པར་དཔྱད་པ་ན་ལས་དང་འབྲས་བུ་ཡོད་པ་མ་ཡིན་ལ། བཛིན་འདི་དང ་ན་ཕ་རོཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། རྟོག་པས་སྤྲུལ་པའི་ཕྱིརརོ།། དེ་ལྟ་བས་ན་འདི་ཐམས་ཅད་གཟུགས་བརྙན་དང་མཚུངས་པ་ཡིན་ཏེ། རང་བཞིན་མེད་པ་སྐྱེ་ཞིང་འགག་པ་དང་། རྒྱུ་དང་འབྲས་བུ་དང་བདག་དང་བཅས་པ་དང་། བདག་མེད་པ་དང་། ་རྟག་པ་དང་མི་རྟག་པར་བརྗོད་དོ།། རྨི་ལམ་བཞིན་དུ་ལས་དང་བྱེད་པ་པོ་དང་། དེའི་འབྲས་བུ་ལོངས་སྤྱོད་པ་པོ་དང་། འཇིག་རྟེན་འདི་དང་། འཇིག་རྟེན་ཕ་རོལ་དང་། བདེ་འགྲོ་དང་ངན་འགྲོར་འགྲོ་བ་ཡང་ཡིན་ཏེ། རྟོག་པ་རྣམས་མ་སྤངས་པ་ཡིན ་པའི་ཕྱིརརོ།། དེ་ལྟར་ན་ཐམས་ཅད་ལེགས་པར་གནས་པ་ཡིན་ཏེ། གང་འཆད་པར་འགྱུར་བ། དེ་ལྟར་འགག་པ་ཡོད་མིན་ཞིང་།། དངོས་པོ་ཡང་ཡོད་མིན་དེའི་ཕྱིར། འདྲོ་བ་འདི་དག་ཐམས་ཅད་ནི།། རྟག་ཏུ་མ་སྐྱེས་མ་འགགས་ཉིད ་འགྲོ་བ་རྨི་ལམ་ལྟ་བུ་སྟེ།། ཆུང་ཤིང་བཞིན་དུ་སྙིང་པོ་མེད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡང་ཡིན་ཏེ། བྱེང་བ་རང་དབང་ལས་ཀྱང་ནི།། ཐ་སྙད་དུ་ནི་ཁྱེད་ཀྱིས་གསུངས།། ཕན་ཚུན་བལྟོས་ནས་གྲུབ་པ་ནི།། གཉིས་པོ་དེ་ད།། ་བཞེད་པ་ཡིན།། བྱེད་པོ་མེད་ཅིང་ཟ་བ་མེད།། བསོད་ནམས་ཡོད་མིན་རྐྱེན་འབྱུང་བ།། བསྟེན་ནས་འབྱུང་བ་མ་སྐྱེས་ཞེས།། ཚིག་གི་དབང་པོ་ཁྱེད་ཀྱིས་གསུངས་ཤེས་སོ།། ཇི་ལྟར་ན་ཆོས་ཐམས་ཅད་བདག་མེད་པ་ལ་ལས་དང ་འབྲས་བུ་འབྲེལ་པོ་མི་འགལ་བ་ཡིན་ལ། རང་བཞིན་མེད་པ་ཡང་ཡིན་ཏེ། ཇི་ལྟར་མཐོང་བའི་ཆོས་མོ་འགལ་བ་ཡང་ཡིན་ཏེ། དེ་ལྟར་ཡང་ཡོབ་དང་སྲས་མཇལ་བ་ལས་གསུངས་པ་ཡིན་ཏེ། ཅི་སྐད་དུ། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ཡང་མྱིག་གིས་གཟུགས་མཐོང་ན་བཏང་སྙོམསུ་འགྱུར་བ་རྣམ་པ་ལ་ཡང་མངོན་པར་ཞེན་པར་འགྱུར་ཏེ། མངོན་པར་ཞེན་ནས་ཤིན་ཏུ ་རྨོངས་པར་འགྱུར་རོ།། ཤིན་ཏུ་རྨོངས་ནས་ཀུན་ནས་ཉོན་མོངས་པར་འགྱུརརོ།། ཀུན་ནས་ཉོན་མོངས་ནས་གཏི་མུག་ལས་བྱུང་བའི་ལས་ལུས་ཀྱིས་ནི་རྣམ་པ་གསུམ། ངག་གི་རྣམ་པ་བཞི། ཡིད་ཀྱི་རྣམ་པ་གསུམ་མངོན་པར་འདུ ་བྱེད་དེ། ལས་མངོན་པར་འདུ་བྱས་ན་དེ་ཡང་ཐོག་མ་ཉིད་ནས་ཟད་ཅིང་འགགས་ལ་བྲེལ་ཞིང་རྣམ་པར་འགྱུར་བ་སྟེ། ཤར་ཕྱོགསུ་བརྟེན་ཏེ་གནས་པ་མ་ཡིན་ཏེ། ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། འོག ་དད་སྟེང་དང་། ཕྱོགས་མཚམས་རྣམསུ་བརྟེན་ཏེ་གནས་པ་ཡང་མ་ཡིནོ།། འདི་ནི་མ་ཡིན་པ་གིན་མ་ཡིན། བར་དོན་མ་ཡིན་ཏེ། དུས་གཞན་ན་འཆི་བའི་དུས་དང་། ཚེ་དེ་ཉེ་བར་གནས་པའི ་ཚེ་སྲོག་གི་དབང་པོ་འགགས་ཏེ། ཚེ་ཡོངསུ་ཟད་ཅིང་དེ་དང་སྐལ་པ་འདྲ་བའི་ལས་རྣམས་ཀྱང་ཟད་ནས། རྣམ་པར་ཤེས་པ་ཐ་མ་འགགས་པའི་ཚེ། འདི་ལྟ་སྟེ་དཔེར་ན་ཉལ་ཉལ་བ་ལས་སད་པས་ཡུལ་གྱི་བཟང་མོ ་ཡིད་ཀྱིས་དམིགས་པར་འགྱུར་རོ།། རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་ཐ་མའི་དབང་དང་། ལས་དམིགས་པ་དེ་དང་རྐྱེན་གཉིས་ཀྱིས་སྐྱེ་བའི་ཆར་གཏོགས་པའི་རྣམ་པར་ཤེས་པ་དང་པོ་དེ་འབྱུང་སྟེ། དམྱལ་བ་འམ ་དུང་འགྲོའི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ནམ། ལྷ་མ་ཡིན་གྱི་ཚོགས་སམ། མི་རྣམས་སམ། ལྷ་རྣམསུ་དང་པོའི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་ཏེ། རྣམ་པར་ཤེས་པ་དང་པོ་སྐྱེ་བའི་ཆར་གཏོགས་པ་དེ་འག ་མ་ཐག་ཏུ་བོར་མ་ཆད་པར་གང་ལ་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་མངོན་པའི་སེམས་ཀྱི་རྒྱུད་སྤྲུལ་པ་དང་འདྲ་བ་འབྱུང་ངོ་།། དེ་ལ་གང་རྣམ་པར་ཤེས་པ་ཐ་མ་འགགས་པ་དེ་ནི་འཆི་འཕོ་ཞེས་བྱ་བའི་གྲངསུ་འགྱུར། གང་རྣམ ་པར་ཤེས་པ་དང་པོ་འབྱུང་བ་དེ་ནི་སྐྱེ་བ་ཞེས་བྱ་སྟེ། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཆོས་གང་ཡང་འཇིག་རྟེན་ཕ་རོལ་ཏུ་འཕོ་བ་ཡང་མེད་ལ། འཆི་འཕོ་བ་དང་སྐྱེ་བར་མངོན་པར་ཡང་ཡོད་དེ། རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་ཐ་མ ་དེ་སྐྱེ་བའི་ཚེ་གང་ནས་ཀྱང་མི་འོང་། འགག་པའི་ཚེ་ཡང་གང་དུ་ཡང་མི་འགྲོའོ།། ལས་དེ་ཡང་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མི་འོང་། འགག་པའི་ཚེ་ཡང་གང་དུ་ཡང་མི་འགྲོའོ།། རྣམ་པར་ཤེས་པ་དང་པོ་དེ་ཡང་སྐྱེ་བའི་ཚེ་གང་ནས ་ཀྱང་མི་འོང་། འགག་པའི་ཚེ་ཡང་གང་དུ་ཡང་མི་འགྲོའོ།། དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་མེད་པའི་ཕྱིར་ཏེ། རྣམ་པར་ཤེས་པའི་ཐ་མ་ནི་རྣར་ཤེ་བ་ཐམས་སྟོང་། ལས་ནི་ལས་ཀྱིས་སྟོང་། རྣམ་པར་ཤེས་པ་དང་པོ་ནི་རྣམ་པར ་ཤེས་པ་དང་པོས་སྟོང་། འཆི་འཕོ་ནི་འཆི་འཕོས་སྟོང་། སྐྱེ་བ་ནི་སྐྱེ་བས་སྟོང་ལ། ལས་རྣམས་འབྲས་བུ་མེད་པར་མི་འགྱུར་བར་ཡང་མངོན་ཞིང་རྣམ་པར་སྨིན་པ་མྱོང་བར་མངོན་པ་ཡང་ཡོད་དེ། དེ་ལ་མིང་གི་བརྡ ་ཙམ་མ་གཏོགས་པར་བྱེད་པ་པོ་འམ། ཟ་བ་པོ་གང་ཡང་མོད་དོ་ཞེས་རྒྱས་པར་གསུངསོ།། དེ་བཞིན་དུ་ཞེ་སྡང་དང་གཏི་མུག་གི་ལས་རྣམས་ཀྱིས་འདུས་བྱས་པ་ཇི་ལྟར་རིག་པར་བརྗོད་པར་བྱའོ།། ས་ལུ་ལྗང་བའི་མདོ ་ལས་ཀྱང་། གཞན་ཡང་དེ་ཁོ་ན་མི་རྟོགས་ཤིང་ལོག་པར་ཤེས་ཏེ་མི་ཤེས་པ་ནི་མ་རིག་པའོ།། དེ་ལྟར་མ་རིག་པ་ཡོད་ན་འདུ་བྱེད་རྣམ་གསུམ་མངོན་པར་འགྲུབ་སྟེ། བསོད་ནམ་སུ་ཉེ་བར་འགྲོ་བ་དང་། བསོད་ནམས་མ་ཡིན ་པར་ཉེ་བར་འགྲོ་བ་དང་། མི་གཡོ་བར་ཉེ་བར་འགྲོ་བའོ།། དེ་ལ་བསོད་ནས་སུ་ཉེ་བར་འགྲོ་བའི་འདུ་བྱེད་རྣམས་ལས་བསོད་ནམསུ་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་ཉིད་དུ་འགྱུར་ཏེ། འདི་དག་ནི་མ་རིག་པའི་རྐྱེན་གྱིས ་འདུ་བྱེད་རྣམས་ཤེས་བྱའོ།། བསོད་ནམས་མ་ཡིན་པ་ཉེ་བར་འགྲོ་བའི་འདུ་བྱེད་རྣམས་ལས་བསོད་ནམས་མ་ཡིན་པར་འགྲོ་བའི་རྣམ་པར་ཤེས་པ་ཉིད་དུ་འགྱུར་ཏེ། འདི་ནི་འདུ་བྱེད ་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱའོ།། མི་གཡོ་བར་ཉེ་བར་འགྲོ་བའི་འདུ་བྱེད་རྣམས་ལས་མི་གཡོ་བོར་འགྲོ་བའི་རྣམ་པར་ཤེས་པ་ཉིད་དུ་འགྱུར་ཏེ་འདི་ནི་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཤེས ་བྱའོ།། མིང་དང་གཟུགས་རྣམ་པར་འཕེལ་བས་སྐྱེ་མཆེད་དྲུག་གི་སྒོ་ནས་བྱ་བ་བྱེད་པ་རྣམས་འབྱུང་སྟེ། དེ་ནི་མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཅེས་བྱའོ།། སྐྱེ་མཆེད་དྲུག་པོ་དག་ལས་རེག་པའི་ཚོགས ་དྲུག་འབྱུང་སྟེ། དེ་ནི་སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་ཞེས་བྱའོ།། ཇི་ལྟ་བུར་རེག་པ་འབྱུང་བ་དེ་ལྟ་བུར་ཚོར་བ་འབྱུང་སྟེ། དེ་ནི་རེག་པའི་རྐྱེན་གྱིས་ཚོར་བ་ཞེས་བྱའོ།། ཚོར་བའི་བྱེ་བྲག་དེ་དག་མྱོང་བ་དང་། ་མངོན་པར་དགའ་བ་དང་། ལྷགས་པར་ཞེན་པ་དང་། ཞག་པར་ཞེན་ནས་འདུག་པ་དེ་ནི་ཚོར་བའི་རྐྱེན་གྱིས་སྲིད་པ་ཞེས་བྱའོ།། མྱོང་བ་དང་། མངོན་པར་དགའ་བ་དང་། ལྷག་པར་ཞེན་ནས་འདུག་པ་ལས་བདག ་སྡུག་པའི་ངོ་བོ་དང་། བདེན་པའི་ངོ་བོ་དང་། བྲལ་བར་མ་གྱུར་ཅིག་སྙམ་དུ་ཡོངསུ་མི་གཏོང་བར་ཕྱིར་ཞིང་སྨོན་པ་འདི་ནི་སྲེད་པའི་རྐྱེན་གྱིས་ལེན་པ་ཞེས་བྱའོ།། དེ་ལྟར་སྨོན་ཅིང་ཡང་སྲིད་པ་སྐྱེ་བའི་ལས་ལུས ་དང་ངག་དང་ཡིད་ཀྱིས་ཀུན་ནས་སློང་བ་དེ་ནི་ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་བྱའོ།། ལས་དེ་ལས་སྐྱེས་པི་ཕུང་པོ་ལྔ་གང་ཡིན་པ་དེ་ནི་སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་བྱའོ།། སྐྱེས་ནས་མངོན་དུ་གྲུབ་པའི་ཕུང་པོ་རྣམས་ཀྱི་འཕྱེ ་བ་ཡོངསུ་སྨིན་པ་དང་། འཇིག་པར་འགྱུར་བ་དེ་ནི་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱའོ།། གཞན་ལའང་འགྲོའོ།། དེ་ལ་རྣམ་པར་ཤེས་པ་ནི་ས་བོན་གྱི་རང་བཞིན་གྱིས་རྒྱུ་བྱེད་དོ།། ལོས་ནི་ཞིང་གི་རང་བཞིན་གྱིས་རྒྱུ་བྱེད།། མ་རིག་པ ་དང་སྲེད་པ་ནི་ཉོན་མོངས་པའི་རང་བཞིན་གྱི་རྒྱུ་བྱེད།། དེ་ལ་ལུས་དང་ཉོན་མོངས་པ་དག་ནི་ས་བོན་རྣམ་པར་ཤེས་པ་སྐྱེད་དོ།། དེ་ལ་ལས་ནི་ས་བོན་རྣམ་པར་ཤེས་པའོ་ཞིང་གི་བྱ་བ་བྱེད།། སྲེད་པ་ནི་ས་བོན་རྣམ་པར་ཤེས་པ ་དཱུརྱན་པར་བྱེད་དོ།། མ་རཱིགུ་པ་ནི་ས་བོན་རྣམ་པར་ཤེས་པ་འདེབས་ཏེ། རྐྱེན་འདི་དག་སྟེ་ནུ་ས་བོན་རྣམ་པར་ཤེས་པོ་མངོན་པར་འགྲུབ་པར་མི་འགྱུརོ།། དེ་ལ་ལས་ཀྱང་འདི་སྙམ་དུ་བདག་གིས་ས་བོན་རྣམ་པར་ཤེས་པའི ་ཞིང་གི་བྱ་བོ་བྱའོ་སྙམ་དུ་མི་སོས་སོ།། སྲེད་པ་ཡང་འདི་སྙམ་དུ་བདག་གི་ས་བོན་རྣམ་པར་ཤེས་པ་བརླན་པར་བྱའོ་སྙམ་དུ་མི་སེམ་སོ།། མ་རིག་པ་ཡང་འདི་སྙམ་དུ་བདག་གིས་ས་བོན་རྣམ་པར་ཤེས་པ་གདབ་བོ་སྙམ་དུ ་མི་སེམས་སོ།། ས་བོན་རྣམ་པར་ཤེས་པ་ཡང་འདི་སྙམ་དུ་བདག་ནི་རྐྱེན་འདི་དག་གིས་བསྐྱེད་དོ་སྙམ་དུ་མི་སེམས་ཏེ། འོན་ཀྱང་ས་བོན་རྣམ་པར་ཤེས་པ་ལས་ཀྱི་ཞིང་ལས་བསྟེན་པ་སྲིད་པའི་བརླན་གྱིས་བརླན་པ་མ ་རིག་པའི་ལུད་ཀྱིས་དྲན་པ་སྐྱེ་བ་ན་སྐྱེ་བའི་གནས་ཉིང་མཚམས་སྦྱོར་བ་མའི་མངལ་དེ་དང་དེར་མིང་དང་གཟུགས་ཀྱི་མྱུ་གུ་མངོན་པར་འགྲུབ་སྟེ། མིང་དང་གཟུགས་ཀྱི་མྱུ་གུ་དེ་ཡང་བདག་གིས ་མ་བྱས། གཞན་གྱིས་མ་བྱས། གཉི་གས་མ་བྱས། དབང་ཕྱུག་གིས་མ་བྱས། དུས་ཀྱིས་མ་བསྒྱུར། རང་བཞིན་ལས་མ་བྱུང་། བྱེད་པ་ལ་རག་ལས་པ་མ་ཡིན། རྒྱུ་མེད་པ་ལས་ཀྱང་མ་སྐྱེས་ཏེ། འོན་ཀྱང་ཕ་དང་མ་ཕྲད་པ ་དང་། དུས་དང་ལྡན་པ་དང་། རྐྱེན་གཞན་ཡང་ཚོགས་ན་བདག་པོ་མེད་པའི་ཆོས་བདག་གི་མེད་པ་འཛིན་པ་མེད་པ་ན་མཁའ་དང་མཚུངས་པ། སྒྱུ་མའི་མཚན་ཉིད་ཀྱི་རང་བཞིན་དག་ལ་རྒྱུ་དང་རྐྱེན་མ་ཚང་བ་མེད་པའི་ཕྱིར་སྐྱེ་བའི ་གནས་ཉིང་མཚམས་སྦྱོར་བ་མའི་མངལ་དེ་དང་དེར་མྱོང་བ་དང་ལྡན་པ་ས་བོན་རྣམ་པར་ཤེས་པ་མིང་དང་གཟུགས་ཀྱི་མྱུ་གུ་མངོན་པར་བསྒྲུབ་བོ།། གཞན་ལ་ཡང་བསྒྲེའོ།། དེ་ལ་ཆོས་གང་ཡང་འཇིག་རྟེན་འདི་ནས་འཛིན་ཕ་རོལ་དུ་མི་འཕོ ་མོད་ཀྱི། རྒྱུ་དང་རྐྱེན་མོ་ཚང་བ་མེད་པའི་ཕྱིར་ལས་ཀྱི་འབྲས་བུ་མངོན་པར་ཡང་ཡོད།། གཞན་ལ་ཡང་བསྒྲེའོ།། འདི་ལྟ་སྟེ་དཔེར་ན་མི་ནི་རྒྱུ་དང་རྐྱེན་མ་ཚང་ན་མི་འབར་གྱི་རྒྱུ་དང་རྐྱེན་ཚོགས་པ་ལས་འབར་རོ།། དེ་བཞིན ་དུ་བདག་པོ་མེད་པའི་ཆོས་བདག་གི་མེད་པ་འཛིན་པ་མེད་པ་ན་མཁའ་དང་མཚུངས་པ་སྒྱུ་མའི་མཚན་ཉིད་ཀྱི་རང་བཞིན་དག་པ་རྒྱུ་དང་རྐྱེན་དུ་མས་མ་ཚང་བ་སྡེ་པཱི་ཕྱིར་སྐྱེ་བའི་གནས་ཉིང་མཚམས་སྦྱོར་བ་མའི་མངལ་དེ ་དང་དེར་ས་བོན་རྣམ་པར་ཤེས་པ་ལས་དང་ཉོན་མོངས་པ་རྣམས་ཀྱིས་བསྐྱེད་པའི་མིང་དང་གཟུགས་ཀྱི་མྱུ་གུ་མངོན་པར་བསྒྲུབས་ཏེ། དེ་ལྟར་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་དང་འབྲེལ་པར་བལྟའོ།། དེ་ལ་ནང ་གི་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པ་ཝཨཱརྱ་བལྟ་སྟེ། ལྔ་གང་ཞེ་ན། རྟོག་པ་མ་ཡིན་པ་དང་། ཆད་པ་མ་ཡིན་པ་དང་། འཕོ་བཱ་མ་ཡིན་པ་དང་། རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་འབྱུང་བའི་ངང་དེ་དང་འདྲ་བའི་རྒྱུད་དུའོ།། ་ཇི་ལྟར་རྟག་པ་མ་ཡིན་ཞེ་ན། གང་གི་ཕྱིར་ཐ་མི་འཆི་བའི་ཕུང་པོ་རྣམས་ཀྱང་གཞན་ལ་སྐྱེ་བའི་ཆར་གཏོགས་པ་རྣམས་ཀྱང་གཞན་ཏཱཾ། ཐ་མ་འཆི་བའི་ཕུང་པོ་གང་ཡིན་པ་དེ་ཉིད་སྐྱེ་བའི་ཚེར་གཏོགས་པ་རྣམས་མ་ཡིན་གྱི ་ཐ་མ་འཆི་བའི་ཕུང་པོ་རྣམས་ཀྱང་འགག་པ་སྐྱེ་བའི་ཆར་གཏོགས་པའི་ཕུང་པོ་རྣམས་ཀྱང་འབྱུང་བ་དེའི་ཕྱིར་རྟག་པ་མ་ཡིནོ།། ཇི་ལྟར་ཆད་པར་མ་ཡིན་ཞེ་ན། ཐ་མའི་འཆི་བའི་ཕུང་པོ་རྣམས་སྔོན་འགག་པ་ལས་སྐྱེ ་བའི་ཆར་གཏོགས་པའི་ཕུང་པོ་རྣམས་འབྱུང་བ་མ་ཡིན། མ་འགགས་པ་ལས་ཀྱང་མ་ཡིན་གྱི་ཐ་མ་འཆི་བའི་ཕུང་པོ་རྣམས་ཀྱང་འགག་པ་ལ་དེ་ཉིད་ཀྱི་ཚེ་སྐྱེ་བའི་ཆར་གཏོགས་པའི་ཕུང་པོ་རྣམས་སྲང་མདའི་མཐོན ་དམན་བཞིན་དུ་འབྱུང་བར་འགྱུར་ཏེ། དེའི་ཕྱིར་ཆད་པར་མེ་ཡིནོ།། ཇི་ལྟར་འཕོ་བར་མ་ཡིན་ཞེ་ན། སེམས་ཅན་གྱི་རིགས་མི་འདྲ་བས་ན་དེ་སྐལ་པ་མཉམ་པའི་སྐྱེ་བ་སྐྱེ་བར་གྲུབ་པས་དེའི་ཕྱིར་འཕོ་བ་མ་ཡིན་ནོ།། ཇི། ་ལྟར་རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་འབྱུང་ཞེ་ན། ལས་ཆུང་ངུ་བྱས་པ་ལས་འབྲས་བུ་ཆེན་པོའི་རྣམ་པར་སྨིན་པ་མྱོང་སྟེ། དེའི་ཕྱིར་རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་མངོན་པར་འགྲུའོ།། རྫ ་ལྟར་དེ་དང་འདྲ་བའི་རྒྱུད་ཡིན་ཞེ་ན། ཇི་ལྟར་མྱོང་བར་འགྱུར་བའི་ལས་བྱས་པ་དེ་ལྟ་བུར་མ་མྱོང་བར་འགྱུར་བའི་རྣམ་པར་སྨིན་པ་མྱོང་བར་དེའི་ཕྱིར་དེ་དང་འདྲ་བའི་རྒྱུདདོ།། དེ་ལྟར་ན་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བའི་རྣམ་པ་ལྔ ་ཡིན་ནོ་ཞེས་རྒྱ་ཆེར་གསུངས་པ་ཡིན་ནོ།། དེ་ལྟ་བས་ན་བདག་ལ་སོགས་པ་མེད་ཀྱང་ལས་དང་འབྲས་བུའི་འབྲེལ་པ་མ་ཉམས་པར་མདོ་ལས་བཅོམ་ལྡན་འདས་ཉིད་ཀྱིས་གསུངས་པ་ཡིནོ།། ཞེས་བསྟན་པར་འགྱུར་རོ།། དེ་ལྟར ་ན་གཅིག་པུ་ཞིག་གཉི་གར་འགྲོ་བ་ཡོད་པ་མ་ཡིན་པ་ཡང་ཅུང་ཟད་ཀྱང་འགལ་བ་མེད་དོ།། གལ་ཏེ་ཇི་ལྟར་ཡང་བདག་མེད་ན་འོ་ནཱ། བདག་ཉིད་བདག་གི་མགོན་གྱི།། གཞན་ནི་སུ་ཞིག་མགོན་དུ་འགྱུར།། བདག་ཉིད་ལེགས ་པར་དུལ་བ་ཡིས།། མཁས་པས་མཐོ་རིས་ཐོབ་པར་འགྱུར་ཞེས་ཚིགསུ་བཅད་པ་ཇི་ལྟར་གསུངས་ཤེ་ན། སེམས་ཉིད་བདག་དུ་འཛིན་པའི་རྟེན་ཡིན་པའི་ཕྱིར་འདི་ལ་བདག་གི་སྒྲར་གསུངས་པ་ཡིན་ཏེ། མདོ་སྡེ་གཞན་དུ ་སེམས་འདུལ་བ་ནི་ལེགས་པ་སྟེ།། སེམས་འདུལ་བས་ནི་བདེ་བ་འཐོབ།། ཅེས་སེམས་འདུལ་བ་གསུངས་པའི་ཕྱིར་རོ།། དེ་ཡང་བདག་ཏུ་ལྟ་བའི་མངོན་པར་ཞེན་པར་གྱུར་པ་ལས་གཞན་དུ་འཛིན་པའི་རྣམ་པར ་རྟོག་པ་སྤང་བའི་དོན་དུ་དྲན་པའི་དོན་གྱིས་ཀུན་རྫོབ་ཏུ་སེམས་ལ་བདག་ཅེས་བསྟན་པ་ཡིན་ཏེ། དོན་དམ་པར་མ་ཡིན་ནོ།། འདིས་ནི་འཕགས་པ་ལུང་ཀར་གཤེགས་པར་གསུངས་པ། གང་ཟག་རྒྱུད་དང ་ཕུང་པོ་དང་། རྐྱེན་དང་རྒྱུ་དང་དེ་བཞིན་དུ།། གཙོ་བོ་དབང་ཕྱུག་བྱེད་པ་པོ།། སེམས་ཙམ་ཉིད་དུ་དྲ་སྨྲའོ་ཞེས་པས་དེ་ཡང་བསྒྲུབས་པར་འགྱུར་བ་ཡིནོ།། གང་གི་ཕྱིར་དེས་ཀྱང་གཞན་དུ་གང་ཟག་ཏུ་མངོན་པར ་ཞེན་པ་དགག་པའི་ཆེ་དུ་གསུངས་པ་ཡིན་ཏོ། སེམས་དོན་དམ་པར་ཡོད་པ་ཁོ་ནར་གསུངས་པ་ནི་མ་ཡིན་ནོ།། དེ་བཞིན་དུ་ཕུང་པོ་ལ་སོགས་པ་རྣམས་ལ། བདག་བསྟོན་པ་ཡང་དྲ་བའི་དོན་ཡིན་ནོ།། དེའི་ཕྱིར་དངོས ་པོ་ལ་སེམས་ཀྱང་ངུའོ་སྙམ་ནས་ཤེས་པའི་ཡུལ་མ་ཡིན་ནོ།། སེམས་དོན་དམ་པར་ཡོད་པར་ཡིན་པ་དེ་ལྟ་ན་ཡང་དངོས་པོ་ལ་དེ་ངར་འཛིན་པའི་སྤྱོད་ཡུལ་མུ་ཡིནོ་ཞེས་ཉེ་བར་བསྟན་པའི་ཕྱིར། འདྲ་ས་དང་ཞེས་ལ ་སོགས་གསུངས་སོ།། ཡོངས་སུ་བརྟག་པ་ཉེ་བར་གཟུང་ནས། སེམས་ནི་རྣམ་པ་གསུམ་དུ་སྲིད་དེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའོ།། དེ་ལ་འདས་པ་དང་། མ་འོངས་པ་ནི་ཞིག་པ་དང་། ་མ་སྐྱེས་པ་ཡིན་ལ། དེའི་སེམས་ནི་བདག་མིན་ཏེ། བདག་ཏུ་མཐོང་བའི་ཡུལ་མ་ཡིན་ནོ།། ཅིའི་ཕྱིར་ཞེ་ན། འདི་ནི་གང་གི་ཕྱིར་ཀྱི་དོན་ཏེ་འདས་པ་དང་མ་འོངས་པའི་སེམས་དེ་ནི་དེ་ལྟར་ཡོད་པ་མ་ཡིན་ཏེ། ཞིག ་པཱ་དང་མ་སྐྱེས་པའི་ཕྱིར་རོ།། གང་འདུས་པ་དེ་ནི་ཟད་པའི་འགགས་ལ། བྲལ་ཞིང་ཡོངསུ་གྱུར་པ་ཡིན་ནོ།། གང་མ་འོངས་པ་དེ་ནི་མཐོབ་པ་ཡི་ནོ།། དེ་ལྟར་ན་དུ་ལྟར་བྱུང་བའི་སེམས་བདག ་ཏུ་འགྱུར་ཞེས། འོན་ཏྲེ་སྐྱེས་ཞེས་པ་ལ་སོགས་པོ་གསུངས་ཏེ། ཇི་ལྟར་སྐྱེ་བའི་ད་ལྟར་བྱུང་བའི་སེམས་བདག་ཡིན་པ་དེ་ལྟར་ཡང་འཐད་པ་མ་ཡིན་ཏེ། གང་གི་ཕྱིར་དེ་ནི་ཞིག་ནའང་བདག་མེད་དེ། ཡང་འདི་ལ་ད་ལྟར ་བྱུང་བའི་སེམས་ཞིག་སྟེ། སྐད་ཅིག་མ་གཉིས་པ་ལ་འདས་ནས་ཡང་བདོག་ཡོད་པ་མ་ཡིན་ལ། ཡང་ཕྱི་ནས་སྔར་འཛིན་པའི་སེམས་ཀྱང་ཞིག་པར་འགྱུར་ཏེ།། དེ་ལྟར་བྱུང་བ་གནས་པར་དམིགས་པ་མ་ཡིན།། དེ་ལྟ ་བས་ན་གང་གིས་དམིགས་པར་འགྱུར་བའི་སེམས་ཇི་ལྟར་དམིགས་པར་འགྱུར། དེ་ལྟ་བས་ན་སེམས་དྲི་མིགས་པ་ཡང་ཡོད་པ་མ་ཡིན་ལ། དམིགས་པ་མེད་པ་ཉི་དུ་ངར་འཛིན་པ་སྐྱེ་བར་འགྱུར་རོ།། དེ་བཞིན་དུ་བདག་མེད ་དེ་བདག་ཡོད་པ་མ་ཡིན་ལ། དུས་གསུམ་དུ་འབྱུང་བའི་སེམས་ཉིད་དེའི་ཡུལ་ཡིན་པའི་ཕྱིར་རོ།། སེམས་བདག་ཏུ་འཛིན་པའི་ཡུལ་མ་ཡིན་པར་བསྒྲུབས་ནས། འཇུག་བསྡུ་བའི་ཕྱིརརོ། དཔེར་ན་ཆུ་ཤིང་ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། དཔེར་ན་ཆུ་ཤིང་གི་སྡོང་པོ་སྟེ། ཆུ་ཤིང་སྡོང་བུའི་དུམ་བུའོ།། ཕྱི་ཞིང་སོ་སོར་ཆ་ཤས་སུ་ཕྱེ་སྟེ་རྣམ་པར་གཞིག་པ་བྱས་ན་དངོས་པོ་ཅུང་ཟད་ཡོད་པ་ཡང་མི་རྙེད་དེ། དེ་བཞིན་དུ་བདག་ཡོད ་པར་འགྱུར་བ་ཡང་མ་ཡིན་ལ། མུ་ཤིང་བཞིན་དུ་འགྱུརརོ།། བདག་ཀྱང་བདུག་ཏུ་འཛིན་པའི་ཤེས་པའི་ཡུལ་དུ་འགྱུར་བ་ཡོད་འ་གྱུར་བ་ས་ཡིན་སྤྱོད་པ་མ་ཡིན་པའི་མྱོ་ག་ཤས་ཀྱི་བུ་དང་འདྲའོ།། འདི་ལ་ཁྱུད་ཅུང་ཟད། ་ཀྱང་ཡོད་པ་མ་ཡིནོ་ཞེས་དགོངས་པ་ཡིན་ནོ།། ཇི་ལྟར་ཞེ་ན། བཙལ་ཞིང་བརྟགས་ཏེ་ངེས་པར་དཔྱད་པ་ནའོ།། གཞན་ཡང་བདག་ལ་གནོད་པར་བྱེད་པ་དགུག་པའི་ཆེད་དུ་ཐལ་བར་འགྱུར་བ་བརྗོད་པ། གལ་ཏེ། ་སེམས་ཤེས་པ་ལ་སོགས་པ་གསུངས་ཏེ། གལ་ཏེ་རྣམ་པ་ཐམས་ཅད་དུ་སེམས་ཅན་དང་། བདག་དང་གང་ཟག་རྣམ་པར་དཔྱད་པ་ན་ཡོད་པ་མིན་ཏེ། མེད་ན་དེའི་ཚེ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཞིང་བརྩེ ་བ་བསྒོམ་པར་བྱ་སྟེ། སེམས་ཅན་མེད་པར་ག་ལ་དམྱིགས་ནུས་འཇུག་པར་འགྱུར། སྙིང་རྗེ་ཡང་ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་པར་བྱེད་པ་ཡིན་ཏེ། དེས་སྔོན་དུ་སོང་བའི་ཚོགས་རྒྱུར་གྱུར་པ་སྦྱིན་པ་ལ ་སོགས་པ་ལ་འཇུག་པའི་ཕྱིར་རོ།། དེ་ལྟ་བས་ན་སྙིང་རྗེ་སྔོན་དུ་འོང་བའི་སངས་རྒྱས་དང་ཆོས་ཐམས་ཅད་རབ་ཏུ་འཇུག་པ་ཡིན།། དེ་ལྟར་ཡང་འཕགས་པ་ཆོས་ཡང་དྲག་པར་སྡུད་པ་ལས་གསུངས་པ་ཡིན་ཏོ།། དེས་ན ་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཆོས་མང་པོ་རྣམས་ལ་བསླབ་པར ་མི་བགྱིའོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཆོས་ཤིན་ཏུ་མང་པོ་ལ་བསླབ་པར་མི་བྱའོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཆོས་གཅིག་རབ་ཏུ་གཟུང་ཞིང་རབ་ཏུ་རྟོགས ་པ་བགྱིས་ན་བཅོམ་ལྡན་འདས་སངས་རྒྱས་ཀྱི་ཆོས་ཐམས་ཅད་དེའི་ལག་མཐིལ་དུ་མཆིས་པ་ལགསོ།། ཆོས་གཅིག་པོ་གོང་ཞེ་ན། འདི་ལྟ་སྟེ་སྙིང་རྗེ་ཆེན་པོའོ།། བཅོམ་ལྡན་འདས་སྙིང་རྗེ་ཆེན་པོས་ནི་སངས་རྒྱས་ཀྱི ་ཆོས་ཐམས་ཅད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་མཐིལ་དུ་མཆིས་པ་ལགས་སོ།། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་གང་དུ་མཆིས་པ་དེར་དཔུང་གི་ཚོགས ་ཐམས་ཅད་མཆིའོ།། བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་གང་དུ་མཆིས་པ་དེར་ཡང་སངས་རྒྱས་ཀྱི་ཆོས་ཐམས་ཅད་མཆིའོ།། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་སྲོག་གི་དབང་པོ ་མཆིས་ནས། དབང་པོ་གཞན་རྣམས་འབྱུང་བར་འགྱུར་རོ།། བཅོམ་ལྡན་འདས་དེ་བཞིན་དུ་སྙིང་རྗེ་ཆེན་པོ་མཆིས་ན་བྱང་ཆུབ་པར་བྱེད་པའི་ཆོས་གཞན་རྣམས་ཀྱང་འབྱུང་བར་འགྱུར་རོ།། འཕགས་པ་ག་ཡ་གོ་རི་ལས ་ཀྱང་། འཇམ་དཔལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་གང་ལ་བརྩམ་པར་བྱ་ཞིང་། གང་ལ་བརྟེན་པར་བྱེད་པ་འཇམ་དཔལ་གྱིས་སྨྲས་པ། ལྷའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ན་སྙིང་རྗེ་ཆེན་པོ་ལ་བརྩམ། ་ཏེ། སེམས་ཅན་ལ་བརྟེན་པའོ་ཞེས་རྒྱ་ཆེར་གསུང་སོ།། དེ་ལྟ་བས་ན་ངེས་པར་དང་པོ་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཁས་བླངས་པར་བྱ་སྟེ། སྡུག་བསྔལ་བའི་སེམས་ཅན་ལ་བརྟེན་ནས་དེ་འབྱུང་བར་འགྱུར་བས་སོ།། ་སེམས་ཅན་མེད་ན་དེར་མི་འགྱུརརོ་ཞེ་ནུ་ཞེས་པ་ནི་གལ་ཏེ་དེ་སེམས་ནའོ།། དེའི་ཚེ་འདི་བརྗོད་པར་མི་བྱའོ་ཞེ་ན། འབྲས་བུ་དོན་དུ་ཞུཞེས་པ་ལ་སོགས་པ་གསུངས་ཏེ། དགོས་པ་ནི་མངོན་པར་འདོད་པའི་བསྒྲུབ་བྱ་སྟེ། ་སྐྱེས་བུའི་དོན་ཞེས་བརྗོད།། དེའི་དོན་དུ་ཁས་བླངསཱ་པྲ་ཏེ་དེས་ན་ཁས་བླང་བར་བྱའོ།། རྨོངས་པས་ཀུན་རྫོབ་ཏུ་བརྟགས་པ་གང་ཡིན་པ་སྟེ། སྒྲོ་བཏགས་པ་ཡིན་ལ། སེམས་ཅན་དེ་ལའོ་ཞེས་པའི་དོན་ཏོ།། འདི་ལྟར ་ཡང་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་ཞིང་། སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་སྐྱེས་བུ་མཆོག་གི་དོན་ཡིན་པས་སངས་རྒྱས་ཉིད་འདིར་བསྒྲུབ་པར་བྱའོ།། དེ་ཡང་ཆོས་ཐམས་ཅད་ཀྱི་མི་དམིགས་པ་དང ་བྲལ་ནས་ཐོབ་པར་མི་འགྱུརརོ།། དེ་ཡང་ཤེས་རབ་ཕུལ་དུ་ཕྱིན་པས་འགྲུབ་པར་འགྱུར་རོ།། དེ་ཡང་གུས་ཤིང་བར་མཆོད་པ་ཡུན་རིང་པོར་གོམྦ་པཱ་བྱས་པ་ལས་སྐྱེ་བར་འགྱུརརོ།། དེ་རྩོམ་པ་ཡུང་སྙིང་རྗེའི་དབང ་གིས་འབྱུང་བར་འགྱུར་ཏེ། དེ་ཡང་དང་པོར་སྡུག་བསྔལ་པོའི་སེམས་ཅན་རྣམས་ལ་འཇུག་པ་སྣ་ཚོགས་ཀྱི་རྒྱུ་རྩོམ་པར་འགྱུརརོ།། དེ་ལྟར་ན་འབྲས་བུའི་དོན་དུ་རྨོངས་པ་ཀུན་རྫོབ་ཀྱི་བདེན་པའི་ངོ་བོ་ཁས་བླངས ་པ་ཡིན་ནོ།། དེའི་ཕྱིར་དང་པོར་སེམས་ཅན་ལ་དམིགས་པ་ཉིད་ཀྱི་སྙིང་རྗེ་ཡིན་ལ། དེ་ནས་གཞན་དོན་ལ་དམིགས་པ་དང་། དམིགས་པ་མེད་པ་ཡིནོ།། བསམ་པ་ནི་འདི་ཡིན་ཏེ་རྣམ་པ་ཐམས། ་ཅད་དུ་སེམས་ཅན་ཡོད་པ་མ་ཡིན་ལ། ཕུང་པོ་ལ་སོགས་པ་རྣམས་ལ་ཀུན་རྫོབ་ཏུ་བདག་གི་སྒྲས་བརྗོད་དོ།། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས། དགེ་སྦྱོང་ངམ་བྲམ་ཟེ་གྷ་ལ་ལ་དག་བདག་ཅེས་ཡང་དག་པར་མཐོང་བས། ་ཕུང་པོ་ལྔ་པོ་འདི་རྣམས་ཉིད་མཐོང་བ་ཡིན་ནོ་ཞེས་གསུངས་པ་དེའི་ཕྱིར་གལ་ཏེ་ཡང་ཤེས་རབ་ཀྱིས་དཔྱད་ན་དོན་དམ་པར་སེམས་མི་དམིགས་པ་ཡིན་ཏེ། དེ་ལྟར་ན་ཡང་ཀུན་རྫོབ་ཏུ་འགེགས་པ་མ་ཡིན་ནོ།། ཇི་སྐདདུ། གང ་གྲོས་ཤེས་རབ་དོན་དམ་དང་ནི་ཀུན་རྫོབ་ཐུགས་རྗེ་བསྟེན་པར་བཞེད།། ཁྱོད་ནི་འགྲོ་བར་རང་བཞིན་མེད་པ་ཇི་ལྟར་དོན་ལ་འཇལ་བར་འགྱུར།། གང་གི་ཚེ་ན་སྟོབས་བཅུ་བསྐྱེད་པར་མཛད་མ་ཐུགས་རྗེ་དང་ལྡན་པ།། དེ་ཚེ་ཁྱོད ་ནི་བུ་སྡུག་བསྔལ་ལ་ཕ་བཞིན་འགྲོ་ལ་རྩེ་བར་འགྱུར་ཞེས་གསུངསོ།། བསྟོད་པ་བཞི་པ་ལས་ཀྱང་། མགོན་ཁྱོད་སེམས་ཅན་འདུ་ཤེས་ལ།། རྣམ་པ་ཀུན་ཏུ་འཇུག་པ་ཡིན།། སེམས་ཅན་སྡུག་བསྔལ་གྱིས་ཉེན་ལ།། ་ཁྱོད་ནི་ཤིན་ཏུ་ཐུགས་རྗེའི་བདག་ཅེས་གསུང་སོ།། དེ་ལྟ་བས་ན་གཟུགས་ལ་སོགས་པ་རྣམས་ལ་འདི་ལྟར་ཀུན་རྫོབ་ཀྱི་བདེན་བཱི་སྒྲས་བརྗོད་དེ། དེ་ལྟ་བས་ན་སྙིང་རྗེ་ནི་ཡུལ་མེད་པ་མ་ཡིནོ།། ཙོ་སྟེ་དོན་དམ་པར་སེམས ་ཅན་མེད་ན་གང་གི་འབྲས་བུ་སྦྱིན། དྲིན་དེ་བསྒྲུབ་པའི་དོན་དུ་འགྲུའ་ཞིག་འཇུག་པར་འགྱུར་ཞེས་བསམས་ནཱས། སེམས་ཅན་མེད་འབྲས་བུ་ཤེས་པ་ལ་སོགས་པ་སྨོས་། སེམས་ཅན་མེད་ན་ཞེས་པ་ནི་གང་ཧཱུཾ ་ཚེ་སེམས་ཅན་མེད་ནའོ།། དེའི་ཚེ་གཅིག་རྗེ་སུ་འགྲོ་བ་མེད་པས་གཟུགས་ལ་སོགས་པ་རྣམས་སྐྱེས་ནས་ཞིག་པའི་ཕྱིར་འབྲས་བུ་སུའི་ཡིན། སུའི་ཡང་མ་ཡིནོ་ཞེས་པའི་དོན་ཏོ།། བདེན་ཞེས་ཁས་ལེན་པ་ཡིན་ཏེ། འདི ་དེ་ལྟར་ཡིན།། འདོད་ཅེས་པ་ནི་འདི་ལྟར་ཁོའི་ཅག་འདོད་པ་ཉིད་དེ། ཅུང་ཟད་ཅིག་ཀྱང་དོན་དམ་པོར་འབྲས་བུ་ཡོད་པོ་མ་ཡིན་ཏེ། ཆོས་ཐམས་ཅད་བདག་པོ་མེད་པའི་ཕྱིརརོ།། རྒལ་ཏེ་དེ་ལྟར་ན་བསྒྲུབ་པའི་དོན་དུ་དང ་བྱོར་ཅིའི་ཕྱིར་འཇུག་ཅེ་ན་འདིར་ནི་ཞེས་ཏེ། འདི་ལྟ་བུའི་སྤྱོད་པ་ནི་འབྲས་བུ་དེ་དོན་དུ་གཉེར་བས་རྨོངས་པ་བྱ་བ་དང་ལྡན་པ་ཡིན།། བདག་གི་འདི་ཁོ་ན་འབྲས་བུར་འགྱུ་རོ་ཞེས་གཅིག་ཏུ་ཞེས་པ་སེམས་ཅན་མེད་ན་ཡང་ཀུན ་རྫོབ་ཏུའོ།། རྟེན་ཅིང་འབྲེལ་པར་འབྱུང་བ་ལས་མ་གཏོགས་པ་སྒྱུ་མའི་རང་བཞིན་ཉིད་ཀྱིས་ཆོས་ཐམས་ཅིད་ལ་དངོས་པོ་ལ་འདོད་པ་མེད་པའི་ཕྱིར།། ཇི་སྐད་དཱ། འདོད་པ་མེད་པ་སྟོང་པ་ཉིད།། སྒྱུ་མ་བཞིན་དུ་རྐྱེན་ལས། ་འབྱུང་། མགོན་པོ་ཁྱོད་ཀྱི་ཆོས་རྣམས་ནི།། རང་བཞིན་མེད་པར་རིབ་ཏུ་བསྟན། ཞེས་གསུངསོ།། དེ་ལྟ་བས་ན་ཀུན་རྫོབ་ཉི་དུ་འབྲས་བུའི་དོན་དུ་བྱེ་བ་དང་ལྡན་པ་ཡིནོ།། ཅི་སྟེ་ཡང་གཏི་མུག་མ་རིག་པའི་རང་བཞིན་ཡིན་པ།། ་རྣམ་པ་ཐམས་ཅད་དུ་བླང་བར་བྱ་བ་མཱ་ཡིན་པ་ཡིནཏེ། ཇི་ལྟར་ན་ཡང་སླར་ཡང་དེ་ཉིད་ཁས་ལེན་པ་བྱེད་པ་ན། སྡུག་བསྔལ་ཞེས་པ་ལ་སོགས་པ་གསུངས་ཏེ། རྨོངས་པ་ནི་རྣམ་པ་གཉིས་ཏེ། འཁོར་བར ་འཇུག་པའི་རྒྱུ་དང་། དེ་ཉེ་བར་ཞི་བའི་རྒྱུའོ།། དེ་ལ་གང་འཁོར་བའི་རྒྱུ་ཡིན་པ་དེ་ནི་སྤང་བར་བྱ་བ་ཉིད་དོ།། གང་གཞན་ནི་སྡུག་བསྔལ་བརྒྱུད་པ་ཉེ་བར་ཞི་བར་བྱ་བའི་དོན་དུ་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་སྐྱེ་བ་ལ་སོགས་པ ་གདུང་བ་ལྡོག་པའི་རྒྱུ་མཚན་ཡིན་ལ་འབྲས་བུ་རྨོངས་པ་སྟེ། འབྲས་བུ་དོན་དཾ་པའི་བདེན་ཕྱི་མཚན་ཉིད་ཀྱི་རྟོགས་པའི་ཆེད་དུ་ཡིན་ལ། རྨོངས་པ་དེ་ཡང་བཟློག་པར་མི་བྱ་སྟེ། དགག་པར་མི་བྱ་བར་ཡིན་ལ། བླང་བར་བྱ་བ་ཉིད་ཡིན ་ཏེ། དོན་དམ་པ་ལ་མཁོ་བ་ཡིན་པའི་ཕྱིརརོ།། བསམ་པ་ནི་འདི་ཡིན་ཏེ། དགོས་པ་དེ་ཡང་ཆེན་པོ་རྣམས་ཀྱི་བདག་ཉིད་བདེ་བ་འདོད་པས་ལེགས་པ་མ་ཡིན་ལ། འོན་ཀྱང་སེམས་ཅན་ཐམས་ཅད་ཀྱི་མཐར་ཐུག་པའི་སྡུག ་བསྔལ་ཐམས་ཅད་བཅད་པའི་དོན་དུ་ཡིན་ཏེ། དེ་ལ་ཡང་ཐབ་སུ་གྱུར་པ་དྲོན་དམ་པར་རྟོགས་པ་ཡིནོ།། དེའི་ཡང་ཐབསུ་གྱུར་པ་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ཏེ། ཀུན་རྫོབ་མེད་པར་དོན་དམ་པ་མི་རྟོགས་པའི་ཕྱིར་རོ།། དེ་ལྟར་ན ་སྡུག་བསྔལ་ཉེ་བར་ཞི་བའི་དོན་ནི་རྨོངས་པའི་འབྲས་བུ་ཡིནོ།། འབྲས་བུ་འདི་ནི་དགོས་པའི་དོན་དུ་མ་དཔྱད་པར་ཞེས་པའི་སྐབསུ་སྔར་བསྟན་པ་ཉིད་ཡིན་ཏེ། སླར་ཡང་འདི་སྤྲོས་ནས་བརྗོད་པ་ཡིན་ནོ།། གལ་ཏེ་དེ་ལྟར་ཡང་། ཇི་ལྟར ་སྡུག་བསྔལ་ཞི་བའི་རྒྱུ་ཡིན་པའི་ཕྱིར་འབྲས་བུ་རྨོངས་པའི་མ་རིག་པའི་རང་བཞིན་ཁས་ལེན་པ་དེ་བཞིན་བདག་ཏུ་རྨོངས་པ་ཡང་བཞག་པར་བྱ་སྟེ། དེའི་རྒྱུ་ཡིན་པའི་ཕྱིར་ལ། དེ་ཇི་ལྟར་བདག་འགེགས་པར་འབད་པའི་སྒོ ་ནས་བྱེད། དེ་ཡོད་ན་ཡང་བསྒོམས་པས་ངར་འཛིན་པ་ཟད་པའི་ཕྱིར་འཁོར་བ་བཟློག་པར་འགྱུར་ལ། དེ་ལྟ་བས་ན་བདག་མེད་པ་བསྒོམས་པས་ཅི་ཞིག་བྱ་ཞེ་ན། སྡུག་བསྔལ་རྒྱུའི་ཞེས་པ་ལ་སོགས་པ་གསུངས་ཏེ། ཇི་ལྟར ་འབྲུས་བུ་རྨོངས་པ་སྡུག་བསྔལ་ཞི་བའི་རྒྱུ་དེ་བཞིན་དུ་གཉིས་བུ་བོ་དག་ཏུ་རྨོངས་པ་ནི་མ་ཡིན།། དེ་ཡོད་པས་ན་ངར་འཛིན་པར་མི་འགྱུར་བའི་ཕྱིར་རོ།། སློར་ཡང་བདག་ཏུ་རྨོངས་པར་འགྱུར་ཏེ། བདག་མེད་པ་ལ་ཕྱིན་ཅི་ལྡོག་ཏུ ་མཐོང་བའི་ཕྱིར་རོ།། སླར་ང་རྒྱལ་འཕེལ་བར་འགྱུར་ཏེ། འཕེལ་བ་ཉེ་བར་སྐྱེ་བར་འགྱུར་རོ།། ཇི་ལྟ་བུར་གྱུར་པ་ཞེ་ན། སྡུག་བསྔལ་གྱི་རྒྱུ་སྟེ། སྡུག་བསྔལ་བའི་འཁོར་བའི་སྡུག་བསྔལ་གསུམ་གྱི་འཁོར་བའི་རྒྱུ་སྟེ་བྱེང་པའི ་རྒྱུ་ཡིན་ལ།། ངར་འཛིན་པ་ཟད་པ་ལས་ཀྱང་སྡུག་བསྔལ་ཞི་བར་འདོད་དོ།། བདག་ཏུ་ལྟ་བ་ཡོད་ན་ཇི་ལྟར་འདི་ལྡོག་པར་འགྱུར་ཏེ། རྒྱུའི་ནུས་པ་མ་ཚང་བ་མེད་པ་ལ་འབྲས་བུ་ལྡོག་པ་མི་རིགས་པའི་ཕྱིར་རོ།། དེས་སྡུག་བསྔལ་ཀྱང་མི ་སྡིག་གོ།། འདི་ལྟར་ཡང་བདག་མཐོང་བས་འདུས་བྱེས་ཀྱི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་རྣམས་ལ་བདག་གི་ཊ་ཞེས་བརྟན་པར་སྤྲོ་བར་འགྱུར་རོ།། དེས་ན་སྡུག་བསྔལ་ཕྱིར་བཅོམ་པར་འའ་ཅིང་། བདེ་བའི་དོང ་རྣམས་བསྒྲིབས་ནས་དེ་དོན་དུ་གཉེར་བས་ཡོན་ཏན་ཏུ་སྒྲོ་བཏགས་པ་དེ་བསྒྲུབ་པ་རྣམས་ལ་འཇུག་སྟེ། ཁྲོ་བོ་ལ་ཕན་པ་བྱེད་པའོ་ཞེས་བློ་སྐྱེ་བར་འགྱུར་རོ།། ང་དང་བདག་ཅེས་མཐོང་བའི་ཕྱིར་གྲགགས ་བྱེད་པའི་ཞེ་སྡང་དུ་འགྱུར་ལ། དེས་ན་སྡུག་བསྔལ་མཐའ་དག་གི་རྒྱུ་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་ཐམས་ཅད་ཉིད་ཐོབ་ཅིང་རྒྱས་པར་འཇུག་གོ།། དེ་ལྟར་ན་བདག་ཏུ་རྨོངས་པ་རབ་ཏུ་འཇུག་པས་སྡུག་བསྔལ་གྱི་རྒྱུ ་འཛིན་པར་འགྱུར།། དྲི་སྐད་དུ། སློབ་དྲོ་པོན་གྱི་ཞལ་སྔ་ནས། གང་ཞིག་ང་ཞེས་བདག་མཐོང་བ།། དེ་ལྟ་རྟག་པ་ཉིད་དུ་ཆགས།། ཆགས་པས་བདེ་ལ་སྲེད་འགྱུར་ཞིང་།། སྲེད་པས་སྐྱོན་རྣམས་སྦེད་པར་བྱེད།། ཡོན་ཏན་མཐོང་བ ་ཡོངསུ་སྲེད།། ང་ཡི་ཞེས་དེའི་སྒྲུབ་བྱེད་ལེན།། དེས་ན་ཇི་སྲིད་བདག་མངོན་ཆགས།། དེ་སྲིད་དེ་ནི་འཁོར་བ་ཡིན།། བདག་ཡོད་ན་ནི་གཞན་དུའང་ཤེས།། བདག་གཞན་ཆ་ལས་འཛིན་དང་སྡང་།། འདི་དག་དང་ནི་ཀུན་འབྲེལ་ལས།། ཉེས ་པཐམས་ཅད་འབྱུང་བར་འགྱུར་ཞེས་གསུང་སོ།། འདི་ལྟར་བདག་ལ་ཆགས་པའི་ངར་འཛིན་པ་བཟློག་པར་ནུས་པ་མ་ཡིན་ནོ།། དེ་ལས་ཀྱང་བཟློག་མེད་ཅེ་ན་ཞེས་པ་ལས། དེ་ལས་ཀྱང་ཞེས་བྱ་བ་ན་བདག་མཐོང་བ་ལས་ཀྱང་ངོ་།། ་འཟློག་མེད་པ་ནི་བཟློག་པར་མི་ནུས་པའོ།། གལ་ཏེ་བདག་ཏུ་འཛིན་པ་ཡིན་ན། དེའི་ཚེ་བདག་མོ་དུ་བསྒོམས་པས་མཆོག་ཡིན།། བདག་མེད་པ་ནི་གང་ཟག་ལ་སོགས་པ་དང་བྲལ་བ་ཡིན་ལོ། བསྒོམ་པ་ནི་གོམས་པའོ།། མཆོག ་ནི་གཙོ་བོ་ཡིན་ཏེ། བདག་ཏུ་ལྟ་བ་མི་འཇུག་པ་ན་ངར་འཛིན་པ་བཟློག་པའི་རྒྱུ་ཡིན་པའི་ཕྱིར་རོ།། འདི་ཡང་རེ་ཞིག་བཞག་ནས། ཕྱི་ནས་སྤོང་བར་འགྱུར་ཏེ། དངོས་པོར་དམིགས་པ་ཡིན་པའི་ཕྱིར་རོ།། འདི་ལྟར་ཡང་བསྒོམ ་པ་རབ་ཀྱི་མཐར་ཕྱིན་པ་ལས། མངོན་སུམ་དུ་བདག་མེད་པ་མཐོང་བའི་ཕྱིར་དེ་དང་འགོལ་བའི་འཇིག་ཚོགས་ལ་ལྟ་བ་ལྡོག་པར་འགྱུར་རོ།། དེ་ལོག་ན་ཡང་གཅིག་ཏུ་རྗེ་སུ་འགྲོ་བ་མཐོང་བ་མེད་པའི་ཕྱིར་ཕྱི་མ་དང་སྔ་མ་ངོ་བོས ་སྟོང་པའི་སྐད་ཅིག་ཙམ་མཐོང་བའི་ཡིན་ནོ།། དེ་ལྟ་བས་ན་སྔ་མ་དང་ཕྱི་མར་སྒྲོ་འདོགས་པ་དང་བྲལ་བས་བདག་ལ་མ་འོངས་པའི་བདེ་བ་སྒྲུབ་པར་བྱེད་པ་གཞན་ཅུང་ཟད་ཀྱང་མཐོང་བ་མ་ཡིནོ།། དེ་ལྷོ་བོས་ན་དེ་ཡུལ་འགའ ་ལ་ཡང་ཆགས་པ་སྐྱེ་བ་མི་འགྱུར་རོ།། དེ་དང་འགལྟ་བ་ལ་ཞེ་སྡང་བ་ཡོང་མ་ཡནྡ་ཏཱི། ཞེན་པ་མེད་པ་ཉིད་ཡིན་པས་སོ།། གནོད་པ་བྱེད་པ་ལ་ལོན་དུ་གནོད་པ་བྱེད་པའི་གནས་སུ་མཐོང་བ་ཡང་མ་ཡིན་ཏེ། གང་གིས་གང ་ལ་གནོད་པ་བྱེད་པ་གཉིས་པོ་དེ་དག་ལ་ཡང་སྐད་ཅིག་མ་གཉིས་པ་མེད་པའི་ཕྱིར་རོ།། གཞན་གྱི་གནོད་པ་བྱེད་པ་ལ་རྟོགས་པ་དང་ལྡན་པས་དགྲ་གཞན་འཇོམས་པར་བྱེད་པ་རིགས་པ་མ་ཡིན་ནོ།། གང་ལ་དེས་བྱས ་དེ་ལ་ཡང་ངོ་།། དེ་ལྟར་འདོད་ཆགས་ལ་སོགས་པ་ལོག་པ་དང་། གཞན་དེ་ལས་བྱུང་བའི་ཉོན་མོངས་པོ་དང་ཉེ་བའི་ཉོན་མོངས་པ་སྐྱེ་བར་མི་འགྱུར་རོ།། དངོས་པོ་ལ་ནི་གནོད་པར་བྱ་བ་དང་། གནོད་པར་བྱེད་པ་ཡོད་པ ་པོ་མ་ཡིན་ཏེ། ཡང་ན་འདི་ལ་བརྟེན་ནུས་འང་སྐྱེ་བོ་ཞེས་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་དམིགས་པས་སོ།། འདི་ལྟར་ཡང་གང་ཟག་གི་སྟོང་པ་དང་། འཇིག་ཚོགས་ལ་ལྟ་བའི་ལོག་པ། ་ལ་ཉོན་མོངས་པར་སྤྱོད་པར་མི་འགྱུར་ཏེ། རྩ་བ་བཅད་པའི་ཕྱིར་རོ།། ཇི་སྐད་དུ་འཕགས་པ་དེ་བཞིན་གཤེགས་པ་གསང་བའི་མདོ་ལས། ཞི་བའི་བློ་གྲོས་འདི་འདི་ལྟ་སྟེ། ཤིང་གི་རྩ་བ་བཅད་པའི་ཡལ་ག་དང་ལོ ་མ་དང་འདབ་མ་ཐམས་ཅད་སྐམས་པར་འགྱུར་རོ།། ཞི་བའི་བློ་གྲོས་དེ་བཞིན་དུ་འཇིག་ཚོགས་ལ་ལྟ་བ་ཉེ་བར་ཞི་བས་ཉོན་མོངས་པ་ཐམས་ཅད་ཉེ་བར་ཞི་བར་འགྱུར་རོ།། ཞེས་གསུངསོ།། དེ་ལྟ་བས་ན་བདག་མེད་པ་བསྒོམ ་བ་མཆོག་ཡིན་ནོ་ཞར་ལ་བྱུང་བ་རྫོགསོ།། །། དེ་ནི་ཡང་བདག་ཏུ་འཛིན་པའི་ཡུ་ལ་སྤྱོད་པ་ལ་འཇུག་གོ། དེ་ལྟར་གྱུར་མོད། གལ་ཏེ་དེ་ལྟ་བས་ན་ཡང་བདག་དཔྱད་པས། བོང་བུའི་རཱུ་དང ་འདྲ་བར་བདག་འཛིན་པའི་ཡུལ་མེད་པ་དེ་ལྟ་ན་ཡང་ཡན་ལག་ཅན་གྱི་ལུས་དེའི་ཡུལ་དུ་འགྱུར་རོ་ཞེ་ན། འདི་ལ་ལུས་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། ལུས་ཀྱང་རྣམ་པར་དཔྱད་པས་གཅིག་པོ་ཉིད་ཅུང་ཟད་ཀྱང་ཡོད ་པ་མ་ཡིནོ་ཞེས་སྟོན་པར་བྱེད་དེ། འདི་ལྟར་ཡང་ལག་པ་དང་རྐང་པ་ལ་སོགས་པའི་ཆ་ཉིད་འབའ་ཞིག་མཐོང་སྟེ། ལུས་གཅིག་ཅེས་པའི་མཐོང་བ་མ་ཡིན་ནོ།། དེ་རྣམས་ལས་གཞན་པའི་ལུས་པ་ཡང་རིག་པ་མ ་ཡིན་ནོ།། གང་གི་ཕྱིར་ལུས་ནི་རྐང་པ་མིན་ཏེ། རྒུང་པ་དག་མ་ཡིནོ།། བྱིན་པ་ཡང་ལུསུ་མི་འགྱུར་ལ། བཪྻ་ཡང་མིན་ཏེ། བྱིན་པའི་ཕྱོགས་ཀྱི་ཁྱད་པར་ནི་མཱ་ལུས་མ་ཡིནོ།། རྐང་པ་ཡང་མ་ཡིན།། རྐེད་པ ་ཡང་ལུས་མ་ཡིན་པ་ཁོ་ནའོ།། ལྟོ་བ་ཡང་མ་ཡིན་ཏེ། གསུས་པ་ཡང་མ་ཡིནོ།། རྒྱབ་འདི་ཡང་ལུས་མ་ཡིན་ཏེ། ལུས་འདྲི་ནི་རྒྱབ་མ་ཡིན་པ་ཉིད།། བྱུང་གི་དཀྱིལ་འཁོར་ཡང་ལུས་མ་ཡཱིནོ།། དཔུང་པ་ཡང ་མ་ཡིན་ཏེ། དཔུང་པ་དེ་ཡང་ལུས་སུ་མི་འགྱུརརོ།། ལག་པ་ཡང་མ་ཡིན་ཏེ། ལག་པ་དག་ལུས་མ་ཡིནནོ།། རྩིབ་ལོགས་འདི་ཡང་ལུས་མ་ཡིན་ཏེ། འདིའི་རྩིབ་ལོགས་དག་ཀྱང་ལུས་མ་ཡིན་ནོ།། མཚན་ཁུང ་ཡང་མ་ཡིན།། ལག་པའི་རྩ་བ་ཡང་ལུས་མ་ཡིན་ནོ།། འཕྲག་པའི་མཚན་ཉིད་ཀྱང་མ་ཡིན་ཏེ། ཕུང་པོའི་རང་བཞིན་ལུས་མ་ཡིནོ།། མགྲིན་པ་ཡང་ལུས་མ་ཡིན་ཏེ། སྐེ་མ་ཡིན་ནོ།། མགོ་བོ་ཡང་ལུས་མ ་ཡིན་ཏེ། མགོ་བོ་ལུས་སུ་མི་འགྱུརརོ།། རྒུང་པ་ལ་སོགས་པ་ཡང་འཆད་པར་འགྱུར་བའི་བརྟག་པས་རྡུལ་ཕྲ་རབ་ཀྱང་མི་གནས་པའི་ཕྱིར་རོ།། ལག་པ་དང་རྐང་པ་ལ་སོགས་པ་གཞན་ཞིག་བཅད་ན་ལུས་པོ ་ཞིག་པས་ཤི་བར་ཐལ་བར་འགྱུར་བའི་ཕྱིར་དང་། གཞན་གྱིས་ཁས་བླངས་པ་མེད་པའི་ཕྱིར་ལུས་འདི་རྣམས་སོ་སོར་བདག་མ་ཡིནོ།། དེ་བཞིན་དུ་གང་གི་ཚེ་ལུས་འདི་རྣམས་སོ་སོའི་རང་བཞིན་མ་ཡིན་པས ་འདི་དག་བསྡུས་པ་ཙམྦ་ལུས་ཡིན།། འདི་ལ་ལུས་ནི་གང་ཞིག་ཡིན་ཞེས་ཏེ། ཡང་འདི་ལ་སྟེ་རྐང་པ་ལ་སོགས་པའི་དབྱེ་བ་འདི་རྣམས་མདུན་གནས་ཤིང་ལུས་རྟོགས་པའི་རྒྱུ་མཚན་འདི་རྣམ ་ལ་གང་ཞིག་ལུས་སུ་འགྱུར་ཏེ། ཅུང་ཟད་ཀྱང་མ་ཡིན་ལ། གཅིག་ཀྱང་ངེས་པར་དཔྱད་པ་ན་ལུས་ཀྱི་བདག་ཉིད་གང་ཡང་མི་དམིགས་སོ་ཞེས་པའི་ཐོ་ཚིག་གོ། འོན་ཏེ་དེ་ལྟ་ན་ཡང་འདི་ལྟར་རྐང་པ་ལ་སོགས་པ་རྣམས་སོ། ་སོར་ལུས་སུ་བརྗོད་པར་བྱ་བ་མ་ཡིན་གྱི། འོག་ཀྱང་ཡན་ལག་ཐམས་ཅད་ལ་ཁྱབ་པར་བྱེད་པ་ཡིན་པའི་ཕྱིར་ཡན་ལག་ཅན་དང་། ཡན་ལག་ཐམས་ཅད་ལ་འཇུག་པར་འགྱུར་རོ་ཞེ་ན། འདི་ལ་གལ་ཏེ་འདི་ཞེས་པ་ལ ་སོགས་པ་གསུངས་ཏེ། ཡན་ལག་ཐམས་ཅད་ལ་འདི་འཇུག་པ་ན་ཕྱོགས་གཅིག་གིས་འཇུག་གམ། དུསཽ་གཅིག་ཏུ་བདག་ཉིད་ཐམས་ཅད་ཀྱིས་འཇུག། དེ་ལ་གལ་ཏེ་ལོག་པ་དང་རྐང་པ་ལ་སོགས་པ་ཡན་ལག་ཐམས ་ཅད་ལ་ལུས་འདི་སྟེ་ཡན་ལག་ཅན་གྱི་ལུས་འདིའོ།། ཕྱོགས་རི་ཡིས་ནི་གནས་གྱུར་ན་ཞེས་ཏེ། ཆ་འགའ་ཞིག་གིས་ཆ་ཤས་འགའ་ཞིག་ལ་ཁྱབ་པར་འགྱུར་ན་བདག་ཉིད་ཐམས་ཅད་ཀྱི་ཐམས་ཅད་ལ་མ་ཡིན་ནོ།། ཞེས་པའི ་དོན་ཏོ།། དེའི་ཚེ་འདི་སྐད་བརྗོད་པར་མི་བྱ་སྟེ། གང་གི་ཕྱིར་གང་གི་ཕྱོགས་གཅིག་ཉིད་ཀྱི་ཆ་ཤས་རྣམས་ལ་འཇུག་པ་ན་དེ་རྣམས་ལ་ཡོང་ཕྱོགས་རེ་རེ་ལ། གཞན་གྱི་ཕྱོགས་གཅིག་གིས་འཇུག་གམ། བདག་ཉིད་ཐཾད ་ཀྱིས་འཇུག་ཅེས་རྣམ་པར་རྟོག་པ་མི་ལྡོག་གོ།། དེ་ཡང་སླར་ཕྱོགས་གཅིག་གིས་འཇུག་པའི་རྣམ་པར་རྟོག་པ་ཐུག་པ་མེད་པར་ལྡོག་པར་མི་འགྱུར་རོ།། གཞན་ཡང་དེ་ལ་སྐབས་མེད་པ་ཉིད་ཀྱི་ཕྱིར་ཆ་ཤས་རྣམས་ལ ་འཇུག་པ་མ་ཡིན་ནོ་ཞེས། ཆུ་ཤས་རྣམས་ཞེས་པ་ལ་སོགས་པ་གསུངས་ཏེ། ཆ་ཤས་རྣམས་ཏེ་དུམ་བུ་རྣམས་ཆ་ཤྭ་རང་རང་གི་གནས་པ་ལ་གནས་པར་འགྱུར་ཏེ། རྣམ་པར་གནས་པ་ཡཽ་ནཱི་ལ། དངོས་པོ་རྣམ་པར ་རང་གི་གནས་པ་ཡིན་པའི་ཕྱིར་རོ།། དེ་རང་ཉིད་གང་ན་གནས་ཤེས་པ་ནི་དེ་ཡན་ལག་ཅན་རང་ཉིད་གང་ན་གནས་ཞེས་པ་མི་རིག་གོ། འོན་ཏེ་རྣམ་པར་རྟོག་པ་གཉིས་པ་ཡིན་ན། དེ་ལྔ་བདག་ཉིད་ཀུན་གྱི ་ཞེས་པ་ལ་སོགས་པ་གསུངས་ཏེ། བདག་ཉིད་ཐམས་ཅད་ཀྱང་འཇུག་པ་སྲིད་པ་ན་ཆུ་ཤས་རྣམས་ལ་སྐབས་མེད་པའི་ཕྱིར། དེ་ཡང་གོང་དུ་རང་ཉིད་གནས་ཞེས་ཐལ་བར་འགྱུར་བ་གེགས་མེད་པར ་འཇུག་གོ། དེ་ལྟར་ན་ཡང་སླར་ཡང་གཞན་བརྗོད་པར་བྱ་སྟེ། བདག་ཉིད་ཀུན་གྱིས་ཏེ་དངོས་པོ་ཐམས་ཅད་ཀྱིས་ཡིན་ཏེ། ཕྱོགས་གཅིག་གིས་མ་ཡིན་པའོ།། ཐ~ཾད་ལག་པ་ལ་སོགས་པ་ཡན་ལག་ཐམས་ཅད ་ལའོ།། སོགས་པའི་སྒྲས་རྐང་པ་ལ་སོགས་པ་རྣམས་ལོ་ཡིན་ཏེ། གནས་ཤིང་ཡན་ལག་ཅན་གྱི་ལུས་གལ་ཏེ་འབྲེལ་པ་ཡིན་ཞེ་ན། དེའི་ཚེ་སླར་ཡང་ཉེས་པ་གཞན་འདིར་འགྱུ་རོ་ཞེས་བསྟན་པའི་ཕྱིར། ལག ་སོགས་ཞེས་པ་ལ་སོགས་པ་གསུངས་ཏེ། ལུས་ཞེས་པ་ནི་ཡན་ལག་ཅན་གྱི་ལུས་ཡིན་ལ། དེ་བསྙད་པ་དེ་ཉིད་དུ་འགྱུར་ཏེ། དེའི་གྲངས་ཡོངསུ་བཅད་པ་དེ་ཉིད་ཐོབ་པར་འགྱུར་རོ།། ་ཇི་ཙམ་དུ་ཞེ་ན། ཇི་སྙེད་པ་སྟེ། ལག་པ་ལ་སོགས་པ་དེ་རྣམས་ནི། ལག་པ་དང་རྐང་པ་ལ་སོགས་པ་ཡན་ལྷག་ཇི་སྙེད་པ་དེ་རྣམསུ་འགྱུར་ཏེ། དེའི་གྲངསྲ་ཡོངསུ་བཅད་པ་རྣམས་དང་དེ་འགྲེལ་པའི་ཡན་ལག ་ཅན་རྣམས་ཀྱང་དེ་སྙེད་པ་རྣམསུ་འགྱུར་ཏེ། དེ་ཆ་ཤས་མེད་པའི་ཉིད་ཐམས་ཅད་ཀྱིས་དེ་རྣམས་ལ་ཡོངསསུ་རྫོགས་པའི་ཕྱིར་རོ།། དེ་དུ་མ་དང་འབྲེལ་པ་དཱ་མ་ཡིན་པའི་ཕྱིར་གཞན་དུ་གཅིག་ཏུ་འགྱུར་བ་མ་ཡིནོ།། ཐལ་བར་འགྱུར ་བ་འདི་དུ་མ་ཡུལ་གཅིག་ཏུ་འཇུག་པའི་ཕྱོགས་ལ་ཡང་སྦྱར་བར་བྱ་སྟེ། དེ་བཞིན་དུ་ཁ་བསྒྱུར་བཱ་དང་། མ་བསྒྱུར་བ་དང་། བསྒྲིབས་པ་དང་། མ་བསྒྲིབས་པ་དང་། གཡོ་བ་དང་། མི་གཡོ་བ་ལ་ཡང་ཇི་ལྟར་རིགས་པ་བརྗེད ་པར་བྱའོ།། དེ་ལྟར་ན་མངོན་སུམ་ལ་སོགས་པའི་ཚད་མས་རྟོག་པར་བྱ་བའི་ལུས་ཡོད་པ་མ་ཡིན་ཏེ། གནོད་པར་བྱེད་པའི་བརྗོད་མ་ཐག་པ་ཡོད་པས་ཞེས་བསྒྲུབ་པའི་དོན་དུ་མ་འཇུག་བསྡུ་བ་ཕྱི་དང་ནང་ན་ཞེས་པ་ལ ་སོགས་པ་གསུངས་ཏེ། ནང་གི་བྱེད་པའི་སྐྱེས་བུ་ནི་སྔར་བཀག་པའི་ཕྱིརརོ།། ཤ་དང་ཁྲག་ལ་སོགས་པ་རྣམས་རྣམ་པར་དཔྱད་དཔྱད་པའི་ཕྱིར་དེ་ནི་ནང་ནི་ལུས་མ་ཡིན་ནོ་སྟེ། ད་ནི་ཡང་ཡན་ལགཽ་ཅན་དགག་པའི་ཕྱིར་ཕྱི ་རོལ་ཏེ། མངོན་སུམ་ལ་སོགས་པའི་སྤྱོད་ཡུལ་དུ་གྱུར་པ་ཕྱི་རོལ་དུས་མ་ཡིན་ནོ།། དེ་ལྟར་ན་ཇི་ལྟར་ན་ལུས་ལག་པ་ལ་སོགས་པ་རྣམས་ལ་རྣམ་པར་གཞག་པར་བྱེད། འོན་ཏེ་ལྡག་པ་ལ་སོགས་པ་ལྟས་ཐ་དད་པར ་འགྱུརརོ་ཞེ་ན། ལ་སོགས་ཞེས་པ་ལ་སོགས་པ་གསུངས་ཏེ། ལས་པ་ལ་སོགས་པའི་ཡན་ལག་རྣམས་ལས་གཞན་ཐ་དད་པ་དམིགས་པའི་མཚན་ཉིད་དུ་གྱུར་པའི་ཡོད་པ་མ་ཡིན་ཏེ། དམིགས་པ་མ་ཡིན།། ལག་པ་ལ ་སོགས་པ་འབའ་ཤིག་དམིགས་པ་ཡིན་ནོ།། དེ་ལྟར་ན་གང་ཡན་ལག་ལ་སོཌ་པའི་རང་བཞིན་མ་ཡིན་ལ། དེ་ལ་བརྟེན་པའི་འབྲེལ་པ་ཡིན་ཡང་མེདྨོ། ནང་ཡང་ཡོད་པ་མ་ཡིན་ལ། དེ་ལ་ཐ་དད་ཡང་ཡོད་པུ་མ་ཡིནོ།། དེ་ཞེས ་ཏྱེ་ལུས་སོ།། ཇི་ལྟར་ཉིད་དུ་ཡོད་མིན་ཞེས་ཏེ། ཇི་ལྟར་ཞེས་པ་ནི་ཇི་ལྟར་ཡང་ལུས་མ་དམིགས་པ་ན་དེ་ཡོང་མི་སིན་པ་ཉིད་ཀྱི་འདྲི་པར་བྱེད།། ཇི་ལྟར་རྣམ་པ་གང་གིས་ཞེས་སོ།། ཀྱེ་ཞེས་རྣམ་པར་དཔྱོད་པའོ།། ཡོད་ཞེས ་ཏེ། དེ་ཡོད་པ་རྣམ་པར་བཞག་པའོ།། གླང་གི་ཚྭ་འདི་ལྟར་རྣམ་པར་དཔྱད་པས། ལུས་རྣམ་པར་བཞུག་པར་མེ་ནུས་པ་དེའི་ཚེ། མེད་པ་ཉིད་དུ་དེ་ལ་ཐ་སྙད་བྱའོ་ཞེས་མཇུག་བསྡུ་བའི་ཕྱིར། དེས་ན་ཞེས་པ་ལ་སོགས་པ ་གསུངས་ཏེ། དེས་ན་ལུས་མེད་ཅེས་པ་ནི་གང་གི་ཕྱིར་རྣམ་པར་དཔྱད་པ་བརྗོད་པས་མ་དམིགས་པ་དེའི་ཕྱིར་དམིགས་པའི་མཚན་ཉིད་དུ་གྱུར་པའི་མ་དམིགས་པ་ལས་ལུས་ཡོད་པ་མི་ཡིནོ།། གལ་ཏེ་མེད་ན་འོ་ན་ཇི་ལྟར ་ལག་པ་ལ་སོགས་པ་རྣམས་ལ་ལུས་བློར་འགྱུར་ཞེ་ན། རྨོངས་པ་ལས་ཞེས་པ་ལ་སོགས་པ་གསུངས་ཏེ། རྨོངས་ལས་ནི་མ་རིགས་པའི་དབང་ལས་སོ།། ཀྱང་ཞེས་པ་ལག་པ་ལ་སོགས་པ ་རྫས་གཅིག་དང་བྲལ་བ་རྣམས་ལ་ལུས་ཀྱི་བློར་འགྱུར་ཏེ། དོན་དམ་པར་ནི་མ་ཡིན་ནོ།། ཡང་ན་ཀྱང་གི་སྒྲ་ནི་ངེས་པར་གཟུང་བ་ཡིན་ཏེ། འདི་ལྟར་ཡང་འཁོར་བ་ཐོག་མ་མེད་པ་ནས་འཇུག་པ་སྐྱེ་བ་བརྒྱུད་པར་ལོག་པར་གོམ ་པ་བས་ཌ་བཱི་དབང་གིས་དངོས་པོ་ཇི་ལྟར་གནས་པའི་དེ་ཁོ་ན་ཉིད་རབ་ཏུ་རྟོགས་ཀྱང་དེ་ལས་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་པའི་རྣམ་པར་རྟོག་པ་སྐྱེ་བར་འགྱུར་རོ།། དེ་དང་ཉེ་བར་འབྲེལ་པས་འཇིག་རྟེན་ན་ལུས་ལ་སོགས་པ ་བ་སྙད་འདི་འཇུག་སྟེ། དོན་དམ་པ་ནི་མ་ཡིནོ།། ཇི་ལྟར་གཞན་དུ་མི་འགྱུར་ཞེ་ན། འདི་ལ་གསུངས་པ། དབྱིངསུ་བཀོད་པ་སྟེ། ལྡག་པ་དང་རྐང་པ་ལ་སོགས་པའི་དབྱིབ་སུ་དགོད་པ་ལའོ།། དེ་ཉིད་ཀྱི་ཁྱད་པར་གཞན་ལ ་ཐ་དད་པའོ།། འཁྲུལ་པའི་རྒྱུ་ཞེས་ལག་པ་ལ་སོགས་པ་ཉིད་ལཱ་ཡིན་གྱི། ཐམས་ཅད་ལ་ནི་མ་ཡིན་ཏེ། ཡུལ་སོ་སོར་ངེས་པ་ཉིད་འཁྲུལ་པའི་འདོད་པས་ཇི་ལྟ་བུརོ་ཞེ་ན། མཐོ་ཡོར་ལ་ནི་མི་བློ་བཞི་ནོ་ཞེས་ཏེ། ཇི་ལྟར ་མཐོ་ཡོར་ལ་མིའི་རང་བཞིནི་མེད་ཀྱང་སྐྱེས་པ་དང་མཚུངས་པའི་གྱེན་དུ་འགྲེང་བ་ལ་སོགས་པའོ།། དབྱིབས་ཀྱི་ཁྱད་པར་དམིགས་པ་དང་ལྡན་པ་ནི་རིང་པོ་ནས་ཁྱད་པར་ཁོང་དུ་མ་ཆུད་པ་གཞན་གྱི་ཁྱད་པར་འགའ་ཞིག ་གིས་འཁྲུལ་པས་སྐྱེས་བུའི་བློར་འགྱུར་རོ།། དེ་བཞིན་དུ་སྐབས་སུ་བབ་པ་ལ་ཡང་མཱ་ཡི་ནོ་ཞེས་པའི་དོན་ཏོ།། དེ་ལྟར་ན་ཡང་ཇི་ལྟར་ཡང་འདི་ཉིད་ལ་བརྟེན་ཏེ་རྨོངས་པ་ཉིད་ཀྱིས་ལུས་ཀྱི་བློ་ཡིན་ལ།། དངོས་པོ་མ་ཡིན་ཞེས ་པས་ཇི་ལྟར་ཞེ་ན། འདི་ལ་ཇི་ལྟར་སྲིད་རྐྱེན་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ཇི་སྲིད་དུ། གང་དུས་ཀྱི་མཚམསུ་བཅད་པའི་རྐྱེན་རྣམས་ཏེ། རྒྱུ་རྣམས་ཡིན་ལ། ས་ལ་སོགས་པའི་ཁམས་དྲུག་དང་། རེག་པ་ལ་སོགས ་པའི་སྐྱེ་མཆེད་དྲུག་དང་། ཡིད་ཀྱི་ཉེ་བར་རྒྱུ་བ་བཅཝོ་བརྒྱད་ཀྱི་བདག་ཉིད་ལས་ལ་རག་ལས་པའི་ཚོགས་ཀྱི་བསྒྲུབ་པ་དུས་དེ་སྲིད་ཀྱི་མཚམ་སུ་ལུས་ནི་སྐྱེས་པ་ལྟ་བུ་སྟེ། དཔེར་ན་སྐྱེས་བུའི་རང་བཞིན་གྱིས་དོན་དམ་པར་སྟོང་པ ་ཡང་ཡོངསུ་བཏགས་པའི་ངོ་བོ་སྐྱེས་བུའི་རང་བཞིན་དུ་རབ་ཏུ་སྣང་བ་དང་ཐ་སྙད་ཀྱང་བྱེད།། འདི་ནི་མཚོན་པ་ཙམ་ཡིན་ཏེ། བུད་མེད་བཞིན་དུ་ཞེས་བལྟ་བར་བྱའོ།། སྔར་གྱི་ནུར་ནུར་པོ་ལ་སོགས་པའི་གནས་སྐབས་ནི་མ ་ཡིན་ལ། ཕྱི་ནས་ཀྱང་མ་ཡིན་ཏོ། རྣམ་པར་འཐོར་བའི་ཕྱིར་རོ།། ཐལ་བྱ་ལ་སོགས་པའི་གནས་སྐབས་ན་ཡང་མ་ཡིན་ཏེ། གཉུག་མའི་རང་བཞིན་མེད་པའི་ཕྱིར་རོ།། འདིར་འདི་དང་ཡང་མཚུངས་པརྱ་བསྟན་པའི་ཕྱིར། ་དེ་བཞིན་ཞེས་པ་ལ་སོགས་པ་གསུངས་ཏེ། དཔེར་ན་རྐྱེན་ཚོགས་པར་ཡོད་པར་ལུས་སྐྱེས་བུ་བཞིན་དུ་སྣང་ལ། དེ་མེད་པ་ན་མི་སྣང་ལ། དེ་བཞིན་དུ་སྟེ་ཇི་ལྟརོ་ལག་པ་ལ་སོགས་པ་ཇི་སྲིད་དུ་རྐྱེན་ཚོགས་པ་དེ་སྲིད་དུ ་ལུས་ནི་ལག་པ་ལ་སོགས་པ་སྣང་སྟེ། རྟོག་པའི་དབང་གི་རབ་ཏུ་སྣང་ལ། དོན་དམ་པར་ནི་མ་ཡིན།། དེ་ལྟ་བསཱ་ནུ་ལུས་ཀྱི་བློ་ནི་ཚོགས་པ་ཚང་བ་ལ་འགྱུར་ལ། དེ་མ་ཚང་ན་མ་ཡིན་ནོ།། ་དེ་ལྟ་བས་རྨོངས་པ་ཉིད་ལུས་ལག་པ་ལ་སོགས་པ་ལ་ལུས་ཀྱི་བློ་ཡིན་ནོ་ཞེས་ངེས་སོ།། འདིར་བསྡུས་པའི་དོན་ནི་འདི་ཡིན་ཏེ། རྐྱེན་གྱི་ཚོགས་པ་འདི་དང་འདི་ཡོད་པ་ན་དངོས་པོ་དེ་དང་དེ་མེད་པར་ཡང་འགྱུར ་རོ།། དེ་ཁོ་ན་ཉིད་མཐོང་བ་པོ་ནི་འཁྲུལ་པའི་དབང་གིས་རྣམ་པར་རྟོག་པ་འདི་སྐྱེ་བར་འགྱུར་རོ།། དེའི་དབང་གིས་དབྱིབས་ཀྱི་ཁྱད་པར་རྣམས་ལ་བུད་མེད་དང་། སྐྱེས་པ་ལ་སོགས་པའི་ལུས་ཀྱི་ཐ་སྙད་འཇུག་པར་འགྱུརརོ།། ་དེ་ལྟ་བས་ན་ཐལ་བ་ལ་སོགས་པའི་གནས་སྐབས་ན་ཚོགས་པ་མུ་ཚང་བས་ལྡོག་པར་འགྱུར་རོ།། དེ་ལྟ་བས་ནརྀ་ལུས་ལ་སོགས་པ་ཐ་སྙད་དང་པོ་པ་ནི་མ་ཡིནོ་ཞེས་འཆགས་པར་འགྱུར་རོ།། དེ་སྐད་དུ་ཡང་། གང་ཞིག་གན ་སྐབས་སྦྱང་བ་ཡི།། ལུས་ཀྱི་རང་བཞིན་སྨྲ་བར་བྱ།། མེར་མེར་པོ་དང་ཐལ་བ་དང་།། དེ་མིང་ཕྲ་མོ་དངོས་པོ་ཡིས།། དེ་རགས་སྤངས་པས་གནས་ཤེ་ན།། རང་ཉིད་བསྟན་དུ་མེད་པར་འཐོབ།། ལུསུཾ་བརྗོད་པར་ཇི་ལྟར ་འགྱུར་ཞེས་བརྗོད་དོ།། དེ་སྐད་དུ། གང་གིས་རྒྱུ་ནི་སྲིད་འགྱུར་བ།། རྐྱེན་ནི་མེད་ན་གནས་མིན་ཏེ།། རྐྱེན་དང་བྲལ་བས་བྲལ་འགྱུར་ལ།། དེ་ཡོད་ཅེས་ནི་ཇི་ལྟར་རྟོགས་ཅིས་གསུང་སོ།། གཞུང་ཁ་ཅིག་ལས། ཇི་སྲིད་རྐྱེན ་ཚོགས་དེ་སྲིད་དུ།། ཤིང་ནི་སྐྱེས་པ་ལྟར་སྣང་བ་ཞེས་སོ།། དེ་ལ་བཤད་པ་ནི་འདི་ཡིན་ཏེ། ཇི་སྲིད་དུ་ཕྱིན་ཅི་ལོག་གི་ཤེས་པ་ཚོགས་པ་དེ་སྲུད་དུ་སྡོང་དུམ་ལ་སྐྱེས་བུར་རྟོགས་པ་ཡིན་ཏེ། སྤྱོད་དུམ་གྱི་རང་བཞིན་ལྷ ་སྐྱེས་པ་ཝཱར་ཏེ་སྐྱེས་བུ་བཞིན་དུ་རྟོགས་པ་ཡིན་ནོ།། དེ་མེད་ན་ནི་མ་ཡིན་ཏེ། དེ་བཞིན་དུ་ལག་པ་ལ་སོགས་པ་ལའོ།། ཇི་སྲིད་དུ་རྐྱེན་ཚོགས་པ་དེ་སྲིད་དུ་ལེག་པ་ལ་སོགས་པ་འདི་ལ་ལུས་སུ་སྣང་སྟེ། རབ་ཏུ་གསལ་བ་ཡིན ་ཕྱི་ནས་ནི་མ་ཡིན།། དེའི་ཕྱིར་གཏི་མུག་ཉིད་ལས་ལུས་ཀྱི་བློ་ཡཱི་ནོ་ཞེས་ངེས་པ་ཡིན་ནོ།། གལ་ཏེ་ལུས་མེད་ན་ཡང་ལག་པ་དྲང་རྐང་པ་རྣམས་ཀྱི་ཡན་ལག་རྣམས་མངོན་སུམ་གྱིས་མཐོང་བའི་ཕྱིར་དགག་པར་མི་ནུསོ་ཞེས་དགོད ་ནོནས། ལག་པ་ལ་སོགས་པོ་རྣམས་ལ་གཞན་གྱིས་བརྟགས་པའི་རང་བཞིན་ཉིད་དོ་ཞེས་བསྟན་པའི་ཕྱིར། དེ་བཞིན་སོར་མོའི་ཞེས་པ་ལ་སོགས་པ་གསུངས་ཏེ། ཇི་ལྟར་རྣམ་པར་དཔྱད་པ་ན་ལུས་མེད་པ་དེ་བཞིན་དུ་ལག་པ་དང ་རྐང་པ་ལ་སོགས་པ་ཡང་ཡོད་པ་མུ་ཡི་ནོ།། གང་གི་ཕྱིར་སོར་མོ་རྣམས་ཀྱི་ཚོགས་ཏེ་བསྡུས་པ་རྣམས་ཡིན་ལ། སོར་མོ་རྣམས་ཞེས་པ་ཉེ་བར་མཚོན་པ་ཡིན་ཏེ། རྟིང་པ་ལ་ཡང་བལྟ་བར་བྱའོ།། དེའི་དངོས་པོ་ནི་ཉིད།། དེ ་ལྟ་བས་ན་དེའི་རང་བཞིན་ཞེས་པའི་དོན་ཏོ།། རྐང་པ་ཡོང་གང་ཞིག་ཡིན་འགྱུར་ཏེ། དེ་དག་བསྡུས་པ་མ་གཏོགས་པར་རྣམ་པར་དཔྱད་པ་ན་ཅུང་ཟད་ཀྱང་མ་ཡིན་ཞེས་དགོངས་སོ།། སེར་མོའི་ཚོགས་ཀྱང་རང་བཞིན་གཅིག་པ ་མ་ཡིན་ནོ་ཞེས་གསུངས་པ། དེ་ཡང་ཞེས་པ་ལ་སོགས་པ་སྟེ། དེ་ཡང་ནི་སོར་མོའི་ཚོགས་ཀྱང་ངོ་།། རྣམ་པར་དཔྱད་པ་ན་དངོས་པོར་ཡོད་པ་མ་ཡིན་ནོ།། ཅིའི་ཕྱིར་ཞེ་ན། ཚིགས་ཀྱི་ཚོགས་རྣམ ་བསྡུས་པ་ཡིན་པའི་ཕྱིར་རོ།། གང་ཞིག་ཡིན་ཞེས་པའི་རང་བཞིན་དང་འབྲེལ་ཏོ།། ཚིག་ཀྱང་སོ་སོར་དངོས་པོ་མ་ཡིན་ནོ་ཞེས་གསུངས་པ་ཚིགས་ཀྱང་ཞེས་ཏེ་དངོས་པོ་མ་ཡིན་ནོ།། ཅིའི་ཕྱིར་ཞེ་ན། ཆུ་ཕྱེ་བས་སོ།། རང་གིས་ཏེ ་བདག་ཉིད་ཀྱི་ཆ་ཤས་རྣམས་ཕྱེ་བས་ཏེ་རྣམ་པར་ཕྱེ་བས་སོ།། ཆ་ཡང་དེ་ཁོ་ན་ཉིད་དུ་མེད་དོ་ཞེས་གསུངས་པ། ཆ་ཡང་སྟེ་རྡུལ་ཕྲ་རབ་ཕྱེ་བས་སོ།། ཆ་ནི་ཚོགས་ཀྱི་ཆའོ།། ཡང་ནི་རྡུལ་ཕྲ་རབ་ཕྱོ་བས་ཏེ་རྡུལ་ཕྲ་རབ་ཀྱི ་ཆ་ཡིས་རྣམ་པར་ཕྱེ་བས་ཕྱིར་བཏགས་པ་ཉིད་ཀྱི། རྡུལ་ཕྲ་རབ་རྣམས་ཀྱང་སོ་སོར་དྲོན་དམ་པར་ཡོད་པ་མ་ཡིན་ནོ་ཞེས་གསུངས་པ། རྡུལ་དེ་ལ་ཡང་ཆའི་དབྱེ་བུ་ཡིས་ཞེས་ཏེ། ཕྱོགས་ནི་ཤར་དང་ནུབ་དང་ལྷོ་དང ་བྱུང་དང་སྟེང་དང་འོག་གི་རོང་བཞིན་རྣམས་ཏེ་དབྱེ་བའི་སྣ་སྣ་ཚོགས་པའི་ཕྱིར་རོ།། དེ་ནི་རྣམ་པར་དབྱེ་བས་ཕྱེ་བ་ཉིད་ཀྱི་རྡུལ་ཕྲ་རབ་རྣམས་ཆ་དྲུག་ཏུ་འགྱུརརོ།། ཕྱོགས་དབྱེ་སྟེ་ཕྱོགས་སོ་སོ་ན་གནས་པཾ་སྨྲ་ཚོགས་པ ་གཟུགས་ཀྱིས་ཆ་རྡུལ་ཕྲ་རབ་རྣམས་དེ་ལས་ཕྱེ་བས་དེའི་རིང་བཞིན་གནས་པ་མ་ཡིན་ནོ།། ཕྱོགས་ཀྱི་ཆ་བྱེ་བ་གང་ལ་ཡོད་ཀྱང་དེ་ལ་གཅིག་ཏུ་མི་རིགསོ་ཞེས་པས་སོ།། འདི་ལྟར་ཡང་ཤར་དང་ཕྱོགས་གནས། ་པའི་རྡུལ་ཕྲ་རབ་ལ་མངོན་པར་ཕྱོགས་པ་གང་ཞིག་ཡིན་པའི་རྡུལ་ཕྲ་རབ་དབུས་ན་གནས་པའུ་རང་བཞིན་གྱི་རྡུལ་ཕྲ་རབ་དེ་གཅིག་ཉིད་ཡིན་ནམ། གཞན་དང་གཞན་ཡིན། གལ་ཏེ་གཅིག་ཡིན་ནོ་ཞེས་པའི ་ཕྱོགས་ཡིན་ན་དེའི་ཚེ་བསྐོར་བའི་གནས་པའི་རྡུལ་ཕྱ་རབ་ཐམས་ཅད་གཅིག་ཏུ་ཐལ་བར་འགྱུར་རོ།། གང་གི་ཕྱིར་ཤཱར་ཕྱོགས་ན་གནས་པའི་རྡུལ་ཕྲ་རབ་ཀྱི་ཡུལ་དེ་མེད་པར་ནུབ་ཕྱོག་པ་ན་གནས་པའི་རྡུལ་ཕྲ་རབ ་ཤར་གྱི་ཡུལ་ན་གནས་པའི་མངོན་པར་ཕྱོགས་པའི་ངོ་བོའི་མངོན་པར་ཕྱོགས་པར་མི་འགྱུར་རོ།། གཞན་དུ་ན་རང་བཞིན་ཐ་དད་པར་ཐལ་བར་འགྱུར་བས་ཡུལ་གཅིག་ན་གནས་པ་ཡང་ཡིན།། དེ་ཁོངསུ་འདུས་པ ་མེད་ན་ཤར་ཕྱོགས་ན་གནས་པ་མ་ཡིན་ནོ།། རྡུལ་ཕྲ་རབ་གཞན་དང་གཞན་དག་དང་། རྡུལ་ཕྲ་རབ་བདག་ཉིད་ཐམས་ཅད་འབྲེལ་པས་དེའི་རང་བཞིན་དུ་འདུས་པའི་ཕྱིར་རྫསུ་རྡུལ་ཕྲ་རབ་ཙམ་དུ་འགྱུར་རོ།། དེ་ལྟར་ཡིན་ན ་བསགས་པའི་ངོ་བོའི་ངོ་བོ་ལ་སོགས་པར་མི་འགྱུར་རོ།། དེའི་ཕྱིར་ས་ལ་སོགས་པ་རྣམས་ཀྱི་ཚོགས་འདོད་པ་རྣམས་ཀྱིས་ཕྱོགས་གཉིས་པ་ཉིད་ཁས་བླང་བར་བྱའོ།། དེའི་ཚེ་ཡང་གཞན་དང་གཞན་དྲུག་པོ་རྣམས་དང ་དུས་གཅིག་ཏུ་འབྲེལ་པས་དབུས་ན་གནས་པའི་རྡུལ་ཕྲ་རབ་ཆ་དྲུག་ཏུ་འགྱུར་རོ།། དེ་དང་དེ་ན་གནས་པའི་ཕྲ་རབ་གཞན་དང་གཞོན་དག་འབྲེལ་པས་རྡུལ་ཕྲ་རབ་དེའི་རང་བཞིན་ཐ་དད་པའི་ཕྱིར་འདི་ལྟར་རྡུལ་ཕྲ་རབ་ཀྱང་གཅིག་ཏུ ་མི་འཐད་དོ།། དེ་ལྟར་ཡང་སློབ་དཔོན་གྱི་ཞལ་སྔ་ནས། དྲུག་གི་གཅིག་ཅར་སྦྱར་བས་ན། བླ་རབ་རྡུལ་ཆ་དྲུག་ཏུ་འགྱུར། དྲུག་པོ་དག་ནི་གོ་གཅིག་ན། གོང་བུ་རྡུལ་ཕྲན་ཙམ་དུ་འགྱུར། ཞེས་གསུངས ་དེ་རྣམས་ཀྱང་ཆ་ཕྲ་བ་རྣམས་ཡིན་ཏེ། དེ་བཞིན་དུ་དཔྱད་པ་ན་བདག་མེད་པ་ཉིད་ཀྱི་ན་མཁའི་རང་བཞིན་དུ་རྟོགས་པར་བྱེད་པས། ཕྱོགས་དབྱེ་ཡང་ཞེས་པ་ལ་སོགས་པ་གསུངས་ཏེ། ཕྱོགས་ཀྱི་དབྱེ་བ་ཡང་ཕྱོགས་ཀྱི་དབྱེ་བ ་རྡུལ་ཕྲལ་རྣས་ཀྱི་རྡུས་ཕྲ་རབ་ཀྱི་ཆ་ལྔ་སྔར་བཞིན་དུ་ཆུ་དྲུག་ཏུ་ཕྱེ་བ་ན་ཅི་ཞིག་ཡིན་པར་འགྱུར་ཏེ། དངོས་པོ་ཅུང་ཟད་ཀྱང་མ་ཡིན་ནོ།། སྔ་མ་ཐམས་ཅད་ལ་སྦྱར་བར་བྱའོ།། ཅིའི་ཕྱིར་ཞེ་ན། ཆ་ཤེས་དང་བྲལ་ཕྱིར་ཏེ། ཚེ་མེད་པའི་ཕྱིར་རོ།། ། ་དེའི་ཕྱིར་མངོན་པར་ཕྱེ་བ་དང་། རང་བཞིན་མེད་པ་ཉིད་ཀྱིས་ན་མཁའ་སྟོང་པ་ཉིད་ཡིན་ནོ།། རྒྱུ་ངས་ན་རྡུལ་ཡང་མེད་དོ།། རྡུལ་ཕྲ་རབ་མེད་པའི་ཕྱིར་འདི་ལྟར་ལག་པ་ལ་སོགས་པ་ཡང་རྣམ་པར་དཔྱད་པས་རང་བཞིན་མོདཔ ་བལྟ་བར་བྱའོ།། དེས་ནི་ལུས་ཀྱང་དོན་དམ་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། གཅིག་དང་དུ་མ་དང་བྲལ་བར་བསྟན་པའི་ཕྱིར་རོ།། དེ་ལྟར་ན་ཡང་སྨྲྀ་ལ་སོགས་པ་རྣམས་བདག་ཀྱང་མ་ཡིན་པ་སེམས་ཀྱང་མ་ཡིན་ཞིང་།། ་ལུས་དངོས་པོ་ལ་ངར་འཛིན་པའི་ཡུལ་མ་ཡིན་ནོ།། དེ་ལྟ་བས་ན་མ་རིག་པས་ཀུན་ནས་བསླང་བའི་བདག་ཉིད་ཀྱིས་བདག་ལ་སོགས་པ་ལ་ཡོད་པ་མ་ཡིན་ཡང་བདག་ཅེས་འཇུག་པར་འགྱུར་བས། ཤེས་པ་ནི་ཡུལ་མེང་པ ་ཉིད་དུ་སྐྱེ་བར་འགྱུར་རོ།། དེས་ན་ཇི་སྐད་དུ། བདག་ཉིད་གང་ཡང་ཡོད་མིན་པས།། འཇིགས་པར་འགྱུར་བ་སུ་ཞིག་ཡིན།། ཞེས་པས་བསྒྲུབས་པ་མ་ཡིན་ནོ།། འདི་དག་ཐམས་ཅད་ཀྱིས་ལུས་དྲན་པ་ཉེ་བར་གཞག་པ་བསྟན ་པར་འགྱུར་རོ།། གང་གསུངས་པ་ཆོས་ཡང་དག་པར་སྡུད་པ་ལས། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཉིད་འདི་ལྟར་ལུས་འདི་ནི་རྐང་པ་དང་རྐང་སོར་དང་། བྱིན་པ་དང་། བརླ་དང་། བཅུ་དྲུག་མདོ་དང་། ལྟོ་བ་དང ་ལྟེ་བ་དང་། སྐལ་ཚིགས་དང་། སྙིང་དང་། རྩིབས་ལོག་དང་། རྩིབས་མ་དང་། ལག་པ་དང་། ལག་ངར་དང་། དཔུང་པ་དང་། ཐལ་གོང་དང་། འཇིད་པ་དང་། འགྲམ་པ་དང་། དཔྲལ་བ་དང་། མགོ་བོ་དང་། མགོའི་ཐོད་པ ་འདུས་པ་ཙམ་ཏེ། ལུས་འབྱུང་བའི་བྱེད་པས་བསགས་པ། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་དང་། ཀུན་ཏུ་རྟོག་པ་རྣམ་པར་རྟོག་པ་ཐ་དད་པ་བརྒྱ་སྟོང་གཱི་གནསུ་གྱུར་པའོ།། འདིར་རྫས་མང་པོ་འདུས་པ་འདི་ལྟ་སྟེ། ་སྐྲ་དང་། སྤུ་དང་སྔོན་མོ་དང་། སོ་དང་། རུས་པ་དང་། པགས་པ་དང་། ཤ་དང་། ཤའི་ཕྱི་དང་། རྒྱུས་པ་དང་། ཚིལ་དང་། ཞག་དང་། ཆུ་སེར་དང་། མཆེར་པ་དང་། གཅིན་དང་། ཕྱི་ས་དང་། ཕོ་བ་དང་། ལོང་ཀ་དང་། ཁྲག་དང་། ་སྣབས་དང་། མཁྲིས་པ་དང་། རྣག་དང་། མཆིལ་མ་དང་། ཀླད་པ་དང་། ཀླང་རྒྱས་རྣམས་ཏེ། དེ་ལྟར་ན་རྫས་མང་པོ་འདུས་པ་ཡིན་ན་འདི་ལ་ལུས་ཞེས་ཇི་སྐད་དུ་བྱ་སྙམ་དུ་ལུས་དྲན་པ་ཉེ་བར་འཇོག་གོ། དེ་སོ་སོར་རྟོག་པ་ན་འདི ་སྙམ་དུ་སེམས་ཏེ། ལུས་འདི་ནི་ན་མཁའ་དང་མཆུད་སོ་སྙམ་ནས་དེ་ལུས་ལ་ན་མཁའ་ལྟར་དྲན་པ་ཉེ་བར་འཇོག་གོ།། དེ་ཐམས་ཅད་ནམ་མཁའ་ལྟར་མཐོང་ངོ་།། དེ་ལུས་ཡོངསུ་ཤེས་པའི་ཕྱིར ་ཡང་གང་དུ་ཡང་དྲན་པ་མི་འཇུག། རྣམ་པར་མི་འཇུག། རྣམ་པར་མི་འཕྲོའོ་ཞེས་འབྱུང་ངོ་ཡང་གསུང་བ། ལུས་འདི་ནི་སྔོན་གྱི་མཐའ་ནས་ཀྱང་མ་འོངས། ཕྱི་མའི་མཐར་ཡང་མི་འཕོ།། སྔོན་གྱི་མཐའ་ཡང་ཕྱི་མའི་མཐའ་ལས ་ཀྱང་མི་གནས་ཏེ། གཞན་དུ་ན་ཡང་དག་པ་མ་ཡིན་པའི་ཕྱིན་ཅི་ལོག་ལྔ་བྱུང་བ་བྱེད་པ་པོ་དང་། ཚོར་བ་པི་མྨེ་པ། ཐོག་མ་དང་ཐ་མ་དང་དབུས་མེད་པ། རྩ་བ་གནས་མེད་པ། བདག་པོ་མེད་པ་། ང་ཡི་བ་མེད་པ། ཡོངས་སུ་འཛིན་པ་མེད་པ ་སྟེ། ཚོགས་ཞེས་བྱ་བ་དང་། ལུས་ཞེས་བྱ་བ་དང་། ལོངས་སྤྱོད་ཅེས་བྱ་བ་དང་། གོནས་ཞེས་བྱ་བ་དང་། རོ་ཞེས་བྱ་བ་དང་། སྐྱེ་མཆེད་ཅེས་བྱ་བ་ནི་གློ་བུར་གྱི་ཐ་སྙད་རྣམས་ཀྱི་ཐ་སྙད་བཏགས་པའོ།། ལུས་འདི་ནི་སྙིང་པོ་མེད་པ་སྟེ། ་ཕ་མའི་ཁུ་བ་དང་། ཁྲག་ལས་བྱུང་བའི་མི་གཙང་བ་རུལ་པ། རང་བཞིན་གྱི་དྲི་མི་ཞིམ་པ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལས་འཇིགས་པ་དང་། སྒྱིད་ལུག་པའི་རྐུན་པོས་དཀྲུགས་པ། རྟག་ཏུ་འཇིགས་པས། འདྲུལ་བ ་བྲལ་བར། རྣམ་པར་འཐོར་བ། རྣམ་པར་འཇིགས་པའི་ཆོས་ཅན། ནང་ཐ་དད་པ་བརྒྱ་སྟོང་གི་ཚ་ངོ་སྙམ་དུ་ལུས་དྲན་པ་ཉེ་བར་འཇོག་གོ། ཞེས་འབྱུང་ངོ་།། དེ་བཞིན་དུ་གང་གི་ཚེ་རྣམ་པར་དཔྱད་པ་ན་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་ནམ ་དང་འདྲ་བར་རྣམ་པ་ཐམས་ཅད་དུ་ལུས་ཡིན་ན། དེའི་ཚེ་ལོག་པ་ཉིད་ཀྱིས་དངོས་པོའི་དེ་ཁོ་ན་ཉིད་དུ་སྒྲོ་བཏགས་ནས། འདོད་ཆགས་ལ་སོགས་པ་བསྐྱེད་པས་བྱིས་པ་རྣམས་འཁོར་བར་ཉེ་བར་འཕེལ་བ་ཡིན་ནོ་ཞེས་བསྟན ་པའི་ཕྱིར། དེ་ལྟར་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལྷུར་ཞེས་པ་སྟེ་བརྗོད་པའི་རིམ་པས་སོ།། རྨི་ལམ་ལྟ་བུ་ནི་རྨི་ལམ་ལ་དམིགས་པ་ཉིད་ཀྱི་དངོས་པོ་ལ་ཡིད་མི་བདེ་བའི་གནས་ལ་སུ་ཞིག་ཆགས་པར་འགྱུར་ཏེ། ་གདུ་ཞིག་ཞེན་པར་འགྱུར། འདི་ཡང་མཚོན་པ་ཙམ་ཡིན་པའི་ཕྱིར་སུ་ཞིག་ཞེ་སྡང་བར་འགྱུར་ཞིང་། སུ་ཞིག་རྨོངས་པར་འགྱུར་ཞེས་ཀྱང་རིག་པར་བྱའོ།། དེ་བཞིན་དུ་ཡིད་བདེ་བའི་གནས་རྣམས་ལ་མིག་དག་གིས་གཟུགས ་སྣ་ཚོགས་མཐོང་ནས་ཆགས་པ་སྐྱེ་བར་འགྱུར་རོ།། ཡིད་མི་བདེ་བའི་གནས་རྣམས་ལ་མི་དག་གིས་གཟུགས་རྣམསུ་མཐོང་ནས་ཞེ་སྡང་སྐྱེ་བར་འགྱུར་རོ།། བཏང་སྙོམས་ཀྱི་གནས་རྣམས་ལ་མིག་དག་གིས་གཟུགས་རྣམས་མཐོང ་ནས་གཏི་མུག་སྐྱེ་བར་འགྱུར། གང་དེ་དག་ཡིད་དང་རྗེསུ་མི་མཐུན་པ་མེད་པའི་གཟུགས་དང་རྗེསུ་མཐུན་པར་སྤྱོད་དེ། དེས་འདི་ལ་ཆགས་པ་སྐྱེ་བར་འགྱུར་རོ།། ཡིད་དང་རྗེ་སུ་མིཐུན་པའི་གཟུགས་རྣམས་ལ་ནི་མི་མཐུན་པའི་སྤྱོད་དེ ་དེས་འདི་ལ་ཞེ་སྡང་སྐྱེ་བར་འགྱུར་རོ།། རྗེ་སུ་མཐུན་པར་ཡང་མ་ཡིན་རྗེ་སུ་མཐུན་པར་ཡང་མ་ཡིན་པ་རྣམས་ལ། རྨོངས་པས་སྤྱོད་དེ། དེས་འདི་ལ་གཏི་མུག་སྐྱེ་བར་འགྱུར་རོ།། དེ་བཞིན་དུ་སྒྲ་ལ་སོགས་པ་རྣམས་ལ་རྣམ་པ ་གསུམ་དུ་དམིགས་ཤིང་ཉམསུ་མྱོང་བསྔར་བཞིན་ནོ།། དེ་ལ་གང་དཔྱོད་ལྡན་སུ་ཞིག་ཅེས་ཏེ། ཤིན་ཏུ་ཡང་མིག་གི་སྐྱེ་མཆེད་ཀྱི་རང་བཞིན་གྱིས་སྟོང་ངོ་།། དེས་སྔོན་གྱིས་མཐའ་ཡང་མི ་དམིགས་ལ། ཕྱི་མའི་མཐའ་ཡང་མི་དམིགས་ཤིང་། དབུས་ཀྱང་མི་དམིགས་ཏེ། རང་བཞིན་གྱིས་སྟོང་པའི་ཕྱིར་རོ།། དེ་བཞིན་དུ་རྣ་བ་ལ་སོགས་པའི་གཞན་ལ་ཡང་རིག་པར་བྱའོ།། དེ་བཞིན་དུ་ཤིན་དུ་ཡང་གཟུགས ་ཀྱི་སྐྱེ་མཆེད་གཟུགས་ཀྱི་རང་བཞིན་གྱིས་སྟོང་ངོ་ཞེས་སྔར་བཞིན་ནོ།། དེ་བཞིན་དུ་སྒྲ་ལ་སོགས་པ་ཡང་བརྗོད་པར་བྱའོ།། དེ་ལྟར་ན་དབང་པོ་རྣམས་ནི་སྒྱུ་མ་ལྟ་བུ་ཡིན་ལ། ཡུལ་རྣམས་ནི་རྨི་ལམ་ལྟ་བུ་གང་ཡིན་པ་དེ་ལ་ཇི་ལྟར ་འདོད་ཆགས་ལ་སོགས་པ་སྐྱེ་བར་འགྱུར་རོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། དཔྱོད་ལྡན་ཞེས་ཏེ། དཔྱོད་པ་པོ་མཁས་པོ་པོ་དེ་བཞིན་དུ་འདི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་མཐོང་བ་སུ་ཞིག་ཆགས་པར ་འགྱུར་ཏེ། སྡང་བ་འམ་རྨོངསྔོ་པར་འགྱུར། འདི་ཡང་རྨི་ལམ་ན་མཐོང་བའི་ཡུལ་གྱི་བཟང་མོ་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་ཉེ་བར་བསྟན་པར་བྱའོ།། ལུས་མངན་ཡང་བུད་མེད་ལ་སོགས་པ་རྟོགས་པས ་ཀྱང་ཆགས་པར་རིག་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ལུས་ཞེས་པ་ལ་སོགས་པ་གསུངས་ཏེ། ཀྱང་གི་སྒྲས་ནི་གཏན་ཚིགས་སྡུད་པའོ།། གང་གི་ཕྱིར་བུད་མེད་ལ་སོགས་པ་བརྟགས་པས་ཆགས་པར་མི་འགྱུར་རོ།། ། ་དངན་མ་ས་སྒྱུ་པའི་རིགས་བྱས་མེད་དོ།། རང་བཞིན་མེད་བྱ་དེ་མ་ལུས་སྣང་པའི་སྦྱོར་བུང་མེད་གང་ཞིག་སྟོན་ཏེ། ཆགས་བྱུང་མ་གང་ཞོག་ཆགས་པར་བྱ་བར་ཁྱོད་ཀྱིས་སྨྱོས་བུལ་རྡོ་ལྟར་ཆགས་པར་འགྱུ། ་སྐྱེས་ཀྱུ་ཡང་གང་ཞིག་ཡོན་ཏེ། ཆགས་པ་པོ་གྲང་ཞིག་དགའ་བར་བྱ་བ་ཉིད་ཀྱིས་ཁྱོད་མེད་ལ་ཚོགས་པར་འགྱུར། བྱུང་མྱེད་ཀྱང་བདུག་ཉིད་ལ་བུད་མེད་ཅེས་བརྟགས་ནོས་ཕ་རོལ་ཧཱུཾ་བྷྲཱུཾ་ཧཱུ~ཾ་བུ་ཆེན་བ་སྐྱེས་པ་བྱེད་དོ།། ་ཛྲཱྀཾ་བཞིན་དུ་སྐྱེས་བུ་ཡང་འདྲུག་ཉིད་ལཱ་སྐྱེས་བུ་ཞེས་བླརྣགས་ནས་སྤྱོད་མེད་འ་བྱུང་སྟོད་ཅེས་བརྟགས་ནཱས་རྒྱམས་པ་སྤྱོང་ངོ་།། ལྷམ་མེད་ན་ཡང་བུད་མེད་ལ་བུང་མོད་ཅེས་ཡོད་པ་མ་མིན་ནཱ~ཾ།། སྐྱེས་པོ་ས་སྨྲས་པ་སོང ་སྦྱིན་། རྗེ་ཡང་རང་བཞིན་གྱི་ཀྱི་མང་བ་མ་ཡིན་ཏེ། རླུ་སྙེད་མོད་བླ་མ་བྱིན་ཞིང་སྒྲུབ་པ་སྣོ་ཐོང་སྒྲུ་བས་མ་ལུས་པ་མྱོད་པ་ལ་བུད་མྱེད་ལ་སོགས་པར་བརྟགས་པས་བྱས་པརྗི་དགོས་པར་རིགས་པ་མ་ཡིན་མོ།། ་ཞེ་ན། ཚེམ་ཐམས་ཅདུ་ནི་མཚན་མྱ་དྲུང་བླུབ་འཾ། ཛ~ཾ་བྷཱུརྱཱ་དྲི་གཅོར་སྣ་སྦྱིན་དུ་ཕྲེང་བ་དང་རྒྱུ་དུན་ལ་སོགས་ས་ཡ་གས་པནྡྷ་བྷའོ།། དེ་བསྦྱི་དུ་འི་སྩང་དང་ག་མུག་གྀ་སུས་པད་དོ།། དེ་སྐད ་མས་འསྟན་ཏེ། མཚོ་ས་བུ་གང་མམ་འཛིག་ས་དྲུ་མཆེ་པ་བྱེ་ཅིང་རྡུས་པ་ཡོང་ཀྱི་ཉེ་པ་སཁོར་བ་བཅོ་ང་བདུ་སྐྱེས་ཀྱི་འཛིན་སེསམ་དུག་ས་མ ་རྒྱལ་པོ་ཆེན་པོ་ཁམས་དྲུག་ནི་འདི་དག་གོ།། དྲུག་གང་ཞེ་ན། འདི་ལྟ་སྟེ་སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་སོ།། ་རྒྱལ་པོ་ཆེན་པོ་དེ་དག་ནི་ཁམས་དྲུག་སྟེ། སྐྱེས་བུ་འདི་ཁམས་དྲུག་པ་ཞེས་གང་སྨྲས་པ་དེ་ནི་དེ་ལ་བརྟེན་ཏེ་སྨྲས་སོ།། སྐྱེས་བུ་འདི་ནི་རེག་པའི་སྐྱེ་མཆེད་དྲུག་པོའོ་ཞེས་གང་སྨྲ་བ་དེ་ཅི་ལ་བརྟེན་ཏེ་སྨྲ་ཞེ་ན། རྒྱལ་པོ་ཆེན་པོ་རེག་པའི་སྐྱེ་མཆེད ་དྲུག་ནི་འདི་དག་སྟེ་དྲུག་གང་ཞེ་ན། གཟུགས་རྣམས་ལ་བལྟ་བའི་ཕྱིར་མིག་གི་རེག་པའི་སྐྱེ་མཆེད་དང་། སྒྲ་རྣམས་ལ་ཉན་པོའི་ཕྱིར་རྣ་བའི་རེག་པའི་སྐྱེ་མཆེད་དང་། དྲི་རྣམས་ལ་སྡོམ་པའི་ཕྱིར་སྣའི་རེག་པའི་སྐྱེ་མཆེད་དང་། རོ་རྣམས་ལ ་མྱང་བའི་ཕྱིར་ལྕེའི་རེག་པའི་སྐྱེ་མཆེད་དང་། རེག་བྱ་རྣམས་ལ་རེག་པའི་ཕྱིར་ལུས་རེག་པའི་སྐྱེ་མཆེད་དང་། ཆོས་རྣམས་རྣམ་པར་ཤེས་པའི་ཕྱིར་ཡིད་རེག་པའི་སྐྱེད་མཆེད་དོ།། རྒྱལ་པོ་ཆེན་པོ་དེ་དག་ནི་རེག་པའི་སྐྱེ་མཆེད་དྲུག་སྟེ། སྐྱེས ་བུ་འདི་ནི་རིག་པའི་སྐྱེ་མཆེད་དྲུག་པའོ།། ཞེ་གང་སྨྲས་པ་དེ་ནི་དེ་ལ་བརྟེན་ཏེ་སྨྲས་སོ།། རྒྱལ་པོ་ཆེན་པོ་སྐྱེས་བུ་འདི་ནི་ཡིད་ཀྱི་ཉེ་བར་འཁོར་བ་བཅོ་བརྒྱད་པ་ཞེས་གང་སྨྲས་པ་དེ་ཅི་ལ་ཏེ་སྨྲས་ཤེས་ན། རྒྱལ་པོ་ཆེན་པོ་ཡིད་ཀྱི་ཉེ་བར་འཁོར་བ ་བཅོ་བརྒྱད་འདི་ནི་དག་སྟེ། བཅོ་བརྒྱད་གང་ཞེ་ན། འདི་ལ་མིག་གིས་གཟུགས་མཐོང་བ་ན། ལིང་བདེ་བ་དང་། ཡིད་མི་བདེ་བ་དང་། བཏང་སྙོམསུ་འགྱུར་བར་གཟུགས་ལ་ཉེ་བར་སྤྱོད་དོ།། དེ་བཞིན་དུ་རྣ་བ་ལ་སོགས་པ་ལ་ཡང་བརྗོད་པར ་བྷྱོ། རྒྱལ་པོ་རྒྱུན་པོ་དྲི་ལྱ་ཀླུང་དག་ཡིད་བྷདེ་བ་བཱ་སྤྱོད་བྱ་དྲུག་དང་། ཀླུང་དག་སློང་མྀ་བྱུདྨོ་བྱཱ་ཉྩོ་བྷུར་སྤྱོད་པ་དྲུག་དང་། ཀླུང་དག་བཏང་སྒྱུམས་གྱུར་བཱ་ཉྩ་བཱར་སྤྱོད་པ་དྲུགྶ་པོ་དེ་དག་གཅིག་ཏུ་བསྡུས་ནས། ་དཱུ་སྐྱོད་པ་བཅོ་བརྒྱད་དུ་འགྱུར་རོ།། རྒྱལ་པོ་ཆེན་པོ་བཅོ་བརྒྱད་པོ་དེ་དག་ནི་སྲིད་ཀྱི་ཉེ་བར་སྤྱོ་ཙཱ། ཇི་བཞིན་དུ་སྦྱར་ཏེ། པོ་ཆེན་པོ་གླིང་གིས་ནི་ཁྲིམས་གང་ཞེ་ན། ཙ་ཡ་ཧཱུ~ཾ་། སྣ ་རླུང་གི་ན.ཱ་ཥྱ་དང་། ནས་པ་དང་། ཙྪ་བར་གྱུར་པ་དང་། ག། ཧྲཱི་ན། མྦྷ་སྟྭ~ཾམྦྷ་དྷཱ་། སེཾན་ད་བྱཱ་ལ་སོགས་པའོ།། ཆེན་པ་ཕྱི་རྒྱ ་ས་པ་ཁྱེན། གང་ཅི་ཡ་ང་ཕྱི་རོལ་སྐྱེས་པ་རྙེང་མཱ་བྱུང་བྱ་རྣམ་པ་ད་། ས་གྱུར་པ་དང་། རི་ཛིརྗེ་སའི་མས་ནས་དྷའི།། ས་ཉན་པོ་དེ་ལྟ་ནྱང་གིས་ཁམས་འབྱུ་བ་ཚོབྷྱ ་ནུས་ངས་འང།། འགག་ཚི་གང་དུ་ཡང་སོགས་པར་ཨོཾ་ཧྲཱི་ཙྪཀྵཱི་མྦྷ་འི་དྲུང་མཽང་ནང་འདི་ན་དྲང་མོ་འི་ཞེས་རྟོག་བྱེ་། དེ་ནང་དུ་མྱེད་ས་བཅུགས་ཕྱིཚུལ་དུ་སྐྱེས་པ་ཞེས་ཊཱིག ་དུ་བྱས་པ་སྦྱ་བཉིས་རྒྱགས་ནིས་ཚོགས་པ་རྒྱ་སྐྱེས་པ་དང་ཟློ་གས་པ་ས་དུ་ན་ཆོས་མི་ན་མི་ཅིག་། དེ་ང་དུ་འཛིན་རྒྱས་ཀྱི་ནས་གགས་ཀྱི ་བུད་མོད་ལ་བུད་མེད་ཅེས་རྟོག་གོ།། ཕྱི་རོལ་ཏུ་བུད་མེད་ལ་བུད་མེད་ཅེས་བརྟགས་ནས་ཆགས་པར་འགྱུར་ཏོ།། ཕྱི་རོལ་གྱི་བུད་མེད་དང་ཕྲད་པར་འདོད་དོ།། ཕྲད་པར་འདོད་པས་ཕྲད་པར་འགྱུརརོ།། ། ་ཕྲད་པའི་རྐྱེན་གྱིས་མེར་མེར་པོ་སྐྱེ་བར་འགྱུར་བའི་དུས་དེ་ཡོང་ངོ་།། རྒྱལ་པོ་ཆེན་པོ་གང་ལ་ཀུན་ཏུ་བརྟག་པ་དང་། གང་ཀུན་ཏུ་རྟོག་པ་དེ་གཉིས་ཀ་ཡང་མདོ།། བུད་མེད་ལ་ནི་བུད་མེད་མེད་དོ།། སྐྱེས་པ་ལ་ནི་སྐྱེས་པ་མེད་དོ།། ་དེ་ལྟར་མེད་ཅིང་ཡང་དག་པ་མ་ཡིན་པར་ཀུན་ཏུ་རྟོག་པ་སྐྱེས་སྟེ། ཀུན་ཏུ་རྟོག་པ་དེ་ཡང་ངོ་བོ་ཉིད་ཀྱིས་མེདདོ།། ཀུན་ཏུ་རྟོག་པ་ཇི་ལྟ་བ་དེ་བཞིན་དུ་ཕྲད་པ་དང་། མེར་མེར་པོ་ཡང་ངོ་བོ་ཉིད་ཀྱི་མེདོ།། གང་ངོ་བོ་ཉིད་ཀྱིས་མེད་པ་ཇི་ལྟར ་སྲ་བར་སྐྱེ་བར་འགྱུར།། རྒྱལ་པོ་ཆེན་པོ་དེ་ལྟར་ཀུན་ཏུ་རྟོག་པ་ཤེས་པར་བྱས་ནས་སྲ་བ་ཉིད་རྟོགས་པར་བྱ་སྟེ། ཅི་ནས་སྲ་བ་ནི་སྐྱེ་བའི་ཚེ་གང་ནས་མ་འོངས་པར་ཤེས་པར་བྱའོ།། རྒྱལ་པོ་ཆེན་པོ་འདི་ལྟར་གང་ལུས་འདི་དུར་ཁྲོད་ཀྱི ་མཐར་འགྱུར་བའི་དུས་དེ་ཡོད་དེ། དེའི་སྲ་བ་དེ་འཇིག་ཅིང་འགག་པར་འགྱུར་བའི་ཚེ་ཤཱར་ཕྱོགས་སུ་མི་འགྲོ། ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། སྟེང་དང་། འོག་དང་། ཕྱོགས་མཚམས་རྣམསུ་ཡང་མི་འགྲོ་སྟེ། ་རྒྱལ་པོ་ཆེན་པོ་ནང་གི་སའི་ཁམས་ནི་དེ་ལྟར་བལྟའོ།། སྔ་མ་བཞིན་དུ་དེ་ལ་རྒྱལ་པོ་ཆེན་པོ་དེ་ལྟར་སའི་ཁམས་ཏེ་འབྱུང་བ་ཡང་སྟོང་། སའི་ཁམས་འཇིག་པ་དང་། འབྱུང་བ་ཡང་ངོ་བོ་ཉིད་ཀྱིས་སྟོང་ངོ་།། རྒྱལ་པོ་ཆེན་པོ ་སའི་ཁམས་ནི་ཐ་སྙད་ཙམ་མ་གཏོགས་པར་སའི་ཁམས་ཉིད་མི་དམིགས་ཏེ། ཐུ་སྤྱང་དེ་ཡང་བུད་མེད་མ་ཡིན། སྐྱེས་པ་མ་ཡིན་གྱི། རྒྱལ་པོ་ཆེན་པོ་དེ་ལྟར་དེ་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཤེས་རབ་ཀྱི་རྟོགས་ཤིག་ཅེས་གསུངས ་སོ་དེས་ན་ཅི་ཞིག་ལ་དཔྱད་པར་བྱ་སྟེ། དཔྱད་པར་བྱ་བའི་ཡུལ་མ་ཡིནོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་དཔྱད་པ་དང་བྲལ་བའོ་ཞེས།། དེ་ལྟར་ལུས་དྲན་པ་ཉེ་བར་གཞག་པ་བསྟན་ནས། ཚོར་བ་དྲན་པ་ཉེ་བར་གཞག་པ ་བསྟན་པའི་ཕྱིར། ཚོར་བ་རྣམ་པརྀ་དཔྱད་པོ་གསུངསོ།། ཚོར་བ་ནི་རྣམ་པ་གསུམ་སྟེ། བདེ་བའི་ཚོར་བ་དང་། སྡུག་བསྔལ་གྱི་ཚོར་བ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བའོ།། དེ་ལ་གཟུགས་བཞིན་དུ ་ཚོར་བ་ཡང་དོན་དམ་པར་ཡོད་པ་ཡིན་ནོ།། ཇི་ལྟར་ཞེ་ན། གལ་ཏེ་སྡུག་བསྔལ་དེ་བདེ་བ་མ་ཡིན་པའི་མྱོང་བ་ཡིན་ལ། དེ་ཉིད་དུ་སྟེ་དོན་དམ་པར་ཡོད་པ་ཡིན་ན་དེའི་ཚེ་རབ་དག་ལ་མི་གནོད་དེ། དགའ་བ་དང་ལྡན་པའི་རྣམས་ཅིའི ་ཕྱིར་ན་སྡུག་བསྔལ་བར་མི་འགྱུར། བདེ་བ་ཡང་གལ་ཏེ་དོན་དམ་པར་ཡོད་ན། དེའི་ཚེ་མྱ་ངན་གདུང་སོགས་ལ་སྟེ། སོགས་པའི་སྒྲ་ནི་འདོད་པ་དང་། འཇིགས་པ་དང་། བསྐོས་པ་ལ་སོགས་པས་གདུངས་པ་ལའོ།། ཞིམ་སོ ་ནི་གལ་ཏེ་བདེ་བ་ཡིན་ནའོ།། ཞིམ་པ་ལ་སོགས་པ་ནི་རོ་མཆོག་གི་བཟའ་བ་དང་། བཏུང་བ་ལ་སོགས་པའོ།། སོགས་པའི་སྒྲས་ནི་མེ་ཏོག་དང་ཙན་དན་ལ་སོགས་པའི་བདེ་བ་གཟུང་སྟེ། བདེ་བའི་རྒྱུ་ཡིན་པའི་ཕྱི་རོ།། གལ་ཏེ་བདེ ་བ་ཡིན་ན་ཅི་སྟེ་རྒ་བར་མི་བྱེད་གལ་ཏེ་དངོས་པོ་ཡོད་པའི་རང་བཞི་ནོ།། བརྒྱ་ལ་ཡང་བཟློག་པར་སྲོ་བར་མ་ཡིནོ།། དེ་ལྟ་བས་ན་བདེ་བ་དང་སྡུག་བསྔལ་མྱོང་བར་བྱ་བ་ནི། རྟོགས་པས་གཞག་པ་ཉིད་ཡིནོ།། ་དེ་བརྗོད་པ་ནི་ཅི་སྟེ་རབ་དགའ་ལ་མི་གནོད་ཅེས་སོ།། དེ་ལ་གཞན་གྱིས་ལན་འདེབས་པ་ནི་སྟོབས་དང་ལྡན་པ་ཞེས་སྨོས་སོ།། རབ་ཏུ་དགའ་བའི་གནས་སྐབས་ན། སྡུག་བསྔལ་རྣམ་པ་ཐམས་ཅིད་དུ་མེད་པ་ནི་མ་ཡིན་ནོ།། འོན་ཀྱང་ཕུལ་དུ ་བྱུང་བའི་འཇུག་པའི་བདེ་བས། མི་མངོན་པར་བྱས་པ་ལས་ཡོད་ཀྱང་ཉམསུ་མྱོང་བ་མ་ཡིན་ནོ།། སྟོབས་དང་ལྡན་པ་ནི་ཤིན་ཏུ་སྟོབས་དང་ལྡན་པས་སོ།། ཟིལ་མནན་ཕྱིར་ནི་མངོན་པར་ཟིལ་གྱིས་མནན་ཅིང་ཉེ་བར་བཅོམ་པས་སོ།། དེ ་གལ་ཏེ་ཡོད་ན་ཡང་བདེ་བ་མྱོང་བ་མ་ཡིན་ཏེ། རིག་པར་བྱ་བ་མ་ཡིན་ནོ་ཞེས་བརྗོད་དོ།། དེའི་ཚེ་འདི་ནི་རིགས་པ་མ་ཡིནོ་ཞེས། གང་ཞིག་ཉམས་མྱོང་ཞེ་བ་ལ་སོ་ཌཔ་སྨོས་ཏེ། མྱོང་པ་ཉིད་ནི་ཚོར་བའི་རང་བཞིན་ཉིད་དོ།། ཇི་ལྟར་ཏེ་རྣམ་པ ་གང་གིས་སོ།། བདེ་བ་དེའི་གསལ་བ་གང་ཞིག་ཉམས་མྱོང་བདག་ཉིད་མིན་ན་སྟེ། གང་གིས་ཉམ་སུ་མྱོང་བའི་རང་བཞིན་མ་ཡིན་ནའོ།། མྱོང་བར་བྱེད་པས་མྱོང་བ་ཞེས་བརྗོད་དོ།། མྱོང་བ་ནི་ཉམ་སུ་མྱོང་བ་ཞེས་བྱ་བའི་ཚིག་ལས ་སོ། གལ་ཏེ་ཡང་མྱོང་བར་བྱ་བ་མ་ཡིན་པ་ཡང་མྱོང་བར་འགྱུར་ན། དེའི་ཚེ་ཅུང་ཟད་ཀྱང་མྱོང་བ་མ་ཡིན་པ་མེད་པར་ཐལ་བར་འགྱུར་རོ།། འོན་ཏེ་དེ་ལྟར་ན་ཡང་རྣམ་པ་ཐམས་ཅད་དུ་མ་མྱོང་བ་ནི་མ་ཡིན་ཏེ། འོན་ཀྱང་ཉམ་སུ་མྱོང་བ་ན་ཡང ་ཕྲ་བས་ཉམ་སུ་མྱོང་བ་དང་འདྲ་བ་ཡིན་ནོ་ཞེས། སྡུག་བསྔལ་ཞེས་པ་ལ་སོགས་པ་སྨོས་ཏེ། ཕྲ་མོ་ཉིད་དེ་ཉེ་བར་མ་མཚོན་པ་ཉིད་ཀྱིས་སོ།། སྡུག་བསྔལ་ཡོད་ཅིང་བདོག་པའོ།། འོ་ན་བདེ་བ་སྟོབས་དང་ལྡན་པ་འདི་ལ་ཅི ་ཞིག་བྱས་ཤེ་ན། འདིའི་རག་པ་བསལ་ཡིན་ནུ་མ་ཞེས་ཏེ། རབ་ཏུ་དགའ་བའི་གནས་སྐབས་ན་རབ་ཏུ་འཇུག་པའོ།། སྟོབས་དང་ལྡན་པའི་བདེ་བས་དྲེགས་ཤིང་སྟོབས་དང་ལྡན་པས་སྡུག་བསྔལ་འདི་བསྔལ་ཅིང་ཟིལ་གྱིས་མནན ་པ་མ་ཡིན་ཞེས་པ་ནི་གཞན་ལ་འབོད་པའོ།། ཀྱེ་གལ་ཏེ་ཁྱོད་དེ་ལྟར་འདོད་ན་ཕྲ་བ་ཞེས་བྱ་བའི་སྡུག་བསྔལ་བདེ་བ་ཉམ་སུ་མྱོང་བའི་དུས་ན། ཅུང་ཞིག་ཀྱང་དམིགས་པ་མ་ཡིན་ཏེ། དེས་ན་ཅི་ཞིག་དེའི་ཕྲ་བ་ཡིན་ཞེས་བརྗོད་པར་བྱ་ཞེ ་ན། འོན་ཏེ་དེ་ནི་དེ་ལས་གཞན་དགའ་ཙམ་ཞེས་ཏེ། དེ་ལས་ནི་ཕུལ་དུ་བྱུང་བའི་བདེ་བ་ལས་སོ།། གཞན་དགའ་ཙམ་ནི་གཉིས་པ་བདེ་བ་ཙམ་སྟེ། ཤིན་ཏུ་ཆུང་བའི་བདེ་བའི་ཆ་ཙམ་དུ་གྱུར་པ་སྟེ། སྡུག་བསྔལ་ཕྲ་བར་འགྱུར་རོ་ཞེས ་གལ་ཏེ་མངོན་པར་འདོད་དོ་ཞེ་ན། ཅི་སྟེ་དེའང་དེའི་ཕ་ཉིད་སྟེ། གཞན་རབ་ཏུ་དགའ་བ་ཙམ་བདེ་བ་འདིའི་ཕྲ་བ་ཙམ་ཡིན་ན་སྡུག་བསྔལ་མ་ཡིན་ཏེ། དགའ་བ་བདེ་བའི་རིགས་ཡིན་པའི་ཕྱིར་རོ།། དེའི་ཕྱིར་སྡུག་བསྔལ་གྱི་ཕྲ་བ ་ཉིད་ནི་བདེ་བ་མྱོང་བའི་རང་བཞིན་གྱི་དུས་ན་མེད་དོ་ཞེས་པ་ཡིན་ནོ།། དེ་ལྟ་ན་ཡང་སྡུག་བསྔལ་ནི་བརྟགས་པས་གློ་བུར་བ་ཡིན་ཏེ། འདི་ལྟར་རྒྱུ་མ་ཚང་བའི་ཕྱིར། བརྒྱ་ལ་དམིགས་པ་མ་ཡིནོ་ཞེས། འདི་རོ་གལ་ཏེ་འགལ་རྐྱེན་ཞེས ་པ་ལ་སོགས་པ་སྨོས་ཏེ། སྡུག་བསྔལ་དང་འགལ་བའི་བདེ་བའི་རྐྱེན་ནི་རྒྱུ་སྟེ་གང་རེག་པའོ།། དེས་སྐྱེས་པས་ཏེ། མངོན་པ་ཕྱོགས་པ་ཡོད་པ་ནའོ།། ཡང་ན་འགལ་བའི་རྐྱེན་བདེ་བའི་རྒྱུ་སྐྱེས ་ཤིང་སྐྱེ་བ་ན་འམ། འགལ་བའི་རྐྱེན་གངྒཱ་ཡིན་པ་ཞེས་པའོ།། དེ་སྐྱེས་པ་ན་ཡང་སྟེ་རབ་ཏུ་དགའ་གནས་སྐབས་ན་རྒྱུ་དང་བྲལ་བའི་ཕྱིར་སྡུག་བསྔལ་མ་སྐྱེས་པོར་བརྗོད་དོ་ཞེ་ན། དེའི་ཚེ་རྟོགས་པས་མངོན་པར་ཞེན་པ་ཉིད་ཀྱི་ཚོར ་བཞེན་པ་འོངས་པ་ཉིད་མ་ཡིན་ནམ། ཅི་སྟེ་གང་དེ་ཉིད་ནི་ཁོ་ཅོག་གི་བརྗོད་པ་དེ་ཉིད་ད་ལྟར་གྲུབ་ཅིང་འོངས་པ་ཡིན་ཏེ། ཅི་ཞིག་རྟོགས་པས་མངོན་པར་ཞེན་ཅིང་། རྟོགས་པས་བྱས་པའི་མངོན་པར་ཞེན་པར་བྱེད། ཉིད་ཅེས་པ་ནི ་ངེས་པར་གཟུང་བའི་དོན་ཏེ། དེ་ཉིད་ཚོར་བ་བདེ་བ་དང་། སྡུག་བསྔལ་དང་། དེ་དག་ལས་གཞན་པ་ཡིན་ཏེ། གཞན་དངོས་པོའི་བདེ་བ་ལ་སོགས་པ་འམ། བདེ་བ་ལ་སོགས་པའི་རྒྱུ་ཡོད་པ་མ་ཡིན་ནོ།། འདི་ལྟར་ཡང་གཉུག ་མའི་རང་བཞིན་དང་བྲལ་བ་ན་ཡང་གང་ཞིག་བདེ་བའི་རྒྱུ་ཉིད་དུ་ཡོངསུ་བརྟགས་པ་དེ་མངོན་པར་ཞེན་པ་ལས་བདེ་བ་མྱོང་ངོ་ཞེས་སྐྱེ་བར་འགྱུར་ཏེ། གཞན་འདི་ལས་གཞནོ།། གཞན་དུ་ཇི་ལྟར་གང་ཉིད་གཞན་སྡུག་བསྔལ ་གྱིས་སྒྲུབ་པར་བྱེད་པ་དེ་ཉིད་གཞན་བདེ་འགའ་ཞིག་གི་སྒྲུབ་པར་བྱེད་པར་འགྱུར། གཅིག་པོ་དེའི་གང་ཞིག་སྒྲ་ཐོས་པ་ལ་ཀྱང་སྡུག་བསྔལ་དུ་འགྱུར་ན་ཡང་དུས་གཞན་དུ་མཐོང་བ་ལས་དགའ་བའི་ངོ་བོ་སྐྱེ་བར་འགྱུར་ཏེ། དེ ་ལྟ་བས་ན་བདེ་བ་ལ་སོགས་པ་དང་། དེའི་སྒྲུབ་པའི་ཐབས་ནི་བརྟགས་པ་ཡིན་ཏེ། དངོས་པོ་མ་ཡིནོ་གསུངས་པ་ཡིན་ཏེ། སྦྲུལ་ནི་རྨ་བྱའི་བདེ་བའི་ཆེ་དུ་སྐྱེ་འགྱུར་ཏེ། དུག་ལ་གོམས་པ་དང་ལྡན་དུག་ནི་བཅུད་ལེན་ཡིན།། ཚེར ་ས་རྔ་མོའི་ཞི་བ་ཡི་ཟུག་རྔུ་ནི།། དགའ་བའི་ཁྱད་པར་གྱིས་ནི་རྒྱུ་རུ་འགྱུར་ཞེསོ།། ཚོར་བ་མངོན་པར་ཞེན་པའི་རང་བཞིན་ཡིན་པས་རྣམ་པར་དཔྱད་པ་ཉིད་ཀྱིས་ལྡོག་ནུསོ་ཞེས་བསྟན་པའི་ཕྱིར། དེ་ཉིད་ཕྱིར་ན་ཞེས་པ་ལ་སོ་ཌ ་པ་གསུངས་ཏེ། གང་ཉིད་ཀྱི་ཕྱིར་ཚོར་བ་མངོན་པར་ཞེན་པ་དེ་ཉིད་ཀྱི་ཕྱིར་རྣམ་པར་དཔྱོད་པ་འདི་ནི་རྣམ་པར་རྟོག་པ་འདི་ཡིན་ལ། བདེ་བ་ལ་སོགས་པ་མངོན་པར་ཞེན་པའི་ངོ་བོ་འདིའི་གཉེན་པོ་སྟེ། འགལ་འགེགས་ཀྱི་རྒྱུ་ཡིན ་པའི་ཕྱིར་རོ།། བསྒོམ་པ་ནི་སེམས་པར་བྱེད་པ་ཡིན་ལ། དེའི་སྒྲུབ་པར་བྱེང་པ་མེད་ན་དེའི་མངོན་པར་ཞེན་པ་མེད་པའི་ཕྱིར་རོ།། གཞན་ཡང་འདིས་ཀྱང་ཚོར་བ་མངོན་པར་ཞེན་པ་ཡིནོ་ཞེས་བསྟན་པའི་ཕྱིར། རྣམ་རྟོག་ཅེས་པ་ལ་སྨོཌ ་པ་གསུངས་ཏེ། དེ་ཉིད་ཀྱི་ཕྱིར་ཞེས་པ་ནི་འདིར་ཡང་འབྲེལ་ཏོ།། རྣམ་པར་རྟོག་པ་ཉིད་ཞིང་ཡིན་ཏེ། སྐྱེ་བའི་ས་ཡིན་པའི་ཕྱིརརོ།། དེར་སྐྱེས་པ་ནི་ཡང་དག་པར་བྱུང་བའོ།། བསམ་གཏན་ནི་འདོད་པ་དང་བྲལ་བ་དང་། སྡིག་པ་མི ་དགེ་བའི་ཆོས་རྣམས་དང་བྲལ་བས། རྟོག་པ་དང་བཅས་པ་དང་དཔྱོད་པ་དང་བཅས་པ་དང་། ཏིང་ངེ་འཛིན་ལས་བྱུང་བའི་དགྲ་བ་དང་བདེ་བ་ཞེས་པ་ལ་སོགས་པའི་བསམ་གཏན་ནི་བསྒོམ་པ་ཡིན།། ཏིངངེ་འཛིན་ནི་སྙོམས་པར་འཇུག་པའི ་ཡིན་ནོ།། རྣམ་པར་རྟོག་པ་ལས་བྱུང་བ་ཡིན་པའི་ཕྱིར་རོ།། དེ་ཉིད་ཟས་ཡིན་ལ་ལུས་ཚིམ་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་ཏེ། གང་རྣམས་ཀྱི་དེ་དག་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། གང་རྣམས ་ཀྱིས་ཤེས་ན། རྣལ་འབྱོར་པའི་སྟེ། འདི་ནི་གང་གི་ཕྱིར་ཏེ། རྟོག་པས་སྤྲུལ་པའི་དགའ་བ་དང་བདེ་བའི་ཟས་ཀྱིས་གཟུང་བའི་ལུས་ནི་རྣལ་འབྱོར་པའི་ཡིན་ནོ།། དེ་ལྟ་བས་ན་ཚེར་བ་ནི་རྟོག་པའི་མངོན་པར་ཞེན་པ་ཡིན་ནོ་ཞེས ་གྲུབ་བོ།། དེ་ལྟར་རྒྱུ་ཁསོ་བླངས་ནས་ཚོར་བར་མངོན་པར་ཞེན་པར་བསྟན་པའི་ཕྱིར་ནི་རྒྱུ་ཉིད་མི་སྲིད་པའི་ཕྱིར་ཚོར་བ་དངོས་པོ་ལ་ཡོད་པ་ཉི་དུ་མི་རིགས་པར་བསྟན་པའི་ཕྱིར་རོ།། གལ་ཏེ་དབང་དོན་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། འདིར་བསྡུས་པའི་དོན་ནི་འདི་ཡིན་ཏེ། རེག་པའི་རྐྱེན་གྱིས་ཚོར་བ་ཡིན་ལ། ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་གསུམ་པོ་དག་འདུས་པ་ནི་རིག་པ་ཡིན་ཏེ། རེག་པ་དུག་འདུས་པ་ལསོ་བྱུང་ཞེས་པའི་ཚིག ་ལས་སོ།། གསུམ་འདུས་པ་ལ་བྱུང་བའི་རེག་པ་ཉིད་དེ་ཡང་རིག་པ་མ་ཡིན་ལ། དེའི་རྐྱེན་གྱིས་ཚོར་བ་གང་ལས་འགྱུར། འདི་ལྟར་ཡང་དབང་དོན་པར་དང་བཅས་པར་འགྱུར་བ་འམ། བར་མེད་པར་འགྱུར་བ་ཡིན། དེ ་ལ་དབང་པོ་དང་ཡུལ་ཏེ། དབང་པོ་དང་ཡུལ་དག་པར་དང་བཅས་པ་སྟེ། བར་དང་བཅས་པ་གལ་ཏེ་ཡིན་ན་དེའི་ཚེ་ཕྲད་པ་སྟེ། འདུས་ཤིང་ཚོགས་པ་གང་ལས་འགྱུར།། དབང་པོ་དང་དོན་འདི་དག་ཕྲད་པར་རིགས་པ་མ་ཡིན ་ཏོ། རིག་པ་ཡང་འདུས་པ་ལ་བརྗོད་ལ་བར་ཆོད་པ་ཡིན་ན་ཡང་དེར་ཇི་ལྟར་འགྱུར་ཞེས་དགོངས་པ་ཡིན་ནོ།། འོན་ཏེ་གཉིས་པའི་རྣམ་པ་ཡིན་ན་དེ་ཡང་རིག་པ་མ་ཡིནོ་ཞེས་བསྟན་པའི་ཕྱིར། བར་མེད་ན་ཡང་ཞེས་པ ་ལ་སོགས་པ་གསུངས་ཏེ། བར་མེད་ན་ཡང་བར་ཆད་མེད་པ་ཡིན་པས་གཅིག་ཉིད་ཡིན་ཏེ། དབང་པོ་དང་ཡུལ་དག་དེའི་བདག་ཉིད་ཡིན་ནོ།། ཆ་ཆུང་ཞིག་གིས་ཀྱང་གལ་ཏེ་ཆོད་པ་མ་ཡིན་ནུ་དེ་ལྟ་ན་ཡང་བདག་ཉིད་ཐམས ་ཅད་ཀྱིས་བར་མེད་པར་འགྱུར་རོ།། བདག་ཉིད་ཐམས་ཅད་ཀྱིས་དེར་འདུས་པ་ཡིན་ན་ཡང་དེ་ཉིད་ཡིན་ནོ།། དེ་ལྟར་ན་ཡང་གང་ཞིག་གང་དང་ཕྲད་པར་འགྱུར་ཏེ། གཅིག་ཡིན་ན་ཐ་དད་མེད་པའི་ཕྱིར། གང་ཞིག་གང་དང་ཕྲད ་པར་འགྱུར། བདག་ཉིད་བདག་དང་ཕྲད་པ་ནི་རིགས་པ་མ་ཡིན་ནོ།། དེ་ལྟ་ན་ཡང་རྡུལ་ཕྲ་རབ་རྣམས་ཆ་ཤས་མེད་པ་ཉིད་དངོས་པོ་ལ་ཕྲད་པ་ཡིན་ལ། དེ་ལ་ཆ་ཤེས་དང་ལྡན་པའི་ཕྲད་པ་མ་ཡིན་ཏེ། རགས་པ་ཉིད་ལ་དེ་སྲིད ་པའི་ཕྱིར་རོ།། དེ་ལ་ཡང་ཕྲད་པ་སུན་ཕྱུང་བ་ཉིད་ཀྱིས་ཅུང་ཟད་ཅིག་སུན་ཕྱུང་བ་མ་ཡིནོ་ཞེ་ན། འདི་ལ་རྡུལ་ཕྲན་ཞེས་པ་ལ་སོགས་པ་གསུངས་ཏེ། རྡུལ་ཕྲ་རབ་རྣམས་ལེ་ཡང་། འདི་ལྟར་ཕྲད་པར་རིགས་པ་མ་ཡིན་ཏེ།། ་གང་གི་ཕྱིར་རྡུལ་ཕྲ་རབ་གཅིག་ཀྱང་རྡུལ་ཕྲ་རབ་གཞན་ལ་འཇུག་པ་མེད། ནང་དུ་འཇུག་པ་ཡོད་པ་མ་ཡིན་ནོ།། ཅིའི་ཕྱིར་ཞེ་ན། དེ་ནི་གང་གི་ཕྱིར་ཏེ། སྐབས་མེད་ཅིང་རྡུལ་ཕྲ་རབ་ལ་མཚམས་མེད་པའོ།། མཉམ་པ་དེ་མཚུངས ་པ་ཡིན་ཏེ། མཐོ་བ་དང་དམའ་བ་མེད་པའི་ཕྱིརརོ།། དེའི་ཕྱིར་ཇི་ལྟར་ཆ་མེད་པ་ལ་ཕྲད་པ་ཡོད། དེ་ལྟར་ཡིན་ནཱ་ཡང་རྡུལ་ཕྲ་རབ་རྡུལ་ཕྲ་རབ་ལ་འཇུག་པར་མ་གྱུར་མོད། ཕྲད་པ་ཙམ་འབའ་ཞིག་ནི ་ཡོད་པ་ཡིན་ཏེ། དེ་ལྟ་བས་ན་བསྒྲུབ་བྱ་གྲུབ་པ་མ་ཡིན་ནོ་ཞེས། མ་ཞུགས་ཞེས་པ་ལ་སོགས་པ་གསུངས་ཏེ། རྡུལ་ཕྲ་རབ་ནི་བདག་ཉིད་ཐམས་ཅད་ཀྱིས་འབྲེལ་པ་ནི་ཕྲད་པ་ཡིན་ཏེ། གཞན་དུ་ན་ཆ་ཤས་དང་བཅས་པར ་ཐལ་བར་འགྱུར་བའི་ཕྱིར་རོ།། དེ་ལྟར་ན་ཡང་དེའི་རང་བཞིན་བདག་ཉིད་ཐམས་ཅད་ཀྱིས་ཁྱབ་པ་ཡིན་ཏེ། དེ་ལྟར་ན་དེའི་རང་བཞིན་མ་འདྲེས་པ་ལ་ཕྲད་པ་མེད་པར་འགྱུར་རོ།། དེ་ལ་འདྲེས་པ་ཉིད་ནི་དེ་ལ་ཞུགས་པ་མེད ་པར་འགྱུར་བ་མ་ཡིན་ནོ།། འདིར་མི་ཞུགས་ཤིང་ཞུགས་པ་མེད་པ་ཡིན་ན་འདྲེས་པ་མ་ཡིན་ལ། ཐ་དད་པའི་རང་བཞིན་མ་ཡིན་ན། མ་འདྲེས་པལ་སྟེ་འདྲེས་པ་མེད་པ་ལ་ཕྲད་ཅིང་ཚོགས་པ་མ་ཡིན་ནོ།། ཆུ་མེད་པ་ཡང་རྣམ ་པ་ཐམས་ཅད་དུ་ཕྲད་པར་རིག་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཆ་མེད་པའང་ཞེས་པ་ལ་སོགས་པ་གསུངས་ཏེ། ཆ་མེད་པ་ནི་སྟོང་པ་ཉིད་ཀྱི་དངོས་པོ་ཡིན་ལའང་ཞེས་པ་ནི་ཉེས་པའི་གཞན་སོགས་པ་ཡིན་ནོ།། ་ཕྲང་པ་ནི་ཚོགས་པ་ཞེས་བྱ་བ་ཡིན་གདེཇི་ལྟར་འཐད་པར་འགྱུར་ཏེ། ཞེས་སྨོས་པ་ནི་སྲིད་པའི་ཚིག་སྟེ། རྔ་ལྟར་ཕྲད་པར་རིག་པར་འགྱུར། ཕྲ་བ་ཐམས་ཅད་ཀྱང་ངེས་པར་ཆ་གཅིག་གི་སྒོ་ནས་འགྱུར་བར་བྱའོ།། ཡང ་གང་ལ་ཆ་མེད་པ་ཉིད་དེའི་ལུས་ཀྱིས་ཆུ་མེད་པ་ལས་མེད་པ་ཉིད་ཐོབ་བོ་ཞེས་དགོངསོ།། འདི་ལ་ཆུ་ཙམ་ཡང་ཚད་མས་རྟོགས་པ་གང་ན་ཡང་ནི་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། རྣམ་ཤེས་ལུས་མེད་པ་ཞེས་པ་ལ ་སྩོགས་པ་གསུངས་ཏེ། ནི་ཞེས་པ་ནི་ཤིན་ཏུ་བསྒྲུབ་པ་སྟེ། རྣམ་པར་ཤེས་པ་ནི་ཡུལ་རྣམ་པར་རིག་པ་ཡིན་ལ། ཡང་ཕྲད་པར་འཐད་པ་མ་ཡིན་ཏེ། རིག་པ་མ་ཡིན་ནོ།། ཅིའི་ཕྱིར་ཞེ་ན། ལུས་མེད་པའི་ཕྱིར་ཞེས་ཏེ། འདི་གཏན ་ཚིགས་ཀྱི་ཚིགས་ཡིན་ལ། ལུས་ཀྱིས་སྟོང་པའི་རྣམ་པར་ཤེས་པ་ནི་སྟེ། ལུས་མེད་པའི་ཕྱིར་ཞེས་པའི་དོན་ཏོ།། ཕན་ཚུན་འབྲེལ་པ་ཉིད་ནི་ཕྲད་པ་ཡིན་ལ། དེ་ཡང་ལུས་དང་ལྡན་པ་ཉིད་ལ་ཡོད།། གང་ལ་ཡང་ལུས་མེད ་པ་དེ་ལ་ཇི་ལྟར་ཕྲད་པར་འགྱུར། དེ་ལྟར་ན་གསུམ་ག་ལ་ཡང་ཕྱུད་པ་བཀག་ནས། ད་ནི་ཚོགས་པ་ཉིད་དངོས་པོ་ལ་ཡོད་པ་མ་ཡིནོ།། ཞེས་བསྟན་པའི་ཕྱིར། ཚོགས་པ་ཞེས་པ་ལ་སོགས་པ་གསུངས་ཏེ། འང་གི་སྨྲས ་ནི་ཉེས་པ་གཞན་སྡུད་པ་ཡིན་ལ། ཚོགས་པའང་སྟེ་བདུས་པ་ཡང་ངོ་།། རྟའི་རྭ་བཞིན་དུ་དངོས་པོ་མེད་ཕྱིར་ཏེ། དངོས་པོ་དེ་ཁོ་ན་ཉིད་དང་བྲལ་བའི་ཕྲད་པ་ཉིད་དུ་རིགས་པ་མ་ཡིནོ་ཞེས་རང་བཞིན་དང་འབྲེལ་ཏེ་ཚོགས་པ་ཉིད ་མེད་པའི་ཕྱིར་རོ།། ཇི་ལྟར་ཡང་དངོས་པོ་མེད་པ་ཉིད་ཡིན་ཞེ་ན། སྔར་ནི་ཇི་ལྟར་རྣམ་དཔྱད་བཞིན་ཞེས་ཏེ། ཇི་ལྟར་སྔར་གཏན་ལ་ཕབ་པ་བཞིན་ཡིན་ཏེ། དེ་བཞིན་སོར་མོའི་ཚོགས་ཉིད་ཅེས་པ་ལ་སོགས་པ་གསུངསོ།། རྒྱུ ་མེད་པ་ཉིད་འཇུག་བསྡུ་བའི་ཕྱིར། དེ་ལྟར་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལྟ་བས་ན་བསྟན་པའི་རིམ་པས་རེག་པ་ཡོད་མིན་ཏེ། གསུམ་འདུས་པ་མེད་པ་ན་ཚོར་བ་མེད་པ་ཡིན་ལ། ་ཚོར་བ་ནི་བདེ་བ་ལ་སོགས་པའི་ངོ་བོ་ཡིན་ཏེ། འབྱུང་བ་ནི་སྐྱོ་བ་ཡིན་ལ། དེ་གང་ལས་རིགས་པར་འགྱུར་བ་ཡིན་ཏེ། རྒྱུ་མེད་པ་ན་འབྲས་བུ་སྲིད་པ་མ་ཡིནོ།། དེའི་ཕྱིར་དོན་དམ་པར་ཚོར་བ་མེད་པར་ཕན་པ་དང་ཕན་པ་མ ་ཡིན་པའི་ཡུལ་མེད་པའི་ཕྱིར་ཅིའི་དོན་དུ་ངལ་བའི་དི་ཡིན། བདེ་བ་དང་སྡུག་བསྔལ་སྤང་བའི་ཆེད་དོན་དག་ཏུ་ངལ་བ་བྱེད་པ་ཡིན་ན། དེ་ཅིའི་ཕྱིར། ནམ་མཁའ་ལྡང་པའི་དོན་བཞིན་དུ་རིགས་པ་མ་ཡིན་ཞེས་དགོངསོ།། བདེ་བ ་བསྒྲུབ་པའི་ཚོད་དུ་ངལ་བར་མ་གྱུར་མོད།། སྡུག་བསྔལ་ཤིན་ཏུ་བཟོད་པར་མི་ནུས་པའི་ཕྱིརརོ།། དེ་སྤང་བའི་དོན་དུ་འགྱུར་རོ་ཞེ་ན། གང་ལས་གོང་ལ་གནོད་པར་འགྱུར་ཞེས་གསུངས་ཏེ། ཚོར་བ་རྣམ་པར་དཔྱད་པས་རང ་བཞིན་མེད་པའི་ཕྱིར་ཇི་ལྟར་གནོད་པའི་ཡིན་ཏེ་རྣམ་པར་དཔྱད་པས་སོ།། བདག་ལ་སོགས་པ་སྔར་བསལ་བའི་ཕྱིར་ཚོར་བ་པོ་མེད་པའི་ཡིན་ནོ།། དགོད་པར་བྱེད་པའི་རྒྱུ་ཡང་རྣམ་པར་རྟོག་པས་བརྟགས་པའི་ཕྱིར་དོན་དམ ་པར་ཡོད་པའི་མི་ཡིནོ།། དེའི་ཕྱིར་དེ་ལྟར་ན་གང་གི་གནོད་པར་འགྱུར་ཏེ། སྡུག་བསྔལ་གྱི་ཚོར་བ་དང་བྲལ་བའི་ཕྱིར་གནོད་པར་བྱེད་པའི་རྒྱུ་དང་བྲལ་བའི་ཕྱིར་གང་ལས་འགྱུར་ཏེ། དོན་དམ་པར་གང་གི་ཡང་གང་ལས་ཀྱང ་འགྱུར་བ་མ་ཡིན་ནོ།། དེ་ལྟ་བུས་ན་ཚོར་བ་པོ་མེད་པའི་ཕྱིར་ཚོར་བ་ཡང་རིག་པ་མ་ཡིན་ནོ།། དེ་ནི་ཚོར་བ་མེད་པའི་ཕྱིར་དེའི་རྐྱེན་ལས་བྱུང་བའི་སྲེད་པ་ཡང་རྒྱུ་དང་བྲལ་བའི་ཕྱིར་དོན་དམ་པར་སྐྱེ་བར་རིགས་པ་མ་ཡིནོ་ཞེས ་བསྟན་པའི་ཕྱིར། གང་གི་ཚེ་ཞེས་པ་ལ་སོགས་པའི་གསུངས་ཏེ། གང་གི་ཚོར་བ་མྱོང་བ་དེ་ནི་ཚོར་བ་པོ་ཡིན་ལ། གོང་གིས་ཚེ་བདག་ལ་སོགས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། དེ་མེད་པའི་ཕྱིར་དང་། དེ་མ་ཐག་ཏུ་དཔྱད། ་ཟིན་པའི་ཕྱིར་ཚོར་བ་ཡོད་པ་མ་ཡིན་ལ། དེའི་ཚེ་གནས་སྐབས་འདི་ལྟ་སྟེ། རྣམ་པ་འདི་ལྟ་བུ་ལའོ།། རང་གི་སྐྱེ་བ་དང་བྲལ་བ་མཐོང་ནས་ཏེ། དམིགས་ནས་སྲེད་པ་ཅིའི་ཕྱིར་ལྡོག་མི་འགྱུར་ཏེ། དེའི་སྡུག་བསྔལ་བས་སྡུག་བསྣོལ ་བར་འགྱུར་ན་ཡང་བལྟོས་པ་མེད་པ་ཉིད་དུ་ཅིའི་ཕྱིར་ལྡོག་པར་མི་འགྱུར། གང་ཞིག་ད་ལྟར་ཡང་དེ་དང་བདག་བྲལ་ཞིང་ལྡོག་པ་ཉིད་དུ་ཅི་སྟེ་དོར་བར་མི་བྱེད། དེ་ལྟར་གྱུར་ན་ཡང་གལ་ཏེ་ཚོར་བར་བྱེད་པ་པོ་མེད་པར་ཚོར་བ ་ཡང་མེད་པ་ཡིན་ན། གང་གིས་ན་འདི་ལྟར་བདེ་བ་བསྒྲུབ་པར་བྱེད་པ་ཉིད་ཀྱིས་དངོས་པོ་རྣམས་ལ་མཐོང་བ་ལ་སོགས་པའི་ཐ་སྙད་འཇུག་པར་འགྱུར་ཞེ་ན། འདི་ལ་མཐོང་བ་ཞེས་པ་ལ་སོགས་པ་གསུངས་ཏེ། མཐོང ་བ་ཡང་གང་མིག་གི་དབང་པོས་རེག་པ་ཡང་ལུས་ཀྱི་དབང་པོ་ལོས་སྐྱེས་པའི་སེམས་ཀྱིས་ཤེས་པས་སོ།། གལ་ཏེ་དེ་ལྟར་ན་སེམས་ཀྱིས་ཚོར་བ་པོ་དངོས་པོ་ལ་ཡོད་དོ་ཞེ་ན། རྨི་ལམ་སྒྱུ་འདྲའི་བདག་ཉིད་ཀྱིས་ཞེས ་གསུངས་ཏེ། རང་བཞིན་གྱིས་རྨི་ལམ་ལྟ་བུ་ཡིན་ལ། རང་བཞིན་གྱིས་སྒྱུ་མ་ལྟ་བུ་ཡིན་ནོ།། རྟེན་ཅིང་འབྲེལ་པར་འབྱུང་བ་ལསྭཱ་སྐྱེས་པའི་སེམས་ཉིད་ཀྱིས་ཡིན་གྱིས། དོན་དམ་པར ་ཡོད་པ་མ་ཡིན་ནོ།། ལན་འགའ་ཡང་དེ་ལས་ཐ་དད་པ་སེམས་ཀྱིས་མཐོང་བ་ནི་མ་ཡིན་ལ། ལྷན་ཅིག་སྐྱེས་པའི་ཕྱིར་ཏེ། སེམས་དང་ལྷན་ཅིག་སྐྱེས་པའི་ཕྱིར་རོ།། སེམས་དང་ལྷན་ཅིག་སྐྱེས་པ་ཉི་དུ་དེ་མཐོང་བ ་ཡིན་ཏེ། ཚོགས་པ་གཅིག་ལ་འབྲེལ་པའི་ཕྱིར་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་བསྡམ་གྱིས་མི་ཁྱབ་པའི་ཕྱིར།། དོན་དམ་པར་མཐོང་བ་ནི་ཡོད་པ་ནི་མ་ཡིན་ལཱ། གང་གིས་འདི་ལྟར་མཐོང་བའི་ཐ་སྙད་དུ་འགྱུར ་བ། ཚོར་བ་དེ་ཡིས་མཐོང་བ་མ་ཡིན་ཏེ། གོང་གིས་བདེ་བ་སྒྲུབ་པར་བྱེད་པ་ལ་སོགས་པའི་ཐ་སྙད་མཐོང་བ་ཡང་གཞན་ཉིད་ཡིན་པའི་རྒྱུ་དེས་ན་ཚོར་བ་མཐོང་བ་མ་ཡིན་ཏེ། དངོས་པོ་ལ་མཐོང་བ་མ་ཡིན།། འོན་ཏེ་དེ ་ལྟར་ན་ཡང་ལྷན་ཅིག་སྐྱེས་པ་མཐོང་བ་མ་ཡིན་ལ། འོན་ཀྱང་ཤེས་པ་ཡུལ་གྱི་རྣམ་པ་ཅན་གྱིས་དེ་སྐྱེ་བར་འགྱུར་བ་དུས་ཕྱི་མཱ་ལ་འཛིན་པར་བརྗོད་དོ།། ཞེ་ན། སུན་དབྱུང་བའི་དོན་དུ་སྔར་དང་ཤེས་པ་ལ་སོགས་པ ་གསུངས་ཏེ། ངེས་པར་སྤྱན་ཅིག་ཏུ་སྐྱེས་པའི་ཚོར་བ་ཡིན་ཏེ། གཞན་དུ་ན་སྔར་ཏེ་སྔར་བྱུང་བ་དང་། ཕྱི་མར་ཏེ་ཕྱིས་ཀྱི་དུས་ཀྱི་ཡིན་ལ། སྐྱེས་པ་སྟེ། བྱུང་བའི་ཤེས་པ་དེས་དྲན་པར་འགྱུར་གྱིས་མྱོང་བ་མ་ཡིན ་མྱོང་བ་མ་ཡིན་ལ་དྲན་པའི་ངོ་བོས་ཡུལ་དུ་བྱེད་པ་ཡིན་ལ་མངོན་སུམ་དུ་རིག་པ་མ་ཡིན་ཏེ། ཤེས་པ་དེའི་དུས་ན་དེ་འདས་པའི་ཕྱིར་རོ།། འདས་པ་ནི་རང་གིས་ངོ་བོས་མྱོང་བ་རིགས་པ་མ་ཡིན་ཏེ། མེད་པ་ཉིད་ཡིན་པའི ་ཕྱིར་རོ།། མྱོང་བ་ནི་རང་གི་ངོ་བོ་ཉམ་སུ་མྱེད་པ་ཡིན་ཏེ། དེ་ལྟ་བས་ན་འདི་ནི་དྲན་པ་ཙམ་ཡིན་ལ། དེ་ལ་རང་གི་ངོ་བོ་མྱོང་བ་ནི་རིག་པོ་མ་ཡིན་ནོ།། ཚོར་བ་ནི་རང་གི་ངོ་བོ་རྣམ་པར་འཇོག་པར་བྱེད་པའི་མཚན་ཉིད་དུ་རིགས་པ་མ ་ཡིན་ནོ་ཞེས་བསྟན་པའི་ཕྱིར། རང་གཽ་བདག་ཉིད་ཅེས་པ་ལ་སོགས་པ་གསུངས་ཏེ། རང་གི་བདག་ཉིད་དེ་རང་གི་ངོ་བོ་ཡིན་ལ། མྱོང་བ་མིན་ལ་སྟེ། རིག་པ་མ་ཡིན་ཏེ། རང་རིག་པ་སྔོར་སུན་ཕྱུང་བའི་ཕྱིརརོ།། དེ་ལྟར་ན ་ཤེས་པ་གཞན་དེས་ཚོར་བ་མྱོང་བ་ཡིན་ནོ་ཞེས། གཞན་དག་གིས་ཀྱང་མྱོང་བ་མ་ཡིན་ཞེས་གསུངས་ཏེ། གཞན་ཉིད་ཀྱིས་ནི་མ་ཡིན་ཏེ། དེ་དང་མཚུངས་པའི་དུས་སུ་བྱུང་བའི་ཞེས་པས་མྱོང་བ་མ་ཡིན་ཞིང་རིག་པ་མ་ཡིན། ་ཏེ། ཤེས་པ་བཞིན་ཤེས་པ་གཞན་གྱིས་མྱོང་བ་མེད་པའི་ཕྱིར་རོ།། ཚོར་བ་པོ་ཡང་ཡོད་པ་མ་ཡིན་ཏེ། གང་ལ་ཞེ་ན། ཚོར་བ་ཅུང་ཟད་ཀྱང་མ་མྱོང་བ་ལས་ཏེ། སེམས་སམ་གཞན་གྱིས་མྱོང་བ་ཚོར་བ་པོ་འགའ་ཡང ་ཡོད་པ་མ་ཡིན་ནོ།། དེས་ན་རྒྱུ་འདིར་ཚོར་བ་མེད་པ་ཡིན་ཏེ། ཚོར་བའི་མཚན་ཉིད་ཀྱིས་སྟོང་པའི་ཕྱིར་རོ།། མངོན་པར་ཞེན་པ་ལས་མ་གཏོགས་པ་ཚོར་བ་འདིར་དེ་ཁོ་ན་ཉིད་དུ་ཡོད་པ་མ་ཡིན་ལ། དོན་དམ་པར་ཡོད་པ་མ ་ཡིན་ནོ།། དེའི་རང་བཞིན་ངོ་བོ་རྟོགས་པར་བྱེད་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པའི་ཕྱིརོ།། དེ་སྐད་དུ་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས། འོན་ཀྱང་ཡང་ཚོར་བ་ནི་མངོན་པར་ཞེན ་།། ཚོར་བ་ནི་ཡོངསུ་འཛིན་པའོ།། ཚོར་བ་ནི་ཉེ་བར་ལེན་པའོ།། ཚོར་བ་ནི་དམིགས་པའོ།། ཚོར་བ་ནི་རྣམ་པར་རྟོགསོ་པའོ་ཞེས་བྱ་བ་ལ་སོགས་པ་གསུང་སོ།། ཆོས་ཡང་དག་པར་བསྡུ་བའི་མདོ་ལས་ཀྱང་གསུངས་ཏེ། ་ཚོ་བ་མྱོང་བར་བསྟན་པ། ཚོར་བ་པོ་ལས་ཚོར་བ་གཞན།། གུད་ན་ཡོད་པ་མ་ཡིན་ན།། གང་གིས་དེ་ནི་ཚོར་བར་འགྱུར།། བྱང་ཆུབ་ཅི་འདྲ་དེ་བཞིན་དུ།། ཞི་ཞིང་དག་ལ་འོད་གསལ་བར།། ཚེར་བ་འདི་ལ་མཁས་པ ་རྣམས།། དྲན་པར་དེ་འདྲ་ཉེ་བར་བཞགས་ཅེས་གསུངསོ།། དེ་ལྟ་བས་ན་ཚོར་བ་པོ་དང་ཚོར་བའི་རང་བཞིན་སྟོང་པ་ཡིན་ལ།། ཅི་ངོ་ལྟ་བས་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ལ། བྱ་བ་མེད་པ་ཡིན་ཞིང་། བདག་པོ་མེད་པ ་སྒྱུ་མ་སྤྲོས་པ་བཞིན་དུ་དམིགས་པའི་སྤྱོད་ཡུལ་དུ་གྱུར་པའི་ལུས་འདྲི་སྣང་ངོ་།། དེའི་ཕྱིར་བདེ་བ་འམ་སྡུག་བསྔལ་བདག་གིས་འགྱུར་བ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་ལྟར་བདགྲ་མེད་ཅེས་པ་ལ་སོགས་པ ་གསུངས་ཏེ། བདག་མེད་པ་ལ་གང་གིསོ་ཡང་བདག་ལ་སོགས་པའི་རིགས་པ་པོ་མེད་པོས་བདག་པོ་མེད་པའི་ཚོགས་འདི་ལ་གཅིག་རྗེསུ་འགྲོ་བ་མེད་པའི་ཕྱིར་རྟེན་ཅིང་འབྲེལ་པོར་འབྱུང་བ་ཙམ་འདི་ལ། སྒྱུ་མའི་རང་བཞིན་དང ་འདྲག་དམིགས་པའི་སྤྱོད་ཡུལ་དུ་ཉེ་བར་གྱུར་པ་ཉིད་མིག་འཕྲུལ་བཞིན་དུ་མཐོང་ས། རྨད་དུ་འབྱུང་བ་སྨྲ་བ་ནི། འདི་ཅི་གནོད་པར་བྱ་ཞེས་ཏེ། འདིས་ཇི་ལྷུར་བརྗོད་པའི་རིམ་པས་མྱོང་བ་པོ་འགའ་ཡང་མེད་པ་དང་། ཚོར་བ་ཡང་དག་ཏུ ་ཡང་མྦེ་ནི། དོན་དམ་པར་ཚོར་བར་འདིས་གང་ལ་གནོད་པར་བྱ་སྟེ། སྡུག་བསྔལ་བར་བྱ་ལ་རྣམ་པར་དཔྱད་ནི་ཅུང་ཟད་ཀྱང་མ་ཡིན།། དེ་ལྟ་བས་ན་འདིས་ནི་ཕྱིན་ཅི་ལོག་གིས་རྣམ་པར་རྟོག་པ་ཉིད་ཀྱིས་བདེ་བ་ལ་སོགས་པའི ་སྒྲུབ་པར་བྱེད་པར་ཞེན་པ་ཡིན་ནོ།། དེ་ལྟར་ན་འདི་ནི་ཚོར་བ་དྲན་པ་ཉེ་བར་གཞག་པ་བསྟན་པ་ཡིནོ།། ད་ནི་སེམས་དྲན་པ་ཉེ་བར་གཞག་པ་བསྟན་པའི་ཕྱིར། ཡིད་ནི་དབང་རྣམས་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལ་དྲུག ་པོའི་མཐོའ་ཡིད་ཀྱིས་རྣམ་པར་ཤེས་པ་ལ་རྟོག་པར་མཛད་པ་ཡིན་ཏེ། འདི་ལྟར་ཡང་གང་ན་ཡིད་ཀྱི་རྣམ་པར་ཤེས་པ་འདི་ཉེ་བར་གནས་པར་འགྱུར་ཏེ། དེ་ལ་རེ་ཞིག་དབང་པོ་རྣམས་ཏེ། མིག་ལ་སོགས་པ་རྣམས་ལ་ཡིད ་གནས་ཤིང་། ཉེ་བར་གནས་པར་འགྱུར་བ་མ་ཡིན་ནོ།། གཟུགས་ལ་སོགས་པའི་ཡུལ་རྣམས་ལ་ཡིད་ཉེ་བར་གནས་པ་མ་ཡིན་ལ། བར་ནའང་ཡིན་ཏེ་དབང་པོ་དང་ཡུལ་གྱི་ཉེ་བར་ཏེ་དེ་ན་ཡང་གནས་པ་མ་ཡིན་ཏེ། གཅིག་ཏུ ་ཡང་ངེས་པའི་རང་བཞིན་མ་ཡིན་པའི་ཕྱིར་རོ།། ནང་ན་ཡང་སེམས་མིན་ཕྱི་མིན་ཞེས་ཏེ། ནང་སྟེ་ལུས་ཀྱི་དབུས་ན་སེམས་མ་ཡིན་ཞིང་། ཕྱི་མིན་ཏེ་ཕྱི་རོལ་གྱི་ལུས་ཀྱི་ཡན་ལག་རྣམས་ལ་ཡང་སེམས་རྙེད་པ་མ་ཡི་ནོ།། གཞན ་དུ་ཡང་ནི་རྙེད་མ་ཡིན་ཞེས་བརྗོད་མ་ཐག་པའི་གནས་རྣམས་ལས་ཡུལ་གཞན་འགའ་ཞིག་ཏུ་ཡང་མ་ཡིན་ནོ།། གང་དུ་མ་རྙེད་པན། རྣམ་པར་བརྟགས་པ་ཐོབ་པ་མ་ཡིན་ནོ།། དེ་བཞིན་དུ་ནང་དུ ་ཇི་ཞིག་ལྟར་འགྱུར་བ་ཡིན་ནོ།། དེ་ལྟར་ཇི་ལྟར་དེ་དགའ་བར་བྱེད་ཅེ་ན། གང་ཞིག་ལུས་མིན་ཞེས་པ་ལ་སོགས་པ་གསུངས་ཏེ། སེམས་གང་ཞིག་ལུས་མ་ཡིན་ཏེ། ཕྱི་རོལ་དང་ནང་གི་ལུས་མ་ཡིནོ།། གཞན་དུ་ཡང་མེ་ཡིན ་ཏེ། ལུས་ལས་གཞན་ཕྱི་རོལ་གྱི་དངོས་པོ་ལ་ཡང་མ་ཡིནོ།། འདྲེས་མིན་ཤེས་པ་ནི་བྱ་བའི་བྱེ་བྲག་གོ། ནང་དང་ཕྱིའི་བདག་ཉིད་གཉིས་པོ་དང་འདྲེས་པ་ལ་ཡང་གཽནས་པ་མ་ཡིན་ནོ།། སེམས་གང་ཞིག་གསུམ་པོ ་ལས་ལོགསུ་མ་ཡིན་ནོ།། ཐ་དད་པ་ཡང་མ་ཡིན་ནོ།། རང་དབང་ཅན་ཡང་འགར་ཡང་གནས་པ་མེད་དེ།། སེམས་གོང་ཞིག་དོན་དམ་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ།། འདི་དངོས་པོར་ཡོད་པ་མ་ཡིན་ཏེ། རྟོགས་པས ་བརྟགས་པ་ཉིད་ཡིན་ནོ།། འཁོར་བ་ཇི་སྲིད་དུ་སེམས་སྒྱུ་མ་དང་འདྲ་བར་རབ་ཏུ་སྣང་བ་ཡིན་ཏེ། རང་བཞིན་མེད་པའི་ཕྱིར་རོ།། དེའི་ཕྱིར་ཞེས་ཏེ། རྒྱུ་དེས་ན་སེམས་དང་སྲོག་རྣམས་རང་གི་ངོ་བོ་ཉིད་ཀྱིས་མྱ་ངན་ལས་འདས ་པ་མ་ཡིན་ལ། ཡོངསུ་གྲོལ་བའི་རང་བཞིན་ཡིན་ཞིང་། རང་བཞིན་མེད་པའི་མཚན་ཉིད་རང་བཞིན་གྱིས་མྱ་ངན་ལས་འདས་པ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་རྟག་ཏུ་ཡོད་པའི་ཕྱིརརོ།། རང་ཉིད་ནི་བདེན་པ་མ་ཡིན་ཡང ་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པའི་དབང་གིས་བདེན་པར་སྒྲོ་བཏགས་ནས་ཉོན་མོངས་པའི་བག་ཆགས་ཀྱིས་ཉམས་པར་བྱས་པའི་སེམས་ཀྱིས་རྒྱུད་རྣམས་འཁོར་བའི་བཙོན་རར་འགལ་བར་བཀག་པས་རང་དབང་དུ ་འཇུག་པ་རྣམས་ཡོངསུ་མ་གྲོལ་བར་བརྗོད་དེ། དོན་དམ་པར་ནི་མ་ཡིན་ནོ།། འདི་ལྟར་ཡིད་རྣམ་པར་དཔྱད་ཀྱང་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་དཔྱད་པའི་ཆེ་དུ། ཤེས་བྱ་ལས་ཞེས་པ་ལ་སོགས་པ་གསུངས་ཏེ། འདི ་ལྟར་ཡང་ཤེས་པ་ནི་གོང་དུ་ཡང་ཡོད་པ་དང་མེད་པའི་དངོས་པོ་གནས་པ་མ་ཡིན་ལ། འོན་ཀྱང་མིག་ལ་སོགས་པའི་ཚོགས་པའི་རྐྱེན་ལས་བྱུང་བའི་གཟུགས་ལ་སོགས་པ་ཤེས་བྱའི་འཛིན་པ་པོར་བརྗོད་དོ།། དེ་ལྟར་གཞན་གྱི ་བསམ་པ་དོགས་པར་བྱས་ནས་རྟོགས་པར་མཛད།། དེ་ཡང་ཤེས་པར་བྱ་བ་ལས་སྔར་འགྱུར་རམ། ཤེས་དང་དུས་མཚུངས་པ་འམ། ཤེས་བྱ་ལས་ཕྱིས་འགྱུར་བ་ཡིན་ཞེས་སོ།། དེ་ལ་གལ་ཏེ་རྣམ་པར་རྟོག་པ་དང་པོ་ཡིན ་ནཱ་དེ་ལ་གསུངས་པ་ཤེས་བྱ་ལ་སྟེ་གཟུང་བར་བྱ་བའི་ལུས་ལས། སྦྱར་ཏེ་སྔ་མ་ཉིད་དུ་ཤེས་བྱ་མ་སྐྱེས་པ་ཉིད་ན་གལ་ཏེ་ཤེས་པ་སྐྱེས་པར་བརྗོད་ནས། དེའི་ཚེ་དེ་ནི་ཅི་ལ་དམིགས་ཏེ་སྐྱེས་ཏེ། སྔར་ཤེས་བྱ་དམིགས་པ་མེད་པར ་ཅི་ལ་དམིགས་པས་ཏེ། ཅི་ལ་བརྟེན་ནས་འབྱུང་ཞིང་སྐྱེ་བར་འགྱུར། ཕྱོགས་གཉིས་པ་ལ་བརྟེན་ཏེ་གསུངས་པ། ཤེས་བྱ་སྟེ་གཟུང་བར་བྱ་བའི་ཡུལ་དང་ལྷན་ཅིག་སྟེ། དུས་མཚུངས་པར་གལ་ཏེ་ཤེས་པ་ཡིན་ན། དེ་ནི་ཅི་ལ་དམི ་ཏེ་སྐྱེ་བར་འགྱུར་ཏེ། དུས་མཚུངས་པ་ནས་པར་བྱ་བ་ནི་རྒྱུ་མ་ཡིན་པ་ཉིད་དེ། དམིགས་པའི་མ་ཡིན་པའི་ཕྱིར་ཡུལ་ནི་རྒྱུ་མ་ཡིན་ཞེས་པའི་ཚོགས་ལས་སོ།། རྣམ་པ་གསུམ་པཱ་ཁས་ལེན་ན། ་འོན་ཏེ་ཤེས་བྱ་ཞེས་པ་ལ་སོགས་པ་གསུངས་ཏེ། འོན་ཏེ་ཞེས་པ་ནི་འདྲི་བ་ཡིན་ལ། ཤེས་ལས་ཤེས་པ་ནི་སྔར་གྱི་ཤེས་པའོ།། ཕྱིས་ཞེས་པ་ནི་དེའི་རྗེས་ལ་ཡིན་ཏེ། ཤེས་བྱ་འགགས་པའི་དུས་ལ་ཤེས་པ་སྐྱེ་ཞིང་འབྱུང་བར ་འགྱུར་ན། དེའི་ཚེ་ཤེས་པ་གང་ལས་སྐྱེ་སྟེ། ཤེས་པའི་དུས་ན་ཤེས་བྱ་འགགས་པའི་ཕྱིར་གང་ལ་དམིགས་ནས་ཤེས་པར་འགྱུར་ཏེ་གང་ལ་བརྟེན་ནས་སྐྱེ་བར་འགྱུར་དེ་ལྟོ་བས་ན་ཡུལ་ལ་སོགས་པའི་ཚོགས་པ་ལས་ཀྱང་ཤེས ་པ་དོན་དམ་པར་མི་འགྲུབ་པོ།། སེམས་དྲན་པ་ཉེ་བར་གཞག་པ་འདི་ནི་དཀོན་མཆོག་བརྩེགས་པ་ལས་ཇི་སྐད་དུ་གསུངས་པ་ལྟ་བུ་སྟེ། དེ་འདི་ལྟར་སེམས་ཡོངསུ་ཚོལ་ཏེ། འདོད་ཆགས་པར་གྱུར་པ་འམ། ཞེ་སྡང་བར་འགྱུར། ་བ་འམ། གཏི་མུག་པར་འགྱུར་བའི་སེམས་དེ་གང་ཡིན་ཅི་འདས་པ་འམ། མ་འོངས་པ་འམ། ད་ལྟར་བྱུང་བ་ཞིག་ཡིན་ནམ། དེ་ལ་སེམས་འདས་པ་གང་ཡིན་པ་དེ་ནི་ཟད་པའོ།། མ་འོངས་པ་གང་ཡིན་པ་དེ་ནི་མ་བྱིན་པའོ།། ད་ལྟར ་བྱུང་བ་ནི་གནས་མེད་དོ་སྙམ་མོ།། འོད་སྲུངས་སེམས་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉིས་ཀ་ན་མེད་པ་ལ་ཡང་མི་དམིག་སོ།། འོད་སྲུངས་སེམས་ནི་དཔྱད་དུ་མེད་པ། བསྟན་དུ་མེད་པ། རྟེན་མ་ཡིན་པ། སྣང་བ ་མེད་པ། རྣམ་པར་རིག་པ་མེད་པ་གནས་པ་མེད་པའོ།། འོད་སྲུང་སེམས་ནི་སངས་རྒྱསྣ་ཐམས་ཅད་ཀྱིས་ཀྱང་མ་གཟིགས། མི་གཟིགས། གཟིགས་པར་མི་འགྱུར་རོ།། ལོག་པར་ཞུགས་པའི་འདུ་ཤེས་ལས་ཆོས་རྣམས་འབྱུང ་བ་མ་གཏོགས་པར་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མ་གཟིགས། མི་གཟིགས། གཟིགས་པར་མི་འགྱུར་བ་གང་ཡིན་པ་དེ་རྒྱུ་བ་ཅི་འདྲ་བར་རིག་པར་བྱ་ཞེ་ན། འོད་སྲུངས་ནི་སྒྱུ་མ་དང་མཚུངས་ཏེ།། ཡང་དག་པ་མ་ཡིན་པོ་ཀུན ་ཏུ་བརྟགས་པས་སྐྱེ་བ་རྣམ་པ་མང་པོ་ཡོངསུ་འཛིན་ཏོ།། འོད་སྲུངས་འབབ་ཆུའི་རྒྱུན་དང་མཚུངས་ཏེ། མི་གནས་པ་སྐྱེས་ནས་འཇིག་ཅིང་འཇུག་པའོ།། འོད་སྲུངས་སེམས་རླུང་དང་མཚུངས་ཏེ། རིང་དུ་འགྲོ་ཞིང་གཟུང་དུ་མེད་པར ་རྒྱུ་བྱའོ།། འོད་སྲུངས་སེམས་ནི་མར་མེའི་འཕྲོ་བ་དང་མཚུངས་ཏེ། རྒྱུ་དང་རྐྱེན་ལས་བྱུང་བའོ།། འོད་སྲུངས་སེམས་ནི་ནི་མཁའ་དང་མཚུངས་ཏཱཾ།། ཉེ་བའི་ཉོན་མོངས་པ་གློ་བུར་བ་རྣམས་ཀྱིས་ཉེ་བར་ཉོན་མོངས་པའོ།། འོད་སྲུངས་སེམས ་ནི་གློག་དང་མཚུངས་ཏེ། སྐད་ཅིག་ཏུ་འཇིག་ཅིང་མི་གནས་པའོ།། དེ་བཞིན་དུ་སྦྱར་ཏེ། འོད་སྲུངས་སེམས་ནི་ཀུན་ཏུ་བཙལ་ན་མི་རྙེད།། གོང་མི་རྙེད་པ་དེ་ནི་མི་དམིགས་པའོ།། གང་མི་དམིགས་པ་དེ་ནི་འདས་པ་ཡང་མ་ཡིན་མ་འོངས ་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་པ་དེ་ནི་དུས་གསུམ་ལས་ཡང་དག་པར་འདས་པའོ།། གང་དུས་གསུམ་ལས་ཡང་དག་པར་འདས་པ་དེ་ནི་ཡོད་པ་མ་ཡིན་མེད་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་འབྱུང་།། ་དེ་ལྟར་སེམས་དྲན་པ་ཉེ་བར་བཞག་པ་བསྟན་ནས། ཆོས་དྲན་པ་ཉེ་བར་གཞག་པ་བསྟན་པའི་ཕྱིར། བརྗོད་པའི་རིམ་པས་སྦྱར་བར་གསུངས་ལ། དེ་ལྟར་ན་ཡང་ཞེས་པ་ལ་སོགས་པ་གསུངས ་ཏེ། འང་གི་སྒྲ་ནི་ཁོ་ནའི་དོན་ཏེ། འདི་ལྟར་ཁོ་ནར་ཇི་ལྟར་བརྗོད་པའི་ཚུལ་གྱིས་ཆོས་ཀུན་ཏེ། དངོས་པོ་ཐམས་ཅད་སྐྱེ་ཞིང་འབྱུང་བར་རིགས་པར་བྱ་བ་མ་ཡིན་ཏེ། རྟོགས་པ་མ་ཡིན་ནོ།། དེ་རྣམས་ཀྱང་རང་གི་རྒྱུ་ལས ་སྔར་རམ། དུས་མཚུངས་པ་འམ། ཕྱི་ནས་སྐྱེ་བ་ལ་སྐྱོན་འདི་ཉིད་ཡིན་པར་ཇི་སྲིད་པར་བཟློག་པར་བྱའོ།། སྐྱེ་བ་དང་བྲལ་བའི་ཕྱིར་འགག་པ་ཡང་རིག་པ་མ་ཡིན་ཏེ། མ་སྐྱེས་ལས་སྐྱེ་བ་མི་རིགས་པའི་ཕྱིར་རོ།། འདི་ཉིད ་ཀྱི་ཕྱིརརོ། མ་སྐྱེས་འདུ་མ་འགགས་པའི་རང་བཞིན་ཉིད་ཀྱིས་སྤྲོས་པ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་རྣམ་པར་ཐར་པའི་སྒོ་དོང་། ཆོས་ཀྱི་དབྱིངས་སུ་ངེས་པ་ན་མཁའི་ཁམས་ཀྱི་མཐས་གཏུགས་པ། མི་བརྟགས་པ། ་ཐ་སྙད་དང་བྲལ་བ། བརྗོད་དུ་མེད་པ། བརྗོད་པར་བྱ་བ་མ་ཡིན་པ་ཞེས་བརྗོད་དོ།། དེ་ལྟར་ཆོས་དྲན་པ་ཉེ་བར་གཞག་པར་བརྗོད་པ་ཆོས་ཐམས་ཅིད་ལ་ཞེན་པ་མེད་པར་སྐྱེ་བར་འགྱུར་རོ།། ཆོས་ཐམས་ཅད་དྲན་པ་ཉེ་བར ་གཞག་པ་བསྒོམ་པ་ཡང་། འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཇི་སྐད་གསུངས་པ་ལྟ་བུ་སྟེ། བྱང་ཆུབ་སེམས་དཔའ་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་གང་ལ་སངས་རྒྱས་ཀྱི་ཆོས་མེད་པ་དང་། གང་ལ་བྱང ་རྡུམ་མྱོང་བ་དང་། བྱ་ས་སྒྱུམ་མྱོང་བ་དད།། ཀླུང་སྒྲུ་བ་བ་མྱེད་བ་དང་། པངྒཱསས་འབྱུང་བ་སྐྱེད་པ་མང་ཅན་ནས་དྲུག་ཡང་མཿམ་།། ངས་ཆོས་ཐམས་ཅད་འབྱུང་བ་ཤེས་ནས་སེམས་ཅན་རྣམས་ལ་སྒྲུབ་པ་ད། ་པར་བྱ་འི་ཕྱིར་སྨྱེ་ནཱི་ཙྪིན་བྷྱོ་ཏཱིངྒེ་འཛིན་བྷྲཱུཾ་བྷྱོ་བརྗེ་བར་འགྱུར་རོ།། དེས་རྒྱས་རྣམས་ཅད་དང་། ཉོན་མྱངས་ཐམས་ཅད་ལ་ཡང་སྒྱུ་མར་འདུ་ཤེས་པ་པོ་ཙོ་སྟེ། ཆོས་འདི་དག་ནི་ཉན་མངས་པ་མེང་པོ་འདི་ས ་ནི་ཉོན་མོངས་པ་དང་བཅོས་པ་མ་ཡིན་པའོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི་ངེས་པའི་དོན་གྱི་དོན་ལ་བརྟེན་ཏེ་ཉོན་མོངས་པའི་ཚོགས་ཀྱང་མེད་ཕུང་པོར་གྱུར་པ་ཡང་མེད། འདོད་ཆགས་ཀྱི་དངོས་པོ་ཡང་མེད། ཞེ་སྡང་གི ་དངོས་པོ་ཡང་མེད། གཏི་མུག་གི་དངོས་པོ་མེད་ཀྱི་ཉོན་མོངས་པ་འདི་དག་རྟོགས་པའི་ཕྱིར་བྱང་ཆུབ་སྟེ། ཉོན་མོངས་པའི་ངོ་བོ་ཉིད་གང་ཡིན་པ་བྱང་ཆུབ་ཀྱི་ངོ་བོ་ཉིད་ཀྱང་དེ་བཞིན་ནོ་ཞེས་དེ་ལྟར་དྲན་པ་ཉེ་བར་འཇོག་གོ་ཞེས་འབྱུང་།། དེ ་སྐད་དུ་ཡང་། གང་ལས་སྐྱེ་བ་ཡོད་མིན་ཉིད།། དེ་ལ་མྱང་འདས་གང་ལ་ཡོད།། འགྲོ་བ་སྒྱུ་མར་གསལ་བའི་ཕྱིར།། དང་པོ་ནང་ཞི་འབོད་མེད་པར།། གང་ཞིག་རྟེན་ཅིང་འབྲེལ་བར་འབྱུང་།། དེ་ལ་ཁྱོད་ནི་སྟོང་ཉིད་བཞེད།། དེ ་བཞིན་དུ་ནི་དམ་ཆོས་སྟེ།། དེ་དང་མཚུངས་པ་དེ་བཞིན་གཤེགས།། དེ་ནི་དེ་ཉིད་དོན་མེད་པའང་།། དེ་བཞིན་ཉིད་ཀྱི་རྫ་སུ་བཞེད།། ཡང་དག་དེ་ནི་མི་བསླུ་ལ།། དེ་རྟོགས་པ་ནི་སངས་རྒྱས་བརྗོད། ཅེས་གསུངསོ།། དེ་ལྟར་ཆོས ་དྲན་པ་ཉེ་བར་གཞག་པ་བསྟན་པས། ཆོས་ཐམས་ཅད་མ་སྐྱེས་ཤིང་མ་འགྲགས་པར་བསྟན་པ་ཡིན་ལ། དེ་ལྟར་ན་ཡང་ཀུན་རྫོབ་ཀྱི་བདེན་པ་མི་འཐད་པར་འགྱུར་ཏེ། དེའི་ཕྱིར་བདེན་པ་གཉིས་ཀྱིས ་རྣམ་པར་གཞག་པ་མི་འཐད་དོ་ཞེས་ཡོངསུ་སྤང་བར་འདོད་ནས། རྒོལ་བ་ཉེ་བར་དགོད་པོ་ནི། གལ་ཏེ་དེ་ལྟར་ཞེས་པ་ལ་སོགས་པ་སྨོས་ཏེ། གལ་ཏེ་དོན་དམ་པར་ཆོས་ཐམས་ཅད་མ་སྐྱེས་པ་དང་། མ་འགགས་པའི་རང་བཞིན ་ཡིན་ན་དེ་ལྟ་ན་ཡང་ཀུན་རྫོབ་མེད་དེ། ཡོད་པ་མ་ཡིན་ལ་ཐ་སྙད་མེད་པར་འགྱུར་ཞིང་དོན་དམ་པའི་བདེན་པ་གཅིག་ཉིད་དུ་འགྱུར་རོ།། དེའི་ཕྱིར་ཀུན་རྫོབ་མེད་པས་ན་བདེན་པ་གཉིས་ཏེ། ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི ་བདེན་པ་ཡང་ངོ་།། གང་བརྗོད་པ་ཀུན་རྫོབ་དང་ནི་དོན་དམ་ཡང་། འདི་ནི་བདེན་པ་གཉིསུ་བཞེད་ཅེས་སོ།། དེ་ལ་བདེན་པ་གཉིས་པ་འདི་གཽ་ལ་ཡོད་དེ། འདི་ལྟར་མི་འགྱུར་རོ།། དེ་མེད་པས་ཀྱང་འཇིག་རྟེན་ཕ་རོལ་དུ་འགྲོ་བའི་ལྔས ་དང་བྱ་བའི་འབྲས་བུ་དང་འབྲེལ་པའི་རང་བཞིན་ཉེ་བར་སོགས་པ་ལ་སོགས་པར་མི་འགྱུར་ཏེ། ཐ་སྙད་ཐམས་ཅད་མེད་པའི་ཕྱིར་རོ།། འོ་ན་ཏེ་དེ་ལྟར་ན་གལ་ཏེ་མེད་ན་ཡང་དེ་བཞིན་དུ། སྨིག་རྒྱུ་ལ་ཆུར་རྟོག་པ་ཉིད་ཀྱི་ཀུན་རྫོབ་ཀྱི ་རང་བཞིན་གྱིས་རྣམ་པར་རྟོག་པའི་བློས་རྣམ་པར་གཞན་པ་ཡིན་ཏེ། དེའི་ཕྱིར་བདེན་པ་གཉིས་འཐད་པ་ཡིནོ་ཞེས་དགོངས་པ་ལ། བརྗོད་པ་འོན་ཏེ་དེ་ཡང་ཞེས་པ་ལ་སོགས་པ་སྟེ། འོན་ཏེ་ཞེས་པ་ནི་འདྲི་བ་ཡིན་ལ། དེ་ཡང ་ཞེས་པ་ནི་ཀུན་རྫོབ་ཡིན་ཏེ། གཅིག་ཏུ་དོན་དམ་པའི་བདེན་པ་ནི་མ་ཡིན་ནོ་ཞེས་པ་ནི་ཡང་གི་དོན་ཏོ།། གཞན་ཀུན་རྫོབ་ཀྱི་རྣམ་པར་རྟོག་པའི་ངོ་བོས་རྣམ་པར་འཇོག་ནའོ།། ཡང་ན་ཡང་གི་སྒྲ་ནི་ངེས་པར་གཟུང་བ་དང་། ་རིམ་པ་ཐ་དད་པ་ཉིད་ཡིན་ལ། གཞན་ཉིད་ཀྱི་ཀུན་རྫོབ་ཅེས་སྦྱར་བར་བྱའོ།། དེ་ལྟར་ན་གཅིག་བསྒྲུབས་ན་གཞན་ཉམས་པར་འགྱུར་བ་ཡིན་ཞེས་བསྟན་པའི་ཕྱིར། སེམས་ཅན་མྱ་ངན་ག་ལ་འདའ་ཞེས་གསུངས་ཏེ། གལ ་ཏེ་དོན་དམ་པར་དེའི་རང་བཞིན་གྱིས་སྟོང་ཡང་བློའི་སྤྱོད་ཡུལ་དུ་བྱས་པའི་ཕྱིར་ཀུན་རྫོབ་ཏུ་བརྗོད་ན་གང་ཞིག་འདི་ལྟར་ཆོས་ཐམས་ཅད་རང་བཞིན་མེད་པའི་མཆེན་ཉིད་དོན་དམ་པའི་བདེན་པ་མི་དམིགས་པའི་སྦྱོར་བས ་རྟོགས་ནས་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་ན། དེ་ཡང་སེམས་ཅན་ཡོངསུ་མྱ་ངན་ལས་འདས་པའི་ཕྱིར་མྱ་ངན་ལས་འདས་པ་ཡང་ཀུན་རྫོབ་ཏུ་འགྱུར་རོ་ཞེ་ན། འདི་ལ་ལན། དེ་ནི ་གཞན་སེམས་ཞེས་པ་ལ་སོགས་པ་གསུངས་ཏེ། གཞན་ནི་མྱ་ངན་ལས་འདས་པའི་སེམས་ཅན་ལས་གཞན་པ་སེམས་ཅན་གྱི་སེམས་དེའི་རྣམ་པར་རྟོག་པ་ནི་དེ་ཡིན་ཏེ། གང་ཞིག་མྱ་ངན་འདས་པ་བློའི་ཡུལ་དུ་བྱས་པ ་ཡིན་ལ། གཞན་གྱི་སེམས་ཀྱི་རྣམ་པར་རྟོག་པས་གཞན་ཀུན་རྫོབ་ཏུ་བརྗོད་པ་ནི་མ་ཡིན་ནོ།། དེ་ལྟ་བས་ན་གཞན་གྱི་བློའི་ཡུལ་དུ་བྱས་ནས་ཡང་འདི་ནི་མྱ་ངན་ལས་འདས་པ་ཉིད་ཡིན་ནོ།། ཅིའི་ཕྱིར་ཞེ་ན། གང་གི་ཕྱིར ་དེ་ནི་རླུང་གི་ཀུན་རྫོབ་ཡིན་ཞེས་ཏེ། སྔ་མ་ལས་ཁྱད་པར་བྱས་པ་རང་གི་ཀུན་རྫོབ་སྟེ། གཉུག་མའི་ཀུན་རྫོབ་རང་གི་རྣམ་པར་རྟོག་པས་དེ་ཞེས་པ་མྱ་ངན་ལས་འདས་པ་མིན་ཏེ། ཡོད་པ་མ་ཡིན ་ལ། མྱ་ངན་ལས་འདས་པ་ཉིད་ཡིན་ཏེ། འདི་རང་ཉིད་ནི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ།། དེ་ལྟར་ན་གཞན་དུ་ཡང་གཞན་ཀུན་རྫོབ་ཀུན་རྫོབ་ཏུ་ཇི་ལྟར་འགྱུར་ཞེ་ན། ཕྱིས་དེ་ངེས་ན་ཞེས་པ་ལ་སོགས་པ་གསུངས ་ཏེ། འདི་ཡོད་ན་འདིར་འགྱུར་ཏེ། འདི་སྐྱེས་པ་ལས་འདི་སྐྱེས་པ་ཞེས་པ་ནི་འདིའི་རྐྱེན་ལས་བྱུང་བ་ཙོམ་ཀུན་རྫོབ་བོ།། དེ་ལྟར་ན་ཆོས་རྣམས་སྐྱེ་བ་ནི་ཕྱི་ནས་བྱུང་བའི་ཡོད་པ་མ་ཡིནོ།། དེ་ལྟ་བས་ནུ་ཕྱི་ནས་ངེས་པའི་ཆོས་ག་ལ ་ཏེ་ཡོད་པ་མ་ཡིན་ན་དེའི་ཚེ་ཀུན་རྫོབ་ཡོད་པ་ཉིད་ཡིན་ནོ།། དེ་གལ་ཏེ་ཡོད་པ་མ་ཡིན་པ་ཡིན་ཞེ་ན། དེའི་ཚེ་ཀུན་རྫོབ་མེད་པ་ཉིད་ཡིན་ཏེ། ན་མཁའ་ཨུཏྤལ་སྔོན་པོ་ལ་སོགས་པ་རྣམས་རྐྱེན་འདི་མེད་པའི་ཕྱིར་རོ།། འདི་སྐད ་བརྗོད་པར་འགྱུར་བ་ཡིན་ཏེ། གལ་ཏེ་ཡང་མྱ་ངན་ལས་འདས་པའི་བློའི་ཡུལ་དུ་བྱས་ན། གཞན་གྱིས་རྣམ་པར་རྟོག་པ་ཙམ་གྱིས་དེ་མྱ་ངན་ལས་འདས་པར་མི་འགྱུར་བ་ཁོ་ན་ནི་མ་ཡིན་ཏེ། འདིརང་གི་རྣམ་པར་རྟོག ་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ།། ཆགས་པ་དང་བཅས་པའི་སེམས་ཀྱིས་དམིགས་པས་རང་ཉིད་ཀྱིས་ཉོན་མོངས་པའི་སྒྲིབ་པ་སྤངས་པའི་འདོད་ཆགས་དང་བྲལ་བ་ཡང་འདོད་ཆགས་དང་བྲལ་བ་མ་ཡིན་པར་མི་འགྱུརརོ།། ་དེ་ལྟ་བས་ན་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་ཕྱིར་གཞན་གྱིས་ཀུན་རྫོབ་ཀྱི་དམིགས་ན་ཡང་རང་ཉིད་འདི་དོན་དམ་པར་མྱ་ངན་ལས་འདས་པ་ཉིད་ཡིན་ནོ།། དེ་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་རང་ཉིད་ཀྱིས་རྣམ་པར ་རྟོག་པ་དང་བྲལ་བའི་ཕྱིར་མ་སྐྱེས་པ་དང་། མ་འགགས་པའི་རང་བཞིན་ཡིན་པའི་ཕྱིར་རང་བཞིན་གྱི་མྱ་ངན་ལས་འདས་པ་དང་། གདོད་ནས་ཞི་བ་ཡིནོ་ཞེས་བརྗོད་དོ།། དེ་ལྟར་ནི་ཡང་དེ་ལྟ་བུ་རྣམས་ཉིད་ལས་དེ་ལྟ་བུའི ་ཆོས་གཞན་སྐྱེ་བ་དང་འགགས་པར་ཡང་འགྱུར་ཏེ། སྒྱུ་མའི་རང་བཞིན་བཞིན་ནོ།། དེས་ན་ཡང་རང་བཞིན་གྱིས་རྣམ་པར་རྟོག་པའི་དབང་ལས་ཡང་དམིགས་པ་ན། ཀུན་རྫོབ་ཡིན་ཏེ། དངོས་པོའི་ངོ་བོ་མེད་པའི་ཕྱིར་མ་སྐྱེས ་པ་དང་མ་འགགས་པར་བརྗོད། བོང་བུའི་རང་བཞི་ནོ།། དེ་གསུངས་པ། སྟོང་པ་ཉིད་ཀྱི་ཆོས་རྣམས་ལས།། སྟོང་པའི་ཆོས་རྣམས་འབྱུང་བར་འགྱུར་ཞེས།། འཕགས་པ་རྒྱ་ཆེར་རོལ་པ་ལས་ཀྱང་གསུངས་པ་ཡིན་ཏེ། འོདུ་བྱེད་མོར་མེ ་འོད་ཅེས་སོ།། དེ་ལྟ་བསུ་ན་དོན་དམ་པར་སྐྱེ་བ་དང་འགག་པ་མེད་ན་ཡང་ཀུན་རྫོབ་ཀྱི་བདེན་པ་ལས་འགྲལ་བ་མ་ཡིན་ཏེ། ཐམས་ཅད་འཐད་པ་མ་ཡིནོ།། གལ་ཏེ་དོན་དམ་པར་ཆོས་ཐམས་ཅད་མ་སྐྱེས་པ་དང་མ་འག ་པ་ཡིན་ན་དེའི་ཚེ་དངོས་པོ་ལ་ཤེས་པ་མེད་ཅིང་། ཤེས་བྱ་ཡོད་པ་མ་ཡིན་པ་མ་ཡིན་ནམ། དེ་ལྟ་ན་འདིར་གང་ཞིག་གང་གིས་འགོག་པར་འགྱུར་ཏེ། རྣམ་པར་དཔྱོད་པ་ཡང་མེད་པར་གྱུར་ལ། དེ་ལྟ་བས་ན་ཅང་མི་སྨྲ་བར ་གནས་པར་བྱའོ་ཞེ་ན། རྟོག་ཅེས་པ་ལ་སོགས་པ་གསུངས་ཏེ། རྟོག་པ་ནི་སྒྲོ་འདོགས་པའི་བློ་ཡིན་ལ། བརྟགས་པ་དེ་དེས་སྒྲོ་བཏགས་པ་ཡི་ནོ།། འང་ཞེས་པ་ནི་སྡུད་པ་ཡིན་ཏེ། གཉིས ་པོ་འདི་དག་གཉི་ག་ཕན་ཚུན་རྟེན་ཅིང་ཡང་དག་པར་རྟེན་པ་ཡིན་ནོ།། རྟོག་པ་ལ་བལྟོས་ནས་བརྟགས་པ་ཡིན་ལ། བརྟགས་པ་ལ་བལྟོས་ནས་རྟོག་པ་ཡིན་ཏེ། ཇི་ལྟར་འཇིག་རྟེན་ལ་གྲགས་པའི་ཐ་སྙད་ལ་བརྟེན་ནས ་ཏེ་གཟུང་ནས་རྣམ་པར་དཔྱོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། ཐམས་ཅད་བརྗོད་པ་ནི་མངོན་པར་བརྗོད་པའོ།། ཐམས་ཅད་ཅེས་པ་ནི་འགའ་ཞིག་མ་ཡིན་པ་ཉིད།། རྣམ་པར་དཔྱོད་པ་ཡང་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས ་སྤྲོས་ནས་ཡིན་ལ། དོན་དམ་པའི་བདེན་པ་ལྀ་མ་ཡིན་ཏེ། དེ་ནི་ཐ་སྙད་ཐམས་ཅད་ལས་འདས་པའི་ཕྱིར་ཞེས་པའི་དོན་ཏོ།། རྣམ་པར་དཔྱོད་པ་ཡང་རྣམ་པར་དཔྱང་བར་བྱ་བ་བཞིན་དུ་བརྟགས་པའི་རང་བཞིན་ཡིན་པའི་ཕྱིར ་དཔྱད་པར་བྱའོ་ཞེ་ན། དཔྱད་པ་པོ་ལ་དཔྱད་པར་མི་ནུས་པའི་ཕྱིར་ཞེས་དགོངས་ནས། གང་ཚེ་རྣམ་པར་དཔྱད་ཅེས་པ་ལ་སོགས་པ་གསུངས་ཏེ། རྣམ་པར་དཔྱོད་པས་ཏེ། ཡོངསུ་རྟོག་པས་ཡང་གང་གི་ཚེ་རྣམ་པར་དཔྱོད ་པཔོས་རྣམ་པོར་དཔྱད་ཅིང་།། ངེས་པར་བྱེད་ན་དེའི་ཚེ་ཐུག་པ་མེད་པར་ཏེ། མི་གནས་པར་ཐལ་བར་འགྱུར་རོ།། ཅིའི་ཕྱིར་ཞེ་ན། རྣམ་དཔྱིད་དེ་ལ་ཡང་རྣམ་པར་དཔྱོད་པའི་ཕྱིར་ཏེ། གང་ཞིག་འདི་ལ་རྣམ་པར་དཔྱད་པ་ན་ཡོང་རྣམ ་པར་དཔྱད་པའི་དོན་དུ་རྣམ་པར་དཔྱོད་པ་ཉེ་བར་བྱེད་ན་རྣམ་པར་དཔྱོད་པ་ལ་ཡང་རྣམ་པར་དཔྱོད་པའི་རྒྱུ་སོ།། རྣམ་པར་དཔྱད་པར་བྱ་བ་ལ་འདི་ལྟར་དཔྱད་ན་ཇི་ལྟར་ཐུག་པ་མེད་པ་འདིར་མི་འགྱུར་ཞེ་ན། དབྱུང་བྱ་ཞེས་པ ་ལ་སོགས་པ་གསུངས་ཏེ། དཔྱད་པར་བྱ་བ་ལ་སྟེ། ཡོངས་སུ་བརྟགས་པར་བྱ་བ་ལ་ཡང་དངོས་པོ་རྣམ་པར་དཔྱད་པར་བྱས་ཏེ། གཽ་ཏན་ལ་ཕབ་པ་ནི་རྣམ་པར་དཔྱད་ཅིང་གཏན་ལ་ཕབ་པ་ཡང་དུས་ཕྱིས་རྣམ་པར་དཔྱད་པའི ་གཞི་ཡོད་པ་མ་ཡིན་ནོ།། གང་ལཱྀ་བརྟེན་ནས་ཡང་དཔྱོད་ཅིང་ཚོལ་བ་ལ་ཐུག་པ་མེད་པ་མ་ཡིན་ཏེ། རྣམ་པར་དཔྱད་པར་བྱ་བ་ལ་དཔྱད་པས་དོན་བྱས་པའི་ཕྱིར་ན་ཡང་འདོད་པ་མེད་པའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་རྣམ་དཔྱོད་ལ ་ནི་རྟེན་མིན་ཏེ་ཞེས་ཏེ། རྟེན་མེད་པའི་ཕྱིར་ཡང་དཔྱོད་པོ་བྱེད་པ་མ་ཡིན་ནོ།། སྒྲོ་འདོགས་པ་ཐམས་ཅད་དགག་པ་བྱས་ནས་དངོས་པོའོ།། དེ་ཁོ་ན་ཉིད་ཡོངསུ་ཤེས་པས་བྱ་བ་བྱས་པའི་ཕྱིར། འཇུག་པའི་ལྡོག་པ་མེད་པའི་ཕྱིར ་གང་ལ་ཡང་རེ་བ་མེད་པ་སྟེ། གང་ལོའང་འདོད་པ་མ་ཡིན་ལ། དེ་ཡང་མྱ་ངན་ལས་འདས་པར་བརྗོད་དེ། ཐ་སྙད་ཐམས་ཅད་ལོག་པའི་ཕྱིར་རོ།། ཐམས་ཅད་དུ་བྱ་བ་མེད་པའི་ཕྱིར་རང་བཞིན་གྱིས་ཞི་བས་དེ་ཉིད་ལ་མྱ་ངན ་ལས་འདས་པར་བརྗོད་དོ།། རྟོག་པའི་ཡུལ་ལ་ཐམས་ཅད་དུ་ངེས་པར་དཔྱོད་པར་བྱེད་པ་ཡིན་ཏེ། དོན་དམ་པར་མ་ཡིནོ་ཞེས། གང་གིས་ལྟར་ན་ཞེས་པ་ལ་སོགས་པ་གསུངས་ཏེ། གང་གི་ཡང་དོན་དམ་པར་ཡོད་པར། ་སྨྲ་བའི་གཉིས་པོ་འདི་དཔྱོད་པར་དང་དཔྱད་པར་བྱ་བ་ཞེས་པ་འདི་གཉི་ག་ཡང་བདེན་པ་ཡིན་ཏེ། དོན་དམ་པའི་བདེན་པ་ཡིན་ཞིང་། ཀུན་རྫོབ་མ་ཡིན་ལ། དེ་ཉིད་དངོས་པོའི་རང་བཞིན་དུ ་སྨྲ་བ་ལ་ཤིན་ཏུ་དཀའ་བར་གནས་པ་ཡིན་ཏེ། ཤིན་ཏུ་ནི་ཆེས་ཤིན་ཏུའོ།། བཀའ་བསྡུ་གནས་པའི་སྡུག་བསྔལ་གྱི་སྒོ་ནས་གནས་པ་ཡིན་ཏེ། དཀའ་བའི་བྱེད་པ་ཡིན་པའི་ཕྱིར་རོ།། འདི་ཉིད་ཉེ་བར་བསྟན་པའི་ཕྱིར། གེལ ་ཏི་ཞེས་པ་ལ་སོགས་པ་སྨོས་པ་ཡིན་ཏེ། གལ་ཏེ་ཤྲེ་དབང་ལས་ཏེ། ཤེས་པ་ཚད་མའི་དབང་ལས་ཏེ་མཐུ་ལས་སོ།། དོན་ཏེ་གཞལ་བྱ་རྣམ་པར་འཇོག་ན། དེའི་ཚེ་ཡིན་དུ་ཆུ་གཽ་ན་ཡང་། ཚད་མ་ལས་གཞལ་ཡས་རྣམ་པར ་འཇོག་པ་ཞེས་བྱ་བ་གང་གི་ཟློག་པར་བྱེད་པ་ཡིན་ཏེ། འོན་ཀྱང་འདིར་འདི་དཔྱད་པར་བྱ་བ་ཡིན་ཏེ། ཤེས་ཡོད་ཉིད་ལ་རྟེན་ཅི་ཡོད་ཤེས་པ་ཚད་མ་ལ་ཡང་ཡོད་དོ་ཞེས་གང་ལ་ངེས་པར་ཡོད་ཅེས་བརྗོད་པར་བྱ་སྟེ། རང ་རིག་པ་མེད་པའི་ཕྱིར་ཚད་མ་གཞན་ཚོལ་བ་ན་ཐུག་པ་མེད་པར་ཐལ་བར་འགྱུར་བས་རྟེན་ཅི་ཞིག་ཡོད་དེ། བརྟེན་པར་བྱ་བའོ།། དེ་ལྟར་ན་ཡང་གལ་ཏེ་ཤེས་པ་ཡོད་པ་ལ་ཚད་མ་གཞན་ཚོལ་བར་བྱེད་ན་ཐུག་པ་མེད་པར ་འགྱུར་ལ། འོན་ཀྱང་གཞལ་བྱ་ཉིད་ལ་ཚང་མ་རྣམ་པར་འཇོག་སྟེ། དེ་ཇི་ལྟར་ཐུག་པ་མེད་པར་འགྱུར་ཞེས་དོགས་ནས། འོན་ཏེ་ཞེས་པ་ལ་སོགས་པ་སྨོས་ཏེ། འོན་ཏེ་ཞེས་པ་ནི་གཞན་གྱི་བསམ་པ་གསལ་བར་བྱེད་པ ་ཡིན་ནོ།། འོན་ཏེ་ཤེས་པར་བྱ་བ་སྟེ། གཞལ་བྱའི་དབང་གིས་ཞེས་པ་རྣཾ་པར་གཞག་བྱེད་ནའོ།། དེ་ལྟར་ན་ཤེས་བྱ་ཡོད་ལ་རྟེན་ཅི་ཡོད་ཅེས་ཏེ། གལ་ཏེ་ཤེས་བྱའི་དབང་གིས་ཤེས་པའི་རྣམ་གཞག་བྱེད་ན། དེའི་ཚེ་ཤེས་བྱ་ཤེས ་པའོ་ཡོད་པར་བཞག་པའི་རྒྱུ་མཚན་དུ་འགྱུར་ན། དེ་ཡང་ཚད་མ་གང་ལས་གྲུབ་ཅེས་འདྲི་བར་བྱེད་།། ཤེས་བྱ་ཡོད་པ་ཉིད་ལ་རྟེན་ཅིང་ཡོད་ཅེས་གཞལ་བྱ་གྲུབ་པོའི་ཚེ་དུ་ཤེས་པ་གཞན་ཚོལ་བ་ལས་ཤེས་པ་གཞན་དེ་ཡང་གང ་ལས་གྲུབ་ཅེས་བརྗོད་པར་བྱའོ།། དེ་ལྟ་བས་ན་ཤེས་པར་བྱ་བ་ལགསོ་ཞེ་ན། ཤེས་པར་བྱ་བ་གང་ལས་གྲུབ་པ་ཡིན་ཏེ། དེ་གྲུབ་པ་ལ་ཤེས་པ་གཞན་ཚོལ་ན་ཡང་ཐུག་པ་མེད་ཅིང་མཐར་ཐུག་པ་མེད་པར་འགྱུར་རོ།། དེ་ལྟར་གྱུར ་ན་ཡང་། གལ་ཏེ་ཤེས་པ་འམ་ཤེས་བྱ་གྲུབ་པའི་ཆེ་དུ་དེ་ཤེས་པ་གཞན་བལྟོས་པར་འགྱུར་ན་དེར་འགྱུར་ཏེ། འོན་ཀྱང་ཕན་ཚུན་དུ་གཅིག་ལ་གཅིག་གིས་གྲུབ་ན་དེའི་ཕྱིར་བརྗོད་པའི་ཉེས་པར་ཐལ་བར་ཇི་ལྟར་འགྱུར་ཞེས ་གཞན་གྱིས་བསམ་པ་སྔོན་དུ་སོང་བས། ཅི་སྟེ་ཕན་ཚུན་ཞེས་པ་ལ་སོགས་པ་གསུངས་ཏེ། ཅི་སྟེ་ཡང་འདི་ལྟར་བརྗོད་པར་བྱེད་ན་ཕན་ཚུན་དུ་སྟེ། ཤེས་པ་དང་ཤེས་པ་ཡང་ཕན་ཚུན་གྱི་དབང་གིས་ཏེ། སྟོབས་ཀྱིས་ཤེས་པ་དང་། ་ཤེས་པར་བྱ་བ་དག་ཀྱང་ཡོད་པ་ཉིད་དུ་ངེས་པའོ་ཞེས་པའི་ཐ་ཚིག་གོ་ཞེ་ན། དེ་དེ་ལྟར་ཡིན་ན་གཉི་ག་ཡང་མེད་པར་འགྱུར་ཏེ། ཤེས་པ་དེ་ཤེས་བྱ་གཉི་ག་ཡང་མེད་པར་འགྱུར་ལ། གཅིག་ཀྱང་མེད་ཅིང་གྲུབ་པ་མེད་ན་གཅིག ་ལ་གཅིག་བརྟེན་པའི་ཕྱིར་གཅིག་མ་གྲུབ་ན་གཉིས་པ་ཡང་གྲུབ་པར་མི་འགྱུརརོ།། འདིར་རང་བཞིན་དང་འཐུན་པའི་དཔེ་བསྟན་པའི་ཕྱིར། གལ་ཏེ་ཕྲ་མཱིན་ཞེས་པ་ལ་སྟེགས་པ་གསུངས་ཏེ། ་ཕ་ནི་སྐྱེད་པར་བྱེད་པ་ཡིན་ལ། གལ་ཏེ་བུད་མེད་དེ། བུ་མེད་པར་གྱུར་ནའོ།། བུ་སྐྱེད་པ་ལ་བལྟོས་ནས་འདི་ཐ་སྙད་ཡིན་ལ། དེ་ལྟར་ན་གང་ལས་བུ་འབྱུང་བ་ཡིན། གང་དེ་གང་གི་ཕྱིར་ཕ་མེད་པའི་ཕྱིར་བསྐྱེད་པར་བྱ་བའི ་བུ་འབྱུང་ཞིང་སྐྱེ་བ་ཡོད། ཅིའི་ཕྱིར་ཞེ་ན། བུ་མེད་པར་ནི་ཕ་མེད་པས་ཞེས་པ་འདི་ནི་གཏན་ཚིགས་ཀྱི་ཚིག་ཡིན་ནོ།། གང་གི་ཕྱིར་བུ་མེ་ཡོད་པ་མ་ཡིན་ན་ཕ་ཡོད་པ་ནི་མ་ཡིན་ཏེ། པོར་མི་འགྱུར་ལ། ཕས་ཀྱང་བུ་བསྐྱེད ་པར་བྱ་བ་མ་ཡིན་ལ། དེ་ཡང་བུ་ཇི་སྲིད་དུ་སྐྱིང་པར་བྱེད་པ་མ་ཡིན་ན་དེ་སྲིད་དུ་ཕ་ཉིད་དུ་མི་འགྱུར་ཏེ། དེ་སྲིད་དུ་བུ་ལས་བུར་འགྱུར་བར་སྲིད་པ་མ་ཡིན་པའི་ཕྱིར་གཅིག་ལ་གཅིག་བརྟེན་པས་ནི་གཅིག་མེད་པས་གཞན་མེད་པར ་འགྱུར་རོ།། ཞེས་གཉི་ག་ཡང་ནི་མེད་པར་འགྱུར་ཞེས་ཏེ། བསྡུས་པའི་དོན་ཏོ།། དེ་ན་འདི་དཔེ་ལས་བྱུང་བ་ལ་སྦྱར་བའི་ཕྱིར་དེ་བཞིན་ཞེས་གསུངས་ཏེ། ཇི་ལྟར་འདི་ཕ་དང་བུ་དཔེར་བརྗོད་པ་དེ་བཞིན་དུ་ཤེས་པ་དང ་ཤེས་བྱའི་གཉིས་པོ་དེ་དག་ཡོད་པ་མ་ཡིན་ཏེ། དེ་བཞིན་དུ་དངོས་པོ་མ་ཡིན་ཏེ། འདི་ལྟར་ཡང་ཤེས་པར་བྱ་བའི་ཤེས་པ་ལ་ཤེས་བྱར་བརྗོད།། ཤེས་པའི་ཡོངསུ་བཅད་པར་བྱ་བས་ཀྱང་ཤེས་བྱ་ཡིནོ་ཞེས་སོ།། ཇི ་སྲིད་དུ་ཤེས་པ་མ་གྲུབ་པ་དེ་སྲིད་དུ་ཡོངས་སུ་ཤེས་པ་མི་གྲུབ་ལ། དེ་སྲིད་དེ་ནི་ཡོངསུ་བཅད་པར་བྱ་བ་ཉིད་ཀྱི་ཤེས་པར་བྱ་བ་མི་འགྲུབ་པས་གཅིག་ལ་གཅིག་རྟེན་པ་ཉིད་ཀྱི་ཕྱིར་གཉི་ག་མེད་པར་འགྱུར་རོ་ཞེས་དགོས། ་པ་ཡིན་ནོ།། དེ་ལྟར་གྱུར་ན་ཡང་ཕན་ཚུན་གྱི་དཔུང་གིས་གྲུབ་བོ་ཞེས་མི་སྒྲ་སྟེ་འོན་ཀྱང་ཤེས་བྱའི་འབྲས་བུ་ཤེས་པ་ལྡན་ལ། ཤེས་པ་དེ་ལས་མྱུ་གུ་དང་ས་བོན་བཞིན་དུ་ཤེས་པ་དྲུག་ཅེས་གཞན་གྱི་བསམ་པ་དགོད ་པའི་ཆེད་དུ་མྱུ་གུ་སཾ་བོནྡ་ལ་སྐྱེ་ཞིང་ཞེས་པ་ལ་སོགས་པ་གསུངས་ཏེ། ས་བོན་གཤོང་དང་བུ་གའི་ནང་དུ་ཆུད་པའི་ལས་ཏེ། ས་བོན་དེ་ཉིད་ལས་མྱུ་གུ་སྐྱེས་པར་བརྗོད་ཅིང་གི་བར་བྱེད་པ་ཇི་ལྟར་ཡིན་པ་དེ ་བཞིན་དུ་འདིར་ཤེས་བྱ་སྟེ། གཞལ་བྱ་ལ་གསོ།། ཤེས་པ་སྐྱེས་ཏེ་གྲུབ་པ་ཡིས་སོ།། དེ་ཡོད་པ་སྟེ་ཤེས་པར་བྱེ་བ་དེ་ཡོད་ཅིང་ཡང་དག་པར་ཡོད་པའོ།། ཅེས་མི་རྟོགས་ཏེ། འདིར་ཡོང་ས་བོན་དང་མྱུ་གུ་བཞིན ་དུ་རྒྱུ་དང་འབྲས་བུ་དངོས་པོ་ཡོད་པ་ཡིན་པའི་ཕྱིར་རོ།། འདི་ནི་དཔེ་དང་འདྲ་བ་མ་ཡིན་ཞེས་བསྟན་པའི་ཕྱིར་མྱུ་གུ་ཞེས་པ་ལ་སོགས་པ་གསུངས་ཏེ། མྱུ་གུ་སྟེ་འབྲས་བུ་ལས་ས་བོན་ཡོད་ཅེས་རྟོགས་ན། དེ་འདི་ཉིད ་འབའ་ཞིག་གི་མཐུ་མ་ཡིན་ཏེ། འོན་ཀྱང་གཞན་ཏེ་མྱུ་གུ་ལས་ཐ་དད་པའི་ཤེས་པ་ལས་དེ་ཡོད་དོ་ཞེས་རྟོགས་པ་སྟེ། འདི་ལྟར་རུང་བ་ཙམ་གྱི་རྒྱུ་འབྲས་བུས་རྟོགས་པར་བྱེད་པ་མ་ཡིན་ཏེ། གཞན་དུ་ན་ས་བོན་ཉིད ་མྱུ་གུ་སྐྱེད་པར་མ་གཏོགས་པས་ཀྱང་གོ་བར་བྱེད་པ་ཉིད་དུ་འགྱུར། རང་གི་ངོ་བོ་རྟོགས་པ་ཙམ་གྱི་མྱ་གཏོགས་པའི་འབྲས་བུ་དང་རྒྱུའི་དངོས་པོ་ཡང་རྟོགས་པར་ཐལ་བར་འགྱུར་བའི་ཕྱིར་ཏེའོ།། ་ཀྱང་མེད་ན་མི་འབྱུང་བ་ཉིད་ཀྱི་དྲི་པ་ཡིན་ནོ།། དེའི་ཕྱིར་སྔར་རྒྱུ་དང་འབྲས་བུ་དངོས་པོ་རྟོགས་པ་ལ་ཡང་ཕྱི་ནས་འགའ་ཞིག་ཏུ་ས་བོན་ལས་བྱུང་བའི་མྱུ་གུ་དམིགས་པ་དང་ལྡན་པས་ས་བོན་དུ་ཞེན་པའི་བདག་ཉིད་རྗེས་སུ ་དཔག་པ་སྐྱེ་བར་འགྱུར་རོ།། དེས་ས་དོན་ཡོད་དོ་ཞེས་ཞེན་པར་བྱེད་དོ།། དེ་ལྟ་བས་ན་ཤེས་པས་ཡུལ་དུ་བྱས་པའི། འདི་ལྟར་མྱུ་གུ་ས་བོན་རྟོགས་པའི་རྒྱུ་ཡིན་ལ། ཤེས་པ་ཡོད་པ་ཉིད་དེ། ཤེས་པ་དངོས་པོ་ལ་ཡོད ་པར་གང་ལས་ཏེ། གང་གིས་ཤེས་པར་ཡོད་པར་རྟོགས་པར་བྱེད་དེ། རང་རིག་པ་མེད་པའི་ཕྱིར་དང་ཐུག་པ་མེད་པའི་འཇིགས་པས་ཤེས་པ་གཞན་མི་འཚལ་བའི་ཕྱིར་རོ།། ཤེས་བྱ་གང་ཞིག་དེ་ཡིས་གོ་བར་འགྱུར་བ ་གང་ལས་ཏེ། ཤེས་པར་བྱ་བ་ཤེས་པས་ཤེས་བྱའི་འབྲས་བུ་དེས་གྲོ་ཞིང་ཞེན་པར་འགྱུར། རོང་ཉིད་མ་ངེས་པའི་རྟགས་བསྒྲུབ་བྱའི་གློ་བར་བྱེད་པའི་རིགས་པ་མ་ཡིན་ནོ།། ཤེས་པར་བྱེད་པའི་རྒྱུ་འདི་ཤེས་བྱའི་གོ་བར ་བྱེད་པ་ཡིན་ནོ།། དེ་ལྟ་བས་ན་དངོས་པོའི་ཕྱོགསོ་ལ་ཤེས་པ་དང་ཤེས་བྱ་གྲུབ་པས་དཔྱད་པར་ནུས་པ་མ་ཡིན་ཏེ། བརྟགས་པའི་ཕྱོགས་ལ་ནི་ཇི་ལྟར་གྲགས་པ་བཞིན་དུ་ཐ་སྙད་ལ་བརྟེན་ནས་ནུས་པ་ཡིན་ཞེས་ངེ་སོ།། ་ད་ནི་རང་ལས་མ་ཡིན་གཞན་ལས་མིན།། གཉིས་ལས་མ་ཡིན་རྒྱུ་མེད་མིན།། དངོས་པོ་གང་དག་གང་ན་ཡང་།། སྐྱེས་པ་ནམ་ཡང་ཡོད་མ་ཡིན།། ཞེས་པའི་དོན་བསྒྲུབ་པའི་དོན་དུ་རྒྱུ་མེད་པ་ཡང་མ་ཡིན་ནོ་ཞེས་མཐའ ་བཞི་བསྒྲུབ་པའི་དོན་དུ་རེ་ཞིག་དངོས་པོར་སྨྲ་བའི་འདོད་པ་དགག་པའི་ཕྱིར། རེ་ཤིག་འཇིག་རྟེན་ཞེས་པ་ལ་སོགས་པ་གསུངས་ཏེ། འདི་ལྟར་ཡང་དེ་རྣམས་ཀྱི་རང་དང་གཞན་གྱིས་རང་བཞིན་གྱི་རྒྱུ་ལ་མ་བལྟོས་པ་ཉིད་དངོས ་ཚོགས་རྣམ་པ་སྣ་ཚོགས་པ་སྐྱེ་བར་འགྱུར་རོ་ཞེས་སྐྱེ་བར་བྱེད་དོ་ཞེས་བརྗོད་པར་བྱེད་དོ།། གང་གི་ཕྱིར་པདྨ་ལ་སོགས་པ་རྣམས་ཀྱི་རྩ་བ་དང་འདབ་མ་དང་ཡལ་ག་དང་། ཟེའུ་འབྲུ་ལ་སོགས་པ་རྣམ་པ་དུ་མའི་ཁྱད ་པར་ཐ་དད་པ་རྣམ་པ་སྣ་ཚོགས་པ་སེམས་དང་དྲལ་བའི་ཆུ་དང་འདམ་ལ་སོགས་པ་ལོས་སྐྱེད་པར་མི་ནས་སོ་ཞེས་སོ།། སེམས་དང་ལྡན་པ་གཞན་འགའ་ཞིག་ལས་དེ་ལྟ་བུས་སྤྲུལ་པ་ལས་གཞོལ་བ་དམིགས་པ་ཡང ་མ་ཡིན་ལ། གུས་པར་བྱེད་པ་ཡང་མ་ཡིན་ཏེ། ལས་ལ་མཐར་ཐུག་པ་མེད་པའི་ཕྱིར་དང་། དུས་གཅིག་ཏུ་མཐར་ཐུག་པ་མེད་པའི་ཁྱད་པར་རྣམས་ལ་བྱ་བ་དང་ལྡན་པའི་ཕྱིར་རོ།། དེ་ལྟ་བས་ན་རྒྱུ་ཅུང་ཟད་ཀྱང་མེད་པར་འགྲོ ་ང་འདི་ཐམས་ཅད་རྣམ་པ་སྣ་ཚོགས་པར་སྐྱེའོ་ཞེས་པ་ནི་དེ་རྣམས་ཀྱི་ལུགས་སོ།། དེ་སྐད་དུ་ཡང་། རང་བཞིན་སྨྲ་བ་དེ་རྣམས་ཀྱིས།། རང་ཉིད་ཀྱང་ནི་རྒྱུ་རུ་བརྗོད།། ཐམས་ཅད་རྒྱུ་ལ་རེ་མེད་པར།། དངོས་པོ་རྣམས་ཀྱི་སྐྱེ་བ་ཡང ་པདྨ་ཉི་མ་གྲེ་སར་སོགས།། སྣ་ཚོགས་གང་གིས་བྱེད་པ་ཡིན།། རྨ་བྱའི་མདོངས་ལ་སོགས་པ་ཡང་།། སྣ་ཚོགས་གླང་གི་སྤྲུལ་པ་ཡིན།། ཇི་ལྟར་ཚེ་ར་མ་ལ་སོགས་པའི།། རྣོ་བ ་ལ་སོགས་རྒྱུ་མེད་ལྟར།། གློ་བུར་ཡིན་ཕྱིར་དེ་བཞིན་དུ།། སྡུག་བསྔལ་ལ་སོགས་རྒྱུ་མེད་ཉིད་ཅེས་བརྗིད་དོ།། དེ་ལ་འདི་ལྟར་སྨྲ་བ་ལ་ནི་འཇིག་རྟེན་གྱི་རྟོགས་པ་ཉིད་ཀྱིས་རྒྱུ་ལས་ནུས་པ་མེད་པ་ཉིད་ལ་གནོད་པར ་འགྱུར་རོ་ཞེས་སྟོན་ཏེ། འཇིག་རྟེན་པ་ནི་སྐྱེ་བོ་ཐམས་ཅད་ཡིན་ལ།། མངོན་སུམ་གྱི་དབང་པོ་ལ་བརྟེན་པའི་ཤེས་པའི་ཡིན་ལ། མངོན་སུམ་ཞེས་པ་འདི་ཉེ་བར་མཚོན་པ་ཡིན་པའི་ཕྱིར་རྗེསུ་དཔག་པས་ཀྱང་ཡིན་ཏེ། ་དེ་རྟོགས་པའི་ཕྱིར་ན་མངོན་སུམ་དང་རྗེ་སུ་དཔག་པ་ཡིན་ཞེས་པའི་ཐ་ཚིག་གོ། ཐམས་ཅད་ནི་རྣམ་པ་དུ་མ་ཡིན་ལ། རྒྱུ་ནི་འཇིག་རྟེན་སྣ་ཚོགས་པའི་རྒྱུ་ཡིན་ལ། མཐོང་བ་ནི་དེའི་རྗེ་སུ་འགྲོ་བ་དང་། ལྡོག་པའི་བྱེད ་པ་ཡང་འབྲས་བུ་བསྐྱེད་པར་མཐོང་ལ། འབྲས་བུ་ནི་གང་ཞིག་ཡོད་ན་ཡོད་ལ། དེ་མེད་ན་མེད་པར་རྟོགས་པ་དེ་ནི་དེ་ཡི་རྒྱུ་ཡིནོ་ཞེས་ངེས་པ་ཡིན་ནོ།། དེའི་ཕྱིར་འཇིག་རྟེན་གྱི་རྟོགས་པ་ཉིད་ཀྱི་རྒྱུའི་བྱེད་པ་ལས་རྒྱུ ་མེད་པའི་དམ་བཙའ་བ་ཉིད་ལས་གནོད་པར་བྱེད་ལ། དེ་ཉེ་བར་བསྟན་པའི་ཕྱིར། པདྨའི་སྡོང་པོ་ཞེས་པ་ལ་སོགས་པ་གསུངས་ཏེ། པདྨའི་སྡོང་པོ་ལ་སོགས་པ་གང་ཡིན་པ་དེ་རྣམས་ཏེ། ལོ་མ་དང་། མང་བ ་མ་དང་། ཡལ་ག་དང་། ཟེའུ་འབྲུ་ལ་སོགས་པ་དེ་རྣམས་ལ་དེ་སྐད་ཅེས་བརྗོད་དེ། གང་གི་ཕྱིར་དེ་རྣམས་ཀྱིས་ཁྱད་པར་སྣ་ཚོགས་པ་ཉིད་ཡིན།། རྒྱུ་འདི་དབྱེ་བས་ཞེས་པའི་རྒྱུ་སྟེ་རྒྱུའི་དབྱེ་བ་ལས་ཁྱད་པར་སྐྱེ་བར་གྱུར ་ཏེ་འབྱུང་བར་འགྱུར་ལ། གཞན་དུ་ནི་མ་ཡིན་ཏེ། ངེས་པ་མེད་པར་ཐམས་ཅད་དུ་འབྱུང་བར་ཐལ་བའི་ཕྱིར་རོ།། དེའི་ཕྱིར་གང་གིས་རྗེ་སུ་འགྲོ་བ་ལྡོག་པའི་རྗེས་སུ་བྱེད་པར་རྟོགས་པ་དེ་ཉིད་ཀྱི་འབྲས་བུ་ཡིན་ཏེ། དེ་གཞན ་ལས་མ་བྱུང་ཞེས་ཁས་བླང་བར་བྱ་བ་ཡིནོ།། དེ་ལྟ་བས་ན་རྒྱུ་སོ་སོར་ངེས་པ་ཉིད་ལས་ཁྱད་པར་སོ་སོར་ངེས་པར་སྐྱེ་བ་ཡིན་ཏེ། དེ་ཁྱད་པར་གྱིས་ཁྱད་པར་ཡིན་པའི་ཕྱིར་རྒྱུ་མེད་པའི་ནི་མ་ཡིནོ།། ཅི་སྟེ་གལ་ཏེ་རྒྱུ་ཉིད་ལ་རང་ཉིད ་ཀྱི་ཁྱད་པར་འདི་གྲུབ་པ་ཡིན་ལ། འོན་ཀྱང་དེ་ཉིད་གང་ལས་སྲིད་པར་འགྱུར་ཞེས་བརྗོད་པར་བྱ་སྟེ། ཁྱད་པར་མེད་པ་ལས་ཁྱད་པར་སྐྱེ་བ་མ་ཡིན་ཏེ། ཡང་རྒྱུ་མེད་པཱ་ཐལ་བཱི་ཕྱིརོ་ཞེས་པའི་དོགས་པ་འདི་སྤང ་བའི་ཕྱིར། རྒྱུ་དབྱེ་གང་གིས་ཞེས་པ་སགས་པ་ལ་སོགས་པ་དོགས་པ་སློང་བ་སྨོས་ཏེ། གང་གིས་བྱས་ཞེས་པ་ནི་དུ་ཞིག་བྱས་ཤིང་། གང་ལས་བྱུང་ཞེས་པའོ།། རྒྱུའི་དབྱེ་བས་བྱོས་ཤེ་ན། གང་གིས་རྒྱུའི་དབྱེ་བ་ཁྱད ་པར་ཡིན་ནོ་ཞེས་བརྗོད་ནའོ།། སྔར་གྱི་རྒྱུ་དབྱེ་བ་ཉིད་ལས་སོ་ཞེས་ཏེ། སྔར་གྱི་སྟེ། སྔ་མ་ཉིད་ལས་ཡིན་ལ། དེ་སྐྱེད་པར་བྱེད་པའི་རྒྱུ་དབྱེ་བ་ལས་ཏེ། ཁྱད་པར་གྱི་དབྱེ་བ་ལས་སོ།། དེའི་ཡང་རྒྱུ་སྔ་མ་གང་ལས་ཁྱད ་བར་དུ་འགྱུར་ཞེ་ན། དེ་ལ་ཡང་སླར་རྒྱུའི་ཁྱད་པར་ལས་ཞེས་བརྗོད་པར་བྱ་སྟེ། དེ་ལྟར་ཕྱི་མ་ཕྱི་མའི་ཁྱད་པར་འདོད་པ་རྣམས་ལ་སྠཱ་མྦྷ་སྣུ་མཱའི་ཁྱུད་པརྱ་ལས་ཞེས་ལན་བརྗོད་པཱུར་བྱཱ་ལ། ་ཐུག་པ་མེད་པ་མི་འདོད་པ་ཅུང་ཟད་དུ་ཡང་འགྱུར་བ་མ་ཡིན་ཏེ། འཁོར་བ་ལ་ཐོག་མ་མེད་པའི་སྟོན་གྱི་མཐའ་ཤེས་པར་འགྱུར་བ་མ་ཡིན་ཞེས་ཁས་བླངས་པའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་ན་འབྲས་བུ་ཕྱིན་ཅི་ལོག་པ ་ཡང་རང་ལས་མ་ཡིན་ནོ་ཞེས་བསྟན་པའི་ཚེ་དུ་གཞན་གྱི་དོགས་པ་ཅིའི་ཕྱིར་ཞེས་པ་ལ་སོགས་པ་སློང་བ་སྨོས་ཏེ། རྒྱུ་གང་ལས་འབྲས་བུ་སྐྱེད་པའི་ཁྱད་པར་འབྲས་བུ་འབྱིན་པའི་མཐུ་སྟེ་རྒྱུ་ཡིན་ཞེ་ན། སྔར་གྱི་རྒྱུའི་མཐུ ་ལུས་ཡིན་ཏེ། སྔར་གྱི་དེ་སྐྱེད་པར་བྱེད་པའི་རྒྱུ་ལས་ཏེ། མཐུ་ལས་སོ།། གང་གཱི་ནྱ་ལྷན་ཅིག་བྱེད་པའི་ཁྱད་པར་གྱིས་སྐྱེད་པ་འབྲས་བུ་སྐྱེས་པའི་ཡོན་ཏན་གྱི་ཁྱོད་པར་ཕན་ཚུན་ཡིངསུ་གྱུར་པའི་ལྕུག་པར་གྱུར ་ནི་གེགས་དང་མ་ཚང་བ་མོ་སྲོང་ན། དེ་ལྟ་བུའི་རྣམ་པ་ཉིད་ཀྱིས་འབྲས་བུ་སྐྱེད་པར་བྱེད་དོ།། དེ་ལྟ་བསོན་ཕྱིན་ཙོ་མི་ལོག་པའི་འབྲས་བུ་སྐྱེད་པར་ཡང་རང་གི་རྒྱུའི་ནུས་པོས་སྐྱེད་པ་ཉིད་ཡིན་ནོ།། དུས་ནཱ་མངོན་པར་མཐི་བ ་ད་ངེས་པར་ལགས་པའི་སྒྲུབ་པར་བྱེད་པོའི་རྒྱུ་ལས་གོ་རིམས་ཇི་ལྟ་བ་བཞིན་དུ་མངོན་པར་མཐོ་བི་དང་ངེས་པོར་ལེགས་པས་འབྲས་བུ་སྐྱོ་བར་འགྱུརརོ།། ངོ་ཕྱིན་ཅི་ལོག་པ་ལའང་ཕྱིན་ཅི་ལོག་པ་ཡིན་ཞེས་པ་བརྒྱལ་ཡང ་ཕྱིན་ཅི་ལོག་པ་མ་ཡིན་ནོ།། འདི་ཡང་ངེས་པར་རང་བཞིན་དུ་སྨྲ་བ་རྒྱུ་དང་བཅས་པར་མི་འདོད་ན་ཡང་ཁས་བླང་བར་བྱ་སྟེ། གཞན་དུ་ན་གཏན་ཚོགས་མེད་པར་དངོས་པོ་རྣམས་ཀྱི་རྒྱུ་མེད་པར་དམ་འཆའ་བ་ཇི་ལྟར་གྲུབ་པར ་འགྱུར་ཏེ། དམ་བཅས་པ་ཙམ་གྱིས་དེང་དུ་ཞིག་གིས་ཀྱང་འཛིན་པ་མ་ཡིན་པའི་ཕྱིར།། གཏན་ཚིགས་ཀྱི་བྱེད་པ་ཡིས་དེ་སྒྲུབ་པར་བྱེད་པས་རང་ཉིད་ཀྱིས་སླར་ཡང་རྒྱུ་དང་བཅས་པ་ཉི་དུ་ཁས་བླངས་པའི་ཕྱིར་མེ་བཤམ ་ང་ཡིན་ལ། བདག་གི་མ་ཡང་ཡིན་ཞེས་སྨྲ་བ་བཞིན་དུ་དམ་བཅས་པ་ལ་རང་གི་ཚིག་གི་གནོད་པར་འགྱུར་ཏེ། དེའི་ཕྱིར་ངེས་གཉིས་ཀྱིས་ཐག་པའི་ཞུགས་པ་བཞིན་དུ་དོགས་པར་སྡུག་པ་འདི་ཆུད་པ་ཡིན་ནོ།། དེ་སྐད ་དུ་ཡང་། རྒྱུ་ནི་མེད་ཅེས་བརྗོད་པ་གཏན་ཚིགས་དང་ལྡན་པ་རཱ། དམ་བཅས་རང་ཉིད་ཀྱིས་ནི་བསྔལ་བ་མ་ཡིན་ནམ། འོན་ཏེ་གཏན་ཚིགས་བརྗོད་ལ་ལེ་ལོར་གྱུར་ན་ནི། དམ་བཅུའ་འབའ་ཞིག་གིས་ནི་འདི་ལ་ཅི་ཞིག་འགྱུར ་ཞེས་གསུངས་སོ།། དེ་ལྟ་བས་ན་འདི་ལྟ་བ་ངན་པས་སྤྲུལ་པ་ཉིད་ཡིན་ཏེ། ཚད་མས་གནོད་པའི་ཕྱིར་རོ།། དེ་ལྟར་ན་རང་བཞིན་དུ་སྨྲ་བ་བསལ་ནས། རྣམ་པ་གཉིས་པ་བསྒྲུབ་པའི་ཆེད་ཉིད་དུ་དབང་ཕྱུག་འགྲོ་བའི་རྒྱུ་ཡིན་པ ་ཉིད་དུ་བསྟན་པའི་ཚེ་དུ་དེ་སློང་བར་བྱེད་པས། དབང་ཕྱུག་ཅེས་པ་ལ་སོགས་པ་སྨོས་ཏེ། དབང་ཕྱུག་རྒྱུར་སྨྲ་བས་ཀྱང་རང་བཞིན་དུ་བྱེད་པའི་འདོད་པ་སུན་ཕྱུང་བ་ཐོས་ནས་ཁུར་ཕྱེད་ཕོག་པར་བསམས་ནས། ཁྱད་པར ་བརྗོད་པའི་ཆེད་དུ་ཁྱེད་རྣམས་ཀྱིས་གྲོགས་ཉིད་བྱས་པ་ཡིན་ཏེ།། ཞེས་སྨྲས་ཏེ། རྒྱུ་མེད་པར་འགྲོ་བ་རྣམ་པ་སྣ་ཚོགས་སུ་འབྱུང་བ་མ་ཡིན་ཏེ། ཡུལ་ལ་སོགས་པ་ངེས་པ་མྱེད་པར་ཐལ་བའི ་ཕྱིར་ལ། སེམས་པ་མེད་པ་འབའ་ཞིག་གིས་ཆུ་དང་འདམ་ལ་སོགས་པ་འདི་རྣམས་ཀྱི་རྣམ་པ་སྣ་ཚོགས་པ་ནུས་པ་མ་ཡིན་ཏེ། ཞེས་པ་འདི་བརྗོད་པ་ནི་རིགས་པ་ཡིན། དེ་ལ་བཅོམ་ལྡན་འདས་རྣམ་པ་སྣ་ཚོགས་པ་སྤྲུལ་པ ་ལོ་མཁས་པ་འགྲོ་བའི་དེང་དཔོན་གཅིག་པུ། འགྲོ་བ་མཐའ་དག་གི་དང་པོར་གྱུར་པ་རྟག་པའི་བདག་ཉིད་ཀྱིས་རྣམ་པ་ཐམས་ཅད་དུ་ཉམས་པ་མེད་པའི་ནུས་པའི་མཐུ་དང་ལྡན་པས་དངོས་པོ་ཐམས་ཅད་ཀྱི་རྒྱུ་དང་འབྲས ་བུའི་དངོས་པོ་ལ་སོགས་པ་དེ་ཉིད་མཁྱེན་པ་དབང་ཕྱུག་གི་ཆེ་བའི་བདག་ཉིད། ཚུ་རོལ་མཐོང་བའི་མཐའ་དག་གི་སྤྱོད་ཡུལ་མ་ཡིན་པའི་རྒྱུ་དེས་ན་གཡོ་བ་དང་མི་གཡོ་བ་འདི་ནཐའ་དག་རྒྱུ་དང་བཅས་པའི་འགྲོ་བ་ཞེས་སེམས ་པ་དང་བཅས་པ་ལས་གཞན་དུ་སྐྱེ་བོར་ནུས་ཞེས་རིགས་པ་ནྡན་ལ་སོགས་པས་ཁྱིམ་དུ་འགྲོ་བས་དབང་ཕྱུག་འགྲོ་བའི་རྒྱུ་ཡིན་ཞེས་སྐྱེ་བར་བྱེད་དོ།། དབང་ཕྱུག་ཅེས་པ་ནི་བདེ་བྱེད་དུ་གྲགས་པ་ཡིན་ལཱ་དེ་ཉིད་འགྲོ ་བས་ཏེ། སྣ་ཚོགས་རྒྱུ་ཡིན་པ་འབྱིན་པ་དང་གནས་པ་དང་འཇིག་པར་བྱེད་པའི་རྒྱུ་ཡིན་ནོ།། དེ་ལྟ་བས་ན་སྣ་ཚོགས་མ་ལུས་པ་འདི་ཉིད་སྐྱེ་བོར་འགྱུར་ལ། གཞན་དུ་ན་སེམས་མེད་པ་རྒྱུ་ཡིན་པའི་ཕྱིར་རི་དང་ཆུ ་ཀླུང་དང་ས་གཞི་དང་རྒྱ་མཚོ་ལ་སོགས་པ་སྐྱེ་བ་ལ་བརྟེན་པ་ཇི་ལྟར་འགྱུར། སེམས་དང་ལྡན་པས་བྱིན་གྱིས་བརླབས་པ་ལས་སླར་ཡང་འདི་རྣམས་སྐྱེད་པར་ནུས་པ་ཡིན་ཏེ། དེའི་བྱེད་པ་ཉིད་ཀྱི་སྒྲུབ་པར་བྱེད་པའི ་ཕྱིར་རོ།། དེ་སྐད་དུ་ཡང་། སྐྱེད་ལྡན་གཞན་པ་ཐམས་ཅད་ཀྱི།། དབང་ཕྱུག་རྒྱུ་རུ་བརྗོད་པར་བྱེད།། རཱི་ལ་སོགས་པ་སེམས་མེད་པས་ནི་རང་འབྲས་ལ།། རང་ཉིད་ཀྱི་ནི་བརྩོན་ནུས་མིན།། དབང་ཕྱུག་རྫ་མཁན་བཞིན་དུ ་སྣ་ཚོགས་སྦྲུལླ་བྱེད་པར་མུ་གྱུར་ནི།། རི་རབ་འདི་མི་འགྲུབ་ཅིང་ས་གཞི་འདི་མིན་རྒྱ་མཚེ་མ་ཡིན་ཉིད།། ཉི་ཟླ་གཟའ་སྐར་ལྡན་འདིར་འགོད་པ་མིག་ཡུལ་འདི་དག་ཏུ་མི་འགྱུར། ཡོད་པའི་ཕྱིར་ན་དབང་ཕྱུག་འགྲོ་བའི་བྱེད་པ་ཡིན། ་ཞེས་འགའ་ཞིག་སྨྲ་ཞེས་བརྗོད་དེ།། དེ་ལྟ་བས་ན་འགྲོ་བ་ཉིད་སེམས་པ་མེད་པ་ཉིད་དང་། སྣ་ཚོགས་པའི་དངོས་པོའི་རྒྱུ་དབང་ཕྱུག་ཡིན་ནོ་ཞེས་བདག་ཉིད་བརྗོད་དོ་ཞེ་ན། འདི་ལ་བརྗོད་པར་བྱ་སྟེ། འདིས་རང་གི་ཁྱིམ་དུ་བརྟགས ་པའི་གཞལ་ཡས་དགོད་པ་དང་། ཚིག་གིས་དགྲོང་པ་སྤྲོས་པའི་ཚོགས་ཀྱིས་འདི་ལྟར་བརྗོད་པ་ལ་ཡང་རང་གིས་གྲུབ་པའི་མཐའ་ལ་མངོན་པར་ཞེན་པའི་བློ་གྲོས་རྟུལ་པོ་རྣམས་ལ་དགའ་བར་བྱེད་པ་ཡིན་ལ། ཚད་མ་དང ་བྲལ་བ་ལ་མཁས་པ་རྣམས་ལ་དགའ་བ་སྐྱེ་བ་ཡིན་ནོ།། འདི་ལྟར་ཡང་འདི་གལ་ཏེ་སྙིང་རྗེ་དང་ལྡན་པ་ཡིན་ན་ཡང་ཅིའི་ཕྱིར་སྲོག་ཆགས་རྣམས་ལ་དམྱལ་བ་ལ་སོགས་པ་རྣམསུ་གདུང་བར་བྱེད། དེ་ལྟར་གྱུར་ན་ཡང་སྙིང་རྗེ་དང ་ལྡན་པ་ཉིད་དད་པས་རྟོགས་པར་བྱ་བ་ཉིད་དུ་འགྱུར་རོ།། རང་གིས་བྱས་པའི་དམ་པ་མ་ཡིན་པའི་ལས་ཀྱི་འབྲས་བུ་ཉེ་བར་ལྗོངས་སྤྱོད་པས་དེ་ལ་གཏོད་པ་དང་། སེལ་བ་ལ་གང་ཞིག་འཇུག་པར་འགྱུར་བ ་ཇི་ལྟར་སྙིང་རྗེ་མེད་པར་འགྱུར་ཞེ་ན། གང་གི་མི་འདོད་པའི་འབྲས་བུ་མྱོང་པོ་འདིའི་ལས་སྙིང་རྗེ་དང་ལྡན་པས་མི་བྱེད་པར་འགྱུར་བར་ཇི་ལྟར་མི་བྱེད། དེ་ལ་ཡོད་དེའི་བྱ་བ་ལྡན་པའི་ཕྱིར་ལ་སྐྱེ་བ་དང་ལྡན་པ་ཐམས་ཅད་ཀྱི་རྒྱུ་མཚན ་ཡིན་པའི་ཕྱིར་རོ།། གཞན་ཡང་དེ་ལ་བྱ་བ་བྱེད་པ་མ་ཡིན་ན་ལས་དེའི་འབྲས་བུ་ལ་ལོངས་སྤྱོད་པ་ཡིན་ནམ་མ་ཡིན། གལ་ཏེ་ཕྱོགས་དང་པོ་ཡིན་ན་དེ་སྐད་དུ། རང་གི་བདེ་བ་སྡུག་བསྔལ་ལ།། མི་ཤེས་སྐྱེ་བ་རང་དབང་མིན།། མཐོ ་རིས་དང་ནི་གཽ་ཡང་ས་རུ།། དབང་ཕྱུག་གོས་བསྐུལ་འགྲོ་བར་འགྱུར། ཞེས་བརྗོད་པ་དེར་ཇི་ལྟར་འགྱུར། འབྲས་བུ་ཐམས་ཅད་ལ་ཡང་དེའི་བྱེད་པ་ཁས་བླངས་པ་ལ་འདི་ཉིད་ཀྱིས་མ་ངེས་པར་ཐལ་བར་འགྱུར་རོ།། འོན་ཏེ ་ཕྱོགས་གཉིས་པ་ཡིན་ན་དེའི་ཚེ་འདི་སྙིང་རྗེ་དང་ལྡན་པ་ཡིན་ན། གལ་ཏེ་འབད་པས་འགྲོགས་ཉིད་དུ་དེ་ལ་རྟོགས་པར་བྱེད་ན། དེ་ལ་བཏང་སྙོམས་ཅིའི་ཕྱིར་བསྒོམ་པར་མི་བྱེད། འོན་ཏེ་བྱས་པའི་ལས་ཆུད་ཟོས་པར་འགྱུར ་བའི་ཕྱིར་ངེས་པ་དེས་དེའི་འབྲས་བུ་མྱོང་བར་བྱ་ཞེས་དེ་ལོངས་སྤྱོད་པའི་ཆེད་དུ་བྱེད་པ་ཡིན་ནོ་ཞེ་ན། ཡང་འདི་ལ་བྱ་བ་མི་བྱེད་ན་ངེས་པར་ངེས་ཇི་ལྟར་ཉམ་སུ་མྱོང་བར་བྱ་སྟེ། ཚོགས་པོ་དང་བྲལ་བའི་ཕྱིརརོ།། ཡང་འདི་ལྟར ་ཆུད་ཟོས་ན་ཡང་ཉེས་པ་ཇི་ལྟར་འགྱུར་ཏེ། འབད་པ་ཉིད་ཀྱིས་སྙིང་རྗེ་ཅན་དེས་འགྲུབ་པར་རིགས་པ་ཡིན་ཏེ། འདི་ལྟར་ཡང་དེ་འདོད་པས་འཇུག་པ་ཉིད་ཀྱིས་དེ་མ་སྨིན་པའི་ཕྱིར་ཏེ། དེས་ན་དབང་ཕྱུག་གིས་བསྟན་པ་ཉིད་དུ ་དེ་ལ་འགྱུར་རོ།། འོན་ཏེ་སེམས་ཅན་རྣམས་ཀྱི་ལས་དེས་བསྐུལ་བ་དེ་ཡང་སྙིང་རྗེ་དང་ལྡན་པས་གནས་པར་ནུས་པ་མ་ཡིན་ནོ་ཞེ་ན། ཀྱེ་མ་དབང་ཕྱུག་རང་ཉིད་ཀྱིས་འདི་ལྟར་གཞན་དུ་ཆེད་གསལ་བར་འགྱུར་ན་འགའ་ཞིག་ལས ་ཀྱིས་ཡང་དག་པར་དྲངས་པའི་བདག་ཉིད་དབང་དུ་གྱུར་པའི་ཐོབ་པར་མ་གྱུར་པའི་འདི་ལྟར་དབང་ཕྱུག་ལྔ་ཀྱང་ལྕེ་ཉིད་ནུས་པ་ཆེན་པོ་དང་ལྡན་པ་ཉིད་དུ་གསལ་བར་བྱས་པར་འགྱུར། གང་ཞིག་སྟོབས་ཀྱིས་ཡང་དག་པར་འདྲེན་པ་ན ་དབང་ཕྱུག་ཆེན་པོ་ཡང་གནས་པར་མི་ནུས་ཏེ། དེས་ནཱ་ལྷུར་ལེན་པ་ཉིད་རྟེན་པར་གྱིས་ཤིག། དེ་ལྟ་བས་ན་འདི་ནི་ཉམས་པ་མེད་པ་ཉིད་དེ། སྐྱེད་པ་པོ་ཡང་གང་རྣམས་ལ་ནུས་མྱེད་ལས་བདེན་ལ་ཕྱག་འཚལ་ཞེས་པས ་བསྟེན་པར་བྱའོ།། འོ་ན་ཏེ་སྙིང་རྗེ་ཅན་མ་ཡིན་ན་དེའི་ཚེ་འདི་འདོད་ཆགས་དང་བྲལ་བ་ཡིན་ནམ། འདོད་ཆགས་དང་བཅས་པ་ཡིན། གལ་ཏེ་རྣམ་པར་རྟོག་པ་དང་པོ་ཡིན་ན་དེའི་ཚེ་གལ་ཏེ་ཡང་སྙིང་རྗེ་དང་བྲལ་བའི་ཕྱིར་འགྲོར ་བ་ལ་བདེ་བ་སྟོར་བར་མི་བྱེད་ཅིང་སྡུག་བསྔལ་བ་ཅིའི་ཕྱིར་སྐྱེད་པར་བྱེད་ཅེས་བརྗོད་པར་བྱའོ།། སྡུག་བསྔལ་ཡང་འདོད་ཆགས་ལ་སོགས་པའི་དབང་གིས་འགའ་ཞིག་ལ་གཏོད་པར་བྱེད་པ་ཡིན་ལ། དེ་ཡང་འདི་ལ་མེད་ལ། ་ཇི་ལྟར་ན་རྒྱུ་མེད་པ་ཉིད་དུ་འགྲོ་བའི་སྡུག་བསྔལ་བར་བྱེད། རོལ་པའི་དོན་སྡུག་བསྔལ་བར་བྱེད་དོ་ཞེ་ན། རོལ་པའི་དོན་དུ་འདོད་ཆགས་དང་བྲལ་བ་འཇུག་པས་འདི་ངེས་པར་འདོད་ཆགས་དང་བྲལ་བ་ཡིན་ཏོ།། ་དོད་ཆགས་ལ་སོགས་པ་དང་ལྡན་པའི་དབང་པོ་ཐུལ་བ་རྣམས་ཀྱང་རོལ་པའི་དོན་དུ་འཇུག་པ་མ་མཐོང་ན། ཆགས་པ་དང་བྲལ་བ་འདི་ཅིའི་ཕྱིར་ཡང་འཇུག་པར་འགྱུར། ཤ་ཟ་གཏུམ་པོ་ལ་སོགས་པ་མ་ཡིན་པ་གཞན་གྱིས་གཞན ་སྡུག་བསྔལ་བས་རོལ་པ་ཡང་སྲིད་པ་མ་ཡིན་ནོ།། འོན་ཏེ་འདོད་ཆགས་དང་མ་བྲལ་བའི་ཕྱོགས་ཡིན་ན་དེའི་ཚེ་སྐྱེ་བོ་གཞན་དང་ཐུན་མོང་བར་ཡོད་ན། ཇི་ལྟར་དབང་ཕྱུག་མ་ཡིན་པར་མི་རིགས་ཏེ། འདོད་ཆགས་ལ་སོགས་པའི་ཉོན ་མོངས་པའི་ཞགས་པའི་དབང་དུ་གྱུར་པས་འཇུག་པའི་འགྲོ་བ་དབང་ཕྱུག་མ་ཡིན་པའི་ཕྱིར་རོ།། གཞན་དུ་ན་དེའི་ཚེ་དེ་ལྟ་བུ་དང་མཚུངས་པ་གཞན་དེ་ཡང་ཐལ་བར་འགྱུར་བའི་ཕྱིར་རོ།། འཁོར་བའི་བཙོན་རར་བཅིངས་པ་དང་རང ་དབང་ཅན་མ་ཡིན་པ་ལ་དེ་ལས་གཞན་བཞིན་དུ་རྣམ་པ་སྣ་ཚོགས་པ་སྤྲུལ་པ་ལ་མཁས་པར་རིགས་པ་ཡང་མ་ཡིན།། གང་ཞིག་རྣམ་པ་འདི་ལྟ་བུ་ཡང་ཇི་སྲིད་དུ་དབང་ཕྱུག་ཏུ་མཁས་ལེན་པ་ཡོད་པ་དེ་ལྟར་དེ་ཉིད་ཀྱིས་ཁྱེད ་བསླུ་བར་འགྱུར་རོ།། དེ་ལྟ་བུའི་བྱེད་པ་པོར་གྱུར་ནི་འགྱུར་བ་ཡང་ཡིན།། དེ་ལྟ་ན་ཡང་འདིའི་རང་བཞིན་དུ་གནས་པ་འམ། རང་བཞིན་གནས་པ་མ་ཡིན་པ་ཡིན། གལ་ཏེ་རང་བཞིན་དུ་གནས་པ་ཡིན་ན་ཅིའི་ཕྱིར་འགྲོ་བ་དོན་མེད་པར ་སྡུག་བསྔལ་བར་བྱེད། རང་བཞིན་དུ་གནས་པ་ནི་གནོད་པར་བྱེད་པ་མེད་པར་སྐྱེ་བོ་སྡུག་བསྔལ་བར་བྱེད་པ་མ་མཐོང་ངོ་།། འོན་ཏེ་ལོག་པའི་ལམ་དུ་འགྲོ་བ་ཉིད་ན་གནོད་པ་བྱས་ཀྱང་གདུང་བར་བྱེད་པ་ཡིན་ནོ་ཞེ་ན། ལོག་པའི ་ལམ་དུ་འགྲོ་བར་ཡང་འདི་ཉིད་ཀྱིས་བྱེད་པ་ཡིན་ལ། དེ་ལྷུར་གྱུར་པར་ཡང་བྱས་ནས་གདུང་བར་བྱེད་པ་དེ་ནི་འཇིག་རྟེན་གྱི་དབང་ཕྱུག་རྟེན་པ་བས་ཀྱང་ཤིན་ཏུ་ཡང་སྡུད་པ་ཡིན་ནོ།། དེ་རྣམས་ཀྱིས་རང་ཉིད་ཀྱིས་ཉེས་པ་བྱས་པ་ཉིད་ཀྱིས ་ཉེས་པ་པོ་ལ་ཆད་པའི་ལས་བྱེད་དོ།། སླར་ཡང་འདི་ནི་རང་ཉིད་ཀྱིས་བྱེད་དུ་བཅུག་པས་ན་ཁྱད་པར་ཆེའོ།། འོན་ཏེ་རང་བཞིན་དུ་མི་གནས་པ་ཡིན་ན་དེའི་ཚེ་མཐོ་རིས་དང་ཐར་པ་དོན་དུ་གཉེར་བའི་རྟོག་པ་དང་ལྡན་པ་རྣམས ་དེ་བརྟེན་པ་ལ་འཇུག་པ་ལེགས་པ་ཡིན་ཏེ། སྨོན་པ་བརྟེན་པ་ནི་སྨྱོན་པ་ལས་གཞན་གྱི་བྱེད་པ་རིགས་པ་མ་ཡིན་ནོ།། འདི་ལྟར་ཡང་མཐོ་རིས་ལ་སོགས་པའི་འབྲས་བུ་འདོད་པས་རྟོགས་པ་དང་ལྡན་པ་རྣམས་རབ་ཏུ ་འཇུག་པར་བྱེད་དེ། དེ་ཡང་ཡོངསུ་མ་ངེས་པའི་རང་བཞིན་ཡིན་པས་དེ་ལས་ཀྱང་འབྱུང་བ་མ་ཡིན་ནོ།། དེ་བརྟེན་པའི་ཕྱིན་ཅི་ལོག་ཀྱང་སྲིད་པ་ཡིན་ནོ།། དེ་སྟེར་བ་ལ་འཇུག་པས་དད་པ་བརྟན་པའི་དབང་གིས་སྨྱོན་པ་དེ་ལ ་བརྟེན་པས་བདག་ཉིད་ཀྱང་སྐྱོན་པ་ཉིད་དུ་སྟོན་པ་ཡིན་ནོ།། གཞན་དུ་ན་དེ་བསྟེན་པ་ལ་ཇི་ལྟར་འཇུག་པར་འགྱུར། དེ་ལ་སྨྱོན་པ་གཞན་གྱིས་ཉེས་པ་ཅི་ཞིག་བྱས་ཏེ། གང་གིས་ན་དེས་བརྟེན་པར་མི་བྱེད། དེ་རྣམས་ནི་ནུས ་ཁྱད་པར་ཅན་དང་བྲལ་བའི་ཕྱིར་ཞེ་ན། སྐབསུ་བབ་པ་ལ་ཡང་ཁྱད་པར་དུ་གྱུར་པའི་ནུས་པ་མཐོང་བ་ཡང་མ་ཡིན་ནོ།། འགྲོ་བ་ཐམས་ཅད་ཁྱད་པར་དུ་ནུས་པའི་སྨྱོན་པ་ལས་གཞན་གྱིས་སྨྲ་བར ་རིགས་པ་མ་ཡིན་ནོ།། དེ་ལ་འདི་ཤིན་ཏུ་རྣམ་པར་དུ་པྱོད་པ་ན་འགའ་ཞིག་ཏུ་གནས་པའི་རྙེད་པ་མ་ཡིན་ནོ།། དེ་བས་ན་བློ་གྲོས་ངན་པ་རྣམ་པར་གཡོ་བ་ལ་གུས་པས་ཅི་ཞིག་བྱ་སྟེ། དེ་ལྟ་བས་ནུ་འདི་ལེགས་པར་དཔྱད་པ་ཡིན ་ནོ།། གང་བརྗོད་པ། བདེ་དང་སྡུག་བསྔལ་ལ་ནི་འབྱིན་བྱེད་མེད།། གཞན་གྱིས་ཕྱུང་ཞེས་པ་ནི་བློ་ངན་ཡིན།། འཇིག་རྟེན་རང་གི་ལས་ཀྱིས་ཞགས་པས་མདུད།། བྱེད་པར་འགྱུར་ཞེས་ང་རྒྱལ་དོན་མེད་ཡིན་ཞེས་སོ།། དེ་ལྟ་བས་ན ་རྒྱུ་གཞན་མཐོང་བ་ལས་གཞན་པའི་རང་དབང་ཙན་སེམས་པ་དང་ལྡན་པའི་བྱེད་པ་པོ་འགའ་ཡང་ཡོད་པ་མ་ཡིན་ནོ།། འདི་ཉིད་རྒྱས་པར་བསྟན་པའི་ཕྱིར། གྲུབ་པའི་མཐའ་སྨྲ་བས་རེ་ཞིག་དབང་ཕྱུག་གང་ཡིན་སྨོས་ཞེས ་གསུངས་ཏེ། དབང་ཕྱུག་ཏུ་སྨྲ་བ་ལ་འདྲི་བ་ཡིན་ལ། སྨོས་ཞེས་པ་ནི་བརྗོད་གཅིག་པའོ།། གང་ཡིན་ཞེས་པ་ནི་ཁྱོད་འདོད་པའི་དབང་ཕྱུག་གོ། རེ་ཞིག་གི་སྨྲས་པ་འདི་བརྗོད་པ་ཡིནྡ་ཏེ། ས་ལ་སོགས་པ་རྣམས་དང་། རྗེས་སུ ་འགྲོ་བ་དང་ལྡོག་པ་ལས་ཀྱིས་འབྲས་བུ་མཐོང་བ་དེ་ལ་ཁྱེད་རྣམས་ཀྱིས་དབང་ཕྱུག་ཏུ་བརྗོད་པ་དེ་གང་ཡིན་ལ། མ་དམིགས་པའི་རྗེས་སུ་འགྲོ་བ་དང་ལྡོག་པའི་བྱ་བ་དང་ལྡན་པའི་རྒྱུ་རུ་བརྟགས་པར་རིགས་པ་མ་ཡིན་ཏེ། ་ཤིན་ཏུ་ཐལ་ཆེས་པའི་ཕྱིར་རོ།། དེ་ལྟ་བས་ན་དེ་ཉིད་འདོད་པས་མཐོང་བའི་རྗེསུ་འགྲོ་བ་དང་ལྡོག་པའི་ཁྱད་པར་ཉིད་ཁས་བླང་བར་བྱའོ།། ས་དང་ས་བོན་ལ་སོགས་པ་ལས་ཐ་དད་པ་གཞན་རྗེ་སུ་འགྲོ་བ་དང་ལྡོག་པའི་རྗེསུ་བྱེད ་པའི་འབྲས་བུ་མཐོང་བ་མཽ་ཡིན་ནོ།། དེ་ཇི་ལྟར་ན་དེའི་འབྲས་བུ་ལ་མཁོ་བ་རྣམ་པར་གཞག། དེ་སྐད་དུ། གང་དག་ཡོད་ན་གང་ཉིད་འགྱུར།། དེ་རྒྱུ་ཉིད་དུ་ན་ཐམས་ཅད་ན།། རྒྱུ་རྣམས་ཐུག་པ་མེད་པར་འགྱུར། ཞེས་བརྗོད་དོ།། ་འོན་ཏེ་སཱ་ལ་སོགས་པའི་འབྱུང་བ་རྣམས་ཉིད་དབང་ཕྱུག་ཡིན་ནོ་ཞེས་གཞན་གྱིས་བསམ་པ་ལེན་པས་འབྱུང་རྣམས་ཤེ་ན་ཞེས་སྨོས་ཏེ། གལ་ཏེ་འབྱུང་བ་རྣམས་ཏེ་ས་ལ་སོགས་པ་རྣམས་དབང་ཕྱུག་ཏུ་བརྗོད་ན། དེའི་ཚེ་ཁས་ལེན ་བ་ཉིད་ཡིན་ཏེ། དེ་ལྟ་མོད་ཅེས་པ་ནི་འདི་ཉིད་ཡོད་དུ་ཆུག་ཅིག་འདི་ལ་ཁོ་བོ་ལོག་པར་རྟོག་པ་མ་ཡིན་ནོ།། ས་ལ་སོགས་པ་དང་འགྲོ་བ་དང་ལྡན་པོ་ལ་འབྲས་བུ་མཐོང་བའི་ཕྱིརརོ།། གཅིག་ཏུ་མ་ཙམ་ལེ་ཡང་ཅི་ཞིག་ངལ ་ཏེ། མིང་འབའ་ཞིག་དོན་གྱིས་དབྱེ་བ་སྟོང་པའི་མིང་ཙམ་ལའོ།། ཡང་ཞེས་པ་ནི་ངེས་པར་གཟུང་བའོ།། མིང་ཙམ་ཉིད་ལ་འདིར་རྩོམ་པ་ཆེན་པོས་དེ་སྒྲུབ་པའི་ཆེད་དུ་ཅིའི་ཕྱིར་ངལ་བར་བྱེད། ང་ཡིས་ལྟ་སྩོགས་པར་བརྗོད་པ ་ཁྱོད་ཀྱིས་ཡང་དེ་ཉིད་ལ་འབྱུང་པོ་ཆེན་པོའི་དབང་ཕྱུག་ཅེས་པ་ལ་དོན་ལ་ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ།། ལོག་པར་རྟོག་པའི་དོན་གྱིས་སྟོང་པ་འདི་ལ་འབྲས་བུ་ཅུང་ཟད་ཀྱང་དམིགས་པ་མ་ཡིནོ།། འོན་ཏེ་དོན་གྱི ་ཁྱད་པར་ཡོད་ན། དེའི་ཚེ་འདི་དབང་ཕྱུག་ཉིད་དུ་རིགས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འོན་ཀྱང་ཞེས་པ་ལ་སོགས་པ་གསུངས་ཏེ། འོན་ཀྱང་ཞེས་པའི་སྒྲས་ལྷག་བློ་གྲོས་ཆེན་པོ་ཅན་ལ་སོ ་པ་རྣམས་ལ། ཁྱེད་རྣམས་ཀྱི་དབང་ཕྱུག་ཉིད་དུ་བརྟགས་པར་རིགས་པ་མ་ཡིན་ཏེ། དེའི་མཚན་ཉིད་དང་མི་ལྡན་པའི་ཕྱིར་རོ།། ཇི་ལྟར་བྱས་པ་ཞེ་ན། དུ་མ་སྟེ་སྣ་ཚོགས་པའི་རང་བཞིན་ཡིན་ལ་མི་རྟག་པ་ནི་འཇིག་པའི ་དངོས་པོ་ཡིན་ཞིང་། གཡོ་བ་མེད་པ་སྟེ། ཤེས་པ་ཉིད་ཀྱིས་བྱ་བ་དང་བྲལ་བ་ཡིན་ལ། ལྷ་མིན་ཏེ་བརྟེན་པར་བྱ་བའི་རང་བཞིན་མ་ཡིན་ལ་བསྒོམ་བྱ་ཉིད་དེ་འདའ་བར་བྱེ་བ་ཉིད་ཡིན་ལ། གུས་པ་མ་ཡིན་པའི་ཕྱིར་རོ།། མི་གཙང ་པ་ཡང་ཡིན་ཏེ། བཙོག་པའི་ཕྱི་ས་ལ་སོགས་པ་རྣམས་ལ་ཡང་ས་ལ་སོགས་པར་སྲིད་པའི་ཕྱིར་རོ།། ས་ལ་སོགས་པ་རྣམས་ནི་ས་ལ་སོགས་པའི་ཆུ་དང་མེ་དང་རླུང་གང་ཡིན་པ་དེ་རྣམས་ལ་དེ་སྐད་ཅེས་བརྗོད་དོ།། དེ་དབང ་ཕྱག་དེ་ལྟ་བུའི་རང་བཞིན་དུ་མི་འགྱུར་ཏེ། རྣམ་པ་དྲུག་པོ་འདི་ཕྱིན་ཅི་ལོག་ཡིན་པའི་ཕྱི་རོ།། གལ་ཏེ་ས་ལ་སོགས་པ་དབང་ཕྱག་མ་ཡིན་ན་འོ་ན་ན་མཁའ་དབང་ཕྱུག་ཡིན་ནོ་ཞེ་ན། དབང་ཕྱུག་མཁའ་མིན་ཞེས་པ་ལ་སོགས ་པོ་གསུངས་ཏེ། ནམ་མཁའ་ཡང་དབང་ཕྱུག་ཏུ་འགྱུར་བ་མ་ཡིན་ནོ།། ཅིའི་ཕྱིར་ཞེ་ན། གཡོ་མེད་ཕྱིར་ཏེ་རང་བཞིན་དང་བྲལ་བ་ཡིན་པས་གཡོ་བ་མེད་པའི་ཕྱིར་ཏེ། གཞན་གྱིས་འདོད་པས་ཀྱང་བྱེད་བྱ་མེད་པའི་ཕྱིརརོ།། འོ་ན ་བདག་ཡིནོ་ཞེ་ན། བདག་མིན་ཏེ། སྔར་བཀག་ཟིན་པའི་ཕྱིར་ལ། སྔར་ཉིད་དུ་བཀག་པའི་ཕྱིར་རང་བཞིན་མེད་པ་ཡིན་ཏེ། འདི་རི་བོང་གི་རྭ་དང་འདྲ་བའོ།། འོན་ཏེ་དེ་ལྟར་ན་ཡང་བརྟག་པར་བྱ་བ་མ་ཡིན་ན་ཆེ་བའི་བདག་ཉིད ་ལས་འདི་ཚུ་རོལ་མཐོང་བས་འདི་འདི་ལྟར་ཡིན་ནོ་ཞེས་དེའི་རང་བཞིན་རྣམ་པར་དབྱེ་བར་མི་ནུསོ་ཞེ་ན། བསམ་མིན་པའི་ཞེས་པ་ལ་སོགས་པ་གསུངས་ཏེ། གལ་ཏེ་འདི་བསམ་པ་ལས་འདས་པའི་བདག་ཉིད་ཆེན་པོ་ཡིན་ན།། ་དེའི་ཚེ་བསམ་པ་ཡིན་པ་ཡང་བསམ་པའི་ལམ་ལས་ཤིན་ཏུ་འདས་པའི་དབང་ཕྱུག་བྱེད་པ་པོ་སྟེ། དུས་གཅིག་ཏུ་སྐྱེད་པར་བྱེད་པ་ཡང་བྱས་མ་མིན་པ་སྟེ། དཔྱད་པར་བྱ་བ་མ་ཡིན་པས་བརྗོད་པས་ཅི་ཞིག་བྱ་སྟེ། བརྗོད་པ ་ཅི་དགོས་འདི་བྱེད་པ་པོ་ཉིད་ཀྱང་བསྡམ་གྱིས་མི་ཁྱབ་པ་ཡིན་པའི་ཕྱིར་བརྗོད་པར་རིགས་པ་མ་ཡིནོ།། དེ་ལྟར་ཡིན་མོད་འདི་ཤིན་ཏུ་མཚོན་པར་དཀའ་བའི་རང་བཞིན་ཡིན་པའི་ཕྱིར་བསམ་པར་ནུས་པོ་མ་ཡིན་ལེ། ་འབྲས་བུ་དེ་ནི་སྐྱེ་བ་པོ་ཐམས་ཅད་ཀྱི་ཐུན་མོང་དུ་རྟོགས་པའི་ཕྱིར་བསམ་གྱིས་མི་ཁྱབ་པ་ཡིནོ་ཞེས་སྨྲ་བའི་དབང་དུ་བྱས་ནས། དེས་སྐྱེད་ཅིང་ས་ལ་སྔོགས་པ་གསུངས་ཏེ། དེའི་འབྲས་བུ་བསམ་གྱིས་ཁྱབ ་པར་ཡིན་དུ་ཆུག་མོད། དེ་ལྟར་ན་ཡང་གཱ་གྲིན་དེས་སྐྱེད་འདོད་པོ་གང་ཞིག་ཡིན་ཞེས་ཏེ། དབང་ཕྱུག་བསམ་གྱིས་མི་ཁྱབོ་ཆེ་བའི་བདག་ཉིད་དེ་འབྲས་བུ་ཅི་ཞིག་སྐྱེད་ཅིང་སྤྲུལ་པའི་འདོད་དེ། མངོན་པར་འདོད་པ་ཡང ་ཡིན། གཞན་གྱིས་དོགས་པ་དགོད་པའི་ཚུལ་གྱིས་བདག་ཡི་ནོ་ཞེ་ན། བདག་དེས་སྐྱེད་པ་ཡིན་ནོ་ཞེས་བདག་འདོད་ན་དེ་འགགས་པར་བྱེད་པ་ཡིན་ཏེ། འདི་བརྟགས་པ་མ་ཡིན་ནམ། ་ཀྱེ་འདི་རྟག་པ་མ་ཡིན་ཏེ། ཁྱེད་རྟག་པར་འདོད་པ་ཡིན་ན་དེས་ཇི་ལྟར་མི་བྱེད་འགྱུར། གཞན་དུ་མདོ་རྟག་པ་ཉིད་ཉམས་པར་འགྱུར་རོ།། ཡོད་ཅིང་རྒྱུ་མྱེད་པ་ནི་རྟག་པ་ཡིནོ་ཞེས་པའི་མཚན་ཉིད་མེད་པར་ཐལ་བར ་འགྱུར་བས་སོ།། གཞན་ལ་ཡོང་དེའི་སྐྱེད་པའི་བྱ་བ་མ་དམིགས་སོ་ཞེས་བསྟན་པའི་ཕྱིར་འདིར།། ས་སོགས་ཞེས་པ་ལ་སོགས་པ་གསུངས་ཏེ། སོགས་པའི་སྒྲས་ཆུ་དང་མེ་དང་རླུང་དང་ན་མཁའ་དང་དུས་དང ་ཕྱོགས་དང་ཡིད་རྣམས་གཟུང་བར་བྱའོ།། དེ་རྣམས་ཀྱི་རང་བཞིན་བརྟག་པ་ཡིན་ཏེ། དེ་ཡང་དེས་བྱེད་པ་མ་ཡིན་ཏེ། ས་ལ་སོགས་པའི་རྡུལ་ཕྲ་རབ་རྣམས་རྟོག་པར་ཁས་བླངས་པའི་ཕྱིརརོ།། རགས་པའི་གཟུན ་ལཱྀ་ཡང་དེའི་བྱ་བ་འགག་པར་འགྱུར་བའི་ཕྱིར་རོ།། ན་མཁའ་ལ་སོགས་པ་ཡང་རྟག་པ་ཡིན་པའི་ཕྱིར་རོ།། ཡོན་ཏན་ལ་སོགས་པ་ཡང་དཔྱད་པར་བྱ་བ་ཡིན་པའི་ཕྱིར་རོ།། དབང་ཕྱུག་ཅེས་པ་ནི་དབང་ཕྱུག་ཀྱང་རྟག་པ ་ཡིན་པའི་ཕྱིར་འདིས་བདག་ཉིད་བྱེད་པའི་མ་ཡིན་ནོ།། ཤེས་པ་ཤེས་བྱ་ལ་སྐྱེས་དང་ཞེས་པ་ལ། ཤེས་པ་ཡང་ཤེས་བྱ་ལ་སྐྱེས་པའང་ཞེས་པ་ནི་འཁོར་བ་ཇི་སྲིད་ཀྱི་བར་དུ་ཤེས་བྱ་ལ་དམིགས་ནས་རབ་ཏུ་འཇུག ་པའི་ཕྱིར་དེ་ཡང་དེས་བྱེད་པ་མ་ཡིན་ནོ།། བདེ་སྡུག་ལས་ལས་ཡིན་ཞེས་པ་ནི་ལས་ནི་དགེ་བ་དང་མི་དགེ་བས་ཏེ། ཇི་ལྟར་སྲིད་པར་བདེ་བ་དང་སྡུག་བསྔལ་བར་ཡང་འགྱུརརོ།། འདོད་པ་དང་མི་འདོད་པའི་རྣམ་པར ་སྨིན་པོ་ལས་བྱུང་བ་དེ་ལ་ཡང་དེའི་བྱ་བ་ཡོད་པ་མ་ཡིན་ནོ།། དེ་ལྟར་ཡིན་པས་ན་དེ་ཡིས་གང་ཞིག་བསྐྱེད་པ་སྨོས་ཞེས་ཏེ། ད་ནི་དབང་ཕྱུག་དེ་ས་ཅི་ཞིག་སྤྲུལ་ཅིང་སྤྲོས་པ་ཡིན་སྨྲོས་ཤིག། དེ་ལྟར་ན་དེའི་ནུས་པ ་ནི་འགའ་ཞིག་ཏུ་ཡང་དམིགས་པ་མ་ཡིན་ན་དེ་ཇི་ལྟར་འགྲོ་བའི་སྐྱེད་པ་པོར་བརྗེད། ད་ནི་ཐམས་ཅད་ཐུན་མེད་པའི་སྐྱོན། རྒྱུ་ལ་ཞེས་པ་ལ་སོ་ཌེ་པ་སྨོས་ཏེ། འདི་ལྟར་ཡང་འགྲོ་བའི་རྒྱུར་རྟག་པ་འམ་མི་རྟག་པ་འགྱུར་བ་ཡིན ་རྟག་པ་ཉིད་དུ་དེ་སྨྲ་བ་རྣམས་ཀྱིས་ཡོངསུ་བརྟགས་པ་ཡིན་ཏྲེ། དེ་ལ་གལ་ཏེ་རྟག་པ་ཡིན་ན་རྒྱུ་སྟེ་བྱེད་པ་པོ་ལོ་ཐོག་མི་ཡོད་པ་མ་ཡིན་ནོ།། དེའི་ཚེ་འབྲས་བུ་ལ་ཐོག་མ་གྲཝ་ལ་ཡོད་དེ། དེ་ལ་འབྲས་བུའི་དང་པོ་ག་ལས ་ཡོད། དེའི་འབྲས་བུའི་བསྐྱེད་པར་བྱ་བ་རྟག་ཏུ་འཇུག་པའི་ཕྱིར་ཐོག་མ་ག་ལས་འགྱུར་ཏེ། མ་ཡིན་ནོ་ཞེས་པའི་དོན་ཡིན་ལ། རྟག་ཏུ་ཉེ་བར་གནས་པའི་གྲུབ་པའི་རང་བཞིན་གྱིས་རྒྱུ་ལས་འབྲས་བུ་ཡང་སྟེ ་དེའི་བསྐྱེད་པར་བྱ་བ་རྒྱུན་མ་ཆད་པར་སྐྱེ་བར་འགྱུར་རོ།། དེའི་ཕྱིར་དེའི་ནུས་པ་ཐོགས་པ་མེད་པའི་འབྲས་བུ་རྟག་ཏུ་སྐྱེ་བར་འགྱུརརོ།། དེ་གང་གིས་ན་རྟག་ཏུ་མི་བྱེད་དེ། འབྲས་བུ་ཐམས་ཅད་བསྐྱེད་པར་མི་བྱེད། དེ་ལྟར ་ན་འགའ་ཞིག་གིས་འབྲས་བུ་བརྒྱ་ལ་ཆུད་པར་ག་ལ་འགྱུར། ཡང་ན་གཞན་དུ་བཤད་པར་བྱ་སྟེ། གལ་ཏེ་དབང་ཕྱུག་འགྲོ་བའི་བྱེད་པ་པོ་མ་ཡིན་པར་འགྱུར་ན་ཇི་ལྟར་ཞིག་པའི ་རྗེསཱ་ལ་དང་པོར་ཆགས་པའི་ཆར་འགྱུར་ཞེ་ན། འདི་ལྔ། རྒྱུ་ལ་ཞེ་བ་ལ་སོགས་པ་གསུངས་ཏེ། ཐོག་མ་མེད་པ་ནས་འབྱུང་བའི་འཁོར་བ་ཡིན་ལ། རྒྱུ་དེ་ལསོ་ལས་དང་ཉོན་མོངས་པ་ལ་སོགས་པའི་མཚན ་ཉིད་ཀྱི་ཐོག་མ་སྟེ། སྔོན་གྱི་མཐའ་གལ་ཏེ་ཡོད་པ་མ་ཡིན་ན། འབྲས་བུ་སྟེ་སེམས་ཅན་གྱི་འཇིག་རྟེན་དང་། སྣོད་ཀྱི་འཇིག་རྟེན་ཆགས་པ་ལ་སོགས་པའི་མཚན་ཉིད་ཀྱི་ཐོག་མ་དང་པོའི་རྩོམ་པ་གང་ལས་ཡོད་དེ། ་ཡོད་པ་མ་ཡིནོ་ཞེས་པའི་དོན་ཏོ།། ཐེག་མ་མེད་པའི་འཁྲོ་བ་ཡང་སེམས་ཅན་རྣམས་ལས་ཀྱི་དབང་གིས་གནས་ཤིང་ཆགས་པ་དང་འཇིག་པའི་བདག་ཉིད་རྣམས་འཇུག་པའི་ཕྱིར་རོ།། དེ་བརྗོད་པ་ཉིད་ཡིན་ཏེ། བདེ ་སྡུག་ལས་ལས་ཡིན་ཞེས་པ་འདིས་བསྟན་པ་ཡིན་ནོ།། ཡང་ན་འདིར་ཡང་དབང་ཕྱུག་ཉིད་ལས་བསམས་ནས་རྒྱུ་ཞེས་སྨོས་པ་ཡིན་ཏེ། རྒྱུ་དྲ་དང་ཕྱུག་ལ་ཐོག་མ་ཡོད་པ་མ་ཡིན་ན། འཇིག་པའི་དུས་ན་ཡང་དེའི་ནུས ་བཻ་མ་ཉམས་པ་ཉིད་ཀྱིས་ཆེ་བའི་བདག་ཉིད་ཁས་བླངས་པའི་ཕྱིར་འབྲས་བུ་དེས་བྱས་པའི་ཆགས་དང་འཇིག་པའི་ཐོག་མའི་མཚན་ཉིད་ཀྱི་དང་པོར་ག་ལས་འགྱུར། རྟག་པ་ཉིད་ཡིན་པས་དེའི་རྒྱུ་རྟག་ཏུ་ནུས ་པ་དང་ལྡན་པའི་ཕྱིར་ཆགས་པ་ལ་སོགས་པ་ཡང་རྟག་པུ་ཉི་དུ་འགྱུར་རོ།། དེས་ན་རྟག་པ་ནུས་པ་དང་ལྡན་པ་ལ་དེར་ཆགས་པ་ལ་སོགས་པའི་ཐོག་མུར་མི་འགྱུར་རོ།། དེས་ན་ཇི་ལྟར་འཆགས་པ་ལ་སོགས་པ་ལ ་དེའི་བྱ་བར་འགྱུརརོ་གཞན་ཡང་འདི་བྱེད་པ་པོར་འགྱུར་ན་དེའི་ཚེ་རྟག་པ་ཡིན་པའི་ཕྱིར་ཅིའི་ཕྱིར་རྟག་ཏུ་མི་བྱེད་ཅེས་ཏེ། འཆགས་པ་ལ་སོགས་པ་ནི་ཞེས་པ་ནཱ་ལྷག་མའོ།། འདི་ལྟར་ཡང་གལ་ཏེ་འཆགས་པ ་བྱེད་ན་དེའི་ཚེ་དེའི་རྒྱུ་བྱེད་པའི་རང་བཞིན་ཡིན་པས་རྟག་ཏུ་དེ་ཉིད་བྱེད་པར་འགྱུར་རོ།། དེ་བཞིན་དུ་གནས་པ་དང་འཇིག་པ་ཡང་བརྗོད་པར་བྱ་སྟེ། དུས་གཅིག་ཏུའམ་འཆགས་པ་ལ་སོགས་པའི་བྱ་བ་དེ་ཡིར ་འགྱུར་རོ།། དེ་ཉིད་ཀྱི་ཕྱིར་རྒྱུ་ལ་རྒྱུན་ཆད་མེད་པས་དེའི་འབྲས་བུ་ཡང་རྒྱུན་མི་འཆད་པར་འགྱུར་ཏེ། གཞན་སྔ་མ་བཞིན་ནོ།། འོན་ཏེ་དེ་ལྟར་ནི་ཡང་འདི་རྟག་ཏུ་ནུས་པའི་རང་བཞིན་གལ་ཏེ་ཡིན་པ་ལྷོ་ན་ཡང ་རྒྱུ་ལ་ལྷན་ཅིག་བྱེད་པའི་རྐྱེན་དང་བྲལ་བས་མི་བྱེད་དོ་ཞེ་ན། དེ་ནི་གཞན་ལྔ་བལྟོས་པ་མིན་ཞེས་ཏེ། ནུས་པའི་རང་བཞིན་གྱི་རྒྱུའི་དབང་ཕྱུག་དེའོ།། ནི་ཞེས་པ་ནི་གང་གི་ཕྱིར་ཏེ། གཞན་ལྷན་ཅིག་བྱེད་པའི་རྒྱུ་ལ་མ ་མི་བལྟོས་ཏེ། རྟག་པ་ནུས་པའི་རང་བཞིན་གྱིས་ཡོད་ན་དེའི་བལྟོས་པ་མི་རིགས་པའི་ཕྱིར་རོ།། རྟག་པ་ཉིད་ཀྱི་ཁྱད་པར་དུ་བོགས་བྱར་མེད་པ་ཡིན་ཏེ། གཞན་ལ་བལྟོས་པ་ཞེས་པ་འམ། ཁྱད་པར་གཞན་འབྱུང་བ་ནི ་དེ་ལ་ཐ་དད་པའི་རང་བཞིན་གཞན་དེ་ལས་སྐྱེས་པར་ཐར་བར་འགྱུར་བའི་ཕྱིར་རོ།། ཁྱད་པར་ལས་ཐ་དད་པ་ཉིད་ཀྱིས་འབྲས་བུ་སྐྱེད་པས་དེ་རྒྱུ་ཉིད་མ་ཡིན་པར་འགྱུར་རོ།། འདི་དེའི་ཁྱད་པར ་ཡིན་ནོ་ཞེས་པ་འབྲེལ་པར་སེམས་པ་ན་ནི་ཐུག་པ་མེད་པའི་ཉིད་དང་འབྲེལ་པ་མ་གྲུབ་པར་འགྱུར་རོ།། དེ་སྐད་དུ་ཡང་། གལ་ཏེ་བྱ་བ་ཅུང་ཟད་ཅིག། ཡོད་ན་གཞན་ལ་བལྟོས་འགྱུར་ན།། དངོས་གང་ཅུང་ཟད་མི་བྱེད་ལ།། ་ཅི་ཕྱིར་འགའ་ཞིག་གིས་བལྟོས་འགྱུར་ཞེས་བརྗོད་དོ།། ལྷན་ཅིག་བྱེད་པ་ཡོད་པ་ཡིན་པས་དེ་ལྟ་ན་ཡང་དེ་རྟག་པ་འམ་མི་རྟག་པར་འགྱུར་བ་ཡིན། རེ་ཞིག་གང་རྣམས་རྟག་པ་ཡིན་ན་རྡུལ་ཕྲ་རབ་ལ་སོགས་པ་དེ་རྣམས ་ཡོད་པའི་དངོས་པོ་མ་ཚང་བ་མི་སྲིད་དོ།། དེ་ལ་རེག་ལས་པའི་ཉེ་བ་རྣམས་ཉེ་བ་དང་བྲལ་བ་མ་ཡིན་ནོ།། མི་རྟག་པ་རྣམས་ཀྱང་དེ་ལྟ་རག་ལས་པས་སྐྱེ་བོའི་ཉེ་བ་རྣམས་ཡིན་ཏེ། གང་གིས་ན་ལྷན་ཅིག་བྱེད་པའི་རྒྱུ་དང་བྲལ ་བས་མི་བྱེད་དོ་ཞེས་བརྗོད་ལ། ཅིའི་ཕྱིར་ན་མ་ཚང་བ་ཞེས་བྱ་བ་ཡིན། དེས་ན་འདི་འདིར་ལན་མ་ཡིན།། དེ་ཉིད་ཀྱི་ཕྱིར། དེས་བྱས་མིན་ཞེས་པ་ལ་སོགས་པ་གསུངས་ཏེ། དེས་ཏེ་དབང་ཕྱུག་གིས་སོ།། མོ་བྱས་པ་སྟེ་སྐྱོང ་པ་དང་ལྡན་པའི་དེས་མ་བྱས་པ་ཡིན་ལ། དེ་ཉིད་ཡོད་པ་མ་ཡིན་ཏེ། ཡོད་པ་མ་ཡིན་ནོ།། གཞན་ནི་འགྲོ་བ་གཞོན་ཡིན་ནོ།། རྒྱུ་དེས་ན་དེ་ལ་རག་ལས་ནས་འཇུག་པའི་ལྷན་ཅིག་བྱེད་པ་རྣམས་རྟག་ཏུ་ཉེ་བ་རྣམས་ཡིན ་པའི་ཕྱིར་རྟག་པར་བྱེད་པ་པོ་འདི་བལྟོས་པར་ཇི་ལྟར་འགྱུར་ཏེ། ཇི་ལྟར་བལྟོས་པ་དང་ལྡན་པ་ཡིན། བརྒྱ་ལ་ཡང་འབྲས་བུ་མེད་པར་མི་འགྱུར་རོ།། དེ་ལྟར་ན་བརྒྱ་ལ་ཡང་དེ་ལ་བལྟོས་པ་མེད་པའི་ཕྱིར་རྟག་ཏུ་འབྲས ་དུ་བྱེད་པ་ན་འགྱུར་བའི་ཕྱིར་རོ།། འོན་ཏེ་དེ་ལྟར་གྱུར་ན་ཡང་འདུ་བའི་རྒྱུ་དང་འདུ་བ་མ་ཡིན་པའི་རྒྱུ་དང་། རྒྱུ་མཚན་གྱི་རྒྱུ་ཡང་ཡིན་ཏེ། རྒྱུ་གསུམ་པོ་རྣམས་ལས་འབྲས་བུ་འབྱུང་ལ། དེ་འདིའི་རྒྱུ་མཚན་གྱི་རྒྱུ་ཡིན་པས ་ཚོགས་པ་ལ་བལྟོས་ནས་འབྲས་བུ་མེད་པ་ན་བརྗོད་པའི་ཐལ་བར་འགྱུར་བ་ཡོད་པ་མ་ཡིན་ནོ་ཞེས་གཞན་གྱིས་བསམས་པའི་དོགས་པ་བླངས་ནས། གལ་ཏེ་བལྟོས་ནས་ཞེས་པ་ལ་སོགས་པ་གསུང་སྲེ་ཏེ། གལ་ཏེ ་ཡང་འདི་རྟག་ཏུ་འབྲས་བུ་ཐམས་ཅད་བྱེད་པར་ནུས་པ་དེ་ལྟར་ན་ཡང་། ཚོགས་པ་ལ་བལྟོས་པ་ཡིན་ཏེ། ཚོགས་པ་མེད་པར་ཡོད་ན་ཡང་ནུས་པའི་བྱེད་པ་པོ་འབྲས་བུ་སྐྱེད་པ་ཡོད་པ་མ་ཡིན་ཏེ། ཇི་ལྟར་སྣམ་བུ ་སྐྱེད་པ་ལ་ནུས་པ་ཡོད་པ་མ་ཡིན་ན་ཡོད་སྣལ་མ་དང་། འུལ་པོ་དང་ཐག་བཟངས་ལ་སོགས་པ་མེད་པར་སྣམ་བུ་འབྱུང་བ་རཱ་ཡོད་པ་མཱ་ཡིན་ལ། དེ་བཞིན་དུ་སྐབ་སུཾ་བུབ་པ་ལ་ཡང་འགྱུར་བར་ག་ལ་ཏཱི ་གསུངས་ཏེ། ཡང་དབང་ཕྱུག་མ་ཡིན་ལ། གལ་ཏེ་ཚོགས་པ་ཡོད་པས་བྱེད་ལ་དེ་མེད་ན་མི་བྱེད་དོ།། ཞེས་ཁས་བླངས་པ་ཡིན་ལ། དེའི་ཚེ་དབང་ཕྱུག་རྒྱུ་རུ་མི་འགྱུར་ཏེ། ཚོགས་པ་ཉིད་ལས་སྐྱེས་པའི་ཕྱིར་རོ།། ། ་དེ་ལས་ཀྱང་སྐྱེས་པ་མ་ཡིན་པའི་ཕྱིར་ཏེ། དེ་ཡོད་པ་དང་མེད་པ་དག་ལས་འབྲས་བུ་ཡོད་པ་དང་མེད་པ་མཐོང་བའི་ཕྱིར་རོ།། དབང་ཕྱུག་ཡོད་པ་དང་མེད་པས་ནི་མ་ཡིན་ལྔ། ཚོགས་པའི ་དུས་ན་ཡང་དེ་གཞན་གྱི་ངོ་བོས་བྱེད་པ་པོའི་ངོ་བོ་ཡང་འདིའི་སྔ་རོ་ཉིད་དུ་ནུས་པ་ཡིན་ནོ།། ཇི་ལྟར་ནུམ་ཞིག་ན་བྱེད་པ་རྒྱུན་ཆད་པར་འགྱུར། གང་ཡང་ཐུག་པ་ལ་སོགས་པ་བཞིན་དུ་བརྒྱ་ལ་བྱེད་པ་ཡིན་ནོ་ཞེས་བརྗོད ་པ་དེ་ཡང་རིགས་པ་མ་ཡིན་ཏེ། གང་གི་ཕྱིར་ཐག་པ་ལ་སོགས་པ་རྣམས་སྔར་ནུས་པ་མེད་པ་ཉིད་ཡིན་ན་ཡོད་ཕྱི་ནས། ཐག་བཟངས་ལ་སོགས་པའི་ཚོགས་པ་རྙེད་པ་ལས་སླར་མེད་པའི་ཚོགས་པ་རྙེད་པ་ཐོབ་པས ་སྣམ་བུ་ལ་སོགས་པ་ཚོགས་པ་འབྲས་བུ་བྱེད་པ་ཡིན་ནོ།། གཞན་དུ་ན་དེ་རྣམས་ཀྱང་སྔར་དེའི་ནུས་པ་ཡོད་པ་ན་དྲི་བྱེད་པར་ཐལ་བར་འགྱུར་བ་བཟློག་ནུས་པ་མ་ཡིན་པས་དཔེ་བསྒྲུབ་བྱས་སྟོང་པ་ཡིནོ།། གཞན ་ཡིད་ཚོགས་པས་སྐྱེད་ན་ཡང་དེ་ཉིད་རྒྱུ་ཡིན་ཏེ། དེ་ཐམས་ཅད་དུ་ཉེ་བའི་རང་བཞིན་ཡིན་པས་ཇི་ལྟར་བརྒྱ་ལ་འདི་ཚོགས་པ་དང་བྲལ་བ་ཡང་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་འདི་བསྟན་པའི་དོན་དུ། ཚོགས་ན་མཱི་སྐྱེད ་དབང་མེད་ཅིང་ཞེས་པ་ལ་སོགས་པ་གསུངས་ཏེ། མི་བྱེད་པ་ལ་དབང་བ་མ་ཡིན་ཏེ། བྱེད་པར་མི་ནུས་པ་མ་ཡིནོ།། ཚོགས་པ་སྟེ་ཚོགས་པའི་ཡུལ་ལ་འབྲས་བུ་ཐམས་ཅད་བྱེད་པ་ལ་ནུས་པ་དང་བྲལ་བའི་ཕྱིར ་ཚོགས་པ་སྐྱེད་པ་ལ་ཡང་བཏང་སྙོམས་སུ་འདུག་པར་ནུས་པ་མ་ཡིན་ནོ།། སྐྱེད་པ་ན་ཡང་འདི་ལྟར་ཚོགས་པ་ཡིན་ནོ་ཞེ་ན། དེ་མེད་པར་ནི་སྐྱེད་པ་མིན་ཞེས་གསུངས་ཏེ། བསྐྱེད་པ་ལ་ཡང་ཚོགས་པ་ལ་དབང་བ ་ཡིན་ནོ།། ཅིའི་ཕྱིར་ཞེ་ན། དེ་མེད་པའི་ཕྱིར་ཏེ། དེའི་ཚོགས་པ་མེད་པས་མེད་པའི་ཕྱིར་རོ།། མེད་པའི་རང་བཞིན་ལ་མོ་བཤམ་གྱི་བུ་བཞིན་དུ་བྱེད་པའི་ནུས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། རང་བཞིན་མེད་པའི་ཕྱིར་རོ།། ་གང་འཆད་པར་འགྱུར་བ། བྱེ་བ་བརྒྱ་ཕྲག་རྒྱུ་ཡིས་ཀྱང་།། དངོས་པོ་མེད་ལ་རྒྱུ་རུ་མེད་ཅེས་སོ།། ཚོགས་པ་ཡོད་པ་ན་བྱེད་པ་ཡོད་པར་གྱུར་དུ་ཆུག་པ་དེ་ལྟ་ན་ཡང་ཅི་ཚོགས་པའི་སྟོབས་ཀྱིས་རང་ཉིད་མི་འདོད་ཀྱང་དྲངས ་ནས་བྱེད་པ་ཡིན་ནམ། འོན་ཏོ་འདོད་ནས་ཡིན་ཞེས་རྣམ་པར་རྟག་པ་ཡིན་ཏེ། དེ་ལ་དང་པོའི་རྣམ་པར་རྟོག་པའི་དོགས་པ་ནི། དབང་ཕྱུག་མི་འདོད་བཞིན་ཞེས་པ་ལ་སོགས་པ་གསུངས་ཏེ། མི་འདོད་བཞིན་དུ་སྟེ ་འདོད་པ་མ་ཡིན་པ་དབང་ཕྱུག་ཏུ་འདོད་ནའོ།། འདྲེས་བུ་བྱེད་ཅིང་བསྒྲུབ་པ་ཡིན་ལ། གཞན་གྱི་དབང་དུ་ཐལ་ཏེ་གཞན་ལ་རག་ལས་ཤིང་གཞན་གྱི་དབང་དུ་ཐལ་ཏེ་ཡོངསུ་ཐལ་བ་ཡིན་ནོ།། ཚོགས་པའི་དབང་གི། ་མི་འདོད་ན་ཡང་བྱེད་པ་ནི་དེའི་དབང་དུ་ཐལ་བར་འགྱུརརོ།། གཞན་གྱི་དབང་དུ་མྱོང་བ་ཡང་མ་ཡིན་ཏེ། དབང་ཕྱུག་ཉིད་དོར་བར་ཐལ་བར་འགྱུར་བའི་ཕྱིར་རོ།། རྣམ་པར་རྟོག་པ་གཉིས་པའི་དབང་དུ་བྱས་ཏེ་གསུངས ་པ། འདོད་ནའང་འདོད་ལ་རག་ལས་འགྱུར་ཞེས་སྷོ།། འོན་ཏེ་འདོད་ནས་བྱེད་དོ་ཞེས་པའི་ཕྱོགས་ཁས་ལེནྡྲ་ན། དེའི་ཚེ་ཡང་འདོད་ལ་རག་ལུས་པར་འགྱུར་ཏེ། འདོད་པ་ཡོད་པ་ན ་འབྲས་བུ་བྱེད་པ་ཡོད་པའི་ཕྱིར་ལ། དེ་ལ་བལྟོས་པ་ཡོད་པའི་ཕྱིར་རོ།། དེའི་ཕྱིར་བྱེད་ན། དབང་ཕྱུག་གང་ལ་ཡིན་ཏོ། འདི་ལྟར་བྱེད་ཅིང་འབྲས་བུ་སྒྲུབ་པར་བྱེད་པ་ཡིན་ན་དེ་ཇི་ལྟར་དབང་ཕྱུག་ཡིན་ཏེ། གང་ལྔ ་དབང་ཕྱུག་ཡིན། འདིས་ནི་གང་བརྗོད་པ་འགའ་ཞིག་གིས་བློ་དང་ལྡན་པ་ཡིན་པའི་ཕྱི་འི་དབང་ཕྱུག་ལ་ཉེས་པ་འདི་མེད་ལ། བློ་ཡིས་སྟོང་པ་ལ་ནི་རང་ཉིད་ཡོད་པ་ཙམ་གྱིས་བསྐྱེད་པར་བྱེ་བ་རིམ་མ་ཡིན་པ་ཉིད ་ཀྱིས་འབྲས་བུ་བྱེད་ལ། བློ་དང་ལྡན་པ་ལ་ནི་བྱེད་པ་ལ་དབང་བ་ལ་ཡང་མི་འདོད་ན་བྱེད་པ་མ་ཡིན་ཏེ། དེའི་ཕྱིར་འདི་ལ་ཅིའི་ཕྱིར་བརྒལ་ཞིང་རྟག་པར་བྱེད་ཅེས་པ་དེ་ཡང་བསལ་བ་ཡིནོ།། དེ་ལྟར་ཡང ་འདོད་པ་དེ་ནི་རང་ཉིད་ཡོད་པ་ཙམ་རྒྱུ་མཚན་ཡིན་པ་ཅིའི་ཕྱིར་མི་བྱེད། དེ་ལྟ་བས་ན་ཀླན་ཀཽ་དེ་ཉིད་སོ་ན་གནས་སོ།། གཞན་ཡང་གལ་ཏེ་ལྷན་ཅིག་བྱེད་པའི་རྒྱུ་མོ་ཡིན་ན་ཅིའི་ཕྱིར་དེ་རྣམས་དང་བྲལ་བས་མི་བྱེད། ལྷན ་ཅིག་བྱེད་པའི་རྒྱུ་དང་བྲལ་ན་ཡང་འབྲས་བུ་བྱེད་པ་ལ་ཐམས་ཅད་དུ་དེ་དབང་དུ་གྱུར་པའི་ཕྱིར་རོ།། ལྷན་ཅིག་བྱེད་པས་ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་དེ་མེད་པས་ཀྱང་འབྲས་བུ་ཐམས་ཅད་ཅིའི་ཕྱིར་མི་བྱེད། ལྷན ་བྱེད་པའི་སྒྲ་ཚང་བསུ་ནུས་པའི་ཕྱིར་འབའ་སྨྲིག་པ་ནུས་པཱ་མྱེད་པ་ནི་བྱེད་པ་པོ་མ་ཡིན་ནམ་ཞེ་ན། དེ་ལ་འདི་ཅི་གླུནན་གྱི་ངོ་བོས་བྱུང་པ་བློ་ཡིན་ན། དེ་བཞིན་དུ་མན་ཞེ་ན། བྱེད་པ་པོ་མ་སྙན་པ་ཉིད་ཡིན་ཏེ། བྷྱ། ་པ་པོ་ཞེས་བྱ་འོ་ནི་རང་གི་ངོ་བོས་མི་བྱེད་པ་མ་ཡིན་ནོ།། རང་གི་ཇི་བོ་འདི་ཡད་གཉུག་མའི་ནུས་པ་སྐུའི་བརྗོད་བྱེ་ཡིན་ཏེ། འབྲས་བྱོ་ལ་མཁོ་བ་ཡིན་ནོ།། ཞེ་ན་དཀྲིས་པ་མེད་པ་ཡིན་ཏེ། ད་ནི་གློ་བུར་བའི་ནུས་པ་མོད ་པ་རྣམས་ལ་བལྟོས་པས་སོ།། ནུས་པོ་ཡོད་པ་འདི་ཡང་རང་བཞིན་གྱིས་ལྷན་ཅིག་བྱེད་པའི་རྒྱུ་དང་ཉེ་བ་མ་ཡིན་ནོ་བྱེད་པ་པོ་མཱ་ཡིན་ཞེ་ན། མ་སྣང་ཡིན་ལ་རང་བཞིན་གྱིས་མོ་བཤམ་ཡང་ཡིན་ནོ་ཞེས་པ་འདི་ཡང་འདྲ ་ལྷ་རྣམས་དགའ་བར་བརྗོད་པར་བྱ་སྟེ། དེའི་ཕྱིར་རེ་ཞིག་གཞོག། མི་རྟག་པ་མ་ཡིན་པར་ཡང་རྒོལ་བྱ་དེ་རྣམས་འདོད་པ་མ་ཡིན་ནོ།། དེ་ལྟར་ཡོད་ན་ཡང་གཞན་མཐུན་མྱོང་བའི་རང་བཞིན་ནི་ཇི་ལྟར་དབང་ཕྱུག་ཉིད་ཡིན། ་དེ་ལྟར་ན་འགྲོ་བ་སྣ་ཚོགས་པ་དབཔ་ཕྱུག་གི་འབྲས་བུ་མྱ་ཡི་ནོའི་གྲུབ་པ་ཡིན། བློ་དང་ལྡན་པའི་འགྲོ་བའི་བྱེད་པ་པོ་མ་ཡིན་ན་འོན་ཀྱང་འགྲོ་བ་རྡུལ་ཕྲ་རབ་ཀྱི་ཕུང་པོའི་རང་བཞིན་རྡུལ་ཕྲ་རབ་གཉིས་པ་ལ་སོགས་པའི ་རིམ་པས་ས་དང་ཤིང་དང་རི་ལ་སོགས་པའི་དོན་དུ་འགྱུར་རོ་ཞེས་གང་དག་ཅེས་པ་ལ་སོགས་པ་སྨོས་ཏེ། གང་དག་དཔྱོད་པ་ལ་སོགས་པའི་རྒོལ་བ་རྣམས་རྡུལ་ཕྲ་རབ་རྣམས་རྟག་པ་ཡིན་ཏེ་རྡུལ་ཕྲ་མོ་རྣམ་སོ།། སླ་བ་ནི ་འགྲོ་བ་སྣ་ཚོགས་པའི་རྒྱུ་ཞེས་སྨྲས་པའོ།། རྒོལ་བ་དེ་དག་ཀྱང་སྔར་ཆ་ཤས་ཡང་རྡུལ་དུ་ཕྱེ་བ་ཡིས་ཞེས་པ་ལ་སོགས་པས་རྡུལ་ཕྲ་རབ་དཔྱོད་པའི་དུས་སུ་དེ་བཀག་པས་བཟློག་པའི་ཡིན་ཏེ། ་བསལ་བ་ཡིན་ནོ།། དེའི་ཕྱིར་རྟག་པའི་རྡུལ་ཕྲ་རབ་ཀྱིས་རང་བཞིན་ཡང་འགྲོ་བ་འདིའི་རྒྱུ་མ་ཡིན། དེ་ལྟར་དེ་དབང་ཕྱུག་རྒྱུ་ཡིན་པ་དང་བར་སྐབསུ་ཚིགསུ་བཅད་པ་ཕྱེད་ཀྱིས་རྡུལ་ཕྲ་རབ་རྟག་པའི་རང་བཞིན་ཡང་འགྲོ ་བའི་རྒྱུ་ཡིན་པ་གསལ་ཏེ། རྣམ་པ་བཞི་དེ་ཉིད་བསྒྲུབ་པའི་ཆེད་དུ་གཙོ་བོ་ཡོངས་སུ་གྱུར་པའོ།། རང་བཞིན་བསལ་བར་འདོད་པས་གྲངས་ཅན་གྱི་འདོད་པ་དགོད་པའི་ཕྱིར། གྲངས་ཅན་ཞེས་པ་ལ་སོགས་པ་གསུངས་ཏེ། ་གྲངས་ཅན་ནི་སེར་སྐྱ་སྟེ། གཙོ་བོ་ནི་རང་བཞིན་ཞེ་གཞན་ནི་གཟུང་བ་ཡིན་ལ། འདོད་པ་ནི་སེམས་པའོ།། རྟག་པ་ནི་འཇིག་རྟེན་པའི་རྒྱུ་ཡིན་ཏེ། དེ་ཡང་རྟག་པ་མི་འཇིག་པའི་རང་བཞིན་ནོ།། འཇིག་རྟེན་ཏེ་གཡོ་བ་དང་མི་གཡོ ་བའི་འགྲོ་བ་ཐམས་ཅད་ཡིན་ལ། རྒྱུ་ནི་ཡོངསསུ་གྱུར་པའི་ངོ་བོས་རྒྱུ་རུ་འདོང་ངོ་དོ།། གཙོ་བོ་ཞེས་བྱ་བ་འདི་ཅི་ཞིག་ཅེ་ན། སྙིང་སྟོབས་ཞེས་པ་ལ་སོགས་པ་གསུངས་ཏེ། སྙིང་སྟོབས་རྡུལ་དང་མུན་པ་ཞེས་པ་ནི་ཡོན་ཏན ་གསུམ་པོ་འདི་མཉམ་པར་གནས་པ་རྣམས་མཉམ་པར་གནས་པའི་གནས་སྐབས་ཐོབ་པ་ན་གཙོ་བོ་ཞེས་བརྗོད་དོ།། གཙོ་བོ་ཞེས་པར་སྨྲསོ།། འདི་རྣམས་རེ་ཞིག་རང་བཞིན་གྱི་གནས་སྐབས་ཡིན་ལ། མི་མཉམ་འགྲོ་བར་བརྗོད། ་ལ། མི་མཉམ་པར་གནས་པ་ཐོབ་པས་ཡང་ཡོན་ཏན་འདི་རྣམས་འགྲོ་བས་བརྗོད་ལ། སྣ་ཚོགས་ཤིང་རྣམ་པ་སྣ་ཚོགས་པར་ཡོངསུ་གྱུར་པ་བརྗོད་དོ།། འདི་ལྟར་དེ་རྣམས་ཀྱི་ལོ་རྒྱུས་ནི་གང་གི་ཚེ་སྐྱེས་བུ་ཡུལ་ལ་ལོངས་སྤྱོད ་བའི་རྣམ་པར་འདོད་པ་སྐྱེ་བ་དེའི་ཚེ་སྐྱེས་བུའི་འདོད་པ་རང་བཞིན་གྱིས་ཡོངསུ་ཤེས་ནས། སྐྱེས་བུ་དང་སྦྱོར་བར་བྱེད་དོ།། དེའི་ཚེ་ཡང་སྒྲ་ལ་སོགས་པ་འབྱིན་པའི་ངོ་བོས་ཡོངས་གྱུར་པས་ཉེ་བར་འགྱུརརོ།། དེའི་ཚེ་རིམ་པ་ནི་འདི ་ཡིན་ཏེ། རང་བཞིན་ལོས་ནི་ཆེན་པོ་དེ་ལས་ནི། ངར་འཛིན་དེ་ལས་ཚོགས་ནི་བཅུ་དྲུག་ཡི་མ་བཅུག་པོ་ཡི་ནང་ནས་ལྔ་པོ་རྣམས།། དེ་ལས་ཀྱང་ནི་འབྱུང་བ་ལྔ་རྣམས་ཡིན།། འདིའི་དོན་ནི་འདི་ཡིན་ཏེ།། རང་བཞིན་ལས་ཆེན་པོ་ནི ་གཙོ་བོ་ལས་ཆེན་པོ་ཡིན་ལ། ཆེན་པོ་ཞེས་པ་ནི་བློ་བུར་དུ་བརྗོད་པ་ཡིན་ནོ།། དེ་ལས་ཞེས་ཏེ་ཆེན་པོ་ལས་ངར་འཛིན་པ་ཡིན་ཏེ། ངར་ཞེས་པའི་ཤེས་པའོ།། ངར་འཛིན་པ་དེ་ལས་ཚོགས་བཅུ་དྲུག་ཡིན་ནོ།། ཚོགས་བཅུ་དྲུག ་ཅེས་པ་ནི་དབང་པོ་བཅུ་གཅིག་དང་དེ་ཙམ་ལྔ་རྣམས་ཡིན་ཏེ། དེ་ལ་ལས་ཀྱི་དབང་པོ་ལྔ་ནི་ཁ་དང་རྐང་པ་དང་ལག་པ་དང་གཅི་བ་དང་བཤང་བའི་ལམ་རྣམསོ།། བློའི་དབང་པོ་ལྔ་ནི་རྣ་བ་དང་ལུས་དང་། མིག་དང་ལྕེ་དྲང་སྟེའོ།། ་གཉི་གའི་བདག་ཉིད་ནི་ཡིད་ཡིན་ཏེ། འདི་ལྟར་བཅུ་གཅིག་ཏུ་འགྱུར་རོ།། ཡང་དེ་ཙམ་ལྔ་ནི་སྒྲ་དང་རེག་བྱ་དང་གཟུགས་དང་རོ་དང་དྲིའོ།། ལྔ་པོ་རྣམས་ལས་འབྱུང་བ་ལྔ་རྣམས་ནི་སྒྲ་ལ་སོགས་པ་ལྔ་རྣམས་དུ་འགྱུར་ཏེ་འབྱུང ་བ་ལྔ་རྣམས་ནི་ན་མཁའ་དང་རླུང་དང་མེ་ང་ཆུ་དང་སར་གྲགས་པ་རྣམསོ།། དང་པོའི་རང་བཞིན་ནི་རྒྱུ་ཉིད་ཡིན་ཏེ་འབྲས་བུ་མ་ཡིན་ནོ།། ཆེན་པོ་དང་ངར་འཛིན་པ་དང་སྒྲ་ལ་སོགས་པ་ལྔ་ནི་འབྲས ་བུ་ཡང་ཡིན་ལ་རྒྱུ་ཡང་ཡིན།། དབང་པོ་བཅུ་གཅིག་པོ་རྣམས་དང་། ནམ་མཁའ་ལ་སོགས་པ་ལྔ་པོ་རྣམས་འབྲས་བུ་ཉིད་ཡིན་ལ་རྒྱུ་ནི་མ་ཡིན་ནོ།། སྐྱེས་བུ་ནི་ཡང་གཉི་གའི་རང་བཞིན་སྤངས་པ་ཡིན་ནོ།། གང་བརྗོད་པ་རྩ ་བའི་རང་བཞིན་ལེ་ནི་འགྱུར་བ་མེད། ཆེན་སོགས་བདུན་པོ་རྒྱུ་དང་འགྱུར་བ་ཡིན།། བཅུ་དྲུག་པོ་ནི་རྣམ་པར་འགྱུར་བ་སྟེ།། སྐྱེས་བུ་རང་བཞིན་མ་ཡིན་རྣམ་འགྱུར་མིན་ཞེས་སོ།། གཙོ་བོ་དེ་ཡང་འབྲས་བུ་མ་ལུས་པ་ནུས་པའི ་རང་བཞིན་ཉིད་ཡོན་ཏན་གསུམ་གྱི་རང་བཞིན་ཁོ་ནས་འབྲས་བུ་སྒྲུབ་པར་བྱེད་པ་ཡིན་ཏེ། གཞ་ན་དུ་ན་ཇི་ལྟར་དུ་ལ་ཡོད་པོ་མ་ཡིན་པ་འབྲས་བུ་སྣ་ཚོགས་བྱའི་གཟུགས་སྐྱེད་པར་བྱེད། དེ་སྐད་དུ་ཡང་མ་ལུས་ནུས་པའི ་ཚོགས་རྣམས་ཀྱི་རང་བཞིན་འགའ་ཞིག་ཁོ་ན་ལས། འབྲས་བུའི་ཁྱད་པོར་འཇུག་པ་ནི།། དངོས་དེ་ཡི་རང་བཞི་ནོ།། གལ་ཏེ་རྒྱུ་ཡི་བདག་ཉིད་ལ།། ནུས་པའི་ངོ་བོར་འབྲས་མངངོན།། དེ་ཉིད་བྱེད་པར་ནུས་ཡིན་ཏེ།། མེད་ཕྱིར ་ནམམཁའི་པདྨ་བཞིན་ཞེས་སོ།། འདི་ལྟར་གཙོ་བོ་ལ་ངེས་པ་ཁོ་ནོར་འབྲས་བུའི་གཟུགས་ཀྱིས་འགྲོ་བ་འཇུག་པ་དང་ལྡོག་པ་བྱེད་དོ་ཞེས་སེར་སྐྱ་ཟེར་རོ།། འདི་ལྟར་དེ་དག་ཐམས་ཅད་ན་མཁའ་ལ་མངོན་པར་སྤྲས་པོ ་རི་མོ་བཞིན་དུ་སྣང་བ་ཡིན་ཞེས་བསམས་ནས་གྲུབ་པའི་མཐའ་སྨྲ་བས་སུན་དབྱུང་བར་བཞེད་ནས། གཅིག་ལ་ཞེས་པ་ལ་སོགས་པ་གསུངས་ཏེ། གཅིག་ཏུ་ཡོད་ན་རང་བཞིན་གསུམ་ཉིད་ནི་ཞེས་ཏེ། རྡུལ་དང་མུན ་པ་དང་སྟེང་སྟོབས་ཡོན་ཏཱནཱ་བྷཱི་དབྱེ་བ་གསུམ་གྱི་བདག་ཉིད་རིགས་མིན་ཏི་འཐད་པ་མ་ཡིན་ནོ།། རྒྱུ་དེས་ན་ཡོན་ཏན་གསུམ་གྱི་གཙོ་བོ་དེ་ཡོད་མིན་ཏེ། མེད་པ་ཡིནོ།། གཅིག་དང་དུ་མའི་རང་བཞིན་དུ་ཞེས་པ་འདི་ནི་ཕན ་ཚུན་འགལ་བ་ཡིན་ནོ།། དེའི་ཕྱིར་དེ་ཉིད་སུན་ཕྱུང་བ་ན་དེའི་འབྲས་བུ་ཐམས་ཅད་སུན་ཕྱུང་བར་འགྱུརརོ།། མ་གྱུར་མོད་གཅིག་གི་རང་བཞིན་དེ་ཡོན་ཏན་གསུམ་གྱི་བདག་ཉིད་དོ།། སེནྡེ་ཏན་དེའི་རང་བཞིན་གྱི་ཡོད་པ་ཡིན ་ཞེན། དེ་བཞིན་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་བཞིན་དུ་སྟེ་གཙོ་བོ་བཞིན་དུའོ།། ཡོན་ཏན་ཏེ་སྙིང་སྟོབས་དང་རྡུལ་དང་མུན་པའི་རང་བཞིན་ཏེ་ཡོད་མིན།། དྲི་ཡང་གསུམ་སྟེ། གང་གི་ཕྱིར་ཡོན་ཏན་དེ་རྣམས་ཀྱང་སོ་སོར་རེ ་ལ་གསུམ་སྟེ་རྣམ་པ་གསུམ་གསུམ་མོ།། དེ་བཞིན་དུ་ཐམས་ཅད་ཡོན་ཏན་གསུམ་གྱི་བདག་ཉིད་ཡི་ནོ་ཞེས་སྨྲ་བ་ལ། སོ་སོར་ཡང་ཡོན་ཏན་གསུམ་གྱི་རང་བཞིན་གྱིས་ཡོན་ཏནི་གསུམ་གྱི་བདག་ཉིད་ཐོབ་བོ།། དེ་བཞིན་དུ་དེའི་ཡོན ་ཏན་ཡང་ཡོན་ཏན་གསུམ་གྱི་བདག་ཉིད་ཀྱིས་གཅིག་གི་རང་བཞིན་ཡོད་པ་མ་ཡིནོ།། གང་གི་ཚེ་ཡང་འདི་ལྟར་རྣམ་པར་དཔྱང་བ་ན་ཡོན་ཏན་རྣམས་ཡོད་པ་མ་ཡིན་ལ། དེའི་ཚེ་དེ་ལས་གྱུར་པའི་སྒྲ་ལ་སོགས་པ་ཡང་རིགས་པ་མ་ཡིན ་ཡོན་ཏན་མེད་ན་ཞེས་པ་ལ་སོགས་པ་གསུངས་ཏེ། ཡོན་ཏན་ཏེ་སྙིང་སྟོབས་ལ་སོགས་པ་རྣམས་ཡིན་ལ། མེད་དེ་ཡོད་པ་མ་ཡིན་ནོ།། ཀྱང་ཞེས་པ་ནི་ཉེས་པ་གཞན་སོགས་པ་ཡིན་ཏེ། སྒྲ་ལ་སོ ་སོགས་པའི་སྒྲ་སྨོས་པས་རེག་བྱ་ལ་སོགས་པ་གཟུང་ངོ་།། ཡོད་པ་ཉིད་ངེ་ཡོད་པ་ནི་དངོས་པའོ།། ཤིན་ཏུ་རིང་བུ་སྟེ། རྣམ་པ་ཐམས་ཅད་དུ་རིགས་པ་མ་ཡིན་ལ། རྒྱུ་མེད་པ་ལ་འབྲས་བུ་ཡོད་པ་ཉིད་མི་རིགས་པའི་ཕྱིར།། ་ཡང་འདི་དག་བདེ་སོགས་དང་ལྡན་པ།། གསལ་བ་གསལ་པོར་མཐོང་བ་ཡིན།། བདེ་དང་སྡུག་བསྔལ་བཏང་སྙོམསོ།། རང་བཞིན་གཅིག་པོ་དམིགས་པ་ལས་ཞེས་བརྗོད་དོ།། དེ་ཡང་མི་རིགསོ་ཞེས་བསྟན་པའི་ཕྱིར ་སེམས་མེད་ཅེས་པ་ལ་སོགས་པ་གསུངས་ཏེ། འང་གི་སྒྲ་ནི་སྔ་མ་བཞིན་ཡིན་ཏེ། སེམས་མེད་པ་ནི་བེམས་པོའི་ངོ་བོ་ཡིན་པ་ལའོ།། གོས་ལ་སོགས་པ་སེམས་མེད་པའི་སྣམ་བུ་ལ་སོགས་པ་ལའོ།། འདྲེ་སོགས་ཀྱང ་སེམས་ཀྱི་བདག་ཉིད་དེ། བདག་ཉིད་གཅིག་པར་སྲིད་པའང་མིན་ཏེ་ཡོད་པ་མ་ཡིན་ནོ།། གང་གི་ཕྱིར་སྙིང་སྟོབས་དུད་རྡུལ་དང་མུན་པའི་བདག་ནི་བདེ་བ་དང་སྡུག་བསྔལ་དང་བཏང་སྙོམསུ་བརྗོད་པ་ཡིན་ལ། དེ་རྣམས ་ལ་ཡང་ཡོན་ཏན་ཡོད་པ་མ་ཡིན་ལ། དེ་ཇི་ལྟར་ན་དེ་ལ་བདེ་བ་ལ་སོར་པར་འགྱུར་བ་ཡིན། དེ་ལྟར་གྱུར་ན་ཡང་བདེ་བའི་བདག་ཉིད་ཡིན་པའི་ཕྱིར་སྣམ་བུ་ལ་སོགས་པ་རྣམས་བདེ་བའི་རང་བཞིན་ཡིན་ནོ་ཞེས་ནི་མི ་སྨྲའི་འོན་ཀྱང་བདེ་བ་ལ་སོགས་པ་དེ་ལས་སྐྱེས་པར་དོགས་ནས་དེ་དངོས་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ནི་བདེ་བ་ལ་སོགས་པ་ཡིན་ལ། རྒྱུའི་ངོ་བོ་ནི་བྱེད་པ་པོའི་རང་བཞིན་ཕྱི་རོལ་དུ་གྱུར་པ་ཡིན་པར་སྣམ ་བུ་ལ་སོགས་པ་ཡང་གལ་ཏེ་འདོད་ནའོ།། དངོས་པོ་རྣམས་དཔྱད་ཟིན་ནམ་ཞེས་ཏེ། སྣམ་བུ་ལ་སོགས་པ་འདི་རྣམས་ཡན་ལག་ཅན་གྱི་ངོ་བོ་ཡིན་ལ། རྡུལ་ཕྲ་རབ་ཀྱི་རང་བཞིན་ཡོང་མེད་ཅིང་། ཡོན་ཏན་གསུམ ་གྱི་བདག་ཉིད་མེད་དེ། འདི་ལྟར་དངོས་པོ་རྣམ་པར་དཔྱད་ཅིང་བརྟགས་པ་ན་རིགས་པས་དངོས་པོ་སྣང་བ་རྣམས་ཀྱང་སྒྱུ་མ་ལྟ་བུ་ཡིན་ཏེ། རང་བཞིན་མེད་པའི་ཕྱིར་རོ།། དེ་ལ་དངོས་པོ་འདི་ཇི་ལྟར་ན་བདེ་བ་ལ་སོགས་པའི ་རྒྱུའི་ངོ་བོར་འགྱུར། གཞན་ཡང་གསལ་བ་བདེ་བ་ལ་སོགས་པའི་རང་བཞིན་ཡིན་ན་སྣམ་བུ་ལ་སོགས་པ་ཉིད་བདེ་བ་ལ་སོགས་པའི་སྐྱེད་པར་བྱ་བར་འགྱུར་རོ་ཞེས་ཁྱོད་ཀྱིས་བདེ་སོགས་ཞེས་པ་ལ་སོགས་པ་གསུངས་ཏེ། ་སྣམ་བུ་ཡང་བདེ་བ་ལ་སོགས་པ་ཉིད་ཀྱི་རྒྱུ་ཡིན་ཏེ། ཁྱོད་དེ་ཁྱོད་ཅག་ལ་རྒྱུ་ཉིད་དུ་འགྱུར་ཏེ། གསལ་བ་ནི་བདེ་བ་ལ་སོགས་པའི་རྒྱུ་ཡིན་པའི་ཕྱིརརོ།། དེ་ལྟ་ན་ཡང་དེ་ལས་སྣམ་སོགས་ཏེ། སོགས་པའི་སྒྲས་ན་ཙྪིན ་དོན་གྱི་ཕྲེང་བ་ལ་སོགས་པ་གཟུང་ངོ་།། སླར་འདི་ཕྱིན་ཅི་ལོག་ཏུ་དམིགས་པ་ཡི་ནོ་ཞེས་སྣམ་སོགས་ཤེས་པ་ལ་སོགས་པ་སྨོས་ཏེ། སོགས་པའི་སྒྲས་ནི་ཅན་ལ་སོགས་པ་ཡིན་ལ། བདེ་སོགས་ཡིན་ཏེ་སོགས་པའི་སྒྲས ་སྡུག་བསྔལ་ལ་སོགས་པར་འགྱུར་རོ།། དེ་མེད་ཕྱིར་ནུ་སྡེ་སྣམ་བུ་ལ་སོགས་པ་མེད་པའི་ཕྱིར་རོ།། བདེ་སོགས་མེད་པ་ཡིན་ཏེ། སྣམ་བུ་ལ་སོགས་པའི་འབྲས་བུ་ཡིན་པའི་ཕྱིར་རོ།། དེ ་བ་ལ་སོགས་པར་མི་འགྱུར་རོ།། དེའི་རྗེ་སུ་འགྲོ་བ་ལྡོག་པའི་ཕྱིར་བདེ་བ་ལ་སོགས་དེའི་འབྲས་བུ་ཉིད་ཡིན་ནོ།། སྙིང་སྟོབས་ལ་སོགས་པའི་ཡོན་ཏན་གྱི་བདག་ཉིད་ཡིན་པས་གང་ཡང་བདེ་བ་ལ་སོགས་པ་རྟོག་པར ་འདོད་ན། དེ་ཡང་ཡང་དག་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བདེ་སོག་ཀྱང་ཞེས་པ་ལ་སོགས་པ་གསུངས་ཏེ། བདེ་བ་དང་སྡུག་བསྔལ་དང་བཏང་སྙོམས་ཀྱང་ངོ་།། ཀྱང་གི་སྒྲས་ནི་ཉེས་པ་ལྷག་པ་བརྗོད་པར་འདོད ་པ་ཡིན་ནོ།། རྟག་པ་ཉིད་ནི་རྟག་པའི་རང་བཞིན་ཉིད་ཡིན་ལྀ། ནམ་ཡང་དམིགས་པ་ཡོད་པ་རྗེས་སུ་བྱེད་པ་མ་ཡིན་ཏེ། མཐོང་བ་མ་སཱི་ཏེ། སྟོན་ལ་སོཌ་པ་མེད་པའི་ཕྱིར་ལ། དེ་རྣམས་རྟག་པ་ལ་སོགས་པར་མ་རིགས ་པའི་ཕྱིར་རོ།། གླལ་ཏེ་ཡང་བདེ་བ་ལ་སོགས་པ་རྣམས་རྟག་པར་གྱུར་ན་དེའི་ཚེ་རྟག་ཏུ་དམིགས་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། བདེ་བའི་གསལ་པོ་ཉིད་ཡོད་ན་ཞེས་ཏེ། གལ་ཏེ་བདེ་བ་ལ་སོགས་པ ་རྟག་པོའི་རང་བཞིན་དུ་གནས་པ་ཡིན་ན། དེའི་ཚེ་ཇི་ལྟར་ནམ་ཞིག་བདེ་བའི་རང་བཞིན་ཡིན་པ་དེ་བཞིན་དུ་ནམ་ཡང་ཞེས་པ་ནི་རྟག་ཏུ་དེ་རིགས་པར་འགྱུར་ཏེ། དེའི་རང་བཞིན་ཡོངསུ་མ་དོར་བའི་ཕྱིར་རོ་ཞེས་པ་ནི ་བསྡུས་པའི་དོན་ཏོ།། བདེ་བའི་བདྲེན་ཡོད་ཉིད་ཡིན་ན་ཡང་བདེན་པའི་གསལ་བ་འགའ་ཞིག་ན་གྱུར་པའི་བདེ་བ་རྟག་པ་ཡིན་ན། མྱོང་བ་ཅིའི་ཕྱིར་འཛིན་མ་ཡིན་ཏེ། བདེ་བའི་མྱོང་བར་ནི་ཐམས་ཅད་དུ་ཅིའི་ཕྱིར་མི ་འགྱུར། ཐམས་ཅད་དུ་མྱོང་བ་ཡང་ཡིན་ནོ།། དེ་ལྟ་བས་ནཱ་ནམ་ཞིག་ན་མ་དམིགས་ན་དེ་ནི་དེའི་ཚེ་ཡོད་པ་མ་ཡིནོ་ཞེས་ཇི་ལྟར་རྟག་པ་ཉིད་དུ་ངེས་པ་ཡིན། དེ་ལྟར་གྱུར་ན་ཡང་རྟག་ཏུ་གསལ་བའི་ངོ་བོར་གྱུར་ན་ཉེས ་པ་འདིར་འགྱུར་ན། གང་གིས་ཚེ་ཡང་དེ་ཉིད་ནུས་པའི་ངོ་བོ་ཉིད་ཀྱིས་མིངོན་པར་གྱུར་པའི་ཚེ་ཉེས་པ་མེད་དོ།། ཞེས། དེ་ཉིད་ཕྲ་མོ་ཞེས་པ་ལ་གསུངས་ཏེ། དེ་ཉིད་གསལ་བར་གནས་པར་བྱས་ནས་དངོས་ལ་བརྟེན་པས་ཕྱི ་ནས་མི་དམིགས་པའི་དུས་ན་ཕྲ་མོར་འགྱུར་བ་ཡིན་ཏེ། ཉིན་མོའི་སྒྲར་མ་ལ་སོགས་པ་བཞིན་དུ་མི་དམིགས་པའི་རང་བཞིན་ལ་ཡང་དག་པར་བརྟེན་པ་ཡིན་ནོ་ཞེ་ན་དེ་ནི་རིགས་པ་མ་ཡི་ནོ།། དེ་ཅིའི་ཕྱིར་ཞེ་ན། ་གལ་ཏེ་གང་གི་ཕྱིར་རགས་པ་གསལ་བའི་ངོ་བོ་རང་བཞིན་དུ་ཡོད་ན་ཕྲ་བ་ཇི་ལྟར་ཡིན་ཏེ། དེ་ལྟར་མི་གསལ་བའི་རང་བཞིན་བདེ་བ་ལ་སྨོཊ་པ་དེ་རྟག་པ་ཡིན་པས་གཅིག་པུ་ནི་དུ་མའི་རང་བཞིན་ཉིད་དུ ་གཅིག་པུ་མི་རིགསོ་ཞེས་བསམས་པ་ཡིན་ནོ།། འོན་ཏེ་དེ་ལྟ་ན་ཡང་ཕན་ཚུན་འགལ་བ་དག་དུས་གཅིག་ཏུ་གཅིག་ལ་རིགས་པ་མ་ཡིན་ཏེ། སྔར་གྱི་ཆོས་ལོག་ན་ཡང་ཆོས་གཞན་སྐྱེས་པས་ཉེས་པ ་མེད་དོ་ཞེས། རགས་པ་དོར་ནས་ཞེས་པ་ལ་སོགས་པ་གསུངས་ཏེ། རགས་པ་མངོན་པར་གྱུར་པའི་ངོ་བོ་དེར་ནསོ།། ཡོངསུ་བོར་བར་གྱུར་ན་མི་མངོན་པར་གྱུར་པ་ཡིན་ནོ་ཞེ་ན། འདི་ལྟར་ཁས ་ལེན་པ་ནུ་ཕྲ་རགས་དེ་དག་མི་རྟག་ཉིད་ཅེས་ཏེ། སྐྱེ་བ་དང་འཇིག་པའི་དབང་དུ་གྱུར་པའི་ཕྱིར་རོ།། རགས་པ་བསྟན་པ་མ་ཡིན་པ་ཕྲ་བ་ཉི་དུ་འགྱུར་རོ།། གྱུར་དུ་ཆུག་ན་ཡང་རྟག་པ་ལ་ཉམས་པ་ཅི་ཞིག་ཡོད་ཅེ་ན། དེ ་ན་དངོས་པོ་ཐམས་ཅད་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། དངོས་པོ་ཐམས་ཅད་ནི་དེ་ཁོ་ན་ཉིད་ཉི་ཤ་རྩཝ་ལྔའི་མཚན་ཉིད་ཡིན་ལ། དེ་བཞིན་དུ་སྟེ། རགས་པ་ཕྲ་བ་བཞིན་དུ་མི་རྟག་ཉིད་དུ་ཅིས་མི་འདོད་དེ། ཅིའི་ཕྱིར ་རྗེསུ་འགྲོ་བ་མེད་པ་ཉིད་ཀྱི་འཇིག་པར་ཁས་མི་ལེན། བསམ་པ་ནི་འདི་ཡིན་ཏེ། རགས་པ་དང་ཕྲ་བ་དག་ཀྱང་རྗེ་སུ་འགྲོ་བ་མེད་པའི་འཇིག་པ་སྐྱེ་བ་མེད་པར་མངོན་པ་དང་མི་མངོན་པའི་དངོས་པོར་རིགས་པ་མ་ཡིན་ནོ།། གཞོན ་དུ་ན་བརྒྱ་ལ་འགའ་ཞིག་གིས་ངོ་བོས་གནས་པའི་ཕྱིར་སྔ་མ་བཞིན་དུ་ཐལ་བར་འགྱུར་རོ།། ངོ་ལྟ་བས་ན་ངེས་པར་དེ་དག་རྗེ་སུ་འགྲོ་བ་མེད་པར་འཇིག་པ་ཡང་དག་པར་སྐྱེ་བ་ཉི་དུ་ཁས་བླང་བར་བྱའོ།། དེ་ལྟར་ན་ཡང་དེ་དག ་འདི་ལྟར་གྱུར་པ་ན་དེ་བཞིན་དུ་གཞན་ཡང་ཁྱད་པར་མེད་པའི་ཕྱིར་འགྱུར་བ་ཡིནོ།། གཞན་ཡང་གལ་ཏེ་རགས་པ་དང་ཕྲ་བ་དག་འཇིག་པ་དང་སྐྱེ་བར་འདོད་ན། དེའི་བདེ་བ་ལ་སོགས་པ་རྣམས་མི་རྟོག་པར་ཐལ་བར་འགྱུར་ཏེ། ་འདི་ལྟར་ཡང་རགས་པ་དེ་བདེ་བ་ལ་ཐ་དད་པ་འམ་ཐ་མི་དད་པར་འགྱུར། དེ་ལ་གལ་ཏེ་ཐ་དད་པ་ཡིན་ན་དེའི་ཚེ་དེར་ལོག་ན་ཡང་སྔར་བཞིན་དུ་བདེ་བའི་མྱོང་བར་འགྱུར་རོ།། སྣམ་བུ་ལོག་ན་ཡང་བུམ་པ་མྱི་དམི་ཌ་པ་རཱི་ཌ་བ་མ་ཡིན། ་ཏེ། དེ་ནི་འདི་ཞེས་འབྲེལ་པ་རྟོག་པ་ལ་ཐུག་པ་མེད་པར་ཐལ་བས་སོ།། འབྲེལ་པ་ཡོད་ན་ཡང་རྒྱུ་མ་ཡིན་པ་ལོག་པས་གཞན་ལྡོག་པ་ཡོད་པར་རིག་པ་མ་ཡིན་ཏེ། བ་ལང་ལོག་པས་དེའི་བདག་པོ་མི་ལྡོག་པ་བཞིན་ནོ།། བདེ ་བའི་རྒྱུ་ཡང་དེ་མ་ཡིན་ཏེ། སྣམ་བུ་ལ་སོགས་པ་ཉིད་ལས་བདེ་བ་བསྐྱེད་པའི་ཕྱིར་རོ།། དེ་ཡང་རྒྱུ་མ་ཡིན་ཏེ། དེ་ནི་བདེ་བ་ལ་སོགས་པ་དང་དུས་མཉམ་པ་ཉིད་ཀྱི་ཕྱིར་རོ།། འོན་ཏེ་ཐ་དད་མ་ཡིན་ནོ་ཞེས་བྱ་བའི་ཕྱོགས་མིན་ན།། ་འདི་ལ་བརྗོད་པར་བྱ་སྟེ། རིགས་པ་བདེ་བ་གཞན་མིན་ཞེས་ཏེ། གལ་ཏེ་རེག་པ་བདེ་བ་ལས་གཞན་ཏེ་ཐ་དད་པ་ཡིན་ན་དེའི་ཚེ་འདི་བདེ་བ་ཉི་དུ་འགྱུར་རོ།། དེའི་ཚེ་བདེ་བ་གསལ་བར་མི་རྟག་ཉིད་ཡིན་ཏེ། དེའི་རང་བཞིན་ཡིན ་པས་རགས་པ་འགོགས་པ་ན་བདེ་བ་ཡང་འགགས་པའི་ཕྱིར་བདེ་བ་མི་རྟག་པ་ཉིད་དེ། འཇིགས་པ་ཉིད་དུ་གསལ་ཏེ། ངེས་པ་ཡིན་ནོ།། གལ་ཏེ་ངོ་གྱུར་ན་ཡང་གལ་ཏེ་རྣམ་པ་ཐམས་ཅད་དུ་ཞིག་པར་འགྱུར་ན། དེའི་ཚེ་བདེ་བ ་སླར་སྐྱེ་བར་མི་འགྱུར་ཏེ། གཏན་མེད་པ་ནི་ནམ་པའི་ཨུཏྤལ་བཞིན་དུ་སྐྱེ་བར་མི་རིགས་པའི་ཕྱིར་རོ་ཞེས་གཞན་གྱི་འདོད་པ་དགོད་པའི་ཕྱིར། གལ་ཏེ་མེད་པ་ཞེས་པ་ལ་སོགས་པ་སྨོས་ཏེ། གལ་ཏེ་རྣམ་པ་ཐམས་ཅད་དུ ་རྒྱུ་མེད་པའི་བདག་ཉིད་ལ་སྡོད་པ་མ་ཡིན་པ་དེ་ནི་སྐྱེ་བ་མ་ཡིན་ཏེ། དཔེར་ནཱ་ན་མཁའི་པདྨ་བཞི་ནོ།། དེ་བཞིན་དུ་གལ་ཏེ་གཞན་ཡང་ཡིན་པར་གྱུར་ན་དེའི་ཚེ་སྐྱེ་བ་ཡང་མ་ཡིན་ནོ།། དེའི་ཕྱིར་མེད་པ་ནི་ཅུང་ཟད ་ཀྱང་སྐྱེས་པ་ཡིན་ལ། གཞན་མེད་པའི་རང་བཞིན་ཅུང་ཞིག་སྐྱེ་བ་མ་ཡིན་ནོ།། ཅིའི་ཕྱིར་ཞེ་ན། མེད་པའི་ཕྱིར་ཏེ། ཡོད་པ་མ་ཡིན་པའི་ཕྱིར་ལ། དེ་ལྟར་གལ་ཏེ་འདོད་ནའོ།། འདི་ལྟར་གོལ་ཏེ་འདོད་ན་དེའི་ཚེ་འདི་བརྗོད་པར་མི་བྱའོ་ཞེས ་གསོལ་བར་ཞེས་པ་ལ་སོགས་པ་སྨོས་ཏེ། གསིལ་བར་མེད་པ་ཡིན་ཏེ། སླར་ཡོད་པའི་གནས་སྐྲ་བོས་ན་ཡོད་པ་མ་ཡིན་པའི་གསོལ་བ་སྐྱེ་བ་སྟེ། ཕྱི་ནས་སྐྱེ་བར་མི་འདོད་ཀྱང་སྟེ། འདོད་པ་མ་ཡིན་པ་ཡང་ཁྱོད་དེ་ཡོད་པར ་སྨྲ་བ་ཁྱོད་ལ་གནས་པ་ཉིད་ཡོད་པ་ཡིན་ནོ།། གཞན་དུ་ན་སྔར་ཡང་དེ་ཡོད་པ་ཡིན་ན་ཕྱི་མ་བཞིན་དུ་སྔར་ཡང་དེ་དམིགས་པར་ཐལ་བར་འགྱུར་རོ།། ཇི་ལྟར་གསལ་བ་མེད་པ་སྐྱེས་པ་དེ་བཞིན་དུ་གལ་ཏེ་གཞན་ཡང་ཡིན་པར ་དེའི་ཚེ་འོགལ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ།། གཞན་ཡང་ཡོད་པ་འབྲས་བུར་སྨྲ་བོ་ལ་རྒྱུའི་གནས་སྐབས་ན་འབྲས་བུ་ཡོད་པའི་ཕྱིར་ཉེས་པ་གཞན་དུ་ཡང་འགྱུར་རོ་ཞེས་བརྗོད་པའི་ཕྱིར། གལ་ཏེ་རྒྱུ་ལ་ཞེས་པ ་ལ་སོགས་པ་གསུངས་ཏེ། བཟའ་བར་བྱ་བའི་དོན་གྱིས་ན་ཟས་ཡིན་ལ། ཟས་ཟ་བ་པོ་མི་གཙང་བར་འགྱུར་ཏེ། བཙོག་པ་ཟ་བོར་འགྱུར་རོ།། ཇི་ལྟར་ཞེ་ན། གལ་ཏེ་རྒྱུ་ལ་འབྲས་གནས་ན་སྟེ། འབྲས་བུ་གལ་ཏེ ་རྒྱུ་ལ་ཡོད་པའི་རང་བཞིན་ནའོ།། འདི་ལྟར་ཡོད་པར་སྨྲ་བ་ལ་ཡང་ཟས་ཀྱི་འབྲས་བུ་མི་གཙང་བུ་ཉིད་ཡིན་དེ་ཡང་ཟས་ཀྱི་གནས་སྐབས་ཉིད་ན་ཡོད་པ་མ་ཡིནོ།། དེའི་ཕྱིར་ཟས་ཟ་བས་ན་དེ་ཟ་བའི་དོགས་པར་འགྱུར་རོ།། གཞན ་ཡང་ཐལ་བར་འགྱུར་བ་གཞན་འདི་ཡང་ཡོད་པ་འབྲས་བུར་སྨྲ་བ་ལ་བརྗོད་པའི་ཕྱིར། རས་ཀྱི་རིན་ཞེས་པ་ལ་སོགས་པ་གསུངས་ཏེ། གལ་ཏེ་རྒྱུ་ལ་འབྲས་གནས་ན་ཞེས་པ་དང་འབྲེལ་ཏེ། རས་བལ་གྱི་ས་བོན་ཏེ་རྒྱུ་ལ ་འབྱུང་བར་འགྱུར་པོའི་འབྲས་བུ་རས་ཡོད་པའི་ཕྱིར། རས་ཀྱི་རིན་གྱིས་ཏེ། དེ་ཉོ་བའི་རིན་གྱིས་རས་བལ་གྱིས་བོན་ཉོས་ལ་སྟེ། གཟུང་ནས་བགོ་བར་བགྱིས་ཏེ། གོས་སུ་གྱིས་ཤིག། འོན་ཏེ་དེ་ལྟར་ན་གལ་ཏེ་དོན་དམ ་པར་རྒྱུ་ལ་འབྲས་བུ་ཡོད་པ་དེ་ལྟར་ན་ཡང་འདི་ཀུན་རྫོབ་ཏུ་མ་རིག་པའི་རབ་རིབ་ཀྱི་ཡེ་ཤེས་ཀྱི་མིག་ཉམས་པར་བྱས་པའི་ཐ་སྙད་པའི་འཇིག་རྟེན་མི་མཐོང་བ་ཡིནོ་ཞེས་འཇིག་རྟེན་རྨོངས་པས་ཞེས་པ་ལ་སོགས་པ་གསུངས ་ཏེ། རྨེ་ངས་པ་སྟེ། མི་ཤེས་པས་སོ།། དངོས་པོའི་དེ་ཁོ་ན་ཉིད་ཡོད་ན་ཡང་མི་མཐོང་སྟེ། འཇིག་རྟེན་གྱིས་མཐོང་བ་མ་ཡིན་ལ། དེའི་ཕྱིར་བརྗོད་པའི་ཉེས་པར་ཐལ་བར་མི་འགྱུར་རོ།། གལ་ཏེ་བརྗོད་དོ་ཞེ་ན། དེ་ཁོ་ན་ཉིད ་ཤེས་པ་ཡང་གནས་པ་མ་ཡིན་ནམ། གལ་ཏེ་ཡང་འཇིག་པས་མ་མཐོང་བས་དེ་ལྟར་ཐ་སྙད་བྱེད་པ་མ་ཡིན་ན་དེ་ཁོ་ན་ཉིད་ཤེས་པ་ལ་རིགས་པ་ཡིན་ཏེ། གང་གི་ཕྱིར་དེ་ཁོ་ན་ཉིད་ཤེས་པ་ལ་རིགས་པ་ཡིན་ཏེ། གང ་གིསྭཱ་ཕྱིར་དེ་ཁོ་ན་ཉིད་ཤེས་པས་ཀྱང་རྒྱུ་ལ་སྒྱུ་འབྲས་བུ་ཡོད་དོ་ཞེས་ཤེས་པ་མ་ཡིན་པའི་ཕྱིར་རོ།། དོནྟ་དམ་པར་རིགས་པའི་གྲངས་ཅནྟ་དྷེ་ཡངྒཱ་ཡོད་པ་ཡཱིནྣ་ཏེ། དེ་ཉིད་བྷཱུསྟུང་པའི་སྐྱེ་བོ ་ཐམས་ཅད་པའི་ཐུན་མོང་དུ་གནས་པ་ཡི་ནོ་ལ། དེ་རྣམས་ཀྱང་ཟས་ཟེ་བ་ལོ་སོགས་པ་ནི་འཇུག་པ་དང་། རས་དོན་དུ་གཉེར་པོས་རས་བལ་གྱི་ས་བོན་བསྙོན་པར་བྱ་བ་མ་མཐོང་བ་ཡིན་ནོ།། འདི་ནི་འདི་ལེན་དུ་རིགས་པ་མ ་ཡཱིནོ་ཞེས་འཇིག་རྟེན་ཞེས་པ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་པ་སྟེ་ཐ་སྙད་པའི་སོ་སོའི་སྐྱེ་བོ་ལ་ཡང་ཤེས་པ་གང་གིས་རྒྱུ་ལ་འབྲས་བུ་ཡོད་ཞེས་རྟོགས་པ་དེ་ཡོད་ལ་དེ་ཁོ་ན་ཉིད་ཤེས་པ་འབའ་ཞིག་ལ་ནི་མ ་ཡིན་ནོ།། དེ་ལྟར་ཡང་འབྲས་བུ་མཐོང་ནས་རྒྱུ་ལ་དེ་ཡོད་དོ་ཞེས་དེ་ཁོ་ན་ཉིད་ཤེས་པ་དང་། འཇིག་རྟེན་པ་གཉི་ག་ལ་ཡང་ཐུན་མོང་དུ་ངེས་པ་ཡིན་ནོ།། དེས་འཇིག་རྟེན་པས་རྒྱུ་གང་གིས་མི་མཐོང་། དེ་ལ་འཇིག་རྟེན་པས་མི། ་མམཐོང་བ་ལ་རྒྱུ་མཚན་བརྗོད་པར་བྱའོ།། འཇིག་རྟེན་པའི་མཐོང་བ་ཚད་མ་ཡིནོ་ཞེས་འཇིག་རྟེན་ཞེས་པ་ལ་སོགས་པ་གསུངས་ཏེ། ཚད་མ་ཉིད་ཡིན་ཏེ་དེའི་ཤེས་པ་ཚད་མ་མ་ཡིན་པ་ཉིད་ལ་གསལ་བར་མཐོང་བ ་ཡང་མེད་པ་ཉིད་དོ།། གསལ་པོར་མཐོང་བར་གྱུར་པའི་རང་བཞིན་མཐོང་བ་དེ་ཡང་ཡོད་པ་ཡིན་པ་སྟེ། ཚང་མ་མ་ཡིན་པར་འགྱུར་རོ།། དེ་ལྟ་བས་ན་དངོས་པོའི་དེ་ཁོ་ན་ཉིད་ཀྱིས་རྣམ་པར་བཞག་པ་ཐོབ་པ་མ་ཡིན།། ། ་འདི་ཡང་ཁོ་བོ་ཅག་གིས་འདོད་པ་ཉིད་ཡིན་ཏེ། ཐ་སྙད་པའི་ཚད་མ་ཐམ་ཅ་དོན་དམ་པར་ཚང་མ་མ་ཡིན་པའི་ཕྱིར་རོ།། དེ་བཞིན་དུ་ཡང་ཁྱེད་ཅག་ཀྱང་ཁོ་བོ་ཅག་གི་ཕྱོགསུ་ལྟུང་བ་ཡིན་ནོ།། དེ་ལྟར་ཡོངས་སུ་གནས་པ ་ལ་སེར་སྐྱ་གྲུབ་པའི་མཐའ་སྨྲ་བ་ཡང་ཉེས་པ་མཚུངས་པར་རྒོལ་བས། གལ་ཏེ་ཚད་མ་ཞེས་པ་ལ་སོགས་པོ་གསུངས་ཏེ། གལ་ཏེ་ཚད་མ་ཡང་དོན་དམ་པར་ཚད་མར་མི་འགྱུར་རོ་ཞེས་པ་ཁྱེད་ཀྱི་ཕྱོགས་ཡིན་ན། དེ ་གཞལ་བརྫུན་པར་མི་འགྱུར་རམ། ཚད་མ་ཚད་མ་མ་ཡིན་པ་ཉིད་ཡིན་ན་དེས་གཞལ་བ་སྟེ། ཚད་མ་ངེས་ཡོངསུ་བཅད་པ་བརྫུན་ཞིང་བདེན་པ་མ་ཡིན་པ་ཐོབ་བོ།། གཞན་ཅིར་འགྱུར་ཞེ་ན། དེ་ཕྱི་དེ་ཉིད་དུ་དངོས ་རྣམས་སྟོང་པ་ཉིད་ནི་འཐད་པ་མ་ཡིན། གླལ་ཏེ་ཚད་མ་མ་ཡིན་དེ་ཉིད་ཡིན་ན། དེས་བཅལ་བ་ཡང་བརྫུན་པ་ཡིན་ནོ།། དེའི་ཚེ་གང་འདི་དེ་ཉིད་དུ་སྟེ། དོན་དམ་པར་ཡིན་ལ། དངོས་པོ་རྣམས་ནི་ཆོས་ཡིན་ཏེ། སྟོང་པ ་ཉིད་ནི་ཆོས་ཐམས་ཅད་རང་བཞིན་མེད་པ་ཡིན་ན། ཚད་མ་དེ་ཡིས་ངེས་པ་དེ་ཡང་འཐད་པ་མ་ཡིན་ཞིང་། རིགས་པ་མ་ཡིན་ཏེ། ཚད་མ་ཐམས་ཅད་ཀྱིས་ཉེ་བར་བསྟན་པ་ཡང་བརྫུན་པ་ཡིན་པས་སོ།། ཆོས་ཐམས་ཅད ་གྲང་ན་མེད་པ་དེ་ཡང་དེ་དཔྱོད་པའི་ཚད་མ་ཉེ་བར་བཀོད་པས་རིགས་པ་མཚུངས་པ་ཡིན་ནོ།། ཞེ་ན། འདི་ལན་བརྟགས་པའི་ཤེས་པ་ལ་སོགས་པ་གསུངས་ཏེ། བརྟགས་ཏེ་རྟོག་པ་ཡིས་སྒྲོ་བཏགས་པའོ།། དངོས་པོ ་ནི་ཆོས་ཡིན་ལ་མ་རེག་པ་སྟེ། རྟོག་པའི་བློས་མ་གཟུང་བར་དེའི་དངོས་པོ་འཛིན་པ་མ་ཡིན་ཏེ། དམིགས་པ་མ་ཡིན་ནོ།། འདི་ལྟར་ཡང་བུམ་པ་བཏགུས་པའི་ངོ་བོས་ཡོངས་སུ་བཏགས ་ནུས་དེ་དང་འབྲེལ་པས་བུམ་པ་མེད་པ་འཇིག་རྟེན་པས་རྟོགས་ཏེ། བུམ་པ་ལ་རྣམ་པར་དཔྱད་པས་འཇིག་རྟེན་ལ་གྲགས་པ་ཉིད། གང་གི་ཚེ་ཅུང་ཟད་ཀྱིས་ངོ་བོར་མི་གནས་པའི་དེའི་ཚེ་མེད་པ་ཉིད་ཡིན་ཏེ། དེ་ལས ་ཕྱིན་ཅི་ལོག་གི་ངོ་བོ་ཤིན་ཏུ་འགའ་ཡོད་པ་མ་ཡིན་ནོ།། དེ་ཉིད་བརྟག་པ་བསྟན་པའི་ཕྱིར། དེ་ཕྱིར་ཞེས་པ་ལ་སོགས་པ་གསུངས་ཏེ། གང་གིས་ཕྱིར་བརྟགས་པའི་དངོས་པོའི་དབྱེ་བས་དངོས་པོ་མེད་པ་འཛིན་པ་མ ་ཡོན་པ་དེའི་ཕྱིར་བརྫུན་པའི་གངྒཱ་ལ་དངོས་པོ་གང་ན་མེད་པའི་དངོས་པོ་གང་ཡིན་པའོ།། དྲི་ཡི་དྭང་སྡེ་མྱེད་གསལ་བར་བརྫུན།། དེའི་སྟེ་དངོས་པོ་མེད་པའི་རང་བཞིན་གྱིས་དངོས་པོ་མེད་ཅིང་བྲལ་བ་གསལ་བ་སྟེ། ངེས ་པར་བརྫུན་ཞིང་བདེན་པ་མ་ཡིན་པ་ཡིན་ཏེ། དེ་ཡང་ཡོང་སུ་བརྟགས་པའི་དངོས་པོ་ཡིན་པའི་ཕྱིརརོ།། འདི་ལྟར་ཡང་དངོས་པོ་དང་དངོས་པོ་མེད་པ་དག་ཡོང་སུ་བརྟགས་པའི་ངོ་བོ་ལ་ཆོས་ཐམས་ཅད་རང་བཞིན ་མེད་པ་ཉིད་ཀྱིས་གནས་པ་ཡིན་ནོ།། ཡང་འདི་ཉིད་མཇུག་བསྡུ་བའི་ཟུར་གྱིས་གསལ་བར་བསྟོན་པའི་ཕྱིར། དེས་ན་རྨི་ལམ་ཞེས་པ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་ན་དངོས་པོ་དང་དངོས་པོ་མེད་པ་བརྟ་ཌ་པ ་ཡིས་ཉྫ་བར་གཞག་པའི་ཕྱིར་བརྫུན་པའི་དོན་ཡིན་པ་དེ་ལྟ་བས་ན་རྨི་ལམ་སྟེ། གཉིད་ཀྱིས་སེམས་མནན་པའི་གནས་སྐབསུ་བུ་སྐྱེས་ཏེ། ཞིག་པ་ན་བུ་མདོ་ཞེས་པའི་རྣམ་པར་རྟོག་པ་ནི་དེ་མེད་པའི་རྣམ་པར་རྟོག་པའོ།། ་ཞིག་བྱེད་ཅེ་ན། དེ་ཡོད་རྣམ་རྡོག་སྐྱེ་བའི་བགེགས་ཡིནྡ་ཏེ། དེ་ཡོད་ན་ནི་བུ་ཡོད་པའོ།། དེ་ཡོད་པ་ནི་དངོས་པོ་ཉིད་དོ།། དེའི་རྣམ་པར་རྟོག་པ་ནི་སྒྲོ་འདོགས་པ་ཡིན་ཏེ། དེ་རྣམས་སྐྱེས་ཤིང་བྱུང་བ་ཡིན་ལ། དེ་བགེགས་ཡིན ་ཏེ། འགེགས་པར་བྱེད་པ་ཡིན།། དེ་ལྟ་བུ་དེ་ཉིད་དེ་ཡིནོ་ཞེ་ན། བརྫུན་པ་ཡིན་ཏེ་དེ་བརྟགས་པ་ཡིན་ནོ།། དེ་ཡོད་པར་རྟོག་པ་འགེགས་པ་ཡང་བརྫུན་ཡིན་ལ། བདེན་པ་མ་ཡིན་ཏེ། རྨི་ལམ་གྱི་བུ་ནི་མ་སྐྱེས་པ་དང་མུ་འག ་བའི་ཕྱིར་རོ།། ཡང་ནི་བདེན་པར་མངོན་པར་འདོད་པའི་བུ་ནི་ཉིད་རྨི་ལམ་དུ་ཤི་བ་ལ་འདི་ཐམས་ཅད་སྦྱར་བར་བྱའོ།། དེ་ལྟར་ན་ཆོས་ཐམས་ཅད་ཀྱི་སྐྱེ་བ་དང་འགགས་པ་རྟོག་པས་བརྟགས་པར་བལྟ་བར་བྱའོ།། འདི་བརྗོད་པར ་འགྱུར་ཏེ། དཔེར་ན་རྨི་ལམ་ནི་མཐོང་བའི་དངོས་པོ་མ་སྐྱེས་པ་དང་མ་འགགས་པ་རྟོགས་པར་ཉེ་བར་བསྟན་པོའི་དངོས་པོ་དང་དངོས་པོ་མེད་པ་དག་དོན་དམ་པར་ཡོད་པ་མ་ཡིན།། འོན་ཀྱང་རྣམ་པར་རྟོག་པས་ཐ་སྙད་ཀྱི་ཡུལ ་དུ་ཉེ་བར་གྱུར་པ་རབ་ཏུ་སྣང་ལ། རྟོག་པ་དེ་ཡང་མེད་པའི་ཡུལ་ཅན་ཡིན་པས་ཚད་མ་མ་ཡིན་ཏེ། དེའི་ཡུལ་ཀྱང་དོན་དམ་པར་རང་བཞིན་མེད་པའི་ཕྱིར་རོ།། དེ་བཞིན་དུ་སད་པའི་གནས་སྐབས་ན་དམིགས་པ་ཡང་དངོས་པོ་དང ་དངོས་པོ་མེད་པའི་ཐ་སྙད་ཀྱི་ལམ་ལ་ཞུགས་པ་དག་ལ་རྣམ་པར་རྟོག་པས་བསྟན་པའི་རྣམ་པར་བཞག་པ་ཡིན་ནོ།། དེ་ལྟར་ན་དེ་ཚད་མ་མ་ཡིན་པ་ལ་ཡང་ཆོས་ཐམས་ཅད་རང་བཞིན་མེད་པ་མི ་འགལ་ལོ་ཞེས་གང་གསུངས་པ། སྐྱེ་དང་གནས་དང་འཇིག་པ་ཡང་།། འཇིག་རྟེན་བསམ་པས་ཁྱེད་ཀྱིས་གསུངས།། དེ་ཕྱིར་གནས་པ་ཙམ་ཉིད་དུ།། ཆོས་རྣམས་ཐམས་ཅད་བསྟན་པ་ཡིན།། གང་གི་སྟོང་ཉིད་རྣམ་བརྟགས་པས ་རྟོག་པའང་མེད་པར་བརྗོད་པའོ་ཞེས་ཏེ། ཐམས་ཅད་འཚམ་པ་ཡིན་ནོ།། དེ་ལྟར་རྒྱུར་མེད་པའི་རང་བཞིན་དང་། དབང་ཕྱུག་དང་། གཙོ་བོས་བྱས་པ་ཉིད་ཀྱིས་འགྲོ་བ་བསམ་པས། རྒྱུ་མེད་པ་ལས་ཀྱང་མ་ཡིན་ནོ་ཞེས་བྱ་བའི ་དོན་བསྒྲུབས་ནས། མཇུག་བསྡུ་བའི་ཕྱིར། དེ་བས་དེ་ལྟར་ཞེས་པ་སོགས་པ་གསུངས་ཏེ། གང་གི་ཕྱིར་རང་བཞིན་ལ་སོགས་པ་ལས་གྱུར་པའི་འབྲས་བུ་ཅུང་ཟད་ཀྱང་སྐྱེ་བ་མ་ཡིན་ནོ།། དེའི་ཕྱིར་དེ་ལྟར་རྣམ་པ་རཱ་དྲོ་པྱོད ་པཔ་སྟེ། བརྗོད་མ་ཐག་པའི་རྣམ་པར་དཔྱོད་པས་སོ།། འགའ་ཡང་རྒྱུ་མེད་ཡོང་མ་ཡིན་ཏེ། རང་གི་ངོ་བོ་ལ་སོགས་པ་རྒྱུ་མ་ཡིན་པ་ལས་སྐྱེས་པའི་འབྲས་བུ་འགའ་ཞིག་ཡོད་པ་མ་ཡིན་ཏེ། མེད་པ་ཡིན་ནོ།། འདི་ནི་ཉེ་བར ་མཚོན་པ་ཡིན་ཏེ། སྐྱེས་བུ་དང་། དུསོ་ལ་སོགས་པས་བྱས་པ་ཡང་ཡོད་པ་མ་ཡིན་ཏེ། དེ་རྣམས་ཀྱང་རྒྱུ་མེད་པའི་ཕྱིར་རོ།། དེའི་ཕྱིར་རྒྱུ་མེད་པ་ཡང་མ་ཡིན་ཞེས་གྲུབ་པ་ཡིན་ནོ།། ཅི་སྟེ་གལ་ཏེ་རང་བཞིན་དང་། དབང་ཕྱུག ་དང་། གཙོ་བོ་ལ་སོགས་པའི་རྒྱུ་མེད་པ་ལས་འགའ་ཞིག་མེད་པ་དེ་ལྟ་ན་ཡང་མཐོང་བའི་རྒྱུ་ཉིད་ལས་དོན་དམཱི་སྐྱེ་བ་ཡིན་ཏེ། དེ་ལྟར་ན་ཆོས་ཐམས་ཅད་རང་བཞིན་མེད་པར་ཇི་ལྟར་གྲུབ་པར་འགྱུར་ཞེས་གཞན་གྱི་དོགས་པ ་བསུ་ནས། རང་ལས་མ་ཡིན་གཞན་ལས་མིན།། གཉིས་ལས་མ་ཡིན་ཞེས་པའི་མུ་གསུམ་གྱི་དོན་བསྟན་པའི་ཕྱིར། སོ་སོ་འམ་ན་ཞེས་པ་ལ་སོགས་པ་གསུངས་ཏེ། སོ་སོ་འམ་འདུས་པ་རྣམས་ཞེས་ཏེ། སོ་སོ་རྣམས་དང ་འདུས་པ་རྣམས་ལ་མ་ཡིན་པའི་ཉིད་དེ། དེ་ལ་སྩོགས་པ་རྣམས་ནི་རེ་རེར་རང་དང་གཞན་ལས་མ་ཡིན་ནོ།། འདུས་པ་རྣམས་ལའང་མ་ཡིན་ཏེ། རང་དང་གཞན་གཉིས་པོ་དག་རྐྱེན་རྣམས་ཏེ། རྒྱུ་རྣམས་ལའོ།། གནས་པ་སྟེ། ་སྐྱེས་པའི་ངོ་བོས་གནས་ཅུང་ཟད་ཀྱང་མ་ཡིན་ནོ།། དེ་ལ་རེ་ཞིག་རང་ལས་དངོས་པོ་རྣམས་སྐྱེ་བ་མ་ཡིན་ཏེ། སྐྱེ་བ་ལས་སྔར་དེའི་རང་བཞིན་མེད་པའི་ཕྱིར་གང་ལས་སྐྱེ་བར་འགྱུར། སྐྱེས་པ་ན་ཡང་ངོ་བོ་ཡོད་པ་དེ་ཡང ་གྲུབ་པའི་ཕྱིར་ཅི་ཞིག་སྐྱེ་བར་འགྱུར། གཞན་ཡང་རང་ཉིད་ལས་སྐྱེ་བ་ལ་སྐྱེས་པ་ཉིད་སློར་ཡང་སྐྱེས་པར་འགྱུར་ལ། དེ་ཡང་རིགས་པ་མ་ཡིནོ།། བྱས་པ་ལ་བྱེད་པ་མི་འཐད་པའི་ཕྱིར་རོ།། སྐྱེས་པ་ཡང་སྐྱེ་བ་ནི་ས་བོན ་ལ་སོགས་པོ་ཉིད་འཁོར་བ་ཇི་སྲིད་དུ་འཇུག་པའི་ཕྱིར་མྱུ་གུ་ལ་སོགས་པ་རྣམས་བརྒྱ་ལ་ཡང་བསྐྱེད་པ་ལ་སྐབས་ཡོད་པ་ཡང་མ་ཡིན་ན། འདི་ཁས་བླངས་པ་ནི་ཡང་འཇིག་རྟེན་པའི་ཉམསུ་མྱོང་བས་གྲུབ་བོ་མ་ཡིན་ཏེ། ་ས་བོན་ལ་སོགས་པ་ལ་མྱུ་གུ་ལ་སོགས་པ་སྐྱེ་བ་མཐོང་བའི་ཕྱིར་རོ།། ས་བོན་དང་མྱུ་གུ་གཅིག་པ་ནི་མ་ཡིན་ཏེ། གཉིས་ཀ་ཡང་གཟུགས་དང་རོ་དང་ནུས་པ་དང་སྨིན་པར་བྱེད་པ་ཐ་དད་པའི ་ཕྱིར་རོ།། རང་གི་ངོ་བོ་བསྐྱེད་པར་བྱ་བ་ཡིན་ན་ཡང་འགའ་ཞིག་སྐྱེ་བཱ་སྔ་མི་འགྱུར་ཏེ། གཅིག་ལ་གཅིག་བརྟེན་པ་ཡིན་པའི་ཕྱིར་རོ།། འདི་ལྟར་རེ་ཞིག་རང་གི་ངོ་བོར་མ་གྱུར་པ་དེ་སྲིད་དུ་སྐྱེ་བ་མི་འཐ~ཾད་ལ། ཇི་སྲིད་སྐྱེས ་པར་མ་གྱུར་པ་དེ་སྲིད་དུ་རང་གི་ངོ་བོར་མི་འགྱུར་ཏེ། དེའི་ཕྱིར་གཅིག་ལེ་གཅིག་བརྟན་པ་ཡིན་ནོ།། དེ་ལྟ་བས་ན་རང་ལས་སྐྱེ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ།། གཞན་ལས་ཀྱང་མ་ཡིན་ཏེ། གཞན་ལས་སྐྱེ་བར་འདོད ་པས་ན་ས་བོན་གྱིས་ཀྱང་ཁྲེའི་མྱུ་གུ་བསྐྱེད་པར་ཐལ་ཏེ། སཽ་ལི་དང་ཁྲེ་དག་ཀྱང་ཁྲེའི་མྱུ་གུ་ལ་བལྟོས་ནས་གཞན་ཉིད་དུ་ཁྱད་པར་ཡོད་པ་མ་ཡིན་ནོ།། ཐམས་ཅད་ལས་ཀྱང་ཐམས་ཅད་སྐྱེ་བར་འགྱུར་ཏེ། ཐམས་ཅད ་གཞན་དང་གཞན་དུ་ཁྱད་པར་མེད་པའི་ཕྱིར་རོ།། འོན་ཏེ་གལ་ཏེ་གཞན་ཡིན་པར་ཁྱད་པར་མེད་ཀྱང་དེ་ལྟ་ན་ཡང་རྒྱུ་དང་འབྲས་བུ་དག་ཕན་ཚུན་དུ་བསྐྱེད་ཡིར་བྱ་བ་དང་། སྐྱེད་པར་བྱེད་པའི་དངོས་པོ་ངེས་པ་ཡིན་པའི ་ཕྱིར་ཐམས་ཅད་སྐྱེ་བོ་མོ་ཡིན་ནོ་ཞེ་ན། འབྲས་བུ་མ་སྐྱེས་པ་ལ་ཡང་གང་གིས་ནུས་པ་ཞེས་བརྗོད་པར་བྱ། སྐྱེས་པ་ལ་ཡང་རྒྱུ་དང་འབྲས་བུ་མེད་པའི་ཕྱིར་གང་གིས་ནུས་པ་ཞེས་བརྗོད་པར་བྱ། རྒྱུ་དང་འབྲས་བུ་དག་དུས་མི་མཚུང ་པའི་ཕྱིར་བསྐྱེད་པར་བྱ་བ་དང་། སྤྱད་པར་བྱེད་པའི་དངོས་པོ་ས་སོར་ངེས་པ་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ནོ།། དེ་ཉིད་ཀྱི་ཕྱིར་རྒྱུན་གཅིག་ཏུ་ངེས་པ་ཡིན་པར་རིགས་པ་མ་ཡིན་ཏེ། རྒྱུ་དང་འབྲས་བུ་མེད་པར་རྒྱུན་མི་སྐྱེད་བྱུ ་པྲཱིརྱཱ་ཏཱི། དེ་སྐད་ཅིག་མ་གཅིག་ཏུ་གནས་པ་ལྡན་པའི་ཕྱིར་རྒྱུནཱ་ཞེས་བྱ་བ་ཅི་ཞིག་ཡིན། སྒྱུམྦྷ་དང་ཕྱི་མར་སྐུད་ཅིག་མར་འཇོག་པ་ཡང་རྟོག་པས་སྒྲོ་བཏགས་པ་ཡིན་པའི་ཕྱིར་དངོས་པོར་གྱུར་པའི་རྒྱུན་ཡོད་པ་མ་སྨིན་མོ།། ་འོདིས་ནི་འདྲ་བའི་ངེས་པར་བྱེད་པ་ཡང་འདིར་བས་ལོ་བ་ཡིན་སྟེ་དེ་ལྟར་ན་ཡང་འགའ་ཞིག་དང་འགའ་ཞིག་ན་རྒྱུན་དུ་གྱུར་པ་འམ་འདྲ་བ་འམ་བསྐྱེད་པར་བྱ་བ་དང་སྐྱེད་པོར་བྱེད་པའི་དངོས་པོའི་ངེས་པ་ཡོད་མ་ཡིན་ཏེ།། ་བསྐྱེད་པར་བྱཱ་བྱཱ་དང་སྐྱེད་བྷྱོ་བྱེད་པ་ཡང་འདིར་དབྱུང་བར་བྱ་བྱ་ཡིན་པའི་ཕྱིར་དྷཱི་ལྟར་འདིས་དེ་ལན་དུ་འགྱུརབྱ་ཡིན། དེ་ལྟ་བ་ན་གཞན་ལསྭཱ་ཀྵིང་ཅུང་ཟུད་ཀྱང་སྐྱིད་པ་མ་ཡིན་ལ། གཉི་ག་ཡང་མུ་ཡིན་ཏེ། སོ་སོར ་ཕྱོགས་ལ་བརྗོད་པའི་ཕྱོགས་ངེས་པར་ཐལ་བ་རོ་འགྱུར་བའི་ཕྱིར་རོ།། སོ་སོའི་གཉིས་པོ་ལ་ནུས་པ་མེད་པ་ཚོགས་པ་ལ་ཡང་ནུས་པ་མེད་པའི་ཕྱིར།། ལོང་བ་གཅིག་གིས་མ་མཐོང་བའི་ལམ་མང་པོ་རྣམས་ཀྱིས་ཀྱང་མཐོང ་བོར་ནུས་པ་མ་ཡིན་ནོ།། བྱེ་མ་སོ་སོ་ལ་མར་ཁུ་འབྱིན་པའི་ནུས་པ་མེད་ན་ཚོགས་པ་ལ་ཡང་དེའི་ནུས་པ་ཡོད་པར་མི་འགྱུར་ཏེ། དེའི་ཕྱིར་ཕྱོགས་གཉི་གོ་ལ་བརྗོད་པ་དེར་ཐལ་བར་འགྱུར་བའི་ཕྱིར་གཉི་ག་ལས་ཀྱང་སྐྱེ་བ་མ ་ཡིན་ནོ།། དེ་ལྟར་ན་རང་དང་གཞན་དང་གཉི་ག་ལས་སྐྱེས་པ་དང་། རྒྱུ་མེད་པ་ལས་སྐྱེས་པ་ཡང་དེ་ཁོ་ན་ཉིད་དུ་ཡོད་པ་མ་ཡིན་ནོ།། དེ་བས་ན་དོན་དམ་པར་མ་སྐྱེས་པ་དང་མ་འགག་པའི་རང ་བཞིན་སྒྱུ་མ་དང་སྨིག་རྒྱུ་མཚུངས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་རང་བཞིན་གྱིས་སྟོང་པ་ཉིད་སྣ་ཚོགས་པ་ཐམས་ཅད་ཀྱི་ངོ་བོར་སྣང་ངོ་།། རྐྱེན་འདི་པ་ཙམ་འདི་པ་ནི་འདིར་ཀུན་རྫོབ་ཏུ་འགེགས་པ་མ་ཡིན་ནོ།། གང་བཅོམ་ལྡན ་འདས་ཀྱིས་ས་ལུ་ལྡང་བའི་མདོ་ལས་གསུངས་པ་ཡིན་ཏེ། དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་ཇི་ལྟ་བུ་ཞེ་ན། འདི་ལ་བཅོམ་ལྡན་འདས་ཀྱིས་སུས་རྟེན་ཅིང་འབྲེལ་པར་འབྱུང་བ་རྟག་པ་དང་། སྲོག་མེད་པ་དང་། ་སྲོག་དང་བྲལ་བ་དང་། ཇི་ལྟ་བུ་ཉིད་དང་། མ་ནོར་བ་ཉིད་དང་། མ་སྐྱེས་པ་དང་། མ་བྱུང་བ་དང་། མ་བྱས་པ་དང་། འདུས་མ་བྱས་པ་དེང་། ཐོགས་པ་མེད་པ་དང་། དམིགས་པ་མེད་པ་དང་། ཞི་བ་དང་། འཇིགས ་པ་མེད་པ་དང་། མི་འཕྲོགས་པ་དང་། རྣམ་པར་འགྱུར་བ་མ་ཡིན་པའི་རང་བཞིན་དུ་མཐོང་བ་དེས་ཆོས་མཐོང་བ་ཡིན་ཏེ། གང་གིས་ཚུལ་འདི་དང་འདྲ་བར་ཆོས་ལ་ཡང་རྟག་པ་དང་སྲོག་མེད་པ་དང་། སྲོག་དང་བྲལ་བ ་ཞེས་པ་ལ་སོགས་པ་ནི་སྔ་མ་བཞིན་ནོ།། ཇི་སྲིད་དུ་རྣམ་པར་འགྱུར་བ་མ་ཡིན་པའི་རང་བཞིན་དུ་མཐོང་བ་དེ་འཕགས་པའི་ཆོས་ཉེ་བར་རྟོགས་ཏེ། ཡང་དག་པའི་ཡེ་ཤེས་དང་ལྡན་པའི་བླ་ན་མེད་པར་ཆོས་ཀྱི་སྐུ་སངས ་རྒྱས་མཐོང་ངོ་ཞེས་གསུངས་སོ།། སྨྲས་པ་ཅི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ། སྨྲས་པ། རྒྱུ་དང་བཅས་རྐྱེན་དང་བཅས་པ་ལ་བྱའི། རྒྱུ་མྱེད་རྐྱེན་མེད་པ་ལ་ནི་མ་ཡིན་ཏེ། སྔ་མ་བཞིན་དུའོ།། འདི་ལྟར་ཡང ་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་གཉིས་ཀྱིས་ཕྱིར་འབྱུང་སྟེ། གཉིས་གང་ཞེ་ན། འདི་ལྟ་སྟེ། རྒྱུ་དང་འབྲེལ་པ་དང་། རྐྱེན་དང་འབྲེལ་པའི་ཕྱིར་རོ།། དེ་ཡང་ཕྱི་དང་ནང་གི་རྣམ་པ་གཉིསུ་བལྟའོ།། དེ་ལ་ཕྱི་རོལ་གྱི་རྟེན ་ཅིང་འབྲེལ་པར་འབྱུང་བ་རྒྱུ་དང་འབྲེལ་པ་གང་ཞེ་ནི། འདི་ལྟ་སྟེ། ས་བོན་ལས་མྱུ་གུ། མྱུ་གུ་ལས་འད་བ་མ། འདབ་མ་ལས་སློང་བུ། སྡོང་བུ་ལྀས་སྦུ་གུ། སྦུ་གུ་ལྀས་སྙིང་པོ། སྙིང་པོ་ལས་མེ་ཏོག། མེ་ཏོག་ལས་འབྲས་བུའོ།། ། ་ས་བོན་མེད་ན་མྱུ་གུ་མི་འབྱུང་སྟེ། མེ་ཏོག་མེད་ན་འབྲས་བུའི་བར་དུ་ཡུང་མི་འགྱུར་རོ།། ས་བོན་ཡོད་ན་མྱུ་གུ་མངོན་པར་འགྱུར་ཏེ། དེ་བཞིན་དུ་མེ་ཏོག་ཡོད་ན་འབྲས་བུའི་བར་དུ་མངོན་པར་འགྲུབ་པར་འགྱུར་རོ།། དེ་ལས་སུ ་བོན་ནི་འདི་སྙམ་དུ་བདག་གོས་མྱུ་གུ་མངོན་པར་བསྒྲུབ་བོ་སྙམ་དུ་མོ་སེམསོ།། སྦུ་གུ་ཡང་བདག་ནི་ས་བོན་གྱིས་མངོན་པར་བསྒྲུབསོ་སྙམ་དུ་མ་སེམས་སོ།། དེ་བཞིན་དུ་མེ་ཏོག་ཀྱང་འདི་སྙམ་དུ་བདག་གིས་འབྲས་བུ་མངོན ་པར་བསྒྲུབ་བོ་སྙམ་དུ་མི་སེམས་པའི་བར་དུ་སྟེ། འབྲས་བུ་ཡང་འདི་སྙམ་དུ་བདག་ནི་མེ་ཏོག་གིས་མངོན་པར་བསྒྲུབསོ་སྙམ་དུ་སེམས་མེད་ཀྱི། འོན་ཀྱང་ས་བོན་ཡོད་ན་མྱུ་གུ་མངོན་པར་བསྒྲུབ་ཅིང་འབྱུང་བར་འགྱུར་བས ་ན་དེ་བཞིན་དུ་མེ་ཏོག་ཡོད་ན་འབྲས་བུའི་བར་དུ་ཡང་མངོན་པར་འགྲུབ་ཅིང་འབྱུང་བར་འགྱུར་ཏེ། དེ་སྐྱུར་ཕྱི་རོལ་གྱི་རྐྱེན་ཅིང་འབྲེལ་པར་འབྱུང་བ་རྒྱུ་དང་འབྲེལ་པར་བལྟའོ།། ཕྱི་རོལ ་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་དང་འབྲེལ་པར་ཇི་ལྟར་ལྟ་ཞེ་ན།། ཁམས་དྲུག་པོ་འདུས་པའི་ཕྱིར་ཏཱཾ། ཁམས་དྲུག་པོ་གང་འདུས་པའི་ཕྱིར་ཞེ་ནཱ། འདི་ལྷ་སྟེ། ས་དང་ཆུ་དང་མི་དང་རྙིང་དུ་ན་མཁའ་དང་། དུས་ཀྱི་ཁམས ་རྣམས་འདུས་པ་ལྔས་ཕྱི་རོལ་གྱི་རྐྱེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་དང་འབྲེལ་པར་ལྷའོ།། དེ་ལ་སོའི་ཁམས་ནི་ས་བོན་རྟེན་པའི་བྱི་བ་བྱེད།། ཆུའི་ཁམས་ནས་བློན་བརླན་པའི་བྱ་བ་བྱེད་།། མེའི་ཁམས་ནི་ས་བོནི་ཡོངས་རྡོ་དྷ ་བྱིབྱེ་བ་བྱེདའོ།། རླུང་གི་ཁམས་ནི་ས་བོན་འབྲུ་བའི་བྱ་བ་བྱེད།། ནམཁའི་ཁམས་ནི་ས་བོན་ལ་མཾ་སྒྲིབ་པའི་བྱ་བ་བྱེད།། དུས་ནི་པ་བོན་འགྱུར་བའི་བྱ་བ་བྱེད།། རྐྱེན་འདི་རྣམས་མེད་པར་ས་བོན་ལས་མྱུ་གུ་མངོན་པར་འགྲུབ་པར་མྱི ་འབྱོར་གྱི། རྣམ་ཕྱི་རོལ་གྱིསའི་ཁམས་མི་ཚང་བ་མེད་པར་འགྱུར་ལ། དེ་བཞིན་དུ་རྒྱུ་དང་མེ་དང་རླུང་དཔོན་མོ་ཁར་ང་དུ་དུས་ཀྱང་མཚང་བ་མེད་པར་འགྱུར་ཏེ། ཐམས་ཅད་འདུས་པ་ལ་ས་བོན་འགོག་པ་ན་དེ་ལས་མྱུ་གུ་མངོན ་པར་འགྲུབ་པར་འགྱུར་རོ།། དེ་ལ་སའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ས་བོན་བརྟེན་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ།། དེ་བཞིན་དུ་ཆུའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ས་བོམ་བརླན་པར་བྱའོ་སྙམ་དུ་མི་སེམས་སོ།། ་མེའི་ཁམས་ཅད་འདི་སྒྱུམ་དུ་བདག་གིས་ས་བོན་ཡོངསུ་དྲོ་བར་བྱའོ་སྙམ་དུ་མི་སེམས་སོ།། རླུང་གི་ཁམས་ཀྱང་འདི་སྙམ་དུ་བདག་གིས་སུ་བོན་འབྲུ་བར་བྱའོ་སྙམ་དུ་མི་སེམས་སོ།། ན་མཁའི་ཁམས་ཀྱང་འདི་སྙམ་དུ་བདགྷྲ་ནི ་ས་བོན་ལ་མི་སྒྲིབ་པའི་བྱ་བ་བྱའོ་སྙམ་དུ་མི་སེམསོ།། དུས་ཀྱང་འོད་སྙམ་དུ་བདག་གྲོས་ས་བྱིན་བསྒྱུར་བའི་བྱ་བ་བྱར་སྙམ་དུ་མྱི་སེམས་སོ།། ས་བོན་ཡང་འདི་སྙམ་དུ་བདག་གིས་མྱུ་གུ་མངོན་པར་བསྒྲུབ་བོ་སྙམ་དུ་མི་སེམསོ།། ་མྱུ་གུ་ཡང་འདི་སྙམ་དུ་བདག་ནི་རྐྱེན་འདི་དག་གིས་མངོན་པར་བསྒྲུབ་སོ་སྙམ་དུ་མི་སེམས་མོད་ཀྱི། འོན་ཀྱང་རྐྱེན་འདི་དག་ཡོད་ལ་ས་བོན་འགག་པ་ནི་མྱུ་གུ་མངོན་པར་འགྲུབ་པར་འགྱུར་རོ།། དེ་བཞིན་དུ་མེ་ཏོག་ཡོད་ན་འབྲས ་བུའི་བར་དུ་ཡང་མངོན་པར་འགྲུབ་པར་འགྱུར་ཏེ། མྱུ་གུ་ཡང་བདག་གིས་མ་བྱས། གཞན་གྱི་མ་བྱས། གཉི་གས་མ་བྱས། དབང་ཕྱུག་གིས་མ་བྱས། དུས་ཀྱིས་མ་བསྒྱུར། རང་བཞིན་ལས་མ་བྱུང་། རྒྱུ་མེད་པ་ལས་ཀྱང་མ ་སྐྱེས་ཏེ། འོན་ཀྱང་སྭ་དང་ཆུ་དང་མེ་དང་རླུང་དང་།། ནམ་མཁའ་དང་དུས་ཀྱི་ཁམས་རྣམས་འདུས་པས་ས་བོན་འགགས་པ་ན་མྱུ་གུ་མངོན་པར་འགྲུབ་པར་འགྱུར་ཏེ། དེ་ལྟར་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་དང ་འབྲེལ་པར་བལྟའོ།། དེ་ལྟར་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པ་ལྔར་བལྟ་སྟེ། ལྔ་གང་ཞེ་ན། རྟག་པ་མ་ཡིན་པ་དང་། ཆད་པ་མ་ཡིན་པ་དང་། འཕོ་བ་མ་ཡིན་པ་དང་། རྒྱུ་ཆུ་ངུ་ལས་འབྲས་བུ་ཆེན་པོ་མངོན ་པར་འགྲུབ་པ་དང་། དེ་དང་འདྲ་བའི་རྒྱུད་དུའོ།། ཇི་ལྟར་རྟག་པ་མ་ཡིན་ཞེ་ན། གང་གི་ཕྱིར་མྱུ་གུ་ཡང་གཞན་ས་བོན་ཡང་གཞན་ཏེ། མྱུ་གུ་ཡང་ཡིན་པ་དེ་ཉིད་ས་བོན་མ་ཡིན་ལ། ས་བོན་འག ་པོས་མྱུ་གུ་འབྱུང་བ་མ་ཡིན། མ་འགགས་པས་ཀྱང་མ་ཡིན་ཏེ། ས་བོན་ཡང་འགགས་ལ། དེ་ཉིད་ཀྱི་ཚེ་མྱུ་གུ་འབྱུང་སྟེ། དེའི་ཕྱིར་རྟག་པར་མ་ཡིན་ནོ།། ཇི་ལྟར་ཆད་པར་མ་ཡིན་ཞེ་ན། སྔོན་འགགས་པའི་ས་བོན་ལས ་མྱུ་གུ་སྐྱེ་བ་མ་ཡིན། མ་འགགས་པ་ལས་ཀྱང་མ་ཡིན་གྱི། ས་བོན་ཡང་འགགས་ལ། དེ་ཉིད་ཀྱི་སྲང་མདོའི་མཐོ་དམན་བཞིན་དུ་མྱུ་གུ་སྐྱེ་བས་ཆད་པར་མ་ཡིན་ནོ།། ཇི་ལྟར་འཕོ་བར་མ་ཡིན་ཞེ་ན། གང་གི་ཕྱིར་མྱུ་གུ ་ཡིཡང་གཞན་ས་བོན་ཡང་གཞན་ལ། མྱུ་གུ་གང་ཡིན་པ་དེ་ཉིད་ས་བོན་མ་ཡིན་ཏེ། དེའི་ཕྱིར་འཕོ་བར་མ་ཡིན་ནོ།། ས་བོན་ཆུང་ངུ་བཏབ་པ་ལ་འབྲས་བུ་ཆེན་པོར་མངོན་པར་འགྲུབ་པར་འགྱུར་ཏེ། དེའི་ཕྱིར་ཆུང་ངུ་ལས ་འབྲས་བུ་ཆེན་པོ་མངོན་པར་འགྲུབ་བོ།། ས་བློན་ཇི་ལྟ་བུ་བཏབ་པ་ལྟ་བུ་དེའི་འབྲས་བུ་མངོན་པར་འགྲུབ་པ་དེའི་ཕྱིར་དེ་དང་འདྲ་བའི་རྒྱུད་དུ་སྟེ། དེ་ལྟར་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པ་ལྔར་བལྟའོ།། དེ་བཞིན ་དུ་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་སྔར་གྱི་རྒྱས་པར་བཤད་པ་ཉིད་ཀྱིས་བསྟན་པ་ཡིན་ཏེ། འདི་ཡང་སྦྱར་བར་བྱའོ།། འདི་ལྟར་དོན་དམ་པར་དཔྱོད་པ་ན་ཀུན་རྫོབ་འགགས་པ་མ་ཡིན་པ་ཉིད་དོ།། ཅི་སྟེ་དངོས་པོ་ནི ་གཏན་མེད་པའི་དངོས་པོར་འགྱུར་བ་ནི་མ་ཡིན་གྱིས་འོན་ཀྱང་རྒྱུ་དང་རྐྱེན་གྱི་སྟོབས་ཀྱིས་མ་འོངས་པའི་དུས་ལས་ད་ལྟར་བྱུང་བའི་དུས་སུ་འགྱུར་ལ། སླར་ཡང་མི་རྟག་པ་ཉིད་ཀྱིས་སྟོབས་ཀྱིས་ད་ལྟར་བྱུང་བ་ལས་འདས ་པའི་དུས་སུ་འགྱུར་ཏེ། འདི་ལྟར་སྐྱེ་བ་དང་གནས་པ་དང་འཇོག་པར་བརྗོད་ལ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་ཇི་ལྟ་བ་བཞིན་དུ་འདི་ལྟར་འགྱུ་རོ་ཞེས་དེ་ལྟར་དུས་གསུམ་དུ་སྨྲ་བའི་དོགས་པ་བླངས་ནས། གཞན་ནས ་ཤེས་པ་ལ་སོགས་པ་གསུངས་ཏེ། གཞན་ནས་ནི་ཡུལ་དང་དུས་ལས་སོ།། འོངས་པ་མ་ཡིན་པ་ནི་ཅུང་ཟད་ཀྱང་མ་འོངས་པའོ།། འགྲོ་བ་ཡང་མ་ཡིན་པ་ནི་ད་ལྟར་བྱུང་བའི་དུས་ལས་འགར་ཡང་འགྲོ་བ་མ་ཡིན་པའོ།། རང ་བཞིན་དེ་གཅིག་པུ་དེ་ཉིད་ཀྱིས་གང་དུ་ཡང་གནས་པ་མྱ་ཡིན་ནོ།། འདི་ལྷུར་ཡང་གལ་ཏེ་མ་འོངས་པའི་དུས་ན་ད་ལྟར་བྱུང་བར་འགྱུར་ཞིང་ད་ལྟར་བྱུང་བ་ལས་འདས་པ་ཡིན་ན་དེའི་ཚེ་འདུ་བྱས་པ་ཡང་རྟག་པར་འགྱུར་ཏེ། ་ཐམས་ཅུད་དུ་ཡོད་པའི་ཕྱིར་རོ།། མི་རྟག་ཅེས་བྱ་བ་ཡོད་པ་མིན་ཏེ། དེ་ཆོས་རྟག་པ་མ་ཡིན་ནོ་ཞེས་པ་དེ་ཇི་ལྟར་འགྲུབ། འོན་ཏེ་སྔ་མ་དང་ཕྱི་མེའི་དུས་བྱེད་པས་སྟོང་པས་དུས་རྣམསསུ་ཆོས་ཀྱི་ཁྱད་པར་ཡིན་ཏེ། འདི་ལྟར ་གང་གི་ཚེ་བྱེད་པ་མ་འཐོབ་པ་ཅི་བྱ་བ་མི་བྱེད་པོ་དེའི་ཚེ་མ་འོངས་པ་ཞེས་བརྗོད་དེ། གང་གི་ཚེ་བྱེད་པ་དེའི་ཚེ་ད་ལྟར་བྱུང་བ་ཡིན་ལ། གང་གི་ཚེ་བྱས་ན་ལྡོག་པ་དེའི་ཚེ་འདས་པ་མ་ཡིན་པས་ཁྱད་པར་ཡོད་པ་མ་ཡིན་ཞེ་ན། ་འདི་ཡང་ཅུང་ཟད་ཀྱང་མ་ཡིན་ཏེ། བདག་ཉིད་དེ་ཉིད་ཀྱིས་དེའི་ཚེ་ཡང་དེ་ཡོད་པའི་ཕྱིར་བྱེད་པ་ཡང་ཅིའི་ཕྱིར་བྱེད་པར་མི་འགྱུར་ཞེས་བརྗོད་པར་བྱའོ།། རྐྱེན་གཞན་ལ་བལྟོས་པ་ཡང ་རྟག་ཏུ་གནས་པའི་ངོ་བོ་ལས་འཐད་པ་མ་ཡིན་ནོ།། བྱེད་པས་སྟོང་པ་ཡང་དངོས་པོ་ཡིན་ན་རྟའི་རྭ་ལ་སོགས་པ་ཡང་དེ་ཁོ་ན་ཉིད་དུ་ཐལ་བར་འགྱུར་རོ།། བྱེད་པ་ཡང་ཇི་ལྟར་འདས་པ་དང་མ་འོངས་པ་དང་ད་ལྟར ་བྱུང་བ་ཡང་བརྗོད་པར་བྱེད་དེ། ཅི་དེ་ལས་གཞན་པའི་བྱེད་པ་ཡོད་པས་སམ། རང་ཉིད་ཀྱིས་ཡིན། སྔ་མ་ལ་ནི་ཞུགས་པ་མེད་པ་ཡིན་ལ། ཕྱི་མ་ལ་ཡང་ཆོས་ཀྱང་རང་བཞིན་གྱིས་འདས་པ་ལ་སོགས་པའི་རྣམ་པར ་གཞག་པ་ལ་ཉམས་པོ་ཅུང་ཟད་ཀྱང་མེད་དོ།། གལ་ཏེ་ཡང་ཇི་ལྟར་ད་ལྟར་བྱུང་བ་རྗེས་སུ་ཡོད་ཅིང་། དེ་བཞིན་དུ་འདས་པ་དང་མ་འོངས་པ་ཡང་ཡོད་ན་དེའི་ཚེ་འདི་ལྟར་རང་བཞིན་གྱིས་ཡོད་པའི་ཆོས་ཡིན་པར་ཇི་ལྟར ་མ་སྐྱེས་པ་དང་འཇིག་པའི་རང་བཞིན་ཡིན། ཅི་འདི་སྔར་མ་བྱུང་བ་གང་མེད་པ་ལས་སྐྱེས་པ་ཡིན་ནོ་ཞེས་བརྗོད་པར་བྱེད་གཞན་ཡང་ཕྱི་ནས་མེད་པ་ཡིན་ཏེ། གང་མེད་པས་ན་ཞིག་པ་ཞེས་བརྗོད། དེ་ཉིད་ཀྱིས་ཀྱང ་བདག་ཉིད་སྔ་མ་དང་ཕྱི་མའི་དུས་རྟག་ཏུ་ཡོད་པ་ན། དེ་ལྟར་བྱུང་བ་བཞིན་དུ་དམིགས་པ་ལ་སོགས་པར་ཐལ་བར་འགྱུར་རོ།། དེ་ལྟ་བས་ན་མ་བྱུང་བའི་ཕྱིར་མེད་པའི་ཆོས་འགྲོ་བ་མ་ཡིན་ཏེ། ཇི་ལྟར་ཡང་དུས་གསུམ ་དང་ལྡན་པའི་དེ་ཁོ་ན་ཉིད་ཁྲུས་ལེན་པ་ན་འདས་པ་ལ་སོགས་པ་ཡོད་པ་མ་ཡིན།། དེ་ལ་འདི་ནི་འདིར་བསྡུ་བའི་ཚིགསུ་བཅད་པ་ཡིན་ཏེ། རང་བཞིན་ཐམས་ཅད་དུ་ཡོད་ལ།། དངོས་པོ་རྟག་པར་ཡང་མི་འདོད།། དངོས ་ལས་དངོས་མིན་གཞན་མིན་པ།། གསལ་བར་དབང་ཕྱུག་སྤྱོད་པ་ཡིན། ཞེས་པའོ།། གང་ཡང་འདས་པའི་ལས་ཡོད་པ་མ་འོངས་པའི་འབྲས་བུ་ཡོད་དོ་ཞེས་མདོའི་ཚིག་ལས་འདས་པ་ལ་སོགས་པའི་དངོས་པོ་བརྗོད ་པ་དེ་ཡང་རྒྱུ་དང་འབྲས་བུ་ལ་སྐུར་པ་འདེབས་པའི་ལྟ་བ་དེ་བཟློག་པའི་ཆེད་དུ་བཅོམ་ལྡན་འདས་ཀྱིས་ཏེ། འདས་པ་ཡོད་དོ་མ་འོངས་པ་ཡོ་ཞེས་གསུངས་པ་ཡིན་ཏེ། འདས་པ་ནི་གང་སྔར་བྱུང་ཞིང་སྐྱེས་པ་ཞིག་པ་ཡིན། ་ལ་མ་འོངས་པ་ནི་གང་རྒྱུ་ཡོད་ན་འབྱུང་བར་འགྱུར་བ་ཡིན་ལ། དེ་ལྟར་རྒྱུ་ལ་སོགས་པ་ཡོད་དོ་ཞེས་བརྗོད་པ་ཡིན་ཏེ། ཡོད་པའི་སྒྲ་ཚིག་ཕྲད་ཡིན་པའི་ཕྱིར་དུས་གསུམ་དུ་འཇུག་པ་ཡིན།། དེའི་ཕྱིར་འདི་འདི་ལྟར་དོན ་དམ་པར་སྟོང་པ་ཉིད་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ཏེ། དགེ་སློང་དག་མིག་སྐྱེ་བཱ་ན་གང་ནུས་ཀྱང་འོངས་པ་མེད་དོ།། འགག་པ་ན་གང་དུ་ཡོང་འགྲོ་བ་མེད།། འདི་ལྟར་དགེ་སློང་དག་མིག་མ་བྱུང་བ་ལས ་འབྱུང་བར་འགྱུར་ཞིང་བྱུང་ནས་ཀྱང་འགག་པར་འགྱུརརོ་ཞེས་གསུངས་སོ།། གལ་ཏེ་ཡང་མིག་མ་འོངས་པ་ན་ཡོད་པ་ཡིན་ན་མ་འོངས་པ་ལས་བྱུང་བ་ཡིནོ་ཞེས་མི་བརྗོད་པར་འགྱུར་རོ།། དེ་ལྟ་བས་ནི་དུས་གསུམ ་འཕོ་བྱ་མ་ཡིན་ནོ།། གལ་ཏེ་ཡང་དེ་བཞིན་དུ་གང་ནུས་འོངས་པ་འམ་འགྲོ་བ་ཞེས་པ་མཱ་ཡིན་ནོ།། མིག་ཡོར་དང་མཚུངས་པ་དེ་ལྟར་འབྱུང་བའི་དངོས་པོ་རང་བཞིན་མེད་པ་ཡིན་ཏེ། ་ཅུང་ཞིག་ཀྱང་རྣམ་པར་དཔྱད་པས་མི་གནསོ།། དེའི་ཚེ་སྣ་མཱ་ལས་ནི་ཁྱད་ཅི་ཡོད། སྒྱུ་མ་ལས་དེ་མིག་འཕྲུལ་མཁན་གྱིས་སྤྲུལ་པའི་གླང་པོ་ཆེ་ལ་སོགས་པའི་ངོ་བོ་མིག་ཡོར་དང་མཚུངས་པ་ཡང་རང་བཞིན་མེད་པ་ཉི་དུ་ཁྱད་པར ་ཅི་ཡོད་དེ། ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ།། འདི་ཞེས་པ་ནི་རྒྱུ་དང་རྐྱེན་གྱིས་བསྐྱེད་པའི་དངོས་པའི་ངོ་བོ་ཡོངསུ་སྣང་བའོ།། ཅིའི་ཕྱིར་ཁྱད་པར་མེད་ཅེ་ན། ཡང་འདི་ཉིད་གསལ་པོར་བཤད་པར་བཞེད་པས་སྒྱུ་མས་ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། སྒྱུ་མའི་སྒྲས་འདིར་སྒྱུ་མས་སྤྲུལ་པའི་སྒྱུ་མ་ཕར་ཤེས་པ་ལ་སོགས་པའི་ཁྱད་པར་བརྗོད་པར་བྱ་སྟེ། རྒྱུ་ལས་འབྲས་བུ་བརྟགས་པའི་ཕྱིར་རྒྱུ་ཡང་སྒྱུ་མའི་རང་བཞིན་ནི་རྟོགས་པར་བྱ་བའི་ཕྱིར ་དོན་དང་དེས་སྤྲུལ་པ་ཡང་རྟོགས་པར་བྱ་བའི་ཚིང་དུ་སྒྱུ་མའི་རྒྱུས་སྒྱུ་མུའི་རང་བཞིན་གྱིས་གང་ཞིགོ་སྤྲུལ་པ་ཞེས་པའི་ཐ་ཚིག་གོ། གང་ཡང་དངོས་པོའི་ངོ་བོ་རྒྱུ་རྣམས་ཀྱིས་སྟེ། འཇིག་རྟེན་ལས་གྲགས་པའི་རྒྱུ་རྣམས་ཀྱིས ་སྒྲུབ་ཅིང་བསྐྱེད་པའོ།། ཡང་དང་རང་གི་སྒོ་གཉིས་ནི་ཕན་ཚུན་སྡུད་པའི་ཆེད་དུའོ།། སྤྲུལ་པ་ནི་བྱུང་བའོ།། དེ་ལྟ་བས་ནི་སྒྱུ་མ་སྤྲུལ་པ་འམ། རྒྱུའི་སྤྲུལ་པ་དངོས་པོའི་རང་བཞིན་ནི་གང་ན་སྟེ་གང་ལས་སོ།། གང་དུ་འགྲོ་བ་སྟེ ་ཞིག་པར་གྱུར་པ་ན་གང་དུ་འདི་འགྲོ་ལྔ་འགྱུར། དེའི་ཕྱིར་འདི་ལྟར་བརྟག་པར་གྱིས་ཏེ། གལ་ཏེ་དེ་གང་ནས་འོངས་པ་འམ། གང་དུ་འགྲོ་བར་དམིགས་པ་ཞིབ་པའི་ལྟ་བས་བརྟག་པར་གྱིས་ཤིག། ཅི་སྟེ་རྒྱུ་དང་རྐྱེན་གྱི་མཐུས ་བྱུང་བ་དངོས་པོའི་ངོ་བོ་དེའི་ཚེ། ཇི་ལྟ་བུར་འཁྲུལ་པར་འགྱུར་ཞེ་ན། དེ་ཉིད་ཀྱི་ཕྱིར་བརྫུན་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གང་ཞིག་གཞན་དང་ཞེས་པ་ལ་སོགས་པ་གསུངས་ཏེ། གང་ཞིག་དངོས་པོའི་ངོ་བོ་གཞན་རྒྱུ་དང ་རྐྱེན་ཉེ་བར་མཐོང་བ་སྟེ། དམིགས་པར་གྱུར་པ་དེ་མེད་ན་མིན་པ་སྟེ། དེ་ལས་གཞོན་པའི་མེང་ན་མ་མཐོང་བ་ཡིན་ཏེ། དེ་གཞན་ལ་རག་ལས་ནས་འཇུག་པ་ཡིན་པའི་ཕྱིར་རོ།། གཟུགས་བརྙན་དང་མཚུངས་པ་ནི་མེ་ལོང་གི་དཀྱིལ ་འཁོར་ལ་མཐོང་བའི་གཟུགས་བརྙན་གདོང་པ་ལ་སོགས་པ་དང་འདྲ་བས་མཚུངས་པར་གྱུར་པ་གདོང་པ་ལ་སོགས་པའི་གཟུགས་བརྙན་མེ་ལྡེང་གི་དཀྱིལ་འཁོར་ལ་སོགས་པ་ལ་ཉེ་བ་ན་གཟུགས་བརྙན་སྣང་བ་ཡིན ་ལ། དེ་མེད་ན་ནི་སྣང་བ་མ་ཡིན་ལ། དེ་བཞིན་དུ་དངོས་པོའི་ངོ་བོ་ཡང་རྒྱུ་དང་རྐྱེན་ཉེ་བ་དང་མི་ཉེ་བ་དག་གོ། འདི་ལྟ་བུར་གྱུར་པའི་དངོས་པོ་བཅོས་བུ་གཞན་ལ་རག་ལས་པས་འཇུག་པས་རང་བཞིན་མེད་པ་ལ་བདེན་པ ་ཉིད་དེ་བརྫུན་པ་མ་ཡིན་པ་ཇི་ལྟར་ཡོད་དེ་རིགས་པ་མ་ཡིན་ནོ།། གཞན་གྱི་ཁྱད་པར་གྱི་རང་བཞིན་ལས་བཅོས་མ་མ་ཡིན་པ་ནི་མི་རིགསོ།། དེ་སྐད་གང་དག་རྒྱུ་ལས་འབྱུང་བ་རྣམས།། དེ་མེད་པར་ནི་ཡོད་མིན་གང་།། དེ་རྣམས ་གཟུགས་བརྙན་དང་མཚུངས་པར།། གསལ་བར་ཅི་ཡི་ཕྱིར་མི་བཞེད་ཅེས་གསུངས་པ་ཡིནོ།། དེ་ལྟ་བས་ན་རྒྱུ་དང་རྐྱེན་གྱིས་བསྐྱེད་པ་ནི་དོན་དམ་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིནོ།། རྒྱུ་དང ་རྐྱེན་རྣམས་ལ་ཡང་ནུས་པ་གང་ན་ཡང་ཡོད་པ་སྲིད་པ་མ་ཡིནོ།། འདི་ལྟར་གཞན་དང་གཉི་གའི་བདག་ཉིད་རྒྱུ་རྣམས་ཀྱི་དངོས་པོ་ཡོད་པ་དང་དངོས་པོ་མེད་པོ་དང་གཉི་གའི་རང་བཞིན་བྱེད་པ་དེ་ལ་མེད་པ་ནི་བྱེད་པ་མ ་ཡིན་ནོ་ཞེས་བསྟན་པའི་དངོས་པོ་ཡོད་པར་ཞེས་པ་ལ་སོགས་པ་གསུངས་ཏེ། ཡོད་པ་ལ་རྒྱུའི་བྱེད་པ་མེད་པའི་ཕྱིར་སྔ་མ་ཉིད་རང་བཞིན་ཡོད་པ་ལ་རྒྱུ་ཡིས་ཏེ། རྒྱུ་རྣམས་ཀྱིས་དགོས་པ་ཅི་ཞིག་ཡོད་དེ། འབྲོས་བུ ་གྲུབ་པའི་བདག་ཉིད་ཡིན་པས་བསྒྲུབ་པར་བྱ་བའི་རང་བཞིན་མེད་པས་ན་རྒྱུའི་བྱེད་པ་ཉེ་བར་འཁོ་བར་མ་ཡིན་པའི་ཕྱིར་རོ།། བརྟག་པ་གཉིས་པའི་དབང་དུ་བྱས་ཏེ། འོན་ཏེ་དེ་ནཱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འོན་ཏེ ་ཞེས་པ་ནི་རྣམ་པ་གཞན་གསལ་བར་བྱེད་པ་ཡིན་ཏེ། དེ་མེད་པ་ནི་མེད་པའི་རང་བཞིན་ཡིནོ།། འོ་ན་རྒྱུའི་དགོས་པ་ཅི་ཞིག་ཡོད།། དོ་ཚེ་ཡཱ་ཅི་ཡང་ཡོད་པ་མུ་ཡིན་ཏཱཾ། དེ་ཡང་མེད་པའི་རང་བཞིན་ཡིན་པའི་ཕྱིར་དེ་ལ་རྒྱུའི་བྱེད་པ ་མེད་པའི་ཕྱིརརོ།། དེ་ལྟར་ན་ཡང་གལྀ་ཏེ་ཡང་ཡོད་པ་ནི་གྲུབ་པི་ཕྱིར་རྒྱུའི་བྱེད་པ་མེད་པས་རྒྱུ་ཡོད་ན་ཡང་དགོས་པ་ཡོད་པ་མ་ཡིན་ལ། མེད་པ་ལ་ཡང་ཅིའི་ཕྱིར་མི་འབྱུང་ཞེ་ན། བྱེ་བ་བརྒྱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་དངོས་པོ་མེད་པ་སྟེ། ཡོད་པ་ནི་མ་ཡིན་པའི་རང་བཞིན་ལ་བསྒྱུར་དུ་མྱེད་པ་ཡིན་ཏེ། དངོས་པོའི་རང་བཞིན་ཉིད་ལ་གཞན་ཉིད་ཡོད་པ་མ་ཡིན་ལ་དཔྱད་པ་ཉིད་ཀྱིས་དེ་ལ་ཡང་བྱ་རྒྱུ་མེད་པའི་ཕྱིར།། བྱེ་བ་བརྒྱ་ཕྲག་རྒྱུའི ་ཀྱང་སྟེ། རེ་ཞིག་རྒྱུ་བརྒྱ་དང་། རྒྱུ་སྟོང་རྣམས་གཞག་སྟེ། བྱེ་བ་བརྒྱའི་རྒྱུ་ཡིས་ཀྱང་དེ་རང་བཞིན་མེད་པ་ཡིན་པས་རྣམ་པར་བསྒྱུར་བར་མི་ནུས་པའི་ཕྱིར་རོ།། རྣམ་པར་འགྱུར་བ་མེ་དུ་ཆུག་མོད་དངོས་པོའི་རོང་བཞིན་དུ་འགའ་ཞིག ་འདི་ཡོད་པ་ཡིན་ནོ་ཞེ་ན། འདི་ལ་གནས་སྐབས་དེ་ཞེས་པ་ལ་སོགས་པ་གསུངས་ཏེ། གནས་སྐབས་དེ་ཡོངསུ་འདོར་བ་མེད་པའི་རང་བཞིན་ཉིད་ནི་དངོས་པོར་མི་འགྱུར་རོ།། མེད་པ་ཉིད་དངོས་པོར་འགྱུར་བ་མ་ཡིན་ཏེ། འོན་ཀྱང ་མེད་པའི་རང་བཞིན་ལོག་པ་ན་དངོས་པོའི་རང་བཞིན་དུ་འགྱུར་རོ།། འདིར་དངོས་འགྱུར་གཞན་ཡང་གང་ཡིན་ཞེས་གསུངས་ཏེ། གལ་ཏེ་སྔར་མེད་པ་དངོས་པོའི་རང་བཞིན་དུ་མི་འགྱུར་ན་འོ་ན་གང་ཞིག་དེ། མེད་པ་ལས་གཞན ་མེད་པ་ཉིད་ལས་ཐ་དད་པར་འགྱུར་བ་མེད་པ་ཡོངསུ་བོར་ནས་དངོས་པོར་གྱུར་པ་གང་ཞིག་ཡིན། གཞན་ཅུང་ཟད་ཀྱང་རྟོག་པར་གྱུར་པ་མེ་ཡིན་ཏེ། རྒྱུ་འབྲས་བུའི་རང་བཞིན་བླ་སྔ་མ་ཉིད་དུ་བཀག་པའི་ཕྱིརརོ།། དེ་ལྟར་གྱུར་ན ་ཡང་གཞན་འགའ་ཞིག་དངོས་པོར་འགྱུར་བའི་མ་ཡིན་གྱིས། འོན་ཀྱང་དངོས་པོ་ཡོད་པ་དང་འགལ་བ་ཡོད་པ་ལས་སྔར་ཡོད་པའི་དངོས་པོར་འགྱུར་བ་ནི་མ་ཡིན་ལ། ཕྱི་ནས་ཡང་དེ་དང་བྲལ་བར་འགྱུར་རོ་ཞེ་ན། མེད་ཚེ་དངོས ་ཡོད་ཅེས་པ་ལ་སོགས་པ་གསུངས་ཏེ། མེད་པའི་རྒྱུན་གྱིས་དུས་ན་དངོས་ཡོད་མིན་ཏེ། གལ་ཏེ་དངོས་པོར་མི་འགྱུར་ན། དངོས་པོ་ཡོད་པར་ནམ་ཞིག་འགྱུར་ཏེ། མེད་པའི་དུས་ན་དངོས་པོ་མ ་སྐྱེས་པ་ཡིན་ན་བརྒྱ་ལ་ཡང་དངོས་པོར་མི་འགྱུར་ཏེ། དངོས་པོ་མེད་པའི་འགལ་བས་རྟག་ཏུ་གེགས་བྱེད་པའི་ཕྱིར་རོ།། དེ་ཉིད་ཀྱིས་བསྐྱེད་པས་ན་དངོས་པོས་དངོས་པོ་མེད་པ་ཉམས་པར་འགྱུརརོ་ཞེ་ན། དངོས་པོ་སྐྱེས་པ ་ཞེས་པ་ལ་སོགས་པ་གསུངས་ཏེ། ན་ཞེས་པ་ནི་གང་གི་ཕྱིར་ཏེ། སྐྱེས་པར་མ་གྱུར་ཅིང་འབྱུང་བར་མི་གྱུར་ན། དངོས་མེད་དང་ནི་བྲལ་མི་འགྱུར་ཏེ། སྔ་ན་མེད་པའི་ངོ་བོ་དང་མི་འབྲལ་ཅིང་བྲལ་བ་མ་ཡིན་ནོ།། འོན་ཏེ་དེ ་ལྟར་གྱུར་ན་ཡང་མེད་པ་དང་བྲལ་བར་མི་འགྱུར་མོང་དེ་དང་མཽ་བྲལ་བ་ཉིད་དུ་དངོས་པོར་འགྱུར་བར་འགྱུར་ཏེ། དངོས་པོས་བྱུང་ན་ཡང་དངོས་པོ་དང་དངོས་པོ་མེད་པ་དགྲ་ཕན་ཚུན་སྤངས་པའི་ཕྱིར་ཕྱི་ནས་དངོས་པོ་མེད ་པ་ཉིད་དང་བྲལ་བར་འགྱུརརོ་ཞེ་ན། དངོས་མེད་ཅེས་པ་ལ་སོགས་པ་གསུངས་ཏེ། གལ་ཏེ་སྔར་དངོས་པོ་ཉི་དུ་གྱུར་ན་རིམ་པ་འདིར་འགྱུར་བ་ཞིག་ན། འདི་ཡང་ཡོད་པ་མ་ཡིནོ།། ཡང་ནི་གང་གི་ཕྱིར་ཏེ། མ་བྲལ་བ་ཉིད་ཡིན ་ཞིང་མ་འགགས་པ་ཡིན་ན། དངོས་པོ་མེད་པ་ལ་དངོས་པོ་ཡོད་པའི་སྐབས་མི་སྲིད་ལ། སྐབས་ཡོད་པ་མ་ཡིན་ཏེ། དེར་འགྱུར་ཞིང་དངོས་པོ་ཡོད་པ་མི་སྲིད་པ་མ་ཡིན་ཏེ། དངོས་པོ་འབྱུང་བ་དང་འགལ་བ་དངོས་པོ ་མེད་པ་ཉིད་ཡོད་པའི་ཕྱིར་རོ།། རྒྱུ་ཉིད་ཀྱིས་མེད་པའི་དངོས་པོ་དེ་བཟློག་པར་བྱེདདོ།། ཞེ་ན་མ་ཡིན་ཏེ། རྒྱུ་ནི་འབྲས་བུ་ཉིད་ལ་བྱེད་པའི་ཕྱིརརོ།། གང་འབྲས་བུ་བསྐྱེད་པ་དེ་ཉིད་ཀྱིས་དེ་མེད་པ་ཡང་བཟློག་པར་བྱེད་པ ་ཡིནོ་ཞེ་ན། འབྲས་བུ་བསྐྱོད་པར་བྱེད་པ་དེ་ཉིད་ཀྱིས་གལ་ཏེ་དེ་དང་འགྲེལ་བའི་མྱེད་པ་བཟློག་པར་བསྐྲད་པར་གྱུར་ན་འགྱུར་བ་ཡིན་མོད་ཀྱི་དེ་ལྔ་ནུས་པ་ཉམས་པ་ལ་དེའི་འབྲས་བུ་སྐྱེད་པར་ནུས་པ་མ་ཡིནོ།། རྒྱུ་ཡིས ་དེ་མེད་པ་དེ་དང་འགལ་བ་བྱེད་པ་མཱ་ཡིན་ཏེ། རྒྱུའི་དུས་ན་ཡང་སྔ་ན་མེད་པ་དེ་ཡོད་པས་ན་ལྷན་ཅིག་གནས་པའི་ཕྱིརརོ།། དེ་ལྟ་བས་ན་ཡོད་པའི་བདེག་གམ་མེད་པའི་བདག་ཉིད་ཀྱིས་འབྲས་བུ་ལ་རྒྱུའི་བྱེད་པ་མི་འཐད ་དོ།། གཉི་ག་དང་གཉི་ག་མ་ཡིན་པའི་ཕྱོགས་ལ་ཡང་མཱི་འཐང་དེ། ཕྱོགས་སོ་སོ་བཀག་པ་ཉིད་ཀྱིས་རྒྱུའི་བྱེད་པ་དགོག་པ་བྱས་པར་འགྱུར་རོ་ཞེས་བལྟ་བར་བྱའོ།། དེ་དག་སྲིད་པ་ཡང་མ་ཡིན་ནོ།། འགེལ་བ་དག་གཅིག ་ལ་དུས་གཅིག་ན་དྲ་གགྲ་པ་དང་བསྒྲུབ་པའི་དངོས་པོ་མེད་པཱ་དང་། དངོས་པོ་དག་མ་རིགས་པའི་ཕྱིར་རོ།། དེ་སྐད་དུ་ཡང་། དངོས་པོ་ཡོད་པ་མི་སྐྱེ་ཞིང་། མེད་པ་ཡང་མ་ཡིན་ཡོད་མེད་མིན།། རང་ལས་མིན་གཞན་ལས ་མིན་གཉི་ག་ལས་མིན་ཇི་ལྟར་སྐྱེ་ཞེས་གསུང་སོ།། དེ་ལྟར་རེ་ཞིག་དོན་དམ་པར་དངོས་པོ་སྐྱེ་བ་ཇི་ལྟར་རིགས་པ་མ་ཡིན་ལ། སྐྱེད་པ་ཡང་ཇི་ལྟར་ཡང་རང་བཞིན་ཉམས་པར་མི་རིག་སོ།། ཞེས་དངོས་པོའང་ཞེས་པ ་ལ་སོགས་པ་གསུངས་ཏེ། འདུ་གི་སྒྲ་ནི་སྔ་མ་ལ་བལྟོས་ནས་ཡིན་ཏེ། ཇི་ལྟར་དངོས་པོ་མེད་པ་དངོས་པོར་མི་འགྱུར་བ་དེ་བཞིན་དུ་དངོས་པོ་ཡང་མེད་པར་འགྱུར་བ་མ་ཡིན་ནོ།། ཅིའི ་ཕྱིར་ཞེ་ན། རང་བཞིན་གཉི་སུ་ཐལ་འགྱུར་ཕྱིར་ཏེ། དངོས་པོར་ཡོད་པ་གང་གི་ཚེ་དངོས་པོ་མེད་པའི་རང་བཞིན་དུ་འགྱུར་ན་དེའི་ཚེ་དངོས་པོ་གཅིག་ཉིད་རང་བཞིན་གཉིསུ་ཐལ་བར་འགྱུར་ཏེ། གཅིག་ཉིད་དངོས་པོ་དང་དངོས ་པོ་མེད་པའི་ངོ་བོ་ཡིན་པའི་ཕྱིར་རོ།། དངོས་པོ་ཉིད་ཡོངསུ་སྤངས་ནས་དངོས་པོ་མེད་པའི་ངོ་བོར་འགྱུར་རོ་ཞེས་པར་བརྗོད་པར་མི་རིགས་སོ།། དེའི་ཚེ་ཡང་དངོས་པོ་ཉིད་དངོས་པོ་ཡིན་པའི་ཕྱིར་གང་ཞིག་མེད་པའི་དངོས་པོར ་འགྱུར་རོ་ཞེས་པ་ནི་རིགས་པོ་མ་ཡིན་ལ། ཡོད་པའི་རང་བཞིན་དོན་དམ་པ་ཡིན་ན་ལྡོག་པར་རིགས་པ་མ་ཡིན་ཏེ། དོན་དམ་པ་ཉིད་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ།། དེ་ལྟར་དངོས་པོ་སྐྱོ་བ་དང་འཇིག་པ་དག་དོན་དམ་པར ་མེད་པར་བསྒྲུབས་ནས་མཇུག་བསྡུ་བའི་ཕྱིར། དེ་ལྟར་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལྟར་སྟེ་བརྗོད་པའི་རིམ་པས་སྐྱེ་བྱ་དང་འགགས་པ་མོ་རིགས་པའི་ཕྱིར།། འང་ཞེས་པོ་ནི་གཏན་ཚིགས་ཏེ། གང་གི་ཕྱིར ་འགག་པ་མེད་དེ། འཇིག་པ་མེད་པ་ཡིན་ལོ། དངོས་པོ་ཡང་ཡོད་མིན་ཏེ། ཡང་གི་སྒྲས་ནི་སྡུད་པ་ཡིན་ཏེ། ཐམས་ཅད་ཀྱི་ཚེ་ཐམས་ཅད་ཀྱི་དུས་ན། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་གཤེ ་པ་རྣམས་མ་བྱུང་ཡང་རུང་། ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་གནས་པ་ཡིན་ཏེ། ཆོས་མྱཉམ་པ་ཉིད་དང་། ཆོས་གནས་པ་ཉིད་དང་། ཆོས་ངེས་པ་ཉིད་དང་། ཆོས་ཀྱི་དབྱིངས་ཉིད་དང་། དེ་བཞིན་ཉིད་དང་། ཕྱིན་ཅི་མ་ལོག ་པའི་དེ་བཞིན་ཉིད་དང་ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་འགྲོ་བ་འདི་དག་ཐམས་ཅད་ནི་རྟག་ཏུ་མ་སྐྱེས་མ་འགགས་པ་ཉིད་ཡིན་ཏེ། དོན་དམཽ་པར་མ་སྐྱེས་པ་ནི་མ་བྱུང་བ་ཉིད་ཡིན་ལ། མ་འགགས ་པ་ནི་མུ་ཞིག་པ་ཡིན་ནོ།། དེ་ལྟ་བས་ན་སྔར་བརྗོད་པའི་སྐྱེ་བོ་དང་། འགག་པ་དང་བྲལ་བས་མ་ལུས་པ་འདི་དག་ཐམས་ཅད་རང་བཞིན་མེད་པ་དང་གཞི་མཐུན་པ་ཡིན་ནོ།། འགྲོ་བ་ནི་སྣ་ཚོགས་པ་ཡིན་ཏེ། སེམས་ཅན ་དང་སྣོད་ཀྱི་འཇིག་རྟེན་གྱི་མིང་ཅན་མ་གཡོ་བ་དང་མི་གཡོ་བ་ཡིན་ལ། སྒྱུ་མ་སྐྱེ་བ་དང་འགག་པ་བཞིན་དུ་ཐ་སྙད་ཀྱི་དབང་གིས་ཡང་སྐྱེ་བ་དང་དགའ་བ་གཉི་ག་ཡིན་ནོ།། འདི་ནི་ཀུན་རྫོབ་ཀྱི་བདེན་པ་མི་འགག་གོ་ཞེས ་བསྟན་པ་ཡིན་ཏེ། ཆོས་ཡང་དག་པར་སྡུད་པར་ཡང་དེ་སྐད་དུ། རིགས་ཀྱི་བུ་དེ་བཞིན་ཉིད་ཅེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ཚིག་བླ་དགས་ཏེ། སྟོང་པ་ཉིད་དྲི་ནི་མི་སྐྱེ་མི་འགག་གོ།། སྨྲས་པ། གང་བཅོམ་ལྡན་འདས་ཀྱིས་འདི ་སྐད་དུ། ཆོས་ཐམས་ཅད་ནི་སྟོང་པའོ།། ཞེས་གསུངས་ཏེ། དེ་བས་ན་ཆོས་ཐམས་ཅད་ནི་མི་སྐྱོ་མི་འགག་གོ། བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ཀྱིས་སྨྲས་པ། རིགས་ཀྱི་བུ་དེ་དེ་བཞིནོ།། ཇི་ལྟར་ཁོང་དུ་ཆུད་པ་བཞིན ་ཏེ། ཆོས་ཐམས་ཅད་མི་སྐྱེ་ཞིང་མི་འགག་གོ། སྨྲས་པ། གང་འདི་བཅོམ་ལྡན་འདས་ཀྱིས་འདུས་བྱས་ཀྱི་ཆོས་ཐམས་ཅད་ནི་སྐྱེ་བོ་འགག་གོ། ཞེས་གསུངས་ན། དེ་བཞིན་གཤེགས་པས ་འདི་ཅི་ལ་དགོངས་ཏེ་གསུངས། སྨྲས་པ། རིགས་ཀྱི་བུ་འཇིག་རྟེན་གནས་པ་སྐྱེ་བ་དང་། འགག་པ་ལ་མངོན་པར་ཆགས་པས་དེ་ལ་དེ་བཞིན་གཤེགས་པ་ཐུགས་རྗེ་ཆེན་པོས་འཇིག་རྟེན་སྐྲག་པའི་གནས་བསལ་བའི ་ཕྱིར། ཐ་སྙད་ཀྱི་དབང་གིས་སྐྱེའོ་འགག་གོ་ཞེས་གསུངས་ཏེ། འདི་ལ་ཆོས་གང་ཡང་སྐྱེ་བ་དང་འགག་པ་མེདདོ་ཞེས་གསུངསོ།། དེ་ལྟ་བས་ཆོས་ཐམས་ཅད་མ་སྐྱེས་པ་དང་མ་འགགས་པའི་རང་བཞིན་ཡིན་པས་གདོད་མ་ནས ་ཞི་བ་དང་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཡིན་ཏེ། དེ་ལྟར་ན་འགྲོ་བ་རང་བཞིན་མེད་པ་ཉིད་ལྕི་འདིའི་ཁོངསུ་གཏོགས་པའི་དམྱལ་བ་ལ་སོགས་པའི་འགྲོ་བ་རྣམས་ཀྱང་རང་བཞིན་མེད་པ་ཉིད་ཡིནོ་ཞེས་བསྟན་པའི ་ཕྱིར། རྨི་ལམ་ཞེས་པ་ལ་སོགས་པ་གསུངས་ཏེ། རྨི་ལམ་དང་མཚུངས་པ་གང་རྣམས་ཡིན་པ་དེ་རྣམས་ལ་དེ་སྐད་ཅེས་བརྗོད་དེ། ངེས་ཉིད་ཅེས་པ་ནི་ངེས་པར་གཟུང་བའོ་རྨི་ལམ་ན་མཐོང་བའི་རང་བཞིན་གྱིས་འགྲོ་བ་རྣམས་ནི། ་དམྱལ་བ་དང་ཡི་དགས་དང་། དུད་འགྲོ་དང་། མི་དང་ལྷའི་རིགས་མཐུན་པའི་ཁྱད་པར་རྣམས་དང་། དཔེར་ན་རྨི་ལམ་ན་ཡུལ་གཞན་ལ་སོགས་པར་འགྲོ་བ་དང་། འོང་བ་དང་བདེ་བ་དང་སྡུག་བསྔལ་ལ་སོགས་པ་མྱོང་བ ་དེ་བཞིན་དུ་དོན་དམ་པའི་དེ་ཁོ་ན་ཉིད་ཁོངསུ་མ་ཆུད་པ་དམྱལ་བ་ལ་སོགས་པ་རྣམསུ་རིགས་པར་བྱ་སྟེ། དེ་ཁོ་ན་ཉིད་ནི་མ་ཡི་ནོ།། ཇི་ལྟར་ཡིནྡ་ཞེ་ན། རྣམ་པར་དཔྱད་ན་ཆུ་ཤིང་དང་མཚུངས་པ་ཡིན་ཏེ། འདྲི་ནི ་གཏན་ཚིགས་ཀྱི་ཚིག་ཡིན་ནོ།། ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་ཀྱིས་རྣ~ཾར་དཔྱད་ཅིང་རྣིར་བརྟ་ཌོཾ་པ་ན་གང་གི་ཕྱིར་ཆུ་ཤིང་དང་མཚུངས་པ་ཡིན་ཏེ། ཆུ་ཤིང་བཞིན་དུ་སྙིང་པོ་མེད་པའི་འགྲོ་བ་རྣམས་ཡིནོ་ཞེས་པའི ་དོན་ཏེ། འདིས་ནི་སྔར་བརྗོད་པའོ།། འདི་ནི་སྨྲ་འདྲ་དེ་ཕྱིར་སྙིང་ལ་འཇིགས་སྤོངས་ཞེས་ཕྱིར་བརྩོན་པ་བསྟེན་ཞེས་པ་ལ་སོགས་པ་དེ་ཡང་བསྒྲུབ་པར་བསྟན་པར་འགྱུར་རོ།། གང་གི་ཕྱིར་ཆོས་ཐམས་ཅད་མ་སྐྱེས་པ་དང་མ ་འགགས་པ་དེའི་ཕྱིར་མྱ་ངན་དྲང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མྱ་ངན་ལས་འདས་པའི་ཆེ་དུ་ཆོས་ཐམས་ཅད་ཀྱི་སྒྲིབ་པ་སྤངས་པས་འཆིང་བ་ཐམས་ཅད་ལས་གྲོལ་བ་ཡིནོ།། མྱ་ངན་ལསྔ་མ་འདས་པ་ནི ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་ཞགས་པའི་དབང་དུ་གྱུར་པའི་སེམས་ཀྱི་རྒྱུད་འཁོར་བའི་བཅོན་རའི་ནང་དུ་ཆུད་པ་ཡིན་ནོ།། དེ་དག་གཉི་ག་ཡང་ཁྱད་པར་མེད་དེ། ཐ་དང་ཡོད་པ་མ་ཡིན་ལྔ། སྲིད ་པ་མ་ཡིན་ནོ།། ཇི་ལྟར་ཞེ་ན། ཇི་ལྟར་ཞེ་ན། དངོས་པོ་ལ་སྟེ་དོན་དམ་པར་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་མེད་པ་ཉིད་ཀྱིས་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཡིན་པའི་ཕྱིར།། ཡང་ཀུན་རྫོབ་ཏུ་ནི་ཁྱད་པར ་ཡོད་པ་ཡིན་ནོ་ཞེས་ལན་གྲངས་དུ་མར་བསྟན་པ་ཡིན་ནོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། སངས་རྒྱས་རྣམས་དང་སེམས་ཅན་ཁམས།། དོན་གྱིས་དེ་དང་ཐ་དད་མེད།། བདག་ཉིད་ཀྱང་ནི ་གཞན་རྣམས་ཀྱང་།། དེ་དང་མཉམ་པར་ཁྱོད་བཞེད་ལགས་ཞེས་སོ།། དེའི་ཕྱིར་བྱིས་པའི་སྐྱེ་བོ་དོན་དམ་པའི་དེ་ཁོ་ན་ཉིད་ཡོངསུ་མ་ཤེས་པས་མངོན་པར་ཞེན་པས་སྒྲོ་བཏགས་པས་འགྲོ་བའི་ཚོགས་ཉེ་བར་བརྟགས ་ནས་བདག་ཉིད་ཀྱིས་བདག་ཉིད་འཁྲུག་པར་བྱེད་དེ་ཉེ་བར་བསྟན་པའི་ཕྱིར། དེ་ལྟར་ཞེས་པ་ལ་སོགས་པ་གསུངས་ཏེ། འདི་ལྟར་བཤད་པའི་ཚུལ་གྱིས་སྟོང་པ་སྟེ། རང་བཞིན་མེད་པ་རྣམས་ལ་ཐོབ་པ་ཅི་ཡོད་དེ། ་རྙེད་པ་གང་གིས་གར་འགྱུར་བ་ཅུང་ཟད་གང་ལོས་ཀྱང་ཐོབ་པ་མ་ཡིན་ནོ།། ཤོར་ཅི་ཡོད་དེ། རྙེད་པ་གང་ཞིག་ཤོར་བས་ཁྲོ་བར་འགྱུར་བ་ཅི་ཞིག་གང་གིས་ཀྱང་གང་གིས་ཡང་ཤོར་བར་འགྱུར། རིམ་གྲོ་བྱས་པ་ནི་མཆོད ་པ་ཡིན་ལ། ཡོངསུ་བརྙས་པ་ནི་གནོད་པ་བྱས་པ་ཡང་ཡིན་ཏེ། གང་གིས་གང་ཞིག་སྲིད་པར་འགྱུར།། དངོས་པོའི་རང་བཞིན་མེད་པ་ན།། གང་གིས་གང་ལའང་མ་ཡིན་ནོ་ཞེས་པའི་དོན་ཏོ།། ཅིའི་ཕྱིར་ཞེ་ན། བདེ་བ ་དང་སྡུག་བསྔལ་གང་ལས་ཡིན་ཏེ། སྡུག་བསྔལ་གྱིས་རྒྱུ་མེད་པའི་ཕྱིར་རོ།། འང་གི་སྒྲས་ནི་གཉི་ག་ཕན་ཚུན་བསྡུ་བའི་དོན་ཏོ།། གང་ཞིག་ཐོབ་པ་དང་སྤང་བའི་དོན་དུ་འབད་པ་བྱེད་པ་དགའ་བ་ཅི་ཡོད་དེ། དེ་དགའ་བའི ་རང་བཞིན་ཉིད་ཀྱི་ཕངས་པ་ཅི་ཞིག་ཡོད་དེ། བརྟགས་པའི་ངོ་བོ་ཡིན་པའི་ཕྱིརརོ།། མི་དགའ་བ་ཅི་ཡོད་དེ། འདོད་པར་བྱ་བ་མ་ཡིན་པ་ཅི་ཞིག་ཡོད། འདོད་པར་བྱ་བ་མ་ཡིན་པ་ཡང་དོན་དམ་པར་ཅུང་ཟད་ཀྱང་མེད་དོ།། དེ ་ལྟར་ན་ཅིའི་དོན་དུ་སྡུག་པ་དང་། མི་སྡུག་པ་དང་ཕྲད་པ་དང་བྲལ་བའི་དོན་དུ་འབད་པར་བྱེད། གང་ཞིག་སྨེང་དེ་སྐྱེ་བོ་གྲང་ཞིག་རྙེད་པའི་དོན་དུ་སྤང་བར་བྱེད། གང་ལ་སྲེད་པར་བྱེདོ་ཞེས་པའི་གནས་ཀྱིས་དངོས་པོ་འགའ ་ལ་སྲེད། དེ་ཉིད་དུ་ནི་བཙལ་བྱས་ནས་ཏེ། རང་བཞིན་གྱིས་ཡོངསུ་བཙལ་བས་སོ།། དེའི་ཡུལ་མེད་པའི་ཕྱིར་ཡུལ་མེད་པ་ཉིད་ཀྱིས་དེ་ཡང་མེད་པ་ཡིན་ནོ།། གང་གི་དབང་གིསྡེ་ལས་དེ་དང་དེ་སོན་པ་ན། རྣམ་པར ་དཔྱང་པཱ་ན་སྟེ། དོན་དམ་པར་རང་བཞིན་གྱི་ངོ་བོ་ངེས་པར་དེ་དཔྱད་པ་ནའོ།། གསོན་པའི་འཇིག་རྟེན་ནི་སེམས་ཅན་གྱི་འཇིག་རྟེན་ནོ།། གྲང་ཞིག་ཏེ་འགྲའ་ཞིག་ཉིད་མ་ཡིན་པ་ཡིན་ཏེ། དེ་མེད་པའི་ཕྱིར་རོ།། གང་ཞིག ་འདིར་ནི་འཆི་འགྱུར་ཏེ།། གསོན་པའི་འཇིག་རྟེན་ལ་དཔྱད་པས་སེམས་ཅན་གྱི་འཇིག་རྟེན་མེད་པའི་ཕྱིརརོ།། གང་ཞིག་འདིར་གསོན་པའི་འཇིག་རྟེན་འཆི་འགྱུར་ཏེ། སྲོག་གི་དབང་པོ་རྒྱུན་ཆད་པར་འགྱུར། འབྱུང་འགྱུར ་གང་ཡིན་ཏེ། གང་ཞིག་སྐྱེ་བར་འགྱུར་བ་ཡིན། བྱུང་གྱུར་གང་ཡིན་ཏེ། སྔར་སྐྱེས་པར་འགྱུར་རོ།། དེ་ལྟར་ན་འདས་པ་ལ་སོགས་པའི་ཐ་སྙད་ནི་བརྟགས་པ་ཉིད་ཡིན་ཏེ། གཉེན་གང་བ་ཤེས་ཀྱང་གང་ཞིག་ཡིན། གང ་གིས་གང་སྡུག་པ་ཡིན། གང་གིས་གང་བ་ཤེས་ཡིན་ཏེ། འདིར་ཞེས་པ་ནི་ཐམས་ཅ་དུ་སྦྱར་བར་བྱའོ།། གང་ཞིག་མངོན་པར་ཞེན་པས་མི་དགེ་བ་ཡང་འགྲང་བར་མི་བྱེད། དེ་ལྟར་རང་བཞིན ་གྱིས་སྟོང་པ་ཉིད་ཡིན་པའི་ཕྱིར་རྟོག་པས་སྒྲོ་བཏགས་པ་ཉིད་དེ་ཁོ་ན་ཉིད་ཡིན་ནོ་ཞེས་པ་ཞེས་བསྟན་པའི་ཕྱིར་ཐམས་ཅད་ཅེས་པ་ལ་སོགས་པ་གསུངས་ཏེ། ཐམས་ཅད་ནི་བརྗོད་པ་འདི་དང་གཞན་ཡང་ངོ་།། ནམ ་མཁའདྲ་བ་ནི་བརྟགས་པའི་དེ་ཁོ་ན་ཉིད་སྟོང་པ་ཡིན་པའི་ཕྱིར་ན་མཁའ་དང་མཚུངས་པ་ཡིན་ནོ།། ཡོངསུ་གཟུང་བར་གྱིས་ཞེས་པ་ནི་མེད་པ་ཉིད་ལ་ཡང་རང་གི་ངོ་བོ་སྒྲོ་བཏགསོ།། བདག་འདྲ་ཞེས་པ་ནི་གཞུང་རྩོམ ་པ་པོ་བདག་ཉིད་དཔེར་བརྗོད་པར་མཛད་པ་ཡིན་ནོ།། བདག་འདྲ་ནི་དོན་དམ་པའི་དེ་ཁོ་ན་ཉིད་ཡོངསུ་ཤེས་པའི་བྱིས་པའི་སྐྱེ་བོ་རྣམསོ།། མི་བདེན་པའི་རྣམ་པར་རྟོགས་པས་དཀྲུགས་པའི་སེམས་རབ་ཏུ་འཁྲུགས ་བྱེད་དོ།། ལོག་པའི་མངོན་པར་ཞེན་པས་ཁྲོ་བར་བྱེད་དེ། དགའ་བར་བྱེད་པ་ནི་རྫུན་པའི་རྙེད་པ་དྲང་མ་བྲལ་བས་རབ་ཏུ་དགའ་བར་འགྱུར་བ་ཡིན། གང་རྣམས་ཀྱིས་ཞེ་ན། འཐབ་དང་སྤྲོ་བའི་རྒྱུ་རྣམས་ཀྱིས་ཏེ། འཐབ ་པའི་རྒྱུ་རྣམས་ཀྱིས་ནི་རྩོད་པའི་རྒྱུ་རྣམས་ཀྱི་སོ།། སྤྲོ་བའི་རྒྱུ་རྣམས་ཀྱིས་ཏེ། དགའ་བའི་རྒྱུ་རྣམས་ཀྱིས་ཡིན་ལ། ཇི་ལྟར་རིགས་པར་སྦྱར་བར་བྱའོ།། དེ་ལྟ་བས་ན་དོན་དམ་པའི་དེ་ཁོ་ན་ཉིད་ཀུན་རྫོབོ་ཉིད་ཀྱིས་དངོས་པོའི་རང ་བཞིན་ལ་བདེན་པ་ཉིད་དུ་མངོན་པར་ཞེན་པ་རྣམས་འདི་དག་ཐམས་ཅད་འདོད་པར་བྱེད།། དོན་དེ་པཱ་རྟོག་པ་རྣམས་ཀྱིས་ནི་མ་ཡིན་ནོ།། དེ་སྐད་དུ་ཡང་། འདི་ཉིད་ཁོ་ན་ཤེས་པར་བྱ་སྟེ། འདི་ལྟ་སྟེ་ཀུན་རྫོབ་དང་དོན་དམ་པའོ།། ་དེ་ཡང་བཅོམ་ལྡན་འདས་ཀྱིས་སྟོང་པ་ཉིད་ལེགས་པར་གཟིགས། ལེགས་པར་མཁྱེན། ལེགས་པར་མངོན་སུམ་དུ་མཛད་པ་ཡིན་ཏེ། དེའི་ཕྱིར་ཐམས་ཅད་མཁྱེན་པ་ཞེས་བརྗོད་དོ།། དེ་ལ་ཀུན་རྫོབ་ནི་འཇིག་རྟེན་པའི ་སྤྱོད་པ་ཡིན་ལ། དེ་བཞིན་གཤེ་བྲ་གཱནི་པ་གང་ཞིག་ནི་ཡང་དོན་དམ་པར་ཡིན་ཏེ། དེ་ནི་བརྗོད་དུ་མེད་པ་ཤེས་པར་བྱ་བ་མ་ཡིན་པ་དང་། རྣམ་པར་ཤེས་པ་བྱ་བ་མོ་ཡིན་པ་དང་། བསྟན་པ་མ་ཡིན་པ་དང་། རབ་ཏུ་བསྟན ་པོར་བྱ་བ་མ་ཡིན་པ་ཡིན་ཏེ། ཇི་སྲིད་དུ་བྱ་བ་མ་ཡིན་པ་དང་བྱེད་པ་ཡིན་པ་ནས། རྙེད་པ་མ་ཡིན་མ་རྙེད་པ་མ་ཡིན། བདེ་བ་མ་ཡིན། སྡུག་བསྔལ་མ་ཡིན། གྲགས་པ་མ་ཡིན། མ་གྲགས་པ་མ་ཡིན། གཟུགས་ཅན ་མ་ཡིན། གཟུགས་ཅན་མ་ཡིན་པ་མ་ཡིན་ནོ་ཞེས་པ་ལ་སོགས་པའོ།། དེ་ལ་རྒྱལ་བས་འགྲོ་བའི་དབང་བྱས་ནས། འཇིག་རྟེན་ལ་ནི་ཕནྀ་ཕྱིར་ཀུན་རྫོབ་བསྟན།། གང་གི་འགྲོ་བ་བདེ་གཤེགས་ལ་བསྙེན་ཏོ།། བདེ་བའི ་ཆེད་དུ་དང་བ་སྐྱེ་བར་འགྱུར།། མི་ཡི་སེངྒེ་ཀུན་རྫོབ་བཅས་པ་ཡིན།། སེམས་ཅན་གྱུར་པ་འགྲོ་བ་དྲུག་ཏུ་གསུངས།། དམྱལ་བ་དུད་འགྲོ་དེ་བཞིན་ཡི་དགས་དང་།། ལྷ་མིན་མི་དང་ལྷ་ཡི་ཚེ་ཌ་རྣམས་དང་།། དམན་པའི ་རིགས་དང་དེ་བཞིན་རིགས་མཐོ་དང་།། ཕྱུགས་པོའི་རིགས་དང་དབུལ་པོའི་རིགས་རྣམསོ་ཞེས་བྱ་བ་ལ་སོགས་པའོ།། འདི་ཡང་དེ་ཁོ་ན་ཉིད་ཤེས་པའི་འབྲས་བུ་ཡིན་ནོ་ཞེས་བསྟན་པའི ་ཕྱིར་། མྱ་ངན་འབད་རྩོལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བུ་དང་བུ་མོ་ལ་སོགས་པ་དང་བྲལ་བས་བྱས་པའི་མྱ་ངན་དང་བདེ་བ་དང་སྡུག་བསྔལ་སྤང་བ་དང་ཐོབ་པའི་རྒྱུ་མཚན་གྱིས་ཡོངསུ་ངལ་བའི་དུབ་པཾ་དང་། ་མྱ་ངན་དང་ངལ་པ་དེ་རྣམས་ཀྱིས་བདག་དང་འདྲ་བའི་འཚོ་བར་བྱེད་པ་ཡིན་ཏེ། ཚེགས་ཆེན་གྱིས་ཞེས་པ་དང་འབྲེལ་ཏོ།། མི་དགའ་བ་ཡང་ཡིན་ཏེ། རྙེད་པ་དང་བཀུར་སྟི་ལ་སོགས་པ་དང་བྲལ་བ་ནི་མི་དགའ་བ་སྟེ་ཡིད་མི ་བདེ་བ་ཡང་ཡིན་ནོ།། ཕན་ཚུན་གཅོད་པ་དང་འབིགས་པ་དང་ཞེས་པ་ལ། ཕན་ཚུན་ཏེ་ཕན་ཚུན་དུའོ།། གཅོད་པ་ནི་རྐང་པ་དང་ལག་པ་དང་མགོ་བོ་དང་སྣ་དང་རྣ་བྱ་ལ་སོགས་པ་རྣམསོ།། འབིགས་པ་ནི་ཕྱི་རོལ་གྱི་བྱིན ་པ་དང་བརླ་དང་བྲང་དང་རྩིབ་ལོགས་དང་དཔུང་པ་ལ་སོགས་པ་རྣམསོ།། དང་གིས་སྒྲ་རྗེསུ་འཇུག་པ་ཡིན་ནོ།། གཅོད་པ་དང་འབིགས་པ་དེ་རྣམས་ཀྱིས་ཀྱང་འཚོ་བར་བྱེད་པ་ཡིན་ཏེ། དུས་ཀྱི་རིམ་པས་འཚེའི་འདུ ་བྱེད་པ་འཕེན་པ་ཡིནོ།། ཚེགས་ཆེན་ནི་དཀའ་བ་ཆེན་པོ་སྟེ། ཇི་ལྟར་ཐོབ་པའི་ཟས་དང་གོས་ལ་སོགས་པའོ།། ཇི་ལྟར་གྱུར་པའི་རྒྱུད་ཀྱིས་ཞེ་ན། སྡིག་གིས་བདག་ཉིད་བདེར་འདོད་རྣམས་ཞེས་པ་ལ། སྡིག་གིས ་ཏེམི་དགེ་བའི་ལས་རྣམས་ཀྱིས་སོ།། བདག་ཉིད་དེ་རང་ཉིད་ཡིན་ལ། བདེ་བ་འདོད་པ་ནི་བདེ་བ་འདོད་པའི་ངང་ཚུལོ།། ཇི་ལྟར་གྱུར་པ་དང་ཡང་དག་པར་དཔྱད་པའི་ཁྱད་པར་གྱིས་ཀྱང་ཤི་ནས་ལྟུང་བ་ཡིན་ཏེ། གང ་གླང་རྣམསུ་འཆི་བ་ནི་སྲོག་གི་དབང་པོ་བོར་བ་ཡིན་ལ། ལྟུང་བ་ནི་འགྲོ་བ་ཡིན་ནོ།། ངན་སོང་རྣམས་ནི་དམྱལ་བ་དང་། ཡི་དགས་དང་། དུད་འགྲོ་རྣམས་སོ།། ཇི་ལྟ་བུར་གྱུར་པ་རྣམསུ་ཞེ་ན། ཡུན་རིངས་མི་བཟང་རྣམསུ་ཏེ། ཡུན ་རིང་བ་ནི་དུས་རིང་པོ་གྱུར་པའོ།། མི་བཟང་བ་ནི་ཤིན་ཏུ་བཟོད་པར་མི་ནུས་པ་མྱོང་བར་བྱ་བའི་རྣམ་པར་སྨིན་པ་ཡིན་པའི་ཕྱིརརོ།། དེ་བཞིན་དུ་ངན་སོང་དེ་རྣམསུ་དེ་རྣམས་ཡིན་པ་དེ་ལ་དེ་སྐད་དུ་བརྗོད་དོ།། དེ་རྣམ་སུ་ཡང་ཡཻན་ཏེ། ་འང་གི་སྒྲས་ནི་བརྗོད་པ་སྡུད་པ་འམ་ཐ་དད་པའི་རིམ་པ་ཡིན་ནོ།། རྣམ་པ་གང་གིས་ཞེ་ན། ཡང་དང་ཡིད་འོངས་ཏེ་ཞེས་པ་ལ་སོགས་པ་གསུངས་ཏེ།། བདེ་བ་མང་པོ་སྤྱང་སྤྱད་ནས་ཞེས་པ་ནི་བདེ་བ་བསྐྱེད་པར་གྱུར་ནས་སོ།། ཇི ་ལྟར་ཞེ་ན། བདེ་འགྲོ་ཡང་དང་ཡང་འོངས་ནས་ཏེ། མཛེས་པའི་ལྷ་དང་མིའི་འགྲོ་བའོ།། སླར་ཡང་དང་ཡང་ཐོབ་ནས་དེ་ལྟ་བུར་གྱུར་པ་རྣམས་ཀྱིས་སྡུག་བསྔལ་བརྒྱུད་པའི་རྒྱ་མཚོ་མི་མངོན་པར་གྱུར་པ་དང་། མངོན་པར་གྱུར་པ ་ཡན་ནོ་ཞེས་བསྟན་པའི་ཆེད་དུ། སྲིད་པ་ན་ཞེས་པ་ལ་སོགས་པ་གསུངས་ཏེ། སྲིད་པ་ནི་འཁོར་བ་ཡིན་ཏེ། འདོད་པ་དང་གཟུགས་དང་གཟུགས་མེད་པའི་རང་བཞིན་དུའོ།། གཡང་ས་ཡང་ཤིན་ཏུ་མང་བའི་ཉེ་བར་གནོད་པའོ། ་དེར་ནི་འདྲི་ཉིད་མི་འདྲ་ཞེས་པ་ལ། དེར་ནི་སྲིད་པ་འམ་ག་ཡང་སའོ།། དེ་ཉིད་མིན་འདི་འདྲ་བ་ནི་རྨོངས་པས་བསླུ་བ་འདི་ལྟ་བུ་སྟེ། སྐྱེ་བོ་ཐམས་ཅད་ཀྱིས་ཐུན་མོང་བ་མ་ཡིན་པ་རྣམ་པ ་ཇི་ལྟ་བར་བསྟན་པ་འམ་ཡོངསུ་སྣང་བཞིན་པའོ།། དེར་ཡང་ཕན་ཚུན་འགལ་བས་ན་སྟེ་དེར་ཡང་རྣམ་པ་འདི་ལྟར་དེ་ཁོ་ན་ཉིད་མ་ཡིན་ན་ཕན་ཚུན་འགལ་བས་ཏེ་ལོག་པར་རྟོགས་པ་ཡིནོ།། རྒྱུ་གང་གིས་ཞེ་ན། སྲིད་ན་འདི ་ཉིད་འདྲ་བ་མེད་ཅེས་ཏེ། དེ་ལྟ་བས་ན་དངོས་པོའི་རང་བཞིན་ནི་འདི་ལྟ་བུ་ཡིན་ཏེ། རྣམ་པ་དུ་མར་སྒྲོ་བརྟགས་པའི་ཕྱིར་རོ།། དེར་ཡང་དཔེ་མེད་པའི་མི་བཟད་པ་མཐའ་ཡས་པའི་སྡུག་བསྔལ་གྱི་རྒྱ་མཚོའོ།། དེར་ཡང་འདི་ལྟ ་བུ་དཔེ་དང་བྲལ་བ་ཡིན།། དེ་དང་གཞན་འདི་འདྲ་བའི་སྡུག་བསྔལ་མེད་པས་ན་དཔེ་བརྗོད་པར་མི་ནུས་པ་མི་བཟོད་པ། བཟོད་པར་དཀའ་བའི་ཚེར་བྱའོ།། མཐའ་ཡས་པ་ནི་དུས་ཆད་པ་མེད་པར་རྣམ་པར་སྨིན་པས་མཐར ་བཏུགས་པ་མེད་པའི་སྡུག་བསྔལ་རྣམས་ཤིན་ཏུ་དྲུག་པའི་ཕྱིར་ཐེག་པ་ཆེན་པོ་མ་གཏོགས་པ་རྣམས་ཀྱིས་མཐར་པར་མི་ནུས་པའི་ཕྱིར་རྒྱ་མཚོ་ཡིན་ནོ།། དེ་ལྟར་ན་ཡང་ཇི་ལྟར་ཡང་བརྩོན་འགྲུས་ཆེན་པོས་དགེ་བའི་ཕྱོགས ་བསགས་པས་དུས་ཡུནི་རིང་པོ་ནས་བདེ་གཤེགས་ཐོབ་ནས་གནས་པར་ནུས་པ་ཡིན་ཞེས་དགོངས་པས། དེར་ནི་ཞེ་བ་ལ་སོཌ་པ་གསུ་ཏེ། དེར་དེ་ལྟ་བུའི་གཟུགས་ཀྱིས་ཞུགས་པ་ན་འདི་ལྟར་ཡོང་སུ་མཐོང་བར་གྱུར་པའི ་པའི་གཟུགས་སྟོབས་ཆུང་བ་དང་། བརྩོན་འགྲུས་དམན་པ་ཞེས་པའི་ཐ་ཚིག་ཏེ། དེ་ཡང་ཚེ་ཐུང་བ་དང་། དེར་ཡང་འདི་ལྟ་བུར་གྱུར་པ་ཡོད་པ་ཡིན་ན་ཡང་ཐུང་བ་སྟེ་རྙིང་བ་མ་ཡིན་པའོ།། ཚེ་ནི་འདུ་བྱེད་པ་རྣམསོ།། དེར་ཡང ་གསོན་པ་དང་ནད་མེད་པོའི་བྱེད་པ་རྣམས་ཀྱིས་སོ།། གསོན་པ་ནི་ཡུན་རིང་པོའི་དུས་སུ་འཚོ་བའི་བྱ་བ་རྣམས་ཀྱིས་ཏེ། ཁྲུས་དང་སྐྲ་བྱུག་ལ་སོགས་པོ་རྣམས་ཀྱིསོ།། ནད་མེད་པ་ནི་ནང་མེད་པའོ་ཤུགས་ཏེ། ནད་ཉེ་བར ་ཞི་བའི་དོན་དུ་བྱ་བའི་ཁྱད་པར་དགེ་བའི་རྩ་བ་བསགས་པ་མེད་པར་ཆེ་བ་དང་ཁ་བ་དང་བསྐོ་བ་ལ་སོགས་པའི་སྨན་རྣམས་ཀྱིསོ།། ཚེ་ནི་དེ་ནི་མིང་མྱུར་འདའ་ཞེས་པ་འཆད་པར་འགྱུར་བ་དང་འབྲེལ་ཏོ།། དེ་བཞིན་དུ་བཀྲེས་ནི ་ངལ་བ་དང་སྟྭཾ། བྱཀྲེས་པ་ནི་ལྟོགས་པ་ཡིནོ།། ན་བ་ནི་ནད་པའོ།། དུལ་བ་ནི་ལམ་གྱིས་དུབ་པ་ལ་སོགས་པ་སྟེ། དེ་རྣམས་ཀྱིས་སོ།། གཉིད་དང་འཚོ་བ་ཞེས་ཏེ། གཉིད་ནི་རྨི་ལམ་མོ།། འཆི་བ་ནི་རྒོད་པ་དང་། རབ་ཏུ་རྒོད་པ ་དང་། རྣམ་པར་འཚེ་བ་ལ་སོགས་པ་བྱས་པའོ།། སྦྲུལ་དང་སྟག་དང་རི་དགས་དང་སྦྲང་བུ་དང་ཤུ་སྦྲང་ལ་སོགས་པ་རྣམས་ཀྱིས་བྱས་པའི་བསད་པ་དང་། བཅིངས་པ་དང་། བརྡེགས་པ་ལ་སོགས་པའི་མཚན་ཉིད་ཀྱིས་དེ་བཞིན ་དུ་ཡིན་ནོ།། བྱིས་དང་འགྲོགས་པ་དོན་མེད་ཀྱིས། དེ་བཞིན་དུ་ཡིན་ཏེ། བྱིས་པ་རྣམས་ནི་སོ་སོའི་སྐྱེ་བོ་རྣམས་ཡིན་ལ། འགྲོགས་པ་ནི་འབྲེལ་པའོ།། ཇི་ལྟ་བུར་གྱུར་པས་ཞེ་ན། དོན་མེད་ཀྱིས་ཏེ། བདག་ལ་བསྟོད་པ་ལ ་སོགས་པ་དག་ཁྱབ་པ་ལ་སོམས་པ་མང་པོ་རྣམས་ཀྱིས་སོ།། དེ་བཞིན་དུ་ཞེས་པ་ནི་སྦྱར་བརྗོད་པའི་རིམ་པ་འབའ་ཞིག་གིས་མ་ཡིན་གྱིས། འདིས་ཀྱང་དོན་མེད་པར་ཚེ་ནི་དོན་མེད་འགྱུར་བ ་ཡིན་ནོ།། དོན་མེད་པ་ནི་འབྲས་བུ་མེད་པ་ཉིད་ཡིན་ཏེ། དགེ་བའི་ཕྱོགས་བསགས་པ་དང་བྲལ་བའི་ཕྱིར་རོ།། ཚེ་དོན་མེད་པར་འདའ་བ་ནི་འགྲོ་བའོ།། མྱུར་བ་ནི་མགྱོགས་པ་དེ་དམ་པ་མ་ཡིན་པའི་བྱ་བ་ལ་ཞུགས་པས་མྱུར་བ ་ཉིད་དུ་ཡོངསུ་ཟད་པའི་ཕྱིར་རོ།། དེ་ལྟར་ན་ཡང་བ་ལྟར་བྱུང་བའི་དུས་སུ་ཡང་རྣམ་དཔྱོད་ཤིན་ཏུ་རྙེད་པར་དཀའ་སྟེ། རྣམ་པར་དཔྱོད་པ་ནི་བླང་བར་བྱ་བ་དང་དོར་བར་བྱ་བ་ཤེས་པ་འམ། རྣམ་པར་བྱ་བ་གཡེངས་པ་དོར་བའོ།། རྙེད ་པར་དཀའ་བ་ནི་ཇི་ལྟར་ནི་ཤིན་ཏུ་དཀའ་བས་ཀྱང་མི་རྙེད་པའོ།། དེ་ལྟར་གྱུར་པ་དེ་ལྟ་ནི་ཡང་ག་ལ~ཾ་ཏཾ་བརྒྱ་ལ་མཉམ་པར་བཞག་པ་སྐྱེ་བར་འགྱུར་ལ། དེའི་ཚེ་དགྲོ་བར་འགྱུར་ན། དེ་ཡང་མེདོ་ཞེས་བརྟན་པའི་ཕྱིར། དེར་ཡང ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེར་ཡང་དེ་དེ་ལྟ་བུའི་གནས་སྐབསུ་གྱུར་པའོ།། རྣམ་གཡེང་གོམས་པ་ནི་ཡོངསུ་འདྲིས་པའི་རྒོད་པའོ།། དེ་བཟློག་པ་ནི་ཞི་བར་བྱེད་པའོ།། འགྲོ་བ་དེར་གྱུར་པ་ན་གླང་ལོས་ཀྱང་ཡོད་པ ་མ་ཡིན་ནོ།། དེར་ཡང་དོན་མེད་པ་བརྒྱུད་པས་གནས་པ་རྣམས་བརྒྱ་ལ་དགེ་བའི་ཕྱོགས་ལ་རྟོག་ཅིང་སྐྱེད་པར་བྱེད་པ་ནི་ངན་སོང་ཆེན་པོར་ཉོན་མོངས་པའི་བདུབ་དམ་ལྷའི་བུའི་བདུད་ལྟུང་ཕྱིར་བརྩོན་པར་བྱེད། ངན་སོང་ཆེན་པོར ་ལྟུང་བར་བྱེད་པའི་ཕྱིར་ཏེ། ལྟུང་བའི་རྒྱུ་མཚན་དུ་ཡིན་ལ་མནར་མེད་པའི་དམྱལ་བ་ལ་སོགས་པ་རྣམསུ་དོར་བའི་དོན་ཏོ་ཞེས་པའི་ཐ་ཚིག་གོ།། དེ་ལྟར་ཡང་བརྒྱ་ལ་བདེན་པ་དང་། དཀོན་མཆོག་ལ་སོགས་པ་ལ་མངོན་པར ་ཡིད་ཆེས་པའི་དབང་གིས་ཇི་ལྟར་ཡང་དགེ་བས་ཉེ་བར་སྐྱེ་བར་འགྱུ་རོ་ཞེ་ན། དེར་ནི་ལོག་པའི་ལམ་ཞེས་པ་ལ་སོགས་པ་གསུངས་ཏེ། དེར་འདི་ལྟ་བུའི་གནས་སྐབས་ཐོབ་པར་འགྱུར་ཏེ། ཡང་དག་པའི་ལྟ་བའི་མི་མཐུན ་པའི་ཕྱོགས་ལོག་པའི་ལམ་ཚུ་རོལ་མཛེས་པ་དང་། སྤྱོད་པ་ལ་སོགས་པས་ཡོངསུ་བསྟན་པ་མང་བའི་ཕྱིར་ཏེ། མི་ཆེ་བའི་ཕྱིར་རོ།། ཐེ་ཚོམ་ནི་ཡང་དག་པའི་ལམ་ལ་མ་ཡིན་ཏེ། བློ་གྲོས་ཕྱིན་ཅི་ལོག་པ་ཡང་ཡིན།། ་བརྒྱ་ལོ་དཀའ་སྟེ་བརྒྱ་ལ་བདེ་འགྲོ་ཐོབ་ཀྱང་བརྒྱ་ལ་ཡང་ཐེ་ཚོམ་དོར་བར་ནུས་པ་མ་ཡིནོ།། སླར་ཡང་དལ་བ་རྙེད་དཀའ་བ་ཡིན་ཏེ། མི་ཁོམ་པ་བརྒྱད་དང་བྲལ་པ་རྙེད་པར་དཀའ་ཞིང་མཆོག་ཏུ་རྙེད་པར་དཀའ་བ་ཉིད ་ཡིན་ཏེ། རྒྱ་མཚོ་ཆེར་གཡེངས་པའི་གཉའ་ཤིང་གི་བུ་གར་རུས་སྦལ་གྱི་མགྲིན་པ་ཆུད་པ་ལྟར་ཡིནོ།། བརྒྱ་ལམ་ཞིག་ན་དལ་བ་གཞན་ཡོད་ཀྱང་། སངས་རྒྱས་འབྱུང་བ་ཤིན་ཏུ་དཀའ་སྟེ། སངས་རྒྱས་བཅོམ་ལྡན ་འདས་འགྲོ་བ་མཐའ་དག་སྣང་བར་མཛད་པ་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བར་གྱུར་པ་ཉོན་མོངས་པའི་ཟུག་རྔུ་འབྱིན་པ་འབྱུང་བ་སྟེ་སྐྱེ་བ་ཤིན་ཏུ་རྙེད་པར་དཀའ་བ་ཡིན་ཏེ། ཇི་ལྟར་ཡང་འགའ་ཞིག་ཏུ། ཨུ་དུམྦ་རའི་མེ་ཏོག ་བཞིན་དུ་འཁོར་བའི་རྒྱ་མཚོ་ལས་ཐར་པའི་ཐབ་སུ་གྱུར་པ་རྙེད་པར་དཀའ་བ་ཡིནོ།། ཇི་ལྟར་ཡང་། སངས་རྒྱས་འབྱུང་བ་ཡོད་ན་ཡང་།། ཉོན་མོངས་ཆུ་བོ་སྤང་དཀའ་སྟེ།། ཉོན་མོངས་པ་རྣམས་ནི་འདོད ་ཆགས་ལ་སོགས་པ་ཡིན་ལ་ཆུ་བོ་ནི་རྐྱེན་མི་འཆད་པར་འབབ་པ་ཡིན་ཏེ། དེ་སྤང་དཀའ་བ་ཡིན་ཏེ། སྡུག་བསྔལ་བས་ཀྱང་སྤང་བར་མི་ནུས་པ་ཡིནོ།། དེའི་ཕྱིར་ཨེ་མ་སྡུག་བསྔལ་བརྒྱུད་པར་འགྱུར་ཏེ། དེའི་ཕྱིར་དེ་ལྟར་ན་ཀྱེ་མ་ཞེས ་སྐྱེ་བའོ།། སྡུག་བསྔལ་ཏེ་དཀའ་བར་བརྒྱུད་པ་ཡིནོ།། སྡུག་བསྔལ་གཅིག་ལས་ཐར་ཡང་སྡུག་བསྔལ་གཞན་དུ་ལྟུང་བའི་ཕྱིར་རོ།། ད་ནི་སེམས་ཅན་རྗེ་སུ་སྡུག་བསྔལ་བར་གྱུར་པ་རྣམས་ཉིད་བལྟས་ནས་སྙིང་རྗེས་གདུངས་པའི ་ཐུགས་དང་ལྡན་པ་གཞན་སྡུག་བསྔལ་ཟ་སྡུག་བསྔལ་བར་གྱུར་པའི་བསྟན་བཅོས་མཛད་པའི་སེམས་ཅན་རྣམས་ཀྱིས་སྡུག་བསྔལ་ལ་མྱ་ངན་མཛད་པས། ཀྱེ་མ་སྡུག་པ་ཞེས་པ་ལ་སོགས་པ་གསུངས་ཏེ། ཀྱེ་མ་དང་སྡུག་ཅེས་པ་ནི ་སྐྱོ་བ་ལ་སྡུད་པའི་ཚིག་ཡིན།། ཤིན་ཏུ་མྱ་ངན་འོས་ནི་ཤིན་ཏུ་ཡང་མྱ་ངན་དུ་བྱ་བར་འོས་པ་ཡིན་ཏེ། ཕན་པ་དང་མི་ཕན་པ་ངོ་མི་ཤེས་པའི་སེམས་ཅན་འདི་རྣམས་སྡུག་བསྔལ་གྱི་རྒྱ་མཚོ་འདི་དབའ་རླབས་བརྒྱུད་པར་སྐྱེ་བ་དང ་འཇིག་པ་དཀྲུགས་པའི་སེམས་དང་ལྡན་པ་རྣམསོ།། མྱ་ངན་བྱ་བར་འོས་པའོ་སེམས་ཅན་འདི་རྣམས་གང་ཡིན་ཞེ་ན། དེ་ལྟར་ཤིན་ཏུ་སྡུག་བསྔལ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་གང་དག་མ་རིག་པས ་ལོང་བར་བྱས་པས་ཡེ་ཤེས་ཀྱི་དམིགས་མི་མཐོང་བར་གྱུར་པ་རྣམསོ།། རང་སྡུག་པར་གནས་པ་མི་མཐོང་བ་ཡིན་ཏེ། རང་ནི་བདག་ཉིད་ཡིན་ལ། སྡུག་བསྔལ་བར་གནས་པ་ཉིད་ཀྱང་ཤིན་ཏུ་སྡུག་བསྔལ་བར་གནས་པའོ།། དེ་ལྟར ་ཞེས་འོ་ནི་བརྗོད་པའི་རིམ་པས་སོ།། སྡུག་པས་གནས་པ་ནི་ཤིན་ཏུ་སྡུག་བསྔལ་བར་གནས་པ་སྟེ། སྡུག་བསྔལ་ནི་ཉེ་བར་ཐོབ་པ་ཡིན་ནོ།། ཞེས་བྱ་བའི་ཐ་ཚིགོ། འདིའི་རྗེསུ་མཐུན་པའི་དཔེས་གསལ་བར་བསྟན་པའི་ཕྱིར་ར།། ་དཔེར་ན་འགའ་ཞིག་ཅེས་པ་ལ་སོགས་པ་གསུངས་ཏེ། ཡང་ཡང་ཁྲུས་བྱས་པ་ནི་ཆུའི་ནང་དུ་ཁྲུས་བྱས་ཤིང་བྱས་ནས་སོ།། དཔེར་ན་འགའ་ཞིག་སྟེ་བློ་ཉམས་པ་གྲང་བས་ཉེན་པའི་བདེ་བ་འདོད་པ་འཇུག་པ་ཡིན་ནོ།། རབ་ཏུ་འཇུག ་པ་ཡིན་ནོ།། ཡང་དང་ཡང་ཞེས་པ་ནི་སྐད་ཅིག་མ་སྔོ་སོ་འམ། ཡང་ནས་ལུང་དུའོ།། དེ་ལྟར་ཤེས་པ་ནི་སེམས་ཅན་རང་ཉིད་བདེ་བར་གནས་པ་བདག་ཉིད་བདེ་བ་ཕུན་སུམ་ཚོགས་པར་སེམས་ཤིང་གོ་བ་ཡིནོ།། དེ་བཞིན་དུ་ཡང ་སྡུག་བསྔལ་བར་གནས་པ་ཡིནོ།། དེ་ལྟར་ཞེས་པ་ནི་བརྗོད་པའི་རིམ་པས་སོ།། སྡུག་པར་གནས་པ་ནི་སྡུག་བསྔལ་གྱི་མེ་འབར་བའི་ནང་དུ་ཞུགས་པ་ཡིནོ།། ཀྱེ་མ་སྡུག་བསྔལ་ཤིན་ཏུ་མང་བའི་མི་ཤེས་པའི་མུན་པས་མནན་པའི་ང་རྣམས ་བདག་ཉིད་ལ་ཡོད་པར་གྱུར་པའི་བག་མེད་པ་ཡང་མི་མཐོངོ་ཞེས་བསྟན་པའི་ཕྱིར་རོ།། རྒ་དང་ཞེས་པ་ལ་སོགས་པ་གསུངས་ཏེ། རྒས་ཤིང་གོག་པ་གང་རྣམས་ལ་མེད་པ་དེ་ནི་རྒ་བ་མེད་པ་ཡིན་ལ། འཆི་བ་དང་བྲལ་བ་ནི་འཆི་བ་མེད་པ ་ཡིན་ཏེ། དེ་རྣམས་ནི་རྒ་བ་དང་འཆི་བ་མེད་པ་བཞིན་དུ་རོལ་པའི་སྤྱོད་པས་གནས་པས་གང་རྣམས་ཡིན་པ་དེ་རྣམས་ལ་དེ་སྐད་ཅེས་བརྗོད་དོ།། དེ་རྣམས་ཉིད་ནི་རོལ་པ་འདིས་གནས ་ཤིང་ངེས་པར་སྤྱོད་པས་གནས་པ་རྣམས་ལ་འོང་བར་འགྱུར་བ་ཡིན་ཏེ། བསྙེན་པར་བྱེད་དོ།། ཆུང་པོར་ནི་དེ་རྣམས་ཐམས་ཅད་ཀྱི་སྡུག་བསྔལ་གྱི་རྒྱུ་དག་པ་དང་། ནད་པ་ལ་སོགས་པས་རྒུད་པར་བྱས་པའོ།། ཇི་ལྟར་འགྲོ་བར ་འགྱུར་ཞེ་ན། དང་པོ་ཉི་དུ་བསད་བྱས་ནས་ཞེས་ཏེ། མཐར་ཕྱིས་བཅོསུ་མེད་ཅིང་སྤང་དུ་མེད་པ། དྲང་པོར་བསད་པར་བྱས་ནས་ཏེ། སྔར་བྱས་ནས་སོ།། དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ལ་གདམས་པའི་མདོ ་ལས། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་ཕྱོགས་བཞི་ནས་རི་ཆེན་པོ་སྲ་བ། བརྟན་པ། སྙིང་པོ་དང་ལྡན་པ། མ་ཞིག་པ། མ་གས་པ། འོཕན་མེད་པ། ཤིན་ཏུ་མཁྲེགས་པ། གཅིག་ཏུ་སྡུག་པ། གཞི་ན་མཁའ་ལ་རེག ་ཅིངས་ཟློག་པ་སྟེ། རྩཝ་དང་ཤིང་དང་ཤིང་གེ་ལྔ་པ་དང་ཡལ་ག་དང་ལོ་མུ་ཐམས་ཅད་སེམས་ཅན་སྲོག་ཆགས་འབྱུང་པོ་ཐམས་ཅད་ཕྱེ་མར་འཐག་ཅིང་འོང་བ་དེ་དག་ནི་མགྱོགས་པས་འབྲོས་པ་འམ། སྟོངས་ཀྱིས་བཟློས ་པ་འམ། རྫས་དང་སྔགས་དང་སྨན་རྣམས་ཀྱིས་བཟློག་པར་སླ་བ་མ་ཡི་ནོ།། རྒྱལ་པོ་ཆེན་པོ་དེ་བཞིན་དུ་འཇིགས་པ་ཆེན་པོ་བཞི་འོད་དག་འོངས་ཏེ། དེ་དག་ལས་མཐོགས་པས་འབྲོས་པས་སྟོབས་ཀྱིས་བཟློག་པ ་འམ། ནོར་གྱིས་བཟློག་པ་འམ། རྫས་དང་སྔགས་དང་སྨན་གྱིས་བཟློག་པར་སླ་བ་མ་ཡིན་ནོ།། གཞི་གང་ཞེ་ན། རྒ་བ་དང་། ན་བ་དང་། འཆི་བ་དང་། རྒུད་པའོ།། རྒྱལ་པོ་ཆེན་པོ་རྒ་བ་ནི་དར་ལ་བབ་འཇོམས་ཤིང་འོང་། ནང ་ནིནང་མེད་པ་འཇོམས་ཤིང་འོང་། རྒུད་པ་ནི་ཕུན་སུམ་ཚོགས་པ་ཐམས་ཅད་འཇོམས་ཤིང་འོང་། འཆི་བ་ནི་སྲོག་འཇོམས་ཤིང་འོད། དེ་དག་ལས་མགྱོགས་པས་འབྲོས་པ་འམ། སྟོབས་ཀྱིས་བཟློག་པ་འམ། ནོར་གྱིས་བཟློག་པ ་འམ། རྫས་དང་སྔགས་དང་སྨན་རྣམས་ཀྱིས་ཞི་བར་བྱ་བ་སླ་བ་མ་ཡིནོ།། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན། རིགས་ཀྱི་རྒྱལ་པོ་སེངྒེ་ནཱི་རི་དགས་ཀྱི་ཚོགས་ནང་དུ་ཞུགས་ནས་རི་དགས་བཟུང་སྟེ། ཇི་ལྟར་འདོད་པ་བཞིན་དུ་བྱ ་བབྱེད་དོ།། རི་དགེས་དེ་ནི་སྟོབས་ཆེ་བའི་ཁ་མི་བཟོད་པར་གཟུང་བར་དབང་མེད་པར་འགྱུར་རོ།། རྒྱལ་པོ་ཆེན་པོ་དེ་བཞིན་དུ་འཆི་བདག་གི་གསལ་ཤིང་གིས་ཟུག་སྟེ་རྒྱུགས་བྱ་དང་ནི་བྲལ། མགོན་ནི་མེད། སྐྱབས ་ནི་མེད། དཔུང་གཉེན་ནི་མེད། གཤིས་ནི་འཇིག། ཚིགས་ནི་འབྱེ་ཞིང་བྲལ། ཤ་དང་ཁྲག་ནི་སྐམས། ལུས་ནི་ནད་ཀྱིས་གདུངས། སྐོམ་ནི་སྐྱོམ། བཞིན་ནི་འགྱུར། རྐེ་དེ་ལིག་ནི་གཡོ་བ།། ལས་ནི་མ་ནུས། མཐུ་ནི་མི་བྱེད། 9 ་ཆུ་དང་། སྣབས་དང་། གཅིན་དང་། ངན་སྐྱུགས་ཀྱིས་ནི་ལུས་ལ་གོས། མིག་དང་རྣ་བ་དང་སྣ་དང་ལྕེ་དང་། ལུས་དང་། ཡིད་ཀྱི་དབང་པོ་ནི་འགགས། སྐྱིགས་དུ་ནི་འབྱུང་། སྒྲ་ངར་ངར་པོ་ནི་འདོན། སྨན་པས་ནི་བོརརཽ། ཁ་ཟླ ་དང་། བཟའ་བ་དང་། ཐུག་པ་ཐམས་ཅད་ཀྱིས་ནི་སླེས་ལ་བེར་ཏེ། འགྲོ་བ་མཐའ་དག་ཏུ་ནི་འགྲོ། མལ་གྱི་ཐ་མ་ལ་ནི་ཉལ། ཐོག་མ་མེད་པའི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། ་འཁོར་བའི་རྒྱུན་ནི་ནུབ། སྲོག་ནི་ཅུང་ཟད་ཅིག་ལུས། གཤིན་རྗེའི་མེས་ནི་འཇིགས་སྐྲག། བྱུར་གྱི་དབང་དུ་ནི་སོང་། དབུགས་རྒྱུ་བ་ནི་ཆང་། ཁ་དང་སྣ་ནི་འགགས། སོ་ནི་གཙིགས། སྦྱིན་པ་སྦྱིན་ཞེས་དེ་སྐད་གསོལ་བ་ནི་འདེབ ་ལས་ཀྱི་སྲིད་པ་ལས་ཡང་སྲིད་པ་ལ་ནི་འཇུག། གཅིག་པུ་གཉིསུ་མེད་ཅིང་གྲོགས་ནི་མེད་དེ། འཇིག་རྟེན་འདི་ནི་འདོར།། འཇིག་རྟེན་ཕ་རོལ་དུ་ནི་འགྲོ།། ལམ་ཆེན་པོར་ནི་འཇུག། མུན་པ་ཆེན་པོར་ནི་ཞུགས།། ་གཡང་ས་ཆེན་པོར་ནི་ལྷུང་། ཁྲོད་བསྟུག་པོར་ནི་འཇུག། དགོན་པ་ཆེན་པོར་ནི་འགྲོ།། རྒྱ་མཚོ་ཆེན་པོས་ནི་ཁྱེར། ལས་ཀྱི་རླུང་གིས་བླངས། ས་ཚུགས་མེད་པའི་ཕྱོགསུ་འགྲོ།། གཡུལ་ངོ་ཆེན ་པོར་ནི་འཇུག། གདོན་ཆེན་པོས་ནི་ཟིན་ནམ་མཁའི་ལ་ནི་འཚལ། ཕ་མ་དང་། ཕུ་ནུ་དང་། སྲིང་མོ་དང་། བུ་དང་བུ་མོས་ནི་བསྐོར། དབུགས་ནི་འཆང། ནོར་བགོ་བཤའ་བྱ་ཞེས་ནི་ཟེར། ་ཀྱི་ཧུད་མ། ཀྱི་ཧུད་པ། ཀྱི་ཧུང་བུ་ཞེས་ཟེར་ཏེ། སྤ་ནི་བཤིག་སྟེ། སྦྱིན་པ་དང་། དཀའ་ཐུབ་དང་། ཆོས་འབའ་ཞིག་གྲོགས་སུ་གྱུར་པ་ན། ཆོས་མ་གཏོགས་པར་སྐྱབས་གཞན་མེད། མགོན་གཞན ་མེད། གནས་གཞན་མེད། དཔུང་གཉེན་གཞན་མེད་དོ།། རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན་ཆོས་ནི་གླིང་དང་། གནས་དང་། མགོན་དང་། གཞོན་པ་དང་། ཉལ་བ་ལ་མལ་འཇམ ་པོ་དང་། སྐོམ་པ་ལ་ཆུ་གྲང་མོ་དང་ཤིན་ཏུ་དཀྲིས་པ་ལ་ཁ་ཟས་བཟང་པོ་དང་མྱ་ངན་གྱིས་གནོད་པ་ལ་དབུགས་འབྱིན་པ་དང་། གདུངས་པ་ལ་ཚིམ་པ་དང་། དགོན་པར་ལམ ་སྟོར་བ་ལཱ་ལམ་སྟོན་པ་དང་། ནད་ཀྱིས་བཏབ་པ་ལ་སྨན་དང་། སྨན་པ་དྲང་ནང་གཡོག་བྱེད་པ་དང་། ཆུས་ཁྱེར་བ་ལོ་གཟིངས་དང་། འདམ་དུ་བྱིང་བ་ལ་འཇུས་དང་། བརྒལ ་དཀའ་བའི་ཟམ་པ་དང་། ཉམ་ང་བ་ལ་འབབ་སྟེགས་དང་། མུར་ཁུང་ལ་སྒྲོན་མྱེ་དང་། རྒྱོ་མཚོ་ཆེན་པོ་ལ་གྲུ་དང་ལྷགས་པས་ཉེན་པ་ལ་རླུང་མེད་པོའི་གནས་དང་། ཡུལ་གཞན ་དུ་འགྲོ་བ་ལ་ལམ་རྒྱགས་དང་། དབུལ་པོ་ལ་ནོར་དང་། བྱེད་པར་འདོད་པ་ལ་གྲོགས་དང་། བཅད་པར་འདོད་པ་ལེ་ལག་ཆ་དང་། གཞིག་པར་འདོད་པ་ལ་རྡོ་རྗེ་དང་གཡུལ་ངོར་ཞུགས་པ ་ལ་གོ་ཆ་དང་། འཇིགས་པ་ལ་སྟོབས་དང་ལྡན་པའི་གྲོགས་འཐབ་ལ་དཔུང་གཉེན་དང་། དོགས་པ་ལ་གོ་འབྱེད་པ་དང་། མུ་གེ་ལ་ནོར་དང་ལྡན་པ་ངག་མགོན་དང་། སྐྱབས་དང་། གནས ་དང་། རྟེན་དུ་གྱུར་པ་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་ཡིན་ནོ།། དེ་ལྟ་བས་ན་འཇིགས་པ་འདི་དག་སྤང་བའི་དོན་དུ་དགེ་བའི་ཕྱོགས ་ཉིད་ཤེས་རབ་ཀྱིས་དག་པར་བྱས་པ་རྣམས་ལ་འབད་པར་བྱའོ།། ད་ནི་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གྱིས་སྡུག་བསྔལ་པ་རྣམས་ཀྱིས་སྡུག་བསྔལ་བའི་ཆེད་དུ་རདྲ་གིས་བསམ་པས་སློན་པོསྲ། ་དེ་ལྟར་ཞེས་པ་ལ་སོགས་པོ་གསུངས་ཏེ། དེ་ལྟར་ཞེས་པ་ནི་སྔར་བརྗོད་མ་ཐགས་པའི་ཚུལ་གྱིས་སོ།། སྡུག་བསྔལ་མེས་གདུངས་ལ་ཞེས་པ་ནི་སྡུག་བསྔལ་ཉིད་མི་ཡིན་ཏེ། དེས་གདུངས་པའི ་སེམས་ཅན་རྣམས་སོ།། ཞི་བ་སྟེ་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གྱི་མེའི་གདུང་བ་ཞི་བར་བྱེད་པར་ནམ་ཞིག་འགྱུར་ཏེ། དུས་ནམ་བྱེད་ཅིང་བསྒྲུབ་པར་འགྱུར། ཇི་ལྟར་ཞེ་ན། རང་གི ་བདེ་བའི་ཡོ་བྱད་ཀྱིས་ཞེས་ཏེ། བ་བྱའི་ཡོ་བྱད་ནི་བདེ་བ་བསྒྲུབ་པར་བྱེད་པའི་གིས་དང་། རྒྱན་དང་བྱུག་པ་དྲང་། མལ་བསྟན་ལ་སོགས་པ་རྣམས་སོ།། ཇི་ལྟར་བུ་ཞིག་ཉེ་བ ་བསགས་པོས་ཡིན་ལ་གཞན་གྱིས་མ་ཡིན་ཞེ་ན། རང་གིས་ཏེ། རང་གིས་བདག་ཉིད་ཀྱིས་ཡིན་ལ། བདག་རང་ཉིད་ཀྱིས་ཉེ་བར་བསགས་པས་ཡིན་ནོ་ཞེས་པའི་དོན་ཏོ།། ཅི་སྤྲུལ་པ ་ལ་སོགས་པས་བསྟན་པས་ཡིན་ནམཱ་གཞན་གྱིས་ཡིན་ཞེན། བསོད་ནམས་སྦྱིན་ལས་ལེགས་འབྱུང་བས་ཞེས་ཏེ། བསོད་ནམས་ཉིད་སྦྱིན་ཡིན་ཏེ། སྡུག་བསྔལ་གྱིས་འདུང་བ་ཐམས ་ཅད་ཀྱིས་ཉེན་པ། ཞི་བ་བྱདེ་བའི་ཡོ་བྱད་བསིལ་བའི་ཆར་པ་སྦྱིན་པའི་རྒྱུ་ཡིན་པའི་ཕྱིར་རོ།། དེ་རྣམས་ལས་ལེགས་པར་བྱུང་བ་ནི་ངེས་པར་འབྱུང་བ་སྟེ། དེ་རྣམས་ཀྱིས་སོ།། དེ་ལྟར ་མངོན་པར་མཐོ་བ་ཕུན་སུམ་ཚོགས་པར་གྲོ་ཞན་རྣམས་ཀྱིས་སེམས་བྱས་ནས་ངེས་པར་ལེགས་པར་ཕུན་སུམ་ཚོགས་པ་བསྣུན་པོའི་ཕྱིར། ནམ་ཞིག་དམིགས་པ་ཞེས་པ་ལ་སོགས་པ་གསུངས་ཏེ། ་ནམ་ཞིག་ཅེས་པ་ནི་དུས་ནམ་ཞིག་ནའོ།། དམིགས་པའི་ལྟ་བ་ཅན་རྣམས་དངོས་པོ་ལ་འཛིན་པའི་མངོན་པར་ཞེན་པ་ཅན་རྣམས་ལ་བསྟན་པ་རོ་བྱ་སྟེ། རབ་ཏུ་བསྟན་པར་བྱའོ།། སྟོང་པ་ཉིད་ནི་ཆོས་ཐམས་ཅད་རང ་བཞིན་མེད་པ་ཉིད།། ཇི་ལྟར་ཞེ་ན། ཀུན་རྫོབ་ཀྱི་ཐ་སྙད་ཀྱིས་ཏེ། གཞན་དུ་ན་རྣམ་པར་རྟོག་པའི་ཡུལ་དུ་གྱུར་པས་དྲི་ན་ད་པཱ་སྟོང་པའི་སྟོང་པ་ཉིད་བསྟན་པར་མི་ནུས་པའི་ཕྱིར་རོ།། དེ་ལྷུར་ངེས་པའི་ལེགས་པའི་རྒྱུ་ཡེ ་ཤེས་ཀྱི་ཚོགས་ཀྱི་རྒྱུ་མཚན་ཉེ་བར་བསྟེན་ནས། དེའི་རྒྱུ་བསོད་ནམས་ཀྱི་ཚོགས་ཀྱི་རྒྱུ་ཉེ་བར་བསྟན་པའི་ཕྱིར། བསོད་ནམས་ཞེས་པ་ལ་སོགས་པ་གསུངས་ཏེ། གསོད་ནམས་ནི་སྦྱིན་པ་ལ་སོགས་པ་ཡིན་ལ། ་ཚོགས་པ་ནི་ཕུང་པོ་ཡིན།། དེ་ནམ་ཞིག་དམིགས་པའི་ལྟ་བཙུན་རྣམས་ལ་སྟོན་པར་འགྱུར་ཞེས་པ་དང་འབྲེལ་ཏོ།། གུས་པཪྵ་ཞེས་པ་ནི་གུས་པ་ཆེན་པོས་ཏེ། བཀུར་སྟིས་ཡིན་གྱིས་ཇི་ལྟར ་ཡང་རུང་བས་ནི་མ་ཡིནོ།། རྣམ་པ་གང་གིས་ཤེ་ན། དམིགས་པ་མེད་པའི་ཚུལ་གྱིས་ཏེ། སྦྱིན་པ་དང་། གཏོང་བ་པོ་དང་། ལེན་པ་པོ་ལ་སོགས་པ་མི་དམིགས་པ་ལ་སོགས་པའི་སྦྱོར་བས་ཏེ། འཁོར་གསུམ་ཡོངས་སུ ་དག་པས་ཞེས་པའི་ཐ་ཚིག་གོ། དེ་ལྟར་བསོད་ནམས་ཀྱི་ཚོགས་ཉེ་བར་བསགས་པས་སངས་རྒྱས་ཉིད་ཐོབ་པར་འགྱུར་རོ།། དེ་ཉིད་ནི་འདི་དག་ཐམས་ཅད་ཀྱིས་ཉོན་མོངས་པ་མ་ལུས་པའི་རྒྱུ་སྒྲོ་འདོགས་པ ་མཐའ་དག་གི་གཉེན་པོ་ཉིད་ཀྱིས་སྒྲིབ་པ་ཐམས་ཅད་སྤོང་བའི་ཐབས་ཡིན་པའི་ཕྱིར་དང་། དེ་བཞིན་གཤེགས་པའི་མ་ལུས་པ་ཐོབ་པའི་རྒྱུ་ཉིད་ཡིན་པའི་ཕྱིར། སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་དེའི་ཐེབས་སུ་གྱུར་པ ་ཤེས་རབ་སྐྱེ་བར་འགྱུར་རོ་ཞེས་བསྟེན་པར་འགྱུར་རོ།། གང་རྣམས་ཀྱིས་ནི་ཟབཱི་མོའི་ཚུལ་རྟོགས་ཤེས་རབ་སྒྲིན་པོས་འཁྲུལ་པ་རབ་སྤངས་པ།། ཀུན་ནས་ཉོན་མོངས་རྣམ་བྱུང་ཕྱོགས་ལ་དྲི་མེད་མཁྱེན་པ་མཐོང་བའི ་དཔའ་བོ་རྣམས།། མཁས་ལ་དེ་རྣམས་ཀྱིས་ནི་ཡོན་ཏན་སྐྱོན་ནི་འདྲེས་པས་དེ་ཡིས་སྙིང་པོ་བླང་།། གལ་ཏེ་ཉེས་པ་བརྗོད་ནི་དྲི་མ་ཐམས་ཅད་དུག་བཞིན་དུ་ནི་དོར་བར་བྱ།། བདག་གོས་འདིར་ནི་རིགས་པ་མ་ཡིན་བརྗོད་པ་དང ་བདག་གིས་འཁྲུལ་པ་དེ་ཉིད་མཆོག་ཏུ་སྐྱེས་གྱུར་པ།། འདིར་ནི་བདག་གིས་ཟླ་གྲོས་མཁས་པ་རྣམས་ཀྱུས་ནི།། རང་གིར་བྱས་ཏེ་དེ་ལྟར་གཟུང་བར་བྱ་མིན་ནམ།། ཀུན་རྫོབ་གང་ཞིག་བརྒྱལ་ཡིད་ཀྱིས་སྤྱོད་ཡུལ་དུ་ནི་གྱུར་པ་ཡི།། ་དེ་བཛྲའི་དོན་ལི་བདག་འདྲའི་བློ་གྲོས་ཀློང་གིས་མི་འཁྲུལ་ཡིན།། དེ་ཕྱིར་ལེགས་གསུངས་དོན་ནི་ངེས་པ་དང་ལྗོན་དབུ་མོའི་ལུགས་སྦྱིན་པ།། འདིར་ནི་ཡོན་ཏན་པྲ་བ་ཅུང་ཟད་མཐོང་བུང་བྱ་ཡིས་གློ་བུར་འགྱུར།། ་ཡང་དག་ཤེས་པ་མོ་མཐུན་ཕྱོགས་ཀྱི་ལྟ་བ་སྡུག་པའི་རྨོངས་པ་ཞི་བར་བྱ་ཆེད་དུ།། ཤེས་རབ་ཀྱིས་ནི་གསལ་བར་རྣམ་པར་བཤད་པའི་ཚིག་གིས་འགྲེལ་པ་བྱས་པ་ཡིས།། བདག་གིས་བསོད་ནམས་གང་ཞིག ་1ར་བསགས་ཕན་པའི་འབྲོས་བུ་དེ་ཡིས་མྱུརྱ་བར་སྐྱེ་བོ་ཀུན།། འཛོམ་དཔེལ་བཞིན་དུ་ཡོན་ཏན་དམ་པ་གཅིག་གིས་གནས་ལ་ཤེས་རབ་འབྱུང་གནས་སྐྱོ་བར་ཤོག།། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག ་པ་ལས་ཤེས་རབ་ཀྱི་ལེའུའི་རྒྱ་ཆེར་བཤད་པ། དགེ་སློང་མཁས་པ་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་མཛད་པ་རྫོག་སོ།། །། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གྲེལ་བཤད་ཝ་ལེའུ་དང་པོ་གཉིས་དང་བཟློས་བསྟེན་ཤེས་རབ་ཀྱི་ཊཱི་ཀཱ ་མཁས་པ་ཆེན་པོ་སུ་མ་ཏི་ཀཱིརྡྷ་དང་། ལོ་ཙྪ་བ་དར་མ་གྲ་ཌ་ཀྱིས་བསྒྱུར་བའོ།། །། དབུ་རུ་བྱང་ཕྱོ་ཌ་ལྷུང་ཀ་མ་ཁཱ་གྲགསུ།། མཁྲ་བ་ཆེན་པོ་བློ་གྲི་དེ་ཟང་གྲ་ཌ་པ།། ལྡོང་སྟོང་མཆོག་ན་ནྱ་སྒོམཆེད་གྲོགས་ཀྱིས།། གསོལ་བཏབ་དགེ་སློང་ངར་མི་གྲགས་ཀྱིས་བསྒྱུར།། ་