| Wylie | e-texts produced with BDRC’s OCR application |
རྒྱ་ག་སྐད་དུ། འ་སཏྭཱ་ཙཱརཱུབ ་བོང་སྐད་དུ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། བདེ་གཤེགས་ཆོས་ཀྱི་སྐུ་མངའ ་སྲས་བཅས་དང་།། ཕྱག་འོས་ཀུན་ལའང་གུས་པས་ཕྱག་འཚལ་ཏེ།། བདེ་གཤེགས་སྲས་ཀྱི་སྡོམ་ལ་འཇུག་པ་ནི།། ལུང ་བཞིན་མདོར་བསྡུས་ནས་ནི་བརྗོད་པར་བྱ།། སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད།། སྡེབ་སྦྱོར་མཁས་པའང་བདག་ལ ་ཡོད་མིན་ཏེ། དེ་ཕྱིར་གཞན་དོན་བསམ་པ་བདག་ལ་མེད།། རང་གི་ཡིད་ལ་བསྒོམ་ཕྱིར་ངས་འདི་བརྩམས།། དགེ་བ་བསྒོམ་ཕྱིར་བདག་གི་དད་པའི་ཤུགས།། འདི་དག་གིས་ཀྱང ་རེ་ཞིག་འཕེལ་འགྱུར་ལ།། བདག་དང་སྐལ་བ་མཉམ་པ་གཞན་གྱིས་ཀྱང་།། ཅི་སྟེ་དི་དག་མཐོང་ན་དོན་ཡོད་འགྱུར།། དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ།། སྐྱེས་བུའི ་དོན་སྒྲུབ་ཐོབ་པར་གྱུར་པ་ལ།། གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན།། ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར།། ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ནོ།། གློག་འགྱུ ་སྐད་ཅིག་རབ་སྣང་སྟོན་པ་ལྟར།། དེ་བཞིན་སངས་རྒྱས་མཐུ་ཅི་ས་བརྒྱ་ལམ་ནོ།། འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང་།། དེ་ལྟས་དགེ་བ་ཉེ་ཆུང་ཉིད་ལ་བརྟག ་སྡིག་པ་སྟོབས་ཆེན་ཤིན་ཏུ་མི་བཟད་པ།། དེ་ནི་རྫོགས་པའི་བྱང་ཆུབ་སེམས་མིན་པ།། དགེ་གཞན་གང་གིས་ཟིལ་གྱིས་གནོན་པར་འགྱུར།། བསྐལ་པ་དུ་མར་རབ་དགོངས་མཛད་པ་ཡི།། ཐུབ་དབང་རྣམས་ཀྱིས་འདི་ཉིད་ཕན་པར་གཟིགས། ་འདིས་ནི་ཚད་མེད་སྐྱེ་བོའི་ཚོགས་རྣམས་ཀྱིས།། བདེ་མཆོག་བདེ་བླག་ཉིད་དུ་ཐོབ་པར་བྱེད།། སྲིད་པའི་སྡུག་བསྔལ་བརྒྱ་ཕྲག་གཞོམ་འདོད་ཅིང་།། སེམས་ཅན་མི་བདེ་བསལ་བར་འདོད་པ་དང་།། བདེ་མང་བརྒྱ་ཕྲག་སྤྱད་པར་འདོད་པས་ཀྱང་།། བྱང་ཆུབ་སེམས ་ཉིད་རྟག་ཏུ་གཏང་མི་བྱ།། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས།། འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས།། བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་།། འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར།། གསེར་འགྱུར་རྩེ་ཡི་རྣམ ་པ་མཆོག་ལྟ་བུར།། མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ།། རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན།། བྱང་ཆུབ་སེམས་ཞེས་བྱ་བ་རབ་བརྟན་ཟུང་།། འགྲོ་བའི་དེད་དཔོན་གཅིག་པུ་ཚད་མེད་བློས།། ལེགས་པར་ཡོངསུ་བརྟགས་ན་རིན་ཆེ་བས།། འགྲོ་བའི ་གནས་དང་བྲལ་བར་འདོད་པ་རྣམས།། རིན་ཆེན་བྱང་ཆུབ་སེམས་ལེགས་བརྟན་པར་ཟུང་།། ད་གེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི།། འབྲས་བུ་བསྐྱེད་ནས་ཟད་པར་འགྱུར་བ་ཉིད།། བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་།། འབྲས་བུ་འབྱིན་པས་མི་ཟད ་འཕེལ་བར་འགྱུར།། སྡིག་པ་ཤིན་ཏུ་མི་བཟང་བྱོས་ན་ཡང་།། དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར།། གང་ལ་བརྟེན་ནས་ཡུད་ཀྱིས་སྒྲོལ་འགྱུར་བ།། དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བརྟེན།། དེས་ནི་དུས་མཐའི་མེ་བཞིན་སྡིག་ཆེན་རྣམས།། སྐད ་ཅིག་གཅིག་གིས་ངེས་པར་བསྲེག་པར་བྱེད།། རྣམ་ལྡན་ལྡན་དཔག་ཏུ་མེད་པ་དག། བྱམས་མགོན་བློ་དང་ལྡན་པས་ནར་བཟང་བ་ཤད།། བྱང་ཆུབ་སེམས་དེ་མདོར་བསྡུན།། རྣམ་པ་གཉིས་སུ་ཤེས་བྱ་སྟེ།། བྱང་ཆུབ་སྨོན་པའི་སེམས་དང་རྀ།། བྱང་ཆུ ་བདུག་པ་ཉིད་ཡིན་ནོ།། འགྲོ་བར་འདེད་དང་འགྲོ་བ་ཡི།། བྱེ་བྲག་སྟིར་ཤེས་པ་ལྟར།། དེ་བཞིན་གབས་པས་འདི་གཉིས་ཀྱིས།། བྱེ་བྲག་རིམ་བཞིན་ཤེས་པར་བྱ།། བྱང་ཆུབ་སྟོན་པའི་སེམས་ལས་ནི།། འ་ཁོར་ཆེ་འབྲས་བུ་རྗེ་འཐུང་ཡང་།། རྡོ་ལྟར་བཇུག ་བྱའི་སེམས་བཞིན་དུ།། བསོད་ནམས་རྒྱུན་ཆགས་འབྱུང་བ་མིན།། གང་ནས་བཟུང་སྟེ་སེམས་ཅན་ཁམས།། མཐའ་ཡས་རབ་ཏུ་བསྐུལ་བའི་ཕྱིར།། མི་ལྡོག་པ་ཡི་སེམས་ཀྱིས་སུ།། སེམས་དེ་ཡང་དག་བྱུངས་གྱུར་པ།། དེ་ནས་གཟུང་སྟེ་གཉིད ་ལོག་གམ།། བག་མེད་གྱུར་ཀྱང་བསོད་ནམས་ཤུགས།། རྒྱུན་མི་འཆད་པར་དུ་མ་ཞིག། ན་མཁའ་མཉམ་པར་རབ་ཏུ་འབྱུང་།། འདོན་འཐང་པ་དང་བཅས་པ།། ལག་བཟངས་ཀྱིས་ནི་ཞུས་པ་ལས།། དམན་མོས་སེམས་ཅན་དོན་གྱི་ཕྱིར།། དེ་བཞིན ་གཤེགས་པ་ཉིད་ཀྱིས་གསུངས།། སེམས་ཅན་རྣམས་ཀྱི་ཀླད་ནད་ཙམ།། བསལ་ལོ་སྙམ་དུ་བསམས་ན་ཡང་།། ཕན་འདོགས་བསམ་པ་དང་ལྡན་ཏེ།། བསོད་ནམས་དཔག་མེད་ལྡན་གྱུར་ན།། སེམས་ཅན་རེ་རེའི་མི་བདེ་བ།། དཔག་ཏུ་མེད་པ་བསལ ་འདོད་ཅིང་།། རེ་རེབང་ཡོན་ཏན་དཔག་མེད་དུ།། བསྒྲུབ་པར་འདོད་པ་སྨོས་ཅི་དགོས།། ཕ་འམ་ཡང་ཆ་ཡང་རུང་།། སུ་ལ་འདི་འདྲའི་ཕན་སེམས་ཡོད།། ལྷ་དང་དྲང་སྲོང་རྣམས་ཀྱང་རུང་།། ཚངས་པ་ལ་ཡང་འདི་ཡོད་དམ།། སེམས་ཅན་དེ་དག་ཉིད ་བ་སྔོན།། རང་གི་དོན་དུའང་འདི་འདྲའི་སེམས།། རྨི་ལམ་དུ་ཡང་མ་རྨིས་ན།། གཞན་གྱི་དོན་དུ་ག་ལ་སྐྱེ།། གཞན་དག་རང་གི་དོན་དུ་ཡང་།། མི་འབྱུང་སེམས་ཅན་དོན་སེམས་གང་།། སེམས་ཀྱི་རིན་ཆེན་ཁྱད་པར་འདི།། བླ་ན ་མེད་པའི་རྨད་ཅིག་འཁྲུངས།། འགྲོ་བ་ཀུན་གྱི་དགའ་བའི་རྒྱུ།། སེམས་ཅན་སྡུག་བསྔལ་རྩིར་གྱུར་པ།། རིན་ཆེན་སེམས་ཀྱི་བསོད་ནམས་གང་།། དེ་ལ་ཇི་ལྟར་གཞན་གྱིས་ལང་།། ཕན་པར་བསམས་པ་ཙམ་གྱིས་ཀྱང་།། སངས་རྒྱས་མཆོད་ལས ་ཁྱད་འཕགས་ན།། སེམས་ཅན་མ་ལུས་ཐམས་ཅད་ཀྱི།། བདེ་དོན་བརྩོན་པ་སྨོས་ཅི་དགོས།། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་།། སྡུག་བསྔལ་ཉིད་ལ་མངོན་པར་བརྒྱུག། བདེ་བ་འདོད་ཀྱང་གཏི་མུག་པས།། རང་གི་བདེ་བ་དགྲ་ལྟར་འཇོམས ་གང་ཞིག་བདེ་བས་ཕོངས་པ་དང་།། སྡུག་བསྔལ་ཡང་ལྡན་དེ་དག་ལ།། བདེ་བ་ཀུན་གྱིས་ཚིམ་པ་དང་།། སྡུག་བསྔལ་ཐམས་ཅད་གཅོད་བྱེད་ཅིང་།། གཏི་མུག་ཀྱང་ནི་སེལ་བྱེད་པས།། དེ་དང་དགེ་མཚུངས་ག་ལ་ཡོད།། དེ་འདྲའི་བཤེས་ཀྱང་ག་ལ་ཡོད།། ། ་བསོད་ནམས་དེ་འདྲའང་ག་ལ་ཡོད།། ཕན་བཏགས་ལན་ལྡན་གང་ཡིན་པ།། དེ་ཡང་རེ་ཞིག་བསྔགས་འོས་ན།། མ་བཅོལ་ལེགས་པར་བྱེད་པ་ཡི།། བྱང་ཆུབ་སེམས་དཔའ་སྨོས་ཅི་དགེས།། འགྲོ་བ་ཉུང་ཟད་ནར་མའི་ཟད་སྦྱོར་བ།། སྐད་ཅིག་ཟས ་ཙམ་སྦྱིན་པར་བྱེད་པ་དང་།། བརྙས་བཅས་ཉིན་ཕྱེད་འགྲངས་པར་བྱེད་པ་ཡང་།། དགེ་བ་བྱེད་པ་ཡིན་ཞེས་སྐྱེ་བོས་བཀུར།། སེམས་ཅན་པ་གྲང་མཐའ་ཡས་ལ་དུས་རིང་དུ།། བདེ་བར་གཤེགས་ཀྱི་བདེ་བ་བླ་ན་མེད།། ཡིད་ལ་བསམ་པ་མཐའ་དག་རྫོགས ་བྱེད་པ།། རྟག་ཏུ་སྦྱིན་པ་ལྟ་ཞིག་སྨོས་ཅི་དགོས།། གང་ཞིག་དེ་འདྲའི་རྒྱལ་སྲས་སྦྱིན་བདག་ལ།། གལ་ཏེ་ངན་སེམས་སྐྱེད་པར་བྱེད་ན་དེ།། ངན་སེམས་བསྐྱེད་པའི་གྲངས་བཞིན་བསྐལ་པར་ནི།། དམྱལ་བར་གནས་པར་འགྱུར་ཞེས་ཐུབ་པས་གསུངས།། ། ་འོན་ཏེ་གང་ཞིག་ཡིད་རབ་དང་བྱེད་ན།། དེ་ཡི་འབྲས་བུ་དེ་བས་ལྷག་པར་འཕེལ།། རྒྱལ་སྲས་རྣམས་ལ་དོ་གལ་ཆེན་པོས་ཀྱང་།། སྡོག་པ་མི་འབྱུང་དགེ་བ་དང་གིས་འཕེལ།། གང་ལ་སེམས་ཀྱི་དམ་པ་རིན་ཆེན་དེ།། སྐྱེས་པ་དེ་ལི་སྐུ་ལ་ཕྱག་འཚལ་ཞིང་།། ག ་ལ་གནོད་པ་བྱས་ཀྱང་བདེ་འབྲེལ་པ།། བདེ་བའི་འབྱུང་གནས་དེ་ལ་སྐྱབསུ་མཆི།། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་བཤད་པ་སྟེ་ལེའུ་དང་པོའོ།། །། རིན་ཆེན་སེམས་དེ་བཟུང ་བར་བྱ་བའི་ཕྱིར།། དེ་བཞིན་གཤེགས་པ་རྣམས་དང་དམ་པའི་ཆོས།། དཀོན་མཆོག་དྲི་མ་མེད་དང་སངས་རྒྱས་སྲས།། ཡོན་ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད།། མེ་ཏོག་འབྲས་བུ་ཇི་སྙེད་ཡོད་པ་དང་།། སྨན་གྱི་རྣམ་པ་གང་དག་ཡོད་པ་དང་།། འཇིག་རྟེན ་རིན་ཆེན་ཇི་སྙེད་ཡོད་པ་དང་།། ཆུ་གཙང་ཡིད་དུ་འོང་བ་ཅི་ཡོད་དང་།། རིན་ཆེན་རི་བོ་དང་ནི་དེ་བཞིན་དུ།། ནགས་ཚལ་ས་ཕྱོགས་དབེན་ཞིང་ཉམས་དགའ་དང་།། ལྗོན་ཤིང་མེ་ཏོག་རྒྱན་སྤྲས་སྤུད་པ་དང་།། ཤིང་གང་འབྲས་བཟང་ཡལ་གདུད་པ་དང་།། ལྷ ་སོགས་འཇིག་རྟེན་ན་ཡང་དྲི་དང་ནི།། སྤོས་དང་དཔག་བསམ་ཤིང་དང་རིན་ཆེན་ཤིང་།། མ་རྨོས་འཁྲུངས་པའི་ལོ་ཏོག་རྣམ་པ་དང་།། གཞན་ཡང་མཆོད་པར་འོས་པའི་རྒྱན་རྣམས་ནི།། མཚེ་དང་རྫིང་བུ་པདྨས་བརྒྱན་པ་དག། ངང་པ་ཤིན་ཏུ་སྐད་སྙན་ཡོད ་འོད་ལྡན།། ན་མཁའ་རབ་འབྱམ་ཁམས་ཀྱི་མཐས་གཏུགས་པ།། ཡོངསུ་བཟུང་བ་མེད་པ་དེ་དག་ཀུན།། བློ་ཡིས་བླངས་ནས་ཐུབ་པ་སྐྱེས་ཀྱི་མཆོག། སྲས་དང་བཅས་པ་རྣམས་ལ་ལེགས་འདུལ་ན།། ཡོན་གནས་དམ་པ་ཐུགས་རྗེ་ཆེ་རྣམས ་ཀྱིཀྱིས་བདག་ལ་བརྩེར་དགོངས་བདག་གི་འདི་དག་བཞེས།། བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་ཏེ།། མཆོད་པའི་ནོར་གཞན་བདག་ལ་ཅང་མ་མཆིས།། དེས་ན་གཞན་དོན་དགོངས་པའི་མགོན་གྱིས་འདི།། བདག་གི་དོན་སླད་ཉིད་ཀྱི་མཐུས་བཞས་ཤིག། རྒྱལ ་དྲང་དེ་སྲས་རྣམས་ལ་བདག་གིས་ནི།། བདག་གི་ལུས་ཀུན་གཏན་དུ་དབུལ་བར་བགྱི།། སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་པ་ཞེས་ཤིག། གུས་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི།། བདག་ནི་ཁྱེད་ཀྱིས་ཡོངསུ་བཟུང་བས་ན།། སྲིད་ན་མི་འཇིགས ་སེམས་ཅན་ཕན་པ་བགྱི།། སྔོན་གྱི་སྡིག་ལས་ཡང་དག་འདའ་བགྱིད་ཅིང་།། སྡིག་པ་གཞན་ཡང་སླན་ཆད་མི་བགྱིད་དེ།། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པོ།། ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར།། རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན།། ་མུ་ཏིག་འོད་ཆགས་བླ་བྲེ་བྲེས་པ་དེར།། དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ།། རིན་ཆེན་བུམ་པ་མང་པོ་སྤྲོས་ཀྱི་ཆུ།། ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི།། རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ།། དེ་དག་སྐུ་ལ་མཚུངས་པ་མེད་པའི ་གོས།། གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ།། དེ་ནས་ང་ལ་ཁ་དོག་ལེགས་བསྒྱུར་བའི།། ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་དབུལ།། གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་།། རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས།། འཕགས་པ་ཀུན་ཏུ་བཟང་དང ་འཇམ་དརྒྱས་དང་།། འཇིག་རྟེན་དབང་ཕྱུག་སོགས་ལའང་བརྒྱན་པར་བགྱི།། སྟོང་གསུམ་ཀུན་ཏྱཱ་ངང་ལྟུང་བ་མོ།། བྲམ་ཚག་རྣམས་ཀྱིས་ཐུབ་དབ་ཀུན་གྱི་སྐུ།། གསར་སྦྱངས་པས་མ་བྱི་དཀྱུས་པ་སྦྱར།། འོད་ཆགས་འབྱུར་བ་དེ་དག་ཐུག་པཱར་བ་9།། ་དབང་མཆོད་གནས་མཆོག་ལ་ཡིད་འང་བའོ།། མེ་ཏོག་མན་རཱ་དང་བདྨ་དང་།། ཨུཏྤལ་ལ་སོགས་དྲི་ཞིམ་ཐམས་ཅད་དང་།། ཕྲེང་བ་སྒྲི་བ་ལེགས་ཡོང་འ་རྣམས་ཀྱིས་མཆོད།། སྤོས་མཆོག་ཡིད་འགྲོག་དྲི་ད་ཁྱབ་པ་ཡྀ།། བདུག་པའི་སྤྲིན་ཚོགས་རྣམ ་ཀྱང་དེ་ལ་དབུལ།། ཞལ་ཟས་བཟའ་བ་ཏུ། ཚོགས་བཅས་པ་ཡི།། ལྷ་བཤེས་རྣམས་ཀྱང་དེ་ལ་དབུལ་བར་བགྱི།། གསེར་གྱི་པདྨ་ཆར་དུ་དང་ར་བ་ཡི།། རིན་ཆེན་སྟོན་མེ་རྣམས་ཀྱང་དབུལ་བར་བགྱི།། ས་གཞི་བསྟར་བ་སྤོས་ཀྱིས་བྱུགས་པ་དེར།། མེ་ཏོག་ཡིད ་འོད་སི་ལ་མ་དཀྲམ་པར་བགྱི།། གཞལ་མེད་ཕོ་བྲང་བསྟོད་དབྱངས་ཡིད་འོང་ལྡན།། མུ་ཏིག་རིན་ཆེན་རྒྱུན་འཕྱང་མཛེས་འབར་བ།། དཔག་ཡས་ནཱ་མཁའི་རྒྱན་གྱུར་དེ་དག་ཀྱང་།། ཐུགས་རྗེའི་རང་བཞིན་ཅན་ལ་དབུལ་བར་བགྱི།། དོན་ཆེན་གདུགས་མཛེས ་གསེར་གྱི་སུ་བཱ་ཅན།། ཁོར་ཡུས་རྒྱན་གྱི་རྣམ་པ་ཡོད་ཅིང་ལྡན།། དབྱིབས་ལེགས་སྦྱིན་སྡུག་པ་བསྒྲེང་བ་སོང་།། རྟག་ཏུ་ཐུབ་དབང་རྣམས་ལ་དབུལ་བར་བགྱི།། དེ་ལས་གཞན་ཡང་མཆོད་པའི་ཚོགས།། རོལ་མེ་དབྱངས་སྙན་ཡིད་འོང་ལྡན།། སེམས་ཅ ་སྡུག་བསྔལ་ཚིམ་བྱེད་པའི།། སྤྲིན་རྣམ་གནས་གྱུར་ཅིག། དམ་ཆོས་དཀོན་མཆོག་ཐམས་ཅད་དང་།། མཆོད་རྟེན་རྣམས་དང་སྐུ་གཟུགས་ལ།། རིན་ཆེན་མེ་ཏིག་ལ་སོགས་ཆར།། རྒྱུན་མི་འཆད་པར་འབའ་པར་ཤོག། ཇི་ལྟར་འཇམ་དབྱངས་ལ་སོགས ་པས། རྒྱལ་བ་རྣམས་ལ་མཆོད་མཛད་པ།། དེ་བཞིན་བདག་གིས་དེ་བཞིན་གཤེགས།། མགོན་པོ་སྲས་དང་བཅས་རྣམས་མཆོད།། ཡོན་ཏན་རྒྱ་མཚོ་རྣམས་ལ་བདག། བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད།། བསྟོད་དབྱངས་སྙན། ་སྤྲིན་དེ་དག་ལ།། ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག། དུས་གསུམ་གཤེགས་པའི་སངས་རྒྱས་ཀུན།། ཆོས་དང་ཚོགས་ཀྱི་མཆོག་བཅས་ལ།། ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི།། ལུས་བཏུད་པས་ནི་བདག་ཕྱག་འཚལ།། བྱང་ཆུབ་སེམས་ཀྱི་གཞི་རྣམས ་དང་། མཆོད་རྟེན་ཀུན་ལའང་བདག་ཕྱག་འཚལ།། མཁན་པོ་དེ་བཞིན་སློབ་དཔོན་དང་།། བརྟུལ་ཞུགས་མཆོག་ལ་ཕྱག་འཚལ་ལོ།། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར།། སངས་རྒྱས་རྣམས་ལ་སྐྱབས་སུ་མཆིས།། ཆོས་དང་བྱང་ཆུབ་སེམས་དཔའ་ཡི།། ་ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི།། ཕྱོགས་རྣམས་ཀུན་ན་བཞུགས་པ་ཡི།། རྫོགས་སངས་རྒྱས་དང་བྱང་ཆུབ་སེམས།། ཐུགས་རྗེ་ཆེན་པོ་མངའ་རྣམས་ལ།། ཐལ་མོ་སྦྱར་ཏེ་གསོལ་བ་ནི།། ཐོག་མ་མེད་ལྡན་འཁོར་བ་ནས།། ཚེ་རབས་འདི་འམ་གཞན ་ངག་ཏུ།། བདག་གིས་མ་འོ་ཚལ་སྡིག་བགྱིས་པ་འམ།། བགྱིད་དུ་སྩལ་པ་ཉིད་དང་ནི།། གཏི་མུག་འཁྲུལ་པས་བདག་ནོན་ཏེ།། རྗེ་སུ་ཡི་རང་གང་བགྱིས་པ།། ནོངས་པ་དེ་ནི་མཐོང་བགྱིས་ནས།། བསམ་པ་ཐག་པས་མགོན་ལ་བཤགས།། བདག་གིས་དཀོན ་མཆོག་གསུམ་དང་ནི།། ཕ་མ་བམ་བླ་མ་གཞན་དག་ལ།། ཉོན་མོངས་སྒོ་ནས་ལུས་ངག་དང་།། ཡིད་ཀྱིས་གནོད་བགྱིས་གང་ལགས་དང་།། ཉེས་པ་དུ་མའི་སྐྱོན་ཆགས་པའི།། སྡིག་ཅན་བདག་གིས་སྡིག་པ་གང་།། ཤིན་ཏུ་མི་བཟང་བགྱིས་པ་དེ།། ཐམས ་ཅད་འདྲེན་པ་རྣམས་ལ་འཆགས།། བདག་ནི་སྡིག་པ་མ་བྱང་བར།། སྟོན་དུ་འགུམ་པར་འགྱུར་དུ་མཆི།། ཇི་ལྟར་འདི་ལས་ངེས་ཐར་བར།། མྱུར་བའི་ཚུལ་གྱིས་བསྐྱུག་ཏུ་གསོལ།། ཡིད་བརྟན་མི་རུང་འཆི་བདག་འདི།། བྱས་དང་མ་བྱས་མི་སྡོད་པས།། ན་དང ་མི་ན་ཀུན་གྱིས་ཀྱང་།། གློ་བུར་ཚེ་ལ་ཡིད་མི་བརྟན།། ཐམས་ཅད་བོར་ཏེ་ཆ་དགོས་པས།། བདག་གིས་དེ་ལྟར་མ་ཤེས་པས།། མཛའ་དང་མི་མཛའ་དོན་གྱི་ཕྱིར།། སྡིག་པ་རྣམ་པ་སྣ་ཚོགས་བྱས།། མི་མཛའ་རྣམས་ཀྱང་མེད་འགྱུར་ཞིང་།། མཛའ ་བ་རྣམས་ཀྱང་མེད་པར་འགྱུར།། བདག་ཀྱང་མེད་པར་འགྱུར་པ་སྟེ།། དེ་བཞིན་ཐམས་ཅད་མེད་པར་འགྱུར།། རྨི་ལམ་ཉམསུ་མྱོང་བ་བཞིན།། དངོས་པོ་གང་དང་གང་སྤྱད་པ།། དེ་དེ་དྲན་པའི་ཡུལ་དུ་འགྱུར།། འདས་པ་ཐམས་ཅད་མཐོང་མི ་འགྱུར།། རེ་ཞིག་གསོན་ཚེ་འདི་ཉིད་ལ།། མཛའ་དང་མི་མཛའ་དུམ་འདས།། དེ་དག་དོན་དུ་བྱས་པའི་སྡིག། མི་བཟད་གང་ཡིན་མདུན་ན་གནས།། དྲི་ལྟར་བདག་ནི་བློ་བུར་ཞེས།། བདག་གིས་རྟོགས་པར་མ་གྱུར་པས།། གཏི་མུག་ཆགས་དང་ཞེ་སྡང་གིས།། ་སྡིག་པ་རྣམ་པ་དུ་མ་བྱས།། ཉིན་མཚན་སྡོད་པ་ཡོད་མེད་པར།། ཚེ་འདི་རྟག་ཏུ་གོང་འགྱུར་ཞིང་།། སྨོན་པ་གུད་ནས་འོང་མེད་ན།། བདག་ལྟ་འཆི་བར་ཅིས་མི་འགྱུར།། བདག་ནི་མལ་ན་འདུག་བཞིན་དུ།། གཉེན་བཤེས་རྣམས་ཀྱིས་མཐའ་བསྐོར ་ཡང་། སྲོག་འཆད་པ་ཡི་ཚོར་བ་དག། བདག་ཉིད་གཅིག་པུས་མྱོང་བར་འགྱུར།། གཤིན་རྗེའི་ཕོ་ཉས་ཟིན་པ་ལ།། གཉེན་གྱིས་ཅི་ཕན་བཤེས་ཅི་ཕན།། དེ་ཚེ་བསོད་ནམས་གཅིག་སྐྱབས་ན།། དེ་ཡང་བདག་གིས་མ་བསྟེན་ཏོ།། མགོན་པོ་བག་མེད་བདག་གིས ་ནི། འཇིགས་པ་འདི་འདམ་འཚལ་ནས།། མི་རྟག་ཚེ་འདིའི་ཆེད་དག་ཏུ།། སྡིག་པ་མང་པོ་ཉེ་བར་བསྒྲུབས།། སྐྱེ་བོ་ཡན་ལག་བཅད་པའི་སར།། དེ་རིང་ཁྲིད་པའང་བྲེང་འགྱུར་ཏེ།། ཁ་སྐམས་མིག་རྩ་ངན་ལ་སོགས།། སྔ་ལས་གཞན་དུ ་འགྱུར་སྣང་ན།། གཤིན་རྗེའི་ཕོ་ཉ་འཇིགས་འཇིགས་ལྟག། ཤ་ཚུགས་ཅན་གྱིས་བཟུང་གྱུར་ཅིང་།། འཇིགས་ཆེན་ནད་ཀྱིས་ཐེབས་གྱུར་པ།། རབ་ཏུ་ཉམ་ཐག་སྨོས་ཅི་དགེས།། སུ་ཞིག་འཇིགས་ཆེན་འདི་ལས་བདག། ལེགས་པར་སྐྱོབ་པར་བྱེད་འགྱུར་ཞེས།། ་བྲེད་ཤ་ཐོན་པའི་མིག་བགྲད་ནས།། ཕྱོགས་བཞིར་སྐྱབས་དག་ཚོལ་བར་བྱེད།། ཕྱོགས་བཞིར་སྐྱབས་མེད་མཐོང་ནས་ནི།། དེ་ནས་ཀུན་ཏུ་ཡི་མུག་འགྱུར།། གནས་དེར་སྐྱབས་ཡོད་མ་ཡིན་ན།། དེ་ཚེ་བདག་གིས་ཇི་ལྟར་བྱ།། དེ་བས་རྒྱལ་བ་འགྲོ་བའི ་མགོན།། འགྲོ་བ་སྐྱོབ་པའི་དོན་བརྩོན་པ།། སྟོབས་ཆེན་འཇིགས་པ་ཀུན་སེལ་ལ།། དེ་རིང་ཉིད་ནས་སྐྱབསུ་མཆི།། དེ་ཡི་ཐུགསུ་ཆུད་པའི་ཆོས།། འཁོར་བའི་འཇིགས་པ་སེལ་བ་དང་།། བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང་།། དེ་བཞིན་ཡང་དག་སྐྱབས་སུ ་མཆི།། བདག་ནི་འཇིགས་པས་རྣམ་སྐྲག་ནས།། ཀུན་ཏུ་བཟང་ལ་བདག་ཉིད་འབུལ།། འཇམ་དཔལ་དབྱངས་ལའང་བདག་ཉིད་ཀྱིས།། བདག་གི་ལུས་ནི་དབུལ་བར་བགྱི།། ཐུགས་རྗེས་སྤྱོད་པ་མ་འཁྲུལ་པ།། སྤྱན་རས་གཟིགས་མགོན་དེ་ལ་ཡང་།། ཉམ་ཐག ་ང་རོས་པོ་དང་འབོད།། སྡིག་ཅན་བདག་ལ་སྐྱབ་ཏུ་གསོལ།། འཕགས་པ་ན་མཁའི་སྙིང་པོ་དང་།། ས་ཡི་སྙིང་པོ་དག་དང་ནི།། ཐུགས་རྗེ་ཆེ་མགོན་ཐམས་ཅད་ལ།། སྐྱབས་ཚོལ་སྙིང་ནས་འོ་དོད་འབོད།། གང་ཞིག་མཐོང་ན་གཤིན་རྗེ་ཡི།། པོ་ཉ་ལ་སོགས་སྡང་བ ་རྣམས།། སྐྲག་ནས་ཕྱོགས་བཞིར་འབྱེར་མཛད་པ།། རྡོ་རྗེ་ཅན་ལ་སྐྱབསུ་མཆི།། སྔོན་ཆད་ཁྱེད་ཀྱི་བཀའ་ལས་འདས།། ད་ནི་འཇིགས་པ་ཆེ་མཐོང་ནས།། ཁྱེད་ལ་སྐྱབསུ་མཆི་ལགས་ཀྱིས།། འཇིགས་པ་མྱུར་དུབས་ལདུ་སོག་ཐ་མལ་ནད་ཀྱིས་འཇིགས་ན་ཡང་། ་སྨན་པའི་ངག་བཞིན་བྱ་དགོས་ན།། འདོད་ཆགས་ལ་སོགས་ཉེས་བརྒྱ་ཡི།། ནད་ཀྱི་རྟག་བཏབ་སྨོས་ཅི་དགོས།། དེ་གཅིག་གིས་ཀྱང་འཛམ་གླིང་ན།། གནས་པའི་མི་ཀུན་རླག་བྱེད་ལ།། དེ་དག་གསོ་བའི་སྨན་གཞན་ནི།། ཕྱོགས་རྣམས་ཀུན་ནས་མི་རྙེད་ན།། དེ ་ལ་སྨན་པ་ཐམས་ཅད་མཁྱེན།། ཟུག་རྔུ་ཐམས་ཅད་འབྱིན་པ་ལི།། བཀའ་ལྟར་མི་བྱེད་སེམས་པ་ནི།། ཤིན་ཏུ་གཏི་མུག་སྨད་པའི་གནས།། གཡང་ས་ཐ་མལ་ཆུང་ངུ་ལའང་།། བག་ཡོད་གནས་པར་བྱ་དགོས་ན།། དཔག་ཚད་སྟོང་དུ་ལྷུང་བ་ཡི།། ཡུན ་རིང་གཱ་ཡང་སར་སྨོས་ཅི་དགོས།། དེ་རིང་ཁོ་ན་མི་འཆི་ཞེས།། བདེ་བར་འདུག་པ་རིགས་མ་ཡིན།། བདག་ནི་མེད་པར་འགྱུར་བའི་དུས།། དེ་ནི་གདོན་མི་ཟ་བར་འབྱུང་།། བདག་ལ་མི་འཇིག་སུ་ཡི་བྱིན།། འདི་ལས་ཇི་ལྟར་ངེས་ཐར་ཞེས།། གདོན་མི་ཟ ་བར་མེད་འགྱུར་ན།། ཅི་ཕྱིར་བདག་ཡིད་བདེ་བར་འདུག། སྔོན་ཆད་མྱོང་སྟེ་ཞིག་པ་ལས།། བདག་ལ་ལྷག་པ་ཅི་ཡོད་ན།། བདག་ནི་དེ་ལ་སྔོན་ཞེན་ནས།། བླ་མའི་བཀའ་དང་འགལ་བར་བྱས།། གསོན་ཚེ་འདི་དང་དེ་བཞིན་དུ།། གཉེན་དང་བཤེས ་པ་རྣམས་སྤངས་ནས།། གཅིག་པུ་གཤེད་འགྲོ་དགོས་ན།། མཛའ་དང་མི་མཛའ་ཀུན་ཅི་རུང་།། མི་དགེ་བ་ལས་སྡུག་བསྔལ་འབྱུང་།། དེ་ལས་ཇི་ལྟར་ངེས་ཐར་ཤེས།། ཉིན་མཚན་རྟག་ཏུ་བདོག་གིས་ནི།། འདི་ཉིད་འབའ་ཞིག་བསམ་པའི་རིགས།། བདག ་ནི་མི་ཤེས་གཏི་མུག་པས།། རང་བཞིན་ཁ་ན་མ་ཐོ་བའམ།། བཅས་པའི་སྡིག་པ་གང་ཡིན་ལས།། གང་ཡང་རུང་བ་བགྱིས་པ་རྣམས།། མགོན་པོའི་སྤྱན་སྔར་མངོན་སུམ་དུ།། ཐལ་སྦྱར་སྡུག་བསྔལ་འཇིགས་སེམས་ཀྱིས།། ཡང་དང་ཡང་དུ ་ཕྱག་འཚལ་ཏེ།། དེ་དག་ཐམས་ཅད་བཤགས་པར་བགྱི།། འདྲེན་པ་རྣམས་ཀྱིས་བདག་གི་སྡིག། ནོངས་པ་ལགས་པར་གཟུང་དུ་གསོལ།། འདི་ནི་བཟང་པོ་མ་ལགས་པས།། སླན་ཆད་བདག་ནི་ཡོང་མི་བགྱིད།། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་སྡིག་པ་བཤ ་པོའི་ལེའུ་སྟེ་གཉིས་པའོ།། །། སེམས་ཅན་ཀུན་གྱི་ངན་སོང་གི། སྡུག་བསྔལ་ངལ་སེའི་དགེ་བ་དང་།། སྡུག་བསྔལ་ཅན་དག་བདེར་གནས་ལ།། དགའ་བས་རྗེ་སུ་ཡི་རང་ངོ་།། བྱང་ཆུབ་རྒྱུར་གྱུར་དགེ་བསགས་པ།། དེ་ལ་རྗེ་སུ་ཡི་རང་ངོ་།། ལུས་ཅན་འཁོར ་བའི་སྡུག་བསྔལ་ལས།། ངེས་པར་ཐར་ལ་ཡི་རང་ངོ་།། སྐྱོབ་པ་རྣམས་ཀྱི་བྱང་ཆུབ་དང་།། རྒྱལ་སྲས་ས་ལའང་ཡི་རང་ངོ་།། སེམས་ཅན་ཐམས་ཅད་བདེ་མཛད་པའི།། ཐུགས་བསྐྱེད་དགེ་བ་རྒྱ་མཚོ་དང་།། སེམས་ཅན་ཕན་པར་མཛད་པ་ལ།། དགའ་བས་རྗེ་སུ་ཡི་རང་ངོ་།། ཕྱོགས ་རྣམས་ཀུན་གྱི་སངས་རྒྱས་ལ།། ཐལ་མོ་སྦྱར་ཏེ་གསོལ་བ་ནི།། སེམས་ཅན་སྡུག་བསྔལ་མུན་འཐོམས་ལ།། ཆོས་ཀྱི་སྒྲོན་མེ་སྦར་དུ་གསོལ།། རྒྱལ་བ་མྱ་ངན་འདའ་བཞེད་ལ།། ཐལ་མོ་སྦྱར་ཏེ་གསོལ་བ་ནི།། འགྲོ་འདི་ལྡོངས་པར་མི་དགོད་ཅིང་།། བསྐལ་པ་གྲངས་མེད ་བཞུགས་པར་གསོལ།། དེ་ལྟར་འདི་དག་ཀུན་བྱས་ཏེ།། དགེ་བ་བདག་གིས་བསགས་པ་གང་།། དེས་ནི་སེམས་ཅན་ཐམས་ཅད་ཀྱི།། སྡུག་བསྔལ་ཐམས་ཅད་བསལ་བར་ཤོག། འགྲོ་བ་ནད་པ་ཇི་སྲིད་དུ།། ནད་སོས་གྱུར་གྱི་བར་དུ་ནི།། སྨན་དང་སྨན་པ་ཉིད་དག་དང་།། ། ་དེ་ཡི་ནད་གཡག་བྱེད་པར་ཤོག། ཟས་དང་སྐོམ་གྱི་ཆར་ཕབ་སྟེ།། བཀྲེས་དང་སྐོམ་པའི་གནོད་པ་བསལ།། མུ་གེའི་བསྐལ་པ་བར་མའི་ཚེ།། བདག་ནི་ཟས་དང་སྐོམ་དུ་གྱུར།། སེམས་ཅན་ཕོངས་ཤིང་དབུལ་བ་ལ།། བདག་ན་མི་ཟད་གཏེར་གྱུར་ཏེ།། མ ་བྱད་མཁོ་དགུ་སྣ་ཚོགས་སུ། མདུན་ན་ཉེ་བར་གནས་གྱུར་ཅིག། ལུས་དང་དེ་བཞིན་ལོངས་སྤྱོད་དང་།། དུས་གསུམ་དགེ་བ་ཐམས་ཅད་ཀྱང་།། སེམས་ཅན་ཀུན་གྱི་དོན་སྒྲུབ་ཕྱིར།། ཕངས་པ་མེད་པར་གཏང་བར་བྱ།། ཐམས་ཅད་བཏང་བས་མྱ་ངན་འདའ།། ་བདག་བློ་མྱ་ངན་འདས་པ་བསྒྲུབ།། ཐམས་ཅད་གཏོང་བར་ཆབས་གཅིག་ལ།། སེམས་ཅན་རྣམས་ལ་གཏང་བ་མཆོག། བདག་གིས་ལུས་ཅན་ཐམས་ཅད་ལ།། ལུས་འདི་ཅི་བདེར་བྱིན་ཟིན་གྱིས།། རྟག་ཏུ་གསོད་དང་སྨོད་པའམ།། བརྡེག་སོགས་ཅི་དགར ་བྱེད་ལ་རག། བདག་གི་ལུས་ལ་རྩེ་བྱེད་དམ།། ཅོ་འདྲི་ག་ཞའི་རྒྱུ་བྱེད་ཀྱང་།། བདག་གི་ལུས་འདི་བྱིན་ཟིན་གྱིས།། འདི་ཡི་ཁ་ཏས་ཅི་ཞིག་བྱ།། དེ་ལ་གནོད་པར་མི་འགྱུར་བའི།། ལས་གང་ཡིན་པ་བྱེད་དུ་ཆུག། བདག་ལ་དམིགས་ནས་ནམ་དུ་ཡང་།། འགའ་ཡང ་དོན་མེད་མ་གྱུར་ཅིག། བདག་ལ་དམིགས་ནས་གང་དག་གིས།། ཁྲོ་བའམ་དད་པའི་སེམས་བྱུང་ན།། དེ་ཉིད་རྟག་ཏུ་དེ་དག་གི། དོན་ཀུན་འགྲུབ་པའི་རྒྱུར་གྱུར་ཅིག། གང་དག་བདག་ལ་ཁ་ཟེར་རམ།། གཞན་གང་གནོད་པ་བྱེད་པའམ།། དེ་བཞིན་ཕྱར་ཀ་གཏོང ་ཡང་རུང་།། ཐམས་ཅད་བྱང་ཆུབ་སྐལ་ལྡན་གྱུར།། བདག་ནི་མགོན་མེད་རྣམས་ཀྱིས་མགོན།། ལམ་ཞུགས་རྣམས་ཀྱི་དེད་དཔོན་དང་།། རྒལ་འདོད་རྣམས་ཀྱི་གྲུ་དང་ནི།། གཟིངས་དང་ཟམ་པ་ཉིད་དུ་གྱུར།། གླིང་དོན་གཉེར་ལ་གླིང་དང་ནི།། གནས་མལ ་འདོད་ལ་གནས་མལ་དང་།། བདཱག་ནི་ལུས་ཅན་བྲན་འདོད་པ།། ཀུན་གྱི་བྲན་དུ་འགྱུར་བར་ཤོག། ཡིད་བཞིན་ནོར་བུ་བུམ་པ་བཟུང་།། རིག་སྔགས་གྲུབ་དང་སྨན་ཆེན་དང་།། དཔག་བསམ་གྱི་ནི་ཤིང་དག་དང་།། ལུས་ཅན་རྣམས་ཀྱི་འདོད་འཛར ་གྱུར་པས་སོགས་འབྱུང་བ་ཆེན་པོ་དང་།། ན་མཁའ་བཞིན་དུ་རྟག་པར་ཡང་།། སེམས་ཅན་དཔག་ཏུ་མེད་པ་ཡི།། རྣམ་མང་ཉེར་འཚེའི་གཞིར་ཡང་ཤོག། དེ་བཞིན་ན་མཁའི་མཐས་གཏུགས་པའི།། སེམས་ཅན་ཁམས་ལ་རྣམ་ཀུན་དུ།། ཐམས་ཅད་མྱ་ངན ་འདས་བར་དུ།། བདག་ནི་ཉེ་འཚོའི་རྒྱུར་ཡང་ཤོག། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས།། བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་།། བྱང་ཆུབ་སེམས་དཔའི་བསླབ་པ་ལ།། དེ་དག་རིམ་བཞིན་གནས་པ་ལྟར།། དེ་བཞིན་འགྲོ་ལ་ཕན་དོན་དུ།། བྱང་ཆུབ་སེམས་ནི་བསྐྱེད ་བགྱི་ཞིང་།། དེ་བཞིན་དུ་ནི་བསླབ་པ་ལའང་།། རིམ་པ་བཞིན་དུ་བསླབ་པར་བགྱི།། དེ་ལྟར་བློ་དང་ལྡན་པ་ཡིས།། རབ་དང་བྱང་ཆུབ་སེམས་བཟུང་ནས།། མཇུག་ཀྱང་རྒྱས་པར་བྱ་བའི་ཕྱིར།། སེམས་ནི་འདི་ལྟར་གཟང་བསྟོད་དོ།། དེང་དུ་བདག་ཚེ་འབྲས་བུ་ཡོད།། མི ་ཡི་སྲིད་པ་ལེགས་པར་ཐོབ།། དི་རིང་སངས་རྒྱས་རིགས་སུ་སྐྱེས།། སངས་རྒྱས་སས་སུ་བདག་དང་གྱུར།། ད་ནི་བདག་གིས་ཅི་ནས་ཀྱང་།། རིགས་དང་མཐུན་པའི་ལས་བརྩམས་ཏེ།། སྐྱོན་མེད་བཙུན་པའི་རིགས་འདི་ལ།། རྙོག་པར་མི་འགྱུར་དེ་ལྟར་བྱ།། ལོང་བ ་ཕྱག་དར་ཕུང་པོ་ལས།། ཇི་ལྟར་རིན་ཆེན་རྙེད་པ་ལྟར།། དེ་བཞིན་ཇི་ཞིག་ལྟར་སྟེས་ནས།། བྱང་ཆུབ་སེམས་འདི་བདག་ལ་སྐྱེས།། འགྲོ་བའི་འཆི་བདག་འཇོམས་བྱེད་པའི།། བདུད་རྩིའི་མཆོག་ཀྱང་འདི་ཡིན་ནོ།། འགྲོ་བའི་དབུལ་བ་སེལ་བ་ཡི།། མི་ཟད་གཏེར་ཡང ་འདི་ཡིན་ནོ།། འགྲོ་བའི་ནད་རབ་ཞི་བྱེད་པའི།། སྨན་གྱི་མཆོག་ཀྱང་འདི་ཡིན་ནོ།། སྲིད་ལམ་འཁྱམས་ཞིང་དུབ་པ་ཡི།། འགྲོ་བའི་ངལ་སོ་ལྗོན་ཤིང་ཡིན།། འགྲོ་བ་ཐམས་ཅད་ངན་འགྲོ་ལས།། སྒྲོལ་བར་བྱེད་པའི་སྤྱི་སྟེགས་ཡིན།། འགྲོ་བའི་ཉོན་མོངས་གདུང་སེལ་བའི། ་སེམས་ཀྱི་ཟླ་བ་ཤར་བ་ཡིན།། འགྲོ་བའི་མི་ཤེས་རབ་རིབ་དག། དབྱིས་འབྱིན་ཉི་མ་ཆེན་པོ་ཡིན།། དམ་ཆོས་འོ་མ་བསྲུབས་པ་ལས།། མར་གྱི་ཉིད་ཁུ་ཕྱུང་བ་ཡིན།། འགྲོ་བའི་འགྲོན་པ་སྲིད་པའི་ལམ་རྒྱུ་ཞིང་།། བདེ་བའི་ལོངས་སྤྱོད་སྤྱད་པར་འདོད་པ་ལ།། འདི་ནི་བདེ ་བའི་མཆོག་ཏུ་ཉེར་གནས་ཏེ།། སེམས་ཅན་འགྲོན་ཆེན་ཚིམ་པར་བྱེད་པ་ཡིན།། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི།། སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི།། བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས།། ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས།། བྱང ་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས།། བྱང་ཆུབ་ཀྱི་སེམས་ཡོངསུ་བཟུང་པོ་ཞེས་བྱ་བ་སྟེ་ལེའུ་གསུམ་པའོ།། ། རྒྱལ་བའི་སྲས་ཀྱིས་དེ་ལྟ་བུར།། བྱང་ཆུབ་སེམས་རབ་བཱིརྟན་བཟུང་ནས།། གཡེལ་བ་མེད་པར་རྟག་ཏུ་ཡང་།། བསླབ ་ལས་མི་འདབ་འབད་པར་བྱ།། བབ་ཅོལ་བརྩམས་པ་གང་ཡིན་པའམ།། གང་ཞིག་ལེགས་པོར་མ་བརྟགས་པ།། དེ་ནི་དམ་བཅས་བྱས་གྱུར་ཀྱང་།། བྱ་འམ་གཏ་ཞེས་བརྟག་པའི་རིགས།། སངས་རྒྱས་རྣམས་དང་དེ་ཡི་སྲས།། ཤེས་རབ་ཆེན་པོས་གང་བརྟགས ་ཤིང་། བདག་ཉིད་ཀྱིས་ཀྱང་བརྟག་བརྟགས་པ།། དེ་ལ་བར་ཤོལ་དུ་ཅི་ཞིག་ཡོད།། གལ་ཏེ་དེ་ལྟར་དམ་བཅས་ནས།། ལས་ཀྱིས་བསྒྲུབ་པར་མ་བྱས་ན།། སེམས་ཅན་དེ་དག་ཀུན་བསླུས་པས།། བདག་གི་འགྲོ་བ་ཅི་འདྲར་འགྱུར།། དངོས་པོ་ཕལ་པ་ཅུང་ཟད་ལའང་།། ཡིད་ཀྱི ་སྦྱིན་པར་བསམས་བྱས་ནས།། མི་གང་སྦྱིན་པར་མི་བྱེད་པ།། དེ་ཡང་ཡི་དགས་འགྱུར་གསུངས་ན།། བླ་ན་མེད་པའི་བདེ་བ་ལ།། བསམ་པ་ཐག་པས་མགྲིན་གཉེར་ནས།། འགྲོ་བ་ཐམས་ཅད་བསླུ་བྱས་ནས།། བདེ་འགྲོར་ཅིག ་འགྲོ་འགྱུར་རམ།། མི་གང་བྱང་ཆུབ་སེམས་བཏིང་ཡང་།། དེ་དག་ཐར་བར་མཛད་པ་ནི།། ལས་ཚུལ་བསམ་གྱིས་མི་ཁྱབ་སྟེ།། ཐམས་ཅད་མཁྱེན་པ་ཁོ་ནས་མཁྱེན།། དེ་ནི་བྱང་ཆུབ་སེམས་དཔའ་ལ།། ལྟུང་བའི་ནང་ན་ལྕི་བ་སྟེ།། འདི་ལྟར་དེ་ནི་བྱུང་གྱུར ་ན། སེམས་ཅན་ཀུན་གྱི་དོན་ལ་དམན།། གང་གཞན་འགའ་ཞིག་འདི་ཡི་ནི།། བསོད་ནམས་བར་ཆད་གེགས་བྱེད་པ།། སེམས་ཅན་དོན་ལ་དམན་གྱུར་པས།། དེ་ཡི་ངན་འགྲོ་མུ་མཐའ་མེད།། སེམས་ཅན་གཅིག་གི་བདེ་བ་ཡང་།། བཤིག་ན་བདག་ཉིད ་ཉམས་འགྱུར་ན།། ནམ་མཁའ་མ་ལུས་མཐའ་ཀླས་པའི།། ལུས་ཅན་བདེ་བཤིག་སྨོས་ཅི་དགོས།། དེ་ལྟར་ལྟུང་བ་སྟོབས་ལྡན་དང་།། བྱང་ཆུབ་སེམས་སྟོབས་ལྡན་པ་དག། འཁོར་བར་རེས་ཀྱིས་འདྲེ་བྱེད་ན།། ས་ཐོབ་པ་ལ་ཡུན་རིང་ཐོགས།། དེ་ལྟས་ཇི་ལྟར ་དམ་བཅས་བཞིན།། བདག་གིས་གུས་པར་བསྒྲུབ་པར་བྱ།། དེང་ནས་བརྩོན་པར་མི་བྱས་ན།། འོག་ནས་འོག་ཏུ་འགྲོ་བར་འགྱུར།། སེམས་ཅན་ཐམས་ཅད་ཕན་མཛད་པའི།། སངས་རྒྱས་གྲངས་མོདོ་འདས་གྱུར་ཀྱང་།། བདག་ནི་རང་གི་ཉེས་པས་དེའི།། ། ་གསོ་བའི་སྤྱོད་ཡུལ་མ་གྱུར་ཏོ།། ད་རུང་དེ་བཞིན་བདག་བྱེད་ན།། ཡང་དང་ཡང་དུའང་དེ་བཞིན་ཏེ།། ངན་འགྲོར་ནད་དང་འཆིང་བ་དང་།། གཅད་དང་གཤེག་སོགས་མྱོང་བར་འགྱུར།། དེ་བཞིན་གཤེགས་པ་འབྱུང་བ་དང་།། དད་དང་མི་ལུས་ཐོབ་པ་དང་།། དགེ ་གོམས་རུང་བ་དེ་ལྟ་བུར།། དཀོན་པ་ནམ་ཞིག་ཐོབ་པར་འགྱུར།། ནད་མེད་ཉི་མ་འདི་ལྟ་བུར།། ཟས་བཅས་འཚེ་བ་མེད་ཀྱང་ནི།། ཚེ་འདི་སྐད་ཅིག་བསླུ་བ་སྟེ།། ལུས་འདི་ཐང་ཅིག་བརྙན་པོ་བཞིན།། བདག་གི་སྤྱོད་པ་འདི་འདྲས་ནི།། མི་ཡི་ལུས་ཀྱང་ཐོབ་མི་འགྱུར།། ། ་མི་ལུས་ཐོབ་པར་མ་གྱུར་ན།། སྡིག་པ་འབའ་ཞིག་དགེ་བ་མད།། གང་ཚེ་དགེ་སྤྱང་སྐལ་ལྡན་ཡང་།། དགེ་བ་བདག་གིས་མ་བྱས་ན།། ངན་སོང་སྡུག་བསྔལ་ཀུན་རྨོངས་པ།། དེ་ཚེ་བདག་གིས་ཅི་བྱར་ཡོད།། དགེ་བ་དག་ཀྱང་མ་བྱས་ལ།། སྡིག་པ་དག་ཀྱང་ཉེར་བས་ཌ ་ན། བསྐལ་པ་བྱེ་བ་བརྒྱར་ཡང་ནི།། བདེ་འགྲོའི་སྒྲ་ཡང་ཐོས་མི་འགྱུར།། དེ་ཉིད་ཕྱིར་ན་བཅོམ་ལྡན་གྱིས།། རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི། བུ་གར་རུས་སྦལ་མགྲིན་ཆུད་ལྟར།། མི་ཉིད་ཤིན་ཏུ་ཐོབ་དཀར་གསུངས།། སྐད་ཅིག་གཅིག་བྱས་སྡིག ་པས་ཀྱང་།། བསྐལ་བར་མནར་མེད་གནས་འགྱུར་ན།། ཐོག་མེད་འཁོར་བར་བསགས་སྡིག་གིས།། བདེ་འགྲོར་མི་འགྲོ་སྨོས་ཅི་དགོས།། དེ་ཙམ་ཁོ་ན་མྱོང་གྱུར་ནས།། དེ་ནི་རྣམ་ཐར་མི་འགྱུར་ཏེ།། འདི་ལྟར་དེ་ནི་མྱོང་བཞིན་དུ།། སྡིག་པ་གཞན་དག་རབ་ཏུ་སྐྱེ།། འདི ་དྲདྲིའི་དལ་བ་རྙེད་གྱུར་ནས།། བདག་གིས་དགེ་གོམས་མ་བྱས་ན།། འདི་ལས་བསླུས་པ་གཞན་མེད་དེ།། འདི་ལས་རྨོངས་པའང་གཞན་མེད་དོ།། གལ་ཏེ་བདག་གིས་དེ་རྟོགས་ནས།། རྨོངས་པས་ཕྱིས་ཀྱང་སྒྱིད་ལུག་ན།། འཆི་བར་འགྱུར་བའི་དུས་ཀྱི་ཚེ།། མྱ་ངན ་ཆེན་པོ་ལྡང་བར་འགྱུར།། དམྱལ་མེ་བཟོད་དཀས་ཡུན་རིང་དུ།། བདག་གི་ལུས་ལ་སྲེག་འགྱུར་ན།། འགྱོད་པ་མི་བཟད་མེ་འབར་བས།། སེམས་གདུང་འགྱུར་བར་གདོན་མི་ཟ།། ཤིན་ཏུ་རྙེད་དཀའ་ཕན་པའོ་ས།། ཇི་ཞིག་ལྟར་སྟེ་ས་རྙེད་གྱུར་ནས།། བདག་ཉིད་ཤེས ་དང་ལྡན་བཞིན་དུ།། ཕྱིར་ཡང་དམྱལ་བ་དེར་ཁྲིད་ན།། སྔགས་ཀྱིས་རྨོངས་པར་བྱས་པ་བཞིན།། བདག་ལ་འདིར་སེམས་མེད་དུ་ཟད།། ཅི་རྨོངས་བདག་ཀྱང་མ་ཤེས་ཏེ།། བདག་གི་ཁོང་ན་ཅི་ཞིག་ཡོད།། ཞེ་སྡང་སྲེད་སོགས་དགྲ་རྣམས ་ནི། རྐང་ལག་ལ་སོགས་ཡོད་མིན་ལ།། དཔའ་མཛངས་མིན་ཡང་ཅི་ཞིག་ལྟར།། དེ་དག་གིས་བདག་བྲོན་བཞིན་བྱས།། བདག་གི་སེམས་ལ་གནས་བཞིན་དུ།། དགའ་དགུར་བདག་ལ་གནོད་བྱེད་པ།། དེ་ལའང་མི་ཁྲོ་བཟོད་པ་ནི།། གནས་མིན་བཟོད་པ་སྨད་པའི ་གནས།། གལ་ཏེ་ལྷ་དང་ལྷ་མིན་རྣམས།། ཐམས་ཅད་བདག་ལ་དགྲར་ལངས་ཀྱང་།། དེ་དག་གིས་ཀྱང་མནར་མེད་པོའི།། མེ་ནང་ཁྲིད་ཅིང་འཇུག་མི་ནུས།། ཉོན་མོངས་སྟོབས་ཅན་དགྲ་འདིས་ནི།། གང་དང་ཕྲད་ན་རི་རབ་ཀྱང་།། ཐལ་བ་ཡང་ནི་མ་ལུས་པ།། དེར་བདག ་སྐད་ཅིག་གཅིག་ལ་འདོར།། བདག་གི་ཉོན་མོངས་དགྲ་བོ་གང་།། དུས་རིང་ཐོགས་མཐའ་མེད་པ་ལྟར།། དགྲ་གཞན་ཀུན་ཀྱང་དེ་ལྟ་བུར།། ཡུན་རིང་ཐུག་པ་མ་ཡིན་ནོ།། མཐུན་པར་རིམ་གྲོ་བསྟེན་བྱས་ན།། ཐམས་ཅད་ཕན་དྲང་བདེ་བྱེད་ན།། ཉོན་མོངས་རྣམས ་ནི་བསྟེན་བྱས་ན།། ཕྱིར་ཞིང་སྡུག་བསྔལ་གནོད་པ་བྱེད།། དེ་ལྟར་ཡུན་རིང་རྒྱུན་ཆགས་དགྲ་གྱུར་པ།། གནོད་པའི་ཚོགས་རབ་འཕེལ་བའི་རྒྱུ་གཅིག་པུ།། བདག་གི་སྙིང་ལ་ངེས་པར་གནས་འཆབ་ན།། འཁོར་བར་འཇིགས་མེད་དགའ་བར་ག་ལ་འགྱུར།། འཁོར ་བའི་བཙོན་རའི་སྲུང་མས་དམྱལ་སོགས་སུ།། གསོད་བྱེད་གཤེར་མར་གྱུར་པ་འདི་དག་ནོ།། གལ་ཏེ་བློ་གནས་ཆགས་པའི་དྲ་བ་ན།། གནས་ན་བདག་ལ་བདེ་བ་ག་ལ་ཡོད།། དེ་ལྟས་ཇི་སྲིད་བདག་གིས་དགྲ་འདི་མངོན་སུམ་དུ།། ངེས་པར་མ་བཅོམ་དེ་སྲིད ་བདག་འདོང་བརྩོན་མོ་འདོར།། ཞོག་གནོད་བྱེང་ཆུང་ངུལ་ཡང་ཐོས་གྱུར་པའོ།། ངརྒྱལ་པོད་རྣམས་དམ་བཅོམ་པར་གཉིད་མ་འོ་།། རང་བཞིན་བའི་སྡུག་བསྔལ་གྱུར་པའི་ཉོན་མོངས་དག། གཡུལ་དོར་དང་ར་ཚོནན་གྱིས་གཞོམ་པར་འདོད་པ་མག ་མདའ་མདུང་མཚོན་གྱིས་ཕོག་པའི་སྡུག་བསྔལ་ཁྱད་བསད་ནས།། དོན་མ་གྲུབ་པར་ཕྱིར་ཕྱོགས་འབྱེར་བར་མི་བྱེད་ན།། རྟག་ཏུ་སྡུག་བསྔལ་ཀུན་གྱི་རྒྱུར་གྱུར་པ།། རང་བཞིན་དགྲ་ངེས་གཞོམ་བརྩོན་བདག་ལ་དེ།། སྡུག་བསྔལ་བརྒྱ་ཕྲག་རྒྱུར་གྱུར་གང་གིས ་ཀྱང་།། ཡིད་ཆད་སྒྱིད་ལུག་མི་འགྱུར་སྨོས་ཅི་དགོས།། དོན་མེད་དགྲ་ཡིས་རྨ་སྩོལ་གཏོད་པ་ཡང་།། ལུས་ལ་རྒྱུན་དང་འདྲ་བར་བསྲེལ་བར་བྱེད།། དོན་ཆེན་བསྒྲུབ་ཕྱིར་ཡང་དག་བརྩོན་གྱུར་པ།། བདག་ལ་སྡུག་བསྔལ་ཅི་ཕྱིར་གནོད་བྱེད་ཡིན།། ཉ་པ་གདོལ་པ་ཞིང་བ། ་ལ་སོགས་པ།། རོང་གི་འཚོ་བ་ཙམ་ཞིག་སེམས་པ་ཡང་།། གྲུང་དང་ཚ་ལ་སོགས་པའི་གནོད་བཟོད་ན།། འགྲོ་བ་བདེ་ཕྱིར་བདག་ལྟ་ཅིས་མི་བཟོད།། ཕྱོགས་བཅུ་ན་མཁའི་མཐས་གཏུགས་པའི།། འགྲོ་བ་ཉོན་མོངས་ལོས་བསྒྲལ་བར།། དམ་བཅས་གང་ཚེ་བདག ་ཉིད་ཀྱང་།། ཉོན་མོངས་རྣམས་ལས་མ་གྲོལ་བར།། བདག་གི་ཚོད་ཀྱང་མི་ཤེས་པར།། སྨྲ་བ་ཇི་ལྟར་སྨྱོན་པ་མིན།། དེ་ལྟོས་ཉོན་མོངས་གཞོམ་པ་ལ་རྟག་ཏུ་ཕྱིར་མི་ལྡོག་པར་བྱ།། འདི་ལ་བདག་གིས་ཞེན་བྱ་ཞིང་།། ཁོན་དུ་བཟུང་ནས་གཡུལ་སྤྲད་དེ།། རྣམ་པ་དེ་འདྲའི་ཉོན ་མོངས་པ།། ཉོན་མོངས་འཇོམས་བྱེད་མ་གཏོགས་སོ།། བདག་ནི་སྲོགས་ཏེ་བསད་གྱུར་ཏམ།། བདག་གི་མགོ་བོ་བཅད་ཀྱང་ཐའོ།། རྣམ་པ་ཀུན་ཏུ་ཉོན་མོངས་པའོ།། དགྲ་ལ་འདུད་པོར་མི་བྱའོ།། ཐ་མལ་དགྲ་བོ་ཡུལ་ནས་ཕྱུང་ཡང་ནི།། ཡུལ་གཞན་དག་ཏུ་གནས་ཤིང་ཡོངས ་བཟུང་ནས།། ནུས་བརྟས་ནས་དེ་ནས་ཕྱིར་ལྡོག་གི། ཉོན་མོངས་དགྲ་ཚུལ་དེ་དང་འདྲ་མ་ཡིན།། ཉོན་མོངས་ཉོན་མོངས་ཤེས་རབ་མིག་གིས་སྤང་།། བདག་ཡིད་ལས་བསལ་གང་དུ་འགྲོ་བར་འགྱུར།། གང་དུ་གནས་ནས་བདག་གནོད་བྱ་ཕྱིར ་འོང་བློ་ཞན་བདག་ལ་བརྩོན་པ་མེད་པར་ཟད།། ཉོན་མོངས་རྣམས་ནི་ཡུལ་ན་མི་གནས་དབང་སོགས་ལ་མིན་པར་ནའང་མིན།། དེ་ལས་གཞན་ནའང་མིན་ན་འདི་དག་གར་གནས་འགྲོ་བ་ཀུན་གནོད་བྱེད།། འདི་ནི་རྒྱུ་འདྲ་དེ་ཕྱིར་སྙིང་ལ་འཇིགས་སྤོང་ཤེས་ཕྱིར་བརྩོན་པ ་བསྟེན།། དོན་མེད་ཉིད་དུ་བདག་ལ་དམྱལ་སོགས་རྣམས་སུ་ཅི་སྟེ་གནོད་པ་བྱེད།། དེ་ལྟར་རྣམ་བསམས་ཇི་སྐད་བཤད་པ་ཡི།། བསླབ་པ་བསྒྲུབ་པའི་ཆེད་དུ་འབད་པར་བྱ།། སྨན་པའི་ངག་མ་ཉན་ན་སྨན་དག་གིས།། བཅོས་དགོས་ནད་པ་སོས་པར་ག་ལ་འགྱུར།། བྱང ་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། བག་ཡོད་བསྟན་པ་ཞེས་བྱ་བ་སྟེ་ལེའུ་བཞི་པའོ།། ། བསླབ་པ་བསྲུང་བར་འདོད་པ་ཡིས།། རབ་ཏུ་བསྒྲིམས་ནས་སེམས་བསྲུང་སྟེ།། སེམས་ནི་བསྲུང་བར་མ་བྱས་ན།། བསླབ་པ་བསྲུང་བར་ཡོངས་མི་ནུས།། ་སེམས་ཀྱི་གླང་པོ་ཡན་བཏང་བས།། མནར་མེད་གནོད་པ་བྱེད་པ་ལྟར།། ཀློང་ཆེན་མ་དུལ་མྱོས་པ་ཡིས།། འདི་ན་དེ་འདྲའི་གནོད་མི་བྱེད།། ཀུན་ནས་དྲན་པའི་ཐག་པ་ཡིས།། སེམས་ཀྱི་གླང་པོ་དམ་བཏགས་ན།། འཇིགས་པ་ཐམས་ཅད་མེད་འགྱུར་ཞིང་།། དགེ་བ་ཐམས་ཅད ་ལག་ཏུ་འོང་།། སྟག་དང་སེངྒེ་གླང་ཆེན་དྲེད་།། སྦྲུལ་དང་དགྲ་རྣམས་ཐམས་ཅད་དང་།། སེམས་ཅན་དམྱལ་བའི་སྲུང་མ་དང་།། བྱད་མ་དེ་བཞིན་སྲིན་པོ་རྣམས།། སེམས་འདི་གཅིག་པུ་བཏགས་པ་ཡིས།། དེ་དག་ཐམས་ཅད་བཏགས་པར་འགྱུར།། སེམས་འདི་གཅིག་པུ ་བཏུལ་བས་ན།། དེ་དག་ཐམས་ཅད་འརྟུལ་བར་འགྱུར།། འདི་ལྟར་འཇིགས་པ་ཐམས་ཅད་དང་།། སྡུག་བསྔལ་དཔག་ཏུ་མེད་པ་ཡང་།། སེམས་ལས་བྱུང་བ་ཡིན་ནོ་ཞེས།། ཡང་དག་གསུང་བ་ཉིད་ཀྱིས་བསྟན།། སེམས་ཅན་དམྱལ་བའི་མཚོན་ཆ་རྣམས།། སུ་ཞིག་གིས་ནི་ཆེད ་དུ་བྱས།། ལྕགས་བསྙེགས་ས་གཞི་སུ་ཡིས་བྱས།། མེ་ཚོགས་དེ་དག་ཅི་ལས་བྱུང་།། དེ་འདྲ་དེ་དག་ཐམས་ཅད་ཀྱང་།། སྡིག་སེམས་ཡིན་པར་ཐུབ་པས་གསུངས།། དེ་ལྟར་འཇིག་རྟེན་གསུམ་པོ་ན།། སེམས་ལས་འཇིགས་པོ་གཞན་འགའ་མེད།། གལ་ཏེ་འགྲོ་བ་དགུལ ་བོར་ནས།། སྦྱིན་པའི་ཕ་རོལ་ཕྱིན་ཡིན་ན།། ད་དུང་འགྲོ་བཀྲེན་ཡོད་ན་སྔོན།། སྐྱོབ་པ་ཇི་ལྟར་ཕ་རོལ་ཕྱིན།། བདོག་པ་ཐམས་ཅད་འབྲས་བཅས་ཏེ།། སྐྱེ་བོ་ཀུན་ལ་བཏང་སེམས་ཀྱིས།། སྦྱིན་པའི་ཕ་རོལ་ཕྱིན་གསུངས་ཏེ།། དེ་ལྟས་དེ་ནི་སེམས་ཉིད་དོ།། ཉ་ལ་སོགས ་པ་གང་ཞིག་དུ།། དེ་དག་གསོད་མི་འགྱུར་བར་བསྐྲད།། སྤོང་བའི་སེམས་ནི་ཐོབ་པ་ལ།། ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཤད།། སེམས་ཅན་མི་བསྲུན་ན་མཁའ་བཞིན།། དེ་དག་གཞོམ་གྱིས་ཡོང་མོ་ལང་།། ཁྲོ་བའི་སེམས་འདི་གཅིག་བཅོམ་ན།། དགྲ་དེ ་ཐམས་ཅད་ཆོམས་དང་འདྲ།། ས་སྟེང་འདི་དག་གོས་གཡོགས་ཏུ།། དེ་སྙེད་ཀོ་བས་གླུ་ལ་ཡང་།། ལྷམ་མཐིལ་ཙམ་གྱི་གློ་བས་ནི།། ས་སྟེང་ཐམས་ཅད་གཡོགས་དང་འདྲ།། དེ་བཞིན་ཕྱི་རོལ་དངོས་པོ་ཡང་།། བདག་གིས་ཕྱིར་བཟློག་མི་ལང་གི། བདག་གི་སེམས་ན། ་ཕྱིར་བཟློག་བྱའི།། གཞན་རྣམས་བཟློག་གོ་ཅི་ཞིག་དགོས།། སེམས་གསལ་གཅིག་སྐྱེས་འབྲས་བུ་གང་།། ཚངས་ལ་སོགས་པ་ཡིན་པ་ལྟར།། ལུས་ངག་བཅས་པའི་འབྲས་བུ་ཡང་།། སྤྱོད་པ་ཞན་པས་དེ་ལྟ་མིན།། བཟླས་བརྗོད་དང་ནི་དཀའ་ཐུབ་ཀུན།། ཡུན་རིང ་དུས་སུ་སྤྱད་བྱས་ཀྱང་།། སེམས་གཞན་གཡེངས་པས་བྱས་པ་ནི།། དེ་ཉིད་རིག་པས་དོན་མེད་གསུངས།། གང་གིས་ཆོས་ཀྱི་གཙོ་བོ་མཆོག། སེམས་ཀྱི་གསང་འདི་མ་ཤེས་ན།། བདེ་ཐོབ་སྡུག་བསྔལ་གཞོམ་འདོད་ཀྱང་།། དེ་དག་དོན་མེད་ཀྱི་ནང ་འཁྱམ།། དེ་ལྟས་བདག་གི་སེམས་འདི་ནི།། ལེགས་གཟུང་ལེགས་པར་བསྲུང་བར་བྱ།། སེམས་བསྲུང་བརྟུལ་ཞུགས་མ་གཏོགས་པ།། བརྟུལ་ཞུགས་མང་པོས་ཅི་ཞིག་བྱ།། མ་གྲངས་གྲོལ་བའི་ཁྲོད་གནས་ན།། བསྒྲིམས་ཏེ་རྨ་ཡི་བག་བྱེད་བཞིན།། སྐྱེ་བོ་ངན་ཁྲོད་གན ་པས་ཀྱང་།། སེམས་ཀྱི་རྨ་འདི་རྟག་ཏུ་བསྲུང་།། རྨ་ཡི་སྡུག་བསྔལ་ཆུང་ངུ་ཡིས།། སྒྲོག་པའང་རྨ་ཡི་བག་བྱེད་ན།། རི་བོ་ཆེན་འཇོམས་སྐྲག་པ་ཡིས།། སེམས་ཀྱི་རྨ་ལྟ་ཅིས་མི་བསྲུང་།། སྤྱོད་པ་འདི་འདྲས་གནས་བྱེད་ན།། སྐྱེ་བོ་ངན་པོའི་ཁྲོད་གནས་སམ།། བུད་མེད ་ཁྲོད་ན་གནས་ཀྱང་རུང་།། སྡོམ་བརྩོན་བརྟན་པ་ཉམས་མི་འགྱུར།། བདག་གི་རྙེད་དང་བཀུར་སྟི་དང་།། ལུས་དང་འཚོ་བ་མེད་བླ་ཞིང་།། དགེ་བ་གཞན་ཡང་ཉམས་བླ་ཡི།། སེམས་ནི་ནམས་ཀྱང་ཉམས་མི་བྱ།། སེམས་བསྲུང་འདོད་པ་རྣམས་ལ་ནི།། དྲན་པ་དང ་ནི་ཤེས་བཞིན་དག། སྲོག་ལ་བབ་ཀྱང་སྲུངས་ཤིག་ཅེས།། བདག་ནི་དེ་སྐད་འདོམས་པར་བྱེད།། ནད་ཀྱིས་དཀྲུགས་པའི་མི་དག་ནི།། ལས་རྣམས་ཀུན་ལ་མཐུ་མེད་པ།། དེ་བཞིན་རྨོངས་པས་སེམས་དཀྲུགས་པ།། ལས་རྣམས་ཀུན་ལ་མཐུ་མེད་དོ།། ་བཞིན་མེད་པའི་སེམས་ལྡན་པའི།། ཐོས་དང་བསམ་དང་བསྒོམས་པ་ཡང་།། གླེ་རྡོལ་བུམོ་པའི་ཆུ་བཞིན་དུ།། དྲན་པ་ལ་ནི་དེ་མི་གནས།། ཐོས་ལྡན་དད་པ་ཅན་དང་ནི།། བརྩོན་པ་མྱུར་ལེན་དུ་མ་ཡང་།། ཤེས་བཞིན་མེད་པའི་སྐྱོན་ཆགས་པས།། ལྟུང ་བའི་རྙོག་དང་བཅས་པར་འགྱུར།། ཤེས་བཞིན་མེད་པའི་ཆོམ་རྐུན་དག། དྲན་པ་ཉམས་པའི་རྗེས་འབྲང་བས།། བསོད་ནམས་ངག་ནི་ཉེར་བསགས་ཀྱང་།། དུན་པོས་ཕྲོགས་བཞིན་ངན་འགྲོར་འགྲོ། ཉོན་མོངས་ཆོམ་རྐུན་ཚོགས་འདི་ནི།། གླགས་སྐབས་ཆེལ ་བར་བྱེད་པ་སྟེ།། གླགས་རྙེད་གྱུར་ནས་དགེ་འཕྲོག་ཅིང་།། བདོ་འགྲོའི་སྲོག་ཀྱང་འཇོམས་པར་བྱེད།། དེ་བས་དྲན་པའི་ཡིད་སྒོ་ནས།། གུང་དུ་ནམ་ཡང་མི་གཏང་ངོ་།། སོང་ནའང་ངན་སོང་གནོད་པ་དག། དྲན་པར་བྱས་ཏེ་ཉེ་བར་གཞག། བླ་མ་དང་ནི་འགྲོགས ་པ་ལས།། མཁན་པོས་རྗེ་སུ་བསྟན་པ་དང་།། འཇིགས་པས་སྐལ་ལྡན་གུས་བྱེད་ལ།། དྲན་པ་བདེ་བླག་སྐྱེ་བར་འགྱུར།། སངས་རྒྱས་བྱང་ཆུབ་སེམས་དཔའ་དག། ཀུན་ཏུ་ཐོགས་མེད་གཟིགས་པར་ལྡན།། དེ་དག་ཐམས་ཅད་སྤྱན་སྔ་ན།། བདག་ནི་རྟག་པར་གནས ་སོ་ཞེས།། དེ་ལྟར་བསམས་ནས་ངོ་ཚ་དང་།། འཇིགས་བཅས་དྲན་པ་རྟག་ཏུ་བཞག། དེས་ནི་སངས་རྒྱས་རྗེས་དྲན་པའང་།། དེ་ལ་ཡང་དང་ཡང་དུ་འབྱུང་།། གང་ཚེ་དྲན་པའི་ཡིད་སྒོ་ནས།། བསྲུང་བའི་དོན་དུ་གནས་གྱུར་པ།། དེ་ཚེ་ཤེས་བཞིན་འོང་འགྱུར་ཞིང་།། སོང ་བ་དག་ཀྱང་ཕྱིར་འོང་འགྱུར།། རེ་ཞིག་དང་པོར་འདི་འདྲའི་སེམས།། དེ་ནི་སྐྱོན་བཅས་ཤེས་བྱས་ནས།། དེ་ཚེ་བདག་གིས་ཤིང་བཞིན་དུ།། ཟུངས་ཐུབ་པར་ནི་གནས་པར་བྱ།། དོན་མེད་གཡེང་བར་ལྟ་བ་ནི།། ནམ་ཡང་བདག་གིས་མི་བྱ་སྟེ།། ངེས་པར་སེམས་པས ་རྟག་ཏུ་ནི།། མིག་ནི་ཕབ་སྟེ་བལྟ་བར་བྱ།། བལྟ་བང་ལ་སོའི་ཆེད་དུ་ནི།། རས་དགའ་ཕྱོགས་སུ་བལྟ་བར་བ།། འགའ་ཞིག་མིག་ལམ་སྣང་གྱུར་ན།། བལྟས་ནས་འོངས་པ་ལེ་གས་ཞེས་བརྗོད།། ལམ་སོགས་འཇིགས་པ་བརྟག་པའི་ཕྱིར།། ཡང་དང་ཡང་དུ་ཕྱོགས་པ་ན། ་དྲཏྲ་རྒྱཟ་ཞར་བ་ལྟ།། ང་ལ་སས་ཁ་ན་ཕྱིར་བལྟོས་ནས།། རྒྱབ་ཀྱི་ཕྱོགས་སུ་བལྟ་བར་བྱ།། མདུན་ནས་རྒྱབ་དུ་བརྟག་བྱས་ནས།། འགྲོ་འམ་ཡང་ན་འོང་བྱ་སྟེ།། དེ་ལྟར་གནས་སྐབས་ཐམས་ཅད་དུ།། དགོས་པ་ཤེས་ནས་སྤྱད་པར་བྱ།། ལུས་ཀྱིས་འོད ་ལྟར་གནས་བྱ་ཞེས།། བྱ་བ་བསྡོགས་ནས་དེ་ནས་ནི།། སྐབས་སུ་ལུས་འདི་ཇི་ལྟ་བུར།། གནས་པ་ཡིན་ཞེས་བལྟ་བར་བྱ།། སེམས་ཀྱི་གྲང་ཆེན་མྱོས་པ་ནི།། ཆོས་ལ་སེམས་པའི་ཀ་ཆེན་ལ།། ཇི་ལྟར་བཏགས་པ་མི་འཆོར་བ།། དེ་ལྟར་འབད་པ་ཀུན་གྱིས་བཏག། ཅི་ནས ་ཏིང་འཛིན་བརྩོན་པར་ནི།། སྐད་ཅིག་གཅིག་ཀྱང་མི་འཆོར་བར།། བདག་གི་ཡིད་འདི་གར་སྤྱོད་ཅེས།། དེ་ལྟར་ཡིད་ལ་སོ་སོར་བརྟག། འཇིགས་དང་དགའ་སྟོན་སོགས་འབྲེལ་བས།། གལ་ཏེ་མི་ནུས་ཅི་བདེར་བྱ།། འདི་ལྟར་སྦྱིན་པའི་དུས་དག་ཏུ།། ཚུལ་ཁྲིམས་བཏང་སྙོམས ་བཞག་པར་གསུངས།། གང་ཞིག་བསམས་ཏེ་བྱར་བརྩམས་པ།། དེ་ལས་གཞན་དུ་མི་བསམ་སྟེ།། དེར་བསྟད་པ་ཡི་བསམ་པ་ཡིས།། དེ་ཉིད་རེ་ཞིག་བསྒྲུབ་པར་བྱ།། དེ་ལྟ་ན་ནི་ཀུན་ལེགས་བྱས།། གཞན་དུ་གཉིས་ཀར་མི་འགྱུར་རོ།། ཤེས་བཞིན་མ་ཡིན་ཉེ་ཉོན་མོངས།། ། ་དེ་ལྟ་ན་ནི་འཕེལ་མི་འགྱུར།། བྲེ་མོའི་གཏམ་ནི་སྣ་ཚོགས་དང་།། ངོ་མཚར་ལྟད་མོ་རྣམ་མང་པོ།། ཀུན་ལ་འཇུག་པར་གྱུར་པ་ན།། དེ་ལ་ཆགས་པ་སྤང་བར་བྱ།། དོན་མེད་ས་རྐོ་རྩ་གཅོད་དང་།། ས་རིས་འདྲི་སོགས་བྱེད་གྱུར་ན།། བདེ་གཤེགས་བསླབ་པ་དྲན་བྱས་ནས།། ་སྐྲག་པས་དེ་ཡི་མོད་ལ་དོར།། གང་ཚེ་བསྐྱོད་པར་འདོད་འགྱུར་ཏམ།། སྨྲ་བར་འདོད་པར་གྱུར་ན་ཡང་།། དང་པོར་རང་གི་སེམས་བརྟགས་ནས།། བརྟན་པས་རིགས་པ་ལེན་པར་བྱ།། གང་ཚེ་རང་ཡིད་ཆགས་པ་དང་།། ཁྲོ་བར་འདོད་པ་དེ་ཡི་ཚེ།། ལས་སུ་མི་བྱ་སྒྲ་མི་བྱ།། ། ་ཤིང་བཞིན་དུ་ནི་གནས་པར་བྱ།། རྒོད་དང་གཞར་བཅས་པའམ།། གལ་ཏེ་ང་རྒྱལ་རྒྱགས་ལྡན་པའམ།། མཚང་འདྲུ་བ་ཡི་བསམ་པ་དང་།། གལ་ཏེ་སྦྱོར་འབྱིན་སྤུ་སེམས་སམ།། གང་ཚེ་བདག་བསྟོད་ལྷུར་ལེན་པའམ།། གཞན་ལ་སྤད་པ་ཉིད་དང་ནོ།། གཤ་བཅས ་བབྱེད་དང་རྒྱས་མྱུར་བང་བཞིན་གནས་པར་བྱ།། རྙེད་དུང་ཀྲུ་ཧཱུ~ཾ་ཐུགས་འདོད་པའས།། གསོག་དེ་དུ་གཏེར་བདོད་པལྟམ།། བདུག་པོ་ཆོས་རིམ་འགྲོ་དྲོང་གྱུར།། ད་ཤིང་བཞིན་གནས་པར་བྱས་འད་ན ་འདོད་པའི་སེམས་བྱུང་ན།། དེས་ནི་ཤིང་བཞིན་གནས་པར་བྱ།། མི་བཟོད་ལེ་ལོ་འཇིགས་པ་དང་།། དེ་བཞིན་སྤྱི་བརྟོལ་མུ་ཙོར་དང་།། རང་གི་ཕྱོགས་ཞེ་ན་སེམས་བྱུང་ན།། དེ་ཚེ་ཤིང་བཞིན་གནས་པར་བྱ།། དེ་ལྟར་ཀུན་ནས་ཉོན་མོངས་དང་།། དོན་མེད་བརྩོན་པའི་ཡིད ་བརྟགས་ནས།། དེ་ཚེ་དཔའ་བོས་གཉེན་པོ་ཡིས།། དེ་ནི་བརྟན་པོར་བཟུང་བར་བྱ།། ཤིན་ཏུ་ངེས་དང་རབ་དད་དང་།། བརྟན་དང་གུས་དང་ཞེ་སར་བཅས།། ངོ་ཚ་ཤེས་དང་འཇིགས་དང་བཅས།། ཞི་ཞིང་རབ་དགའ་བྱེད་ལ་བརྩོན།། ཕན་ཚུན་མི་མཐུན་བྱིས་པ་ཡི།། འདོད་པ ་རྣམས་ཀྱིས་མི་སྐྱོ་ཞིང་།། ཉོན་མོངས་སྐྱེས་པས་འདི་དག་གི། སེམས་འདི་བྱུང་སྙམ་བརྩེར་ལྡན་དང་།། ཁ་ན་མ་ཐོ་མེད་དངོས་ལ།། བདག་དང་སེམས་ཅན་དབང་བྱ་ཞིང་།། སྤྲུལ་པ་བཞིན་དུ་ང་མེད་པར།། ཡིད་འདི་རྟག་ཏུ་གཟུང་བར་བྱ།། རིང་ཞིག་ལོན་ནས་དལ ་བའི་མཆོག། ཐོབ་པ་ཡང་དང་ཡང་བསམས་ནས།། སེམས་དེ་ལྟ་བུར་རབ་རིབ་ལྟར།། རབ་ཏུ་མི་གཡོ་གཟུང་བར་བྱ།། བྱ་རྒོད་ཤ་ལ་ཆགས་པ་ཡིས།། ཕན་ཚུན་ཀུན་ཏུ་ག་ཤལ་ཁྲིད་ཀྱང་།། ལུས་ཁྱོད་མི་དགར་མི་བྱེད་ན།། ད་ལྟ་ཅི་ཕྱོར་ཁ་ཏ་བྱེད།། ལུས་འདི ་@བདག་གིར་གཟུང་བྱས་ནས།། ཡིད་ཁྱོད་ཅི་ཕྱིར་སྲུང་བར་བྱེད།། ཁྱོད་དང་འདི་གཉིས་སོ་སོ་ནས།། དེས་ཀ་ཁྱོད་ལ་ཅི་ཞིག་བྱ།། རྨོངས་པའི་ཡང་ཁྱོད་ཅི་ཡི་ཕྱིར།། ཤིང་གཟུགས་གཙང་མ་གཟུང་མི་བྱེད།། མི་གཙང་ཚོགས་ཀྱི་འཁྲུལ ་འཁོར་འདི།། རུལ་པ་བསྲུངས་ཏེ་ཅི་ཞོག་རུང་།། ཐོག་མར་བགས་པའི་རིམ་པ་འདི།། རང་གི་བློ་ཡིས་ཐ་དད་ཕྱེ།། ཤ་ཡང་རུས་པའི་དྲ་བ་ལས།། ཤེས་རབ་མཚོན་གྱིས་གུད་དུ་ཕྱི།། རུས་པ་རྣམས་ཀྱང་དབྱེ་བྱས་ནས།། རྐང་གི་བར་དུ་བལྟ་བྱ་ཞིང་།། འདི་ལ ་སྙིང་པོ་ཅི་ཡོད་ཅེས།། བདག་ཉིད་ཀྱིས་ནི་བརྟག་པར་གྱིས།། དེ་ལྟར་འབད་དེ་བཙལ་ཀྱང་དེར།། ཁྱོད་ཀྱིས་སྙིང་པོ་མ་མཐོང་ན།། ད་དུང་ཅི་ཕྱིར་ཆགས་ཚུལ་གྱིས།། ཁྱོད་ནི་ལུས་འདི་སྲུང་བར་བྱེད།། ཁྱོད་ཀྱིས་མེ་གཙང་བཟར་མི་རུང་།། ཁྲག་ཀྱང་བཏུང་དུ་མི་རུང ་2། རྒྱུ་ལྟོའང་གཞིབ་ཏུ་མི་རུང་ན།། ལུས་ཀྱིས་ཁྱོད་ལ་ཅི་ཞིག་བྱ།། ཉིས་ན་ཝ་དང་བྱ་རྒོད་ཀྱི།། ཟས་ཀྱི་དོན་དུ་འདི་བསྲུང་རིགས།། མེ་བོ་ཅོག་གི་ལུས་འདི་ནི།། བཀོལ་བར་བྱ་བ་ཉིད་དུ་ཟད།། འདི་ལྟར་ཁྱོད་ཀྱིས་བསྲུངས་ཀྱང་ནི།། འཆི་བདག་བརྩེ་བ་མེད་པ ་ཡིས།། ཕྲོགས་ཏེ་བྱ་དང་ཁྱིར་བྱིན་ན།། དེ་ཚེ་ཁྱོད་ཀྱིས་ཅི་བྱར་ཡོད།། བྲན་གཡོགས་བཀོལ་དུ་མི་བཏུབ་ལ།། གོས་ལ་སོགས་པ་མི་སྦྱིན་ན།། ལུས་འདི་བསྟོད་ཀྱང་གཞན་འགྲོ་ན།། ཁྱེད་ཀོ་ཅི་སྟེར་ཤ་ཐང་གསོ།། འདི་ལ་གླ་རྔན་བྱིན་ནས་ནི།། ད་ནི་རང་གི་དོན ་བྱེད་ཆུག། ཕན་པ་མེད་པ་འདི་ལ་ནི།། ཐམས་ཅད་སྦྱིན་པར་མི་བྱའོ།། འགྲོ་དང་འོང་བའི་རྟེན་ཙམ་དུ།། ལུས་ལ་གྲུ་ཡི་བློ་བཞག་སྟེ།། སེམས་ཅན་རྣམས་དོན་བསྒྲུབ་པའི་ཕྱིར།། ཡིད་བཞིན་གྱི་ནི་ལུས་སུ་བསྒྱུར།། དེ་ལྟར་རང་དབང་ཡོད་ཀྱིས་ཏེ།། རྟག་ཏུ་འཛུ ་བའི་བཞིན་དུ་གྱིས།། ཁྭ་གཉེར་ང་ཟུམ་ཡོངས་ཐོང་སྟེ།། འགྲོ་བའི་བཤོས་དང་གསང་པོར་གྱོས།། ཁྲོ་ལ་སོགས་པ་བབ་ཅོལ་དུ།། སྐུ་དང་བཅས་པར་མོ་དོར་རོ།། སྒྲ་ཡང་དྲག་ཏུ་མི་དབྱེ་སྟེ།། རྟག་ཏུ་གཙོམ་བསྐྱངས་དགའ་བར་བྱ།། ཆུ་སྐྱར་བྱོ་ལ་ཚོམ་རྐུན་དག། ་སྒྲ་མེད་འཇབ་ཅིང་འགྲོ་བ་ཡིས།། མངོན་པར་འདོད་པའི་དོན་འགྲུབ་པ།། ཐུབ་པས་རྟག་ཏུ་དེ་བཞིན་སྤྱད།། གཞན་ལ་བཞིན་སྐུལ་འདེབས་མཁས་ཤིང་།། མྲ་བཅོལ་ཕན་པར་བྱེད་པའི་ངག། གུས་པས་སྤྱི་བོས་བླང་བགྱིས་ཏོ།། རྟག་ཏུ་ཀུན་གྱི་སློབ་མར་གྱུར།། ་ལེགས་པར་སྨྲས་པ་ཐམས་ཅད་ལ།། དགེ་བར་གསུངས་ཞེས་བརྗོད་པར་བྱ།། བསོད་ནམས་བྱེད་པ་མཐོང་གྱུར་ན།། བསྟོད་པས་ལེགས་པ་དགའ་བ་བསྐྱེད།། ལྐོག་ན་ཡོན་ཏན་བརྗོད་བྱ་ཞིང་།། ཡོན་ཏན་བརྗོད་ན་རྗེས་སུ་བརྗོད།། རང་གི་ཡོན་ཏན་བརྗོད ་ན་དེས།། ཡོན་ཏན་ཤེས་པར་རིག་པར་བྱ།། རྩོམ་པ་ཐམས་ཅད་དགའ་ཕྱིར་ཏེ།། དེ་ནི་རིན་གྱིས་ཉོ་ནའང་དཀོན།། དེ་ལྟར་གཞན་བྱས་ཡོན་ཏན་གྱིས།། དགའ་བའི་བདེ་བ་སྤྱད་པར་བྱ།། བདག་ལ་འདིར་གོང་ཡོང་མེད་ལ།། ཕ་རོལ་ཏུ་ཡང་བདེ་བ་ཆེ།། ཉེས ་པས་མི་དགའ་སྡུག་བསྔལ་ཞིང་།། ཕ་རོལ་ཏུ་ཡང་སྡུག་བསྔལ་ཆེ།། སྒྲོ་ན་ཡིད་ཕེབས་འབྲེལ་པ་དང་།། དོན་གསལ་ཡིད་དུ་འོང་བ་དང་།། ཆགས་དང་ཞེ་སྡང་སྤངས་པ་དང་།། འཇམ་ཞིང་རན་པར་སྨྲ་བར་བྱ།། མིག་གིས་སེམས་ཅན་ལྟ་ན་ཡང་།། འདི་དག ་ཉིད་ལ་བརྟེན་ནས་བདག། སངས་རྒྱས་ཉིད་དུ་འགྱུར་རོ་ཞེས།། དྲང་ཞིང་བྱམས་པའི་ཚུལ་གྱིས་བལྟ།། རྟག་པར་མངོན་ཞིན་གྱིས་བསླང་བའམ།། གཉེན་པ་ཡིས་ནི་བསླང་བ་ཉིད།། ཡོན་ཏན་དང་ནི་ཕན་འདོགས་ཞིང་།། སྡུག་བསྔལ་ཅན་ལ་དགེ་ཆེན ་འགྱུར།། མ་ཨུ་ཤིང་དགའ་དང་ལྡན་བྱས་ནས།། ལས་རྣམས་རྟག་ཏུ་བདག་གིས་བྱས།། ལས་རྣམས་ཀུན་ལ་སུ་ལ་ཡང་།། བལྟས་པར་བྱ་བ་མ་ཡིན་ནོ།། སྨྱོན་པའོ་ཕ་རོལ་ཕྱིན་ལ་སོགས།། གོང་ནས་གོང་དུ་ཁྱད་ཞུགས ་སྤྱད། ཆུང་ངུའི་ཕྱིར་ནི་ཚེ་མི་བཏང་།། གཙོ་ཆེར་གཞན་གྱི་དོན་བསམ་མོ།། དེ་ལྟར་རིག་བྱས་གཞན་དོན་ལ།། རྟག་ཏུ་བརྩོན་པས་གནས་པར་བྱ།། ཐུགས་རྗེས་མངའ་བོ་རིང་གཟིགས་པསོ།། བཀག་པ་རྣམས་ཀྱང་དེ་ལ་གནང་།། ལོག་པར་ལྟུང་དང་མགོན ་མོད་དང་།། བརྟུལ་ཞུགས་གནས་ལ་བགོ་བྱ་ཞིང་།། རན་པ་ཙམ་དུའང་བཟའ་བྱ་སྟེ།། ཆོས་གོས་གསུམ་མ་གཏོགས་པ་སྦྱིན།། དམ་པའི་ཆོས་ནི་སྤྱོད་པའི་ལུས།། ཕྲན་ཚེགས་ཆེད་དུ་གནོད་མི་བྱ།། དེ་ལྟར་བྱས་ན་སེམས་ཅན་གྱི།། བསམ་པ་མྱུར་དུ་རྫོགས ་པར་འགྱུར།། སྙིང་རྗེའི་བསམ་པ་མ་དག་པར།། ལུས་འདི་བཏང་བར་མི་བྱ་སྟེ།། ཅི་ནས་འདི་དང་གཞན་དུ་ཡང་།། དོན་ཚོན་སྒྲུབ་པའི་རྒྱུར་བཏང་ངོ་།། མ་གུས་པ་ལ་ཆོས་མི་བཤད།། མིན་བཞིན་དུ་མགོ་དཀྲིས་དང་།། གདུགས་དང་མཁར་བ་མཚོན ་ཐོགས་དང་།། མགོ་བོ་གཡོགས་པ་དག་ལ་མིན།། དམན་ལ་ཟབ་དང་རྒྱ་ཆེ་དང་།། སྐྱེས་པ་མེད་པར་བུད་མེད་མིན།། དམན་དང་མཆོག་གི་ཆོས་རྣམས་ལ།། མཚུངས་པར་གུས་པར་ཀུན་དུ་སྤྱད།། རྒྱ་ཆེན་ཆོས་ཀྱི་སྣོད་གྱུར་པ།། དམན་པའི་ཆོས་ལ ་སྦྱར་མི་བྱ།། མདོ་དང་སྔགས་ཀྱིས་འདྲིད་མི་བྱ།། སྐྱེད་པའང་ཡོངས་སུ་དོར་མི་བྱ།། སོ་ཤིང་དང་ནི་མཆིལ་མ་དག། དོར་བ་ན་ནི་དགབ་པར་བྱ།། གཅི་ལ་སོགས་པའང་ལོངས་སྤྱོད་པའོ།། ཆུ་དང་ཐལ་དོར་བ་སྨད།། ཁ་བཀང་བ་དང་སྒྲ་བཅས་དང་།། ། ་ཁ་གདངས་ནས་ནི་བཟའ་མི་བྱ།། རྐང་པ་བརྒྱུད་སྟེ་མི་འདུག་ཅིང་།། ལག་པ་མཉམ་པར་མོ་མཉའོ།། བཞོན་པ་མལ་སྟན་གནས་དག་ཏུ།། བུད་མོད་གཞན་དང་གཅོག་མོ་བྱ།། འཇོག་རྟེན་མ་དང་འགྱུར་བཀུན།། མཐོང་དང་དྲོས་ཏེ་སྤང་བར་བྱ།། སོར་མོས་བན་ན་མ ་བྱ་སྟེ།། གུས་དང་བཅས་པའི་གཡས་པ་ཡི།། ལག་པ་དག་ནི་ཀུན་གྱིས་ཀྱང་།། ལམ་ཡང་དེ་ལྟར་བསྟན་པར་བྱ།། ལག་པ་ཤས་ཆེར་བསྐྱོད་མིན་ཏེ།། ཅུང་ཟད་བསྐྱོད་ལ་སྒྲ་བསྒྲགས་པ།། སེ་གོལ་ལ་སོགས་རྣམས་བྱ་སྟེ།། གཞན་དུ་མ་བསྟམས ་བར་འགྱུར་རོ།། མགོན་པོ་མྱ་ངན་འདས་གཟིམས་ལྟར།། འདོད་པའི་ཕྱོགས་སུ་ཉལ་བར་བྱ།། ཤེས་བཞིན་མྱུར་དུ་ལྡང་སེམས་ལ།། ཐོག་མ་ཉིད་དུ་ངེས་སྦྱར་བྱ།། བྱང་ཆུབ་སེམས་དཔའི་སྤྱོད་པ་དག། ཚད་མེད་པར་ནི་གསུངས་པ་ལས།། སེམས་སྦྱང་བ་ཡི། ་སྤྱོད་པ་ནི།། ངེས་པར་དེ་སྲིད་སྤྱད་པར་བྱ།། ཉིན་དང་མཚན་མོ་ལན་གསུམ་དུ།། ཕུང་པོ་གསུམ་པ་གདོན་བྱ་ཞིང་།། རྒྱལ་དང་བྱང་ཆུབ་སེམས་བརྟེན་པས།། ལྟུང་བའི་ལྷག་མ་དེས་ཞི་བྱ།། རང་ངམ་གཞན་གྱི་དབང་ཡང་རུང་།། གནས་སྐབས་གང ་དུ་ཅི་སྤྱོད་ཀྱང་།། བསླབ་པར་གསུངས་པ་གང་ཡིན་པའི།། གནས་སྐབས་དེ་ལ་འབད་དེ་བསླབ།། རྒྱལ་སྲས་རྣམས་ཀྱི་མི་བསླབ་པ།། དེ་ནི་གང་ཡང་ཡོད་མིན་ཏེ།། དེ་ལྟར་གནས་པའི་མཁས་པ་ལ།། བསོད་ནམས་མི་འགྱུར་གང་ཡང་མེད།། ། ་དངོས་སམ་ཡང་ན་བརྒྱུད་ཀྱང་རུང་།། སེམས་ཅན་དོན་ལས་གཞན་མི་སྤྱད།། སེམས་ཅན་ཁོ་ནའི་དོན་གྱི་ཕྱིར།། ཐམས་ཅད་བྱང་ཆུབ་ཕྱིར་བསྔོའོ།། རྟག་པར་དགེ་བའི་བཤེས་གཉེན་ནི།། ཐེག་ཆེན་དོན་ལ་མཁས་པ་དང་།། བྱང་ཆུབ་སེམས་བ ་@བརྟུལ་ཞུགས་མཆོག། སྲོག་གོ་ཕྱིར་ཡང་མི་གཏང་ངོ་།། དཔལ་འབྱུང་བ་ཡི་རྣམ་ཐར་ལས།། བླ་མ་བསྟན་པའི་ཚུལ་ལྟར་བསླབ།། འོད་དང་སངས་རྒྱས་བཀའ་སྩལ་གཞན།། མདོ་སྡེ་བཀླགས་ནས་ཤེས་པར་བྱ།། མདོ་སྡེ་རྣམས་ལས ་བསླབ་པ་སྣང་།། དེ་བས་མདོ་སྡེ་ཀླག་པར་བྱ།། ན་མཁའི་སྙིང་པོའི་མདོ་སྡེ་ནི།། ཐོག་མ་ཉིད་དུ་བལྟ་བར་བྱ།། གང་ཕྱིར་རྟག་ཏུ་སྤྱད་པ་ནི།། དེ་ལས་རྒྱ་ཆེར་རབ་སྟོན་པས།། བསླབ་པ་ཀུན་ལས་བཏུས་པ་ཡང་།། ངེས་པར་ཡང་དང་ཡང་དུ་བལྟ།། ཡང་ན ་རེ་ཞིག་མདོར་བསྡུས་པའི།། མདོ་རྣམས་ཀུན་ལས་བཏུས་པ་བལྟ།། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ།། གཉིས་པའང་འབད་པས་བལྟ་བར་བྱ།། གང་ལས་གང་ནི་མ་བཀག་པ།། དེ་ཉིད་སྤྱད་པར་བྱ་བ་སྟེ།། འཇིག་རྟེན་སེམས་ནི་བསྲུང་བའི་ཕྱིར།། བསླབ་པ ་མཐོང་ནས་ཡང་དག་སྤྱད།། ལུས་དང་སེམས་ཀྱི་གནས་སྐབས་ལ།། ཡང་དང་ཡང་དུ་བརྟག་བྱ་བ།། དེ་ཉིད་ཁོ་ན་མདོར་ན་ནི།། ཤེས་བཞིན་བསྲུང་བའི་མཚན་ཉིད་དོ།། ལུས་ཀྱི་འདི་དག་སྤྱད་པར་བྱ།། ཚིག་ཙམ་བརྗོད་པས་ཅི་ཞིག་འགྲུབ།། སྨན་དཔྱིད ་བཀླགས་པ་ཙམ་གྱིས་ནི།། ནད་པ་དག་ལ་ཕན་འགྱུར་རམ།། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས།། ཤེས་བཞིན་བསྲུང་བ་སྟེ་ལེའུ་ལྔ་པའོ།། །། བསྐལ་པ་སྟོང་དུ་བསགས་པ་ཡི།། སྦྱིན་དང་བདེ་གཤེགས་མཆོད ་ལ་སོགས།། ལེགས་སྤྱད་གང་ཡིན་དེ་དག་ཀྱང་།། ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད།། ཞེ་སྡང་ལྟ་བུའི་སྡིག་པ་མེད།། བཟོད་པ་ལྟ་བུའི་དཀའ་ཐུབ་མེད།། དེ་བས་བཟོད་ལ་ནན་ཏན་དུ།། སྣ་ཚོགས་ཚུལ་གྱིས་བསྒོམ་པར་བྱ།། ཞེ་སྡང་ཟུག་རྔུའི་སེམས ་འཚང་ན།། ཡད་ན་ཞོ་བ་ཉམས་མ་མྱོང་།། དགའ་དང་བདེ་བའང་མོ་འཐོབ་ལ།། གཉིད་མི་འོང་ཞིང་བརྟན་མོད་འགྱུར།། གང་དག་ནོར་དང་བཀུར་སྟི་ཡོས།། དྷིན་བྱིན་དེ་ལ་བརྟན་གྱུར་པ།། དེ་དག་ཀྱང་ནི་སྡང་ལྡན་པའི།། རྗེ་དཔོན་དོ་ལ་གསོད་པར ་རྒོལ། དེ་ཡིས་མཛའ་བ་ཤེས་སྐྱོ་བར་འགྱུར།། སྦྱིན་པས་བསྡུས་ཀྱང་སྟེན་མི་བྱེད།། མདོར་ན་ཁྲོ་བ་བདེར་གནས་པ།། དེ་ནི་འགའ་ཡང་ཡོད་མ་ཡིན།། ཁྲོ་བའི་དགྲ་ཡིས་དེ་ལ་སོགས།། སྡུག་བསྔལ་དག་ནི་བྱེད་པར་འགྱུར།། གང་ཞིག ་བསྒྲིམས་ཏེ་ཁྲོ་འཇོམས་པ།། དེ་ནི་འདི་དང་གཞན་དུ་བདེ།། མི་འདོད་བྱས་དང་འདོད་པ་ཡི།། གེགས་བྱས་པ་ལ་བྱུང་གྱུར་པ།། ཡིད་མི་བདེ་བའི་ཟས་རྙེད་ནས།། ཞེ་སྡང་རྔས་ཏེ་བདག་འཇོམས་སོ།། དེ་ལྟས་བདག་གི་དག་པོ་དེའི།། ཟས་ནི་རྣམ ་པར་གཞོམ་པར་བྱ།། འདི་ལྟར་བདག་ལ་གནོད་པ་ལས།། དགྲ་འདི་ལ་ནི་ལས་གཞན་མེད།། ཅི་ལ་བབ་ཀྱང་བདག་གིས་ནི།། དགའ་བའི་ཡིད་ནི་དཀྲུག་མི་བྱ།། མི་དགའ་བྱས་ཀྱང་འདོད་མི་འགྲུབ།། དགེ་བ་དག་ནི་ཉམས་པར་འགྱུར།། ། ་གལ་ཏེ་བཅོས་སུ་ཡོད་ན་ནི།། དེ་ལ་མི་དགར་ཅི་ཞིག་ཡོད།། འོན་ཏེ་བཅོས་སུ་མེད་ན་ཡང་།། དེ་ལ་མི་དགའ་བྱས་ཅི་ཕན།། བདག་དང་བདག་གི་བཤེས་རྣམས་ལ།། སྡུག་བསྔལ་བརྙས་དང་ཚིག་རྩུབ་དང་།། མི་སྙན་ཞེས་བྱ་མི་འདོད་དེ།། ། ་ངགྲ་ལ་དེ་ལས་བཟློག་པས་སོ།། བདེ་བའི་རྒྱུ་ནི་རེས་འགའ་འབྱུང་།། སྡུག་བསྔལ་རྒྱུ་ནི་ཤིན་ཏུ་མང་།། སྡུག་བསྔལ་མེད་པར་ངེས་འབྱུང་མེད།། དེ་བས་སེམས་ཁྱོད་བསྟན་པར་མནོས།། དཀའ་བཟློག་དད་དང་ཀརྞ་པ།། སྲོག་དང་གཅོད ་སོགས་ཚོར་བ་ནི།། དོན་མེད་བཟོད་བྱེད་ཐར་པ་ཡི།། དོན་དུ་བདག་གོ་ཅི་ཕྱིར་སྔར།། གོམས་ཏེ་སླར་མི་འགྱུར་བའི།། དངོས་དེ་གང་ཡང་ཡོད་མ་ཡིན།། དེ་བས་གནོད་པ་ཆུང་གོམས་ཤིང་།། གནོད་པ་ཆེན་པོའི་བཟོད་པར ་བྱོས།། སྦྲུལ་དང་ཤ་སྦྲང་དག་དང་ནི།། བཀྲེས་སྐོམ་ལ་སོགས་ཚོར་བ་དང་།། གཡན་པ་ལ་སོགས་བཅས་པ་ཡི།། དོན་མེད་སྡུག་བསྔལ་ཅིས་མ་མཐོང་།། ཚ་གྲང་ཆར་དང་རླུང་སོགས་དང་།། ནད་དང་འཆིང་དང་རྟོག་སོགས་ལ།། བདག་གིས ་གཟེ་རོ་མི་བྱ་སྟེ།། དེ་ལྟར་བྱས་ན་གནོད་པ་འཕེལ།། ལ་ལ་བདག་གི་ཁྲག་མཐོང་ན།། དཔའ་བརྟན་ལྷག་པར་སྐྱེ་འགྱུར་ཡོད།། ལ་ལ་གཞན་གྱི་ཁྲག་མཐོང་ན།། འབོག་ཅིང་བརྒྱལ་བར་འགྱུར་བ་ཡོད།། དེ་ནི་སེམས་ཀྱི་ངང་བརྟན་དང་།། སྔར ་མའི་ཆུལ་ལོས་གྱུར་པ་ཡིན།། དེ་བས་གནོད་པ་ཁྱད་བསད་ཅིང་།། སྡུག་བསྔལ་རྣམས་ཀྱིས་མི་ཚུགས་བྱོས།། མཁས་པས་སྡུག་བསྔལ་བྱུང་ཡང་ནི།། སེམས་ཀྱི་རབ་དང་རྙོག་མི་བྱ།། ཉོན་མོངས་རྣམས་དང་གཡུལ་འགྱེད་ལ།། གཡུལ་འགྱིང ་ཆེན་གནོད་པ་མང་།། སྡུག་བསྔལ་ཐམས་ཅད་ཁྱོད་བསད་ནས།། ཞེ་སྡང་ལ་སོགས་དགྲ་འཇོམས་པ།། དེ་དག་རྒྱལ་བྱེད་དཔའི་བོ་སྟེ།། ལྷག་མ་རོལ་གསོད་པའོ།། གཞན་ཡང་སྡུག་བསྔལ་ཡོན་ཏན་ནི།། སྐྱོ་བས་དྲེགས་པས་ཕྲ་བར་བྱེད།། ་འཁོར་བ་པ་ལ་སྙིང་རྗེ་སྐྱེ།། སྡིག་ལ་འཛེམ་དང་དག་ལ་དགག། མཁྲིས་པ་ལ་སོགས་སྡུག་བསྔལ་གྱི།། འབྱུང་གནས་ཚེ་ལ་མི་ཁྲོ་བར།། སེམས་ཡོད་རྣམས་ལ་ཅི་སྟེ་ཁྲོ།། དེ་དག་ཀུན་ཀྱང་རྐྱེན་གྱིས་བསྐུལ།། དཔེར་ན་མི་འདོད་བཞིན་དུ་ཡང་།། ་ནོནད་ནོ་འབྱུང་བར་འགྱུར་བ་ལྟར།། དེ་བཞིན་མོ་འདོད་བཞིན་དུ་ཡང་།། ནན་རྒྱས་ཉན་མངས་འབྱུང་བར་འགྱུར།། ཁྲོ་བར་བྱ་ཞོས་མ་བསམས་ཀྱང་།། སྐྱེ་བོ་རྣམས་ན་གྱོ་ན་ཁྲོ།། བསྐྱོད་བར་བྱ་ཞེས་མ་བསམས་ཀྱང་།། ཁྲོ་བ་དེ་བཞིན་རྒྱུ་བར་འགྱུར།། ་ཉེས་པ་ཇི་སྙེད་ཐམས་ཅད་དང་།། སྡིག་པ་རྣམ་པ་སྣ་ཚོགས་པ།། དེ་ཀུན་རྐྱེན་གྱི་སྟོབས་ལས་བྱུང་།། རང་དབང་ཡོད་པ་མ་ཡིན་ནོ།། རྐྱེན་རྣམས་ཚོགས་པ་དེ་དག་ཀྱང་།། བསྐྱེད་པར་བྱ་ཞོས་སེམས་པ་མེད།། དེས་བསྐྱེད་དེ་ཡང་བདག་མེད་ཅེས།། སེམས ་པ་ཡོད་པ་མ་ཡིན་ནོ།། གཙོ་བོ་ཞེས་བྱ་གང་འདོད་དང་།། བདག་ཅེས་བརྟགས་པ་གང་ཡིན་པ།། དེ་ཉིད་བདག་ནི་འབྱུང་བྱ་ཞེས།། ཆེད་དུ་བསམས་ཤིང་འབྱུང་བ་མེད།། མ་སྐྱེས་པར་ནི་དེ་མེད་ན།། དེ་ཚེ་སྐྱེ་བར་འདོད་པ་གང་།། ཡུལ་ལ་རྟག་ཏུ་གཡེངས ་འགྱུར་བས།། འགག་པར་འགྱུར་གང་མ་ཡིན་ནོ།། ཅི་སྟེ་བདག་དེ་རྟག་ན་ནི།། མཁའ་བཞིན་བྱེད་པ་མེད་པར་མངོན།། རྐྱེན་རྣམས་གཞན་དང་ཕྲ་ན་ཡང་།། འགྱུར་བ་མེད་པ་ཅི་བྱར་ཡོད།། བྱེད་པའི་ཚེ་སེང་སྔོན་བཞིན་ན།། བྱེད་པ་དེ་ལ་ཅི་ཞིག་བྱ།། དེ་ཡི ་བྱེད་པ་འདི་ཡིན་ཞེས།། འབྲེལ་བར་འགྱུར་བ་གང་ཞིག་ཡོད།། དེ་ལྟར་ཐམས་ཅད་གཞན་གྱི་དཔུང་།། དེ་ཡི་དབང་གིས་དེ་དབང་མེད།། དེ་ལྟར་ཤེས་ན་སྦྲུལ་ལྟ་བུའི།། དངོས་པོ་ཀུན་ལ་ཁྲོ་མི་འགྱུར།། གང་གིས་གང་ཞིག་བཟློག་བྱ་སྟེ།། བཟློག་པའང་རིགས ་བ་མིན་ཞེ་ན།། དེ་ལ་བརྟེན་ནས་སྡུག་བསྔལ་རྣམས།། རྒྱུན་ཆད་འགྱུར་འདོད་མི་རིགས་མེད།། དེ་བས་དགྲ་བམ་མཛའ་ཡང་རུང་།། མི་རིགས་བྱེད་པ་མཐོང་གྱུར་ན།། འདི་འདྲའི་རྐྱེན་ལས་གྱུར་ཏོ་ཞེས།། དེ་ལྟར་སེམས་ཏེ་བདེ་བར་མནོས།། གལ་ཏེ་རང་དགས ་འགྲུབ་འགྱུར་ན།། འགའ་ཡང་སྡུག་བསྔལ་མི་འདོད་པས།། ལུས་ཅན་དག་ནི་ཐམས་ཅད་ཀྱང་།། སུ་ལའང་སྡུག་བསྔལ་འབྱུང་མི་འགྱུར།། བག་མེད་པས་ནི་བདག་ལའང་བདག། ཚེར་མ་ལ་སོགས་གནོད་པ་བྱེད།། བུད་མེད་ལ་སོག ་ཐོབ་བྱའི་ཕྱིར།། རྔམ་ཞིང་ཟས་གཅོད་ལ་སོགས་བྱེད།། ཁ་ཅིག་འགེག་ཅིང་གཡང་སར་མཆོང་།། དུག་དང་མི་འཕྲོད་ཟ་བ་དང་།། བསོད་ནམས་མ་ཡིན་སྤྱོད་པ་ཡིས།། རང་ལ་གནོད་པ་བྱེད་པ་ཡོད།། གང་ཚེ་ཉོན་མོངས་དབང་གྱུར་པས།། བདག་སྡུག་ཉིད ་ཀྱང་གནོད་བྱེད་ན།། དེ་ཚེ་དེ་དག་གཞན་ལུས་ལ།། གནོད་མི་བྱེད་པར་ཇི་ལྟར་འགྱུར།། ཉོན་མོངས་སྐྱེས་པ་དེ་ལྟ་བུར།། བདག་གསོད་ལ་སོགས་ཞུགས་པ་ལ།། སྙིང་རྗེ་བརྒྱ་ལ་མ་སྐྱེས་ནི།། ཁྲོ་བར་འགྱུར་བ་ཅིའི་ཐ་ཚིག། གལ་ཏེ་གཞན་ལ་འཚེ་བྱེད་པ།། བྱིས ་པ་རྣམས་ཀྱི་རང་བཞིན་ན།། དེ་ལ་ཁྲོ་བར་མི་རིགས་ཏེ།། སྲེག་པའི་རང་བཞིན་མ་བཀོན་འདྲ།། འོན་ཏེ་སྐྱོན་དེ་གློ་བུར་ལ།། སེམས་ཅན་རང་བཞིན་ངེས་པས་ན།། འོ་ནའང་ཁྲོ་བར་མི་རིགས་ཏེ།། མཁའ་ལ་དུ་འཐུལ་དཀོན་པ་བཞིན།། དབྱུག་པ་ལ་སོགས ་དངོས་བཀོལ་ཏེ།། གལ་ཏེ་འཕེན་པ་ལ་ཁྲོ་ན།། དེ་ཡང་ཞེ་སྡང་གིས་སྤང་བས།། ཉིས་ན་ཞེ་སྡང་ལ་ཁྲོ་རིགས།། བདག་གིས་སྔོན་ཆད་སེམས་ཅན་ལ།། འདི་འདྲ་བ་ཡི་གནོད་པ་བྱས།། དེ་བས་སེམས་ཅན་འཚེ་བྱེད་པ།། བདག་ལ་གནོད་པ་འདི་འབྱུང་རིགས།། དེ ་ཡི་མཚོན་དང་བདག་གི་ལུས།། གཉིས་ཀའང་སྡུག་བསྔལ་རྒྱུ་ཡིན་ཏེ།། དེས་མཚོན་བདག་གི་ལུས་ཕྱུང་ན།། གང་ཞིག་ལ་ནི་ཁྲོ་བར་བྱ།། ཤུ་བ་མི་ཡི་གཟུགས་འདྲ་བ།། རེག་ཏུ་མི་བཟོད་སྡུག་བསྔལ་ཅན།། སྲེད་ལྗོངས་བདག་གིས་བཟུང་གྱུར་ན།། དེ་ལ་གནོད། ་པ་སུ་ལ་ཁྲོ།། བྱིས་པ་སྡུག་བསྔལ་མི་འདོད་ཅིང་།། སྡུག་བསྔལ་རྒྱུ་ལ་བརྐམ་པས་ན།། རང་གི་ཉེས་པས་གནོད་གྱུར་པས།། གཞན་ལྔ་བཀོན་དུ་ཅི་ཞིག་ཡོད།། དཔེར་ན་དམྱལ་བའི་སྲུང་མ་དང་།། རལ་གྲི་ལོ་མའི་ནགས་ཚལ་ལྟར།། རང་གི་ལས་ཀྱིས་འདི ་བསྐྱེད་ན།། གང་ཞིག་ལ་ནི་ཁྲོ་བར་བྱ།། བདག་གི་ལས་ཀྱི་བསྐུལ་བྱས་ནས།། བདག་ལ་གནོད་བྱེད་རྣམས་འབྱུང་སྟེ།། དེ་ཡིས་སེམས་ཅན་དམྱལ་དོང་ན།། བདག་གིས་དེ་དག་མ་བརླག་གམ།། འདི་དག་ལ་ནི་བརྟན་བཅས་ནས།། བཟོད་པས་བདག ་སྡིག་མང་དུ་འབྱུང་།། བདག་ལ་བརྟེན་ནས་དེ་དག་ནི།། ཡུན་རིང་སྡུག་བསྔལ་དམྱལ་བར་འདོད་།། བདག་ནི་དེ་ལ་གནོད་བྱེད་ལ།། དེ་དག་བདག་ལ་ཕན་འདོགས་ན།། ཕྱིན་ཅི་ལོག་ཏུ་ཅི་ཡི་ཕྱིར།། མ་རུངས་སེམས་ཁྱོད་ཁྲོ་བར་བྱེད།། གལ་ཏེ་བདག ་ལ་བསམ་པ་ཡི།། ཡོན་ཏན་ཡོད་ན་དམྱལ་མི་འགྲོ། གལ་ཏེ་བདག་གིས་བདག་བསྲུངས་ན།། དེ་དག་ལ་འདིར་ཅི་ཞིག་འབྱུང་།། འོན་ཏེ་ལན་དུ་གནོད་བྱས་ན།། དེ་དག་བསྲུངས་པར་མ་གྱུར་ལ།། བདག་བསྲུངས་པར་མ་གྱུར་ལོ།། བདག་གི་སྤྱོད་པ ་འང་ཉམས་པར་འགྱུར།། དེས་ན་དཀའ་ཐུབ་ཞིག་པར་འགྱུར།། ཡིད་ནི་ལུས་ཅན་མ་ཡིན་པས།། སུས་ཀྱང་གང་དུའང་གཞོམ་མི་ནུས།། ལུས་ལ་མངོན་པར་ཞེན་པས་ན།། ལུས་འདི་སྡུག་བསྔལ་དག་གིས་གནོད།། བརྙས་དང་ཚིག་རྩུབ་སྨྲ་བ ་དང་།། མི་སྙན་པ་ཡི་ཚིག་དེ་ཡིས།། ལུས་ལ་གནོད་པར་མི་འགྱུར་ན།། སེམས་ཁྱོད་ཅི་ཕྱིར་རབ་ཏུ་ཁྲོ།། གཞན་དག་བདག་ལ་མི་དགའ་བ།། དེས་ནི་ཚེ་འདི་འམ་ཚེ་གཞན་ལ།། བདག་ལ་ཟ་བར་མི་བྱེད་ན།། བདག་ནི་ཅི་ཕྱིར་དེ་མི་འདོད།། རྙེད་པའི ་བར་ཆད་བྱེད་པའི་ཕྱིར།། གལ་ཏེ་འདི་བདག་མི་འདོད་ན།། བདག་གི་རྙེད་པ་འདི་འདོར་གྱི།། སྡིག་པ་དག་ནི་བརྟན་པར་གནས།། བདག་ནི་དེང་ཉིད་ཤི་ཡང་བླའི།། ལོག་འཚོ་ཡུན་རིང་གསོན་མི་རུང་།། བདག་ལྟ་ཡུན ་རིང་གནས་གྱུར་ཀྱང་།། འཆི་བའི་སྡུག་བསྔལ་དེ་ཉིད་ཡིན།། རྨི་ལམ་ལོ་བརྒྱར་བདེ་མྱོང་ནས།། སད་པར་གྱུར་པ་གང་ཡིན་དང་།། གཞན་ཞིག་ཡུད་ཙམ་བདེ་མྱོང་ནས།། སད་པར་གྱུར་པ་གང་ཡིན་པ།། སད་པ་དེ་དག་གཉི་ག་ལའང་།། ་བ་དེ་ནི་ཕྱིར་འོང་མེད།། ཚེ་རིང་ཚེ་ཐུང་གཉི་ག་ཡང་།། འཆི་བའི་དུས་ན་དེ་འདྲར་ཟད།། རྙེད་པ་མང་པོ་ཐོབ་གྱུར་ཏེ།། ཡུན་རིང་དུས་སུ་བདེ་སྤྱད་ཀྱང་།། ཆོམ་པོས་ཕྲོགས་པ་ཇི་བཞིན་དུ།། སྒྲེན་མོ་ལག་པ་སྟོང་པར་འགྲོ། གལ་ཏེ་རྙེད་པས་གསོན ་གྱུར་ན།། སྡིག་ཟད་བསོད་ནམས་བྱ་ཞེ་ན།། རྙེད་པའི་དོན་དུ་ཁྲོས་གྱུར་ན།། བསོད་ནམས་ཟད་སྡིག་མི་འགྱུར་རམ།། གང་གི་དོན་དུ་བདག་གསོན་པ།། དེ་ཉིད་གལ་ཏེ་ཉམས་གྱུར་ན།། སྡིག་པ་འབའ་ཞིག་བྱེད་པ་ཡི།། གསོན་པ་དེས་ཀོ་ཅི་ཞིག་བྱ།། ། ་གལ་ཏེ་སེམས་ཅན་ཉམས་བྱེད་པས།། མི་སྙན་སྨྲ་ལ་ཁྲོ་ཞེ་ན།། གཞན་ལ་མི་སྙན་བརྗོད་ལའང་ཁྱོད།། དེ་བཞིན་ཅི་སྟེ་ཁྲོ་མི་བྱེད།། མ་དང་གཞན་ལ་རག་ལས་པས།། དད་པ་མེད་ལ་ཁྱོད་བཟོད་ན།། ཉོན་མོངས་སྐྱེ་ལ་རག་ལས་པའི།། མི་སྙན ་སྨ་ལ་ཅིས་མི་བཟོད།། སྐུ་གཟུགས་མཆོད་རྟེན་དམ་ཆོས་ལ།། འཁྱལ་ཞིང་འཇིག་པར་བྱེད་པ་ལའང་།། བདག་གིས་ཞེ་སྡང་མི་རིགས་ཏེ།། སངས་རྒྱས་སོགས་ལ་གནོད་མི་མངའ།། བླ་མ་གཉེན་ལ་སོགས་པ་དང་།། བཤེས་ལ་གནོད་པ་བྱེད ་རྣམས་ལའང་།། སྔ་མའི་ཚུལ་གྱིས་རྐྱེན་དག་ལས།། འགྱུར་བར་མཐོང་ནས་ཁྲོ་བ་བཟློག། ལུས་ཅན་རྣམས་ལ་སེམས་ཡོད་དང་།། སེམས་མེད་གཉིས་ཀས་གནོད་བྱེད་ན།། སེམས་ཡོད་ཅི་སྟེ་བཀར་ཏེ་བཀོན།། དེ་བས་གནོད་པ་བཟོད་པར་གྱིས།། ་ལ་ལ་རྨོངས་པས་ཉེས་པ་བྱེད།། ལ་ལ་རྨོངས་ཏེ་ཁྲོས་གྱུར་ན།། དེ་ལ་སྐྱོན་མེད་གང་གིས་བྱ།། སྐྱོན་དང་བཅས་ཏེ་གང་ཞིག་ཡིན།། གང་གིས་གཞན་དག་གནོད་བྱེད་པའོ།། ལས་དེ་སྔོན་ཆད་ཅི་ཕྱིར་བྱས།། ཐམས་ཅད་ལས་ལ་རགས་ལས་ན།། བདག ་གིས་འདི་ལ་ཅི་སྟེ་བཀོན།། དེ་ལྔར་མཐོང་ནས་ཅི་ནས་ཀྱང་།། ཐམས་ཅད་ཕན་ཚུན་བྱམས་སེམས་སུ།། འགྱུར་བ་དེ་ལྟར་བདག་གིས་ནི།། བསོད་ནམས་དག་ལ་བསྒྲིམས་ཏེ་བྱ།། དཔེར་ན་ཁྱིམ་ཚིག་གྱུར་པའི་མེ།། ཁྱིམ་གཞན་ཞིག་ཏུ་སོང་ནས ་ནི།། རྩ་སོགས་གང་ལ་མཆེད་བྱེད་པ།། དེ་ནི་ཕྱུང་སྟེ་དོར་བ་ཡིན།། དེ་བཞིན་གང་ལ་སེམས་ཆགས་ནས།། ཞེ་སྡང་མེ་ནི་མཆེད་གྱུར་པ།། བསོད་ནམས་ཚིག་པར་དོགས་པ་ཡིས།། དེ་ནི་དེ་ཡི་མོད་ལ་དོར།། བསད་པའི་མི་ཞིག་ལག་བཅད་དེ།། ། ་གལ་ཏེ་ཐར་ན་ཅིས་མ་ལེགས།། གལ་ཏེ་མི་ཡི་སྡུག་བསྔལ་གྱིས།། དམྱལ་བ་བྲལ་ན་ཅིས་མ་ལེགས།། ད་ལྟའི་སྡུག་བསྔལ་འདི་ཙམ་ལའང་།། བདག་གིས་བཟོད་པར་མི་ནུས་ན།། དེས་ན་དམྱལ་བའི་སྡུག་བསྔལ་རྒྱུ།། ཁྲོ་བ་ཅི་སྟེ་བཟློག་མི་བྱེད།། ། ་འདོད་པའི་དོན་དུ་བསྲེག་ལ་སོགས།། དམྱལ་བར་སྟོང་ཕྲག་མྱོས་གྱུར་ཀྱོང་།། བདག་གིས་རང་གི་དོན་དང་ནི།། གཞན་གྱི་དོན་ཀྱང་མ་བྱས་སོ།། འདི་ནི་དེ་ཙམ་གནོད་མིན་ལ།། དོན་ཆེན་དག་ཀྱང་འགྲུབ་འགྱུར་བས།། འགྲོ་བའི་གནོད་སེལ་སྡུག ་བསྔལ་ལ།། དགའ་བ་འབའ་ཞིག་འདིར་བྱ་རིགས།། གཞན་གྱི་ཡོན་ཏན་ལྡན་བསྟོད་ནས།། གལ་ཏེ་དགའ་བའི་བདེ་ཐོབ་ན།། ཡིད་ཁྱོད་ཀྱང་ནི་དེ་བསྟོད་ནས།། ཅི་ཕྱིར་དེ་ལྟར་དགའ་མི་བྱེད།། ཁྱོད་ཀྱི་དགའ་བའི་བདེ་བ་འདི།། ་བདེ་འབྱུང་ཁ་ན་མ་ཐོ་མེད།། ཡོན་ཏན་ལྡན་པ་རྣམས་ཀྱིས་གནང་།། གཞན་སྡུད་པ་ཡི་མཆོག་ཀྱང་ཡིན།། གཞན་ཡང་དེ་ལྟར་བདེ་འགྱུར་ཞེས།། གལ་ཏེ་ཁྱོད་བདེ་འདི་མི་འདོད།། གླ་ངན་སྦྱིན་སོགས་སྤངས་པའི་ཕྱིར།། མཐོང་དང་མ་མཐོང་ཉམས ་པར་འགྱུར།། རང་གི་ཡོན་ཏན་བརྗོད་པའི་ཚེ།། གཞན་ལའང་བདེ་བ་འདོད་པར་བྱེད།། གཞན་གྱི་ཡོན་ཏན་བརྗོད་པའི་ཚེ།། རང་ལའང་བདེ་བ་མི་འདོད་བྱེད།། སེམས་ཅན་ཐམས་ཅད་བདེ་འདོད་པས།། བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས།། སེམས་ཅན ་རང་གིས་བདེ་རྙེད་ནས།། དཀོ་ཅི་སྟེ་ཁྲོ་བར་བྱེད།། འཇིག་རྟེན་གསུམ་མཆོད་འཚང་རྒྱ་བར།། སེམས་ཅན་རྣམས་ནི་འདོད་ཅེ་ན།། བསྙེན་བཀུར་ངན་ངོན་ཙམ་མཐོང་ནས།། དེ་ཕྱིར་དེ་ལ་གདུང་བར་བྱེད།། གསོ་བྱ་གང་ཞིག་ཁྱོ་གསོ་བ།། ཁྱོད་ཉིད་ཀྱིས་ནི ་སྦྱིན་བྱ་དེ།། གཉེན་གྱིས་འཚེ་བ་རྙེད་གྱུར་ནོ།། དགར་མི་འགྱུར་བར་སླར་ཁྲོའམ།། ཅི་སྟེ་འགྲོ་ལ་མི་འདོད་ན།། དེ་ལ་བྱང་ཆུབ་འདོད་གང་ཡིན།། གང་ཞིག་གཞན་འབྱོར་ཁྲོ་དེ་ལ།། བྱང་ཆུབ་སེམས་ནི་ག་ལ་ཡོད།། གལ་ཏེ་དེས་དེ་ལ་རྙེད་དམ།། སྦྱིན ་བདག་ཁྱིམ་ན་གནས་གྱུར་པ།། ཀུན་ཏུ་དེ་ཁྱོད་ལ་མེད་ན།། བྱིན་མ་བྱིན་རུང་དེས་ཅི་བྱ།། བསོད་ནམས་དང་ནི་དད་པའམ།། རང་གི་ཡོན་ཏན་ཅི་ཕྱིར་འདོད།། རྙེད་པར་གྱུར་པ་མི་འཛིན་ལ།། གང་གིས་ཁྲོ་བར་མི་བྱེད་སྨྲོས།། ཁྱོད་ནི་རང་གིས་སྡིག་བྱས ་ལ་མྱ་ངན་མེད་པར་མ་ཟད་ཀྱི།། བསོད་ནམས་བྱས་པ་གཞན་དག་དང་།། ལྷན་ཅིག་འགྲན་པར་བྱེད་འདོད་དམ།། །། བམ་པོ་གཉིས་པ།། གལ་ཏེ་དགྲ་ཞིག་མི་དགའ་ནའང་།། དེ་ལ་ཁྱོད་དགར་ཅི་ཞིག་ཡོད།། ཁྱོད་ཀྱི་ཡིད་སྨོན་ཙམ་གྱིས ་ནི།། དེ་ལ་གནོད་པའི་རྒྱུར་མི་འགྱུར།། ཁྱོད་ཀྱི་འདོད་པས་སྡུག་བསྔལ་དེ།། གྲུབ་ནའང་ཁྱོད་དགར་ཅི་ཞིག་ཡོད།། གལ་ཏེ་འཚེངས་པར་འགྱུར་ཞེ་ན།། དེ་ལས་ཕུང་བའང་གཞན་ཅི་ཡོད།། ཉོན་མོངས་ཉ་པས་བཏབ་པ་ཡི།། མཆིལ་པ་འདི་ནི་མི་བཟད ་གཟེ། དེས་བཟུང་སེམས་དམྱལ་བུམ་པར་ཡང་།། དམྱལ་བའི་སྲུང་ནས་བདག་འཚེད་ངེས།། བསྟོད་དང་གྲགས་པའི་རིམ་གྲོ་ནི།། བསོད་ནམས་མི་འགྱུར་ཆེར་མི་འགྱུར།། བདག་སྟོབས་མི་འགྱུར་ནད་མེད་མིན།། ལུས་བདེ་བར་ཡང་མི་འགྱུར་རོ།། ་བདག་ནི་རང་དོན་ཤེས་གྱུར་ན།། དེ་ལ་རང་དོན་ཅི་ཞིག་ཡོད།། ཡིད་བདེ་འབའ་ཞིག་འདོད་ན་ནི།། རྒྱན་སོགས་ཆང་ཡང་བསྟེན་དགོས་སོ།། གྲགས་པའི་དོན་དུ་ནོར་གཏོང་ཞིང་།། བདག་ཉིད་ཀྱང་ནི་གསོད་བྱེད་ན།། ཚིག་འབྲུ་རྣམས་ཀྱིས་ཅི་ཞིག ་བྱེཤི་ན་དེས་ཀོ་སུ་ལ་བདེ།། བྱེ་མའི་ཁང་བུ་རྡིབ་གྱུར་ན།། བྱིས་པ་རྣམས་ནི་ག་ཆད་དུ།། དེ་བཞིན་བསྟོད་དང་གྲགས་ཉམས་ན།། རང་གི་སེམས་ནི་བྱིས་པ་བཞིན།། རེ་ཞིག་དགྲ་ལ་སེམས་མེད་ཕྱིར།། བདག་ལ་བསྟོད་སེམས་ཡོང་མི་སྲིད།། ་བདག་ལ་གཞན་དགའ་ཞེས་གྲགས་པ།། དེ་ནི་དགའ་བའི་རྒྱུ་ཡིན་གྲང་།། གཞན་ནམ་ཡང་ན་བདག་ལའང་རུང་།། གཞན་དགའ་བདག་ལ་ཅི་ཞིག་ཕན།། དགའ་བ་དེ་ནི་དེ་ཉིད་ཀྱི།། བདགའ་གིས་དེ་ལས་ཤས་མི་ཐོབ།། དེ་བདེ་བ་ཡིས་བདག་བདེ་ན།། ། ་ཀུན་ལའང་དེ་བཞིན་བྱ་དགོས་ན།། ཅི་ཕྱིར་གཞན་ལ་དགའ་བ་ཡིས།། བདེ་བར་བྱུང་ན་བདག་མི་བདེ།། དེ་བས་བདག་ནི་བསྟོད་དོ་ཞེས།། རང་གི་དགའ་བ་སྐྱེ་འགྱུར་བ།། དེ་ཡང་དེ་ལྟར་མི་འཐད་པས།། བྱིས་པའི་སྤྱོད་པ་ཁོ་ནར ་ཟང། བསྟོད་སོགས་བདག་ནི་གཡེང་བར་བྱེད།། དེས་ནི་སྐྱོ་བའང་འཇིག་པར་བྱེད།། ཡོན་ཏན་ལྡན་ལ་ཕྲག་དོག་དང་།། ཕུན་སུམ་ཚོགས་པའང་འཇིག་པར་བྱེད།། དེ་ཕྱིར་བདག་གིས་བསྟོད་སོགས་ནི།། གཞིག་ཕྱིར་གང་དག་ཉེར་གནས་པ།། ་དེ་དག་བདག་ནི་ངན་སོང་དུ།། ལྟུང་བ་བསྲུང་ཕྱིར་ཞུགས་མིན་ནམ།། བདག་ནི་གྲོལ་བ་དོན་གཉེར་ལ།། རྙེད་དང་བཀུར་སྟི་འཆིང་མི་དགོས།། གང་དག་བདག་བཅིང་གྲོལ་བྱེད་པ།། དེ་ལ་བདག་ནི་ཇི་ལྟར་ཁྲོ།། བདག་ནི་སྡུག་བསྔལ་འཇུག་འདོད། ་ལ། སངས་རྒྱས་ཀྱིས་ནི་བྱིན་བརླབས་བཞིན།། མི་གཏོང་སྒྲོ་འཕར་ཉིད་གྱུར་པ།། དེ་ལ་བདག་ནི་ཇི་ལྟར་ཁྲོ།། འདི་ནི་བསོད་ནམས་གླེགས་བྱེད་ཅེས།། དེ་ལའང་ཁྲོ་བ་རིགསོ་མིན་ཏེ།། བཟོད་མཚུངས་དཀའ་ཐུབ་ཡོད་མིན་ནི།། བདག་ནི་དེ་ལ ་གནས་སམ།། གལ་ཏེ་བདག་ནི་རང་སྐྱོན་གྱིས།། འདི་ལ་བཟོད་པ་མི་བྱེད་ན།། བསོད་ནམས་རྒྱུར་ནི་ཉེར་གནས་པ།། འདི་ལ་བདག་གེགས་བྱེད་པར་ཟད།། གང་ཞིག་གང་མེད་མི་འབྱུང་ལ།། གང་ཞིག་ཡོད་ན་ཡོད་གྱུར་པ།། དེ་ཉིད་དེ་ཡི་རྒྱུ ་ཡིན་ན།། ཇི་ལྟར་དེ་ལ་གེགས་ཞེས་བྱ།། དུས་སུ་ཕྱིན་པའི་སློང་མོ་བས།། སྦྱིན་པའི་གླེགས་བྱས་ཡོད་མ་ཡིན།། རབ་ཏུ་འབྱིན་པར་བྱེད་གྱུར་པ།། རབ་བྱུང་གེགས་ཞེས་བྱར་མི་རུང་།། འཇིག་རྟེན་ན་ནི་སློང་བ་མོད།། གནོད་པ་བྱེད་པ་དཀོན་པ ་སྟེ། འདི་ལྟར་ཕར་གནོད་མ་བྱས་ནས།། འགའ་ཡང་གནོད་པ་མི་བྱེད་དོ།། དེ་བས་ངལ་པས་མ་བསྒྲུབས་པའི།། ཁྱིམ་དུ་གཏེར་ནི་བྱུང་བ་ལྟར།། བྱང་ཆུབ་སྤྱོད་པའི་གྲོགས་གྱུར་པས།། བདག་གིས་དགྲ་ལ་དགའ་བར་བྱ།། འདི་དང་བདག་གིས ་བསྒྲུབས་པས་ན།། དེ་ཕྱིར་བཟོད་པའི་འབྲས་བུ་འདི།། འདི་ལ་ཐོག་མར་བདར་འོས་ཏེ།། འདི་ལྟར་དེ་ནི་བཟོད་པའི་རྒྱུ།། གལ་ཏེ་བཟོད་བསྒྲུབ་བསམ་མེད་པས།། དགྲ་འདི་མཆོད་བྱ་མིན་ཞེ་ན།། འགྲུབ་པ་ཡི་ནི་རྒྱུར་རུང་བའི།། དམ་པའི་ཆོས ་ཀྱང་ཅི་སྟེ་མཆོད།། གལ་ཏེ་དགྲ་འདི་གནོད་བྱ་ཡི།། བསམ་ཡོད་མཆོད་བྱ་མིན་ཞེ་ན།། སྨན་པ་བཞིན་དུ་ཕན་བརྩོན་ན།། བདག་གིས་བཟོད་པའང་ཇི་ལྟར་འགྲུབ།། དེ་བས་རབ་ཏུ་སྡང་སེམས་ལ།། བརྟེན་ནས་བཟོད་པ་སྐྱེ་བས་ན།། དེ་ཉིད ་བཟོད་པའི་རྒྱུ་ཡིན་པས།། དམ་པའི་ཆོས་བཞིན་བྱེད་པར་འོས།། དེ་ཕྱིར་སེམས་ཅན་ཞིང་དང་ནི།། རྒྱལ་བའི་ཞིང་ཞེས་ཐུབ་པས་གསུངས།། འདི་དག་མགུ་བྱས་མང་པོ་ཞིག། འདི་ལྟར་ཕུན་ཚོགས་ཕ་རོལ་ཕྱིན།། སེམས་ཅན་རྣམས ་དང་རྒྱལ་བ་ལས།། སངས་རྒྱས་ཆོས་འགྲུབ་འདྲ་བ་ལ།། རྒྱལ་ལ་གུས་བྱ་དེ་བཞིན་དུ།། སེམས་ཅན་ལ་མིན་ཅི་ཡི་ཚུལ།། བསམ་པའི་ཡོན་ཏན་རང་གིས་མིན།། འབྲས་བུ་ལས་ཡིན་དེ་མཚུངས་པར།། སེམས་ཅན་རྣམས་ལའང་ཡོན། ་ཏན་ཡོད།། དེ་ཕྱིར་དེ་དག་མཉམ་པ་ཡིན།། བྱམས་སེམས་ལྡན་ལ་མཆོད་པ་གང་།། དེ་ནི་སེམས་ཅན་ཆེ་བ་ཉིད།། སངས་རྒྱས་དད་པའི་བསོད་ནམས་གང་།། དེ་ཡང་སངས་རྒྱས་ཆེ་བ་ཉིད།། སངས་རྒྱས་ཆོས་འགྲུབ་ཆ་ཡོད་པ།། དེས་ན་དེ ་དག་མཉམ་པར་འདོད།། ཡོན་ཏན་རྒྱ་མཚོ་མཐའ་ཡས་པའི།། སངས་རྒྱས་རྣམས་དང་འགའ་མ་མཉམ།། ཡོན་ཏན་མཆོག་ཚོགས་གཅིག་པུ་ཡི།། ཡོན་ཏན་ཤེས་ཙམ་འགའ་ཞིག་ལ།། སྣང་ནའང་དེ་ལ་མཆོང་དོན་དུ།། ། ་ཁམས་གསུམ་ཕུལ་ཡང་ཆུངས་པར་འགྱུར།། སངས་རྒྱས་ཆོས་མཆོག་སྐྱེ་བའི་ཤས།། སེམས་ཅན་ལའང་ཡོད་པས་ན།། འདི་ཙམ་ཞིག་གིས་ཆ་བསྟུན་ནས།། སེམས་ཅན་མཆོད་བྱར་རིགས་པར་འགྱུར།། གཞན་ཡང་གཡོ་མེད་གཉེན ་གྱུར་ཅིང་།། ཕན་པ་དཔག་མེད་མཛད་རྣམས་ལ།། སེམས་ཅན་མགུ་བྱ་མ་གཏོགས་པ།། གཞན་གང་ཞིག་གིས་ཡན་ལོན་འགྱུར།། གང་ཕྱིར་སྐུ་གཏོང་མནར་མེད་འཇུག་པ་ལ།། དེ་ལ་ཕན་བཏགས་ལན་ལོན་འགྱུར་བས་ན།། དེ་བས་འདི་དག ་གནོད་ཆེན་བྱེད་ན་ཡང་།། ཐམས་ཅད་བཟང་མགུ་ཞིག་དུ་སྤྱད་པར་བྱ།། རེ་ཞིག་བདག་གི་རྗེར་གྱུར་ཉིད་ཀྱང་ནི།། གང་ཕྱིར་རང་གི་སྐུ་ལའང་མི་གཟིགས་པ།། དེ་ལ་རྨོངས་པ་བདག་གིས་ཇི་ལྟར་ན།། ང་རྒྱལ་བྱ་ཞིང་བླན་གྱི་དངོས་མི་བྱ།། གང ་དག་བདེ་བས་ཐུབ་རྣམས་དགྱེས་འགྱུར་ཞིང་།། གང་ལ་གནོད་ན་མི་དགྱེས་འབྱུང་འགྱུར་བ།། དེ་དག་དགའ་བས་ཐུབ་དབང་ཀུན་དགྱེས་ཤིང་།། དེ་ལ་གནོད་བྱས་ཐུབ་ལ་གནོད་པ་བྱས།། ཇི་ལྟར་ལུས་ལ་ཀུན་ནས་མེ་འབར་བ།། འདོད་པ་ཀུན ་གྱིས་ཡིད་བདེར་མི་འགྱུར་བ།། དེ་བཞིན་སེམས་ཅན་གནོད་པ་བྱས་ན་ཡང་།། ཐུགས་རྗེ་ཆེ་རྣམས་དགྱེས་པའི་ཐབས་མེད་དོ།། དེ་བས་བདག་གི་འགྲོ་བ་གནོད་བྱས་པས།། ཐུགས་རྗེ་ཆེ་ཀུན་མི་དགྱེས་གྱུར་པ་གང་།། སྡིག་དེ་དེ་རིང་སོ་སོར ་བཤགས་བགྱི་ཡིས།། མི་དགྱེས་གང་ལགས་དེ་ཀུན་བཟོད་པར་གསོལ།། དེ་བཞིན་གཤེགས་རྣམས་དགྱེས་པར་བགྱི་སླད་དུ།། དེང་ནས་དེས་བཟུང་འཇིག་རྟེན་བྲན་དུ་མཆི།། འགྲོ་མང་རྟོག་པས་བདག་གི་སྤྱི་འཚོགས་གང་།། འགུམས་ཀྱང་མི ་སྟོང་འཇིག་རྟེན་མགོན་དགྱེས་མཛོད།། འགྲོ་བ་འདི་ཀུན་ཐུགས་རྗེའི་བདག་ཅན་དེས།། བདག་ཏུ་མཛད་པ་འདི་ལ་ཐེ་ཚོམ་མེད།། སེམས་ཅན་ངོ་བོར་མཐོང་བ་འདི་དག་ཉིད།། མགྲོན་དེའི་བདག་ཉིད་ཅི་ཕྱིར་གུས་མི་བྱེད།། འདི་ཉིད་དེ་བཞིན་གཤེགས་པ ་མཉེས་བྱེད་ཡིན།། རང་དོན་ཡང་དག་སྒྲུབ་པའང་འདི་ཉིད་དོ།། འཇིག་རྟེན་སྡུག་བསྔལ་སེལ་བའང་འདི་ཉིད་དེ།། དེ་ལྟས་བདག་གིས་རྟག་ཏུ་དེ་ཉིད་བྱ།། དཔེར་ན་རྒྱལ་པོའི་མི་འགའ་ཞིག། སྐྱེ་བོ་མང་ལ་གནོད་བྱེད་ཀྱང་།། སྐྱེ་བོ་མིག་རྒྱང་རིང་པོ་དག། ་ནུས་ཀྱང་ཕྱིར་གནོད་མི་བྱེད་དེ།། འདི་ལྟར་དེ་གཅིག་མ་ཡིན་གྱི།། རྒྱལ་པོའི་སྟོབས་ནི་དེ་ཡི་དཔུང་།། དེ་བཞིན་གནོད་བྱེད་ཉམ་ཆུང་བ།། འགའ་ཡང་ཁྱད་དུ་གསད་མི་བྱེད།། འདི་ལྟར་དམྱལ་བའི་སྲུངས་མ་དང་།། ཐུགས་རྗེ་ལྡན་རྣམས་དེ་ཡི་དཔུང་།། ། ་ཇི་ལྟར་དམངས་ཀྱིས་རྒྱལ་གཏུམ་བཞིན།། སེམས་ཅན་རྣམས་ནི་མགུ་བར་བྱ།། རྒྱལ་པོ་ལྟ་ཞིག་ཁྲོས་ན་ཡང་།། སེམས་ཅན་མི་མགུ་བྱས་པ་ཡིས།། མྱོང་བར་འགྱུར་བ་གང་ཡིན་པ།། དམྱལ་བའི་གནོད་པ་དེས་བྱེད་དམ།། རྒྱལ་པོ་ལྟ ་ཞིག་མགུ་ན་ཡང་།། སེམས་ཅན་མགུ་བར་བྱས་པ་ཡིས།། ཐོབ་པར་འགྱུར་བ་གང་ཡིན་པ།། སངས་རྒྱས་ཉིད་སྦྱིན་མི་སྲིད་དོ།། སེམས་ཅན་མགུ་ལས་བྱུང་བ་ཡིས།། མ་འོངས་སངས་རྒྱས་འགྲུབ་ལྟ་ཞོག། ཚེ་འདི་ཉིད་ལའང་དཔལ ་ཆེན་དང་།། གླགས་དང་སྒྱིད་འགྱུར་ཅིས་མ་མཐོང་།། འཁོར་ཆེ་བཟོད་པས་མཛེས་སོགས་དང་།། ནད་མེད་པ་དང་གྲགས་པ་དང་།། ཤིན་ཏུ་ཡུན་རིང་འཚོ་བ་དང་།། འཁོར་ལོས་བསྒྱུར་བའི་བདེ་རྒྱས་འཐོབ།། བྱང་ཆུབ་སེམས ་དྲབའི་སྤྱོད་པ་ལ་འཇུག་པ་ལས། བཟོད་པ་བསྟན་པ་ཞེས་བྱ་བ་སྟེ་ལེའུ་དྲུག་པའོ།། །། དེ་ལྟར་བཟོད་པས་བརྩོན་འགྲུས་བརྩམ།། འདི་ལྟར་བརྩོན་ལ་བྱང་ཆུབ་གནས།། རླུང་མེད་གཡོ་བ་མེད་པ་བཞིན།། བསོད་ནམས་བརྩོན་འགྲུས ་མེད་མི་འབྱུང་།། བརྩོན་གང་དག་ལ་སྤྲོ་བའོ།། དེ་ཡི་མི་མཐུན་ཕྱོགས་བཤད་ན།། ལེ་ལོ་ངན་ལ་ཞེན་པ་དང་།། སྒྱིད་ལུག་བདག་ཉིད་བརྙས་པའོ།། སྙོམས་ལས་བདེ་བའི་རོ་མྱང་དང་།། གཉིས་ལ་བརྟེན་པའི་སྲེད་པ་ཡིས།། འཁོར་བའི་སྡུག་བསྔལ ་མི་སྐྱོ་ལས།། ལེ་ལོ་ངེས་པར་སྐྱེ་བར་འགྱུར།། ཉོན་མོངས་རྒྱབས་བཤོར་ནས་ནི།། སྐྱེ་བའི་རྒྱར་ནི་ཆུད་གྱུར་ནས།། འཆི་བ་དག་ཁར་ནི་སོང་གྱུར་པ།། ཅི་སྟེ་ད་དུང་མི་ཤེས་སམ།། རླུང་སྡེ་རིམ་གྱིས་གསོད་པ་ཡང་།། ཁྱོད་ཀྱིས་མཐོང་བར་མ ་གྱུར་ཏམ།། འོན་ཀྱང་གཉིད་ལ་བརྟེན་པ་གང་།། གདོལ་པ་དང་ནི་མ་ཧེ་བཞིན།། ལམ་ནི་ཀུན་ནས་བཀག་ནས་སུ།། འཆི་བདག་གིས་ནི་བལྟས་བཞིན་དུ།། ཇི་ལྟར་ཁྱོད་ནི་ཟ་དགའ་ཞིང་།། འདི་ལྟར་གཉིད་ལོག་ཇི་ལྟར་དགའ།། མྱུར་བ་ཉིད་དུ ་འཆི་འགྱུར་བས།། ཇི་སྲིད་དུ་ནི་ཚོགས་བསགས་བྱ།། དེ་ཚེ་ལེ་ལོ་སྤངས་ཀྱང་ནི།། དུས་མ་ཡིན་པར་ཅི་ཞིག་བྱ།། འདི་ནི་མ་བྱས་བརྩམས་པ་དང་།། འདི་བྱེད་བྱས་པར་གནས་པ་ལ།། བློ་བུར་འཆི་བདག་འོངས་ནས་ནི།། ཀྱི་ཧུད་བཅོམ་ཞེས ་སེམས་པར་འགྱུར།། མྱ་ངན་ཤུགས་ཀྱིས་སྐྲངས་པ་ཡི།། མིག་དམར་གདོང་ལ་མཆི་མ་འཛག་ཉེ་དུ་རེ་ཐག་ཆད་པ་དང་།། གཤིན་རྗེའི་ཕོ་ཉ་བཞིན་ལ་བལྟ།། རང་སྡིག་དྲན་པས་གདུངས་པ་དང་།། དམྱལ་བའི་སྒྲ་ནི་ཐོས་པ་ཡིས།། སྐྲག་པ ་མི་གཙང་ལུས་གོས་ཤིང་།། མྱོས་པར་གྱུར་ཚེ་ཅི་ཞིག་བྱ།། ཁྱོད་ནི་ཉ་གསོན་འདྲེ་བ་ལྟའི།། ཚེ་འདིར་འཇིགས་དང་ལྡན་གྱུར་ན།། སྡིག་བྱས་དམྱལ་བ་མི་བཟད་པའི།། སྡུག་བསྔལ་རྣམས་ནི་སྨོས་ཅི་དགོས།། ཆུ་ཚན་གྱིས་ནི་རེག་པ་ན།། ། ་གཞོན་ཤ་ཅན་ལ་རབ་ཚ་བའི།། དམྱལ་བ་ཡིས་ནི་ལས་བྱས་ནས།། ཅི་ཕྱིར་འདི་ལྟར་བདེ་བར་གནས།། བརྩོན་མེད་འབྲས་བུ་འདོད་པ་དང་།། གཟེ་རེ་ཅན་ལ་གནོད་མང་ཞིང་།། འཆི་བས་བཟུང་ཞིང་ལྷ་འདྲ་བ། ཀྱི་ཧུད་སྡུག་བསྔལ་དག་གིས ་བཅོམ།། མི་ཡི་གྲུ་ལ་བརྟེན་ནས་སུ།། སྡུག་བསྔལ་ཆུ་བོ་ཆེ་ལས་གྲོལ།། ཀླུ་འདི་ཕྱི་ནས་རྙེད་དཀའ་བས།། རྨོངས་པ་དུས་སུ་གཉིད་མ་ལོག། དགའ་བའི་རྒྱུ་ནི་མཐའ་ཡས་པའི།། དམ་ཆོས་དགའ་བ་བློ་མཆོག་སྤངས་ནས།། སྡུག་བསྔ་ལ་རྒྱུ ་ཡི་གཡེངས་པ་དང་།། རྒོད་པ་གོས་ལ་སྤྱོད་ཅི་ཕྱིར་དགའ།། སྒྱིད་ལུག་མཽད་དང་དཔུང་ཚོགས་པ།། སྐྱུར་ཐུང་བདག་ཉིད་དབང་བྱ་དང་།། བདག་དང་གཞོན་དུ་མཉམ་པ་དང་།། བདག་དང་གཞན་དུ་བརྗེ་བར་གྱིས།། བདུག་གིས་བྱང་ཆུབ ་ལ་ཞེས།། སྒྱིད་ལུག་པར་ནི་མི་བྱ་སྟེ།། འདི་ལྟར་དེ་བཞིན་གཤེགས་པ་ནི།། བདེན་པ་གསུང་བས་བདེན་འདི་གསུངས།། སྦྲང་བུ་ཤ་སྦྲང་བུང་བ་དང་།། དེ་བཞིན་སྲིན་བུར་གང་གྱུར་པ།། དེས་ཀྱང་བརྩོན་པའི་སྟོབས་བསྐྱེད་ན།། བྱང་ཆུབ་ཐོ ་དཀའ་བླ་མེད་ཐོབ།། བདག་ལྟ་རིགས་ཀྱི་མིར་སྐྱེས་ལ།། ཕན་དང་གནོད་དུ་ང་བ་ཤེས་པས།། བྱང་ཆུབ་སྤྱོད་པ་མ་བཏང་ན།། བདག་གིས་བྱང་ཆུབ་ཅེས་མི་མཐོང་།། འོན་ཏེ་རང་ལག་ལ་སོགས་པ།། བཏང་དགོས་བདག་ནི་འཇིགས ་ཤེ་ན། ལྕི་དང་ཡང་བླ་མ་དཔྱད་པར།། རྨོངས་པས་བདག་ནི་འཇིགས་པར་ཟད།། བསྐལ་པ་བྱེ་བ་གྲངས་མེད་དུ།། ལན་གྲངས་དུ་མར་བཅས་པ་ན།། དབུགས་དང་སྲེག་དང་གཤེག་འགྱུར་གྱིས།། བྱང་ཆུབ་ཐོབ་པར་མི་འགྱུར་རོ།། བདག་གིས ་བྱང་ཆུབ་བསྒྲུབ་པ་ཡི།། སྡུག་བསྔལ་འདི་ནི་ཚེད་ཡོད་དེ།། ཟུག་རྔུས་ཁོང་བརླག་གནོད་བསལ་ཕྱིར།། ལུས་རྨ་བཏོང་པའི་སྡུག་བསྔལ་བཞིན།། སྨན་པ་ཀུན་ཀྱང་གསོ་དཔྱད་ཀྱིས།། མི་བདེ་བ་ཡིས་ནད་མེད་བྱེད།། དེ་བྱས་སྡུག་བསྔལ་མང ་པོ་དག། གཞོམ་ཕྱིར་མི་བདེ་ཆུང་བཟོད་བྱ།། གསོ་དཔྱད་ཕལ་པ་འདི་འདྲ་བ།། སྨན་པ་མཆོག་གིས་མ་མཛད་དེ།། ཆོ་ག་ཤིན་ཏུ་འཇམ་པ་ཡིས།། ནད་ཆེན་དཔག་མེད་གསོ་བར་མཛད།། ཚེད་མ་ལ་སོགས་སྦྱིན་པ་ལའོང་།། འདྲེན་པས་ཐོག ་མར་སྦྱོར་བར་མཛོད།། དེ་ལ་གོམས་ནས་ཕྱི་ནས་ནི།། རིམ་གྱིས་རང་གི་ཤ་ཡང་གཏོང་།། གང་ཚེ་རང་གི་ལུས་ལ་ནི།། ཚེད་སོགས་ལྟ་བུའི་བློ་སྐྱེས་པ།། དེ་ཚེ་ཤ་ལ་སོགས་གཏོང་བ།། དེ་ལ་དཀའ་བ་ཅི་ཞིག་ཡོད།། སྡིག་པ་སྤང་ཕྱིར་སྡུག ་བསྔལ་མེད།། མཁས་པའི་ཕྱིར་ན་མི་དགའ་མེད།། འདི་ལྟར་ལོག་པར་རྟོག་པ་དང་།། སྡིག་པས་ལུས་དང་སེམས་ལ་གནོད།། བསོད་ནམས་ཀྱིས་ནི་ལུས་བདེ་ལ།། མཁས་པ་ཡིས་ནི་སེམས་བདེན།། གཞན་དོན་འཁོར་བར་གནས་ཀྱང་མི།། ། ་སྙིང་རྗེ་ཅན་དག་ཅི་སྟེ་སྐྱོ།། འདི་ནི་བྱང་ཆུབ་སེམས་སྟོབས་ཀྱིས།། སྔོན་གྱི་སྡིག་པ་ཟད་བྱེད་ཅིང་།། བསོད་ནམས་རྒྱ་མཚོ་སྡུད་བྱེད་ཕྱིར།། ཉན་ཐོས་རྣམས་ལས་མཆོག་ཏུ་བཤད།། དེ་བས་སྐྱོ་ངལ་ཀུན་སེལ་བའོ།། བྱང་ཆུབ་སེམས ་ཀྱི་རྟ་ཞོན་ནས།། བདེ་ནས་བདེ་བར་འགྲོ་བ་ལ།། སེམས་ཤེས་སུ་ཞིག་སྒྱིད་ལུག་འགྱུར།། སེམས་ཅན་དོན་སྒྲུབ་བྱ་ཕྱིར་དཔུང་།། མོས་བརྟན་དགའ་དང་དོར་བ་ཡིན།། མོས་པ་སྡུག་བསྔལ་འཇིགས་པ་དང་།། དེ་ཡི་ཕན་ཡོན་བསམས ་པས་སྐྱེད།། དེ་ལྟར་མི་མཐུན་ཕྱོགས་སྤངས་ཏེ།། མོས་དང་ང་རྒྱལ་དགའ་དང་དོར།། ལྷུར་བླང་དབང་བསྒྱུར་སྟོབས་ཀྱིས་ནི།། བརྩོན་འགྲུས་སྤེལ་ཕྱིར་འབད་པར་བྱ།། བདག་དང་གཞན་གྱི་ཉེས་པ་ནི།། དཔག་མེད་བདག་གིས་གཞོ ་བྱ་སྟེ།། གང་དུ་ཉེས་པ་རེ་རེ་ལའང་།། བསྐལ་པ་རྒྱ་མཚོས་ཟད་འགྱུར་བ།། ཉེས་ཟད་རྩོམ་པ་དེ་ཡི་ནི།། ཆ་ཡང་བདག་ལ་མ་མཐོང་ན།། སྡུག་བསྔལ་དཔག་ཏུ་མེད་པའི་སྣོད།། བདག་གོ་ཅི་སྟེང་སྙིང་མ་གས།། བདག་དང་གཞན་གྱི་ཡོན ་ཏོན་ནི།། མང་པོ་བདག་གིས་བསྒྲུབ་བྱ་སྟེ།། དེ་ལ་ཡོན་ཏན་རེ་རེ་ཡང་།། བསྐལ་པ་རྒྱ་མཚོས་གོམས་གྱུར་ན།། བདག་གིས་ཡོན་ཏན་ཆུ་ལ་ཡང་།། གོམས་པ་ནམ་ཡང་མི་སྐྱེས་ཏེ།། ཇི་ཞིག་ལྟར་རྙེད་སྐྱེ་བ་ཡང་།། བདག་གིས་དོན་མེད ་བྱས་པ་ཚར།། བདག་གིས་བཅོམ་ལྡན་མ་མཆོད་ཅིང་།། དགའ་སྟོན་ཆེན་པོའི་བདེ་མ་བྱིན།། བསྟན་ལ་བྱ་བ་མ་བྱས་དང་།། དབུལ་པོའི་བསམ་པ་རྫོགས་མ་བྱས།། འཇིགས་ལ་མི་འཇིགས་མ་བྱིན་དང་།། ཉམ་ཐག་བདེ་མ་བྱས་ན་བདག། ་མ་ཡི་མངལ་གྱི་ཟུག་རྔུ་དང་།། སྡུག་བསྔལ་འབུའ་ཞིག་བསྐྱེད་པར་ཟད།། བདག་ནི་སྔོན་ཆད་དེ་ལྟར་ཡང་།། ཆོས་ལ་མོས་དང་བྲལ་བ་ཡིས།། ཕོངས་པ་འདི་འདྲུར་བྱུང་གྱུར་ན།། སུ་ཞིག་ཆོས་ལ་མོས་པ་གཏོང་།། དགེ ་བའི་ཕྱོགས་ནི་ཐམས་ཅད་ཀྱི།། རྩུབ་མོས་པ་ཐུབ་པས་གསུངས།། དེའི་ཡང་རྩ་རྟག་ཏུ་ནི།། རྣམ་སྨིན་འབྲས་བུ་བསྒོམ་པས་སོ།། སྡུག་བསྔལ་ཡིད་མི་བདེ་བ་དང་།། འཇིགས་པ་རྣམ་པ་སྣ་ཚོགས་དང་།། འདོད་པ་རྣམས་དང་འབྲལ་བ་ནི།། སྡིག་པ ་སྤྱོད་ལས་འབྱུང་བར་འགྱུར།། ཡིད་ལ་བསམས་པའི་དགེ་བྱས་པས།། གང་དང་གང་དུ་འགྲོ་འགྱུར་བ།། དེ་དང་དེར་ནི་བསོད་ནམས་དེས།། འབྲས་བུ་ཡོན་གྱིས་མངོན་མཆོད་འགྱུར།། སྡིག་པ་བྱེད་པ་བདེ་འདོད་ཀྱང་།། གང་དང་གང་དུ་འགྲོ་འགྱུར་བ།། ་དེ་དང་དེར་ནི་སྡིག་པ་དེས།། སྡུག་བསྔལ་མཚོན་གྱིས་རྣམ་པར་འཇོམས།། རྒྱ་ཆེ་དྲི་བཟང་བསིལ་བའི་པདྨའི་སྙིང་པོར་གནས།། རྒྱལ་བའི་གསུང་སྙན་ཟས་ཀྱིས་གཟི་བརྗིད་བསྐྱེད་བྱས་པ།། ཐུབ་བོད་ཀྱི་རྒྱས་པདྨ་ལས་བྱུང་ལུས་མཆོག་ཅན།། རྒྱལ ་བའི་མདུན་གནས་བདེ་གཤེགས་སྲས་སུ་དགེ་བས་འགྱུར།། གཤིན་རྗེའི་སྐྱེས་བུས་པགས་པ་མ་ལུས་བཤུས་པས་ཤིན་ཏུ་ཉམ་ཐག་ཅིང་།། རབ་ཏུ་ཚ་བའི་མེ་ཡིས་བཞུས་པོའི་ཟངས་ཞུན་ལུས་ལ་བླུགས་གྱུར་ལ།། འབར་བའི་རལ་གྲི་མདུང ་ཐུང་གིས་བསྣུན་ཤ་ཡི་དུམ་བུ་བརྒྱར་ལྷགས་ཤིང་།། ཤིན་ཏུ་འབར་བའི་ལྕགས་ཀྱིས་གཞི་ལྟུང་བར་མི་དགེ་མང་པོས་འགྱུར།། དེ་བས་དགེ་ལ་མོས་བྱ་ཞིང་།། གུས་པ་ཉིད་དུ་བསྒོམ་པར་བྱ།། རྡོ་རྗེ་རྒྱལ་མཚན་ཆོ་ག་ཡིས།། བརྩམས་ནས ་ང་རྒྱལ་བསྒོམ་པར་བྱ།། དང་པོ་འབྱོར་པ་བརྟགས་ནས་ནི།། བརྩམ་འམ་ཡང་ན་མི་བརྩམ་བྱ།། མ་བརྩམས་པ་ནི་མཆོག་ཡིན་གྱི།། བརྩམས་ནས་ལྡོག་པར་མི་བྱའོ།། སྐྱེ་བ་གཞན་དུ་དེ་གོམས་ཤིང་།། སྡིག་དང་སྡུག་བསྔལ་འཕེལ་མི་འགྱུར།། ་གཞན་དང་འབྲས་བུའི་དུས་ཀྱང་ནི།། དམན་འགྱུར་དེ་ཡང་འགྲུབ་མི་འགྱུར།། ལས་དང་ཉོན་མོངས་ནུས་པ་སྟེ།། གསུམ་པོ་དག་ལ་ང་རྒྱལ་བྱ།། བདག་ཉིད་གཅིག་པུས་བྱའོ་ཞེས།། འདི་ནི་ལས་ཀྱི་ང་རྒྱལ་ཉིད།། ཉོན་མོངས་དབང་མེད་འཇིག ་རྟེན་འདིས།། རང་དོན་བསྒྲུབ་པར་མི་ནུས་པས།། འགྲོ་བས་བདག་ལྟར་མི་ནུས་ཏེ།། དེ་བས་བདག་གིས་འདི་བྱའོ།། གཞན་དག་དམན་པའི་ལས་བྱེད་ན།། བདག་ཉིད་ཀྱང་ནི་ཇི་ལྟར་འདུག། ང་རྒྱལ་གྱིས་ནི་མི་བྱེད་དེ།། བདག་ལ་ང་རྒྱལ་མེད ་པ་མཆོག། ཤི་བའི་སྦྲུལ་དང་ཕྲད་གྱུར་ན།། ཁྭ་ཡང་མཁའ་ལྡིང་ལྟ་བུར་སྤྱོད།། གལ་ཏེ་བདག་ཉིད་ཉམ་ཆུང་ན།། ལྟུང་བ་ཆུང་ངུའང་གནོད་པ་བྱེད།། ཞུམ་བཅས་རྩོལ་བ་དོར་བ་ལ།། ཕོངས་ལས་ཐར་པ་ཡོད་དམ་ཅི།། ང་རྒྱལ་རྩོལ་བ ་བསྐྱེད་པས་ནི།། ཆེན་པོ་ཡིས་ཀྱང་ཐུབ་པ་དཀའ།། དེ་བས་སེམས་ནི་བརྟན་པ་ཡི།། ལྟུང་བ་རྣམས་ནི་གཞོམ་པ་སྟེ།། བདག་ནི་ལྟུང་བས་ཕམ་བྱས་ཏེ།། ཁམས་གསུམ་རྒྱལ་འདོད་བཞད་གང་འགྱུར།། བདག་གིས་ཀུན་ལས་རྒྱལ་བྱ་སྟེ།། ། ་བདག་ལས་སུ་ཡང་རྒྱལ་མི་བྱ།། རྒྱལ་པ་སེ་ངྒེའི་སྲས་དག་པས།། ང་རྒྱལ་འདི་ལ་གནས་པར་བྱ།། འགྲོ་གང་ང་རྒྱལ་གྱིས་བཅོམ་དོ།། ཉོན་མོངས་ང་རྒྱལ་ཅན་མ་ཡིན།། ང་རྒྱལ་ཅན་དགྲའི་དབང་མི་འགྲོ། དེ་དག་ང་རྒྱལ་དགྲ་དབང་གྱུར།། ཉོན་མོངས ་ང་རྒྱལ་གྱིས་ཁེངས་ན།། ངན་འགྲོར་ང་རྒྱལ་གྱིས་ཁྲིད་ཅི།། མི་ཡི་དགའ་སྟོན་བཅོམ་པ་དང་།། གཞན་གྱི་ཟན་ཟའི་བྲན་དང་ནི།། གླེན་པ་མི་སྡུག་ཉམ་ཆུང་དང་།། ཐམས་ཅད་དུ་ནི་བརྙས་པར་འགྱུར།། ང་རྒྱལ་གྱིས ་དཀའ་ཐུབ་ཅན།། དེ་ཡང་ང་རྒྱལ་ཅན་གཏོགས་ན།། དམན་པ་ཅི་འདྲ་ཡིན་པ་སྨོས།། གང་ཞིག་ང་རྒྱལ་དགྲ་ལས་རྒྱལ་ཕྱིར་ང་རྒྱལ་འཆང་།། དེ་ཉིད་ང་རྒྱལ་ཅན་དང་རྣམ་རྒྱལ་དཔའ་དེ་ཉིད།། གང་ཞིག་ང་རྒྱལ་དགྲ་བདོ་བ་ཡང་ངེས་བཅོམ་སྟེ།། ། ་འགྲོ་ལ་འདོད་བཞིན་རྒྱལ་པོའི་འབྲས་བུ་རྫོགས་པར་བྱེད།། ཉོན་མོངས་ཕྱོགས་ཀྱི་ཁྲོད་གནས་ན།། རྣམ་པ་སྟོང་དུ་བསྲིན་གཟུགས་ཏེ།། ཝ་ལ་སོགས་པའི་སེང་གེ་བཞིན།། ཉོན་མོངས་ཕྱོགས་ཀྱིས་མི་ཚུགས་བྱ།། ཉམ་ང་ཆེ་ཐང་བྱུང་གྱུར ་ཀྱང་། མི་ཡིས་མིག་ནི་སྲུང་བ་ལྟར།། དེ་བཞིན་ཉམ་པོ་བྱུང་གྱུར་ཀྱང་།། ཉོན་མོངས་དབང་དུ་མི་འགྱུར་བྱ།། བདག་ནི་བསྲེགས་ཏེ་བསད་གྱུར་ཏམ།། བདག་གི་མགོ་བོ་བཅད་ཀྱང་བླ།། རྣམ་པ་ཀུན་ཏུ་ཉོན་མོངས་པའི།། དགྲ་ལ་འདུད་པར་མི ་བའོ།། དེ་བཞིན་གནས་སྐབས་ཐམས་ཅད་དུ།། རིགས་པ་ལས་ནི་གཞན་མི་སྤྱད།། རྩེད་མོའི་བདེ་འབྲས་འདོད་པ་ལྟར།། འདི་ཡིས་བྱས་པའི་ལས་གང་ཡིན།། ལས་དེ་ལ་ནི་ཞེན་བྱ་སྟེ།། ལས་དེས་མི་ངོམས་དགའ་བར་བྱ།། བདེ་བའི་དོན ་དུ་ལས་བྱས་ཀྱང་།། བདེ་འགྱུར་མི་འགྱུར་གཏོལ་མེད་ཀྱི།། གང་གི་ལས་ཉིད་བདེ་འགྱུར་བ།། དེ་ལས་མི་བྱེད་ཇི་ལྟར་བདེ།། སྤུ་གྲིའི་སོར་ཆགས་སྦྲང་རྩི་ལྟའི།། འདོད་པ་རྣམས་ཀྱིས་མི་ངོམས་ན།། རྣམ་སྨིན་བདེ་ལ་ཞི་བ་ཡི།། བསོད ་ནམས་ཀྱིས་ལྟ་ཅི་སྟེ་ངོམས།། དེ་ལྟས་ལས་ཚར་ཕྱིན་བྱའི་ཕྱིར།། ཉི་མ་ཕྱེད་དུས་གདུངས་པ་ཡི།། གླང་ཆེན་མཚོ་ཕྲད་མཚོར་འཇུག་ལྟར།། ལས་དེ་ལ་ནི་འཇུག་པར་བྱེད།། སྟོབས་ཉམས་པ་དང་རྗེས་འབྲེལ་ན།། སླར་བྱའི་དོན་དུ་དོར་བར་བྱ།། ་ལེགས་པར་ཟིན་ནའང་ཕྱི་མ་དང་།། ཕྱི་མ་འདོད་པས་དེ་སྣང་བྱ།། འཐབ་སྙིང་དགྲ་དང་ལྷན་ཅིག་ཏུ།། གཡུལ་ངོར་རལ་ག་ལྷགས་པ་བཞིན།། ཉོན་མོངས་མཚོན་ལས་བཟུར་བྱ་ཞིང་།། ཉོན་མོངས་དགྲ་རྣམས་འཇེབས་པར་བཏག ་གཡུལ་དུ་རལ་གྲི་ལྷུང་གྱུར་ན།། འཇིགས་པས་མྱུར་དུ་ལེན་པ་ལྟར།། དེ་བཞིན་དྲན་པའི་མཚོན་ཤོར་ན།། དམྱལ་བའི་འཇིགས་དྲན་མྱུར་དུ་བླང་།། ཇི་ལྟར་ཁྲག་ལ་བརྟེན་བཅས་ནས།། དུག་གིས་ལུས་ལ་ཁྱབ་འགྱུར་བ།། དེ་བཞིན་གླགས ་ནི་རྙེད་གྱུར་ན།། ཉེས་པས་སེམས་ལ་ཁྱབ་པར་འགྱུར།། ཉུངས་མར་བཀང་བའི་སྣོད་བཀུར་ལ།། རལ་གྲི་ཐོགས་པས་དྲུང་བསྡད་སྟེ།། བོ་ན་གསོད་བསྡིགས་འཇིགས་པ་ལྟར།། བརྟུལ་ཞུགས་ཅན་གྱིས་དེ་བཞིན་བསྒྲིམ།། དེ་བས་པང་དུ ་སྦྲུལ་འོངས་ན།། ཇི་ལྟར་རིངས་པར་ལྡང་བ་ལྟར།། དེ་བཞིན་གཉིད་དང་སྙོམ་འོངས་ན།། མྱུར་དུ་དེ་དག་བཟློག་པར་བྱ།། ཉེས་པ་བྱུང་བ་རེ་རེ་ཞིང་།། བདག་ལ་སྨད་ནས་ཅི་ནས་ཀྱང་།། བདག་ལ་ཕྱིས་འདི་མི་འབྱུང་བ།། དེ་ལྟར་བྱ་ཞེས་ཡུན ་རིང་བསམ།། ཇི་ལྟར་གནས་སྐབས་འདི་དག་ལ།། དྲན་པ་གོམས་པ་ཉིད་འགྱུར་ཞེས།། རྒྱུ་འདི་ཡིས་ནི་ཕྲེང་བའམོ།། རིགས་པའི་ལས་ནི་འདོད་པར་བྱ།། ཅི་ནས་ལས་བྱེད་སྔོན་རོལ་ནས།། ཐམས་ཅད་ལ་ནི་མཐུ་ཡོད་པ།། དེ་ལྟར་བག ་ཡོད་གཏམ་དྲན་ཏེ།། བདག་གིས་ལྡང་བ་ཡང་བར་བྱ།། ཇི་ལྟར་རླུང་ནི་འགྲོ་བ་དང་།། འོང་བས་ཤིང་བལ་དབང་སྒྱུར་བ།། དེ་བཞིན་སྤྲོ་བས་དབང་སྒྱུར་ཏེ།། དེ་ལྟ་ན་ནི་འགྲུབ་པར་འགྱུར།། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ ་འཇུག་པ་ལས། བརྩོན་འགྲུས་བསྟན་པ་ཞེས་བྱ་བ་སྟེ་ལེའུ་བདུན་པའོ།། ། དེ་ལྟར་བརྩོན་འགྲུས་བསྐྱེད་ནས་ནི།། ཡིད་ནི་ཏིང་ངེ་འཛིན་ལ་གཞག། སེམས་ནི་རྣམ་པར་གཡེངས་པའི་མི།། ཉོན་མོངས་མཆེ་བའི་ཕྲག་ན་གནས།། ལུས ་དང་སེམས་ནི་དབེན་པ་ཡིས།། རྣམ་པར་གཡེང་བ་མི་འབྱུང་ངོ་།། དེ་བས་སྡུག་བསྔལ་སྤང་བྱ་ཞིང་།། རྣམ་པར་རྟོག་པའང་ཡོངསུ་དོར།། ཆགས་པའི་ཕྱིར་དང་རྙེད་སོགས་ལ།། སྲེད་པས་འཇིག་རྟེན་མི་སྤོངས་ཏེ།། དེ་བས་འདི་དག་ཡོངས ་སྤོངས་ལ།། མཁས་པས་འདི་ལྟར་དཔྱད་པར་བྱ།། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གི། ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས།། ཐོག་མོར་ཞི་གནས་བཙལ་བྱ་དེ་ཡང་ནི།། འཇིག་རྟེན་ཆགས་པ་མེད་ལ་མངོན་དགས ་འགྲུབ།། མི་རྟགས་སུ་ཞིག་མི་རྟག་ཡོ།། ཡང་དག་ཆགས་པར་བྱེད་པ་ཡོད།། དེ་ནི་ཚེ་རབས་སྟོང་དག་ཏུ།། སྡུག་པ་མཐོང་བར་ཡོང་མི་འགྱུར།། མ་མཐོང་ན་ནི་དགར་མི་འགྱུརརོ།། ཡིད་ཀྱང་མཉམ་འཇོག་མི་འགྱུར་ལ།། མཐོང་ཡང་ངོམ ་པར་མི་འགྱུར་བས།། སྔར་བཞིན་སྲེད་པས་གདུང་བར་འགྱུར།། སེམས་ཅན་རྣམས་ལ་ཆགས་བྱས་ན།། ཡང་དག་ཉིད་ལ་ཀུན་ནས་སྒྲིབ།། སྐྱོ་བའི་སེམས་ཀྱང་འཇིག་པར་བྱེད།། ཐ་མར་མྱ་ངན་གདུང་བར་འགྱུར།། དེ་ལ་སེམས་པ་འབའ། ་ཞིག་གིས།། ཚེ་འདི་དོན་མེད་འདའ་བར་འགྱུར།། རྟག་པ་མེད་པའི་མཛའ་བཤེས་ཀྱིས།། གསུང་དྲུང་ཆོས་ཀྱང་འཇིག་པར་འགྱུར།། བྱིས་དང་སྐལ་བ་མཉམ་སྤྱོད་ན།། ངེས་པར་ངན་འགྲོར་འགྲོ་འགྱུར་ཏེ།། སྐལ་མ་མཉམ་པར་ཁྲིད། ་བྱེད་ན།། བྱིས་པ་བརྟེན་པས་ཅི་ཞིག་བྱ།། སྐད་ཅིག་གཅིག་གིས་མཛར་འགྱུར་ལ།། སུད་ཙམ་ཞིག་གི་དགྲར་ཡང་འགྱུར།། དགའ་བའི་གནས་ལ་ཁྲོ་བྱེད་པས།། སོ་སོའི་སྐྱེ་བོ་མགུ་བར་དཀའ།། ཕན་པར་སྨྲས་ན་ཁྲོ་བར་བྱེད།། བདག ་ཀྱང་ཕན་ལོས་བཟློག་པར་བྱེད།། དེ་དག་དག་ནི་མ་མཉན་ན།། ཁྲོས་པས་ངན་འགྲོར་འདོང་བར་འགྱུར།། མཐོ་ལ་ཕྲག་དོག་མཉམ་ལ་འགྲན།། དམོའ་ལ་ང་རྒྱལ་བསྟོད་ན་དྲེགས།། མི་སྙན་བརྗོད་ན་ཁོང་ཁྲོ་སྐྱེད།། ན་མོ་ཞིག་བྱིས ་ལས་ཕན་པ་ཐོབ།། བྱིས་དང་འགྲོགས་ན་བྱིས་པ་ལ།། བདག་བསྟོད་གཞན་ལ་སྨོད་པ་དང་།། འཁོར་བར་དགའ་བའི་གཏམ་ལ་སོགས།། མི་དགེ་ཅིས་ཀྱང་ངེས་པར་འབྱུང་།། དེ་ལྟར་བདག་དང་གཞན་བསྟན་པ།། དེས་ནི་ཕུང ་བར་འགྱུར་བར་ཟད།། དེས་ཀྱང་བདག་དོན་མ་བྱས་ལ།། བདག་ཀྱང་དེ་དོན་མི་འགྱུར་བས།། བྱིས་ལས་ཐག་རིང་འབྱོལ་བར་བྱ།། ཕྲང་ན་དགའ་བས་མགུ་བྱས་ཏེ།། འདྲིས་ཆེན་ཉིད་དུ་མི་འགྱུར་བས།། ཐ་མལ་པ་ཙམ་ལེགས་པར ་བྱ།། བུང་བས་མེ་ཏོག་སྦྲང་རྩི་བཞིན།། ཆོས་ཀྱི་དོན་ཙམ་བླངས་ནས་ནི།། ཀུན་ལ་སྔོན་ཆད་མ་མཐོང་བཞིན།། འདྲིས་པ་མེད་པར་གནས་པར་བྱ།། བདག་ནི་རྙེད་མང་བཀུར་སྟིར་བཅས།། བདག་ལ་མང་པོ་དགའོ་ཞེས།། དེ་འདྲའི་བསྙེམས། ་པ་འཆད་གྱུར་ན།། ཤི་བའི་འོག་ཏུ་འཇིགས་པ་སྐྱེ།། དེ་བས་རྣམ་པར་རྨོངས་པའི་ཡིད།། གང་དང་གང་ལ་ཆགས་གྱུར་པ།། དེ་དང་དེ་སྟོངས་སྟོང་འགྱུར་དུ།། སྡུག་བསྔལ་ཉིད་དུ་འགྱུར་ཞིང་ལྡང་།། དེ་བས་མཁས་པས་ཆགས་མི་བྱ།། ་ཆགས་པ་ལས་ནི་འཇིགས་པ་སྐྱེ།། འདི་དག་རང་བཞིན་འདོར་འགྱུར་བས།། བརྟན་པར་གྱིས་ཏེ་རབ་ཏུ་རྟོགས།། རྙེད་པ་དག་ནི་མ་བྱུང་ཞིང་།། གྲགས་དང་སྙན་པ་བྱུང་གྱུར་ཀྱང་།། རྙེད་དང་གྲགས་པའི་ཚོགས་བཅས་ཏེ།། གང་དུ་འདོད ་པའི་གཏོལ་མེད་དོ།། བདག་ལ་སྨོད་པ་གཞན་ཡོད་ན།། བསྟོད་པས་བདག་དགར་ཅི་ཞིག་ཡོད།། བདག་ལ་བསྟོད་པ་གཞན་ཡོད་ན།། སྨད་པས་མི་དགར་ཅི་ཞིག་ཡོད།། སེམས་ཅན་མོས་པ་སྣ་ཚོགས་པ།། རྒྱལ་བས་ཀྱང་ནི་མི་མགུ་ན།། ་བདག་འདྲ་ངན་པས་སྨོས་ཅི་དགོས།། དེ་བས་འཇིག་རྟེན་བསམས་པ་བཏང་།། སེམས་ཅན་རྙེད་པ་མེད་ལ་སྨོད།། རྙེད་པ་ཅན་ལ་མི་སྙན་བརྗོད།། རང་བཞིན་འགྲོགས་དཀའ་དེ་དག་གིས།། དགའ་བ་ཇི་ལྟར་སྐྱེ་བར་འགྱུར།། གང་ཕྱིར་བྲིས ་པཱ་རང་དོན་ནི།། མེད་པར་དགའ་བ་མི་འབྱུང་བས།། བྱིས་དང་བཤེས་པ་དགའ་མེད་ཅེས།། དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས།། ནགས་ན་རི་དགས་བྱ་དག་དང་།། ཤིང་རྣམས་མི་སྙན་བརྗོད་མི་བྱེད།། འགྲོགས་ན་བདེ་བ་དེ་དག་དང་།། ནམ ་ཞིག་ལྷན་ཅིག་བདག་གནས་འགྱུར།། ཕུག་གམ་ལྷ་ཁོང་སྟོང་པའམ།། ལྗོན་ཤིང་དྲུང་དུ་གནས་བཅས་ཏེ།། ནམ་ཞིག་རྒྱབ་ཏུ་མི་ལྟ་ཞིང་།། ཆགས་པ་མེད་པར་འགྱུར་ཞིག་གུ།། ས་ཕྱོགས་བདག་གི་རེ་བཟུང་མེད་པ།། རང་བཞིན་གྱིས ་ནི་ཡངས་རྣམས་སུ།། རང་དཔུང་སྤྱོད་ཅིང་ཆགས་མེད་པར།། ནམ་ཞིག་བདག་ནི་གནས་པར་འགྱུར།། ལྷུང་བཟེད་ལ་སོགས་ཉི་ཚེ་དང་།། ཀུན་ལ་མི་མཁོའི་གོས་འཆང་ཞིང་།། ལུས་ནི་སྦ་བར་མ་བྱས་ཀྱང་།། འཇིགས་མེད་གནས་པར ་ནམ་ཞིག་འགྱུར།། དུར་ཁྲོད་སོང་ནས་གཞན་དག་གི། རུས་གོང་དག་དང་བདག་གི་ལུས།། འཇིག་པའི་ཚོགས་ཅན་དག་ཏུ་ནི།། ནམ་ཞིག་མགོ་སྙོམས་བྱེད་པར་འགྱུར།། བདག་གི་ལུས་ནི་འདི་ཉིད་ཀྱང་།། གང་གི་དྲི་ཡིས་ཝ་དག་ཀྱང ་དྲུང་དུ་ཉེར་འགྱུར་མི་འགྱུར་བ།། དེ་ལྟ་བུར་ནི་འགྱུར་བར་འོང་།། ལུས་འདི་གཅིག་པུ་བྱུང་བ་ཡང་།། ལྷན་ཅིག་སྐྱེས་པའི་ཤ་རུས་དག། ཞིག་སྟེ་སོ་སོར་འགྱེས་འགྱུར་ན།། མཛའ་བ་གཞན་ལྟ་ཅི་ཞིག་སྤྲོས།། སྐྱེ་ནའང་གཅིག་པུ་སྐྱེ་འགྱུར་ཞིང ་འཚོ་ནའང་དེ་ཉིད་གཅིག་འཆི་སྟེ།། སྡུག་བསྔལ་སྒྲོལ་གཞན་མི་ལེན་ན།། གླེགས་བྱེད་མཛའ་བས་ཅི་ཞིག་བྱ།། ལམ་དགུ་ཏུ་ནི་ཞུགས་པ་རྣམས།། ཇི་ལྟར་གནས་ནི་འཛིན་བྱེད་ལྟར།། དེ་བཞིན་སྲིད་པའི་ལམ་ཞུགས་པའམ།། སྐྱེ་བའི་གནས། ་ནི་ཡོངསུ་འཛིན།། འཇིག་རྟེན་ཀུན་ནས་གང་བཞིན་དུ།། ཇི་སྲིད་སྐྱེས་བུ་བཞི་ཡས་ནི།། དེ་ལས་དེ་ནི་མ་བཏེག་པ།། དེ་སྙིད་དྷ་ནི་ནགས་སུ་སོང་།། བཤེས་མེད་འཁོན་པའད་མེད་བྱས་ནས།། ལུས་འདི་གཅིག་པུ་དབེན་གནས་ཏེ།། སྔན ་དང་འདྲཚོ་བགྱིས་ནས། ཤི་ན་འང་མྱ་ངན་བྱེད་པ་མེད།། དྲུང་ན་འཁོད་བ་སྤུ་དགྲ་ཀྱང་།། མྱ་དྲན་གནོད་པ་མྱོད་མེ་བུ་། དི་ཡིས་སངས་རྒྱས་རྗེས་དྲན་སོགས།། སྲས་ཀྱང་གཡེངས་པར་འགྱུར་བ་མེད།། ས་ཤིན་ཏུ་མདངས་དཔ་།། ་ནག་ཆལ་ཚེགས་ཆུང་བདེ་སྐྱེད་ཅིང་།། གཡེང་བ་ཐམས་ཅད་ཞི་བྱེད་པར།། བདག་ཉིད་གཅིག་པུ་གནས་པར་བྱེད།། བསམ་པ་གཞན་གྱིས་ཀུན་བཏང་སྟེ།། བདག་ལ་སེམས་པ་གཅིག་པུ་ཡིས།། སེམས་ནི་མཉམ་པར ་གཞག་ཕྱིར་དང་།། དུལ་བར་བྱ་ཕྱིར་བརྩོན་དེ་བྱ།། འཇིག་རྟེན་འདི་དང་ཕ་རོལ་དུའང་།། འདོད་པ་རྣམས་ནི་ཕུང་ཁྲོལ་བསྐྱེད།། འདིར་ནི་བསད་དང་བཅིང་དང་གཅོད།། ཕ་རོལ་དུ་ནི་དམྱལ་སོགས་བསྒྲུབ།། ཕོ་ཉ་ཕོ་ཉ་མོ་ཡིས་སྔོན།། གང་ཕྱིར་དུ ་མར་གསོལ་བཏབ་ཅིང་།། སྡིག་པ་རྣམས་སམ་གྲགས་མིན་ལའང་།། གང་གི་དོན་དུ་མ་གཟིམས་པར།། འཇིགས་པ་ལ་ཡང་བདག་ཞུགས་ཤིང་།། རྫས་ཀྱང་ཟད་པར་བྱས་གྱུར་ཏེ།། གང་ལ་ཡོངས་སུ་བཞུད་བ་ན།། མཆོག་ཏུ་དགའ ་འགྱུར་དེ་དག་ཉིད།། ཀེང་རུས་ཉིད་ཡིན་གཞན་མིན་ན།། རང་དབང་དང་ནི་བདག་མིན་ལ།། རབ་ཏུ་འདོད་ཅིང་ཡོངས་ཞེ་ནས།། ཅི་ཕྱིར་མྱ་ངན་འདས་མི་འགྲོ། གང་ཞིག་དང་པོ་འབད་དེ་བཏེག། དྲངས་ཀྱང་ངོ་ཚས་འོག་ཏུ་ལྟ།། སྔོན་ནི་མཐོང་ངམ ་མ་མཐོང་ཡང་།། གོས་ཀྱིས་གདོང་ནི་གཡོགས་པར་གྱུར།། ཁྱོད་ཉོན་མོངས་པའི་གདོང་དེ་ནི།། ད་ལྟ་མངོན་སུམ་གྱུར་པ་བཞིན།། བྱ་རྒོད་ཀྱིས་གསལ་བྱས་མཐོང་ན།། ད་ལྟ་ཅི་ཕྱིར་འབྱེད་པར་བྱེད།། གཞན་རྣམས་མིག་གིས་ལྷ་ན་ཡང་།། ་འགའ་ཞིག་ཡོངས་སུ་བསྲུངས་གྱུར་པ།། ཇི་སྲིད་དེ་ནི་དེ་ཟ་ན།། སེར་སྣ་ཅན་ཁྱོད་ཅིས་མི་བསྲུང་།། ཤ་ཡི་ཕུང་པོ་འདི་མཐོང་ནས།། བྱ་རྒོད་དང་གཞན་ཟ་བྱེད་ནོ།། གཞན་གྱི་ཟས་ལ་མེ་ཏོག་གི། ཕྲེང་བ་ཙན་དན་རྒྱན་གྱིས་མཆོད།། རུས་གོང་ཉིད་དུ ་མཐོང་ནས་ནི།། མི་འགུལ་ཡང་ནི་ཁྱོད་སྐྲག་ན།། རོ་ལངས་བཞིན་དུ་འགའ་ཡིས་ཀྱང་།། བསྐྱོད་པར་གྱུར་ན་ཅིས་མི་འཇིགས།། གང་ལ་གཡོགས་ཀྱང་འདི་ཆགས་པ།། དེ་མ་གཡོགས་ན་ཅི་མི་འདོད།། དེ་ལ་དགོས་པ་མེད་ན་ནི།། གཡོགས་པ ་ལ་ནི་ཅི་ཕྱིར་འཁྱུད།། ཟས་ནི་གཅིག་པུ་ཉིད་ལས་ནི།། བཤང་དང་ཁ་ཆུ་བྱུང་གྱུར་ན།། དེ་ལ་བཤང་ལ་མི་དགའ་ཞིང་།། ཁ་ཆུ་ལ་ཁྱོད་ཅི་ཕྱིར་དགའ།། ཤིང་བལ་རེག་ན་འཇམ་པ་ཡི།། སྔས་ལ་དགའ་བར་མི་བྱེད་པར།། དྲི་ང་འཛག་པ་མ ་ཡིན་ཞོས།། འདོད་ལྡན་མི་གཙང་བ་ལ་ཆོངས།། འདོད་ལྡན་ངན་པ་རྨོངས་པ་རྣམས།། ཤིང་བལ་རེག་ནུ་འཇམ་པ་ལ།། ཉལ་པོ་བྱེ་བོར་མི་ནུས་ཞེས།། དེ་འཁྲོ་བ་དག་ཏུ་བྱེད།། གལ་ཏེ་མི་གཙང་ཆགས་མེད་ན།། རུས་བཟེ་བ་རྒྱུས་པས་སྦྲེལ་བ ་ལ།། ཤ་ཡི་འདམ་གྱིས་ཞལ་ཞལ་བྱས།། གཞན་ཁྱོད་ཅི་ཕྱིར་པང་དུ་འཁྱུད།། ཁྱོད་ཉིད་མི་གཙང་མང་ཡོད་པ།། དེ་ཉིད་ལ་ཁྱོད་བརྟན་སྤྱོད་ཅིང་།། མི་གཙང་རྒྱལ་པ་གཞན་དག་ལའང་།། མི་གཙང་བརྐམ་པས་འདོད་པར་བྱེད།། བདག་ནི་ཤ་འདི་ལ ་དགའ་ཞེས།། རེག་དང་ལྟ་བར་འདོད་ན་གོ།། སེམས་མེད་པ་ཡི་རང་བཞིན་གྱི།། ཤ་ནི་ཁྱོད་གོ་ཅིས་མི་འདོད།། འདོད་པའི་སེམས་གང་ཡིན་པ་དེ།། རེག་དང་བལྟ་བར་མི་ནུས་ལ།། གང་ཞིག་ནུས་དེ་ཤེས་པ་མིན།། དོན་མེད་འཁྱུད་དེ་ཅི་ཞིག་བྱ།། མི་གཙང ་རང་བཞིན་གཞན་གྱི་ལུས།། མི་རྟོགས་ངོ་མཚར་མི་ཆེ་ཡི།། རང་ཉིད་མི་གཙང་ཉིད་ཡིན་པར།། རྟོགས་པར་མི་འགྱུར་ངོ་མཚར་ཆེ།། སྦྱིན་བྲལ་ཉི་ཟེར་གྱིས་ཕྱེ་བའི།། པདྨ་གཞོན་ནུ་སྤངས་ནས་ནི།། མི་གཙང་ཞེན་པའི་སེམས་ཀྱིས་ནི།། མི་གཙང་གཟེབ ་ལ་ཅི་ཕྱིར་དགའ།། ས་ཕྱོགས་མི་གཙང་གིས་གོས་པ།། གལ་ཏེ་རེག་པར་མི་འདོད་ན།། གང་ལས་དེ་ནི་བྱུང་བ་ཡི།། ལུས་པ་ན་ཁྱོད་རེག་འདོད།། གལ་ཏེ་མི་གཙང་ཆགས་མེད་ན།། མི་གཙང་ཞིང་ལས་བྱུང་གྱུར་ཅིང་།། དེ་ཡིས ་ས་བོན་དེས་བསྐྱེད་པ།། གཞན་ཡོད་ཅི་ཕྱིར་བང་དུ་འཁྱུད།། མི་གཙང་ལས་བྱུང་མི་གཙང་སྲིན།། ཆུང་ངུའང་ཁྱོད་འདོད་མི་བྱེད་ལ།། མི་གཙང་མང་གི་རང་བཞིན་ལུས།། མི་གཙང་སྐྱེས་པའང་འདོད་པར་བྱེད།། ཁྱོད་ནི་རང་གི་མི་གཙང་ལ།། ་སྨོད་མི་བྱེད་པར་མ་ཟད་ཀྱི།། མི་གཙང་རྒྱལ་བ་མི་གཙང་ལ།། བརྐམ་པས་གཞན་ཡང་འདོད་པར་བྱེད།། ག་བུར་ལ་སོགས་ཡིད་འོངས་དང་།། འབྲས་ཆན་དག་གམ་ཚེད་མའང་རུང་།། ཁར་བཅུག་ཕྱིར་ཕྱུང་བོར་བ་ཡི།། ས་ཡང་མི་གཙང་བརྩོག་པར་འགྱུར ་གལ་ཏེ་མི་གཙང་འདི་འདྲ་བ།། མངོན་སུམ་གྱུར་ཀྱང་ཐེ་ཚོམ་ན།། དུར་ཁྲོད་དག་ཏུ་བོར་བའི་ལུས།། མི་གཙང་གཞན་ཡང་བལྟ་བར་གྱིས།། གང་ལས་པགས་པའི་ཁ་ཕྱེ་ན།། འཇིགས་པ་ཆེན་པོ་སྐྱེ་འགྱུར་བར།། ཤེས་ཀྱང་ཇི་ལྟར་དེ་ཉིད་ལ།། ཕྱིར ་ཞིང་དགའ་བ་སྐྱེ་བར་འགྱུར།། ལུས་ལ་བསླུས་པའི་དྲི་དེ་ཡང་།། ཙན་ངན་སོགས་ཡིན་གཞན་མ་ཡིན།། གཞན་གྱི་དྲི་ཡིས་གཞན་དག་ལ།། ཅི་ཡི་ཕྱིར་ན་ཆགས་པོར་བྱེད།། གལ་ཏེ་རང་བཞིན་དྲི་ང་བ།། འདི་ལ་མ་ཆགས་ལེགས་མིན་ནམ།། འཛིན་དོ་། ་མེད་སྲེད་པ་དག། ཅི་སྟེ་དེ་ལ་དྲི་ཞིམ་སྐུད།། འོན་ཏེ་དྲི་ཞིམ་ཙནྡན་ནི།། ལུས་ལ་འདི་ནི་ཅི་ཞིག་འབྱུག། གཞན་གྱི་དྲི་ཡིས་གཞན་དག་ལ།། ཅི་ཡི་ཕྱིར་ན་ཆགས་པར་བྱེད།། གལ་ཏེ་སྒྲ་སེན་རིང་བ་དང་།། སོ་སྐྱ་དྲི་མར་བཅས་པ་དང་།། འདམ་གྱི་དྲིས་བསྒོས ་གཅེར་བུ་སྟེ།། ལུས་ཀྱི་རང་བཞིན་འཇིགས་བཅས་ན།། རང་ལ་གནོད་པའི་མཚོན་བཞིན་ན།། དེ་འབད་ཅི་ཕྱིར་བྱི་དོར་བྱེད།། བདག་ལ་རྨོངས་པའི་འབད་པ་ཡིས།། སྨྱོས་པས་ས་འདི་འཁྲུགས་པ་ཡིས།། རུས་གོང་འགའ་ཞིག་མཐོང་ནས་ནི།། དུར་ཁྲོད ་དུ་ནི་ཡིད་བྱུང་ན།། གཡོ་བའི་རུས་གོང་གིས་ཁྱབ་པའི།། གྲོང་གི་དུར་ཁྲོད་ལ་དགའ་འམ།། དེ་ལྟར་མི་གཙང་གྱུར་པ་དེ།། རིན་མེད་པར་ནི་མི་རྙེད་དོ།། དེ་དོན་སྒྲུབ་པས་ཤ་ཐང་དང་།། དམྱལ་ལ་སོགས་པས་གནོད་པར་འགྱུར།། བྱིས་པ་ནོར་སྤེལ་མི ་ནུས་པས།། དར་ལ་བབ་ན་ཅིས་འདྲིར་བདེ།། ནོར་སོགས་པ་ཡི་ཚིག་གཏུགས་ནས།། རྒས་ནས་འདོད་པས་ཅི་ཞིག་བྱ།། འདོད་ལྡན་ངན་པ་ཁ་ཅིག་ནི།། ཉིན་རངས་ལས་ཀྱིས་ཡོངས་དུབ་སྟེ།། ཁྱིམ་དུ་འོངས་ནས་ཆད་པོའི་ལུས།། རོ་དང ་འདྲ་བར་ཉལ་བར་བྱེད།། ཁ་ཅིག་བྱེས་བྱ་གྲོད་ཉོན་མོངས་དང་།། རིང་དུ་སོང་བའི་སྡུག་བསྔལ་ཅན།། བུ་སྨད་འདོད་བཞིན་བུ་སྨད་རྣམས།། ཁྱུད་ཁོར་ལོས་ཀྱང་མཐོང་མི་འགྱུར།། བདག་ལ་ཕན་འདོགས་རྣམས་རྨོངས་པས།། གང་དོན་ཉིད་དུ་བརྩོངས ་པ་ཡང་།། དེ་མ་ཐོབ་པར་དོན་མེད་པའི།། གཞན་གྱི་ལས་ཀྱི་རླུང་གིས་བདས།། ལ་ལ་རང་གི་ལུས་བརྩོངས་ཤིང་།། དབང་མེད་གཞན་གྱིས་བཀོལ་གྱུར་ཏེ།། ཆུང་མ་དག་ཀྱང་བུ་བྱུང་ན།། ཤིང་དྲུང་དགོན་པར་བབ་བབ་བྱུང་།། འདོད་པས ་བསླུས་པའི་གླེན་པ་དག། འཚེ་འདོད་འཚོ་བར་བྱའོ་ཞེས།། སྲེག་སྟོར་དོགས་བཞིན་གཡུལ་དུ་འཇུག། ཁེ་ཕྱིར་བྲན་དུ་འགྲོ་བར་བྱེད།། འདོད་ལྡན་ལ་ཡ་ལུས་ཀྱང་བཅད།། ཁ་ཅིག་གསལ་ཤིང་རྩེ་ལ་བཙུགས།། ཁ་ཅིག་མདུང་ཐུང་དག་གིས་བསྣུན།། ཁ་ཅིག། ་བསྲེག་པ་དག་ཀྱང་སྣང་།། བསགས་དང་བསྲུང་དང་རླག་པའི་གདུང་བ་ལས།། ནོར་ནི་ཕུང་ཁྲོལ་མཐའ་ལས་ཤེས་པར་བྱ།། ནོར་ལ་ཆགས་པས་གཡེངས་པར་གྱུར་པ་རྣམས།། སྲིད་པའི་སྡུག་བསྔལ་ལས་གྲོལ་སྐབས ་མེད་དོ།། འདོད་ལྡན་རྣམས་ལ་དེ་ལ་སོགས།། ཉེས་དམིགས་མང་ལ་མནོག་ཆུང་སྟེ།། ཤིང་རྟ་འདྲེན་པའི་ཕྱུགས་དག་གི། རྩཝ་ནི་ཁམ་འགའ་ཟོས་པ་བཞིན།། ཕྱུགས་ཀྱིས་བསྒྲུབས་ནའང་མི་དཀོན་པའི།། མནོག་ཆུང་གང་ཡིན་དེ་དོན་དུ།། དལ ་འབྱོར་ཕུན་སུམ་རྙེད་དཀའ་འདི།། ལས་ཀྱིས་མནར་བ་རྣམས་ཀྱིས་བཅོམ།། འདོད་པ་ངེས་པར་འཇིགས་འགྱུར་ཞིང་།། དམྱལ་ལ་སོགས་པར་ལྟུང་བྱེད་པ།། ཆེན་པོ་མིན་ཕྱིར་དུས་ཀུན་དུ།། དུབ་པའི་ཚེགས་བྱུང་གང་ཡིན་པ།། དེ་ཡི་བྱེ། ་བའི་ཆ་ཙམ་གྱི།། ཚེགས་ཀྱིས་སངས་རྒྱས་ཉིད་འགྲུབ་ན།། འདོད་ལྡན་བྱང་ཆུབ་སྤྱོད་པ་བས།། སྡུག་བསྔབ་ཆེ་ལ་བྱང་ཆུབ་མེད།། དམྱལ་སོགས་སྡུག་བསྔལ་བསམ་བྱས་ན།། འདོད་པ་རྣམས་ལ་མཚན་དང་ནི།། དུག་དང་མི་དང་གཡང་ས་དང ་དགྲ་རྣམས་ཀྱིས་ཀྱང་དཔེར་མི་ཕོད།། དེ་ལྟར་འདོད་ལ་སྐྱོ་བྱས་ཏེ།། དབེན་པ་ལ་ནི་དགའ་བ་བསྐྱེད།། རྩོད་དང་ཉོན་མོངས་ཀྱིས་སྟོང་པ།། ཞི་བའི་ནགས་ཀྱི་ནང་དག་ཏུ།། སྐལ་ལྡན་ཟླ་འོད་ཙན་དན་གྱིས་བསིལ་བའི།། ཡངས་པའི་རྡོ་ལེག་ཁང་བཟངས ་ཉམས་དགའ་བར།། སྒྲ་མེད་ཞི་བའི་ནགས་རླུང་གཡོ་བ་པ་ཡིས།། གཞན་ལ་ཕན་དོན་སེམས་ཤིང་ཆགས་པར་བྱེད།། ཁང་སྟོང་ཤིང་དྲུང་ཕུག་དག་ཏུ།། གང་དུ་ཇི་སྲིད་འདོད་གནས་ཤིང་།། ཡོངས་འཛིན་བསྲུང་བའི་སྡུག་བསྔལ་སྤངས།། བལྟོས ་པ་མེད་པའི་བག་སངས་སྤྱོད།། རང་དབང་སྤྱོད་ཅིང་ཆགས་མེད་ལ།། གང་དང་ཡང་ནི་འབྲེལ་མེད་པའི།། ཆོག་ཤེས་བདེ་སྦྱོང་གང་ཡིན་པ།། དབང་པོས་ཀྱང་ནི་དེ་རྙེད་དཀའ།། དེ་ལ་སོགས་པའི་རྣམ་པ་ཡིས།། དབེན་པའི་ཡོན་ཏན་བསམས ་བྱས་ནས།། རྣམ་རྟོག་ཉེ་བོར་ཞི་བ་དང་།། བྱང་ཆུབ་སེམས་ནི་བསྒོམ་པར་བྱ།། བདག་དང་གཞན་དུ་མཉམ་པ་ནི།། དང་པོ་ཉིད་དུ་འབོད་དེ་བསྒོམ།། བདེ་དང་སྡུག་བསྔལ་མཉམ་པས་ན།། ཐམས་ཅད་བདག་བཞིན་བསྲུང་བར་བྱ།། ལག་པ ་ལ་སོགས་དབྱེ་བ་རྣམ་མང་ཡང་།། ཡོངས་སུ་བསྲུང་བྱའི་ལུས་སུ་གཅིག་པ་ལྟར།། དེ་བཞིན་འགྲོ་བའི་བདེ་སྡུག་ཐ་དད་དག། ཐམས་ཅད་བདག་བཞིན་བདེ་བ་འདོད་མཉམ་གཅིག། གལ་ཏེ་བདག་གིས་སྡུག་བསྔལ་གྱིས།། གཞན་གྱི ་ལུས་ལ་མི་གནོད་པ།། དེ་ལྟའང་དེ་དག་སྡུག་བསྔལ་དོ། བདག་ཏུ་ཞེན་པས་མི་བཟོད་ཉིད།། དེ་བཞིན་གཞན་གྱི་སྡུག་བསྔལ་དག། བདག་ལ་འབབ་པར་མི་འགྱུར་ཡང་།། དེ་ལྟའང་དེ་དག་སྡུག་བསྔལ་ཏེ།། བདག་ཏུ་ཞེན་པས་བཟོད་པར ་དཀའ།། བདག་གིས་གཞན་གྱི་སྡུག་བསྔལ་བསལ།། སྡུག་བསྔལ་ཡིན་ཕྱིར་བདག་སྡུག་བཞིན།། བདག་གིས་གཞན་ལ་ཕན་པར་བྱ།། སེམས་ཅན་ཡིན་ཕྱིར་བདག་ལུས་བཞིན།། གང་ཚེ་བདག་དང་གཞན་གཉི་ག། བདེ་བ་འདོད ་བ་མ་ཚངས་པ་ལ།། བདག་དང་ཁྱད་པར་ཅི་ཡོད་ན།། གང་ཕྱིར་བདག་གཅིག་བདེ་བར་བརྩོན།། གང་ཚེ་བདག་དང་གཞན་གཉི་ག། སྡུག་བསྔལ་མི་འདོད་མཚུངས་པ་ལ།། བདག་དང་ཁྱད་པར་ཅི་ཡོད་ན།། གང་ཕྱིར་གཞན་མིན་བདག་སྲུང ་བྱེ་ང་གལ་ཏེ་དེ་ལ་སྡུག་བསྔལ་བས།། བདག་ལ་མི་གནོད་ཕྱིར་མི་སྲུང་།། མ་འོངས་པ་ཡི་སྡུག་བསྔལ་ཡང་།། གནོད་མི་བྱེད་ན་དེ་ཅེས་སྲུང་།། བདག་གི་དེ་ནི་མྱོང་སྙམ་པའི།། རྣམ་པར་རྟོག་དེ་ལོག་པ་སྟེ།། འདི་ལྟར་ཤི་བའང་གཞན་ཉིད ་སྐྱེ་བའང་ནི་གཞན་ཉིད་ཡིན།། གང་ཚེ་གང་གི་སྡུག་བསྔལ་གང་།། དེ་ནི་དེ་ཉིད་ཀྱིས་བསྲུང་ན།། རྐང་པའི་སྡུག་བསྔལ་ལག་པས་མིན།། ཅི་ཕྱིར་དེས་ནི་དེ་བསྲུང་བྱ།། གལ་ཏེ་རིགས་པ་མིན་ཡང་འདིར།། བདག་ཏུ་འཛིན་པས་འཇུག་ཅེ་ན།། ་བདག་གཞན་མི་རིགས་གང་ཡིན་ཏེ།། ཅི་ནུས་པར་ནི་སྤངས་བྱ་ཉིད།། རྒྱུད་དང་ཚོགས་ཞེས་བྱ་བ་ནི།། ཕྲེང་བ་དམག་ལ་སོགས་བཞིན་བརྫུན།། སྡུག་བསྔལ་ཅན་གང་དེ་མེད་པ།། ངེས་འདི་སུ་ཞིག་དབང་བར་འགྱུར།། སྡུག་བསྔལ་བདག་པོ་མེད། ་ཕར་ནི།། ཐམས་ཅད་བྱེ་བྲག་མེད་པ་ཉིད།། སྡུག་བསྔལ་ཡིན་ཕྱིར་དེ་བསལ་བྱ།། ངེས་པ་དེས་ནི་ཅི་ཞིག་བྱ།། ཅི་ཕྱིར་ཀུན་གྱི་སྡུག་བསྔལ་ནི།། བཟློག་པར་བྱ་ཞེས་བརྩང་དུ་མེད།། གལ་ཏེ་བཟློག་ན་ཐམས་ཅད་བཟློག། དེ་མིན་བདག་ཀྱང་སེམས ་ཅན་བཞིན།། སྙིང་རྗེ་སྡུག་བསྔལ་མང་འགྱུར་བས།། ཅི་ཕྱིར་ནན་གྱིས་སྐྱེད་ཅེ་ན།། འགྲོ་བའི་སྡུག་བསྔལ་བསམས་བྱས་ན།། ཇི་ལྟར་སྙིང་རྗེ་སྡུག་བསྔལ་མང་།། གལ་ཏེ་སྡུག་བསྔལ་གཅིག་གིས་ནི།། སྡུག་བསྔལ་མང་དུ་མེད་འགྱུར་ན།། བརྩེ་དང་།། ་དང་ལྡན་པས་སྡུག་བསྔལ་དེ།། རང་དང་གཞན་ལ་བསྐྱེད་པ་ཉིད།། དེས་ན་མེ་ཏོག་ཟླ་མཛེས་ཀྱིས།། རྒྱལ་པོའི་གནོད་པ་ཤེས་ཀྱང་ནི།། བདག་གི་སྡུག་བསྔལ་མ་བསལ་ཏེ།། མང་པོའི་སྡུག་བསྔལ་ཟད་འགྱུར་ཕྱིར།། དེ་ལྟར་རྒྱུད་ནི་གོམས་གྱུར ་པ། གཞན་གྱི་སྡུག་བསྔལ་ཞིང་དགའ་བས།། པདྨའི་མཚོ་རུ་ངང་པ་ལྟར།། མནར་མེད་པར་ཡང་འཇུག་པར་འགྱུར།། སེམས་ཅན་རྣམས་ནི་གྲོལ་བ་ན།། དགའ་བའི་རྒྱ་མཚོ་གང་ཡིན་པ།། དེ་ཉིད་ཀྱི་ནི་མཆོག་མིན་ནམ།། ཐར་པ་འདོད་པས ་ཅི་ཞིག་བྱ།། དེ་ལྟར་གཞན་གྱི་དོན་བྱས་ཀྱང་།། རློམ་སེམས་དེ་ནི་ངོ་མཚར་མེད།། གཅིག་ཏུ་གཞན་དོན་ལ་དགའ་བས།། རྣམ་སྨིན་འབྲས་བུ་རེ་བ་མེད།། དེ་བས་ཇི་ལྟར་ཆུང་ངུ་ན།། མི་སྙན་ལས་ཀྱང་བདག་བསྲུང་བ།། དེ་བཞིན་གཞན་ལ ་བསྲུང་སེམས་དང་།། སྙིང་རྗེའི་སེམས་ནི་དེ་ལྟར་བྱ།། གོམས་པ་ཡིས་ནི་གཞན་དག་གིས།། ཁུ་བ་ཁྲག་གི་ཐིག་པ་ལ།། དངོས་པོ་མེད་པར་གྱུར་ཀྱང་ནི།། བདག་གོ་ཞེས་ནི་ཤེས་པ་ལྟར།། དེ་བཞིན་གཞན་གྱི་ལུས་ལ་ཡང་།། བདག་ཅེས ་ཅི་ཡི་ཕྱིར་མི་གཟུང་།། བདག་གི་ལུས་ནི་གཞན་དག་ཏུའང་།། གཞག་པ་དེ་ལྟར་དཀའ་བ་མེད།། བདག་ཉིད་སྐྱོན་བཅས་གཞན་ལ་ཡང་།། ཡོན་ཏན་རྒྱ་མཚོར་ཤེས་བྱས་ནས།། བདག་འཛིན་ཡོངསུ་དོར་བ་དང་།། གཞན་བླང་བ་ནི་བསྒོམ ་པར་བྱ།། ཇི་ལྟར་ལག་པ་ལ་སོགས་པ།། ལུས་ཀྱི་ཡན་ལག་ཡིན་འདོད་ལྟར།། དེ་བཞིན་འགྲོ་བའི་ཡན་ལག་ཏུ།། ཅི་ཕྱིར་ལུས་ཅན་རྣམས་མི་འདོད།། ཇི་ལྟར་བདག་མེད་ལུས་འདི་ལ།། གོམ་པས་བདག་གི་བློ་འབྱུང་བ།། དེ་བཞིན་སེམས ་ཅན་གཞན་ལའང་།། གོམས་པས་བདག་བློ་ཅིས་མི་སྐྱེད།། དེ་ལྟ་ན་ནི་གཞན་གྱི་དོན།། བྱས་ཀྱང་ངོ་མཚར་རློམ་མི་འབྱུང་བདག་ཉིད་ཀྱི་ནི་ཟས་ཟོས་ནས།། ལན་ལ་རེ་བ་མི་འབྱུང་བཞིན།། དེ་བས་ཇི་ལྟར་ཆུང་ངུ་ན།། མི་སྙན་ལས་ཀྱང་བདག་བསྲུང་བ།། དེ ་བཞིན་འགྲོ་ལ་བསྲུང་སེམས་དང་།། སྙིང་རྗེ་སེམས་ན་སྙོམས་པར་བྱ།། དེ་བས་མགན་པ་སྤྱན་རས་གཟིགས།། ཐུགས་རྗེ་ཆེན་ཐོས་འགྲོ་བ་ཡིས།། འཁོར་གྱི་འཇིགས་པ་བསལ་བའི་ཕྱིར།། རང་གི་མཚན་ཡང་བྱིན་གྱིས། ་བརླབས།། དཀའ་ལས་ཕྱིར་བཟློག་མི་བྱ་སྟེ།། འདི་ལྟར་གོམས་པའི་མཐུ་ཡིས་ནི།། གང་གི་མིང་ཐོས་འཇིགས་པ་ཡང་།། དེ་ཉིད་མེད་ན་མི་དགར་འགྱུར།། གང་ཞིག་བདག་དང་གཞན་རྣམས་ནི།། མྱུར་དུ་བསྐྱོབ་པར་འདོད་པ་དེས།། བདག་དང ་གཞན་དུ་བརྗེ་བར་བྱ།། གསང་བའི་དམ་པ་སྤྱད་པར་བྱ།། བདག་ལུས་གང་ལ་ཆགས་པ་ཡི།། འཇིགས་གནས་ཆུང་ལའང་འཇིགས་སྐྱེ་བ།། འཇིགས་པ་སྐྱེ་བའི་ལུས་དེ་ལ།། སུ་ཞིག་དགྲ་བཞིན་སྡང་མི་བྱེད།། ལུས་གང་བཀྲེས་དང་སྐོམ་སོགས ་ནད།། གསོ་བའི་ཆོ་ག་བྱེད་འདོད་པས།། བྱ་དང་ཉ་དང་རི་དགས་དག། གསོད་པར་བྱེད་ཅིང་ལམ་སྐུགས་བྱེད།། གང་ཞིག་ཁེ་དང་རིམ་གྲོའི་ཕྱིར།། ཕ་དང་མ་ཡང་གསོད་བྱེད་ཅིང་།། དཀོན་མཆོག་གསུམ་གྱི་དཀོར་བརྐུས་ནས།། དེས་ན་མནར་མེད ་བསྲེག་འགྱུར་ན།། མཁས་པ་སུ་ཞིག་ལུས་དེ་ལ།། འདོད་ཅིང་བསྲུང་དང་མཆོད་བྱེད་ཀྱི།། འདི་ལ་སུ་ཞིག་དགྲ་བཞིན་དུ།། ལྟ་བར་མི་བྱེད་བརྙས་མི་བྱེད།། གལ་ཏེ་བྱིན་ན་ཅི་སྤྱད་ཅེས།། བདག་དོན་སེམས་པ་འདྲེ་ཡི་ཚུལ།། གལ་ཏེ་སྤྱད་ན་ཅི་སྦྱིན ་ཞེས།། གཞན་དོན་སེམས་པ་ལྷ་ཡི་ཆོས།། བདག་ཕྱིར་གཞན་ལ་གནོད་བྱས་ན།། དམྱལ་ལ་སོགས་པར་གདུང་བར་འགྱུར།། གཞན་ཕྱིར་བདག་ལ་གནོད་བྱས་ན།། ཕུན་སུམ་ཚོགས་པ་ཐམས་ཅད་འཐོབ།། བདག་ཉིད་མཐོ་བར་འདོད་པ་དེས།། ། ་ངན་འགྲོ་ངན་དང་གླེན་པར་འགྱུར།། དེ་ཉིད་གཞན་ལ་སྤོ་བྱས་ན།། བདེ་འགྲོར་རིམ་གྲོ་ཐོབ་པར་འགྱུར།། བདག་གི་དོན་དུ་གཞན་བཀོལ་ན།། བྲན་ལ་སོགས་པ་མྱོང་བར་འགྱུར།། གཞན་གྱི་དོན་དུ་བདག་སྤྱད་ན།། རྗེ་དཔོན་ཉིད་སོགས་མྱོང་བར ་འགྱུར།། འཇིག་རྟེན་བདེ་བ་ཇི་སྙེད་པ།། དེ་ཀུན་གཞན་བདེ་འདོད་ལས་བྱུང་།། འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ།། དེ་ཀུན་རང་བདེ་འདོད་ལས་བྱུང་།། མང་དུ་བཤད་ལྟ་ཅི་ཞིག་དགོས།། བྱིས་པ་རང་གི་དོན་བྱེད་དང་།། ཐུབ་པ་གཞན་གྱི ་དོན་མཛད་པ།། འདི་གཉིས་ཀྱི་ནི་ཁྱད་པར་ལྟོས།། བདག་བདེ་གཞན་གྱི་སྡུག་བསྔལ་དག། ཡང་དག་བརྗེ་བར་མ་བྱས་ན།། སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་།། འཁོར་བ་ན་ཡང་བདེ་བ་མེད།། འཇིག་རྟེན་ཕ་རོལ་པར་ཞོག་གི། བྲན ་གཡོགས་ལས་མི་བྱེད་པ་དང་།། རྗེ་དཔོན་ངན་པ་མི་སྟེར་བའི།། ཚེ་འདིའི་དོན་ཡང་འགྲུབ་མི་འགྱུར།། མཐོང་དང་མ་མཐོང་བདེ་འགྲུབ་པའི།། ཕུན་སུམ་བདེ་སྐྱིད་སོངས་བོར་ཞིང་།། གཞན་ལ་སྡུག་བསྔལ་བྱས་པའི་རྒྱུད།། རྨོངས ་བ་སྡུག་བསྔལ་མི་ཟད་ལེན།། འཇིག་རྟེན་དག་ན་འཆེ་བ་གང་ཡོད་དང་།། འཛག་རྟེན་དག་ན་འཆེ་བ་གང་ཡང་དང་།། འཇིགས་དང་སྡུག་བསྔལ་ཇི་སྙེད་ཡོད་གྱུར་པ།། དེ་ཀུན་བདག་དུ་འཛིན་པ་ལས་བྱུང་ན།། འདྲེ་ཆེན་ངེས་ཀོ་བདག་ལ ་ཅི་ཞིག་བྱ།། བདག་ཉིད་ཡོངསུ་མ་བཏང་ན།། སྡུག་བསྔལ་སྤང་བར་མི་ནུས་ཏེ།། ཇི་ལྟར་མེ་ནི་མ་བཏང་ན།། སྲེག་པ་སྤོང་བར་མི་ནུས་བཞིན།། དེ་ལྟས་བདག་ཉིད་ཞི་བ་དང་།། གཞན་གྱི་སྡུག་བསྔལ་ཞི་བྱའི་ཕྱིར།། བདག་ཉིད་གཞན་ལ ་བཏང་བར་བྱ།། གཞན་རྣམས་བདག་བཞིན་བཟུང་བར་བྱ།། བདག་ནི་གཞན་གྱི་དབང་གྱུར་ཅེས།། ཡིད་ཁྱོད་ངེས་པར་ཤེས་གྱིས་ལ།། སེམས་ཅན་ཀུན་དོན་མ་གཏོགས་པ།། ད་ནི་ཁྱོད་ཀྱིས་གཞན་མི་བསམ།། གཞན་དབང་མིག་ལ ་སོགས་པ་ཡིས།། རང་དོན་བསྒྲུབ་པའི་རིགས་མ་ཡིན།། དེ་དོན་མིག་ལ་སོགས་པ་ཡིས།། དེ་ལ་ལོག་པར་བྱ་མི་རིགས།། དེས་ན་སེམས་ཅན་གཙོར་བྱས་ཏེ།། བདག་ཉིད་ལུས་ལ་ཅི་མཐོང་བ།། དེ་དང་དེ་ནི་ཕྲོགས་ནས་ཀྱང་།། གཞན་དག་ལ ་ནི་ཕན་པར་སྤྱོད།། དམན་སོགས་བདག་དུ་བྱས་པ་དང་།། གཞན་ཉིད་དུ་ནི་བདག་བྱས་ནས།། རྣམ་རྟོག་མེད་པའི་སེམས་ཀྱིས་སུ།། ཕྲག་དོག་འགྲན་དང་ང་རྒྱལ་བསྒོམ།། འདི་ནི་བཀུར་བྱས་བདག་ནི་མིན།། འདི་བཞིན་བདག་གིས་མ་རྙེད ་ཅིང་། འདི་ནི་བསྟོད་བྱས་བདག་ལ་སྨད།། འདི་བདེ་བདག་ནི་སྡུག་བསྔལ་ལ།། བདག་ནི་ལས་རྣམས་བྱེད་པ་དང་།། འདི་ནི་བདེ་བ་ཉིད་དུ་གནས།། འདི་ནི་འཇིག་རྟེན་ལ་ཆེ་དང་།། བདག་དམན་ཡོན་ཏན་མེད་པར་གྲགས།། ཡོན་ཏན་མེད་པས་ཅི ་ཞིག་བྱ།། བདག་ཀུན་ཡོན་ཏན་ལྡན་པ་ཉིད།། གང་བས་འདི་དམན་དེ་ཡོད་ཅིང་།། གང་བས་བདག་མཆོག་དེ་ཡང་ཡོད།། ཚུལ་ཁྲིམས་བལྟ་བ་རྒུད་སོགས་ནི།། ཉོན་མོངས་སྟོབས་ཀྱིས་བདག་དབང་མིན།། ཅི་ནུས་བདག་ནི་གསོ་དགོས་ཏེ།། གནོད་པ་ལ ་བདག་གིས་ངང་དུ་བླང་།། འོན་ཏེ་བདག་འདི་གསོ་བྱ་མིན།། ཅི་ཕྱིར་བདག་ལ་བརྙས་པ་བྱེད།། བདག་ལ་དེ་ཡིས་ཡོན་ཏན་གྱིས།། ཅི་བྱ་འདི་བདག་ཡོན་ཏན་ཅན།། ངན་འགྲོ་གདུག་པའི་ཁར་གནས་པ།། འགྲོ་ལ་སྙིང་རྗེ་མེད་པར་འདི།། ཕྱིར་ལ་ཡོན། ་ཏན་རློམ་པ་ཡིས།། མཁས་པ་བདག་ལ་སྤྲོ་བར་འདོད།། བདག་དང་མཉམ་ལ་བལྟས་ནས་ནི།། གང་གིས་རང་གི་ལྷག་བྱ་ཕྱིར།། བདག་ནི་རྙེད་དང་བཀུར་སྟི་ནི།། རྩོད་པ་ཡིས་ཀྱང་ངེས་པར་བསྒྲུབ།། ཅི་ནས་བདག་གི་ཡོན་ཏན་ནི།། འཇིག་རྟེན་ཀུན ་ལ་གསལ་བ་དང་།། གཞན་ཡང་འདི་ཡི་ཡོན་ཏན་གང་།། སུས་ཀྱང་ཐོས་པར་མི་འགྱུར་བྱ།། བདག་གི་སྐྱོན་ཡང་སྦ་བྱ་ཞིང་།། བདག་ནི་མཆོད་འགྱུར་འདི་ལ་མིན།། བདག་དེང་རྙེད་པ་ལེགས་རྙེད་ཅིང་།། བདག་ནི་བཀུར་འགྱུར་འདི་ལ་མིན།། འདི་ནི ་མ་རུངས་བྱས་པ་ལ།། ཡུན་རིང་བདག་ནི་དགའ་བས་བལྟ།། འགྲོ་བ་ཀུན་གྱི་བཞད་གང་དང་།། ཕན་ཚུན་གནོད་པ་དག་ཏུ་བྱ།། ཉོན་མོངས་འདི་ཡང་བདག་དང་ནི།། ལྷན་ཅིག་ཏུ་ནི་འགྲན་ཞེས་གྲགས།། འདི་བདག་ཐོས་དང་ཤེས་རབ་བམ།། གཟུགས ་རིགས་ནོར་གྱིས་མཉམ་མམ་ཅི།། དེ་ལྟར་ཀུན་ལ་གྲགས་པ་ཡིས།། བདག་གི་ཡོན་ཏན་ཐོས་ནས་ནི།། སྤུ་ལྡང་དགའ་བ་སྐྱེ་འགྱུར་བའི།། བདེ་སྐྱོང་ལ་ནི་ཡོངསུ་སྦྱོང་།། ཅི་སྟེ་འདི་ལ་རྙེད་ཡོད་ཀྱང་།། གལ་ཏེ་ང་ཡི་ལས་བྱེད་ན།། འདི་ལ་འཚོ་བ་ཙམ ་བྱིན་ནས།། བདག་གི་སྟོབས་ཀྱིས་དེ་བླང་བྱ།། འདི་ནི་བདེ་བས་ཉམས་བྱ་ཞིང་།། བདག་གིས་སྣོད་དང་རྟག་སྦྱར་བྱ།། འདི་ཡིས་བརྒྱ་ཕྲག་ཐམས་ཅད་དུ།། འཁོར་བར་བདག་ལ་གནོད་པ་བྱས།། ཡིད་ཁྱོད་རང་དོན་བྱེད་འདོད་པས།། བསྐལ་པ ་གྲོངས་མེད་འདའ་གྱུར་ཀྱང་།། ངལ་བ་ཆེན་པོ་ཇི་ལྟ་བུས།། ཁྱོད་ཀྱི་སྡུག་བསྔལ་འབའ་ཞིག་བསྒྲུབས།། དེ་ལྟར་ངེས་པར་གཞན་དག་གི། དོན་ལ་རབ་ཏུ་འཇུག་གྱིས་དང་།། ཐུབ་པའི་བཀའ་ནི་མི་སླུ་བས།། དེ་ཡི་ཡོན་ཏན་ཕྱིས་མཐོང་འགྱུར།། ་གལ་ཏེ་ཁྱོད་ཀྱིས་སྔ་དུས་སུ།། ལས་འདི་བྱས་པར་གྱུར་ན་ནི།། སངས་རྒྱས་ཕུན་ཚོགས་བདེ་མིན་པ།། འདི་འདྲའི་གནས་སྐབས་སྲིད་མི་འགྱུར།། དེ་བས་ཇི་ལྟར་གཞན་དག་ནི།། ཁུ་བ་ཁྲག་གི་ཐིགས་པ་ལ།། ཁྱོད་ཀྱིས་ངར ་འཛིན་བྱས་པ་ལྟར།། དེ་བཞིན་གཞན་ལའང་གོམས་པར་གྱིས།། གཞན་གྱི་རྟོག་ཆེན་བྱས་ནས་ནི།། བདག་གི་ལུས་ལ་ཅི་སྣང་བ།། དེ་དང་དེ་ཉིད་ཕྲོགས་བྱས་ནས།། ཁྱོད་ཀྱིས་གཞན་ལ་ཕན་པར་སྤྱོད།། བདག་སྐྱིད་གཞན་ནི་མི་སྐྱེད་ལ།། བདག ་མཐོ་གཞན་ནི་དམའ་བ་དང་།། བདག་ནི་ཕན་བྱེད་གཞན་མིན་ཞེས།། བདག་ལ་ཕྲག་དོག་ཙོས་མི་བྱེད།། བདག་ནི་བདེ་དང་བྲལ་གྱིས་ཏེ།། གཞན་གྱི་སྡུག་བསྔལ་དག་ལ་སྦྱོར།། གང་ཚེ་འདི་ནི་ཅི་བྱེད་ཅེས།། བདག་གི་སྐྱོན་ལ་བརྟག་པར་གྱིས།། ། ་གཞན་གྱིས་ཉེས་པ་བྱས་པ་ཡང་།། རང་གི་སྐྱོན་དུ་བསྒྱུར་བྱོས་ལ།། བདག་གིས་ཉེས་པ་ཆུང་བྱས་ཀྱང་།། སྐྱེ་བོ་མང་ལ་རབ་ཏུ་ཤོགས།། གཞན་གྱི་གྲགས་པ་ལྷག་བརྗོད་པས།། རང་གིས་གྲགས་པ་ཟིལ་གྱིས་ནོན།། བདག་ནི་བྲན་གྱི ་ཐམ་ལྟར།། དོན་རྣམས་ཀུན་ལ་བཀོལ་བར་གྱིས།། འདི་ནི་སྐྱོན་བཅས་རང་བཞིན་གྱིས།། བློ་བུར་ཡོན་ཏན་ཆོས་མི་བསྟོད།། འདི་ཡི་ཡོན་ཏན་ཅི་ནས་ཀྱང་།། འགས་ཀྱང་མི་ཤེས་དེ་ལྟར་གྱིས།། མདོར་ན་བདག་གི་དོན་གྱི་ཕྱིར།། ཁྱོད་ཀྱིས ་གཞན་ལ་གནོད་པས་གང་།། གནོད་དེ་སེམས་ཅན་དོན་གྱི་ཕྱིརརོ།། བདག་ཉིད་ལ་ནི་འབབ་པར་གྱིས།། འདི་ནི་གཉའ་དྲག་འགྱུར་ཚུལ་དུ།། ཤེད་བསྐྱེད་པར་ནི་མི་བྱ་སྟེ།། བག་མ་གསར་པའི་ཚུལ་བཞིན་དུ།། ངོ་ཚ་འཇིགས་དང་བསྡམས་ཏེ་བཞག། ་དེ་བྱ་དེ་ལྟར་གནས་བྱ་ཞིང་།། དེ་ལྟར་ཁྱད་ཀྱིས་མི་བྱ་བ།། དེ་ལྟར་འདདི་ནི་དབངའ་བྱས་ཏེ།། དེ་ལས་འདས་ན་ཆར་བཅད་བྱ།། འོན་ཏེ་དེ་ལྟར་གདམས་ཀྱང་ནི།། མིང་ཁྱོད་དེ་དྷར་མི་བྱེད་ན།། ཁྱོད་ལ་ཉེས་ཀུན་བརྟེན་པས་ནི།། སྤྱོད་ཉིད་ཆར་བཅད ་བྱ་བར་ཟད།། ཁྱོད་ཀྱིས་ཁོ་བོ་གྲར་བརླག་པའི།། སྔོན་གྱི་དུས་དེ་གཞན་ཡིན་ཏོ།། ངས་མཐོང་ཁྱོད་ང་གང་དུ་འགྲོ། ཁྱོད་ཀྱི་དྲེགས་པ་ཀུན་གཞོམ་བྱ།། བ་དུང་བདག་ལ་རང་གི་དོན།། ཡོད་སྙམ་སེམས་པ་དེ་དོར་ཅིག། བདག་གིས་གཞན་ལ་ཁྱོད ་བཙོངས་ཀྱིས།། སྐྱོ་བར་མ་སེམས་ཞོ་ཤ་ཕུལ།། གལ་ཏེ་བདག་མེད་གྱུར་ནས་ཁྱོད།། སེམས་ཅན་རྣམས་ལ་མ་བྱིན་ན།། ཁྱོད་ཀྱིས་ཁོ་བོ་དམྱལ་བ་ཡི།། སྲུང་མ་རྣམས་ལ་བྱིན་དུ་ངེས།། དེ་ལྟར་ཁྱོད་ཀྱིས་རེ་ལྟ་ཞིག། ཁོ་བོ་བྱིན་པས ་སུན་རིང་སྡུག། དུ་ནི་འཁོན་རྣམས་དྲན་བྱས་ཏེ།། ཁྱོད་ཀྱིས་རང་དྲོན་སེམས་པ་གཞོམ།། དེ་སྟེ་བདག་ནི་དགའ་འདོད་ནོ།། རང་ལ་བདག་གིས་དགར་མི་བྱ།། དེ་སྟེ་བདག་གི་བསྲུང་འདོད་ན།། གཞན་རྣམས་རྟག་ཏུ་བསྲུང་བར་བྱ།། ཇི་ལྟ་ཇི་ལྟར ་ལུས་འདི་ལ།། ཡོངས་སུ་སྐྱོ་བར་བྱེད་འགྱུར་བ།། དེ་ལྟ་དེ་ལྟར་ཤིན་ཏུ་ནི།། གཟེ་རེ་ཅན་གྱུར་ཉིད་དུ་ལྷུང་།། དེ་ལྟར་ལྷུང་བ་དེ་ཡིས་ཡང་།། འདོད་པ་ས་འདི་ཐམས་ཅད་ཀྱིས།། རྫོགས་པར་ནུས་པ་ཡོད་མིན་ན།། དེ་ཡི་འདོད་པ་སུས་བྱེད་ནུས།། ། ་ནུས་མེད་འདོད་ལ་ཉོན་མོངས་དང་།། བསམ་པ་ཉམས་པའང་སྐྱེ་བར་འགྱུར།། གང་ཞིག་ཀུན་ལ་ལྟོས་མེད་པ།། དེ་ཡི་ཕུན་ཚེགས་ཟད་མི་ཤེས།། དེ་བས་ལུས་ཀྱི་འདོད་པ་ནི།། འཕེལ་ཕྱིར་སྐབས་དབྱེ་མི་བྱ་སྟེ།། གང་ཞིག་ཡིད་འོང་མི ་འཛིན་པ།། དེ་ནི་དངོས་པོ་བཟང་པོ་ཡིན།། ཐ་མར་ཐལ་བའི་མཐར་གཏུགས་ཤིང་།། མི་གཡོ་གཞན་གྱིས་བསྐྱོད་བྱས་པ།། མི་གཙང་གཟུགས་ནི་མི་བཟང་བ།། འདི་ལ་ཅི་ཕྱིར་བདག་ཏུ་འཛིན།། གསོན་ནམ་ཡང་ན་ཤི་ཡང་བླའི།། བདག ་ལ་འཁྲུལ་འཁོར་འདིས་ཅི་བྱ།། བོང་སོགས་འདི་ཁྱད་ཅི་ཡོད་ན།། གྱི་ཧུ་ད་ང་རྒྱལ་སེལ་མི་བྱེད།། ལུས་ཀྱི་ཁ་ཏ་བྱས་པ་ཡིས།། དོན་མེད་སྡུག་བསྔལ་ཉེས་བསགས་ནས།། རྗེས་སུ་ཆགས་དང་ཁོང་ཁྲོ་བ།། ཤིང་མཚུངས་འདི་ལ་ཅི་ཞིག་བྱ།། ་བདག་གིས་འདི་ལྟར་བསྐྱངས་པའམ།། བྱ་རྒོད་སོགས་ཀྱིས་ཟོས་ཀྱང་རུང་།། ཆགས་མེད་ཞེ་སྡང་ཡོད་མིན་ན།། ཅི་སྟེ་དེ་ལ་ཆགས་པར་བྱེད།། གང་ཞིག་སྨོད་པས་ཁྲོ་བ་དང་།། གང་ཞིག་བསྟོད་པས་མགུ་འགྱུར་བ།། གལ་ཏེ་དེ་ཉིད་ཤེས་མེད ་ན།། བདག་གིས་གང་གིས་ངལ་བ་བྱས།། གང་ཞིག་ལུས་འདི་འདོད་གྱུར་པ།། དེ་དང་བདག་བཤེས་ཡིན་ཞེ་ན།། ཐམས་ཅད་རང་གི་ལུས་འདོད་པས།། དེ་ལའང་བདག་གོ་ཅིས་མི་དགའ།། དེ་བས་བདག་གིས་ཆགས་མེད་པར།། འགྲོ་ལ་ཕན་ཕྱིར ་ལུས་གཏང་བྱ།། དེས་ན་འདི་ལ་ཉེས་མང་ཡང་།། ལས་ཀྱིས་སྤྱད་བཞིན་བཟུང་བར་བྱ།། དེ་བས་བྱིས་པའི་སྤྱོད་པས་ཆོག། བདག་གིས་མཁས་པའི་རྗེས་བསྙེགས་ཏེ།། བག་ཡོད་གཏམ་ནི་དྲན་བྱས་ནས།། གཉིད་དང་རྨུགས་པ་བཟློག་པར་བྱ།། ། ་རྒྱལ་སྲས་ཐུགས་རྗེ་ཆེ་རྣམས་ལྟ།། རིགས་པའི་སྲན་ནི་གཟུགས་བྱ་སྟེ།། ཉིན་མཚན་ཕྱེད་པར་མ་འབོད་ན།། བདག་གི་སྡུག་བསྔལ་ནམ་ཐར་ཕྱིན།། དེ་བས་སྒྲིབ་པ་བསལ་བའི་ཕྱིར།། ལོག་པའི་ལམ་ལས་སེམས་གླན་ཏེ།། ཡང་དག་དམིགས་ལོ ་རྟག་པར་ཡང་།། བདག་གི་མཉམ་པར་བཞག་པར་བྱ།། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། བསམ་གཏན་བསྟན་པ་ཞེས་བྱ་བ་སྟེ་ལེའུ་བརྒྱད་པའོ།། ། ཡན་ལག་འདི་དག་ཐམས་ཅད་ནི།། ཐུབ་པས་ཤེས་རབ ་དོན་དུ་གསུངས།། དེ་ཡིས་ཕྱིར་ན་སྡུག་བསྔལ་དག། ཞི་བར་འདོད་པས་ཤེས་རབ་བསྐྱེད།། ཀུན་རྫོབ་དང་ནི་དོན་དམ་སྟེ།། འདི་ནི་བདེན་པ་གཉིས་སུ་འདོད།། དོན་དམ་བློ་ཡི་སྤྱོད་ཡུལ་མིན།། བློ་ནི་ཀུན་རྫོབ་ཡིན་པར་བརྗོད།། དེ་ལ་འཇིག ་རྟེན་རྣམ་གཉིས་མཐོང་།། རྣལ་འབྱོར་པ་དང་ཕལ་པའོ།། དེ་ལ་འཇིག་རྟེན་ཕལ་པ་ནི།། རྣལ་འབྱོར་འཇིག་རྟེན་གྱིས་གནོན་ཅིང་།། རྣལ་འབྱོར་པ་ཡང་བློ་ཁྱུད་ཀྱིས།། གོང་མ་གོང་མ་རྣམས་ཀྱིས་གནོད།། གཉི་ག་ཡང་ནི་འདོད་པའི་དཔེས།། ། ་འབྲས་བུའི་དོན་དུ་མ་དཔྱད་ཕྱིར།། འཇིག་རྟེན་པ་ཡིས་དངོས་མཐོང་ཞིང་།། ཡང་དག་ཉིད་དུའང་རྟོག་བྱེད་ཀྱི།། སྒྱུ་མ་ལྟ་བུར་མིན་པས་འདིར།། རྣལ་འབྱོར་པ་དང་འཇིག་རྟེ་རྩོད།། གཟུགས་སོགས་ན་དོན་སུམ་ཉིད་ཀྱང་ནི།། གྲགས་པས་ཡིན་གྱི ་ཚད་མས་མིན།། དེ་ནི་མི་གཙང་ལ་སོགས་ལ།། གཙང་སོགས་གྲགས་པ་བཞིན་དུ་བརྫུན།། འཇིག་རྟེན་བཞུགས་པའི་དོན་དུ་ནི།། མགོན་པོས་དངོས་བསྟན་དེ་ཉིད་དུ།། དེ་དག་སྐད་ཅིག་མ་ཉིད་མིན།། ཀུན་རྫོབ་ཏུ་ཡང་འགལ་ཞེ་ན།། རྣལ་འབྱོར ་ཀུན་རྫོབ་ཉེས་མེད་དེ།། འཇིག་རྟེན་ལ་ལྟོས་དེ་ཉིད་མཐོང་།། གཞན་དུ་བུད་མེད་མི་གཙང་བར།། ངེས་རྟག་འཇིག་རྟེན་གྱིས་གནོད་འགྱུར།། སྒྱུ་འདྲའི་རྒྱལ་ལས་བསོད་ནམས་ནི།། ཇི་ལྟར་དངོས་ཡོད་ལ་ཇི་བཞིན།། གལ་ཏེ་སེམས་ཅན་སྐྱོ ་འདྲ་ན།། ཤི་ནས་ཇི་ལྟར་སྐྱེ་ཞེ་ན།། ཇི་སྲིད་རྐྱེན་རྣམས་ཚོགས་གྱུར་པ།། དེ་སྲིད་སྒྱུ་མའང་འབྱུང་བར་འགྱུར།། རྒྱུན་རིང་ཙམ་གྱིས་ཇི་ལྟར་ན།། སེམས་ཅན་བདེན་པར་ཡོད་པ་ཡིན།། སྒྱུ་མའི་སྐྱེས་བུ་བསད་སོགས་ལ།། སེམས་མེད ་ཕྱིར་ན་སྡིག་པ་མེད།། སྒྱུ་མའི་སེམས་དང་ལྡན་པ་ལ།། བསོད་ནམས་དང་ནི་སྡིག་པ་འབྱུང་།། སྔགས་སོགས་རྣམས་ལ་ནུས་མེད་ཕྱིར།། སྒྱུ་མའི་སེམས་ནི་འབྱུང་བ་མེད།། སྣ་ཚོགས་རྐྱེན་ལས་བྱུང་བ་ཡི།། སྒྱུ་མ་དེ་ཡང་སྣ་ཚོགས་ཉིད།། ་རྐྱེན་གཅིག་གིས་ནི་ཀུན་ནུས་པ།། གང་ན་ཡང་ནི་ཡོད་མ་ཡིན།། གལ་ཏེ་དོན་དམ་མྱ་ངན་འདས།། གལ་ཏེ་དེ་ན་དམ་མྱ་ངན་འདས།། འཁོར་བ་ཀུན་རྫོབ་དེ་ལྟ་ན།། སངས་རྒྱས་ཀྱང་ནི་འཁོར་འགྱུར་བས།། བྱང་ཆུབ་སྤྱོད་པས་ཅི་ཞིག་བྱ།། རྐྱེན་རྣམས ་རྒྱུ་ནི་མ་ཆད་ན།། སྒྱུ་མའང་ལྡོག་པར་མི་འགྱུར་གྱི།། རྐྱེན་རྣམས་རྒྱུན་ནི་ཆད་གྱུར་ན།། ཀུན་རྫོབ་ཏུ་ཡང་མི་འབྱུང་ངོ་།། གང་ཚེ་འཁྲུལ་པའང་ཡོད་མིན་ན།། སྒྱུ་མ་གང་གིས་དམིགས་པར་འགྱུར།། གང་ཚེ་ཁྱོད་ལ་སྒྱུ་མ་ཉིད།། མེད་ནའང ་དེ་ཚེ་ཅི་ཞིག་དམིགས།། གལ་ཏེ་དེ་ཉིད་དུ་གཞན་ཡོད།། རྣམ་པ་དེ་ནི་སེམས་ཉིད་ཡིན།། གང་ཚེ་སེམས་ཉིད་སྒྱུ་མ་ན།། དེ་ཚེ་གང་ཞིག་གང་གིས་མཐོང་།། འཇིག་རྟེན་གྱི་ནི་མགོན་པོས་ཀྱང་།། སེམས་ཀྱིས་སེམས་མི་མཐོང་ཞེས ་གསུངས།། རལ་གྲིའི་སོ་ནི་རང་ས་རང་།། ཇི་ལྟར་མི་གཅོད་དེ་བཞིན་ཡིད།། ཇི་ལྟར་མར་མེ་རང་གི་དངོས།། ཡང་དག་གསལ་བར་བྱེད་བཞིན་ན།། མར་མེ་གསལ་བར་བྱ་མིན་ཏེ།། གང་ཕྱིར་མུན་གྱིས་བསྒྲིབས་པ་མེད།། ཤེས་བཞིན་སྔོན་ཐ ་སྔོ་ཉིད་ལ།། གཞན་ལ་བལྟོས་པ་ཡོད་མ་ཡིན།། དེ་བཞིན་འགའ་ཞིག་གཞན་ལ་ནི།། བལྟོས་དང་བལྟོས་མེད་པ་ཡང་མཐོང་།། སྔོ་ཉིད་མིན་ལ་སྔོན་པོར་དེ།། བདག་གིས་བདག་ཉིད་བྱས་པ་མེད།། མར་མེ་གསལ་བར་བྱེད་དོ་ཞེས ་ཤེས་པས་ཤེས་ཏེ་བརྗོད་བྱེད་ན།། བློ་ནི་གསལ་བར་ཉིད་ཡིན་ཞེས།། གང་གིས་ཤེས་ནས་དེ་སྐད་བརྗོད།། གང་ཚེ་འགས་ཀྱང་མཐོང་མིན་ན།། གསལ་བའམ་ནི་མིག་གསལ་བ།། མོ་གཤམ་བུ་མོའི་འགྱིང་བག་བཞིན།། དེ་ནི ་བརྗོད་ཀྱང་དོན་མེད་དོ།། གལ་ཏེ་རང་རིག་ཡོད་མིན་ན།། རྣམ་ཤེས་དྲན་པར་ཇི་ལྟར་འགྱུར།། གཞན་མྱོང་བ་ན་འབྲེལ་པ་ལས།། དྲན་འགྱུར་བྱི་བའི་དུག་བཞིན་ནོ།། རྐྱེན་གཞན་དག་དང་ལྡན་པ་ནི།། མཐོང་ཕྱིར་རང་ཉིད་རབ ་གསལ་ན།། གྲུབ་པའི་མིག་སྨན་སྦྱོར་བ་ལས།། བུམ་མཐོང་མིག་སྨན་ཉིད་འགྱུར་མིན།། ཇི་ལྟར་མཐོང་ཐོས་ཤེས་པ་དག། འདིར་ནི་དགག་པོར་བྱ་མིན་ཏེ།། འདིར་ནི་སྡུག་བསྔལ་རྒྱུར་གྱུར་པ།། བདེན་པར་རྟོག་པ་བཟློག་བྱ་ཡིན།། ་སེམས་ལས་སྒྱུ་མ་གཞན་མིན་ཞིང་།། གཞན་མིན་པར་ཡང་མི་བརྟག་ན།། དངོས་ན་ཇི་ལྟར་དེ་གཞན་མིན།། གཞན་མིན་ཞེས་ན་དངོས་པོར་མེད།། ཇི་ལྟ་སྒྱུ་མ་བདེན་མན་ཡང་།། བལྟ་བྱ་དེ་བཞིན་ལྟ་བྱེད་ཡིད།། གལ་ཏེ་འཁོར ་བ་དངོས་རྟེན་ཅན།། དེ་ནི་གཞན་དུ་མཁའ་འདྲར་འགྱུར།། དངོས་མེད་དངོས་ལ་བརྟེན་པས་ན།། བྱེད་དང་ལྡན་པར་ཇི་ལྟར་འགྱུར།། ཁྱོད་ཀྱི་སེམས་ནི་གྲོགས་མེད་པར།། གཅིག་པུ་ཉིད་དུ་འགྱུར་བ་ཡིན།། གང་ཚེ་སེམས་ནི་གཟུང ་བྲལ་བྱ། དེ་ཚེ་ཐམས་ཅད་དེ་བཞིན་གཤེགས།། དེ་ལྟ་ན་ཡང་སེམས་ཙམ་དུ།། བརྟགས་ན་ཡོན་ཏན་ཅི་ཞིག་ཡོད།། སྒྱུ་མ་ལྟ་བུར་ཤེས་ན་ཡང་།། ཇི་ལྟར་ཉོན་མོངས་ལྡོག་འགྱུར་ཏེ།། གང་ཚེ་སྒྱུ་མའི་བུད་མེད་ལ།། དེ་བྱེད་ཉིད ་ཀྱང་ཆགས་སྐྱེ་འགྱུར།། དེ་བྱེང་བ་ནི་ཤེས་བྱ་ལ།། ཉོན་མོངས་བག་ཆགས་མ་སྤངས་པས།། དེས་ན་དེ་མཐོང་བ་ན་དོ།། སྟོང་ཉིད་བག་ཆགས་ཉམ་ཆུང་ཞིང་།། སྟོང་ཉིད་བག་ཆགས་གོམས་པས་ནི།། དངོས་པོའི་བག་ཆགས་སྤོང་འགྱུར་ཞིང་།། ་ཅི་ཡང་མེད་ཅེས་གོམས་པས་ནི།། དེ་ཡང་ཕྱི་ནས་སྤོང་བར་འགྱུར།། གང་ཚེ་གང་ཞིག་མེད་དོ་ཞེས།། བརྟག་བྱའི་དངོས་པོ་མི་དམིགས་པ།། དེ་ཚེ་དངོས་མེད་རྟེན་བྲལ་བ།། བློ་ཡི་མདུན་དུ་ཇི་ལྟར་གནས།། གང་ཚེ་དངོས་དང་དངོས་མེད་དག། ་བློ་ཡི་མདུན་ན་མི་གནས་པ།། དེ་ཚེ་རྣམ་པ་གཞན་མེད་པས།། དམིགས་པ་མེད་པར་རབ་ཏུ་ཞི།། ཡིད་བཞིན་ནོར་བུ་དཔག་བསམ་ཤིང་།། ཇི་ལྟར་རེ་བ་ཡོངས་སྐོང་བ།། དེ་བཞིན་གདུལ་བྱའི་སྨོན་ལམ་གྱིས།། དབང་གིས་རྒྱལ་བའི་སྐུར་སྣད་དོ།། ། ་དཔེར་ན་ན་མཁའ་ལྡིང་གི་ནི།། མཆོད་སྡོང་བསྒྲུབས་ནས་འདས་གྱུར་པ།། དེ་འདས་ཡུན་རིང་ལོན་ཡང་དེ།། དུག་ལ་སོགས་པཞི་བྱེད་བཞིན།། བྱང་ཆུབ་སྤྱོད་དང་རྗེས་མཐུན་པས།། རྒྱལ་བའི་མཆོད་སྡོང་བསྒྲུབས་པ་ཡང་།། བྱང་ཆུབ ་སེམས་དཔའ་མྱ་ངན་ལས།། འདས་ཀྱང་དོན་རྣམས་ཐམས་ཅད་མཛད།། སེམས་མེད་པ་ལ་མཆོད་བྱེད་པས།། ཇི་ལྟར་འབྲས་བུ་ལྡན་པར་འགྱུར།། གང་ཕྱིར་བཞུགས་པའམ་མྱ་ངན་འདས།། མཚུངས་པ་ཁོ་ནར་བཤད་ཕྱིར་རོ།། ཀུན་རྫོབ ་བྲམ་ནི་དེ་ཉིད་དུའང་།། རུང་སྟེ་དེ་འབྲས་ལུང་ལས་ཡིན།། དཔེར་ན་བདེན་པའི་སངས་རྒྱས་ལ།། ཇི་ལྟར་འབྲས་བུ་བཅས་པ་བཞིན།། བདེན་པ་མཐོང་བར་གྲོལ་འགྱུར་གྱི།། སྟོང་ཉིད་མཐོང་བས་ཅི་ཞིག་བྱ།། གང་ཕྱིར་ལུང་ལས་ལམ་འདི་ནི།། ་མེད་པར་བྱང་ཆུབ་མེད་པར་གསུངས།། གལ་ཏེ་ཐེག་ཆེན་མ་གྲུབ་ན།། ཁྱོད་ཀྱི་ལུང་ནི་ཇི་ལྟར་གྲུབ།། གང་ཕྱིར་གཉིས་ཀ་ལ་འདི་གྲུབ།། དང་པོར་ཁྱོད་ལ་འདི་མ་གྲུབ།། རྐྱེན་གང་གིས་ནི་དེར་ཡིད་ཆེས།། དེ་ནི་ཐེག་ཆེན་ལ་ཡང་མཚུངས།། གཞན ་གཉིས་འདོད་པས་བདེན་ན་མི།། རིག་བྱེད་སོགས་ཀྱང་བདེན་པར་འགྱུར།། ཐེག་ཆེན་རྩོད་བཅད་ཕྱིར་ཞེ་ན།། ལུང་ལ་མུ་སྟེགས་ཅན་རྣམས་དང་།། ལུང་གཞན་ལ་ཡང་རང་གཞན་དག། རྩོད་བཅས་ཡིན་ཕྱིར་དོར་བྱར་འགྱུར།། བསྟན་རྩ ་དགེ་སློང་ཉིད་ཡིན་ན།། དགེ་སློང་ཉིད་ཀྱང་དཀའ་བར་གནས།། སེམས་ནི་དམིགས་དང་བཅས་རྣམས་ཀྱི།། མྱ་ངན་འདས་པའང་དཀའ་བར་གནས།། ཉོན་མོངས་སྤངས་པས་གྲོལ་ན་དེའི།། དེ་མ་ཐག་ཏུ་དེར་འགྱུར་རོ།། ཉོན་མོངས་མེད ་ཀྱང་དེ་དག་ལ།། ལས་ཀྱི་ནུས་པ་མཐོང་བ་ཡིན།། རེ་ཞིག་ཉེར་ལེན་སྲེད་པ་ནི།། མེད་ཅེས་ངེས་པ་ཉིད་ཅེ་ན།། སྲིད་འདི་ཉོན་མོངས་ཅན་མིན་ཡང་།། ཀུན་རྨོངས་བཞིན་དུ་ཅི་སྟེ་མེད།། ཚོར་བའི་རྐྱེན་གྱིས་སྲེད་པ་ཡིན།། ཚོར་བ་དེ་དག ་ལ་ཡང་ཡོད།། དམིགས་པ་དང་ནི་བཅས་པའི་སེམས།། འགའ་ཞིག་ལ་ནི་གནས་པར་འགྱུར།། སྟོང་ཉིད་དང་ནི་བྲལ་བའི་སེམས།། འགེགས་པ་སླར་ཡང་སྐྱེ་འགྱུར་ཏེ།། འདུ་ཤེས་མེད་པའི་སྙོམས་འཇུག་བཞིན།། དེས་ན་སྟོང་ཉིད ་བསྒོམ་པར་བྱ།། ངག་གང་མདོ་སྡེ་ལ་འཇུག་སྟེ།། གལ་ཏེ་སངས་རྒྱས་གསུང་འདོད་ན།། ཐེག་ཆེན་ཕལ་ཆེར་ཁྱེད་ཅག་གི། མདོ་དང་མཚུངས་འདོད་མིན་ནམ་ཅི།། གལ་ཏེ་མ་རྟོགས་གཅིག་གིས་ནི།། ཐམས་ཅད་སྒྲོན་དང ་བཅས་འགྱུར་ན།། མདོ་མཚུངས་གཅིག་གི་ཐམས་ཅད་ནི།། རྒྱལ་བས་གསུངས་པ་ཅིས་མ་ཡིན།། ངག་གང་འོད་སྲུངས་ཆེན་པོ་ལ།། སོགས་པས་གཏིང་དཔོགས་མ་གྱུར་པ།། དེ་ནི་ཁྱོད་ཀྱིས་མ་རྟོགས་པས།། གཟུང་བྱ་མིན་པར་སུ ་ཞིག་བྱེད།། རྨོངས་པས་སྡུག་བསྔལ་ཅན་དོན་དུ།། ཆགས་དང་འཇིགས་མཐའ་ལས་གྲོལ་བར།། འཁོར་བར་གནས་པ་འཀྲུ་བ་འགྱུར་བ།། འདི་ནི་སྟོང་ཉིད་འབྲས་བུ་ཡིན།། དེ་ལྟར་སྟོང་པ་ཉིད་ཕྱོགས་ལ།། སུན་འབྱིན་པ་ནི་འཐད་མ ་ཡིན།། དུས་ན་ཐེ་ཚོམ་མི་ཟ་བར།། སྟོང་པ་ཉིད་ནི་བསྒོམ་པར་བྱ།། ཉོན་མོངས་ཤེས་བྱའི་སྒྲིབ་པ་ཡི།། མུན་པའི་སྙིང་པོ་སྟོང་པ་ཉིད།། མྱུར་དུ་ཐམས་ཅད་མཁྱེན་འདོད་པས།། དེ་ནི་ཇི་ལྟར་བསྒོམ་མི་བྱེད།། དངོས་གང་སྡུག་བསྔལ་སྐྱེད ་བྱེད་པ།། དེ་ལས་སྐྲག་པ་སྐྱེ་འགྱུར་ན།། སྟོང་ཉིད་སྡུག་བསྔལ་ཞི་བྱེད་པ།། དེ་ལས་འཇིགས་པ་ཇི་ལྟར་སྐྱེ།། གལ་ཏེ་བདག་འཀའ་ཡོད་ན་ནོ།། ཅི་ཡང་རུང་ལས་འཇིགས་འགྱུར་ན།། བདག་ཉིད་འགོའ་ཡང་ཡོད་མིན་པས།། འཇིགས ་པོར་འགྱུར་བ་སུ་ཞིག་ཡིན།། སོ་དང་སྐྲ་སེན་བདག་མ་ཡིན།། བདག་ནི་རུས་པ་ཁྲག་མ་ཡིན།། སྣབས་མིན་བད་ཀན་མ་ཡིན་ཏེ།། ཆུ་སེར་དང་ནི་རྣག་ཀྱང་མིན།། བདག་ནི་ཞག་དང་རྡུལ་མིན་ཏེ།། གློ་མཆིན་དག་ཀྱང་བདག་མ་ཡིན།། ནང ་ཀྲོལ་གཞན་ཡང་བདག་མིན་ཏེ།། བདག་ནི་ཕྱི་ས་གཅིན་མ་ཡིན།། ཤ་དང་པགས་པ་བདག་མིན་ཏེ།། དྲོད་དང་རླུང་ཡང་བདག་མ་ཡིན།། བུ་ག་བདག་མིན་རྣམ་ཀུན་ཏུ།། རྣམ་ཤེས་དྲུག་ཀྱང་བདག་མ་ཡིན།། གལ་ཏེ་སྒྲ་ཡི་ཤེས་རྟག་ན།། ཐམས ་ཅད་ཚེ་ན་སྒྲ་འཛིན་འགྱུར།། ཤེས་བྱ་མེད་ན་ཅི་རིག་ན།། གང་གིས་ཤེས་པ་ཞེས་རྗོད་བྱེད།། གལ་ཏེ་ཤེས་མེད་ཤས་ཡིན་ན།། ཤིང་ཡང་ཤེས་པར་ཐལ་བར་འགྱུར།། དེས་ན་ཤེས་བྱ་ཉེར་གནས་པ།། མེད་པར་ཤེས་པ་མེད་ཅེས་ངེས།། ་དེ་ཉིད་ཀྱིས་ནི་གཟུགས་ཤེས་ན།། དེ་ཚེ་ཐོས་པའང་ཅི་སྟེ་མིན།། གལ་ཏེ་སྒྲ་མི་ཉེ་ཕྱིར་ན།། དེས་ན་དེ་ཡི་ཤེས་པའང་མེད།། སྒྲ་འཛིན་རང་བཞིན་གང་ཡིན་པ།། དེ་གཟུགས་འཛིན་པར་ཇི་ལྟར་འགྱུར།། གཅིག་ནི་ཕ་དང་བུ་ཉིད་དུ།། ་བརྟགས་ཡིན་ཡང་དག་ཉིད་མིན་ཏེ།། འདི་ལྟར་སྙིང་སྟོབས་རྡུལ་དང་ནི།། མུན་པ་བུ་མིན་པ་ཡང་མིན།། དེ་ནི་སྒྲ་འཛིན་དང་ལྡན་པའི།། རང་བཞིན་དུ་ནི་མཐོང་མ་ཡིན།། གར་མཁན་ལྟ་བུར་ཚུལ་གཞན་གྱིས།། དེ་ཉིད་མཐོང་ན་དེ་རྟག ་མིན།། གལ་ཏེ་ཚུལ་གཞན་དེ་ཉིད་ན།། གཅིག་ཉིད་དེ་ཉིད་སྔོན་མེད་ཅིང་།། གལ་ཏེ་ཚུལ་གཞན་བདེན་མིན་ན།། དེ་ཡི་རང་གི་རང་བཞིན་སྨྲོས།། ཤེས་ཉིད་ཅེས་ན་དེ་ལྟ་ན།། སྐྱེས་ཀུན་གཅིག་ཏུ་ཐལ་བར་འགྱུར།། སེམས་པ་སེམས་མེད་དེ ་དག་ཀྱང་།། གཅིག་འགྱུར་གང་ཕྱིར་ཡོད་ཉིད་མཚུངས།། གང་ཚེ་བྱེ་བྲག་ཕྱིན་ཅི་ལོག། དེ་ཚེ་འདྲ་བའི་རྟེན་གང་ཡིན།། སེམས་མེད་པ་ཡང་བདག་མིན་ཏེ།། སེམས་མེད་ཉིད་ཕྱིར་བུམ་སོགས་བཞིན།། འོན་ཏེ་སེམས་དང་ལྡན་པའི་ཕྱིར།། ། ་ཤེས་ན་མི་ཤེས་འཇིག་པར་ཐལ།། ཅི་སྟེ་བདག་ལ་འགྱུར་མེད་ན།། སེམས་པས་དེ་ལ་ཅི་ཞིག་བྱས།། དེ་ལྟར་ཤེས་མེད་བྱ་བྲལ་བ།། ན་མཁའ་བདག་ཏུ་བྱས་པར་འགྱུར།། གལ་ཏེ་བདུག་ནི་ཡོང་མིན་ན།། ལས་འབྲས ་འབྲེལ་པ་རིགས་མིན་ཏེ།། ལས་བྱས་ནས་ནི་ཞིག་པས་ན།། སུ་ཡ~ཾ་ལས་སུ་འགྱུར་ཞེ་ན།། བྱ་བ་འབྲས་གཞི་ཐ་དད་དང་།། དེར་བདག་བྱེད་པ་མེད་པར་ཡང་།། ཡུ་བུ་གཉིས་ཀ་ལས་གྲུབ་པས།། འདིར་བཅད་དོན་མེད་མ་ཡིན་ནམ།། རྒྱུ་ལྡན་འབྲས ་བུ་དང་བཅས་ཞེས།། མཐོང་བ་འདི་ནི་སྲིད་མ་ཡིན།། རྒྱུན་གཅིག་ལ་ནི་བརྟེན་ནུས་སུ།། བྱེད་པོ་སྤྱོད་པོ་ཞེས་བྱར་བསྟན།། འདས་དང་མ་འོངས་པ་ཡི་སེམས།། བདག་མིན་དེ་མིན་མེད་པའི་ཕྱིར།། འོན་ཏེ་སྐྱེ་སེམས་བདག་ཡིན་ན།། དེ་ཞིག ་ན་ཡང་བདག་མེད་དོ།། དཔེར་ན་ཆུ་ཤིང་སྡོང་པོ་དག། ཆ་ཤས་ཕྱེ་ན་འགའ་མེད་པ།། དེ་བཞིན་རྣམ་པར་དཔྱད་པ་ཡིས།། བཙལ་ན་བདག་ཀྱང་ཡང་དག་མིན།། གལ་ཏེ་སེམས་ཅན་ཡོད་མིན་ན།། སུ་ལ་སྙིང་རྗེ་བྱ་ཞེ་ན།། འབྲས་བུའི ་དོན་དུ་ཁས་བླངས་པའི།། རྨོངས་པས་བརྟགས་པ་གང་ཡིན་པའོ།། སེམས་ཅན་མེད་འབྲས་སུ་ཡི་ཡིན།། བདེན་ཏེ་འོན་ཀྱང་རྨོངས་ལས་འདོད།། སྡུག་བསྔལ་ཉེ་བར་ཞི་དོན་དུ།། འབྲས་བུའི་རྨོངས་པ་བཟློག་མི་བྱ།། སྡུག་བསྔལ་རྒྱུ ་ཡི་ང་རྒྱལ་ནི།། བདག་ཏུ་རྨོངས་པས་འཕེལ་བར་འགྱུར།། དེ་ལས་ཀྱང་བཟློག་མེད་ཅེ་ན།། བདག་མེད་བསྒོམ་པ་མཆོག་ཡིན་ནོ།། ལུས་ནི་རྐང་པ་བྱིན་པ་མིན།། བརླ་དང་རྐེང་པའང་ལུས་མ་ཡིན།། ལྟོ་དང་རྒྱབ་ཀྱང་ལུས་མིན་ཏེ།། བྲང ་དང་དཔུང་བའང་ལུས་མ་ཡིན།། རྩིབ་ལོགས་ལག་པའང་ལུས་མིན་ཏེ།། མཚན་ཁུང་ཕྲག་པ་ལུས་མ་ཡིན།། ནད་ཁྲོ་བ་རྣམས་ཀྱང་ལུས་མིན་ལ།། མགོ་དང་མགྲིན་པའང་ལུས་མིན་ན།། འདི་ལ་ལུས་འདི་གང་ཞིག་ཡིན།། གལ་ཏེ་ལུས་འདི ་ཐམས་ཅད་ལ།། ཕྱོགས་རེ་ཡིས་ནི་གནས་གྱུར་ན།། ཆ་རྣམས་ཆ་ལ་གནས་འགྱུར་མོད།། དེ་རང་ཉིད་ནི་གང་ལ་གནས།། གལ་ཏེ་བདག་ཉིད་ཀུན་གྱི་ལུས།། ལག་སོགས་རྣམས་ལ་གནས་ན་ནི།། ལག་སོགས་དེ་དག་ཇི་སྙེད་པ།། དེ་སྙེད ་དེ་སྙེད་ཀྱི་ནི་ལུས་སུ་འགྱུར།། ཕྱི་དང་ནང་ནའང་ལུས་མེད་ན།། ཇི་ལྟར་ལག་སོགས་ལ་ལུས་ཡོད།། ལག་སོགས་རྣམས་ལས་གཞན་མེད་ན།། དེ་ནི་ཇི་ལྟར་ཡོད་པ་ཡིན།། དེས་ན་ལུས་མེད་ལ་སོགས་ལ།། རྨོངས་པ་ཡིས་ནི་ལུས་བློར་འགྱུར། ་དབྱིངསུ་བཀོད་པའི་ཁྱད་པར་གྱིས།། མཐོ་ཡོར་ལ་ནི་མི་བློ་བཞིན།། ཇི་སྲིད་རྐྱེན་ཚེགས་དེ་སྲིད་དུ།། མཐོ་ཡོར་སྐྱེས་བུ་ལྟར་སྣང་བ།། དེ་བཞིན་ཇི་སྲིད་ལག་སོགས་ལ།། དེ་ཡོད་དེ་སྲིད་དེར་ལུས་སྣང་།། དེ་བཞིན་སོར་མོའི་ཚོགས་ཡིན ་ཕྱིར།། ལག་པའང་གང་ཞིག་ཡིན་པར་འགྱུར།། དེ་ཡང་ཚིགས་ཀྱི་ཚོགས་ཡོན་ཕྱིར།། ཆགས་ཀྱང་རང་གིས་ཆ་ཕྱེ་བས།། ཚེ་ཡང་རྡུལ་དུ་ཕྱེ་བས་ན།། རྡུལ་དེའང་ཕྱོགས་ཆའི་དབྱེ་བ་ཡིས།། ཕྱོགས་དབྱེའང་ཆ་ཤེས་དང་བྲལ་ཕྱིར།། ། ་མཁའ་བཞིན་དེས་ན་རྡུལ་ཡང་མེད།། དེ་ལྟར་རྨི་ལམ་ལྟ་བུ་ཡི།། གཟུགས་ལ་དཔྱོད་ལྡན་སུ་ཞིག་ཆགས།། གང་ཚེ་དེ་ལྟར་ལུས་མེད་པ།། དེ་ཚེ་སྐྱེས་གང་བུད་མེད་གང་།། སྡུག་བསྔལ་དེ་ཉིད་དུ་ཡོད་ན།། ཅི་སྟེ་རབ་དགའ་ལ་མི་གནོད།། བདེན ་མྱ་ངན་གདུང་སོགས་ལ།། ཞིམ་སོགས་ཅི་སྟེ་དགའ་མི་བྱེད།། སྟོབས་དང་ལྡན་པས་ཟིལ་མནན་ཕྱིར།། གལ་ཏེ་དེ་མྱོང་མ་ཡིན་ན།། གང་ཞིག་ཉམས་མྱོང་བདག་ཉིད་མིན།། དེ་ནི་ཚོར་བ་ཇི་ལྟར་ཡིན།། སྡུག་བསྔལ་ཕྲ་མོ ་ཉིད་དུ་ཡོད།། འདི་ཡི་རགས་པ་བསལ་མིན་ནམ།། དེ་ནི་དེ་ལས་གཞན་དགའ་ཙམ།། ཞེ་ན་ཕྲ་ཉིད་དེ་ཡང་དེའི།། གལ་ཏེ་འགལ་རྐྱེན་སྐྱེས་པས་ན།། སྡུག་བསྔལ་སྐྱེས་པ་མིན་ན་ནི།། ཚེར་བར་རྟོག་པ་མངོན་ཞེན་ཉིད།། ཡིན་ཞེས་བྱ་བར་གྲུབ ་མིན་ནམ།། དེ་ཉིད་ཕྱིར་ན་འདི་ཡི་ནི།། གཉེན་པོར་རྣམ་དཔྱོད་འདི་བསྒོམ་སྟེ།། རྣམ་བརྟགས་ཞིང་ཁས་བྱུང་བ་ཡི།། བསམ་གཏན་རྣལ་འབྱོར་པ་ཡི་ཟས།། གོལ་ཏེ་དབང་དོན་པར་བཅས་ན།། དེ་དག་གང་དུ་ཕྲད་པར་འགྱུར།། བར་ཆད ་ན་ཡང་གཅིག་ཉིད་དོ།། གང་ཞིག་གང་དང་ཕྲད་པར་འགྱུར།། རྡུལ་ཕྲན་རྡུལ་ཕྲན་ལ་འཇུག་མེད།། དེ་ནི་སྐབས་མེད་མཉམ་པ་ཡིན།། མ་ཞུགས་པ་ལ་འདྲེས་མེད་ཅིང་།། མ་འདྲེས་པ་ལ་ཕྲད་པ་མེད།། ཆ་མེད་པ་ལའང་ཕྲད་པ་ཞེས།། བྱ་བ་ཇི ་སྦྱར་འཐད་པར་འགྱུར།། ཕྲད་པ་དང་ནི་ཆ་མེད་པ།། གལ་ཏེ་མཐོང་ན་བསྟན་པར་གྱིས།། རྣམ་ཤེས་ལུས་མེད་པ་ལ་ནི།། ཕྲད་བ་ཟད་པ་མ་ཡིན་ཉིད།། ཚིགས་པའང་དངོས་པོ་མེད་ཕྱིར་ཏི།། སྔར་ན་ཇི་ལྟར་རྣམ་དཔྱད་བཞིན།། དེ་ལྟར་རེག་པ ་ཡོད་མིན་ན།། ཚོར་པོ་གང་ལས་འབྱུང་བར་འགྱུར།། ངལ་འདི་ཅི་ཡི་དོན་དུ་ཡིན།། གལ་ལས་གང་ལ་གནོད་པར་འགྱུར།། གང་ཚེ་ཚོར་པོ་འགའ་མེད་ཅིང་།། ཚོར་བའང་ཡོད་པ་མ་ཡིན་ན།། དེ་ཚེ་གནས་སྐབས་འདི་མཐོང་ནས།། སྲིད་པ་ཅི ་ཕྱིར་ལྡོག་མི་འགྱུར།། མཐོང་བའམ་ནི་རེག་པ་ཡང་།། རྨི་ལམ་སྒྱུ་འདྲའི་བདག་ཉིད་ཀྱིས།། སེམས་དང་ལྷན་ཅིག་སྐྱེས་པའི་ཕྱིར།། ཚོར་བ་དེ་ཡིས་མཐང་མ་ཡིན།། སྔར་དང་ཕྱི་མར་སྐྱེས་པས་ཀྱང་།། དྲན་པར་འགྱུར་གྱིས་མྱོང་མ་ཡིན།། རང་གིས ་བདག་ཉིད་མོང་མ་ཡིན།། གཞན་དག་གིས་ཀྱང་མྱོང་མ་ཡིན།། ཚོར་པོ་འགའ་ཡང་ཡོད་མིན་ཏེ།། དེས་ན་ཚོར་བ་དེ་ཉིད་མིན།། དེ་ལྟར་བདག་མེད་ཚེགས་འདི་ལ།། འདི་ཡིས་ཅི་སྟེ་གནོད་པར་བྱ།། ཡིད་ནི་དབང་རྣམས་ལ་མི་གནས།། གཟུགས ་སོགས་ལ་མིན་བར་ནའང་མིན།། ནང་ཡང་སེམས་མིན་ཕྱི་མིན་ཞིང་།། གཞན་དུ་ཡང་ནི་རྙེད་མ་ཡིན།། གང་ཞིག་ལུས་མིན་གཞན་དུའང་མིན།། འདྲེས་མིན་ལོགས་སུའང་འགར་མེད་དེ།། དེ་ནི་ཅུང་ཟད་མིན་དེའི་ཕྱིར།། སེམས་ཅན་རང་བཞིན་མྱ་ངན། ་འདས། ཤེས་བྱ་ལས་སྔར་ཤེས་ཡོད་ན།། དེ་ནི་ཅི་ལ་དམིགས་ནས་སྐྱེ།། ཤེས་དང་ཤེས་བྱ་ལྷན་ཅིག་ན།། དེ་ནི་ཅི་ལ་དམིགས་ནས་སྐྱེ།། འོན་ཏེ་ཤེས་བྱའི་ཕྱིས་ཡོད་ན།། དེ་ཚེ་ཤེས་པ་གང་ལས་སྐྱེ།། དེ་ལྟར་ཆོས་རྣམས་ཐམས་ཅད་ཀྱི།། སྐྱེ་བ་རྟོགས ་པར་འགྱུར་མ་ཡིན།། གལ་ཏེ་དེ་ལྟར་ཀུན་རྫོབ་མེད།། དེ་ལ་བདེན་གཉིས་ག་ལ་ཡོད།། དེ་ཡང་ཀུན་རྫོབ་གཞན་གྱིས་ན།། སེམས་ཅན་མྱ་ངན་ག་ལ་འདབ།། འདི་ནི་གཞན་སེམས་རྣམ་རྟོག་སྟེ།། དེ་ནི་རང་གི་ཀུན་རྫོབ་མིན།། ཕྱིས་དེ་ངེས་ན་དེ ་ཡོད་དེ།། མེད་ན་ཀུན་རྫོབ་མེད་པ་ཉིད།། རྟོག་དང་བརྟག་པར་བྱ་བ་དག། གཉིས་པོ་ཕན་ཚུན་བརྟེན་པ་ཡིན།། ཇི་ལྟར་གྲགས་པ་ལ་བརྟེན་ནས།། རྣམ་པར་དཔྱད་པ་ཐམས་ཅད་བརྗོད།། གང་ཚེ་རྣམ་པར་དཔྱད་པ་ཡི།། རྣམ་དཔྱོད་ཀྱིས་ནི་དཔྱོད་བྱེད ་ན།། དེ་ཚེ་རྣམ་དཔྱོད་དེ་ཡང་ནི།། རྣམ་དཔྱོད་ཕྱིར་ན་ཐུག་པ་མེད།། དཔྱད་བྱ་རྣམ་པར་དབྱུང་བླུན།། རྣམ་དཔྱོད་ལ་ནི་རྟེན་ཡོད་མིན།། རྐྱེན་མེད་ཕྱིར་ན་མི་སྐྱེ་སྟེ།། དེ་ཡང་མྱ་ངན་འདས་པར་བརྗོད།། གང་གི་ལྟར་ན་འདི་གཉིས་བདེན།། དེ ་ཉིད་ཤིན་ཏུ་དཀའ་བར་གནས།། གལ་ཏེ་ཤེས་དབང་ལས་དོན་གྲུབ། ཤེས་ཡོད་ཉིད་ལ་བརྟེན་ཅི་ཡོད།། འོན་ཏེ་ཤེས་བྱ་ལས་ཤེས་གྲུབ།། ཤེས་བྱ་ཡོད་ལ་འོང་རྟེན་ཅི་ཡོད།། དེ་སྟེ་ཕན་ཚུན་དབང་གིས་ཡོད།། གཉིས་ཀ་ཡང་ནི་མེད་པར་འགྱུར།། ། ་གལ་ཏེ་བུ་མེད་པ་མིན་ན།། བུ་ནི་གང་ལས་འབྱུང་བ་ཡིན།། པ་མེད་པར་ནི་བུ་མེད་པ།། དེ་བཞིན་དེ་ཉིད་གཉིས་མེད་པ་ཉིད།། མྱུ་གུ་ས་བོན་ལས་སྐྱེ་ཞིང་།། ས་བོན་དེ་ཉིད་ཀྱིས་རྟོགས་བཞིན།། ཤེས་བྱ་ལས་སྐྱེས་ཤེས་པ་ཡིས།། དེ་ཡོད་པ་ནི་ཅིས་མི་རྟོགས།། ། ་མྱུ་གུ་ལས་གཞན་ཤེས་པ་ཡིས།། ས་བོན་ཡོད་ཅེས་རྟོག་འགྱུར་ན།། གང་ཕྱིར་ཤེས་བྱ་དེ་རྟོགས་པའི།། ཤེས་པ་ཡོད་ཉིད་གང་ལས་རྟོགས།། རེ་ཞིག་འཇིག་རྟེན་མངོན་སུམ་གྱིས།། རྒྱུ་རྣམས་ཐམས་ཅད་མཐོང་བ་ཡིན།། པདྨའི་སྡོང་བུ་སོགས་བྱེ་ནི།། ་རྒྱུ་བྱེ་གང་གི་བྱ་ཤེས་ན།། སྔར་གྱི་རྒྱུ་དབྱེ་ཉིད་ལས་སོ།། ཅི་ཕྱིར་རྒྱུ་ཡི་འབྲས་བུ་སྐྱེད་དོ།། སྔར་གྱི་རྒྱུ་ཡི་མཐུ་ཉིད་ལས།། དབང་ཕྱུག་འགྲོ་བའི་རྒྱུ་ཡིན་ན།། རེ་ཞིག་དབང་ཕྱུག་གང་ཡིན་སྨོས།། འབྱུང་རྣམས་ཞེ་ན་དེ་ལྟ་མོད།། མིང་ཙམ་ལའང་ཅི་ཞོག ་ངལོ་པོན་ཀྱང་ས་སོགས་དུ་མ་དང་།། མི་རྟག་གཡོ་མེད་ལྷ་ཡིན་ཞིང་།། བགོམ་བྱ་ཉིད་དང་མི་གཙང་བས།། དེ་ནི་དབང་ཕྱུག་ཉིད་མ་ཡིན།། དབང་ཕྱུག་མཁའ་མིན་གཡོ་མེད་ཕྱིར།། བདག་མིན་སྔར་ནི་བཀག་ཟིན་ཕྱིར།། བསམ་མིན་པ་ཡི་བྱེད་པོ ་ཡ་བས་མ་མིན་བརྟད་པས་སྡེ་ཞིག་ཏུ།། དེས་བསྐྱེད་འདོད་པ་འདུ་གང་ཞིག་ཡིན།། བདག་ནི་དུ་དབུས་སོགས་དང་།། དབང་ཕྱུག་དྲོ་བོ་རྟག་མིན་ནམ།། ཤེས་པ་ཤཱས་བྱ་ལས་སྐྱེས་དང་།། ཐོག་མེད་བ་སྟུ་ག་ལས་ལས་ཡིན།། དྲི་མོས་ག་བཞིག་རྒྱུང། ་པ་སྨྲོས།། རྒྱུ་ལ་ཐོག་མ་ཡོད་མིན་ལ།། འབྲས་བུ་ཐོག་མ་ག་ལ་ཡོད།། རྟག་ཏུ་ཅི་ཕྱིར་བྱེད་མིན་ཏེ།། དེ་ནི་གཞན་ལ་བལྟོས་པ་མིན།། དེ་བྱས་མིན་གཞན་ཡོད་མིན་ན།། ངོས་འདི་གང་ལ་བལྟོས་པར་འགྱུར།། གལ་ཏེ་བལྟོས་ན་ཚོགས་པ་ཉིད ་རྒྱུ་ཡིན་འགྱུར་གྱི་དབང་ཕྱུག་མིན།། ཚོགས་ན་མི་སྐྱེད་དབང་མེད་ཅིང་།། དེ་མེད་པར་ནི་སྤྱོད་པ་མིན།། གལ་ཏེ་དབང་ཕྱུག་མི་འདོད་བཞིན།། བྱེད་ན་གཞན་གྱི་དབང་དུ་ཐལ།། འདོད་ནའང་འདོད་ལ་རག་ལས་འགྱུར།། བྱེད་ན་དབང་ཕྱུག་ག་ལ་ཡིན།། ་གང་དང་རྡུལ་ཕྲན་རྟག་སྨྲ་བ།། དེ་དག་ཀྱང་ནི་སྔར་བཟློག་ཟིན།། གཙོ་བོ་རྟག་པ་འགྲོ་བ་ཡི།། རྒྱུ་ཡིན་པར་ནི་གྲངས་ཅན་འདོད།། སྙིང་སྟོབས་རྡུལ་དང་མུན་པ་ཞེས།། བྱ་བའི་ཡོན་ཏན་མཉམ་གནས་ནི།། གཙོ་བོ་ཞེས་བྱར་རབ་བརྗོད་དེ།། མི ་མཉམ་འགྲོ་བ་ཡིན་པར་བརྗོད།། གཅིག་ལ་རང་བཞིན་གསུམ་ཉིད་ནི།། རིགས་མིན་དེས་ན་དེ་ཡོད་མིན།། དེ་བཞིན་ཡོན་ཏན་ཡོད་མིན་ཏཱཾ།། དེ་ཡང་སོ་སོར་རྣམ་གསུམ་ཕྱིར།། ཡོན་ཏན་མེད་ན་སྒྲ་སོགས་ཀྱང་།། ཡོད་ཉིད་ཤིན་ཏུ་རྒྱང་རིང་འགྱུར།། སེམས ་མང་གོས་ལ་སོགས་པ་ལ།། བདེ་སོགས་ཡོད་པ་སྲིད་པའང་མིན།། དངོས་རྣམས་བདེ་རྒྱའམ་རང་བཞིན་ན།། དངོས་པོ་རྣམས་དཔྱད་ཟིན་མིན་ནམ།། ཁྱོད་ཀྱི་རྒྱུ་ཡང་བདེ་སོགས་ཉིད།། དེ་ལས་སྣམ་སོགས་འབྱུང་བ་མེད།། སྣམ་སོགས་ལས་ནི་བདེ ་སོགས་ཡིན།། དེ་མེད་ཕྱིར་ན་བདེ་སོགས་མེད།། བདེ་སོགས་རྟག་པ་ཉིད་དུ་ཡང་།། ནམ་ཡང་དམིགས་པ་ཡོད་མ་ཡིན།། བདེ་སོགས་གསལ་བ་ཡོད་ཉིད་ན།། མྱོང་བ་ཅི་ཕྱིར་འཛིན་མ་ཡིན།། དེ་ཉིད་ཕྲ་མོར་གྱུར་ན་དེ།། རགས་དང་ཕྲ་བའང ་ཇི་ལྟར་ཡིན།། རགས་པ་དོར་ནས་ཕྲ་གྱུར་པས།། ཕྲ་རགས་དེ་དག་མི་རྟག་ཉིད།། དེ་བཞིན་དངོས་པོ་ཐམས་ཅད་ནི།། མི་རྟག་ཉིད་དུ་ཅིས་མི་འདོད།། རགས་པ་བདེན་ལས་གཞན་མིན་ན།། བོདེ་བ་གསོལ་བར་མི་རྟག་ཉིད།། གལ་ཏེ་མེད་པ་འགའ་ཡང་ནི།། སྐྱེ་མིན་མེད། ་ཕྱིར་ཞེས་འདོད་ན།། གསལ་བ་མེད་པར་སྐྱེ་བ་ནི།། ཁྱོད་མི་འདོད་ཀྱང་གནས་པ་ཉིད།། གལ་ཏེ་རྒྱུལ་འབྲས་གནས་ན།། ཟན་ཟ་མི་གཙང་ཟ་བར་འགྱུར།། རས་ཀྱི་རིན་གྱིས་རལ་བལ་གྱི།། ས་བོན་ཉོས་ལ་བགོ་བར་གྱིས།། འཇིག་རྟེན་རྨོངས་པས་མ་མཐོང་ན།། དེ ་ཉིད་ཤེས་ཀྱིའང་གཞག་དེ་ཉིད།། ཤེས་དེ་འཇིག་རྟེན་ལ་ཡང་ནི།། ཡོད་པས་ཅི་སྟེ་མཐོང་མ་ཡིན།། འཇིག་རྟེན་ཚད་མ་ཉིད་མིན་ན།། གསལ་མཐོང་བའང་བདེན་མ་ཡིན།། གལ་ཏེ་ཚད་མ་ཚད་མིན་ན།། དེས་གཞལ་བརྫུན་པར་མི་འགྱུར་རམ།། དེ་ཉིད་དུ་ན་སྟོང་པ ་ཉིད།། བསྒོམ་པ་དེ་ཕྱིར་མི་མཐར་འགྱུར།། བརྟགས་པའི་དངོས་ལ་མ་རེག་པར།། དེ་ཡི་དངོས་མེད་འཛིན་མ་ཡིན།། དེ་ཕྱིར་བརྫུན་པའི་དངོས་གང་ཡིན།། དེ་ཡི་དངོས་མེད་གསལ་བར་བརྫུན།། དེས་ན་རྨི་ཁམ་བུ་ཤི་ལ།། དེ་མེད་སྙམ་པའི་རྣམ་རྟོག་ནི།། དེ་ཡོད་རྣམ་པར ་རྟོག་པ་ཡི།། གེགས་ཡིན་དེ་ཡང་བརྫུན་པ་ཡིན།། དེ་བས་དེ་ལྟར་རྣམ་དཔྱད་པས།། འགའ་ཡང་རྒྱུ་མེད་ཡོད་མ་ཡིན།། སོ་སོ་འམ་ནི་འདུས་པ་ཡི།། རྐྱེན་རྣམས་ལ་ཡང་གནས་མ་ཡིན།། གཞན་ནས་འོངས་པའང་མ་ཡིན་ལ།། གནས་པ་མ་ཡིན་འགྲོ་མ་ཡིན།། རྨོངས ་པས་བདེན་པར་གང་བྱས་འདི།། སྒྱུ་མ་ལས་ནི་ཁྱད་ཅི་ཡོད།། སྒྱུ་མས་སྤྲུལ་པ་གང་ཡིན་དང་།། སྒྱུ་རྣམས་ཀྱིས་ནི་གང་སྤྲུལ་པ།། དེ་ནི་གང་ལས་འོངས་གྱུར་ཅིག། གང་དུ་འགྲོ་བའང་བརྟག་པར་གྱིས།། གང་ཞིག་གང་ནི་ཉེ་བ་ཡིས།། མཐོང་འགྱུར་དེ་མེད་ན ་མིན་པ།། བཅོས་བུ་གཟུགས་བརྙན་དང་མཚུངས་པས།། དེ་ལ་བདེན་ཉིད་ཇི་ལྟར་ཡིན།། དངོས་པོ་ཡོད་པར་གྱུར་པ་ལ།། རྒྱུ་ཡིས་དགོས་པ་ཅི་ཞིག་ཡོད།། འོན་ཏེ་དེ་ནི་མེད་ན་ཡང་།། རྒྱུ་ཡིས་དགོས་པ་ཅི་ཞིག་ཡོད།། བྱེ་བ་བརྒྱ་ཕྲག་རྒྱུ་ཡིས་ཀྱང་།། དངོས་པོ ་མེད་པ་བསྒྱུར་དུ་མེད།། གནས་སྐབས་དེ་དངངོས་ཇི་ལྟར་ཡིན།། དངོས་འགྱུར་གཞན་ཡང་གང་ཞིག་ཡིན།། མེད་ཆེ་དངོས་ཡོད་སྲིད་མིན་ན།། དངོས་པོ་ཡོད་པར་ནམ་ཞིག་འགྱུར།། དངོས་པོ་སྐྱེས་པར་མ་གྱུར་པར།། དངོས་མེད་དང་ནི་འབྲེལ་མི་འགྱུར།། དངོས ་མེད་དང་ནི་མི་བྲལ་ནའང་།། དངོས་པོ་ཡོད་པའི་སྐབས་མི་སྲིད།། དངོས་པོའང་མེད་པར་འགྱུར་མིན་ཏེ།། རང་བཞིན་གཉིས་སུ་ཐལ་འགྱུར་ཕྱིར།། དེ་ལྟར་འགག་པ་ཡོད་མིན་ཞིང་།། དངོས་པོའང་ཡོད་མིན་དེ་ཡི་ཕྱིར།། འགྲོ་བ་འདི་དག་ཐམས་ཅད་ནི།། རྟག་ཏུ ་མ་སྐྱེས་མ་འགེགས་ཉིད།། འགྲོ་བ་རྨི་ལམ་ལྟ་བུ་སྟེ།། ཆུ་ཤིང་བཞིན་དུ་སྙིང་པོ་མེད།། མྱ་ངན་འདས་དང་མ་འདས་པ་ལའང་།། དེ་ཉིད་དུ་ན་ཁྱད་པར་མེད།། དེ་ལྟར་སྟོང་པའི་དངོས་རྣམས་ལ།། ཐོབ་པ་ཅི་ཡོད་ཤོར་ཅི་ཡོད།། གང་གི་རིམ་གྲོ་བྱས་པའམ།། ཡོངས་སུ ་བརྙས་པའང་ཅི་ཞིག་ཡོད།། བདེ་བའང་སྡུག་བསྔལ་གང་ལས་ཡིན།། མི་དགར་ཅི་ཡོད་དགར་ཅི་ཡོད།། དེ་ཉིད་དུ་ནི་བཙལ་བྱས་ན།། གང་ཞིག་སྲེད་ཅིང་གང་ལ་སྲེད།། དཔྱད་ན་གསོན་པའི་འཇིག་རྟེན་འདི།། གང་ཞིག་འདི་ན་འཆི་འགྱུར་ཏེ།། འབྱུང་འགྱུར་གང་།། ་ཡིན་བྱུང་གྱུར་གང་།། གཉེན་གང་བཤེས་ཀྱང་གང་ཞིག་ཡིན།། ཐམས་ཅད་ན་མཁའ་འདྲ་བར་ནི།། བདག་འདུས་ཡོངས་སུ་གཟུང་བར་གྱིས།། བདག་ཉིད་བདེ་བར་འདོད་རྣམས་ནི།། འཐབ་དང་སྤྲོ་བའི་རྒྱུ་དག་གིས།། རབ་ཏུ་འཁྲུག་དང་དགའ ་བར་བྱེད།། མྱ་ངན་འབད་རྩོལ་རྩོད་པ་དང་།། ཕན་ཚུན་གཅོད་དང་འབིགས་པ་དང་།། སྡིག་དག་གིས་ནི་ཚོགས་ཆེན་འཆི།། བདེ་འགྲོར་ཡང་དང་ཡང་འོངས་ཏེ།། བདེ་བ་མང་པོ་སྤྱད་སྤྱད་ནས།། ཤི་ནས་ངན་སོང་སྡུག་བསྔལ་ནི།། ཡུན་རིང་མི་ཟད་རྣམས་སུ་ལྟུང་།། སྲིད ་པ་ན་ནི་གཡོངས་ས་མང་།། དེར་ནི་དེ་ཉིད་མིན་འདྲི་འདྲ།། དེར་ཡང་ཕན་ཚུན་འགལ་བས་ན།། སྲིད་ན་དེ་ཉིད་འདི་འདྲ་མེད།། དེར་ཡང་དཔེ་མེད་མི་བཟད་པའི།། སྡུག་བསྔལ་རྒྱ་མཆི་མཐའ་ལས་འདས།། དེར་ནི་དེ་ལྟར་སྟོབས་ཆུང་ཞིང་།། དེར་ནི་ཚེ་ཡང་ཐུང་བ་ཉིད།། ། ་དེར་ཡང་གསོན་དང་ནད་མེད་ཀྱི།། བྱེད་དང་བཀྲེས་པའི་ངལ་བ་དང་།། གཉིད་དང་འཚོ་དང་དེ་བཞིན་དུ།། བྱིས་དང་འགྲོགས་པ་དོན་མེད་ཀྱིས།། ཚེ་འདི་དོན་མེད་མྱུར་འདའ་ཞིང་།། རྣམ་དཔྱོད་ཤིན་ཏུ་རྙེད་པར་དཀའ།། དེར་ཡང་རྣམ་གཡེང་གོམས་པ་འདི།། བཟློག་པའི ་ཐབས་ནི་ག་ལ་ཡོད།། དེར་ཡང་ངན་སོང་ཆེན་པོར་ནི།། ལྷུང་ཕྱིར་བདུད་ནི་བརྩོན་པ་བྱེད།། དེར་ནི་ལོག་པའི་ལམ་མང་ཞིང་།། ཐེ་ཚོམ་ལས་ཀྱང་བརྒལ་དཀའ་སྟེ།། སླར་ཡང་དལ་བ་རྙེད་དཀའ་ཞིང་།། སངས་རྒྱས་འབྱུང་རྙེད་ཤིན་ཏུ་དཀའ།། ཉོན་མོངས་ཆུ་བོ་སྤང་དཀའ ་སྟེང། ཨེ་མ་སྡུག་བསྔལ་བརྒྱུད་པར་འགྱུར།། དེ་ལྟར་ཤིན་ཏུ་སྡུག་བསྔལ་ཡང་།། རང་སྡུག་མི་མཐོང་གང་ཡིན་པ།། སྡུག་བསྔལ་ཆུ་བོར་གནས་འདི་དག། ཀྱི་ཧུད་མྱ་ངན་བྱ་བར་འོས།། དཔེར་ན་འགའ་ཞིག་ཡང་ཡང་ཁྲུས།། བྱས་ཏེ་ཡང་ཡང་མེར་འཇུག་པ།། དེ ་ལྟར་ཤིན་ཏུ་སྡུག་བསྔལ་བར།། གནས་ཀྱང་བདག་ཉིད་བདེར་རློམ་བཞིན།། དེ་ལྟར་རྒ་དང་འཆི་མེད་པ།། བཞིན་དུ་སྤྱོད་པས་གནས་རྣམས་ལ།། དང་པོ་ཉིད་དུ་བསད་བྱས་ནས།། ངན་སོང་ལྟུང་བ་མི་བཟད་འོང་།། དེ་ལྟར་སྡུག་བསྔལ་མེས་གདུངས་ལ།། བསོད་ནམས ་སྤྲིན་ལས་ལེགས་བྱུང་བའི།། རང་གི་བདེ་བའི་ཚོགས་ཆར་གྱིས།། ཞི་བྱེད་པར་བདག་ནམ་ཞིག་འགྱུར།། ནམ་ཞིག་དམིགས་པ་མེད་ཚུལ་དུ།། གུས་པས་བསོད་ནམས་ཚོགས་བསགས་ཏེ།། དམིགས་པས་ཕུང་བར་གྱུར་རྣམས་ལ།། སྟོང་པ་ཉིད་ནི་སྟོན་པར་འགྱུར ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་ཤེས་རབ་བསྟན་པ་ཞེས་བྱ་བ་ལེའུ་དགུ་པའོ།། །། བདག་གིས་བྱང་ཆུབ་སྤྱོད་པ་ལ།། འཇུག་པ་རྣམ་པར་བརྩམས་པ་ཡི།། དགེ་བ་གང་དེས་འགྲོ་བ་ཀུན།། བྱང་ཆུབ་སྤྱོད་ལ་འཇུག་པར་ཤོག། ཕྱོགས་རྣམས ་ཀུན་ན་ལུས་དང་སེམས།། སྡུག་བསྔལ་ནད་པ་ཇི་སྙེད་པ།། དེ་དག་བདག་གི་བསོད་ནམས་ཀྱིས།། བདེ་དགའ་རྒྱ་མཚོ་ཐོབ་པར་ཤོག། དེ་དག་སངས་རྒྱས་བདེ་ཐོབ་ཀྱི།། བར་དུ་བདེ་བ་ཉམས་མ་གྱུར།། འགྲོ་བས་བླ་ན་མེད་པ་ཡི།། བདེ་བ་རྒྱུན་མི་འཆད་ཐོབ་ཤོག། ་འཇིག་རྟེན་ཁམས་ན་དམྱལ་བ་དག། གང་དག་ཇི་སྙེད་ཡོད་པ་རྣམས།། དེ་དག་ཏུ་ནི་ལུས་ཅན་རྣམས།། བདེ་ཅན་བདེ་བས་དགའ་བར་ཤོག། གྲང་བས་ཉམས་ཐག་དྲོ་ཐོབ་ཤོག། བྱང་ཆུབ་སེམས་དཔའི་སྤྲིན་ཆེན་ལས།། བྱུང་བའི་ཆུ་བོ་མཐའ་ཡས་ཀྱིས།། ཚ་བས་ཉམས ་ཐག་བསིལ་བར་ཤོག། རལ་གྲི་ལོ་མའི་ནགས་ཚལ་ཡང་།། དེ་ལ་དགའ་ཚལ་སྡུ་གུར་ཤོག། ཤལ་མ་ལི་ཡི་སྡོང་པོ་ཡང་།། དཔག་བསམ་ཤིང་དུ་འཁྲུངས་པར་ཤོག། མཐོང་རོལ་ངུར་པ་དག་དང་དད་པ་དང་།། གཞད་སོགས་སྐད་སྙན་འབྱིན་པས་མཛེས་གྱུར ་ཅིང་།། པདྨ་དྲི་བསུང་ཆ་ལྡན་མཚོ་དག་གིས།། དམྱལ་བའི་ས་ཕྱོགས་དག་ནི་ཉམས་དགར་ཤོག། སོལ་ཕུང་དེ་ཡང་རིན་ཆེན་ཕུང་པོར་གྱུར།། ས་བསྲེགས་ཤེལ་གྱི་ས་གཞི་བསྟན་པར་ཤོག། བསྡུས་འཇོམས་རི་བོ་རྣམས་ཀྱང་མཆོད་པ་ཡི།། ་གཞལ་མེད་ཁང་གྱུར་བདེ་གཤེགས་གང་བར་ཤོག།། མདག་མ་རྡོ་བསྲེགས་མཚོན་གྱི་ཆར་པ་དག། དེང་ནས་གཟུང་སྟེ་མེ་ཏོག་ཆར་བར་གྱུར།། ཕན་ཚུན་མཚོན་གྱིས་འདེབས་པ་དེ་ཡང་ནི།། དེང་ནས་རྩེ་ཕྱིར་མེ་ཏོག་འཕེན་པར་ཤོག། ཆུ་བོ་རབ་མེད་མེ་དང་འདྲ་ནང ་བྱིང་བ་དག། ཤ་ཀུན་ཞིག་གྱུར་རུས་གོང་མེ་ཏོག་ཀུན་དའི་མདོག། བདག་གི་དགེ་བའི་སྟོབས་ཀྱིས་ལྷ་ཡི་ལུས་ཐོབ་ནས།། ལྷ་མོ་རྣམས་དང་ལྷན་ཅིག་དལ་གྱིས་འབབ་གནས་ཤོག། ཅི་ཕྱིར་འདིར་ནི་གཤིན་རྗེའི་མི་དང་ཁ་དང་བྱ་རྒོད་མི་བཟད་རྣམས་སྐྲག་བྱེད།། ཀུན་ནས ་མུན་བསལ་བདེ་དགའ་བསྐྱེད་པའི་མཐུ་བཟང་བདི་ཀོ་སུ་ཡི་མཐུ་སྙམ་སྟེ།། གྱེན་དུ་བལྟས་ན་ན་མཁའི་དཀྱིལ་ན་ཕྱག་ན་རྡོ་རྗེ་འབར་བ་བཞུགས་མཐོང་ནས།། རབ་ཏུ་དགའ་བའི་ཤུགས་ཀྱིས་སྡིག་དང་བྲལ་ནས་དེ་དག་ལྷན་ཅིག་འགྲོགས་པར་ཤོག། མེ་ཏོག་ཆར་པ ་སྤོས་ཆུ་འདྲེས་པ་བབ་པ་ཡིས།། དམྱལ་བའི་མེ་མ་དག་ཚིལ་ཚིལ་གསོད་པ་མཐོང་གྱུར་ནས།། བློ་བུར་བདེ་བས་ཚིམ་པ་འདི་ཅི་བསམས་པ་དང་།། སེམས་དམྱལ་རྣམས་ཀྱིས་ཕྱག་ན་པདྨ་མཐོང་བར་ཤོག། གྲོགས་དག་འཇིགས་པ་འོར་ལ་རིངས་པར་ཚུར་ཤོག་འུ ་བུའི་ཐད་དུ་ནི།། གང་གི་མཐུ་ཡིས་སྡུག་བསྔལ་ཐམས་ཅད་བྲལ་ཞིང་དགའ་བའི་དབུགས་ཕྱིན་ལ།། འགྲོ་བ་ཀུན་སྐྱོབ་བྱང་ཆུབ་སེམས་དང་འོད་དང་བརྩེ་བ་སྐྱེས་གྱུར་པ།། གཞོན་ནུ་ཟུར་ཕུད་ཅན་འབར་འཇིགས་པ་མེད་པར་བྱེད་པ་ཅི་ཞིག་ཕྱིན།། ཁྱོད་ཀྱི་ལྷ་བརྒྱའི་ཅོད ་བན་དག་གིས་ཞབས་ཀྱི་པདྨོ་ལ་མཆོད་ཅིང་།། ཐུགས་རྗེས་བརླན་ཅན་དབུ་ལ་མེ་ཏོག་དུ་མའི་ཚོགས་ཀྱི་ཆར་འབབ་པ།། ཁང་རྩེགས་ཡིད་འོང་ལྷ་མོ་སྟོང་ཕྲག་བསྟོད་དབྱངས་སྒྲོགས་པ་འདི་ལྟོས་ཞེས།། འཇམ་དབྱངས་དེ་འདྲ་མཐོང་ནས་ད་ནི་སེམས་དམྱལ ་ཀུ་ཅོ་འདོན་པར་ཤོག། དེ་ལྟར་བདག་གི་དགེ་རྩས་ཀུན་ཏུ་བཟང་ལ་སོགས།། བྱང་ཆུབ་སེམས་དཔའ་སྒྲིབ་པ་མེད་སྤྲིན་བདེ་བ་དང་།། བསིལ་ཞིང་དྲི་ཞིམ་ངད་ལྡང་ཆར་པ་འབེབས་མཐོང་ནས།། སེམས་ཅན་དམྱལ་བ་དེ་དག་མངོན་པར་དགར་གྱུར་ཅིག། དུད ་འགྲོ་རྣམས་ནི་གཅིག་ལ་གཅིག། ཟ་བའི་འཇིགས་དང་བྲལ་བར་ཤོག། སྒྲ་མི་སྙན་པའི་མི་བཞིན་དུ།། ཡི་དགས་རྣམས་ནི་བདེ་བར་འགྱུར།། འཕགས་པ་སྤྱན་རས་གཟིགས་དབང་གིས།། ཕྱག་ནས་འབབ་པའི་འོ་རྒྱུན་གྱིས།། ཡི་དགས་རྣམས་ནི་ཚིམ ་བྱས་ཤིང་།། ཁྲུས་བྱས་རྟག་ཏུ་བསིལ་བར་ཤོག། ལོང་བ་རྣམས་ཀྱིས་གཟུགས་མཐོང་ཞིང་།། འོན་པས་རྟག་ཏུ་སྒྲ་ཐོས་ཤོག། ལྷ་མོ་སྒྱུ་འཕྲུལ་བཞིན་དུ་ནི།། སྦྲུམ་མའང་གནོད་མེད་བཙའ་བར་ཤོག། གཅེར་བུ་རྣམས་ཀྱིས་གོས་དག་དང་།། བཀྲེས་པ ་རྣམས་ཀྱིས་ཟས་དང་ནི།། སྐོམ་པ་རྣམས་ཀྱིས་ཆུ་དག་དང་།། བཏུང་བ་ཞིམ་པོ་ཐོབ་པར་ཤོག། བཀྲེས་པ་རྣམས་ཀྱིས་ནོར་ཐོབ་ཤོག། མྱ་ངན་ཉམ་ཐག་དགའ་ཐོབ་ཤོག། ཡིད་ཆང་རྣམས་ཀྱང་ཡིད་སོས་ཤིང་།། བརྟན་པ་ཕུན་སུམ་ཚོགས་པར་ཤོག། སེམས ་ཅན་ནད་པ་ཇི་སྙེད་པ།། མྱུར་དུ་ནད་ལས་ཐར་གྱུར་ཅིག། འགྲོ་བའི་ནད་ནི་མ་ལུས་པ།། རྟག་ཏུ་འབྱུང་བ་མེད་པར་ཤོག། སྐྲག་པ་རྣམས་ནི་འཇིགས་མེད་ཤོག། བཅིངས་པ་རྣམས་ནི་གྲོལ་བར་གྱུར།། མཐུ་མེད་རྣམས་ནི་མཐུ་ལྡན་ཞིང་།། ཕན་ཚུན་སེམས་ནི་མཉེན ་གྱུར་ཅིག། འགྲོན་པ་དག་ནི་ཐམས་ཅད་ལ།། ཕྱོགས་རྣམས་ཐམས་ཅད་བདེ་བར་ཤོག། གང་གི་དོན་དུ་འགྲོ་བྱེད་པ།། དེ་འབད་མི་དགོས་གྲུབ་གྱུར་ཅིག། གྲུ་དང་ཀླུ་ཆེན་ཞུགས་པ་རྣམས།། ཡིད་ལ་བསམས་པ་གྲུབ་གྱུར་ཏེ།། ཆུ་ཡི་ངོགས ་སུ་བདེར་ཕྱིན་ནས།། གཉེན་དང་ལྷན་ཅིག་དགའ་བར་ཤོག། མྱ་ངན་ལམ་གོལ་འཁྱམས་པ་རྣམས།། འགྲོན་པ་རྣམས་དང་ཕྲད་གྱུར་ནས།། ཆོམ་རྐུན་སྟག་སོགས་འཇིགས་མེད་པར།། མི་ངལ་བདེ་བླག་འདོང་པར་ཤོག། དགོན་སོགས་ལམ་མེད་ཉམ་ང ་བར།། བྱིས་པ་རྒན་པོ་མགོན་མེད་པ།། གཉིད་ལོག་མྱོས་ཤིང་རབ་མྱོས་རྣམས།། ལྷ་དག་བསྲུང་བ་བྱེད་པར་ཤོག། མི་ངལ་ཀུན་ལས་ཐར་པ་དང་།། དད་དང་ཤེས་རབ་བརྩེ་ལྡན་ཞིང་།། ཟས་དང་སྤྱོད་པ་ཕུན་ཚོགས་ནས།། རྟག་ཏུ་ཚེ ་རབས་དྲན་གྱུར་ཅིག། ཐམས་ཅད་ན་མཁའི་མཛོད་བཞིན་དུ།། ལོངས་སྤྱོད་ཆད་པ་མེད་པར་ཤོག། རྩོད་པ་མེད་ཅིང་འཚེ་མེད་པར།། རང་དབང་དུ་ནི་སྤྱོད་པར་ཤོག། སེམས་ཅན་གཟི་བརྗིད་ཆུང་ངུ་གང་།། དེ་དག་གཟི་བརྗིད་ཆེན་པོར ་ཤོག། དཀའ་ཐུབ་ཅན་གང་གཟུགས་ངན་པ།། གཟུགས་བཟང་ཕུན་སུམ་ཚོགས་གྱུར་ཅིག། འཇིག་རྟེན་བུད་མེད་ཇི་སྙེད་པ།། དེ་དག་སྐྱེས་པ་ཉིད་གྱུར་ཅིག། མ་རབས་རྣམས་ནི་མཐོ་ཐོབ་ཅིང་།། ང་རྒྱལ་དག་ཀྱང་བཅོམ་པར་ཤོག། ་བདག་གི་བསོད་ནམས་འདི་ཡིས་ནི།། སེམས་ཅན་ཐམས་ཅད་མ་ལུས་པ།། སྡིག་པ་ཐམས་ཅད་སྤངས་ནས་ནི།། རྟག་ཏུ་དགེ་བ་སྤྱོད་པར་ཤོག། བྱང་ཆུབ་སེམས་དང་མི་འབྲལ་ཞིང་།། བྱང་ཆུབ་སྤྱོད་ལ་གཞོལ་བ་དང་།། སངས་རྒྱས ་རྣམས་ཀྱིས་ཡོངས་བཟུང་ཞིང་།། བདུད་ཀྱི་ལས་རྣམས་སྤང་བར་ཤོག། སེམས་ཅན་དེ་དག་ཐམས་ཅད་ནི།། ཚེ་ཡང་དཔག་མེད་རིང་བར་ཤོག། རྟག་ཏུ་བདེ་བར་འཚོ་འགྱུར་ཞིང་།། འཆི་བའི་སྒྲ་ཡང་གྲག་མ་གྱུར།། དཔག་བསམ་ཤིང་གི་སྐྱེད་མོས ་ཚལ། སངས་རྒྱས་དང་ནི་སངས་རྒྱས་སྲས།། ཆོས་ཉན་སྒྲོག་པས་གང་བ་ཡིས།། ཕྱོགས་རྣམས་ཐམས་ཅད་དགའ་བར་ཤོག། ཐམས་ཅད་དུ་ཡང་ས་གཞི་དག། གསེག་མ་ལ་སོགས་མེད་པ་དང་།། ལག་མཐིལ་ལྟར་མཉམ་བཻ་ཌཱུརྱའི།། ་རང་བཞིན་འཇམ་པོར་གནས་པར་གྱུར།། འཁོར་གྱི་དཀྱིལ་འཁོར་ཡོད་དགུར་ཡང་།། བྱང་ཆུབ་སེམས་དཔའ་མང་པོ་དག། རང་གི་ལེགས་པས་ས་སྟེང་དག། བརྒྱན་པར་མཛད་པས་བཞུགས་གྱུར་ཅིག། ལུས་ཅན་ཀུན་གྱི་བྱ་དང་ནི། ་ཤིང་དང་འོད་ཟེར་ཐམས་ཅད་དང་།། ནམ་མཁའ་ལས་ཀྱང་ཆོས་ཀྱི་སྒྲ།། རྒྱུན་མི་འཆད་པར་ཐོས་པརི་ཤོག། དེ་དག་རྟག་ཏུ་སངས་རྒྱས་དང་།། སངས་རྒྱས་སྲས་དང་ཕྲད་གྱུར་ཅིག། མཆོད་པའི་སྤྲིན་ནི་མཐའ་ཡས་པས།། འགྲོ་བའི་བླ་མ་མཆོད ་པར་ཤོག། ལྷ་ཡང་དུས་སུ་ཆར་འབེབས་ཤིང་།། ལོ་ཏོག་ཕུན་སུམ་ཚོགས་པར་ཤོག། རྒྱལ་པོ་ཆོས་བཞིན་བྱེད་གྱུར་ཅིག། འཇིག་རྟེན་དག་ཀྱང་དར་བར་ཤོག། སྨན་རྣམས་མཐུ་དང་ལྡན་པ་དང་།། གསང་སྔགས་བཟླས་བརྗོད་འགྲུབ་པར་ཤོག། ་མཁའ་འགྲོ་སྲིན་པོ་ལ་སོགས་པ།། སྙིང་རྗེའི་སེམས་དང་ལྡན་གྱུར་ཅིག། སེམས་ཅན་འགའ་ཡང་སྡུག་མ་གྱུར།། སྡིག་པར་མ་གྱུར་ན་མ་གྱུར།། འཇིགས་དང་བརྙས་པ་མི་འགྱུར་ཞིང་།། འགའ་ཡང་ཡིད་མི་བདེ་མ་གྱུར།། གཙུག་ལག་ཁང་རྣམས ་ཐོག་པ་དང་།། ཁ་ཏོན་གྱིས་རྒྱས་ལེགས་གནས་ཤོག། རྟག་ཏུ་དགེ་འདུན་མཐུན་པ་དང་།། དགེ་འདུན་དོན་ཡང་འགྲུབ་པར་ཤོག། བསླབ་པ་འདོད་པའི་དགེ་སློང་དག། དབེན་པ་དག་ཀྱང་ཐོབ་པར་ཤོག། གཡེང ་བ་ཐམས་ཅད་སྤང་ནས་ནི།། སེམས་ནི་ལས་རུང་བསྒོམ་གྱུར་ཅིག། དགེ་སློང་མ་རྣམས་རྙེད་ལྡན་ཞིང་།། འཐབ་དང་རྩོད་པ་སྤང་བར་ཤོག། དེ་བཞིན་རབ་ཏུ་བྱུང་བ་ཀུན།། ཚུལ་ཁྲིམས་ཉམས་པ་མེད་གྱུར་ཅིག། ཚུལ་ཁྲིམས་འཆལ་བས་ཡིད ་བྱུང་ནས།། རྟག་ཏུ་སྡིག་པ་ཟད་བྱེད་ཤོག། བདེ་འགྲོ་དག་ཀྱང་ཐོབ་གྱུར་ནས།། དེར་ཡང་བརྟུལ་མ་ཞུགས་མི་ཉམས་ཤོག། མཁས་པ་རྣམས་ནི་བཀུར་བ་དང་།། བསོད་སྙོམས་དག་ཀྱང་རྙེད་པར་ཤོག། རྒྱུད་ནི་ཡོངས་སུ་དག་པ་དང་།། ཕྱོགས ་རྣམས་ཀུན་ཏུ་གྲགས་པར་ཤོག། ངན་སོང་སྡུག་བསྔལ་མི་མྱོང་ཤིང་།། དཀའ་བ་སྤྱད་པ་མེད་པར་ཡང་།། ལྟ་བས་ལྷག་པའི་ལུས་ཀྱིས་ནི།། དེ་དག་སངས་རྒྱས་མྱུར་འགྲུབ་ཤོག། སེམས་ཅན་ཀུན་གྱིས་ལན་མང་དུ།། སངས་རྒྱས་ཐམས ་ཅད་མཆོད་བྱེད་ཅིང་།། སངས་རྒྱས་བདེ་བ་བསམ་ཡས་ཀྱིསོ།། རྟག་ཏུ་བདེ་དང་ལྗོན་གྱུར་ཅིག། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི།། འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག། མགོན་པོ་ཡིས་ནི་གང་དགོངས་པ།། སེམས་ཅན་རྣམས་ལ ་དེའབྱོར་ཤོག། དེ་བཞིན་རང་སངས་རྒྱས་རྣམས་དང་།། ཉན་ཐོས་རྣམས་ཀྱང་བདེ་གྱུར་ཅིག། བདག་ཀྱང་འཇམ་དབྱངས་བཀའ་དྲིན་གྱིས།། ས་རབ་དགའ་བ་ཐོབ་བར་དུ།། རྟག་ཏུ་ཚེ་རབས་དྲན་པ་དང་།། རབ་ཏུ་བྱུང་བ་ཐོབ་པར་ཤོག། ་བདག་ནི་ཁ་ཟས་ཀྱི་ནས་ཀྱང་།། ཉམས་དང་ལྡན་ཞིང་འཚོ་བར་ཤོག། ཚེ་རབས་ཀུན་ཏུ་དབེན་གནས་པ།། ཕུན་སུམ་ལྡན་པའང་ཐོབ་པར་ཤོག། གང་ཚེ་བལྟ་བར་འདོད་པའམ།། ཅུང་ཟད་དྲི་བར་འདོད་ན་ཡང་།། མགོན་པོ་འཇམ་དབྱངས་དེ་ཉིད་ནི།། གེགས ་མེད་པར་ཡང་མཐོང་བར་ཤོག། ཕྱོགས་བཅུ་ན་མཁའི་མཐས་གཏུགས་པའི།། སེམས་ཅན་ཀུན་དོན་བསྒྲུབ་པའི་ཕྱིར།། ཇི་ལྟར་འཇམ་དབྱངས་སྤྱོད་མཛད་པ།། བདག་གི་སྤྱོད་པའང་དེ་འདྲར་ཤོག། ཇི་སྲིད་ན་མཁའ་གནས་པ་དང་།། འགྲོ། ་བ་ཇི་སྲིད་གནས་གྱུར་པ།། དེ་སྲིད་བདག་ནི་གནས་གྱུར་ཏེ།། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག། འགྲོ་བའི་སྡུག་བསྔལ་གང་ཅི་འང་རུང་།། དེ་ཀུན་བདག་ལ་སྨིན་གྱུར་ཅིག། བྱང་ཆུབ་སེམས་དཔའི་དགེ་འདུན་གྱིས།། འགྲོ་བ་བདེ་ལ ་སྤྱོད་པར་ཤོག། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ།། བདེ་བ་ཐམས་ཅད་འབྱུང་བའི་གནས།། བསྟན་པ་རྙེད་དང་བཀུར་སི་དང་།། བཅས་ཏེ་ཡུན་རིང་གནས་གྱུར་ཅིག། གང་གི་དྲིན་གྱིས་དགེ་བློ་འབྱུང་།། འཇམ་དཔའི་དབྱངས་ལ་ཕྱག་འཚལ ་ལོ།། གང་གི་དྲིན་གྱིས་བདག་དཱུར་བ།། དགེ་བ་བ་ཤེས་ལའང་བདག་ཕྱག་འཚལ།། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་བསྔོ་བ་ཞེས་བྱ་བ་སྟེ་ལེའུ་བཅུ་པའོ།། ། བྱང་ཆུབ་སེམས་དཔོའི་སྤྱོད ་པལ་འཇུག་པ་སློབ་དཔོན་ཤནྟ་དཾ་བས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་སརྦ་ཛྙོ་དེ་བ་དང་། ཞུ་ཆེན་གྱི་ལ་སྡེ་བ་བན་རྡོ་དཔལ་བརྩེགས་ཀྱིས། སམེའི་དཔེལ་གཏོགས་ཏེ་གཏན་ལ་པའ ་ལསྟྲ། རྨྨ་གར་མྦྷི་མཁན་པོ་དྷམྦ་ཤྲཱི་བྷ་དྲཱ་དང་། ཞུ་རྐྱེན་གྱི་ལོ་ཙྪ་བ་རིན་ཆེན་བཟང་པོ་དང་། ཤཱ་ཟློ་ཀླས་ཀྱིས་ཡུལ་དབུས་ཀྱི་དཔེ་དང་འགྲེལ་པ་དང་མཐུན་པར་བཅོས་ཤིང་བསྒྱུར་ཏེ་གཏན ་ལ་ཕབ་པ།། ཡང་སླད་ཀྱི་བལ་པོའི་པཎྜི་ཏ་སུ་མ་ཏི་ཀཱ~ཾ་ཏི་ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་བྲོ་ལྡན་ཤེས་རབ་ཀྱིས་ངག་པར་ཁེ་རྗེས་ཤིང་ཞུས་ཏེ། ལེགས་པར་གཏན་ལ་ཕབ་པའོ།། ་ཆུབ་སེམས་དཔའི་བཟོད་པ་སྒྲུབ་པོ་སྙམ་པའི་བསམ་པ་མྱེད་པར་གནོད་པར་བརྩོན་པ་དེའི་ཕྱིར་ན་གལ་ཏེ་དགེ་བའི་རྒྱུ་ཡིན་ཡང་དགྲ་འདི་མཆོད་པར་འོས་པ་མ་ཡིན་ནོ་ཞེ་ན། ཛྙཱན་ཏུ་དེ་ལྟར་ན ་དགོངས་པ་མི་མངའ་བའི་དགེ་བ་འགྲུབ་པའི་རྒྱུ་དམ་པའི་ཆོས་གསུང་རབ་ཀྱི་མཚན་ཉིད་ཅི་སྟེ་མཆོད་པར་བྱེད་དེ་ཡང་བསམ་པ་དེས་སྟོང་པའི་ཕྱིར་མཆོད་པར་འོས་པར་མི་འགྱུར་རོ་སྙམ་དུ་དགོངས་པ་ཡིན་ནོ།། ཅི་སྟེ། ་དམ་པའི་ཆོས་ལ་བསམ་པ་མེད་པའི་ཕྱིར་གནོད་པ་བྱ་བའི་བསམ་པའང་མེད་ལ། འདི་ལ་དེ་ལས་བཟློག་པ་སྣང་ངོ་ཞེས་གལ་ཏེ་དགྲ་འདི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་དགྲ་འདི་གནོད་པ་བྱ་བའི་བསམ་པ ་ཡོད་དོ་སྙམྦྷ་དུ་བྱསམ་ནས་དགྲ་བོ་མཆོད་བྱ་མ་ཡིན་ཏེ། སྦྱིན་པ་སུ་བསྙེན་བཀུར་མི་བྱའོ།། ཞེ་ན། སྨན་པ་བཞིན་དུ་ཞེས་བྱ་སྟེ་གནོད་པ་བྱེད་པ་ལོ་ཁྲོ་བའི་སེམས་མ་བཟློག་ན་ཇི་ལྟར་བདག་གི་བཟོད་པ་འགྲུབོ། གནོད་པ ་བྱེད་པ་ལ་མི་བཟོད་པའམ། སླར་གནོད་པར་བྱ་བར་མི་རིགས་སོ་ཞེས་བྱ་བའི་དོན་ཏོ།། འོནྡ་ཏ་གཞན་དུ་གྱུར་མེད་ཅེ་ནརྀ། གཞན་དུ་ཡང་སྨན་པ་བཞིན་དུ་ཕྲན་བརྩོན་ནུ་སྟེ། སྨན་པ་བཟང་པོ་ལྟར་ཕན་པཱ་དང་བདེ་བ ་སྒྲུབ་པར་བྱེད་པ་ལ་ནི་གང་ལ་རྟག་ཏུ་དགའ་བ་དོང་གུས་པ་ཡོད་པ་ཡིན་ཏོ།། ཞེ་སྡང་གི་རྒྱུའི་དྲི་ཡང་མེད་དོ།། ཞེ་སྡང་གི་སེམས་ལོག་པ་ལས་ནི་བཟོད་པ་ཞེས་བརྗོད་དོ།། དེ་ལྟ་བས་ན་གནོད་པ་བྱེད་པ་ཉིད་ལ་ཁོང་ཁྲོ ་བའི་སེམས་བཟློག་ན་བཟོད་པ་ཡིན་ནོ་ཞེས་དེ་ཉིད་བསྟན་པ་དེ་བས་ཞེས་བྱ་བ་ལ་སྩོགས་པ་གསུངས་ཏེ། གང་གི་ཕྱིར་སྨན་པ་ཕན་པུར་བརྩོན་ལ་བཟོད་པ་མི་རིགས་པ་དེ་བས་ན་སྟེ། གཏན་ཚིགས་འདི་ལྔས་སྡང་བའི ་བསམས་པ་ཅན་དེ་ལ་བརྟེན་ནས་རྒྱུ་མཚན་དུ་བྱས་ཏེ་བཟོད་པ་ཡང་དག་པོར་སྐྱེ་བ་ཡིན་གྱི་དགེ་བའི་བསམ་པ་ལས་ནི་མ་ཡིན་ནོ།། དེའི་ཕྱིར་གང་གི་བསམ་པ་ལ་བརྟེན་ནས་བཟོད་པ་སྐྱེ་བ་དེ་ནི་བཟོད་པའི་རྒྱུ་ཡིན་གྱི། གང ་ཞིག་སྨན་པ་བཞིན་སྡང་བའི་བསམས་པ་མེད་པ་ལ་ནི་མ་ཡིན་ནོ།། དེ་བས་ན་བཟོད་པ་བསྒྲུབ་པའི་བསམ་པ་མེད་ཀྱང་དམ་པའི་ཆོས་ལྟར་འདི་བདག་གིས་མཆོད་པར་བྱའོ།། འདི་སྐད་དུ་བསྟན་པར་འགྱུར་ཏེ་བདག་ལ ་བསམ་པ་སྤྱད་པ་འདིས་དགོས་པ་ཅི་ཞིག་ཡོད། བསྒྲུབ་བྱར་མངོན་པར་འདོད་པ་འགྲུབ་པ་ཡིན་ན་མཁོ་བ་ཡིན་ན་མཁྲོ་བ་ཡིན་ཏེ་དེ་ཙམ་ཞིག་བདག་གི་བླང་བར་བྱེ་བར་གྱུར་པ་ཡིན་ནོ།། བསམ་པ་ཡོན་ཏན་མེད་པ ་ཅན་གྱི་འབྲས་བུ་ནི་བསམ་པ་ཡོན་ཏན་མེད་པ་གང་ཡིན་པ་དེ་ཉིད་ཀྱི་ཡིན་ལ། བདག་ལ་ནི་དགེ་བ་འབྱུང་བའི་རྒྱུ་ཉིད་འདི་ཡིན་པས་ནཱ་ཇི་ལྟར་མཆོད་པར་འོས་པར་མི་འགྱུར་ཞེས་སོ།། དེ་ལྟ་བུས་ན་ཚོགས་ལ་མཁོ ་བའི་རྒྱུ་དག་ལ་རང་གི་ངོ་བོར་དཔྱད་པས། ཅི་ཞིག་བྱ་སྟེ། དེ་དག་འདིའི་ཚོགས་ཀྱི་རྒྱུར་གྱུར་པ་ཡིན་ནོ་ཞེས་ལུང་ལས་རབ་ཏུ་བསྒྲུབ་པའི་ཕྱིར་སེམས་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚོགས་འབྱུང་ཞིང་འཕེལ ་ན། བདག་གི་བདེ་བ་གཞན་ལ་བཏང་ཞིང་གཞན་གྱི་སྡུག་བསྔལ་བདག་གིས་དང་དུ་བླང་བའི་ཚུལ་གྱིས་བདག་དང་གཞན་བརྗེ་བར་བྱ་བ་ཉན་ཐོས་ལ་སོགས་པས་ཐོས་ན། སྐྲག་པར་འགྱུར ་བའི་ཕྱིར་གསང་བར་བྱ་བ་དེ་ལ་བརྩོན་འགྲུས་བརྩམ་པར་བྱའོ་ཞེས་བསྟན་པའི་ཕྱིར། གང་ཞིག་བདག་དང་ཞེས་བྱ་བ་ལ་སོགས་པ་སྨོས།། ཇི་ཙམ་གྱིས་བདག་དང་གཞན་དུ་བརྗེ་བ་ཞེས་བྱ་ཞེ་ན། གང་ཞིག་བདགེ ་གི་བདེ་བ་ཟས་དང་སྐོམ་ལ་སོགས་པ་གཞན་ལ་བྱིན་ཞིང་། དེ་ཉིད་ཀྱི་བཀྲེས་པ་ལ་སོགས་པའི་སྡུག་བསྔལོ་བདག་གིས་དང་དུ་བྲངས་པ་ལྟ་བུ་ཡང་ཡིན་མོད་ཀྱི། དེ་ཙམ་འབའོ་ཞིག་ལ་ནི་མི་བྱ་འམ། ་ན་ཅི་ཞེ་ན། གང་གི་ཚེ་སྡོམ་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ནས། སེམས་ཅན་ཐམས་ཅད་བདེ་བར་བྱའོ་ཞེས་བྱམས་པ་ཆེན་པོ་ཀུན་ནས་བསྲུང་ནས། གཞན་པ་དེ་བ་དང་ཕྲད་པར་བྱ་བའི་དོན་དུ་བདག་གིས ་ཁྱིམ་གྱི་བདེ་བ་ལ་སོགས་པ་ཡལ་བར་འདོར་བར་བྱེད་པ་དེ་ཙམ་གྱིས་ན་བདེ་བ་གཞན་ལ་བཏང་ཞེས་བྱ་སྟེ། མདོར་ན་བདག་གི་བདེ་བ་གཞན་བདེ་བར་བྱ་བའི་ཕྱིར་བཏང་ཞེས་བྱ་བའི་ཐོ་ཚིག་གོ།། དེ་བཞིན་དུ་གཞན ་གྱི་སྡུག་བསྔལ་བདག་གིས་དང་དུ་བླང་ཞེས་བྱ་བ་ཡོང་གཞན་གྱི་སྡུག་བསྔལ་བསལ་བར་བྱ་བའི་སྙིང་རྗེ་ཆེན་པོས་ཀུན་ནས་བསླང་ནས། རབ་ཏུ་བྱུང་བ་ལ་སོགས་པའི་དཀའ་ལོས་དང་དུ་བླང་ཞེས་བྱ་བ་སྟེ། མདོར ་ནཱན་གཞན་གྱི་སྡུག་བསྔལ་བསལ་བར་བྱ་བའི་དོན་དུ་བདག་གིས་སྡུག་བསྔལ་ཉམས་སུ་བླང་ཞེས་བྱ་བའི་ཐ་ཚིག་གོ།། དེ་བཞིན་དུ་དགེ་བའི་ཆོས་གཞན་དག་ལ་ཡང་ཅི་རིགས་པར་བྱ་སྟེ། མདོར་ན་ཅི་ཙམ་དུ་གཞན་བདེ་བའི ་ཕྱིར་བདག་གི་བདེ་བ་ལ་མི་ལྟ་བ་དེ་ནི། བདག་གི་བདེ་བ་གཞན་ལ་བཏང་བ་ཡིན་ལ། ཇི་ཙམ་དུ་གཞན་གྱི་སྡུག་བསྔལ་བསིལ་བའི་ཕྱིར་བྱ་དཀའ་བ་ཇི་སྙེད་ཉམས་སུ་ལེན་པ་ནི་གཞན་གྱི་སྡུག་བསྔལ་བདག་གིས ་དྲོང་དུ་བླངས་པ་ཞེས་བྱའོ།། ཡང་ཅིའི་ཕྱིར་བདག་གི་བདེ་བ་གཞན་ལ་བཏང་བར་བྱའི། བདག་ཉིད་ལ་ཕན་གདགས་པར་མི་བྱ་ཞེ་ན། བདག་གི་ལུས་འདི་ནི་ཚེ་འདི་དང་ཕྱི་མའི་འཇིགས་པ་བསྐྱེད་པའི་རྒྱུར་གྱུར་པའི ་ཕྱིར། འདི་ལ་དགྲ་བཞིན་དུ་སྣང་བར་བྱའི། བཽདེ་བས་ཕན་གདགས་པར་བྱ་རིན་མི་ཆོ་གོ་སྙོམ་ནས། བདག་དང་ལུས་ཞེས་བྱ་བ་སོག་སཽ་པ་སྨོས་ཏེ། འཇིགས་གནས་ཆུང་ངུ་ལ་ཡོད་ཞེས་བྱ་བ་ནི་སྐྲ་གོ་པར་བྱ་རོན་མི་ཆོག་པ ་ལོ་ཡང་ངོ་།། ཇི་ལྟར་ན་འཇིགས་པ་སྨོས་པའི་གནས་ཡིན་ཞེ་ན། རྒྱས་པོར་བཤད་པའི་ཕྱིར། ལུས་གང་ཞེས་བྱ་བ་སྨོས་ཏེ། སུ་ཞག་ཅེས་བྱ་བ་ནི་གཉི་ག་ཡང་དགག་པའི་དགྲ་སྟེ། སུ་ཞིག་དེ་ལ་འདོད་ཅིང་སྲུང་བ་དང་། ་མཆོད་པར་བྱེད་ཀྱི་སུ་ཡང་མི་འདོད་ཅེས་བྱ་བ་དང་། སུ་ཞིག་དགྲ་བཞིན་དུ་སྡང་བར་མི་བྱེད་ཅིང་དགྲ་བཞིན་དུ་བརྙས་པར་མི་བྱེད་དེ།། ལུས་འདི་ལ་དགྲ་བཞིན་དུ་སྡང་ཞིང་བརྙས་པར་བྱའོ་ཞེས་བྱ་བའི་ངན་ཏི།། བདག་གི ་