CLOSE WINDOW

GT3271: stong nyid bdun cu ba'i 'grel pa
Wyliee-texts produced with BDRC’s OCR application

རྒྱ་གྲཝར་སྐད་དུ། ཀཱུ་ནྱ་ཏཱ་སྭཔྟ་ཏི་ཊཱི་ཀ་བྲྀཏྟི། བོད་སྐད་དུ། སྟོང་ཉིད་བདུན་ཅུ་པའི་འགྲེལ་པ། སངས་རྒྱས་ལ་ཕྱག་འཚལ་ལོ།། མདོར་བསྡུས་དེ་ཉིད་ངེས་པའི་ཕྱིར། སྟོང་ཉིད་བདུན་ཅུ་གསུང་བ་གང་།། དེ་ལ་ཕྱག་འཚལ་བདུན ་པ།། བསྟན་དོན་བདག་གིས་ཡང་དག་དབྱེ།། འདིར་སློབ་དབེན་བདག་ཉིད་ཀྱིས་ཟབ་པ་དང་ཤིན་ཏུ་རྒྱ་ཆེ་བའི་དངོས་པོ་རྣམས་ཀྱི་དོན་རྣམ་པར་ངེས་པའི་དབུ་མོའི་བསྟན་བཅོས་རྣམས་བརྩམས་པ་ཡིད་མོད་ཀྱི། གཞུང་དང་དོན་དག་ཤིན་ཏུ ་མྱང་བའི་ཕྱིར་དང་། ཤེས་རབ་ཆུང་བ་རྣམས་བྱང་བར་ངེས་པ་འདི་ལ་ཀུན་ནས་ཆགས་པ་དང་ལྡན་པ་སྟོང་པ་ཉིད་བསྟན་པའི་སྣོད་དུ་གྱུར་ཀྱང་། དེ་ཐོས་པ་དང་། འཛིན་པ་དང་། ཉེ་བར་སེམས་པས་འཇིག་པ་རྣམས་ལ། སློབ་དཔོན་གྱི་ཐུགས ་ཀྱི་རྒྱུད་ཤེས་རབ་དང་ཐབས་དང་བརྩེ་བའི་རྗེས་སུ་ཞུགས་པའི་ཕྱིར་པ་ཚིགས་སུ་བཅད་པ་བདུན་ཅུས་ཀྱང་ཁྱད་དུ་འཕགས་པའི་དོན་གྲུབ་པར་གཟིགས་ནས། མདོར་བསྡུས་པས་དེ་ཁོ་ན་ཉིད་ངེས་པའི་དྲིན་དུ་སྟོང་པ་ཉིད་བདུན་ཅུ ་པ་ཞེས་བྱ་བ་འདི་བརྩམས་སོ།། དེ་ཡང་མདོར་བསྡུས་པས་དེ་ཁོ་ན་ཉིད་ངེས་པ་འདི་ནི་ཤིན་ཏུ་དོན་ཆེན་པོ་ཡང་གགྲནས་པ་དང་སྐྱེ་བ་ལ་སོགས་པའི་སྒོ་ནས་འཇིག་རྟེན་བྱས་བྱེད་བླག་ཏུ་ཤེས་པར་འགྱུརརོ།། གང་ཞིག་ཐོག་མཱ་མེད་པ་ནས ་ལོག་པའི་ལྟ་བ་ལ་གོམས་པའི་བྱིས་པ་ལོག་པར་རྟོག་པའི་དངོས་པོའི་རང་གི་མཚན་ཉིད་ཀྱིས་གནས་པའི་མཚན་ཉིད་ལ་གནས་པ་ལ་ཆགས་པའི་རྟེན་ལ་དངོས་པོར་ཉེ་བར་བཏགས་ལ། དེའི་དབང་ལས་བྱུང་བའི་འདོད་ཆགས ་ལ་སོགས་པའི་ཉོན་མོངས་པའི་དབང་ཕྱུག་གཞན་ལ་རག་ལས་ནས་འཇུག་པ་དག་ལས་མི་བྱེད་པར་གནས་པ་ནི་སྐད་ཅིག་ཀྱང་མི་རྙེད་ལ། གལ་ཏེ་ཡང་ལྔས་མི་བྱེད་པར་འགྱུར་གྲང་ན། འདི་ལྟར་ལས་ཅན་རྣམས ་ཀྱི་ལས་དེའི་རྒྱུ་ལས་བྱུང་བའི་འབྲས་བུ་མེད་པར་འགྱུར་བའི་ཕྱིར་ངེས་པར་སྐྱེ་བ་ལྡོག་པར་འགྱུར་ན། གང་ཞིག་དར་དྲག་ཅིང་རྒྱུན་རིང་བའི་མཆོག་ཏུ་འཛིན་པ་དང་། འཁོན་དུ་འཛིན་པ་དང་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི ་དབང་ཕྱུག་གིས་བྱིན་གྱིས་བརླབས་པའི་སྐྱེ་བོ་རྣམས་ལས་མི་བྱེད་པར་འགྱུར་ཞིང་། ལས་ཀྱི་འབྲས་བུ་ཡང་སྲིད་འབྱུང་བར་མི་འགྱུར་བ་འདི་ལྟ་བུ་ཡོད་པ་ཡང་མི་སྲིད་དོ།། དེའི་ཕྱིར་གནས་པ་ལ་སོགས་པ་ལ་མངོན་པར་ཞེན་པ་ནི ་བྱིས་པ་རྣམས་ཀྱི་དོན་མ་ཡིན་པ་ཐམས་ཅད་ཀྱི་རྒྱུའི་གཙོ་བོའོ།། གནས་པ་འདི་ཡང་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་དང་རྗེསུ་འབྲེལ་པ་དང་ལྡན་པས་ངེས་པར་སྐྱེ་བ་དང་འཇིག་པ་ལ་བལྟོས་ལ། སྐྱེ་བ་དང་འཇིག་པ་དང་། ་མི་ལྡན་པའི་ན་མཁའ་ལ་སོགས་པ་ནི་གནས་པ་མ་ཡིན་པའི་ཕྱིརོ་ཞེས་བྱའོ།། དེ་ན་གནས་པའི་སྒོ་ནས་འདུ་བྱས་རྣམས་འཆད་པར་འགྱུར་བའི་མཆིན་ཉིད་དང་མཚན་པོཞི་ལ་སོགས་པ་ལ་དཔྱད་པ་སྟོང་པ་ཉིད་ལ་མོས་པ་རྣམ ་ཀྱི་ཡིད་དུ་འབུ་བའི་ཕྱིར་བརྗོད་དོ།། གཞན་ཡང་གནས་པ་ལ་སོགས་པའི་དོན་འདི་རྣམས་འདུས་བྱས་ཀྱི་མཚན་ཉིད་ཉེ་བར་བསྟན་བཞིན་པ་འམ་བཟུང་བཞིན་པ་དག་མཚན་གཞི་ལ་བལྟོས་པ་ཁོ་ནས་གནས་ལ། མཚན་བཞི ་དེ་ཡང་མཚན་ཉིད་མེད་ན་མཚན་ཉིད་ལ་བལྟོས་པས་མཚན་གཞི་མེད་པའི་ཕྱིར་རོ།། དེ་བཞིན་དུ་ཕན་ཚུན་བརྟེན་པས་བསྡུས་པའི་བདག་ཉིད་ཀྱི་དངོས་པོ་མཚན་གཞི་དང་མཚན་ཉིད་དག་ལ་མཚན་ཉིད་ལ་མ་བལྟོས་པར་མཚན་གཞིར ་གྱུར་པ་གང་དུ་གནས་པ་ལ་སོགས་པའི་མཚན་ཉིད་ཅན་གྱི་རྟེན་འགྲུབ་པར་ག་ལ་འགྱུར། གནས་པ་ལ་སོགས་པ་མ་གྲུབ་པས་རྣམ་པར་ཤེས་པ་ལ་སོགས་པ་ཡོད་པ་མ་ཡིན་ལ། རྣམ་པར་ཤེས་པ་ལ་སོགས་པའི་དངོས་པོ་མེད ་ན་དེ་ལ་བལྟོས་ནས་དེ་ལས་ལོག་པའི་དངོས་པོ་མེད་པའི་རང་བཞིན་ག་ལ་ཡོད། དངོས་པོ་མེད་པར་གྱུར་པ་ལ་ཅི་རྣམ་པར་ཤེས་པའི་དམིགས་པ་ཡོད་དམ། དམིགས་པས་བསྐྱེད་པའི་རྣམ་པར་ཤེས་པ་དམིགས་པ་མེད་པར་སྐྱེ་བ ་ནུས་པ་མ་ཡིན་ནོ།། རྣམ་པར་ཤེས་པ་སྐྱེ་བ་མེད་ན་འདོད་ཆགས་ལ་སོགས་པ་རྟེན་མེད་པས་ན་མེད་ལ། ཕྱིན་ཅི་ལོག་རྩད་ནས་ཕྱུང་ནས་ཡོད་པ་མ་ཡིན་པས་ལས་སྐྱེད་པའི་རྒྱུ་མ་ཡིན་ནོ།། ལས་མེད་ན་དེའི་འབྲས་བུ ་མ་འོངས་པའི་སྐྱེ་བ་མི་འབྱུང་བ་དང་། སྔར་སྐྱེས་པའི་ཉེ་བར་ལེན་པ་ཟད་པས་ཉེར་ལེན་མེད་དེ། ངེས་པར་གནས་པ་ལ་སོགས་པས་ལ་དཔྱོད་པ་རྣམས་མྱ་ངན་ལས་འདས་པའི་སྣོད་དུ་འགྱུརརོ།། ཇི་སྐད་དུ་འཕགས་པ ་ལྷས། གང་གིས་རྣམ་ཤེས་དེ་ཉིད་དང་།། གནོས་པ་ལ་སོགས་རྣམ་ཤེས་པ།། དེ་ཚེ་བློ་ལྡན་ཉོན་མོངས་ལ།། ནམ་ཡང་གནས་པ་མ་ཡིན།། ཞེས་གསུངསོ།། གལ་ཏེ་དེ་ལྟར་གནས་པ་ལ་སོགས་པ་མེད་ན། དེ་ལྟ ་ན་གང་ཞིག་འདི་ལྟར་ཕྱིན་ཅི་ལོག་གི་མ་རིག་པ་མ་ལུས་པ་དང་། བྲལ་བས་མངོན་པར་རྟོགས་པའི་སངས་རྒྱས་ཀྱིས་གསུངས་པ། དགེ་སློང་དག་འདུས་བྱས་ནི་སྐྱེ་བར་ཡང་རབ་ཏུ་ཤེས་སོ།། འགག ་བར་ཡང་རབ་ཏུ་ཤེས་སོ།། གནས་པ་ལས་གཞན་དུ་འགྱུར་བར་ཡང་རབ་ཏུ་ཤེས་སོ་ཞེས་སོ།། དེ་ཇི་ལྟར་དེ་བཞིན་གཤེགས་པས་གསུང་དོན་མེད་པར་འགྱུར་བ་ནི་རིགས་པ་མ་ཡིན་ནོ།། འདི་དག་བཅོམ་ལྡན་འདས་ཀྱིས ་གསུངས་པ་ནི་བདེན་ལ། འདི་དག་དོན་མེད་པར་འགྱུར་བར་རིག་པར་མ་ཡིན་ཏེ། རྒྱུ་མཚན་ཅི་ཡིས་ན་གང་གི་ཕྱིར། གནས་པ་འམ་སྐྱེ་འཇིག་ཡོད་མེད་དམ། དམན་པ་འམ་མཉམ་པ་འམ་ཁྱད་པར་ཅན།། སངས་རྒྱས ་འཇིག་རྟེན་སྐད་དབང་གིས།། གསུང་གིས་ཡང་དག་དབང་གིས་མིན།། འདིར་དངོས་པོ་རྣམས་ཕྱིན་ཅི་ལོག་དང་། ཕྱིན་ཅི་མ་ལོག་པའི་ཤེས་པའི་དབང་གིས་བདེན་པ་གཉིས་ཏེ། ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི ་བདེན་པ་ཞེས་བྱ་བར་འཕགས་བསྡུ་ཐ་སྙད་མཛད་ལྔ། འཕགས་པ་འབའ་ཞིག་ཁོ་ན་བདེན་པ་གཉིས་རྣམ་པར་འཇོག་པར་མཛད་པ་མ་ཡིན་ཏེ། འཇིག་རྟེན་པ་ལ་འཇིག་རྟེན་གྱི་ཐ་སྐད་ལ་མཁས་པ་རྣམས་ཀྱང་བདེན ་པ་གཉིས་ཀྱིས་ཐ་སྙད་བྱེད་དོ།། འདི་ལྟར་བདེན་པའི་དོན་ནི་མི་སྣང་ལ་སྒྲོ་བཏགས་པའི་དོན་རིག་པར་ཐ་སྙད་བྱེད་པ་ལ་འདི་ནི་ཀུན་རྫོབ་པའོ་ཞེས་ཐ་སྙད་བྱེད་དོ།། གང་དུ་བདེན་པའི་དོན་མི་སྣང་བ་མ་ཡིན་ལ་སྤྲོ་མ ་བཏགས་པའི་དོན་རིག་བཱི་ཐ་སྙད་ལ་དེ་ལ་འདི་ནི་དོན་དམ་པ་ཁོ་ནའི་ཞེས་རྣམ་པར་འཇོག་གོ།། རེ་ཞིག་གང་ལ་འདི་ཀུན་རྫོབ་ཐ་སྙད་བྱེད་པ་དེ་ལ་མི་བདེན་པའི་དོན་འཇིག་རྟེན་པས་ཁོངས་དུ་ཆུད་པ་ཉིད་ཀྱིས་དེའི་ཡུལ་ལ ་བསམ་པ་གཏང་བར་མི་བྱའོ།། གང་ཡང་འཇིག་རྟེན་ལ་གྱིས་ཐ་སྙད་ལ་བདེན་པར་འདོད་པ་དེ་ཡང་འཕགས་པ་རྣམས་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པར་བཞེད་དེ། མེད་པའི་དོན་ལ་ཐ་སྙད་འདོགས་པ་ལྟར་དོན་མེད ་པ་ཉིད་དུ་བརྗོད་དོ།། དེ་ཡང་བརྫུན་པ་ཉིད་དུ་རྟོགས་པར་བྱེད་པ། འཕགས་པ་ཉིད་ཀྱིས་འཆད་པར་འགྱུར་བའི་འཇིག་རྟེན་པ་ལ་རབ་ཏུ་གྲགས་པའི་རིགས་པ་ཉིད་ཀྱི་ཉེ་བར་སྟོན་པར་མཛད་དེ། དེ་ནི་རབ་ཏུ་གྲགས་པའི ་དཔེས་མ་གླགས་པའི་དྲོན་རྟོ་གས་པའི་ཕྱིར་རོ།། དེ་ནི་འདིར་འཇིག་རྟེན་གྱིས་ཐུ་སྐད་ལ་རྣམ་པར་དཔྱད་ན། ཡང་དག་པའི་དོན་མ་གྲུབ་པའི་ཕྱིར་འཕགས་པས་འཇིག་རྟེན་གྱི་ཐ་སྙད་ལ་ཀུན་རྫོབ་ཅེས་གསུངས་སོ།། ་ཀུན་རྫོབ་ཀྱི་སྔ་སྒྲ་ནི་འཇིག་རྟེན་པའི་ཐ་སྙད་ཀྱིས་རྣམ་གྲངས་མ་ཡིན་ཏེ། ཀུན་རྫོབ་དང་དོན་དམ་པའི་དབྱེ་བས་དེ་ནི་རྣམ་པ་གཉིས་སུ་གནས་པའི་ཕྱིར་དང་ཐ་སྙད་ཀྱི་ཕྱོགས་གཅིག་ལ་ཀུན་རྫོབ་ཀྱིས་སྒྲས་བརྗོད ་བའི་ཕྱིར་རོ།། རིགས་པའི་སྟོབས་ཀྱིས་འདིའི་དོན་ནི་གང་ཞིག་འཇིག་རྟེན་གྱི་ཐ་སྙད་ལ་ཀུན་རྫོབ་ཀྱི་སྒྲས་བརྗོད་ལ། དེ་ནི་འདི་ལྟར་གང་འཇིག་རྟེན་གྱིས་ཐ་སྙད་འདི་ནི་འཇིག་རྟེན་ཀུན་རྫོབ་སྟེ། དེ་ནི་དེ་ཁོ་ན་ཉིད ་མ་ཡིན་ནོ་ཞེས་འཕགས་པ་ཁོ་ན་གསུང་བར་རིགས་ལ། ཐ་སྙད་དང་ཀུན་རྫོབ་ཀྱི་སྒྲ་དག་ཀྱང་རྣམ་གྲངས་ཉིད་དེ། དེ་ལ་སྐྱོན་མེད་དོ།། དེ་སྐད་དུ་མདོ་ལས། ཀུན་རྫོབ་ཀྱི་བདྲེན་པ་གང་ཞེ་ན། ཇི་སྲིད་དུ་འཇིག་རྟེན ་གྱི་ཐ་སྙད་ཡི་གེ་དང་སྐད་ཀྱིས་སྟོན་པའོ་ཞེས་སོ།། ཡང་ན་ཅི་ཞིག་ལ་འདིར་འཇིག་རྟེན་གྱི་ཐ་སྙད་ཆེས་བྱ་ཞེ་ན། དེ་ལ་རེ་ཞིག་བུད་མེད་ལ་བརྟེན་ནསོ་མེ་བཞིན་དུ་ཕུང་པོ་ལ་བརྟེན་ནས་བཏགས་པའི་གང་ཟག་ལ་འཇིག་རྟེན་ཅེས་བརྗོད་དོ།། ་དེ་ཡང་ཕྱིན་ཅི་ལོག་དང་ཕྱིན་ཅི་མ་ལྡོག་པ་ཉིད་ཀྱི་རྣམ་པ་གཉིས།། དེ་ལ་དབང་པོ་ཉམས་པའི་རབ་རིབ་ཅན་ལ་སོགས་པ་ཕྱིན་ཅི་ལོག་ཡིན་ལ། ཕྱིན་ཅི་མ་ལོག་པ་ནི་དབང་པོ་མ་ཉམས་པར་རབ་རིབ་ཅན་ལ་སོགས་པ་ལས་གཞན་པའོ།། འདི ་ཉིད་ཁོ་ན་ཡང་འདིར་འཇིག་རྟེན་པའི་སྒྲས་བརྗོད་ཀྱིས། ཅིག་གོས་ནི་མ་ཡིན་ཏེ། འཇིག་རྟེན་པ་ཁོ་ན་ལ་རྣམ་པ་ཚད་མ་མ་ཡིན་པའི་ཕྱིར་རོ།། འཇིག་རྟེན་གྱི་ཐ་སྙད་དུ་གསུངས་པ་ཡང་གཞན་གྱི་ཁོང་དུ་ཆུད་པར་འདོད་པའི་དངོས་པོ་ཀུན ་ནས་རྟོགས་པའི་དངོས་པོ་སྣ་ཚོགས་པ་གཞན་གྱི་རྒྱུད་ལ་རྟོགས་བླ་འཇུག་པར་བྱེད་པ་ལ་བྷ་སྐད་ཅེས་བརྗོད་དོ།། འཇིག་རྟེན་པའི་ཐ་སྙད་ནི་འཇིག་རྟེ་ཐ་སྙད་དེ། ཇི་ལྟར་འཇིག་རྟེན་པ་རྟོགས་པར་འདོད་པའི་དོན་ཕན་ཚུན་དུ་རྟོགས་པར་བྱེད ་པ་འམ། ཤེས་པར་འདོད་པའི་དོན་ཁོང་དུ་ཆུང་པའོ།། དེ་བཞིན་དུ་དོན་དེ་ལ་བརྗེད་བྱ་རྗོད་བྱེད་ཀྱི་འབྲེལ་པ་དང་། ཤེས་བྱ་ཤེས་བྱེད་དུ་རྣམ་པར་འཇོག་པར་བྱེད་ཅིང་། དུས་གཞན་དུ་ཡང་ཐ་སྙད་ཀྱི་གདམས་པོ་མི་ཚད་པའི་དོན་དུ ་ལ་འདིར་རྗོད་བྱེད་དང་བརྗོད་བྱད་དང་། ཤེས་པ་དང་ཤེས་བྱའི་མཚན་ཉིད་ཅན་གྱི་དོན་ཕྱིན་ཅི་ལོག་ཙམ་གྱིས་ཉེ་བར་བསྐྱེད་པའི་བདག་ཉིད་ཀྱིས་དངོས་པོ་ལ་ཟླ་སྐད་ཅེས་བརྗོད་ཀྱི། བྱེད་པ་པའི་ཚོགས་པ་གཅིག་དང་འབྲེལ་པ་ནི་མ་ཡིན་ནོ།། དེ ་ཉིད་ཀྱང་འཇིག་རྟེན་པ་བདེན་པར་འདོད་པའི་ཕྱིར་འཇིག་རྟེན་པའི་ཐ་སྙད་ཀྱིས་བདེན་པ་ཞེས་བྱ་སྟེ་གཅིག་གོ།། རེ་ཞིག་འདི་དག་འཇིག་པ་ཕྱིན་ཅི་ལོག་གི་ཤེས་པའི་དབང་ལས་བདེན་པ་ལ། ཕྱིན་ཅི་མ་ལོག་པའི་དབང་ལྔས་དོན་དམ ་པའི་བདེན་པ་རྣམ་པར་གཞག་གོ།། སླར་ཡང་ཅི་དེ་ཕྱིན་ཅི་མ་ལོག་པའི་ཤེས་པ་ཡིན། གང་དུ་ཡང་དག་པ་མ་ཡིན་པས་སྒྲོ་འདོགས་པར་མི་བྱེད་པའོ།། ཡང་ཅི་ཡང་དག་པ་མ་ཡིན་པ་སྒྲོ་འདོགས་པར་མི་བྱེད་པ་ཡིན། དེ་ནི་ཇི་ལྟར ་གནས་པའི་ཆོས་ཀྱི་རང་བཞིན་ལ་དམིགས་པའོ།། སླར་ཡང་ཅི་འདི་ནི་ཆོས་རྣམས་ཀྱི་ཡང་དག་པ་ཇི་ལྟ་བུ་གནས་པའི་རང་བཞིན་ཡིན། མ་བྱས་པའོ།། ཡང་ཅི་མ་བྱས་པ་ཡིན། རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པའོ།། འདི་ནི་བརྡར ་བརྟགས་པའི་མིང་ཡིན་ནམ་ཅི། མ་ཡིན་ཏེ། འཇིག་རྟེན་པ་ཡང་མ་བྱས་པ་ཉིད་ལ་རང་བཞིན་ཅེས་བརྗོད་པའི་ཕྱིར་རོ།། འདི་ལྟར་འཇིག་རྟེན་པ་འགའ་ཞིག་ཏུ་བསླུ་བའི་ཐ་སྙད་དམིགས་པ་ན་འདིའི་ཐ་སྙད་འདི་ནི་བྱས་པ་སྟེ། རང ་བཞིན་མ་ཡིན་པའོ་ཞེས་སྨྲ་བའོ།། དེ་བཞིན་དུ་སྒྱུ་མའི་སྐྱེས་བུ་དམིགས་པ་ན་སྐྱེས་བུ་འདི་ནི་བྱས་པའོ་ཞེས་བརྗོད་དེ། རང་བཞིན་མ་ཡིན་པ་ཞེས་བྱའོ།། དེ་བཞིན་དུ་འཇིག་རྟེན་དུ་རང་བཞིན་ཞེས་བྱ་བ་མ་བྱས་པ་ལ་བརྗོད ་དོ།། རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་བྱས་པ་ཉིད་དུ་ཡོད་པའི་གཟུགས་དང་ཚོར་བ་ལ་སོགས་པའི་དོན་ཀྱང་བསླུ་བར་སོ་སོར་སྣང་བའོ།། ཞེས་བྱ་སྟེ། གང་ཞིག་གཟུགས་དང་ཚོར་བ་ལ་སོགས་པ་འདི་དག་ཉེ ་བར་དམིགས་པའི་རང་བཞིན་དེ་ནི་བྱས་པ་སྟེ། བྱས་པའི་ཕྱིར་རང་བཞིན་དུ་མི་འགྱུརརོ།། དེ་ལྟ་ན་ཡང་བྱས་པའི་རང་བཞིན་དུ་ཞོག་ཅིག་ཅེ་ན། དེ་ནི་དེ་ལྟར་མ་ཡིན་ཏེ། དངོས་པོ་བྱས་པ་མ་ཡིན་པ་མེད་ལ་གང་ཞིག་གི་རང་བཞིན་ནོ། ་ཞེས་པའི་མིང་ཡིན་པར་འགྱུར་ན། ཇི་ལྟར་གནས་པའི་རླུང་བཞིན་དུ་ཕྱིན་ཅི་མ་ལོག་པའི་ཤེས་པས་དམིགས་པར་འགྱུར་གྲང་ན། དེ་ཡང་མེད་ལ། དེ་མེད་ན་ཡུལ་མེད་པས་ཤེས་པ་སྐྱེ་བ་མེད་དོ།། ཞེས་བྱ་སྟེ། དེ་མེད་ན་ཡུལ་ཉིད ་པས་ཤེས་པ་སྐྱེ་བ་མིང་ངོ་ཞེས་བྱ་སྟེ། ཅིའི་ཕྱིར་ཡང་དག་པའི་དོན་དུ་སྒྲོ་འདོགས། གང་ཡང་འདི་ནི་བདེན་པ་ཡང་དག་པའི་དོན་སྒྲོ་མ་བཏགས་པ་ནི་ཀུན་རྫོབ་ཀྱི་བདེན་པ་ལ་བལྟོས་ཏེ། འཇིག་རྟེན་གྱི་ཐ་སྙད་ལ་བརྟན་ནས་དོན་དམ ་པའི་བདེན་པ་ཞེས་བརྗོད་ལ། དེ་ཡང་མཚན་མ་མེད་པའི་ཕྱིར་བརྗོད་བྱ་བརྗོད་བྱེད་དང་། ཤེས་བྱ་བ་ཤེས་བྱེད་ཐ་སྙད་མེད་དོ།། ཇི་སྐད་དུ་མདོ་ལས། དོན་དམ་པའི་བདེན་པ་གང་ཞེ་ན། གང་ལ་སེམས་ཀྱི་རྒྱུ་བ་ཡང་མེད་ན་ཡི་གེ ་རྣམས་ལྟ་ཅི་སྨོས་ཞེས་སོ།། དེ་ལྟར་བདེན་པ་གཉིས་རྣམ་པར་བཞག་པ་ལ། གལ་ཏེ་དེན་དམ་པའི་བདེན་པ་བསྟན་པའི་དབང་དུ་བྱིས་ནས་གནས་པ་ལ་སོགས་པར་བརྟག་ནས་བརྗོད་ན་དེའི་ཚེ། དེ་བཞིན་གཤེགས ་པའི་གསུང་དོན་མེད་པར་འགྱུར་བས་མི་རིགས་སོ་ཞེས་པའི་བརྩད་པ་རིགས་པདྨ་འགྱུར་ལ། གནས་པཱ་ལ་སོགས་པས་བསྟན་པའི་ཡུལ་ནི་འདི་མ་ཡིན་ནོ།། འོན་ཀྱང་འཇིག་རྟེན་གྱི་ཐ་སྙད་དུའོ།། དེའི་ཕྱིར་སངས་རྒྱས་བཅོམ་ལྡན ་འདས་འཇིག་རྟེན་གྱི་ཐ་སྙད་ཀྱི་མཐུས་གནས་པ་ལ་སོགས་པ་ཉེ་བར་བསྟན་གྱི། གཞན་གྱི་རྐྱེན་ལ་མི་བལྟོས་པའི་ཡེ་ཤེས་ལ་བལྟོས་ནས་མ་ཡིན་ནོ།། དེའི་ཡེ་ཤེས་ནི་རང་བཞིན་ཡུལ་ཡིན་པའི་ཕྱིར་ན་ཆོས་ཐམས་ཅད་མྱ ་ངན་ལས་འདས་པ་དང་ཁྱད་པར་མེད་པས་དེ་གནས་པ་ལ་སོགས་པ་ཉེ་བར་དམིགས་ཤིང་། ཁོ་བོ་ཅག་གནས་པ་ལ་སོཌ་པ་འགེགས་པ་བྱེད་པ་ལ་ལུང་གིས་གནོད་པ་གློ་སྐབས་ག་ལ་ཡོད་ཅེས་བྱ་སྟེ། ལུང་གི་བརྩད་པ་རིགས་པ་མ ་ཡིན་ལ། ཇི་ལྟར་གནས་པ་དང་སྐྱེ་བ་དང་འཇིག་པ་སེལ་བ་ཡ་འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གིས་བརྗོད་པ་ལ་ལུང་གིས་གནོད་པར་མི་ནུས་སོ།། དེ་བཞིན་དུ་ཡོད་པ་དང་མེད་པ་དང་དམན་པོ་དང་མཉམ་པ་དང་ཁྱད་པར་ཅན་སེལ་བ ་ལ་ཡང་གནོད་པར་མི་ནུསོ།། དེ་ལོ་ཡོད་ཅེས་བརྗོད་པ་ནི།། གང་ཡོད་པ་འདི་ལྟ་སྟེ།། ད་ལྟར་བའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་སམ་འདུས་བྱས་རྣམས་སོ།། མེད་པ་ཞེས་བརྗོད་པ་ནི་གང་མེད་པ་སྟེ། འདི་ལྟར་གང་འདས ་པ་དང་། མ་འོངས་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་སམ་འདུས་མ་བྱས་སོ།། ཡང་ཇི་ལྟར་ན་གནས་པོ་ལ་སོགས་པ་བཀག་པ་ཉིད་ཀྱི་དེ་རྣམས་སེལ་བར་འགྱུར། དེ་སྐད་དུ་ཡང་རྩ་བའི་རབ་བྱེད་བདུན་པར། སྐྱེ་དང ་གནས་དང་འཇིག་པ་ཡིས།། འདུས་བྱས་གྲུབ་པ་ཡོད་མ་ཡིན། འདུས་བྱས་རབ་ཏུ་མ་གྲུབ་ན།། འདུས་མ་བྱས་དེ་ཇི་ལྟར་འདོད།། ཅེས་བྱ་སྟེ། འདུས་བྱས་རྣམས་ནི་དུས་གསུམ་གྱི་རྣམ་པར་གནས་ལ ་འདུས་བྱས་མེད་ན་དུས་གསུམ་ག་ལ་ཞིག། དེ་ལ་ད་ལྟར་བའི་དུས་མེད་པས་དངོས་པོ་མེད་ལ། འདས་པ་དང་མ་འོངས་པ་མེད་པས་དངོས་པོ་མེད་པ་ཡང་མེད་དོ།། དེའི་ཕྱིར་དངོས་པ་འདི་གཉིས་ཀྱང་གནས་ལ་སོགས་པ་མེད་བཞིན་དུ ་ག་རྟེན་གྱི་བླ་སྙསྐད་ཀྱི་དབང་གིས་གསུངས་སོ།། ཇི་ལྟར་དངོས་པོ་དང་དངོས་པོ་མེད་པ་དག་གནས་པ་ལ་སོགས་པ་མ་གྲུབ་པས་མ་གྲུབ་ལ། དེ་བཞིན་དུ་དམན་པ་དང་མཉམ་པ་དང་ཁྱད་པར་ཅན་རྣམས་ཀྱང་ངོ་།། དེ་ལ་དམན་པ་ནི་ཁྱད ་པར་ཅན་མ་ཡིན་པ་སྟེ། འདི་ལྟ་སྟེ་ཉོན་མོངས་པའོ།། ཁྱད་པར་ཅན་ནི་དགེ་བ་སྟེ། འདི་ལྟ་སྟེ་དགེ་བ་ལ་སོགས་པའོ།། མཉམ་པ་ནི་བར་མ་སྟེ་ལུང་མ་བསྟན་པ་འདི་ལྟ་སྟེ། མིག་ལ་སོགས་པ་རྣམས་སོ་ཞེས་བྱ་བའོ།། འདི་དག ་ནི་ཉེ་བར་བསྟན་པ་ཙམ་སྟེ། འདི་ལྟར་ཁྱད་པར་ཐམས་ཅད་འདིར་གནས་པ་ལ་སོགས་པ་མེ་གྲུབ་པས་མ་གྲུབ་པར་ཁོང་དུ་ཆུད་པར་བྱ་བ་ཐ་སྙད་ཀྱི་དབང་གིས་བརྗོད་པས་ལུང་གྲི་གནོད་པ་སྤང་བར་བྱའོ།། དང་གཽ་སྒྲའི་དྲོནི་ལ་འམ ་གྱི་སྒྲའོ།། དེ་ཡང་མ་སྨོས་པ་རྣམས་སྡུད་པའོ་ཞེས་བྱ་སྟེ། རྣམ་པར་བརྟགས་པ་ཐམས་ཅད་དགག་པ་གནས་པ་ལ་སོགས་པ་དགག་པའི་སྒོ་ནས་གསུངས་པ་ལ། ལུང་གིས་གནོད་པ་ལ་འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གི ་གསུངས་པས་སྤང་བར་བྱོས་ཤིག། སླར་ཡང་འདི་དག་འཇིག་རྟེན་གྱི་ཐ་སྙད་ཀྱིས་ངོར་འཇུག་པས་སྟོན་པར་མཛད་པའི་དགོས་པ་ཅི་ཞེ་ན། འདི་ལ་དགོས་པ་ཆེ་སྟེ། འཇིག་རྟེན་པའི་ཐ་སྙད་ཁས་མུ་བླངས་ནཱ་འཇིག་རྟེན་པ་དང་མི་མཐུན ་པས་རྟག་ཏུ་འཇིག་རྟེན་པའི་ལོག་ཏོག་ལས་བཟློག་པར་ནུས་པ་མ་ཡིན་ཏེ། ཀླ་ཀློ་བཞིན་ནོ།། ཀླ་ཀློ་འཕགས་པའི་སྐད་མི་ཤེས་པ་ལ་འཕགས་པའི་སྐད་འགའ་ཞིག་གིས་འགའ་ཞིག་ལས་བཟློག་པར་མི་ནུས་ལ། ཀླ་ཀློའི་སྐད་དང ་རྗེ་སུ་མཐུན་པས་བདེ་བླག་ཏུ་བཟློག་པར་འགྱུར་རོ།། ཡང་ན་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་ཇི་ལྟར་རྟོགས་པའི་ཆོས་ཉིད་ལ་གནས་པར་གྱུར་ན། དེའི་ཚེ་སངས་རྒྱས་པ་དེ་རྣམས་ལ་དགོས་པ་མེད་པར་འགྱུར་ཏེ། ཆོས་ཉིད ་ལ་གནས་པ་རྣམས་གཞན་གྱིས་དོན་མི་མཛད་པའི་ཕྱིརརོ།། ཆོས་ཉིད་ལ་གནས་པ་དེ་རྣམས་ནི། བརྗོད་པར་བྱ་བ་ལྡོག་པས་ན།། སེམས་ཀྱིས་སྤྱོད་ཡུལ་ལྡོག་པ་སྟེ།། མོ་སྐྱེས་པ་དང་མ་འགགས་པའི།། ཆོས་ཉིད་མྱ་ངན་འདས ་དང་མཚུངས།། ལུང་ལས་ཀྱང་གསུངས་པ།། སངས་རྒྱས་འགའ་ཡང་མི་ཤེས་ཤིང་།། ཡང་ན་སངས་རྒྱས་ཆོས་ཉིད་མིན།། འཇིག་རྟེན་རྣམ་འདྲེན་འཇིག་རྟེན་དུ།། གྲོལ་ཏེ་འཇིག་རྟེན་རྗེས་འཇུག་མིན།། ཞེས་སོ།། ཡང ་ན་རང་གིས་རྟོགས་པའི་ཆོས་ཉིད་ཁོ་ན་སྒྲོ་བཏགས་ནས་བརྗོད་བྱེད་དང་བརྗོད་བྱའི་ཐ་སྙད་ལ་གནས་ཏེ་ཉེ་བར་སྟེན་པར་མ་གྱུར་ན། དེ་ཡང་འཇིག་རྟེན་པའི་དོན་བསྒྲུབ་པར་མི་ནུས་ལ། ཇི་སྐད་དུ་ལུང་གཞི་བ་མ་རླག་པ་ལས ་དེ་ནས་བཅོམ་ལྡན་འདས་སངས་རྒྱས་ནས་རིང་པོ་མ་ལོན་པ་ན་འདི་སྐད་གསུངས་ཏེ། བདག་གིས་ཆོས་ཉིད་ཟབ་མོ་ཟབ་མོར་སྣང་ང་མཐོང་དཀའ་བ་རྟོགས་དཀའ་བ་བརྟག་དཀའ་བ། བརྟག་པའི་སྤྱོད་ཡུལ་མ ་ཡིན་པ་ཕྲ་བ་འཛངས་པ་མཁས་པ་སྒྲིན་པོས་ཤེས་པར་བྱ་བ་ཁོང་དུ་ཆུད་དེ། དེ་བདག་གིས་གལ་ཏེ་གཞན་ལ་བསྟན་པར་གྱུར་ཀྱང་གཞན་གྱིས་ཤེས་པར་མི་འགྱུར་གྱི། དེའི་ཚེ་བདག་ནི་ཉམས་པར་འགྱུར། ངལ་བར་འགྱུར། སེམས ་མི་སྤྲོ་བར་འགྱུར། གང་དུ་བདག་ཉིད་གཅིག་པུ་ཞིག། དགོན་པ་དབེན་པར་མཐོང་བའི་ཆོས་ལ་བདེ་བས་གནས་པའི་རྣལ་འབྱེར་དང་ལྡན་པས་བདེ་བར་གནས་པར་འགྱུརརོ།། དེ་ནས་མི་མཛད་ཀྱི་བདག་པོ་ཚངས་པ་ཚངས་པའི ་འཇིག་རྟེན་ན་གནས་པས་འདི་སྐད་སྨྲསོ།། ཀྱེ་མ་འཇིག་རྟེན་འདི་དག་ནི་བརླག་གོ། ད་ནི་གང་དུ་ནམ་ཞིག་ན་འགའ་ཞིག་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འགའ་ཞིག་འཇིག་རྟེན ་དུ་འབྱུང་ནི་འདི་ལྟ་སྟེ། ཨུ་དུམ་བ་རིའི་མེ་ཏོག་བཞིན་ལ། དེ་ནི་དེ་སྣང་ན་བཅོམ་ལྡན་འདས་ཆོག་ཤེས་པ་ལ་གནས་པ་ལ་ཐུགས་སྐྱེ་བར་འགྱུར་གྱི། ཆོས་འཆད་པ་ལ་ནི་མ་ཡིན་པས་བདག་ནི་བདག་ནི་གང་དུ་བཅོམ་ལྡན་འདས་ཀྱི ་ཐང་དུ་དོང་ལ་ལ་གསོལ་བ་གདབ་པར་བྱའོ།། དེ་ནས་མི་འཇེད་ཀྱི་བདག་པོ་ཚ་ངེས་པས་འདི་ལྟ་སྟེ། སྐྱེས་བུ་སྟོབས་དང་ལྡན་པའི་ལག་པ་བསྐུམ་པ་ལས་བརྐྱང་བ་འམ། བརྐྱང་བ་ལས་བསྐུམ་པ་བཞིན་མི་མཇེད་ཀྱི་བདག ་པོ་ཚངས་པའི་འཇིག་རྟེན་དུ་མི་སྣང་བར་གྱུར་ནས། བཅོམ་ལྡན་འདས་ཀྱི་མདུན་དུ་འཁོད་པར་གྱུར་ཏོ།། དེ་ནས་མི་འཇེད་ཀྱི་བདག་པོ་ཚངས་པས་དེའི་ཚེ་ན་ཚིགས་སུ་བཅད་པ་འདྲི་དུག་སྨྲས་སོ།། མ་ག་དྷར་ནི་སྔོན་ཆད་མ་བྱུང་ཆོས།། ་བརྗོད་བྲལ་དྲི་མར་བཅས་པ་རྗེས་སུ་རིགས།། ཉོན་མོངས་མེད་ཅིང་རྡུལ་དང་བྲལ་བའི་ཆོས།། བདུད་རྩིའི་སྒྲོ་མི་གསལ་བདྨ་མཛད་དུ་གསོལ།། དེ་ནས་བཅོམ་ལྡན་འདས་ཀྱིས་ངོ་ཚིགས་སུ་བཅིང་བ་འོད་དགུ་བཀའ་སྐུལ ་ཚངས་པ་བདག་གིས་ཚེགས་ཆེན་པོས།། སྲིད་པའི་འདོད་ཆགས་ཡོངས་བསྲབས་ཤིང་།། ཐ་བ་བཅོམ་པས་རྟོགས་པ་ཡི།། ཚེས་འདི་འདི་རྟོགས་པར་སླ་མ་ཡིན།། རྒྱུན་ལས་བཟློག་པ་ལྟ་བུའི་ལམ།། ཟབ་མོ་ཤིན་ཏུ་མཐོང་བར ་དཀའ།། འདོད་ཆགས་ཀྱིས་ཆགས་མུན་པ་ཡི།། ཕུང་པོས་བསྒྲིབས་པས་མཐོང་བ་མིན།། ཞེས་གསུངས་སོ།། དེའི་ཕྱིར་ན་ངེས་པར་འདི་རྣམས་ཀྱིས་ཇི་ལྟར་གནས་པའི་འཇིག་རྟེན་གྱི་ཐ་སྙད་ནི་འཇིག་རྟེན་པའི་དོན་བྱེད་པའི་ཐབས་ཀྱི་ཕྱིར ་བྷོག་མུ་ཉིད་དུ་ཁས་བླང་བར་བྱ་སྟེ། འཇིག་རྟེན་པས་རྟོགས་པའི་ཐབས་སུ་གྱུར་པ་འཇིག་རྟེན་གྱི་ཐ་སྙད་ཁྲུས་མ་བླ་སུ་པར་འཇིག་རྟེན་པས་རྟོགས་པར་བྱེད་པ་ནུས་པ་མ་ཡིན་ནོ།། ཡང་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རང་ཉིད ་ཀྱིས་དངོས་པོར་གྱུར་པ་ཅུང་ཟད་མ་དམིགས་ཀྱང་འཇིག་རྟེན་གྱིས་ཐ་སྙད་ཀྱི་རྗེསུ་མཐུན་པ་འབའ་ཞིག་གིས་ཉེ་བར་སྟོན་པར་མཛད་ཅེ་ན། འདི་ནི་རབ་ཏུ་གྲགས་པའི་དཔེ་གཅིག་ཙམ་སློབ་དཔོན་གྱི་བརྗོད་པར་འདོད་པའི་དོན་བསྒྲུབ ་པའི་ཕྱིར་ཉེ་བར་བསྡུ་བར་བྱའོ།། དཱུར་འཛིན་པ་དང་ང་ཡིར་འཛིན་མེད་པའི་བདེ་བར་གཤེགས་པས་འཇིག་རྟེན་པའི་ངོར་འཇུག་ཏུ་ང་དང་ངའི་ཞེས་པས་སྐད་གཞན་ཇི་ལྟ་བ་དེ་ལྟར་གསུང་སྟེ། དེ་ལ་ངའོ་ཞེས་པས་བདག་ཏུ ་མངོན་པར་ཞེན་པ་ནི་ངར་འཛིན་པའོ།། བདག་གིའོ་ངའི་འོ་ཞེས་མངོན་པར་ཞེན་པ་ནི་ང་ཡིར་འཛིན་པའོ།། ང་དང་ང་ཡིར་འཛིན་པ་འདི་གཉིས་ཀྱང་འཇིག་ཚོགས་ལྔ་ལྟ་བུའི་ཡན་ལག་སྟེ། དེ་ལས་བདག་དང་བདག་གིར་འཇུག་པའི ་ཕྱིར་རོ།། དེ་ལ་འཇིག་ཚོགསུ་ལྟ་བ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རབ་ཏུ་སྤངས་པའི་ཕྱིར། སྤངས་པས་ན་བདེ་བར་གཤེགས་པ་ལ་ངར་འཛིན་པ་དང་ང་ཡིར་འཛིན་པ་མེད་པའི་ཕྱིར་རོ།། དེ་ལ་བསོད་ནམས་ཀྱི་ཚོགས་ཀྱི ་སྟོབས་ཀྱིས་མངོན་པར་འདོད་པའི་འབྲས་བུ་ཕུན་སུམ་ཚོགས་པ་ཉེ་བར་ལོངས་སྤྱོད་པར་དགོངས་པའི་དུས་སུ་ཉེ་བར་བཏུད་པ་གང་ཞིག་ལ་ཉེ་བར་ལོངས་སྤྱོད་པ་དང་ལྡན་ཞིང་། ཡེ་ཤེས་ཀྱི་ཚོགས་ཀྱི་སྟོབས་ཀྱིས་ཉེས་པ་མ་ལུས ་པ་དང་བྲལ་ཞིང་། ཡོན་ཏན་དང་ལྡན་པའི་ལམ་གྱིས་ཐོས་པ་མཐའ་ཡས་པའི་སེམས་ཅན་ལ་ཕན་འདོགས་པའི་ཕྱིར་མཛེས་པར་གཤེགས་པས་ན་བདེ་བར་གཤེགས་པ་འམ། སངས་རྒྱས་ནི་ཆོས་ཐམས་ཅད་ལ་སྒྲིབ་པ ་མེད་པར་རྣམ་པ་ཐམས་ཅད་པའི་ཡེ་ཤེས་ཀྱིས་ཡང་དག་པར་རྟོགས་པའི་ཕྱིར་མཛེས་པར་གཤེགས་པས་བདེ་བར་གཤེགས་པའོ།། ཕྱིར་མི་ལྡོག་པའི་ཕྱིར་མཐར་ཐུག་པར་གཤེགས་པས་ཏེ་རིམས་ནང་ལེགས་པར་བྱང་བ ་བཞིན་ནམ། ཐོག་མ་དང་བར་དང་ཐ་མར་གཅིག་ཏུ་དགེ་བའི་ཆོས་སྟོན་པ་ལ་མཛེས་པར་གཤེགས་པའི་ཕྱིར་བདེ་བར་གཤེགས་པའོ།། ངེས་པའི་ཚིག་གིས་ཚུལ་གྱིས་བདེ་བར་གཤེགས་པ་དང་འཛིན་པ་དང་ང་ཡིར་འཛིན་པ་ཤིན་ཏུ ་སྤངས་པས་གནས་ཀྱང་ང་དང་དྲའི་ཞེས་གསུངས་ཏེ། ཇི་སྐད་དུ་ལུང་ལས། དགེ་སློང་དག་གི་ལྷའི་མིག་རྣམ་པར་དག་པ་མི་ལས་འདས་པས་མཐོང་ངོ་།། ཞེས་བྱ་བ་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་དང་། དེ་བཞིན ་གཤེགས་པ་དགེ་སློང་དག་ང་ནི་གཅིག་པུ་ཞིག་དབེན་པ་ན་གནས་པ་ན་ཅེས་པས་འདིར་ང་ཡི་བྱ་གསུངས་སོ།། བདག་ཉིད་ལ་ང་དང་ང་ཡིར་འཛིན་པ་མེད་ཀྱང་ང་དང་ང་ཡི་ཞེས་པ་གསུངས་པས་འཇིག་རྟེན་པས་རྟོགས་པའི་ཐབས་སུ ་འགྱུར་བའི་ཕྱིར་འཇིག་རྟོན་པ་ལ་བལྟོས་ནས་ད་དང་ང་ཡི་ཞེས་གསུངས་ལ། འདི་ལྟར་གཙུག་ན་ནོར་བུའི་རྟོགས་པ་བརྗོད་པ་ལ་སོགས་པར་བྱ་དཀའ་བ་བརྒྱ་ཕྲག་གསུངས་པ་དེ་གང་ཞིག་དེའི་ཚེ་ལོང་བ་ཆེན་པོར་གྱུར་པ་དང་གང་དུ་འདི ་ལྟར་བྱ་དཀའ་བ་བརྒྱ་ཕྲག་གསུངས་ཤེ་ན། དེ་དག་གེ་བར་འདོད་པའི་འཇིག་རྟེན་པ་ལ་གལ་ཏེ་དྲ་ཉིད་དེའི་ཚེ་ན་ཤཱ་མ་གསུངས་ན་འཇིག་རྟེན་པས་རྟོགས་པར་འདོད་པའི་དོན་མི་རྟོགས་པར་འགྱུར་བ་འམ། དེ་བཞིན་གཤེགས་པའི་སྤྱོད ་པ་ལ་ངོ་ཚ་བར་ཡང་མི་འགྱུརརོ།། དེ་བཞིན་དུ་ང་ཡིར་འཛིན་པ་ལ་ཡང་སྦྱར་བར་བྱའོ།། གང་ཡང་འདི་ལྟར་ང་དང་ང་ཡིར་འཛིན་པ་མེད་ཀྱང་འཇིག་རྟེན་པའི་ངོར་འཇུག་ཏུ་ང་དང་ང་ཡི་གསུང་བ་ན་དེ་དང་ང་ཡིར་འཛིན་པ་ཡོད་པ་ལྟ་བུར ་མཚོན་ནོ།། དེ་བཞིན་དུ་དངོས་པོར་གྱུར་པ་གཞན་གསུང་བ་ན་ཡང་དངོས་པོ་དེའི་རང་བཞིན་ལྟ་བུར་མཚོན་པར་ཁས་བླང་བར་བྱའོ།། དེའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་པས་དངོས ་ཡོད་པ་མ་ཡིན་པ་དེ་ཉིད་འཇིག་རྟེན་གྱིས་ཐ་སྙད་ཀྱི་རྗེས་སུ་འཇུག་པས་གསུངས་པའོ་ཞེས་ཤེས་པར་བྱའོ།། ང་དང་ང་ཡིར་འཛིན་པ་བཞིན་བརྗེད་བྱས་སྟོང་པའི་ཕྱིར་ན། བརྗོད་བྱ་མེད་པར་རབ་ཏུ་བྱེད་པ་རྫོགས་ཀྱི་བར་གྱིས ་སྟོན་པར་འགྱུར་རོ།། དེའི་ཕྱིར་གནས་པ་ལ་སོགས་པ་འདི་དག་གི་བརྗོད་བྱེད་ནི་བརྗེད་བྱ་མེད་པ་མེད་པ་སྟེ། ཐ་སྙད་ཀྱི་དབང་གིས་བརྗོད་པ་འབའ་ཞིག་ཏུ་གྲུབ་ཀྱི་དོན་དམ་པའི་དབང་གིས་ནི་མ་ཡིན་ནོ།། ཞེས་བྱའོ།། གལ་ཏེ། ་གསུངས་པ་ཐམས་ཅད་དངོས་པོ་མེད་པ་ཚིག་ཙམ་ཁོ་ན་ཡིན་ན། གང་དུ་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་བདག་ཉིད་ལ་ནི་བདག་ཉིད་མགོན།། རྗེས་སུ་མགོན་བྱེད་གཞན་སུ་ཞིག། བདག་ཉིད་ལེགས་པར་དུལ་གྱུར་ན།། མཁ ་པས་མཐོ་རིས་ཐོབ་པར་འགྱུར།། ཞེས་གསུངས་པ་དེ་ལ་བདག་ལ་སོགས་པ་ཡོད་པ་མིན་ན། མགོན་ལ་སོགས་པ་ཇི་ལྟར་རིག་པར་འགྱུར། དེའི་ཕྱིར་བདག་ཡོད་དོ་ཞེ་ན། གལ་ཏེ་ཡང་ཁྱོད་ནི་རང་ཉིད་ཀྱིས་ཡོངས་སུ་སྤངས ་ནས་རྩོད་པའི་སྐབས་ཚོལ་བར་བྱེད་ལ། དེ་ལྟ་ན་ཡང་སྨྲས་པ། བདག་མིན་བདག་མེད་མིན་བདག་དང་།། བདག་མེད་མིན་པས་བརྗོད་འགའ་མེད།། བརྗེད་བྱ་མྱ་ངན་འདས་དང་མཚུངས།། དངོས་པོ་ཀུན་གྱིས་རང་བཞིན་སྟོང་།། དེ་ལ ་བདག་མེད་པ་ཉིད་དོ་ཞེས་བྱ་བ་ནི་ཚིག་གིས་ལྷག་མའོ།། འདིར་བསྒོམ་པ་ལས་བྱུང་བའི་བར་རློམ་སེམས་པ་ནི་བདག་ཅེས་བྱའོ།། དེ་ཉིད་སྲེད་པའི་དངོས་པོར་གྱུར་པས་སྦྲིད་པ་འམ་སྙིང་སྟོབས་ཀྱིས་ཕྱིར་སེམས་ཅན་ནོ།། སྲེག་གི་དབང་པོ་དང ་འབྲེལ་པས་འཚེ་བས་ན་སྲོག་གོ།། ལས་དང་ཉོན་མོངས་པས་སྐྱེ་བ་གཞན་དུ་སྐྱེ་བར་བྱེད་པས་སྐྱེ་བ་པོའོ།། ཡིད་གཙོ་བོར་གྱུར་པ་ལས་སྐྱེས་པས་ཤེང་ལས་སྐྱེས་སོ།། ཡིད་ཤས་ཆེ་བར་གྱུར་པའི་ཕྱིར་ཤེད་ཅན་ནོ།། དགེ་བ་དང་མི་དགེ་བ ་དང་ལུང་དུ་མ་བསྟན་པའི་ལས་བྱེད་དུ་འཇུག་པའི་ཕྱིར་བྱེད་པ་པོའོ།། དེའི་འབྲས་བུ་མྱོང་བར་བྱེད་པའི་ཕྱིར་རིགས་པ་པོའོ།། ཡུལ་ཡོངས་སུ་གཅོད་པའི་ཕྱིར་ཤེས་པ་པོའོ།། དཔྱོད་པར་བྱེད་པའི་ཕྱིར་མཐོང་བ་པོའོ།། ཞེས་བྱ་བ་ལ་སོགས་པ་རྣམས་དེའི ་མིང་གི་ཁྱད་པར་རོ།། བདག་དེ་ཡང་རྩ་བའི་རབ་བྱེད་བཅུ་པར། རེ་ཞིག་ཤིང་ལ་མེ་མིན་ཞིང་།། ཤིང་ལས་གཞན་དུ་མེ་མ་ཡིན།། མེ་ནི་ཤིང་དང་ལྡན་མིན་ལ།། མེ་ལ་ཤིང་མཽད་དེར་དེ་མེད།། མེ་དང་བུད་ཤིང་པོ་ཤད་པ་ཡིས།། བདག་དང ་ཉེར་ལེན་རིམ་པ་བཞིན།། ཞེས་པའི་ཚིག་གིས་ཉེ་བར་ལེན་པ་ལས་དེ་ཉིད་དང་གཞན་པ་རྣམ་པཱ་ལྔས་དཔྱད་ན་མྱི་སྲིད་པས་བདག་མེད་དེ་ཞེས་བྱའོ།། ཡང་ན་འདིར་ཕྱོགས་སྔ་མ་གཞན་ཏེ། གྲལ་ཏུ་ཡང་སངས་རྒྱས་རྣམས་དང ་འཛིན་པ་དང་། ང་ཡིར་འཛིན་པ་སྤངས་པའི་ཕྱིར། ང་དང་ང་ཡིར་འཛིན་པའི་གསུང་དངོས་པོ་མེད་ལ། ངར་འཛིན་པ་དང་ང་ཡིར་འཛིན་པ་མ་སྤངས་པའི་འཇིག་རྟེན་པའི་ང་དང་ང་ཡིར་འཛིན་པའི་བརྗོད་པ་དོན་དང་བཅོས་པར་འགྱུརརོ ་ཞེ་ན། སྨྲས་པ། འཇིག་རྟེན་པའི་ང་དངང་ཡིད་འཛིན་པའི་ཚི་ག་དོན་དང་བཅས་པ་མ་ཡིན་རྟ། ཅིའི་ཕྱིར་ཞེ་ན། གང་གིས་ཕྱིར་བདག་མིན་ཅེས་བདག་དགག་པ་སྔར་བཞིན་ནོ།། བདག་མ་གྲུབ་པས་ཀྱང་འཇིག་རྟེན ་གྱི་ང་དང་ང་ཡིར་འཛིན་པའི་བརྗོད་བྱེད་ཀྱང་བརྗོད་བྱས་སྟོངས་པའོ།། འདིར་སྨྲས་པ། གལ་ཏེ་བདག་མེད་ན་ཡང་དེ་ལྡན་ཡང་ངར་འཛིན་པ་སེམས་ལས་བྱུང་བའི་ཆོས་རང་རིག་པར་ཡོད་པས་དེའི་རྗོད་བྱེད་ཚིག་ཙམ་མ་ཡིན་ནོ་ཞེས ་སླར་ཡང་ངར་འཛིན་པ་དེའི་དམིགས་པ་ཅི་ཞེ་ན། བདག་གོ།། གལ་ཏེ་དེ་ལྟ་ན་བདག་མེད་ན་དམིགས་པ་ལས་གཞིན་དུ་ངརུ་འཛིན་ཇི་ལྟར་འབྱུང་བར་འགྱུར། དམིགས་པ་མེད་པར་སེམས་དང་སེམས་ལས་བྱུང་བ་སྐྱེ་བ་ནི་མེད་དོ།། ་ཅིག་ནི་ཕྱི་རོལ་གྱི་དམྱིགས་པ་ལ་བལྟོས་པ་མེད་པར་སེམས་དང་སེམས་ལས་བྱུང་བ་སྐྱེ་བ་སྟེ། དཔེར་ན་རྨི་ལཱམ་ལ་སོགས་པའོ་ཞེ་ན། དཔེ་འདི་ནི་གཉི་ག་ལ་མ་གྲུབ་པས་རྣམ་པར་རིག་པར་སྨྲ་བའི་འདོད་པའི་དོན་གྲུབ་པར ་བྱེད་པ་མ་ཡིན་ནོ།། ཁྱོད་ལ་ཡང་དཔེ་མེད་པས་འདོད་པའི་དོན་མི་འགྲུབ་པོ་ཞེ་ན། སླར་ཡང་ཁོ་བོའི་འདོད་པ་ཅི་ཞེ་ན། རྣམ་པར་ཤེས་པ་ཕྱི་རོལ་ལ་དམིགས་པར་བྱེད་པ་ཉིད་དེ།། སླར་ཡང་དེ་ཇི་ལྟར་མ་གྲུབ་ཅེ་ན། ཁོ་བོས ་སུན་ཕྱུང་བའི་ཕྱིར་རོ།། གལ་ཏེ་ཁྱོད་ཀྱིས་སྐྱོན་བརྗོད་པ་ནུས་པ་དང་ལྡན་པར་གྱུར་ན། དེ་ལྟར་འགྱུར་ལ་རག་ན་གཉི་ག་ལ་གྲགས་པའི་དཔེ་བརྗོད་པ་མེད་པས་ནུས་པ་མེད་དོ།། ཁྱོད་ལ་ཡང་ཁོ་བོ་ལ་བལྟོས་ནས་གཉི་ག་ལ་གྲུབ ་པའི་དཔེ་ནུས་པ་མེད་པས་འདོད་པའི་དོན་མི་འགྲུབ་པོ།། སླར་ཡང་ཅི་ཁོ་བོའི་འདོད་པ་རྣམ་པར་ཤེས་པ་ཕྱི་རོལ་ལ་དམིགས་པ་ཡིན་ལ། རྣམ་པར་ཤེས་པ་ཉིད་ཁྱོ་དུ་མི་འདོད་ན། ཅིའི་ཕྱིར་ཕྱི་རོལ་ལྔ་དམིགས་པར་བྱེད་པ་པོ་ཉིད ་ཁྲོ་བོའི་འདོད་པ་ཡིན། འཇིག་རྟེན་པའི་ཐ་སྙད་ཁོ་བྲོས་ཁས་བླངས་ལ་དྲིའི་ཡུལ་དང་རྣམ་པར་ཤེས་པ་ཡང་འཇིག་རྟེན་པས་ཤེས་ཀྱི་ཁོ་བོས་ནི་མ་ཡིན་ནོ།། ཁྱོད་ཀྱིས་ཀྱང་ཁོ་བོ་ཅག་དྲུང་འབྲེལ་བའི་འཇིག་རྟེན་འདོན་འདི་སེལ་བར ་མི་ནུས་སོ།། དེ་ལ་ཅི་འཇིག་རྟེན་པ་ལ་སེམས་དང་སེམས་ལས་བྱུང་བ་དམིགས་པ་དང་བཅས་པ་མ་གྲུབ་པས། དེ་ལས་དམིགས་པས་སྐྱེད་པའི་སེམས་དང་སེམས་ལས་བྱུང་བ་དམིགས་པ་མེད་ན་དེ་མེད་པས་བདག་མྱེད་ན ་ངཪྵ་འཛིན་པ་མེད་པར་གྲུབ་པོ།། ཁོ་བོས་དེ་ལྟར་ཁས་མ་བླངས་སོ་ཞེ་ན། སླར་ཡང་ཅི་དངོས་པོ་འདི་དག་འཇིག་རྟེན་པ་ལ་མ་གྲུབ་པས་གོང་ཞིག་ཁྱོད་ཀྱང་ཁས་མི་ལེན་ནམ། འདི་དག་ནི་འཇིག་རྟེན་པ་ལ་གྲུབ་ལ། འོན་ཀྱང ་འཇིག་རྟེན་རྨོངས་པས་ཕྱིན་ཅི་ལོག་ཇི་ལྟ་བ་དེ་ལྟ་བར་འཇུག་པར་འགྱུར་རོ།། ཞེས་ཁོ་བོ་སྨྲའོ།། དེའི་ཕྱིར་འཇིག་རྟེན་པའི་འདི་དག་ཀྱང་ཁོ་བོ་ཁས་མི་ལེན་ནོ་ཞེ་ན། སྨྲས་པ། འདིར་དོན་རྟོགས་པ་པོ་རྣམས་ཀྱི་དོན་རྟོགས་པ་འཇིག ་རྟེན་པ་ལས་སམ་བསྟན་བཅོས་ལས་འགྱུར་གྲང་། དེ་ལ་རེ་ཞིག་འཇིག་རྟེན་པ་ཁྱོད་ལ་ཚད་མི་མ་ཡིན་ལ། བསྟན་བཅོས་ལ་ཁས་བླང་བའི་དོན་ཀྱང་གཞན་ལ་བསྒྲུབ་པར་ནུས་པ་མེད་ལ། དེའི་ཕྱིར་ཁྱེད་དང་མཚུངས་པའི་སྐྱེ་བོའི ་སྒྲའི་རྗེས་སུ་ཁྱོད་འཇུག་པར་རིགས་ཀྱིས་མཁས་པ་ནི་མ་ཡིན་ནོ།། མཁས་པ་ནི་འཐུང་བ་དང་བཅས་པའི་བསྡུས་ཀྱི་ཚད་མ་བརྗོད་པས་སམ། འཇིག་རྟེན་པ་ལས་སོ།། འཐད་པ་མེད་པར་ཚིག་ཙམ་གྱི་བསྟན་བཅཝོ། ་ཚད་མར་བྱེད་ན་བསྟན་བཅོས་ཐམས་ཅད་ཚད་མར་འགྱུར་རོ།། དེའི་ཕྱིར་ཕྱི་རོལ་གྱི་དམིགས་པ་ལ་མི་བལྟོས་པའི་སེམས་དང་སེམས་ལས་བྱུང་བ་ནི་མེད་དོ།། རིགས་པས་དཔྱད་ན་ཕྱི་རོལ་གྱི་དམིགས་པ་མི་སྲིད་ལ། དེའི་ཕྱིར་ཕྱི་རོལྔ ་གྱི་དོན་ལ་མི་བལྟོས་པར་སེམས་དང་སེམས་ལས་བྱུང་བ་ཁོ་ན་ཁས་བླང་བར་བྱའོ།། ཞེ་ན། ཇི་ལྟར་ཁྱོད་ཀྱི་དཔྱད་པས་ཕྱི་རོལ་གྱི་དམིགས་པ་མི་སྲིད་ལ། དེ་བཞིན་དུ་ཁོ་བོས་དཔྱད་ན་སེམས་དང་སེམས་ལས་བྱུང་བ་མི་སྲིད་པོའི་ཕྱིར ་ཕྱི་རོལ་གྱི་དམིགས་པ་བཞིན་དུ་སེམས་དང་སེམས་ལས་བྱུང་བ་ཡོད་པ་ཉིད་དང་རྣམ་པ་ཐམས་ཅད་དུ་བཏང་བར་བྱོས་ཤིག། སླར་ཡང་གཞན་ཞིག་གིས་སྨྲས་པ། རྣར་ཤྲཱི་པ་ཐམས་ཅད་དམིགས་པ་དང་བཅས་པ་མ་ཡིན་ལཱ། ་གླལ་ཏེ་ཡང་རྣམ་པར་ཤེས་པ་ཐམས་ཅད་དམིགས་པ་དང་བཅས་པར་འགྱུར་ན། མོ་གཤམ་གྱི་བུ་ལ་དམིགས་པའི་རྣམ་པར་ཀླས་པ་མི་འབྱུང་སྟེ། དམིགས་པ་མེད་པའི་ཕྱིར་རོ།། འོ་ན་མོ་ག་ཤཱམ་བུ་ཞེས་པའི་མིང ་འདི་ཉིད་འདིའི་རྣམ་པར་ཤེས་པའི་དམིགས་པར་ཡོད་པ་མ་ཡིན་ནམ། དེ་ཅི་འདིའི་དམིགས་པ་མེད་དོ་ཞེས་སྨྲ། འདི་ནི་ཡོད་བ་མ་ཡིན་ཏེ། མོ་གཤམ་གྱིས་བུའི་སྒྲ་ཐེས་པ་ན་གལ་ཏེ་འདིའི་མིང་ཉིད་མོ་གཤམ་གྱི་བུ་ལ་དམིགས ་བའི་རྣམ་པར་ཤེས་པའི་དམིགས་པར་འགྱུར་ན། དེའི་ཚེ་མོ་གཤམ་གྱི་བུ་མེད་དོ།། ཞེས་པ་ན་དེ་ཉིད་ཀྱི་མིང་ཡང་མེད་པར་འགྱུར་ན། དེ་ལྟ་བུ་ནི་མ་ཡིན་ན།། དེའི་ཕྱིར་འདིའི་མིང་ཉིད་ལ་དམིགས་པས་མ་ཡིན་ནོ།། ངེས་པར་རྣམ་པར་ཤེས་པ ་འདིའི་དམིགས་པ་ཅི་ཞིག། རྣམ་པར་ཤེས་པ་འདི་ནི་དངོས་པོ་མེད་པ་ལ་དམིགས་པའོ།། མེ་གཤམ་གྱི་བུ་ནི་དངོས་པོ་མེད་པ་སྟེ། དེ་ལ་དམིགས་པའི་རྣམ་པར་ཤེས་པ་འདི་ནི་དངོས་པོ་མེད་པ་ལ་དམིགས་པར་འགྱུརརོ།། སླར་ཁྱོད་ཀྱི་དམིགས ་པའི་དོན་ཅི་ཞིག་ཡིན། སྨྲས་པ་རྣམ་པར་ཤེས་པ་ལ་རང་གི་རྣམ་པ་གཏོད་པའི་དོན་ནི་དམིགས་པའི་དོན་ཏེ་ཞེས་ན། གལ་ཏེ་དེ་ལྟ་ན་འོ་ན་མོ་གཤམ་གྱི་བུ་མོ་གཤྲམ་གྱི་བུ་ལ་དམིགས་པའི་རྣམ་པར་ཤེས་པ་ལ་རྣམ་པ་གཏོད་དམ་ཅི།། ་གལ་ཏེ་གཏོད་ན་དེའི་ཚེ་དངོས་པོ་མེད་པའི་རྣམ་པ་དང་རྗེས་སུ་འབྲེལ་པའི་རྣམ་པར་ཤེས་པ་དངོས་པོའི་རང་བཞིན་དུ་མི་འཐད་པས་དེ་འདི་དག་ནི་འགལ་ལ། འགལ་བའི་དངོས་པོ་དང་དངོས་པོ་མེད་པ་དག་དུས་གཅིག་ལ་གཅིག་ཏུ་མེད་པའི་ཕྱིར། ་དངོས་པོ་དང་དངོས་པོ་མེད་པར་འགྱུར་ན་ཡང་། རྣམ་པར་ཤེས་པ་གཉིས་སུ་ཇི་ལྟར་མི་འགྱུར། དེ་དག་མུན་པ་དང་སྨང་བ་དག་ཅིག་པ་མེད་པ་བཞིན་ནོ།། སྔོན་པོའི་རྣམ་པར་རྟོགས་པའི་རྣམ་པར་ཤེས་པའི་དམིགས་པ་སྔོན་པོ་ཡིན་པ ་ལྟར། དངོས་པོ་མེད་པ་རྟོགས་པའི་རྣམ་པར་ཤེས་པའི་དམིགས་པ་དངོས་པོ་མེད་པ་རིགས་སོ།། དེ་ལྟ་ན་དངོས་པོ་མེད་པ་དང་རྣམ་པ་དག་འགལ་བས་འདི་ནི་མོ་གཤམ་གྱི་བུ་བཞིན་དངོས་པོ་ཉིད་དུ་མི་འགྱུར་ཏེ། སྔོན་པོའི་རྣམ་པའི ་རྣམ་པར་ཤེས་པ་སྔོན་པོའི་རྣམ་པ་དང་འགལ་བའི་དཀར་པོ་བཞིན་ནོ།། དམིགས་པ་དང་རྣམ་པས་དབེན་པའི་རྣམ་པར་ཤེས་པ་མེད་ན་གང་ཞིག་ངོ་བོ་ཐཱ་དད་པའི་རྣམ་པར་འཇོག་པར་བྱེད་ཅིང་ངེས་པར་དམིགས ་བཔའི་རྣམ་པ་ཙམ་ཞིག་ཁོ་ན་རྣམ་པར་ཤེས་པ་འམ། གལ་ཏེ་དེ་ལྟར་གྱུར་ན་དེའི་ཚེ་དམིག་པ་ཉིད་རྣམ་པར་ཤེས་པར་འགྱུརརོ།། དེ་ནི་དམིགས་པ་ཁོ་ན་རྣམ་པར་ཤེས་པ་མ་ཡིན་ལྔ། འོན་ཀྱང་དམིགས་པའི་རྣམ་པ་ཡོངས་སུ་གཅོད ་པཱབཱི་རི་བཞིན་ནོ།། དེ་ཉིད་ཀྱིས་ན་རྣམ་པར་ཤེས་པ་དང་དམིགས་པ་དག་རྣམ་པ་མཚུངས་མེད་ཀྱི། དམིགས་པ་ནི་རྣམ་པར་ཤེས་པ་མ་ཡིན་ཏེ། ཡོངས་སུ་བཅད་པར་བྱ་བའི་རང་བཞིན་ཡིན་པ་དང་། ཡོངས་སུ་གཅོད་པ་པོམ ་ཡིན་པའི་ཕྱིར། དམིགས་པར་བྱེད་པ་པོ་ཡང་དམིགས་པ་མ་ཡིན་ཏེ། ཡོངས་སུ་བཅད་པར་བྱ་བའི་རང་བཞིན་མ་ཡིན་པའི་ཕྱིར་དང་། ཡོངས་སུ་གཅོད་པའི་རང་བཞིན་གྱི་ཕྱིར་རོ།། དེའི་ཕྱིར་དམིགས་པའི་རྣམ་པ་ཙམ་ནི་རྣམ ་པར་ཤེས་པ་མ་ཡིན་ནོ།། དམིགོས་པའི་རྣམ་པ་ལས་ཐ་དད་པ་ཡང་མ་ཡིན་ཏེ། གང་གིས་ཕྱིར་དམིགས་པའི་རྣམ་པ་ལ་སོ་ཐ་དད་པའི་རྣམ་པར་ཤེས་པའི་ངོ་བོ་མེད་དོ།། དེའི་ཕྱིར་དངོས་པོ་མེད་པ་རྗེས་སུ་བྱེད་པས་བསྐྱེད ་པའི་རྣམ་པར་ཤེས་པ་ནི་དངོས་པོ་མེད་པ་དང་རྣམ་པ་དག་འགལ་བས་དངོས་པོ་ལས་ལོག་ནས་རྣམ་པར་ཤེས་པ་དངོས་པོ་མེད་པར་འགྱུར་རོ།། རྣམ་པར་ཤེས་པ་དངོས་པོ་མེད་ན་ཡང་མོ་གཤམ་གྱིས་བུ་ནི་དངོས་པོ་མེ ་ཞེས་ཇི་ལྟར་བརྗེད། གཞན་ཡང་རྣམ་པར་ཤེས་པ་འདི་ནི་སྐྱེ་བ་ལས་སྔོན་རོལ་དུ་ཅིའོ་ངོ་བོ་ཡང་མ་ཡིན་ལ། དེ་ཡང་ཡུལ་གྱི་རྣམ་པར་ཤེས་པ་མ་གཟུང་བས་སྐྱེ་བ་ཐོབ་པར་བྱེད་དོ།། དེའི་ཚེ་ཅིའི་ངོ་བོ་ཡང་མ་ཡིན་པ་འདིས་ཡུལ་ལ ་འཛིན་པས་སྐྱེ་བ་བསྒྲུབ་པར་བྱོས་ཤིག། དངོས་པོ་མེད་པ་ལ་དམིགས་པས་དངོས་པོ་མེད་པའི་རྣམ་པ་ཐོབ་པ་ནི་སྐྱེ་བ་དང་ཤིན་ཏུ་འགལ་བའི་གནས་སྐབས་ཐོབ་པར་འགྱུར་ལ། མ་སྐྱེས་པས་དངོས་པོ་མེད་པ་ལ་འཛིན་པར་རྟོག་པ ་ཡང་རིག་པ་མོ་ཡིན།། ཡང་ན་ངེས་པ་འདིས་དངོས་པོ་མེད་པ་ལ་དམིགས་པ་ཉིད་དུ་རྟོག་པར་བྱེད་ན། དེའི་སྐྱེ་བོ་ལས་སྔ་རོལ་གྱི་གནས་སྐབས་ཉིད་ལ་བརྟག་པར་བྱ་ན། མ་སྐྱེས་པོའི་གནས་སྐབས་སུ་དངོས་པོ་མེད་པ་དང་རྣམ ་པ་འགུལ་བའི་ཕྱིར་རོ།། ཡཱ་ན་གནས་སྐབས་དེ་ན་དམིགས་པ་ལ་འཛིན་པར་བྱེད་པ་ཇི་བོ་ཉིད་མོང་པའི་ཕྱིར་དངོས་པོ་མེད་པ་ལ་དམིགས་པ་པོ་ཉིད་ནི་མི་འདོད་ལ། སྨོས་པའི་སྐྱོན་ཡོད་པའི་ཕྱིར་ན་གནས་སྐབས་གཞན་ཡང་ཐོབ་པ་མ ་ཡིན་ནོ།། གལ་ཏེ་ཡང་མོ་གཤམ་གྱི་བུ་ལ་དམིགས་པའི་རྣམ་པར་ཤེས་པས་དངོས་པོ་མེད་པ་ལ་དམིགས་པར་འགྱུར་ན། དེ་ལྟ་ན་སྔོན་པོའི་སྒྲ་ལ་མ་བལྟོས་པར་སྔོན་པོའི་རྣམ་པའི་རྣམ་པར་ཤེས་པ་བཞིན་མེ་གཤམ་གྱི་བུའི ་སྒྲ་ལ་མ་བལྟོས་པར་དོན་རྟོགས་ལ་རག་ན་རྟོགས་པ་ནི་མེད་དོ།། རྒྱུ་མཚན་གྱི་སྐེ་ཅན་གྱི་རྣམ་པར་ཤེས་པ་དེ་ནི་རྒྱུ་མཚན་མེད་པར་འཇུག་པར་མི་ནུས་སོ།། གལ་ཏེ་རྒྱུ་མཚན་ལས་གཞན་དུ་ཡང་རྣམ་པར་ཤེས་པ་འཇུག ་ན། ཕྱུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་ལ་ཡང་འཇུག་པར་འགྱུར་རོ།། སྐྱེ་བ་ལྡོག་པས་མི་འཇུག་གོ་ཞེ་ན། མཚན་མ་མེད་པ་ལ་དམིགས་པས་རྣམ་པར་ཤེས་པ་སྐྱེ་བ་ལྡོག་པར་མི་འགྱུར་རོ།། ་ཉོན་མོངས་པ་ལོག་ན་ལས་ལྡོག་པར་འགྱུར་བས་སྐྱེ་བ་མི་ལེན་ནོ་ཞེ་ན། གལ་ཏེ་ལས་དང་ཉོན་མོངས་པའི་རྒྱུ་ཅན་གྱི་རྣམ་པར་ཤེས་པ་དེ་ལྟར་མ་གྱུར་ཀྱང་། ཟག་པ་མེད་པའི་རྣམ་པར་ཤེས་པ་མྱ་ངན་ལས་འདས་པའི་དམིགས་པ་ལ ་རྟག་ཏུ་འཇུག་པར་འགྱུར་རོ།། རིགས་པས་ནི་གང་ཞིག་ཆོས་ཐམས་ཅད་སྐྱེ་བ་མེད་པ་ལ་མཚན་མ་འགའ་ཡང་མི་དམིགས་ལ་མཚན་མ་མེད་པས་རྣམ་པར་ཤེས་པ་མི་འཇུག་གོ་ཞེས་བྱའོ།། དེ་ཉིད་ཀྱི་ན་འདིར་སྟོང་པ་ཉིད་དུ་སྨྲ ་པས་ཆོས་ཐམས་ཅད་སེལ་བ་ལ་རྗེས་སུ་སྒྲུབ་པར་བྱེད་ལ་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ལ་མཚན་མ་མི་དམིགས་པས་རྣམ་པར་ཤེས་པ་ལྡོག་གོ།། ཞེས་བྱ་བའི་དོན་ཏོ།། དེ་སྐད་དུ་ཡང་འཕགས་པས་བརྟེན་པ་འདི ་ལྟ་བུ་དངོས་པོས་རྟོགས་པ་མ་ཡིན་ཞིང་།། རྒྱུ་མཚན་མེད་པ་རྣམས་ཤེས་ནི།། ནུམ་ཡང་འབྱུང་བར་མི་འགྱུར་རོ།། འཕགས་པ་ལྟས་ཀྱང་གསུངས་པ།། སྲིད་པོའི་ས་བྱིན་རྣམ་པར་ཤེས།། ཡུལ་ནི་དེ་ཡི་སྤྱོད་ཡུལ་ལྔ། ་མཐོང་བའི་ཡུལ་རྣམས་བདག་མེད་ཕྱིར།། སྲིད་པའི་ས་བོན་འགག་པར་འགྱུར།། ཞེས་སོ།། དེའི་ཕྱིར་རྒྱུ་མཚན་གྱིས་སྒོ་ཅན་གྱི་རྣམ་པར་ཤེས་པ་ནི་རྒྱུ་མཚན་མེད་པའི་ཕྱིར་མོ་གཤེམ་གྱི་བུ་འབའ་ཞིག་པ་དམིགས་པ་མ་ཡིན ་ནོ་ཞེས་རིགས་སོ།། གལ་ཏེ་དེ་ལྟར་ན་མོ་གཤམ་གྱི་བུ་ལ་ཇི་ལྟར་གཏན་མེད་ཅེས་བརྗོད། གལ་ཏེ་གང་གི་དངོས་པོ་མེད་པ་རྣམ་པར་ཤེས་པས་དམིགས་པ་ནའོ།། སུ་ཞིག་འདི་སྐད་སྨྲ། དངོས་པོ་མེད་པ་འདི་ནི་རྣམ་པར་ཤེས་པས ་དམིགས་པར་བྱ་བའོ་ཞེས་པ་འདི་སྐད་དུ་བརྗོད་པར་བྱ་སྟེ། དངོས་པོའི་སྒོ་ལ་མི་བལྟོས་པར་དངོས་པོ་མེད་པ་འབའ་ཞིག་རྣམ་པར་ཤེས་པས་མི་དམིགས་སོ་ཞེས་བྱ་སྟེ། དཔེར་ན་སྟེན་པོའི་རྣམ་པར་ཤེས་པ་སེར་པོ་ལྔ་སོགས་པ ་ལ་མི་བལྟོས་པོར་བཞིན། ཇི་ལྟར་ན་དངོས་པོ་སྒྲོ་ཅན་ཡིན། སླར་ཡང་འདིའི་གཏན་འམེད་ཀྱིས་རྣམ་པར་ཤེས་པ་མོ་གཤམ་གྱི་བུའི་སྒྲ་ལ་བལྟོས་པ་བཞིན་ནོ།། འདིར་སྒྲ་འགའ་ཞིག་ནི་དོན་དང་བཅས་པའོ།། འགའ་ཞིག་དོན་མེད ་པའོ།། དོན་དང་བཅས་པ་ནི་ལྷས་སྦྱིན་ལ་སོགས་པའི་སྒྲའོ།། ལྷས་སྦྱིན་ནི་འཇིག་རྟེན་ནུ་ཟ་བའི་བྱ་བའི་རྫོགས་པའི་རྒྱུར་དམིགས་པས་དོན་དེས་ན་ལྷས་སྦྱིན་གྱིས་སྒྲ་དོན་དང་ལྡན་པའོ།། མོ་གཤམ་གྱི་བུ་བསྟན་ཀྱང་འཇིག ་རྟེན་པ་ལ་མི་དམིགས་ལ། དམིགས་པ་མ་ཡིན་པས་ནི་དངོས་པོ་ཞེས་རྣམ་པར་མི་འཇོག་གོ།། དེའི་ཕྱིར་མོ་གཤམ་གྱིས་བུའི་སྒྲ་འདི་ཡང་བསྒྲུབ་བྱའི་དོན་གྱིས་སྟོང་པའོ།། རྣམ་པར་ཤེས་པ་ཡང་སྒྲའི་དོན་མངོན་པར ་ཤེས་པ་རྣམས་ལ་དོན་གྱིས་སྟོང་པའི་སྒྲ་ལ་དམིགས་པའོ།། དོན་དངོས་པོ་མེད་པའི་སྒོ་ནས་དོན་མེད་པ་ཉིད་དུ་ངེས་པར་འགྱུར་ལོ། དེ་ལ་འདིའོ་སྒྲའི་དོན་འགའ་ཞིག་ན་མེད་ཅིང་དུས་ནམ་ཞིག་ན་མེད་ལ་རྟོགས་པ་ཐེ ་འགའ་ཞིག་ལ་སྣང་བ་མ་ཡིན་ནོ།། ཞེས་བྱ་སྟེ། ཐམས་ཅད་དུ་མ་དམིགས་པས་གཏན་མེད་ཅེས་འཇིག་རྟེན་དུ་རྣམ་པར་འཇོག་གོ།། དེ་ཡང་འདིའི་གཏན་མེད་ནི་སྒྲའི་དངོས་པོ་ལྔ་བརྟེན་ཏེ། སྒྲའི་དོན་མྱི ་དམིགས་པའི་སྒོ་ནས་གསུངས་པ་ཡོངས་སུ་བརྟགས་ལ། དེ་བཞིན་དུ་དངོས་པོ་ལ་བརྟེན་ནས་སྔ་ན་མེད་པ་དང་ཞིག་ནུས་མེད་པ་དང་གཅིག་ལ་གཅིག་མེད་པ་རྣམས་འཇིག་རྟེན་པས་རྣམ་པར་བརྟག་སོ།། དེ་ལྟ་ད་ལྟར་བའི་དངོས་པོ ་ལཱ་བལྟོས་ནས་དེའི་སྐྱེ་བའི་སྔོན་རོལ་གྱིས་གནས་སྐབས་ལ་སྔ་ན་མེད་པ་ཞེས་རྣམ་པར་འཇོག་ལ། ནམ་ཡང་དངོས་པོ་མི་སྲིད་པ་དེ་ནི་སྔ་ན་མེད་པ་མ་ཡིན་ཏེ། འདི་ལྟ་སྟེ་མྱོ་གཤམ་གྱི་བུ་ལྟ་བུའོ།། དུ་ལྟ་བའི་དངོས་པོའི་རླུང ་བཞིན་ནི་མྱི་རྟག་པའི་ཕྱིར་གང་ཞིག་འཇིག་པའི་གནས་སྐབས་སམ་མི་རྟག་པ་ཉིད་ལ་ཞིག་ནས་མེད་པ་ཞེས་བྱའོ།། གཅིག་ལ་གཅིག་མེད་པ་ཡང་གསལ་བར་དངོས་པོ་ལ་བརྟེན་པ་ཉིད་དོ་ཞེས་བྱ་སྟེ། དངོས་པོ་མེད་པ་ཞེས་བྱ ་བ་དངོས་པོ་ལ་མ་བལྟོས་པར་འབའ་ཞིག་པ་རྣམ་པར་ཤེས་པས་འཛིན་པ་ནི་མེད་དོ།། དེ་ཉིད་ཀྱིས་ན་འཕགས་པ་ལྷས་གསུངས་པ། དངོས་པོ་མེད་ན་དངོས་མེད་ནི།། ཤེས་པ་སྲིད་པ་མ་ཡིན་ལ།། དངོས་པོ་མེད་ན་དངོས་མེད ་ནི་ཡེ་ཤེས་པ་སྲིད་པ་མ་ཡིན་ལ།། དངོས་པོ་མེད་ན་དངོས་མེད་ནི།། གྲུབ་པར་འགྱུར་བ་ག་ལ་ཞིག། ཞེས་གསུང་སོ།། དེ་ཉིད་ཀྱིས་ན་གང་དུ་མྱ་ངན་འདས་པ་འམ། མྱ་ངན་ལས་འདས་པ་དང་མཚུངས་པའི་ཆོས་ཀྱིས་རབ ་བཞིན་ཁོང་དུ་ཆུད་པ་ན། དེ་དངོས་པོ་མེད་པ་ཡང་ཉེ་བར་ལེན་པ་མེད་བྱས་མེད་དོ་ཞེས་བྱ་སྟེ། རྣམ་པ་ཐམས་ཅད་དུ་དངོས་པོ་དང་དངོས་པོ་མེད་པ་ལ་ཀུན་ཏུ་འཛིན་པ་ཟད་པས་རྣམ་པར་ཤེས་པ་སྐྱེ་བ་མེད་པ་དང་མྱ་ངན་ལས་འདས ་པ་འགོག་པ་རྣལ་འབྱོར་པ་རྣམས་ཀྱི་སྣ་ཐོབ་པར་འགྱུརོ།། དེའི་ཕྱིར་འདིར་དངོས་པོ་མིང་པ་འབའ་ཞིག་ལ་དམིགས་པའི་རྣམ་པར་ཤེས་པ་མེད་ལ། དེ་ལས་ཀྱང་བདག་མ་གྲུབ་པས་ངར་འཛིན་པའི་བཛྲོད་པ་དངོས་པོ་མྱེད ་པའོ་ཞེས་འདིར་གྲུབ་བོ།། འོ་ན་ཆོས་འདི་དག་ནི་རང་རིག་པས་མྱོང་བ་འདི་ལྟ་སྟེ། ངར་འཛིན་པ་དང་པ་ཡིར་འཛིན་པའོ།། གལ་ཏེ་དེ་དག་དམིགས་པར་བྱ་བར་མེད་ཀྱང་དེ་ལྟ་ན་ཡུང་ཉམས་སུ་མྱོང་བའི་ངོ་བོ་ཡིན་པའི་ཕྱིར ་ངར་འཛིན་པ་དང་དྲར་ཡིར་འཛིན་པ་འདི་དག་ནི་མེད་པའོ་ཞེས་བརྗོད་པར་མི་ནུས་ཞེ་ན། ཅི་བྱང་ཕྱོགས་སུ་ཁ་བལྟས་སམ། འོན་ཏེ་གཞན་དུ་ཁ་བལྟས་པ་ཡིན། འདི་ནི་ཤར་གྱི་ཕྱོགསསོ།། ཞེས་ཉམས་སུ་མྱོང་བ་མ་ཡིན་ནམ། ་བྱང་ལ་སོགས་བའི་ཕྱོགས་འདི་རྣམས་ཤར་ཕྱོགས་སུ་འགྱུར་བ་མི་རིགས་ལ། རབཱ་རིབ་ཅན་གྱི་སྒྲ་དང་སྦྲང་བུ་ལ་སོགས་པའི་དོན་མེད་ཀྱང་རང་གིས་ཅིའི་ཕྱིར་ཉམས་སུ་མ་མྱོང་། འདི་དྲུག་སེམས་ཅན་གཞན་ལས ་བྱུང་བ་མ་ཡིན་ནོ།། ཞེས་བྱ་སྟེ། ཉམས་སུ་མྱེང་པ་ཙམ་གྱིས་ཡང་དག་པའི་དོན་གྱིས་དངོས་པོར་རྣམ་པར་བཞག་པར་མི་ནུས་སོ།། དེའི་ཕྱིར་གལ་ཏེ་རང་ཉིད་ཀྱིས་ངར་འཛིན་པ་དང་ང་ཡིར་འཛིན་པ ་ཉམས་སུ་མྱོང་ཡང་དེ་ལྟ་ན་ཡང་ཡོད་པར་ལུང་དང་རིག་པ་དང་འགལ་བས་མེད་དོ་ཞེས་བྱའོ།། དེའི་ཕྱིར་འཇིག་རྟེན་པའི་པདང་ང་ཡིར་འཛིན་པ་ཡང་དེ་བཞིན་གཤེགས་པའི་ང་དང་ང་ཡིར་འཛིན་པ་དང་མཚུངས་སོ། ་ཞེས་བྱ་སྟེ། ཆོས་ཐམས་ཅད་མིང་ཙམ་དུ་གྲུབ་པོ།། འདིར་སྨྲས་པ། གལ་ཏེ་དེ་ལྷུར་བདག་མེད་ཀྱང་། རེ་ཞིག་དེ་དང་འགལ་བའི་བདག་མེད་པ་ཡོད་ལ། དེ་བཞིན་དུ་བདག་གིས་རང་བཞིན་དང་འགལ་བས་ཆོས་ཐམས་ཅད་ནི་བདག་མེད ་པཔུཔར་ཁས་བླང་སོ།། ཇི་ལ་སྐད་དུ་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་བདག་མེད་པའོ་ཞེས་གསུངས་པས་བདག་ནི་རྟག་པ་མ་སྐྱེས་པ་ངར་འཛིན་པའི་ཡུལ་ཏེ། ཆོས་ཐམས་ཅད་ནི་དེ་ལྟ་མ་ཡིན་ནོ་ཞེསོ།། སྨྲས་པ། ཅི་ཁྱོད་ནི་བདག ་དེའི་ཕྱིར་ན་བདག་གིས་རང་བཞིན་དང་འགྲེལ་བའི་བདག་མེད་པའི་རང་བཞིན་གྱིས་ཕྱིར་རམ། བདག་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ནི་བདག་མེད་པའོ།། དེ་ཡང་ཡོད་ལ་དེའི་ཕྱིར་བདག་གིས་ཆོས་མེད་པས་ཆེ་སྣ་ཐམས་ཅད ་མིང་ཙམ་མ་ཡིན་ནོ་ཞེ་ན། སྨྲས་པ། ཅི་ཁྱོད་ནི་བདག་མེད་པ་ལ་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་པར་བྱེད། མུ་སྟེགས་བྱེད་ཀྱིས་ཡོངས་སུ་བརྟགས་པའི་བདག་གི་ས་དངོས་པོ་མེད་པ་དང་། དེའི་རང་བཞིན་མ་ཡིན་པ་ཉིད་ཀྱིས ་ཆོས་ཐམས་ཅད་བདག་མེད་པ་ཉིད་དུ་རྣམ་པར་བཞག་པ་མ་ཡིན་ནོ།། དེ་ལྟ་ན་ཇི་ལྟར་འདིར་བདག་མེད་པ་ཡིན། ཉེ་བར་ལེན་པ་ལ་བཏགས་ནས་སམ། རང་བཞིན་གྱིས་རྣམ་གྲངས་ལ་བདག་མེད་པ་ཉིད་དུ་བསྟན་པ་ན ་དོན་ཆེན་པོ་སྐྱེ་བར་འགྱུར་རོ།། དེ་ལ་ཕུང་པོ་ལ་བརྟེན་ནས་བརྟགས་པའི་གང་ཟག་ལ་བདག་ཅེས་བརྗོད་དེ། འཇིག་རྟེན་པའི་ངར་འཛིན་པའི་ཡུལ་ཡིན་པའི་ཕྱིར་རོ།། མུ་སྟེགས་བྱེད་ཀྱིས་ཡོངས་སུ་བརྟགས་པ་ནི་མ་ཡིན་ཏེ། དེ་ཡང་མུན ་ནག་གི་ནང་དུ་གྱུར་པའི་སྐྱེས་བུའི་རྣམ་པ་ལ་ཡོངས་སུ་བརྟགས་པ་བཞིན་དུ་ཉུང་ཟད་ཀྱིས་ཤིན་ཏུ་ཕྱིན་ཅི་ལོག་པས་ཡོངས་སུ་བརྟགས་ཀྱིས། འདི་ནི་མྲ་ལུས་པའི་འགྲོ་བས་ཡོངས་སུ་བརྟགས་བ་མ་ཡིན་ནོ།། གང་དུ་ཕུང་པོ་ལ་བརྟེན ་ནས་འགྲོ་བ་མ་ལུས་པ་ང་ཡིར་འཛིན་པའི་གཞི་ཡིན་ལ། དེ་ནི་མངོན་པར་ཞེན་པའི་གནས་སུ་གྱུར་པའི་ཕྱིར་འདིར་གསལ་བར་བྱའོ།། བདག་རྟག་པ་ནི་འཇིག་རྟེན་པའི་ཐ་སྙད་ཀྱིས་རྣམ་པར་བཞག་པ་ཉིད་ལས་ཤིན་ཏུ་བསལ་བའི་ཕྱིར ་དེ་ནི་དེ་ཁོ་ན་ཉིད་ལ་དཔྱོད་པའི་དབང་དུ་བྱས་ཀྱི། དེ་སེལ་བའི་དབང་དུ་བྱས་པ་མ་ཡིན་ནོ།། གལ་ཏེ་མུ་སྟེགས་བྱེད་ཀྱིས་ཡོངས་སུ་བརྟགས་པའི་བདག་འདིར་འགེགས་པར་མི་བྱེད་ན། དེ་ལྟ་ན་བཅོམ་ལྡན་འདས་ཀྱིས་ཅི་ཞིག་དགག་པའི ་དོན་དུ་འདི་སྐད་གསུང་། མིག་ནི་བདག་དང་བདག་གིས་པ་བརྟག་པ་བརྫུན་པ་ཐེར་ཐུག་པ་ཡོངས་སུ་འགྱུར་བའི་ཆོས་ཅན་མ་ཡིན་པས་སྟོང་པར་གྲུབ་བོ་ཞེས་སོ།། མིག་ལ་བརྟེན་ནས་བཏགས་པའི་བདག་གིས་སྟོང་པ་དང་རང་བཞིན ་གྱིས་སྟོང་པ་ཉིད་དུ་ལུང་འདིས་གསལ་བར་མཛད་ཀྱི། ནང་གི་བྱེད་པའི་སྐྱེས་བུ་དང་བྲལ་བ་ནི་མ་ཡིནོ།། དེ་ལ་མིག་ནི་བདག་གིས་སྟོང་ངོ་ཞེས་པ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་བརྟེན་ནས་གང་ཞིག་ལ་བཏགས་ལ་བདག་དེ་ནི ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་རྣམ་པ་ལྔས་མེད་ཀྱང་ཕུང་པོ་དང་ཁམས་དང་སྒྱུ་མནྟཏྤ་ལ་སྨྱོན་ནས་འདོགས་ལ། དེ་ཡང་མེད་པ་ཉིད་། མིགས་ལ་སོགས་བསྔོས་ལྔ་རྣམ་པ་ལྔ་ཡིས་ཀྱང་མེད་པ་ཉིད་དུ ་ཁྱོད་དུ་ཆུད་པར་བྱའོ་ཞེས་ཐར་པ་འདོད་པ་རྣམས་ལ། བཅོམ་ལྡན་འདས་གདམས་པ་སྟོན་པར་བཞེད་པ་ཉིད་ཀྱིས་མིག་ནི་བདག་གིས་སྤྱོད་པར་གྲུབ་པོ་ཞེས་གསུངས་སོ།། གང་གིས་ཕྱིར་མིག་ལ་དཔྱད་པ་ན་བདག་མི་སྲིད་པ་དེའི ་ཕྱིར་མིག་ནི་བདག་གིས་སྟོང་པ་སྟེ། བདག་དང་བྲལ་བའོ་ཞེས་པའི་དོན་ཏོ།། ཤྭའི་སྒྲའི་ནི་ག་བ་ལ་སོགས་པར་དཔྱད་པཱ་སྟེ། དེས་ན་དེའི་ཕྱིར་བཤད་པ་ཞེས་པས་འདིའི་དོན་ནི་གུ་བྱཱ་ལ་སོགས་པ་ལ་ཡ་དང་ཏི་བྱས་པས་ཤུ་ནོ་སྟེ་སྟོང ་པའམ་དབེན་པའོ། 9འཕྲོས་བཱ་ལྔས་རིང་པོ་ཉིད་དོ་ཞེས་པ་འམ་ག་བ་ལ་སོགས་པའི་བཤད་པ་ལས་སྐྱེ་བོ་དང་བྲལ་བའི་དབེན་པ་ལ་སྟོང་པའི་སྒྲར་སྨྲ་བ་རྣམས་འཆད་པར་བྱེད་དོ།། དེས་ན་གླང་ཞིག་གང་དང་བྲལ་བཱ་དཱི་དེ་ཡིས ་སྟོང་པའོ་ཞེས་བྱ་བ་སྟེ། འདི་ནི་བཤད་པའི་དོན་ཏོ།། མེད་པ་ལ་ཡང་སྟོང་པའི་སྒྲ་མཐོང་སྟེ། འདི་ལྔ་སྟེ་ལྷས་སྦྱིན་གྱིས་སྟོང་པའོ་ཞེས་སྷོ།། འདིར་ནི་སྔ་མ་ཉིད་དུ་གཟུང་བར་བྱ་སྟེ། མིག་ནི་བདག་དང་བྲལ་བའི་ཕྱིར ་སྟོང་པའོ་ཞེས་བདག་མེད་པས་བདག་གིས་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ།། ཞེས་བྱ་སྟེ། བདག་གོར་བྱ་བ་དང་བྲལ་བླ་སྟོང་ལ། བདག་གིས་བྱ་བའི་རང་བཞིན་ལས་ཐ་དད་པའི་མིག་གཞན་ཡོད་པ་མ་ཡིནོ།། མིག ་ལ་བརྟེན་ནས་བདག་ཏུ་བརྟགས་པ་དང་ལྡན་པ་བཞིན་བདག་གིས་བདག་ཏུ་བྱས་པས་འདི་ནི་བདག་གི་བ་ཞེས་བྱ་ལ། བདག་མེད་ན་ཉེ་བར་བླངས་པ་འག་ཡང་མེད་པས་ཉེ་བར་ལེན་པ་ཉིད་མི་འཐད་པའི་ཕྱིར་དང་། ཉེ་བར་ལེན་པ་ལས ་གཞན་པའི་མིག་མྱེད་ལ། བདག་གིས་བས་སྟོང་པ་ཉིད་དུ་བསྒྲུབས་པས་མིག་གིས་རང་བཞིན་མ་གྲུབ་པ་ཉིད་བཤད་པའོ།། ཡང་ན་བདག་གིས་སྒྲ་ནི་རང་བཞིན་གྱི་རྣམ་གྲངས་ཏེ། མིག་བདག་གིས་སྟོང་ངོ་ཞེས་བྱ་བ་ནི་རང་བཞིན ་གྱིས་ཞེས་བྱ་བའི་དོན་ཏོ།། བདག་གིས་པས་ཞེས་པ་རང་བཞིན་དང་འབྲེལ་པའི་གང་སུ་ཡང་རུང་བས་ཞེས་པའི་དོན་ཏོ།། འོ་ན་དེ་ལྟ་ན་མིག་ཉིད་མེད་དོ་ཞེས་སྨྲས་པར་འགྱུར་བས། དེ་ལྟར་སྨྲ་བར་བྱ་སྟེ། མིག་མེད་དོ་ཞེས་དེ་ཉིད ་གསལ་པོ་སླུ་བར་བྱོས་ཤིག། སྨྲས་གུ། ཁྱོ་བོ་ནི་མིག་ཉིད་མེད་དོ་ཞེ་ས་མི་སྨྲ་སྟེ། ཅིའི་ཕྱིར་མིག་མེད་པར་འཇིག་རྟེན་པ་སྨྲ་འམ། བསྟན་ལས་བཤད་དེ་ལ་རེ་ཞིག་འཇིག་རྟེན་པ་ལ་མིག་མེད་དོ།། ཞེས་སྨྲ་བ་མེད་དེ། བདག་ཏུ་བརྟག་སྨྲ་པ ་ལ་ཉེ་བར་བརྟེན་པོ་ཉིད་ཀྱིས་མགྲ་ཡོད་བཞིན་པའི་ཕྱིར་ཏེ། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་གོ་ཞེས་པས་མིང་དང་གཟུགས་ལ་བརྟེན་ནས་བྱུང་བའི་ཕྱིར། དེས་ན་གཟུགས་མཐོང་བ་དང་རེག་པའི་རྒྱུ་ཡིན་པའི་ཕྱིར་རོ།། གང ་གི་ཚེ་འདི་ལྟར་འཇིག་རྟེན་པ་ལ་མིག་མེད་དོ་ཞེས་མེད་ན་དེའི་ཚེ་ཁོ་བོ་འཇིག་རྟེན་པ་མིག་མེད་པོར་ཁས་ལེན་ནོ།། ཞེས་ཇི་ལྟར་སྨྲ། དེའི་ཕྱིར་རེ་ཞིག་འཇིག་རྟེན་པ་མིག་མེད་དོ་ཞེས་མི་སྨྲའོ།། ད་ནི་བསྟན་བཅོས་ལས་ཀྱང་མིག་མེད་དོ།། ་ཞེས་བསྟན་པ་བསྟན་བཅོས་ཞེས་བྱ་བ་ཕྱིན་ཅི་མ་ལོག་པའི་ལམ་དེས་ཉོན་མོངས་པ་འཇིག་པར་བྱེད་པས་སོ།། འགོག་པ་ནི་འཇིག་པ་སྟེ། འདི་ལྟར་འཇིག་རྟེན་པ་ན་གསོད་པ་ན་ཆང་པ་ཆེན་པོས་འཇིག་པར་བྱེད་དོ་ཞེས་ཟེར་ལ ་ཕྱིན་ཅི་མ་ལོག་པའི་ལམ་ཡང་ཕྱིན་ཅི་ལོག་ཉེ་བར་བསྟན་པ་ལས་ཉེ་བར་ཐོད་པ་ལྷོད་པ་མི་སྲིད་ཅེས་བྱ་སྟེ། མ་དམིགས་པའི་ཕྱིར་དེའི་ཚེ་འཇིག་རྟེན་པའི་མིག་མེད་དོ་ཞེས་མེད་པ་ཉིད་དོ།། དངོས་པོ་རྣམས་ཀྱིས་རང་བཞིན་མཆོག་ཏུ་རྗེས་སུ ་ཚོལ་བ་ཉིད་ནི་དེའི་ཕྱིན་ཅི་མ་ལོག་པའི་ལམ་དེ་ཡང་རང་བཞིན་མེད་པ་སྐྱེ་བ་མེད་པའི་རང་བཞིན་གྱི་ཕྱིར་སྣང་བ་མེད་པའོ།། ཞེས་བྱ་སྟེ། དམིགས་པ་མེད་པ་རྣལ་འབྱོར་པ་སུ་ཞིག་གིས་ཁོང་དུ་ཆུད་པར་འགྱུར་ཞིག་གོ།། ཁོང་དུ་ཆུད་པ་མེད་པས་མེད ་པ་ཉིད་ཉེ་བར་སྟོན་པར་མི་འགྱུར་བ་ཞེས་བྱ་སྟེ། དེ་ལྟར་བསྟན་བཅཝོ་ཝ་ཀྱང་མིག་མེད་དོ།། ཞེས་ཁོ་བོ་མི་སྨྲའོ།། འདི་ལྟར་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་སུ་རྣམ་པར་བཞག་པཱ་ལ་ཀུན་རྫོབ་དུ་མིག་རང་གི་མཚན་ཉིད་སྒྱུ་མཱ་དང་སྨིག ་རྒྱུ་དང་དྲི་ཟའི་གྲོང་ཁྱེར་གྱི་རྣམ་པ་ཁས་བླངས་ཤིང་དོན་དམ་པར་མེད་དོ།། ཞེས་རྟོགས་པ་དེ་རྣམས་ནི་དབུ་མའི་བསྟན་བཅོས་ཡང་དག་པར་རྟོགས་པར་མི་བརྗོད་དོ།། མིག་ནི་རང་གི་མཚན་ཉིད་མ་གྲུབ་པ་ཉིད་རང་གི་མཚན་ཉིད་གྲུབ་པ ་ལྟ་བུར་བྱིས་པ་རྣམས་ཀྱིས་རྟོགས་པས། དེའི་ཕྱིར་ཀུན་རྫོབ་ཏུ་མིག་གིས་རང་གི་མཚན་ཉིད་མེད་དོ།། གང་ཞིག་ཁོ་ན་ཀུན་རྫོབ་ཏུ་ཡང་མེད་ལ་དེ་ཁོ་ན་ཉིད་ཀྱིས་ཤེས་པ་ལ་ཡང་དེ་ཉིད་མེད་པའི་ཕྱིན་ཅི་ལོག་ཏུ་བརྟགས་པ་མ་ཡིན་ཏེ། ་རྣལ་འབྱོར་པ་རྣམས་དེ་ཁོང་དུ་ཆུད་པ་ལ་མངོན་པར་འདོད་པ་མེད་པའི་ཕྱིར་རོ།། ཡང་ན་ཀུན་རྫོབ་ཏུ་མིག་ཡོད་ལ་དོན་དམ་པར་མེད་དོ་ཞེས་པའི་ཚིག་གིས་རིག་པ་ཡང་གདོན་མི་ཟ་བར་ནུས་པར་རུང་ན་ཡང་། དེ་ལྟ་ན་ཡང་རང་གི་མཚན་ཉིད་ཁས ་ལེན་པ་དང་སྤོང་བ་དག་ནུས་པ་དང་ལྡན་པ་མ་ཡིན་ནོ།། དེ་བཞིན་དུ་ཀུན་རྫོབ་ཏུ་ཕྱིན་ཅི་ལོག་མེད་ལ་དོན་དམ་པར་རང་བཞིན་མེད་པ་ནུས་པ་དང་ལྡན་ནོ་ཞེས་པ་ཡང་། དངོས་པོ་རྣམས་ཀྱིས་རང་གི་མཚན་ཉིད་ཁས་བླངས་པ་དེ་ནི་སྒྱུ་མ་ལ་སོགས ་པའི་དཔེ་རང་བ་མ་ཡིན་ཏེ། རང་གིས་མཚན་ཉིད་ཁས་བླངས་པ་ལ་སྒྱུ་མ་ལ་སོགས་པའི་དཔེ་དང་འབྲེལ་པ་མེད་པའི་ཕྱིར་དང་། བསླུ་བ་མེད་པར་ཁཱས་བླངས་པའི་ཕྱིར་རོ་ཞེས་བྱའོ།། གལ་ཏེ་དེ་ལྟར་མིག་སྟོང་པ་ཉིད་དུ་ཁྱོད་ལ་མ་གྲུབ ་ན། ཇི་སྐད་སྨོས་པའི་རིག་པས་མིག་བདག་དང་བདག་གིས་པས་སྟོང་པར་བཤད་པས་མིག་རང་བཞིན་གྱིས་སྟོང་པར་ཅི་ཞིག་འགྲུབ། ཅི་ངེས་པར་མིག་གི་རང་བཞིན་ཡོད་པ་གང་ཞིག་དང་། བྲལ་བ་ལས་མིག་རང་བཞིན་གྱིས་སྟོང་པ ་ནི་མ་ཡིན་ཏེ། གལ་ཏེ་ཡིན་ནཱ་དེའི་ཚེ་དེ་ནི་རང་བཞིན་གྱིས་སྟོང་པ་ཉིད་མ་ཡིན་ནོ།། གལྭ་ཏེ་འདི་ལྟར་རང་བཞིན་མེད་ན་དེ་ནི་སེལ་བ་མི་རུང་ལ། གང་ཐིག་གདྲ་ན་མེད་པ་དྲེ་ནཱི་སེལ་བར་མི་རུང་ཞིང་གང་ཞིག་གང་ར་མད་པཱ་དེ་ནཾ་སེལ ་བར་མི་བྱེད་དེ། འདི་ལྟ་སྟེ་ཆུའི་དྲོ་བའོ།། རང་བཞིན་དུ་སྐྱེས་པ་སེལ་བར་བྱེད་ན་སྐྱོན་འདིར་འགྱུར་གྱི། འོན་ཀྱང་མིག་རང་བཞིན་མེད་པར་གནས་པ་ཉིད་ལ་འཇིག་རྟེན་པ་ཕྱིན་ཅེ་ལོག་ཏུ་རྨོངས་པའི་རྣམ་པར་ཤེས་པ་ལ་མིག་རང ་བཞིན་མེད་པར་གནས་ཀྱང་ལོགས་སུ་བཞག་ནས་རུང་བཞིན་དྲང་བཅས་པར་རྟོགས་ལ། དེ་ལ་མངོན་པར་ཞེན་པས་འདི་དག་ཁོ་ན་བདེན་པར་ཡོད་ལ་གཞན་ནི་རྨོངས་པའོ་ཞེས་འདི་དག་ལ་བདེན་པར་མངོན་པར ་ཞེན་པས་མཆོག་ཏུ་འཛིན་པ་ལུས་ཀྱི་མདུད་པ་སྐྱེད་པས་འཁོར་བར་འཁོར་རོ།། འདི་དག་ལ་པ་མ་ནཿ་ཞེན་པ་མཆོག་ཏུ་འཛིན་པ་ལུས་ཀྱིས་མདུད་པ་དེའི་གཉེན་པོར་ཁོ་བོས་མིག་རང་བཞིན་མེད་པར་རྣམ་པར་གནས་པ་ཉིད་མིག་རང ་བཞིན་མེད་པའོ།། ཞེས་པའི་ཚིག་གིས་ཤེས་པར་བྱེད་ཀྱི། ཁོ་བོས་རང་བཞིན་སེལ་བར་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་སྟེ། ཇི་སྐད་སྨོས་པའི་སྐྱོན་དུ་ཐལ་བར་མི་འགྱུརརོ།། གལ་ཏེ་དེ་ལྟར་མིག་གི་རང་བཞིན་སྟོང་པར་བསྒྲུབས་ན། དེ ་ལྟ་ན་མིག་དེ་ནི་རང་བཞིན་གང་ཞིག་གིས་སྟོང་པར་རྣམ་པར་བཞག་པར་ཡོད་པ་སྟེ། འདི་ལྟར་ཁང་པ་ལྷས་སྦྱིན་གྱིས་སྟོང་ངོ་ཞེས་བརྗོད་པ་ན། ལྷས་སྦྱིན་མེད་པར་ཉིད་ལ་ཁྱིམ་ཡོད་པ་ཉིད་དུ་རྟོགས་པས་གང་དུ་གཉི་ག་ཡིད་སྟོང་པར ་མི་འདོད་ན། དེ་ནི་སྟོང་པ་ཉིད་དུ་མི་རུང་ངོ་ཞེས། འདིར་རྣམ་པར་རིག་པར་སྨྲ་བས་སྨྲས་པ། གཞན་དབང་ནི་ཡོད་པ་ཀུན་བརྟགས་ནི་མེད་པའི་ཕྱིར་ཁོ་བོ་ཅག་ཁྲོ་ན་ལ་སྟོང་པ་འཐད་ཀྱི། གང་ཞིག་སྟོང་པ་ཉིད་གང་ཞིག་གིས་སྟེང ་པར་ཁས་མི་ལེན་པའི་ཕྱིར་དབུ་མ་པ་རྣམས་ལ་ནི་མ་ཡིན་ཏེ། སྟོང་པ་དེས་ཅི་ཞིག་བྱ་སྟེ། དེས་སྟོང་པ་དང་དེ་ཉིད་ཀྱིས་སྟོང་པར་མི་རུང་ངོ་ཞེས་བྱའོ།། འདིར་གཞན་དབང་གིས་རང་བཞིན་རྟེན་ཅིང་འབྲེལ་པར་འབྱུང་བ་བརྗོད ་དུ་མེད་པ་དངོས་པོ་ཙམ་ལ་དེ་ནི་རྣམ་པ་གཉིས་ཏེ། རྣམ་པར་དག་པ་དང་མ་དག་པའོ།། དེ་ལ་ཡོངས་སུ་མ་དག་པ་ནི་འཁོར་བ་ཐོག་མ་མེད་པ་ནས་གོམས་པའི་གཟུང་བ་དང་འཛིན་པར་ཡོངས་སུ་བརྟོགས་པའི་དྲི་མས་བསྒོས་པའོ།། ཡོང ་སུ་དག་པ་ནི་གཟུང་བ་དང་འཛིན་པ་སྤྲོས་པའི་བག་ཆགས་ཀྱི་གནས་པན་ལེན་སྤངས་ནས། གནས་ཡོངས་སུ་གྱུར་པ་ཡོངས་སུ་དག་པའི་རང་བཞིན་སངྱས་རྣམས་ཀྱི་སོ་སོ་རང་གིས་རིག་པར་བྱ་བ། དེ་ཡང་གཞན་དབང་གིས ་རང་བཞིན་འདི་ནཱི་ར་ཉིད་ཁོ་ན་མི་འབྱུང་བ་དང་རང་བཞིན་ལ་གཞན་གྱི་རྐྱེན་གྱི་སྟོབས་ཀྱིས་སྐྱེ་བས་ན་གཞན་དབང་ངོ་།། དེ་ཡང་རང་བཞིན་ནི་དངོས་པོའི་ངོ་བོའི་ཕྱིར་དང་། གཞན་གྱིས་རྐྱེན་ལས་མཐོང་བའི་ཕྱིར་གཞན་དབང་དུ་བརྗོད ་ལ། གཞན་གྱིས་རང་བཞིན་ལས་ཐ་དད་པའི་ཕྱིར་དབང་གི་སྒྲ་ནི་གཙོ་བོ་ལ་འཇུག་སྟེ། འདི་ལྟར་འཇིག་རྟེན་འདིར་ནི་བདག་དང་རླུང་དབང་བའོ།། ཞེས་སྨྲ་བ་ནས་རང་ཉིད་གཙོ་བོར་སྨྲ་བུའོ་ཞེས་བྱ་ལྟ། འདི་ནི་གཞན་གྱི་དབང་ལས ་ཞེས་པས་གཞན་དབང་སྟེ། གཞན་ལས་སྐྱེ་བོའོ།། ཡང་ན་བརྒྱུད་ཅིང་བསྐྱེད་པས་དབང་གཞན་ནི་གཞན་གྱིས་བསྐྱེད་པའོ་ཞེས་པའི་དོན་ཏོ།། གཞན་དབང་དེ་ནི་ཀུན་རྫོབ་ཀྱིས་དངོས་པོ་རང་ཡོད་པའི་ཕྱིར་དང་བརྟགས་པའི་གཟུང ་བ་དང་འཛིན་པ་མེད་པའི་ཕྱིར་སྟོང་པ་ཉིད་ཀྱི་མཚན་ཉིད་ཁོ་ནི་མ་ཐོ་བ་མེད་པར་འགྱུར་རོ།། ཇི་སྐད་དུ་མདོ་ལས་གསུངས་པ། གང་ཞིག་གང་ན་མེད་པ་དེ་ནི་ངས་སྟོང་ལ་གང་ཡང་འདིར་ལྷག་མ་དེ་ནི་ཡོད་པ་ལ་འདིར་ཡོད་དོ།། ། ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ།། ཞེས་འདི་སྐད་སྨྲན་སྟོང་པ་ཉིད་ལ་ཕྱིན་ཅི་མ་ལོག་པར་ཞུགས་པའོ།། གང་དུ་དགེ་སློང་ངམ་བྲམ་ཟེ་དག་དེ་ཡང་གང་ཞིག་གིས་སྟོང་པ་མི་འད་ན་དེ་ནི་སྟོང་པ་ལས་ཕྱིན་ཅི་ལྡོག་ཏུ ་ཞུགས་པའོ་ཞེས་སོ།། འོ་ན་གལ་ཏེ་གཞན་དབང་གི་རང་བཞིན་ནི་ངོ་བོ་ཉིད་ཀྱིས་ཡོད་ན་ངོ་བོ་ཉིད་དུ་ཡོད་པའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བར་མི་འགྱུརརོ།། སུ་ཞིག་འདི་སྐད་སྨྲ། སྐྱེ་བ་ལས་སྔ་རོལ་ཏུ་གཞན་དབང་གིས་རང་བཞིན་ཡོད ་དོ་ཞེས་སོ།། སྐྱེས་ནས་འདིའི་རང་བཞིན་ཡོད་དོ་ཞེས་བརྗོད་དོ།། སྨྲས་པ། གང་ཞིག་སྐྱེ་བ་ལས་སྔ་རོལ་ཏུ་འདིའི་རང་བཞིན་མེད་ན་ཅིར་གྱུར་པའི་འདིའི་སྐྱེ་བ་ཡོད་པ་ཡིན། སྐྱེས་ནས་ཡོད་པ་ལ་འདི་ནི་ཡོད་པའོ་ཞེས་རུང་གི་མ་སྐྱེས་པ ་ལ་ནི་མ་ཡིན་ནོ།། སྐྱེས་པ་ཉིད་ཀྱང་ངེས་པར་གཟུང་བར་མི་ནུས་ན་ཁྱད་པར་བརྟགས་བླང་ནུས་པ་མ་ཡིན་ནོ།། ཕ་རོལ་པོས་འདི་ཞེས་པ་དེ་ལས་སྐྱེ་བཞིན་པའོ་ཞེས་པའི་ཁྱད་པར་ངེས་པར་གཟུང་བར་མི་ནུས་ལ། དེའི་ཕྱིར་འདིའི ་སྐྱེ་བ་མེད་ལ་མ་སྐྱེས་པོ་ལ་ཅི་ཡོད་པ་ཉིད་ནི་ག་ལ་ཞིག་ཅེས་བྱ་སྟེ། འདི་ནི་ཡོད་པ་མ་ཡིན་ནོ།། གལ་ཏེ་འདི་ཡོད་པ་མ་ཡིན་ན་རྒྱུ་མཚན་མེད་པས་འཁོར་བ་དང་མྱ་ངན་ལྔས་འདས་པ་མེད་པར་འགྱུརརོ།། གལ་ཏེ་རེ་ཞིག་འདི་ཡིད ་པོར་གྱུར་ན། མུ་སྟེགས་བྱེད་ཀྱིས་བརྟགས་པའི་བདག་ཀྱང་ཡོད་པར་འགྱུར་ལ། དེ་ནི་ཚིག་ཙམ་གྱིས་སྨྲས་པའོ།། གལ་ཏེ་ཁོ་བོ་ཅག་གི་བདག་མེད་པར་གྱུར་ན། བཅིངས་པ་དང་གྲོལ་བ་ལ་སོགས་པ་མི་འགྲུབ་བོ་ཞེ་ན། འདི ་ནི་རེ་ཞིག་བདག་ཡོད་པར་ཡང་མི་འཐད་དེ། འདི་གཉིས་ནི་རིག་པ་དང་འགལ་བའི་ཕྱིར་རོ།། འདི་ལྟར་གཞན་དབང་དངོས་པོར་ཡོད་ན་ནང་གི་བྱེད་པའི་སྐྱེས་བུ་ཡང་ཡོད་ལ། འདི་ནི་མ་དཔྱད་པའི་ཡོད་པའོ་ཞེས་བྱ་སྟེ། འཇིག་རྟེན་པ་ལ་ཡང། ་པ་མ་ཡིན་ནོ།། དེའི་ཕྱིར་གལ་ཏེ་རིག་པ་དང་འགལ་བ་གཅིག་པོ་ཡོད་ཅིང་འཁོར་བ་དང་མྱ་ངན་ལས་འདས་པའི་རྒྱུར་རྟོག་ན་གཉིས་པ་ཡང་བརྟག་པར་བྱའོ།། དེའི་ཕྱིར་འཁོར་བ་དང་མྱ་ངན་ལས་འདས་པའི་རྒྱུ་དངོས་པོ་རང་བཞིན་མ་ཡིན་ནོ།། ་དེ་ལྟ་ན་གང་ཞིག་བཅོམ་ལྡན་འདས་ཀྱིས་གསུངས་པ། གང་ཡང་འདིར་ལྷག་མ་ཡོད་པ་དེ་ནི་ཡོད་དོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ།། ཞེས་ཐོས་པ་དེ་ཇི་ལྟར་གསུངས། རྟུན་ཅིང་འབྲེལ་བྱར་འབྱུང་བ་ནི་དངོས་པོར ་གྱུར་པ་བྱས་པ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་གཟུགས་བརྙན་བཞིན་རང་བཞིན་མེད་ལ། གང་ཞིག་བྱིས་པ་རྣམས་དངོས་པོར་མངོན་པར་ཞེན་པའི་གནས་སུ་གྱུར་པ་དེ་ཡང་བྱིས་པའི་སྐྱེ་བོའི་བློའི་སྤྱོད་ཡུལ་ལ་རྣམ་པ་དེ ་ལྟ་བུའི་དངོས་པོར་གྱུར་པ་བརྫུ་ན་པ་བསླུ་བཱིའི་ཆོས་ཅན་ནི་ཡོད་ལ་དེའི་རང་བཞིན་ནི་མེད་དོ།། དེའི་ཕྱིར་གང་གང་ན་མེད་པ་དེ་ནི་དེས་སྟོང་ངོ་ཞེས་བྱའོ།། བརྫུན་པ་བསླུ་བའི་ཆོས་ཅན་དངོས་པོར་གྱུར་པ་ལ་རང་བཞིན་མེད་པས་དེའི་ཕྱིར ་དངོས་པོར་གྱུར་པ་དེ་དེའི་རང་བཞིན་གྱིས་སྟོང་ངོ་།། གང་ཡང་འདིར་ལྷག་མ་ཞེས་པ་ནི་བརྫུན་པ་བསླུ་བའི་ཆོས་ཅན་རང་གི་མཚན་ཉིད་མ་གྲུབ་པ། བྱིས་པའི་སྐྱེ་བོའི་བློའི་སྤྱོད་ཡུལ་ཕྱིན་ཅི་ལོག་ལས་མ་གྲོལ་བ་ནི་ཡོད་དེ ་ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། སྒྱུ་མའི་རྣམ་པ་དོན་ཡོད་དོ།། བྱིས་པ་རྣམས་ཀྱིས་བརྗོད་པ་དེ་ནི་ཡོད་དོ།། རྨོངས་པ་ཆགས་པ་དེ་ནི་ཡོད་དེ།། དེ་ལྟར་གང་ཅུང་ཟད་ཙམ་དེ་ནཱི་ཡད་དོ་ཞེས་སོ།། ་ཕྱིར་དེ་ལྟར་བརྟགས་པས་དཔྱོད་པ་པོས་བརྫུན་པ་བསླུ་བའི་ཆོས་ཅན་དངོས་པོར་གྱུར་པ་མངོན་དུ་ཤེས་པས། འཇིག་རྟེན་པའི་ལས་ཀྱིས་འབྲས་བུ་འཁོར་བ་དང་མྱ་ངན་ལས་འདས་པ་ལ་སོགས་པ་རྣམས་བརྫུན་པའི་དངོས་པོའི་རྒྱུ་མཚན ་ཙུན་ལ་གནོད་པ་མ་ཡིན་ནོ།། དེ་ལ་མཾ་གནོད་པས་ཆད་པར་སྨྲ་བ་འམ་མེད་པ་ཉིད་དུ་མི་ལྟུང་ལ། རང་བཞིན་ལ་སྒྱུ་མ་བཏགས་པས་ཕྱིན་ཅི་ལོག་པ་ལ་གནས་ཏེ་ཕྱིན་ཅི་ལོག་གིས་བསྐྱེད་པའི་འཁོར་བ་ངེས་པར་སྤོང་ཞིང་རྟག་པར་སྨྲ་བར ་མི་ལྟུང་ངོ་།། འདིར་ཡ་ཐོག་མ་ཉིད་དུ་འཐད་པ་དང་བཅས་པས་དོན་ཆེན་པོར་ཡང་འགྱུར་ལ། གཞན་དུ་རང་བཞིན་ཡོད་པ་ཉིད་ནི་འཐད་པ་དང་བྲལ་བའི་ཕྱིར་རོ།། ཅི་སླར་རང་བཞིན་མེད་པ་དངོས་པོར་གྱུར་པ་ལ་བརྟེན་ནས་སྐྱེ་བར་འགྱུར་རམ ་ཕྱིན་ཅི་ལོག་བདག་ཉིད་ངན་པ་ལ་རྣམ་པར་རོལ་པའི་གོ་འཕང་ལ་ཞུགས་པས་དེ་གདོང་སྨོས་པ་ཉིད་ལ་རྒྱས་པ་གསལ་བར་རྟེན་ཅིང་འབྲེལ་པར་འབྱུང་བ་རང་བཞིན་མེད་པ་སྒྲུབ་བྱེད་ཀྱིས་མིང་ཐོས་པ་ལྟ་བུར་རློམ་སེམས་ནས་འདྲི ་བོ་ལ་འཇུག་པ་ཀྱི་མངོ་མཚར་ཏོ།། ཇི་སྐད་དུ་སྨོས་པའི་དཔྱང་བ་རྣམས་སེམས་ལ་གྱིས་ཤིག། ལུང་འདི་ལས་ཀྱང་འདི་གསལ་བར་བྱེད་པས་སེམས་ལ་ཞོག་ཅིག། ཇི་སྐད་དུ། བྲག་ཕུག་རི་དང་རྫོང་དང་ཆུ་ཀླུང་ལ།། གང་ཤིག ་བརྗོད་པ་ལ་བརྟེན་བྲག་ཆ་བཞིན།། འདུས་བྱས་འདི་ཀུན་སྒྱུ་མ་ལྟ་བུ་དང་།། སྨིག་རྒྱུ་དང་མཚུངས་འགྲོ་ཀུན་ཤེས་པར་གྱིས།། ཅེས་སོ།། དེའི་ཕྱིར་གང་ཞིག་གང་ན་མེད་པ་དེ་ནི་དེས་སྟོང་པའོ་ཞེས་སྟོང་པ་ཉིད་དུ་སྨྲ་བ་རྣམས་ཀྱིས་དེ་ལྟར་ཡང་དོན་རྣམ་པར་ཕྱེ ་བྱའི་ཕྱིར་དེ་རྣམས་སྟོང་པ་ཉིད་ལ་ཕྱིན་ཅི་ལོག་ཏུ་ཁོང་དུ་ཆུད་པ་མ་ཡིན་ནོ།། གང་ཡང་ཚིགས་སུ་བཅད་པ་འདི་སྐད་དུ། ཀུན་བརྟགས་དངོས་པོ་ཡོད་མིན་ཞིང་། གཞན་གྱིས་དབང་ནི་ཡོད་པ་ན།། སྒྲོ་འདོགས་པ་དང་སྤྱིར་འདེབས་པའི།། མཐར ་རྟོག་པ་ནི་ཕུང་བར་འགྱུར།། ཞེས་པ་དེ་ཡང་ཇི་སྐད་དུ་སྨོས་པའི་བཤད་པས་ལེགས་པར་བཤད་པར་འགྱུར་ཏེ། རང་བཞིན་དུ་བརྟགས་པ་མེད་ལ། གཞན་དབང་ཡང་བརྫུན་པ་བསླུ་བའི་ཆོས་ཅན་བྱས་པ་རང་བཞིན་མེད་པ་ཡོད་པ་ལ། གང ་ཞིག་དེའི་ཚེ་རང་བཞིན་མེད་པ་ལ་སྒྲོ་འདོགས་པར་བྱེད་པ་དང་། སྒྱུ་མ་དང་མཚུངས་པ་བྱས་པ་ནི་མེད་དོ།། ཞེས་སྨྲ་བ་དེ་ནི་ངེས་པར་ཕུང་བར་འགྱུར། རྟག་པ་དང་ཆུད་པའི་མཐུའི་ཕྱོགས་ན་གནས་པས་ངེས་པར་ངན་འགྲོར་ལྟུང་བས། འདི ་ལྟར་རྣམ་རིག་དུ་སྨྲ་བ་དེ་རྣམས་ལ་སྟོང་པ་ཉིད་ཕྱིན་ཅི་མ་ལོག་རྫིཔར་རྟོགས་པ་མེད་དོ་ཞེས་བྱ་སྟེ། དེ་རྣམས་ནི་མཁས་པ་རྣམས་ཀྱིས་ཚད་མར་བརྗོད་པར་མི་རིགས་སོ།། དེ་ལྟར་ཡང་བདག་དང་བདག་གིས་པས་སྟོང་པར་བསྒྲུབས ་པས། སླར་ཡང་མིག་གིས་རང་བཞིན་སྟོང་པར་བསྒྲུབས་པའི་ཕྱིར་གསུངས་པ། རྟག་པ་བརྟན་པ་ཐེར་ཟུག་པ་ཡོངས་སུ་འགྱུར་བའི་ཆོས་ཅན་མ་ཡིན་པས་མིག་སྟོང་ངོ་ཞེས་པར་འབྲེལ་ཏོ།། དེ་བཞིན་དུ་ཡང་བདག་གིས་སྨྲས ་ནི་རང་བཞིན་གྱིས་རྣམ་གྲངས་ཀྱིས་ཕྱིར་སྐྱོན་མེད་དོ།། དེ་ལ་མི་རྟག་པ་དང་བྲལ་བས་རྟག་པའོ།། མི་གཡོ་བའི་ཕྱིར་བརྟན་པའོ།། གནས་སྐབས་ཐམས་ཅད་དུ་གནས་པའི་ཕྱིར་ཐེར་ཟུག་པའོ།། གཞན་དུ་མི་འགྱུར་བས ་ཡོངས་སུ་འགྱུར་བའི་ཆོས་ཅན་མ་ཡིན་པའོ་ཞེས་བྱ་སྟེ། འདི་རྣམས་ནི་རང་བཞིན་གྱིས་མིང་གྲི་བྱེ་བྲག་ཡིན་གྱི་ནང་གི་བྱེད་པའི་སྐྱེས་བུའི་ནི་མ་ཡིན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱུན་འདི་པ་ཙམ་ལ་རྣམ་པར་གནས་པས་ན་སྔར ་ཉིད་དུ་དེ་དག་བཀག་པའི་ཕྱིར་རོ།། ཇི་སྐད་དུ་སྟོང་པ་ཉིད་དོན་དམ་པའི་མདོ་ལས། མིག་སྐྱེས་བཞིན་པ་གང་དུ་ཡང་འབྱུང་བར་མི་འགྱུར་རོ།། འགགས་བཞིན་པ་ནུམ་ཡང་དམྱལ་བར་འགྲོ་བ་ཡོད་པ་མ་ཡིན་ནོ།། ལས་ཡོད་ཅིང་ལས ་ཀྱི་རྣམ་པར་སྨིན་པ་ཡོད་ལོ།། བྱེད་པ་པོ་ནརྀ་མྱི་དམིགས་སོ།། གང་ཕུང་པོ་འདྲི་ནི་འཇིགས་ལྔ་ཕུང་པོ་གཞན་དུ་ཉིད་མཆིམས་སྦྱོར་ཏེ། ཆོས་ཀྱི་བརྡ་གཞན་ལས་སོ།། དེ་ལ་ཆོས་ཀྱི་བརྡའ་ནི་འདིའོ།། འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད ་ཞེས་བྱ་བ་ལ་སོགས་པའོ།། མདོ་འདིར་ནི་ཐོག་མར་བྱེད་པ་པོ་བཀག་ལ། ཕྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པར་བཞག་པ་ནི་གྲང་ལས་རྟེན་ཅིང་འབྲེལ་བྱར་འབྱུང་བ་རྣམ་པར་བཞག་པ་ལས་མིག་ཡོད་པ་ཐོབ་པ་ལ། ཐུར་པ་འདོད་པ ་པརྣམས་མིག་ཏུ་མངོན་པར་ཞེན་པའི་གཉེན་པོར་ཆོས་ཐམས་ཅད་བདག་མེད་པར་ཉེ་བར་བསྟན་པས་སྟོང་པ་ཉིད་རྣམ་པར་ཐར་པའི་སྒོ་ལ་འཇུག་པའི་ཕྱིར་རོ།། དེའི་ཚེ་རྟག་པའི་བདག་བཀག་པས་ཅུང་ཟད་ཀྱང་ཉེ་བར་མཁོ་བ་མེད་ཅིང ་མིག་ཇི་ལྟ་བར་གནས་པ་ལ། མངོན་པར་ཞེན་པ་མ་བཀག་ན་རྟག་པའི་བདག་བཀག་ཀྱང་མིག་ལ་སོགས་པར་མངོན་པར་ཞེན་པའི་བ་སྤུ་ཡང་འགུལ་བར་ནུས་པ་མ་ཡིན་ནོ།། རི་དགས་དང་བྱ་ལ་སོགས་པ་བདག་རྟག་པ་མི་དམིགས་ཀྱང་དེར་ཞེན་པས ་དེའི་ཕྱིར་འདིར་རྟག་པའི་བདག་བཀླག་པའི་སྒོ་ནས་མིག་བདན་མེད་པ་འཇོག་པ་ནི་མ་ཡིན་ནོ།། འཇོག་ནཱ་ཡང་ཉེ་བར་ལེན་པ་ལ་བརྟགས་པའི་བདག་བཀག་པས་སམ་རང་བཞིན་དང་བཅས་པ་བཀག་པས་སོ།། གང་ཡང་དེ་ལྟར་ཅི་སྐད་གསུངས་པའི ་རིགས་པས་བདག་མེད་པས་དེའི་ཚེ། གཉེན་པོ་མེད་པའི་ཕྱིར་བདག་མེད་པ་ཉིད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་གསུངས་པ། བདག་མེད་མིམ་ཞེས་པ་ལ། བདག་དང་འགལ་བའི་ཆོས་འགའ་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ།། ཡང་ན་ཇི་ལྟར ་དངོས་པོ་དང་དངོས་པོ་མེད་པ་ལྟར་བདག་དང་བདག་མེད་ལ། ཇི་ལྟར་ཡང་དངོས་པོ་མེད་ན་དངོས་པོ་མེད་པ་མེད་ལ། དེ་བཞིན་དུ་བདག་མེད་ན་བདག་མེད་པ་ཡང་སྲིད་པ་མེད་དོ་ཞེས་དགོངས་པའོ།། ཡང་གང་དུ་བདག་ཡོད་པ་ཡིན་ན་དེ་ནི་བདག་མེད ་པའི་གཟུགས་ལ་སོགས་པའི་དངོས་པོར་ཡང་དེ་མེད་དེ། ཉེ་བུར་ལེན་པ་པོ་མེད་ན་ཉེ་བར་བླངས་པ་མེད་པས་གཟུགས་ལ་སོགས་པ་མ་གྲུབ་པའི་ཕྱིར་ཞེས་གསུངས་པ། བདག་མེད་མིན་པ་སྟེ་བདག་མེད་པ་ཡང་མ་གྲུབ་པས ་ཆོས་ཐམས་ཅད་མིང་ཙམ་དུ་གྲུབ་བོ།། འདིར་སྨྲས་པ། གལ་ཏེ་ཡང་བདག་འབའ་ཞིག་པ་མེད་ན་བདག་མེད་པ་འབའ་ཞིག་པ་ཡང་མེད་ལ། དེ་ལྟ་ན་ཡང་མེ་དང་བུད་ཤིང་དག་ནི་བཞིན་དུ་བདག་དང་བདག་མེད་དག་ཕན་ཚུན་བལྟོས། ་ནས་གྲུབ་པ་ཡོད་པས་དེས་བདག་དང་བདག་མེད་པ་གཉིས་ཀ་ཡང་འབྱུང་བར་འགྱུར་ཞེ་ན། གསུངས་པ། དེ་ལྟར་ཡང་བདག་དང་བདག་མེད་ཅེས་པ་ལ་ཡོད་པ་མ་ཡིན་ནོ་ཞེས་པ་ཚིག་གིས་ལྷག་མའོ།། གལ ་ཏེ་ཡང་དཔྱད་བཞིན་པས་བདག་གམ་བདག་མེད་པ་འགའ་ཞིག་ཡོད་ན། དེའི་ཚེ་ཕན་ཚུན་བལྟོས་པ་འགྲུབ་པར་འགྱུར་ལ། གང་དུ་དེ་གཉིས་མེད་ན་བདག་དང་བདག་མེད་པ་ག་ལ་འབྱུང་ཞེས་བྱ་སྟེ། དེས་ན་བདག་དང་བདག་མེད་པ ་ཡོད་པ་མ་ཡིན་ནོ།། ཡང་ན་འདི་ནི་དོན་གཞན་ཏེ། ཁ་ཅིག་གིས་སྨྲས་པ།། གལ་ཏེ་ཡང་བདག་དང་བདག་མེད་པ་མེད་ལ་དེ་ལྟ་ན་ཡང་བདག་དང་བདག་མེད་པ་བཀླག་པའི་བདག་དང་བདག་མོད་པ་མ་ཡིན་པ་ཡོད་ལ། དེ་ཡོད་པས ་དགག་བྱ་བདག་དང་བདག་མེད་པ་ཡང་འབྱུང་བར་འགྱུརརོ།། གལ་ཏེ་ཡང་བདག་དང་བདག་མེད་པ་གཉིས་སུ་བརྟགས་པ་དང་བྲལ་བ་ཆོས་རྣམས་ཀྱི་རང་བཞིན་བདག་དང་བདག་མེད་པ་མ་ཡིན་པར་འབྱུང་བར་འགྱུར་རོ།། ཞེས ་བ་འདི་ཡང་མི་རིགས་སོ་ཞེས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་གསུངས་པ། བདག་དང་བདག་མེད་པ་འགའ་ཡང་མེད། ཅེས་བྱའོ།། འགའ་ཡང་མེད་ཅེས་པའི་འགག་པ་འདི་ཇི་ལྟར་ཕྱིས་དེ་མ་ཐག་པའི་བརྗོད་པ་འགྲུའ་དང་མངོན་པར ་འབྲེལ་ལ། དེ་བཞིན་དུ་སྔར་གྱི་དེ་མ་ཐག་པའི་བདག་དང་བདག་མེད་པ་དང་ཡང་འབྲེལ་ཏེ།། དེ་ལ་འདིར་རེ་ཞིག་སྔར་གྱིས་རྟོག་པ་བརྗོད་དེ། ཇི་སྐད་བཤད་པའི་རིགས་པོས་བདག་དང་བདག་མེད་པ་གཉིས་ཀ་ཡང་མ ་གྲུབ་པའི་ཕྱིར། དེ་བཀག་ན་བདག་དང་བདག་མེད་པ་གྲུ་ལ་འབྱུང་ཞེས་བསྒྲུབ་བྱེད་གསུངས་པ། བདག་མིན་ཞེས་པ་ལ་སོགས་པའོ།། ཕྱི་མའི་རྟོག་པ་ཡང་བདག་དང་བདག་མེད་པ་ལོགས་སུ་བཞག་པའི་དངོས་པོ་རྣམས་ཀྱིས་རང་བཞིན ་ཡང་མྱེད་ལ། བདག་དང་བདག་མེད་པ་ལས་ཐ་དད་པའི་རང་བཞིན་མ་གྲུབ་པའི་ཕྱིར་བདག་དང་བདག་མེད་པ་མ་ཡིན་པ་འགའ་ཡང་མེད་དོ་ཞེས་གསུངས་པ། བདག་དང་བདག་མེད་མིན་འགའ་མེད་ཅེས་སོ།། ཡང་འདིའི་དོན་གཞན ་ཏེ། ཆོས་ཐམས་ཅད་ནི་མེང་ཙམ་མོ་ཞེས་རྣམ་པར་བཞག་པ་ན་མུ་སྟེགས་པས་སྨྲས་པ། ཆོས་ཐམས་ཅད་མིང་ཙམ་མ་ཡིན་ཏེ། ཁོ་བོ་ཅག་གིས་གྲུབ་མཐུས་བཤད་པ་རྟག་པ་མ་བྱས་པ་ལ་སོགས་པས་ཁྱད་པར་དུ་བྱས ་པའི་བདག་གི་དོན་ཡོད་པའི་ཕྱིར་རོ་ཞེ་ན། འདིར་སྨྲས་པ། བདག་མེད་དེ། བདགང་གིས་ཕྱིར་ཕ་རོལ་པོའི་བདག་གིས་སྒྲ་ལ་བརྗོད་བྱའི་དོན་བདག་ཡོད་པ་མ་ཡིན་ཏེ། རང་ཉིད་ལས་མ་སྐྱེས་པའི་ཕྱིར་བོང་བུའི་རྭ་བཞིན་ལ།། ་རྟག་པ་མ་བྱས་བྱ་ཀུན་ཏུ་འགྲོ་བ་ཡང་མ་ཡིན་ཏེ། ན་མཁའི་མེ་ཏོག་བཞིན་མ་སྐྱེས་པའི་ཕྱིར་བདག་མེད་དོ།། འབྱུང་བའི་སེམས་པོ་ཅན་ཡང་འདི་སྙམ་སེམས་ཏེ། བདག་མེད་པ་ནི་དེན་ལ། འོན་ཀྱང་བདག་མེད་པ ་འབྱུང་བ་ཙམ་ཡོད་དོ་ཞེས་སོ།། རང་གིས་སྡེ་པ་དག་ཀྱང་སྨྲ་སྟེ། ནང་གི་བྱེད་པོའི་སྐྱེས་བུ་དང་བྲལ་བའི་བདག་མེད་པ་ཕུང་པོ་ཙམ་ཡོད་ལ། བདག་ནི་རྣམ་པ་ཐམས་ཅད་དུ་མེད་དོ་ཞེས་སོ།། དེ་དག་ལ་བལྟོས་ནས་གསུངས ་པ་བདག་མེད་སྦྱིན་ནོ།། དག་མེད་པ་ན་མེད་པ་འད་པ། ཇི་ལྟར་མེད་པ་དྷཱམྦྷདྷཱ་ཡང་སྣང་ཉིད་དུ་རྒྱས་པར་བསྨྲངས་སོ།། ཡང་རང་བསྡུ་བ་ལ་ཙུག་ན་འདི་སྐད་སྨྲསྟེ། !་ལེན་པ་ལ་གཏགས་པ་རྫས་མ་ཡང་ཅིང་ག ་ཟག་ཏུ་ཡོད་པའི་དངོས་པོ་ནི་ཡོད་ལ། ཆོས་ཐམས་ཅད་བདག་མེད་པ་འདི་ལ་འུགའ་ཞིག་གིས་དབང་དུ་བྱས་པ་མེད་པའི་ཕྱིར། དེ་ཡང་ཡོད་པས་དེའི་ཕྱིར་བདག་མེད་པ་ཡང་ཡོད་དོ་ཞེས་སོ།། སྨྲས་པ། བདག་དང་བདག་མེད་འགའ ་ཡང་མེད།། ཇི་སྐད་དུ་སྨོས་པའི་རིག་པས་ཆོས་དང་གང་ཟག་དག་བཀག་པའི་ཕྱིར། གང་གི་ཚེ་འདི་ཡང་འདི་ལྟར་བདག་དང་བདག་མེད་པ་སྟེ། བདག་དང་བདག་མེད་པ་ཡང་མི་འཐད་ལ། དེའི་ཚེ་ཐམས་ཅད་ཚིག་ཙམ་སྟེ་དོན་གྱིས ་སྟོང་པར་གྲུབ་པོ།། འདིར་སྨྲས་པ། གལ་ཏེ་ཡང་ཁྱོད་ཀྱིས་བརྗོད་བྱའི་དོན་བཀག་ལ། དེ་ལྟ་ར་ཡང་གང་ཞིག་དོན་གིས་སྟོང་པའི་ཚིག་དེ་དེ་བཞིན་དུ་ཡོད་ལ། དེ་ལས་ཚིག་དམིགས་པའི་ཕྱིར་དངོས་པོ་གཞན་ཡང་འབྱུང་བར་འགྱུར་རོ།། ་ཞེས་སོ།། ཡང་ན་བརྗོད་བྱ་ལས་གཞན་དུ་རྗོད་བྱེད་མི་འཐད་ལ། ཚིག་འདི་དག་མ་བཀག་པར་ཡོད་པས་དེའི་ཕྱིར་བརྗོད་བྱ་ཡང་འབྱུང་བར་འགྱུརརོ་ཞེ་ན། སྨྲས་པ། གལ་ཏེ་རྗོང་བྱེད་ཡོད་པ་ཉིད་ན་བརྗོད་ད་བྱ་འབྱུང་བར་འགྱུར ་ལ། ཡོད་པ་མ་ཡིན་ནོ་ཞེས་སྒྲུབ་པར་བྱེད་པ་གསུངས་པ། བརྗོད་འགའ་མེད་ཞེས་སོ།། བརྗོད་བྱ་ལས་གཞན་དུ་རྗོད་བྱེད་ཀྱང་མེ་འཇུག་པས་བརྗོད་པ་ཡང་མེད་དོ།། འོ་ན་མོ་གཤམ་གྱི་བུའི་བརྗོད་པ་བརྗོད་བྱའི་དོན་གྱིས ་ས་ཡོད་དུན་ནཱ། ས་གཱ་རླུང་མྦྷ་རླུ་མྦྷ་ཡཱ་མྦྷ་གང་ནས་པ་མྱེད་གྷུ་རྒྱུ་ང་གཱ་དུས་པ་ང་ནུས་པ་མ་ང་དྲུག་ཀྱ་མ་།། ནས་བསླམས་པ། ད ་མེད་ན་གཞན་བརྗོད་བྷ་ཅི་ཞིག་ཡོད། བརྗོད་བྱ་མྱེ་ན་ཙྪདེ་པས་སྤྱོད་པ་ཡིང་མེད་དོ།། ཡང་ནྱ་གནས་པ་ལ་སོགས་པ་མེད་བྱེར་པོ་སྒྲིབས་པས། གཱནས་བླ་ལ་སོགས་པ་མདུན་སྒྱུ་མྱི་འགྲུབ་པ་ཐུགས་ལ ་བཞག་ནས་རྗོད་འགའ་མེད་ཅེས་སོ།། ཡང་ན་ཚིག་ནི་དོན་གྱིས་སྟོང་པར་བསྒྲུབས་ལ། སྐུ་ཡང་སྒྲ་གཞན་གྱི་བརྗོད་བྱ་ཡིན་པས་དོན་ཉིད་ལ་དོན་དེ་ཡང་མེད་པ་ཉིད་དོ་ཞེས་བྱ་ལ། དོན་མེད་པའི་ཕྱིར་སྒྱུ་ཡང་མེད་པར་གཟིག ་ནུས་གསུངས་པ་བདྨོད་འགའ་མེད་ཞེས་སོ།། རྗོད་པ་མེད་པར་གྱུར་ན་ཡང་བརྗོད་ཕྱིའི་དོན་གྲུབ་པ་མེད་དོ་ཞེས་གནས་སོ།། འདྲིར་སྨྲས་པ། གལ་ཏེ་རྗོད་བྱེད་ཀྱིས་བརྗོད་པའི་དོན་ཀྱང་མང་ན། དོའི་ཆེ་ཅི་ཞིག་ཡོད། སྨྲས་པ། ་ཁྲོ་བོས་སྒྱུ་མའི་ནོར་གྱིས་ཕྱུག་པོར་བྱེད་པ་འམ་སྨིག་རྒྱུའི་ཆུ་ཡི་སྟེ་ཁྱོད་ཀྱི་ཆུའི་གདུང་བ་སེལ་བྱར་བྱེད་བྱ་འམ། སྒྱུ་མྦའི་རི་དྭགས་ཀྱི་ཤ་ཡིས་བཀྲེས་པ་ཉེ་བར་ཞི་བར་བྱེད་པ་མི་ནུས་སོ།། འོ་ན་འདིར་དེ་ཁོ་ན་ཉིད་གང་ཡིན་པ་དེ ་ཉིད་གཟུ་རིང་བར་བྱ་བར་འགྱུར་ལ་སླར་ཡང་འདིར་དེ་ཁོ་ན་ཉིད་དེ་ཅི་ཞེ་ན། སྨྲས་པ། གལ་ཏེ་ཁྱོད་དེ་ཁོ་ན་ཉིད་ལ་ཕྱིན་ཅི་ལོག་ཏུ་གོ་བ་དང་སྤོང་བ་དག་གིས་ལོག་པར་སྒྲུབ་པར་མི་བྱེད་ཅིང་ཆོས་ཉིད་ཟབ་མོ་ལ་གུས་པ་ཡང་བསྐྱེད ་ན་དེའི་ཚེ་ཁྱོད་ཀྱིས། བརྗོད་བྱ་མྱ་ངན་འདས་དང་མཚུངས།། དངོས་པོ་ཀུན་གྱིས་རང་བཞིན་སྟོང་།། རང་བཞིན་དང་ངོ་བོ་ཉིད་དང་དེ་ཁོ་ན་ཉིད་ཞེས་པ་རྣམ་གྲངས་སོ།། རང་བཞིན་གྱིས་སྟོང་པ་ནི་རང་བཞིན་དང་བྲལ་བ ་ཞེས་བྱ་བའི་དོན་ཏོ།། མྱ་ངན་འདས་པ་ནི་བརྟགས་པ་མ་ལུས་པ་སྐྱེ་བ་མེད་པའི་རང་བཞིན་རང་གི་མཚན་ཉིད་ཅུང་ཟད་ཀྱང་མེད་པ་སྟེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་གང་ངེས་པར་འདི་ནི་སྡུག་བསྔལ་མ་ལུས་པ་སྤངས་པ། བོར ་བ་བྱང་བར་གྱུར་པ་ཟད་པ་འདོད་ཆགས་དང་བྲལ་བ་འགོག་པ་ཉེ་བར་ཞི་བ་ནུབ་པར་འགྱུར་བ་སྡུག་བསྔལ་གཞན་དུ་ཉིང་མཚམས་མི་སྦྱོར་བ། འདི་ནི་ཉེ་བར་ལེན་པ་མེད་པའི།། འདི་ནི་ཞི་བ་གྱ་ནོམ་པའོ།། འདི་ལྟར་ཕུང་པོ་ཐམས་ཅད ་སྤངས་པ་སྲིད་པ་ཟད་པ་འདོད་ཆགས་དང་བྲལ་བ་འགོག་པ་ནི་མྱ་ངན་ལས་འདས་པའོ་ཞེས།། ཇི་ལྟར་མྱ་ངན་ལས་འདས་པའི་རང་བཞིན་ཅི་ཡང་མེད་པ་དེ་ལྟར་ཆོས་ཐམས་ཅད་ཀྱི་རང་བཞིན་ཅི་ཡང་མེད་པསྟེ་དེར་ཕྱིར་ཆོས ་རྣམས་ཀྱིས་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལྡོག་པར་བསྟན་པ། གང་ཞིག་ཆོས་ཐམས་ཅད་ཀྱིས་རང་བཞིན་མྱ་ངན་ལས་འདས་པ་དང་མཚུངས་པར་བརྗོད་པར་བྱའོ།། དྭེ་ལྟར་ན་ཆོས་རྣམས་ཀྱིས་དེ་ཁོ་ན་སྙེད་ཕྱིན་ཅི་མ་ལོགས་པར་བསྐུ ་བར་འགྱུར་གྱིས་གཞན་དུ་མ་ཡིན་ནོ།། འདིར་སྤྲོས་པ། རེ་ཞིག་མྱ་ངན་ལས་འདས་པ་སྡུག་བསྔལ་དང་བྲལ་བ་ཙམ་ལ་རང་བཞིན་མོད་པ་ནི་རུང་གི། ཕྱི་དང་ནང་གི་ཆོས་འདུ་བྱེད་དང་མྱུ་གུ་ལ་སོགསོ་པ་དང་། མ་རིག་པའོ།། ་ས་བློན་ལ་སོགས་པ་སྱཱ་དང་རྐྱེན་གྱིས་ཉེ་བར་བསྐྱེད་པའི་བདག་ཉིད་དུ་ཡོད་པ་རྣམས་ཇི་ལྟ་བར་རང་དང་སྟི་དང་ཐུན་མོང་དུ་ཉམས་སུ་མྱེད་པའི་རང་གི་མཚན་ཉིད་མྱ་ངན་ལས་འདུས་པ་ལས་ཤིན་ཏུ་བསྐུལ་བའི་མཚན་ཉིད་རྣམས་ཇི་ལྟར་རང ་བཞིན་གྱིས་སྟོང་པ་ཉིད་དུ་བསྒྲུབ་པར་ནུས། དེའི་ཕྱིར་གླང་ཆེས་ཐམས་ཅད་མྱ་ངན་ལས་འདས་པའི་རང་བཞིན་མ་ཡིན་ནོ་ཞེ་ན། སྨྲས་པ། གལ་ཏེ་མ་རིག་པས་ཕྱིན་ཅི་ལོག་པའི་རྣམ་པར་ཤེས་པ་ལ་ཉམ་སུ་མྱོང་བྱ་རྣམས་ཚང ་མར་འགྱུར་ན། དེའི་ཚེ་འཕགས་པ་དང་འཕགས་པའི་ལམ་ཕྱིས་ཅི་དགོས་པར་འགྱུར། བྱིས་པའི་སྐྱེ་བོས་ཉམས་སུ་མྱོང་བ་ཉིད་ཚད་མ་ལ། ཚད་མས་ཡང་དག་པར་མཐོང་བའི་ཕྱིར་མ་བཙལ་བར་དེ་རྣམས་གྲོལ་བར ་འགྱུར་ཏེ། དེ་ལྟ་བུ་ཡང་མེད་པས་དེ་རྣམས་ཀྱི་ཉམས་སུ་མྱོང་བ་ནི་ཚད་མ་མ་ཡིན་ནོ།། ཇི་ལྟར་འཕགས་པའི་ལམ་གྱིས་མངོན་དུ་བྱས་པའི་འཕགས་པས་ཆོས་རྣམས་ཀྱི་ཆོས་ཉིད་གཟིགས་པར་འགྱུར་བ་དེ་ལ་རང ་བཞིན་ནོ།། ཞེས་རིགས་ཏེ། ཞིག་མ་མཐོང་བ་ལྔས་བྱིས་པ་རྣམས་ཉོན་མོངས་ལ། གང་ཞིག་མཐོང་བ་ལས་འཕགས་པ་རྣམས་རྣམ་པར་གྲོལ་ལོ།། ཇི་ལྟར་ན་འདི་རྣམས་མྱ་ངན་ལས་འདས་པ་དང་མཚུངས་ན་རང་བཞིན ་གྱིས་སྟོང་པའོ།། འོ་ན་དེ་ཁོ་བོ་ལ་མངོན་སུམ་མ་ཡིན་ན། དེ་ཇི་ལྟར་ཁོ་བོ་ཅག་གིས་འདི་རྟོགས་པར་ནུས་ཞེ་ན། སྨྲས་པ། མོས་པ་མེད་པ་དང་པ་མེད་པ་སྡིག་པའི་གྲོགས་པོ་དང་འབྲེལ་པ་ཐོས་པ་ཆུང་བ་ལེ་ལོ་ཅན་རྨོངས་པ་ལ ་སོགས་པ་དང་ལྡན་པས་དེ་རྟོགས་པར་འགལ་བས་དེས་འདི་མི་མཐོང་སྟེ། ཉོན་མོངས་པའི་གོ་སྐབས་སུ་འགྱུར་བས། སྦྱིན་པ་དང་སྤྲོ་བ་དང་ཐོས་པ་མང་བ་དགེ་བའི་བཤེས་གཉེན་བསྟེན་པ་དད་པ་དང་མོས་པཱ་ལ ་སོགས་པ་སོ་སོར་བསྟེན་པར་བྱའོ་ཞེས་བྱ་སྟེ། འདི་དག་དང་ལྡན་པས་འཕགས་པས་བསྟན་པའི་རེག་པ་དང་དཔེ་ཡང་འདིར་ཁས་བླང་བར་བྱའོ།། དེ་ལྟར་ཐབས་དང་བཅས་ཤིང་རིག་པས་ངེས་པ་ཡོད་ན་ཆོས་རྣམས་ཀྱི་རང་བཞིན ་མངོན་སུམ་ཉིད་དུ་འགྱུར་རོ།། སླར་ཡང་ཅི་ཞིག་འདིར་འཕགས་པས་བསྟན་པའི་རིག་པ་གང་གིས་ཆོས་རྣམས་ཀྱི་ཚེ་ཉིད་མྱ་ངན་ལས་འདས་པ་དང་མཚུངས་པ་རིགས་པས་མངོན་སུམ་དུ་འགྱུར་ཞེ་ན། འཕགས་པས་ཉེ་བར ་བསྟན་པའི་ཕྱིར་གསུངས་པ། གང་ཞིག་དངོས་ཀུན་རང་བཞིན་ནི།། རྒྱུ་རྐྱེན་ཚོགས་པའམ་སོ་སོའི་དངོས།། ཀུན་ལ་ཡོད་མིན་དེ་ཕྱིར་སྟོང་།། ཞེས་པ་ལ་དེ་ལ་རྒྱུ་ནི་འབྲས་བུ་རྫོགས་པར་བྱེད་པ་ལ། འདྲ་བའི་འབྲས་བུ་རྫོགས ་པར་བྱེད་པས་ཐུན་མོད་མ་ཡིན་པའོ།། འདི་ལྟ་སྟེ་སཱ་ལུའི་མྱུ་གུའི་སཱ་ལྲྀའི་ས་བོན་ནོ།། རྐྱེན་ནི་ཐུན་མོང་བ་སྟེ། འདི་ལྟ་སྟེ་ས་ལུའི་མྱུ་གུ་དེ་ཉིད་ཀྱི་ས་ལ་སོགས་པའོ།། དེ་ཡང་ཇི་ལྟར་ས་ལྱའི་མྱུ་གུ་བསྐྱེད་པའི་ཡན་ལག་གི་དངོས ་གྱུར་པ་དེ་བཞིན་ནས་ཀྱིས་མྱུ་གུལ་པོ་གྲོ་ནི་གོ་སྐུ་བུཾ་ལ་མའི་རྒྱས་སྐྱེས་པའི་འབྲས་བུ་ལ་སོགས་པའི་རྣམ་པ་དང་རྗེས་སུ་འབྲེལ་པ་མ་ཡིན་ལ་ས་ལུའི་ས་བོན་གྱི་རྣམ་པ་དང་རྗེས་སུ་འབྲེལ་ཏེ།། ཞེས་བྱའོ།། རྒྱུའི་དངོས་པོ་འབའ ་ཞིག་ཙམ་དུ་ཉེ་བར་འགྲོ་བས་འདི་ལ་རྐྱེན་ཉིད་དུ་རྣམ་པར་འཇོག་གོ།། རེ་ཞིག་གུང་འདིའི་རྒྱུ་དང་རྐྱེན་དུ་འགྱུར་ན་རྫོགས་པར་བྱེད་པ་ནི་རྒྱུའི་དངོས་པོར་གནས་ལ། ག་དུ་རྐྱེན་ནི་འདིའི་དྲིས་པའི་རྒྱུ་མ་ཡིན་ཏེ། འདི་ལྟ་སྟེ་རྣམ་པར ་ཤེས་པའི་དམིགས་པའི་རྐྱེན་ནོ།། དེ་ཉིད་ཀྱིས་ན་རྒྱུ་གཉིས་དང་རྐྱེན་གཉིས་སོ་ཞེས་སོ།། ཡུལ་གཅིག་ལ་རྒྱུ་རྐྱེན་གྱིས་སྒྲའི་སྦྱོར་བ་བཅོམ་ལྡན་འདས་ཀྱིས་མཛོད། ཚོགས་པ་ནི་དངོས་པོ་དེ་དག་མ་ཚང་བ་མེད་པར་ཉེ་བར ་གནས་པ་ལས་སྐྱེའི་གཞན་དེ་མ་ཐུག་པ་ཉེ་བར་གནས་པ་ལས་མ་ཡིན་པས་རྒྱུ་རྐྱེན་ཚོགས་པར་འདིར་རྟོགས་པར་བྱའོ།། སོ་སོའི་དངོས་ནི་དེ་རྣམས་ཐ་དད་པ་སྐྱེ། རྒྱུ་དང་རྐྱེན་ཚོགས་པ་མ་ཡིན་པའི་སོ་སོའི་དངོས་པའོ།། ་དང་རྐྱེན་ཚོགས་པོ་མ་ཡིན་པས་སོ་སོའི་དངོས་པོ་དེ་ཐམས་ཅད་ལ་འབྲས་བུའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་མེད་དོ།། དེའི་ཕྱིར་དེས་སྟོང་པས་རང་བཞིན་དང་བྲལ་བ་ཞེས་བྱ་བའི་དོན་ཏོ།། གལ་ཏེ་འདིར་དངོས་པོ་རྣམས ་ཀྱི་རང་བཞིན་འགའ་ཞིག་ཡོད་ན་དེ་ངེས་པར་འདུས་བྱས་སམ་འདུས་མ་བྱས་སུ་ཡོད་པར་འགྱུར། དེ་ལ་རེ་ཞིག་འདུས་མ་བྱས་ནི་རྒྱུ་མེད་པ་བདག་ཉིད་ཀྱིས་དངོས་པོ་མ་སྐྱེས་པ་ལ་རང་བཞིན་གྱིས་བརྗོད་པའི་སྐལ་པ་དང་ལྡན ་པ་མི་རིགས་སོ།། འདུས་བྱས་ལ་ཡང་རང་བཞིན་མི་འཐད་དེ། ཅིའི་ཕྱིར་ན་གལ་ཏེ་འདུས་བྱས་ཀྱི་རང་བཞིན་དུ་གྱུར་ལ། འདུས་བྱས་རྣམས་ནི་རྒྱུ་དང་རྐྱེན་ལས་སྐྱོ་བའི་ཕྱིར་ན་སྐྱེ་བ་རྒྱུ་དང་རྐྱེན་ལ་རག་ལས་པར་འགྱུར་ལ ་རྒྱུ་དང་རྐྱེན་ལ་རག་ལྔས་ནས་སྐྱེ་བ་ནི་བྱས་པ་སྟེ། རང་བཞིན་དུ་མི་འཐད་དོ།། ཡང་འདི་སྙམ་དུ་སེམས་ཏེ། རྒྱུ་དང་རྐྱེན་གྱིས་བསྐྱེད་པའི་དངོས་པོ་རྣམས་ཁོ་ན་རང་བཞིན་ནོ་ཞེ་ན། ངེས་པར་འདི་སྐད་བརྗོད་པར་བྱ་སྟེ་རྒྱུ་དང ་རྐྱེན་ག་ལས་རང་བཞིན་གང་ཞིག་སྐྱེ་ན་དེ་ཅི་དེ་རྣམས་ལས་གང་ཞིག་ཡོད་པ་ལས་དེ་སྐྱེ་བར་འགྱུར་གྱི། གང་ཞིག་གང་ལ་མེད་པར་དུ་དེ་ལས་མི་སྐྱེ་ཏེ། འདི་ལྟ་སྟེ་འཇིམ་པ་ལས་སྣམ་བུ་འམ་སྐུད་པ་ལས་བུམ་པ་ཞེས་སོ།། འདི་ནི་རྒྱུ ་ལ་སོགས་པ་ལས་སྐྱེ་བར་འདོད་ན་ངེས་པར་རྒྱུ་ལ་སོགས་པ་ལ་རང་བཞིན་ཡོད་པ་ཉིད་དུ་ཁས་བླང་བར་བྱ་ན། འདི་ནི་ཁས་བླང་བར་མི་ནུས་ཏེ། ཡོད་བཞིན་པ་ན་དམིགས་པར་ཐལ་བ་དང་། སྐྱེ་བ་དོན་མེད་པ་དང་། ཐུག་པ་མེད་པའི་སྐྱོན ་དང་། རྒྱུ་མེད་པ་ཡོད་པར་ཐལ་བར་འགྱུརརོ།། གལ་ཏེ་ཡང་རྒྱུ་ལ་སོགས་པ་ལྔ་འབྲས་བུའི་རང་བཞིན་ཡོད་ན། དེ་དག་ལ་ཐམས་ཅད་ཀྱི་བདག་ཉིད་ཀྱིས་ཡོད་དམ། ཆ་ཤས་ཀྱིས་སོ།། དེ་ལོ་རེ་ཞིག་གལ་ཏེ་ཐམས་ཅད་ཀྱིས་བདག ་ཏུ་རྟོག་ནི་རྒྱུ་དང་རྐྱེན་རྣམས་མང་པོའི་ཕྱིར་འབྲས་བུ་དུ་མས་འཇུག་ལ། དེའི་ཕྱིར་རྒྱུ་ལ་སོགས་པ་སོ་སོ་ལ་འབྲས་བུ་མེད་ལ་རྒྱུ་དུ་མས་འབྲས་བུ་གཅིག་སྒྲུབ་པ་མ་ཡིན་ཞིང་། རྒྱུ་གཅིག་གིས་བསྒྲུབ་པར་བྱ་བ་ཉིད་དུ་འགྱུར་རོ།། ། ་དེའི་ཕྱིར་གང་ལ་གནས་པ་དེ་ཉིད་ལས་འཇུག་པའི་ཕྱིར་དེ་ལྟར་རེ་ཞིག་ཐམས་ཅད་ཀྱི་བདག་ཉིད་ཀྱི་རྒྱུ་ལ་སོགས་པ་ལ་འབྲས་བུ་མི་གནས་སོ།། ད་ནི་ཆ་ཤས་ཀྱིས་ཀྱང་མི་གནས་ཏེ། འབྲས་བུ་གཅིག་དུམ་བུར་སྐྱེ་བར ་ཐལ་བར་འགྱུར་ལ། རྒྱུ་ཐ་དད་པ་ཡང་རྒྱུ་དུ་མས་འབྲས་བུ་སྐྱེད་པར་ཐལ་ལོ།། གང་ཡང་རྒྱུ་ལ་སོགས་པ་ལ་མི་གནས་ན། དེ་རྒྱུ་ལ་སོགས་པ་ལས་མི་སྐྱེ་ལ། རྩ་བའི་རབ་བྱེད་དང་པོར་ཡང་ན་དེ་རྐྱེན་ལ་སོགས་པ་ལ་མེད ་ཀྱང་དེ་རྣམས་ལས་འབྱུང་ན། རྐྱེན་མིན་ལས་ཀྱང་འབྲས་བུ་ནི། ཅི་ཕྱིར་མངོན་པར་འབྱུང་ང་མི་འགྱུར། ཞེས་པའི་ཚིག་ལས་སོ།། གང་གི་ཚེ་འབྲས་བུ་རྒྱུ་ལ་སོགས་པ་ལ་མི་གནས་པའི་ཕྱིར་དེ་དེ་རྣམས་ལས་མི་སྐྱེ་ལ ་དེའི་ཚེ་མ་སྐྱེས་པ་ལ་ཡོད་པ་ཉིད་མི་རུང་ངོ་།། གང་ཡང་དེ་ནི་དེ་ལྟ་ན་དེས་ན་དངོས་པོ་རྣམས་ཀྱི་རང་བཞིན་མེད་པས་དངོས་པོ་ཐམས་ཅད་མྱ་ངན་ལས་འདས་པ་དང་མཚུངས་པ་རང་བཞིན་གྱིས་སྟོང་པར་གྲུབ་པོ།། འདིར ་ཁ་ཅིག་གིས་སྨྲས་པ། རྒྱུ་དང་རྐྱེན་གྱིས་གྲངས་བཞིན་དུ་འབྲས་བུ་རྣམས་ཡོད་པར་ཁོ་བོ་ཅག་ཁས་མི་ལེན་ལ། དེའི་ཕྱིར་འབྲས་བུ་ཡོད་པ་ཉིད་ཀྱིས་སྐྱོན་ཁོ་བོ་ལ་མེད་ཅིང་མེད་པ་ཉིད་ཀྱང་བརྗོད་པར་མི་ནུས་ཏེ། ་ཤིན་ཏུ་མི་འདྲ་བ་མེད་པའི་ཕྱིར། བུམ་པ་དང་ཐགས་མཁན་ལྟ་བུ་སཱ་ལུའི་ས་བོན་དང་ས་ལུའི་མྱུ་གུ་ལ་མེད་ལ། དེ་སྐྱེད་པའི་ནུས་པ་ཡོད་པའི་ཕྱིར་དེ་ལྟར་དེ་ནི་རྒྱུ་ལ་སོགས་པ་ལ་འབྲས་བུ་ཡོད་པ་དང་མེད་པ་ཉིད་ཀྱིས ་བསམ་པ་སྤངས་ཏེ་རྒྱུ་ལས་འབྲས་བུ་སྐྱེའོ་ཞེས་པ་འདིས་རེ་ཞིག་སྐྱེ་བ་གྲུབ་པར་རྣམ་པར་འཇོག་གོ།། སྐྱེ་བ་གྲུབ་པ་རོ་གནས་པས་འགག་པ་གྲུབ་པར་འགྱུར་ཏེ། གནས་པ་ལ་སོགས་ནི་མིང་ཙམ་མ་ཡིན་པ་ཁོ་ནམོ ་སྐྱེ་བ་དང་གནས་པ་དང་འཇིག་པ་དང་ལྡན་པས་དངོས་པོ་རྣམས་རང་བཞིན་མེད་པ་མ་ཡིན་ཏེ། རང་གིས་མཚན་ཉིད་དུ་ཡོད་པའི་ཕྱིར་རོ་ཞེ་ན་སྨྲས་པ། དེ་ལྟར་སྨྲས་པ་དེ་ནི་གང་ཅུང་ཟད་ཙམ་སྟེ། ཅིའི་ཕྱིར་ན། ་གང་ཞིག་དངོས་པོ་རྣམས་ཀྱི་རང་གི་མཚན་ཉིད་གྲུབ་པར་འདོད་ན། དེའི་རང་གིས་མཚན་ཉིད་དེ། རྒྱུ་ལ་སོགས་པ་ལ་ཡོད་པ་འམ་མེད་པ་ཞིག། བརྟག་པ་གསུམ་པ་ནི་མེད་ལ། གལ་ཏེ་ཡང་རྒྱུ་ནི་འབྲས་བུ་བསྐྱེད་པའི་ནུས་པ ་ཅན་དུ་ཡོད་ན། དེ་ལྟ་ན་ཡང་རྒྱུ་ལ་འབྲུའི་རང་གི་མཚན་ཉིད་ཡོད་པ་མ་ཡིན་ཏེ། དངོས་པོ་རྣམས་མི་བྱུང་བ་འབྱུང་བར་ཁས་བླངས་པའི་ཕྱིར་རོ།། དེ་ལྟ་ན་ཡང་སྐྱོན་དེ་ཉིད་ལས་ལོག་པ་མ་ཡིན་ནོ།། གཞན་ཡང་། ཡོད་པ་ཡོད ་ཕྱིར་སྐྱེ་བ་མིན།། མེད་པ་མེད་ཕྱིར་མི་སྐྱེ་ལ།། ཆོས་མི་མཐུན་ཕྱིར་ཡོད་མེད་མིན།། སྐྱེ་བ་མེད་པས་གནས་འགག་མེད།། གང་ཞིག་འདི་སྐད་དུ་སྨྲ་སྟེ། ཡོད་དང་མེད་པའི་བསམ་པ་སྤངས་ནས་རྒྱུ་ལས་འབྲས་བུ་སྐྱེའོ་ཞེས་བྱ་སྟེ།། ་འདིར་སྐྱེ་བ་གྲུབ་པོ་ཞེ་ན། དེ་ནི་མ་ཡིན་ཏེ། ཅིའི་ཕྱིར་ན་དངོས་པོར་སྨྲ་བའི་དངོས་པོ་རྒྱུ་མཚན་ནི་ཡོད་པ་དང་མེད་པའོ།། ཅིའི་ཕྱིར་དེ་གཉིས་སུ་སྨྲ་བ་སྤངས་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་སྟེང་པར་སྨྲ་བ་བཞིན་ནོ།། དེས་ན་གང ་ཞིག་རྒྱུ་ལས་སྐྱེའོ་ཞེས་བརྗོད་ན། ཅི་དེ་ཡོད་པ་སྐྱེ་འམ་འོན་ཏེ་མེད་པ་སྐྱེ། གལ་ཏེ་རེ་ཞིག་ཡོད་ན། དེའི་ཚེ་འབྲས་བུ་དེ་ཡོད་པའི་དངོས་པོའི་ཕྱིར་རྟག་ཏུ་ཡོད་བཞིན་པ་ལ་སྟེ། ཡོད་བཞིན་པའི་ཕྱིར་ད་ལྟར་བའི་རྣམ་པར ་ཤེས་པ་བཞིན་སྐྱེ་བ་མ་ཡིན་ནོ།། ཞེས་བྱ་སྟེ། དེ་ལྟར་རེ་ཞིག་ཡོད་པ་སྐྱེ་བར་མི་འགྱུར་ཏེ་ཡོད་པའི་ཕྱིར་རོ།། ཡང་ན་མེད་ན་མེད་བཞིན་པའི་རང་བཞིན་གྱིས་འབྲས་བུ་ན་དེ་ལྟ་ན་ཡང་མེད་པའི་ཕྱིར་འབྲས་བུ་རྟག་ཏུ ་ཡོད་བཞིན་པ་མིན་ལ། ཡོད་བཞིན་པ་མ་ཡིན་པའི་ཕྱིར་རི་བོང་གི་རྭ་བཞིན་སྐྱེ་བ་མེད་དོ།། དེ་ལྟ་ན་ཡང་གཉིས་ཀྱིས་ཚུལ་གྱིས་སྐྱེ་བར་འགྱུར་རོ་ཞེ་ན། སྨྲས་པ་ཆོས་མི་མཐུན་ཕྱིར་ཡོད་མེད་མིན།། གང་ཞིག་འགལ་བའི་ཆོ། ་དེ་ནི་མི་མཐུན་པ་སྟེ། འགལ་བའི་ཆོས་ཀྱི་དངོས་པོ་ནི་ཆོས་མི་མཐུན་པའོ།། ཡོད་པ་དང་མེད་པ་དག་ཕན་ཚུན་འགལ་བ་གང་ལ་དེ་ཡོད་པ་དེ་ཕན་ཚུན་འགལ་བའི་ཆོས་མི་མཐུན་པའི་དངོས་པོ་ལ་གང་ཞིག་སྐྱེ་བ་ཡོད་པ་མ་ཡིན། ་ནོ། སྐྱེ་བ་ཡོད་ན་ཡོད་པར་འགྱུར་གྱི་སྐྱེ་བ་མེད་པ་ལ་གནས་པ་དང་འགྲག་པ་མི་འཐད་དོ་ཞེས་བྱ་སྟེ། གནས་པ་དང་སྐྱེ་བ་དང་འཇིག་པ་མེད་ཅིང་། དེ་ལས་གནས་པ་ལ་སོགས་པའི་ཚིག་དོན་གྱིས་སྟོང་པར་གྲུབ་ལ། གནས་པ་དང ་སྐྱེ་བ་དང་འཇིག་པ་དང་བྲལ་བའི་དངོས་པོ་རྣམས་རང་གི་མཚན་ཉིད་ཡོད་པར་ག་ལ་འགྱུར་ཞེས་བྱ་སྟེ། དངོས་པོ་རྣམས་མྱ་ངན་ལས་འདས་པ་དང་མཚུངས་པར་རང་བཞིན་མེད་པར་གྲུབ་པོ།། འདིར་སྨྲས་པ། གལ་ཏེ་ཡང་དེ་ལྟར ་ཡོད་པ་ལས་སྐྱེ་བ་འམ་མེད་པ་ལས་སྐྱེ་ཞེས་སྨྲ་བར་མི་ནུས་ཀྱང་དེ་ལྟ་ན་ཡང་སྐྱེའོ་ཞེས་བྱ་བ་འདི་ནི་རེ་ཞིག་སྐྱེ་བོ་བ་ལང་རྫི་མོའི་བར་ལ་གྲགས་པར་ཡོད་ལ། དེའི་ཕྱིར་སྐྱེ་བ་ལ་སོགས་པ་ཡོད་པའོ་ཞེས་བྱ་ལ་དེ་ཡོད་པས་དངོས་པོ ་རྣམས་ཀྱི་རང་བཞིན་ཡོད་དོ་ཞེ་ན་སྨྲས་པ། གལ་ཏེ་བསྐྱེད་པ་ཞེས་བྱ་བ་གཟུགས་ལ་སོགས་པའི་དངོས་པོ་རྣམས་ཀྱིས་རང་བཞིན་ཡོད་ན་དེ་ལྟར་འགྱུར་ལ། འོན་ཀྱང་མེད་དེ། ཅིའི་ཕྱིར་ན་འདིར་བསྐྱེད་བྱ་ཅུང་ཟད་ཡོད་ན། ་དེ་བསྐྱེད་པ་ཡོད་པར་འགྱུར་གྱི། བསྐྱེད་བྱ་ཅུང་ཟད་ཀྱང་མེད་ལ། སྐྱེས་པ་དང་མོ་སྐྱེས་པ་དང་སྐྱེ་བཞིན་པའི་བསྐྱེད་བྱ་མངོན་པར་འདོད་པ་རྣམས་ཀྱི་སྐྱེས་པ་དང་མ་སྐྱེས་པ་དང་སྐྱེ་བཞིན་པའི་བསྐྱེད་བྱ་ཉིད་མི་སྐྱིད་དོ་ཞེས་བསྟན་པའི་ཕྱིར་གསུངས ་པ། སྐྱེས་པ་གང་ཞིག་བསྐྱེད་བྱ་མིན།། མ་སྐྱེས་དེ་ཡང་བསྐྱེད་བྱ་མིན།། སྐྱེས་པ་དང་ནི་མྱ་སྐྱེས་པའི།། སྐྱེ་བཞིན་པ་ཡང་བསྐྱེད་བྱ་མིན།། དེ་ལ་རེ་ཞིག་སྐྱེས་པ་ནི་དེ་ཡོད་བཞིན་པའི་ཕྱིར། ད་ལྟར་བ་བཞིན་བསྐྱེད་བྱ་མིན་ཏེ། སྐྱེ་བར་མི་རུང ་བས་སོ།། ཡང་ན་བསྐྱེད་བྱི་དེ་དེ་ལྟར་ན་སྐྱེས་པ་མ་ཡིན་པ་དེ་སྐྱེ་བ་ལ་བལྟོས་པའི་ཕྱིར་རོ།། ཡང་ན་བསྐྱོད་པོ་ཡང་བསྐྱེད་བྱར་འགྱུར་ན། དེའི་ཚེ་གྲུབ་པོ་ལ་སྒྲུབ་པར་འགྱུར་ལ་ནམ་ཡང་བསྐྱེད་བྱ་མ་ཡིན་པར་མི་འགྱུར་རོ།། ཞེས་བྱ་སྟེ། དེ ་ལྟར་རེ་ཞིག་སྐྱེས་པ་བསྐྱོད་བྱ་མིན་ནོ།། གང་མ་སྐྱེས་པ་དེ་དངོས་པོ་མ་ཐོབ་པའི་ཕྱིར་ཅིའི་ངོ་བོ་ཡང་མོ་ཡིན་ལ་གང་ཞིག་ཅིའི་ངོ་བོ་ཡང་མ་ཡིན་པ་དེ་ནི་ངེས་པར་གཟུང་བའི་ངོ་བོར་མེད་པའི་ཕྱིར་འདི་ཞེས་བྱ་བ་དེ་ལས་སྐྱེའོ་ཞེས་པའི་བྱ ་བྲག་བསྟན་དུ་མེད་པས་མ་སྐྱེས་པ་ཡང་བསྐྱེད་བྱོ་མིན་ནོ།། གང་མོ་སྐྱེས་པ་དེ་དངོས་པོ་གཞན་ཡང་གང་མ་སྐྱེས་པ་དེ་ལ་རྟེན་མེད་པས་སྐྱེ་བའི་བྱ་བ་འཇུག་པ་ཉིད་མི་སྲིད་དོ་ཞེས་བྱ་སྟེ། མ་སྐྱེས་པ་བསྐྱེད་བྱ་མིན་ནོ།། འདིར་སྨྲས ་པ། མ་སྐྱེས་པ་ཉིད་བསྐྱེད་བྱ་མིན་ལ་སྐྱེས་པ་ཐམས་ཅད་ཀྱང་མ་ཡིན་ནོ།། འོན་ཀྱང་གང་གི་རྒྱུ་རྐྱེན་གྱིས་ཚོགས་པ་ཉེ་བར་ལས་མ་སྐྱེས་པ་དེ་ཉིད་བསྐྱེད་པར་བྱ་བའོ་ཞེ་ན། སྨྲས་པ། དེ་སུ་ཞིག་གིས། རྒྱུ་དང་རྐྱེན་གང་གིས་བསྐྱེད་པར་བྱ་བའིའོ།། ། ་སླར་ཡང་སུ་ཞིག་གིས་བློསྐྱེད་པར་བྷྱོ་ནཱ། གང་དེའི་རྒྱུ་དང་རྐྱེན་གྱིས་སོ་ཞེས་བརྗོད་པ་ན་ཕན་ཚུན་རྟེན་པ་ཐོབ་པར་འགྱུར་ལ་ཕྲན་ཚུན་རྟེན་པར་གྱུར་ནོ་ཕན་ཚུན་དག་མ་གྲུབ་བྱས་གཉི་གཱ་ཡང་མེད་པའི་ཕྱིར་མ་སྐྱེས་པ་བསྐྱེད་བྱ་མིན། དེ་ནི་སྐྱེ ་བཞིན་པ་ཡང་བསྐྱེད་བྱ་མིན་ཏེ། ཅིའི་ཕྱིར་ན་སྐྱེ་བཞིན་པ་ནི་སྐྱེས་པ་དང་མ་སྐྱེས་པའི་ཕྱིར་འདིར་སྐྱེ་བཞིན་པ་ཞེས་བྱ་བ་གང་ཞིག་ཅུང་ཟད་སྐྱེས་ལ་གང་ཅུང་ཟད་མ་སྐྱེས་པའོ།། གང་དེའི་ཅུང་ཟད་སྐྱེས་པ་དེ་དེ་བཞིན་དུ་བསྐྱོད་བྱེ་མ་ཡིན་ཏེ། བཤད ་པའི་སྐྱོན་ཡོད་པའི་ཕྱིར་རོ།། གང་འདིའི་མ་སྐྱེས་པ་ཡང་བསྐྱེད་བྱ་མ་ཡིན་ཏེ། སྨོས་པའི་སྐྱོན་ཡོད་པའི་ཕྱིར་རོ།། སྐྱེས་པ་དང་མ་སྐྱེས་པ་ཞེས་པ་སྐྱེས་པ་དང་མ་སྐྱེས་པའི་ཕྱིར་རོ།། ཞེས་པའི་དོན་ཏེ། དང་པོའི་མཐའ་ཅན་གྱིས་གཏན་ཚིགས ་སུ་བསྟན་པའི་ཕྱིར། དངོས་པོ་གཅིག་ལ་སྐྱེས་པ་དང་མ་སྐྱེས་པ་དུས་གཅིག་པ་མི་སྲིད་དོ་ཞེས་བྱ་སྟེ། དེ་ལྟར་གྱུར་པའི་དངོས་པོ་མི་སྲིད་པས་བསྐྱེད་བྱ་མ་ཡིན་པ་ཉིད་དོ།། གང་གིས་ཚེ་དེ་ལྟར་སྐྱེས་པ་བསྐྱེད་བྱ་མ་ཡིན་ལ་མ་སྐྱེས་པ ་ཡང་བསྐྱེད་བྱ་མ་ཡིན་ཞིང་སྐྱེས་པ་དང་མ་སྨྱོས་པའི་སྐྱེ་བཞིན་པ་ཡང་བསྐྱེད་བྱ་མ་ཡིན་པས། དེའི་ཚེ་བསྐྱེད་བྱ་མེད་ས་འདི་དག་བསྐྱེད་པར་ག་ལ་འགྱུར་ཞེས་པ་དེ་ལྟར་འགྱུར་རོ།། གང་གིས་ཚེ་བསྐྱེད་པ་ཞེས་བྱ་བ་དེ་ལ་མི་སྲིད་པ་དེའི་ཚེ།། ་སྐྱེ་བ་མེད་དོ་ཞེས་བྱ་བ་གྲུབ་པོ།། འདིར་སྨྲས་པ། གལ་ཏེ་བསྐྱེད་བྱ་མི་སྲིད་ཀྱང་དེ་ལྟ་ན་ཡང་འབྲས་བུ་སྐྱེད་བྱེད་ཀྱི་རྒྱུ་རེ་ཞིག་ཡོད་ལ། བསྐྱེད་པ་མེད་ན་བསྐྱེད་བྱེད་ཀྱང་མི་རུང་ངོ་ཞེས་བྱ་སྟེ། དེས་ན་བསྐྱེད་བྱ་ཡང་འབྱུང་བར ་འགྱུར་རོ་ཞེ་ན། སྨྲས་པོ། གལ་ཏེ་སྐྱེད་བྱེད་ཀྱི་རྒྱུ་ཉིད་ཡོད་ན་བསྐྱེད་བྱ་ཡོད་པར་འགྱུར་ལ། ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་གསུངས་པ། འབྲས་བུ་ཡོད་ན་འབྲས་ལྡན་ལ།། དེར་མེད་གྱུར་ན་རྒྱུ་མེད་མཚུངས།། ཡོད་དང་མེད་པ་ན་ཡང ་འགལ།། དུས་གསུམ་དུ་ཡང་འཐད་མ་ཡིན།། འདིར་ཡོད་བཞིན་པོའི་མཉམ་པའི་ས་བོན་དང་ལྕགས་བསྲེགས་ཀྱིས་གོང་བུ་ལ་སོགས་པ་ལ། མྱུ་གུའི་རྒྱུར་རྣམ་པར་མི་འཇོག་སྟེ། མི་རུང་བའི་ཕྱིར་ས་བོན་ལ་རྣམ་པར་འཇོག་སྟེ་མྱུ ་ཞེས་བྱ་བའི་འབྲས་བུ་དང་ལྡན་པའི་ཕྱིར་རོ།། དེ་ནི་འདི་ལྟར་འབྲས་བུ་དང་འབྲེལ་པ་མེད་པའི་ཕྱིར་རྒྱུ་མ་ཡིན་ལ། ལྡན་པའི་སྒྲ་འདི་ནི་རྒྱུའི་རྗོད་བྱེད་དུ་འཆད་ན། གྱུར་ན་ཞེས་ཁ་བསྐང་ངོ་།། དེས་ནཱ་འབྲས་བུ་ཡོད་ན་འབྲས་བུ་དང་ལྡན་པར ་ལྡན་པར་འགྱུར་རོ།། ཞེས་བྱ་སྟེ། འབྲས་བུ་ཡོད་ན་རྒྱུར་འགྱུར་རོ་ཞེས་པའི་དོན་ཏོ།། གཞན་དུ་ན་གལ་ཏེ་འབྲས་ལྡན་གྱིས་སྒྲ་ཡིས་ཁྱད་པར་དུ་བྱས་པར་མ་གྱུར་ན། དེའི་ཚེ་འདི་སུའི་ཁྱད་པར་ཡིན་པ་གཟུང་བར་མ་གྱུར་པས་སུ་ཞིག ་འབྲས་བུ་དང་ལྡན་ཞེས་བྱའོ།། དེ་ལས་ཀྱང་དོན་མ་ཚོང་བར་འགྱུར་ཏེ། རྒྱུའི་རྗོད་ལྔ་འབྲས་བུ་ལྡན་གྱི་སྒྲའི་དོན་མ་ཚང་བར་འགྱུརརོ།། ཡང་ན་འདི་ནི་རྒྱུ་མེད་མཚུངས་ཞེས་བརྗོད་པའི་ཤུགས་ལས་དོན་གྱིས་ཐོབ་ན། དེ་ལྟ་ན་ཡང་འགྲོ ་བ་པོ་མ་ཡིན་པ་མི་འགྲོའོ་ཞེས་པ་འདིའི་རྒྱུའི་སྒྲས་བརྗོད་པའི་ཤུགས་གང་ཞིག་ལས་དོན་གྱིས་ཐོབ་པར་རིགས་ཀྱི་གཞན་དུ་མ་ཡིན་ལ། རྒྱུའི་སྒྲ་རྣམ་གྲངས་ཉེ་བར་ལེན་པར་བརྗོད་ཀྱིས་ཤུགས་ཀྱིས་ཐོབ་པར་མ་བཤད་དོ་ཞེས་བྱའོ།། དེ་ལྟར ་ཡིན་ན་ཡང་དེ་ལྟ་ན་ཡང་སྐྱོན་ཅི་ཡང་མེད་དེ་བཤད་པ་ལས་བྱེ་བྲག་བསྒྲུབ་པར་བྱའོ།། དེ་ལ་ལྔ་པོ་ད་ལྟར་བའི་འབྲས་བུ་འཛིན་ཅིང་།། གཉིས་ནི་ད་ལྟར་བ་བསྐྱེད་པར་བྱེད་ལ་ད་ལྟར་བ་དང་འདས་པ་ལ་ནི་གཉིས་ཀྱིས་སོ།། གཅིག་ནི་འདས་པས ་བསྐྱེད་དོ་ཞེ་ཚོ་མངོན་པ་ལས་རྣམ་པར་གཞག་པའི་ཕྱིར། ལྷན་ཅིག་འབྱུང་བ་དང་སྐལ་བ་མཉམ་པ་དང་མཚུངས་པར་ལྡན་པར་ལྡན་པ་དང་ཀུན་ཏུ་འགྲོ་བ་དང་རྣམ་པར་སྨིན་པ་ཞེས་བྱ་བའི་རྒྱུ་ལྔ་ད་ལྟར་བཱི་གནས་སྐབས་ཉིད་ན་འབྲས ་བུ་འཛིན་ཏེ། འབྲས་བུ་མ་བཟུང་ན་བསྐྱེད་མི་ནུས་པའི་ཕྱིར་ན་རྒྱུའི་དངོས་པོ་ལ་གནས་སོ།། འབྲས་བུ་ཡང་འགའ་ཞིག་ད་ལྟར་བ་ཉིད་དུ་སྐྱེད་དེ་འདི་ལྟ་སྟེ། ལྷན་ཅིག་འབྱུང་བའི་རྒྱུ་དང་སྐལ་བ་མཉམ་པའི་རྒྱུ་དག་གིས་སྐྱེས་བུ་བྱེད་པའི ་འབྲས་བུ་བཞིན་ནོ།། འགའ་ཞིག་ད་ལྟར་བ་དང་འདས་པ་སྟེ། འདི་ལྟ་སྟེ་སྐལ་བ་མཉམ་པའི་རྒྱུ་དང་ཀུན་ཏུ་འགྲོ་བའི་རྒྱུ་དག་གིས་རྒྱུ་མཐུན་པའི་འབྲས་བུའོ།། འདས་པའི་དངོས་པོས་བསྐྱེད་དོ་ཞེས་པ་ནི་གསལོ།། ད་ལྟ་བ་ནི་དེ ་མ་ཐག་ཏུ་རྫོགས་པའི་ཕྱིར་འབྲས་བུ་སྐྱེད་པའོ།། འབྲས་བུ་སྐྱེས་པ་ན་དེ་དག་ཀྱང་འདས་པ་ན་འབྲས་བུ་བསྐྱེད་པའི་ཕྱིར་སླར་ཡང་འབྲས་བུ་སྐྱེད་པ་མ་ཡིན་ལ། ད་ལྟར་བསྐྱེད་པའི་འབྲས་བུ་སླར་བསྐྱེད་པར་མི་ནུས་སོ།། རྣམ ་པར་སྨིན་པའི་རྒྱུ་ནི་འདས་པ་ཉིད་ཀྱིས་འབྲས་བུ་འབྱིན་ནོ།། གང་གི་ཚེ་དེ་ལྟར་རྒྱུ་རྣམས་འབྲས་བུ་འཛིན་པ་དྲང་སྐྱེད་པའི་འབྲེལ་པ་བྱས་པས་རྒྱུ་ཉིད་ལ་དེའི་ཚེ་འབྲས་བུ་ཡོད་ན་དེ་དང་འབྲེལ་པའི་རྒྱུ་ནི་རྒྱུ་ཉིད་དུ་འཐད་ཀྱི་མེད་པ ་ལ་ནི་མ་ཡིན་ནོ།། གང་ཡིང་རྒྱུ་རྣམས་རྒྱུ་ཉིད་དུ་གྲུབ་པའི་དོན་དུ་འབྲས་བུ་ཡོད་པར་ཁས་ལེན་པོ་དེའི་ཚེ་འབྲས་བུ་ཡོད་བཞིན་པ་ལ་རྒྱུ་ཡིས་ཅི་ཞིག་བྱ། གང་གི་དོན་དུ་རྒྱུ་ཡོངས་སུ་ཚོལ་བ་དེའི་འབྲས་བུ་ཡོད་པ་ཉིད་ན་རྒྱུ་ཡིས་དགོས་པ ་ཅུང་ཟད་ཀྱང་མེད་དོ་ཞེས་བྱའོ།། ཡང་ན་འབྲས་བུ་འདིའི་རྒྱུ་འདིའོ་ཞེས་རྣམ་པར་བཞག་པའི་དོན་དུ་འབྲས་བུ་ཡོད་བཞིན་པའི་རྒྱུ་འདོད་པ་དེ་ཡང་མི་འཐད་དེ། ཅིའི་ཕྱིར་ན་འདྲིར་འབྲས་བུ་ཡོད་པར་ཁས་བླངས་པ་ལ་རྒྱུ་དགོས་པ་མེད ་པས་རྒྱུ་མེད་པ་ཉིད་དུ་གྲུབ་པར་འདོད་པ་དང་། རྒྱུ་མེད་ན་འབྲས་བུ་ཡོད་པ་ཉིད་སེལ་བ་དང་ཕན་ཚུན་རྟེན་པས་བསལ་བར་འགྱུར་བས་རྒྱུ་དང་འབྲས་བུ་འདིའི་རྒྱུ་འདིའོ་ཞེས་མི་འཐད་དོ།། དེས་ན་ཡང་འབྲས་བུ་འདིའི་རྒྱུ་འདིའོ་ཞེས ་རྣམ་པ་ར་བཞག་པའི་དོན་དུ་འབྲས་བུ་ཡོད་ཤིན་ནི་རྒྱུ་འདོད་པ་དེ་ནི་མི་རིགས་ཏེ། ཇི་སྲིད་དེའི་འབྲས་བུ་མ་རྫོགས་པ་དེ་སྲིད་དུ་དངོས་པོ་འགའ་ཞིག་རྒྱུའི་རྣམ་པར་བཞག་པ་མེད་པར་འགྱུར་བས་འབྲས་བུ་དོན་དུ་གཉེར་བའི ་འཇིག་རྟེན་པ་སུ་ཞིག་ཉེ་བར་ལེན་པ་དང་སྤོང་བ་ལ་འཇུག་པར་འགྱུར། འབྲས་བུ་དོན་དུ་གཉེར་བ་རྣམས་ཀྱིས་སྔར་རྒྱུ་ཉེ་བར་ལེན་ཅིང་རྒྱུ་མ་ཡིན་པ་ཡོངས་སུ་སྤངས་ནས་འཇུག་པར་འགྱུར་རོ་ཞེ་ན། འདི་དག་ནི་ཅུང་ཟད ་ཙམ་སྟེ།། དེ་ནི་འབྲས་བུ་ཡོད་ན་རྒྱུ་ཡིས་དགོས་པ་ཅུང་ཟད་ཀྱང་མེད་དོ།། ཡང་ན་དེའི་རྒྱུ་ཡིས་དགོས་པ་ཡོད་དོ་ཞེ་ན། དེ་ལྟ་ན་ཡང་དེ་ནི་ཡོད་པ་མ་ཡིན་ཏེ། སྐྱེས་པ་སླར་ཡང་མི་སྐྱེ་བས་ཐུག་པ་མེད་པའི་སྐྱོན་དང་། སྐྱེ་བ ་དོན་མེད་པའི་ཕྱིར་རོ་ཞེས་བྱ་སྟེ། དེ་ལྟར་དེ་བཞིན་དུ་འབྲས་བུ་ཡོད་པ་ནི་རྒྱུ་འཐད་པ་མ་ཡིན་ནོ།། ཡང་ན་ཇི་སྐད་སྨོས་པའི་སྐྱོན་བསལ་བའི་དོན་དུ་མེད་པ་འབྲས་བུ་འདོད་ན། དེ་ལྟ་ནུ་ཡང་། དེར་མེད་ན་ཡང་རྒྱུ་མེད་མཚུངས ་ཞོ་ཞེས་བྱ་བ་འབྲས་བུ་ཡོད་ན། འོ་མ་ནི་དེའི་རྒྱུ་ལ་ཆུ་ནི་མ་ཡིན་ནོ་ཞེས་རིགས་པར་འགྱུར་ཏེ། འབྲས་བུ་ལྡན་པ་དང་མི་ལྡན་པོའི་ཕྱིར་རོ།། གང་དུ་དེའི་འབྲས་བུ་ཞོ་ཞེས་བྱ་བ་མེད་ན་དེའི་ཚེ་ཞོ་ཞེས་བྱ་བའོ་མའི་འབྲས་བུ་ལ་ཆུ་ལ ་སོགས་པ་ནི་རྒྱུ་མ་ཡིན་པ་དང་འོ་མ་རྒྱུ་ཡིན་པ་དག་ཁྱད་པར་མེད་པའི་ཕྱིར་འོ་མ་ལ་སོགས་པ་ལ་ཞོ་མི་སྐྱེ་བར་འགྱུར་ཏེ། རྒྱུ་མེད་པ་དང་མཚུངས་པའི་ཕྱིར་རོ།། དེ་ལྟར་འབྲས་བུ་མེད་ན་དེ་ལ་རྒྱུ་ཡང་མེད་དོ།། ཡང་ན་འདི་སྙམ ་དུ་ཡོད་པ་དང་། མྱེད་པའི་འབྲས་བུའི་རྒྱུ་ཡོད་དོ་ཞེ་ན། སྨྲས་པ། ཡོད་དང་མེད་པ་ན་ཡང་འགལ་ཏེ། འབྲས་བུ་གཅིག་ལ་ཡོད་པ་དང་མེད་པ་ཕུན་ཚུན་འགལ་བའི་ཕྱིར་མི་སྲིད་དོ་ཞེས་བྱ་སྟེ། དེ་ལྟ་བུའི་འབྲས་བུ་ཡོད ་པ་མ་ཡིན་པ་ཉིད་དོ།། དེ་མེད་ན་འབྲས་བུ་ཡོད་བཞིན་པ་མ་ཡིན་ལ། འབྲས་བུ་ལ་བལྟོས་པ་མེད་པའི་རྒྱུནམ་ཡང་ག་ལ་ཞིག་ཅེས་པས་ཇི་སྐད་དུ་སྨོས་པའི་རིགས་པས་དུས་གསུམ་དུ་འབྲས་བུའི་རྒྱུ་འཐད་པ་མ་ཡིན། ་ནོ་ཞེས་བྱ་སྟེ་རྒྱུ་མེད་དོ།། དེ་ཉིད་ཀྱིས་ན་རྒྱུ་མེད་དོ་གསུངས་པ་དུས་གསུམ་དུ་ཡང་འཐང་མ་ཡིན། ཞེས་བྱའོ།། དེ་ལ་འབྲས་བུ་ཡོད་པའི་རྒྱུ་འདོད་ན་སྔར་འབྲས་བུ་ལ་ཕྱིས་ནི་རྒྱུའོ་ཞེས་ཐོབ་པར་འགྱུར་ཏེ། སློབ་མ་དང ་སློབ་དཔོན་བཞིན་ནོ།། འབྲས་བུ་མེད་ན་སྔར་ནི་རྒྱུ་ལ་ཕྱིས་ནི་འབྲས་བུའོ་ཞེས་ཐོབ་པར་འགྱུར་ཏེ། ཞོ་དང་འོ་མ་བཞིན་ནོ།། ཡོད་པ་དང་མེད་པའོ་ཞེ་ན། དེ་ལྟ་བ་ལ་རྒྱུ་དང་འབྲས་བུ་དག་འཐོབ་པར་འགྱུར་ཏེ། སྐྱེ་བཞིན་པ་ནི་ཡོད་པ ་དང་མེད་པའི་ངོ་བོའི་ཕྱིར་རོ།། དེ་ནི་འདི་ལྟར་རྣམ་པ་ཐམས་ཅད་དུ་རྒྱུ་མི་འཐད་པར་གཟིགས་ནས་གསུངས་པ། དུས་གསུམ་དུ་ཡང་འཐད་མ་ཡིན། ཞེས་སོ།། ཡང་ན་དུས་གསུམ་དུ་ཡང་འཐད་མ་ཡིན། ཞེས་པའི་ཡང ་གི་སྒྲ་ནི་ཕྱི་བར་བལྟའོ།། དེ་ལ་རྒྱུ་ནི་འདས་པ་དང་ད་ལྟར་དང་མ་འོངས་པ་ཉིད་ཀྱིས་ན་དུསྐུ་གསུམ་ལ་འབྲས་བུ་ཡང་དུས་གསུམ་མོ།། འབྲས་བུ་རེ་རེ་ལ་ཡང་དུས་གསུམ་དུ་ཡང་རྒྱུ་མི་སྲིད་དེ། ཇི་ལྟར་བསྟན་པའི་རིགས ་པས་ཞེས་གསུངས་པ། དུས་གསུམ་རྣམས་སུ་འཐད་མ་ཡིན། ཞེས་བྱའོ།། དེ་སྐད་དུ་ཡང་། རྩེ་བའི་རབ་བྱེད་ཉི་ཤུ་བར་འདས་པའི་འབྲས་བུ་འདས་པ་ཡི། རྒྱུ་དང་ལྷན་གཅིག་མ་ཡིན་ལ།། མ་སྐྱེས་པ་དང་མ་སྐྱེས ་པ།། ནམ་ཡང་ལྷན་ཅིག་ཡོད་མ་ཡིན།། མ་སྐྱེས་པ་ཡིས་འབྲས་བུ་དང་།། མ་སྐྱེས་རྒྱུ་དག་ལྷན་ཅིག་མིན།། འདས་པ་དང་ནི་མ་སྐྱེས་པ།། ནམ་ཡང་ལྷན་ཅིག་ཡོད་མ་ཡིན།། མ་སྐྱེས་པའི་འབྲས་བུ་དང་། སྐྱེས་པའི ་རྒྱུརྒྱུ་དག་ལྷན་ཅིག་མིན།། མ་སྐྱེས་པ་དང་མ་འགགས་པ།། ལྷན་ཅིག་ནམ་ཡང་མ་ཡིན་ནོ།། ཞེས་གང་གིས་ཚེ་འདི་ལྟར་དཔྱད་ན་རྒྱུ་མི་སྲིད་པ་དེའི་ཚེ་རྒྱུ་མེད་ན། དེས་བསྐྱེད་བྱ་འབྲས་བུ་མེད་ལ། བསྐྱེད་བྱ་འབྲས་བུ་མེད་པ་གྲུབ་པོ ་ཞེས་བྱའོ།། འདིར་སྨྲས་པ། རྒྱུའི་གྲངས་ཉེ་བར་བསྟན་པར་ཡོད་པའི་ཕྱིར་ཡོད་པ་ཉིད་དེ། ཡོད་པ་མ་ཡིན་པའི་རུས་སྦྲུལ་གྱིས་སྤུ་ལ་གྲངས་ཉེ་བར་སྟོན་པ་མ་ཡིན་ལ་རྒྱུའི་གྲངས་ཉེ་བར་བསྟན་པའི་ཕྱིར། བྱེད་རྒྱུ་ལྷན་ཅིག ་འབྱུང་བ་དང་།། སྐལ་མཉམ་མཚུངས་པར་ལྡན་པ་དང་།། ཀུན་ཏུ་འགྲོ་དང་རྣམ་སྨིན་རྒྱུ།། རྒྱུ་ནི་རྣམ་པ་དྲུག་ཏུ་འདོད།། ཅེས་ཆོས་མངོན་པ་ལས་སོ།། མདོ་ལས་ཀྱང་གསུངས་པ། ཆོས་གཅིག་ནི་ཁྱད་པར་གྱིས་སྐལ་པ་ཅན་ཏེ། གང ་ཚུལ་བཞིན་ཡིད་ལ་བྱེད་པའོ།། རྒྱུ་དང་རྐྱེན་གཉིས་ཀྱིས་ཡང་དག་པའི་ལྟ་བ་བསྐྱེད་པ་སྟེ། རླུང་གིས་བདག་ཉིད་ཀྱི་ཚུལ་བཞིན་ཡིད་ལ་བྱེད་པ་དང་། གཞན་ལུས་རྗེས་སུ་མཐུན་པའི་སྒྲའོ།། ཆོས་གསུམ་ནི་མང་པོ་བྱེད་པ་སྟེ། སྐྱེས ་བུ་དམ་པ་བསྟེན་པ་དང་། དྲམ་པའི་ཆོས་ཉན་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པའོ་ཞེས་སོ།། སྨྲས་པ། གལྔ་ཏེ་རྒྱུ་ཡོད་ན། དེའི་གྲངས་ཡོད་པ་ཉིད་ལ། ཡོད་པ་མ་ཡིན་ཏེ། ཇི་ལྟར་མེད་པ་དེ་ལྟར་བསྟན་པའི་ཕྱིར་གསུངས་པ། ་གཅིག་མེད་པར་ནི་མང་པོ་དང་མང་པོ་མེད་པར་གཅིག་མི་འཇུག། དེ་ཕྱིར་རྟེན་ཅིང་འབྲེལ་འབྱུང་བའི།། དངོས་པོ་མཚན་མ་མེད་པ་ཡིན།། འདིར་ཐ་དད་པ་རྣམས་སུ་བགྲང་བའི་བརྡ་ལ་འཇིག་རྟེན་དུ་གྲངས་ཞེས ་ས་པ་དྲུགས་པཱདྡྷ་ས་ང་རྒྱུ་ས་རྒྱས་སྨྲ།། སྱཱ་སྩུ་ཀྐཱ་དུ་སྤྱ་ས་། དུ་གས་ས ་བཟང་བྱ་གཅིགས་རྣས་སྣ་འཛེག་ས། དེ་བཞིན་དུ་གཉིས་ཀྱིས་གྲངས་ཀྱིས་གྶ་ཨོཾ་དཱི་ས་ལ། སྣང་པོའི་གྲངས་ཀྱིས་མ་།། དེ་ལྔ་གང་ཞིག་གཙུག་མེ་པའི་མ་ཟླས་པར་འག་རྣ ་གྲུ་པར་སྨྱ་ན་གཅིག་གི་ས་ས་མྦྷ་གྱུ་ཏེ། མིང་པོ་ལམ་བསྡུས་པར་གཅིག་གི་དངས་པའི་རུང་མྦྷི་རོ་བ~ཾ་ཀྵབ་པ་སྙེད་དེ།། ང་ལ་གང་ཐརིག་པ་ག་སྙིང་ཆོས་སྐྱེ་བ་དེ་རྣམས་རྒྱས་ས ་གའི་ཞིག་བྱུབ་ར་གྱུར་ན་གཅིག་གིས་བྱུངས་སུ་འགྱུར་ཡྀ་མང་ཧཱུ~ཾལ་མ་གྣིས་གཅིག་གི་ས་ནི་མེད་དོ།། གཞན་ཡང་ཀཿཧཱུཾས་ནཙྪ་གཅིག་འདོད་ན། དཱ་རང ་ཨཱརྫས་བརྒྱད་གྱི་འདག་ཞིང་། ང་པ་བྱུང་པོ་པའི་རྒྱུར་ཞེས་པའི་དུས་པ་ལས་སཱུར་སྒྲུ་ཐ་བ་ནི་མ་ཡིན་ནོ།། རྫ་སཱ་བདུན་ལ་མ་གལྟོས་པར་རང་གིས་བ་གྲུབ་པ་མེད་དོ།། ཡང་ན་ཀཱཀྴ་ཏེ་ག་ན ་སུ་སེམས་དང་སེམས་ལས་བྱུང་བའི་རང་བཞིན་ལ། མཛད་དུ་སེམས་དང་སེམས་ལས་བྱུང་ངས་ལྷན་ཅིག། ཞེས་པའི་ངེས་པ་ལས་ཐམས་ཅད་བསྡུས་ན་རྫས་བཅུ་གཅིག་གིས་བདག་ཉིད ་སོ།། ཡང་ན་ལྡན་པ་མ་ཡིན་པ་རྣམས་ཀྱི་སྟེ། དེ་ལ་ཡང་། མཛོད་དུ་དེ་དག་སྐྱེ་བའི་སྐྱེ་ལ་སོགས།། དེ་ཆོས་བརྒྱད་དང་གཅིག་ལ་འཇུག། ཞེས་པའི་ངེས་པ་ལས་དེ་དེ་ལྟར་མང་པོ་ལ་མ་བལྟོས་པར་དངོས་པོ་གཅིག་མེད་ལ། གང ་གི་ཚེ་འདི་ལྟར་མང་པོ་ལ་མ་བལྟས་པར་དངོས་པོ་གཅིག་མེད་པ་དེའི་ཚེ། དངོས་པོ་གཅིག་པུ་འགྲུབ་པར་མི་འགྱུར་ན། གཅིག་བསགས་པ་ག་ལ་ཞིག། གཅིག་བསགས་པ་མེད་ན་མང་པོ་ཡོད་པ་མ་ཡིན་ནོ།། ཞེས་བྱ་སྟེ། མང ་པོ་ཡང་མེད་དོ།། ཇི་སྐད་དུ་འཕགས་པ་ལྷས། དངོས་པོ་གང་གང་རྣམས་བརྟགས་ན།། དེ་དང་དེ་ལ་གཅིག་མེད་ན།། གང་དུ་གཅིག་ཀྱང་མེད་པ་ན།། དེ་ལ་དུ་མའང་ཡོད་མ་ཡིན།། ཞེས་སོ།། གང་གིས་ཚེ་དེ་ལྟར་དངོས་པོ་མང ་པོ་ལ་མ་བལྟོས་པར་དངོས་པོ་གཅིག་མེད་པ་དེའི་ཚེ། དངོས་པོ་གཅིག་མེད་པ་ལ་མང་པོ་འཐད་པ་མ་ཡིན་ནོ།། གང་གི་ཚེ་ཡང་དངོས་པོ་གཅིག་མེད་པར་གྱུར་ན་མང་པོ་མི་འཐད་པ་དེའི་ཚེ་མང་པོ་མེད་པས་དེ་དང་འབྲེལ ་པ་ལས་བྱུང་བའི་གཅིག་ཀྱང་མེད་དོ་ཞེས་གསུངས་པ། མང་པོ་མེད་པར་གཅིག་མི་འཇུག། ཅེས་བྱ་བ་ལ། མང་པོ་མེད་ན་གཅིག་མི་སྲིད་དོ་ཞེས་བྱ་བའི་དོན་ཏེ། གང་དུ་གཅིག་ལྔ་གཅིག་གམ་མང་པོའི་དངོས་པོ་མིང ་པ་དེ་ལ་གཅིག་གིས་གྲངས་སམ་མང་པོ་ཉིད་ཀྱིས་གྲངས་ག་ལ་འཇུག་བྱ་བ་སྟེ། དེས་ན་གྲངས་མེད་ལ། གྲངས་མེད་ན་ཡང་གྲངས་སྲིད་པའི་རྒྱུ་མཚན་གྱིས་གྲུབ་པའི་རྒྱུ་མི་འགྲུབ་པོ།། འདིར་སྨྲས་པ། གལ་ཏེ ་གཅིག་མེད་ན་དེ་ལ་གཅིག་གི་ཐ་སྙད་མི་འབྱུང་ན། བུམ་པ་གཅིག་ཅེས་པ་དང་། གལ་ཏེ་མང་པོ་མེད་ན་དེའི་ཚེ་མང་པོའི་ཐ་སྙད་མེད་པར་འགྱུར་ན། བུམ་པ་མང་པོ་ཞེས་སོ།། སྨྲས་པ། སུ་ཞིག་དེ་སྐད་སྨྲ།། ་གཅིག་མེད་ཅིང་མང་པོ་མེད་དོ་ཞེས་བྱ་བ། ཁོ་བོས་གཅིག་དང་མང་པོའི་དངོས་པོའི་ངོ་བོ་གྲུབ་པ་བཀག་ལ། གང་ལས་དེ་རྣམས་ཀྱི་རང་གི་ངོ་བོ་གྲུབ་པ་མེད་པ། དེ་ཕྱིར་རྟེན་ཅིང་འབྲེལ་འབྱུང་བའི། དངོས་པོ་མཚན་མ་མེད་པ ་ཡིན།། གང་ཁོ་ན་དེ་རྣམས་ཀྱི་ངོ་བོ་མ་གྲུབ་པ་དེ་ཉིད་ཀྱིས་ན་དངོས་པོ་རྣམས་རྟེན་ཅིང་འབྲེལ་པར་འབྱུང་བར་འགྱུརརོ།། རང་བཞིན་ཡོད་པ་རྣམ་སྐྱེ་ས་དེན་མེད་ཀྱི་ཕྱིར་། རང་བཞིན་མ་གྲུབ་སྡེ་ག་ཊརྗེ་བརྙན་ལ་སོགས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཉེ་བར་ཐོབ་ལ། ་དེ་ཉིད་ཀྱིས་ན་ཆོས་ཐམས་ཅད་མཚན་མ་མེད་པ་དང་ཆོས་ཐམས་ཅད་རང་བཞིན་གྱིས་སྟེང་པར་གྲུབ་པ་འམ། རང་བཞིན་མེད་པས། ཕན་ཚུན་དུ་བྱེ་བྲག་ཡོངས་སུ་མ་བརྟགས་པས་མཚན་མ་མེད་པ་སྟེ་དངོས་པོ་ཐམསཅ ་བྱེ་བྲག་མེད་པ་གཅིག་གིས་རང་བཞིན་ནོ།། ཞེས་བྱ་བའི་བོན་ཏོ།། རྣམ་པར་ཤེས་པའི་ཡུལ་མ་ཡིན་པའི་ཕྱིར་ཡང་མཚན་མ་མེད་པ་སྟེ། རྣམ་པར་ཤེས་པ་ནི་མཚན་མ་ལ་དམིགས་པའི་ཕྱིར་ན། རྣམ་པར་ཤེས་པའི་དམིགས ་པཔོཔ་གཞན་ལས་ཀྱང་ཁྱད་པར་འགའ་ཞིག་གིས་ཁྱད་པར་དུ་གྱུར་པའི་རང་གི་དམིགས་པ་ལས་འཇུག་བཞིན་པས་འཇུག་པར་གྱུར་གྲང་ན། དེ་ཡང་ཁྱད་པར་གྱི་དམིགས་པའི་རང་བཞིན་མེད་པས་མེད་དོ།། ཞེས་བྱ་སྟེ་འདི ་ཉིད་ཀྱིས་ན་རྣམ་པར་ཤེས་པའི་ཡུལ་མ་ཡིན་པས་དངོས་པོ་མཚན་མ་མེད་པའོ་ཞེས་བྱའོ།། གཞན་དག་ནི་གཞན་དུའང་སྨྲ་སྟེ། འདིར་ངེས་པར་ཐ་སྙད་ཀྱི་དོན་དུ་དོན་དམ་ལ་མི་དག་འཇུག་ལྔ། དེ་རྣམས་ཀྱང་ཕན་ཚུན་དུ་རང་ལས་ག ་པའི་མི་རྣམ་པར་བཅད་པའི་སྒོ་ནས་རང་གི་དོན་རྟོགས་པར་བྱེད་ལ། མང་པོ་ཡོད་ཀྱང་དེ་དག་རྣམ་པར་བཅད་པའི་དོན་དུ་གཅིག་ཅེས་བྱ་བའི་ཚིག་འཐང་ལ། དེ་ཡང་གཞན་མེད་ན་འདིས་ཅི་ཞིག་རྣམ་པར་བཅད་པར་བྱ་ཞེས་བྱ ་སྟེ། སྦྱོར་བ་མི་བྱེད་པར་ཐལོ།། མིང་གིས་རང་བཞིན་ལས་གཞན་པའི་གཅིག་གིས་གྲངས་འགའ་ཞིག་ཡོད་པ་མ་ཡིན་ཏེ། དགྲ་དེ་ལས་མ་གྲོལ་ལོ་ཞེས་བྱ་བ་ལྟ་བུ་ལ་སོགས་པ་ཡུལ་གཞན་དུ་བརྗོད་པའི་ཐ་སྙད་ལས་དེ་དག ་འདི་ལྟོར་མང་པོ་དང་འབྲེལ་བ་དང་མང་པོ་རྒྱུ་མཚན་གྱིས་མང་པོ་ལྔས་གཞན་གཅིག་ཡོད་པ་མ་ཡིན་ནོ།། ཞེས་བྱ་ལ། གཞན་ལ་རག་ལས་པས་རང་རྒྱུད་པ་མ་ཡིན་ལ། རང་རྒྱུད་པ་མ་ཡིན་པའི་ཕྱིར་ཡོངས་སུ་མ་གྲུབ ་པའོ།། དེ་བཞིན་དུ་གྲངས་ཅིག་ཤོས་ཀྱང་ཤེས་པར་བྱའོ།། གྲུལ་ཏེ་དེ་ལྟར་གྲངས་མི་འཐད་ནཱ་གཅིག་རླུང་གཉིས་དང་མང་པོ་ལ་སྩོགས་པའི་བྷ་སྐད་ཇི་ལྟར་འདེགས་ཤེ་ན། དྭེ་ཕྱིར་རྟེན་ཅིང་འབྲལ་འབྱུང་གི། དངོས་པོ་མཚན ་མ་མེད་པ་ཡིན།། འདི་སྐད་ཅེས་སྨྲས་པར་འགྱུར་ཏེ། གང་གི་ཕྱི་དེ་ལྟར་ཕན་ཚུན་བལྟོས་པའི་ཕྱིར་ན་གཅིག་གམ་མང་པོ་ལ་རང་གིས་མཚན་ཉིད་མི་གནས་པ་དེའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བའི་རྣམ་པ་ཐམས་ཅད ་ལ་དེ་ལྟར་དངོས་པོའི་མཚན་ཉིད་མེད་པའོ།། ཇི་ལྟར་ཐགས་ཀྱིས་ཡོན་ཏན་གྱིས་མཚན་ཉིད་པས་ཐགས་ཉིད་ལ་མ་གྲུབ་ཀྱང་། ཉེ་བར་བརྟེན་ནས་སྣམ་བུ་ཉིད་དུ་བཏགས་ལ། དེ་བཞིན་དུ་དོན་དམ་པར་གཅིག ་མེད་ཀྱང་དེ་ལ་བརྟེན་ནས་མང་པོའི་ཐ་སྙད་བྱེད་ལ། མང་པོ་མ་གྲུབ་ན་ཡང་དེ་ལ་བརྟེན་ནས་གཅིག་གིས་ཐ་སྙད་འདོགས་ལ། དོན་དམ་པར་ནི་མཚན་མ་མེད་པས་དངོས་པོའི་མཚན་མ་མེད་པ་ཞེས་བྱའོ།། མཚན་མ་མེད་པ་ཉིད ་པས་མཚན་མ་མེད་ལ། དངོས་པོ་ཉིད་དུ་ཐ་སྐད་པའི་བློ་ཡིས་མཚན་མར་བྱས་པས་མཚན་མ་ཞེས་བྱ་སྟེ། དེ་ཡང་ཡོངས་སུ་མ་གྲུབ་པ་ཉིད་པས་མཚན་མ་མེད་པ་ཞེས་བྱའོ།། འདིར་སྨྲས་པ། གལ་ཏེ་ཁྱོད་ཀྱིས་དེ་ལྟར ་གྲུང་བཀག་པས་རྒྱུ་མེད་པར་བསྒྲུབས་ན། འོ་ན་དེ་ལྟར་གྱུར་ན་ཁྱོད་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་གི་ཐོབ་པར་མི་འགྱུར་ཏེ། ཇི་ལྟར་ཞེ་ན། འདིར་རྒྱུ་ལ་བརྟན་ནས་འབྲས་བུ་གང་ཞིག་སྐྱེ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང ་བའོ།། དེ་ཡང་རྒྱུ་མེད་པར་བསྒྲུབ་ས་པས་གནོད་པར་འགྱུར་ལ། དེ་ལ་གནོད་པ་ཡང་རུང་བ་མ་ཡིན་ཏེ། དེ་མཐོང་བས་ཆེས་མཐོང་བར་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། གང་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ ་བ་དེ་ཆས་མཐོང་ལ། གང་གིས་ཆོས་མཐོང་བ་ངས་དེ་བཞིན་གཤེགས་པ་མཐོང་ངོ་ཞེས་མདོ་ལས་གསུངས་པའི་ཕྱིར་རོ།། དེས་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ཡོང་བའི་ཕྱིར་བསྐྱེད་བྱེད་ཀྱི་རྒྱུ་ཡོད་དོ་ཞེ་ན། སྨྲས་པ། ་རྒྱུ་ལ་བརྟེན་ནས་འབྱུང་བར་བརྟགས་པ་ནི་རུང་གི་རྒྱུ་མེད་པ་ལ་ནི་མ་ཡིན་ནོ།། འདི་ལྟར་ཡང་རྟེན་ཅིང་འབྲེལ་པར་འབྱུང་བར་བརྟགས་པ་མི་འཐད་དེ། གང་གི་ཕྱིར། རྟེན་འབྱུང་ཡན་ལག་བཅུ་གཉིས་གང་།། སྡུག་བསྔལ ་འབྲས་ཅན་དེ་མ་སྐྱེས།། སེམས་གཅིག་ལ་ཡང་མ་ཡིན་ཞིང་།། དུ་མ་ལ་ཡང་དེ་མ་ཡིན།། དེ་ལ་རིག་པའི་རྐྱེན་གྱིས་འདུ་བྱེད་ཞེས་བྱ་བ་ལ་སོགས་པ་ནས་རྒ་ཤིའི་མཐར་ཐུག་པ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན ་ལག་བཅུ་གཉིས་སུ་གསུངས་ལ། དེ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་འདིའི་འབྲས་བུ་སྡུག་བསྔལ་ཏེ། སྡུག་བསྔལ་ནི་འདིའི་འབྲས་བུ་ཞེས་བྱ་བས་སྡུག་བསྔལ་འབྲས་ཅན་ལ། གང་མི་རྟག་པ་དེ་སྡུག་བསྔལོ་ཞེས་རྣམ་པར ་བཞག་པའི་ཕྱིར། ཡན་ལག་བཅུ་གཉིས་པོ་འདི་རྣམས་ནི་མི་རྟོག་པའོ།། མི་རྟག་པའི་ཕྱིར་གནོད་པའི་བདག་ཉིད་ཅན་ལ། གནོད་པའི་བདག་ཉིད་ཡིན་པའི་ཕྱིར་སྡུག་བསྔལ་ལོ།། དེ་ཉིད་ཀྱིས་ན་གསུངས་པ། འདི ་ལྟར་འདི་ནི་སྡུག་བསྔལ་གྱིས་ཕུང་པོ་ཆེན་པོ་འབའ་ཞིག་འབྱུང་བར་འགྱུརརོ་ཞེས་སོ།། གང་ཞིག་བྱས་པ་དེ་མི་རྟག་ལ། གང་མི་རྟག་པ་དྲི་ངོ་བོ་ཉིད་ཀྱིས་མ་སྐྱེས་པའོ།། གང་ཞིག་ངོ་བོ་ཉིད་ཀྱིས་མ་སྐྱེས་པ་དེ་སྐྱེ་བ་མེད་པའོ།། ཞྭ ་གསུངས་པ། སྡུག་བསྔལ་འབྲས་ཅན་དེ་མ་སྐྱེས།། ཞེས་སོ།། སྡུག་བསྔལ་འབྲས་བུའི་ཕྱིར་མ་སྐྱེས་པ་ཞེས་བྱ་བའི་དོན་ཏོ།། སུ་ཞིག་སྐྱེ་བ་མེད་ཅེ་ན། གསུངས་པ། རྟེན་འབྱུང་ཡན་ལག་འབྱུང་གཉིས་གང་། ཞེས ་པ་ལ་དྷཱའི་ཡན་ཀྵ་སྡུག་བསྔལ་ཡིན་པར་ཕྱིར་སྐྱེ་བ་མེད་པས་ཡོངས་སུ་གཟུང་བས་སྟོང་ཉིད་དུ་སོ་སོར་གནས་པར་འཐད་དོ།། གང་གིས་ཕྱིར་འདི་དག་གང་ཞིག་སྡུག་བསྔལ་འབྲས་ཅན་ཡན་ལག་བཅུ ་གཉིས་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་གསུངས་པ་དེ་ཡང་སྐྱེ་བ་མེད་དེ། ཅིའི་ཕྱིར་ཞེ་ན། གང་གིས་ཕྱིར་རྣམ་པར་དཔྱད་ན།། སྙེམས་གཅིག་ལ་ཡང་མ་ཡིན་ཞིང་།། དུ་མ་ལྔ་ཡང་དེ་མ་ཡིན།། དེ་ལ་མ་རིག་པ་དང་འདུ་བྱེད་དག། ་འདྲས་པའི་སྲིད་པས་བསྡུས་པའི་ཕྱིར་དང་། རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་ཚོར་བ་དང་། སྲེད་པ་དང་ལྡན་པ་དང་། སྲིད་པའི་ཡན་ལག་རྣམས་ད་ལྟར་གྱིས་སྲིད་པས་བསྡུས ་བའི་ཕྱིར་དང་། སྐྱེ་བ་དང་རྒ་ཤིའི་ཡན་ལག་རྣམས་མ་འོངས་པའི་སྲིད་པས་བསྡུས་པའི་ཕྱིར་སེམས་གཙག་ལ་མི་སྐྱེ་ལ། དུ་མའི་སེམས་ཀྱང་དུས་གཅིག་ཏུ་ཉེ་བ་མ་ཡིན་པའི་ཕྱིར་མི་སྐྱེའོ།། སེམས་གཅིག་ལ་ཡང་འདུ ་པ་དང་མ་འོངས་བློ་དང་། ད་ལྟར་བྱུང་བའི་སྲིད་པ་རྣམས་གཅིག་ཅར་དུ་ཡོད་པ་མ་ཡིན་ཏེ། སྔར་དང་ཕྱི་མའི་ཡན་ལོག་ངག་ས་བྲེན་དང་མྱུ་གུ་བཞིན་དུ་སེམས་གཅིག་ལ་རྟེན་པ་རིག་པོ་དང་འགལ་བའི་ཕྱིར་རཱི་ཞེས་བྱ་ལ། ་དུ་མ་ལ་ཡང་དེ་མི་སྲིད་དོ།། ཡང་ན་འདི་ལྟར་སེམས་ཏེ། འདས་པ་དང་མ་འོངས་པའི་སེམས་བློ་ཡིས་གཟུང་ཞིང་། ད་ལྟར་བ་ནི་ཡོད་བཞིན་པའི་ཕྱིར་དུ་མའི་སེམས་ལ་བརྟེན་ནས་ཡན་ལག་བཅུ་གཉིས་ཀྱི་རྟེན་ཅིང ་འབྲེལ་པར་འབྱུང་བ་རྣམ་པར་འཇོག་གོ་ཞེ་ན། སྨྲས་པ། གལ་ཏེ་ཡང་ཁྱོད་ཀྱིས་འདས་པ་དང་མ་འོངས་པའི་སེམས་བློ་ཡིས་སྒྲོ་བཏགས་ནས་བྱས་ན། དེ་ལྟ་ན་ཡང་དེ་དག་གིས་རང་གི་ངོ་བོ་མེད་པས། རྟེན་ཅིང་འབྲེལ་པར ་འབྱུང་བའི་རྟེན་ཉིད་དུ་མི་རུང་ངོ་།། སེམས་ལཱ་མ་བརྟེན་པར་ཡང་རྟེན་ཅིང་འབྲེལ་པར་འབྱུང་བའི་རྣམ་པར་བཞག་པ་མི་འཐད་དོ།། དེའི་ཕྱིར་སེམས་དུ་མ་ཅིག་ཅར་དུ་ཉེ་བ་མ་ཡིན་པས་དུ་མའི་སེམས་ལ་ཡང་མི་རུང་ངོ་།། གང ་ཞིག་འདི་སྙམ་དུ་ཡང་སེམས་ན། སེམས་གཅིག་ལ་ཡང་ཡན་ལག་བཅུ་གཉིས་རྣམ་པར་འཇོག་སྟེ། འདི་ལྟ་སྟེ་རྙེད་པའི་དབང་གིས་སྲོག་ཆགས་རྣམས་སྲོག་གཅོད་པར་བྱེད་པ་ན། གང་རྨོངས་པ་དེ་མ་རིག་པའོ།། གང་སེམས ་པ་དེ་འདུ་བྱེད། དངོས་པོ་སོ་སོར་རིག་པས་རྣམ་པར་ཤེས་པ། ལྷན་ཅིག་འབྱུང་བའི་དབང་ལས་ཕུང་པོ་རྣམས་ནི་མིང་དང་གཟུགས་མིང་དང་གཟུགས་ལ་རྣམ་པར་གནས་པའི་དབང་པོ་རྣམས་ནི་སྐྱེ་མཆེད་དྲུག། སྐྱེ་མཆེད་དྲུག ་ལས་མངོན་པར་གྲུབ་པ་ནི་རེག་པ། རེག་པ་ཉམས་སུ་མྱོང་བ་ནི་ཚོར་བླ། གང་ཆགས་པ་དེ་ནི་སྲེད་པ། དེ་དང་མཚུངས་པར་ལྡན་པའི་ཀུན་ནས་དཀྲིས་པ་ནི་ལེན་པ། དེས་ཀུན་ནས་སླང་བའི་ལུས་དང་ངག་གིས་ལས་ནི་སྲིད་པ། ་ཆོས་དེ་རྣམས་ཀྱིས་གསལ་བར་སྣང་བ་ནི་སྐྱེ་བ། ཡོངས་སུ་སྨིན་པ་ནི་རྒས་པ། འཇིགས་པ་ནི་འཆི་བ་ཞེས་བྱའོ།། འདི་དག་གིས་མིང་བསྒྲགས་པ་ཙམ་གསུངས་པ་ནི་བདེན་ཏེ། མ་རིག་པ་ལ་སོགས་པ་སྐད་ཅིག་མ ་གཅིག་ལ་བྱས་ཀྱི་རྒྱུ་དང་འབྲས་བུའི་དངོས་པོ་ཉེ་བར་བསྟན་པ་ནི་མ་ཡིན་ལ། རྒྱུ་དང་འབྲས་བུའི་དངོས་པའི་དོན་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ཏེ། དེ་རྣམས་ལྷན་ཅིག་ཏུ་འབྱུང་བ་མ་གྲུབ་བོ།། མར་མེ་དང ་འོད་བཞིན་དུ་གྲུབ་བོ་ཞེ་ན། མ་ཡིན་ཏེ། དེ་ལ་ཡང་མཚུངས་པར་འགྱུར་བའི་ཕྱིར་རོ།། གང་གི་ཚེ་སེམས་གཅིག་ལྔ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་དུ་མ་མི་སྲིད་པ་དེའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་སྐྱེ་བ་མེད་དེ་ཞེས ་གྲུབ་བོ།། འདིར་སྨྲས་པ། གལ་ཏེ་ཡང་སེམས་གཅིག་གམྦ་དུ་མཱ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་རྣམས་མི་སྲིད་ན། དེ་ལྟ་ན་ཡང་བཅོམ་ལྡན་འདས་ཀྱི་གངརྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བརྒྱུད་མ་རྣམས ་ཀྱིས་རྒྱུ་བརྒྱུད་མོ་ཉེ་བར་གསུངས་ལ། ཡོད་བཞིན་པ་མ་ཡིན་པའི་མོ་གཤམ་གྱི་བུ་ལ་རྒྱུ་བརྒྱུད་མར་ཉེ་བར་མ་བསྟན་པས། དེའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཡོད་དོ།། ཞེས་བྱ་སྟེ། འདི་ལྟར་རྒ་ཤིའི་རྒྱུ་སྐྱེ་བར ་གསུངས་ལ། སྐྱེ་བའི་སྲིད་པ་ཇི་སྲིད་དུ་བྱེད་རྣམས་ཀྱིས་མ་རིག་པའོ།། མ་རིག་པ་དེ་ཡང་གློ་བུར་བ་ཉིད་དགགས་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པ། དགེ་སློང་དག་མ་རིག་པ་ཡང་རྒྱུ་དང་བཅས་རྐྱེནི་དང་བཅས།། ་འབྱུང་ཁུངས་དང་བཅས་པ་སྟེ། མ་རིག་པའི་རྒྱུ་ནི་ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པའོ་ཞེས་བརྗོད་པར་བྱ་བར་འགྱུར་རོ་ཞེས་བྱའོ།། དེ་ལ་གལ་ཏེ་མ་རིག་པ་མེད་པ་ན་འདིའི་རྒྱུ་ཉེ་བར་སྟོན་པར་མི་འགྱུར་ཏེ། ་པའང་ན་མཁའི་མེ་ཏོག་གི་ཕྲེང་བའི་རྒྱུ་ཉེ་བར་མི་སྟོན་ལ། མ་རིག་པའི་རྒྱུ་ཚུལ་བཞིན་མ་ཡིན་པ་ཉེ་བར་བསྟན་པས་སོ།། དེ་ཡང་ཕྱིན་ཅི་ལོག་བཞིའི་རང་བཞིན་རྟག་པ་བདག་སྡུག་པ་བདེ་བའི་དབྱེ་བས་མ་རིག་པའི་རྒྱུའི་དངོས་པོ ་ཁྱོང་དུ་ཆུད་པར་བྱའོ།། དེའི་ཕྱིར་ཕྱིན་ཅི་ལོག་བཞི་ལས་བྱུང་བའི་མ་རིག་པ་ཡོད་ལ། ཇི་ལྟར་མ་རིག་པ་ཕྱིན་ཅི་ལོག་བཞི་ལས་བྱུང་བ་ཡོད་པ་བཞིན་དུ་འདི་ལྟར་མ་རིག་པ་ལས་བྱུང་བའི་འདུ་བྱེད་ཀྱང་འབྱུང་བར་འགྱུར་ཞིང་། ་སྲིད་དུ་སྐྱེ་བ་ལས་བྱུང་བའི་རྒ་ཤིའི་བར་བར་དུ་འབྱུང་བར་འགྱུརརོ།། དེས་ན་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་སྲིད་པས་རྟེན་ཅིང་འབྲེལ་པར་འབྱུང་བ་ཡོད་དོ་ཞེ་ན། དེ་ལ་མ་རིག་པའི་དབང་དུ་བྱས་ནས་སྨོས་པ། གལ་ཏེ ་རྟེན་ཅིང་འབྲེལ་པར་འབྱུང་བ་ཡོད་ན། དེ་ལས་བྱུང་བ་མ་རིག་པ་ཡོད་ལ་གང་གིས་ཚེ་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་མ་གྲུབ་ན། དེའི་ཚེ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་ཏུ་གྱུར་པ་མ་རིག་པ་འབྱུང་བར་ག་ལ་འགྱུར ་གཞན་ཡང་འདིར་མ་རིག་པ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་བྱུང་ན། ཕྱིན་ཅི་ལོག་ལས་འབྱུང་བར་བརྗོད་པར་བྱ་ལ། དེ་ལྔ་གལ་ཏེ་ཕྱིན་ཅི་ལོག་ཡོད་ན་དེའི་ཚེ་དེ་ལས་བྱུང་བའི་མ་རིག་པ་ཡང་ཡོད་ན། ཡོད་པ ་ན་མ་ཡིན་ནོ་ཞེས་བསྒྲུབ་པའི་ཕྱིར་གསུངས་པ། མི་རྟག་རྟག་མིན་བདག་མེད་དང་།། བདག་མིན་སྡུག་དང་མི་སྡུག་མིན།། སྡུག་བསྔལ་བདེ་བ་མ་ཡིན་ཞིང་།། དེ་ཕྱིར་ཕྱིན་ཅི་ལོག་རྣམས་མེད།། དེ་ལ་མི་རྟག་པ་ལ ་པར་འཛིན་པས་ཕྱིན་ཅི་ལོག་གོ།། ཅི་སླར་ཡང་དེ་མི་རྟག་པའི་དངོས་པོ་ལས་ཀུན་གྱི་ལོག་པ་རྟག་པ་ཁོང་དུ་ཆུད་པ་མེད་ན། ཡང་ཇི་ལྟར་རྟག་པ་ལས་ཕྱིན་ཅི་ལོག་རྟག་པ་ཡིན། ཕྱིན་ཅི་ལོགས ་ལྕོག་སྟེ་ལོག་རྟོགས་སོ།། གང་གི་ཆ་མ་དག་པ་རྟག་པ་མི་འགྱུར་ཞིང་མི་རྟག་པ་སྦྱིན་ཅི་ཡིན་ནོ།། མི་རྟག་པའི་དངོས་པོ་ནི་མ། པ་ལས་བྱིན་ཅི་ལོག་དམ་པ་ཉིད་དུ་ཐོབ་ནས་ཕྱིན་ཅི་ལོག་ཏུ་རྨང་ཡོ ་འོན་ཀྱང་མི་རྟག་པ་ཉིད་ཀྱི་དངོས་པོ་དེ་གང་གི་ཚེ་ཇི་ལྔ་གནས་པའི་མིལོགས་ནས་རྟག་པ་ཉིད་དུ་བན་སྦྱིན་ཅི་ལོག་ཏུ་འཛིན་པས་ཕྱིན་ཅི་ལོག་ཅེས་བྱའོ།། སྐརཞིག ་འདིས་ཕྱིན་ཅི་ལོག་ཏུ་འཛིན་སྨྲས་པ། རྟག་པར་རོ།། སླར་ཡང་དེའི་ཚེ་ཇི་ལྟར་འདིས་རྟག་པར་འཛིན། རྣམ་པར་ཤེས་པ་དེའི་རྣམ་པར་བསྐྱེད་པའི་ཕྱིར་རོ།། གྲོལ་ཏེ་དེ་ལྟ་ན་འདི་ལྟར་དེའི་ཚེ། དེའི་རྣམ་པར་ཤེས་པ་དེ་མི་རྟག་པ ་དངོས་པོ་ལ་མ་ཡིན་ཏེ། དེ་དེའི་རྣམ་པར་མ་སྐྱེས་པའི་ཕྱིར་རོ།། དེས་ན་རྣམ་གས་པ་དེ་ཡ་པ་ལ་མ་ཡིན་ཏེ། ཡོད་པ་ལ་རྟག་པའི་རྣམ་པར་འཛིན་པས། རྟག་པར་འཛིན་པ་ཇི་ལྟར་ཕྱིན་ཅི་ལོག། སྨྲས་པ། དངོས ་མི་རྟག་པར་གནས་པ་ལ་རྟོག་པའི་རྣམ་པར་འཛིན་པས་ཕྱིན་ཅི་ལོག་པ་ཞེས་བྱའོ།། སླར་ཡང་པོ་མི་རྟག་པའི་རྣམ་པར་གནས་པ་ཞེས་དེ་ཇི་ལྟར་དེ་ལྟར་རྟོགས། གང་ལ་གང་ལས་གང་གི་རྣམ་པར་ཤེས་པ་བསྐྱེད་པ་དེས ་ན། རྣམ་པར་ཤེས་པ་ལ་གྲགས་པའི་རྣམ་པ་དེ་ལས་དངོས་པོ་རྣམ་པར་འཇོག་སྟེ། སྔོན་པོ་དང་སེར་པོ་ཞེས་བྱ་བ་ལྟ་བུའོ།། རྟག་པའི་རྣམ་པར་ཤེས་པ་ནི་གཞན་གྱིས་རྣམ་པར་མ་ཡིན་པའི་ཕྱིར། དེའི་ཚེ་མི་རྟགས་པའི་རྣམ་པ་ར ་དེའི་རྣམ་པར་ཤེས་པས་དངོས་པོ་གང་ཞིག་གཞན་དུ་འཛིན་པར་ག་ལ་འགྱུར། གཞན་ཞིག་ལ་དེའི་མི་རྟག་པ་བྱས་ནས་དངོས་པོ་མི་རྟག་གེ་ཞེ་ན། འདི་ནི་དེ་ལྟར་མ་ཡིན་ཏེ། དེ་ཉིད་དེའི་ཚེ་མི་རྟག་པའོ།། གཞན་ཞིག་ན་དེའི ་རྣམ་པར་རྣམ་པར་ཤེས་པ་མ་སྐྱེས་པའི་ཕྱིར་མི་སྣང་བ་ཉིད་ལ། དེ་ནི་དེའི་རྣམ་པའོ་ཞེས་འཐད་པ་མ་ཡིན་ལ་ཕྱིན་ཅི་ལོག་ལྔ་འཛིན་པ་ཡང་མ་ཡིན་ནོ་ཞེས་བྱའོ།། དེའི་ཕྱིར་རྟག་པའི་རྣམ་པ་ཕྱིན་ཅི་ལོག་མ་ཡིན་ཞིང་། རྟག་པ ་དང་མི་རྟག་པ་ཞེས་བྱས་ནས་ཕྱིན་ཅི་ལོག་ཉིད་མེད་དོ།། དེ་ལྟར་ནམ་ཡང་བདག་མེད་དང་བདག་ལ་མིན་ཞིང་། སྡུག་པ་དང་མི་སྡུག་པ་ལ་ཡང་མ་ཡིན་ལ། བདེ་བ་དང་སྡུག་བསྔལ་ལྔ་ཡང་མིན་ནོ་ཞེས་རྒྱས་པར་བཤད་པར་བྱའོ།། ་དེས་ན་དེ་ལྟར་ཕྱིན་ཅི་ལོག་མེད་ལ་གང་གིས་ཚེ་ཕྱིན་ཅི་ལོག་མི་སྲིད་པ་དེའི་ཚེ། དེ་མེད་ཕྱིན་ཅི་ལོག་བཞི་ལས།། སྐྱེས་པའི་མ་རིག་མི་སྲིད་ལ།། དེ་མེད་འདུ་བྱེད་མི་འབྱུང་ཞིང་།། ལྕག་མ་རྣམས་ཀྱང་དེ་བཞིན་ནོ།། དྲོ་ལ ་གང་ཞིག་སྨོས་པའི་ཡན་ལག་བརྒྱུད་མ་རྣམས་ཀྱིས་རྒྱུ་བརྒྱུད་མར་བསྟན་པ་ཡོད་པས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡོད་དོ་ཞེས་པ་ཚུལ་འདིས་འཐད་པ་མ་ཡིན་ནོ།། གང་ཞིག་ཕྱིན་ཅི་ལོག་བཞི་ལས་བྱུང་བ་མ་རིག་པ་ཉིད ་ལ་ཕྱིན་ཅི་ལོག་མེད་ན་མེད་དོ།། ཞེས་བསྟན་ལ། དེ་ཉིད་ཀྱིས་ཆ་འདུ་བྱེད་ལ་སོགས་པའི་ཡན་ལག་དགག་པ་གྲུབ་བོ།། གང་དུ་མ་རིག་པ་མེད་པས་འདུ་བྱེད་རྣམས་མི་འབྱུང་ལ་དེ་བཞིན་དུ་རྣམ་པར་ཤེས་པ་མེད ་པས་མིང་དང་གཟུགས་བཀག་པ་སྟེ། ཇི་སྲིད་དུ་སྐྱེ་བ་མེད་པས་རྒ་ཤི་མེད་དོ་ཞེས་བྱ་བའི་བར་དུའོ།། དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་མེད་ན། དེ་དག་གི་རྒྱུ་བརྒྱུད་ན་བསྟན་པ་ལས་དེའི་ཡན་ལག་བརྒྱུད་མ་ག་ལ་ཞིག། དེས ་ན་རྟེན་ཅིང་འབྲེལ་པར་འབྱུང་བ་སྐྱེ་བ་མེད་དོ་ཞེས་གྲུབ་བོ།། འདིར་སྨྲས་པ། གལ་ཏེ་ན་ཡང་ཕྱིན་ཅི་ལོག་ལས་བྱུང་བའི་མ་རིག་པ་ཕྱིན་ཅི་ལོག་མེད་པས་མེད་དོ། ཞེས་སྨྲ་ན། དེ་ལྟ་ན་ཡང་འདིར་རེ་ཞིག་ཁོ་ནར་འདི་དག་མེད་དོ།། ཞེས ་རྣམ་པར་བཞག་པར་མི་ནུས་ཏེ། འདུ་བྱེད་བསྐྱེད་པས་ན་དེའི་རྒྱུའི་དངོས་པོར་བསྟན་པའི་ཕྱིར་དང་། འདུ་བྱེད་རྣམས་ཀྱང་མ་རིག་པའི་འབྲས་བུར་བསྟན་པའི་ཕྱིར། དེ་སྐད་དུ་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། མ་རིག་པའི། ་རྗེས་སུ་འགྲོ་བའི་གང་ཟག་འདི་དག་ནི་བསོད་ནམས་ཀྱི་འདུ་བྱེད་ཀྱང་མངོན་པར་འདུ་བྱེད་དོ།། བསོད་ནམས་ཡིན་པའི་འདུ་བྱེད་ཀྱང་མངོན་པར་འདུ་བྱེད་དོ།། ལུང་དུ་མ་བསྟན་པའི་འདུ་བྱེད་ཀྱང་མངོན་པར་འདུ་བྱེད་དོ་ཞེས་སོ། ་དེའི་ཕྱིར་མ་རིག་པ་དང་འདུ་བྱེད་དག་ཡོད་ལ། དེ་ཡོད་ན་གཞན་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་རྣམས་གྲུབ་པས་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་དུ་གཉིས་གྲུབ་པོ་ཞེས་བརྗོད་དོ།། གལ་ཏེ་མ་རིག་པ་དང ་འདུ་བྱེད་དག་གི་རང་བཞིན་གྲུབ་པར་གྱུར་ན། རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་ཡོད་ལ། ཡོད་པ་མ་ཡིན་ཏེ། ཇི་ལྟར་མེད་པ་དེ་ལྟར་བསྒྲུབས་པའི་ཕྱིར་གསུངས་པ། མ་རིག་འདུ་བྱེད་མེད་མི་འབྱུང་།། དེ་མེད་འདུ་བྱེད ་མི་འབྱུང་ཞིང་།། དེ་དག་ཕན་ཚུན་རྒྱུ་ཅན་ཏེ། རང་བཞིན་གྱིས་ཀྱང་མ་གྲུབ་བོ།། གལ་ཏེ་མ་རིག་པའི་འདུ་བྱེད་རྣམས་ཀྱིས་རྒྱུར་རྣམ་པར་བཞག་པ་ནི་འདི་ལྟར་འདུ་བྱེད་མེད་པའི་ཕྱིར་དེ་མེད་ལ་རྒྱུ་གང་ཞིག་རྒྱུ་ཉིད་དུ་འབྲས་བུ་དང ་འབྲེལ་པ་བྱས་པ་ལས་ཡིན་གྱི་འབྲེལ་བ་བྱས་པ་ལས་ཡིན་གྱི་འབྲེལ་པ་མེད་ན་རྒྱུ་ཉིད་ནམ་ཡང་མ་ཡིན་པའི་ཕྱིར་རོ།། ཡང་ན་འབྲས་བུ་ཉེ་བར་མ་གཟུང་བར་འགའ་ཞིག་རྒྱུ་ཉིད་དུ་འགྱུར་ན། དེ་ལྟ་ན་འགའ་ཞིག་འགའ་ཞིག་གི ་རྒྱུར་མི་འགྱུར་ལ། དེའི་ཕྱིར་རྒྱུའི་རྣམ་པར་གཞག་པ་འབྲས་བུ་མེད་ན་མ་ཡིན་ལ་རྒྱུ་ཡང་མ་རིག་པ་ནི་འདུ་བྱེད་རྣམས་ཀྱིའོ་ཞེས་བྱ་སྟེ། མ་རིག་པ་ནི་འདུ་བྱེད་མེད་ན་རྒྱུར་མི་འགྱུར་ལ། རྒྱུ་འབྲས་ཀྱི་དངོས་པོའི་སྐབས་ཡིན ་པོ་ཕྱིར། རྒྱུའི་སྒྲ་མེད་ཀྱང་རྒྱུ་ཉིད་དུ་རྟོག་ས་པ་ཉིད་ཀྱིས་འབྲས་བུ་རྒྱུའི་སྒྲས་མ་གསུང་སོ།། ཇི་ལྟར་འབྲས་བུ་ལ་མ་བལྟོས་པར་འགའ་ཞིག་རྒྱུ་ཉིད་མ་ཡིན་པའི་ཕྱིར། མ་རིག་པ་འདུ་བྱེད་མེད་ན་མི་འབྱུང་བ་བཞིན་འབྲས་བུ ་ཡང་རྒྱུ་ལ་མི་བལྟོས་ན། རྒྱུ་མེད་པ་ལས་མི་སྲིད་དོ་ཞེས་བྱ་བ་ནི། དེ་མོད་འདུ་བྱེད་མི་འབྱུང་ཞིང་། མ་རིག་པ་མེད་ན་འདུ་བྱེད་མི་འཐད་དེ། རྒྱུ་མེད་པར་ཐལ་བའི་ཕྱིར་རོ།། གང་ཡང་འདི་ལྟར་རྒྱུ་དང་འབྲས་བུ་དག་ཕན་ཚུན ་མ་བལྟོས་པར་གྲུབ་པ་མེད་ལ།། དེའི་ཕྱིར་དེ་དག་ཕན་ཚུན་རྒྱུ་ཅན་དང་། ངོ་བོ་ཉིད་ཀྱིས་ཀྱང་མ་གྲུབ་སྟེ། ཕ་རོལ་དང་ཚུ་རོལ་བཞིན་ནམ་རིང་པོ་དང་ཐུང་ངུ་བཞིན་རྒྱུ་དང་འབྲས་བུ་དག་ཕན་ཚུན་བལྟོས་པ་དང་བཅས་པའི་ཕྱིར ་ངོ་བོ་ཉིད་ཀྱི་གྲུབ་པ་མེད་དོ།། གལ་ཏེ་རྒྱུ་དང་འབྲས་བུ་དག་ངོ་བོ་ཉིད་ཀྱིས་གྲུབ་པར་གྱུར་ན། དེ་ནི་འབྲས་བུ་ལ་མི་བལྟོས་པར་རྒྱུར་འགྱུར་ན། དེ་ལས་ཀྱང་རྒྱུ་མེད་པ་ཉིད་དུ་འགྱུར་ཏེ། རྒྱུ་ནི་གང་ལས་འབྲས་བུའི་འཇུག་པའི་རྒྱུ་ཉིད་པས ་རྒྱུའོ།། དེ་མེད་ན་རྒྱུ་མེད་པ་ཉིད་པས་རྒྱུར་འགྱུར་ཏེ། རྒྱུ་མེད་པ་ཉིད་རྒྱུར་འཐད་པ་ཡང་མ་ཡིན་ནོ་ཞེས་བྱ་བས། དེས་ན་ངེས་པར་འབྲས་བུ་ལ་བལྟོས་ལ། འབྲས་བུ་ལ་བལྟས་པའི་ཕྱིར་རང་ཉིད་མ་གྲུབ་པོ།། དེ་བཞིན་དུ་གལ་ཏེ ་འབྲས་བུ་ངོ་བོས་གྲུབ་པར་གྱུར་ན། དེ་ནི་རྒྱུ་ལ་མི་བལྟོས་པར་འགྱུར་ལ། དེ་ཡང་རྒྱུ་ལ་མི་བལྟོས་ན། དེ་ནི་ན་མཁའི་མེ་ཏོག་བཞིན་དུ་འགྱུར་བས་དེའི་ཕྱིར་རྒྱུ་ལ་བལྟོས་སོ།། རྒྱུ་ལ་བལྟོས་པའི་ཕྱིར་ངོ་བོ་ཉིད་མ་གྲུབ་པོ ་ཞེས་གནས་སོ།། དེ་ནི་འདི་ལྟར་ཇི་སྐད་དུ་གསུངས་པའི་རིགས་པས། གང་ཞིག་རང་ཉིད་རང་བཞིན་གྱིས།། མ་གྲུབ་དེས་གཞན་ཇི་ལྟར་བསྐྱེད།། དེ་ཕྱིར་གཞན་ལས་གྲུབ་པ་ཡས།། རྐྱེན་གཞན་དག་ནི་བསྐྱེད་བྱེད་མིན།། ། ་གང་ཡང་དེའི་ཚེ་འབྲས་བུ་ལ་མ་བལྟོས་པར་རང་གི་ངོ་བོ་མི་འགྲུབ་ལ། དེ་ཇི་ལྟར་རང་ཉིད་གྲུབ་པ་མེད་པར་འབྲས་བུ་སྐྱེད་པར་བྱེད།། གལ་ཏེ་སྐྱེད་ན་མོ་གཤམ་གྱི་བུ་མོ་ཡང་བུ་བསྐྱེད་པར་འགྱུར་ལ། དེ་ཕྱིར་གཞན་ལས་གྲུབ་པ་ཡི།། ་རྐྱེན་གཞན་དག་ནི་བསྐྱེད་བྱེད་མིན།། ཏེ་རང་ལས་ཐ་དད་པ་གཞན་དུ་གྱུར་པ་ནི་འབྲས་བུ་ལ་དེ་ལ་བལྟོས་ནས་གྲུབ་པའི་རིགས་པ་ལ་སོགས་པའི་རྐྱེན་གྱིས་རང་ལས་ཐ་དད་པའི་འབྲས་བུ་འདུ་བྱེད་ལ་སོགས་པའི་སྐྱེད་བྱེད་མ་ཡིན་ནོ།། ཕན་ཚུན ་མི་བལྟོས་པར་གྲུབ་པོར་ཡོད་པར་གྱུར་ན། རྒྱུ་ལས་གཞན་པ་འབྲས་བུ་འདྲས་ལས་གཞན་པ་རྒྱུའོ་ཞེས་ཐད་པར་འགྱུར་ལ། རྒྱུ་དང་འབྲས་བུ་དག་ཕན་ཚུན་མ་བལྟོས་པར་གྲུབ་པ་ཡོད་པ་མ་ཡིན་ནོ།། ཞེས་བསྒྲུབས་ཟིན་ཏོ།། དེས་ན ་མ་རིག་པ་ལས་འདུ་བྱེད་རྣམས་གཞན་ཉིད་དུ་མ་གྲུབ་པས། འདུ་བྱེད་རྣམས་ལ་མ་བལྟས་པར་མ་རིག་པ་གཞན་ཉིད་དུ་གྲུབ་པར་འགྱུར་རོ།། ཞེས་བརྗོད་པར་མི་ནུས་སོ།། དེ་ལྟར་འདུ་བྱེད་ལ་སོགས་པ་ལས་མ་རིག་པ ་ལ་སོགས་པ་གཞན་ཉིད་དུ་མ་གྲུབ་ན། མ་རིག་པ་ལ་བརྟེན་ནས་བྱུང་བའི་འདུ་བྱེད་རྣམས་གཞན་ཉིད་དུ་མ་གྲུབ་བོ་ཞེས་རྣམ་པར་བཞག་པར་མི་ནུས་སོ།། གླང་ཞིག་དེ་ལྟར། དེ་ཕྱིར་གཞོན་ལས་གྲུབ་པ་ཡིས།། རྐྱེན་གཞན ་དག་ནི་བསྐྱེད་བྱེད་མིན། དེས་ན་འདིར་མ་རིག་པ་བརྟེན་ནས་འདུ་བྱེད་ལ་བལྟོས་ནས་མ་རིག་པའོ་ཞེས་རྣམ་པར་བཞག་པས་རེ་ཞིག་རྒྱུ་དང་འབྲས་བུ་དག་གཅིག་ཉིད་མ་ཡིན།། ཞེས་སྨོས་པར་འགྱུར་རོ།། དེ་ཉིད་ཀྱིས་དེ་ཉིད ་བསྐྱེད་པ་མེད་དོ་ཞེས་བྱས་ནས། ཕན་ཚུན་བལྟོས་པས་རྒྱུ་དང་འབྲས་བུ་དག་གྲུབ་པར་གྱུར་ལ། ཕན་ཚུན་བལྟོས་པས་རང་གི་ངོ་བོ་གྲུབ་པ་མེད་པས་རྒྱུ་དང་འབྲས་བུ་དག་གཞན་པ་ཡང་མ་ཡིན།། ཞེས་བརྗོད་པར་འགྱུར་རོ།། ་དེ་ཉིད་ཀྱིས་ན་གཅིག་པ་དང་གཞན་པ་དག་མེད་པས་རྟག་པ་དང་ཆད་པའི་མཐར་སྨྲ་བ་དང་བྲལ་བའི་རྟེན་ཅིང་འབྲེལ་པར་འབྱུང་བ་གྲུབ་པ་ཡོངས་སུ་སྐྱེའོ།། ཇི་སྐད་དུ། བརྟེན་ནས་བྱུང་བྱ་གང་དང་གང་།། རེ་ཞིག་དེ་ཉིད ་དེས་མི་བསྐྱེད།། གཞན་ལས་ཀྱང་མིན་དེ་ཡི་ཕྱིར།། རྟག་མིན་ཆད་པ་ཡང་མ་ཡིན།། ཞེས་བྱ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ་རང་བཞིན་མེད་པ་ཡང་ཤིན་ཏུ་གསལ་བར་ཁོང་དུ་ཆུད་པར་བྱས་པར་འགྱུར་རོ།། ཇི་སྐད་དུ་གཅིག་ཉིད་གཞན ་ཉིད་དང་བྲལ་བ།། འགྲོ་བ་སྒྲ་བརྙན་ལྟ་བུ་སྟེ།། འཕོ་དང་འཇིགས་པ་བྲལ་བ་ཡི།། རྟོགས་ལྗོན་ཁྱོད་ལ་མི་སྨོད་དོ།། ཞེས་གསུངསོ།། གལྤ་ཏེ་ཡང་དེ་ལྟར་རྒྱུ་དང་འབྲས་བུ་དྲག་ཕན་ཚུན་བལྟོས་པ་ཅན་དུ་གྲུབ་པར་རྣམ་པར་བཞག་ལ། དེ་ལྟ ་ན་ཡང་ཕན་ཚུན་བལྟོས་པ་ཅན་དུ་གྲུབ་པས་དེ་དག་ཀྱང་བུ་དང་པ་བཞིན་དུ་གྲུབ་པར་འགྱུར་རོ་ཞེ་ན། གསུངས་པ། བ་ནཱི་བུ་མིན་བུ་ཕ་མིན།། དེ་དག་ཕན་ཚུན་མེད་མིན་ཞིང་།། དེ་གཉིས་གཅིག་ཅར་ཡང་མེད་ལྟར།། དེ་ལྟར་ཡན་ལག ་བཅུ་གཉིས་སོ།། ཕ་ཉིད་བུ་མ་ཡིན་ཏེ། ཕ་ཞེས་བྱ་བ་བསྐྱེད་བྱེད་ལ།། དེ་ཇི་ལྟར་སྐྱེད་བྱར་འགྱུར། བུ་ཡང་ཕ་མིན་ཏེ་བུ་ནི་བསྐྱེད་བྱ་ལ། དེ་ཇི་ལྟར་བསྐྱེད་བྱེད་དུ་འགྱུར། དྲི་ལྟར་རེ་ཞིག་པ་ཉིད་བུ་མ་ཡིན་ལ། བུ་ཉིད་ཕ་མ་ཡིན་ནོ།། ་ཐ་མོ་དད་པ་མ་ཡིན་པའི་ཕྱིར་དེ་གཉིས་ཕན་ཚུན་མེད་པོ་ཡིན་ཏེ། བུ་མེད་ནི་ཕ་འཐད་པ་མ་ཡིན་ཏེ། སྐྱེད་པར་བྱེད་པའི་ལས་ཀྱིས་པ་ཉི་དུ་འཐད་པའི་ཕྱིར། བུ་མེད་ན་ཅི་ཞིག་སྐྱེད་པ་བྱེད་པས་ཕ་ཉིད་དུ་འགྱུར། ཕ་ཡང་བུ་མེད་ན་མི ་འགྲུབ་པས། ཕ་མེད་ན་ཡ་བུ་ཡང་མི་འཐད་དོ།། ཞེས་བྱ་བས། དྲི་གཉིས་ཕན་ཚུན་མེད་མིན་ཞིང་། དེ་གཉིས་གཅིག་ཅར་ཡང་མེད་ལྟར་ཏེ། དེ་གཉིས་གཅིག་ཅར་ན་བ་ལང་གིས་རྭ་གཡས་པ་དང་གཡོན་པ་བཞིན་པས་བསྐྱེད་བྱ་སྐྱེད ་བྱེད་མེད་པ་ཉིད་དུ་འགྱུ་རོ།། ཇི་ལྟར་ཕ་དང་བུ་དག་མ་གྲུབ་པོ་དེ་བཞིན་དུ། ཡན་ལག་བཅུ་གཉིས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་མ་གྲུབ་སྟེ། མ་རིག་པ་ཉིད་འདུ་བྱེད་མ་ཡིན་ལ། འདུ་བྱེད་ཉིད་མ་རིག་པ་མ་ཡིན་ཞིང་། དེ ་གཉིས་ཕན་ཚུན་མེད་མིན་ཞིང་།། དེ་གཉིས་གཅིག་ཅར་ཡང་མ་ཡིན། ཞེས་བྱ་བས་ཐམས་ཅད་ལ་མཚུངས་པར་སྦྱར་བར་བྱའོ་ཞེས་གསུངས་སོ།། གལ་ཏེ་མ་རིག་པ་དང་འདུ་བྱེད་དག་རང་གི་ངོ་བོ་མ་གྲུབ་ན། དེ་ནི་མ་རིག་པ་ལ ་བརྟེན་ནས་འདུ་བྱེད་རྣམས་སྐྱེ་བ་མི་འཐད་དེ། མེད་བཞིན་པའི་མོ་གཤམ་གྱི་བུ་ལ་བརྟེན་ནས། དེའི་བུ་འབྱུང་བ་མ་ཡིན་ནོ་ཞེས་བརྗོད་དོ།། གལ་ཏེ་མ་རིག་པ་དང་འདུ་བྱེད་དག་རང་གི་ངོ་བོ་གྲུབ་པར་གྱུར་ན། དེ་ནི་འདི་དག་ད་ལྟར ་བ་བཞིན་པས་རྟེན་ཅིང་འབྲེལ་པར་འབྱུང་བར་མི་འགྱུརརོ།། མོ་གཤམ་གྱི་བུ་ལ་ཡང་བརྟེན་ནས་འབྱུང་བ་མ་ཡིན་ཞིང་། མ་རིག་པ་ལ་བརྟེན་ནས་འདུ་བྱེད་འབྱུང་ངོ་ཞེས་བྱ་སྟེ། དེས་ན་མོ་གཤམ་གྱི་བུ་ལྟ་བུ་ནི་རྟེན་ཅིང་འབྲེལ ་པར་འབྱུང་བའི་དོན་མ་ཡིན་ནོ།། འོ་ན་གཉི་ག་ཡང་རང་བཞིན་གྱིས་མ་སྐྱེས་པར་མཉམ་ལ། དེ་ལྟ་ན་ཡང་ཕྱིན་ཅི་ལོག་ལ་བལྟོས་ནས་མ་རིག་པ་ལ་སོགས་པ་ལ་བརྟེན་ནས་སྐྱེ་བ་ཡོད་ལ། མོ་གཤམ་གྱི་བུ་ལ་ཕྱིན་ཅི་ལོག ་ལ་ཡང་དེ་ལ་བརྟེན་ནས་སྐྱེ་བར་མི་བརྟོག་པའི་ཕྱིར་རོ།། ཡང་ཅིའི་ཕྱིར་གཉི་ག་ཡང་མཚུངས་པར་རང་བཞིན་གྱིས་མ་སྐྱེས་པ་ལ་གཅིག་ནི་རྟེན་ཅིང་འབྲེལ་པར་འབྱུང་བར་མཐོང་ལ་གཅིག་ཤོས་ནི་མ་ཡིན། འདི་ནི ་འཇིག་རྟེན་པ་ཁོ་ན་ལ་དྲི་བར་བྱའི། ཁོ་བོ་ལ་ནི་མ་ཡིན་ནོ།། དེ་ཉིད་ཀྱིས་ན་རྟེན་ཅིང་འབྲེལ་པར་འབྱུང་བ་འཇིག་རྟེན་གྱིས་ཕྱིན་ཅི་ལོག་ལས་སོ།། གང་དག་རང་བཞིན་གྱིས་མ་སྐྱེས་པར་མཉམ་པ་ཁ་ཅིག་ནི་རྟེན་ཅིང་འབྲེལ་པར་འབྱུང་བར་མཐོང ་ལ་གཅིག་ཤོས་ནི་མ་ཡིན་ནོ།། རིགས་པས་ནི་མོ་གཤམ་གྱིས་བུ་བཞིན་དུ་ཆོས་ཐམས་ཅད་ཡོངས་སུ་མ་བརྟགས་ལ་ཅུང་ཟད་རྟོག་པར་བྱེད་པས་ན། ཕྱིན་ཅི་ལོག་ཏུ་རྣམ་པར་བཞག་སྟེ། འདི་ལྟར་རབ་རིབ་ཅན་གྱི་ཡང་དག་པ་མ ་ཡིན་པའི་སྒྲ་ལ་ཡོངས་སུ་རྟོག་པ་མི་འཐད་པས། ཇི་ལྟར་རབ་རིབ་མེད་པ་རྣམས་ཀྱིས་བརྟགས་པ་ལས་ཕྱིན་ཅི་ལོག་ཏུ་མཐོང་བ་ཞེས་བརྗོད་དོ།། དེ་ཉིད་ཀྱིས་ན་སངས་རྒྱས་བཅོམ་ལྡན་འདས་སྨན་པ་ཆེན་པོ་ལྟར་རང་བཞིན་མེད་པ ་སྐྱེ་བོ་རྣམས་ལ་སྟོན་པར་མཛད་དེ། གང་ཞིག་དེའི་རྒྱུ་ཡོད་པ་མ་ཡིན་པ་ལ་དོན་དུ་རྟོག་པའི་རྣམ་པར་རྟོག་པ་ཕྱིན་ཅི་ལོག་གི་མཚན་ཉིད་ལས་བཟློག་པར་མཛད་དོ།། རྣམ་པར་རྟོག་པ་ལས་ཡོངས་སུ་བཟློག་ནས་ཡང་ཆོས་རྣམས་ཀྱི ་ཆོས་ཉིད་ཇི་ལྟ་བ་དེ་ལྟ་བུ་ལ་གནས་སོ།། དེ་ལ་གནས་ནས་ཡང་དག་པ་མ་ཡིན་པར་སྒྲོ་མི་འདོགས་པས་མྱ་ངན་ལས་འདས་པ་ཐོབ་པ་ལ་རྣམ་པར་གྲོལ་བ་ཞེས་བརྗོད་དོ།། འདི་ལྟར་དེ་ཕྱིན་ཅི་ལོག་ཏུ་ཞུགས་པའི་ཕྱིར། མ ་རིག་པ་དང་འདུ་བྱེད་དག་གི་རང་བཞིན་མེད་ལ་གལ་ཏེ་དེ་ལྟར་འདི་གཉིས་རང་བཞིན་མེད་ལ་རང་བཞིན་མེད་པ་དག་ཡོད་ན། ཇི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་། ཇི་ལྟར་འདི་དག་རང་བཞིན་མེད་པ་དག་རྟེན་ཅིང་འབྲེལ་པར་འབྱུང་བ་དེ ་ལྟར་སློབ་དཔོན་གྱིས་དཔས་གསལ་བར་མཛད་པས་གསུངས་པ། ཇི་ལྟར་རྨི་ལམ་ཡུལ་བརྟེན་པའི།། བདེ་སྡུག་མེད་བཞིན་དེ་ཡུལ་ཡང་། བརྟེནས་གེ་སྐྱེས་མེད་བཞིན། བརྟེན་པ་ཉིད་ཀྱིས་དེ་ཡོད་མིན། ཇི་ལྟར་གང་ཁོ་ན་ལས་རྨི་ལམ་དྲ་ཉམས་སུ་མྱོང ་བཞིན་པ་བདེ་བ་དང་སྡུག་བསྔལ་དག་རྨི་ལམ་དུ་དངོས་པོ་ཉེ་བར་ཐོབ་པའི་གཟུགས་དང་སྒྲ་ལ་སོགས་པ་དེ་སྐྱེད་པའི་རྗེས་སུ་མཐུན་པ་ལས་བརྟེན་ནས་བྱུང་ངོ་ཞེས་རྨི་ལམ་ཉིད་དུ་རྣམ་པར་འཇོག་ལ། དེ་ལས་སྐྱེས་པ་ལ་རང་བཞིན ་ཡང་མེད་ལ་རྨི་ལམ་ཡཱ་སད་པ་ན་དེ་བཞིན་དུ་ཉམས་སུ་མྱོང་བྱ་བདེན་པ་ཉིད་དུ་མི་རྟོག་པའི་ཕྱིར་རོ།། བདེ་བ་དང་སྡུག་བསྔལ་འབའ་ཞིག་ངོ་བོ་ཉིད་མེད་པ་མ་ཡིན་ཏེ། རྨི་ལཱམ་གྱི་ཡུལ་ཡང་རྟེན་ཅིང་འབྲེལ་པར་འབྱུང་ལ། ཡུལ ་དེ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་རང་བཞིན་མེད་པའོ།། ཇི་ལྟར་རྨི་ལམ་གྱིས་ཡུལ་དང་དེ་ལ་བརྟེན་ནས་གང་ཞིག་བདེ་བ་དང་སྡུག་བསྔལ་ཉེ་བར་སྐྱེ་བ་དེ་དང་དེ་ནི་གཉི་ག་བརྫུན་ལ། དེ་བཞིན་དུ་སད་པ་ན་ཡང་མ་རིག་པ ་ཞེས་བྱ་བའི་རྒྱུ་གང་ལས་འདུ་བྱེད་ཅེས་བྱ་བའི་འབྲས་བུ་སྐྱེ་བ་དག་མེད་དེ། རྨི་ལམ་ན་ཉེ་བར་ཐོབ་པའི་ཡུལ་བཞིན་དུ་དེའི་རྒྱུ་མ་རིག་པ་ཞེས་བྱ་བ་མེད་པས་ཞེས་བྱ་བའི་དོན་ཏོ།། གང་དང་དེ་གཉིས་རྟག་ཏུ་མངོན་པར་འབྲེལ་བཱི། ་ཕྱིར། གངདུ་གིས་སྒྲ་ཡིས་དེའི་སྒྲ་ཉེ་བར་འཇོག་པར་བྱེད་དེ། དེ་ལྟར་ཡང་རྨི་ལམ་དུ་ཉེ་བར་ཐོབ་པའི་དཔེས་རྒྱུ་མ་རིག་པ་ཞེས་བྱ་བ་མེད་ལ། དེ་བཞིན་དུ་རྨི་ལམ་དུ་ཉམས་སུ་མྱོང་བའི་བདེ་བ་དང་སྡུག་བསྔལ་གྱིས་དཔེས་གང་དེའི་འབྲས ་འབྲས་བུ་འདུ་བྱེད་ཅེས་བྱ་བ་དེ་ཉིད་ཀྱང་མ་རིག་པ་ཞེས་བྱ་བ་རྒྱུ་ཡོད་པ་མ་ཡིན་པ་ལས་བརྟེན་ནས་སྐྱེ་བས་དེ་ཡང་དེ་བཞིན་དུ་ཡོད་པ་མ་ཡིན་ནོ་ཞེས་པ་འདི་དང་འབྲེལ་ཏོ།། དེ་འདི་ལྟར་རྨི་ལམ་དུ་ཉམས་སུ་མྱོང་བའི་བདེ་བ་དང་སྡུག་བསྔལ་གྱིས ་རྟེན་ཅིང་འབྲེལ་པར་འབྱུང་བ་བཞིན། བདེ་བ་དང་སྡུག་བསྔལ་གྱི་རྒྱུ་ཡུལ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་བཞིན་པས་མ་རོག་པ་དང་འདུ་བྱེད་དག་ཕྱིན་ཅི་མ་ལྡོག་པར་གྲུབ་པ་ནི་མེད་དོ་ཞེས་གནས་སོ།། འདིར་ཁ་ཅིག་གིས་སྨྲས་པ། རྨི་ལམ ་གྱི་གཟུགས་དང་སྒྲ་ལ་སོགས་པའི་ཡུལ་རྣམ་ཤེས་ལས། ཕྱི་རོལ་གྱིས་རང་བཞིན་སྟོབས་ཅན་དུ་ཡོད་བཞིན་པ་མ་ཡིན་པས་རྟེན་ཅིང་འབྲེལ་པར་འབྱུང་བ་མེད་ལ། བདེ་བ་དང་སྡུག་བསྔལ་བ་དག་ཉམས་མྱོང་བཞིན་པའི་རང་གི་མཚན ་ཉིད་རྟེན་ཅིང་འབྲེལ་པར་འབྱུང་བ་དག་གི་མཚན་ཉིད་དུ་ཡོད་པའི་ཕྱིར། ཇི་སྐད་དུ་གསུངས་པའི་རིག་པས་རྟེན་ཅིང་འབྲེལ་པར་འབྱུང་བ་རང་བཞིན་མེད་པ་མི་འཐད་དོ།། རྒྱུ་དང་འབྲས་བུའི་རང་གི་མཚན་ཉིད་མ་གྲུབ་པ་ལ། རྟེན་ཅིང་འབྲེལ་པར ་འབྱུང་བ་མེད་པའི་ཕྱིར་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ནི་རང་གིས་མཚན་ཉིད་དུ་གྲུབ་པ་ལས་སོ་ཞེས་བྱ་སྟེ། རྣམ་པར་ཤེས་པ་ཙམ་དུ་སྒྲུབ་པ་ན་རྨི་ལམ་གྱི་དཔེ་འཐད་དེ། རྨི་ལམ་ན་རྣམ་པར་ཤེས་པ་ལས་ཐ་དད་པའི་ཡུལ་མེད ་ལ། རྣམ་པར་རིག་པ་ཙམ་ཡང་ཡོད་པའི་ཕྱིར་རོ་ཞེ་ན། འདིར་སྨྲས་པ། གང་འདི་སྐད་དུ་སྨྲ་སྟེ། རྣམ་པར་ཤེས་པ་ལས་ཕྱི་རོལ་གྱི་རང་བཞིན་སྟོབས་ཅན་དུ་ཡོད་བཞིན་པ་མ་ཡིན་པས་རྟེན་ཅིང་འབྲེལ་པར་འབྱུང་བ་མེད་དོ་ཞེས་བྱ་བ་དེ་ནི ་རེ་ཞིག་མི་རིགས་ཏེ། གལ་ཏེ་རྨི་ལམ་ཡུལ་དང་བཅས་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན་ན། རྟེན་ཅིང་འབྲེལ་པར་འབྱུང་བ་མེད་པའི་ཕྱིར་མོ་གཤམ་གྱི་བུ་བཞིན་རང་གི་རྣམ་པར་ཤེས་པ་ལ་རྣམ་པ་བསྐྱེད་པར་མི་བྱེད་ལ། ་འདིར་སྲེད་པའི་གནས་སྐབས་བཞིན་དུ་བསྐྱེད་པར་བྱེད་པས་མིག་ལ་སོགས་པའི་དབང་པོ་ལ་བརྟེན་ནས། རྣམ་པར་ཤེས་པ་ལས་ཐ་དད་པའི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡུལ་ལ་རྣམ་པར་ཤེས་པ་དམིགས་སྔོ་ཞེས་དེས་སོ།། ་སད་པའི་གནས་སྐབས་ནཱ་ཡང་ཕྱི་རོལ་གྱི་ཡུལ་ལ་རྣམ་པར་ཤེས་བྱས་དམིགས་པས་མ་གྲུབ་པས་དེ་ནི་མི་འཐད་དོ་ཞེ་ན། མི་འཐད་པ་མ་ཡིན་ཏེ། འཇིག་རྟེན་པ་ཡང་ཕྱི་རོལ་གྱིས་ཡུལ་ལ་དམིགས་པའི་ཕྱིར་དང་། བཅོམ ་ལྡན་འདས་ཀྱིས་ཀྱང་ཕྱི་རོལ་ཉིད་དུ་ཉེ་བར་བསྟན་པའི་ཕྱིར་རོ།། བཅོམ་ལྡན་འདས་ཀྱིས་གསུངས་པ། དགེ་སློང་དགྲ་གཟུགས་ནི་ཕྱི་རོལ་གྱིས་སྐྱེ་མཆེད་དེ། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་ཞེས་པ་ལ་སོགས་པའོ།། ། ་འཇིག་རྟེན་པ་ནི་རྨོངས་པའི་ཕྱིར་དང་། བཅོམ་ལྡན་འདས་ཀྱིས་གསུང་ཡང་དགོངས་པ་ཅན་ཉིད་པས་དྲང་དོན་ཡིན་པའི་ཕྱིར་སྐྱོན་མེད་དོ་ཞེ་ན། སྨྲས་པ། ཇི་ལྟར་ན་ཡང་སྔོན་པོ་དང་སེར་པོ་ལ་སོགས་པ་མིག་ལ་སོགས ་པའི་རྣམ་པར་ཤེས་ཀྱིས་ཡོངས་སུ་བཅད་པར་བྱ་བ་མངོན་སུམ་དུ་དམིགས་བཞིན་པ་ལ་མེད་དོ་ཞེས་བརྗོད་པར་མི་ནུསོ།། སྔོན་པོ་ལ་སོགས་རྣམས་དཔྱད་ན། གི་ང་ས་དམིག་ས་ཕྱིར་སྔོན་པོ་ལ་སོག་དྷི་རྣམ་ཐེ་པ་ཡང་སྔོན་པོ་ལ་སོགས་པ ་བའི་རྡུལ་ཕྲ་རབ་བཞིན་ནམ། འདུས་པ་ལ་དམིགས་པ་པོ་ཉིད་དུ་མི་རུང་བས་རྣམ་པར་ཤེས་པའི་རྣམ་པ་ལས་ཐ་དད་པའི་སྔོན་པོ་ལ་སོགས་པ་ཡོད་པར་མི་འགྲུབ་བོ་ཞེ་ན་སྨྲས་པ། གལ་ཏེ་འཇིག་རྟེན་པ་ལ་དམིགས་བཞིན་པ ་ཡང་རིགས་པས་དཔྱད་ན་མེད་དོ་ཞེས་བྱས་ནས་མེད་དོ་ཞེས་བརྗོད་ན་དེ་ལྟ་ན་འདི་ལྟར་རྣམ་པར་ཤེས་པ་ལ་སོགས་པའོ་རང་གི་མཚན་ཉིད་ཀྱང་མེད་དོ་ཞེས་ངེས་པར་བྱོས་ཤིག། རྣམ་པར་ཤེས་པ་དེ་ཡང་རྣམ་པར་ཤེས་པའི་རྣམ ་པ་ལས་ཐ་དད་པ་ཡུལ་གཞན་དུ། ཡོད་པ་ཡོད་ཕྱིར་སྐྱེ་བ་མིན།། མེད་པ་མེད་ཕྱིར་མི་སྐྱེ་ལ།། ཆོས་མི་མཐུན་ཕྱིར་ཡོད་མེད་མིན།། སྐྱེ་བ་མེད་པས་གནས་འགག་མེད།། ཞེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པའི་བརྟག་པས ་དང་དངོས་པོ་མེད་བསྡུ་དངོས་མེད་མིན།། བདག་ལས་མ་ཡིན་གཞན་ལས་མིན།། དེ་ཕྱིར་དངོས་དང་དངོས་མེད་དང་།། དངོས་དང་དངོས་མེད་མིན་པས་ཀྱང་།། ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་བའི་དཔྱད་པ་ལས་ཀྱང ་མ་གྲུབ་པོ།། གང་ཞིག་རིགས་པས་དཔྱད་ན་མི་འཐད་པ་དེ་ལ་འཇིག་རྟེན་པ་རྨོངས་པའི་ཕྱིར་མེད་པ་ལ་སྒྲོ་བཏགས་ལ། སངས་རྒྱས་རྣམས་ཀྱང་དེ་ཡོད་དོ་ཞེས་སྟོན་པ་དྲང་བའི་དོན་དུའོ་ཞེས་བྱའོ།། ཕུང་པོ་ལྔ་རྣམས་ཀྱང ་ཕྱི་རོལ་གྱིས་དམིགས་པ་བཞིན་དུ་དེ་ཁོ་ནར་མ་གྲུབ་པར་ཁས་བླང་བར་བྱོས་ཤིག། དེས་ན་རྣམ་པར་ཤེས་པ་ནི་ཡོད་པ་ཉིད་དང་། ཕྱི་རོལ་གྱི་དམིགས་པ་ནི་མེད་པ་ཉིད་གཏང་བར་བྱའོ།། ཐམས་ཅད་ཀྱི་རང་བཞིན་མ་གྲུབ་པར་གྱུར ་བས་རྣམ་པར་ཤེས་པ་ངོ་བོ་ཉིད་ཀྱིས་མ་གྲུབ་པར་ཁས་བླངས་པ་བཞིན་ཡུལ་ཡང་མ་གྲུབ་པར་ཁས་བླངས་པར་བྱོས་ཤིག་དང་སྐྱོན་ཅི་ཡང་མེད་དོ།། རྣམ་པར་ཤེས་པ་དང་། ཡུལ་དག་མཚུངས་པར་རང་གི་ངོ་བོ་མ་གྲུབ་ལ། རྣམ ་ར་ཤེས་པའི་རང་གི་ངོ་བོ་མ་གྲུབ་ཀྱང་ཡོད་ལ་ཡུལ་གྱིས་རང་གི་ངོ་བོ་མ་གྲུབ་པས་མེད་དོ་ཞེས་བྱ་བ་འདི་དེ་ཁོ་ན་ཉིད་དུ་མ་ཡིན་ཞིང་འཇིག་རྟེན་པ་ལ་ཡང་མ་ཡིན་པས། འདི་སྐད་དུ་སྨྲ་བ་ནི་རིགས་པ་སྨྲ་བར་རུང་བ་མ་ཡིན་ནོ།། དེའི ་ཕྱིར་ཇི་ལྟར་འཇིག་རྟེན་བྱས་མཐོང་བ་དེ་ལྟར་ཞོག་ཅིག། མཐོང་བ་ཡང་ཕྱི་རོལ་གྱིས་སྔོན་པོ་ལ་སོགས་པའི་དམིགས་པ་ལ་རྣམ་པར་ཤེས་པ་ཡང་ཕྱེ་བར་དམིགས་པའོ།། དེའི་ཕྱིར་རྣམ་པར་ཤེས་པ་ཡང་ཉེ་བར་ཞོག་ལ ་ཕྱིར་རོལ་གྱི་དོན་ཡང་ཞོག་ཅིག་དང་། འཇིག་རྟེན་གྱི་ཀུན་རྫོབ་ལས་ཐ་དད་པས་ཅི་ཞིག་བྱ། དེའི་ཕྱིར་རྣམ་པར་ཤེས་པ་ལས་གཞན་པའི་ཕྱི་རོལ་ལ་དམིགས་པ་དགག་པའི་དོན་དུ་རྨི་ལམ་གྱིས་དཔེ་མ་ཡིན་ལ། འོན་ཀྱང ་གཟུགས་ལ་སོགས་པའི་ཕུང་པོ་ལྔ་ཆར་ཡང་རང་བཞིན་མེད་པར་བསྒྲུབ་པའི་དོན་དུའོ།། ཇི་ལྟར་སད་པའི་བདག་ཉིད་ཀྱི་དངོས་པོ་འདི་ཉིད་ཕྱིན་ཅི་ལོག་གི་རྒྱུ་ཅན་གྱི་མ་རིག་པའི་རྐྱེན་ལས། མིག་གི་དབང་པོ་སོགས་པའི ་ཚོགས་པ་དང་། དེའི་རྣམ་པར་ཤེས་པ་ཡོད་པ་ཅན་སྣ་ཚོགས་པའི་གཟུགས་དང་སྒྲ་ལ་སོགས་པའི་ཡུལ་ཉམས་སུ་མྱོང་བ་ལ་འཇུག་པས་བྱིས་པ་རྣམས་འདི་ནི་བདེན་པའོ་ཞེས་མངོན་པར་ཞེན་པའི་རྒྱུ་མཚན ་ལ་འཕགས་པས་བརྫུན་པ་བསྲེ་བའི་ཆོས་ཅན་དུ་ཡོངས་སུ་ཆོད་ལ།། དེ་བཞིན་དུ་རྨི་ལམ་གཉིད་ཀྱིས་ཀུན་ནས་དཀྲུགས་པའི་སེམས་སད་པའི་བདག་ཉིད་ཀྱི་དངོས་པོ་རྐྱེན་གྱིས་མིག་ལ་སོགས་པའི་ཚོགས་པ་དང་། ་དེའི་རྣམ་པར་ཤེས་པ་ཡོད་པ་ཅན་སྣ་ཚོགས་པའི་གཟུགས་དང་སྒྲ་ལ་སོགས་པའི་ཡུལ་ཉམས་སུ་མྱོང་བ་ལ་འཇུགས་པས། རྨི་ལམ་གྱི་ནང་ན་གནས་པ་རྣམས་འདི་ནི་བདེན་པའོ།། ཞེས་མངོན་པར་ཞེན་པའི་རྒྱུ་མཚན་ལ ་སད་པ་རྣམས་ཀྱིས་བརྫུན་པ་བསླུ་བའི་ཆོས་ཅན་ཉིད་དུ་ཡོངས་སུ་ཆོད་ལ། སྤྱད་པའི་སྐྱེ་བོ་ཐ་སྙད་པ་རྣམས་ལ་སྣངོ་།། ཇི་སྲིད་འདྲིར་རྨི་ལམ་མཐོང་བ་ལས་སད་པར་མ་གྱུར་པ་དྲི་སྲྀ་དུ་དེའི་བདག་ཉིད་ཀྱི་དངོས་པོའི་མིག་གིས ་གཟུགས་མཐོང་སྟེ། ཇི་སྲིད་མིག་མི་ཚད་བ་དང་བསྒྲིབས་པར་མ་གྱུར་གྱི་བར་དུའོ།། དེ་བ་ཞིན་དུ་རྣཾ་བས་སྒྲ་ཐོས་པ་ནས། ཇི་སྲིད་ཡིད་ཀྱིས་ཆོས་རྣམས་ཤེས་པ་དང་དྲག་བཱ་དང་མི་དགེ་བའི་ལས་ཀྱང་བྱེད་ལ། གང་དག་རྨི་ལམ ་ཉིད་དུ་འབྲས་བུ་ལི་ཉེ་བར་ལོངས་སྤྱོད་པ་ཇི་ལྟ་བར། མ་རིག་པའི་གཉིད་ཀྱིས་ནང་ན་གནས་པས་བསྡུས་པའི་ཉེ་བར་སྤྱོད་པའི་ལས་ཀྱི་འབྲས་བུ་ཉིད་ལ། མ་རིག་པའི་གཉིད་ལོག་པའི་བདག་ཉིད་ལོག་པ་ལས་ལངས་པ་ཕུང ་པོ་ལྷག་མ་མེད་པ་ལ་གནས་པའི། ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ལ་གནས་པའི་འཕགས་པ་རྣམས་ཉེ་བར་ལོངས་མི་སྤྱོད་དེ། ཕྱིན་ཅི་ལོག་གིས་བསྐྱེད་པའི་བདག་ཉིད་ཀྱིས་དངོས་པོ་ཤིན་ཏུ་ཞི་བའི་ཕྱིར་རོ།། དེ་བཞིན ་དུ་སད་པ་ལ་ཡང་སྟེ། གཉིད་ལོག་ལྡོག་པའི་བདག་ཉིད་ལས་ལངས་པ་རྣམས། རྨི་ལམ་གྱིས་བདག་ཉིད་ཀྱིས་དངོས་པོ་ལས་ཤིན་ཏུ་འདས་པས། དེས་བྱས་པའི་ལས་ཀྱི་འབྲས་བུ་མྱོང་བར་མི་བྱེད་དོ།། དགེ་སློང་དག་ལྟུང་བར ་བྱེད་པའི་ཆོས་ཀུན་ཏུ་སྤྱོད་པ་སྐྱེས་ཀྱང་རྨི་ལམ་གྱི་ཆ་ཤས་སད་པས་ལྟུང་བ་ཆུང་ངུ་ཙམ་དུ་ཡང་བཅོམ་ལྡན་འདས་ཀྱིས་མ་གསུངས་ལ་ལྟུང་བ་མེད་པར་རྣམ་པར་བཞག་པས། དེའི་བདག་ཉིད་ཀྱི་དངོས་པོས་བྱས་པའི་ལས ་ཀྱིས་འདིའི་བདག་ཉིད་ཀྱིས་དངོས་པོ་ལ་རྣམ་པ་ཐམས་ཅད་དུ་མྱི་མྱོང་བའི་ཕྱིར་དང་། དེ་དེ་བཞིན་དུ་སྣང་བའི་བདག་ཉིད་ཀྱི་དངོས་པོ་དུང་འབྲེལ་པའི་རྣམ་པར་ཤེས་པ་རྨི་ལམ་དུ་རྣམ་པ་ཐམས་ཅད་དུ་མི་སྲིད་དོ།། གཞན་དུ་ན ་དེར་བྱས་པའི་ལས་ཀྱིས་སད་པ་ན་ཡང་འབྲས་བུ་ཉམས་སུ་མྱོང་བ་སུ་ཡིས་བཟློག་པརླ་བྱེད། དེ་ནི་འདི་ལྟར་རྣམ་པར་ཤེས་པའི་ཚོགས་དྲུག་ནི་དབང་པོ་དྲུག་དང་ཡུལ་དྲུག་དང་ལསྭ་ཏེ། དབང་པོ་དང་ཡུལ་དྲག་མེད་ན་མེད ་པ་ལྟ་བུར་དེ་ལ་མིག་ལ་སོགས་པའི་དབང་པོའི་རྣམ་པར་ཤེས་པ་འཐད་པ་མ་ཡིན་ནོ།། ཡིད་ཀྱི་རྣམ་པར་ཤེས་པ་ཉིད་རྣམ་པར་ཤེས་པ་ལ་བག་ཆགས་སྣ་ཚོགས་པ་ཡོངས་སུ་སྨིན་པས་སྔོན་པོ་དང་སེར་པོ་ལ་སོགས་པ ་རྣམ་པར་མྱི་རུང་སྟེ། གཉིས་དང་མཚུངས་པར་ལྡན་པས་དེ་ཤིན་ཏུ་ཐུན་པའི་ཕྱིར་ཏེ། གཉིད་དང་བྲལ་ན་སད་པར་ཐུལ་ལོ།། དམ་པའི་ཆོས་ཀློག་པ་དང་། ཁ་ཏོན་དང་། ཤིན་ཏུ་ཕྲ་བའི་དོན་ལ་སེམས་པ་སོགས་པ་ཡང་སད ་པའི་བདག་ཉིད་ཀྱིས་དངོས་པོས་བསྒྲུབ་པར་ནུས་པས་དེ་ལ་ཉེ་བར་དམིགས་ལ། གཉིད་ཀྱིས་སྨད་པའི་རྣམ་པར་ཤེས་པ་ལ་ཇི་སྐད་དུ་སྨོས་པ་མི་འཐད་དོ།། འོ་ན་དེ་ལྟར་གྱུར་ན་བདག་ཉིད་ཀྱི་དངོས་པོ་གཉིས་པ་ཐོབ་པར་འགྱུརརོ།། སུ ་ཡིས་འདི་ལ་གཉིས་པའོ་ཞེས་ཡོངས་སུ་བརྟག་པར་ནུས། གལ་ཏེ་སད་པའི་བདག་ཉིད་ཀྱི་དངོས་པོ་ལ་དེ་མི་ལྡན་ཏེ། སད་པའི་བདག་ཉིད་ཀྱི་དངོས་པོའི་གནས་སྐབས་ན། དེ་མི་དམིགས་པའི་ཕྱིར་རོ།། ཡང་ན་རྨི་ལམ་གྱིས་གནས ་སྐབས་སུ་ཡང་དེ་ལྟར་དེའི་བདག་ཉིད་ཀྱིས་དངོས་པོ་མི་དམིགས་པའི་ཕྱིར་དེའི་ཚེ་སུ་ཞིག་དེ་ལ་བདག་ཉིད་ཀྱིས་དངོས་པོ་གཉིས་པ་ཞེས་འཇོག། འདི་རེ་ཞིག་བདག་ཉིད་ལ་ཆགས་པའི་རྒྱུ་མཚན་གྱིས་བརྫུན་པའི་རང་བཞིན་དུ་བརྗོད་པར ་ནུས་ཀྱིས། འདི་ལ་གཉིས་པ་དང་གསུམ་པ་ཞེས་རྣམ་པར་བཞག་པར་མི་ནུས་སོ།། འོ་ན་དེ་ལྟ་ན་ཡང་ལྷག་མ་མེད་པའི་མྱ་དྲན་ལས་འདས་པ་ལྟ་བུ་ན། རྨི་ལམ་རྨི་བུ་ལས་སད་པ་ན་དྲན་པ་འབྱུང་བར་མི་འགྱུརརོ།། གལ་ཏེ་རྨི་ལམ་ལས ་སད་པ་མྱ་ངན་ལས་འདས་པ་ལྟ་བུར་རྣམ་པ་ཐམས་ཅད་དུ་རྣམ་པར་ཤེས་པ་ལྡོག་པར་འགྱུར་ན་དེ་ནི་དེ་ལྟར་འགྱུར་གྱི། འདིར་སད་པ་རྣམ་པར་ཤེས་པའི་ཀུན་ཏུ་སྤྱོད་པ་ཡོད་པས་ཞེས་བྱ་སྟེ། རྨི་ལམ་དུ་ཉམས་སུ་མྱོང་བ་སད་པའི ་རྣམ་པར་ཤེས་པ་ལ་མི་དྲན་ནོ་པ་མ་ཡིན་ནོ།། རྨི་ལམ་དུ་ཉམས་སུ་མ་མྱོང་བའི་ཕྱིར་དྲན་པ་མི་འཐད་དོ་ཞེ་ན། དེ་ལྟར་ན་སྔར་གྱི་རྣམ་པར་ཤེས་པས་ཉམ་སུ་མྱོང་བ་ཕྱི་མའི་དྲན་པའི་རྣམ་པར་ཤེས་པས་ཉམ་སུ་མ་མྱོང་བས་དྲན་པར ་མི་འགྱུརརོ།། རྒྱུ་དང་འབྲས་བུ་རྒྱུན་གཅིག་ཏུ་རྣམ་པར་བཞག་པའི་ཕྱིར།། དེས་ནནི་དྲན་པ་ཡོད་དོ་ཞེ་ན། འདིར་ཡང་སད་པ་དང་། རྨི་ལམ་གྱིས་ཤེས་པ་དག་རྒྱུན་གཞན་མ་ཡིན་པར་རྒྱུ་དང་འབྲས་བུས་འཇུག་པའི་ཕྱིར་རོ།། སླར ་ཡང་བདེན་པ་འཁྲུལ་པའི་རྒྱུ་ཉིད་དུ་འམ་འཁྲུལ་པ་བདེན་པའི་རྒྱུ་ཉིད་དུ་ཇི་ལྟར་ཤེས། ཇི་ལྟར་སྒྲ་ནི་སྒྲ་བརྙན་གྱི་ལ་སྒྲ་བརྙན་ཡང་རང་གི་རྣམ་པར་ཤེས་པའི་སྟེ། ཁྱོད་ལ་འཁྲུལ་པ་ལ་འབད་པ་འདིས་དོན་ཅི་ཞིག། གལ་ཏེ་འདི་དག ་རིགས་པས་དཔྱད་པས་བདག་ཉིད་ཡོད་པ་མི་སྤྱོད་ནཱ། སུ་ཞིག་འདིར་རང་བཞིན་མེད་པར་ཁོང་དུ་ཆུད་པར་འགྱུར།། གང་ཁོ་ན་ལ་དེ་དག་རིགས་པས་མཱི་འཐད་པ་དེ་ཉིད་ཀྱིས་ན་དེ་ལ་བརྫུན་པར་འཐད་དོ།། དེའི་ཕྱིར་འཇིག་རྟེན་པས ་མཐོང་བ་ཁོ་ན་འདི་དག་རྣམ་པར་བཞག་པ་གྱིས་ཤིག། འཇིག་རྟེན་པས་རྨི་ལམ་དུ་ཡུལཱ་དང་དུས་དང་གྲནས་སྐབས་ཁྱད་པར་མི་བདུན་པའི་བདག་ཉིད་ཀྱང་ཀེ་བཱར་དམིག་ལམ་ན་ང་མ་འ་རྗེས་པའི་བངག་སྲིད་ཀྱི་དངོས་པོ ་དངོས་པོ་ལ་ཆགས་པ་འཕགས་པས་སེལ་བར་མཛད་དོ།། ཇི་ལྟར་གང་ཞིག་བདག་ཉིད་ཀྱི་དངོས་པོ་དེ་དམིགས་སོ་ཞེས་གང་ཞིག་འདིར་དཔྱད་པ་ན་བདེ་སད་པའི་བདག་ཉིད་ཀྱི་དངོས་པོ་དང་མཚུངས་ལ། བདག་ཉིད་ཀྱི་དངོས ་པོ་འདི་ཡང་སྨོས་པའི་བརྟགས་པས་མི་འཐད་ན། ཇི་ལྟར་འཇིག་རྟེན་པས་དམིགས་ཕྱིན་ཅི་ལོག་ལས་སོ།། འོ་ན་ཕྱིན་ཅི་ལོག་ཀྱང་སྐྱེ་བ་མེད་ན་དེ་ཇི་ལྟར་འཇིག་རྟེན་པས་ཉེ་བར་དམིགས། སྨྲས་པ། འཇིག་རྟེན ་པས་མཐོང་བ་ཚད་མར་བྱས་ནས་བདག་ཉིད་ཀྱི་དངོས་པོ་འདི་ཡོད་དོ།། འཇིག་རྟེན་པས་མཐོང་བ་དེ་ཡང་དཔྱང་ན་མ་གྲུབ་བོ་ཞེས་བྱ་སྟེ། ཇི་ལྟར་དེ་ཚང་མར་བྱེད། སྨྲས་པ། ཇི་སྐད་སྨོས་པའི་བརྟག་པ་མ་བྱས་པའི་འཇིག་རྟེན་པའི ་མཐོང་བ་ཙམ་ཚད་མར་བྱོས་པའོ།། གལ་ཏེ་དེ་ལྟར་འདི་ཐམས་ཅད་ལ་དེ་བཞིན་ཁོ་ནར་རྗེསུ་གནས་པར་བྱོས་ཤིག། དེས་ན་འཇིག་རྟེན་པས་ཇི་ལྟར་མཐོང་བའི་དངོས་པོ་ཡོད་པ་འགའ་ཞིག་ལ་བདྲེན་པར་མངོན་པར་འདོད་ལ། ་འགའ་ཞིག་ལ་བརྫུན་པར་མངོན་པར་འདོད་པ་འཁྲུལ་བསལ་བ་ལ་དགོས་པ་ཅི་ཞིག་ཡོད། འཇིག་རྟེན་པའི་རྨི་ལམ་སྲེད་པའི་བདག་ཉིད་ལྟ་བུའི་མིག་ལ་སོགས་པའི་བདག་ཉིད་ཇི་ལྟ་བ་དེ་ལྟར་ཉེ་བར་དམིགས་ལ་བརྫུན་པ་ཉིད ་དུ་རྣམ་པར་གནས་ལ་དྲན་པས་བདག་ཉིད་ཀྱི་དངོས་པོ་ལས་གཞན་པ་ཡང་མ་ཡིན་ཞིང་ཐ་མི་དད་པ་ཡང་མ་ཡིན་ཏེ། ཕྱིན་ཅི་ལོག་ལས་ཉེ་བར་དམིགས་པའོ།། དེས་ན་འཇིག་རྟེན་ལས་ཇི་ལྟ་བ་དེ་ལྟ་བུར་གྲགས་པའི ་དཔས་སད་པའི་དངོས་པོ་ཉེ་བར་དམིགས་པ་རྣམས་ལ་དེ་ལ་ཆགས་པ་མི་སྐྱེ་བའི་དོན་དུ་འཕགས་པས་བརྫུན་པ་ཉིད་དུ་གསལ་བར་མཛད་དོ།། དངོས་པོ་ལ་ཆགས་པ་སྔོན་དུ་འགྲོ་བས་ལས་འཁོར་བ་ལས་ངེས་པར ་དངོས་པོ་ལ་ཆགས་པ་ཟུད་པ་ལས་མྱ་ངན་ལས་འདའོ་ཞེས་བྱའོ།། དེའི་ཕྱིར་རྨི་ལམ་དུ་རྨིས་པའི་བདེ་བ་དང་སྡུག་བསྔལ་བཞིན་དང་རྒྱུ་ཡུལ་བཞིན་དུ་མ་རིག་པ་དང་འདུ་བྱེད་དག་རང་བཞིན་མེད་པར་གྲུབ་བོ།། འདིར་སྨྲས་པ། གལ ་ཏེ་དངོས་རྣམས་རང་བཞིན་གྱིས།། མྲྀངྒ་ན་མཉ་དམན་མྱཉ་མུ~ཾ་ཁྱད་འཕགས་དང་།། སྣ་ཚོགས་ཉིད་ནི་མྱི་འགྲུབ་ཅིང་།། རྒྱུ་ལས་ཀྱང་ནི་མངོན་གྲུབ་མིན་ཇི་སྐད་དུ་སྨོས་པའི་རིགས་པ་དང་། རྨྱི་ལུམ་གྱིས་དཔེས་ཀྱང་དངོས་པོ ་རྣམས་རང་བཞིན་མེད་པར་གྲུབ་པའི་ཕྱིར། གལ་ཏེ་དངོས་པོ་རྣམས་ཀྱིས་རང་བཞིན་མྱེད་ན། དེའི་ཚེ་དངོས་པོ་མྱེད་པར་སྨྲ་བ་ཁྱོད་ལ་དམན་པ་དང་མཉམ་པ་དང་ཁྱད་པར་འཕགས་པ་ཉིད་མི་འཐོབ་བོ།། ཡོད་བཞིན་པ་མ་ཡིན་པ ་ནམ་མཁའི་མེ་ཏོག་ལ་དམན་པ་དང་མཉམ་པ་དང་ཁྱད་པར་ཅན་ལ་དམིགས་ལ། དངོས་པོ་རྣམས་ཀྱིས་འགྲོ་བ་དང་སྐྱེ་གནས་དང་རིགས་དང་སྐྱེ་རྒྱུད་དང་། རུས་དང་ན་ཚོད་དང་གཟུགས་ལ་སོགས་པ་ཉེ་བར་དམིགས་པ ་རྣམས་ཁྱད་པར་ཅན་དང་ཁྱད་པར་ཅན་མ་ཡིན་པ་དང་བར་མའི་དབྱེ་བས་གནས་པ་རྣམས་སོ་སོར་དམན་པ་དང་མཉམ་པ་དང་ཁྱད་པར་ཅན་ཡིན་ལ། ཕྱི་རོལ་གྱི་ཡང་ཁང་བཟངས་དང་། གྲོས་དང་རྒྱན་དང་། མལ་སྟན་དང ་བཟའ་བ་དང་བཏུང་བ་ལ་སོགས་པའི་ཉེ་བར་མཁོ་བ་རྣམས་ལ་བལྟོས་ནས་དམན་པ་དང་མཉམ་པ་དང་ཁྱད་པར་ཅན་ཉིད་ལ། དེ་ཡང་འདི་དག་ཐམས་ཅད་རང་རང་གིས་དངོས་པོར་དངོས་པོ་རྣམས་གྲུབ་པར་འགྱུར་བ་འཐད ་ལ། མ་སྐྱེས་པ་རོ་གཅིག་པ་ལ་སྣ་ཚོགས་པ་ཉིད་དུ་འགྲུབ་པ་ཐོབ་པར་མི་འགྱུ་རོ།། ཇི་སྐད་སྨོས་པའི་འགྲོ་བ་ལ་སོགས་པ་ཕན་ཚུན་སྣ་ཚོགས་པ་ཡང་འཇིག་རྟེན་དུ་ཡོད་ལ། རང་གི་མཚན་ཉིད་མེད་བཞིན་པ་ལ་སྣ ་ཚོགས་པ་ཉིད་ནི་མི་འཐད་ལ། དངོས་པོ་རང་བཞིན་མེད་པར་སྨྲ་བ་རྣམས་དྲིངོས་པོ་རྒྱུ་ལས་སྐྱེ་བ་ཡང་མི་འཐོབ་སྟེ། རང་བཞིན་མེད་པར་སྨྲ་བྱས་དངོས་པོ་རི་བོང་གིས་རྭ་དང་མཚུངས་སོ།། དེ་ལ་གལ་ཏེ་འདུ་བྱེད་ལ་སོགས་པའི ་དངོས་པོ་རང་བཞིན་མེད་པར་གྱུར་ནས། རི་བོང་གི་རྭ་བཞིན་རྒྱུ་ལས་སྐྱེ་བར་མི་འགྱུར་ལ། འདི་དོག་ཀྱང་རྒྱུ་ལས་སྐྱེ་བ་ཡོད་པས་དེའི་ཕྱིར་དངོས་པོ་རྣམས་རང་བཞིན་དང་བཅས་པའོ་ཞེས་བྱའོ།། འདིར་གསུངས་པ། རང་བཞིན་གྲུབ ་ན་རྟེན་འབྱུང་གི། དངོས་པོ་མེད་འགྱུར་མ་བརྟེན་ན།། ག་ལ་རང་བཞིན་མེད་པར་འགྱུར།། དངོས་པོ་ཡོད་དང་དངོས་མེད་ཀྱང་།། གལ་ཏེ་དངོས་པོ་རྣམས་རང་བཞིན་མེད་པར་སྨྲ་བའི་ཕྱོགས་ལ་དམན་པ་ལ་སོགས་པ་མེད་པར་ཐལ ་བའི་སྐྱོན་གྱིས་འཇིགས་པས། དངོས་པོ་རྣམས་ཀྱི་རང་བཞིན་གྲུབ་པར་ཁས་བླངསོ་ཞེ་ན། འོ་ན་ཁྱོད་ཀྱིས་དངོས་པོ་ཁས་བླངས་ཀྱང་དངོས་པོ་རྣམས་འབའ་ཞིག་དུ་མ་ཟད་ཀྱིས། ཇི་ལྟར་མངོན་པར་འདོད་པའི་ཁྱད་པར་གྲུབ་པ ་ཡང་ཁྱོད་ཀྱིས་ཐོབ་པར་མི་འགྱུར་ལ། རྣམ་པར་བཞག་པ་ཐམས་ཅད་མེད་པ་ཡང་ཐོབ་པར་འགྱུར་རོ།། ཇི་ལྟར་བྱས་ན། གལ་ཏེ་ངེས་པར་དངོས་པོ་རྣམས་ཀྱིས་རང་བཞིན་གྲུབ་པར་གྱུར་ན་དེ་ནི་རང་བཞིན་གྱིས་གྲུབ་པར ་གྱུར་པས་དེ་དག་རྒྱུ་དང་རྐྱེན་ལ་བརྟེན་ནས་སྐྱེ་བར་མི་འགྱུར་ཏེ། ཡོད་བཞིན་པའི་དངོས་པོ་ཉིད་ལ་དངོས་པོར་རྣམ་པར་བཞག་པར་རླུང་གི་མེད་པ་ལ་ནི་མ་ཡིན་ནོ།། ཡོད་བཞིན་པ་སླར་ཡང་བརྟེན་ནས་སྐྱེ་བར་ཡང་མི་རིགས་ལ། ་དེ་ལས་དངོས་པོ་ཐམས་ཅད་བརྟེན་ནས་མ་བྱུང་བ་ཐོབ་པར་འགྱུརརོ།། བརྟེན་ནས་འབྱུང་བ་མེད་པར་གྱུར་ནི། དངོས་པོ་རྣམས་ཀྱི་རང་བཞིན་དམན་པ་ལ་སོགས་པའི་ཁྱད་པར་མི་འབྱུང་ཞེས་བྱ་སྟེ། ་པ་མ་ཡིན་ནོ།། འདིར་ཁ་ཅིག་གིས་སྨྲས་པ། དངོས་པོ་རྣམས་ཀྱིས་རང་གི་མཚན་ཉིད་རྒྱུ་དང་རྐྱེན་གྱིས་མི་བསྐྱེད་དེ། དུས་གསུམ་དུ་རང་གི་མཚན་ཉིད་གནས་པའི་ཕྱིར་དང་། གནས་སྐབས་ཀྱི་ས་ཕྱིར ་ཡང་དངོས་པོ་རྣམས་ཀྱིས་རྒྱུ་དང་རྐྱེན་གྱིས་ཚོགས་པས་གནས་སྐབས་ཉིད་བསྐྱེད་དོ་ཞེ་ན། དེ་ལ་བལྟོས་ནས་སྨྲས་པ། མ་བརྟེན་པར་ཡང་གང་ལ་སྟེ་གལ་ཏེ་དངོས་པོ་རྣམས་རང་གི་མཚན་ཉིད་ཀྱིས་དུས ་ཡང་གནས་པར་གྱུར་ན་དེ་ནི་མ་བརྟན་པར་བྱུང་བ་ལ་རང་གི་མཚན་ཉིད་མི་འཐད་དོ། མོ་གཤམ་གྱི་བུ་ལ་ཡང་རང་གི་མཚན་ཉིད་ཡོད་པར་འགྱུར་ལ། དེའི་ཕྱིར་མ་བརྟེན་པར་ཡང་མ་ཡིན་ཏེ། མ་བརྟེན ་དངོས་པོ་རྣམས་ཀྱི་རང་བཞིན་མེད་དོ།། གཞན་ཡང་དངོས་པོ་རྣམས་ཀྱིས་རང་བཞིན་ཁས་བླངས་ན་ཇི་ལྟར་ཁས་བླངས་པའི་རང་བཞིན་མེད་པར་བ་མི་འགྱུར་ཏེ། འདུ་བྱེད་རྣམས་སྐད་ཅིག་མ་སོ་སོར་འཇིག་པ་གནས ་པ་མེད་པའི་རང་གི་མཚན་ཉིད་ལྔ་དེ་ཡང་གཞན་དུ་འགྱུར་བ་མཐོང་བུས་གནས་པ་མེད་པའི་རང་གི་མཚན་ཉིད་ཀྱིས་ཕྱིར་རང་བཞིན་མེད་པར་རྣམ་པར་བཞག་གོ།། དེ་ལྔ་གལ་ཏེ་དེ་དག་རང་བཞིན་ཡོད་ན ་གནས་པ་མེད་པའི་རང་གིས་མཚན་ཉིད་དུ་མི་འགྱུར་ཞིང་། འདུ་བྱེད་རྣམས་འཇིགས་པ་མེད་པ་ཐོབ་པར་འགྱུར་ལ། ངོ་བོ་ཉིད་གྲུབ་པའི་ཕྱིར་རང་བཞིན་ཡོད་བཞིན་པའོ།། ཡོད་བཞིན་པ་མ་ཡིན་པ་ལ་གཞན་དུ་འགྱུར་བ་ཡང ་མི་སྲིད་དོ།། འོ་མའི་གནས་སྐབས་ཉིད་དུ་གནས་བཞིན་པའི་འོ་མ་གཞན་དུ་གྱུར་པ་ཡི་ཞོའི་དངོས་པོའི་མཚན་ཉིད་དུ་མི་སྲིད་པ་འམ། གཞོན་ནུའི་ཡང་གཞོན་ནུའི་གནས་སྐབས་ཉིད་དུ་གནས་བཞིན་པ་རྒས་པའི་གནས ་སྐབས་གཞན་ཐོབ་ནས། འདི་ལས་གཞན་དུ་གྱུར་པར་རྣམ་པར་འཇོག་པར་བྱེད་ལ། དེ་ཡང་མི་རིགས་ཏེ། འདི་གནས་སྐབས་གཞན་ཐོབ་པ་ཅི་ཞིག་ཡོད། གལ་ཏེ་འོ་མ་ལ་ནི་དེ་མི་རུང་སྟེ། འོ་མའི་གནས་སྐབས་དང ་འགལ་བའི་ཞོའི་གནས་སྐབས་སུ་དེ་ཇི་ལྟར་འོ་མུ་འབྱུང་བར་འགྱུར། འོ་མ་ནི་འོ་མའི་གནས་སྐབས་ཉིད་དུ་གནས་ལ། དེ་མེད་ན་འོ་མའི་རྣམ་པར་བཞག་པ་མེད་པ་ཉིད་དུ་འགྱུར་ལ། དེ་ལས་ཀྱང་འོ་མ་དང་ཞོའི་གནས་སྐབས ་ངག་གཅིག་ཏུ་གྱུར་པ་མེད་པའི་ཕྱིར་འོ་མ་ལ་ཞོའི་དངོས་པོ་མེད་ལ་དངོས་པོ་མེད་ན་འདི་ལ་ཞོའི་དངོས་པོ་ག་ལ་ཞིག་ཞེས་བྱའོ།། དེ་ལྟར་རང་གི་མཚན་ཉིད་ཁས་བླངས་པར་གྱུར་ན་འདིས་དངོས་པོ་རྣམས་ཡོངས་སུ ་འགྱུར་བ་མི་སྲིད་པའི་ཕྱིར་ལ། གཞན་དུ་འགྱུར་བ་མེད་པར་གྱུར་ན་རང་བཞིན་མེད་པར་མི་འགྱུར་རོ།། འོ་མ་རང་གི་མཚན་ཉིད་ལས་ཡོངས་སུ་མི་འགྱུར་བའི་དངོས་པོར་གྱུར་ན། ཇི་སྐད་དུ་བསྒྲུབས་པའི་རིགས་པས་རྟག་པར་ཡོད ་པར་ཐལ་ལོ།། དངོས་པོ་འབའ་ཞིག་ཙམ་ཁས་བླངས་པར་གྱུར་ན་རླུང་བཞིན་མེད་པ་མེད་ཅིང་འཇིགས་པ་ཡང་ཐོབ་པར་མི་འགྱུར་བ་ཡང་མ་ཡིན་ཏེ། རང་གིས་མཚན་ཉིད་ཡོད་བཞིན་པ་ལ་རླུང་བཞིན་དུ་རྣམ་པར་བཞག ་གི། མེད་པ་ལ་ནི་མ་ཡིན་ཏེ། དངོས་པོ་ཉིད་དུ་རྣམ་པར་བཞོག་པའི་དེ་དག་འགལ་བ་དངོས་པོ་མེད་པ་མི་འཐད་པས་སོ།། དངོས་པོ་ལས་བཟློག་པས་ན་དངོས་པོ་མེད་པ་སྟེ། འཇིགས་པ་ཞེས་བྱ་བའི་དོན་ཏོ།། རྣམ་པར་འཇིགས ་པས་མེད་པར་འགྱུར་གྱི་རང་བཞིན་ནི་མ་ཡིན་ལ། ཞིག་པ་ཡང་རང་གི་མཚན་ཉིད་ཡོད་བཞིན་པ་མ་ཡིན་པའི་ཕྱིར་རོ།། དེ་ལ་འདི་ལྟར་ཇི་སྐད་དུ་སྨོས་པའི་སྐྱོན་ཡོད་པའི་ཕྱིར་དངོས་པོར་སྨྲ་བར་མི་རིགསོ།། འདིར་སྨྲས་པ། གལ ་ཏེ་ཡང་ཁྱོད་ཀྱིས་དངོས་པོར་སྨྲ་བ་བཀག་ཀྱང་དེ་ལྟ་ན་ཡང་དངོས་པོ་མ་བཀག་གོ་ཞེས་བྱ་སྟེ། དེ་ནི་རེ་ཞིག་ཡོད་ལ། གང་དེའི་རང་བཞིན་ལ་དེ་ལས་གཅིག་ཤོས་མ་མཐོང་བའི་ཕྱིར་རང་བ་ཤིན་གྱི་རྣམ་པར་བཞག་པ་ཐོབ་བོ།། ། ་འདི་ལྟ་སྟེ་མེའི་དངོ་བོ་དེའི་གང་ཞིག་དྲོ་བ་ལ། དེ་ལ་དེ་ལས་གཞན་པ་མ་མཐོང་བའི་ཕྱིར་རང་བཞིན་ཞེས་རྣམ་པར་འཇོག་ལ། དངོས་པོ་འདའ་ཞིག་པ་གྲུབ་པས་རང་བཞིན་གྲུབ་པ་དང་གཞན་གྱིས་དངོས་པོ་གྲུབ་པ་དང་། ་དངོས་པོ་མེད་དུ་གྲུབ་པར་མི་རུ་བྱ་མ་ཡིན་ཏེ། འདི་ལྟར་གཤེར་བའི་རང་བཞིན་ཅན་གྱི་ཆུ་རང་བཞིན་ཅན་གཞན་ལ་བལྟོས་ནས་གཞན་གྱིས་དངོས་པོ་ཞེས་རྣམ་པར་འཇོག་ལ། དེ་ཡང་དངོས་པོ་ཞིག་པ་ལ་དངོས ་པོ་མེད་པ་ཞེས་རྣམ་པར་འཇོག་སྟེ། དེའི་ཕྱིར་དངོས་པོ་ཡོད་པ་ལས་རང་གི་དངོས་པོ་དང་གཞན་གྱི་དངོས་པོ་དང་དངོས་པོ་མེད་པ་ཡོད་དོ་ཞེ་ན། སྨྲས་པ། གལ་ཏེ་དངོས་པོ་ཉིད་ཡོད་ན་རང་གི་དངོས་པོ་དང་གཞན་གྱིས་དངོས་པོ་དང ་དངོས་པོ་མེད་པ་ཡོད་པར་འགྱུར་གྱི། རང་བཞིན་དང་བྲལ་བ་ལ་དངོས་པོ་དང་འཐད་པ་མ་ཡིན་ཏེ། རི་བོང་གི་རུ་ལ་སོགས་པ་ཡང་དངོས་པོར་ཐལ་བར་འགྱུརརོ།། དེའི་ཕྱིར་མེད་ལ་གང་གིས་ཚེ་མེད་པ་དེའི་ཚེ་དེ་ལ། མེད་ལ་རང་དངོས་གཞན ་དངོས་སམ།། དངོས་མེད་འགྱུར་བ་ག་ལ་ཞིག། དེས་ན་རང་དངོས་གཞན་དངོས་དང་།། དངོས་མེད་ཕྱིན་ཅི་ལྡོག་པ་ཡིན།། མེད་པ་ཡོད་བཞིན་པ་མ་ཡིན་པའི་རི་བོང་གི་རྭ་བཞིན་དུ་རང་བཞིན་མེད་ལ། རང་གིས་དངོས་པོ་ཉིད་ཀྱང་དངོས་པོ ་གཞན་འགའ་ཞིག་ལ་བལྟོས་ནས་གཞན་གྱིས་དངོས་པོ་ཞེས་རྣམ་པར་འཇོག་ལ། རང་གིས་དངོས་པོ་མེད་ན་གཞན་གྱིས་དངོས་པོ་ཡང་མེད་དོ།། རང་གི་དངོས་པོ་དང་གཞན་གྱིས་དངོས་པོ་དག་མེད་ན་ཡང་སུ་ཞིག་དང་བྲལ་ནས ་དངོས་པོ་མེད་པར་འགྱུར། འོ་ན་རང་གིས་དངོས་པོ་ལ་སོགས་པ་དག་མེད་ན། འདི་ལྟར་ཁམས་གསུམ་པའི་ཐ་སྙད་རྣམས་ཇི་ལྟར་ཞེ་ན། སྨྲས་པ། ཅི་མི་བདེན་པས་འཇིག་རྟེན་གྱི་ཐ་སྙད་འགེགས་སམ།། ཁོ་བོ་འདི་སྐད་དུ ་ཡང་སྨྲ་སྟེ། གང་དེ་ལྟར་དངོས་པོ་ལ་སོགས་པ་དཔྱད་ན་མྱི་སྲིད་ལ། འཇིག་རྟེན་པ་ཡང་དེས་ཐ་སྙད་བྱེད་ལ། གཞན་གྱིས་དངོས་པོ་དང་། རང་གིས་དངོས་པོ་དང་། དངོས་པོ་མེད་པ་ཡང་དེས་ན་ཕྱི་ཅི་ལོག་པ་སྟེ། འཇིག་རྟེན་པའི་ཕྱིན་ཅི་ལོག་ཙམ་ལ ་བལྟོས་ནས་གང་ཡང་དེ་དག་གྲུབ་པའི་ཕྱིར་རོ་ཞེས་དགོངས་པའོ།། འདིར་སྨྲས་པ་གལ་ཏེ་དང་པོ་སྟོང་གྱུར་ན།། འགག་པ་མེད་ཅིང་སྐྱེ་མི་འགྱུར།། གལ་ཏེ་དངོས་པོ་སྟོང་པ་སྟེ། ཡོད་བཞིན་པ་མ་ཡིན་པར་འགྱུར་ན། ཡོད་བཞིན་པ་མ་ཡིན་པར ་རི་བོ་རྭ་བཞིན་མི་སྐྱེ་བར་འགྱུར་ཞིང་། འགག་པར་ཡང་མི་འགྱུརརོ།། བཅོམ་ལྡན་འདས་ཀྱིས་ཀྱང་དངོས་པོའི་སྐྱེ་བ་དང་འགག་པོ་གསུངས་ཏེ། དེའི་ཕྱིར་སྐྱེ་བ་དང་། འགག་པ་དང་ལྡན་པའི་ཕྱིར་དངོས་པོ་སྟོང་པ་མ་ཡིན་ནོ།། ཡང ་ན་འདི་སྙམ་དུ་སེམས་ཏེ། དེ་གྲུབ་ན་རང་བཞིན་ཡོད་པ་ཉིད་ལ། རང་བཞིན་དེ་ཡང་མེད་པ་ལས་སྟོང་པ་ཉིད་དོ་ཞེ་ན། འོ་ན་དེ་ལྟ་བུ་ཡང་། ངོ་བོ་ཉིད་ཀྱིས་སྟོང་ན་ཡང་།། གང་ལ་འགག་ཅིང་གང་ལ་སྐྱེ།། གང་གིས་ངོ་བོ་མེད་ན་དེན་རི་བོང་གིས་རྭ ་ལྟར་འགག་པ་དང་སྐྱེ་བ་ཡང་མི་འབྱུང་ངོ་།། དངོས་པོ་རྣམས་སྐྱེ་བ་དང་འགག་པ་ཡང་ཡོད་པས་འདི་དག་གི་རང་བཞིན་ཡོད་དོ་ཞེས་བྱ་ལ། དེ་གྲུབ་ན་རང་གི་དངོས་པོ་དང་གཞན་གྱི་དངོས་པོ་ཡོད་འབྱུང་བར་འགྱུར་རོ་ཞེ་ན།། འདིར་སྨྲས ་པ། གལ་ཏེ་སྐྱེ་བ་དང་འགག་པར་འགྱུར་ན་དེ་ནི་དེ་དང་ལྡན་པའི་དངོས་པོ་རྣམས་ཀྱིས་རང་བཞིན་གྲུབ་པར་འགྱུར་ལ། དེ་དག་ཀྱང་མེད་དེ། ཇི་ལྟར་བྱས་ན། འདིར་སྐྱེ་བ་དང་འགག་པ་གཉིས་སུ་བརྟག་པ་འདི་ནི། དངོས ་ལ་བརྟེན་ནས་བརྟག་པར་ནུས་ཀྱི་གཞན་དུ་མ་ཡིན་ལ། དེ་དང་། སྐྱེ་བ་དང་འཇིག་པའི་དངོས་པོར་འཇུག་པར་གྱུར་ན་6ཉྫ་རམ་ཐ་དད་པར་འཇུག་པར་འགྱུར་ནཱ། གཉི་གར་ཡང་འཇུག་པར་མ་སྲ ་སྟན་པའི་ཕྱིར་གསུངས་པ། དངོས་དང་དངོས་མེད་ཅིག་ཅད་མེད།། དངོས་པོ་མེད་ན་དངོས་མེད་མེད། ག་པར་དངོས་པོ་དངོས་མེད་ཀྱང་། དངོས་མེད་ལས་གཞན་དངོས་མི་སྲིད།། སྲིད་པས་ན་དངོས་པོ་སྟེ་སྐྱེ་བའོ།། ་པོ་མེད་པ་སྟེ་འཇིག་པའོ།། དངོས་པོ་དང་དངོས་པོ་མེད་པ་ནི་ངོས་པ་དང་ངོས་མེད་པའོ།། དངོས་པ་དང་དས་པོ་མེད་པ་དག་མེད་པས་མ། དང་པས་པོ་མེད་པ་མེད་པའོ།། རེ་ཞིག་དངོས་པོ་དང་པ་པོ་མེད་པ ་ཏུ་ཏེ་དུས་གཅིག་ཅརཱ་ཏེ་དུས་གཅིག་ཉིད་དུ་མེད་དེ། ཕན་ཚུན་འགའི་ད་པས་དངོས་པོ་ནས་དུས་གཅིག་ཏུ་སྐྱེ་པ་དང་མི་འཐད་དོ་ཞེས་བྱ་སྟེ། དེ་ལྟར་རེ་ཞིག་དངོས་པོ་དང་དངོས ་མེད་པསོ། ད་ནི་རིམ་གྱིས་ཀྱང་ཡང་དག་པ་ཇི་ལྟ་བར་དངོས་པོ་དང་མེད་པས་དེ་རྨོངས་པ། ས་པོ་མེང་མ་དངོས་མེད་མིན།། རྟག་ཏུ་དངོས་པོ་ཀྱང ་ལ་ཡ་ཏེ་དཔོ་ལས་གཞན་དུ་དངོས་པོ་མེད་པ་འཇུག་ན་འི་ནམ། གྱུར་ཏེ། མ་འཇུག་གོ།། དེའི་ཕྱིར ་ཡིན་ནོ།། གཞན་ཡང་འདུས་བྱས་ཀྱིས་མཚན་ཉིད་མི་རྟག་པའི་ཕྱིར་དངོས་པོའི་མཚན་ཉིད་ལ་དེ་ཡང་ནམ་ཡང་དངོས་པོ་ལས་འཁྲུལ་ནས་གང་ལ་འདི་མེད་པ་ཡང་མ་ཡིན་ལ། དེ་ནི་དངོས་པོའི་མཚན་ཉིད་ལས་གྲོལ་བའི་ཕྱིར་ཡོད ་པ་ཡང་མ་ཡིན་ནོ།། ཞེས་བྱའོ།། དངོས་པོའི་མཚན་ཉིད་ལས་ཕྱིན་ཅི་ལོག་ཏུ་གྱུར་པ་འདི་ལ་སྐྱེ་བ་ཡང་བཟོད་པ་མ་ཡིན་ཏེ། དེ་ནི་དངོས་པོའི་མཚན་ཉིད་ལས་བཟློག་པའི་ཕྱིར་རོ།། དེ་ལྟར་རེ་ཞིག་དངོས་པོ་མེད་ན་དངོས་པོ་མེད་པ ་ཡང་མ་ཡིན་ཏེ། ཇི་ལྟར་ཡང་དངོས་པོ་མེད་ན་དངོས་པོ་མེད་པ་ཡང་མི་འཐད་ན་དེ་ལྟར་རྟག་པར་དངོས་པོ་དང་དངོས་པོ་མེད་པ་ཡང་མེད་ན། མེད་དོ་ཞེས་བྱ་བ་འདི་དང་འབྲེལ་ཏོ།། དངོས་པོ་མེད་པ་ནི་དངོས་པོ་ཡོད་པ་དང་དངོས ་པོ་མེད་པ་ཞེས་བྱ་སྟེ། མི་རྟག་པ་ལ་བརྗོད་དོ།། དངོས་པོ་མེད་པ་དེ་ཡང་རྟག་ཏུ་དངོས་པོ་མེད་ན་མེད་ལ། གལཏེཡོད་ན་སྐྱེ་བ་མེད་པར་ཡང་རྣམ་པར་འཇིག་པར་འགྱུརརོ།། དེ་ལས་ཀྱང་འདུས་མ་བྱས་ཀྱང་འགྱུར་ལ། མ་སྐྱེས ་པ་ཡང་འཆི་བར་འགྱུར་རོ།། དེ་ནི་འདི་ལྟར་དངོས་པོ་མེད་ན་དངོས་པོ་མྱེད་པ་ཡང་མེད་ལ། གང་གིས་ཚེ་དངོས་པོ་མེད་པ་དག་དེ་ལྟར་དཔྱད་བཞིན་པས་ཅིག་ཅར་རམ་ཐ་དད་པར་གྲུབ་པ་མེད་པས་དེའི་ཚེ་དེ་དག་གིས་རང་བཞིན ་མ་གྲུབ་ན་དངོས་པོ་འཇུག་པ་མེད་དོ།། ཡང་ན་གལ་ཏེ་དངོས་པོ་དང་དངོས་པོ་མེད་པ་དག་ཏུ་འཇུག་པར་འགྱུར་ཡང་། དེ་ལྟར་ན་ཡང་རོ་ཞིག་དེའི་རྟེན་དངོས་པོ་ཡོད་ལ། དེ་ཡོད་པས་རྟེན་པའི་དངོས་པོ་དང་དངོས་པོ་མེད་པ་ཡང ་འབྱུང་བར་འགྱུར་ཞེ་ན། སྨྲས་པ། གང་གིས་ཚེ་དངོས་པོ་ཡང་སྐྱེ་མེད་ན་མེད་དོ་ཞེས་བརྗོད་པ་དེའི་ཚེ་དངོས་པོ་མེད་པ་ལས་དང་ས་བྲོ་མི་སྲིད་དོ་ཞེས་གསྦྱངས་པ་ཡིན་ཏེ། དངོས་པོ་མེད་པའི་མཚན་ཉིད་ཀྱིས་མི་རྟག ་པ་ལ་སྐུ་གཞན་དུ་སྟེ། བྱེ་མོ་པར་དངོས་པོ་སྲིད་དངོས་པོ་ཡོད་པ་ཉིད་ལ་དེ་ཡང་མེད་དོ་ཞེས་གསུངས་པར་འགྱུར་རོ།། གང་གིས་ཚེ་དངོས་པོ་མེད་ན་དེའི་ཚེ་དེ་ལ་བརྟེན་པའི་སྐྱེ་བ་དང་འཇིག་པག་ལ་འབྱུང་། དེ་དག་མེད་ན་དངོས་པོའི་མཚན ་ལས་གྲོལ་བས་དངོས་པ་མེད་དོ་ཞེས་གྲུབ་བོ།། འདིར་སྨྲས་པ། གལ་ཏེ་དངོས་པོའི་མཚན་ཉིད་མེད་ན་དངོས་པོ་མེད་ལ། འདི་ལྟར་དངོས་པོའི་མཚན་ཉིད་དང་འགཁོ་བའི་དངོས་པོ་མེད་པ་རེ་ཞིག་ཡོད་ལ། དེ་ཡོད་ན་དངོས་པོ་ཡང ་འབྱུང་བར་འགྱུར་རོ་ཞེ་ན། སྨྲས་པ། གལ་ཏེ་དེ་དང་འགལ་བའི་དངོས་པོ་མེད་པ་ཡོད་ན་དངོས་པོ་ཡོད་པར་འགྱུར་ལ། དེ་ཡང་མེད་དོ་ཞེས་བསྟན་པའི་ཕྱིར་གསུངས་པ། དངོས་པོ་མེད་ན་དངོས་མེད་མིན།། རང་ལས་མིན་ཞིང ་གཞན་ལས་མིན།། དེ་བྷཻ་དངོས་པོ་དངོས་མེད་ཅིང་།། དངོས་མེད་མེད་པས་དེ་དག་མེད།། གང་གིས་ཚེ་མི་རྟག་པ་དང་བྲལ་བའི་དངོས་པོ་མེད་དོ་ཞེས་བརྗོད་ལ། དེའི་ཚེ་དངོས་པོ་མེད་ན་དེ་ལས་བཟློག་པའི་དངོས་མེད་ཇི་ལྟར ་འབྱུང་བར་འགྱུར། དེར་ཕྱིར་དངོས་མེད་ཀྱང་མེད་དེ། ཇི་སྐད་དུ་སྨོས་པའི་རིགས་པས་དངོས་པོ་མེད་པ་འབའ་ཞིག་ཏུ་མ་ཟད་ཀྱི་དངོས་མེད་ཀྱང་མེད་དོ།། གཞན་ཡང་རིགས་པ་འདིས་དངོས་པོ་དངོས་པོ་མེད་པས་དངོས་པོ་མེད ་པ་ཡང་མེད་དོ་ཞེས་བསྟན་པའི་ཕྱིར་གསུངས་པ། རང་ལྔས་མིན་ཞིང་གཞན་ལས་མིན། དེ་ཕྱིར་དངོས་པོ་དངོས་མེད་ཅིང་།། ཞེས་སོ།། གལ་ཏེ་དངོས་པོ་འགའ་ཞིག་ཡོད་ན་རང་ལས་སྐྱེ་བ་འམ་གཞན་ལས་སྐྱེ་བར་འགྱུར། དེ་ལ་རང་གི ་བདུག་ཉིད་ནི་རེ་ཤིག་སྐྱེས་བཞིན་པའི་དངོས་པོ་རང་བཞིན་ལ་སྐྱེ་བ་མེད་དེ། རང་ཞེས་བྱ་བ་བྱུང་བའི་བྱ་རྣམ་པར་བྱེད་པའི་མཐའ་ཅན་སོ་སོའི་རང་བཞིན་གྱིས་བསྡུས་པ་ཡོད་པ་ཐོབ་པ་འབྲས་བུ་སྐྱེད་པར་རུང་བའི་དངོས་པོ་ལ་བརྗོད་དོ།། སྐྱེད ་པ་ཞེས་བྱ་བ་ཡང་ཡོད་པ་མ་ཐོབ་པའོ།། གང་ཁོ་ནའི་དངོས་པོ་འདིར་རང་ངོ་ཞེས་གྲུབ་པའི་ངོ་བོ་ཉིད་ལ་བརྗོད་ལ། དེ་ཉིད་འདི་ནི་སྐྱེད་པའོ་ཞེས་སྐྱེད་པའི་བྱ་བ་དང་ལྡན་པ་འགལ་ཏེ། འདིའི་དངོས་པོ་གཅིག་ཉིད་ལ་དེ་གལ་ཏེ་རྫོགས་པའི་རང ་བཞིན་དུ་གྲུབ་པ་ན་འདི་དེ་དང་འགལ་བའི་སྐྱེ་བཞིན་པའི་རང་བཞིན་དུ་བརྗོད་པར་ཇི་ལྟར་འཐང་། ཡང་ན་སྐྱེད་བཞིན་པའི་རང་བཞིན་དུ་བརྗོད་ན་དེ་ཇི་ལྟར་གྲུབ་པའི་རང་བཞིན་དུ་བརྗོད་པར་ནུས། དེའི་ཕྱིར་གལ་ཏེ་དེ་ལ་རང་བཞིན་ཞེས་བརྗོད ་ན་སྐྱེད་དོ་ཞེས་བརྗོད་པར་མི་བྱ་ལ། ཡང་ནི་སྐྱེད་པ་ཞེས་བརྗོད་ན་དེ་ལ་རང་ཞེས་རྣམ་པར་མི་བཞག། དངོས་པོར་གྱུར་པ་གཅིག་ནི་རང་ལས་བལྟོས་ནས་གཅིག་ལ་རྒྱུད་དང་འབྲས་བུའི་དངོས་པོར་ཡང་མི་འཐད་དོ་ཞེས་བྱ་སྟེ་དེས ་ན་རང་ལས་མ་ཡིན་ནོ།། གཞན་དུ་རྣམ་པར་བཞག་པ་ནི་དངོས་པོ་གཞན་ཉེ་བ་ལ་བལྟོས་པའི་ཕྱིར་ལ་དེའི་འབྲས་བུ་ཞེས་བྱ་བའི་དངོས་པོ་མ་རྫོགས་པའི་ཕྱིར་དེ་ལ་བལྟོས་ནས་འགའ་ཡང་གཞན་ཉིད་དུ་ཡོད་པ་མ་ཡིན་ཞེས་བྱ་སྟེ། ་རྒྱུའི་གཞན་ཉིད་མེད་པ་ཉིད་ཀྱིས་ན་གཞན་ལས་ཀྱང་སྐྱེ་བ་མེད་དོ།། སྐྱེ་བ་མྱེད་པར་འགྱུར་བས་དངོས་པོ་ཡང་མེད་དོ་ཞེས་གསུངས་པ། དེ་ཕྱིར་དངོས་པོ་དངོས་མེད་ཅིང་།། ཞེས་སོ།། གང་གིས་ཚེ་རིགས་པ་འདིས་ད། ་པོ་མེད་པས་དེའི་ཚེ་དེ་མེད་ན་དངོས་པོ་མེད་པའི་དངོས་མེད་ཀྱང་མེད་དོ་ཞེས་གསུངས་པ་དངོས་མེད་མེད་པས་དེ་དག་མེད། ཞེས་སོ།། དེ་ལས་གང་ཞིག་སྨོས་པ་ནི་གལ་ཏེ་དངོས་པོ་མེད་ན་ཡང་རེ་ཞིག་དངོས་པོ་མེད་པ་ཡོད་པས ་དངོས་པོ་ཡང་འབྱུང་བར་འགྱུར་ཞེས་བྱ་བ་དེ་ནི་མ་ཡིན་ཏེ། གང་གི་ཚེ་དེ་ལྟར་དངོས་པོ་ཡང་དངོས་པོ་མེད་པར་གྱུར་པས་དངོས་པོ་མེད་པ་ཡང་མེད་ལ། དེའི་ཚེ་ཡོད་པ་དང་མེད་པ་ཉིད་དུ་སྨྲ་བར་ཁས་མི་ལེན་པའི་ཕྱིར་དངོས་པོ་རྣམས ་ཀྱིས་ཡོད་པ་དང་མེད་པ་དག་ཡོངས་སུ་སྤངས་ནས། དབུ་མའི་རྟོགས་པ་ཕྱི་ཅི་མ་ལོག་པར་བཤད་པར་འགྱུར་རོ།། གང་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་དངོས་པོ་ཙམ་ཞིག་ལ། གཟུང་བ་དང་འཛིན་པར་ཁས་བླངས་པས་སྒྲོ ་འདོགས་ལ། གཟུང་བ་དང་འཛིན་པ་མེད་པས་དབུ་མའི་རྟོགས་པར་བརྗོད་ལ། གཞན་དབང་དངོས་པོ་ཙམ་དུ་ཡོད་པའི་ཕྱིར་མེད་པ་ཉིད་དུ་ལྟ་བ་ཡང་དག་པ་མ་ཡིན་པར་འཛིན་པའོ།། ཀུན་བརྟགས་གཟུང་བ་དང་འཛིན་པ ་ཉིད་མེད་པས་ཡོད་པ་ཉིད་དུ་ལྟ་བ་ཡང་ཡང་དག་པ་མ་ཡིན་པར་འཛིན་པའོ་ཞེས་བྱའོ།། དངོས་པོ་མེད་པ་ཁས་བླངས་པ་དེ་དག་གིས་ཡོད་པ་ཉིད་དང་མེད་པ་ཉིད་ཡོངས་སུ་སྤོང་བར་མི་ནུས་པའོ།། གཞན་དབང་དངོས་པོ་ཙམ ་ཁས་བླངས་པར་གྱུར་པ་དེ་དག་གི་ཡོད་པར་ལྟ་བ་ཝཱ་ན་མ་ཐོ་བ་མེད་པའོ།། ཀུན་ཏུ་བརྟགས་པ་གཟུང་བ་དང་འཛིན་པ་མི་སྲིད་པར་ཁས་བླངས་པར་གྱུར་ན། དེ་དག་ཀྱང་མེད་པར་ལྟ་བ་ཁ་ན་མ་ཐོ་བ་མེད་པའོ་ཞེས་བྱ་བ་དེ་རྣམས་ཀྱིས་ཡོད་པ། ་ཉིད་དང་མེད་པ་ཉིད་དུ་ལྟ་བ་ག་ལ་སྤངས་ཞེས་བྱ་སྟེ། དྲིས་པར་འདི་རྣམས་འཁོར་བ་ཉིད་ལས་མི་ལྡོག་གོ།། དངོས་པོ་འབའ་ཞིག་ཁས་བླངས་ན་ཡང་ཡོད་པ་དང་མེད་པ་ཉིད་དུ་སྨྲ་བ་ལས་མ་འདས་ལྔ་རྟག་པ་དང་ཆད་པར་སྨྲ་བ་ཡང་ཐོབ ་པར་འགྱུར་རོ།། གང་གི་ཕྱིར། དངོས་པོ་ཡོད་ན་རྟོག་པ་ཉིད།། མེད་ནའང་ངེས་པར་ཆད་པ་ལ།། དངོས་པོར་གྱུར་ན་དེ་གཉིས་སྟེ།། དེས་ན་དངོས་པོ་ཁས་མི་བླངས།། དངོས་པོ་ཁས་བླངས་ན་པར་གྱུར་ན་དེའི་རང་བཞིན་ཡོད་བཞིན་པས་སླར ་ཡང་གཞན་དུ་གྱུར་པ་མི་སྲིད་པས་དུས་ཐམས་ཅད་དུ་ཡོད་པར་འགྱུར་བས། དངོས་པོ་དྲི་རྟག་པར་ཁས་བླང་བར་བྱའོ།། གལ་ཏེ་རྟག་པར་ཁས་བླངས་ན་དེའི་ཚེ་ཐེར་ཟུག་ཐོབ་པར་འགྱུར་ཏེ། དུས་ཐམས་ཅད་དུ་གནས་པའི་ཕྱིར་རོ།། ། ་ཡང་ན་གལ་ཏེ་འཇིག་པར་གྱུར་ན་དེའི་ཚེ་དངོས་པོ་མེད་པར་ཁས་བླངས་པར་གྱུར་པས་འདི་ནི་མེད་པ་ཐོབ་པར་འགྱུརརོ།། དེ་ལས་ཀྱང་སྔར་བྱུང་ལ་དྲི་ནི་མེད་དོ་ཞེས་པའི་དོན་ཁས་བླངས་པར་གྱུར་པས་ཆད་པར་ལྟ་བུ་ཐོབ་སྟེ། ཞིག་པ་ནི ་སླང་ཡང་མི་འཇུག་པས་སོ།། རྟག་པ་དང་ཆད་པའི་མཐར་འཛིན་པ་ལས་མཐར་འཛིན་པའི་ལྟ་བ་རིགས་པས་འོངས་བླ་ཐོབ་ལ། རིགས་པའི་སྟོབས་ལས་འོངས་པས་སྤང་བྱར་མི་འགྱུར་ཏེ། ཡང་དག་པའི་ལྟ་བ་ཡིན་པའི་ཕྱིར ་དེ་ལས་མཐའ་གཉིས་སྤངས་ནས་ཞུགས་པའི་ལམ་འདི་ཡང་ཕྱིན་ཅི་ལོག་ཉིད་དུ་འགྱུར་ལ། གང་གིས་ཚེ་རིགས་པས་དཔྱད་ན་དངོས་པོ་རྣམ་པ་ཐམས་ཅད་དུ་མེད་ན་དེའི་ཚེ་དེའི་ཡུལ་རྟག་པ་དང་ཆད་པར་ཡོངས ་སུ་བརྟགས་པ་ཡང་དག་པའི་ལྟ་བ་མ་ཡིན་ནོ་ཞེས་འཐད་དོ།། གང་ཡང་ཡང་དག་པའི་ལྟ་བ་མ་ཡིན་པ་དེ་ནི་ངེས་པར་སྤང་བར་བྱ་ལ་དེ་སྤོང་བའི་ཐབས་ཀྱང་རང་བཞིན་ཁས་མ་བླངས་པ་ཡིན་ནོ་ཞེས་བྱ་སྟེ་དངོས་པོ་བཀག་པས་མྱ ་ངན་ལས་འདས་པར་འགྲོ་བ་མ་མ་ཡིན་ནོ་ཞེས་བྱ་བ་འདིར་ཐར་པ་འདོད་པ་རྣམས་ཀྱིས་ཁས་བླངས་པར་མི་བྱའོ་ཞེས་བྱ་བར་འགྱུར་རོ།། འདིར་སྨྲས་པ། བདག་དང་བདག་གི་བའི་རྣམ་པ་ནི་འཇིགས་ཚོགས་སུ་ལྟ་བ་ལ། གང་གིས ་ཚེ་བདག་གི་བ་ཉིད་དུ་དམིགས་པ་དེ་ཉིད་རྟག་པ་དང་ཆད་པའི་མཐར་ཡོངས་སུ་བརྟགས་པ་ལས་མཐར་འཛིན་པའི་ལྟ་བྲོ་བསྐྱེད་ལ། དེ་ཡང་སྤང་བྱི་ལ་ཆོས་ཙམ་ནི་རྟག་པ་དང་ཆད་པའི་ལྟ་བར་མི་དམིགས་སོ་ཞེས་བྱ་སྟེ། དྲིས་ན ་གལ་ཏེ་ཡང་ཕུང་པོ་རྣམས་མྱ་ངན་ལས་འདས་ནས་སླར་མི་འཇུག་ན། དེ་ལྟ་ན་ཡང་ལྟ་བ་དེ་ནི་ཆད་པར་ལྟ་བ་མ་ཡིནོ།། ཞེས་བྱའོ།། འོ་ན་འཇིག་ཚོག་སུ་ལྟ་བ་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་བདག་དང་བདག་གྲི་བའི་རྣམ ་པར་དམིགས་པ་ལ། དེ་ལྟ་ན་ཡང་མུ་སྟེགས་བྱེད་ཀྱིས་བརྟགས་པའི་བདག་གི་རྣམ་པར་དམིགས་བཞིན་པ་ན་དེའི་དབང་གིས་འདུ་བྱེད་རྣམས་ལ་ཡང་བདག་གི་བའི་རྣམ་པར་དམིགས་པས་འཇུག་གོ། འོ་ན་འདི་ཡང ་པའི་ཕུང་པོ་ལྔ་ལ་དམིགས་པར་འགྱུར་གྱི། ཁྱད་པར་ནི་འདི་དག་སྟེ། གང་དུ་དེ་དག་ལ་བདག་དང་བདག་གྲི་བའི་རྣམ་པར་དམིགས་ནས་ཡོངས་སུ་འཛིན་ཅིང་དེ་ལས་ཀྱང་མཐར་འཛིན་པར་ལྟ་བས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དེ་ཉིད་ལ ་རྟག་པ་དང་ཆད་པའི་རྣམ་པས་དམིགུས་སོ་ཞེས་བྱའོ།། གལ་ཏེ་ཡང་འཇིགས་ཚོགས་སུ་ལྟ་བ་ཉེ་བར་ལེན་པའི་ཕུང་པོ་ལྔ་དམིགས་སོ་ཞེས་བྱ་བ། དེ་ལྟར་ན་ཡང་འདི་དེའི་རང་བཞིན་ལ་མི་དམིགས་ལ། འོན་ཀྱང་དེ་དགེ་ལ་བདག་ཏུ ་སྒྲོ་བཏགས་ནས་དམིགས་ཏེ། འདི་ནི་ཉེ་བར་ལེན་པའི་ལྔ་ཕུང་པོ་ལྔ་ལ་སྒྲོ་བཏགས་པའོ་ཞེས་བྱའོ།། དགེ་སྦྱོང་ངམ་བྲམ་ཟེ་གང་ཅུང་ཟད་བདག་གོ་ཞེས་ཡང་དག་པར་རྗེས་སུ་ལྷ་ལྔས་ཡང་དག་པར་རྗེས་སུ་མཐོང་བ་ནི་ཉེ་བར ་ལེན་པའི་ཕུང་པོ་ལྔ་པོ་འདི་ཉིད་མཐོང་ངོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ། དེ་ལས་ཐ་དད་པའི་ནང་གིས་བྱེད་པའི་སྐྱེས་བུ་ཉིད་མ་གྲུབ་བོ་ཞེས་བྱ་བའི་དོན་དུའོ།། དེའི་ཕྱིར་འཇིགས་ཚེགས་སུ་ལྟ་བས་བདག་ཁོ་ན་ལ་དམིགས ་སོ།། གང་ཡང་བདག་གིས་དབང་དུ་གྱུར་པའི་ཕྱིར། འདུ་བྱེད་རྣམས་ལ་བདག་གི་བའི་རྣམ་པར་དམིགས་ལ། དེའི་ཕྱིར་མཐར་འཛིན་པར་ལྟ་བ་ཡང་རྟག་པ་དང་ཆད་པའི་རྣམ་པས་འཇུག་བཞིན་པ་ན། བདག་དང་བདག་གིས ་པ་དམིགས་ཀྱིས་གཞན་དུ་མ་ཡིན་ནོ།། དེ་ཉིད་ཀྱིས་ན་བཅོམ་ལྡན་འདས་ཀྱིས་གསུངས་པ། ཀུན་དགའ་བོ་བདག་ཡོད་དོ་ཞེ་ན་ཕ་རོལ་པོའི་རྟག་པ་ཞེས་བྱ་ལ། བདག་མེད་དོ་ཞེ་ན་ཕ་རོལ་པོའི་ཆད་པར་རོ་ཞེས་སོ།། འདིར ་སྨྲས་པ། གལ་ཏེ་འགའ་ཞིག་ཆོས་ཙམ་ལ་རྟགས་པ་ཞེས་རྟོགས་ན། ཅི་དེ་ནི་རྟག་པར་ལྟ་བར་འགྱུར་ར9། འོན་ཏེ་མ་ཡིན། གལ་ཏེ་རེ་ཞིག་རྟག་པར་ལྟ་བར་དེ་འདོད་ན། དེ་མི་རུང་སྟེ། འཇིགས ་ཚོགས་སུ་ལྟ་བ་ཆོས་ཙམ་ལ་དམིགས་ཤིང་ཞ་ལ་མཐར་འཛིན་པར་ལྟ་ས་འཇུག་པ་ནི་མེད་ལ། མཐར་འཛིན་པར་ལྟ་བ་སུ་ནས་གཞན་རྟག་པའི་རྣམ་པར་འཇུག་པ་ཡོད་པ་མ་ཡིན་ནོ།། ལྟ་བ་ཉིད་མེད་ན་ཡང་རྟ ་ཆོས་ཙམ་ས་མེད་འགྱུརོ།། ས་བྱས་རྟན་ཅེས་བྱ་བའི་ཚིག་ལས་ལྷག་པ་ཉིད་དུ་འོ་ཞེ་ན། གལ་ཏེ་དེར་འཛིན་པ་ཕྱིན་ཅི་ལོག་མ། ཇི་ལྟར་འི ་བ་དུཡིད་དྲི་སྡུག་པའི་རྣམ་པར་དམིགས་པར་བྱེད་ལ། ཞེ་སྡང་འི་སྡུན་པའི་རྣམ་།། གྱུ་ཤེས་པའི་རྣམ་པར་རོ།། མི་ཤེས་པའི་རྣམ་པར་ནི་མི་རིང ་པར་ནི་ཀ་ག་ཇུགབ་མཆོཆེན་པོ་ནི་དམན་པ་ལ་ཟློག་གི་རྣམ་པར་རོ།། ཚུག་ཁྲིམས་དང་བརྟུལ་ཞུགས་ཀྱི ་མ་ཡིན་པ་ལཔའོ་ཞེས་བྱ་བས་སོ།། རེ་ཞིག་ང། རྟག་པའི་རྣམ་པ་ཀྱི་དམིགས་སོ་ཞེས་བྱ་སྟེ། སུ་ཞིག་དེ་རྣམ་པར་དམིགས་པར་ཡོད། ཡང་ན་མཐར་འཛིད ་རྟོག་ན་དེ་ལྟ་ན་འདི་ལྟར་བདག་གིས་བྱའི་རྣམ་པ་མ་ཡིན་པའི་ཆོས་ཙམ་ལ་དམིགས་པ་ཡང་མཐར་འཛིན་པར་ལྟ་བའོ་ཞེས་ཡོངས་སུ་ཤེས་སོ།། གལ་ཏེ་ཡང་དེ་ནི་དེ་ལྟ་ན་དེའི་ཚེ་མྱ་ངན་ལས་འདས་པའི་ཆོས་ཙམ་ཡང་ཆད་པའི་ཕྱིར། ་ཆུད་པར་ལྟ་བ་སྟེ། ཅི་ལྟར་མཐར་འཛིན་པར་ལྟ་བར་མི་འགྱུར། གཞན་ཡང་དེའི་རྣམ་པ་མ་ཡིན་པའི་ཆོས་ཙམ་ལ་དེའི་རྣམ་པར་སྒྲོ་འདོགས་པས་ལོག་པར་རྟོགས་པ་ལས་ཉོན་མོངས་པ་རྣམས་འཇུག་པར་འགྱུར་རོ།། དེ་ལ་རྟེན ་ཅིང་འབྲེལ་པར་འབྱུང་བའི་དངོས་པོ་རང་བཞིན་མེད་པ་སྟེ་ངོ་བོ་ཉིད་ཀྱིས་མྱ་སྐྱེས་པའི་ཕྱིར་རོ།། དྲི་དག་ལ་རང་བཞིན་དུ་གང་ཞིག་ཁོང་དུ་ཆུད་པ་དེ་ནི་གཙོ་བོ་ཕྱིན་ཅི་ལྡོག་གིས་བདག་པོ་མ་རིག་པ་ཞེས་བརྗོད་དོ།། གཞན་དུ་ན་གལ་ཏུ ་དངོས་པོ་རྣམས་ཀྱི་རང་བཞིན་པའི་ངོ་བོར་གྱུར་ན། དེ་ངེས་པར་དེ་ཁོ་ན་ཉིད་ལ་དམིགས་པའི་འཕགས་པའི་ལམ་གྱིས་དམིགས་པར་འགྱུར་ལ། དངོས་པོའི་རང་གི་མཚན་ཉིད་ལ་དམིགས་པའི་རྣམ་པ་འཕགས་པའི་ལམ་ལ་མི ་སྲིད་ལ། བཱདྷཱ་དྲུག་ལས་གཞན་དྷཱི་མེད་རྣམ་པ་མེད་ཞེས་བསྟན་བཅོས་མཛོད་ལས་སོ།། དེའི་ཕྱིར་མ་རིག་པས་ཀུན་ཏུ་བརྟགས་པའི་དངོས་པོ་རྣམས་ཡོད་པ་ཉིད་དེ་ཁོ་ན་ཉིད་མ་ཡིན་ནོ་ཞེས་སོ།། དེ་ལྟར་དངོས་པོའི་རྣམ་པར་འཇུག ་པས་དེ་ཁོ་ན་ཉིད་མི་རྟོགས་པའི་ཕྱིར་དེ་ཁོ་ན་ཉིད་མ་ཤེས་པར་འཇུག་གོ།། ཞེས་རྣམ་པར་བཞག་གོ།། མ་རིག་པས་ཀུན་ཏུ་བརྟགས་པའི་དངོས་པོ་ལ་འདོད་ཆགས་ཀྱིས་སྡུག་པའི་རྣམ་པར་དམིགས་ལ། ཞེ་སྡང་གིས་མི་སྡུག་པ ་རྣམ་པར་རོ།། ང་རྒྱལ་གྱིས་ཁེངས་པའི་རྣམ་པར་རོ།། ཐེ་ཚོམ་གྱིས་ཡིད་གཉིས་སུའོ།། འཇིག་ཚོགས་ཀྱིས་བདག་དང་བདག་གི་བའི་རྣམ་པར་རོ།། མཐར་འཛིན་གྱིས་རྟག་པ་དང་ཆད་པའི་རྣམ་པར་རོ།། ལོག་པར ་ལྟ་བས་མེད་པའི་རྣམ་པར་རོ།། ལྟ་བ་མཆོག་ཏུ་འཛིན་པས་དམན་པ་ལ་མཆོག་གི་རྣམ་པར་རོ།། ལམ་གྱི་རྣམ་པས་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ་ཞེས་དེ་ལྟར་ཉོན་མོངས་པ་ཐམས་ཅད་མ་རིག་པས ་ཡོངས་སུ་བརྟགས་པའི་ཕྱིན་ཅི་ལོག་གི་དངོས་པོ་ཉིད་ལ་དེ་དག་ཞེན་པས་སྒྲོ་བཏགས་ནས་འཇུག་ལ། དེ་ཉིད་ཀྱིས་ན་རྨོངས་མེད་ཅིག་ཤོས་སྐྱེ་བ་མེད། ཅེས་བྱ་བས་མ་རིག་པའི་རྒྱུ་ཅན་དུ་ཉོན་མོངས་པ་ཐམས་ཅད་རྣམ་པར ་བཞག་གོ། རྨོངས་པ་ལས་སྤང་བ་ལྦ་ཐམས་ཅད་མ་ལུས་པར་སྤོང་གི་གཞན་དུ་མ་ཡིནྡ་ཏེ། དེ་དག་མ་རིག་པ་དང་ལྷན་ཅིག་འབྲེལ་པའི་ཕྱིར། ཇི་སྐད་དུ་འཕགས་པ་ལྷས། མ་རིགྲྀ་ཀུན་ཏུ་གནས་པ་ནི། ཇི་ལྟར་ལུས་ལ་ལུས ་དབང་གིས།། དེ་ཕྱིར་ཀུན་ཀྱང་རྨོངས་པ་ཡིས།། ཉོན་མོངས་པས་དེ་འདིར་བསྣུན་ནོ།། ཞེས་བཤད་དོ།། གང་ཡང་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་གསུངས་པ། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་ཉིད་ལ་བདག་ཅེས་ཡང ་དགེ་བར་རྗེས་སུ་མཐོང་ངོ་ཞེས་བྱ་བའི་མདོ་དེ་ཡང་མཐར་འཛིན་པར་ལྟ་བ་དང་། འཇིག་ཚོགས་སུ་ལྟ་བ་ལྷན་ཅིག་དུ་གཞི་གཅིག་ལ་དམིགས་པར་འཐད་དོ་ཞེས་ཤིན་ཏུ་སེམས་པར་སྒྲུབ་པའོ།། དེ་ལས་ཀྱང་འདི་ཤིན་ཏུ་འཐད ་བས་དངོས་པོ་ཡོད་ན་ཡང་དེས་ན་གཉིས་ཀ་ཁཱས་བླང་ངོ་ཞེས་བྱ་བར་འགྱུར་རོ་ཞེས་སོ།། འདིར་སྨྲས་པ། གལ་ཏེ་དངོས་པོ་ཡོད་ཀྱང་དེ་ལྟ་ན་ཡང་དེའི་རྟག་པ་དང་མི་རྟག་པ་དག་མེད་པས་ཐེར་ཟུག་པ་དང་རྒྱུན་ཆད་པར་ལྟ་བར་ཐལ་བ ་མ་ཡིན་པ་ཇི་ལྟར་ཞེ་ན། གསུངས་ག་རྒྱུན་གྱི་ཕྱི་ར་ནུ་འདི་ཡོད་དེ། རྒྱུ་བྱིན་ནས་ནི་དངོས་པོ་འགག། སྔར་བཞིན་འདི་ཡང་མ་གྲུབ་ཅིང་།། རྒྱུ་ཚང་བར་ཡང་ཐལ་བར་འགྱུར། དེ་ལ་རྒྱུ་དང་འབྲས་བུའི་འབྲེལ་བྱ་འཇུག་པ་ལས ་དུས་གསུམ་དུ་འདུས་བྱས་རྣམས་ཀྱི་སྐད་ཅིག་མའི་ཉེ་ལེན་རབ་ཏུ་འབྱུང་བ་ལས་རྒྱུན་ཞེས་བརྗོད་དོ།། འདི་ལྟར་ས་ལུའི་ས་བོན་གྱི་མྱུ་གུ་དང་སྡོང་བུ་དང་ལྡུམ་བུ་རྣམས་བརྒྱད་མར་རབ་ཏུ་འབྱུང་བ་ནི་ས་བོན་གྱི་རྒྱུན་ནོ།། དེ་བཞིན་དུ ་གཞན་ལ་ཡང་ཤེས་པར་བྱའོ།། མྱུ་གུ་ལ་སོགས་པའི་རྒྱུན་དེ་ཡང་ས་བོན་གྱི་རྒྱུས་འཇུག་ལ། ས་བོན་གྱི་རྒྱུ་ཅན་གྱི་མྱུ་གུ་ལ་སོགས་པའི་རྒྱུན་དེ་ལས་ཀྱང་ས་བོན་དང་འདྲ་བའི་འབྲས་བུ་མཐར་འཇུག་གོ། འབྲས་བུ་དེ་ཡང་ས་བོན ་གྱི་རྒྱུ་ཅན་དུ་རྣམ་པར་བཞག་སྟེ། ཇི་ལྟར་བྱས་ན་འདིར་ས་བོན་འགུགས་ལ། འདིའི་བདག་ཉིད་ཀྱི་རྒྱུན་ལས་འདྲ་བའི་འབྲས་བུ་སྐྱེད་པའི་ཕྱིར་དངོས་ཀྱི་འབྲས་བུའི་རྒྱུ་མྱུ་གུ་བྱིན་ནས་འགག་པར་འགྱུར་རོ།། འབྲས་བུ་སྐྱེད་པའི ་ནུས་པས་ཁྱད་པར་དུ་བྱས་པའི་མྱུ་གུ་སྐྱེད་པའི་རྒྱུའི་དངོས་པོར་ཡོངས་སུ་བསྒྲུབ་པས། རྒྱུ་བྱིན་ནས་འགགས་ཞེས་བརྗོད་དོ།། དེ་བཞིན་དུ་མྱུ་ལ་སོགས་པ་ནས་མོ་ཏོག་གི་མཐར་ཐུག་པ་རྣམས་རང་གི་རྒྱུ་ལས་ཐོབ་པའི་རྒྱུ ་ཡིས་ས་བོན་དང་མཐུན་པའི་འབྲས་བུ་རིམ་གྱིས་རྫོགས་པར་བྱེད་དོ།། འབྲས་བུ་དེ་ཡང་ས་བོན་རྒྱུར་བྱས་པ་ཉིད་ལས་ཉེ་བར་སྐྱེའོ།། གལ་ཏེ་ས་བོན་དང་མྱུ་གུ་ལ་སོགས་པའི་རྒྱུན་འབྲས་བུ་བསྐྱེད་པའི་ནུས་པས་མི་འཇུག ་ན་མཐའ་ཡང་དེའི་རིགས་ཅན་གྱི་འབྲས་བུ་མི་འབྱུང་ངོ་ཞེས་བྱ་ལ། དེས་ན་མཐར་ཡང་འབྱུང་བཞིན་པའི་འབྲས་བུ་ས་བློན་གྱིས་རྒྱུ་ཅན་ཉིད་དོ་ཞེས་རྣམ་པར་འཇོག་ལ། འདི་སྐད་དུ་རྩ་བའི་བ་བྱེད་བཅུ་བདུན་པར། གང་ཕྱིར་ས་བོན ་ལས་རྒྱུན་དང་།། རྒྱུན་ལས་ཀྱང་ནི་འབྲས་བུ་འབྱུང་།། དེ་ཕྱིར་ས་བོནྡ་སྔོན་འགྲོའི་འབྲས།། རྟག་མིན་ཆད་པ་ཡང་མ་ཡིན།། ཞེས་བསྟན་ཏོ།། དེ་ལ་ས་བོན་ནི་འབྲས་བུ་བསྐྱེད་པར་ནུས་པའི་མྱུ་གུ་ལྔ་སོགས་པའི་རྒྱུན་གྱི་རྒྱུར་ཁོང་དུ ་མ་ཆུད་པར་འགག་པར་འགྱུར་གྲ་ང་ལ། མྱུ་གུ་ལ་སོགས་པའི་རྐྱེན་ཀྱང་མི་འཇུག་པར་འགྱུར་ན། དེའི་ཚེ་ཆད་པར་ལྟ་བར་འགྱུར་རོ།། ཡང་ན་མྱུ་གུ་ལ་སོགས་པོ་འཇུག་ཀྱང་ས་བོན་རང་གྲིས་ངོ་བོས་གནས་ན་དེ་ནི་རྟག ་པར་ལྟ་བ་སྟེ། དེ་ལྟར་ཡང་མ་ཡིན་ནོ་ཞེས་བྱ་བས། དེས་ན་རྒྱུན་ཡོད་ལ་རྒྱུན་ཅན་གྱི་རྒྱུའི་སྐད་ཅིག་མ་རྣམས་ཀྱང་འབྲས་བུའི་དོན་དུ་རྒྱུ་བྱིན་པའི་ཕྱིར་དང་། རང་གི་ངོ་བོས་མི་གནས་པའི་ཕྱིར་ཡང་རྟག་པ་དང་ཆད་པར་ལྟ་བར ་ཐལ་བ་མེད་དོ་ཞེས་བྱའོ།། འདིར་ཡང་སློབ་དཔོན་གྱིས་སྐྱོན་བརྗོད་གསུངས་པ། སྔར་བཞིན་འདི་ཡང་མི་འགྲུབ་ཅིང་། རྒྱུན་ཆད་པར་ཡང་ཐལ་བར་འགྱུར། ཞེས་བྱ་བ་ལ། འདིར་འདི་སྐད་དུ་རྟག་པ་དང་ཆད་པའི ་སྐྱོན་སྤང་བའི་ཕྱིར། དེ་ནི་སྔར་བཞིན་དུ་མ་གྲུབ་སྟེ། ཇི་ལྟར་བྱས་ན་ཡོད་པ་ཉིད་རྒྱུ་དང་འབྲས་བུའི་འཇུག་པ་འབྱུང་བར་འགྱུར་རོ་ཞེས་འདིར་རྟོགས་ན། རྒྱུ་དང་འབྲས་བུ་འཇུག་པ་མི་སྲིད་པ་ཡང་སྔར་བསྟན་ཏེ། འབྲས་བུ་ཡིན་ན་འབྲས ་ལྡན་ལ།། དེད་མེད་གྱུར་ནི་རྒྱུ་མེད་མཚུངས།། ཡོད་དང་མེད་པ་ན་ཡང་འགལ།། དུས་གསུམ་དུ་ཡུ་འཐད་མ་ཡིན།། མ་རིག་འདུ་བྱེད་མེད་མི་འབྱུང་།། དེ་མེད་འདུ་བྱེད་མི་འབྱུང་ཞིང་། དེ་དག་ཕན་ཚུན་རྒྱུ་ཅན་དེ།། རང་བཞིན་གྱིས ་ཀྱང་མ་གྲུབ་བོ།། གང་ཡང་། གང་ཞིག་རང་ཉིད་རང་བཞིན་གྱིས།། མཱ་གྲུབ་དེས་གཞན་ཇི་ལྟར་སྐྱེད།། དེ་ཕྱིར་གཞན་ལས་གྲུབ་པོ་ཡི།། རྐྱེན་གཞན་དག་ནི་སྐྱེད་བྱེད་མིན།། དྲིས་ན་རྒྱུ་དང་འབྲས་བུ་དག་མ་གྲུབ་ན།། རྒྱུན་ག་ལ་ཞིག ་གམ། རྒྱུ་བྱིན་པ་ག་ལ་ཞིག་ཅེས་པ་དང་། རྒྱུ་འགགས་ནས་སླར་མི་སྐྱོ་བས། རྒྱུ་རྒྱུན་ཆད་པར་ཐལ་བར་བརྟགས་པ་ཡང་མི་རིགས་ལ། འདི་དག་སྤང་བར་མི་རིགས་ཏེ། དེ་ལྟར་ཡ་དངོས་པོ་ཁས་བླངས་ན་རྟག་པ་དུང་ཆད་པའི ་ལྟ་བར་ཐལ་ལོ་ཞེས་གནས་སོ།། འདིར་སྨྲས་པ། གལ་ཏེ་རྟག་པ་དང་ཆད་པར་ལྟ་བར་ཐལ་བས། རྟག་པ་དང་ཆད་པར་ཁས་མི་ལེན་ན། འདི་ལྟར་དངོས་པོ་ལས་སྐྱེ་བ་དང་འགགས་པ་ཡང་མེད་པར་ཐལ་ལ། དེ་མེད་ན་ཡང ་དག་འདི་དག་སྐྱེ་བ་དང་འཇིག་པར་བསྟན་པས་བཅོམ་ལྡན་འདས་ཀྱིས་མྱ་ངན་ལས་འདས་པའི་ལམ་བསྟན་པ་གསུངས་པ། མི་རྟག་དང་ལྡན་འདུས་བྱས་རྣམས།། སྐྱེ་དང་འཇིགས་པའི་ཆོས་ཅན་ཏེ།། སྐྱེ་ཞིང་གང་ལ ་འཇིག་འགྱུར་བ།། དེ་དག་ཉེར་ཞི་བདེ་བའོ།། ཞེས་པས། དེ་འགགས་པ་དང་། སྐྱེ་བ་དང་། འཇིགས་པ་དག་མེད་པའི་སྟོང་པ་དག་ཉེ་བར་བསྟན་པ་མྱ་ངན་ལས་འདས་པའི་ལམ་དུ་མི་འཐད་དོ་ཞེས་བསྟན་པའི་ཕྱིར ་གསུངས་པ། སྐྱེ་འཇིག་བསྟན་ཕྱིར་མྱང་འདས་ཀྱི།། ལམ་བསྟན་མ་ཡིན་སྟོང་ཉིད་ཕྱིར། ཅེས་པའོ།། ཡང་ན་འདིའི་དོན་ནི་གཞན་ཏེ། གལ་ཏེ་འདི་སྙམ་དུ་སེམས་ན། དངོས་པོ་ཡོད་བཞིན་པ་མ་ཡིན་པའི་ཕྱིར། སྐྱེ་འཇིག་མེད་པར ་འགྱུར་ན་མྱ་ངན་ལས་འདས་པའི་ལམ་བསྟན་པ་མེད་པར་ཐལ་ལོ་ཞེས་པའི་སྐྱོན་འདི་མེད་དེ། སྐྱེ་བ་དང་འཇིག་པ་ཡོད་བཞིན་པ་མ་ཡིན་པ་ལ་བསྟན་པ་འཐད་ཅིང་། གང་ལས་སྐྱེ་འཇིགས་བསྟན་པ་ལས་མྱ་ངན་ལས་འདས་པ ་ཐོབ་པར་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ། མྱ་ངན་ལས་འདས་པའི་ལམ་བསྟན་པ་རྣམ་པར་བཞག་པ་མ་ཡིན་ནོ་ཞེས་བསྟན་པའི་གསུངས་པ། སྐྱེ་འཇིག་བསྟན་ཕྱིར་མྱ་ངན་འདས་ཀྱི། ལམ་བསྟན་མ་ཡིན ་སོ།། སླར་ཡང་ཅིའི་ཕྱིར་ན་སྐྱེ་འཇིག་བསྟན་པ་ལས་ཐར་པ་མེད་ཅེས་ཉེ་བར་བསྟན་པའི་མྱ་ངན་ལས་འདས་པའི་ལམ་བསྟན་པར་ཡང་མི་འཐད་དོ་ཞེས་བསྟན་པའི་ཕྱིར་གསུངས་པ། སྟོང་ཉིད་ཕྱིར་ཞེས་པའོ།། སྐྱེ་བ་དང ་འཇིག་པ་དག་སྟོང་ནི་ཇི་ལྟར་དེ་དག་བསྟན་པས་མྱ་ངན་ལས་འདས་པའི་ལམ་པར་འགྱུར།། སླར་ཡང་ཉེ་བར་དམིགས་བཞིན་པ་སྐྱེ་བོ་ཐམས་ཅད་ལ་གྲགས་པའི་སྐྱེ་བ་དང་འཇིགས་པ་དག་ཇི་ལྟར་སྟོང་པ་ཉིད། ཇི་ལྟར ་ཧཱུཾ་བར་དམིགས་པ་དེ་དག་ཀྱང་སྟོང་གིས་འདི་ལྟར་བསྟན་པའི་ཕྱིར་གསུངས་པ། འདི་དག་ཕན་ཚུན་བཟློག་པས་སུ། མཐོང་བ་ཕྱིན་ཅི་ལོག་ལས་ཡིན།། བདེན་ཏེ། སྐྱེ་བ་དང་འཇིགས་པ་དག་སྟོང་པ་ཉིད་ཀྱི་ཕྱིར། དེ་དག་སྟོང་པ ་ཉིད་ཡིན་ཀྱང་གང་འཇིག་རྟེན་པས་མཐོང་བ་ཕྱིན་ཅི་ལོག་པས་འཇུག་པའོ།། དེ་དག་འདི་ལྟར་ཇི་ལྟར་རྟོགས་ཤེ་ན། ཕན་ཚུན་བཟློག་པས་ལས་ཏེ། ཕྱིན་ཅི་བཟློག་པས་ན་ཕན་ཚུན་བཟློག་པ་སྟེ། གཞན་དུ་འགྱུར་བ་ཐོབ་པའོ།། ་གལ་ཏེ་སྐྱེ་བ་དང་འཇིག་པ་དག་རང་གིས་ངོ་བོས་ཡོད་ན་འདི་དག་ཕན་ཚུན་བྱས་པས་གཞན་དུ་འགྱུར་བར་མི་འགྱུར་ཏེ། སྐྱེ་བ་ལས་གཞན་པ་མ་སྐྱེས་པ་ལ་འཇིག་པ་མེད་ལ། སྐྱེ་བའི་དུས་ན་ཡང་སྐྱེ་བའི་དུས་དང་འགལ་བའི་འཇིག ་པ་མི་རིགས་པའི་ཕྱིར་དང་། འཇིག་པ་དང་བྲལ་བྱ་ཡང་སྐྱེ་བ་མེད་པའི་ཕྱིར་དང་། འཇིགས་པའི་དུས་སུ་ཡང་དེ་དང་འགལ་བའི་སྐྱེ་བ་མི་རུང་བའི་ཕྱིར་དང་། ཕན་ཚུན་ལས་དུས་གཅིག་ཏུ་སྐྱེ་བ་ཐོབ་ལ་འགལ་བ་དང་། ཕན་ཚུན ་མེད་པས་འདི་དག་བསལ་བའི་ཕྱིར་ཕན་ཚུན་བཟློག་པར་འགྱུར་རོ།། སྐྱེ་བ་ནི་སྐྱེ་བའི་རང་གིས་ངོ་བོ་དང་བྲལ་བའི་ཕྱིར་ཕྱིན་ཅི་ལོག་གོ། ཡང་ན་འགགས་པ་ལ་མ་བལྟོས་པར་སྐྱེ་བར་མི་འགྱུར་རོ་ཞེས་བྱའོ།། སྐྱེ་བའི་ཕྱིན་ཅི ་ལོག་ནི་རང་གིས་ངོ་བོས་མ་གྲུབ་པ་དང་འགག་པ་ལ་བལྟོས་པའི་ཕྱིར་དང་། འདི་ལྟར་འགག་པ་ཡང་བརྗོད་དོ།། གང་ཡང་འདི་དག་ཕན་ཚུན་བཟློག་པ་ཕན་ཚུན་བྱས་པས་འགྲུབ་ལ། དེ་འདི་ལྟར་རང་གི་ངོ་བོས ་མ་གྲུབ་པ་དག་གང་མཐོང་བ་དེ་འཇིག་རྟེན་པའི་ཕྱིན་ཅི་ལོག་ཅེས་ཤེས་པར་བྱའོ།། གང་ཡང་དེ་དག་དེ་ལྟ་བསྟ་ན་དེ་སྟ་ན་སྐྱེ་བུ་དང་འཇིག་པ་དང་སྟོང་པའོ།། གང་གིས་ཚད་དེ་དག་སྟོང་པ་ཉིད་ནུ་དེའི་སྐྱེ་བ་དང ་འཇིགས་བསྟན་པ་ལས་མྱ་ངན་འདས་པར་འགྱུར་རོ་ཞེས་ཉེ་བར་བསྟན་པའི་མྱ་ངན་ལས་འདས་པའི་ལམ་བསྟན་པའ་མི་འཐད་དོ།། བྱིས་པའི་སྐྱེ་པོས་རྟོགས་པའི་དོན་དུ་དེས་མཐོང་བའི་རྗེས་སུ་འཇུག་པས་བཅོས་ལྗོན་འདས ་ཀྱི་སྐྱེ་བ་དང་འཇིགས་པ་གསུངས་པར་ཤེས་པར་བྱའོ།། ཇི་སྐད་དུ། རིག་པ་དྲུག་ཅུ་པར་སྐྱེ་བ་ཤེས་པས་འཇིག་པ་ཤེས།། འཇིག་པ་ཤེས་པས་མི་རྟོག་ཤེས། མི་རྟག་ཉིད་ལ་འཇུག་ཤེས་པས།། དེས་ནི་ཆོས་ཀྱང་རྟོགས་པར་འགྱུར ་ཞེསོ་སོ།། འདིར་སྨྲས་པ། སྐྱེ་མེད་འགག་པ་མེད་ཅེ་ན།། ཅི་ཞིག་འགགས་པས་མྱ་ངན་འདའ། གང་ཞིག་སྐྱེ་བ་དང་འཇིག་པ་མེད་ན་དེའི་ཚེ་སྡུག་བསྔལ་མེད་ལ། ཉེ་བར་ལེན་པའི་ཕུང་པོ་ལྔ་དག་སྐྱེས་པ་མི་རྟག་པས་སྡུག ་བསྔལ་ལ། དེ་འགགས་པ་ལ་ས་མྱ་ངན་ལས་འདས་པའོ།། གང་གི་ཚེ་སྐྱེ་བ་དང་འགྲགས་པ་གང་ཡང་མེད་པས་སྡུག་བསྔལ་མེད་པ་དེའི་ཚེ་ཅི་ཞི་གླུ་འགེགས་པ་ལས་མྱ་ངན་ལས་འདས་པར་འགྱུར་འགྱུར། འདི་ལྟརསྡུག ་བསྔལ་འགགས་པ་ལས་མྱ་ངན་ལས་འདས་པ་ཡང་ཡོད་ལ། དེའི་ཕྱིར་སྐྱེ་བ་དང་འཇིག་པ་དག་ཡོད་དོ་ཞེ་ན། སྨྲས་པ། འདི་ལ་སྐྱོན་མེད་དེ་གང་གི་ཕྱིར་འགགས་པ་ལས་མྱ་ངན་ལས་འདས་པར་རྣམ་པར་བཞག་པ་མ་ཡིན ་ལ། དེ་ནི་སྡུག་བསྔལ་མེད་པ་ཉིད་དེ། སྐྱེ་བ་མེད་ཅིང་འགག་མེད་པའི།། ངོ་བོ་གང་ཞིག་མཐར་མིན་ནམ།། ངེས་པར་ཡང་འདི་ལྟར་དེ་ཁས་བླངས་པར་བྱའོ།། གཞན་དུ་ན་གལ་ཏེ་གལ་ཏེ་འགགས་ལས་མྱང་འདས་ཆད། གལ་ཏེ་ཅིག ་ཤོས་ལྟར་ན་རྟག། དེ་ཕྱིར་དངོས་པོ་ད་ངོས་པོ་མེད་དག། མྱ་ངན་འདས་པར་རླུང་མཱ་ཡིན།། གལ་ཏེ་སྡུག་བསྔལ་རང་བཞིན་གྱིས་མ་སྐྱེས་པ་དང་མ་འགགས་པར་མི་འདོད་ལ། སྡུག་བསྔལ་གྱིས་ངོ་བོའི་རྒྱུན་ལས་ལོག་པ་ལ་མྱ ་ངན་ལས་འདས་པར་ཡོངས་སུ་རྟོག་ན། དེ་ནི་སྡུག་བསྔལ་རྒྱུན་ཆད་པའི་རང་བཞིན་གྱིས་ཕྱིར་མྱ་ངན་ལས་འདས་པ་ཆད་པར་འགྱུར་རོ་ཞེས་བྱ་ལ། མྱ་ངན་ལས་འདས་པ་ཆད་པར་འགྱུར་བ་མི་འཐད་དེ། མཐར་འཛིན་པར་ལྟ་བར་ཐལ ་བཱ་དང་། ངོ་བོ་ཉིད་ཀྱིས་མ་གྲུབ་པ་ལས་རྒྱུན་ཚད་པའི་མྱ་ངན་ལས་འདས་པ་དེ་ཕྱིན་ཅི་ལོག་ཏུ་འགྱུར་ལ། མྱ་ངན་ལས་འདས་པ་ཕྱི་ཅི་ལོག་མ་ཡིན་པའི་ཕྱིར། སྡུག་བསྔལ་རྒྱུན་ཆད་པའི་རང་བཞིན་མྱ་ངན་ལས་འདས་པར་འགྱུར ་མི་འཐད་དོ།། ཡང་ན་སྐྱོན་འདི་དག་ཡོངས་སུ་སྤང་བར་འདོད་ནས། དེ་ལ་ཅིག་ཤོས་ཁས་ལེན་ནི་དེའི་ཚེ་སྡུག་བསྔལ་མ་འགག་པའི་རང་བཞིན་ཉིད་ཀྱིས་ཕྱིར། ཐེར་ཟུགྲོ་པས་མྱ་ངན་ལས་འདས་པའི་དེར་རང་བཞིན་དུ་འགྱུར ་ལ། སྡུག་བསྔལ་རྟོག་པའི་རང་བཞིན་མྱ་ངན་ལས་འདས་པར་འགྱུར་བར་མི་རུང་སྟེ།། དེ་ནི་སྡུག་བསྔའི་ཟད་པའི་མཚན་ཉིད་དུ་ཉེ་བར་བསྟན་པའི་ཕྱིར་རོ།། གང་གིས་ཚེ་འདི་ལྟར་དངོས་པོ་དེ་དངོས་པོ་མེད་པ་དག་མི་རུང་བས། ་དེའི་ཕྱིར་སྡུག་བསྔལ་རང་བཞིན་གྱིས་གངྒཱ་མཱ་སྐྱེས་ཤིང་མྦྷ་འགགས་པ་དེ་ཉིད་ཐར་པ་ཞེས་རིགས་སྷོ།། འདིར་སྨྲ་སྨྲ་པ། སྡུག་བསྔལ་ལྔས་ལོག་པའི་རང་བཞིན་མྱ་ངན་མྱ་ངན་ལས་འདས་མ་ཡིནྣ་ཏེ། གྲལ ་ཏེ་འདི་ལྟར་འགྱུར་དེའི་ཚེ་སྡུག་བསྔལ་ལས་ལོག་པའི་རླུང་བཞིན་ཅི་ཡང་མ་ཡིན་པའི་ཕྱིར། མྱ་ངན་འདས་པ་ཞེས་བྱ་བ་ཅི་ཡང་མ་ཡིན་པར་འགྱུར་ལ། ཅི་ཡང་མ་ཡིན་པར་མྱ་ངན་ལས་འདས་པར་འགྱུར་བར་མི་རིགས་ཏེ། ་ལམ་གྱི་བདེན་པས་ཐོབ་བྱ། སྐྱེ་བ་འགགས་པར་གྱུར་པའི་ཆུ་སྐྱེགས་པའི་སྐྱེགས་ཀྱིས་གནས་ལྟ་བུ་སྡུག་བསྔལ་ལས་དོན་གཞན་དུ་གྱུར་པ་ལ་འོགོག་པ་ཞེས་བརྗོད་དོ།། གལ་ཏེ་དེ་དོན་གཞན་དུ་གྱུར་པ་མ་ཡིན་ན། བདེན་པ ་བཞི་རྣམ་པར་བཞག་པ་མྱི་འབྱུང་ལ། དེས་ན་འགོག་པ་སྡུག་བསྔལ་རྟག་པའི་རང་བཞིན་མ་ཡིན་ལ། སྡུག་བསྔལ་ལོག་པའི་རང་བཞིན་ཡང་མ་ཡིན་ཏེ། སྡུག་བསྔལ་ལས་དོན་གཞན་དུ་གྱུར་པའི་ཕྱིར་ཞེས་པའོ།། འདིར ་གསུངས་པ། གལ་ཏེ་འགོག་པར་འགའ་གནས་ན། དངོས་པོ་ལས་གཞན་དེ་ཡོད་འགྱུར།། དངོས་པོ་མེད་ཕྱིར་འདི་མེད་ལ།། དངོས་པོ་མྱེད་ཕྱིར་དེ་ཡང་མེད།། གལ་ཏེ་སྡུག་བསྔལ་གྱིས་དངོས་པོ་ལས་གཞན་དུ་སྟེ། དེ་ལས་ཐ ་དང་པོའི་འགོག་པར་གྱུར་ན། རྟག་པར་གནས་པར་གྱུར་ཏེ། དེ་དངོས་པོ་ལས་ཀྱང་གཞན་དུ་འགྱུར་ལ། དེ་ནི་དངོས་པོ་ལས་གཞན་དུ་ཡོད་པ་ཉིད་འཐད་པ་མ་ཡིན་ཏེ། སྡུག་བསྔལ་ལས་གཞན་དུ་དེ་འགགས་པ་རྣམ་པར ་བཞག་པར་མི་ནུས་སོ།། གལ་ཏེ་ཡང་སྡུག་བསྔལ་ལས་ཐ་དད་ན་འགོག་པ་རྟག་པར་འགྱུར་ལ། དེ་གྱུར་ན་འཇིག་རྟེན་པ་ཐམས་ཅད་ལ་སྡུག་བསྔལ་ལོག་པར་འགྱུར་རོ།། སྡུག་བསྔལྔ་ལས་ལོག་པ་དེས་མ་ཐོབ་པོ་ཞེ་ན། ཐོབ་པར ་གྱུར་ན་གང་གིས་སྡུག་བསྔལ་སྐྱེས་པ་འགག་པར་བྱས་ནས་འདིའི་ཁྱད་པར་ཅི་ཞིག་སྐྱེད་པར་བྱེད། དེ་ཐོབ་པའི་རྒྱུད་ལ་སྐྱེའོ་ཞེ་ན། ཕྱིས་ཅི་ཞིག་འདིའི་ཁྱད་པར་སྐྱེ་བ་གང་གིས་དེ་ཐོབ་པའི་རྒྱུད་ལ་སྐྱེ་ན། དུས་ཐམས་ཅད་དུ་དེ་ཐོབ་པའི ་རྒྱུད་ལ་སྐྱེ་བར་འགྱུར་བ་འམ། ནམ་ཡང་མ་ཡིན་པར་འགྱུརརོ།། དེ་ལས་ལམ་མུ་བསྒོམ་པ་འཇིག་རྟེན་པ་ཐམས་ཅད་ཀྱི་མ་ཙལ་བར་ཡང་མྱ་ངན་ལས་འདིའ་བུར་འགྱུར་རོ།། དེའི་ཕྱིར་ངེས་པར་སྡུག་བསྔལྔ་ལ་བལྟོས་པ་དང ་ཅེས་པོའི་རང་བཞིན་གྱིས་དེ་འབྱུང་བར་འགྱུར་ལ། དྲི་ལ་ཡང་སྡུག་བསྔལ་མི་སྲིད་པའོ།། དེས་ན་དངོས་པོ་མེད་ཕྱིར་འདི་མེད་དེ། སྡུག་བསྔལ་མེད་པས་དེ་མེད་དོ་ཞེས་པའི་དོན་ཏེ། ཡང་གཞན་ཞིག་གིས་སྨྲས་པ། གལ ་ཏེ་སྡུག་བསྔལ་འགགླས་པ་སྟེ། སྡུག་བསྔལ་མེད་པའི་རང་བཞིན་དངོས་པོར་གྱུར་པ་མྱ་ངན་ལས་འདས་པར་འགྱུར་ན། སྐྱོན་འདིར་འགྱུར་ན། རྣམ་པ་དེ་ལྟ་བུ་ནི་མེད་དོ།། འོན་ཀྱང་འདིར་དེ་ནི་སྡུག་བསྔལ་ལས་ལོག་པ་ཙམ ་མོ་ཞེ་ན། སྨྲས་པ། འདི་ལྟར་བརྟགས་པས་ཀྱང་མྱ་ངན་ལས་འདས་པ་ཐོབ་པར་མི་འགྱུར་ཏེ། སྡུག་བསྔལ་གྱི་དངོས་པོར་ཡོད་ན་སྡུག་བསྔལ་དང་ལྡན་པར་འགྱུར་ལ། སྡུག་བསྔལ་བ་ཡང་མི་སྲིད་ན་དེ་ལ་མེད་པ་ག ་དོན་ཏོ།། ཡང་ཅིའི་ཕྱིར་ཕན་ཚུན་བལྟོས་པས་གྲུབ་པ་མེད་ཅེས་ནཱ། གསུངས་པ། མ་གྲུབ་མ་གྲུབ་སྒྲུབ་བྱེད་མིན།། ཞེས་པའོ།། འདིར་མཚན་ཉིད་མཚན་གཞི་ལ་བརྟེན་པའི་ཕྱིར་མཚན་གཞི་རྟེན་དུ་གྲུབ་པར་འདོད ་ལ། མཚགཞི་ལས་གཞན་དུ་མཚན་གཞིའི་མཚན་ཉིད་མི་འཐད་པས། མཚན་ཉིད་ཀྱིས་བརྟེན་པས་མཚན་གཞི་གྲུབ་པོ་ཞེས་བྱ་ལ། དེ་ལྟར་ཕན་ཚུན་བལྟོས་པས་མཚན་གཞི་དང་མཚན་ཉིད་གྲུབ་པ་རྣམ་པར་གཞག་པར་གྱུར ་པ་འདི་དག་པྱད་པར་སྟེ། གལ་ཏེ་མཚན་གཞི་ལ་བལྟོས་ནས་མཚན་ཉིད་རྣམ་པར་འཇོག་པས་དེ་ཉིད་ཀྱིས་ན་རེ་ཞིག་མཚན་གཞི་མཚན་ཉིད་ལ་མ་བལྟོས་པར་ངོ་བོ་ཉིད་ཀྱིས་མེད་ལ། དེ་ནི་རང་ཉིད་མ་གྲུབ་པས་ཇི་ལྟར་གཞན ་མཚན་ཉིད་འགྲུབ་པར་བྱེད། དེ་བཞིན་དུ་མཚན་གཞི་ལ་ཡང་སྦྱར་རོ།། དེ་ནི་འདི་ལྟར་མཚན་གཞི་འམ་མཚན་ཉིད་དག་མ་གྲུབ་པ། མ་གྲུབ་པའི་མཚན་གཞི་འམ། མཚན་ཉིད་གྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་སྟེ། དེས་ནཱ ་མཚན་གཞི་དང་མཚན་ཉིད་དག་མེད་དོ།། གང་གིས་ཚེ་མཚན་གཞི་དང་མཚན་ཉིད་དག་མེད་པ་དེའི་ཚེ། མཚན་ཉིད་ཡོད་པའི་མྱ་ངན་ལས་འདས་པ་གྲཝ་ལ་འགྲུབ་ཅེས་བྱ་སྟེ། འདི་ནི་མི་རིགས་སོ།། མཚན་གཞི་དང་མཚན་ཉིད་ལ ་དཔྱད་པའི་རིམ་པས་ཕན་ཚུན་བལྟོས་པས་གྲུབ་པའི་དངོས་པོ་ལྷག་མ་རྣམས་ཀྱང་མ་གྲུབ་པར་བདེ་བླག་ཏུ་ཁོང་དུ་ཆུད་པར་གཟིགས་ནས། དེ་ལེགས་པར་བསྟན་པའི་ཕྱིར་གསུངས་པ། འདིས་ནི་རྒྱུ་དང་འབྲས་བུ་དང་། ཚོར ་དང་ཚོར་བ་པོ་སོགས་དང་། བལྟ་བྱ་ལྟ་བ་པོ་ལ་སོགས།། དེས་གང་ཅུང་ཟད་མ་ལུས་བཤད།། མཚན་གཞི་དང་མཚན་ཉིད་དག་མུ་གྲུབ་པའི་རིམ་པ་འདིས། རྒྱུ་དང་འབྲས་བུ་དག་ལ་སོགས་པ་ཡང་མ་གྲུབ་བྱར་ཁོང་དུ་ཆུད་པར་བྱའོ།། ། ་བྱས་པ་ནི་འབྲས་བུ། བྱེད་པ་ནི་རྒྱུའོ།། མྱོང་བར་གྱུར་པས་ཚོར་བ་སྟེ། ལས་ལ་ལུགས་བྱས་ན་ཚོར་བ་ལ་ཚོར་བར་གསུངས་སོ།། ཚོར་བ་པོ་ནི་ཉམསུ་མྱོང་བ་ཡང་ཚོར་བ་དང་ཚོར་བ་པོ་སྟེ། ཚོར་བ་དང་ཚོར་བ་པོའོ།། དེ་ནི་ཚེར ་བ་དང་ཚོར་བ་པོ་དག་ལྷན་ཅིག་འཇུག་པས་ཚོར་བ་དང་ཚོར་བ་པོ་ཞེས་བྱའོ།། སོགས་པའི་སྒྲས་འདུ་ཤེས་དང་འདུ་ཤེས་པར་བྱ་བ་ལ་སོགས་པ་གཟུང་ངོ་།། བལྟ་བྱ་དང་བལྟ་བ་པོ་ལ་སོགས་པ་གང་ཅུང་ཟད་ཀྱང་ཤེས་པ་ལ། སོགས ་པའི་སྒྲས་ཐོས་པ་དང་ཐོས་པ་པོ་ལ་སོགས་པ་ལྔ་པོ་རྣམས་ཀྱིས་གཉིས་གཉིས་པ་གཟུང་ལ། གྱང་ཅུང་ཟད་ཅེས་པ་འདིས། ཕན་ཚུན་བལྟོས་ནས་གྲུབ་པའི་གཉིས་གཉིས་པའི་དངོས་པོ་རྣམས་གཟུང་ངོ་།། དངོས་པོ་འདི་དག ་ཐམས་ཅད་ཀྱང་མཚན་གཞི་དང་མཚན་ཉིད་ལ་དག་མ་གྲུབ་པའི་རིམ་པས་མ་གྲུབ་པར་སྦྱར་རོ།། རབ་ཏུ་བྱེད་པ་འདིར་ཡང་རེ་རེའི་དངོས་པོའི་གྲངས་འཇུག་པ་ལ་དཔྱད་པའི་རིམས་པའི་སྐབས་ཡིན་པའི་ཕྱིར། རེ་ཞིག་ཐོག་མར ་དངོས་པོ་གཅིག་རྣམ་པར་དཔྱད་དེ། འདི་ལྟར་རང་བཞིན་ནོ།། དེའི་རྗེས་ལ་རྒྱུ་གཅིག་པུ་ཉིད་དེ་འབྲས་བུ་ཡོད་ན་འབྲས་ལྡན་ལ། ཞེས་པ་ལ་སོགས་པའོ།། དེ་ཡང་མ་རིག་པ་ལ་སོགས་པའི་རིམ་པས་རྣམ་པ་མང་པོ་རྣམ ་པར་དཔྱད་ལ་དེའི་རྗེས་ལ། མཱ་རིག་འདུ་བྱེད་མེད་མི་འབྱུང་།། ཞེས་པ་དེ་ནས་བརྩམས་ནས་འདིའི་བར་དུ་གཉིས་གཉིས་པའི་དངོས་པོའི་ཕུན་ཚུན་བལྟོས་པས་གནས་པ་རྣམས་དཔྱད་ལ། འདི་ལས་གཞན་པས ་བལྟོས་པ་དང་བཅས་པའི་གསུམ་གྱིས་གྲངས་ཀྱིས་ཡོངས་སུ་བཅད་པའི་དངོས་པོ་རྣམས་རྣམ་པར་དཔྱད་པ་བརྩམ་པར་བྱའོ།། གང་འདི་སྐད་དུ། དངོས་པོ་ཡོད་ན་རྟག་པ་ཉིད།། མེད་ན་ངེས་པར་ཆད་པ་ཉིད། དངོས་པོ་གྱུར ་ནཱ་དེ་གཉིས་ལ།། དེ་ཕྱིར་དངོས་པོ་ཁས་མི་བླང་།། ཞེས་པ་དེ་ནི་མི་འཐད་དེ། གལ་ཏེ་དངོས་པོ་ཁས་མི་ལེན་ནཱ་དེའི་ཚེ་དུས་གསུམ་མེད་ལ། དུས་གསུམ་ཡོད་པས་དེའི་ཕྱིར་དངོས་པོ་ཡོད་དེ། དུས་གསུམ་གྱི་རྒྱུ་མཚན ་ཡིན་པའི་ཕྱིར་རོ།། འདིར་སྐྱེས་ལ་མ་འགགས་པའི་དངོས་པོ་ངོ་བོ་ཉིད་ཀྱིས་གནས་བཞིན་པའི་ཕྱིར་དང་། ཡོད་བཞིན་པའི་ཕྱིར་ད་ལྟར་བའི་སྒྲས་བརྗོད་པར་བྱ་བར་འགྱུར་རོ།། ད་ལྟུང་བའི་གནས་སྐབས་མ་ཐོབ་པ་ལ་མ་འོངས་པ ་བརྗོད་ལ། ད་ལྟར་བའི་གནས་སྐབས་ལས་འདས་པ་ཉིད་ལ་འདས་པ་ཞེས་བརྗོད་དོ།། དེའི་གལ་ཏེ་དངོས་པོ་མེད་ན་དེ་ཅིའི་རྒྱུ་མཚན་གྱིས་དུས་གསུམ་འབྱུང་བར་འགྱུར་དེའི་ཕྱིར་དུས་གསུམ་ཡོད་པས་དངོས་པོ་ཡོད་དོ་ཞེ་ན། ་སྨྲས་པ། གལ་ཏེ་དུས་གསུམ་ཡོད་ན་དངོས་པོ་ཡོད་པར་འགྱུར་ལ། ཡོད་པ་མ་ཡིན་ནོ།། ཇི་ལྟར་མེད་པ་དེ་ལྟར་བསྟན་པའི་ཕྱིར་གསུངས་པ། གནས་མེད་ཕན་ཚུན་ལས་གྲུབ་པ།། འཆོལ་ཕྱིར་རང་ཉིད་མ་གྲུབ་ཕྱིར།། དངས ་དངོས་པོ་མེད་ཕྱིར་ཡོད་མིན་ཏེ།། དུས་གསུམ་པོ་ནི་བཏགས་པ་ཙམ།། གལ་ཏེ་དུས་ཤེས་བྱ་བ་འགའ་ཞིག་ཡོད་ན་དེ་ལ་འཛིན་ལ་རག་ན་མི་འཛིན་ལ། དེའི་ཕྱིར་འཛིན་པ་མེད་པས་དུས་མེད་དོ།། ཡང་ཅིའི་ཕྱིར་མི་འཛིན་ཞེ་ན། ་གནས་མེད་ཕྱིར་ཏེ། དུས་ཤེས་བྱ་བ་ཅུང་ཟད་ཡོད་པ་མ་ཡིན་ནོ།། ཐེར་ཟུག་པའི་དངོས་པོ་ཡོད་ན་གང་ཞིག་འཛིན་ལ་རག་ན། དེ་ལས་མ་གཟུང་བའི་ཕྱིར་དུས་མེད་དོ།། ཡང་ན་གལ་ཏེ་ཡང་ཐེར་ཟུག་པའི་དུས་གང་ཅུང་ཟད་མི ་འཛིན་ལ། དེ་ལྟ་ན་ཡང་དུས་ཡོད་པ་ཉིད་དུ་འགྱུར་ཏེ། སྐད་ཅིག་ལ་སོགས་པས་མངོན་པར་གསལ་བར་བྱས་པའི་ཕྱིར་རོ།། འདིར་སྐད་ཅིག་དང་ཐང་ཅིག་དང་། ཡུད་ཙམ་དང་། ཟླ་བྱ་ཕྱེད་དང་། ཟླ་བ་དང་། ལོ་ཕྱེད་དང་། ལོ ་ལ་སོགས་བཱི་དུས་ཀྱིས་ཆད་ཀྱི་ཁྱད་པར་རྣམས་ཏེ། ཁྱད་པར་དེ་རྣམས་ཀྱིས་འཛིན་བཞིན་བཱི་ཕྱིར། དུས་ཡོད་པ་ཉིད་ཞེ་ན། སྨྲས་པ། གལ་ཏེ་ལོ་ལ་སོགས་པ་ཉིད་ཡོད་ན། ལོ་ལ་སོགས་པའི་ཚད་དང་། ལྡན་པའི་དུས་འཛིན ་ལཱ་རག་ན། དེ་ནི་སྐད་ཅིགས་ལ་སོགས་པ་ལས་ཐ་དད་པའི་ཐར་ཟུག་པའི་ལོ་ལ་སོགས་པ་མི་འཛིན་ནོ།། ཡང་ན་འདི་སྙམ་དུ་སེམས་ན། རེ་ཞིག་སྐད་ཅིག་མ་ཡོད་ན་དེ་ལ་འཛིན་པས་དེས་ན་དེས་འདུས་པའི་རང་བཞིན་ཐང ་ཅིག་ལ་སོགས་པ་འབྱུང་བར་འགྱུར་རོ་ཞེ་ན། སྨྲས་པ། གང་དུ་གནས་པ་མེད་པའི་སྐད་ཅིག་མ་རྣམས་ལ་འདུས་པ་ག་ལ་ཞིག། གང་དུ་ཐང་ཅིག་ལ་སོགས་པ་འཛིན་པར་གྱུར་ཅིང་། སྐད་ཅིག་མ་ཡང་ཡོད་ན་ཐང་ཅིག ་ལ་སོགས་པ་རྣམ་པར་འཇོག་གྲང་ན། སྐད་ཅིག་ལ་དེ་ཡང་ཐོག་མ་དང་བྷཱ་དང་ཐ་མ་ཡོད་ལ། ཐོག་མ་དང་བར་དྲུང་ཐ་མ་དེ་རྣམས་ལྔ་ཡང་ཟློག་མ་དྲང་བར་དང་ཐ་མ་ཡོད་པའི་ཕྱིར། གནས་པ་མེད་པས་སྐད་ཅིག་མ ་ཡང་མེད་ན། སྐད་ཅིག་མ་འདུས་པའི་ཐང་ཅིག་ལ་སོགས་པ་ག་ལ་འགྲུབ། བློའི་རང་བཞིན་གྱིས་འདུས་པར་བཏགས་པས་ཀྱང་སྐད་ཅིག་མ་གྲུབ་པ་མི་སྲིད་དེ། བློའི་སྐད་ཅིག་དེ་ཡང་ཡོངས་སུ་བརྟགས་པའི་ཕྱིར་དང་། དེ་ཉིད་གནས་པ་མེད ་པའི་ཕྱིར་དུས་མེད་དོ།། དུས་མེད་ན་དུས་གསུམ་ནི་ག་ལ་ཞིག། གནས་པ་མེད་པ་འབའ་ཞིག་གིས་དུས་གསུམ་མེད་པར་མ་ཟད་ཀྱི། ཕན་ཚུན་ལས་གྲུབ་པས་ཀྱང་དུས་གསུམ་མེད་དེ། འདི་ལྟར་ད་ལྟར་བ་ལས་འདས་པ་ལས་འདས་པའོ།། ། ་ད་ལྟར་བར་མ་འོངས་པར་ལས་མ་འོངས་པ་ལ། གནས་བཞིན་པའི་ཕྱིར་ད་ལྟར་བའོ་ཞེས་དེ་ལྟར་ཕན་ཚུན་བལྟོས་ནས་གྲུབ་ལ། དུས་གསུམ་ཕན་ཚུན་བལྟོ་ཏུ་གྲུབ་པས་དེ་མ་གྲུབ་པ་ཉིད་དོ་ཞེས་བསྒྲུབས་པས་སོ་ཞེས་བྱའོ།། དེས་ནཱ ་ཡང་དུས་གསུམ་མེད་དོ།། འདི་ལྟར་ཡང་དུས་གསུམ་མེད་དེ། འཆོལ་པའི་ཕྱིར་ཏེ། མ་འོངས་པའི་དུས་དེ་ཉིད་ད་ལྟར་བར་འོངས་པ་ལ་ད་ལྟར་བྱ་ཞེས་བརྗོད་ལ། ད་ལྟར་བ་ལས་འདས་པར་ཞུགས་པས་འདས་པ་ཞེས་བྱའོ།། གཅིག ་ཉིད་དུས་གསུམ་དུ་རྣམ་པར་བཞག་པའི་ཕྱིར་འཚལ་བའོ།། ཡང་ན་ཕན་ཚུན་བལྟོས་ནས་གྲུབ་པའི་ཕྱིར་དུས་གསུམ་པོ་མེད་དེ། འདས་པ་ནི་ད་ལྟར་བ་དང་མ་འོངས་པ་ལ་མ་བལྟོས་པར་མེད་ལ། གལ་ཏེ་ཡང་འདས་པར་ད ་ལྟར་བ་དང་མ་འོངས་པ་ཡོད་ན་དེའི་ཚེ་དེ་ལ་བལྟོས་པ་འཐད་ཀྱི། འདས་པ་ནི་མོ་གཤམ་གྱི་བུ་བཞིན་དུ་མེད་ལ། ཡོད་བཞིན་པ་མ་ཡིན་པའི་མོ་གཤམ་གྱི་བུ་མི་བལྟོས་པ་བཞིན་ནོ།། གང་གི་ཚེ་ཡང་འདས་པར་ད་ལྟར་བུ་དང་མ་འོངས ་པ་དག་ཡོད་ན་དེའི་ཚེ། འདས་པར་ད་ལྟར་བ་ཡོད་པའི་ཕྱིར། འདས་པའི་རང་གི་བདག་ཉིད་བཞིན་འདས་པར་འགྱུར་ལ། དེ་ལྟར་འདས་པ་དང་མ་འོངས་པ་དག་འདས་པ་དང་ད་ལྟར་བ་ལ་ཡང་བསམ་པར་བྱའོ།། འདི་ལྟར་དེ་ནི་འདས་པ ་དང་མ་འོངས་པ་དང་ད་ལྟར་བ་རྣམས་ལ་སོ་སོར་དུས་གསུམ་དུ་ཐལ་བས་འཆོལ་བས། འཆོལ་བའི་ཕྱིར་ཡང་དུས་གསུམ་མེད་དོ།། འདི་ལྟར་ཡང་དུས་གསུམ་མེད་དེ། རང་ཉིད་མ་གྲུབ་ཕྱིར། འདིར་སྐད་ཅིག་མ་ལ་སོགས་པས ་དུས་མངོན་པར་གསལ་བར་ཕ་རོལ་པོ་འདོད་དོ།། སྐད་ཅིག་མ་ལ་སོགས་པ་ལས་ཐ་དད་པའི་དུས་གང་ཅུང་ཟད་ཡོད་ཅིང་། གང་ཞིག་ངས་མངོན་པར་གསལ་བར་བྱེད་པ་ཡང་མ་ཡིན་ཏེ། རི་བོང་གི་རྭ་རང་གི་ངོ་བོར་མུ་གྲུབ་པས ་སུས་ཀྱང་མངོན་པར་གསལ་བར་བྱེད་པ་མ་ཡིན་ནོ།། དེས་ན་ངོ་བོ་ཉིད་ཀྱི་དུས་མ་གྲུབ་བོ།། དུས་ཀྱང་མེད་ན་དེའི་གསུམ་ཉིད་ག་ལ་ཞིག་ཅེས་བྱ་སྟེ། དུས་གསུམ་མེད་དོ།། གཞན་ཡང་ཁྱོད་ཀྱིས་དངོས་པོ་བསྒྲུབ་པའི་ཕྱིར་དུས ་གསུམ་ཉེ་བར་བཞག་ལ། དུས་དེ་ཡང་དངོས་པོ་ལ་མ་བལྟོས་པར་མ་གྲུབ་ལ། དངོས་པོ་ཉིད་ལ་བརྟེན་ནས་དེ་རྣམ་པར་གཞག་པའི་ཕྱིར་རོ།། དངོས་པོ་དེ་ཡང་སྔར་ཉིད་དུ་མེད་དོ།། ཞེས་བསྒྲུབས་ལ། དུས་གསུམ་པོ་དང་། ་པོ་མེད་ཕྱིར་ཡོད་མིན་ཏེ། གྲལ་ཏེ་དེ་ལྟར་དུས་གསུམ་པོ་མེད་ན། དེའི་ཚེ་ཇི་ལྟར་དུས་གསུམ་དུ་ཐ་སྙད་བྱེད་ཅེ་ན། སྨྲས་པ། དུས་གསུམ་པོ་བརྟགས་པ་ཙམ་ཡང་དག་བྱ་མ་ཡིན་པས་སྒྲོ་བཏགས་པ་ཙམ་ཞེས་བྱ་བའི། ་དོན་ཏོ།། དུས་གསུམ་མེད་ལ། དེའི་རྒྱུ་མཚན་གྱིས་དངོས་པོ་ཡང་མེད་དོ་ཞེས་གྲུབ་པོ།། འདིར་སྨྲས་པ། དངོས་པ་ཡོད་པ་ཉིད་དེ། དེ་ཡང་འདུས་བྱས་ཀྱིས་རང་བཞིན་ཏེ་དེའི་མཚན་ཉིད་ཡོད་པའི་ཕྱིར་རོ།། ཡོད་བཞིན་པ་མ་ཡིན་པ་ལ ་མཚན་ཉིད་མེད་དེ། འདི་ལྟ་སྟེ། མོ་གཤམ་གྱི་བུ་ལྟ་བུའོ།། དངོས་པོ་ནི་འདུས་བྱས་ཀྱི་མཚན་ཉིད་སྐྱེ་བ་དང་འཇིག་པ་དང་གནས་པ་ཞེས་བྱ་བ་ཡོད་ལ། དེའི་ཕྱིར་མཚན་ཉིད་ཡོད་པས་འདུས་བྱས་ཀྱིས་རང་བཞིན་གྱིས་དངོས་པོ་ཡོད་དོ། ་ཞེ་ན། སྨྲས་པ། གལ་ཏེ་དེའི་འདུས་བྱས་ཀྱི་མཚན་ཉིད་ཡོད་ན། འདུས་བྱས་ཀྱི་རང་བཞིན་ཡོད་ལ། ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་གསུངས་པ། འདུས་བྱས་ཀྱིས་མཚན་ཉིད་སྐྱེ་བ་དང་། གནས་འཇིག་གསུམ་པོ་འདི ་ཡང་མེད། གང་ཕྱིར་འདུས་བྱས་མེད་འདི་ལས།། འདུས་མ་བྱས་པ་ཅུང་ཟད་མེད།། དེ་ལ་འདིས་མཚོན་པར་བྱེད་པས་ན། མཚན་ཉིད་དེ། རྒྱུ་དང་རྐྱེན་འདུས་པས་ཤེས་པ། འདུས་པ་ལས་འབྱུང་བར་བྱེད་པ་འདུས་བྱས་ལ། འདུས ་བྱས་དང་མཚན་ཉིད་པས་འདུས་བྱས་ཀྱིས་མཚན་ཉིད་དེ། དེ་ཅི་ཞེ་ན། སྐྱེ་དང་གནས་དང་འཇིག་པའོ།། སྐྱེ་གནས་འཇིག་པ་ཞེས་བྱ་བ་གསུམ་པ་དེ་ཉིད་ཀྱང་མེད་ན། གང་ཕྱིར་གསུམ་པོས་འདུས་བྱས་འཇུག་པ་མེད་པར་དེ་ནི ་སྔར་ཉིད་དུ་བསྒྲུབས་ཏེ། ཡོད་པ་ཡོད་ཕྱིར་སྐྱེ་བ་མིན།། མེད་པ་མེད་ཕྱིར་མི་སྐྱེ་བ། ཞེས་པས་འདིར་གང་གིས་ཚེ་གྲང་ལས་འདུས་བྱས་འཇུག་པ་དེའི་གསུམ་པོ་མ་གྲུབ་དེའི་ཚེ་འདུས་བྱས་མ་གྲུབ་པ་དོན་གྱིས་བསྒྲུབས་པར་འགྱུར་རོ།། གང ་ས་ཕྱིར་འདུས་བྱས་མེད་ན་འདི་ལས་འདུས་མ་བྱས་ཡིན་པ་ཡང་ཅུང་ཟད་ཀྱང་མེད་དོ།། དེ་ལ་གཟུགས་མེད་པས་ནམཁར་ཐ་སྙད་བྱས་ལ། འདུས་བྱས་རྣམས་རྐྱེན་མ་ཚང་བས་མི་སྐྱོ་བ་ལ་སོ་སོར་བ་རྟགས་པ་མ་ཡིན་པའི ་འགོག་པའོ།། ཟག་པ་དང་བཅས་པའི་འདུས་བྱས་རྣམ་ཉིད་ཤེས་རབ་ཀྱི་སྟོབས་ཀྱིས་བྲལ་བའི་མཚན་ཉིད་ཀྱི་ཐོབ་བྱའི་འགོག་པ་ནི་སོ་སོར་བརྟགས་པའི་འགོག་པའོ།། འདུས་བྱས་མྱེད་ན་དེ་ལ་མ་བལྟོས་པར་འདུས་མ་བྱས་ཀྱང ་མེད་པའི་ཕྱིར་འདུས་མ་བྱས་མེད་དོ་ཞེས་བྱའོ།། སྨྲས་པ། སླར་ཡང་སྐྱེ་བ་ལ་སོགས་པ་གསུམ་པོ་འདི་དག་ཅི་ལྟར་མེད་ཅེས་བརྗོད། འདི་ནི་བསྐྱེད་པ་བསྐྱེད་བྱ་མིན།། ཞེས་པ་ལ་སོགས་པ་བསྟན་པས་བསྒྲུབས་པ་ཡང་མ་ཡིན ་ནམ། དེ་ནི་རྒྱུ་བརྟག་པ་དང་འབྲེལ་བས་འདུས་བྱས་བརྟག་པ་དྲང་འབྲེལ་བར་བརྗོད་ལ། ཇི་ལྟར་དེ་ལྟར་སྨོས་པས་ཀྱང་འདི་དག་གསུངས་པར་འགྱུར་ལ། གོལ་ཏེ་དེ་ལྟར་ཡང་འདུས་བྱས་དྲང་འདུས་མ་བྱས་དགེ་མེད་པར་བསྟན་ན།། ་སླར་ཡང་དེ་སྒྲུབ་པ་བརྩམ་པའི་ཕྱིར། འདིར་གསུངས་པ། འཇིག་པ་མེད་པ་མི་འཇིག་ཅིང་།། གནས་པ་གནས་པར་མི་འགྱུར་ལ།། གནས་པ་མེད་པའང་མི་གནས་ཏེ།། སྐྱེས་པ་སྐྱེ་མིན་མ་སྐྱེས་པའང་།། འདིར་གལ་ཏེ་འཇིག ་པ་ཞེས་བྱ་བ་ཅུང་ཟད་ཡོད་ན། དེ་ཞིག་པའི་དངོས་པོ་འམ། མི་འཇིགས་པར་འགྱུར་ལ། དྲི་ལཱ་རེ་ཞིག་འཇིག་པ་མེད་པ་ལ་མི་འཐད་དེ། ཅིའི་ཕྱིར་ཞེ་ན། གང་ལས་འཇིག་པ་མེད་པ་མི་འཇིག་སྟེ། འཇིགས་པ་མེད་པ་ཞེས ་བྱ་བ་འཇིགས་པ་དང་བྲལ་བ་དེ་འཇིགས་པ་མེད་པ་ལ་འཇིགས་པར་འགྱུར་རོ་ཞེས་བརྗོད་པར་ཇི་ལྟར་ནུས། དེའི་ཕྱིར་འཇིགས་པ་མེད་པ་མི་འཇིག་ཅིང་།། ད་ནི་ཞིག་པ་ཡང་འཇིགས་པར་མི་འགྱུར་ཏེ། ཞིག་པ་ཞེས་བྱ་བ་ཡོད་བཞིན་པ ་མ་ཡིན་པའོ།། དེ་ཡང་འཇིགས་ཅེས་བརྗོད་པར་ཇི་ལྟར་རུང་། ཞིག་པ་དང་མ་ཞིག་པ་དག་ལྔས་གཞན་དུ་རྣམ་པར་བཞག་པ་མེད་དོ།། གང་ཞིག་འཇིགས་པར་འགྱུར་ཞེས་པ་ཡང་གང་གྲི་ཚེ་འཇིག་པ་མེད་མི་འཇིག་ཅིང་ཞིག་པ ་ཡུ་མི་འཛག་པ་དེའི་ཕྱིར།། འཇིགས་པ་མེད་དོ་ཞེས་གྲུབ་པོ།། ད་ནི་ཇི་ལྟར་གནས་པ་ཡང་མེད་དོ་ཞེསྡ་བསྒྲུབ་པར་བྱ་སྟེ། འདིར་འདི་དག་གནས་པར་ཡོངས་སུ་རྟོགས་པཱ་ན། གནས་པའི་དངོས་པོ་འམ་མི་གནས་པའི་དངོས ་ཡོངས་སུ་རྟོག། གཉི་ག་ཡང་མི་འཐད་དོ་ཞེས་བསྒྲུབ་པའི་ཕྱིར་གསུངས་པ། གནས་པ་གནས་པར་མི་གྱུར་ལ།། གནས་པ་མེད་པའང་མོ་གནས་ཏེ། ཞེས་བྱ་ལ་རེ་ཞིག་གནས་པའི་དངོས་པོ་ལ་གནས་པ་མེད་དེ། གནས་པར ་བྱ་བ་དང་བྲལ་བའི་དངོས་པོ་ལ་གནས་པ་ཞེས་བརྗོད་ལ། གནས་པ་ལ་གནས་པའི་བྱ་བ་དང་བྲལ་བ་མི་སྲིད་པས་དེའི་ཕྱིར་གནས་པ་གནས་པར་མི་འགྱུར་རོ།། གནས་པ་མེད་པའང་། གནས་པའི་བྱ་བ་དང་བྲལ་བའོ།། གང་ཡ། ་གནས་པའི་བྱ་བ་དང་བྲལ་བ་དེ་ཇི་ལྟར་གནས་པར་འགྱུར། དེའི་ཕྱིར་གནས་པ་ཡང་མེད་དོ།། ད་ནི་སྐྱེ་བ་མི་སྲིད་པར་བསྒྲུབ་པའི་ཕྱིར་གསུངས་པ། སྐྱེས་པ་སྐྱེ་མིན་མ་སྐྱེས་པའང་ཞེས་པ་ལ། སྐྱེས་པ་རེ་ཞིག་མི་སྐྱེ་སྟེ།། སྐྱེ་བའི་བྱ་བ ་དང་བྲལ་བའི་ཕྱིར་རོ།། མ་སྐྱེས་པའང་མི་སྐྱེ་སྟེ། སྐྱེ་བའི་བྱ་བའི་ཡུལ་མ་ཡིན་པའི་ཕྱིར་རོ།། དེས་ན་འོདུས་བྱས་མེད་ལ། དེ་མ་གྲུབ་ན། འདུས་མ་བྱོས་ཀྱང་མེད་དོ་ཞེས་གྲུབ་པོ།། གལཱ་ཏེ་ན་ཡང་འདུས་བྱས་སམ་འདུས་མ་བྱས་གང ་ཅུང་ཟད་ཡོད་ན། དེ་ངེ་སྔོ་པར་ཐུ་དད་པའམ་ཐ་མི་དད་པ་ཞིག་གྲང་། གཉི་ག་ཡོང་མི་འཐད་དོ་ཞེས་བསྒྲུབ་པའི་ཕྱིར་གསུངས་པ། འདུས་བྱས་འདུས་མུ་བྱས་པ་དག། དུ་མ་མ་ཡིན་གཅིག་མ་ཡིན།། མེད་མིན་ཡོད་མིན་ཡོད ་མེད་མིན། མཚམས་འདིར་སྣ་ཚོགས་ཐམས་ཅད་འདུས།། རེ་ཞིག་འདུས་བྱས་དང་འདུས་འདུས་མ་བྱ་ས་དག་ཐ་དད་པར་གྲུབ་པ་མེད་ལ། གལ་ཏེ་ཡོད་ན་འདུས་བྱས་ལྔ་མ་བལྟོས་པར་འདུས་མ་བྱས་ཡོད་དེ། བུམ་པ་ལས ་གཞན་པ་སྣམ་བུའི་རང་གིས་ངོ་བོ་གྲུབ་པས་བུམ་པ་ལ་མི་བལྟོས་ཕྲ་བཞིན་ནོ།། འདུས་བྱས་ལ་མྲ་བལྟོས་པར་འདུས་མ་བྱས་ཀྱིས་རང་གི་ངོ་བོ་གྲུབ་པ་མི་སྲིད་ལ། ཇི་ལྟར་མི་སྲིད་པ་དེ་ལྟར་ཡང་སྔར་བསྒྲུབས་སོ།། གཞན ་ཡང་འདུས་མི་བྱས་ཀྱིས་སྨྲས། འདུས་བྱས་རྣམ་པར་བཅད་ནས་རང་གིས་དོན་རྟོགས་པར་བྱེད་དེ། འདི་ནི་འདུས་མ་བྱས་ཡིན་ལ་འོན་ཀྱང་འདུས་མ་བྱས་སོ་ཞེས་པའོ།། གང་གི་ཚེ་ཡང་དེ་དེ་ལྟར་ན་དེའི་ཚེ་འདུས་བྱས་ཁོ་ན་ལ ་བལྟོས་ནས་འདུས་མ་བྱས་རྣམ་པར་བཞག་ལ། དུ་མ་གྲུབ་པར་མྱི་འཐད་དོ།། འདུས་བྱས་དང་འདུས་མ་བྱས་དགུ་འགལ་བས་ཀྱང་འགལ་ཟླའི་དངོས་བུ་གཞན་ལ་མ་བལྟོས་པར་རང་ཉིད་དང་འགལྟ་བ་འི ་རིགས་སོ་ཞེས་བྱ་སྟེ། དེས་ན་ཡང་འདུས་བྱས་ལ་མ་བལྟོས་པར་འདུས་མ་བྱས་མི་སྲིད་དོ།། དེ་བཞིན་དུ་ཡང་འདུས་བྱས་ལ་ཡང་བརྗོད་དོ་ཞེས་བརྗོད་བྱ་སྟེ། དེ་ལྟར་ན་རེ་ཞིག་དུ་མ་འདུས་བྱས་དང་འདུས་མ་བྱས་མ་ཡིན་ནོ།། ། ་དཱ་ནི་གཅིག་ཉིད་ལ་ཡང་འདུས་བྱས་དང་འདུས་མ་བྱས་དག་མེད་དེ། སྣང་བ་དང་མུན་པ་བཞིན་ཕན་ཚུན་འགལ་བར་ཁས་བླངས་པའི་ཕྱིར་དང་། མཚན་ཉིད་ཐ་དད་པར་ཁས་བླངས་པའི་ཕྱིར་དང་། གཉིས་ཉིད་དུ་ཁ་སྤུ་བླངས་པའི ་ཕྱིར་རོ།། གཞན་ཡང་འདུས་བྱས་ཞེས་བྱ་བ་ཅུང་ཟད་ཡོད་ན། དེ་ཡོད་པ་འམ། མེད་པ་འམ། ཡོད་མེད་སྐྱེ། དེ་ལ་རེ་ཞིག་ཡོད་པ་མི་སྐྱེ་སྟེ། ཡོད་བཞིན་པའི་ཕྱིར་རོ།། མེད་པ་ཡང་མི་སྐྱེ་སྟེ། མེད་བཞིན་པའི་ཕྱིར་རོ།། ། ་ཡོད་མེད་ཀྱང་མྱི་སྐྱེ་སྟེ། ཕན་ཚུན་འགལ་བ་དག་གཅིག་པ་མི་སྲིད་དོ།། ཡང་ན་གལ་ཏེ་འདུས་བྱས་ཤེས་བྱ་བ་ཅུང་ཟད་ཡོད་ན། དེ་ཡོད་པ་འམ། མེད་པ་འམ། ཡོད་མེད་དུ་ཡོད་པར་འགྱུར་ལ། དེ་ལ་རེ་ཞིག་ཡོད་པ ་མ་ཡིན་ཏེ། ཡོད་པོ་རྒྱུ་ལ་མི་བལྟོས་པའི་ཕྱིར་དང་། རྒྱུ་མེད་པ་ལ་ཡོད་བཞིན་པ་མེད་པའི་ཕྱིར་རོ།། ཇི་སྐད་དུ། འཕགས་པ་ལྷས་མི་བརྟེན་ཡོད་པ་ནམ་ཡང་ནི།། འགའ་ཞིག་གང་ནའང་ཡོད་པ་མ་ཡིན།། ནམ ་ཡང་འགའ་ཞིག་གང་ན་ཡང་།། མྱེད་པ་དེས་ན་རྟག་མ་ཡིན་ནོ།། ཞེས་སོ།། མེད་པ་ཡང་མ་ཡིན་ཏེ། ངོ་བོ་ཉིད་མ་གྲུབ་པ་ཁོ་ནས་དངོས་པོ་མེད་པ་ཡང་མེད་པའི་ཕྱིར་རོ།། དངོས་པོ་རབ་ཏུ་མ་གྲུབ་ན།། དངོས་མེད་གྲུབ་པར་གཱ་ལ ་འགྱུར། ཞེས་པའི་ཚིག་ལས་སོ།། ཡོད་མེད་ཀྱང་མ་ཡིན་ཏེ། གཅིག་ལྔ་འགལ་བའི་ཆོས་གཉིས་ཀྱིས་བདག་ཉིད་ཅན་མེད་པའི་ཕྱིར་རོ།། དེ་བཞིན་དུ་འདུས་བྱས་ལ་ཡང་བརྗོད་པར་བྱའོ།། འདུས་བྱས་འབའ་ཞིག་ཁོ ་ན་ལ་གཅིག་དང་། གཞན་དང་། ཡོད་པ་དང་མེད་པ་དང་། གཉི་ག་ཡང་མི་སྲིད་པ་འཐད་པར་མ་ཟད་ཀྱི། གཞན་ཡང་དྲིས་པར་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་དང་། གཟུགས་ཅན་དང་གཟུགས་མེད་པ་དང་། ་བསྟན་དུ་ཡོད་པ་དང་བསྟན་དུ་མེད་པ་དང་། ཐོགས་བཅས་དང་ཐོགས་མེད་དང་། རྒྱུ་དང་འབྲས་བུ་དང་། མཚན་གཞི་དང་མཚན་ཉིད་དང་། ཉེ་བར་ལེན་པ་དང་ཉེ་བར་ལེན་པ་པོ་དང་། འབྱུང་བ་དང་འབྱུང་བ་ལྔས་གྱུར ་བ་ལ་སོགས་པ་དངོས་པོ་ཐམས་ཅད་ལ་ཡང་འདི་ལྟར་བརྟགས་པའི་རྣམ་པར་བཞིག་པ་ལས་ཤིན་ཏུ་མི་རྟོགས་ཏེ། ཇི་སྐད་དུ་སྨོས་པའི་དེ་ཉིད་དང་གཞན་ཉིད་ལ་སོགས་པའི་རྣམ་པ་ལས་བསམས་བྱའི་སྒོ་ནས ་དགག་པའི་ངག་གིས་གོ་སྐབས་ཐོབ་པར་བྱས་པས་སོ།། དར་འདུས་པའི་ཕྱིར་ཡང་ངེས་པར་འདུས་བྱས་དང་འདུས་མ་བྱས་ལྟར་དེ་དག་དགག་པར་རིག་པར་བྱའོ་ཞེས་གསུངས་པ། མཚམས་འདིར་སྣ་ཚོགས་ཐ~ཾད ་འདུས་ཤེས་པ་ལ་མཚམས་དང་ཁྲིམས་དང་དེའི་བར་དུ་ཞེས་པ་དོན་གཞན་མ་ཡིན་ནོ།། ཐམས་ཅད་ཀྱི་སྒྲ་ནི་ཟད་པར་གྱིས་དོན་ཏོ།། སྣ་ཚོགས་ཀྱི་སྒྲ་ནི་རྣམ་པའི་དོན་ཏོ་ཞེས་རིག་པར་བྱའོ།། འདིར ་སྨྲས་པ། ཇི་སྐད་དུ་སྨོས་པའི་འདུས་བྱས་ལྔ་སོགས་པ་རང་བཞིན་དང་མེད་པར་བསྒྲུབ་པར་མི་ནུས་ཏེ། ལུང་དང་འགལ་བའི་ཕྱིར། འདི་ལྟར། བླ་མ་བཅོམ་ལྡན་ལས་གནས་དང་།། ལས་ཀྱི་བདག་ཉིད་འབྲས་བུ་གསུངས།། སམ ་ཙཅན་རང་གི་ལས་དང་ནི།། ལས་ནི་རྣམ་པར་འཇིག་མེད་གསུངས།། མདོ་ལས་གསུངས་པ། ནོར་དང་འབྲུ་དང་ས་ལེ་སྦྲུམ།། ནོར་བུའི་ཊཱི་དཱ་རྒྷ་ནཱ་བ་ལང་རྟ།། བྲན་དང་ལས་བྱེད་མཇུག་གཞུག་པ།། གང་ཡང་གཞན་པའི་ནོར ་རྣམས་དང་།། ཅུང་ཟད་ཁྱེར་ནས་འགྲོ་མིན་ཞིང་།། བ་ཐམས་ཅད་བོར་ནུས་འགྲོ་བར་འགྱུར།། ཐ་མའི་གནས་སྐབས་མངོན་གྱུར་པ།། མེ་ཡཽ་སྲིད་པ་སྤོང་པར་འགྱུར།། ཅི་དེ་རང་གི་ཅུང་ཟད་ཙམ།། བླངས་ན་དེ་ནི་འགྲོ་བར་འགྱུར།། ་འདི་ཡིས་ཅི་ཞིག་མི་སྤོང་ན།། ཇི་ལྟར་གྲིབ་རྗེས་འགྲོ་བཞིན།། གང་ཞིག་སྐྱེས་བུས་འདིར་བྱས་པའི།། སྡིག་པ་དང་ནི་བསོད་ནམས་གཉིས།། དེ་ནི་དེ་ཡིས་རང་གིར་འགྱུར།། དེ་ཡང་བླངས་ནས་འགྲོ་བས་ན། འདི་དག་དེ་ཡིས ་མི་སྤོང་སྟེ།། ཇི་ལྟར་གྲིབ་མ་རྗེས་འགྲོ་བཞིན།། ཇི་ལྟར་ལམ་ངན་ནས་འགྲོ་བ།། འགྲོ་བ་པོ་འདིར་སྡུག་བསྔལ་འགྱུར།། དེ་བཞིན་བསོད་ནམས་མ་བྱས་པའི།། སེམས་ཅན་ངན་འགྲོར་འགྲོ་བར་འགྱུར།། ཇི་ལྟར་ལམ་བཟང ་ནས་འགྲོ་བ།། འགྲོ་བ་པོ་འདིར་བདེ་བས་འགྲོ།། དེ་བཞིན་འདིར་བྱས་བསོད་ནམས་ཀྱིས།། སེམས་ཅན་བདེ་འགྲོར་འགྲོ་བར་འགྱུར།། སྐྱེས་བུ་ཡུན་རིང་འགྱོན་བྱས་ནས།། རིང་ནས་དགེ་བར་འོངས་པ་ན།། གཉེན་འདུན་སྙིང་དགའ་འགྲོག ་བཤེས་རྣམས།། འདིར་འོངས་པ་ལ་མངོན་པར་བསྟོད།། དེ་བཞིན་བསོད་ནམས་བྱས་པ་ཡིས།། འཇིག་རྟེན་འདི་ནས་ཕ་རོལ་འགྲོ།། བསོད་ནམས་ཁོ་ན་མངོན་བསྟོད་དེ།། མཛའ་སྡུག་བཤེས་གཉེན་ལྟ་བུར་འོང་།། དེ་ཕྱིར་བསོད ་ནམས་ཕུང་པོ་འདི།། ཕ་རོལ་འགྲོ་བ་རྣམས་ཀྱིས་བྱོས།། བསོད་ནམས་འཇིག་རྟེན་ཕ་རོལ་ཏུ།། སྲོག་ཆགས་རྣམས་ཀྱིས་རབ་གནས་བརྗོད།། བསོད་ནམས་ལྷ་རྣམས་བསྔགས་པར་བྱེད།། ཞི་བའི་སྤྱོད་པའང་གང་སྤྱོད་པ།། ། ་འདིར་ཡང་སྨོད་པར་མི་འགྱུར་ཞིང་།། མཐོ་རིས་འགྲོ་ལ་རྗེསྲ་ཡི་རངས།། ཞེས་པ་མདོ་འདིར། ནོར་དང་འབྲུ་ལ་སོགས་པ་ཆུང་ཟོས་ཀྱང་། ལས་གནས་པར་བཅོམ་ལྡན་འདས་ཀྱིས་གསུངས་སོ།། སླར་ཡང་གསུངས ་པདྨ་བསོད་ནམས་མེ་ཡིས་མི་འཚིག་ཅིང་།། རླུང་གིས་འཇིགས་པའང་མ་ཡིན་ཏེ།། ཆུ་ཡིས་གཤེར་བ་མ་ཡིན་ལ།། ས་ལ་ནུབ་པར་མི་འགྱུར་རོ།། ཞེས་པ་འདིས་ཀྱང་གནས་པར་གསུངས་ལ། ཡོད་བཞིན་པ་མ་ཡིན ་པའི་ནམ་མཁའི་མེ་ཏོག་ལ་གནས་པ་ཉེ་བར་བསྟན་པ་མི་འཐད་དོ་ཞེས་བྱའོ།། དེས་ན་འདུས་བྱས་དང་འདུས་མ་བྱས་བཞིན་ཆོས་ཐམས་ཅད་མེད་པར་གནས་པར་མི་ནུས་སོ།། ལས་ཀྱི་བདག་ཉིད་ཀྱང་བཅོམ་ལྡན་འདས ་ཀྱིས་གསུངས་ཏེ། དགེ་སློང་དག་མཐའ་གཅིག་ཏུ་གནག་པ་རྣམས་ཀྱིས་ལྔས་ཀྱི་རྣམ་པར་སྨིན་པ་ཡང་མཐའ་གཅིག་ཏུ་གནག་པའོ།། མཐའ་གཅིག་ཏུ་དཀར་བའི་ལས་ཀྱི་རྣམ་པར་སྨིན་པ་ཡང་མཐའ ་གླཅིག་ཏུ་དཀར་བའོ།། འདྲེན་མ་རྣམས་ཀྱིས་མངོན་མའོ།། ཞེས་པའི་ཚིག་ལས། གང་གི་ལས་ཀྱིས་བདག་ཉིད་རང་གྲི་ངོ་བོ་དེ། ལས་ཀྱིས་བདག་ཉིད་ཀྱིས་འབྲས་བུའོ།། ལས་མེད་ན་ཡང་དེའི་རྒྱུ་དང་འབྲས་བུའི་དེས་པར ་མི་བརྗོད་པས། དེས་ན་ལས་ཡོད་པར་རིགས་ལ། དེ་ལས་དངོས་པོ་ཐམས་ཅད་གྲུབ་པོ་ཞེས་བྱའོ།། སེམས་ཅན་རང་གིས་ལས་ཀྱང་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། སེམས་ཅན་མོ་རྣམ་སྐེ་རླུང་གིས་ལས་ལ་ལས་ནི་སྦྱིན ་པ་སྦྱིན་པར་བྱེད་པའོ།། ཞེས་བྱ་བའི་ཚིག་ལས་ལུས་ཞིག་ན་ནོར་དང་འབྲུ་ལ་སོགས་པ་འཇོག་པར་བྱེད་ལ། ལུས་ནི་འཇིག་རྟེན་ཕ་རོལ་ཏུ་རྗེས་སུ་འབྲང་བའི་ཕྱིར་ལས་ཀྱང་གང་གིས་རང་གི་བ་དེ་ནི་རང་གིས་ལས་སོ།། དེས ་ན་ཡང་དེའི་ལྟོས་ཡོད་ལ། སེམས་ཅན་དེའང་ཡོད་པས་དངོས་པོ་རྣམས་རང་བཞིན་མེད་པ་མ་ཡིན་ནོ་ཞེས་བྱའོ།། ལྔས་རྣམ་པར་འཇིག་པ་མེད་པར་ཡང་དེ་བཞིན་གཤེགས་པས་གསུངས་ཏེ། ལུས་ཅན་རྣམས་ཀྱིས ་ལས་རྣམས་ནི། བསྐལ་པ་བརྒྱར་ཡང་ཆུང་མི་ཟ།། ཚོགས་པ་རྙེད་ནས་དུས་སུ་ནི།། འབྲས་བུ་གདོན་མི་ཟ་བར་སྨིན།། ཞེས་བྱ་བ་ལ་སོགས་པས་ཀྱང་ལས་མེད་ན་ཆུང་མི་ཟ་བའི་ཚིག་རུང་བ་མ་ཡིན་ནོ།། དེའི་ཕྱིར་ཝ ་ཡོསྤྱོད་ལཱ། ལས་ཡོད་པའི་ཕྱིར་དངོས་པོ་རྣམསྣ་རང་བཞིན་དང་བཅས་པའོ།། ཞེས་བྱའོ།། འདིར་སྨྲས་པ། དངོས་པོ་རྣམས་ཀྱི་རང་བཞིན་དང་བཅུས་པའོ་མེད་པ་ལ་ལུང་འདིས་གནོད་པར་ནུས་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གང ་གིས་ཕྱིར་སྔར་ཉིད་དུ་དེ་ལྟ་བུ་ལ་སོགས་པའི་ལུང་འཇིག་རྟེན་གྱི་ཐ་སྙད་ཀྱིས་དབང་གིས་གསུངས་སོ་ཞེས་བསྒྲུབས་པ་རྗེས་སུ་གནས་སོ།། འདི་དག་ཀྱང་གདོན་མི་ཟ་བར་ཁས་བླང་བར་བྱ་སྟེ། ཅིའི་ཕྱིར་ཞེ་ནོ།། གང་གིས ་ཕྱིར་བཅོམ་ལྡན་འདས་ཀྱིས། ལས་རྣམས་རང་བཞིན་མྱེད་གསུངས་ཏེ།། མ་སྐྱེས་གང་དེ་ཆུད་མི་ཟ།། དེ་ལས་ཀྱང་ནི་བདག་འཛིན་མེད།། དེས་བསྐྱེད་འཛིན་པའང་རྣམ་རྟོག་ལས།། དྭེ་ལ། མི་རྟག་དང་ལྡན་འདུས་བྱས་རྣམས།། ་ཞེས་གསུངསེ་བྱས་ན། ལས་ཀྱང་མི་རྟག་གོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ། གང་མི་རྟག་དེ་ཡང་རང་བཞིན་མེད་པའོ་ཞེས་གསུངས་པར་འགྱུར་ཏེ། ངོ་བོ་ཉིད་ནི་གཞན་དུ་མི་འགྱུར་བྱའི་ཕྱིར་རོ།། དྷེ་ཡང ་གལ་ཏེ་རང་བཞིན་ཡོད་པ་ལ་དགོངས་ན་ལྔ་ཡོད་དོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པར་གྱུར་ན། སྒྱུར་ཡང་ལུས་མི་རྟག་པར་གསུངས་བྷུར་མྦྷི་འགྱུརྱཱ་ཏེ། དེ་ནི་མུ~ཾ་རྟག་པ་དང་རང་བཞིན་ཡོད་པ་འགལ་བའི་ཕྱིར ་རོ།། བཅོམ་ལྡན་འདས་ཀྱིས་ཀྱང་། མ་རིག་པའི་རྐྱེན་གྱིས་འདུ་བྱེད་དུ་གསུངས་ལ། རང་བཞིན་ཡོད་བཞིན་པ་ལ་བརྟེན་ནས་སྐྱེ་བ་འཐད་པ་མ་ཡིན་ནོ།། དེའི་ཕྱིར་བཅོམ་ལྡན་འདས་ཀྱི་བཀའ་ནི་ལས་རང་བཞིན ་མེད་པ་གསལ་བར་བྱེད་པ་ཉིད་དོ་ཞེས་བསྒྲུབ་པར་བྱ་བའི་ཕྱིར་གསུངས་པ་ལས་རྣམས་རང་བཞིན་མེད་གསུངས་པ་ཞེས་བྱ་བ་ལ། གླང་ཁོ་ནས་རང་བཞིན་མེད་པ་དེ་ཉིད་ཀྱིས་ན་མ་སྐྱེས་ལ། གང་ཡང་མ་སྐྱེས ་པ་དེ་ཉིད་ཀྱིས་ན་དེ་ནི་འཇིག་པ་མེད་པར་བཅོམ་ལྡན་འདས་ཀྱིས་གསུངས་སོ།། ལས་རྣམས་ཆུད་མི་ཟ་ཞེས་བྱ་བ་ལ་སོགས་པས་གྲང་ཡང་འདི་ལྟར་མི་འདོད་ན། དེ་ལས་འདུས་བྱས་སུ་ཡང་ཁས་བླང་བར་མི་བྱ་སྟེ། འདི་དག་ཕན ་ཚུན་འགལ་བའི་ཕྱིར་རོ།། གང་ཡང་འདི་ལྟར་ལས་རང་བཞིན་གྱིས་མ་སྐྱེས་ལ་དེས་ན་རང་བཞིན་མེད་པའི་ཕྱིར་རོ།། གང་ཞིག་ལས་ནི་འདི་དག་སྟེ། རྣམ་པར་ཤེས་པ་དང་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་རླིག་པ་དང་ཚོར ་བ་ཞེས་བྱ་བ་ཡན་ལག་ལྔས་རབ་ཏུ་འཇུག་པ་ནི། འཇིག་རྟེན་པས་བདག་ཏུ་མངོན་པར་རློམ་པའི་རྒྱུ་མཚན་ཏེ། དེ་ལ་བདག་གོ་ཞེས་འདིར་འཛིན་པའོ་ཞེས་བྱའོ།། བདག་ཏུ་འཛིན་པའི་མིང་ཙན་དེ་ཡང་རང་བཞིན་མེད་པའི ་ལྔས་ཀྱིས་བསྐྱེད་པའི་ཕྱིར་རང་བཞིན་མེད་པའོ་ཞེས་གསལ་བར་ཁོང་དུ་ཆུད་པར་བྱའོ།། ཡང་ན་འདི་སྙམ་དུ་སེམས་ན། རྣམ་པར་ཤེས་པ་ལ་སོགས་པ་ཡན་ལག་ལྔ་བྲོ་རང་བཞིན་མེད་དེ། རང་བཞིན་མེད་པའི་ལས ་ཀྱིས་བསྐྱེད་པའི་ཕྱིར་རོ།། ཞེས་ཡིན་དུ་ཆུག་ན་ཡང་གང་ཡང་བདག་ཏུ་འཛིན་པ་ངར་འཛིན་པའི་མཚན་ཉིད་ཅན་འདི་ཡང་རང་བཞིན་མེད་པའི་ལས་ཀྱིས་བསྐྱེད་པའི་ཕྱིར་རང་བཞིན་དང་བཅས་པར་འགྱུར།། ཞེ་ན་འདི ་དག་ཀྱང་མེད་དེ། ཅིའི་ཕྱིར་ན་གང་གིས་ཕྱིར། དེས་བསྐྱེད་འཛིན་པའང་རྣམ་རྟོག་ལས། གང་ཡང་འདི་བདག་ཏུ་སྒྲོ་བཏགས་ནུས་པས་བསྐྱེད་པའི་ངར་འཛིན་པ་དེ་ཡང་རང་བཞིན་མེད་པའི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི ་མཚན་ཉིད་ཅན་གྱིས་རྣམ་པར་རྟོག་པས་བསྐྱེད་པའི་ཕྱིར་རང་བཞིན་མེད་པ་ཁོ་ནའོ་ཞེས་བྱ་བ་གྲུབ་པོ།། གདོན་མ་ཟ་བར་འདི་ནི་འདི་ལྟར་ཁས་བླང་བར་བྱ་སྟེ། འདི་ལྟ་སྟེ་ལས་ནི་རང་བཞིན་མེད་པའོ་ཞེས་གསུངས་སོ།། གཞན ་དུ་ན། གལ་ཏེ་ལས་ལ་རང་བཞིན་ཡོད། དེ་སྐྱེས་ཐེར་ཟུག་བདག་དངོས་འགྱུར།། ལས་ཀྱང་སྡུག་བསྔལ་རྣམ་སྨིན་དུ།། མི་འགྱུར་དེ་ཕྱིར་བདག་ཏུ་འགྱུར།། བདྲག་ཞེས་བྱ་བའི་དངོས་པོ་འདིའོ་ཞེས་བྱ་བ་རྣམ་པར་ཤེས་པ་ལ ་སོགས་པའི་ཡན་ལག་ལྷུ་པོ་བདག་གིས་དངོས་པོ་ཞེས་བརྗོད་དོ།། གལ་ཏེ་ལས་ལྔ་རང་བཞིན་ཡོད་ནི་དོ་མི་རྟག་པར་མི་འགྱུར་ཏེ། རང་བཞིན་ཡོད་ན་དེ་མི་རྟག་པར་མྱི་འགྱུར་ཏེ། རང་བཞིན་ནི་མི་འགྱུར་བའི་ཕྱིར་དང་། ་རྟག་པའི་ལུས་ཀྱིས་བསྐྱེད་པ་ཡང་རྒྱུད་དང་འདྲ་བར་འབྲས་བུ་འཇུག་པས། རྟག་པའི་བདག་གིས་དངོ་སྡེ་པོར་འགྱུར་ལ་རྟག་པ་ཉིད་དུ་གྱུར་ན་རྣམ་པར་ཤེས་པ་ལ་སོགས་པ་དེ་དག་གིས་ལས་ཀྱིས་སྡུག་བསྔལ་གྱིས ་རྣམ་པར་སྨིན་པ་འབྱུང་བར་མི་འགྱུར་རོ།། ལས་ནི་མི་རྟག་པས་རྣམ་པར་སྨིན་པར་འབྱུང་སྟེ། གང་མི་རྟག་པ་དེ་སྡུག་པ་པོ་ཞེས་སྡུག་བསྔལ་གྱིས་རྣམ་པར་སྨིན་པར་འགྱུར་ལ། རྟག་པར་གྱུར་ནི་ལས་ལས་སྡུག ་བསྔལ་གྱི་རྣམ་པར་སྨིན་པར་མི་འགྱུར་རོ།། གང་མི་རྟག་པ་དེ་ཡ་བདག་མེད་པའོ་ཞེས་གསུངས་སོ།། གང་གིས་ཚེ་ཡང་ལས་ཀྱིས་འབྲས་བུ་དང་ལས་ཐེར་ཟུག་པ་ཡིན་ན། དེའི་ཕྱིར་བདག་ཏུ ་འགྱུར་ལ། དེ་ལས་ཀྱང་ཆོས་ཐམས་ཅད་བདག་མེད་པའོ་ཞེས་སྟོན་པར་མི་རིགས་སོ།། དེས་ན་གདོན་མི་ཟ་བར་ལས་རང་བཞིན་མེད་པར་རིག་པར་བྱའོ།། ཡང་ལས་རང་བཞིན་མེད་པའི་འཐད་པ་ཅི་ཞིག་ཏུ་རིག ་པར་བྱ་ཞེ་ན། གསུངས་པ། ལས་ནི་རྐྱེན་སྐྱེས་ཡོད་མིན་ཞིང་།། རྐྱེན་མིན་ལས་སྐྱེས་ཅུང་ཟད་མེད།། འདུ་བྱེད་རྣམས་ནི་དྲི་ཟ་ཡི།། གྲོང་ཁྱེར་སྒྱུ་མ་སྨིག་རྒྱུར་མཚུངས།། གལ་ཏེ་ལས་ཞེས་བྱ་བ་ཅུང་ཟད་ཡོད་ན།། ་ངེས་པར་དེ་ནི་རྐྱེན་ལས་སྐྱེས་པ་འམ་རྐྱེན་མེད་པ་ལས་སྐྱེ་བར་འགྱུར། རེ་ཞིག་གྲོལ་ཏེ་རྐྱེན་ལས་སྐྱེ་བར་འདོད་ན། ངེས་པར་འབྲས་བུ་རྐྱེན་ལ་ཡོད་པར་འགྱུར་ལ། མ་སྐྱེས་པ་རྐྱེན་ལ་ཡོད་པར་ནུས་པ་མྱ་ཡིན། ་ཏེ། འབྲས་བུ་མ་སྐྱེས་ནི་ཡང?་སའི་རྒྱུ་དང་རྐྱེན་ལྔ་དེའི་འབྲས་བུ་ཡོད་པར་འགྱུ་རོ།། ཡང་ན་འབྲས་བུ་རྐྱེན་ལ་མེད་པ་ཞིག་རྐྱེན་ལས་སྐྱེ་ན། དེའི་ཚེ་རྐྱེན་མུ་ཡིན་པ་ལྔས་ཀྱང་སྐྱེ་བར་འགྱུར་ལ་དེ་དག་ཀྱང་མེད་དོ་ཞེས ་བྱ་བས་དེས་ན་རྐྱེན་ལོས་སྐྱེ་བའི་ལས་ཅུང་ཟད་མེད་དོ།། རྐྱེན་མེད་པ་ཡང་རྒྱུ་མེད་པས་འབྲས་བུ་ཅུང་ཟད་ཀྱང་མི་སྲིད་དོ་ཞེས་བྱའོ།། དེས་ན་ལས་མེད་དོ།། གང་གིས་ཚེ་ལོས་མེད་པ་དེའི་ཚེ་རྣམ་པར་ཤེས་པ་ལ ་སོགས་པ་མེད་པར་གྱུར་པས་ཉེ་བར་ལེན་པ་མྱེད་པས་ཉེ་བར་ལེན་པ་པོ་ཡང་མེད་དོ་ཞེས་བྱ་སྟེ། འདུས་བྱས་ཐམས་ཅད་མི་རྟག་པ་ཆོས་ཐམས་ཅད་བདག་མེད་པའོ་ཞེས་བྱ་བར་འགྱུར་ཏེ། རང་བཞིན་ཁས་མ་བླངས་ན ་ཐམས་ཅད་ལེགས་པར་གནས་པར་འགྱུར་རོ།། གལ་ཏེ་དངོས་པོ་རྣམས་རང་བཞིན་མེད་པའོ་ཞེས་འཆད་ན། འོ་ན་དེ་ལྟར་གྱུར་ན་དངོས་པོ་ཐམས་ཅད་མེད་དོ་ཞེས་བྱ་བ་ཐོབ་པར་འགྱུརརོ།། སྨྲས་པ། རང་བཞིན་མེད ་པའི་དོན་ནི་མེད་པའི་དོན་མ་ཡིན་ཏེ། འོན་ཀྱང་འཁྲུལ་པའི་དོན་ཏེ། བརྫུན་ཞིང་བསླུ་བའི་ཆོས་ཅན་ཉིད་ཀྱི་དོན་ཏོ།། རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་འདི་དག་རང་བཞིན་མེད་པའི་དོན་ཏོ་ཞེས་བྱ་བ་དུ་མར་བསྒྲུབ ་པོས་ཅི་ཞིག་བྱ། དོན་འདི་ཡང་དཔེས་ཡོངས་སུ་གསལ་བར་བྱེད་པས་གསུངས་པ། འདུ་བྱེད་རྣམས་ནི་དྲི་ཟ་ཡིས།། གྲོང་ཁྱེར་སྒྱུ་མ་སྨིག་རྒྱུར་མཚུངས། ཞེས་བྱ་བ་ལ། འདི་ལྟར་ཡུལ་དང་དུས་དང་སུ་རྣམ་པར་ལྟ ་བའི་དབང་པོ་ཕྱིན་ཅི་ལོག་གི་རྐྱེན་ལས་སྐྱེས་པ་ཁང་པ་དང་། སྐྱེད་མོས་ཚུལ་དང་ཤིང་དང་ལྡུམ་ར་དྲང་ཁང་བཟངས་དང་བག་མ་དང་ཕྱུག་ལྷས་ལ་སོགས་པས་ཉེ་བར་མཛེས་པ་འཁྲུལ་པས་གྲོང་ཁྱེར་རང་བཞིན་དུ་དམིག ་ལ། ཡང་དག་པའི་གྲོང་ཁྱེར་གྱི་རྣམ་པོ་བྱིས་པའི་སྐྱེ་བོ་གྲོང་ཁྱེར་དུ་མངོན་པར་རློམ་པ་འབྱུང་བའི་རྒྱུ་མཚན་ཅན་བརྫུན་པའི་བསླུ་བའི་ཆོས་ཅན་ནོ།། ཇི་ལྟར་ཡང་སྒྱུ་མའི་རྣམ་པ་སྟོན་པའི་ནུས་པ་དང་ལྡན་པའི་སྒྱུ་མའི ་མཁན་པོའི་སྔགས་ཀྱི་སྦྱོར་བས། གླང་པོ་དང་། སྟག་དང་། མ་ཧེ་དང་། སྐྱེས་པ་དང་། བུད་མེད་ལ་སོགས་པའི་དངོས་པོ་ཡང་དག་པའི་བུད་མེད་ལ་སོགས་པའི་རང་བཞིན་དང་བྲལ་བར་གནས་ཀྱང་བྱིས ་པ་རྣམས་བུད་ལ་སོགས་པའི་རང་བཞིན་དང་མཱ་ངོན་པར་རློམ་པ་འབྱུང་བའི་རྒྱུ་མཚན་བརྫུན་པ་བསླུ་བའི་ཆོས་ཅན་ལ་རྨོངས་པའི་སྐྱེ་བོས་ཆགས་པའོ།། ཇི་ལྟར་ཡུལ་དང་དུས་དང་གནས་སྐབས་ཁྱད་པར་ཅན་གཞན་ཐོབ ་པའི་ཉི་མ་ལ་བརྟེན་པའི་ཚ་བས་ཕྱོགས་སུ་ཤིན་ཏུ་ཕོག་པ་ལས། འབབ་པར་མཐོང་བས་ཕྱིན་ཅི་ལོག་ཐོབ་པས་ཡང་དག་པའི་ཆུའི་རྣམ་པ་ཅན། ཆུའི་རང་བཞིན་གྱིས་སྟོང་པ་ཡང་སྨིག་རྒྱུ་ཉེ་བར་དམིགས་པའོ།། དེ ་བཞིན་དུ་རྣམ་པར་ཤེས་པ་ལ་སོགས་པའི་དངོས་པོ་རྣམས་རང་རང་གིས་རྒྱུ་རྐྱེན་གྱི་ཚོགས་པ་ལ་བརྟེན་ནས་ཉེ་བར་དམིགས་པ་རྣམས་རང་བཞིན་དང་བྲལ་བ་ཉིད་ཉེ་བུར་དམིགས་པ་སྟེ། དྲི་ཟའི་གྲོང་ཁྱེར་ལ་སོགས་པ ་བཞིན་དུ་བརྟེན་ནས་འབྱུང་བའི་ཕྱིར་རོ་ཞེས་བྱའོ།། འདྲིར་ཁ་ཅིག་བརྩད་པ། དྲི་ཟའོ་གྲོང་ཁྱེར་ནི་རྩཝ་དང་ཤིང་ལ་སོགས་པའི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཁང་པ་དང་བསྐྱེད་མོས་ཚལ་ལ་སོགས་པའི་ཚུལ་གྱིས་སྨང་ལཱ། དེ་ན ་ཁང་པ་དང་བསྐྱེད་མོས་ཚལ་ལ་སོགས་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་མེད་དོ་ཞེས་བྱའོ།། དེའི་ཕྱིར་དཔེ་འདི་ནི་སྟོང་པ་ཉིད་བསྒྲུབ་པར་ནུས་པ་ཡང་མ་ཡིན་ཏེ། རྩཝ་དང་ཤིང་ལ་སོགས་པ་དེ་ལ་ཡོད་པའི་ཕྱིར་ཞེས ་བྱའོ། 1དེ་ལ་བལྟོས་ནས་སྨྲས་པ། གང་ཉེ་བར་དམིགས་པའི་ཁང་པ་དང་བསྐྱེད་མོས་ཚལ་ལ་སོགས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན་ན། ཁང་པ་དྲང་བསྐྱེད་མོས་ཚལ་ལ་སོགས་པ་བཞིན་དུ། རྩཝ་དང་ཤིང་ལ་སོགས ་པ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བར་མི་འགྱུར། དེའི་ཕྱིར་ཁང་པ་ལ་སོགས་པ་ཡང་ཉེ་བར་དམིགས་པའི་ཕྱིར། རྩཝ་དང་ཤིང་ལ་སོགས་པ་བཞིན་རྟེན་ཅིང་འབྲེལ་པར་འབྱུང་བར་འཐད་དོ།། གཞན་ཡང་གང་གིས་ཚེ་དེ ་བཞིན་གཤེགས་པ་ན་མཁའི་ཕྱོགས་ཉིད་དུ་སྤྲུལ་པ་སྟོང་སྟོན་པར་མཛད་ལ། དེའི་རྩ་དྲང་ཤིང་ལ་སོགས་པ་ཡོད་པར་ག་ལ་རྟོག། དེའི་ཕྱིར་གང་ཉེ་བར་དམིགས་པ་དེ་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཉེ་བར་དམིགས་པའོ།། ་དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་དངོས་པོ་ཡང་འཇིག་རྟེན་པས་ཁ་ཅིག་ནི་བདེན་པའི་རང་བཞིན་དུ་རྟོག་ལ། ཁྭ་ཅིག་ནི་མི་བདེན་པའི་རང་བཞིན་དུའོ།། དེ་ལ་དྲི་ཟའི་གྲོང་ཁྱེར་དང་སྒྱུ་མ་དང་སྨིག་རྒྱུ་དང་སྤྲུལ་པ་དང་ཆུ ་ཟླ་དང་འགལ་མེའི་འཁོར་ལོ་དང་། གཟུགས་བརྙན་དང་སྣང་བརྙན་ལ་སོགས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་མི་བདེན་པར་མངོན་པར་འདོད་པས། བདེན་པར་མངོན་པར་འདོད་པའི་བདེན་པར་མངོན་པར་ཞེན ་བཟློག་པའོ་ཞེས་རིགས་སོ།། གང་ཡང་ཕ་རོལ་པོས་སྨྱོས་པའི་སྐྱོན་སེལ་བར་འདོད་པས། ཇི་ལྟར་རྩཝ་དང་ཤིང་ལ་སོགས་པ་གླང་པོ་ཆེ་ལ་སོགས་པའི་རང་བཞིན་དང་བྲལ་བ་གླང་པོ་ཆེ་ལ་སོགས་པའི་ཚུལ་དུ་སྣང་ལ། ་དེ་བཞིན་དུ་རྣམ་པར་ཤེས་པ་ལ་སོགས་པ་ཡང་རྣམ་པར་ཤེས་པ་ལ་སོགས་པའི་རང་བཞིན་དང་བྲལ་བ་རྣམ་པར་ཤེས་པ་ལ་སོགས་པའི་ཚུལ་དུ་སྣང་ངོ་ཞེས་སྨྲ་བ་ནི། གླང་པོ་ལ་སོགས་པ ་རྟོག་པ་དྲང་བྲལ་བ་ལ། རྩཝ་དང་ཤིང་ལ་སྒྲོགས་པ་ཇི་ལྟ་བར་ཡོད་པ་ལྟར་གླང་པོ་ལ་སོགས་པ་ཡང་མེད་དོ།། དེ་བཞིན་དུ་རྣམ་པར་ཤེས་པ་ལྔ་སོགས་པ་ལ་ཡང་དེའི་ཆུ་ཤས་གང་ཞིག་རྟེན་ཅིང་འབྲེལ་པར་འབྱུང ་བས་དེ་ནི་རྩཝ་དད་ཤིང་ལ་སོགས་པ་བཞིན་དུ་ཡོད་པའི་ཕྱིར་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་རྣམ་པར་ཤེས་པའི་ངོ་བོ་ལ་སྒྲོ་བཏགས་པའི་རླུང་བཞིན་ཡང་བསལ་ཕྱིར་བཞིན་པའི་ཕྱིར་དངོས་པོ་རྣམས་ཀྱིས་རང ་བཞིན་གྲུབ་པོ་ཞེས་བྱ་བ་ཐོབ་པར་འགྱུརརོ།། དེས་ནཱ་རྣམ་པར་རིག་པར་སྨྲ་བའི་རྗེས་སུ་མཐུན་པར་བརྗོད་པར་འདི་འགྱུར་ལ། དབུ་མར་སྨྲ་བའི་རྗེས་སུ་མཐུན་པར་བརྗོད་པ་ནི་མ་ཡིན་ནོ།། ཡང་ནི་རྨི་ལམ་མཐོང ་བའི་རྗེས་སུ་འཇུག་པས་ཁས་བླང་བར་མི་བྱ་སྟེ། དེའི་ཚེ་རྟེན་ཅིང་འབྲེལ་པར་འབྱུང་བའི་གཏན་ཚིགས་ཉིད་རྣམ་པར་རིག་པར་སྨྲ་བ་ལ་བལྟོས་ནས་རྗེས་སུ་མི་མཐུན་པ་མེད་པའི་ཕྱིར་དང་། འགལ་བའི་ཕྱིར ་ཡང་དངོས་པོ་རྣམས་རང་བཞིན་མེད་པར་སྒྲུབ་པ་ལ་བལྟོས་ནས་ནུས་པ་མེད་པ་ཉིད་དུ་ཁོང་དུ་ཆུད་པར་བྱས་པ་གཞན་གྱིས་སྨྲས་པའི་སྐྱོན་སྤངས་སོ་ཞེ་ན། དེ་ལྟར་བཤད་པ་འདི་མི་རུང་སྟེ། དེ་ནི་འདི་ལྟར ་སྨོས་པའི་རིགས་པས་དྲི་ཟའི་གྲོང་ཁྱེར་ལ་སོགས་པ་བཞིན་དུ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར། དངོས་པོ་རྣམས་རང་བཞིན་མེད་པའོ་ཞེས་གནས་པས་ཡང་གདོན་མི་ཟ་བར་འདི་དག་ཁས་བླང་བར་བྱ་སྟེ། འདུ ་བྱེད་དྲི་ཟའི་གྲོང་ཁྱེར་དང་མཚུངས་ཞེས་གསུངས་སོ།། ཅིའི་ཕྱིར་ན། གྲང་གི་ཕྱིར་རང་བཞིན་དང་བཅས་པར་འགྱུར་ན། འདི་དག་རྟེན་ཅིང་འབྲེལ་པར་འབྱུང་བར་མི་འགྱུར་ལ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡོད་ཡོད་པས། ་གང་གི་ཕྱིར། ལས་ནི་ཉོན་མོངས་རྒྱུ་མཚན་ཅན།། ཉོན་མོངས་འདུ་བྱེད་ལས་བདག་ལས།། ལུས་ནི་ལས་ཀྱི་རྒྱུ་མཚན་ཅན།། གསུམ་ཀ་ངོ་བོ་ཉིད་ཀྱིས་སྟོང་།། དེ་ལཱ་མ་རིགས་པའི་རྐྱེན་གྱིས་འདུ་བྱེད་དེ་ཞེས་བྱ་བས ་ལྔས་ནི་ཉོན་མོངས་རྒྱུ་མཚན་ཅན་ཏེ་ཉོན་མོངས་པ་འདིའི་རྒྱུར་བྱས་པས། ཉོན་མོངས་ལས་བདག་ལསྔ་ནི་འདུ་བྱེད་རྣམས་ཏེ། ལས་དང་ཉོན་མོངས་པ་ལས་གང་ཞིག་རྣམ་པར་ཤེས་པ་ལ་སོགས་པའི་བདག ་ཉིད་པས། རྣམ་པར་ཤེས་པ་ལྔ་སོགས་བྱ་དེ་རྣམས་འདུ་བྱེད་ཀྱིས་ལས་དང་ཉོན་མོངས་པའི་བདག་ཉིད་དེ། མ་རིག་པ་དང་འདུ་བྱེད་ཀྱིས་བསྐྱེད་པའི་ཕྱིར། དེ་རྣམས་ཀྱང་འདིར་འདུ་བྱེད་ཡོངས་སུ་རྫོགས་པའི་སྐྱེ ་མཆེད་དྲུག་གི་གནས་སྐབས་ཀྱིས་ལུས་ཐོབ་པའི་རྒྱུ་མཚན་དུ་འགྱུར་རོ་ཞེས་བྱ་སྟེ། ཐ་དད་པའི་ལུས་འཛིན་པའོ།། ལུས་དེ་ཡང་འདུ་བྱེད་བཞིན་ལས་དང་ཉོན་མོངས་པའི་རྒྱུ་ཅན་ཁོ་ནའོ་ཞེས་བྱས་ནས། གཅིག་གི ་ཀྱང་ཉེ་བར་མཚོན་ནས། ལས་ཀྱི་རྒྱ་མཚན་ཅན་གྱི་ལུས་ཞེས་བྱའོ།། དེ་ལས་ཀྱང་དེ་དག་གི་ལས་དང་དེའི་འབྲས་བུ་ལུས་པོ་སྟེ། གསུམ་པོ་རྣམས་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ལ། དོས་ན་དྲི་ཟའི་གྲོང ་ཁྱེར་ལ་སོགས་པ་བཞིན་དུ་འདི་དག་གསུམ་ཡང་ངོ་བོ་ཉིད་ཀྱིས་སྟོང་པའོ།། འདིར་སྨྲས་པ། ལས་ཡོད་པ་ཉིད་དེ། དེའི་བྱེད་པ་པོ་ཡོད་པའི་ཕྱིར་རོ།། འདིར་ལས་ཀྱི་བྱེད་པ་པོ་ཉེ་བར་བསྟན་པ། མ་རིག་པའི་རྗེས་སུ་འགྲོ་བའི ་གང་ཟག་འདི་ནི་བསོད་ནམས་ཀྱི་མངོན་པར་འདུ་བྱེད་པ་མངོན་པར་འདུ་བྱེད་དོ་ཞེས་བྱ་བ་ལ་སོགས་པས་དེས་ན་བྱེད་པ་པོ་ཡོད་པའི་ཕྱིར། ལོས་ཡོད་ལ་འབྲས་བུ་ཡང་འབྱུང་བར་འགྱུར་རོ།། འབྲས་བུ་གདན་ཡོད་ན་གདོན ་མི་ཟླ་བར་དེ་ལ་ལོངས་སྤྱོད་པ་པོ་ཡོད་ལ། དེའི་ཕྱིར་ལྔས་དང་བྱེད་པ་པོ་དང་དེའི་འབྲས་བུ་དང་དེ་ལ་ལོངས་སྤྱོད་པ་པོ་རྣམས་ཡོད་པའི་ཕྱིར། དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཡོད་པ་ཉིད་དོ་ཞེ་ན། སྨྲས་པ། གལ་ཏེ་ལུས་ཡོད ་ནུ་དེའི་ཚེ་དེའི་བྱེད་པ་པོ་ལ་སོགས་པ་ཡོད་ལ། གོང་གི་ཚེ་ཡང་ཇི་སྐད་དུ་སྨོས་པའི་རིགས་པས་ལས་མེད་པར་བསྒྲུབས་པས་དེའི་ཚེ་ན། ལས་མེད་གྱུར་ན་བྱེད་པོ་མེད།། དེ་གཉིས་མེད་པས་འབྲས་བུ་མིན།། དེ་མེད་ཉེ་བར་སྤྱོད ་བྱ་མེད།། དེས་ན་དངོས་པོས་དབེན་པ་ཡིན།། གང་གི་ཚེ་རྐྱེན་ལས་སྐྱེས་པས་ལས་ཅུང་ཟད་ཀྱང་མེད་དོ།། ཞེས་བྱ་བ་འདིས་ལས་མེད་པ་ཉིད་དུ་བསྒྲུབས་ལ། དེའི་ཚེ་ལས་མེད་པར་གྱུར་ན་སུའི་བྱེད་པ་པོར་ཡོངས་སུ་རྟོག ་བྱེད་པ་པོ་དང་ལས་མེད་ན། རྒྱུ་མེད་པའི་འབྲས་བུ་ག་ལ་ཞིག། འབྲས་བུ་མེད་ན་ཡང་སུའི་ལོངས་སྤྱོད་པ་པོར་ཡོངས་སུ་རྟོག་པར་བྱེད་ཅེས་བྱ་བས། དེས་ན་ལས་ལ་སོགས་པ་མེད་པས་རྣམ་པར་དབེན་པ་སྟེ་ཐམས་ཅད་སྟོང་ངོ་ཞེས ་བྱ་བ་གྲུབ་བོ།། འདིར་སྨྲས་པ། སླར་ཡང་དེ་ལྟར་འབད་པ་ཆེན་པོས་སྟོང་པ་ཉིད་དུ་བསྒྲུབས་པར་གྱུར་པས། ཁྱོད་ལ་འབྲས་བུ་ཅི་ཞིག། ཇི་སྲིད་དུ་ལས་དང་འབྲས་བུ་ལ་སྐུར་པ་འདེབས་པ་ན། ལོག་ལྷའི་གང་ཟག་སྤྱོང་པ་བཟང་པོ ་ཡང་མི་འདོད་པའི་འབྲས་བུ་སྟེར་བར་བཅོམ་ལྡན་འདས་ཀྱིས་གསུངས་ལ། ཤི་ནས་ཀྱང་དམྱལ་བར་སྐྱེ་བར་གསུངས་སོ།། དེས་ན་འདིར་ཤིན་ཏུ་འབད་པ་ཆེན་པོས་དེ་ནི་མ་ཡིན་པ་སྒྲུབ་པར་བྱེད་པས་ཞིག་ཅིག། སྨྲས་པ། གང ་ཞིག་ལས་སྟོང་པའི་དོན་ནི་ལུས་མེད་པའི་དོན་དུ་སྒྲུབ་ན། དེ་ལ་ཇི་སྐད་དུ་སྨོས་པའི་ཉེས་པར་འགྱུར་ལ། གང་ཡང་རང་བཞིན་དང་བྲལ་བའི་ཕྱིར་ལས་སྟོང་པའོ།། ཞེས་ཁོང་དུ་ཆུད་པ་དེ་ནི།། ལས་ནི་སྟོང་པ་ཡང་དག ་པར་ཤེས་ན་དེ་ཉིད་མཐོང་བའི་ཕྱིར།། ལས་མི་འབྱུང་ན་སྟེ་དེ་མེད་ན།། ལས་ལྔས་འབྱུང་གང་མི་འབྱུང་ངོ་།། གང་ཞིག་ལས་རང་བཞིན་མེད་པའོ་ཞེས་ཁོང་དུ་ཆུད་ན།། དེས་ནི་ལས་ཕྱིན་ཅི་མ་ལོག་པའི་སྟོང་པ་ཉིད ་ཉིད་དུ་ཡོངས་སུ་ཤེས་པར་འགྱུར་རོ།། ལས་དེ་ཡང་མ་རིག་པའི་རྐྱེན་གྱིས་འདི་ནི་བདེན་པའོ་ཞེས་མངོན་པར་ཞེན་པ་སྟེ། ལས་རང་བཞིན་མེད་པའི་ཕྱིར་རང་བཞིན་མེད་པ་ལ་འབྲས་བུ་མི་འདོད་དོ།། དེས་ན་དེ་ཡི ་སྐུར་པ་བཏབ་ནས་ལོག་ལྟ་འཐོབ་པ་མ་ཡིན་ལ། ལས་ཀྱང་རང་བཞིན་མེད་པར་རྟོགས་པས་འདི་དག་བདེན་པར་མངོན་པར་ཞེན་པ་སྤོང་ལ། ལས་ལ་མ་ཆགས་པས་སླར་ཡང་ལས་མི་རྩོམ་མོ།། ལས ་མ་བརྩམས་པར་གྱུར་ན་ལས་ཀྱི་རྒྱུ་ཅན་གྱི་འབྲས་བུ་ལོག་གོ།། ལས་ཀྱི་འབྲས་བུ་འཁོར་བ་ལས་ལོག་ན་ངེས་པར་འདི་ནི་མྱ་ངན་ལས་འདས་པ་ལ་གཞོལ་བར་འགྱུརརོ།། ཞེས་བྱ་སྟེ། དེ་ལྟར་དེ་ཁོ་ན་ཉིད་མཐོང་བས་ལས་ཡང ་དག་པར་ཤེས་པ་སྟེ། རང་བཞིན་གྱིས་སྟོང་པར་རྟོགས་པའོ།། དེ་ཁོ་ན་ཉིད་མཐོང་མ་རིག་པ་སྤོང་ལ། མ་རིགས་པ་སྤངས་ན་རྒྱུ་མྱེད་པས་ལས་མི་འབྱུང་ངོ་།། དེར་ལས་མེད་ན་གང་ཞིག་ལས་ལས་འབྱུང་བ་རྣམ་པར་ཤེས་པ་ལ ་སོགས་པ་དེ་ལ་མི་འབྱུང་ངོ་།། རྣམ་པར་ཤེས་པ་ལ་སོགས་པ་རྣམས་ཀྱང་སྐྱེ་བ་མེད་པར་གྱུར་ན་མྱ་ངན་ལས་འདུས་པར་གྲུབ་པོ་ཞེས་བྱ་སྟེ། རིགས་པ་དེས་སྐྱེས་བུ་མངོན་པར་རློམ་པས་གནས་པ་ལ། རང་དང་གཞན་གྱི་དོན ་སྒྲུབ་པ་ལ་མཁས་པས། ལས་རང་བཞིན་མེད་པར་སྒྲུབ་པའི་ཕྱིར་རོ།། འདིར་སྨོས་པ། གལ་ཏེ་ཇི་ལྟར་བསྒྲུབས་པའི་རིགས་པས་ལུས་རང་བཞིན་མེད་པ་ཉིད་དུ་རྣམ་པར་འཇོག་ན། གང་ཞིག་འདི་དག་ལས་ཡས་སྐྱེས་པའི ་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་སྣ་ཚོགས་པ་དེ་ཡང་མི་འཐད་ལ། གང་ཡང་ལས་དང་བྱེད་པ་པོ་ཉེ་བར་བསྟན་པ་འདི་ཡང་ཐོབ་པར་མི་འགྱུར་རོ།། རང་བཞིན་མེད་པའི་དྲི་ཟའི་གྲོང་ཁྱེར་ལ་སོགས་པས། དེ་ལྟར་རྣམ ་སྣ་ཚོགས་པའི་འབྲས་བུ་བསྒྲུབ་པ་དང་བྱེད་པ་པོ་ཡོད་བཞིན་པ་ཡང་མི་འཐད་དོ་ཞེས་སོ།། འོ་ན་དྲི་ཟའི་གྲོང་ཁྱེར་ལ་སོགས་པའི་དོན་ཀྱང་རྣམ་པར་ཤེས་པ་རང་གི་དམིགས་པ་ཉིད་དུ་བསྒྲུབས་ལ་དམིགས་པའི་དངོས་པོར ་སྐྱིབས་བཞིན་པས་ན། སེམས་དང་སེམས་ལས་བྱུང་བ་རྣམས་སྒྲུབ་པར་བྱེད་པ་པོར་འགྱུར་ཏེ། རང་རང་གི་རྒྱུ་དང་རྐྱེན་ལ་བརྟེན་ནས་སྐྱེ་བཞིན་པས་བྱེད་པ་པོ་ཡོད་བཞིན་པར་འགྱུར་རོ།། སྨྲས་པ། གལ་ཏེ་ཡང་རྣམ་པར ་བྲྀ་འི་དམིགས་པ་ཉིད་དུ་བསྒྲུབས་ན། དེ་ལྟ་ན་ཡང་འཁྲུལ་པ་འཁྲུལྔ་པའི་རྒྱུ་ཉིད་དུ་བསྒྲུབས་པ་མ་ཡིན་ཏེ། རྣམ་པར་ཤེས་པ་མ་འཁྲུལ་པས་དེའི་ཕྱིར་མི་བདེན་པ་བདེན་པའི་རྒྱུར་མི་འགྱུར་བ་ཉིད་ལ། མི་བདེན་པ་ཡང ་མི་བདེན་པའི་མ་ཡིན་ནོ་ཞེས་བྱའོ།། དེ་ལ་རྣམ་པར་ཤེས་པ་ཡང་མི་བདེན་པ་ཉིད་དུ་འདོད་ལ། དེ་ལྟ་ན་ཡང་རང་བཞིན་མེད་པ་ཡང་རང་བཞིན་མེད་པའི་འབྲས་བུ་རྫོགས་པར་བྱེད་པ་པོ་ཉིད་དུ་གསལ་བར་བྱེད་པ། ཤིན་ཏུ ་གསལ་བར་དཔེར་ཉེ་བར་བསྟན་པས་གསུངས་པ། ཇི་ལྟར་བཅོམ་ལྡན་དེ་བཞིན་གླ་ཤིགུས།། རྫུ་འཕྲུལ་གྱིས་ནི་སྤྲུལ་པ་སྤྲུལ།། སྤྲུལ་པ་དེ་ཡིས་སླར་ཡང་ནི།། སྤྲུལ་པ་གཞན་ཞིག་སྤྲུལ་པར་འགྱུར།། བསོད་ནམས་དང ་ཡེ་ཤེས་ཀྱིས་ཚོགས་ཡོངས་སུ་རྫོགས་པའི་སེམས་ཅན་གྱི་བྱེ་བྲག་འགའ་ཞིག་ནི་ཆོས་རྣམས་ཀྱིས་རང་བཞིན་ཇི་ལྟར་བལྟར་རྟོག་པའི་ཕྱིར་རམ། འདི་ལྟར་འདས་པའི་སངས་རྒྱས་ཐམས་ཅད་གཤེགས་པ ་དེ་ལྟར་གཤེགས་པའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བརྗོད་དོ།། དེ་བཞིན་དུ་སྡེ་བྱ་གཞན་གྱི་གཞུང་ལས། འོག་མིན་ཁོ་ནར་དེ་ཁོ་ན་ཉིད་རྣམ་པ་ཐམས་ཅད་དུ་མངོན་པར་རྟོག་པའོ།། དེ་ཡང་གཙོ་བོ་དེ ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་སྤྲུབ་པ་སྤྲུལ་ནས་འཛམྦུའི་གླིང་དུ་མངོན་པར་བྱང་ཆུབ་པ་སྟོན་པར་བྱེད་དོ།། སྒྲུབ་པའི་མངོན་པར་བྱང་ཆུབ་པ་དེ་ཡང་ཡིད་དག་པའི་དེ་བཞིན་གཤེགས་པ་དང་མཐུ་མཉམ་པས། ་དགོས་པའི་དབང་གིས་སྤྲུལ་པ་གཞན་སྟོན་པར་མཛོད་དེ།། དེ་ཉིད་ཀྱིས་ན་འཇིག་རྟེན་མཐུན་འཇུག་གི་མདོར་གསུངས་པ། མ་སྐྱེས་གནས་པ་མེད་པ་ཡིས།། འདི་ནི་ཆོས་ཀྱིས་དབྱིངས་དང་མཚུངས།། མངལ་དུ་འཇུག་པ་སྟོན ་པ་ཡང་།། འདི་དག་འཇིག་རྟེན་རྗེས་འཇུག་ཕྱིར། ཞེས་གསུངས་སོ།། ཛམྦུའི་གླིང་དུ་མངོན་པར་རྫོགས་པར་སངས་རྒྱས་པ་ཉིད་ཡང་དག་པའི་དེ་བཞིན་གཤེགས་པ་ཡིན་དུ་ཆུག་ན་ཡང་།། དེ་ལྟ་ན་ཡང་དེ་བཞིན་གྱི ་པ་ནི་བས་མཱ་གྱིས་མི་ཁྱབ་པའི་མཐུ་མངའ་ཐོས། སྤྲུལ་པ་སྤྱིལ་ནུས་པའི་ནུས་པ་ཅནྡ་ཉིད་དེ། བ་སེམས་བཞིན་དུ་རྣམ་པ་དེ་ལྟ་བུའི་སྦལ་པ་སྤྲུལ་ལ། གང་ཞིག་སྩལ་བ་ལ་སཱི་སྭེམྦྷ་པ་གླུཞན་ཡང་འཇུག་པར་མཛད་དོ།། ་འི་སྨོས་མིང་གས།། ན་ས་སེམ་མི་ཡོང་བ་དག་བན་མས།། མ་བེནན་ག་ཤེགས་པས་། ་པ་དེ་ཉིད་རེ་ཞིག་སྟོང་པ་སྟེ། དེ་བཞིན་གཤེགས་པའི་རང་བཞིན་དང་བྲལ་བའོ།། ཅི་འོན་ཏེ་གང་སྤྲུལ་པའི་སྤྲུལ་པ་ཐེ་ཚོམ་མེད་པར་འདི་ནི་དེ་བཞིན་གཤེགས་པའི་རང་བཞིན་དང་བྲལ་བ་ཡིན་གྱིས། སྤྲུལ་པ་འདི་ལ་རྣམ་པ་ཐམས ་ཅད་ཀྱི་མེད་དོ་ཞེས་བརྗོད་པར་མི་ནུས་ཏེ། དེ་དག་ཉེ་བར་དམྱིགས་བཞིན་པའི་ཕྱིར་རོ།། ཞེས་གསུངས་པ། གཉིས་པོའི་མིང་ཙམ་ཡོད་པ་ཡང་།། གང་ཅུང་ཟད་དེ་རྟོག་པ་ཙམ།། ཞེས་བྱ་བ་ལ་གང་ཅུང་ཟད་ཅེས་བྱ་བ་དང་སྙིང ་པོ་དང་བྲལ་བུ་སྟེ་རང་བཞིན་དང་བྲལ་བ་ཞེས་བྱ་བའི་དོན་ཏོ།། སླར་ཡང་དེ་ཇི་ལྟར་དེ་ཡོད་ཅེ་ན། གསུངས་པ་རྟོག་པ་ཙམ་ཞེས་བྱ་བ་ལ་ཡོངས་སུ་བརྟགས་པ་ཙམ་ཡང་དག་པ་མ་ཡིན་པར་སྒྲོ་བཏགས་པ་ཙམ་བརྫུན ་པ་བསླུ་བའི་ཆོས་ཅན་ཙམ་ཞེས་བྱ་བའི་དོན་ཏོ།། རེ་ཞིག་དེ་དག་གིས་རང་བཞིན་མེད་ལ། གལ་ཏེ་ཡང་འཁྲུལ་པ་ཙམ་དུ་དམིགས་པ་མེད་དོ་ཞེས་བྱ་བར་གྱུར་ན་དེ་ནི་ཀུན་རྫོབ་ཀྱིས་བདེན་པ་ལ་གནོད་པར་ཡང ་འགྱུར་ཏེ། རི་བོང་གི་རྭ་བཞིན་ཉེ་བར་དམིགས་པར་ཡང་མི་འགྱུར་ལ། འབྲས་བུ་གཞན་སྒྲུབ་པར་བྱེད་པར་ཡང་མི་འགྱུར་ཏེ། འདི་ཐམས་ཅད་ཡོད་པ་ཀྱང་དེའི་ཕྱིར་རྟོག་པ་ཙམ་སྟེ། ཀུན་རྫོབ་ཙམ་དུ་དེ་དག་ཡོད ་དོ་ཞེས་རྣམ་པར་བཞག་གོ།། དེ་ཡང་གང་རང་བཞིན་མེད་པ་མཐོང་བ་དེ་ནི་དོན་དམ་པ་མཐོང་བ་ལ་ངོ་བོ་མི་དམིགས་པས་ཀྱང་དེ་ལ་མི་བདེན་པ་ལས་སྐྱེས་པ་ལ། སྲེད་པ་ཟད་པ་རྣམ་པར་གྲོལ་བར་འགྱུར།། དེ་ནི ་འདི་ལྟར་བརྫུན་པར་མཐོང་བ་ནི་ཉོན་མོངས་པའི་རང་བཞིན་མཐོང་བས་རྣམ་པར་གྲོལ་ལོ་ཞེས་གནས་སོ།། ཇི་ལྟར་ཡང་དེ་བཞིན་གཤེགས་པའི་སྤྲུལ་པ་རང་བཞིན་མེད་པ་ལས་གཞན་རང་བཞིན་མེ་བྲི ་དེ་བཞིན་གཤེགས་པའི་རྣམ་པ་ཅན་གྱི་སྤྲུལ་པ་མཐའ་ཡས་པས་རྣམ་པ་སྣ་ཚོགས་པའི་བྱ་བ་སྒྲུབ་པར་རུང་བ་རབ་ཏུ་འཇུག་པས། དེ་བཞིན་དུ་བྱེད་པོ་སྤྲུལ་པར་མཚུངས།། ལས་ནི་སྤྲུལ་པས་སྤྲུལ་དང་མཚུངས།། ་རང་བཞིན་གྱིས་སྟོང་གང་ཅུང་ཟད།། ཡོད་པ་དེ་དག་རྟོག་པ་ཙམ།། ཇི་ལྟར་དེ་བཞིན་གཤེགས་པས་སྤྲུལ་པ་ལྟ་བུའི་ལས་ཀྱི་བྱེད་པ་པོ་མ་རིག་པའི་རྗེས་སུ་འབྲང་བའི་གང་ཟག་ནི། དེ་བཞིན་གཤེགས་པས་སྤྲུལ་པ་བཞིན ་དུ་རང་བཞིན་མེད་པ་འདི་ལ་ཡང་རྟོག་པ་ཙམ་སྟེ། ཀུན་རྫོབ་ཙམ་བརྫུན་པ་བསླུ་བའི་ཆོས་ཅན་བྱིས་པའི་སྐྱེ་བོ་བསླུ་བ་ཙམ་རྨོངས་པའི་སྐྱེ་བོ་ཆགས་པ་ཙམ་དུ་ཡོད་དོ་ཞེས་བྱ་བའི་དོན་ཏོ།། གལ་ཏེ་ཡང་ལས་དེ་རང་བཞིན ་མེད་པའི་ཕྱིར་བྱེད་པ་པོས་བསྐྱེད་ལ། དེ་ཡང་རང་བཞིན་མེད་པ་ཉིད་དུ་ཡོད་པས། འགྲོ་བ་སྣ་ཚོགས་པ་བསྐྱེད་པར་ནུས་པར་འགྱུརརོ།། འདིར་སྨྲས་པ། འདི་ནི་མི་རིགས་ཏེ། དེའི་དྲང་དོན་དག་མི་འདྲ་བའི་ཕྱིར་རོ།། དཔེ་ནི་ཡང ་དག་པའི་དེ་བཞིན་གཤེགས་པོ་ཡོད་ལ། དེའི་ཕྱིར་ཡང་དག་པ་ལ་ཡང་དག་པ་མ་ཡིན་པའམ། ཡང་དག་བའི་སྤྲུལ་པ་འབྱུང་བར་འགྱུར་རོ་ཞེས་རིགས་སོ།། འདིར་ཡང་དག་པའི་དངོས་པོ་མེད་ན། གང་ཞིག་སྤྲུལ་ནུས ་ནུས་པའི་བྱེད་པ་པོ་འཇུག་པའི་རྒྱུ་མཚན་ཉིད་དུ་རྟོག་པར་བྱེད་དེ། དེའི་ཕྱིར་དཔེ་དང་མི་འདྲའོ།། སྨྲས་པ། གང་འདིར་ཡང་དག་པའི་དེ་བཞིན་ག་ཤེགས་པ་ཡོད་དོ་ཞེས་མངོན་པར་འདོད་ན། དེ་བྱེད་པ་པོར་གྱུར་པ་འམ་ལྔས་སུ་གྱུར ་པའི་ཡང་དག་པ་ཉིད་དུ་ཡོངས་སུ་རྟོག། གལ་ཏེ་རེ་ཞིག་བྱེད་པ་པོར་གྱུར་པ་ཡོངས་སུ་རྟོག་ན། དེ་ཡང་ཡང་དག་པའི་དེ་བཞིན་གཤེགས་པའི་རང་བཞིན་མ་ཡིན་ཏེ། བྱེད་པ་པོའི་ཕྱིར་སྤྲུལ་པའི་བྱེད་པ་པོ་དེ་བཞིན་གཤེགས ་པའི་སྤྲུལ་པ་བཞིན། ཡང་ན་ལུས་སུ་གྱུར་པས་ཡང་དག་པའི་ཡོངས་སུ་རྟོག་ན། དེ་ལྟ་ན་ཡང་སྤྲུལ་པ་ནི་སྤྲུལ་པས་སྤྲུལ་པ་བཞིན་འདི་ལ་ཡང་དག་པར་བརྗོད་པར་རིགས་པ་མ་ཡིན་ནོ།། ངེས་པར་དེ་བཞིན་པ ་པ་ཡང་མེད་དམ་ཅི་ཞེ་ན། སུ་ཞིག་འདི་སྐད་དུ་ཡོད་པའམ་མེད་དོ་ཞེས་སྨྲ། གང་ཞིག་དེ་བཞིན་གཤེགས་པ་ཞེས་བྱ་བ་རང་བཞིན་དུ་རྟོག་ན་དེ་ནི་དེ་ལ་ཡོད་པ་འམ་མེད་པར་ཡོངས་སུ་རྟོག་པར་བྱེད་ན། གང་ཡང ་རང་བཞིན་མེད་པ་སྟེ། དེ་བཞིན་གཤེགས་པའི་སྤྲུལ་པ་བཞིན་དུ་རྟོག་པ་མེད་པ། སྤྲུལ་པ་བཞིན་དུ་རང་བཞིན་གྱིས། ཞི་བ་ངོ་བོ་ཉིད་ཀྱིས་མ་སྐྱེས་པསྡུ། དྲི་ལ་ཡོད་པ་འམ་མེད་པར་བརྟག་པར་མི་བྱའོ།། དེས ་ན་དེ་བཞིན་གཤེགས་པའི་རང་བཞིན་གྲུབ་པ་མེད་པས་དཔ་དང་མི་འདྲ་བར་རྟོག་པར་ག་ལ་བྱེད།། འདིར་སྨྲས་པ། གང་འདི་སྐད་དུ་སྨྲས་པའི་སྟོང་པ་ཉིད་ཀྱི་རང་བཞིན་པས། གང་ཅུང་ཟད་ཡོད་པ་རྟོག་པ ་རྣམ་ཞེས་པས། སྦྱར་ཡང་ཅིའི་ཕྱིར་ན། འདི་དག་ཀྱང་རང་བཞིན་དང་མེད་པ་དང་རྟོག་པ་ཙམ་དུ་ཡོད་པ་གཉིས་ཁས་ལེན་པར་བྱེད། གུལ་ཏེ་སླར་ཡང་རང་བཞིན་ཡོད་པ་ཉིད་པས། རྟོག་པ་ཙམ་གྱི་དངང་དྲ། ་ཁས་མྱི་ལེན་ན། དེའི་ཚེ་སྐྱོན་ཅིར་འགྱུར་ཞེ་ན། སྨྲས་པ། གལ་ཏེ་རང་བཞིན་ཡོད་པར་གྱུར་ན། དེའི་ཚེ་མྱ་ངན་ལས་འདས་པ་མེད་པར་འགྱུར་ལ། ཡོད་བཞིན་པ་ལི་བྱེད་པ་པོ་དོན་མེད་པའི་ཕྱིར་དང་། བྱེད་པ་པོ་ཡང་མེད་པར ་འགྱུར་རོ།། གལ་ཏེ་དེ་རྟོ་པ་ཙམ་ཡང་མྱེད་པར་འགྱུར་ན། དེའི་ཚེ་ལུས་ཀྱི་འབྲས་བུ་མེད་པས་ལོག་ལྷུར་འགྱུར་ལ། དེས་ན་རང་བཞིན་ཁས་བླང་བར་མི་བྱ་ཞིང་། རྟག་པ་ཙ་མ་ཁས་མི་བླང་བར་ཡོ་མྦྷ་བྱའོ་ཞེས་བསྒྲུབ་པའི ་བྷཻརྱཱ་གསྦྱངས་བྷཱ། ལས་ཀྱི་རང་བཞིན་ཡོད་ཅེ་ན། མྱུ་འདུས་བྱེད་བློ་ལས་ཀྱང་མེད།། གལ་ཏེ་མེད་ན་ལས་བསྐྱེད་པའི།། འབྲས་བུ་སྡུག་དང་མི་སྡུག་མེད།། གལ་ཏེ་ལུསྱཱ་རྒྱས་ཡོད་ན། དེའི་ཚེ་དེ་རང་བཞིན་གྱི ་སྤྱོད་བཞིན་པའི་ཕྱིར་སླར་ཡང་གཞན་དུ་འགྱུར་དུ་མེད་དོ་ཞེསྔོ་བྷའོ།། གླང་འདི་ལྟར་མྱ་ངན་ལུས་འདས་པ་ལས་དང་ཉོན་མོངས་པ་ཟང་པ་ལས་རྣམ་པར་བཞག་ལ། དེ་མི་འབྱུང་དང་། ལས་དེ་ཡང ་མི་བལྟོས་པར་འགྱུར་ལ། དེ་ལྟ་ན་ཡང་རྒྱུ་མེད་པའི་ཕྱིར་འདི་ནི་ཡོད་པ་ཉིད་དུ་མི་འགྱུར་རོ།། རེ་ཞིག་ལས་ལ་རང་བཞིན་ཡོད་པར་གྱུར་ན། སྐྱོན་འདི་དག་སྟེ། དེའི་ཕྱིར་ལས་ལ་རང་བཞིན་མེད་པའོ།། གལ་ཏེ་གང་ཅི་ཡང་རུང ་བ་རྟོག་པ་ཙམ་དུ་མི་འགྱུར་ན། དེའི་ཚེ་ལས་ཀྱིས་བསྐྱེད་པའི་སྡུག་པ་འམ་མི་སྡུག་པར་མི་འགྱུར་ལ། དགེ་བ་དང་མི་དགེ་བ་དག་གིས་ལས་ཀྱི་སྡུག་པ་དང་མི་སྡུག་པ་དག་ཀྱང་ཡོད་པས། དེའི་ཕྱིར་འདི་དག་གང་ཅི་ཡང་རུང ་རྟོག་པ་ཙམ་དུ་ཡོད་དོ་ཞེས་གནས་སོ།། གང་ཡང་འདི་ལས་ཀྱི་རང་བཞིན་ནི་མེད་ལ་གང་ཅུང་ཟད་རྟོག་པ་ཙམ་ཡོད་པས། དེ་ཉིད་ཀྱིས་ན་ཤིན་ཏུ་ཐ་དད་པའི་སྤྱོད་པའི་གདུལ་བྱའི་སྐྱེ་བོའི་རྗེས་སུ་འབྲང་བའི་བཅོམ་ལྡན་འདས ་དེ་བཞིན་གཤེགས་པས། ཉོན་མོངས་པ་དང་རྗེས་སུ་མཐུན་པའི་གཉེན་པོའི་དངོས་པོར་འཇུག་པས་ཕན་ཚུན་དུ་འགལ་བས། བརྗོད་པའི་ཚིག་ཀྱང་ཆོས་ཉིད་དང་མི་འགལ་བར་གནས་སོ།། འདི་ལྟར་ལས་ཡོད ་དོ་ཞེས་བྱ་བའི་ཚིག་མེད་དོ་ཞེས་བྱ་བའི་ཚིག་དང་འགལ་ལ་མེད་དོ་ཞེས་བྱ་བའི་ཚིག་ཡོད་དོ་ཞེས་བྱ་བའི་ཚིག་དང་འགལ་བ་དང་། དེ་བཞིན་དུ་གཉི་གར་བརྗོད་པ་ཡང་གཉི་ག་དང་འགལ་ལོ།། ཚིག་འདི་དག་ཐམས་ཅད་ཀྱང ་ལས་སྟོང་པ་ཉིད་འཇུག་པའི་ཐབས་ཀྱིས་ཕྱིར་ཆོས་ཉིད་དྲང་མི་འགལ་ལོ་ཞེས་བསྒྲུབ་པའི་ཕྱིར་གསུངས་པ། ཡོད་ཅེས་པ་ཡོད་མེད་ཅེས་ཡོད།། མེད་དང་ཡོད་ཅེས་དེ་ཡང་ཡོད།། སངས་རྒྱས་རྣམས་ཀྱིས་དགོངས་པ ་ཡིས།། གསུངས་པ་རྟོག་པར་སླ་མ་ཡིན།། དེ་ལ་གཅིག་ཏུ་ངེས་པར་གཟུང་བར་མི་ནུས་པས་ལས་ངོ་བོ་ཉིད་ཀྱིས་ཡོད་པར་འཇིག་རྟེན་པས་ཡང་དག་པར་མཐོང་ནས་མངོན་པར་ཞེན་པའི་ཡོད་པ་ཡང་གང་ཅི་ཡང་རུང ་བརྟག་པ་ཙམ་སྟེ། དྲི་ཟའི་གྲོང་ཁྱེར་ལ་སོགས་པའི་རྣམ་པ་ལྔ་མྱེད་དོ་ཞེས་བྱ་བར་རྟོགས་པ་ཁྱོད་དུ་ཆུད་པས་ལོག་པར་ལྟ་བས། གང་ཞིག་དམྱལ་བ་ཆེན་པོར་ལྟུང་བ་ལ་མངོན་པར་ཕྱོགས་པས་སྡིག་པ ་ཆེན་པོ་དང་ལྡན་པར་གྱུར་པས། དེ་དག་མེད་པར་ལྟ་བ་ལས་བཟློག་པའི་དོན་དུ་ལས་ཡོད་དོ།། ལས་ཀྱི་རྣམ་པར་སྨིན་པ་ཡོ་བོ་ནི་བཅོམ་ལྡན་འདས་ཀྱིས་གསུངས་ལ། གང་ཞིག་དེ་གང་ཅི་ཡ་ང་རུང་བ་རྟོག་པ་ཙམ་བྱིས་པའི་སྐྱེ་བོས་ཡོངས ་སུ་བརྟགས་པ་དྲི་ཟའི་གྲོང་ཁྱེར་ལ་སོགས་པར་ཡོད་པ་དེ་ཐུགས་ལ་བཞག་པའོ།། གང་ཡང་ལས་དང་དེའི་འབྲས་བུ་ལ་འདི་དགྲ་བདེན་ནོ་ཞེས་མངོན་པར་ཞེན་ལ། མངོན་པར་ཞེན་པ་དེས་དེ་དག་འཁོར་བ་ལས་མི་གྲོལ་བས ་རང་བཞིན་གྱིས་མ་སྐྱེས་པ་ཐུགས་ལ་བཞག་ནས་གསུངས་པ།། གང་ལ་ལས་མེད་ཅིང་ལས་ཀྱི་རྣམ་པར་སྨིན་པ་མེད་པ་དེ་ནི་འཕགས་པ་རྣམས་ཀྱི་རིགས་སོ།། ཞེས་བྱ་བ་ལ་སོགས་པའོ།། གཉི་ག་ཡང་ཐུགས་ལ་བཞག ་ནས་འགའ་ཞིག་ཏུ་ཡོད་པ་དང་མེད་པ་གཉི་གའོ་ཞེས་སོ།། དེ་ལྟར་ཇི་སྐད་སྨོས་པས་རིགས་པས་བདེན་པ་གཉིས་སུ་རྣམ་པར་བཞག་པ་མ་བྱས་ན། སངས་རྒྱས་རྣམས་ཀྱིས་དགོངས་པ་ཡིས།། གསུངས་པ་རྟོགས་པར་སླ ་མ་ཡིན།། འདིར་ཚིག་ཁ་ཅིག་ནི་དོན་གྱི་རྗེས་སུ་འབྲང་ནས་འཇུག་ལ། འགའ་ཞིག་དགོངས་པའི་རྗེས་སུ་འབྲངས་ནས་འཇུག་གོ།། རེ་ཞིག་གང་དོན་གྱིས་རྗེས་སུ་འབྲངས་ནས་འཇུག་པ་དེ་ནི་ངེས་པའི་དོན་ཏེ་དགོངས་པ་མི ་ཡིན་པས་ནཱ་ཇི་སྐད་གསུངས་པའི་དོན་ཡོད་བཞིན་པའི་ཕྱིར་ན། འདི་ལྟ་སྟེ་ཆོས་རྣམས་རང་བཞིན་མེད་པའོ།། དེ་ཡང་ཇི་སྐད་དུ་སྨོས་པའི་རིགས་པ་དང་ལུང་གིས་དཔྱད་པཱ་ན་དེ་བཞིན་ཁོ་ནར་འགྱུར་གྱིས་གཞན་དུ་མ་ཡིན།། གང་དུ ་དགོངས་པའི་རྗེས་སུ་འབྲངས་ནས་འཇུག་པ་དེ་ནི་དྲ་བའི་དོན་ཏུ། དགོངས་པ་དང་བཅས་པའོ།། འདི་ལྟ་སྟེ་གཟུགས་ཡོད་དོ་ཚོར་བ་ཡོད་དོ་ཞེས་བྱ་བའི་ལ་སྩོགས་པའི་ཚིག་འདི་དག་ཀྱང་དོན་གྱི་ཁྱད་པར་ཅུང་ཟད་ཙམ་ཐུགས ་ལ་བཞག་ནུས་གསུངསོ་ཞེས་ངེས་ཏེ། ཇི་སྐད་དུ་ཐོས་པའི་དོན་དང་མི་ལྡན་པའི་ཕྱིར་རོ།། དངོས་པོ་རྣམས་ཀྱི་རང་བཞིན་ནི།། རྒྱུ་རྐྱེན་ཚོགས་པ་འམ་སོ་སོ་ཡིས།། དངོས་ལ་རྣམ་ཀུན་ཡོད་མིན་བྱའི།། རང་བཞིན་གང་ཞིག་དེས ་ན་སྟོང་།། ཡོད་པ་ཡོད་ཕྱིར་མི་སྐྱེ་ལ།། མེད་པ་མེད་ཕྱིར་མི་སྐྱེ་ཞིང་།། ཆོས་མི་མཐུན་ཕྱིར་ཡོད་མེད་མིན།། སྐྱེ་བ་མེད་པས་གནས་འགག་མེད།། ཅེས་བྱ་བ་ལ་སོགས་པའི་རིགས་པ་དང་། དགེ་སློང་དྲུག་འདི་དག་ནི་དོན་དམ ་པའི་བདེན་པ་གཅིག་བུ་སྟེ། འདི་ལྟར་ཞི་བའི་ཆོས་ཅན་མྱ་ངན་ལས་འདས་པའོ།། འདུ་བྱེད་ཐམས་ཅད་ནི་བརྫུན་ཞིང་བསླུ་བའི་ཆོས་ཅན་ཏེ། ཇི་སྐད་དུ་ཐུ་གཟུགས་ནི་དབུ་བྱ་བསྔོསྨྲ་པ་ལྟ་བུ་ཚོར་བ་ནི་ཆུའི་ཆུ་བུར་ལྟ་བུ་ཞེས ་བྱ་བ་ལ་སོགས་པའི་ལུང་གིས་ཀྱང་། གཟུགས་དང་ཚོར་བ་ལ་སོགས་པ་ཡོད་པ་ཉིད་དུ་གནས་པར་མི་ནུས་ཏེ། དེའི་ཕྱིར་དེ་ལྟ་བུ་ལ་སོགས་པའི་ཚིག་གིས་ཇི་ལྟར་ཐོས་བཞིན་པའི་དོན་དང་མི་ལྡན་པའི་ཕྱིར་དགོངས ་པ་ཉིད་དུ་དེསྟ་ཏེ། རང་བཞིན་མེད་པ་གསྩལ་བར་བྱེད་པའི་ཚིག་བཞིན་དྷུ་འདཱི་དག་ནི་དོནྣ་དང་རྗེས་སུ་མཐུན་པདྡྷི་ཚིགྷྲ་སྐྱེ་མ་ཡིན་ནོ།། འོན་ཀྱང་དོན་གྱི་བདག་ཉིད་ཅུང་ཟད་ཙམ་ཐུགས་ལྔ་བཞུག་ནསྔ་གསུ། ་སོ་ཞེས་བྱའོ།། དེ་ལྟར་གཉིས་ཉིད་དུ་རྣམ་པར་གླནས་པ་འདི་དག་འདིར་བསམ་པར་བྱ་སྟེ། ཅི་ཡོད་པ་ཉིད་ཀྱི་ཚིག་འདི་དགེ་སྒྲ་ཇི་བཞིན་པ་ཡིན་ནམ། འོན་ཏེ་དགོངས་པ་དང་བཅས་པ་ཡིན། དེ་ལྟ་རེ་ཞིག་ཡོད་པ་ཉིད ་ཚིག་འདི་དོག་སྨྲ་ཇི་བཞིན་པ་ཡིན་ནོ། དེའི་ཚེ་ཤིན་ཏུ་དོན་མ་ཡིན་པ་སྐྱེ་བ་ཐོབ་པར་འགྱུར་ལ། མེད་པ་མཐོང་བ་ཙམ་ལས་ཐོར་ཟུག་པ་དང་རྒྱུན་ཆད་པའི་མཐའོ།། ཡང་ནཱ་དྲང་དོན་ནུ་དེའི་ཚེ་ཇི་སྐད་སྨོས་པའི་དོན་དང་མྱི་ལྡན ་པས་འདི་ནི་དོན་དང་རྗེས་སུ་མཐུན་པའི་ཚིག་མ་ཡིན་ནོ།། དེ་ལྟ་ན་ཡང་དོན་གྱིས་བདག་ཉིད་ཅུང་ཟད་ཙམ་ཐུགས་ལ་བཞག་ནས་གསུངས་པས་ཞེས་བྱ་བ་སྟེ། རེ་ཞིག་འདི་ཙམ་ཡོངས་སུ་གཅོད་པོའོ།། གང་ཡང་དོན་འདི ་ནི་བདེན་པ་གཉིས་རྣམ་པར་བཞག་པ་ལ་མི་མཁས་པ་རྣམས་ཀྱིས་འདིར་ལེགས་པར་མི་ཤེས་པའི་ཕྱིར། དེས་ན་ཇི་སྐད་སྨོས་པའི་བདེན་པ་གཉིས་ཀྱིས་བློ་དང་ལྡན་པས་མངོན་པར་སྦྱོར་བར་བྱེད་པར་རུང་ངོ་ཞེས་བྱའོ།། ་འདྲིར་སྐྱེས་པ། གལ་ཏེ་ཡང་ལས་དང་བྱེད་པ་པོ་བཀག་ལི། དེ་སྟ་ན་ཡང་རེ་ཞིག་ལས་ཀྱི་འབྲས་བུ་གཟུགས་ལ་སོགས་པ་ཡོད་པས། གཟུགས་ལ་སོགས་པ་མེད་དོ་ཞེས་ཀྱང་བརྗོད་པར་མི་ནུས་སོ།། ཞེས་བྱ། ་སྐྱེ་བོ་ཐམས་ཅད་ཀྱིས་མངོན་སུམ་དུ་རགས་པ་དང་ཉེ་བར་དམྱིགས་བཞིན་པའི་གཟུགས་ཡོད་པ་ཉིད་ལྔ་སུ་ཞིག་མྱེད་དོ་ཞེས་སྨྲ། གང་དུ་བཅོམ་ལྡན་འདས་ཀྱིས་ཀྱང་གསུངས་ཏེ། དགེ་སློང་དྲུག་གཟུགས་ནི་ཕྱི་རོལ་གྱི་སྐྱེ་མཆེད ་དོ་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའི་གཟུགས་བསྟན་དུ་ཡོད་ལ། ཐོགས་པ་དང་བཅས་པའོ།། དེ་བཞིན་དུ་དགེ་སློང་དྲག་རེག་བྱ་ནི་ཕྱི་རོལ་གྱིས་སྐྱེ་མཆེད་དེ་འབྱུང་བ་ཆེན་པོ་བཞི་རྒྱུར་བྱས་པའི་གཟུགས་ཅན་བསྟན་དུ་ཡོད་ལ ་ཐོགས་པ་དང་བཅས་པའོ།། གལ་ཏེ་དེ་མེད་ན་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་སོ་ཞེས་འབྱུང་བའི་རྒྱུ་ཅན་དུ་སྟོན་པར་མི་འགྱུར་ཏེ། ཡོད་བཞིན་པ་མ་ཡིན་པའི་ནམཁའི་མེ་ཏོག་ལ་འབྱུང་བ་རྒྱུར་བྱས་པ་ཉེ་བར་བསྟན་ལ། དེའི ་ཕྱིར་འཇིག་རྟེན་པ་དང་། ལུང་ལས་གྲགས་པའི་ཕྱིར་གཟུགས་ཡོད་དོ།། གཟུགས་ཡོད་པར་གྱུར་ན་དེ་ལ་འཛིན་པའི་དབང་པོའི་ཤེས་པ་འབྱུང་བར་འགྱུར་ལ། དེ་ཡོད་ན་ཡང་དེ་བཞིན་ཁོ་ནར་དངོས་པོ་ཐམས་ཅད་གྲུབ་པོ་ཞེ་ན ་སྨྲས་པ། གལ་ཏེ་གཟུགས་ཉིད་ཡོད་ན་གཟུགས་ལ་བརྟན་པ་དངོས་པོ་ཐམས་ཅད་འགྲུབ་པར་འགྱུར་ན། ཡོད་པ་མ་ཡིན་ལ། ཇི་ལྟར་མེད་པ་ཡང་དེ་ལྟར་སྔར་ཉིད་དུ་རྒྱས་པར་བསྒྲུབས་ལ། གཞན་ཡང་གལ་ཏེ་ལས་མེད ་པས་གཟུགས་མེད་པར་གྲུབ་ཀྱང་། དེ་ལྟ་ན་ཡང་རགས་པ་དང་ཉེ་བ་འདི་དག་མངོན་སུམ་དུ་དམིགས་བཞིན་པ་ཤིན་ཏུ་ཆགས་པའི་གནས་སུ་གྱུར་པའི་ཕྱིར། དེས་ན་དེ་སེལ་བའི་སྒོ་ནས། སྐྱེ་མཆེད་ཐམས་ཅད་དགག ་པའི་དོན་དུ་སླར་ཡང་བརྟག་པ་ཙམ་བརྩམ་པའི་ཕྱིར་གསུངས་པ། གལ་ཏེ་འབྱུང་བའི་རང་བཞིན་གཟུགས།། འབྱུང་ལས་གཟུགས་ནི་འབྱུང་བ་མིན།། རང་ལས་འབྱུང་མིན་གཞན་ལས་ཀྱང་།། འབྱུང་མིན་དེ། ་ཕྱིར་མེད་མིན་ནམ།། གལ་ཏེ་འདི་སྙམ་དུ་སེམས་ན། གང་ལས་འབྱུང་བ་ཆེན་པོ་བཞི་ལ་བརྟེན་ནས་གཟུགས་ཉེ་བར་བསྟན་པས། དེའི་ཕྱིར་གཟུགས་ཡོད་དོ་ཞེ་ན། སྨྲས་པ། དེ་ཉིད་ཀྱིས་ན་གཟུགས་རང་བཞིན་མེད་པའོ་ཞེས ་གསལ་བར་བཅོམ་ལྡན་འདས་ཀྱིས་བསྟན་པ་མ་ཡིན་ནམ། ཇི་ལྟར་བྱས་ན་གང་ལས་འཇིག་རྟེན་འདིར་རྒྱུ་དང་འདྲ་བའི་འབྲས་བུ་འཇུག་བཞིན་པ་ཉེ་བར་དམིགས་པ་ཏེ། འདི་ལྟ་སྟེ། སཱ་ལུ་ལས་སཱ་ལུ་དང་། གྲོ་ལས་གྲོ་དང་། བལ ་ལས་བ་ལང་དང་། བ་མིན་ལས་པ་མེན་ནོ།། ཞེས་དེ་བཞིན་དུ་གཟུགས་ཀྱང་འབྱུང་བ་ལས་གྱུར་པས་ན་འབྱུང་བའི་རང་བཞིན་ཁྲོ་ནར་འཇུག་པར་འགྱུར་ལ་རག་ན། གཟུགས་ཀྱང་འབྱུང་བའི་རང་བཞིན་མ་ཡིན་ཏེ། སྲ་བ་ལ ་སོགས་པ་མ་ཡིན་པའི་ངོ་བོའི་ཕྱིར་དང་། འབྱུང་བ་རྣམས་ལུས་ཀྱི་དབང་པོའི་གཟུང་བྱའི་ཕྱིར་དང་། གཟུགས་ནི་མིག་གི་དབང་པོའི་གཟུང་བྱེ་ཡིན་པའི་ཕྱིར་རོ།། བཅོམ་ལྡན་འདས་ཀྱིས་འབྱུང་བ་རྒྱུར་བྱས་ནས་གཟུགས ་འབྱུང་བར་འགྱུར་རོ་ཞེས་གསུངས་པ་ཡང་། གཟུགས་ལ་རིགས་པ་དང་འགལ་བར་གསུངས་པའོ།། ཞེས་མཚོན་པས་འཇིག་རྟེན་པོ་རྣམས་ཀྱིས་དེ་མི་བདེན་པར་ཁོང་དུ་ཆུད་པར་བྱ་བའི་དོན་དུའོ།། དེའི་ཕྱིར ་ལུང་ནི་གཟུགས་ཡོད་པ་ཉིད་ཀྱི་བསྒྲུབ་བྱེད་མ་ཡིན་ལ། འོན་ཀྱང་གཟུགས་མེད་པའི་སྒྲུབ་བྱེད་དོ།། ཞེས་བསྟན་པའི་ཕྱིར་གསུངས་པ། གལ་ཏེ་འབྱུང་བའི་རང་བཞིན་གཟུགས།། འབྱུང་ལས་གཟུགས་ནི་རང་འབྱུང་བ་མིན།། ། ་འབྱུང་བའི་རང་བཞིན་ཞེས་པ་འདི་ནི་རྒྱུ་ལ་རང་བཞིན་དུའོ།། ཁ་ཟས་ཀྱིས་རང་བཞིན་སྲོ་ག་ལ། རྩཝའི་རང་བཞིན་པ་ལང་ཞེས་པའོ།། ཇི་ལྟར་གལ་ཏེ་འབྱུང་བའི་རང་བཞིན་ཏེ། འབྱུང་བའི་རང་རྒྱུ་ཅན་གྱིས་གཟུགས་སུ་སྐྱེས ་པ་དེ་ནི་འབྱུང་བ་ལས་མི་འབྱུང་སྟེ། འབྱུང་བའི་རང་བཞིན་གྱིས་ཡོད་པ་མ་ཡིན་པས། དེ་ལྟར་ན་གྱུར་ན་རྒྱུ་དང་མི་འདྲ་བའི་འབྲས་བུ་སྐྱེ་བ་མི་སྲིད་པས་དེ་ནི་གཟུགས་ཀྱིས་རང་བཞིན་མ་ཡིན་པ་མ་ཡིན་ཞེས་བྱ་སྟེ་གོ་སླའོ།། ་གལ་ཏེ་དེ་ལྟར་རྒྱུ་དང་འབྲས་བུ་དག་མཚན་ཉིད་ཐ་དད་པའི་ཕྱིར་གཟུགས་ཀྱི་རང་བཞིན་ལས་མ་ཡིན་ཡང་། དེ་ལྟ་ན་ཡང་གཞན་དངོས་ལས་བྱུང་ངོ་ཞེ་ན། སྨྲས་པ། གལ་ཏེ་གཟུགས་ནི་རང་དངོས་ལས་འབྱུང ་མིནྡ་ཞེས་གནས་ལ། དེའི་ཚེ་དེ་མེད་བྱ་སྟེ། རང་གི་དངོས་ལས་གཞན་ལས་མ་ཡིན་ནོ་གསལ་བར་ངེས་སོ།། རང་བཞིན་ནི་རང་བཞིན་གཞན་ལ་བལྟོས་ནས་གཞན་ཉིད་དུ་འགྱུར་ལ། རང་བཞིན་དེ་ཡང་མེད་པས་རང ་བཞིན་གཞན་ལས་ཀྱང་སྐྱེ་བ་མེད་དོ།། གཞན་ཡང་གལ་ཏེ་འབྱུང་བ་ཆེན་པོ་བཞི་ལ་བརྟེན་ནས་གཟུགས་ཀྱི་སྐྱེ་མཆེད་འབྱུང་ངོ་ཞེས་པ་དེ་ལྟར་གྱུར་ན་གཟུགས་ཀྱི་སྐྱེ་མཆེད་གཅིག་པུ་ལ་རྣམ་པ་བཞིར་ཐོབ་པར ་འགྱུར་ཏེ། གཅིག་ལ་ཕན་ཚུན་མཚན་ཉིད་ཐ་དད་པའི་བདག་ཉིད་བཞི་བརྟེན་པར་མི་འཐད་དེ། དེའི་ཕྱིར་གཟུགས་ནི་རྣམ་པ་བཞིར་ཁས་བླང་བར་བྱ་བ་འམ། གྲལ་ཏེ་སྐྱེ་མཆེད་གཅིག་གི་རྟེན་གྱི་དངོས ་པོར་རྟོག་ན། ཡང་འབྱུང་བ་རྣམས་གཅིག་ཉིད་དུ་ཁས་བླང་བར་བྱའོ།། འདི་དག་ཀྱང་དེ་ལྟར་མེད་དོ་ཞེས་བསྒྲུབ་པའི་ཕྱིར་གསུངས་པ། གཅིག་ལ་བཞི་ནི་ཡོད་མ་ཡིན།། བཞི་ཡང་གཅིག་ཏུ་མི་ཡིན་པས།། གཟུགས་ནི་འབྱུང ་བ་ཆེན་པོ་བཞི།། རྒྱུར་བྱས་ནས་གྲུབ་ཇི་ལྟར་ཡོད། གལ་ཏེ་འབྱུང་བ་ཆེན་པོ་བཞི་ཡོད་བཞིན་པ་ལ་གཟུགས་བརྟེན་པར་ཡོད་གྱུར་ན། དེའི་ཚེ་གཟུགས་གཅིག་ཀྱང་བཞིར་འགྱུར་ཏེ། བརྟེན་པ་ནི་རྟེན་གྱིས་དབྱེ་བའི་རྗེས་སུ ་འབྲེལ་བའི་ཕྱིར་རོ།། དེ་ལྟར་ཡོད་པ་ཡང་མ་ཡིན་པས་གཟུགས་ནི་འབྱུང་བ་ཆེན་པོ་བཞི་རྒྱུར་བྱས་ནས་གྲུབ་པར་ཇི་ལྟར་ཡོད། ཡང་ན་རྟེན་ཐ་དད་ཀྱི་རྗེས་སུ་མཐུན་པ་བརྟེན་པའི་གཟུགས་མ་ཡིན་ནོ། དེ་ལྟར་ན ་རྟེན་དུ་གྱུར་པ་རྣམས་བརྟེན་པ་གཅིག་གི་རྗེས་སུ་འཇུག་པར་བྱོས་ཤིག། དེ་དག་ཀྱང་མི་སྲིད་ལ། དེའི་ཕྱིར་གར་གྱིས་སྐྱེས་བུ་བཞིན་དུ་ཕན་ཚུན་མི་བདེན་པ་རྣམས་ངེས་པར་འདི་དག་གི་ཡོད་པ་ཉིད་ཉམས་སོ་ཞེས་བྱ ་སྟེ། གཟུགས་ནི་འབྱུང་བ་ཆེན་པོ་བཞི་རྒྱུར་བྱས་ནས་གྲུབ་པ་ཇི་ལྟར་ཡོད།། འདིར་སྨྲས་པ། གཟུགས་ནི་ཡོད་པ་ཉིད་དེ། འཛིན་བཞིན་པའི་ཕྱིར། འདིར་མིག་གིས་རྣམ་པར་ཤེས་པ་དེའི་སྔོན་པོའི་རྣམ་པར ་སྐྱེས་པས་འཛིན་ལ། དེ་ལ་གལ་ཏེ་སྔོན་པོ་མེད་ན་དེའི་འཛིན་པ་མི་འབྱུང་ལ། འཛིན་པ་ཡང་ཡོད་པས་དེའི་ཕྱིར་གཟུགས་ཡོད་དོ་ཞེ་ན། སྨྲས་པ། གལ་ཏེ་དེའི་འཛིན་པ་ཡོད་ན་གཟུགས་ཡོད་ལ། འདི་ལ་འཛིན་པ་མི་སྲིད་དོ།། ། ་དེའི་ཕྱིར་ཤིན་ཏུ་ཡང་འཛིན་པ་མེད་པས། གཟུགས་ནི་ཇི་ལྟར་ཞེས་པ་འདིར་འབྲེལ་ཏོ།། འདི་དག་གིས་ཤིན་ཏུ་མི་འཛིན་པ་ཡང་རྒྱས་པར་བསྒྲུབ་པར་བྱ་སྟེ། འདིར་སྨྲས་པ། གཟུགས་ལ་འཛིན་པ་ནི་ཡོད་པ་ཉིད་དེ། རྟགས་ཅི ་ལས་ཤེ་ན། གལ་ཏེ་གཟུགས་འཛིན་པར་མི་འགྱུར་ན་འདི་ནི་གཟུགས་སོ།། ཞེས་པའི་བློ་ཡང་ཡོད་པས་མི་འབྱུང་ལ། འདིའི་བློ་ཡང་ཡོད་པས་ཤེས་བྱ་སྟེ། རྟགས་དེས་ན་འཛིན་པ་ཡོད་དོ་ཞེས་བྱའོ།། སྨྲས་པ། རྟགས ་ལས་ཞེ་ན་དེའི་རྟགས་ཀྱང་མེད་དེ། རྒྱུ་དང་རྐྱེན་ལས་སྐྱེས་པའི་ཕྱིར་མེད་པ་ཉིད་དོ།། གཞན་ཡང་གཟུགས་ཡོད་ན་གཟུགས་ཀྱིས་བློ་འཐད་ཀྱི་མེད་པ་ལ་མ་ཡིན་ནོ།། གང་གིས་ཚེ་འདི་དག་དེ་ལྟ་ན་དེའི་ཚེ་ཡོད་པའི་གཟུགས ་ཀྱིས་གཟུགས་ཀྱི་བློ་བསྐྱེད་པར་བྱེད་མི་གཟུགས་ཡོད་པར་རུང་ན། གཟུགས་ཀྱིས་བློ་མེད་ན་ཇི་ལྟར་གཟུགས་ཡོད་པའི་རྟགས་སུ་འགྱུར་ཞེས་གསུངས་པ། ཡོད་ན་ཡང་རྟགས་དེ་མེད་ན་མི་འཐད་པས་ཤེས་པར་བྱ་སྟེ། ་དེ་ཉིད་ཤིན་ཏུ་མི་འཛིན་པའི་ཕྱིར།། རྟགླ་ཤེ་ན། རྟགླ་དེ་ཡཱ་མེད། རྒྱུ་དང་རྐྱེན་ལས་སྐྱེས་པའི་ཕྱིར།། ཡོད་ནའང་རྟགས་དེ་མེད་མི་རིགས། ཞེས་པ་འདིས། ཕ་རོལ་གྱིས་རྟགས་ལས་གཟུགས་ཡོད་པ་ཉིད་དུ་ཁས་བླངས་པ ་སེལ་ཏོ།། འདིར་སྨྲས་པ། གང་འདི་སྐད་དུ་ཤིན་ཏུ་མི་འཛིན་པའི་ཕྱིར་ཞེས་སྨོས་པ་དེ་ནི་མི་རིགས་ཏེ། གཟུགས་འཛིན་བཞིན་པའི་ཕྱིར་རོ་ཞེས་བྱའོ།། འདིར་སྨྲས་པ། སླར་ཡང་ཅིའི་གཟུགས་འཛིན་ན། བློ་ཡི་སོ།། ། ་སྨྲས་པ་བློ་ཡིས་གཟུགས་ལ་ཇི་ལྟར་འཛིན། དེ་ཡིས་རྣམ་པར་སྐྱེ་བས་སོ།། སྨྲས་པ། འདི་དག་མི་འཐད་དེ། རྒྱུ་མཚན་ཅེས་ཤྲེ་ན། གང་གིས་ཕྱིར། གལ་ཏེ་བློ་དེས་གཟུགས་འཛིན་ན། རང་གིས་རང་བཞིན་ལ་འཛིན ་འགྱུར།། རྐྱེན་ལས་སྐྱེས་པས་ཡོད་མིན་ལ།། ཡང་དག་གཟུགས་མེད་ཇི་ལྟར་འཛིན།། འདིར་དངོས་པོ་རྣམས་ཀྱིས་རང་བཞིན་འཛིན་ན་སྔོན་དུ་རང་གི་བདག་ཉིད་མཐོང་བ་སྟེ། འདི་ལྟ་སྟེ། མེའི་དྲོ་བ་ཉིད་ལྟ་བུ་དེ་དང ་ལྡན་པ་ལྔས་ཕ་རོལ་གྱི་བདག་ཉིད་ཀྱང་ཉེ་བར་དམིགས་པར་བྱེད་དེ། ཆུ་ལྟ་བུའོ།། དེ་ལྟར་གལ་ཏེ་བློ་ནི་འཛིན་པའི་རང་བཞིན་དུ་འགྱུར་ན། དེ་ནི་འཛིན་པའི་རང་གི་བདག་ཉིད་ཁོ་ན་ལ་རོ་ཐརིག་ཉེ་བྱར་དམིགས་པར་འགྱུར། ་ལྕེ། དམིགས་པ་ཡང་མ་ཡིན་ཏེ། བདག་ཉིད་འཇུག་པ་དང་འགལ་བའི་ཕྱིར་དང་། ལས་དང་བྱེད་པ་པོ་དག་གཅིག་ཉིད་དུ་ཐལ་བ་དང་། དམིགས་པ་མེད་པར་དམིགས་པ་པོ་མྱི་འཐད་པའི་ཕྱིར་རོ།། གླང་གྱི་ཚེ་འདི་ལྟ ་བློ་རང་གིས་བདག་ཉིད་འཛིན་པར་མི་ནུས་པ་དེའི་ཚེ། འདིར་གཟུགས་ཇི་ལྟར་འཛིན་པར་བྱེད། རིགས་པས་ནི་རང་གི་བདག་ཉིད་མི་འཛིན་པའི་ཕྱིར་གཟུགས་ཀྱང་མི་འཛིན་ཏེ། བོང་བ་ལ་སོགས་པ་བཞིན་ནོ་ཞེས་བྱའོ།། ་གཞན་ཡང་འདིའི་བློ་ནཱི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་ངོ་བོ་ཉིད་ཡོད་པ་མ་ཡིན་པའོ།། རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་ཡང་རང་བཞིན་གྱིས་ཡོད་པ་མ་ཡིན་པའི་གཟུགས་ཇི་ལྟར་འཛིན་པར་འགྱུར། དེས་ན་གཟུག ་འཛིན་པ་མེད་དོ།། འདི་ལྟར་ཡང་འཛིན་པ་མེད་དེ། གང་གི་སྔ་ཕྱིར། ཇི་སྐད་སྨོས་གཟུགས་སྐྱེས་པ་བློས།། སྐད་ཅིག་སྐད་ཅིག་གིས་མྱི་འཛིན།། འདས་དང་མ་འོངས་པ་གཟུགས་ཀྱང་།། དེ་ཡིས་ཇི་ལྟར་རྟོགས་པར་འགྱུར།། ་ཇི་སྐད་སྨོས་པའི་གཟུགས་ཞེས་པ་ལ།། འདི་སྐད་དུ་བཤད་པའི་གཟུགས་ལྔ་སྨོས་པ་ཞེས་བརྗོད། འདིར་མིག་གིས་ཡུལ་ནི་ཇི་སྐད་སྨོས་པའི་གཟུགས་སུ་ཤེས་པར་བྱ་ལ། བློ་ཡང་མིག་གིས་བློ་ཡིས་འཛིན་གྱིས་གཞན ་མཱ་ཡིན་ནོ།། སྐྱེས་པའི་སྒྲ་ནི་འདིར་ད་ལྟར་བའི་བརྗོད་བྱེད་དུ་ཤེས་པར་བྱའོ།། འདིར་གྲལ་ཏེ་བློ་ཡིས་གཟུགས་ལ་འཛིན་པར་བྱེད་ན། དེས་ད་ལྟར་བའི་གཟུགས་ལ་འཛིན་ནམ། འདས་པ་དང་མ་འོངས་པ་ལའོ།། དེ་ལ་རེ་ཞིག ་ཇི་སྐད་སྨོས་པའི་སྐྱེས་པ་ནི། ད་ལྟར་དེའི་གཟུགས་ད་ལྟར་བའི་བློ་ཡཽ་སྱ་མི་འཛིན་ཏེ། གཱཉི་ག་ཡང་སྐད་ཅིག་མའི་ཕྱིར་སྐྱེས་མ་ཐུག་ཏུ་རྣམ་པར་འཇིགས་པའི་བློ་ནི་དེ་ལ་སྐད་ཅིག་ཙམ་ཡང་གནས་པ་མེད་ན། གང་ལས ་འདིས་ཡུལ་ལ་འཛིན་པ་སྲིད་པར་འགྱུར། བསྐྱེད་པར་བྱ་བ་ལ་འཛིན་ནོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། བསྐྱེད་པར་བྱ་བ་ནི་མ་འོངས་པ་ཡིན་ལ། དེ་ཡང་མ་སྐྱེས་པར་གྱུར་པའི་གཟུགས་ཇི་ལྟར་འཛིན་པར་འགྱུར། ་གཟུགས་ཀྱང་སྐྱེས་མ་ཐག་ཏུ་རྣམ་པར་འཇིག་པསྣ་སྐད་ཅིག་ཙམྦ་ཡང་གནས་པ་མེད་ན། གང་ལ་འཛིན་པར་བྱེད། དེ་ནི་འདི་ལྟར་སྐད་ཅིག་མའི་བློ་ལ་ཇི་སྐད་སྨོས་པའི་གཟུགས་སྐྱེས་པའི་སྐད་ཅིག་མཱ་ལ ་མི་འཛིན་ནོ།། ཡང་ན་འདི་སྙམ་དུ་སེམས་ནུ། སྐད་ཅིག་མའི་ཕྱིར་ད་ལྟར་བའི་གཟུགས་མི་འཛིན་ལ། དེ་ལྟ་ན་ཡང་འདས་པ་དང་མ་འོངས་པ་ལ་ཇི་ལྟར་འཛིན་པར་མི་འགྱུར་ཞེ་ན། སྨྲས་པ། གང་གིས་ཚེ་ད་ལྟར་བའི་དངོས་པོ་ཉིད་སྐད ་ཅིག་མའི་ཕྱིར་འཛིན་པར་མི་ནུས་ན། དེའི་ཚེ་ཇི་ལྟར་རྣམ་པ་ཐམས་ཅད་དུ་ཡོད་བཞིན་པ་མ་ཡིན་པའི་ཞིག་པ་དང་མ་སྐྱེས་པ་བློ་ཡིས་འཛིན་པར་ནུས།། དེ་ལྟར་རེ་ཞིག་འཛིན་པ་མི་སྲེད་པ་དེས་ན་ཡང་གཟུགས་མེད་དོ་ཞེས་བསླབ་པ ་ཕྱིར་གསུངས་པ། གང་ཚེ་ནམ་ཡང་ཁ་དོག་དང་།། དབྱིབས་དག་ཐ་དད་ཉིད་མེད་པས།། དེ་དག་ཐ་དད་འཛིན་ཡོད་མིན།། གཅིག་ཏུ་འང་མ་ཡིན་གྲགསྲ་བའི་གཟུགས། གལྤ་ཏི་མིག་གིས་ཡུལ་གཟུགས་ཀྱི་སྐྱེ་མཆེད་ཅེས ་བྱ་བ་ཅུང་ཟད་ཡོད་ན་དེ་འཛིན་པར་འགྱུར་འགྱུར་གྱུད་ན། ཡོད་པ་ཡང་མ་ཡིན་ལ། དེས་ན་ཡོད་བཞིན་པ་མ་ཡིན་པ་ནི་གང་གིས་ཕྱིར་མི་འཛིན་ནོ།། ཇི་ལྟར་ཡང་གཟུགས་ཀྱིས་སྐྱེ་མཆེད་ཡོད་བཞིན་པ་མ་ཡིན་ཞེ་ན། སྨྲས་པ ་འདིར་ཁ་དོག་དང་དབྱིབས་དག་ལ་གཟུགས་ཀྱི་སྐྱེ་མཆེད་ཅེས་བྱ་བ་ལ། ཁ་དོག་དང་དབྱིབས་འདི་དག་ནི་གཅིག་ཉིད་དུ་གྱུར་པས་སམ། ཐ་དད་པ་ཉིད་དུའོ།། རེ་ཤིག་ཁ་དོག་དང་དབྱིབས་དག་ཐ་དད་པ་ཉིད་དུ་མེང་ལི། གལ ་ཏེ་ཡོད་ན་ཕན་ཚུན་མ་བལྟོས་པར་འགྱུར་འཛིན་པར་འགྱུར་ལ། འདི་དག་ཀྱང་ཁ་དོག་ལས་ཐ་དད་པའི་དབྱིབས་འཛིན་པར་མི་ནུས་ཏེ། བུམ་པ་ལས་སྣམ་བུ་ལྟ་བུ་མ་ཡིན་ལ། དེ་བཞིན་དུ་དབྱིབས་དང་ལུས་ཐ་དད་པའི་ཁ་དོག་འཛིན ་བར་མི་ནུས་སོ།། གདོན་མི་ཟླ་དབྱིབས་གུང་ཡང་རུང་བ་དེའི་ཁ་དོག་འབྱུང་བར་འགྱུར་ལ། གང་འདིའི་གནས་ལུགས་ལ་དེའི་དབྱིབས་ཞེས་བྱ་སྟེ། དབྱིབས་ལས་ཐ་དད་པའི་ཁ་དོག་ལོགས་སུ་གྲུབ་པར་མི་སྲིད་དོ།། ཞེས་བྱའོ།། དེ་འདི ་ལྟར་ཐ་དད་པ་ཉིད་ན། གང་གིས་ཚེ་ཁ་དོག་ནམ་ཡང་དབྱིབས་ལ་མི་སྲིད་ལ། དེས་ན་དེ་དག་ཐ་དད་པར་འཛིན་པ་ཡོད་པ་མ་ཡིན་ནོ།། ཡང་ན་འདི་སྙམ་དུ་སེམས་ན། གལ་ཏེ་ཐ་དད་དུ་མ་གྲུབ་པའི་ཕྱིར་ཁ་དོག་དང་དབྱིབས་དག ་ཐ་དད་དུ་མི་འཛིན་ལ། དེ་ལྟ་ན་ཡང་གཅིག་ཏུ་གྱུར་པ་འདྲེན་མའི་དངོས་པོར་དེ་དག་འཛིན་པར་འགྱུར་རོ་ཞེ་ན། སྨྲས་པ། སོ་སོ་སོ་སོར་མ་གྲུབ་པ་དག་འདྲེན་མའི་དངོས་པོར་མེད་པས་འདི་དག་གཅིག་ཏུ་ག་ལ་ཞིག། དེའི་ཕྱིར ་དེ་དག་གང་གཅིག་ཏུ་འཛིན་པ་མི་སྲིད་དོ།། ཁ་དོག་དང་དབྱིབས་ལས་གཞན་དུ་གཟུགས་མི་དམིགས་ལ། གང་གིས་ཕྱིར་དེ་ཡང་ཕ་རོལ་པོས་གཟུགས་ནི་ཁ་དོག་དང་དབྱིབས་ཀྱིས་བདག་ཉིད་དོ་ཞེས་གྲགས་པ་དེ་དག་ཀྱང ་མི་འཛིན་ནོ་ཞེས་བསྒྲུབས་སོ་ཞེས་བྱ་སྟེ། དེས་ན་མི་འཛིན་པའི་ཕྱིར་གཟུགས་མེང་ངོ་།། ཡང་ན་གལ་ཏེ་ཡང་འཛིན་པ་མེད་པས་གཟུགས་མེད་པར་འགྱུར་ལ། དེ་ལྟ་ན་ཡང་མོག་གོས་བློས་རེ་ཞིག་ཡོད་དོ།། དེ་མ་བཀག ་ཕྱིར་ལ། དེ་ཡང་གཟུགས་མེང་ན་མི་འབྱུང་ངོ་ཞེས་བྱ་སྟེ། དེའི་ཕྱིར་གཟུགས་ཀྱང་འབྱུང་བར་འགྱུར་རོ་ཞེ་ན། སྨྲས་པ། གལ་ཏེ་མིག་གི་བློ་ཡོད་ན་གཟུགས་ཡོད་པར་འགྱུར་ན། ཡོད་པ་མ་ཡིན་ནོ་ཞེས་བསྒྲུབ ་བའི་ཕྱིར་གསུངས་པ། མིག་བློ་མིག་ལ་ཡོད་མ་ཡིན།། གཟུགས་ལ་ཡོད་མིན་བར་ན་མེད།། གཟུགས་དང་མིག་ལཱ་བརྟེན་ནས་སུ།། ལེགས་སོ་ལོག་པར་ཡོངས་བརྟགས་པ། འདིར་མིག་གིས་བློ་མིག་དང་གཟུགས ་ལ་བརྟནཱ་ནས་སྐྱེ་བོ་ཞེས་རྣམ་པར་འཇོག་པ་ཉིད་རྣམ་པར་དཔྱད་པར་བྱ་སྟེ། ཙ་མིག་གི་བློ་འདི་མིག་ལ་ཡོད་དྲམཱ། དེ་ནི་གཟུགས་ཅན་མ་ཡིན་པའི་ཕྱིར་ཡུལ་ན་གནས་པ་མུ་ཡིན་པས་དེའི་ཕྱིར་དེ་མིག་ལྔ་ཡོད་པ་མ་ཡིན་ནོ།། ། ་ཇི་ལྟར་མིག་ལ་མེད་པ་དེ་བཞིན་དུ་གཟུགས་ལྔ་ཡང་མེད་ལ། མིག་དང་གཟུགས་དེ་དྲུག་གི་བར་དུ་ཡང་མི་སྲིད་དེ། ཡུལ་ན་མི་གནས་པ་ཉིད་ཀྱི་ཕྱིར་རོ།། གང་ཡང་དེའི་ཚེ་མིག་གི་བློ་མིག་ལེ་མ་ཡིན། གཟུགས་ལ ་ཡང་མ་ཡིན། བར་ན་ཡང་མ་ཡོན་པས་དེའི་ཚེ་རྣམ་པ་ཐམས་ཅད་དུ་ཡོད་པ་མ་ཡིན་པས་ཉིད་དེ་ཇི་ལྟར་ཡོད་དོ་ཞེས་སྨྲ་བྱར་རུང་སྟེ། འདི་ནི་མེད་པ་ཉིད་དོ་ཞེས་བྱའོ།། སྨྲས་པ། གལ་ཏེ་ཡང་དེ་མིག་ལ་མེད་ལ་མེད ་ཅིང་གཟུགས་དང་བར་ན་ཡང་མེད་ཀྱང་དེ་ལྟ་ན་ཡང་མིག་དང་གཟུགས་ལ་བརྟེན་ནས་སྐྱེ་བ་ཡོད་པས། དེའི་ཕྱིར་མིག་གི་བློ་ཡང་ཡོད་དོ་ཞེ་ན་སྨྲས་པ། གང་གང་ན་མི་གནས་པ་ཇི་ལྟར་དེ་ལས་སྐྱེ། ཡང་ན་དེ་ལྟར ་འགྱུར་ན་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་འགྱུར་ན་དེ་དག་ནི་མེད་ལ། མིག་དང་གཟུགས་ལ་བརྟེན་ནས་མིག་གི་བློ་སྐྱེའོ་ཞེས་སྨྲ་ན་ཡང་། དེས་ན་འདི་ནཱི་ཡང་དག་པར་མི་སྐྱེ་སྟེ། སྐྱེ་བ་རིགས་པ་དང་མི་ལྡན་པའི་ཕྱིར་རོ་ཞེས ་བསྒྲུབ་པའི་ཕྱིར་གསུངས་པ། མིག་དང་གཟུགས་ལ་བརྟེན་ནས་སུ།། ལེགས་སོ་ལོག་པར་ཡོངས་བརྟགས་པ།། ཞེས་པ་ལ། གང་གིས་བདག་ཉིད་ཀྱི་སོ་སོར་སྣང་བ་དེའི་བདག་ཉིད་ལ་བརྟགས་ན་མི་སྲིད་པས་ན་དེ་ཉིད་ཀྱིས ་ན། རྣམ་ཤེས་སྒྱུ་མ་ལྟ་བུ་ཡང་།། ཉི་མྦུའི་གཉེན་གྱིས་གསུངས་པའོ།། ཞེས་མདོ་ལསྣ་གསུངས་སོ་ཞེས་བྱའོ།། དོ་ནི་དེ་ལྟར་མིག་གིས་བློ་མི་སྲིད་པའི་ཕྱིར་མ་གཟུང་བྱས་གཟུགས་མེད་དོ།། འདིར་སྨྲས་པ། གཟུགས ་འཛིན་པ་ཉིད་དེ། དེ་ལ་འཛིན་པ་པོ་མིག་གི་དབང་པོ་ཡོད་པའི་ཕྱིར་ན་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། མིག་གིས་གཟུགས་མཐོང་བས་ཡོད་བདེ་བའི་གནས་ལ་མངོན་པར་ཞེན་ནོ་ཞེས་པ་ལ་སོགས་པའོ།། སྨྲས་པ། གལ ་ཏེ་མིག་རང་གིས་བདག་ཉིད་མཐོང་ན་གཟུགས་འཛིན་པར་འགྱུར་ཁྭ། མཐོང་བ་ནི་མ་ཡིན་ཏེ། གྲལ་ཏེ་མིག་གིས་བདག་མཐོང་མིན།། དེས་གཟུགས་མཐོང་བར་ཇི་ལྟར་འགྱུར།། དེ་ཕྱིར་མྱིག་དང་གཟུགས་བདག་མེད།། ་དེ་བཞིན་སྐྱེ་མཆེད་ལྷག་མ་རྣམས།། གལ་ཏེ་མིག་གིས་བདག་ཉིད་མི་མཐོང་ལ། དེའི་ཚེ་རང་གིས་བདག་ཉིད་མ་མཐོང་བས་བྲོ་བ་ལ་སོགས་པ་བཞིན་དུ་གཟུགས་ཀྱང་མི་མཐོང་ལ། དེ་ནི་བོང་པ་ལ་སོགས་པ་བཞིན་པས། ་མིག་ཉིད་དུ་མི་འགྱུའོ་ཞེས་བསྒྲུབ་པར་བྱེད་ན། དེའི་ཕྱིར་མིག་བདག་མེད་ཅེས་པ་ལ། གླང་གིས་ཕྱིར་མིག་གིས་གཟུགས་མི་མཐོང་བ་དེའི་ཕྱིར་རང་བཞིན་མེད་དོ།། མིག་མེད་ན་མིག་དང་དེ་ལ་བརྟེན་པའི ་མིག་གི་བློ་མེད་དོ།། མིག་དང་མིག་གི་བློ་མེད་པས་གཟུང་བ་མེད་པའི་ཕྱིར། གཟུགས་ནི་ཤིན་ཏུ་ཡང་རང་བཞིན་མེད་དོ།། མིག་མེད་ན་མིག་དང་དེ་ལ་བརྟེན་པའི་མིག་གིས་བློ་ཡང་མེད་དོ།། ཇི་ལྟར་མིག་དང་གཟུགས་ཀྱི་སྐྱེ ་མཆེད་དག་རང་བཞིན་མེད་པ་ཉིད་ལྟར། དེ་བཞིན་སྐྱེ་མཚད་ལྷག་མ་རྣམས་ནི། སྐྱེ་མཆེད་ཐམས་ཅད་མིག་དྲང་གཟུགས་བཞིན་དུ་རང་བཞིན་མེད་པར་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བའི་དོན་ཏོ།། འདིར་སྨྲས་པ། རེག་གིས་སྐྱེ ་མཆེད་ཉེ་བར་བསྟན་པའི་ཕྱིར། མིག་ཡོད་པ་ཉིད་དུ། འདིར་རིག་གི་སྐྱེ་མཆེད་དྲུག་བསྟན་པ་འདི་ལྟ་སྟེ། མིག་གི་རིག་པའི་སྐྱེ་མཆེ་མེད་ཀྱིག་ན་ནི་མ་ག་པ་ཞེས་བརྗོད་པ་ནི་དབང་པོ་དང་ཡུལ་དང་ཤེས་པ་རྣམས ་གསུམ་འདུས་པའི་མཚན་ཉིད་ཅནྡ་ཚེར་བའི་རྒྱུ་སེམས་ལས་བྱུང་བའི་ཆོས་སོ།། དེ་ལཾ་རག་པའི་སྐྱེ་མཆེད་ནི་རྙོག་བྱའི་སྤྲོ་བའི་སྒོར་དངོས་པོར་རྣམ་པར་གནས་པསྣ་སྐྱེ་མཆེད་དེ། མིག་གིས་རེག་པའི་སྐྱེ་མཆེད་ནས ་ཇི་སྲིད་ཡིད་ཀྱི་རེག་པའི་སྐྱེ་མཆེད་ཀྱི་བར་དུ་རིག་པར་བྱའོ།། གལ་ཏེ་མིག་མེད་ན་དེའི་རེག་པའི་སྐྱེ་མཚང་ཉེ་བར་མི་སྟོན་ལོ། དེ་ཡང་ཉེ་བར་བསྟན་པ་དེའི་ཕྱིར་རིག་གི་སྐྱེ་མཆེད་ཉེ་བར་བསྟན་པས་ན་མིག་ཡོད་པ་ཉིད་དོ ་ཞེན། སྨྲས་པ། སྐྱེ་མཆེད་རྣམས་ཡོད་ན་རེག་གི་སྐྱེ་མཆེད་ཅེས་བྱ་བར་འགྱུར་ན། དེ་ལྟ་ན་ཡང་སྐྱེ་མཆེད་རྣམས་མ་གྲུབ་སྟེ། ཇི་ལྟར་བྱ་སྣུན་གླང་གི་ཕྱིར་ཞེས་གསུངས་པ། གླང་ཚེ་གཅིག་དང་རེག་ལྷན་ཅིག། དེ་ཚེ་ཅིག་ཤོས ་སྟོང་པ་ཉིད།། སྟོང་པའང་མི་སྟོང་མི་བརྟེན་ལ།། མཱི་སྟོང་པ་ཡང་སྟོང་པ་མིནི།། སེམས་ཅན་རྣམས་ཀྱི་རྣམ་པར་ཤེས་པ་རྒྱུད་གཅིག་གིས་ཕྱིར་རྣམ་པར་ཤེས་པ་གཅིག་གིས་རྒྱུད་ཉིད་ལ་ཉེ་བར་འབྱུང་ལ།། དེ་ཡང་མིག ་གྲིས་རྣམ་པར་ཤེས་པ་ལ་ཉེ་བ་ན། མིག་གཅིག་ཉིད་རེག་པ་དང་ལྷན་ཅིག་གྱུར་པར་འབྱུང་བས་རེག་ལྷན་ཅིག་སྟེ། རེག་དང་འབྲེལ་པས་ཞེས་བྱ་བའི་དོན་ཏོ།། གང་གིས་ཆེ་གཅིག་རེག་དང་ལྷན་ཅིག་གནས་པ་ན ་དེའི་ཚེ་ཅིག་ཤོས་རྣ་བ་ལ་སོགས་པའི་རེག་གིས་སྐྱེ་མཆེད་རྣམས་སྟོང་པ་རེག་གི་སྐྱེ་མཆེད་ཀྱི་རང་བཞིན་དང་བྲལ་བྱ་ཞེས་བྱ་བའི་དོན་ཏོ།། ཡང་འདི་སྙམ་དུ་སེམས་ན། གལ་ཏེ་ཡང་དེའི་གནས་སྐབས་ན་རང་གཱི་རྣམ ་ཤེས་ཀྱིས་ཕྱིར་སྟོང་པའི་ཕྱིར། རྣ་བ་ལ་སོགས་པ་པོ་རིག་གི་སྐྱེ་མཆེད་ཀྱི་རང་བཞིན་དོང་བྲལ་བ་ཡོད་པའི་རྣ་བཱ་ལ་སོགས་པོ་དེ་དག་ཀྱང་རང་གིས་རྣམ་ཤེས་མངོན་དུ་གྱུར་པ་ན་རེག་གིས་སྐྱེ་མཆེད་ཀྱིས་རང་བཞིན ་གྱིས་མི་སྟོང་པར་འགྱུརརོ་ཞེ་ན། སྨྲས་པ། སྟོང་པའང་མི་སྟོང་མི་བརྟེན་ལ།། གང་ལས་གང་གིས་རང་བཞིན་དང་བྲལ་བ་སླར་ཡང་དེའི་རང་བཞིན་དང་བཅས་པར་མི་རུང་སྟེ། འདི་ལྟ་སྟེ་གང་སྲ་བའི་རང་བཞིན་དང་བྲལ ་བྲལ་བ་ནམ་ཡང་སྲ་བྱའི་རང་བཞིན་དང་ལྡན་པ་མ་ཡིན་ལྔ། དེ་བཞིན་དུ་རྣ་བྱ་ལ་སྔོགས་པ་ཡང་ནམ་ཡང་རེག་གི་སྐྱེ་མཆེད་མི་འབྱུ་ལ། མིག་ཀྱང་རྟག་པ་ཉིད་དུ་རེག་གི་སྐྱེ་མཆེད་ཅན་ཉིད་དུ་འགྱུར་ཏེ། ་གྲང་གིས་ཕྱིར་མི་སྟོང་པ་ཡང་མ་ཡིན་སྟོང་པ་མ་ཡིན་ཏེ། གེདཱ་མི་སྟོང་པའི་རང་བཞིན་དེ་ནི་སྟོང་པ་ཉིད་མཱི་བདེན་ལྔ། ད་ལྟར་བ་མ་དྲོ་བའི་མཚན་ཉིད་དང་ལྡན་པ་དེ་ཉིད་དེས་སྟོང་པ་མི་བརྟནྡན་ནོ།། ཡང་ན་རང་བཞིན ་གྱིས་མི་འགྱུར་བའི་ཕྱིར་སྟོང་པ་ཡང་མི་སྟོང་པ་མི་བརྟེན་ལ། མི་སྟོང་པ་ཡང་སྟོང་པ་མིན།། དེའི་ཕྱིར་གང་ཞིག་རེག་གི་སྐྱེ་མཆེད་ཀྱིས་རང་བཞིན་ཡིན་ན། དེ་ནི་རེག་གི་སྐྱེ་མཆེད་ཀྱིས་རང་བཞིན་ཉིད་ཐོབ་པ་འམ། གང ་ཞིག་རེག་གི་སྐྱེ་མཆེད་ཀྱི་རང་བཞིན་མ་ཡིན་པ་ཉིད་ཐོབ་པ་དེ་ཡང་མི་འཐད་དོ་ཞེས་བྱའོ།། དེའི་ཕྱིར་རེག་གིས་སྐྱེ་མཆེད་མེད་དོ།། འདིར་སྨྲས་པ། གལ་ཏེ་རེག་གིས་སྐྱེ་མཆེད་མེད་ཀྱང་དེ་ལྟ་ན་ཡང་རེ་ཞིག་རེག་པ ་ཡོད་དེ། གསུམ་འདུས་པའི་མཚན་ཉིད་པས། དེ་ཡོད་ན་རེག་གིས་སྐྱེ་མཆེད་ཀྱང་འབྱུང་བར་འགྱུར་རོ་ཞེ་ན། སྨྲས་པ། གལ་ཏེ་རེག་པ་ཉིད་ཡོད་ན་རེག་པའི་སྐྱེ་མཆེད་ཡོད་ན། དེ་ཡོད་པ་མ་ཡིན་ལ། ཇི་ལྟར ་ཡང་མེད་པ་དེ་ལྟར་སྒྲུབ་པར་བྱེད་པ་གསུངས་པ། ངོ་བོས་མི་གནས་ཡོད་མིན་པས། གསུམ་འདུས་པ་ཡང་ཡོད་མ་ཡིན།། དེ་ཡི་བདག་ཉིད་རེག་མེད་པས། དེ་ཚེ་ཚེར་བ་ཡོད་མ་ཡིན།། གནས་པའི་རང ་བཞིན་ཅན་གྱི་དངོས་པོ་རྣམས་ལས་ཕན་ཚུན་འདུས་པ་འབྱུང་སྲིད་ལ། མི་གནས་པའི་རང་བཞིན་ཅན་གྱི་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་རྣམ་ལ་མ་ཡིན་ཏེ། སྐྱེས་མ་ཐག་ཏུ་འཇིགས་པའི་ཕྱིར་མི་གནས་པའི་ངོ་བོ་ལ། ་མཱི་གནས་པའི་ངོ་བོའི་ཕྱིར་ཡང་སྐྱེས་མ་ཐག་ཏུ་འཇིག་པ་ཉིད་ཀྱིས་ན་འདུ་བའི་དུས་ཀྱི་བར་དུ་མེད་པའི་ཕྱིར། འདི་དག་འཕྲད་པ་ག་ལ་ཞིག་ཅེས་བསྒྲུབས་པས། ངོ་བོས་མི་གནས་པའི་ངོ་བོ་ལ་གསུམ་འདུས་པ་ཡོད་པ་མ ་ཡིན་ནོ་ཞེས་བྱའོ།། གང་གིས་ཚོ་མེད་པ་དེའི་ཚེ་འདུ་བ་མེད་པས། དེའི་བདག་ཉིད་ཀྱི་རེག་པ་མྱེད་དེ། གསུམ་འདུས་པའི་རང་བཞིན་གྱིས་རེག་པ་མེད་དོ་ཞེས་བྱའི་དོན་ཏོ།། འདིར་སྨྲས་པ། རེག་པ་ཡོད་པ་ཉིད་དུ། དེའི་འབྲས ་བུ་ཚོར་བ་ཡོད་པའི་ཕྱིར་རོ།། འདིར་རེག་པའི་རྐྱེན་གྱིས་ཚོར་བ་ཉེ་བར་དམིགས་ལ། དེ་ཡོད་པས་དེའི་རྒྱུ་རེག་པ་འབྱུང་བར་འགྱུར་རོ་ཞེ་ན། སྨྲས་པ། གལ་ཏེ་ཚོར་བ་ཉིད་ཡོད་ན་རེག་པ་ཡོད་ལ། ཡོད་པ་མ་ཡིན་ནོ་ཞེས་བསྒྲུབ། ་པའི་ཕྱིར་གསུངས་པ། དེའི་ཚེ་ཚོར་བ་ཡོད་མ་ཡིན།། ཞེས་པ་ལ། གལ་ཏེ་རེག་པ་ཡོད་ན་དེའི་ཚེ་རེག་པའི་རྒྱུ་ཅན་གྱིས་ཚོར་བ་ཡོད་ལ། གྲང་གི་ཚེ་རེག་པ་ཉིད་མེད་ན་དེའི་ཚེ་རྒྱུ་མེད་པའི་ཚོར་བ་ག་ལ་འབྱུང་། ཚོར་བ་མེད ་པའི་ཕྱིར་ཡང་རེག་པ་མེད་དོ་ཞེས་གྲུབ་བོ།། འདིར་སྨྲས་པ། གལ་ཏེ་ཡང་ཁྱོད་ཀྱིས། དེ་ཕྱིར་མིག་དང་གཟུགས་བདག་མེད།། དེ་བཞིན་སྐྱེ་མཆེད་ལྷག་མ་རྣམས།། ཤེས་པས་སྐྱེ་མཆེད་དགག་པ་དེ་ལྟར་སྨྲས་ལ། དེ་ལྟ་ན ་ཡང་རྣམ་པར་ཤེས་པའི་ཁམས་དྲུག་མ་བཀག་པའི་ཕྱིར་ཡོད་ལྟ། དེ་ཡོད་པས་དེའི་བརྟེན་དང་དམིགས་པའི་སྐྱེ་མཆེད་ཀྱང་འབྱུང་བར་འགྱུརོ་ཞེ་ན་སྨྲས་པ། གྲུལ་ཏེ་རྣམ་པར་ཤེས་པ་ཉིད་ཡོད་ན་སྐྱེ་མཆེད ་རྣམས་ཡོད་ལ། ཡོད་པ་མུ་ཡིན་ནོ་ཞེས་བསྟན་པའི་ཕྱིར་གསུངས་པ། ནོང་དང་ཕྱི་ཡིས་སྐྱེ་མཆེད་ལ། བརྟེན་ནས་རྣམ་པར་ཤེས་པ་འབྱུང་།། དེ་ཕྱིར་རྣམ་པར་ཤེས་པ་མེད།། སྨིག་རྒྱུ་སྒྱུ་མ་ལྟ་བུར་སྟོང་།། གལ་ཏེ་རྣམ་པར་ཤེས ་པ་རང་བཞིན་གྱིས་ཡོད་ན་དེ་ནི་ནང་དང་ཕྱིའི་སྐྱེ་མཆེད་ལ་བརྟེརྟན་ནས་འབྱུང་བར་མི་འགྱུར་ཏོ། དཱ་ལྟར་བ་བཞིན་དུ་རྣམ་པར་ཤེས་པ་ཡོད་པ་ཉིད་དུ་གནས་པསྡུ་རྟེན་ནས་འབྱུང་བར་ཡིད་མི་འགྱུར་རོ།། རྒྱུ་དང་རྐྱེན་ལས་སྐྱེས་པར ་གྱུར་པའི་ཕྱིར། ངེས་པར་རྣམ་པར་ཤེས་པ་དེ་མེད་དེ། རང་བཞིན་གྱིས་ཡོད་པ་མ་ཡིན་པའི་ཕྱིར་རོ།། གལ་ཏེ་དེ་ལྟར་རྣམ་པར་ཤེས་པ་མེད་ན། དེ་བཞིན་དུ་དེ་ལྟ་ན་ཡོད་པ་མ་ཡིན་པའི་ཕྱིར། འདི་ནི་དམིགས་པར་མི་འགྱུར ་རོ་ཞེས་གསུངས་པ། སྨིག་རྒྱུ་སྒྱུ་མ་ལྟ་བུར་སྟོང་། ཞེས་པ་ལ། སྒྱུ་མ་དང་སྨིག་རྒྱུ་བཞིན་དུ་རང་བཞིན་གྱིས་སྟོང་པའི་རྣམ་པར་ཤེས་པ་ཡང་འཇིག་རྟེན་པས་ཉེ་བར་དམྱིགས་ལ། དེ་ཙམ་ཞིག་ཀྱང་འདིའི་རང་བཞིན་དྲང་མ་ཡིན ་པ་ཉིད་དོ།། འདིར་སྨྲས་པ། མུ་ལ་ཡོངས་སུ་གཅོད་པ་ཡོད་པ་ས་རྣམ་པར་ཤེས་པ་ཡོད་པ་ཉིད་དོ།། གལ་ཏེ་རྣམ་པར་ཤེས་པ་ཡུལ་ཡོངས་སུ་གཅོད་པ་པོ་ཡོད་ན་དེ་ལྟར་ཡོད་ལ། ཡོད་པ་ཡང་མ་ཡིན་ནོ་ཞེས ་བསྒྲུབ་པའི་ཕྱིར་གསུངས་པ། རྣམ་ཤེས་ཞེས་བྱ་བ་ལ་བརྟེན་ནས།། འབྱུང་བ་ཤེས་བྱ་ཡོད་མ་ཡིན།། ཤེས་བྱ་ཤེས་པ་མེད་པའི་ཕྱིར།། དེ་ཕྱིར་ཤེས་པ་པོ་ཉིད་མེད།། འདིར་འདིའི་རྣམ་པར་ཤེས་པ་དམིགས་པ་མེད་པར་མི ་འགྱུར་བས་ཤེས་བྱ་ལ་བལྟོས་ལ། རྣམ་ཤེས་དེ་ཡང་ཡོངས་སུ་མ་ཤེས་པར་མི་འབྱུང་བས་ཤེས་པ་ལ་བལྟོས་ལ། གང་གིས་ཕྱིར་དེ་ལྟར་རྣམ་པར་ཤེས་པ་དང་ཤེས་བྱ་དགུ་བརྟེན་ནས་འབྱུང་བས་ངོ་བོ་ཉིད་ཀྱིས་མ་གྲུབ ་པས། དེའི་ཕྱིར་ཤེས་བྱ་མེད་ལ། ཤེས་བྱ་མེད་པར་གྱུར་ན་དམིགས་པ་མེད་པར་རྣམ་པར་ཤེས་པ་ག་ལ་འབྱུང་ཞེས་བྱ་སྟེ། རྣམ་པར་ཤེས་པ་མེད་པས་རྣམ་ཤེས་ནི།། སྨིག་རྒྱུ་སྒྱུ་མ་བཞིན་དུ་སྟོང་། ཞེས་གནས་སོ།། ། ་འདིར་སྨྲས་ག་རྣམ་པར་ཤེ་སྨྲ་པ་ནི་ཡོད་པ་ཉིད་དེ། ས་བྱཱ་དྭང་ཤྲཱྀ་སྭ་པཱ་པོ་ཡོད་པའི་ཕྱིར་རོ།། འདིར་རེ་ཞིག་རྣམ་པར་ཤེས་སོ་ཞེས་པས་རྣམ་པར་ཤེས་པ་པོ་ཡོད་དེ། ཕུང་པོ་ལ་བཙུན་ནས་བརྟགས་པའི་གུང་ཟག་བྱེད ་པ་པོར་གྱུར་པའོ།། དེ་གང་གིས་རྣམ་པར་ཤེས་སོ་ཞེས་དེ་ནི་འདིའི་བྱེད་པ་ཡིན་ལ། གང་ཞིག་རྣམ་པར་ཤེས་སོ་ཞེས་དེ་ནི་འདིའི་ལུས་སོ།། བྱེད་པ་དང་ལས་མེད་པར་བྱེད་པ་པོ་ཡོད་པར་རིགས་པ་མ་ཡིན་ནོ་ཞེས ་བྱ་སྟེ། དེས་ན་བྱེད་པ་པོ་ཡོད་པས་ན། དེ་བཞིན་དུ་ཤེས་བྱ་དང་ཤེས་པ་པོ་ཡོད་དོ་ཞེས་བྱའོ།། སྨྲས་པ། གལ་ཏེ་ཤེས་པ་པོ་ཉིད་ཡོད་ན། རྣམ་པར་ཤེས་པ་དང་ཤེས་བྱ་ཡོད་པར་འགྱུར་ན། གང་ཇི་སྲིད་དུ་རྣམ ་པར་ཤེས་པ་དང་ཤེས་བྱ་དག་མེད་པས་ལས་དང་བྱེད་པ་དང་བྲལ་བའི་ཕྱིར། བྱེད་པ་པོ་ཉིད་འགའ་ཡང་ག་ལ་ཞིག་ཅེས་བསྒྲུབ་པའི་ཕྱིར་གསུངས་པ། ཤེས་བྱ་ཤེས་པ་མེད་པའི་ཕྱིར།། དེ་ཕྱིར་ཤེས་པ་པོ ་ཉིད་མེད།། ཅེས་པས། ཤེས་པ་པོ་མེད་པས་ཤེས་པ་དང་། ཤེས་བྱ་མེད་དོ་ཞེས་གྲུབ་པོ།། འདིར་སྨྲས་པ། ཕྱི་རོལ་དང་ནང་གིས་སྐྱེ་མཆེད་དྲག་ཡོད་པ་ཉིད་དེ། དེ་དྲག་མི་རྟག་པར་ཉེ་བར་བསྟན་པའི་ཕྱིར་བཅོམ་ལྡན་འདས ་ཀྱིས་གསུངས་པ། འདུས་བྱས་ཐམས་ཅད་མི་རྟག་པའོ་ཞེས་སོ།། གལྤཱ་ཏ་ན་ཡང་ནད་དང་ཕྱི་རོལ་གྱི་བདག་ཉིད་སྐྱེ་མཆེད་མེད་ནོ།། དེའི་ཚེ་ཅི་གལ་ཏེ་ཐམས་ཅད་མི་རྟག་པར་འགྱུར་ཞེས་བྱ་བ་དེའི་ཕྱིར་མི་རྟག་པ་ཉིད་བསྟན ་པས་དངོས་པོ་ཐམས་ཅད་གྲུབ་བོ་ཞེ་ན། སྨྲས་པ། བཅོམ་ལྡན་འདས་ཀྱིས་གསུངས་ཏེ། ཐམས་ཅད་མི་རྟག་ཅུང་ཟད་ཀྱང་།། མི་རྟག་མེད་ལ་ཡང་ན་རྟག། དངོས་པོ་ཡོད་ན་རྟག་པ་དང་།། མི་རྟག་པར་འགྱུར་དེ་ག་ལྔ།། དེ ་ལ་བཅོམ་ལྡན་འདས་ཀྱིས་གྲོང་འདི་སྐད་དུ་ཐམས་ཅད་མི་རྟགྲི་གོ་ཞེས་གསུངས་ཞེས་བྱའོ།། དེ་རྣམ་པར་འཇིག་པའི་དངོས་པོའི་རང་གི་མཚན་ཉིད་མཐོང་བ་མིན་ལ། འོན་ཀྱང་དངོས་པོ་རྣམས་ཀྱི་རང་བཞིན་མ་གཟིགས ་ལདངོས་པོ་ཐམས་ཅད་ཀྱི་རང་བཞིན་མ་གཟིགས་པས་སྙིང་པོ་མེད་པ་ཉིད་གསལ་བར་བྱེད་པ་ལ་བལྟོས་ནས། བཅོམ་ལྡན་འདས་ཀྱིས་གསུང་འདི་ནི་རང་བཞིན་ལ་ལོག་པར་རྟོག་པ་དགག་པའི་དོན་དུའོ།། དོན་དམ་པ ་ནི་རྣམ་པར་དཔྱད་ན་མི་རྟག་པ་ཅུང་ཟད་ཀྱང་མེད་དོ།། ཡང་ན་རྟག་པའོ།། འདི་དག་གཉི་ག་ཡང་དོན་དྲམ་པར་མ་གྲུབ་བོ་ཞེས་དགོངས་སོ།། ཅིའི་ཕྱིར་སླར་ཡང་འདི་དག་གཉི་ག་མྱ་གྲུབ་ཅེན། སྨྲས་པ། གང་གི་ཕྱིར་དངོས ་བྱོར་ཡོད་ན་རྟག་པ་འམ་མི་རྟག་པར་འགྱུར་ན། དངོས་པོ་དྲུ་ག་ལ་ཞིག་གོ་སྟེ། ཇི་སྐད་དུ་སྨྱོས་པའི་རིགས་པས་དངོས་པོ་མེད་པར་བསྒྲུབ་པའི་ཕྱིར་དངོས་པོ་དེ་གཱི་ལ་ཞིག་པའོ།། དངོས་པོ་དེ་མེད་དོ་ཞེས་བྱ་བའི་དོན་ཏོ།། ། ་དངོས་པོ་མེད་པར་གྱུར་པ་ལ་རྟག་པ་ཉིད་དམ། མཱི་རྟག་པ་ཉིད་ག་ལ་ཞིག། དེའི་ཕྱིར་དངོས་པོ་རྣམས་སྙིང་པོ་མེད་པ་ཉིད་དུ་གསལ་བར་བྱེད་པ་ལ་བལྟོས་ནས་འདི་དགུ་གསུངས་པ་ཉིད་ལ་རང་བཞིན་མེད་པ་གསུཾལ ་བྱེད་པ་ཡིན་ནོ་ཞེས་བྱ་སྟེ། རྣམ་པ་ཐམས་ཅད་དུ་ཚིག་འདི་དག་གིས་རང་བཞིན་གསལྔ་བར་བསྒྲུབ་པར་བྱེད་པ་མ་ཡིན་ནོ།། ཇི་ལྟར་རློངས་པོ་མེད་པས་རྟག་པ་དང་མི་རྟག་པའི་ལོག་པར་རྟོགས་པ་འབྱུང་བ་མི་སྲིད ་པས། དེ་བཞིན་དུ་སྡུག་པ་དང་མི་སྡུག་པ་དག་གི་ཕྱིན་ཅི་ལོག་ཀྱང་དངོས་པོ་རྣམས་ཀྱིས་རང་བཞིན་མེད་པར་གྱུར་པས་འབྱུང་མི་སྲིད་ལ། དེ་མེད་པས་སྡུག་པ་དང་མི་སྡུག་པའི་ཕྱིན་ཅི་ལོག་གི་རྒྱུ་ཅན་གྱིས ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཀྱང་མི་རིགས་སོ་ཞེས་བསྒྲུབ་པའི་ཕྱིར་གསུངས་པ། སྡུག་དང་མི་སྡུག་ཕྱིན་ཅི་ལོག། རྐྱེན་སྐྱེས་ཆགས་སྡང་གཏི་མུག་སྟེ།། དེ་ཕྱིར་ངོ་བོས་འདོད་ཆགས་དང་། ཞེ་སྡང ་གཏི་མུག་ཡོད་མ་ཡིན།། དེ་ལ་སྤྲུག་བྱ་ཞོས་བརྗོད་པ་ཡིད་དང་མཐུན་པའི་ཕྱིན་ཅི་ལོག་པས་མི་སྔག་པའོ།། ཕྱིན་ཅི་ལོག་ཀྱང་རྟག་པ་བདག་མྱེད་པ་གཙང་བའོ་ཞེས་སོ།། དེ་ལ་སྡུག་པ་ལ་བརྟན་ནས་འདོད། ་ཆགས་འབྱུང་། མི་སྡུག་པ་ལ་བརྟེན་ནས་ཞེ་སྡང་འབྱུང་ཞིང་། ཕྱིན་ཅི་ལོག་ལ་བརྟེན་ནས་གཏི་མུག་འབྱུང་ངོ་།། དངོས་པོའི་རང་བཞིན་ཡོད་ན་དེ་ལ་སྡུག་པ་ལ་སོགས་པར་རམ། རྟག་པ་ལ་སོགས་པ་ཉིད་དུ་རྟོག་པ་ལས ་འདོད་ཆགས་ལ་སོགས་པར་འགྱུར་ན། དངོས་པོ་རྣམས་ཀྱི་རང་བཞིན་མེད་པ་སྡུག་པ་ལ་སོགས་པ་མེད་པའི་ཕྱིར། དེའི་རྒྱུ་ཅན་གྱིས་འདོད་ཚུགས་དང་ཞེ་སྡང་གཏི་མུག་ཀྱང་ཡོད་པ་མ་ཡིན་ལ། དངོས་པོའི་རང་བཞིན་མེད ་པ་འབའ་ཞིག་ཏུ་མ་ཟད་ཀྱིས་སྡུག་པ་ལ་སོགས་པ་མི་སྲིད་པས་འདོད་ཆགས་ལ་སོགས་པ་མི་རིགས་སོ།། འདི་ལྟར་ཡང་སྡུག་པ་ལ་སོགས་པ་མི་སྲིད་པས་མི་རུང་ངོ་ཞེས་བསྒྲུབ་པའི་ཕྱིར་གསུངས་པ། གང་ཕྱིར་དེ ་ཉིད་ལ་ཆགས་ཤིང་།། དེ་ལ་ཞེ་སྡང་དེ་ལ་རྨོངས།། དེ་ཕྱིར་རྣམ་པར་རྟོག་པས་བསྐྱེད།། རྣམ་རྟོག་དེ་ཡང་དེ་ཉིད་མེད།། འདིར་སྡུག་པ་ཞེས་བྱ་བ་ངོ་བོ་ཉིད་ཀྱིས་མེད་དེ། རྒྱུ་མཚན་ཅིའི་ཕྱིར་ནོ། གང་གིས་ཕྱིར་གང་ཞིག་ཁོ་ན། ་ཁ་དོག་དང་དབྱིབས་གཞོན་ཤ་ཅེན་ལ་སོགས་པ་དང་ལྡན་པའི་དངོས་པོར་གྱུར་པ་གང་ཅི་ཡང་རུང་བ་ལ་འདོད་ཆགས་ཅན་འགའ་ཡང་ཞིག་ཏུ་ཡིད་དུ་འོང་བར་གྱུར་པ་ལ་སྡུག་པའི་རྣམ་པར་བརྗོད་ལ། དེ་ཉིད་ལ་ཞེ་སྡང ་ཅན་འགའ་ཞིག་གིས་མི་སྡུག་པར་བརྗོད་དེ། འདི་ལྟ་སྟེ་ཆུང་མ་གཉིས་ཀྱིས་གཟུག་ལ། ཆུང་མ་དག་ཞེ་སྡང་བ་ལྟ་བུ་སྟེ། གང་ཁོ་ན་ལ་ཁྱོ་ཤིན་ཏུ་ཆགས་པ་དེ་ཉིད་ལ་ཆུང་མ་དག་ཞེ་སྡང་བུར་འགྱུར་ལཱ། དྲིའི་རང་བཞིན ་ཡོངས་སུ་མ་ཤེས་པས་དེ་ལ་འགའ་ཞིག་རྨོངས་པར་འགྱུརརོ།། དངོས་པོ་གཅིག་ཉིད་སྐད་ཅིག་གཅིག་ལ་ཕན་ཚུན་དུ་འགྲེལ་བའི་དོན་དྲི་དོག་མི་སྲིད་དོ།། དེས་ན་དངོས་པོ་གཅིག་ལ་རང་བཞིན་གསུམ་མི་སྲིད་ལ་རྣམ་པར ་རྟོག་པས་དེའི་ཕན་ཚུན་ཐ་དད་པར་རུང་ངོ་།། ཡང་ན་འདི་སྙམ་དུ་སེམས་ན། གལ་ཏེ་ཡང་དངོས་པོ་རྣམ་བྱ་གསུམ་གཅིག་ཉིད་དུ་མི་འགྱུར་ལ། དེ་ལྟ་ན་ཡང་དེའི་རྣམ་པར་རྟོག་པ་རེ་ཞིག་ཡོད་ལྔ་ངེས་ན་དེ་ཡོད་པས་དེ ་ལས་སྐྱེས་པའི་འདོད་ཆགས་ལ་སོགས་པ་འབྱུང་བར་འགྱུར་རོ་ཞེ་ན། སྨྲས་པ། རྣམ་རྟོག་དེ་ཡང་དེ་ཁྲོ་ན་ཉིད་དུ་མ་ཡིན་ཏེ། ལོག་པའི་རྣམ་པར་བསྐྱེད་པ་རྣམས་ལྔ་བདེན་པའི་རང་བཞིན་མི་སྲིད་པ་དང་། རྟེན་ཅིང ་འབྲེལ་པར་འབྱུང་བའི་ཕྱིར་ཡང་རྣམ་པར་རྟོག་པ་ཡང་དེ་ཁོ་ན་ཉིད་དུ་མེད་དོ།། དེ་མེད་ན་དེ་ལུས་སྐྱེས་པའི་འདོད་ཆགས་ལྔ་སོགས་པ་ཡང་མེད་དོ་ཞེས་གྲུབ་བོ།། འདི་ལྟར་ཡང་རྣམ་པར་རྟོག་པ་དེ་ཁོ་ན་ཉིད་དུ་མེད་པ ་སྟེ། གང་གིས་ཕྱིར། རྟོག་བྱ་མེད་ནི་རྣམ་རྟོག་གང་།། དེ་མེད་རྣམ་རྟོག་ག་ལ་ཞིག། དེ་ཕྱིར་རྟོག་བྱ་རྐྱེན་སྐྱེ་ཕྱིར།། སྟོང་ཡིན་རྣམ་པར་རྟོག་པ་ཡང་། གལ་ཏེ་རྣམ་པར་རྟོག་པར་བྱེད་པ་རྣམ་པར་རྟོག་པའི་དངོས་པོ ་ཅུང་ཟད་ཡོད་ན་དེ་ལ་རྟོག་པར་བྱེད་པ་རྣམ་པར་རྟོག་པ་སྐྱེ་ལ། དེ་ཡང་དངོས་པོ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་ངོ་བོ་ཉིད་ཀྱིས་སྟོང་ལ། དེས་ན་དེ་ལ་རྣམ་པར་རྟོག་བྱ་མེད་ན་རྣམ་རྟོག་མེད་དོ།། ཞེས་བྱ་སྟེ། ་དེས་ན་རྣམ་པར་རྟོག་བྱ་དང་རྟོག་པའི་རང་བཞིན་སྟོང་པའོ།། དེ་ལྔས་དངོས་པོ་གང་ཡང་རུང་བའི་རང་བཞིན་མི་དམིགས་པས། རྣམ་པར་རྟོག་བྱ་དང་རྟོག་པ་དག་ཏུ་ཡོངས་སུ་མི་རྟོག་པའི་ཕྱིར་དེ་ཁོ་ན་ཉིད་རྟོག་པར་འགྱུར།། ་དེ་ལས་ཀྱང་། དེ་ཉིད་རྟོགས་པས་ཕྱིན་ཅི་ལོག། བཞི་ལས་བྱུང་བའི་མ་རིག་མེད།། དེ་མེད་འདུ་བྱེད་འབྱུང་བ་ནི།། སྲིད་མིན་དེ་བཞིན་ལྷག་མ་རྣམས།། དེ་ཁོ་ན་ཉིད་མཐོང་བ་ནི་ཕྱི་ཅི་མཱ་ལོག་བྱ་སྟེ། དེ་ཁོ་ན་ཉིད་མཐོང་བ་དེ་དག ་འགལ་བའི་ཕྱིར་ཕྱིན་ཅི་ལོག་རྣམས་ངེས་པར་སྤོང་ལྔ། དེ་སྤངས་པས་ཕྱིན་ཅི་ལོག་ལས་བྱུང་བའི་མ་རོག་པ་སྤོང་ངོ་།། མ་རིག་པ་སྤངས་པས་སྐྱེ་བའི་རྐྱེན་གྱིས་རྒས་པ་དང་ཤི་བ་ལ་སོགས་པའི་བར་དུ་ཐམས་ཅད་ལྡོག ་གློ་སླར་ཇི་ལྟར་མི་རིག་པཱ་འགགས་པས་འདུ་བྱེད་ལ་སོགས་པ་འགག་ཅེ་ན། བསྒྲུབ་པའི་ཕྱིར་གསུངས་པ། གང་ལ་གང་རྟེན་སྐྱེ་བའི་དངོས།། དེ་དེ་མེད་པ་དྲི་མི་སྐྱེ།། དངོས་དང་དངོས་མེད་འདུས་མ་བྱས།། འདུས་བྱེས ་ཞི་བས་མྱ་ངན་འདས།། གང་ཞིག་མ་རིག་པ་ཞེས་བྱ་བའི་རྒྱུ་ལ་བརྟེན་ནས་འདུ་བྱེད་ཅེས་བྱ་བའི་འབྲས་བུ་གང་ཞིག་སྐྱེ་ལ། འདུ་བྱེད་ཅེས་བྱ་བའི་འབྲས་བུ་དེའི་རྒྱུ་མ་རིག་པ་ཞེས་བྱ་བ་མེད་ན་མི་འབྱུང་ངོ་ཞེས་བྱ་སྟེ། དེ ་ལྟར་མ་རིག་པ་ལ་སོགས་པ་མེད་འདུ་བྱེད་ལ་སོགས་པ་སྐྱིད་པ་མ་ཡིན་ནོ།། གང་གི་ཚེ་འདི་ལྟར་མ་རིག་པ་ལ་སོགས་པ་འཇུག་པ་མེད་ན་དེའི་ཚེ་དངོས་པོ་མེད་ལ། དངོས་པོ་མེད་ན། དེ་ཡང་ལོག་པའི་རང་བཞིན་དངོས་པོ ་མེད་པ་ཡང་མེད་དོ་ཞེས་བྱ་སྟེ། གང་ཡང་དངོས་པོ་དྲང་དངོས་པོ་མེད་པ་དག་མེད་ན་ཡང་། དངོས་པོའི་ཚུལ་གྱིས་འདུས་བྱས་དང་དངོས་པོ་མེད་པའི་ཚུལ་གྱིས་འདུས་མ་བྱས་མེད་དོ་ཞེས་བྱ་སྟེ། དངོས་དང་དངོས་མེད་དང ་འདུས་བྱས་དང་འདུས་མ་བྱས་དག་ཞི་བའོ།། ཞི་བ་ནི་མི་འཇུག་པ་ལ། དེ་ཉིད་མྱ་ངན་འདས་པའོ།། སླར་ཡང་འདུས་མ་བྱས་ཀྱི་ཚུལ་གྱིས་མྱ་ངན་ལས་འདས་པ་ཡང་མ་ཡིན་ཏེ། འདུས་མ་བྱས་སུ་རྟོག་པ་འཇུག་པར་ཐལ ་བསྡུ་སོ།། འདིར་སྨྲས་པ། གང་སྨོས་པའི་དེ་ཁོ་ན་ཉིད་རྟོགས་པས་ཕྱིན་ཅི་ལོག་བཞི་ལས་བྱུང་བའི་མི་རིག་པ་མི་འབྱུང་ངོ་ཞེས་པས། སླར་ཡང་ཅི་མ་རིག་པའི་མཚན་ཉིད་དང་། དམིགས་པ་ནི་ཅི་ཞིག། གང་ལས་དེ་ཁོ ་ན་ཉིད་མཐོང་བ་ན་མྱི་འབྱུང་ཞེ་ནི། མཚན་ཉིད་དང་དམིགས་པ་དགེ་བསྒྲུབས་པར་འདོད་པསྡུ་གསུངས་པ། རྒྱུ་རྐྱེན་ལས་སྐྱེ་ས་དངོས་པོ་རྣམས།། དངོས་པོ་ཁོང་དུ་ཆུད་པ་གང་སྟོན་པས་མཱ་རིག་པར་གསུངས་ལ། ་དེ་ལས་ཡན་བཅུ་གཉིས་འཇུག། རྒྱུ་དང་རྐྱེན་ལས་སྐྱེས་པའི་དངོས་པོ་ངོ་བོ་ཉིད་ཀྱིས་མ་སྐྱེས་པ་ལ། དེ་ད་ག་ལ་གང་ཞིག་རང་བཞིན་དུ་རྟོག་པ་དེ་ལ་མ་རིག་པར་བཅོམ་ལྡན་འདས་ཀྱིས་གསུངས་ལ། ཡང ་དགྲ་པ་ཇི་ལྟ་བར་གནས་པའི་རང་བཞིན་མེད་པ་མ་རྟོགས་པའི་ཕྱིར། མ་རྟོགས་པ་ལས་མ་རིག་པ་ཞེས་བརྗོད་དོ།། དེ་ཡང་རང་བཞིན་དུ་སྒྲོ་འདོགས་པ་ལ་ཞུགས་པའི་ཕྱིར་དང་། རང་བཞིན་ལ ་དམིགས་པས་དེ་ཁོ་ན་ཉིད་ཡོངས་སུ་མ་ཤེས་པའི་ངོ་བོའི་ཕྱིར་མི་ཤེས་པའི་རང་བཞིན་ལ། མ་རིག་པ་དེ་ལས་འདུ་བྱེད་ལ་སོགས་པའི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་འགག་འཇུག་གོ། ཡང ་འདིའི་མ་རིག་པ་སྒྲོ་བཏགས་ནས་འཇུག་པ་ཇི་ལྟར་བཟློག་པར་བྱ་ཞེ་ན། གསུངས་པ། དངོས་པོར་སྟོང་པར་ཡང་དག་པར།། ཤེས་ན་རྨོངས་པ་མི་འཇུག་ལ།། མ་རིག་ལེགས་པར་འགགས་པ་ཡིས།། དེ་ནས ་ཡན་ལག་བཅུ་གཉིས་འགགས།། གང་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་དག་པར་ཤེས་པ་སྟེ། ཡང་དག་པ་ཇི་ལྟ་བ་མཐོང་བ་དེ་ནམ་ཡང་ཆོས་རྣམས་ཀྱིས་རང་བཞིན་དུ་སྒྲོ་མི་འདོགས་ལ། གང་གིས་ཚེ་རང ་བཞིན་དུ་སྨྱོ་མི་འདོགས་པ་དེའི་ཚེ་འདིའི་མ་རིག་པ་སྤོང་ལ། མ་རིག་པ་སྤངས་པས་འདུ་བྱེད་ཀྱང་མི་སྐྱེ་ལ། ཇི་སྲིད་དུ་སྐྱེ་བ་མེད་པས་རྒས་པ་དང་འཆི་བ་མི་འབྱུང་བའི་བར་དུའོ།། དེ་ལས་དངོས་པོ་དང་དངོས་པོ་མེད ་པ་དང་འདུས་བྱས་དང་འདུས་མ་བྱས་ཞི་བས་མྱ་ངན་ལས་འདས་པར་འགྱུརརོ།། སླར་ཡང་ཐར་པ་འདོད་པ་རྣམས་མ་རིག་པ་སྤོང་བར་འདོད་པས་དངོས་པོ་རྣམས་འདི་དག་ཇི་ལྟར་བལྟ་བར་བྱ། སྨྲས་པ། ཐར་པ་འདོད ་བ་རྣམས་ཀྱིས་དེ་ཁོ་ན་ཉིད་ལ་བྱལྟ་བར་བྱ་ལ། དེ་ཁོ་ན་ཉིད་ཀྱང་དངོས་པོ་རྣམས་ཀྱི་རང་བཞིན་ལ། དེ་ཡང་མྱ་སྐྱེས་པའོ།། དེས་ན་ཐར་པ་འདོད་བྱས་འདི་དག་ལ་དངོས་པོར་བྱལྟ་བར་མི་བྱའོ།། འདིར་སྨྲས་པ། འོ་ན་དེ་ལྟར་ན་འདི་ལྟར ་དངོས་པོ་ཐམས་ཅད་ཀྱིསྔ་མ་མཐོང་ངོ་ཞེས་མི་ནུས་ཏེ། མིག་མ་ཉམས་ཤིང་མིག་བྱེ་བ་དང་ཡུལ་ཕུན་སུམ་ཚོགོས་པ་སྣང་བ་དང་བཅས་པའི་སྔོན་པོ་ལ་སོགས་པ་མི་མཐོང་བར་མི་ནུས་སོ།། དེ་བཞིན་དུ་རྣ་བ་ལ་སོགས ་པའི་དབང་པོས་ཀྱང་རང་གི་ཡུལ་ཇི་ལྟ་བར་མི་འཛིན་པར་མི་ནུས་སོ།། སྨྲས་པ། གལ་ཏེ་ཡང་དབང་པོ་ལ་བལྟོས་ནས་སྔོན་པོ་ལ་སོགས་པ་མངོན་སུམ་ལ། དེ་ལྟ་ན་ཡང་རིགས་པས་ཉེ་བར་དཔྱད་པ་ལས་སྐྱེས་པའི་བློའི་མངོན ་སུམ་གང་ཞིག་དེ་ཉིད་འཇིག་རྟེན་པའི་དབང་པོའི་མངོན་སུམ་པས་བརླིང་བའི་ཕྱིར་རོ།། འདི་ལྟར་རབ་རིབ་ཅན་ལ་མི་བདེན་པའི་སྐེ་དང་སྦྲང་བུ་ལ་སོགས་པ་མངོན་སུམ་དུ་སོ་སོར་སྣང་ལ། དེ་དག་ཀྱང་རིགས་པ་དང་བཅས་པའི་བློ་ཡི ་མངོན་སུམ་དུ་མེད་ལ། དེ་ནི་རཏྣ་གི་དབང་པོའི་མངོན་སུམ་ཡང་དེ་དག་གནས་པ་མ་ཡིན་ཏེ། རིགས་པའི་རྗེས་སུ་འབྲང་བའི་བློ་ཡིས་ཡང་དག་པའི་མངོན་སུམ་ཉིད་དུ་མངོན་པར་རློམ་པ་གསལ་བའི་ཕྱིར་རོ།། གལ་ཏེ ་དེ་ལྟ་ན་ཡང་དངོས་པོ་འདི་དག་ཕྱིན་ཅི་ལོག་གི་ལས་ལས་བྱུང་བས་ཡང་དག་པ་མ་ཡིན་པའི་དོན་ཡོངས་སུ་གཅོད་པ་དབང་པོ་དང་ཡུལ་གྱིས་གནས་པར་ཡོད་པས་མངོན་སུམ་དུ་འགྱུར་རོ།། དེ་ལྟ་ན་ཡང་རིགས་པས ་ཉེ་བར་དཔྱོད་པ་ལ་ཞུགས་པའི་བློས་དེ་དག་གིས་མངོན་སུམ་ཉིད་ལྡོག་སྟེ། དེ་ནི་སྟོབས་ཅན་ཡིན་པའི་ཕྱིར་བྱ་སྟེ། དེས་ན་དངོས་པོ་རྣམས་སུ་མངོན་པར་ཞེན་ནས་འཛིན་པའི་ཕྱིར་དང་། དེ་ཁོ་ན་ཉིད་ལ་འཇུག ་པའི་སྒོའི་ཕྱིར་དཔེའི་ཕྲེང་བ་གསུངས་པ། དྲི་ཟའི་གྲོང་ཁྱེར་སྒྱུ་མ་དང་།། སྨིག་རྒྱུ་དབུ་བ་ཆུ་བུར་དང་།། གཟུགས་བརྙན་སྤྲུལ་པ་རྨི་ལམ་དང་།། འགལ་མེ་དང་མཚུངས་འདུ་བྱེད་རྣམས།། ཇི་ལྟར་དྲི་ཟའི་གྲོང་ཁྱེར་ལ་སྔོགས་པའི་དོན ་འདི་དག་ཉིད་རུང་གི་རྒྱུ་དང་རྐྱེན་ཇི་ལྟ་བ་ལས་འབྱུང་ན་ཡང་། གྲོང་ཁྱེར་ལ་སོགས་པའི་རང་བཞིན་གྱིས་སྟོང་པ་གྲོང་ཁྱེར་ལ་སོགས་པ་ཉིད་དུ་སྣང་ལ། དེ་བཞིན་དུ་འདི་ལྟར་གཟུགས་དང་ཚོར་བ་ལ་སོགས་པའི་དངོས་པོ་ཡང ་གཟུགས་དང་ཚོར་བ་ལ་སོགས་པའི་རང་བཞིན་གྱིས་སྟོང་པ་ཉིད་སྣང་བ་ལ། གཟུགས་དང་ཚོར་བ་ལ་སོགས་པ་ཉིད་དུ་ཤེས་པར་བྱའོ།། ཡང་དཔེ་གཅིག་ཉིད་ཀྱིས་རང་བཞིན་མེད་པ་ཉིད་རྟོགས་པར་འགྱུར་ན། དཔེ་མང་པོ ་ཉིད་ཉེ་བར་བསྡུས་པ་ལ་དོན་མེད་དོ་ཞེ་ན། འདི་དགྲ་དེ་ལྟར་མ་ཡིན་ཏེ། རང་བཞིན་མེད་པའི་དོན་ལ་འཁོར་བ་ཐོག་མ་མེད་པ་ནས་མ་གོམས་པའི་འཇིག་རྟེན་པ་དེ་དག་དཔེ་དུ་མས་འཇིག་རྟེན་པའི་སེམས་ལ་ཕེབས་པས ་དེ་ཁོ་ན་ཉིད་ལ་ངེས་པ་བསྐྱེད་པར་འགྱུར་རོ།། ཇི་སྐད་དུ་རིན་ཆེན་ཕྲེང་བ་ལས། རེ་ཞིག་ཕུང་པོ་མི་གཙང་བ།། རགས་པ་མངོན་སུམ་སྤྱོད་ཡུལ་ཏེ།། རྟག་ཏུ་མཐོང་བར་གྱུར་ན་ཡང་།། གང་ཚེ་སེམས་ནི་མི་གནས་པ།། ་དེ་ཚེ་ཤིན་ཏུ་ཕྲ་ཞིང་ཟབ།། དམ་ཚེ་འདི་ནི་གནས་མེད་པ།། མངོན་སུམ་མིན་པ་ཇི་ལྟར་དུ།། སེམས་ལ་བདེ་བླག་རྟོག་པར་འགྱུར།། ཞེས་སོ།། དེའི་སེམས་ལ་བདེ་བླག་ཏུ་འཇུག་པའི་ཕྱིར་དཔེ་མང་པོ་བསྟན་པ་ནི་རིགས་པ་ཉིད་དོ་ཞེས ་བྱའོ།། གཞན་ཡང་དཔེ་མང་པོ་ཉེ་བུ་གོ་འག་ཞིག་དགའ་ཞིག་ལ་ཤིན་ཏུ་ངེས་པར་འགྱུར་རོ།། ཞེས་བྱ་སྟེ། དེ་ལ་དཔེ་དེའི་དེའི་དོན་བདེ་བླག་ཏུ་བདག་ཉིད་ཀྱིས་ཁོང་དུ་ཆུད་པས་དེས་ནཱ་དཔེ་མང་པོ་ཉེ་བར་བསྡུ་བ་རིགས་པ་ཉིད་དོ།། ཡང ་ན་དངོས་པོར་འཛིན་པ་ཐ་དད་པྲས་དཔེ་ཐ་དད་པའོ།། ཡུལ་དང་དུས་ངེས་པར་འཛིན་པ་ལ། མེད་པ་ལ་ཡུལ་དང་དུས་ངེས་པར་འཛིན་པ་མི་རུང་ཞེས་བྱ་སྟེ། དེ་ལ་བལྟོས་ནས་དྲི་ཟའི་གྲོང་ཁྱེར་དཔེར་བརྗོད་དོ།། གཞན་དབང་དུ་འཛིན ་པ་ལ། མེད་པ་ལ་རྒྱུ་གཞན་གྱིས་དབང་ལས་མ་ཡིན་ནོ་ཞེས་བྱ་སྟེ། དེ་ལ་བལྟོས་ནས་སྒྱུ་མ་དཔེར་བརྗོད་དོ།། ལྡོག་པར་འཛིན་པ་ལ། མྱེད་པ་ལ་ལྡོག་པ་མེད་དོ་ཞེས་བྱ་སྟེ། དེ་ལ་བལྟོས་ནས་སྨིག་རྒྱུ་དཔེར་བརྗོད་དོ།། དེ་ཡང ་བྱེ་བྲག་མེད་པར་ལྡོག་པའོ།། སྙིང་པོ་མེད་པར་འཛིན་པ་ལ། སྙིང་པོ་མེད་པ་དེ་མེད་དོ་ཞེས་བྱ་སྟེ། དེ་ལ་བལྟོས་ནས་དབུ་བ་དཔེར་བརྗོད་དོ།། གཞན་དང་གཞན་དུ་འཛིན་པ་ལ། མེད་པ་ལ་གཞན་དང་གཞན་འབྱུང་བ་མ་ཡིན ་ནོ་ཞེས་བྱ་སྟེ། དེ་ལ་བལྟོས་ནས་ཆུའི་ཆུ་བུར་དཔེར་བརྗོད་དོ།། ཀུན་ནས་སྣང་བར་འཛིན་པ་ལ། མེད་པ་ལ་ཀུན་ནས་སྣང་བ་མེད་དོ་ཞེས་བྱ་སྟེ། དེ་ལ་བལྟོས་ནས་སྤྲུལ་པ་དཔེར་བརྗོད་དོ།། རྣམ་པ་སྣ་ཚོགས་པར་འཛིན ་པཱ་ལ། མེད་པ་རྣམ་པ་སྣ་ཚོགས་པ་མེད་དོ་ཞེས་བྱ་སྟེ། དེ་ལ་བལྟོས་ནས་རྨི་ལམ་དབྱེར་བརྗོད་དོ།། འཇུག་པར་འཛིན་པ་ལ། མེད་པའི་མྱུ་གུ་ལ་སོགས་པ་ལ་འཇུག་པ་ལ་མི་བལྟོས་སོ་ཞེས་བྱ་སྟེ། དེ་ལ ་བལྟོས་ནས་མགལ་མེའི་འཁོར་ལོ་དཔེར་བརྗོད་དོ།། དེའི་འཇུག་པའི་ས་བོན་མགལ་མ་ཡིན་པའི་ཕྱིར་རོ་ཞེས་བྱའོ།། དེ་ལྟར་དེ་དག་འདས་མ་ཐགས་པའི་ཚིགས་སུ་བཅད་པ་དྲུག་ཅུ་རྩ་བཞིས་རྟེན་ཅིང་འབྲེལ་པར་འབྱུང་བ་ཇི་ལྟ་བར ་གནས་པའི་རང་བཞིན་བསྒྲུབས་ནས། དེ་ལས་གཞན་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་དོན་འདི་ཉིད་དེ་བཞིན་གཤེགས་པས་གསུངས་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་ཕྱིན་ཅི་མ་ལོག་པར་བཤད་པས། དེས་ན་ཤིན་ཏུ། ་ཡང་དེ་དང་འབྲེལ་པར་འབྱུང་བས་བསྒྲུབ་པར་བྱའོ།། དེ་ལྟར་གྱུར་ན་ལེགས་པར་ཉན་པ་རྣམས་དོན་འདི་ལ་ཤིན་ཏུ་ངེས་པ་སྐྱེ་བར་འགྱུར་ཏེ། དངོས་ཀུན་རང་བཞིན་སྟོང་པས་ན།། རྟེན་ཅིང་འབྲེལ་པར་འབྱུང་བ་འདི།། དེ་བཞིན ་གཤེགས་པ་མཚུངས་མེད་ཀྱིས།། དངོས་པོ་རྣམས་ནི་ཉེ་བར་བསྟན།། དྲི་ཟའི་གྲོང་ཁྱེར་ལ་སོགས་པ་དང་འདྲ་བར་འོདུ་བྱེད་རྣམས་ངོ་བོ་ཉིད་ཀྱིས་མ་གྲུབ་བོ་ཞེས་ཉེ་བར་བསྟན་པའི་དྲོན་དུ་འདི་དག་ནི་རྟེན་ཅིང་འབྲེལ་པར ་འབྱུང་བའོ་ཞེས་གསུངས་སོ།། མཚུངས་མེད་ཀྱི་ཤེས་པ། འཇིག་རྟེན་གྱི་ཁམས་གཅིག་ནས་བརྩམས་ནས་འཇིག་རྟེན་གྱི་ཁམས་གཞན་ན་ཡང་དེ་བཞིན་གཤེགས་པ་འདྲ་བའི་དེ་བཞིན་གཤེགས་པ་ཡོད་པ་མ ་ཡིན་ནོ།། ཡང་ན་ཤཱཀྱ་ཐུབ་པ་གཽ་ཏ་མཱའོ་ཞེས་སྒྱུ་ན་བརྩད་པ་འདི་དག་ཏུ་འགྱུར་ཏེ། དེ་བཞིན་གཤེགས་པའི་སྒྲ་འདི་ནི་ཡང་དག་པ་ཇི་ལྟ་བར་སྟོན་པའི་ཡོན་ཏན་ལ་བརྟེན་ནས་འཇུག་པ་ལཱ། དེ་ཡང་སངས་རྒྱས་ཐམས་ཅད་ལ ་ཐུན་མོང་དུ་གྲུབ་བོ་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་མཚུངས་མེད་ཅེས་བྱའོ།། ལྷག་མ་བཤད་ཟིན་ཏོ།། ད་ནི་དྲི་ཟའི་གྲོང་ཁྱེར་ལྔ་སོགས་པ་འདི་དྲག་གིས་རང་བཞིན་མེད་པའི་དོན་དང་། རྟེན་ཅིང་འབྲེལ ་པར་འབྱུང་བའི་དོན་ནི་དོན་དམ་པ་ཉིད་དུ་ཉེ་བར་མཚོན་པར་གསུངས་པ། འདི་ཙམ་རེ་ཞིག་དོན་དམ་སྟེ་ཞེས་པ་ལ། དངོས་པོར་རྟོག་པ་ཐམས་ཅད་ཇི་ལྟ་བའི་དོན་མ་ཡིན་པའི་ཕྱིར། འདི་ནི་རེ་ཞིག་ཅེསྡེ་པ་ངེས་པར་གཟུང ་བ་སྟེ། ཉེ་བར་བསྒྲུབས་པའི་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དོ།། སྟོང་པ་ཉིད་དེ་ལ་ཇི་སྲིད་དུ་དངོས་པོར་ཞེན་པ་ཐམས་ཅད་འདིར་ཕྱིན་ཅི་ལོག་པས་འཁྲུལ་པ་སྟེ། འཁྲུལ་པ་ཡང་དོན་དམ་པ་ཡིན་པར་རུང་བ་ནི་མི ་རིགས་སོ།། འདི་ཉིད་ཡོད་པ་དང་མེད་པས་མ་བསྡུས་པས་སྐྱོན་གྱིས་རྣམ་པར་དབེན་པ། རྟེན་ཅིང་འབྲེལ་པར་འབྱུང་བ་གསུངས་པ་ལས་དབུ་མ་ཁོང་དུ་ཆུད་པར་ནི་དྲོན་དམ་པར་ཉིད་དོ་ཞེས་གསུངས་པ། འདི་ཙམ་རེ་ཞིག ་དོན་དམ་སྟེ།། འཇིག་རྟེན་ཐ་སྙད་ལ་བརྟེན་ནས།། སྣ་ཚོགས་ཐམས་ཅད་བཅོམ་ལྡན་འདས།། སངས་རྒྱས་བདེན་པར་གདགས་པ་མཛད།། ཅེས་པ་ལ་ཇི་ལྟར་རྨི་ལམ་མཐོང་བ་འགའ་ཞིག་གིས་རྨི་ལམ་རྨིས་པའི ་སེམས་འགའ་ཞིག་རྣམ་པར་ཤེས་ནས། དེ་ནི་བདྲེན་པར་སྨྲའོ་ཞེས་བརྗོད་ཅིང་། དེ་རྙིང་རྨི་ལམ་དུ་མ་ཡི་མགོ་ལ་འོ་བྱེས་ཤིང་ཕ་ཡིས་སོ་སོར་བསྔགས་པ་བརྗོད། བསྐྱེད་མོས་ཚལ་བཙོངས་ནས་སྟོང་ཕྲག ་གཅིག་བྲམ་ཟེ་ལྔ་བྱིན་པ་དང་། བསྐོར་བ་བྱེད་པ་མཐོང་ཞེས་སོ།། དེ་བཞིན་དུ་བ་ཅོམ་ལྡན་འདས་ཀྱིས་བྱིས་པས་མངོན་པར་ཞེན་པ་ལྟར་སྐྱེ་བ་དང་གནས་པ་དང་འཇིགས་པ་ལྔ་སོགས་པོའི་དབྱེ་བ་ཐ་དད་པ་དངོས་པོ་ཐམས་ཅད ་མེད་པར་ཐ་སྙད་ཀྱིས་གསུངས་པར་འགྱུར་རོ།། དེ་ལ་རྨི་ལམ་དུ་མཐོང་དྲི་ལ་ལ་སོགས་པ་ཉིད་ལ་བདེན་པར་མངོན་པར་འདོད་པ་དེའི་ངོ་བོ་རིགས་པ་མ་ཡིན་ནོ།། དེ་བཞིན་དུ་བྱིས་པ་ཕྱིན་ཅི་ལོག་པ་རྣམས་ཀྱིས་སྐྱེ་བ་དང ་གནས་པ་དང་འཇིགས་པ་ལ་སོགས་པ་མངོན་སུམ་པར་བརྗོད་ཀྱི་སངས་རྒྱས་རྣམས་ལ་ནི་མ་ཡིན་ནོ།། ལྷག་བཤད་ཟིན་ཏོ།། མྱ་ངན་ལས་འདས་པ་དང་མཚུངས་པར་ཆོས་ཐམས་ཅད་རང་བཞིན་མེད་པ་ལ་གནས ་པའི་སངས་རྒྱས་བཅོམ་ལྡན་འདས་སོ་ཞེས་བྱ་སྟེ། སྨོས་པ་ག་ལ་ཞིག། ཇི་སྐད་དུ་མདོ་ལས། ཚེ་དང་ལྡན་པ་ཀུན་དགའ་བོ་རེག་པའི་སྐྱེ་མཆེད་དྲུག་པོ་ཟད་པ་དང་། འདོད་ཆགས་དང་བྲལ་བ་དང་། འགགས་པ་དང་། ཉེ་བར ་ཞི་བ་དང་། ནུབ་པར་གྱུར་པ་འདི་ལས་གཞན་པའི་སྤྲོས་པས་སྤྲོས་པར་བྱེད་པ་ཡོད་དམ་ཞེས་པ་དང་། ཡོད་པ་དང་མེད་པ་ཞེས་པའི་སྤྲོས་པས་སྤྲོས་པར་བྱེད་དམ་ཞེས་པ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་སྐྱེ་མཆེད ་དྲུག་ནི་སྤྲོས་པའོ།། སྐྱེ་མཆེད་དྲུག་འགགས་པ་ལས་སྤྲོས་པ་མེད་པའོ།། ཞེས་པའི་བཱར་དུ་མྱ་ངན་ལས་འདས་པ་བཅོམ་ལྡན་འདས་ཀྱིས་གསུངས་སོ།། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་དབང་གིས་ན་དོན་དམ་པའོ།། ། ་འཇིག་རྟེན་པའི་ཤེས་པའི་དབང་གིས་ཀྱང་ཀུན་རྫོབ་བོ་ཞེས་གནས་སོ།། དེ་ཉིད་ཀྱིས་ན། འཇིག་རྟེན་པ་ཡི་ཆོས་བསྟན་མི་ཉམས་ཤིང་།། ཡང་དག་ཉིད་དུ་ནམ་ཡང་དག་ཉིད་དུ་ནམ་ཆོས་བསྟན་མེད།། དེ་བཞིན་གཀྱེ ་པས་གསུངས་པ་མ་རིགས་པས།། དེས་ན་དྲི་མེད་བརྗོད་པ་འདི་ལ་སྐྲག། དེས་ན་སྐྲག་ཅེས་པ་ལ། དེས་ནའི་སྒྲ་ནི་ཇི་སྐད་དུ་སྨོས་པའི་རིགས་པ་དང་ལུང་གིས་དཔྱད་པ་རྣམས་ཏེ། འཇིག་རྟེན་པའི་ཐོག་མར་བལྟ་བར་བྱ ་སྟེ། དེས་ན་འཇིག་རྟེན་པའི་ཞེས་བྱ་སྟེ། འདིར་ཚིགས་སུ་བཅད་པ་སྡེབ་པའི་ངོར་འཇུག་པས་རིམ་པ་འཚོ་ལྔ་པར་བལྟ་བར་བྱའོ།། དེས་ན་འདིའི་དོན་ཀྱང་། གང་གིས་ཕྱིར་ཇི་སྐད་དུ་སྨོས་པའི་རྟེན་ཅིང་འབྲེལ་པར་འབྱུང ་བ་བཤད་པར་བརྫུན་པ་བསླུ་བའི་ཆོས་ཅན་ཙམྦ་བྱིས་པའི་སྐྱེ་བོའི་བློའི་སྤྱོད་ཡུལ། རྨི་ལམ་དང་སྒྱུ་མ་དང་དྲི་ཟླའི་གྲོང་ཁྱེར་གྱིས་རྣམ་པ་ཅན་དེའི་རང་བཞིན་གྱི་ལས་ཀྱི་འབྲས་བུ་ཀུནྡ་ནས་ཉོན་མོངས་པ་ནྡན་དང་རྣམ ་པར་བྱང་བ་འཆིང་བ་དང་གྲོལ་བའི་རྒྱུ་མཚན་འཇིག་རྟེན་པའི་ཐ་སྙད་དུ་ཡོད་པ་ཉིད་དུ་འདོད་པ་དེས་ན་དེའི་ཕྱིར། འཇིག་རྟེན་པ་ཡིས་ཆོས་བསྟན་མི་ཉམས་ཤིང་། ཐ་སྙད་པ་ཉིད་ལ་ཇི་ལྟ་བའི་དོན་ཡིན་པའི ་ཕྱིར་ཇི་ལྟར་གནས་པ་ཕྱིན་ཅི་ལོག་པར་འཇིག་རྟེན་པའི་དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་བརྗོད་ལ། དེ་ཉིད་བརྗོད་པ་ལས་རིམ་གྱིས་དེ་ཁོ་ན་ཉིད་ལ་འཇུག་པའི་རྒྱུའི་ཕྱིར་ཡང་འཇིག་རྟེན་པ་ཡི་ཆོས་བསྟན ་མི་ཉམས་ཤིང་ངོ་།། འཇིག་རྟེན་པའི་ཆོས་བསྟན་པ་ཡང་དངོས་པོ་གང་ཅུང་ཟད་ཀྱི་རང་བཞིན་ཁས་མ་བླངས་པས། སྟོན་པ་དང་བསྟན་བྱ་དང་སྟོན་པ་པོ་རྣམས་རང་བཞིན་གྱིས་མ་གྲུབ་པའི་ཕྱིར། ཡང་དག་ཉིད་དུ་ནམ་ཡང་ཆེས ་མེད། དེ་བཞིན་གཤེགས་པས་ཆོས་འགའ་ཞིག་ཡང་དག་པར་དམིགས་ནས་ཉེ་བར་སྟོན་པར་མི་འགྱུར་ལཱ། དེས་ན་ཆོས་ཐམས་ཅད་ཀྱི་རང་བཞིན་ཡོངས་སུ་མི་རྟོགས་པས་འདི་ནི་བདེན་ནོ་ཞེས་པར་མངོན་པར་ཞེན་པ་ཡོངས ་སུ་བཏང་ནས་གནས་པའི་རྣལ་འབྱོར་པ་ངེས་པར་མྱ་ངན་ལས་འདས་པ་ལ་གཞོལ་བར་འགྱུརརོ།། དེ་ལྟར་ན་འདི་ནི་བདེན་པ་གཉིས་ལ་བརྟེན་ནས་ལས་ཡོད་པའི་ཕྱིར་དང་། རྟོག་པ་མེད་པའི་ཕྱིར་རྣལ་འབྱོར་པ་རྣམས་ཀྱིས་མྱ་ངན ་ལས་འདས་པ་གྲུབ་པ་ཡང་ཅུང་ཟད་ཀྱང་མི་ཉམས་ལ། གྲོལ་བ་ཡང་བདེ་བླག་ཏུ་ཁོ་ནར་མྱུར་དུ་སྐྱེ་བར་འགྱུར་རོ།། གལ་ཏེ་ཡང་རང་བཞིན་མེད་པ་ལ་ཕྱིན་ཅི་ལོག་པ་རྣམས་ཀྱིས་དེ་ཡོངས་སུ་མི་ཤེས་པས། རང་བཞིན་མྱང་བ ་ལ་དངོས་པོའི་རྒྱུ་མཚན་གྱིས་ཀུན་ནས་ཉོན་མོངས་པའི་ཕྱོགས་སུ་འཇུག་ལ། ཕྱིན་ཅི་མ་ལོག་པ་རྣམས་རང་བཞིན་མེད་པ་མཐོང་བ་ལས་ཀུན་ནས་ཉོན་མོངས་པའི་ཕྱོགས་ལས་ལོག་ནས་རྣམ་པར་བྱང་བ་ཡང་བསྐྱེད་དོ།། དེ ་ཅི་སླར་ཡང་འདིར་བརྗོད་པ་ལ་དྷེ་སྡུག་པས་འཇིག་རྟེན་པ་རང་བཞིན་དང་བཅས་པདྨ་སྒྲ་བྱུལ་བརྟནྟ། སྐྱོན་དང་ལྡན་ན་བརྗོད་པ་ནི་སྤྱང་བར་རིགས་ལ། བརྗོད་པ་འདི་ནི་སྐྱོན་དང་ལྡན་པ་མ་ཡིན་ནོ།། ཡནྡྲ་ཏན་དང་ལྡན་ནུ་ཡང་བརྗོད་པ ་བརྟེན་པར་རིགས་ནས། རང་བཞིན་དང་བཅས་པར་སྨྲ་བཱ་ནི་ཡོན་ཏན་དང་ལྡན་པ་མ་ཡིན་ནོ་ཞེས་བྱ་སྟེ། དེ་ལ་འཇིག་རྟེན་པ་འདི་དག་རླུང་བཞིན་སྨྲ་བྷ་སྤངས་ནས་རླུང་བཞིན་དེང་བཅས་པར་སྨྲ་བ་ལ་ཇི་ལྟར་བཛིན་ཞེ་ན། སྨྲས་པ། ་དངོས་པོ་ཇི་ལྟར་སྨྲས་པ་རྣམས་མི་སྲིད་པ་ཉིད་ཀྱིས། ཇི་སྐད་སྨོས་པའི་བརྗོད་པ་སྦྱངས་ནས་གནས་པས་འཇིག་རྟེན་པ་དངོས་པོའི་ཇི་ལྟར་བ་ལ་མི་གནས་ཤིང་ཕྱིན་ཅི་ལོག་ཇི་ལྟ་བར་གནས་སོ།། འོ་ན་དེ་བཞིན་གྲི་ཤེགས་པ ་མའི་གསུངས་གི་འོད་ཟེར་གསལ་བར་སྣང་བས་ན་འཇིག་རྟེན་པ་རྣམས་ཕྱིན་ཅི་ལོག་པར་མི་རིགས་སོ།། བདེན་ཏེ། གལ་ཏེ་འཇིག་རྟེན་པ་ལ་ཤེས་རབ་ཀྱི་མིག་ཡོད་ན་རིགས་ཀྱི། མ་རིགས་པས་ལྡོངས་པའི་འཇིག་རྟེན་བླ ་ཇི་ལྟ་བའི་དེ་བཞིན་གཤེགས་པའི་གསུངས་ལས་ཁོང་དུ་ཆུང་བར་ཇི་ལྟར་འགྱུར།། དེ་མ་རྟོགས་པས་གདོན་མི་ཟ་བར་འཇིགས་པ་མ་ཡིན་པའི་གནས་ལ་སྐྲག་པར་འགྱུར་རོ་ཞེས་བསྒྲུབ་པའི་ཕྱིར་གསུངས་པ། དེ་བཞིན ་གཤེགས་པས་གསུངས་པ་མ་རིགས་པས། དེས་ན་དྲི་མེད་བརྗོད་པ་འདི་ལ་སྐྲག། ཅེས་པ་ལ། ཇི་ལྟར་བུད་ཤིང་ལ་བརྟེན་ནས་མེ་འབྱུང་ལ། སྤྲིན་ལ་བརྟེན་ནས་ཆར་པའོ་ཞེས་པ་ནི་འདིར་རྒྱུའི་དོན་ཏོ།། དེ་བཞིན་དུ ་གསུངས་པ་མ་རིག་པས་ཤེས་པ་འདིར་ཡང་ཀྟའི་རྐྱེན་གྱིས་རྒྱུའི་དོན་ཏོ།། ཇི་སྐད་དུ་གསུངས་པའི་ཀུན་རྫོབ་དང་དྲོན་དམ་པའི་བདེན་པ་ལ་མི་མཁས་པའི་སྐྱེ་བོས་དེ་བཞིན་གཤེགས་པས་གསུངས་པ་མི་ཤེས་ལ ་མི་ཤེས་པས་གདོད་མ་ནས་ཞི་བ་སྐྱེ་བ་མེད་པའི་ཆོས་བསྟན་པ་ལ་ངེས་པར་བསྒྲག་པར་འགྱུར་རོ།། དེ་ཡང་གདོད་མ་ནས་ཞི་བ་མ་སྐྱེས་པའི་ཆོས་བསྟན་པའི་རྣམ་པར་དབྱེ་བ་མི་མཐོང་ཞིང་། ཇི་ལྟར་ཉེ་བར་དམིགས་བཞིན་པའི ་བདག་དང་བདག་གི་བའི་ཆོས་ཀྱི་དངོས་པོ་སེམས་ལ་བཞུག་ནས། བདག་ནི་མེད་བྱར་གྱུརྱཱ་ཏ་རི་ཞེས་བྱིས་པ་དག་དྲི་མེད་ཀྱི་བརྗོད་བྱ་ལྀ་སྐྲག་པར་འགྱུརརོ།། བརྗོད་པར་བྱ་བའི་ཕྱིར་བརྗོད་པ་སྟེ། བཤད་པའི་དོན་ལ་བརྗོད་པ་ཞེས་བརྗོད་དེ། ་བསྟན་བཞིན་པའི་ཕྱིར་རོ།། བརྗོད་པ་དེ་ཡང་མཚན་མ་མེད་པའི་ཕྱིར་དྲི་མ་མེད་པའོ།། མི་གསལ་བ་མངོན་སུམ་མ་ཡིན་པ་ཞེས་བྱའོ།། འོ་ན་དྲི་མོད་བརྗོད་བྱ་འདི་ལ་སྐྲག། ཅེས་པ་འདིར། འཇིག་པའི་རྒྱུ་ནི་འབྱུང་ཁུངས་སོ།། ཞེས ་པས་འདིར་འབྱུང་ཁུངས་ལ་བརྟེན་ནས་ལྔ་པར་འགྱུར་རོ།། མ་ཡིན་ཏེ་ཀྟའི་རྐྱེན་གྱིས་རྒྱུའི་དོན་གསུངས་པས་ཞེ་ན། མ་ཡིན་ཏེ་དོན་གཞན་ཡིན་པའི་ཕྱིར་ཏེ། དྲི་མ་མྱོང་བའི་བརྗོད་བྱ་ཉིད་ལ་སྲོག་ཆགས་རྣམས་སྐྲག་པས་སོ།། བརྗོད ་བྱ་ཅིའི་ཕྱིར་ན་རྒྱུར་འགྱུར།། དེ་ལས་སྐྲག་པས་སོ།། དེ་ལ་འཇིགས་པའི་རྒྱུ་ཅི་ཞེ་ན། མ་རྟོགས་པ་རྒྱུར་ཀྟའི་རྐྱེན་གྱིས་བརྗོད་ལ། དེའི་ཕྱིར་འཇིགས་པའི་རྒྱུ་ཉིད་ནི་མ་རྟོགས་པ་རྒྱུ་མཚན་ནོ།། དྲི་མེད་པའི་བརྗོད་བྱ་འཇིགས་པའི ་རྒྱུའོ་ཞེས་པ་ཡང་། གལ་ཏེ་དྲི་མ་མེད་པའི་བརྗོད་པ་འཇིགས་པའི་རྒྱུར་འགྱུར་ནཱ་ལྔ་པར་འགྱུར་ལ། འདི་ནི་འཇིགས་པའི་རྒྱུ་མ་ཡིན་ཏེ། འཇིགས་པ་མ་ལུས་པ་ལས་ལྡོག་པའི་རྒྱུའི་ཕྱིར་རོ།། དེ་ཉིད་ཀྱིས་ན་གསུངས་པ། རིན་པོ་ཆེ ་ཕྲེང་བ་ལས། སྡུག་བསྔལ་ཐམས་ཅད་བྱུང་བྱེད་ཆོས།། ཐོས་པས་རྟོགས་པ་མི་ལྡན་པ།། སྐྲག་འགྱུར་ཡོངས་སུ་མ་ཤེས་པས།། འཇིགས་མིནྡ་གནས་ལ་འཇིགས་བར་འགྱུར།། འདི་དག་ཐམས་ཅད་མི་འབྱུང་བའི།། མྱ ་དྲན་འདྲས་པས་དེ་མི་འཇིགས།། འདིར་སྨོས་པ་ཡིད་དངོས་མེད་ལ།། ཅི་ཡིས་དྲི་ལེ་དེ་འཇིགས་བྱེད།། ཐར་པ་བདག་མེད་ཕུང་པོ་མེད།། འདི་འདྲའི་ཐར་པ་ལ་ཡང་དགའ།། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས།། འདི་ལྟ་བུ་དེ ་ཅིས་མི་དགའ།། ཞེས་སོ།། དེ་ཉིད་ཀྱིས་ནི་འཇིགས་པའི་རྒྱུ་ཉིད་དུ་མ་ཡིན་པར་ཤེས་པར་བྱ་བའི་ཕྱིར།། དྲི་མ་མེད་པའི་བརྗོད་པ་ཡུལ་མ་ཡིན་པར་བསྟན་ཏོ་ཞེས་ཤེས་པར་བྱའོ།། གང་ཡང་འདི་སྙམ་དུ་སེམས་ཏེ། སྒྲའི ་མཚན་ཉིད་ལྟ་མངོན་པར་ཞེན་པ་སྤྲིང་བའི་དོན་དུ་སློབ་དཔེན་གྱི་བསམས་བཞིན་དུ་ཟླར་ཆག་པའི་སྒྲའི་སྦྱོར་བ་བྱས་སོ་ཞེས་པ་དེ་མི་འཐུད་དེ། གལ་ཏེ་སྒྲའི་མཚན་ཉིད་དོར་ནུས་བརྗོད་པས་དེས་མངོན་པར་ཞེན་པ་དང་བྲལ་ནས ་སྒྲའི་མཚན་ཉིད་ལོགས་སུ་བོར་བའི་བརྗོད་པ་ལ་བདེན་པར་མངོན་པར་ཞེན་པ་འབྱུང་བར་འགྱུར་ལ། དེ་ལྟར་ཡང་མ་ཡིན་ནོ།། ཡང་ཇི་ལྟ་དེ་ལྟར་སྒྲའི་སྦྱོར་བ་བྱེད་ན། དེའི་ཚེ་ཚིག་ལྷུག་པ་ལ་ཡང་མངོན་པར་ཞེན་པ་སྤྱད ་པ་ཕྱིར་སྦྱོར་བ་མཛད་པས་འགྱུར་ན། དེ་ཡང་མ་མཛད་ལ། དེའི་ཕྱིར་མཚན་ཉིད་མི་དྲན་པ་ཉིད་སྲིད་ཀྱི་མཚན་ཉིད་ལ་མངོན་པར་ཞེན་པ་སྤོང་པས་ནི་མ་ཡིན་ནོ།། ཐབས་གཞན་གྱིས་དེའི་མངོན་པར་ཞེན་པ་སྤོང ་པར་བྱེད་པ་མེད་པཱ་མ་ཡིན་ལ། དེའི་ཕྱིར་སློབ་དཔོན་ནི་ནམ་ཡང་ཟུར་ཆག་པའི་སྒྲའི་སྦྱོར་བ་མི་མཛད་དོ།། འོ་ན་རེ་ཞིག་འགྲོ་པོ་མི་འགྲོ་ཞིང་།། ཞེས་པ་ལ་སོགས་པ་ཟུར་ཆག་པའི་སྒྲའི་སྦྱོར་བ་མཐོང་བ་མ་ཡིན་ནམ་ཞེ་ན། འདི་ན་ཟུར ་ཆག་པའི་སྒྲ་མ་ཡིན་ཏེ། གང་གི་ཕྱིར་བཟློག་པས་ནི་མང་པོའོ་ཞེས་པས་འདི་ནི། ས་མཐའ་རི་མཐའ་ཉེ་བར་གཟུང་བ་རྟགས་དང་སྐྱེས་བུ་དང་། ཀ་ལ་ཧཱ་ལ་དབྱངས་ཡིག་བྱེད་པོ་ཡཱ་ང་ཉེ། བསྟན་བཅོས་བྱེད་པས་འདི་དག་བཟློག་པ ་སྟེ། ངེས་ཀྱང་མང་པོ་འགྲུབ་པར་འགྱུར་ཞེས་བྱ། ཞེས་པ་མ་ངེས་པར་བརྗོད་པ་ལས་ཏེ། བཟློག་པར་སྨྲ་བཱ་ལ། སྨྲ་བས་བདག་གི་ཚིག་ཏུ་འགྱུརརོ།། འོ་ན་རིག་བྱེད་ཀྱིའོ་ཞེས་པའི་གཞི་ལས་འདི་ནི་རེག་བྱེད་ཀྱི་བརྗོད་པའོ།། གཞན་ཡང ་བཟློག་པ་ནི་སྡེབ་སྦྱོར་གྱི་ཁོ་ནའོ་ཞེ་ན། དེ་དག་ནི་མ་ཡིན་ཏེ། དེར་ནི་ཚིགས་སུ་བཅད་པའི་སྡེབ་སྦྱོར་འཇིག་རྟེན་པས་རིག་བྱེད་ཀྱི་སྒྲས་ཡོངས་སུ་གཟུང་བ་མུ་ཡིན་ནོ།། འོན་ཀྱང་སྔགས་དང་བྲམ་ཟེ་རྟོག་པ་པ་རྣམས་ཀྱིའོ།། དེའི ་ཕྱིར་འདི་དག་མཚན་ཉིད་རྗེས་སུ་འགྲོ་བ་མ་ཡིན་ནོ་ཞེ་ན་སྨྲས་པ། དེ་ལྟར་འགྱུར་དུ་ཆུག་ན་ཡང་། དེ་ལྟ་ན་ཡང་རིག་བྱེད་བཞིན་དུ་སྙན་ངག་མཁན་གྱིས་སྦྱོར་ཏེ། དེ་སྐད་དུ་ཡང་། རིག་བྱེད་འཇིག་རྟེན་པར་མཐོང་ལ། འཇིག ་རྟེན་པ་ཡང་རིག་བྱེད་ལ།། སྒྲ་ནི་ཁྱད་འཕགས་སྦྱོར་བའི་ཕྱིར།། ནམ་ཡང་ཐ་དད་མ་ཡིན་ནོ།། ཞེས་སོ་ཁྱད་པར་འཕགས་པ་ཡང་སློབ་དཔོན་འདིའོ་ཞེས་བྱ་སྟེ། དེས་ན་འདིར་ཟུར་ཆག་པའི་སྒྲའི་སྦྱོར་བ་མི་སྲིད་ལ། མཚན་ཉིད་བྱེད་པས་མཚན ་ཉིད་མ་ཚང་བ་ཡང་སྲིད་དེ། མཚན་ཉིད་ནི་མཚོན་བྱ་མ་ལུས་པ་ལ་ཁྱབ་པར་འགྱུར་བས་སོ།། མཚོན་བྱ་ཡང་ཁྱད་པར་འཕགས་པས་སྦྱར་བ་བྱས་པའི་སྒྲའོ།། དེ་རྣམས་མཚན་ཉིད་ཀྱིས་མ་བསྡུས་པའི་ཕྱིར་འདི་ནི་མཚན་ཉིད་བྱེད་པའི ་སྐྱོན་ཡིན་གྱིས་སློབ་དཔོན་གྱིས་ནི་མ་ཡིན་ནོ།། དེའི་དུས་ན་རབ་ཏུ་གྲགས་པའི་སྒྲ་མང་པོ་སློབ་དཔོན་གྱིས་གཟིགས་པ་རྣམས་ཀྱང་། དེང་སང་གི་པཱ་ཎི་ནི་ལ་མཚན་ཉིད་ལ་ཡོད་པ་མ་ཡིན་ནོ།། དེང་སང་དུས་ན་དེས་མཚན་ཉིད་བྱས་པ ་ཡང་མ་ལུས་པའི་སྒྲའི་རྗེས་སུ་འབྲངས་ནས་མཚན་ཉིད་རྗོད་ཀྱང་། གལ་ཏེ་ནུ་ཡང་དྲི་བསྡམ་པ་དང་དྲན་པ་ཉམས་པ་དག་གིས་མཚོན་བྱ་མ་ལུས་པ་ལ་ཁྱབ་པའི་མཚན་ཉིད་བརྗོད་པར་མ་ནུས་པས་ན། དེའི་ཚེ་སུའི་སྐྱོན་ཡིན། ་འདི་ལྟར་ཀཱ་ཏྱཱ་ཡ་ནས་འདིར་ཡང་ཤིན་ཏུ་ཆེས་མ་ཚང་བའི་མཚན་ཉིད་སྨོས་པ་ནི། ཇི་ལྟར་པཱ་ཎི་ནི་དྲན་པ་དང་བསམ་པ་ཉམས་པས་མཚན་ཉིད་མ་ཚང་བ་ལྟར་དེ་བཞིན་དུ་དུས་དེས་ན་སྐྱེས་པའི་ཀཱ་ཏྱཱ་ཡ་ན་ལ་སོགས་པ་ལ་སྲིང ་ལ། གལ་ཏེ་ནི་ཡང་རིག་པའི་སྒྲས་སྔགས་དང་བྲམ་ཟེ་དང་རྟོག་པ་གཟུང་ཡང་རུང་། ཚིགས་སུ་བཅས་པའི་སྡེབ་སྦྱོར་གྱི་མདོ་རུ་གཟུང་ཡང་རུང་སྟེ། དེ་ལྟར་པཱ་ཎི་ནའི་སྒྲ་ཡང་སྐྱོན་ཅན་དུ་མི་འགྱུར་ལ། སྡེབ་སྦྱོར་གྱིས་མཚན ་ཉིད་སྟོན་པ་པོ་རྣམས་ལ་ཡང་འདི་དག་འཐད་པར་འགྱུར་རོ།། གཞན་ཡང་མོན་སྲན་གྲེའུར་བྱ་བའི་སྒྲིབ་སྦྱོར་ཉམས་པར་མི་བྱའོ་ཞེས་སོ།། དེ་བཞིན་དུ་ཡང་ཁྱད་པར་འཕགས་པའི་སྦྱོར་བའི་རྗེས་སུ་འབྲངས ་ནས། ཡངས་ཤིང་ཆེ་བ་ལ་སོགས་པ་དང་། རྨ་བྱ་རོལ་པ་ལ་སོགས་པ་ལ་སྩོགས་པ་དང་། སྦྱོར་བ་རྣམ་པར་ཕྱེ་བ་ལ་སོགས་པ་ཡང་དོན་ཆེན་པོར་འཐད་དེ། མཚན་ཉིད་བྱེད་པས་མ་ཚངས་པ་མ་ཡིན་ལ། ཁྱད་པར་འཕགས ་པས་སྦྱར་བའི་སྒྲ་རྣམས་ཀྱང་ཟུར་ཆག་པའི་སྒྲ་ནི་མ་ཡིན་ནོ་ཞེས་བྱ་སྟེ། སྤྲོས་པ་དེ་ཙམ་གྱིས་ཚིག་གོ་སྐྱབས་སུ་བབ་པ་ཉིད་བཤད་པར་བྱ་སྟེ། ཡང་ནི་ཇི་སྐད་སྨོས་པ་དེ་ལས། འཇིག་རྟེན་པ་ཡི་ཆོས་བསྟན་མི་ཉམས་ཤིང ་ཡང་ད་ག་ཉིད་དུ་ནམ་ཡང་ཆོས་བསྟན་མེད། ཅེས་པ་ལ། སླར་ཡང་འདིར་ཇི་ལྟར་ན་འཇིག་རྟེན་པ་ལ་ཆོས་བསྟན་ཅིང་། ཇི་ལྟར་ཡང་འདིར་མི་འཇིག་ལ། གཞན་ཡང་ནམ་ཡང་དེ་ཁོ་ན་ཉིད་ལ་གང་དུ་ཡང་ཆོས་བསྟན ་པ་མེད་པ་ཅེས་པ་དེ་དག་འདིར་བསྟན་པར་འདོད་པས་གསུངས་པ། འདི་ལ་བརྟེན་ནས་འདི་འབྱུང་ཞེས། འཇིག་རྟེན་ཚུལ་འདི་མི་འགོག་ཅིང་།། གང་རྟེན་རང་བཞིན་མེད་པས་དེ། ཇི་ལྟར་ཡོད་འགྱུར་དེ་ཉིད་དེས།། འདིར ་སེམས་ཅན་དང་སྣོད་ཀྱིས་འཇིག་རྟེན་བདར་བཏགས་པ་པོ་འདི་དག། མ་རིག་པ་དང་རླུང་གིས་དཀྱིལ་འཁོར་ལ་སོགས་པའི་རིག་པས་འཇུག་པ་ནང་གིས་བདག་ཉིད་དང་ཕྱིའི་དབྱེ་བས་ཐ་དད་པ་རྣམས། རང་དང་གཞན ་དང་གཞན་དང་གཉི་གའི་རྒྱུ་དང་། ཡོད་པ་དང་མེད་པ་དང་གཉི་ག་དང་གཉི་ག་མ་ཡིན་པ་ལས་སྐྱེ་བར་བརྟགས་པ་རྣམས་རྐྱེན་འདི་པ་ཙམ་ལས་སྐྱེ་བར་སྐྱེ་བ་ཉེ་བར་བརྟན་པ་ནི་འཇིག་རྟེན་པའི་ཆོས་བསྟན་པ་ཞེས་བརྗོད་དོ།། དེ ་ཡང་རྐྱེན་འདི་པ་ཙམ་དུ་ཁཱི་ས་བླངས་པར་གྱུར་པས་མི་ཉམས་ལ། དེ་ལས་གཞན་དུ་ན་བརྟགས་ནས་ཁས་བླངས་པར་འགྱུར་ན། རྟེན་ཅིང་འབྲེལ་པར་འབྱུང་བ་མི་སྦྲིད་པར་འགྱུར་ལ། གཞན་དུ་བརྟགས་པ་ཡང་འཇིག་རྟེན ་བའི་མ་ཡིན་ཏེ། དེ་ནི་འཇིག་རྟེན་ལས་དེ་བཞིན་དུ་ཁྭམ་བླངས་པའི་ཕྱིར། འཇིག་རྟེན་པ་མ་ཡིན་པ་ཐར་པ་འདོད་པ་ཁ་ཅིག་གིས་ཕྱིན་ཅི་ལོག་གི་འདིར་བརྟགས་པའི་ཕྱིར་རོ།། ཇི་སྐད་དུ། བསྟན་བཅོས་ལས། རྩ་བའི་རབ་བྱེད ་བརྒྱད་པར་བྱེད་པོ་ལས་ཀྱི་རྟེན་འབྱུང་ནི།། དེ་ལ་བརྟེན་ནས་བྱེད་པོ་དང་།། ལས་འཇུག་གཞན་པ་འགྲུབ་པ་ཡིས།། རྒྱུ་མཚན་ཅི་ཡང་མ་མཐོང་ངོ་།། ཞེས་སོ།། དེ་འདི་ལྟར་འདི་ལ་བརྟན་ནས་འདི་འབྱུང་ངོ་ཞེས་པའི་འཇིག་རྟེན ་བུའི་ཚུལ་འདི་ནི་མི་འགོགས་པསྡུ། འཇིག་རྟེན་པའི་ཆོས་བསྟན་མི་ཉམས་སོ་ཞེས་གནས་སོ།། གང་ལ་རྟེན་ཅིང་འབྲེལ་པར་འབྱུང་བས་དེ་ནི་ངོ་བོ་ཉིད་ཀྱིས་མེད་པ་སྟེ། ཡོད་བཞིན་པ་ལ་བརྟེན་ནས་འབྱུང་བ་མེད་པའི ་ཕྱིར་རོ།། གང་ཡང་དེ་ལྟར་རང་བཞིན་གྱིས་ཡོད་བཞིན་པ་མ་ཡིན་པས། དེ་ཇི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ཡོད་བཞིན་པར་འགྱུར། དེའི་རང་བཞིན་ཡོད་བཞིན་པ་མ་ཡིན་པ་ཉིད་དོ་ཞེས་དགོངས་པའོ།། དེས་ན ་འདི་ལྟར་དཔྱད་ན་རྣལ་འབྱོར་པ་དེ་ཁོ་ན་ཉིད་ངེས་པར་འགྱུར་ཏེ། རང་བཞིན་གྱིས་མ་སྐྱེས་པའི་དངོས་པོའི་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པར་འགྱུར་རོ།། དེ་ཁོ་ན་ཉིད་མཐོང་བར་གྱུར་ན་ཆོས་ཐམས་ཅད་ཀྱི་རང ་བཞིན་མི་དམིགས་པའི་ཕྱིར། ནམ་ཡང་ཆོས་རྣམས་ཀྱི་རང་བཞིན་ཡོངས་སུ་གསལ་བར་མི་བྱེད་དེ། རང་ཉིད་ཀྱིས་མ་དམིགས་པར་གཞན་ལ་བཤད་པ་མི་སྲིད་དོ།། དེས་ན་ཡང་དག་ཉིད་དུ་ནམ་ཡང་ཆོས་བསྟན་པ ་མ་ཡིན་ནོ་ཞེས་གྲུབ་བོ།། དེ་ལྟར་ཚིགས་སུ་བཅད་པ་ཉིད་ཀྱིས་རབ་ཏུ་བྱེད་པ་མ་ལུས་པར་བསྒྲུང་ས་པའི་དོན་བསྡུས་པའི་ཚུལ་གྱིས་ཉེ་བར་བསྟན་ནས། དེ་ལས་གཞན་ལ་ཇི་ལྟར་བསྟན་པའི་ཆོས་རྣམས་ཀྱི་རང་བཞིན་རྣམ ་པར་འབྱེད་པས་ངེས་པར་བླ་ན་མེད་པའི་འབྲས་བུའི་དངོས་གྲུབ་མ་ཐོབ་པ་རྣམས། སླར་ཡང་ཐོས་པ་དང་བསམ་བྱ་དང་བསྒོམ་པ་ལས་ཡང་དག་པར་བརྩོན་པ་བསྐྱེད་པའི་ཕྱིར་དང་། མ་ཞུགས་པ་རྣམས་དང་། ཞུགས་པ ་དང་ལྡན་པ་ཡང་སྤྲོ་བུ་བསྐྱོད་པའི་དོན་དུ་ཡང་ཚིགས་སུ་བཅད་པ་གཉིས་གསུངས་པ། ཚུལ་འདི་ཡང་དགྲ་རྗེས་དཔོག་གང་།། དད་ལྡན་དེ་ཉིད་ཚོལ་ལ་བརྩོན།། རྟེན་མོད་ཆོས་འགའ་བརྟེན་པ་ཡིས།། སྒྱིད་དང་སྲིད་མིན་སྤང ་ནས་ཞི།། ཚུལ་འདི་ནི་དེ་ལྟར་ཇི་སྐད་དུ་སྨོས་པའི་རྟེན་ཅིང་འབྲེལ་པར་འབྱུང་བར་གནས་སོ་ཞེས་པའི་དོན་ཏོ།། ཡང་དག་རྗེས་དཔོག་གང་ནི། རང་གི་རང་བཞིན་ཡོངས་སུ་གཅོད་པའོ་ཞེས་བྱ་བའི་དོན་ཏོ།། ཁོང་དུ་ཆུད་པ ་ཡང་གལ་ཏེ་ན་སྐྱོན་རྗེས་སུ་ཚོལ་བ་ལ་བརྩོན་པས་ཁོང་དུ་ཆུད་པའོ།། ཞེ་ན་གསུངས་པ། དད་པ་དང་ལྡན་ཡང་གལ་ཏེ་བརྩོད་པའི་བསམ་པས་ཀྱང་འབྱུང་ངོ་ཞེ་ན། གསུངས་པ། དེ་ཉིད་ཚོལ་ལ་བརྩོན་ཞེས་པ་ལ། དད་པ་དང་ལྡན ་ན་ཡང་དོན་དམ་པ་ཁོང་དུ་ཆུད་པར་འདོད་པས་དེ་ཁོ་ན་ཉིད་འདི་ཉིད་ཚོལ་བའོ།། དེ་ཡང་རང་བཞིན་གྱིས་མཱི་དམིགས་པའི་ཕྱིར་མི་རྟེན་པའོ།། ཆོས་འགའ་བསྟེན་བསྡུ་ནི། ཆོས་འགའ་ཞིག་གསལ་བར་བྱེད་པའོ་ཞེས་བྱ་བའི་དོན་ཏོ།། དེ ་ལྟར་རྟེན་མེད་ཆོས་འགའ་བསྟོན་པ་དྲིས་ཅི་ཞིག་བྱེད་ཞེ་ན། གསུངས་པ། སྲིད་དང་སྲིད་མིན་སྤངས་ནས་ཞི།། ཞེས་པ་ལ། སྲིད་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའོ།། སྲིད་མིན་ནི་དེ་མེད་པའོ།། དེ་གཉིས་འདིར་སྤངས་ན་ངེས་པར་དངོས ་དང་དངོས་མེད་པ་ཞི་བར་འགྱུར་ཏེ། སྲིད་དང་སྲིད་དག་གིས་འཇུག་པ་འགགས་པས་ཞི་བར་གྱུར་པའོ་ཞེས་པའི་དོན་ཏོ།། སླར་ཡང་ཇི་ལྟར། སྲིད་དང་སྲིད་མཱིནྨ་རྟག་སྤོང་ཞིང་།། ཇི་ལྟར་དེ་ཞི་ཁྲིས་བརྗོད་ན།། གང་ལས་དེའི་རྣལ ་འབྱོར་པ་ནི།། འདི་དག་རྐྱེན་འདི་ལྔས་རིག་ན། ལྷ་ངན་དྲ་བས་ཟིན་པ་ལྡོག། དེས་ནི་ཆགས་སྨོས་ཁྲོ་བ་རྣམས།། སྤངས་ཕྱིར་མྱ་ངན་འདས་པ་ཐོབ།། འདི་ནི་འདིའི་རྐྱེན་ལའོ་ཞེས་པས། རྐྱེན་འདི་པཱ་ལ། དེའི་དངོས་པོ་ནི་རྐྱེན་འདི་པའོ།། ། ་འདིས་ཇི་སྐད་དུ་བསྟན་པའི་རྐྱེན་འདི་པ་གསུངས་སོ།། རྣལ་འབྱོར་པ་གང་ཞིག་གིས་ཇི་སྐད་དུ་སྨོས་པའི་རྐྱེན་འདི་པ་ཙམ་ཁོང་དུ་ཆུད་པས་ཆོས་ཀྱིས་རང་བཞིན་འགའ་ཡང་མི་དམིགས་པའི་ཕྱིར། དངོས་པོ་དང་དངོས་པོ་མེད་པ ་དག་ཏུ་ཡོངས་སུ་མི་རྟོག་པར་གྱུར་པས། འཇིག་རྟེན་པའི་ལྟ་བ་ངན་པའི་དྲ་བའི་ནང་ནས་ལྡོག་ལ། དེ་ལས་ལོག་ནས་ཀྱང་། དངོས་པོ་དང་དངོས་མེད་ཀྱིས་ལྟ་བས་བསླང་བ་འདིའི་སྲིད་དང་སྲིད་མྱིན་གྱི་རང་བཞིན ་དུ་ཉེ་བར་དམིགས་པ་སྤངས་པས་སྤོངས་ལ། དེ་སྤངས་ནས་ཀྱང་ལྟ་བའི་རྩ་བ་འདོད་ཆགས་ལ་སོགས་པ་འདིའི་ཉོན་མོངས་པ་ལས་ལྡོག་གོ།། ཡང་དག་པ་མ་ཡིན་པའི་ལྟ་བས་ཀུན་ནས་བསླང་བའི་དངོས་པོ་དང་དངོས་པོ་མེད་པ ་ཡུལ་ཉིད་འཇིག་རྟེན་པས་རྟོགས་ལ། དེ་སྤངས་པར་གྱུར་ན་ཡང་། དངོས་པོ་དང་དངོས་པོ་མེད་པ་དག་དེ་ལ་མྱི་སྣང་བའི་ཕྱིར། རྒྱུ་མཚན་མེད་པས་འདོད་ཆགསྣ་ལ་སོགས་པ་འདི་ལ་མི་ལྡན་ལ། དེས་ན་རྣལ་འབྱོར་བྱ་དེ་འདོད ་ཆགས་དང་། ཁོང་ཁྲོ་དང་། གཏི་མུག་སྤངས་པའི་ཕྱིར། དྲི་མ་མེད་པ་སྟེ། ཉོན་མོངས་པ་མེད་པར་འགྱུར་རོ།། ཉོན་མོངས་པ་མེད་ན་ཡང་། སྔར་འཕངས་པའི་དངོས་པོ་འདི་ཡོངས་སུ་ཟད་པ་དང་། སྔོན་མེད་པའི་དངོས་པོ ་འཕེན་པ་སྤངས་པས་ངེས་པར་མྱ་ངན་ལསྣ་འདས་པ་འགྲོ་བ་མ་ཡིན་ནམ། དེ་འདི་ལྟར་བླ་ན་མེད་པའི་མྱ་ངན་ལས་འདྲེས་པའི་འབྲས་བུ་དོན་དུ་གཉེར་བའི་ཐུགས་རྗེ་ཆེན་པོ་དང་ལྡན་པ། ཤེས་རབ་ཅན་དང་། དད་པ་ཅན་དང ་ལྡན་པས་ཀྱང་། ཇི་སྐད་དུ་སྨོས་པའི་རྐྱེན་འདི་བའི་མཚན་ཉིད་། རང་བཞིན་གྱི་སྟོང་པ་ལ། དེ་བཞིན་དུ་བསྒོམ་པར་བྱ་ཞིང་། ཚུལ་བཞིན་དུ་ཉན་པ་དང་། བསམ་པར་བྱ་བ་ཡིན་ལ། གཞན་ཡང་རྣལ་འབྱོར་པས་རྟེན་ཏུ ་བསྒོམ་པ་ལ་ཤིན་ཏུ་བརྩོན་པ་དང་ལྡན་པར་འགྱུར་བར་རིགས་པས་སོ་ཞེས་བྱའོ།། བསིལ་བའི་ངག་གི་འོད་ཀྱི་ཀུ་མུ་དཱ་ཅན་ནི། བདུན་ཅུ་པ་ནི་ཀུན་ནས་རབ་ཏུ་གསལ་བྱེད་པའི།། ཟླ་བུ་རྣམ་པར་འཕྲོ་བས་གསལ་བྱས་ལམ་རིག་པ། ་ཅི་ཡང་མིན་ཞིང་ཅི་ཡང་མིན་མིན་ཆགས་པས་བསྟེན།། གང་ཞིག་དབུ་མར་འཇུག་པར་མ་སྤྲོས་པ་དག་དང་།། གང་ཞིག་དབུ་མའི་ཚོགས་སུ་བཅད་པ་མི་གསལ་བ།། དངོས་པོའི་དེ་ཉིད་མ་ལུས་དེ་དག་བདག་གིས་ནི།། བདུན་ཅུ་པ ་ཡི་རྣམ་པར་བྱེད་པ་འདིར་གསལ་བྱས།། གང་ཞིགྲི་ཐུགས་རྗེའི་བདག་ཉིད་ཐུབ་པའི་དབང་པོ་ཡིས།། ཡུན་རིངས་དུས་ནས་འབད་པ་ཆེན་པོས་མཛད་པ་ཡིས།། དེ་ཡང་ངོ་བོ་ཉིད་ཀྱིས་སྟོང་པ་ཞེས་བྱ་འདི།། ལམ་ཆེན་རྒྱལ་བ་ཐམས ་ཅད་རྗེས་སུ་གཤེགས་པ་སྟེ།། དེ་ལས་འཇུག་ཕྱིར་སྟོང་ཉིད་བདུན་ཅུ་ཞེས་བྱ་བའི།། བསྟན་བཅོས་གང་ཞིག་འཕགས་པ་ཀླུ་སྒྲུབ་ཅེས་བྱ་བྱས། གསུངས་པ་དེ་ནི་བདག་གིས་རྣམ་པར་ཕྱེ་བ་ཡིས།། དགེ་བ་གང་གིས་སྐྱེ་བོ་སངས ་རྒྱས་ཉིད་གྱུར་ཅིག། སྟོང་ཉིད་བདུན་ཅུ་པའི་རྒྱུ་ཚོར་འབྲེལ་པ། སློབ་དཔོན་ཟླ་བ་གྲགས་པས་མཛད་པ་རྫོགས་སོ།། ། སྦྱོང་ཞིང་བདུནྡྷ་ནཱའི་འགྲེལ་པ་ནི།། དགེ་སློང་དྷརྨ་གྲགས་ཀྱིས་བསྐུར།། གཞུང་གྲང ་སྟོང་ཕྲག་གཉིས་དང་ནི།། བརྒྱ་ཕྲག་གཅིག་གིས་ལྷག་པ་ཡིན།། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་པཎྜི་ཏ་ཨ་བྷ་ཡ་ཀ་ར་དང་། སྦུར་ལོ་ཙྪ་བ་དྷརྨ་གྲགས་ཀྱིས་བསྒྱུར་བའོ།། ་