CLOSE WINDOW

GT3270: phung po'i lnga'i rab tu byed pa
Wyliee-texts produced with BDRC’s OCR application

རྒྱུ་གཱར་སྐུད་དུ། པཉྩ་སྠཱནྡྷ་པྲ་ཀཱ་ར་ཎ། བོད་སྐད་དུ། ཕུང་པོའི་ལྔའི་རབ་ཏུ་བྱེད་པ། སངས་རྒྱས་ལ་ཕྱག་འཚལ་ལོ།། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། བློ་གྲོས་སྦྱངས་པ་མེད ་རྣམས་ཀྱིས།། བློ་ཡི་ཁ་ནི་དབྱེ་བའི་ཕྱིར།། ཕུང་པོ་སྐྱེ་མཆིད་ཁམས་རྣམས་ཀྱི།། མདོར་བསྡུས་ཡང་དག་མཚན་ཉིད་བརྗོད།། དེ་ལ་ཕུང་པོ་ལྔ་ནི་གཟུགས་ཀྱི་ཕུང་པོ་དང་། ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང ་པོ་དང་། རྣམ་པར་ཤེས་པའི་ཕུང་པོའོ།། སྐྱེ་མཆེད་བཅུ་གཉིས་ནི། འདི་ལྟ་སྟེ། མིག་གི་སྐྱེ་མཚོད་དང་། རྣ་བའི་སྐྱེ་མཆེད་དང་། སྣའི་སྐྱེ་མཆེད་དང་། ལྕེའི་སྐྱེ་མཆེད་དང་། ལུས་ཀྱི་སྐྱེ་མཆེད་དང་། ཡིད་ཀྱི་སྐྱེ་མཆེད་དང་། གཟུགས་ཀྱིས ་སྐྱེ་མཆེད་དང་། སྒྲའི་སྐྱེ་མཆེད་དང་། དྲིའི་སྐྱེ་མཆེད་དང་། རོའི་སྐྱེ་མཆེད་དང་། རེག་བྱའི་སྐྱེ་མཆེད་དང་། ཆོས་ཀྱི་སྐྱེ་མཆེད་ཅེས་བྱིའོ།། ཁམས་བཅོ་བརྒྱད་ནི། འདི་ལྟ་སྟེ། མིག་གིས་ཁམས་དང་། གཟུགས་ཀྱིས་ཁམས་དང་། ་མིག་གིས་རྣམ་པུཪྻ་ཤེས་པའི་ཁམས་དང་། རྣ་བའི་ཁམས་དང་། སྒྲའི་ཁམས་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་དང་། སྣའི་ཁམས་དང་། དྲིའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་ཁམས་དང་། ལྕེའི་ཁམས་དང་། རོའི ་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་དང་། ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་། ལུས་ཀྱིས་རྣམ་པར་ཤེས་པའི་ཁམས་དང་། ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམ ་ཞེས་བྱའོ།། དེ་ལ་གཟུགས་ཀྱི་ཕུང་པོའི་དབང་དུ་བྱས་ནས་བརྗོད་པ། དེ་ནི་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཏེ་དབང་པོ་ལྔ་དང་། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་སྟེ་ཡུལ་ལྔ་དང་། རྣམ་པར་རིག་བྱེད ་མ་ཡིན་པ་ཞེས་བྱ་བ་སྟེ། རྫས་བཅུ་གཅིག་གི་བདག་ཉིད་ནི་གཟུགས་ཀྱིས་ཕུང་པོའོ།། དེ་ཡང་རྣམ་པ་གཉིས་སུ་འགྱུར་ཏེ། འབྱུང་བ་དང་། འབྱུང་བ་ལས་གྱུར་པའོ།། དེ་ལ་འབྱུང་བ་ནི་ཆེན་པོ་བཞི་སྟེ། སའི་ཁམས་དང་ཆུའི་ཁམས ་དང་ཉམེའི་ཁམས་དང་། རླུང་གི་ཁམས་ཞེས་བྱ་བའོ།། ཉེ་བར་བཟུང་བའི་གཟུགས་ཐམས་ཅད་འཛིན་པ་འམ། རང་གི་མཚན་ཉིད་འཛིན་པས་ནི་ཁམས་ཏེ། དེ་དག་ནི་རེག་བྱིའི་སྐྱེ་མཆེད་ཀྱི་ཁོངས་སུ་འདུས་སོ།། རེག་བྱའི་སྐྱེ། ་མཆེད་ལྷག་མ་ནི་འཛམ་པ་ཉིད་ལ་སོགས་པའོ།། མིག་ལ་སོགས་པ་བཅུ་པོ་རྣམས་ནི་འབྱུང་བ་ལས་གྱུར་པ་སྟེ། འབྱུང་བ་ལས་བྱུང་བའི་ཕྱིར་རོ།། ཇི་ལྟར་རྩིག་པ་ལྔ་བརྟེན་ནས་རི་མོ་དང་། རྩ་དང་ཤིང་ལ་བརྟེན་ནས་ཁྱིམ ་དང་། མི་མཱ་ལོང་ལ་བརྟེན་ནས་གཟུགས་བརྙན་དང་། ཤིང་མག་ལྔ་ལ་བརྟེན་ནས་མེ་ལྟར་འབྱུང་བ་ཆེན་པོ་ལ་བརྟེན་ནས་མིག་ལ་སོགས་པ་ཀུན་ཏུ་འབྱུང་བའི་ཕྱིར་ཉེ་བར་གཟུང་བའི་གཟུགས་ཞེས་བརྗོད་དོ།། སའི་ཁམས ་ནི་འཐད་པ་ཉིད་དང་། མཁྲང་བ་ཉིད་དང་། སྲ་བ་ཉིད་དེ་དེའི་ལས་ནི་འཛིན་པའོ།། ཆུའི་ཁམས་ནི་གཤེར་བ་ཉིད་དང་། སྣུམ་པ་ཉིད་དང་། ཞུ་བ་ཉིད་དེ། དེའི་ལས་ནི་སྡུད་པའོ།། མེའི་ཁམས་ནི་དྲོ་བ་ཉིད་དེ། དེ་ཡིས་ལས་ནི ་ཚོས་པ་དང་སྐེམས་པའོ།། རླུང་གི་ཁམས་ནི་ཡང་ཞིང་གཡོ་བ་སྟེ། དེའི་ལས་ནི་བསྐྱེད་པ་དང་འཕེལ་བའོ།། དེ་ལ་བསྐྱེད་པ་ནི་རང་གི་ཡུལ་དུང་མངོན་པར་འབྲེལ་པ་ལྷག་པར་དེའི་སྟེང་དུ་འབྱུང་བར་བྱེད་པའོ།། འཕེལ་བ་ནི་ཡུལ་གཞན ་དུ་བར་མ་ཆད་པར་འབྱུང་བས་ཡུལ་གཞན་འཐོབ་པར་བྱེད་པའོ།། འཕེལ་བར་བྱེད་པ་འདི་ཉིད་ལ་རྒྱས་པ་ཞེས་གསུངས་སོ།། འབྱུང་བ་ཆེན་པོ་འདི་རྣམས་ནི་གང་ན་གཅིག་ཡོད་པ་ན་ལྷག་མ་ཡང་ཡོད་པ་ལ། གང་ན་ལྷག་མ ་ཡོད་པ་ན་གཅིག་ཀྱང་ཡོད་དེ་ཕན་ཚུན་དབྱེར་མེད་དོ།། དེ་ལྟ་བས་ན་དེ་དག་ནི་ཕན་ཚུན་མ་བལྟོས་པར་མེད་པས་རང་གི་ངོ་བོར་གྲུབ་པ་མྱེད་དོ།། དེ་དག་ལས་གཟུགས་ཁ་ཅིག་ནི་དངོས་སུ་ཡོད་པ་ཉིད་དུ་རང་གི་དབང་པོའི་རྣམ ་པར་ཤེས་པས་རྟོགས་སྷོ།། ཁ་ཅིག་ནི་འབྲས་བུ་མཐོང་བ་རྗེས་སུ་དཔག་གོ། དེ་དག་ནི་འབྱུང་བ་ཡང་ཡིན་པས་འབྱུང་བ་ཆེན་པོ་སྟེ། རྒྱ་ཆེ་བའི་ནམ་མཁའ་ཁྱབ་པར་གནས་བྱ་ནཱ། འདི་དག་ཉིད་ཆེན་པོའོ།། ཐུན་མོང ་དང་ཐུན་མོང་མ་ཡིན་པའི་ལས་ཀྱིས་ཁྱད་པར་ལས་འབྱུང་བ་ཉིད་ཀྱིས་འབྱུང་བའོ།། དེ་ལྟ་བས་ན་ན་མཁའ་ནི་གཟུགས་ཐམས་ཅད་འབྱུང་བའི་སྐབས་འབྱེད་པས་ཆེན་པོ་ཡིན་ཡང་འབྱུང་བ་ནི་མ་ཡིན་ཏེ། འདུས ་མ་བྱས་པ་ཉིད་ཀྱི་ཕྱིར་རོ།། དེ་བས་ན་ན་མཁའ་ནི་འབྱུང་བ་ཆེན་པོ་མ་ཡིནོ།། དེ་ལྟར་འབྱུང་བ་ཆེན་པོ་རྣམས་བཤད་ཟིན་ཏོ།། ཡང་ཇི་ལྟར་འབྱུང་བ་ཆེན་པོ་འདི་དག་རེག་བྱའི་སྐྱེ་མཆེད་ཀྱིས་བསྡུས་པ་ཉིད་ཀྱིས ་འཇིག་རྟེན་དཱའི་དབང་པོ་དང་དབང་པོས་སོ་སོར་རྟོགས་པས་མངོན་སུམ་ཉིད་ཡིན་པ་ལྟར་མིག་ལ་སོགས་པ་ནི་མཱ་ཡིན་ཏེ། དབང་པོའི་ཡུལ་ལས་འདས་པ་ཉིད་ཀྱིས་ན་རང་གི་འབྲས་བུ་རྣམ་པར་ཤེས་པ་ལས ་སུ་དཔག་པར་བྱ་བ་ཡིན་པའི་ཕྱིར་རྗེས་སུ་དཔག་པས་རྟོགས་སོ།། འདི་ལྟར་མ་དང་ཕ་ལ་བརྟེན་ནས་བུ་འབྱུང་བར་འགྱུར་བ་དེ་བཞིན་དུ་མིག་དང་གཟུགས་ལ་བརྟན་ནས་མིག་གིས་རྣམ་པར་ཤེས་པ་འབྱུང་བ་ན་དེའི་མའི་གནས་ལྟ ་བུ་ནི་མིགུ་སྟེ། དེའི་ཡོངས་སུ་འགྱུར་བས་རྣམ་པར་ཤེས་པའི་འགྱུར་བ་འབྱུང་བར་འགྱུར་ཏེ། ཕན་གཏུགས་པ་དང་གནོད་པ་བྱས་པ་དག་གིས་གསལ་བ་དང་མི་གསལ་བ་དག་ཏུ་རྗེས་སུ་སྒྲུབ་པས་སོ།། དེ་ལྟ་བས་ན་མིག་གི་དབང ་བོ་ནི་འདིའི་རྟེན་དུ་འགྱུར་བས་ན་མིག་གི་རྣམ་པར་ཤེས་པ་ཞེས་དེ་ཡིར་བསྟན་ཏོ།། མིག་གི་དབང་པོ་འདི་ནི་མིག་གི་རྟེན་གྱི་མིག་གི་འབྲས་བུའི་ནང་ན་རྒུན་འབྲུའི་འབྲས་བུའི་ཚད་ཙམ་ཟི་རའི་མེ་ཏོག་ལྟ་བུ་ལྟར་མེད་པ་ལྤགས་པ ་དད་པས་གཡོགས་པ་དང་པར་གནས་པ་རང་གིས་འབྲས་བུ་རྣམ་པར་ཤེས་པ་ལས་རྟོག་པ་སྟེ། དེ་ཡང་འདི་ལྟར་ཙེར་རེ་ལོང་རྣམས་ཀྱིས་མིག་བརྟེན་འདྲ་བར་གནས་ཀྱང་རྣམ་པར་ཤེས་པ་མི་འབྱུང་བས་དབང་པོ་མེད་པར་རབ་ཏུ ་ཤེས་སོ།། མིག་ལ་བརྟེན་པའི་རྣམ་པར་ཤེས་པ་ཡང་མིག་དང་། གཟུགས་དང་། སྣང་བ་དང་། ཡིད་ལ་བྱེད་པའི་རྐྱེན་རབ་ཏུ་རྙེད་ནས་འབྱུང་བར་འགྱུར་མོད་ཀྱི། ཐུན་མོང་མ་ཡིན་པའི་རྒྱུས་ཉེ་བར་བསྟན་ཏེ་ཇི་ལྟར་རྔ་བོ་ཆེའི་སྒྲ ་དང་། ནུས་ཀྱི་མྱུ་གུ་ཞེས་བྱ་བ་བཞིན་དུ་རྟེན་དེའི་རྣམ་པར་ཤེས་པ་ཞེས་བསྟན་ཏོ།། རབ་ཏུ་བྱེད་པའི་གཞུང་དང་ཡང་རྗེས་སུ་མཐུན་པར་འགྱུར་ཏེ། མིག་གི་དབང་པོ་གང་ཞེ་ན། མིག་གི་རྣམ་པར་ཤེས་པའི་རྟེན་གཟུགས་དང་བའོ་ཞེས ་འབྱུང་ངོ་།། མིག་གིས་རྣམ་པར་ཤེས་པ་འདི་ཡིས་རྟེན་ནི་རྣམ་པ་གཉིས་ཏེ། ལྷན་ཅིག་སྐྱེས་པའི་མིག་དང་། འདས་པའི་ཡིད་དོ།། དེ་ལ་མིག་ལ་མིག་གི་རྣམ་པར་ཤེས་པའི་རྟེན་དུ་བརྗོད་ན་ཡིད་ཀྱིས་ཀྱང་མིག་ཅེས་བྱ་བ་འཐོབ་པར ་འགྱུར་བས། དེ་བས་ན་གཟུགས་དང་བ་ཞེས་སྨོས་སོ།། དེ་བཞིན་དུ་རྣ་བ་ལ་སོགས་པ་ལ་ཡང་ཤེས་པར་བྱའོ།། ཁྱད་པར་ནི་འདི་ཡིན་ཏེ། རྣ་བའི་དབང་པོའི་རྡུལ་ཕྲ་རབ་ནི་གྲོ་བའི་དུད་པ་ལྟ་བུར་གནས་སོ།། སྣའི་དབང་པོའི་ལུས ་རྡུལ་ཕྲ་རབ་ནི་མཚུལ་བའི་ནང་ལྟག་ཁུང་གི་ཐཾད་ཀ་ན་སྨིག་སྨན་གྱི་ཐུར་མ་གཤིབས་པ་ལྟར་གནས་ཏེ། དབང་པོ་དང་པོ་གསུམ་ནི་ཕྲེང་བ་ལྟར་གནས་སོ།། ལྕེའི་དབང་པོའི་རྡུལ་ཕྲ་རབ་ནི་ཟླ་བ་ཁམ་པ་ལྟར་གནས་སོ།། ་ལུས་ཀྱི་དབང་པོའི་རྡུལ་ཕྲ་རབ་ནི་ལུས་བཞིན་དུ་གནས་སོ།། ལུས་ཀྱི་དབང་པོའི་ཁྱད་པ་ཉིད་མོ་དང་མེ་ཕོའི་དབང་པོའོ།། དེ་ལེ་མོའི་དབང་པོའི་རྡུལ་ཕྲ་རབ་ནི་རྔ་བོ་ཆེའི་མ་གཡོས་པའི་སྦུབས་ལྟར་གནས་སོ།། ཕོའི་དབང་པོའི ་རྡུལ་ཕྲ་རབ་ནི་མཐེ་བོའི་རྣམ་པ་ལྟ་བུར་གནས་སོ།། མིག་ལ་སོགས་པ་ལྔ་པོ་འདི་རྣམས་ནི་རང་གི་ཡུལ་ལ་ཉེ་བར་དམིགས་པའི་བདག་པོ་ཡིན་པས་དབང་པོ་ཞེས་བྱའོ།། དེ་ལྟ་བས་ན་མིག་ནི་གཟུགས་ལ་ཉེ་བར་དམིགས ་པ་ལ་ལྷག་པར་དབང་བྱེད་ཀྱིས་གཟུགས་ནི་མ་ཡིན་ནོ།། དེ་བཞིན་དུ་རྣ་བ་ལ་སོགས་པ་རྣམས་ལ་ཡང་རེག་པར་བྱའོ།། མོ་ཉིད་དང་པོ་ཉིད་ལ་དབང་བྱེད་པས་མོ་དང་པོའི་དབང་པོ་སྟེ། དེ་ལ་མོའི་ངོ་བོ་ནི་མོའི ་རང་བཞིན་དང་སྐད་དང་བྱེད་པ་དང་བསམ་པའོ།། པོའི་ངོ་བོ་ནི་ཕོའི་རང་བཞིན་དང་སྐད་དང་བྱེད་པ་དང་བསམ་པ་སྟེ། དེ་དག་ལ་དབང་བྱེད་པས་མོ་དང་པོའི་དབང་པོའོ།། དེ་ལྟར་དཔོང་པོ་རྣམས་བསྟན་ནས།། ད་ནི་དོན་རྣམས་བཤད་པར ་བྱ་སྟེ། དེ་ལ་མིག་གི་རྣམ་པར་ཤེས་པས་རྣམ་པར་ཤེས་པར་བྱ་བ་ཉིད་ནི་གཟུགས་ཀྱི་སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་དོ།། དེ་བཞིན་དུ་སྒྲ་ལ་སོགས་པ་ནི་རང་རང་གི་དབང་པོའི་རྣམ་པར་ཤེས་པས་ཤེས་པར་བྱེད་པ་ཉིད་ནི་སྒྲ ་ལ་སོགས་པའི་སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་དོ།། སོ་སོའི་དབྱེ་བས་ཕྱེ་བ་ན་གཟུགས་ཀྱི་སྐྱེ་མཆེད་ནི་རྣམ་པ་གཉིས་སུ་འགྱུར་ཏེ། ཁ་དོག་དང་དབྱིབས་སོ།། དེ་ལ་ཁྭ་དག་ནི་བཞི་སྟེ། སྔོན་པོ་ལ་སོགས་པའོ།། གཞན་ནི་དེའི་བྱ ་བྲག་གོ།། དབྱིབས་ནི་རྣམ་པ་བརྒྱད་དེ། རིང་པོ་ལ་སོགས་པ་ནས་དབྱི་མི་མཉམ་པའི་བར་དུའོ།། གཟུགས་ཀྱི་སྐྱེ་མཆེད་དེ་ཉིད་ཡང་རྣམ་པ་ཉི་ཤུར་བརྗོད་པར་བྱ་སྟེ། འདི་ལྟ་སྟེ་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར ་པོ་དང་། རིང་པོ་དང་། ཐུང་ངུ་དང་། ཟླུམ་པོ་དང་། ལྷམ་པ་དང་། མཐོ་བ་དང་། དམའ་བ་དང་། མཉམ་པ་དང་། མི་མཉམ་པ་དང་། སྤྲིན་དང་། དུ་བ་དང་། རྡུལ་དང་། ཁུག་རྣོ་དང་། གྲིབ་མ་དང་། ཉི་མ་དང་། སྣང་བ་དང་། མུན ་པ་ཞེས་བྱ་བའོ།། དེ་ལ་མཉམ་པ་ནི་མི་མཉམ་པ་ཞེས་བྱའོ།། དེ་ལ་མཉམ་པ་ནི་མི་མཉམ་པ་མེད་པའོ།། མཾ་མཉམ་པ་ནི་མཐོན་དམན་དུ་གནསྨྲ་པའོ།། དྲུག་དྷ་ནི་ལྟོ་བུང་རོ།། ནཱ་མནྠ་ཉི་མྦྷའི་འོད་དོ།། སྣང་བ་ནི་ཟླ་བ་དང་། སྐད ་མ་དང་། མེ་དང་སྨན་དང་། ནོར་བུ་རྣམས་ཀྱི་འོང་ངོ་།། གྲུབ་མ་ནི་གང་ན་གཟུགས་རྣམས་སྣང་དུའོ།། བཟློག་པ་ནི་མུན་པའོ།། ལྕུག་མ་ནི་གོ་སླའོ།། གཟུགས་ཀྱི་སྐྱེ་མཆེད་བཤང་ཟིན་ཏོ།། སྒྲ་ནི་རྣམ་པ་བརྒྱད་དོ།། ཟིན ་དང་མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བུ་དག་སོ་སོར་སེམས་ཅན་དང་སེམས་ཅན་མི་ཡིན་པར་སྟོན་པས་རྣམ་པ་བཞིའོ།། ཡང་དེ་ཉིད་རེ་རེ་ཞིང་ཡིད་དུ་འོང་བ་དང་། ཡིད་དུ་མི་འོང་བའི་བྱེ་བྲག་གིས་རྣམ་པར་བརྒྱད་དོ།། ་དེ་ལ་སེམས་དང་སེམས་ལས་བྱུང་བ་སྐྱེ་བའི་རྟེན་ཉིད་དུ་བཟུང་བས་ཟིན་པའོ།། དེ་ནི་སེམས་དང་བཅས་པ་ཞེས་བྱ་བའི་དོན་ཏེ། དབང་པོ་ལས་ཐ་དད་དུ་གྱུར་པ་མ་ཡིན་པའོ།། གང་ལ་རྒྱུ་ཟིན་པའི་འབྱུང་བ་ཆེན་པོ་ཡོད ་པ་དེ་ནི་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ཅན་ཏཾ་ལག་པ་དང་ངག་གི་སྒྲ་ལྟ་བུའོ།། གཞན་ནི་མ་ཟིན་པའི་འབྱུང་བ་ཆེན་པོ་རྒྱུ་ཅན་ཏེ། ཇི་ལྟར་དང་རླུང་དང་ནགས་ཚ་ལ་དང་ཆུ་ཀླུང་གི་སྒྲ་དང་ལྟ་བུའོ།། སེམས་ཅན་དུ་སྟོན་པའི་སྒྲ་ནི ་སེམས་ཅན་དུ་ངེས་པ་བྱེད་པའི་སྒྲ་སྟེ། སྒྲ་གང་གིས་སེམས་ཅན་ཏེ་སྲོག་ཆགས་སོ་ཞེས་ངེས་པར་འགྱུར་བ་དེ་ནི་སེམས་ཅན་དུ་སྟོན་པའོ།། བཟློག་པ་ནི་སེམས་ཅན་མ་ཡིན་པར་སྟོན་པའོ།། དེ་ལ་ཟིན་པའི་འབྱུང་བ་ཆེན ་པོའི་རྒྱུ་ཅན་སེམས་ཅན་དུ་སྟོན་པའི་སྒྲ་ནི་ངག་གི་སྒྲའོ།། སེམས་ཅན་དུ་རྟེན་པ་མ་ཡིན་པ་ནི་དེ་ལས་གཞན་པའོ།། མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ཅན་སེམས་ཅན་དུ་སྟེན་ནི་ཀྵུ་ལི་དག་གིའོ།། སེམས་ཅན་དུ་སྟོན་པ ་མ་ཡིན་པ་ནི་རླུང་དང་ནགས་ཚལ་དང་ཆུ་ཀླུང་གི་སྒྲའོ།། ཡིད་དུ་འོང་བ་ནི་ཡིད་དགའ་བར་བྱེད་པའོ།། ཡིད་དུ་མི་འོང་བ་ནི་དེ་ལས་བཟློག་པའོ།། གཞན་དྲག་ན་རེ་ཟིན་པ་དང་མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ཅན་གྱིས་སྒྲ་ཡང་ཡོད་དོ།། འདྲི ་ལྟ་སྟེ། ལྡག་པ་དང་རྔའི་སྦྱོར་བ་ལས་བྱུང་བ་ལྟ་བུའོ།། ཞེས་ཟེར་རོ།། དེ་ནི་མི་རུང་སྟེ། ཁ་དོག་གི་རྡུལ་ཕྲ་རབ་གཅིག་ལ་འབྱུང་བ་ཆེན་པོ་བཞི་ཚན་གཉིས་ཀྱིས་སྐྱེད་པར་མི་འདོད་པ་དེ་བཞིན་དུ་འདི་ཡང་མི་འདོད་དོ།། དྲི་ནི་རྣམ་པ་བཞི ་སྟེ། དྲི་ཞིམ་པ་དང་། མི་ཞིམ་པ་དང་། མཉམ་པ་དང་། མི་མཉམ་པ་ཉིད་དོ།། བསྟན་བཅོས་ལས་ནི་དྲི་ཞིམ་པ་དང་། དྭི་མི་ཞིམ་པ་དང་། དྲི་མཉམ་པ་ཞེས་རྣམ་པ་གསུམ་འབྱུང་ངོ་།། རོ་ནི་དྲུག་སྟེ། མངར་བ་དང་། སྦྱར་བ ་དང་། ལན་ཚྭ་དང་། ཚ་བ་དང་། ཁ་བ་དང་། བསྐ་བའི་བྱེ་བྲག་གིས་སོ།། རྩ་བའི་རོ་འདི་རྣམས་ཀྱི་ཡང་དག་པར་སྦྱོར་བ་ལས་རོའི་བྱེ་བྲག་མཐའ་ཡས་པར་འགྱུརརོ།། རེག་བྱ་བཅུ་གཅིག་གིས་བདག་ཉིད་དེ་འབྱུང་བ་ཆེན་པོ་བཞི་དང་། ་འཇམ་པ་ཉིད་དང་། རྩུབ་པ་ཉིད་དང་། ལྕི་བ་ཉིད་དང་། ཡང་བ་ཉིད་དང་། གྲང་བ་དང་། བཀྲེས་པ་དང་། སྐོམ་པ་ཞེས་བྱའོ།། དེ་ལ་འབྱུང་བ་ཆེན་པོ་ནི་བཤད་ཟིན་ཏོ།། འཇམ་པ་ནི་རེག་པ་ན་བདེ་བའོ།། རྩུབ་པ་ཉིད་ནི་རེག་པར ་མི་འདོད་པའོ།། ལྕི་བ་ཉིད་ནི་གང་གིས་དངོས་པོ་རྣམས་འཇལ་བར་བྱེད་པའོ།། ཡང་བ་ཉིད་ནི་དེ་ལས་བཟློག་པའོ།། གྲང་བ་ནི་དྲོ་བ་འདོད་པར་བྱེད་པའོ།། བཀྲེས་པ་ནི་ཟས་འདོད་པར་བྱེད་པའོ།། སྐོམ་པ་ནི་བཏུང་བ་འདོད་པར་བྱེད་པ་སྟེ། ་རྒྱུ་ལ་འབྲས་བུ་ཉེ་བར་བཏགས་པའོ།། དེ་ཡང་འདི་ལྟར་སངས་རྒྱས་འབྱུང་བ་བདེ་བ་སྟེ། ཆོས་བསྟན་པ་ཡང་བདེ་བ་ཡིན། དགེ་འདུན་མཐུན་པ་བདེ་བ་སྟེ།། མཐུན་པ་རྣམས་ཀྱིས་དཀའ་ཐུབ་བདེ་ཞེས་བྱ་བ་དེ་ལྟ་བུའོ།། དངོས ་པོ་གང་ལ་འབྱུང་བ་མེ་དང་ཆུའི་ཁམས་ཤས་ཆེ་བ་དེ་འཇམ་པ་ཉིད་དོ།། ས་དང་རླུང་ཤས་ཆེ་བ་དེ་ནི་རྩུབ་པ་ཉིད་དོ།། ས་དང་ཆུ་ཤས་ཆེ་བ་དེ་ནི། ལྕི་བ་ཉིད་དོ།། མེ་དང་རླུང་ཤས་ཆེ་བ་དེ་ནི་ཡང་བ་ཉིད་དོ།། ཆུ་དང་རླུང་ཤས་ཆེ་བ་དེ ་ནི་གྲང་བའོ།། རླུང་ཤས་ཆེ་བ་དེ་ནི་བཀྲེས་པའོ།། མེ་དང་རླུང་ཤས་ཆེ་བ་དེ་ནི་སྐོམ་པའོ།། དབང་པོ་ལྔ་དང་དོན་ལྟ་ནི་བཤད་ཟིན་ཏེ།། དེ་ལ་མིག་ལ་སོགས་པ་དབང་པོ་ལྔ་ནི་རང་རང་གི་འབྲས་བུ་ལས་རྗེས་སུ་དཔག་པར་བྱ་བ་ཉིད ་ཀྱིས་ཡིད་ཀྱི་རྣམ་པར་ཤེས་པ་འབའ་ཞིག་གིས་ཤེས་པར་བྱ་བའོ།། གཟུགས་ལ་སོགས་པ་ལྔ་ནི་སོ་སོར་རྣམ་པར་ཤེས་པ་གཉིས་ཀྱིས་རྣམ་པར་ཤེས་པར་བྱ་སྟེ། དེ་ལ་གཟུགས་ཀྱི་སྐྱེ་མཆེད་ནི་མིག་གི་རྣམ་པར ་ཤེས་པས་རྣམ་པར་ཤེས་པས་ཉམས་སུ་མྱོང་ནས་ཡིད་ཀྱི་རྣམ་པར་ཤེས་པས་རྣམ་པར་ཤེས་སོ།། དེ་བཞིན་དུ་རེག་བྱའི་སྐྱེ་མཆེད་ཀྱི་བར་དུ་རང་རང་གི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་དག་གིས ་རྣམ་པར་ཤེས་ཞེས་སྦྱར་རོ།། རྣམ་པར་རིག་བྱེད་མ་ཡིན་པ་གང་ཞེ་ན། གཟུགས་གང་ཆོས་ཀྱི་སྐྱེ་མཆེད་དུ་གྱུར་པ་མ་བསྟན་དུ་མེད་ཅིང་ཐེགས་པ་མེད་པ་ཡིད་ཀྱི་རྣམ་པར་ཤེས་པ་ཙམ་གྱིས་ཤེས་པར་བྱ ་བ་སྟེ། སྡོམ་པ་དང་། སྡོམ་པ་མ་ཡིན་པ་དང་། བར་མ་བསྡུས་པ་དགེ་བ་དང་མི་དགེ་བའི་རྒྱུན་གྱི་ངོ་བོ་གང་ཡིན་པ་དེ་ནི་རྣམ་པར་རིག་བྱེད་མ་ཡིན་པའོ།། ང་ལ་ཁ་ཅིག་ནི་སེམས་ཀྱི་རྗེས་སུ་འཇུག་པ་སྟེ། འདི་ལྟ་སྟེ། ་བསམ་གཏན་གྱི་སྡོམ་པ་དང་། ཟག་པ་མེད་པའི་སྡོམ་པའི་ངོ་བོའོ།། ཁ་ཅིག་ནི་ཡང་དག་པར་བླངས་པ་ལས་བྱུང་བ་སྟེ། སེམས་གཡོངས་པ་དང་མ་གཡེངས་པ་དང་། སེམས་མེད་པའི་གནས་སྐབས་གསུམ་ཆར་ནའ ་ཆུ་བོའི་རྒྱུན་བཞིན་དུ་འཇུག་པ་དང་། ཉིན་དང་མཚན་དུང་སྲིད་དུ་འཕགས་པར་རྗེས་སུ་འཇུག་པ་ཇི་སྲིད་འཚོའི་བར་རམ། ཉིན་ཞག་གཅིག་པ་ནི་འདི་ལྟ་སྟེ། སོ་སོར་ཐར་པའི་སྡོམ་པའི་དྲོ་བོའོ།། ཁ་ཅིག་གཡེངས་པ་དང ་མ་གཡེངས་པའི་གནས་སྐབས་ན་རྗེས་སུ་འཇུག་པ་ནི་འདི་ལྟ་སྟེ། སྡོམ་པ་མ་ཡིན་པའི་ངོ་བོའོ།། སྡོམ་པ་ཡང་མ་ཡིན་སྡོམ་པ་མ་ཡིན་པ་ཡང་མ་ཡིན་པའི་ངོ་བོ་ནི་ཁ་ཅིག་འགའ་ལ་ཞིང་ཁྱད་པར་ཅན་གྱིས་སྦྱིན་པའི ་དངོས་པོ་ལོངས་སྤྱོད་པ་ལས་བྱུང་བ་སྟེ་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ལྟ་བུའི།། ཁ་ཅིག་ནི་སངས་རྒྱས་མཆོད་པ་དང་། དཀྱིལ་འཁོར་ལ་སོགས་པ་ཡི་དམ་དུ་བླངས་ནས་བྱེད་པའོ།། ཁ་ཅིག་ནི་གུས ་པ་དང་བཅས་པས་མཆོད་རྟེན་ལ་ཕྱག་འཚལ་བ་ལ་སོགས་པའི་བྱ་བ་བྱེད་པའོ།། མི་དགེ་བའོ་ནི་ལྷ་མོ་དུ་རྒ་ལ་སོགས་པའི་རྟེན་བྱེད་ཅིང་ལོངས་སྤྱོད་པ་དང་། ཉོན་མོངས་པའི་ཤུགས་དྲུག་པོས་བྱ་བ་རྩོམ་པ་ལ་སོགས་པར་སྦྱར་རོ།། ། ་དེ་ལ་ཟག་པ་དང་བཅས་པའི་བསམ་གཏན་གྱི་སེམས་ཐོབ་པ་ལས་ནི་བསམ་གཏན་གྱི་སྡོམ་པ་འཐོབ་བོ།། ཟག་པ་མེད་པའི་བསམ་གཏན་གྱི་སེམས་ཐོབ་པ་ལས་ནི་ཟག་པ་མེད་པའི་སྡོམ་པ་འཐོབ་བོ།། དེ་དག་བཏང་བས་ནི་དེ ་གཏོང་ངོ་།། སོ་སོར་ཐར་པའི་སྡོམ་པ་ནི་གཞན་ལ་གསོལ་བ་འདབས་པའི་རྣམ་པར་རིག་བྱེད་ལ་སོགས་པ་ལས་འཐོབ་སྟེ། ཡང་དག་པར་བླངས་པ་བཏང་བ་དང་། ཤི་བ་དང་། མཚན་གཉིས་འབྱུང་བ་དང་། ཉིན་ཞག་འདས ་པས་གཏོང་བར་འགྱུར་རོ།། དེ་ལ་དགེ་སློང་དང་། དགེ་སློང་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་། དགེ་སློབ་མ་དང་། དགེ་བསྙེན་དང་། དགེ་བསྙེན་མའི་སྡོམ་པ་རྣམས་ནི་ཉིན་ཞག་ཟད་པ་ལྔས་གཞན་པས་གཏོང་བའོ།། དགེ ་སློང་དང་དགེ་སློང་མའི་སྡོམ་པ་དག་ནི་ཕྱིས་ཕམ་པའི་ལྟུང་བས་ཀྱང་ངོ་།། བསྙེན་གནས་ཀྱིས་སྡོམ་པ་ནི་ཉིན་མཚན་ཟད་པས་ཀྱང་ངོ་།། སྡོམ་པ་མ་ཡིན་པ་ནི་ཉེ་བ་ལ་སོགས་པའི་སྟེ། དེ་རྣམས་ཀྱིས་རྒྱུ་དང་མཚོན་ཆ་ལ་སོགས ་པའི་སྦྱོར་བས་སྡོམ་པ་མེ་ཡིན་པ་འཐོབ་ལ། དེ་ལས་གཞན་པའི་རིགས་ཀྱིས་ནི་དེ་དག་གི་ལས་ཡང་དག་པར་བླངས་པས་འཐོབ་པོ།། གཏོང་བ་ནི་ཤི་བ་དང་། མཚན་གཉིས་བྱུང་བ་དང་། སྡོམ་པ་ཐོབ་པ་ལས་གཏོང་ངོ་།། སྡོམ ་པ་ཡང་མ་ཡིན་སྡོམ་པ་མ་ཡིན་པ་ཡང་མ་ཡིན་པའི་ངོ་བོ་ནི་ཉོན་མོངས་པ་དྲག་པོ་དང་། རབ་ཏུ་དང་བའི་ཤུགས་དང་། ཡང་དག་པར་བླངས་པ་ཆད་པས་འཆད་དོ།། དེ་ལྔ་དམིགས་པའི་སེམས་ཀྱིས་བསྐྱེད ་བའི་ལུས་ཀྱིས་དེ་དང་དེ་ལྟ་བུའི་དབྱིབས་ཀྱི་ཁྱད་པར་ནི་ལུས་ཀྱི་རྣམ་པར་རིག་བྱེད་དོ།། ངག་གིས་རྣམ་པར་རིག་བྱེད་ནི་དེ་ལ་དམིགས་པའི་སེམས་ཀྱིས་བསྐྱེད་པའི་བརྗོད་པར་བྱ་བ་བརྗོད་པའི་ཚིག་སྟེ། དེ་ལྟ་བུ་དེ་གཉིས་ནི་ཀུན་ནས ་སློང་བའི་སེམས་རྣམ་པར་རིག་པར་བྱེད་པས་ན་རྣམ་པར་རིག་བྱེད་དོ།། རྣམ་པར་རིག་བྱེད་དང་འདྲ་བའི་ཆོས་གང་འཕེན་པ་ཡང་དག་པར་འཛིན་པའི་འབྱུང་བ་ཆེན་པོ་ལ་བརྟེན་པ་དང་གནས་པ་ནི་རྣམ་པར་རིག་བྱེད་དང་འདྲ་བར ་གཞན་ལ་རྣམ་པར་རིག་བྱེད་པ་མ་ཡིན་པས་རྣམ་པར་རིག་བྱེད་མ་ཡིན་པ་སྟེ། མུན་ངག་འབའ་ཞིག་ཙམ་གྱིས་ཤེས་པར་བྱ་ཞིང་དགེ་སློང་ལ་སོགས་པར་འཇོག་པའི་རྒྱུའོ།། དེ་དང་འདྲ་བ་ལས་དགག་བྱའི་རྐྱེན་གྱིས་ཏེ། ་བྲམ་ཟེ་མ་ཡིན་པ་ལྟ་བུའོ།། གཟུགས་ཀྱི་ཕུང་པོ་ནི་བཤད་ཟིན་ཏོ།། ཚེར་བའི་ཕུང་པོའི་དབང་དུ་བྱས་ནས་བརྗོད་པ་དེ་ལ་སིམ་པ་དང་། གདུང་བ་དང་། དེ་གཉི་ག་ལས་གྲོལ་བའི་ཡུལ་གྱིས་དྲོ་བོ་མངོན་དུ་བྱེད་པ་གང ་ཡུལ་ཉམས་སུ་མྱོང་བའི་ངོ་བོ་རྣམ་པར་ཤེས་པའི་མྱོང་བ་ནི་ཚོར་བ་ཞེས་བརྗོད་དེ།། དེ་ལ་གཙོ་བོ་སེམས་ནི་སེམས་ལས་བྱུང་བ་མ་ཡིན་ནོ།། དེར་ནི་གཙོ་བོ་སེམས་སེམས་ལས་བྱུང་བ་མ་ཡིན་པར་ཇི་ལྟར་ཤེས། གང ་སེམས་ཀྱི་བྱ་བའི་ངོ་བོ་ལོགས་ཤིག་ཏུ་རང་རྒྱུད་དུ་གྲུབ་པར་སེམས་པ་ཡིད་ཀྱི་ལས་དང་། དང་བ་སེམས་ཀྱི་དང་བ་དང་། རྟོག་པ་ནི་སེམས་རྩིང་བ་ཞེས་བྱ་བ་ལ་སོགས་པར་བརྗོད་པས་སེམས་ལས་བྱུང་བའི་སེམས་ཀྱི་གནས་སྐབས ་ནི་མ་ཡིན་ནོ།། ཇི་ལྟ་ཞེ་ན། དོན་ཐ་དད་དུ་གྱུར་པས་སོ།། དེ་ལ་ཁ་ཅིག་སེམས་ཀྱི་བྱ་བའི་ངོ་བོ་ཉིད་དུ་བསྟན་པས་སེམས་ཀྱི་གནས་སྐབས་ཀྱི་བྱེ་བྲག་ནི་སེམས་ལས་བྱུང་བའོ་ཞེས་འདོད་དོ།། དེ་ནི་རིགས་པ་མ་ཡིན་ཏེ། ལྷན་ཅིག་འབྱུང ་བ་ཞེས་བྱ་བའི་ངེས་པ་ཉམས་པར་འགྱུར་རོ།། དེས་ན་འདིར་ནི་རྣམ་པར་ཤེས་པའི་ཡུལ་ཉེ་བར་སྤྱད་པར་བྱ་བ་ཉམས་སུ་མྱོང་བས་ཉམས་སུ་མྱོང་བ་དེ་ནི་ཚོར་བ་ཞེས་བརྗོད་དོ།། རིག་པ་ནི་ཚོར་བ་ཞེས་བྱ་བས་སོ།། ཡང་ན་མྱོང་བར་བྱེད ་པས་མྱོང་བ་གང་ཡིན་པ་དེ་ཚོར་བ་ཉམས་སུ་མྱོང་བར་བྱེད་པ་ཉིད་དོ།། དེ་ནི་ཡང་ན་སེམས་སུ་ཤེས་པར་བྱ་སྟེ་ཚོར་བ་ཉིད་ནི་རྣམ་པར་ཤེས་པས་མྱང་བར་བྱ་ཞིང་། ཉམས་སུ་མྱོང་བར་བྱ་བ་ཉམསུ་མྱོང་བའི་ཕྱིར་རོ།། བཟའ་བ་དང ་བཏུང་བ་ལ་སོགས་པ་དང་འདྲ་བར་ཉེ་བར་སྤྱད་པར་བྱ་བ་ཉིད་དོ།། དེས་ན་འདི་ལྟར་འདི་ནི་སེམས་ཀྱི་ཟས་སོ་ཞེས་རྣམ་པར་བཞག་གོ།། ཡང་དེ་ལྟ་བུའི་ཚོར་དེ་ནི་སེམས་རྣམ་པ་གཉིས་སུ་འགྱུར་ཏེ། ལུས་ཀྱི་དྲདུ་སེམས་ཀྱིའོ།། དེ་ལ ་དབང་པོའི་གཟུགས་ཅན་ལྔ་ནི་རྡུལ་ཕྲ་རབ་འདུས་པའི་ངོ་བོ་ཉིད་ཀྱིས་ལུས་ཀྱི་སྒྲར་བརྗོད་ལ། དེ་ལ་བརྟེན་ནས་བྱུང་བའི་ཚོར་བ་ནི་ལུས་ལས་བྱུང་བས་ལུས་ཀྱི་ཞེས་བརྗོད་དོ།། ཡིད་ཀྱི་དབང་པོ་ལ་བརྟེན་པའི་ཚོར་བ་ནི་སེམས་ཀྱི ་ཞེས་བརྗོད་དོ།། ཡང་ཚོར་བ་དེ་ཉིད་རྣམ་པ་གསུམ་དུ་འགྱུར་ཏེ། བདེ་བ་དང་། སྡུག་སྔལ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའོ།། དེ་ལ་ཚོར་བ་བདེ་བ་ནི་གང་ཡོངས་སུ་བཟུང་བས་དབང་པོའི་འབྱུང་བ། ་ཆེན་པོ་འཕེལ་བར་བྱེད་ཅིང་གང་བཟུང་བ་དེ་དང་འབྲལ་བར་མི་འདོད་པ་དེ་ནི་བདེ་བ་ཞེས་བརྗོད་དོ།། སྡུག་བསྔལ་ནི་དེ་ལས་བཟློག་པ་སྟེ། ཉེ་བར་གནོད་པས་འབྲལ་བར་འདོད་པ་དེ་སྡུག་བསྔལ་ཞེས་བརྗོད་དོ།། གང་ཕྲད་པ་དང་བྲལ་བའི་སྲིད་པའི ་རྟེན་དུ་མ་གྱུར་པ་ཡོངས་སུ་འཛིན་པ་ཡང་མ་ཡིན། རྗེས་སུ་གཏོང་བ་ཡང་མ་ཡིན་པ་སྟེ། དེ་ལ་བཱིརྟེན་ནས་གཏི་མུག་འབྱུང་བ་ནི་བཏང་སྙོམས་ཏེ། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་ནི་ཚེར་བ་ཞེས་བརྗོད་དོ།། ཡང་ཚོར ་པ་དེ་ཉིད་རྣམ་པར་ལྔར་འགྱུར་ཏེ། བདེ་བའི་དབང་པོ་དང་སྡུག་བསྔལ་གྱི་དབང་པོ་དང་། ཡིད་བདེ་བའི་དབང་པོ་དང་། ཡིད་མི་བདེ་བའི་དབང་པོ་དང་། བཏང་སྙོམས་ཀྱིས་དབང་པོའོ།། དེ་ལ་དབང་པོ་གཟུགས་ཅན་ལ་བརྟེན་པའི་རྣམ་པར་ཤེས ་པ་དང་མཚུངས་པར་ལྡན་པ་ཚོར་བ་བདེ་བ་དང་། བསམ་གཏན་གསུམ་པའི་སེམས་ཀྱི་ཚོར་བ་བདེ་བ་སྟེ། དེ་གཉིས་གང་ཡུང་བདེ་བའི་དབང་པོ་ཞེས་བརྗོད་དོ།། དབང་པོ་གཟུགས་ཅན་ལ་བརྟན་པའི་རྣམ་པར་ཤེས་པ་དང་མཚུངས་པར ་ལྡན་པའི་ཚོར་བ་བདེ་བ་མ་ཡིན་པ་ནི་སྡུག་བསྔལ་གྱི་དབང་པོའོ།། ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཚོར་བ་བདེ་བ་ནི་ཡིད་བདེ་བའི་དབང་པོའོ།། ཡིད་ཀྱི་དེ་ཉིད་མི་བདེ་བ་ནི་ཡིད་མི་བདེ་བའི་དབང་པོའོ།། དེ་དག་ཐམས ་ཅད་ཀྱི་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ནི་བཏང་སྙོམས་ཀྱི་དབང་པོའོ།། རྒྱུ་ཅིས་ཤེས་ན། གང་ཕྱིར་སེམས་ཀྱི་བདེ་བ་དང་སྡུག་བསྔལ་ཕལ་ཆེར་རྣམ་པར་རྟོག་པ་ལས་འབྱུང་གིས་ལུས་ཀྱི་ནི་མ་ཡིན་ནོ།། ལུས་ཀྱི་དབང་གིས ་དགྲ་བཅོམ་པ་རྣམས་ལ་ཡང་འབྱུང་ངོ་།། གཞན་ཡང་ལུས་ཀྱི་བདེ་བ་དང་སྡུག་བསྔལ་བཟུང་བ་དང་བཏང་བར་བྱ་བ་ནི་མི་བརྟན་པར་འབྱུང་ལ། གཞན་པ་སེམས་ཀྱི་ནི་བརྟན་པར་འབྱུང་ངོ་།། བཏང་སྙོམས་ཀྱི་ལ་ནི་རྣམ་པར་བཞག་པ་དེ་དག ་མེད་དེ། མདོར་བསྡུས་ནས་རྣམ་པར་ཤེས་པ་དྲུག་གི་རིས་ནི་བཏང་སྙོམས་ཞེས་བརྗོད་དོ།། ཚེར་བ་དེ་ཉིད་ཡང་རྟེན་དྲུག་གི་བྱེ་བྲག་གིས་དྲུག་ཏུ་འགྱུར་ཏེ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའོ།། ཚོར་བའི་ཕུང་པོ་བཤད་ཟིན་ཏོ།། འདུ་ཤེས་ཀྱིས་ཕུང་པོའི་དབང་དུ་བྱས་ནས་བརྗོད་པ། འདི་ལ་བུམ་པ་དང་། རས་ཡུག་དང་། ཤིང་རྟའི་ངོ་བོ་ལ་སོགས་པའི་གཟུགས་རྣམས་འདུས་པ་ཉིད་དུ ་མཚུངས་ན་ཡང་སོ་སོར་ངེས་པའི་རྒྱུ་དང་རྐྱེན་གྱི་བྱེ་བྲག་ཡོད་པར་རྒྱུ་དང་རྐྱེན་གྱི་བྱེ་བྲག་ལས་བལྟོས་ནས་ཡངས་པ་ལ་སོགས་པའི་བྱེ་བྲག་ཡོད་དོ།། བྱེ་བྲག་དེ་ཉིད་རྒྱུ་མཚན་ཞེས་བརྗོད་དེ། དེས་དེན་རྣམས་ཀྱི་ཁྱད་པར་འཇལ་བར་བྱེད ་པའི་ཕྱིར་རོ།། བུམ་པ་དང་། རས་ཡུག་ལ་སོགས་པའི་མཚན་མ་དེ་སེམས་ལས་བྱུང་བའི་ཆོས་གང་གིས་འཛིན་པ་དེ་འདུ་ཤེས་ཏེ་ཡོངས་སུ་གཅོད་པར་བྱེད་པ་དང་མཚན་མར་འཛིན་པའི་བདག་ཉིད་ནི་འདུ་ཤེས་ཞེས་བརྗོད་དོ།། འདུ ་ཤེས་དོན་གྱི་མཚན་མ་ལ་འཇུག་པ་ཡིན་ལ། རྣམ་པར་ཤེས་པ་ནི་དོན་ཙམ་གྱི་འཛིན་པར་ཞུགས་པ་སྟེ། དོན་གྱིས་ཁྱད་པར་འཛིན་པའི་བདག་ཉིད་ཅན་གྱི་ཆོས་སེམས་ལས་བྱུང་བ་དང་མཚུངས་པར་ལྡན་པས ་ནི་དོན་གྱི་ཁྱད་པར་འཛིན་པའི་ནུས་པ་དང་ལྡན་པར་ཡང་འགྱུར་རོ།། དེ་བས་ན་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་སེམས་ལས་བྱུང་བའི་ཆོས་གང་གིས་བུམ་པ་དང་། རས་ཡུག་དང་། ཤིང་རྟ་ལ་སོགས་པའི་དོ། ་བོའི་དོན་གྱི་ཁྱད་པར་ཡོངས་སུ་གཅོད་པར་འགྱུར་བ་ནི་འདུ་ཤེས་ཞེས་བརྗོད་དོ།། དེ་ལྟ་བུའི་འདུ་ཤེས་ནི་མི་ལྡན་པའི་མིང་དང་དོན་གཅིག་ལ་འཇུག་སྟེ། མིང་གིས་ནི་དོན་གསལ་བར་བྱེད་ལ། འདུ་ཤེས་ཀྱིས་ནི་ཡང་དག་པར ་ཤེས་པར་བྱེད་དེ། དེས་ན་མིང་དྲང་དྲོན་གྱིས་མཚན་མའི་བརྡ་ཤེས་པ་ནི་གསལ་བ་སྟེ། དེ་ནི་ཚིག་མིང་ལ་འཇུག་ལ། མིང་ནི་དོན་ལ་སྟེ། དེའི་ཕྱིར་ངག་མིང་ལ་འཇུག་ལ། མིང་གིས་ནི་དོན་བརྗོད་པར་བྱེད་ཅེས་བྱའོ།། ཐ ་སྐད་ལ་མ་བྱང་བའི་འདུ་ཤེས་ནི་མི་གསལ་བའི་ཕྱིར་མིང་གིས་དོན་ལ་མི་འཇུག་སྟེ། མིང་གིས་དོན་སྒྲུབ་པར་ཡང་མི་ནུས་སོ།། དེ་ཉིད་ནི་མིང་དོན་དང་བཅས་པ་ལ་འཛིན་པས་འདུ་ཤེས་སོ།། རྟེན་གྱི་བྱེ་བྲག་གིས་ནི་དྲུག ་ཏུ་འགྱུར་ཏེ། མིག་གི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་ནས་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་བར་དུའོ།། ཡང་རྣམ་པ་གསུམ་དུ་འགྱུར་ཏེ། ཆུང་ངུ་དང་། ཆེན་པོར་གྱུར་པ་དང་། ཚད ་མེད་པའོ།། འདུ་ཤེས་ཀྱི་ཕུང་པོ་བཤད་ཟིན་ཏོ།། འདུ་བྱེད་ཀྱི་ཕུང་པོའི་དབང་དུ་བྱས་ནས་བརྗོད་པ། འདུ་བྱེད་ཀྱི་ཕུང་པོ་ནི་རྣམ་པ་གཉིས་ཏེ། སེམས་དང་མཚུངས་པར་ལྡན་པ་དང་། སེམས་དང་མི་ལྡན་པའོ།། དེ་ལ་རྟེན་དང་། ་དམིགས་པ་དང་། རྣམ་པ་དང་། དུས་དང་། རྫས་མཚུངས་པས་སེམས་དང་མཉམ་དུ་རབ་ཏུ་འཇུག་པས་སེམས་དང་མཚུངས་པར་ལྡན་པ་སྟེ། སེམས་པ་ལ་སོགས་པ་ནས་ཐ་མ་བཟོད་པའི་བར་དུའོ།། དེ་དག་གིས་ནང ་ནས་རྩོད་པའི་རྩ་བར་གྱུར་པ་དང་། འཁོར་བའི་རྒྱུར་གྱུར་པས་ཚོར་བ་དང་། འདུ་ཤེས་ཕྱུང་ནས་ལེགས་ཤིག་ཏུ་ཕུང་པོར་བཞུག་གོ།། དེ་ལས་གཞན་པའི་སེམས་ལས་བྱུང་བ་སེམས་པ་ལ་སོགས་པ་དང་། ཐོབ་པ་ལ་སོགས ་པ་སེམས་དང་མི་ལྡན་པའི་འདུ་བྱེད་འདི་དག་ཉིད་འདུ་བྱེད་ཀྱི་ཕུང་པོའོ།། དེ་ལ་སེམས་དང་མཚུངས་པར་ལྡན་པས་ནི་སེམས་པ་དང་། རེག་པ་དང་ཡིད་ལ་བྱེད་པ་དང་། འདུན་པ་དང་། མོས་པ་དང་། དད་པ་དང་། བརྩོན ་འགྲུས་དང་། དྲན་པ་དང་། ཏིང་འཛིན་དང་། ཤེས་རབ་དང་། རྣམ་པར་རྟོག་པ་དང་། དཔྱོད་པ་དང་། ཕྱག་མེད་པ་དང་། བག་ཡོད་པ་དང་། སྐྱེ་བ་དྲང་རབ་ཏུ་དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཤིན་ཏུ་མ་སྦྱངས་པ་དང ་རྣམ་པར་འཚེ་བ་དང་། རྣམ་པར་མི་འཚེ་བ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། བཏང་སྙོམས་དང་། རྣམ་པར་གྲོལ་པ་དང་། དགེ་བའི་རྩ་བ་དང་། མི་དགེ་བའི་རྩ་བ་དང་། ལུང་དུ་མ་བསྟན་པའི་རྩ་བ་དང་། ཀུན ་ཏུ་སྦྱོར་བ་དང་། ངེས་པར་འཆིང་བ་དང་། ཕྲ་རྒྱས་དང་། ཉེ་བའི་ཉོན་མོངས་པ་དང་། ཀུན་ནས་དཀྲིས་པ་དང་། ཟག་པ་དང་། ཆུ་བོ་དང་། སྦྱོར་བ་དང་། ཉེ་བར་ལེན་པ་དང་། མདུད་པ་དང་། སྒྲིབ་པ་དང་། ་པ་དང་། བཟོད་པ་ཞེས་བྱ་བའོ།། སེམས་དང་མཚུངས་པར་ལྡན་པའི་མིང་བསྟན་ཟིན་ཏོ།། ཡང་འདུ་བྱེད་ཀྱི་ཆོས་གཞན་གང་དག་གཟུགས་ཅན་མ་ཡིན་པ་ཉིད་དུ་མཚུངས་པས་སེམས་དང་རིགས་གཅིག་པ་དེ་དག་ནི་སེམས ་དང་མི་ལྡན་པའི་འདུ་བྱེད་དེ། འདི་ལྟ་སྟེ། ཐོབ་པ་དང་། མྱ་ཐོབ་པ་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་། འགོག་པའི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་པ་དང་། སྲེག་གི་དབང་པོ་དང་། སྐལ་པ ་མཉམ་པ་དང་། གནས་སོ་སོར་ཐོབ་པ་དང་། དངོས་པོ་སོ་སོར་ཐོབ་པ་དང་། སྐྱེ་མཆེད་སོ་སོར་ཐོབ་པ་དང་། སྐྱེ་བ་དང་། རྒ་བ་དང་། གནས་པ་དང་། མི་རྟག་པ་དང་། མིང་གཱི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི ་ཚོགས་དང་། རྐྱེན་ཚོགས་པ་མེད་པ་དང་། རྐྱེན་ཚོགས་པ་སྟེ། འདི་རྣམས་ནི། སེམས་མི་དང་ལྡན་པའི་འདུ་བྱེད་དོ།། དེ་ལ་སེམས་པ་ནི་མངོན་པར་འདུ་བྱེད་པ་ཡིད་ཀྱིས་ལས་ཏེ། ཇི་ལྟར་རྒྱལ་པོ་རྣམས་བློན་པོས ་བྱ་བ་དེ་དང་། དེ་ལ་འཇུག་པར་བྱེད་པ་དེ་བཞིན་དུ་སེམས་ཀྱང་སེམས་པས་བྱ་བ་དང་བཅས་པའི་ངོ་བོར་དེ་དང་དེར་སྟོན་པར་བྱེད་དོ།། དེ་ནི་འདུ་བྱེད་རྣམས་འབྱུང་བ་ལ་ས་བོན་གྱིས་ངོ་བོར་གནས་ཏེ། འགྲོ་བ་སྣ་ཚོགས ་ལས་ལས་སྐྱེས་ལ་དེ་ནི་ལས་ཀྱིས་ངོ་བོ་ཉིད་ཀྱི་ཕྱིར་རོ།། ཡང་དེ་ནི་རྣམ་པ་གསུམ་སྟེ། དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པའོ།། ཡང་དབྱེ་ན་སེམས་པའི་ཚོགས་དྲུག་ཏུ་འགྱུར་ཏེ། མིག་གིས་རྣམ་པར་ཤེས་པ་དང ་མཚུངས་པར་ལྡན་པ་ནས་ཡིད་ཀྱིས་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་བར་དུའོ།། དེ་ལ་རེག་པ་གང་ཞེ་ན། ཇི་ལྟར་ཆུ་ལ་ཆར་བབ་པར་གྱུར་པ་ལས། ཆུའི་ཆུ་བུར་འབྱུང་བར་འགྱུར་བ་དེ་བཞིན་དུ་དབང་པོ་རྣམས ་རང་རང་གི་ཡུལ་ལ་འཇུག་པ་ལས་མིག་ལ་སོགས་པ་ཇི་ལྟ་བ་བཞིན་དུ་གཟུགས་མཐོང་བ་ལ་སོགས་པའི་རང་རང་གི་རྣམ་པར་ཤེས་པ་ཉེ་བར་འབྱུང་བ་འམ། ཡང་ན་ཕ་དང་མ་ལ་བརྟེན་ནུས་བུ་ལ་སོགས་པ་འབྱུང་བ ་དེ་བཞིན་དུ་དབང་པོ་དང་ཡུལ་ལྔ་བརྟེན་ནས་རྣམ་པར་ཤེས་པ་འབྱུང་བ་ན་དེ་ལ་བུའི་གནས་ལྟ་བུ་འམ། ཆུའི་ཆུ་བུར་གྱི་གནས་ལྟ་བུའི་རྣམ་པར་ཤེས་པ་དང་། ཡུལ་དང་དབང་པོ་གསུམ་ཉེ་བར་འདུས་པ་ལས་སྐྱེས་པ ་ནི་རེག་པའོ།། ཡང་ན་རེག་པའི་རྒྱུར་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་རྣམས་ཉེ་བར་འདུས་པ་ན་སྟེ། ཉེ་བར་འདུས་པ་ཞེས་བྱ་བ་ནི་གསུམ་པོ་དང་རྒྱུ་དང་འབྲས་བུའི་ངོ་བོར་གནས་པ་རྣམས་ཀྱིས་གང་ཕན་ཚུན ་བལྟོས་པའོ།། ཡང་དེ་ནི་རྣམ་པ་གསུམ་སྟེ། བདེ་བ་མྱོང་བར་འགྱུར་བ་དང་། སྡུག་བསྔལ་མྱོང་བར་འགྱུར་བ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བའོ།། ཡང་རྣམ་པ་དྲུག་སྟེ། ་མིག་གིས་རྣམ་པར་ཤེས་པའི་འདུས་ཏེ་རེག་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་འདུས་ཏེ་རེག་པའི་བར་དུའོ།། ཡིད་ལ་བྱེད་པ་ནི་སེམས་ཡུལ་ལ་འཇུག་པ་སྟེ། ཡུལ་ལ་གཏོད་པ་ཞེས་བྱ ་བའི་དོན་ཏོ།། སེམས་ནི་རང་བཞིན་གྱིས་གཡོ་བ་སྟེ། སྤྲེའུ་ལྟ་བུ་ཡིན་པས་དེ་ནི་ཆོས་གཞན་དང་མ་འབྲེལ་བར་ཡུལ་ལ་མི་གནས་པ་ཉིད་དོ། ཡུལ་གཞན་གྱི་བྱ་བ་ལ་མི་འཇུག་པར་ཡུལ་ལ་གནས་པར་ནི་ཆོས ་གཞན་དང་འབྲེལ་པ་མེད་པར་མི་སྲིད་དེ། དེ་བས་ན་གང་དང་ལྡན་པས་རྣམ་པར་ཤེས་པ་མངོན་པར་འདོད་པའི་ཡུལ་ལ་གཏོད་པ་དང་བཅས་པར་འགྱུར་བ་ནི་སེམས་འཇུག་པ་ཞེས་བྱ་སྟེ། སེམས་ཀྱི་བྱ་བའི་ངོ ་བློར་ཉེ་བར་མཚན་པའི་སེམས་ལས་བྱུང་བའི་ཆོས་ལ་ཡིད་ལེ་བྱེད་པ་ཞེས་བྱ་བར་བརྗོད་དོ།། ཡིད་ལ་བྱེད་པས་ན་ཡིད་ལ་བྱེད་པ་སྟེ། ཡུལ་འགའ་ཞིག་ལ་སེམས་གནས་པར་བྱེད་པ་ཞེས་བྱ་བའི་དོན་ནམ། ཡུལ ་ཡིད་ལ་བྱེད་པཱ་ན་ཡུལ་ཡིད་ལ་བྱེད་པ་སྟེ། གང་གི་སྟོབས་ཀྱིས་རྣམ་པར་ཤེས་པ་ཡུལ་ཡིད་ལ་བྱེད་པའི་ངོ་བོ་ཉིད་དོ།། ཏིང་ངེ་འཛིན་རྣམ་པར་གཡེང་བའི་གཉེན་པོའི་ཆོས་ཏྲེ། སེམས་ཀྱི་རྒྱུན་དམིགས་པ་གཅིག ་པའི་རྒྱུའོ།། ཡིད་ལ་བྱེད་པ་ནི་ཡུལ་ལ་སེམས་དེའི་དུས་སུ་མི་གཏོང་བའོ།། ཡང་དེ་ནི་རྣམ་པ་གསུམ་དུ་འགྱུར་ཏེ། སློབ་པ་དང་། མི་སློབ་པ་དང་། སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིནོ།། དེ་ལ ་གང་ཟག་བདུན་ནི་སློབ་པ་སྟེ། ཉོན་མོངས་པ་ལྷག་མ་སྤང་བར་བྱ་བ་ནི་ཕྱིར་བསླབ་པར་བྱ་བ་ཡོད་པས་སོ།། བདུན་པོ་གང་དག་ཡིན་ཞེ་ན། རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་དང་། རྒྱུན་ཏུ་ཞུགས་པ ་དང་། ལྷན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པའི་འབྲས་བུ་མངོན ་དུ་བྱ་བའི་ཕྱིར་ཞུགས་པ་ཞེས་བྱ་བ་འདི་རྣམས་སོ།། གང་ཟག་བདུན་པོ་རྣམས་ཀྱིས་རྒྱུད་ལ་ཟག་པ་མེད་པའི་ཏིང་ངེ་འཛིན་དང་མཚུངས་པར་ལྡན་པ་དེ་ནི་མི་སློབ་པ་ཡང་མ་ཡིན་སློབ་པའི་ཡིད་ལ་བྱེད་པའོ།། དགྲ་བཅོམ་པ ་ནི་མི་སློབ་པ་སྟེ། དེའི་ཟག་པ་མེད་པའི་ཏིང་ངེ་འཛིན་དང་མཚུངས་པར་ལྡན་པ་ནི་མི་སློབ་པའི་ཡིད་ལ་བྱེད་པའོ།། ཟག་པ་དང་བཅས་པའི་སེམས་དང་མཚུངས་པར་ལྡན་པའི་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ ་ཡིན་པ་ཞེས་བྱ་སྟེ། དེ་ལྟར་ཡིད་ལ་བྱེད་པ་རྣམ་པ་གསུམོ།། འདུན་པ་ནི་རྣམ་པར་ཤེས་པའི་བྱེད་པ་འདོད་པ་ཉིད་དེ། སེམས་ལས་བྱུང་བའི་ཆོས་གང་དང་འབྲེལ་པས་བཟའ་བ་དང་། འགྲོ་བ་དང་། བརྩེ་བ་དང་། བུམ ་པ་དང་། སྣམ་བུ་དང་། དགེ་བ་དང་། མི་དགེ་བ་ལ་བདག་གིས་འདི་བྱའོ།། སྙམ་དུ་བྱེད་པའི་མཚན་ཉིད་ཀྱི་སེམས་ལས་བྱུང་བའི་ཆོས་ནི་འདུན་པ་ཞེས་བརྗོད་དོ།། འདི་ལ་བྱེད་འདོད་པ་ཡོད་པས་བྱེད་འདོད་པ ་སྟེ་དེའི་ངོ་བོ་ནི་བྱེད་འདོད་པ་ཉིད་དོ།། དེའི་ངོ་བོ་གང་ཡིན་ཞེ་ན། དེ་ནི་འདུན་པ་ཉིད་དོ་གང་གིས་དེ་བྱེད་འདོད་པར་འགྱུར་རོ།། དེ་ལ་ཇི་ལྟར་ཟ་མ་ཏོག་གི་ནང་དུ་བཅུག་ནས་ཁ་བཅད་པའི་སྦྲུལ་ནི་འབྱུང་ཞིང་འགྲོ། ་བའི་བྱ་བ་ལ་རྩོལ་བ་གློང་དེ་གནས་ལ། སྦྲུལ་འཛིན་པར་བྱེད་ཅིང་བས་བསྐུལ་ཞིང་བསླང་ན་ནི་འབྱུང་བའི་བྱ་བ་ལ་རྩོལ་བ་དང་བཅས་པར་འགྱུརརོ།། དེ་བཞིན་དུ་སེམས་ཀྱང་སེམས་ལས་བྱུང་བ་དང་མཚུངས་པར་ལྡན་པས་ཉེ་བར ་གྱུར་པའི་ཡུལ་ལ་རྩོལ་བ་མེད་པར་བོར་ནས་རྩོལ་བ་དང་བཅས་པ་འབྱུང་ངོ་ཞེས་བྱ་བའོ།། དེ་ལྟ་བུ་ནི་སེམས་ལསའི་ལས་སོ།། ཇི་ལྟར་ཡུལ་གླང་ལ་རྒྱུ་བ་དང་བཅས་པའི་སྦྲུལ་དེ་ཉིད་ཡུལ་དེ་ལ་གཏོད་སྡེ་3་ཤཱཅས ་གཏོད་པར་གྱུར་པ་དེ་བཞིན་དུ་ཡུལ་གང་ལ་སེམས་ལས་བྱུང་བ་གང་དང་མཚུངས་པར་ལྡན་པར་སེམས་བྱ་ཅས་པར་འགྱུར་བའི་ཡུལ་དེ་ཉིད་ལ་བྱེད་པས་ནི་གཏོད་པ་དང་བཅས་པར་འགྱུར་བས་འདི་ནི་ཡིད ་བྱེད་པའི་ལས་ཀྱི་ཁྱད་པར་རོ།། དེ་ལྟར་བརྗོད་པཱི་ལཱ་ཟག་པ་མེད་པའི་ཏིང་ངེ་འཛིན་དང་མཚུངས་པར་ལྡན་པ་དེ་ནི་སོ་པའི་ཡིད་ལ་བྱེད་པ་དང་ཡིད་ལ་བྱེད་པའི་སྔོན་དུ་འདུན་པ་འ་ཐོ་བ་སྟེ། ཡང་དུ་འདུན་པ་ཞུགས་པ་དེར་སེམས ་པ་དང་ཡིད་ལ་བྱེད་པ་དག་འབྱུང་ན་ཡང་རྟའི་བྱ་བའི་ཁྱད་པར་ལྟར་སྔོན་དུ་ཉེ་བར་མཚན་ཏེ་སེམས་པ་དང་ཡིད་མེད་པ་དག་ཅང་གི་ཡུལ་ལ་འཇུག་པ་ན་སྐུར་པར་བྱེད་པ་ཉིད་ཀྱིས་སོ།། གལ་བྱེད་འདོད་པའི་མཚན ་ཉིད་ཅན་གྱི་འདུན་པ་ཁ་ཅིག་ཏུ་འབྱུང་བར་མ་གྱུར་ན་ནི་ཡུལ་ངེས་པར་མཐོང་བས་རང་བཞིན་གྱིས་བམ་པོ་ལྟར་གང་ཡང་འཇུག་པར་མི་འགྱུར་བས། དེ་བས་འདི་ལྷུར་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་ནི་འདུན་པའི་རྩ་བ་ཅན། ་པའི་རྒྱུ་ཅན། འདུན་པ་ལས་ཀུན་ཏུ་འབྱུང་ཞིང་འདུན་པའི་མཐུས་འབྱུང་བར་འགྱུར་ཞེས་བྱའོ།། འདི་དང་སྲེད་པས་ལས་ཁྱད་པར་ཅི་ཡོད་ཅེ་ན། ཇི་ལྟར་ཅས་ཤིང་ཚ་བྱ་གཉིས་འཇལ་བར་བྱེད་པ་ལྟར་སྲིད་པ་ནི་སེམས་ཡུལ ་ལ་མ་ངོན་པར་ཞེན་ཞིང་ཆགས་པའི་རྒྱུ་ཡིན་ལ། འདུན་པ་ནི་དེ་ལྟ་མ་ཡིན་ཏེ། དེ་ནི་བྱ་བའི་བསམ་པ་ཙམ་ཉིད་ཀྱིས་འཇུག་པས་སྲེད་པ་ལས་འདུན་པ་དེ་ལྟར་ཐ་དད་དོ།། དེ་ཡང་འདི་ལྟར་འདི་ན་གནས་པའི་གང་ཟག་འགའ ་ཁམས་གོང་མ་འདོད་པས་གསོལ་བྱ་འདེབས་ཏེ། ཨེ་མའོ་བསམ་གཏན་ནུ་མྱ་གཟུགས་མེད་པ་བྱདག་གིས་ཇི་ལྟར་འཐོབ་ཅེས་བྱ་བ་དང་། དེ་བཞིན་དུ་ཇི་ལྟར་བདག་གི་ཟག་པ་ཟད་པ་མངོན་དུ་བྱ་བ་དང་། ལམ་རྟོག ་འགྱུར་ཞེས་བྱ་བ་ལྟ་བུ་སྟེ། དེ་ལྟར་སྨོན་པ་དེ་ནི་སྲེད་པ་ཞེས་བརྗོད་པར་མི་བྱའི་འོན་ཀྱང་དེ་ནི་དགེ་བའི་ཆོས་ལ་འདུན་པ་ཡིན་ཏེ་སྲེད་པ་དང་འགལ་བའི་ཡུལ་ལ་སྐྱེས་པས་སོ།། སེམས་ཡུལ་ལ་ལྷག་པར་འདོད་པ་ནི་མོས ་སྟེ། ལྷག་པའི་སྒྲ་ནི་དབང་དུ་བྱ་བ་སྟེ། རང་གིས་ཡུལ་ལ་མོས་པའི་ཤེས་པའི་རང་གི་ངོ་བོ་གང་མེ་ལ་ཕྱེ་མ་ལེབ་ལྟར་ལྷག་པར་མོས་པ་ནི་མོས་པའོ།། སེམས་ལས་བྱུང་བའི་ཆོས་གང་དང་ལྡན་པས་རྣམ ་ཤེས་པ་ཡུལ་ལ་སོ་སོ་མ་ཡིན་པར་བསྡུས་པར་མྱུར་བ་དེ་ནི་སེམས་ལས་བྱུང་བའི་ཆོས་མོས་པའོ།། ཡིད་ལ་བྱེད་པ་དང་ཁྱད་པར་ནི་ཡུལ་སྡིངས་བྱེད་པ་ནི་ཡིད་ལ་ལྷག་པར་བྱེད་པའི་ངོ་བོའོ།། འདི་ནི་ཡུལ ་ལྔ་ལྷག་པར་བྱེད་པའི་ངོ་བོ་ཞེས་བྱ་བ་ནི་ཁྱད་པར་རོ།། དད་པ་ནི་བདེན་པ་དང་། དཀོན་མཆོག་དང་། ལས་དང་འབྲས་བུ་ལ་མངོན་པར་ཡིད་མས་པའོ།། དེ་ལ་བདེན་པ་ནི་བཞི་སྟེ་སྡུག་བསྔལ་དང་། ཀུན་འབྱུང་དང་། གོག་པ་དང་། ལམ ་ཞེས་བྱ་བའོ།། ཡང་ན་རྣམ་པ་གཉིས་ཏེ། ཀུན་རྫོབ་དང་། དོན་དམ་པ་ཞེས་བྱ་བའོ།། དཀོན་མཆོག་ནི་གསུམ་སྟེ། སངས་རྒྱས་དང་། ཆོས་དང་། དགེ་འདུན་ནོ།། ལམན་བསོད་ནམས་དང་། བསོད་རྣམསས་ཡིན་པ་དང་། མི ་གཡོ་བའོ།། འབྲས་ནི་རྣམ་པར་སྨིན་པ་དང་བྲལ་བ་ཞེས་བྱ་བའོ།། དེ་དག་ཉིད་ལས་སྐུར་པ་འདེབས་པ་ནི་ལོག་པར་ལྟ་བ་སྟེ། མེད་པའི་རྣམ་པར་ཞུགས་པའོ།། འཇི་ན་པའི་ཡང་དག་པའི་ལྟ་བ་ནི་ཡོད་པ་རྣམ་པར་ཞུགས ་པ་སྟེ། དེ་ལྟ་བུའི་ཡང་དག་པའི་ལྟ་བས་རྟོགས་པའི་ཡོད་པ་ལ་མངོན་པར་ཡིད་ཆེས་པའི་རྣམ་པ་ནི་དད་པའོ།། དད་པའི་སྟོབས་ཀྱིས་ཡོད་པ་དེ་དག་ངེས་པར་འཛིན་པ་མེད་པ་དད་པའི་གཉེན་པོར་གྱུར་པའོ།། དེ་ཡིད་ཇི་ལྟར་རྙེད ་པ་དང་བཅས་པའི་ཆུ་ལ་ནོར་བུ་ཆུ་ལྡང་བྱེད་ཀྱིས་རྙོག་པ་རྣམས་བསལ་ནས་ཆུ་རབ་ཏུ་དང་བར་བྱེད་པ་དེ་བཞིན་དུ་དད་པའི་ནོར་བུར་ཡང་སེམས་ཀྱི་རྫིང་བུར་བྱུང་ནས་མ་དང་པའི་རྙོག་པ་བསལ་ཏེ་ཡིད་དང་བར་བྱེད་དོ།། ཡིད་དང་བར ་བྱས་པས་ཇི་ལྟར་ཡོངས་སུ་དག་པའི་མེ་ལོང་གཟུགས་བརྙན་གྱི་ཚུལ་གྱིས་བདྲེན་པ་དང་དཀོན་མཆོག་ལ་སོགས་པ་སྣང་བར་འགྱུར་རོ།། བརྩོན་འགྲུས་ནི་དགེ་བའི་ཆོས་ལ་སྤྲོ་བ་སྟེ། སེམས་ལས་བྱུང་བའི་ཆོས་གང་དང་ལྡན་པས ་སེམས་དགེ་བའི་ཆོས་བསྡུ་བ་ལ་སྤྲོ་བར་འགྱུར་བྱ་ལེ་ལེའི་གཉེན་པོར་གྱུར་པའི་ཆོས་ནི་བརྩོན་འགྲུས་སོ།། གང་བྱས་པ་དང་བྱེད་པའི་ལས་ལས་སེམས་ཀྱི་བརྗོད་པ་མེད་པ་སྟེ། སེམས་ཀྱི་མངོན་པར་བརྗོད་པ་ནི་དྲན་པའོ།། ཏིངེ་འཛིན ་ནི་སེམས་རྩེ་གཅིག་པ་སྟེ། རྩེ་ནི་དམིགས་པའོ་སེམས་ལས་བྱུང་བའི་ཆོས་གང་དང་ལྡན་པས་སེམས་ཀྱི་རྒྱུན་དམིགས་པ་གཅིག་ལ་ངེས་པར་གནས་པ་སྟེ། དེ་ནི་སེམས་ལས་བྱུང་བའི་ཆོས་ཏིང་འཛིན་ཞེས་བྱའོ།། ཤེས ་རབ་ཀྱི་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའོ།། རྣམ་པར་འབྱེད་པ་ནི་དངོས་པོའི་ངོ་བོ་མང་པོ་རིལ་བུ་གཅིག་ལྟ་བུར་གྱུར་པའི་དོན་ལ་འདིས་སོ་སྦྱོར་རྟོགས་པས་རྣམ་པར་འབྱེད་པའོ།། ཁྱད་པར་ཅན་དུ་རྣམ་པར་འབྱེད་པ་ནི་རབ་ཏུ ་རྣམ་པར་འབྱེད་པ་སྟེ། བྷྱོ་ཡི་དངོས་དེའི་ཆུ་རྣམ་པར་ཕྱེ་ནས་འདིའི་རང་གི་ངོ་བོ་ཅི་ཞེས་ཏེ། ཉེ་བར་དམིགས་པའི་དོན་ལ་ངེས་པར་སྙིང་པོ་ཅི་ཞིག་ཡོད་ཅེས་དེ་ལྟ་བུའི་རྣམ་པར་ཞུགས་པའོ།། དཔེར་ན་ཆུ་ཤིང་གིས་སྡོང་པོ་ལ་སྙིང ་པོ་འདོད་པས་རྣམ་པར་ཕྱེ་བ་ལྟ་བུ་སྟེ། ཇི་ལྟར་འགའ་ཞིག་སྙིང་པོ་འདོད་པས་ཆུ་ཀིང་གིས་སྡོང་པོ་ཤུན་པ་དང་ཤུན་པ་ཐ་དད་དུ་ལེགས་པར་རྣམ་པར་ཕྱེ་ནས་བཙལ་བ་ན་སྙིང་པོ་ཅུང་ཟད་ཀྱང་མི་རྙེད་པ་ལྟར་བློ་གྲོས་དང་ལྡན་པ ་གང་ཟག་དང་ཆོས་རྣམས་ཀྱིས་རང་གིས་ངོ་བོ་ཡོངས་སུ་བཙལ་བ་ན་སྙིང་པོ་ཅུང་ཟད་ཀྱང་མི་དམིགས་སོ།། དེ་ལ་གང་ཟག་ཅེས་བྱ་བ་ནི་བདག་དང་། སེམས་ཅན་དང་། སྲོག་དང་། གཡོ་བའོ།། དེ་ཡང་འདི་ལྟར་ཁྱིམ ་དང་། ཕྲེང་བ་དང་། ཤིང་རྟ་དང་། ནགས་ཚལ་ལ་སོགས་པ་ལྟར་ཉེ་བར་བརྟེན་ནས་རྣམ་པར་གདགས་ཏེ། ཇི་ལྟར་ཁྱིམ་ནི་རྩཝ་དང་འོད་མ་དང་ས་ལ་སོགས་པའི་རྒྱུ་ལ་ཉེ་བར་བརྟེན་ནས་སྒྲུབ་སྟེ། དེ་ཡོངས་སུ་རྫོགས་པར་གྱུར་པ་དང ་ཆར་དང་རླུང་དང་ཉི་མ་ཡོངས་སུ་སྐྱོབ་པ་ལ་མཁོ་བར་གྱུར་ན་ཡང་རང་གི་ངོ་བོར་གྲུབ་པ་ཡོད་པ་ནི་མ་ཡིན་ནོ།། གལཱ་ཏེ་དེའི་ངོ་བོར་ཡོད་ན་རྩ་ལ་སོགས་པ་ལ་མྱ་བལྟོས་པར་ཡང་བཟུང་བར་འགྱུར་ཏེ། འདི་དག་ནི་རྒྱུར་གྱུར་པ་རྩཝ་ལ ་སོགས་པའོ།། འདི་ནི་དེའི་འབྲས་བུར་གྱུར་པ་ཁྱིམ་མོ་ཞེས་བྱ་བར་གྱུར་ན། དེ་ལྟར་ན་མི་འཛིན་ཏེ། དེ་བས་ན་འདི་རང་གི་ངོ་བོར་ནི་མེད་དོ།། གལ་ཏེ་འདི་རང་གི་ངོ་བོར་ཡོད་ན་ནི་དེས་ན་གཞན་ལ་བརྟན་པར་མི་འགྱུར་ཏེ། རང་གི་ངོ་བོར ་གྲུབ་པའི་ཕྱིར་རོ།། གང་རང་གིས་ངོ་བོར་གྲུབ་པ་ན་གཞན་ལ་བལྟོས་པ་མ་ཡིན་ཏེ། གཞན་ལ་བལྟོས་པ་མ་ཡིན་པ་ནི་མ་བྱས་པའོ།། གང་ལ་བྱས་པ་ནི་རྟག་པ་ཡིནྡ་ལ། རྟག་པ་ནི་རྒྱུ་མེད་པ་ཡིན་པས་རྒྱུ་དང་རྐྱེན་ལ་མི་བལྟོས ་པའི་རྟག་པ་ནི་མོ་གཤམ་གྱིས་བུ་ལྟར་ཡོད་པ་མ་ཡིན་ན་ཡང་འཇིག་རྟེན་ན་ཁྱིམ་ཞེས་བྱ་བ་ཡང་ཡོད་དེ། དེས་ན་དེ་རང་གིས་ངོ་བོར་གྲུབ་པ་ནི་མེད་ལ། རང་གི་ངོ་བོར་གྲུབ་པ་མེད་པས་མེད་པ་ཉིད་དུ་ལྟུང་བར་འགྱུར་བའང ་མ་ཡིན་ནོ།། གལ་ཏེ་མོ་གཤམ་གྱི་བུ་ལྟར་གྱུར་ན་རྩ་ལ་སོགས་པ་ལ་ཉེ་བར་བརྟེན་ནས། རྣམ་པར་གདགས་པར་ཡང་མི་འགྱུར་ལ། ཆར་དང་ཉི་མ་ལ་སོགས་པ་སྐྱོབ་པར་ཡང་མི་འགྱུར་རོ།། དེ་ལྟ་བས་ན་རང་གིས་ངོ་བོར ་མེད་པས་ནི་དེ་མེད་ལ། རྟེན་ཅི་འབྲེལ་པར་འབྱུང་བས་བྱས་པའི་ཡོད་པ་ཉིད་ཀྱིས་དེ་མེད་པ་ཡང་མ་ཡིན་ནོ།། རྫས་སུ་ཡོད་པར་གྱུར་ན་བདེན་པར་ཡོད་པ་ཉིད་ཀྱིས་ཞེན་པར་ཡང་འགྱུར་ན། རྫས་སུ་མེད་ང་གཟུགས་བརྙན ་ལྟ་བུའོ།། ཞེན་པ་ལས་ནི་འཁོར་བར་འགྱུར་རོ།། དངོས་པོ་མེད་པས་ཡེ་མེད་པ་ཉིད་ཅེས་བྱ་བར་ཡང་མྱི་འགྱུར་རོ།། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ཉེ་བར་བརྟེན་པའི་རྣམ་པར་བཞག་པ་ཉམས་པར་ཐལ་བར་འགྱུར་བའི་ཕྱིརརོ།། ། ་དེས་ན་འདི་ལྟར་རྫས་སུ་མེད་པའི་དངོས་པོའི་དོན་རྣམ་པར་གནས་པ་ནི་ཀུན་རྫོབ་ཙམ་དུ་གནས་པ་ངོ་བོ་ཉིད་ཀྱིས་སྟོང་པ་འཕགས་པ་རྣམས་ཀྱིས་མངོན་པར་ཞེན་པར་བྱ་བའི་གནས་སུ་མ་གྱུར་པ་གང་ལ་བདེན་པའི་དོན ་དུ་སྒྲོ་བཏགས་པ་ནི་ཕྱིན་ཅི་ལོག་ཉིད་དེ། གཞན་དག་ཏུ་གནས་ལ། གཞན་དག་ཏུ་བཟུང་བ་ཉིད་ཀྱིས་ཐག་པ་བསྡོགས་པ་ལ་སྦྲུལ་དུ་བཟུང་བ་ལྟ་བུའོ།། ཁྱིམ་གྱི་བཤད་པ་འདི་ཉིད་ཀྱིས་ཕྲེང་བ་དང་། ནགས་ཚལ་ལ་སོགས ་དང་ཤིང་རྟའི་བཤད་པ་ཡང་རིག་པར་བྱའོ།། ཇི་སྐད་བཤད་པའི་ཁྱིམ་ལ་སོགས་པ་ལྟར་བདག་དང་ཆོས་ཀྱང་བཤད་པར་བྱའོ།། ཇི་ལྟར་བྱས་ཤེ་ན། དེ་ལ་རྩཝ་ལ་སོགས་པ་ལ་ཉེ་བར་བརྟེན་ནས་ཁྱིམ་རྣམ་པར ་བཞག་པ་དེ་བཞིན་དུ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་ཞེས་བྱ་བ་ཀེ་བར་ལེན་པའི་ཕུང་པོ་ལྔ་ལ་རྗེས་སུ་བརྟེན་ནས་བདག་ཅེས་ཉེ་བར་འདོགས ་པ་འམ། ཁམས་དྲུག་པོ་སུ་དང་། ཆུ་དང་། མེ་དང་། རླུང་དང་། ན་མཁའ་དང་། རྣམ་པར་ཤེས་པ་ཞེས་བྱ་བ་འམ། རེག་པའི་སྐྱེ་མཆེད་དྲུག་པོའི་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཅེས་བྱ་བ་ལ ་ཉེ་བར་བརྟེན་ནས་འདོགསོ།། དེ་ལྟ་བུའི་བདག་ནི་བདག་ཏུ་རྣམ་པར་འཇོག་པའི་རྒྱུ་ལ་མ་བལྟོས་པར་གྲུབ་པ་མེད་པ་ཉིད་དེ་ཁྱིམ་ལ་སོགས་པ་རང་གིས་ངོ་བོར་མེད་པ་ལྟ་བུའོ།། གལ་ཏེ་ཡོད་ན་ནི་རུང་གིས་རྒྱ་ལ་བལྟོས ་པར་ཉེ་བར་དམིགས་པར་འགྱུར་བ་ཞིག་ན་དེ་ལྟར་དམིགས་པ་མེད་དོ།། དེས་ན་རང་གི་ངོ་བོར་ནི་མེད་པ་ཉིད་དོ།། གྲལ་ཏེ་རང་གི་ངོ་བོར་ཡོད་ན་ནི་རང་གི་ངོ་བོར་དེ་ལྟར་གནས་པ་ཉིད་ཀྱིས་གཞན་ལ་བལྟོས་པར་མི་འགྱུར། ་ལ། གཞན་ལ་མི་བལྟོས་པ་ནི་བྱས་པ་མ་ཡིན་པས་རྟག་པར་འགྱུརརོ།། རྟག་པ་ནི་རྒྱུ་མེད་པ་ཡིན་ལ། རྒྱུ་མེད་པ་ཉིད་ནི་བོང་བུའི་རྭ་བཞིན་དུ་དམིགས་པར་མི་འགྱུར་ན། བདག་འདི་ནི་རང་གི་རྒྱུའི་ཚོགས་པ་ལ ་ཉེ་བར་བརྟེན་ནས་དམིགས་ཏེ་ཁྱིམ་བཞིན་ནོ།། དེ་ལྟ་བས་ན་རྟག་པ་མ་ཡིན་ནོ།། གང་མི་རྟག་པ་ཉིད་ནི་དངོས་པོ་མེད་པའོ།། གང་དངོས་པོ་མེད་པ་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ཏེ། རང་གི་རྒྱུ་རྐྱེན ་ལས་བྱུང་བ་ཉིད་དང་། རུང་གྲི་ངོ་བོར་མ་གྲུབ་པ་ཉིད་ཀྱིས་ཏེ། རང་གི་ཉེ་བར་ལེན་པ་ལ་བརྟེན་ནས་བཞག་པའི་ཕྱིར་དང་། དེ་ལ་འཕགས་པ་རྣམས་ཀྱིས་ཞེན་པའི་གནས་སུ་མ་གྱུར་པས་གཟུགས་བརྙན་ལ་ཐ་སྙད་བྱེད་པ ་ལྟར་རྣམ་པར་གནས་སོ།། ཕྱིན་ཅི་ལོག་ཏུ་ཞུགས་པསྲ་ཇི་ལྟར་གནས་པའི་རང་གིས་ངོ་བོ་ལ་རྨོངས་པའི་དབང་གིས་འདི་ལྟར་རང་གི་ངོ་བོར་སྒྲོ་བཏགས་ནས་བདག་ནི་ཡོད་དོ་ཞེས་འདོད་དེ། དེ་ནི་ངེས་པར་རྟག་པའི་མཐར་ལྟུང་ངོ་།། ་གང་ཡང་བདག་ནི་མེད་དོ་ཞེས་འདོད་པ་དེ་ཡང་ཆད་པའི་མཐར་ལྟུང་སྟེ། སྔར་ཁས་བླངས་པའི་དངོས་པོ་དེ་མེད་པར་དམིགས་པའི་ཕྱིར་རོ།། དེ་ཡང་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་བདག་ཡོད་དོ་ཞེས་འདོད་ན་དེ་ནི་རྟག ་པར་ལྟ་བའོ།། ཀུན་དགའ་བོ་བདག་མེད་དོ།། ཞེས་འདོད་ན་ཆད་པར་ལྟ་བའོ་ཞེས་གསུངས་པས་ཐམས་ཅད་དུ་ཡང་བདག་རྫས་སུ་མེད་པ་ལ་བདེན་པར་རྫསེ་སུ་སྒྲོ་བཏགས་ཏེ། ཡོད་པ་ཉིད་དམ་མེད་པ་ཉིད་དུ་བརྟགས་པ ་ནི་བརྟག་པ་དང་ཆད་པའི་མཐའ་གཉིས་སུ་ལྟུང་བར་ཞུགས་པར་འགྱུར་རོ།། གང་གིས་ཉེ་བར་ལེན་པ་ལས་རྣམ་པར་གནས་པ་ཕྱིན་ཙམ་ལོག་པ་ལ་ཇི་ལྟ་བ་བཞིན་དུ་མཐོང་བ་དེ་ནི་རྟག་པ་དང་ཆད་པའི་མཐའ་གཉིས ་སུ་ལྟུང་བར་མི་འགྱུར་ཏེ། དེའི་རྟེན་དུ་གྱུར་པའི་དངོས་པོ་ཉེ་བར་མི་དམིགས་པའི་ཕྱིར་རོ།། དེ་ཡང་རྫས་སུ་རྗེས་སུ་མ་དམིགས་པས་ནི་རྟག་པར་ལྟ་བར་ལྟུང་ལ། ཉེ་བར་ལེན་པ་ལས་རྣམ་པར་བཞག་པ་ཙམ་གྱིས ་བདག་ཁས་བླངས་པས་ནི་ཆད་པར་ལྟ་བར་མི་ལྟུང་ངོ་།། དེ་ལྟ་བུའི་མཐའ་གཉིས་ག་སྤངས་ནས་དབུ་མ་པའི་སྒྲུབ་པསྡུ་བརྟེན་ནས་འབྱུང་བར་ཉེ་བར་ལེན་པ་ལས་རྣམ་པར་གནས་པའི་བདག་འཕགས་པས ་ཇི་ལྟ་བ་བཞིན་དུ་རྟོགས་པས་བདག་ཏུ་འཛིན་པ་རྣམ་པ་ཐམས་ཅད་དུ་སྤངས་ཏེ་འཁོར་བ་ལུས་རྣམ་པར་གྲོལ་ལོ།། དེ་ལྟར་རེ་ཞིག་འདི་ནི་གང་ཟག་བདག་མེད་པའོ།། ཆོས་ལ་བདག་མེད་པ་ནི་ཆོས་རྣམས་ངོ་བོ་ཉིད་མེད་པའོ།། ། ་དེ་ལ་མདོར་བསྡུ་ན་ཆོས་ནི་རྣམ་པ་གཉིས་ཏེ། གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའོ།། དེ་ལ་གཟུགས་ཅན་ལ་ཡང་རྣམ་པ་གཉིས་ཏེ། འབྱུང་བ་དང་འབྱུང་བ་ལས་གྱུར་པའོ།། གང་གཟུགས་ཅན་མ་ཡིན་པ ་ལ་ཡང་རྣམ་པ་གཉིས་ཏེ། འདུས་བྱས་དང་འདུས་མ་བྱས་པའོ།། དེ་གཟུགས་ཅན་མ་ཡིན་པ་འདུས་བྱས་ལ་ཡང་རྣམ་པ་གསུམ་སྟེ། སེམས་དང་སེམས་ལས་བྱུང་བ་དང་། སེམས་དང་མི་ལྡན་པའོ།། གང་ཡང ་གཟུགས་ཅན་མ་ཡིན་པ་འདུས་མ་བྱས་པ་ནི་རྣམ་པ་བཞི་སྟེ། ན་མཁའ་དང་། སོ་སོར་བརྟགས་པའི་འགོག་པ་དང་། སོ་སོ་བརྟགས་པ་མ་ཡིན་པའི་འགོག་པ་དང་། ཆོས་རྣམས་ཀྱི་ཆོས་ཉིད་དོ།། དེ་ལྟ་རེ་ཞིག་འདུས ་མ་བྱས་རྣམས་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན་པ་ཉིད་ཀྱིས་ཀྱང་རང་གི་ངོ་བོར་མེད་ལ། བྱས་པ་མ་ཡིན་པས་ཀྱང་རང་གི་ངོ་བོར་མེད་དེ། འདུས་མ་བྱས་ནི་ཚིག་ཙམ་ཡིན་པས་རྣམ་པར་དཔྱད་པ་གཞུག་པར ་མི་བྱའོ།། གང་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་བྱེ་བྲག་གིས་གཟུགས་རྣམ་པ་ལྔ་པོ་དེ་ལ་འབྱུང་བ་ཆེན་པོ་བཞི་ནི་ཕན་ཚུན་མི་འདོར་བས་ཕན་ཚུན་གྱིས་སྟོབས་ཀྱིས་འབྱུང་སྟེ། འབྱུང་བ་ཆེན་པོ་གསུམ་ལ་བརྟེན་ནས་སའི ་ཁམས་འགྲུབ་པར་འགྱུར་ལ། སའི་ཁམས་ལ་བརྟེན་ནས་ཀྱང་འབྱུང་བ་ཆེན་པོ་གསུམ་འགྲུབ་པོ།། དེ་བཞིན་དུ་ལྷག་མ་རྣམས་ལ་ཡང་སྦྱརརོ།། དེ་བས་འདི་དག་ནི་ཕན་ཚུན་དུ་བརྟེན་ན་འགྲུབ་པར་གནས་ཏེ། ས་ལ་མ་བལྟོས ་བར་ཡང་འབྱུང་བ་གསུམ་པོ་ས་ལ་བརྟེན་པའི་ངོ་བོ་འཐོབ་པ་ག་ལུ་འགྱུར། གང་དུ་འབྱུང་བ་གསུམ་པོ་མེད་པ་དེང་ཡུང་སྲས་འབྱུང་བ་ག་སུམ་ལྷ་བརྟེན་པའི་ངོ་བོ་གང་ལས་འཐོབ་པར་འགྱུར།། དེ་བཞིན་དུ་ལྷག་རྣམས ་ལ་ཡུང་རུང་གི་ངོ་བོ་མ་གྲུབ་པར་སྦྱར།། གལ་ཏེ་འདི་དག་རང་གིས་དེ་བྱོར་གྲུབ་པར་གྱུར་ནཱ་དེ་དག་རུང་གི་དེ་བོར་གྲུབ་པ་ཉིད་ཀྱི་ཕན་ཚུན་བལྟོས་པར་མི་འགྱུར་རོ།། འདི་སྐམ་དུ་སེམས་ཏེ། གང་སྐྱེ་བའི་སྔོན་རོལ་དུ་འབྱུང་བའི ་རང་གི་ངོ་བོ་མ་གྲུབ་པ་དེ་ལྟ་ན་ཡ་ང་ཕན་ཚུན་བལྟོས་ནས་གྲུབ་པ་ཡོད་པས་རང་གི་ངོ་བོར་འགྱུརརོ་སྙམ་ན། དེ་ནི་མ་ཡིན་ཏེ། མ་སྐྱེས་པའི་སྔོན་རོལ་ནས་དེ་དག་གི་རང་གི་ངོ་བོར་མེད་པས་དེ་ལོ་ནི་རེ་ཞིག་བལྟོས་པ་ཡོད་པས ་ནིམ་ཡིན་པས་གྲུབ་པ་མེད་དོ།། གྲུབ་པ་མེད་པར་གྱུར་པས་རང་གི་ངོ་བོར་གྲུབ་པ་གང་ལས་འབྱུང་བར་འགྱུར། གང་དུ་དེ་དག་གི་རང་གི་ངོ་བོ་གྲུབ་པ་མེད་པ་དེར་བདག་དང་ནགས་ཚལ་ལ་སོགས་པ་ལྟར་ས་ལ་སོགས་པ་རྣམས ་ཀྱི་ངོ་བོ་ཉིད་མ་གྲུབ་པའོ་ཞེས་བྱ་བ་འདི་གནས་སོ།། ཡང་ངོ་བོ་ཉིད་དུ་མ་གྲུབ་པས་ས་ལ་སོགས་པ་བཏགས་པ་ཙམ་དུ་མེད་དོ་ཞེས་བརྗོད་པར་མི་བྱ་སྟེ། འདི་ལྟར་ལུས་ཀྱི་དབང་པོས་དམིགས་པས་སོ། ་དེ་བས་ན་འདི་དག་ཉེ་བར་དམིགས་པས་སོ།། ཉིད་ཀྱི་མཽ་གཤམ་གྱི་བུ་ལ་སོགས་པ་ལྟར་མེད་པ་ནི་མ་ཡིན་པ་ཉིད་དོ།། རྣམ་པར་བརྟགས་ན་ནི་རང་གི་ངོ་བྱེ་མ་གླུ་ཅིང་འི་ག་ཆུ་གི་ག་ས་ན་ངེས་པ་ཁོ་ནར་བརྟེན་ནས་ཡང་དག ་པར་འབྱུང་བ་འདི་རྣམས་ནི་གཟུགས་བརྙན་བཞིན་དུ་ངོ་བོ་ཉིད་མེད་པར་རྟོགས་པར་བྱའོ།། དེ་ལྟར་བྱས་ན་འཇིག་རྟེན་པ་དང་ཡང་འགལ་བར་མི་འགྱུར་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ཉེ་བར་བརྟེན་པའི་རྣམ་པར་བཞག་པ་ཁས ་བླངས་པས་སོ།། དེ་ཁོ་ན་ཉིད་དང་ཡང་འགལ་བར་མི་འགྱུར་ཏེ། མེད་པའི་ངོ་བོ་ཉིད་ཀྱིས་སྒྲོ་མ་བཏགས་པས་མངོན་པར་ཞེན་པ་ཡང་བཟློག་པར་གྱུར་པ་ཉིད་དེ། རྟེན་ཅིང་འབྲེལ་པར་འབྱུང་བ་བརྫུན་པ་བསླུ་བའི་ཆོས་ཅན་ཉིད་དུ ་རབ་ཏུ་རྟོགས་པས་སོ།། མངོན་པར་ཞེན་པ་མེད་པར་གྱུར་ན་མངོན་པར་ཞེན་པའི་རྒྱུ་ཅན་གྱི་འཁོར་བ་ལས་ལྡོག་པ་ཡང་བདེ་བར་འགྲུབ་པོ།། དེ་ལྟར་གཟུགས་བརྙན་བཞིན་དུ་འབྱུང་བ་ཆེན་པོ་རྣམས་ད་ངོས་པོ་མེད་པས་དངོས ་པོ་མེད་པས་དེས་ན་དེའི་རྒྱུ་ཅན་གྱི་འབྱུང་བ་ལས་གྱུར་པ་མིག་ལ་སོགས་པ་ངོ་བོ་ཉིད་མེད་པ་ཉིད་ནི་རྟོགས་པར་སླའོ།། གཞན་ཡང་ཐམས་ཅད་ལས་ཕྲ་བའི་གཟུགས་ཀྱི་ངོ་བོ་ནི་རྡུལ་ཕྲ་རབ་ཅེས་བརྗོད་དོ།། དེ་འདོད་པའི་ཁ ་ནུ་དབང་པོ་ལྷས་ཕྱི་རོལ་ཏུ་གྱུར་པ་ནི་རྫུས་བརྒྱད་དང་ལྡན་པར་འབྱུང་སྟེ། དེ་ལ་རྫས་བརྒྱད་ནི་འདི་ལྟ་སྟེ། འབྱུང་བ་ཆེན་པོ་བཞི་དང་། གཟུགས་དང་། དྲི་དང་། རོ་དང་། རེག་བྱའོ།། ནང་གི་བདག་ཉིད་ཅན་ལུས་ཀྱི་དབང་པོ་དང་ལྡན་པ ་ནི་རྫས་དགུའོ།། དེ་ལུས་གཞན་པའི་མིག་ལ་སོགས་པའི་དབང་པོ་དང་ལྡན་པ་ནི་རྫས་བཅུའོ།། ཡང་དེ་དག་གི་རྡུལ་ཕྲ་རབ་རྣམས་དང་ལྡན་པ་ལ་ནི་རྫུས་དགུ་དང་། བཅུ་དང་། བཅུ་གཅིག་དང་ལྡན་པར་འབྱུང་ངོ་།། དེ་ལེ་རྫས ་བརྒྱད་དང་ལྡན་པའི་རྡུལ་ཕྲ་རབ་ཀྱིས་རྫས་བརྒྱད་ནི་སེའུ་འབྲུའི་འབྲས་བུ་ལྟར་རང་གི་ངོ་བོ་སོ་སོར་གནས་པ་ནི་མེད་ཀྱི་འོན་ཀྱང་སྨན་གྱིས་ཚོད་མ་ལུ་ཀཽ་ལཱའི་འབྲས་བུ་དང་། སྲན་མ་ལ་སོགས་པ་དང་། བཏུང་བ་ལ་བུ་རམ་དང་། ་ཏཱིན་དི་ལཱིའི་འབྲས་བུ་ལ་སོགས་པའི་རོ་ལྟར་འདྲེས་པར་གྱུར་ནས་གནས་སོ།། དེ་ལ་ཡང་རྡུལ་ཕྲ་རབ་ཀྱི་རྫས་བདུན་བདུན་ལ་བལྟོས་པ་མེད་པར་རེ་རེ་མི་འགྲུབ་པ་ཉིད་ཀྱིས་རིང་གིས་ངོ་བོར་གྲུབ་པ་ནི་མེད་དོ།། གལ་ཏེ་ཡོད་ན། ་ནི་རེ་རེ་ཞིང་རྫས་བདུན་བདུན་ལ་བལྟོས་པ་ཉམས་པར་འགྱུར་ལ། དེས་ན་རྒྱུ་མེད་པ་ཡིན་ནོ།། རྒྱུ་མེད་པར་ནི་ལཱ་ལརཱ་འགའ་ཡང་གྲུབ་པ་མེད་དོ།། རྫས་བདུན་བདུན་ལ་བལྟོས་པ་དང་བཅས་པར་དམིགས་པས་ས་ལ་སོགས ་པ་དང་། ཁྱིམ་ལ་སོགས་པ་ལྟར་རང་གི་ངོ་བོར་ནི་མི་དམིགསོ།། ཐམས་ཅད་དུ་མེད་པ་ཡང་མ་ཡིན་ཏེ། རེ་རེ་ཞིང་རྫས་བདུན་བདུན་ལ་བརྟེན་ནས་ཉེ་བར་བཏགས་པ་དམིགས་པའི་ཕྱིར་རོ།། གང་རྫས་བརྒྱད་དང ་ལྡན་པའི་རྡུལ་ཕྲ་རབ་ཀྱི་རིགས་པ་དེ་ཉིད་རྫས་དགུ་དང་། བཅུ་དང་བཅུ་གཅིག་དང་ལྡན་པའི་རྡུལ་ཕྲ་རབ་ཀྱིས་རིགས་པ་དེ་ཉིད་དང་རྫས་དགུ་དང་། བཅུ་དང་བཅུ་གཅིག་དང་ལྡན་པའི་རྡུལ་ཕྲ་རབ་ལ་ཡང་སྦྱར ་བར་བྱའོ།། དེས་ན་འདི་ལྟར་མྱིག་ལ་སོགས་པ་དབང་པོ་ལྔ་གཟུགས་ལ་སོགས་པ་དང་དོན་ལྔ་དང་བཅས་པ་ནི་གཟུགས་བརྙན་ལྟ་བུ་ཉིད་དོ།། གང་ཡང་སེམས་དང་སེམས་ལས་བྱུང་བ་གང་དགེ་མིག་ལ་སོགས་པ་ལ་བརྟེན ་ནས་ཅིང་། གཟུགས་ལ་སོགས་པ་ལ་དམྱིགས་ནས་ཉེ་བར་འབྱུང་བ་དེ་དག་ཀྱང་གཟུགས་བརྙན་ལྟ་བུ་ཉིད་ལས་མི་འདའ་བ་ཉིད་དེ། གཟུགས་བརྙན་ལྟ་བུའི་རྟེན་དང་དམིགས་པ་ལས་བྱུང་བའི་ཕྱིར་རོ།། གཞན་ཡང་ཇི ་ལྟར་འབྱུང་བ་ཆེན་པོ་རྣམས་ཕན་ཚུན་བལྟོས་ནས་འབྱུང་བྱ་ཉིད་ཀྱིས་རང་གི་ངོ་བོར་གྲུབ་པ་ནི་སྲིད་པ་དེ་བཞིན་དུ་སེམས་ལས་བྱུང་བ་རྣམས་ཀྱང་ཕན་ཚུན་གྱིས་སྟོབྱས་ལ་བརྟེན་ནས་གྲུབ་པ་ཉིད་ཀྱིས་རང་གིས་ངོ་བོར་གྲུབ ་པྲི་མེད་པ་ཉིད་དེ་གཟུགས་བརྙན་ལྟ་བུ་ཉིད་ལས་མི་འདིའོ།། དེ་བཞིན་དུ་དེ་དག་གིས་མཚན་ཉིད་རྣམས་ལ་ཡོང་སྦྱར་བར་བྱའོ།། དེ་ལྟ་བྱས་ན་ཆོས་ཐམས་ཅད་དངོས་པོ་མེད་པ་ཡིན་ལ། གང་གིས་དངོས་པོ་བདེན་པར ་སྒྲོ་འདོགས་པ་དེ་ནི་ཕྱིན་ཅི་ལོག་ཡིན་ཏེ། དངོས་པོ་ནི་གཞན་དུ་གནས་ལ། ཆོས་ནི་གཞན་དུ་གཟུང་བ་ཉིད་ཀྱིས་སྨིག་རྒྱུ་ལ་ཆུར་འཛིན་པ་ལྟ་བུའོ།། གང་གིས་མི་རྟག་པ་ཉིད་དུ་ཁས་བླངས་ནས་ཡང་དངོས་པོ་བདེན ་པར་འདོད་པ་དེས་ནི་དངོས་པོའི་ངོ་བོ་ཇི་ལྟ་བ་བཞིན་དུ་མ་ཤེས་ཏེ་ཕྱིན་ཅི་ལོག་ལ་ཡང་དག་པར་འདུ་ཤེས་པས་རེ་ཞིག་དང་པོར་བདག་ཉིད་བསླུས་པ་ཡིན་ལ། དེ་ནས་ནི་གཞན་དག་ཡིན་ནོ།། དེ་དག་ནི་དེའི་གྲུབ་པའི་མཐའ་ལ་ཞེན ་པ་ཡིན་ཏེ། དེ་དག་གིས་རྫས་བདེན་པ་ཉིད་དུ་རབ་ཏུ་སྒྲུབ་པ་ན་ལུང་གིས་སམ། རིགས་པས་སྒྲུབ་པར་བྱེད་དོ།། དེ་ལ་རེ་ཞིག་ལུང་ནི་འདི་ཡིན་ཏེ། དེ་ལྟ་བས་ཀུན་དགའ་བོ་གང་ན་གང་མེད་པ་དེ་ནི་དེས་སྟོང་པ་ཉིད་ཡིན་ལ། ལྷག ་མ་གང་ཡིན་པ་དེ་ནི་ཡོད་པ་ཉིད་དོ།། ཞེས་ཤེས་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའོ།། ཞེས་དེ་སྐད་བརྗོད་པ་ནི་ཕྱིན་ཅི་མ་ལོག་པ་སྟོང་པ་ཉིད་རྟོགས་པའོ།། ཞེས་བྱ་བ་དང་། དེ་བཞིན་དུ་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་གང ་སྟོང་པ་དེ་ཡང་མྱི་འདོད་ལ། གླང་གིས་སྟོང་པ་དེ་ཡང་མི་འདོད་པ་དེ་ལྟ་བུའི་རྣམ་པ་ནི་སྟོང་པ་ཉིད་ཉེས་པར་བཟུང་བ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། གང་གིས་སྟོང་པ་དེ་ནི་མེད་པ་ཉིད་ཡིན་ལ། གང་སྟོང་པ་དེ་ནི་ཡོད་པ་ཉིད ་ཡིན་ལ་བྱས་སྟོང་པ་ཉིད་ཅེས་རིགས་སོ།། ཐམས་ཅད་མེད་ནི་གང་གང་གིས་སྟོང་པར་འགྱུར། དེ་ཉིད་དེས་སྟོང་པར་ནི་རིགས་པ་མ་ཡིན་ནོ།། དེ་ལྟ་བས་ན་ཉེས་པར་གཟུང་བར་འགྱུརརོ།། ཇི་ལྟར་ནི་སྟོང་པ་ཉིད་ལེགས་པར ་བཟུང་བ་ཡིན་ཞེ་ན། གང་ན་གང་མེད་པ་དེ་ནི་དེས་སྟོང་པ་ཉིད་དོ་ཞེས་ཡང་དག་པར་མཐོང་ལ། ལྷག་མ་ནི་ཡོད་པ་ཉིད་དེ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའོ།། ཞེས་དེ་ལྟར་བརྗོད་པ་ནི་སྟོང་པ་ཉིད་ཡང་དག་པ ་ཇི་ལྟ་བ་བཞིན་རྟོགས་པའོ།། ཞེས་གསུངས་པ་དང་། དེ་བཞིན་དུ་བརྟགས་པའི་དངོས་པོ་མེད་པ་སྟེ།། གཞན་གྱི་དབང་ནི་ཡོད་པ་ཉིད།། སྤྲོ་འདོགས་པ་དང་སྐུར་འདེབས་པའོ།། མཐུར་རྟོག་པ་ནི་བརླག་པ ་འགྱུར་ཞེས་ཀྱང་གསུངས་སོ་ཞེས་བྱ་བའོ།། དེ་དག་གི་རིགས་པ་ཡང་རྫས་ཙམ་ཡང་མེད་ན་གདགས་པའི་མཚན་མ་མེད་པས་བཏགས་པ་ཡང་ཡོད་པར་འགྱུར་ལ། དེ་མེད་ན་ལས་ཀྱི་འབྲས་བུ་ལ་སོགས་པ་ཡང་ཉམས ་པར་འགྱུར་རོ་ཞེས་བརྗོད་དོ།། དེ་ལ་ཁྱེད་ཀྱིས་དངོས་པོ་ཡོད་པར་བསྒྲུབས་ན་ནི་དེ་སྐུད་བརྗོད་པར་རིགས་ན། བསྒྲུབས་པ་ཡང་མ་ཡིན་ཏེ། འཇིགས་པས་དལ་བུས་སྨྲས་པ་ལྟ་བུར་ཤེས་སོ།། ཇི་སྐད་སྨྲས་པའི་རིགས་པས་དངོས་པོ ་བདེན་པར་ཡོད་པ་གསལ་བྱས་དངོས་པོ་མེད་པའི་དོན་ལ་ཡང་དངོས་པོའི་དོན་དུ་མཚོན་ནུས་ལས་དྲང་འབྲས་བུ་ལ་སོགས་པ་ཐམས་ཅད་རིགས་པར་རྟོགས་སོ།། ལུང་དང་འགལ་བའི་དོན་ཡང་སྡུར་ཉེ་བར་བརྗོད་དེ། དེ་ལྟ་མོད་ཀྱི ་ལུང་གིས་ནི་མངོན་པར་འདོད་པའི་དངོས་པོའི་ངོ་བོ་ཡོད་པར་སྒྲུབ་པར་མི་ནུས་སོ།། ཡོད་པ་ཉིད་ཙམ་ཉེ་བར་བརྗོད་པས་ནི་བདེན་པར་ཡོད་པ་ཉིད་དུ་མི་འགྲུབ་སྟེ། བཏགས་པ་ཙམ་ལ་ཡོད་དོ་ཞེས་ཉེ་བར་བརྗོད་དོ།། དེ་ཡང་བཅོམ ་ལྡན་འདས་ཀྱིས། དགེ་སློང་དག་ལྔ་པོ་འདི་རྣམས་ནི་འདུ་ཤེས་ཙམ་དང་། དམ་བཅའ་བ་ཙམ་དང་། ཀུན་རྫོབ་ཙམ་དང་། ཐ་སྙད་ཙམ་སྟེ། འདི་ལྟ་སྟེ། འདས་པའི་དུས་དང་། མ་འོངས་པའི་དུས་དང་། ན་མཁའ་དང་། མྱ་ངན ་ལས་འདས་པ་དང་། གང་ཟག་ཅེས་བྱ་བའོ།། ཞེས་དེ་ལྟར་འདུ་ཤེས་ཙམ་དུ་མངོན་པར་བསྒྲུབས་ནས་ཡང་བཅོམ་ལྡན་འདས་ཀྱིས། དགེ་སློང་དག་འདས་པའི་གཟུགས་བྱུང་བར་མ་གྱུར་ན་ཐོས་པ་དང་ལྡན་པའི་འཕགས་པ་ཉན་ཐོས་དག་འདས ་པའི་གཟུགས་ལ་མི་ལྟ་བར་འགྱུར་བ་ཞིག་གང་གི་ཕྱིར་འདས་པའི་གཟུགས་ཡོད་པས་དེའི་ཕྱིར་ཐོས་པ་དང་ལྡན་པའི་འཕགས་པ་ཉན་ཐོས་འདས་པའི་གཟུགས་ལ་མི་ལྟའོ།། དགེ་སློ་དག་གལ་ཏེ་མ་འོངས་པའི་གཟུགས་འབྱུང་བར ་མི་འགྱུར་ན་ཐོས་པ་དང་ལྡན་པའི་འཕགས་པ་ཉན་ཐོས་མ་འོངས་པའི་གཟུགས་ལ་མངོན་པར་མི་དགའ་བར་མི་འགྱུར་བ་ཞིག་ན། གང་གིས་ཕྱིར་མ་འོངས་པའི་གཟུགས་འབྱུང་བར་འགྱུར་བ་ཡོད་པས་དེའི་ཕྱིར་ཐོས་པ་དང་ལྡན་པའི ་འཕགས་པ་ཉན་ཐོས་མེ་འོངས་པའི་གཟུགས་ལ་མངོན་པར་མི་དགའོ་ཞེས་གསུངས་སོ།། དེ་ལྟ་བས་ན་བཏགས་པར་ཡོད་པ་ལ་ཡང་ཡོད་པར་ཉེ་བར་བརྗོད་པས་ཡོད་པར་ཉེ་བར་གསུངས་པ་ཙམ་གྱིས་བདེན་པ་ཉིད་ཀྱི་དངོས་པོ ་འགྲུབ་པར་མི་ནུས་སོ།། དེ་ལྟ་བས་ན་རྟེན་ཅིང་འབྲེལ་པར་འབྱུང་བའི་ངོ་བོ་ཉིད་ནི་དངོས་པོ་མེད་པའོ།། དངོས་པོ་མེད་པ་ཡིན་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་དང་ནི་མི་འགལ་ཏེ། གང་གི་ཕྱིར་བྱས་པ་ཅན་གྱིས་དངོས་པོ་རྟེན་ཅིང་འབྲེལ ་པར་འབྱུང་བ་བརྫུན་པ་སླུ་བའི་ཆོས་ཅན་འདི་ནི་འདིར་ངོ་བོ་དང་། རྫས་དང་དངོས་པོར་མེད་དོ།། དེ་ལྟ་ཡང་བྱས་པ་ཅན་གྱི་དངོས་པོ་བཅོས་མའི་རང་བཞིན་དུ་ནི་ཡོད་དེ། ངོ་བོ་ཉིད་དུ་མེད་པ་ཉིད་ཀྱིས་སྟོང་པའོ།། དེ་ལྟ་བས་ན་བཅོམ་ལྡན ་འདས་ཀྱིས་ཀྱང་། འདི་ལྟར་མཐོང་བའི་རྒྱུ་འདི་ཡང་།། སྒྱུ་མ་ལྟ་བུར་བྱིས་པ་འདྲིད།། གནོད་པར་བྱེད་དང་ཟུག་རྔུ་སྟེ།། འདི་ལ་སྙིང་པོ་ཡོད་མ་ཡིན།། ཇི་ལྟར་གང་ལ་རྣམ་དཔྱད་པས།། གསོག་དང་གསོབ་ཏུ་བཟོད་པ་ནི།། དེ་ལ་ཚུལ ་བཞིན་རྟོག་པ་སྟེ།། དེ་ཡིས་སྙིང་པོ་མེད་པར་མཐོང་།། གཟུགས་ནི་དབུ་བོའི་གོང་བུ་འདྲ།། ཚེར་བ་ཆུ་བུར་ལྟ་བུ་སྟེ།། འདུ་བྱེད་སྨིག་རྒྱུ་ལྟ་བུ་ཡིན།། འདུ་ཤེས་རྣམས་ནི་མ་གང་འདྲ།། རྣམ་ཤེས་སྒྱུ་མཱ་ལྟ་བུ་ཡིན་། ཉི་མའི་གཉེན་གྱིས ་གསུངས་པ་ཡིན།། དེ་ལྟར་ཕུང་པོ་ལ་རྟོགས་པས།། ཉིན་མོ་དང་ནི་མཚན་རྣམས་སུ།། བརྩོན་འགྲུས་བརྩམས་པའི་དགེ་སློང་གིས།། ཤེས་བཞིན་སོ་སོར་དྲན་པ་རྗེས།། འདུ་བྱེད་ཉེར་ཞི་ཞི་བ་ཡི།། ཞི་བའི་གོ་འཕང་རབ་ཏུ་འཐོབ།། བདེ་བ ་བླ་མེད་དང་ལྡན་པའི།། མྱ་ངན་འདས་པ་འགྲོ་བར་འགྱུར།། ཞེས་བྱ་བ་དང་། ཡང་འདི་ལྟར་མདོ་སྡེ་ལས།། རིགས་ཀྱི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་ལ་བདག་མེད་པ་ཤེས་པ་དང་ལྡན་པར་འགྱུར་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔས ་ཆོས་ལ་སྒྲོ་བཏགས་ལ་དག་ཚེ་སྐུར་པ་བཏབ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ།། དེས་ན་འདི་ལྟར་འགྱུར་ཏེ། ཆོས་རྣམས་གློ་བུར་བ་ཀུན་ཏུ་བཏགས་པ་ཞེས་བྱ་བར་རབ་ཏུ་གནས་ཀྱི་ཆེས་དེ་དེའི་ངོ་བོར་ཡོད་པ་ནི་མ་ཡིན་ལ། ཡི་གེ ་དེའི་ངོ་བོ་ཡང་ཡོད་པ་མ་ཡིན་ནོ།། འོན་ཀྱང་འདི་དག་ནི་མིང་ཙམ་པ་འདི་དག་ནི་ཐ་སྙད་ཙམ་པ་ཞེས་བྱས་ནས་དེ་ལ་མངོན་པར་ཞེན་པར་ནི་མི་བྱེད་དེ། བློ་བུར་བའི་ཆོས་དེ་ཐམས་ཅད་ཀྱིས་ཐམས་ཅད་དུ་མེད་པ་ཡང་མ་ཡིན་ཏེ། ཆོས ་རྣམས་རྐྱེན་གཞན་དང་གཞན་ལ་བལྟོས་པའི་ཕྱིར་རྒྱུན་གཞན་དང་གཞན་བལྟས་པའི་ཕྱིར་རྐྱེན་གཞན་དང་གཞན་ལྔ་བལྟོས་ན་ནི་ཡོད་དོ།། རྐྱེན་དང་བྲལ་ན་ནི་འགག་སྟེ། འདི་ལྟར་དེ་ཐམས་ཅད་བྱང་ཆུབ་སེམས་དཔས་ཡང་དགུ་པ་ཇི་ལྟ ་པ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་གསུངས་སྷོ།། དེས་ན་འདིར་རྟེན་ཅིང་འབྲེལ་པར་འབྱུང་བའི་ངོ་བོ་ཡང་དག་པ་མ་ཡིན་པ་གློ་བུར་བ་ཉིད་ཀྱིས་དེས་བྱས་པས་དངོས་པོཪྵ་ནི་མེད་ཀྱི་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པ་ནི་མ་ཡིན་ནོ།། གལ ་ཏེ་དེའི་ངོ་བོ་ཡོད་ན་ནི་དེ་རྟག་པ་ཉིད་ཡིན་པའི་ཕྱིར་མི་བདེན་པའི་ངོ་བོ་མ་ཡིན་པས་རང་བཞིན་དུ་གནས་པ་ཉིད་དུ་འགྱུར་ན། དེ་ཡང་མྱེད་དེ། དེ་ལྟ་བས་ནཱ་བློ་བུང་བ་ཉིད་ཡིན་གྱི་རང་བཞིན་དུ་གནས་པ་ནི་མ་ཡིན་ནོ།། དེས་ན་འདི་ལྟར་ཆོས ་དེ་དེའི་ངོ་བོར་ནི་ཡོད་པ་མ་ཡིན་ལ། ཡི་གེའི་ངོ་བོར་ཡང་ཡོད་པ་མ་ཡིནོ་ཞེས་གསུངས་སོ།། གཞན་ལས་ཀྱང་། ཕུང་པོ་ལྔ་པོ་དངོས་མེད་པ།། དེས་ན་མྱི་བདེན་པ་ལས་ཕྱུང་།། སྐྱེ་བ་པོ་ཡང་ཡོད་མ་ཡིན།། གང་ཞིག་སྐྱེ་བའི་ཕུང་པོའང ་མེད་ཅེས་གསུང་སོ།། གལ་ཏེ་འདི་དག་རྫས་བདེན་པ་ཉིད་དུ་ཡོད་པར་གྱུར་ན། དེ་ལྟ་ན་རྫས་སུ་ཡོད་པ་ནི་རྟག་ཏུ་གནས་པ་ཉིད་ཀྱིས་མི་བདེན་པའི་དངོས་པོ་ཉམས་པར་འགྱུར་རོ།། དེ་ལྟ་བས་ན་འདི་ལྟར། མི་ཟད་པའི་ཆོས་བཞི་ནི།། འཇིག ་རྟེན་མགོན་གྱིས་བསྟན་པ་སྟེ།། སེམས་ཅན་ནམ་མཁའ་བྱང་ཆུབ་སེམས།། སངས་རྒྱས་ཆོས་ཀྱང་དེ་བཞིན་ནོ།། གལ་ཏེ་དེ་དག་རྫས་གྱུར་ན། ཟད་པ་ཉིད་དུ་འགྱུར་བ་ཡིན།། མེད་པ་དེ་ནི་མི་ཟད་དེ།། དེ་ལྟ་བས་ན་མི་ཟད་བསྟན་ཞེས་གསུང ་པ་དང་། དེ་བཞིན་དུ། སྲིད་པ་གསུམ་ནི་བཏགས་པ་ཙམ།། དངོས་པོའི་ངོ་བོ་ཉིད་དུ་མེད།། བཏགས་པ་ཡི་ནི་དངོས་པོ་རྣམས།། རྟོག་གེ་ངན་པས་ཀུན་ཏུ་བརྟགས་ཞེས་བྱ་བ་དང་། དེ་བཞིན་དུ་རིགས་ཀྱི་བུ་བྱང་ཆུབ ་སེམས་དཔའ་ཆོས་བཅུ་དང་ལྡན་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་ཡིན་ཏེ། བཅུ་གང་ཞེ་ན་འདི་ལྟ་སྟེ། ཆོས་རྣམས་གསོག་ཉིད་དུ་རབ་ཏུ་ཤེས་པ་དང་། གསོབ་ཉིད་དང་། སྙིང་པོ་མེད་པ་ཉིད་དང་། མིག་ཡོར་ལྟ་བུ་ཉིད་དང ་གཟུངས་བརྙན་ལྟ་བུ་ཉིད་དང་། སྒྲ་བརྙན་ལྟ་བུ་ཉིད་དང་། སྒྱུ་མོ་ལྟ་བུ་ཉིད་དང་། མི་གནས་པ་ཉི་དང་། གཡོ་བ་ཉིད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་དུ་དེ་ལྟར་དེ་དག་གིས་རབ་ཏུ་ཤེས་པར་འགྱུར་ཏེ། འདི་ལྟར་ཆོས་འདི་དག་ནི་འདི་ལྟར ་གསོག་ཉིད་དང་། འདི་ལྟར་གསོབ་ཉིད་དང་། འདི་ལྟར་སྙིང་པོ་མེད་པ་ནས་འདི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བའི་བར་དུའོ།། དེ་ལྟ་མོད་ཀྱིས་ཡང་འདི་ལྟར་སྐྱེའོ་ཞེས་བྱ་བར་ཡང་རབ་ཏུ་ཤེས་ལ། གནས་སོ་ཞེས་བྱ་བ་དང་། འཇིག་གོ། ་ཞེས་བྱ་བར་ཡང་རབ་ཏུ་ཤེས་སོ།། དེ་དག་འདི་སྙམ་དུ་ཡང་འགྱུར་ཏེ། ཆོས་འདི་དག་ནི་མ་རིག་པའི་རྐྱེན་གྱིས་བྱུང་བ། མ་རིག་པའི་སྔོན་དུ་འགྲོ་བ། མ་རིག་པས་རབ་ཏུ་བྱུང་བ་སྟེ། མ་རིག་པ་ལ་ཀུན་ཏུ་བརྟན་ནས་འདུ་བྱེད་རྣམས་རབ ་ཏུ་འབྱུང་བར་འགྱུར་རོ།། འདུ་བྱེད་རྣམས་ལ་ཀུན་ཏུ་བརྟེན་ནས་རྣམ་པར་ཤེས་པ་རབ་ཏུ་སྐྱེའོ།། རྣམ་པར་ཤེས་པ་ལས་ནི་མིང་དང་གཟུགསུ་གདགས་པར་འགྱུརརོ།། མིང་དང་གཟུགས་སུ་བཏགས་པ་ལས་ནི་སྐྱེ་མཆེད་དྲུག་ཏུ་གདག ་པ་འབྱུང་བར་འགྱུར་རོ།། སྐྱེ་མཆེད་དྲུག་ལས་ནི་རེག་པ་འབྱུང་ངོ་།། རེག་པ་ལས་ནི་ཚེར་བ་འབྱུང་ངོ་།། ཚོར་བའི་རྒྱུ་ལས་ནི་བྱིས་པ་རྣམས། སྲེད་པས་གནོད་པར་འགྱུརརོ།། སྲེད་པས་ནི་ཉེ་བར་ལེན་པ་རྣམས་ཉེ་བར་ལེན་ཏེ། ཉེ་བར་ལེན་པ་ཉེ་བར་བླངས ་པས་ནི་སྲིད་པའི་རྒྱུན་འབྱུང་ངོ་།། སྲིད་པ་ལས་ནི་ཉེ་བར་སྐྱེ་བ་འབྱུང་ངོ་།། སྐྱེས་པ་ལས་ནི་རྒས་པ་འབྱུང་ངོ་།། རྒས་པའི་ཆོས་ལས་ནི་སྐྱེས་བུ་གང་ཟག་འཆི་བར་འགྱུར་ལ། འཆི་བ་ལ་བརྟེན་ནས་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་སྡེལ ་བ་དང་ཡིད་མི་བདེ་བ་དང་། འཁྲུགས་པ་རྣམས་འབྱུང་པོར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་ཀུན་ཏུ་འབྱུང་བར་འགྱུར་རོ།། དེ་ལྟ་བསྡུ་ན། སྐྱེས་བུ་མཁས་པ་རྟོག་པ་དང་ལྡན་པས་མ་རིག་པ་སྤང་བ་ལ་འབད་པར ་བྱའོ།། མ་རིག་པ་རྣམ་པར་བསལ་བའི་ཕྱིར་དང་། མ་རིག་པ་རྩ་བ་ནས་དབྱུང་བའི་ཕྱིར་དང་། མ་རིག་པ་འགོག་པའི་ཕྱིར་འབདྲ་བར་བྱའོ།། མ་རིགས་པ་འགགས་ན་མི་ཤེས་པ་ལ་བརྟན་པའི་ཆོས་འདི་དགེ་ཀྱང་འགགས་པར་འགྱུར་ཏེ། འདི་ལྟ ་སྟེ། རིགས་ཀྱི་བུ་དཔེར་ན་སྲོག་གི་དབང་པོ་འགགས་ན་དབང་པོ་ལྷག་མ་རྣམས་ཀྱང་འགགས་པར་འགྱུརརོ།། དེ་བཞིན་དུ་མ་རེག་པ་འགགས་པས་མི་ཤེས་པ་ལ་བརྟེན་པའི་ཆོས་འདི་རྣམས་འགགས་པར་འགྱུརརོ།། མི་ཤེས་པ་མྱ་ན ་ཉོན་མོངས་པ་ཀུན་ཏུ་མི་སྤྱོད་དོ།། ཉོན་མོངས་པ་ཀུན་ཏུ་མི་སྤྱོད་ན་འཁོར་བར་འཇུག་པར་མི་འགྱུར་ལ། འཁོར་བའི་རྒྱུ་ཡང་འགག་པར་འགྱུར་ཞིང་། མྱ་ངན་ལས་འདས་པ་ལ་ཉེ་བར་ཡང་འགྱུརརོ།། རིགས་ཀྱི་བུ་ཚེས་བཅུ་པོ་འདི་དག ་དང་ལྡན་པའི་བྱང་ཆུབ་སེམས་དྲཔས་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པར་འགྱུརརོ།། ཞེས་གསུངས་པས་འདི་ལྟ་བུ་ནི་ཕྱིན་ཅི་མ་ལོག་པའི་སྟོང་པ་ཉིད་ཀྱིས་དོན་ཏེ། འདི་ལྟ་སྟེ་དངོས་པོ་མེད་པའི་དོན ་འདི་ཡིན་གྱིས་ཐམས་ཅད་དུ་མེད་པའི་དོན་ནི་མ་ཡིན་ནོ།། དེ་ཡང་བཅོམ་ལྡན་འདས་ཀྱིས་གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས།། དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན།། རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད།། གང ་གང་ཞིག་སྟོང་པ་ཉིད་ཤེས་དེ་བག་ཡོད་ཡིན།། ཞེས་གསུངས་སོ།། སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་ཀྱང་།། བརྟེན་ཏེ་འབྱུང་བའི་ངོ་བོ་གང་།། དེ་ཉིད་སྟོང་པ་ཉིད་དུ་བརྗོད།། དངོས་པོ་རྟེན་ཅིང་འབྲེལ་པར་འབྱུང་བས་ན། དེ་ཕྱིར ་དངོས་པོ་མེད་པ་ཉིད།། ཅེས་གསུངས་སོ།། གང་པ་དེ་ལྟ་བུ་ནི་དངོས་པོ་མེད་པའི་དོན་ཡིན་ཏེ། དེ་ལྟ་བུ་ནི་བདག་མེད་པའི་དོན་ཡིན་ལ། དངོས་པོ་ནི་བདག་གོ།། གལ་ཏེ་དངོས་པོར་ཡོད་ན་ནི་བདག་དང་བཅས་པར་འགྱུར།། བདག་དང་། ་བཅས་པར་གྱུར་ན་རང་དབང་ཅན་དུ་འགྱུར་ལ་རང་དབང་ཅན་དུ་གྱུར་ན་ནི་རྟག་པར་འགྱུར་ལ། དངོས་པོ་རྟག་པ་ནི་མེད་དེ་འདུ་བྱེད་ཐམས་ཅད་ནི་མི་རྟག་པ་ཞེས་གསུངསོ།། དེས་ན་སློབ་དཔོན་གྱིས་ཞལ་སྔ་ནས་ཀྱིས་ཀྱང ་རྟེན་ཅིང་འབྲེལ་པར་འབྱུང་བ་གང་།། དེ་ཉིད་ཁྱོད་ནི་སྟོང་པར་བཞེད།། དངོས་པོ་རང་དབང་ཅན་མེད་ཅེས།། མཉམ་མེད་ཁྱོད་ཀྱིས་སེང་གེའི་སྒྲ་ཞེས་གསུངསོ།། འཕགས་པ་ལྷའི་ཞལ་སྔ་ནས་ཀྱིས་ཀྱང་། རྟེན་ཅིང་འབྲེལ་པར ་འབྱུང་བ་གང་།། རང་དབང་ཅན་དུ་དེ་མ་སྐྱེས།། འདི་དག་ཐམས་ཅད་རང་དབང་མེད།། དེས་ན་བདག་ནི་ཡོད་མ་ཡིན་ཞེས་བཤུད་དོ།། སློབ་དཔོན་མ་ཏི་ཙི་ཏྲས་ཀྱང་།། རང་དབང་ཡོད་ན་བྱེད་པོར་འགྱུར།། བྱེད་པོ་འགའ་ཡང་མི་རིགས ་བས།། ཆོས་ཀུན་བྱེད་པ་མྱེད་པ་ཡི།། ཚུལ་དུ་ཁྱོད་ཀྱིས་གསུངས་པ་ཡིན།། ཆོས་ཀྱི་རྔ་ཆེན་བརྡུངས་པ་ཡི།། སྟོང་ཉིད་སེངྒེའི་སྒྲ་འདི་ཡིས།། ལྷ་དང་བཅས་པའི་འཇིག་རྟེན་ལས།། ས་མཚམས་བཅོད་པར་རྣམ་པར་གནས ་ཞེས་བཤད་དོ།། འདི་ནི་རེ་ཞིག་ཆོས་དང་གང་ཟག་དག་རབ་ཏུ་འབྱེད་པའི་འཇིག་རྟེན་ལས་འདས་པའོ།། འཇིག་རྟེན་པའི་ནི་མཐའ་མེད་པས་དེ་ནི་གཞུང་མྱང་བ་ཉིད་ཀྱིས་འདིར་བརྗོད་པར་མི་ནུས་པས་བཞག་གོ།། དེ་ལྟར་ཤེས ་རབ་བཤད་ཟིན་ཏོ།། སེམས་ལས་བྱུང་བའི་ཆོས་གང་དང་མཚུངས་པར་ལྡན་ན་རྣམ་པར་ཤེབ་ང་ཆུ་ངུར་དམིགས་པ་ཡོངས་སུ་གཅོད་པ་ཉིད་དེ། དམིགས་པར་གཏོགས་པ་ལ་བརྟགས་པས་ཕྲ་མོ་མི་བྱེད་པ་དེ་ནི་ཀུན་དུ ་རྟོག་པ་ཞེས་བྱ་བ་སྟེ། རྣམ་པར་རྟོག་པ་ཞེས་བརྗོད་དོ།། འདི་ལྟ་སྟེ། འགའ་ཞིག་གིས་ཐག་རིང་པོ་ནས་འདི་ལྟར་བུམ་པ་དང་ཁམ་ཕོར་ལ་སོགས་པ་མཐོང་བ་ཉིད་ན། དེར་གཏོགས་པ་ལྔ་དཔྱད་པ་མ་བྱས་པར་བཟུང་བ་རྩམ ་དུ་དཔྱོད་པས་དེས་འདི་ལྟར་རྣམ་པར་ཤེས་པ་དམིགས་པ་ལ་ཡོངས་སུ་དཔྱད་པ་རྩིང་བར་འཇུག་གོ།། དེ་དང་མཚུངས་པར་མི་ལྡས་ནི་དེ་ལྟར་འཇུག་པ་མེད་དོ།། དེ་ལྟ་བས་ན་སེམས་རྩིང་བའི་མཚན་ཉིད་ནི་རྣམ་པར་རྟོག་པ ་ཞེས་བརྗོད་ཀྱི། རྣམ་པར་ཤེས་པ་ནི་གཟུགས་ཅན་མ་ཡིན་པ་ཉིད་ཀྱི་བདག་ཉིད་ནི་རྩིང་བའི་རྣམ་པར་འགྱུར་བ་མ་ཡིན་ནོ།། ཆོས་མངོན་པ་ལས་ནི།། རྣམ་པར་རྟོག་པ་གསུམ་འབྱུང་སྟེ།། ངོ་བོ་ཉིད་ཀྱི་རྣམ ་པར་རྟོག་པ་དང་། ཀུམ་ཏུ་ངེས་པའི་རྣམ་པར་རྟོག་པ་དང་། རྗེས་སུ་དྲན་པ་ནི་རྣམ་པར་རྟོག་པའོ།། དེ་ལ་རྣམ་པར་རྟོག་པ་དེ་རྣམས་ལས་གང་ངོ་བོ་ཉིད་ཀྱིས་རྣམ་པར་རྟོག་པ་ནི་བཤད་པ་དེ་ཉིད་དོ།། མཉམ་པར་མ་གཞག་པའི ་ཡིད་ཀྱིས་ཤེས་རབ་ནི་ཀུན་ཏུ་ངེས་པར་རྟོག་པའི་རྣམ་པར་རྟོག་པའོ།། མཉམ་པར་གཞག་པ་དང་མ་གཞག་པའི་ཡིད་ཀྱིས་དྲན་པ་ཐམས་ཅད་ནི་རྗེས་སུ་དྲན་པའི་རྣམ་པར་རྟོག་པའོ།། དེ་ཡང་ཇི་སྐད་དུ། སྐྱེས་བུ་མིག་གིས་རྣམ ་པར་ཤེས་པ་དང་རྫས་ས་ཀྱི་སྔོན་པོའོ་སྙམ་དུ་ནི་མ་ཡིན་ནོ།། ཞེས་གསུངས་པ་ལ་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་ཞེས་བྱ་བ་དག་དང་མཚུང་སྔོ་པར་ལྡན་པས་རྟེན་ཅིང་འབྲེལ་པར་འབྱུང་བའི་བྱེ་བྲག་བརྗོད་པའི་ཁྱད་པར ་ཡོངས་སུ་ཡོངས་སུ་གཅོད་པ་ན་དེའི་རྣམ་པར་འབྱུང་བ་ནི་སྔོན་པོ་ཤེས་པ་ཞེས་བྱའོ།། དེ་ཉིད་ལ་ཡང་ཀུན་ཏུ་ངེས་པར་རྟོག་པ་གསལ་བ་དང་། མི་གསལ་བ་ཞེས་བྱ་བ་དག་གིས་ཡིད་ཀྱི་རྣམ་པར་ཤེས་པས་ཡོངསསུ ་གཅོད་པ་ནི་སྔོན་པོའོ་ལྕེ་སྡེ་བའོ།། རྦ་ལས་བྱུང་བའི་ཆོས་གང་དང་མཚུངས་པར་ལྡན་ན་རྣམ་པར་ཤེས་པས་དམིགས་པ་ལ་ཞིབ་པར་ཡོངས་སུ་དཔྱོད་པ་དེ་ནི་སེམས་ལས་བྱུང་བའི་ཆོས་དཔྱོད་པ་ཞེས་བྱ་སྟེ། སེམས་ཕྲ་བའི ་མཚན་ཉིད་དེ། འདི་ལྟ་སྟེ། བུམ་པ་དང་། ཁམ་ཕོར་ལ་སོགས་པ་དེ་དག་ཉིད་ལགས་ལ་གས་པ་དང་། མ་གས་པ་ཡོངས་སུ་དཔྱོད་ཅིང་ཡོངས་སུ་དཔྱད་ནས་འདི་གས་པའོ།། འདི་ནི་སྲ་བའོ་ཞེས་དེ་ལྟ་བུའི་རྣམ་པ་ལ་དམིགས ་ཤིང་ཕྲ་བར་དཔྱོད་པ་ལ་འཇུག་པ་ནི་སེམས་ལས་བྱུང་བའི་ཆོས་སྤྱོད་པ་ཞེས་བརྗོད་དོ།། གང་རྣམ་པར་དཔྱོད་པ་དང་། གང་ཡང་བཤད་མ་ཐག་པའི་རྣམ་པར་རྟོག་པ་གཉིས་ཀྱིས་ནི་ངག་འདུ་བྱེད་པར་བརྗོད་དེ། ངག་ཀུན་ནས ་བསླང་བར་བྱེད་པའི་ཕྱིར་རོ།། བཅོམ་ལྡན་འདས་ཀྱིས་ཀྱང་རྣམ་པར་བརྟག་རྣམ་པར་དཔྱད་ནས་ཚིག་ཏུ་བརྗོད་ཀྱི་མ་བརྟགས་མ་དཔྱད་པར་ནི་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ།། བགྲ་མེད་པ་ནི་དགེ་བའི་ཆོས་རྣམས་མི་སྒོམ ་ཞིང་གཅེས་སུ་མི་འཛིན་པ་སྟེ། འཆད་པར་འགྱུར་བའི་བགྲ་ཡོད་པ་ལས་བཟློག་སྟེ་སྦྱར་རོ།། བག་ཡོད་པ་ནི་དགེ་བའི་ཆོས་རྣམས་བསྒོམ་པ་ལ་གཅེས་སུ་བྱེད་པ་དང་བཅས་པ་ཉིད་དེ། སེམས་ཀྱི་རྒྱུན་དགེ་བའི་ཆོས་ལ་གཞོལ ་བར་བྱེད་ཅེས་བྱ་བའི་དོན་ཏོ།། དེ་ལ་དགེ་བའི་དོན་ནི་བདེ་བའི་དོན་ཏེ། འཚེ་བ་ཐམས་ཅད་ལོག་པ་ཉིད་ཀྱིས་མྱ་ངན་ལྔས་འདས་པ་ནི་ཐམས་ཅད་དུ་བདེ་བ་སྟེ། ནད་མེད་པ་ལྟ་བུའོ།། ལམ་གྱི་བདེན་པ་ཡང་དེ་ཐོབ་པར་བྱེད་པའི་རྒྱུ་ཉིད ་ཀྱིས་བདེ་བས་སོ།། དེ་ལས་གཞན་པ་དགེ་བ་ཟག་པ་དང་བཅས་པ་ནི་རང་དང་བཅས་པ་ནི་རང་དང་རྗེས་སུ་མཐུན་པའི་རྣམ་པར་སྨིན་པའི་དངོས་པོ་འདོད་པ་ཐོབ་པར་བྱེད་པས་སོ།། དེ་ལ་དགེ་བའི་རྩ་བ་གསུམ་དང་། ངོ་ཚ་ཤེས་པ ་པ་དང་། ཁྲེལ་ཡོད་པ་ཞེས་བྱ་བ་འདི་དག་ནི་ངོ་བོ་ཉིད་ཀྱིས་དགེ་བ་སྟེ། གཞན་དང་ལྡན་པ་དང་། ཀུན་ནས་སློང་བ་ལ་མི་ལྟོས་པའི་ཕྱིར་ཕན་པའི་སྨན་ལྟ་བུའོ།། དགེ་བའི་རྩ་བ་གསུམ་དང་། ངོ་ཚ་ཤེས་པ་དང་། ་ཁྲེལ་ཡོད་པའི་ཆོས་དེ་དག་དང་མཚུངས་པར་ལྡན་ན་མཚུངས་པར་ལྡན་པས་དགེ་བའོ།། སྨན་དང་སྦྱར་བའི་བཏུང་བ་ལྟ་བུ་སྟེ། དེ་དག་དང་མཚུངས་པར་མི་ལྡན་པ་རྣམས་ནི་དགེ་བ་མ་ཡིན་པའི་ཕྱིར་རོ།། ལུས་དང་ངག་གི་ལས ་སེམས་དང་ལྡན་པའི་མ་ཡིན་པའི་འདུ་བྱིང་ཐོབ་པ་དང་། སྐྱེ་བ་ལ་སོགས་པ་དགེ་བའི་རྩ་བ་ལ་སོགས་པའི་ཆོས་དེ་དག་དང་མཚུནཔ་ལྡན་ཕྲ་ཀུན་ན་བསླང་བ་ནི་ཀུན་ནས་བསླང་བས་དགེ་བ་སྟེ། སྨན་དང་སྦྱར་བའི་ཆུ་ལས་བྱུང་བའི་འོ ་མ་ལྟ་བུའོ།། ཀུན་ནས་སློང་བར་བྱེད་པས་ནས་ཀུན་ནས་སློང་བའོ།། དེ་ཡང་རྣམ་པ་གཉིས་ཏེ། རྒྱུའི་ཀུན་ནས་སློང་བ་དང་། དེའི་དུས་ཀྱིས་ཀུན་ནས་སློང་བའོ།། དེ་ལ་ལུས་དང་ངག་གིས་ལས་ལ་སོགས་པ་ཀུན་དུ་འབྱུང་བའི་དུས་སུ ་གང་གིས་ཀུན་ནས་སློང་བ་དེ་ནི་དེའི་དུས་ཀྱི་ཀུན་ནས་སློང་བའོ།། རྒྱུའི་ཀུན་ནས་སློང་བ་ནི་དེ་ལ་སྦྱོར་བའི་དུས་ཀྱི་སྟེ། དེ་ལས་འདིར་སྒོམ་པས་སྤང་བར་བྱ་བའི་ཡིད་རྣམ་པར་ཤེས་པ་རབ་ཏུ་འཇུག་པར་བྱེད་པའི་དབང་གིས་དགེ་བ་དང་། ་མི་དགེ་བ་དང་། ལུང་དུ་མ་བསྟན་པར་བརྗོད་པར་བྱེད་ཀྱིས་དེའི་དུས་ཀྱིས་ཀུན་ནས་སློང་བ་ལྟ་བུ་ནི་མ་ཡིན་ནོ།། སེམས་ལས་བྱུང་བའི་ཆོས་གང་དག་མཚུངས་པར་ལྡན་པས་འཁོར་བའི་སྐྱོན་མཐོང་བ་ཉིད་ཀྱིས་སེམས་འཁོར་བ་ལས ་སྐྱེ་བ་ཉིད་དེ། དོ་ནི་ཉོན་མོངས་པ་སྤོང་བ་ལ་རྗེསུ་མཐུན་པས་ངེས་པར་སྐྱོ་བ་ཞེས་བརྗོད་དོ།། སེམས་ཀྱི་རབ་ཏུ་དགྲ་བ་ནི་སེམས་ཀྱི་མགུ་བ་སྟེ་ཡིད་བྱེད་པ་ལྔས་ཐ་དད་དུ་གྷུར་བྷ་ནཱི་རབ་ཏུ་དགའ་བའོ།། ཤིན་ཏུ་སྦྱངས་པ་ནི་ལུས་དང་སེམས། ་དག་ལས་སུ་རུང་བ་ཉིད་དོ།། ཤིན་ཏུ་སྦྱངས་པའི་ལུས་དང་སེམས་ལྕི་བོ་ཉིད་དོ།། ལྕི་ན་ནི་མི་གསལ་བའི་ཕྱིར་དེ་ནི་བྱིང་བ་དང་རྨུགས་པའི་བདག་ཉིད་དོ།། སེམས་ལས་བྱུང་བའི་ཆོས་གང་དེ་དང་བྲལ་བ་ཏིང་འཛིན་འབྱུང་བར་བྱེད་པ ་དེ་ནི་ཤིན་ཏུ་སྦྱངས་པའོ།། ཇི་ལྟར་ལུས་ཤིན་ཏུ་སྦྱངས་པས་བདེ་བར་འགྱུར་ལ། བདེ་བ་ལས་ནི་སེམས་རྩེ་གཅིག་པར་འགྱུར་རོ།། ཞེས་གསུངས་པ་དེ་ལྟ་བུའོ།། སེམས་ལས་བྱུང་བའི་ཆོས་གང་དང་མཚུངས་པར་ལྡན་ནོ་ཁྲོ་བའི ་རྐྱེན་གྱིས་ཁུ་ཚུར་དང་ཐལ་ལྕགས་ལ་སོགས་པས་གཞན་ལ་རྣམ་པར་འཐོ་འཚམས་པར་བྱེད་པ་ནི་རྣམ་པར་འཚེ་བའོ།། དེ་དང་འགལ་བའི་ཆོས་ནི་རྣམ་པར་མི་འཚེ་བ་སྟེ། གང་གིས་དབང་གིས་གཞན་ལ་རྣམ་པར་འཐོ ་མི་འཚམ་པའོ།། བདག་ཉིད་ཀྱི་རིགས་དམ་པ་ལས་སྐྱེས་པ་དང་། ཐོས་པ་དང་། ཚུལ་ཁྲིམས་ལ་སོགས་པའི་ཆོས་སྡིག་པ་ལ་ཞུགས་པར་གྱུར་ན་ཉམས་པར་འགྱུར་བར་དམིགས་ཏེ།། འདི་དག་ནི་རིགས་པ་མ་ཡིན་ནོ། ་སྙམ་ནས་གང་གི་དབང་གིས་བདག་གམ། ཆོས་ཀྱི་དབང་དུ་བྱས་ནས་སྡིག་པ་ལ་མི་འཇུག་པ་དེ་ནི་ངོ་ཚ་དང་ལྡན་པས་སྡིག་པ་ལས་ལྡོག་པའི་རྒྱུའི་ཆོས་འཛེམ་པ་ཞེས་བཤད་པ་སྟེ། ངོ་ཚ་ཤེས་པ་ཞེས་བརྗོད་དོ།། གཞན ་ལས་བལྟོས་ནས་ཉེས་པ་ལས་འཛེམ་པ་དན་ཁྲེལ་ཡོད་པའོ།། དེས་ན་འདི་ལྟར་བཅྡོཾས་ཀྱིས་ཀྱང་ཆོས་གཉིས་ནི་འཇིག་རྟེན་སྐྱོང་བ་ཡིན་ཏེ། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པའོ།། ཞེས་གསུངས་སོ།། ་ཡང་སེམས་ལས་བྱུང་བའི་ཆོས་གང་དང་ལྡན་པས་སེམས་དམིགས་པའི་ཡུལ་ལ་འབད་པ་མེད་པར་མཉམ་དུ་འཇུག་པ་དེ་ནི་སེམས་མཉམ་པ་ཉིད་དེ་བཏང་སྙོམས་ཞེས་བརྗོད་དོ།། དེ་ནི་འདི་ལྟར་ཡུལ་ལ་རྗེས་སུ་ཆགས ་པ་ཡང་མ་ཡིན། ཁོང་ཁྲོ་བ་ཡང་མ་ཡིན་ནོ།། དེ་ཡང་དེ་ནི་རྣམ་པ་གཉིས་ཏེ། སོ་སོར་བཏགས་པའི་བཏང་སྙོམས་དང་། སོ་སོག་པ་ལ་རྟགས་པའི་བཏང་སྙོམསོ།། དགྲ་བཅོམ་པའི་གས་པར་གཏོགས་པ་ནི་སོ་སོར ་བརྟགས་པའི་བཏང་སྙོམསོ།། སོ་སོའི་སྐྱེ་བོའི་མི་ཤེས་པའི་རྗེས་སུ་སོང་བ་ནི་ས་སོ་མ་བརྟགས་པའི་བཏང་སྙོམསོ།། རྣམ་གྲོས་པ་ནི་སེམས་ཀྱི་རྨི་དང་བྲལ་བ་སྟེ། ཉོན་མོངས་པ་རབ་ཏུ་སྤངས་པས་རྣམ་པར ་གྲོལ་བ་ཞེས་བྱ་བའི་སེམས་ལས་བྱུང་བའི་ཆོས་འབྱུང་བ་གང་གིས་སེམས་དྲི་མདང་བྲལ་བར་གྱུར་པ་དེ་རྣམ་པར་གྲོལ་བའོ།། དགེ་བའི་རྣ་ནི་གསུམ་སྟེ། ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ ་དེ་ལ་མ་ཆགས་པ་ནི་སྲེད་པའི་གཉེན་པོར་གྱུར་པའི་ཆོས་ས་པའི་དོན་ལ་ཞེན་པའི་མཚན་ཉིད་དོ།། ཞེ་སྡང་མེད་པའི་ཁོ་གཉེན་པའི་མ་སེམས་ཅན་རྣམས་ལ་སེམས་རྩུབ་པ་མེད་པའི་མཚན་ཉིད་དོ།། ་གཏི་མུག་མེད་པ་ནི་མ་རིག་པའི་གཉེན་པོའི་ཆོས་ཤེས་རབ་ཀྱི་ངོ་བོའོ།། འདི་དག་ནི་རང་གིས་བདག་ཉིད་ཀྱང་དགེ་བ་ཡིན་ལ། དགེ་བ་གཞན་རྣམས་ཀྱི་ཡུང་རྩ་བར་གྱུར་པར་དགེ་བའི་རྩ་བ་སྟེ། འདི་ལྟར་ཤིང་རྣམས ་ཀྱི་རྩ་བ་འདབ་མ་ལ་སོགས་པ་སྐྱེ་བ་དང་གནས་པ་དང་འཕེལ་བའི་རྒྱུར་གྱུར་པ་ལྟར། དེ་བཞིན་དུ་དགེ་བའི་ཆོས་ཐམས་ཅད་ཀྱི་རྩ་བར་དགེ་བའི་གསུམ་པོ་འདི་དག་ཉིད་ཤེས་པར་བྱའོ།། དགེ་བའི་རྩ་བ་གསུམ་པོ་འདི ་དག་ལས་བཟློག་པ་གསུམ་ནི་མི་དགེ་བའི་རྩ་བ་སྟེ། ཆགས་པ་དང་། ཞེ་སྡང་དང་། གཏི་མུག་གོ།། དེ་ལ་འདོད་པར་གཏོགས་པའི་འདོད་ཆགས་ཐམས་ཅད་ནི་ཆགས་པ་མི་དགེ་བའི་རྩ་བ་སྟེ། དེ་ནི་གཅིག་ཏུ་མི་དགེ ་འི་རྩ་བ་ཉིད་ཀྱི་ཕྱིར་རོ།། ཞེ་སྡང་ཐམས་ཅད་ནི་ཞེ་སྡང་སྟེ་མི་དགེ་བའི་རྩ་བའོ།། འཇིགས་ཚེགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། མཚུངས་པར་ལྡན་པའི་གཏི་མུག་མ་གཏོགས་པ་འདོད་པ་ནི་སྤྱད ་པའི་མ་རིག་པ་ཐམས་ཅད་ནི་གཏི་མུག་སྟེ། མི་དགེ་བའི་རྩ་བའོ།། ལུང་དུ་མ་བསྟན་པའི་རྩ་བ་ནི་གསུམ་སྟེ། སྲེད་པ་དང་། མཱ་རིག་པ་དང་། བློ་གྲོས་སོ།། དེ་ལྕེ་འདོད་པ་ན་སྤྱོད་པའི་འཇིགས་ཚེགས་ལ་ལྟ་བ་དང ་མཐར་འཛིན་པར་ལྟ་བ་དང་། ལྟ་བ་དེ་དག་དང་མཚུངས་པར་ལྡན་པའི་ཏི་མག་མ་གཏོགས་པའི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་ཐམས་ཅད་ནི་མི་དགེ་བ་སྟེ། རྣམ་པར་སྨིན་པ་མི་འདོད་པ་ཉིད ་སེམས་ཅན་གྱི་ཡུལ་ལ་མནར་སེམས་པ་ནི་ཁོང་ཁྲོའི་ཀུན་ཏུ་སྦྱོར་བཀོད་རྒྱ་བདུན་ནི་ང་རྒྱལ་གྱི་ཀུན་ཏུ་སྦྱོར་བར་བརྗོད་དོ།། འདི་ལྟ་སྟེ། ང་རྒྱལ་དང་། ལྷག་པའི་ང་རྒྱལ་དང་། ང་རྒྱལ་ལས་ཀྱ་ངང་རྒྱལ་དང་། ངའོ་སྙམ་པ ་པའི་ང་རྒྱལ་དང་། མངོན་པའི་ང་རྒྱ་ལྔ་དང་། ལོག་པའི་ང་རྒྱལ་དང་། ཅུང་ཟད་སྙམ་པའི་ང་རྒྱལ་ལོ།། དེ་ནི་བདག་ཉིད་གཞན་དག་པས་འདྲེན་པ་མི་བདེན་པའི་རྣམ་པའི་ཁྱད་པར་འགའ་ཞིག་ཡོངས་སུ་བརྟགས་ནས་ཁེངས ་པར་བྱེད་པ་སྟེ་སེམས་ཀྱིས་རང་བཞིན་འགྱུར་བ་འབྱུང་བའི་རྒྱུ་སེམས་ལས་བྱུང་བའི་ཆོས་ཉོན་མོངས་པ་ཅན་ཏེ། འདི་ནི་རེ་ཞིག་ང་རྒྱལ་སྤྱིའོ།། དེ་ནི་འཇུག་པའི་བྱེ་བྲག་གིས་རྣམ་པ་བདུན་ནོ།། དེ་ལ་འཇིག་རྟེན་ནི་དམན་པ་དང་། ་བར་མྱ་དང་། མཆོག་གི་བྱེ་བྲག་ཏུ་ཕན་ཚུན་བལྟོས་ནས་རྣམ་པར་གནས་སོ།། དེ་ལ་གང་དམན་པ་ལ་བལྟོས་ནས་རྣམ་པ་གསུམ་དུ་རྟོག་པ་དེ་ལ་ཐོས་པ་དང་། ཚུལ་ཁྲིམས་དང་། རིགས་དང་། གཟུགས་དང་། དབང་ཕྱུག ་ལ་སོགས་པ་སྣ་དམན་པ་ལས་བདག་ཉིད་དམན་ནོ་སྙམ་དུ་ཁེངས་པ་གང་སེམས་ཀྱི་རང་བཞིན་འགྱུར་བར་བྱེད་པའི་མཚན་ཉིད་ཅན་དེ་ཡང་རེ་ཞིག་ང་རྒྱལ་ཞེས་བསྟན་ཏོ།། གང་ཡང་དམན་པ་དང་བདག་མཚུངས་པར ་དམིགས་པས་ཇི་ལྟར་ཡོངས་སུ་བརྟགས་པའི་ཁྱད་པར་བསྐྱོད་པར་བྱེད་པ་འདི་ཡང་ང་རྒྱལ་ཞེས་བྱ།། གང་ཡང་དམན་པ་ལས་བདག་ལྷག་པར་ཉེ་བར་དམིགས་ནས་ཀུན་ཏུ་རྟོག་པའི་ཁྱད་པར་འབྱུང་བ་དེ་ཡང་ང་རྒྱལ།། ་ཀྱིས་སོ།། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་ཐམས་ཅད་དང་། འདོད་པའི་ཁམས་ཀྱི་འཇིགས་ཚོགས་དང་། མཐར་འཛིན་པར་ལྟ་བ་ལ་སོགས་པ་གསུམ ་པོ་སྟེ། དེ་དག་ཐམས་ཅད་ན་ལུང་དུ་མ་བསྟན་པའོ།། དེ་ལ་ལ་ལ་ནི་སྲྀ་ད་པ་ལུང་དུ་མ་བསྟན་པ་ལས། ལ་ལ་ནི་མ་རིག་པ་ལུང་མ་བསྟན་པ་ལས། ལ་ལ་ནི་ཤེས་རབ་ལུང་དུ་མ་བསྟན་པ་ལས་ཏེ། དེས་ན་ཐམས་ཅད་ལུང་དུ་མ ་བསྟན་པའི་རྩ་བ་ཞེས་བརྗོད་དོ།། རང་ཉིད་ཀྱང་ལུང་དུ་མ་བསྟན་པ་ཉིད་ཡིན་ལ། དེ་ལས་གཞན་པའི་ལུང་དུ་མ་བསྟན་པའི་ཡང་རྩ་བར་གྱུར་པའི་ཕྱིར་རོ།། གཞན་དག་ནི་མི་བརྟན་པ་ཉིད་དང་། མཐོན་པོར་འཇུག་པའི་ཕྱིར་རྩ་བ་དང ་ཆོས་མི་མཐུན་པས་ལུང་དུ་མ་བསྟན་པའི་རྩ་བ་ཡིན་ནོ།། ཀུན་ཏུ་སྦྱོར་བ་ནི་ཀུན་ཏུ་སྦྱོར་བ་དགུ་སྟེ། འདི་ལྟ་སྟེ། རྗེས་སུ་ཆགས་པའི་ཀུན་ཏུ་སྦྱོར་བ་དང་། ཁོང་ཁྲོ་བའི་ཀུན་ཏུ་སྦྱོར་བ་དང་། དུ་རྒྱལ་གྱིས་ཀུན་ཏུ་སྦྱོར་བ་དང་། མ་རིག ་པའི་ཀུན་ཏུ་སྦྱོར་བ་དང་། ལྟ་བའི་ཀུན་ཏུ་སྦྱོར་བ་དང་། མཆོག་ཏུ་འཛིན་པའི་ཀུན་ཏུ་སྦྱོར་བ་དང་། ཐེ་ཚོམཱི་གྱིསྒྲ་ཀུན་ཏུ་སྦྱོར་བ་དང་། ཕྲག་དག་གོས་ཀུན་ཏུ་སྦྱོར་བ་དང་། སིར་སྣའི་ཀུན་ཏུ་སྦྱོར་བ་ཞེས་བྱ་བའོ།། དེ་ལ་རྗེས་སུ ་ཆགས་པ་ནི་སྲིད་པ་དང་། ཀུན་ཏུ་ཞེན་པ་དང་། ཆགས་པ་དང་། འདོད་ཆགས་ཏེ། དེ་དག་ཉིད་ཀྱིས་སྲིད་པའི་སྡུག་བསྔལ་ལ་རབ་ཏུ་སྦྱོར་བས་ན་ཀུན་ཏུ་སྦྱོར་བ་ཞེས་བརྗོད་དོ།། ཁོང་ཁྲོ་ནི་གནོད་སེམས་དང་ཞེ་སྡང་སྟེ། ་རྒྱུ་ཤིང་བཞིན་ནོ།། དེ་ནི་སྟོང་པ་སྡུ་ཉེ་བར་བརྟེན་ནས་བརྟགས་པས། བདག་གི་རྫས་དང་བྲལ་བཉིད་ཀྱིས་རབ་མེད་པ་ཉིད་དེ། དྨོ་དག་དེ་ལྟ་བུའི་ཚུལ་ལ་རྨོངས་པས་བདག་གོ་ཞེས་འཛིན་དཱ་ནཱི་པར་སྙམ་པའི་ང་རྒྱལ་མོ།། གོང་མའི་ཁྱད་པར ་རྟོགས་པར་བྱ་བར་མ་ཐོབ་པར་དེ་བདག་གིས་ཐོབ་བོ་སྙམ་དུ་གང་ལ་མངོན་དུ་ཕྱོགས་ནས་ཁེངས་པར་བྱེད་པ་དེ་ནི་མངོན་པའི་ང་རྒྱལ་ལོ།། དེ་ལ་གོང་མའི་ཁྱད་པར་རྟོགས་པར་བྱ་བ་ནི་མིའི་ཆོས་ཐ་མལ་པ་འདོད་པའི་འདོད་ཆགས་ལ ་སོགས་པ་ལས་ཤིན་ཏུ་འདྲས་ནས་གླང་རྣམ་པར་གནས་པ་སྟེ། འདི་ལྟ་སྟེ་བསུམ་གཏན་དང་། བསམ་གཏན་གྱི་འབྲས་བུ་དང་། ཏིང་ངེ་འཛིན་དང་། ཏིང་ངེ་འཛིན་གྱི་ཟླ་བུ་ལ་སོགས་པ་ཤེས་པའོ།། ལོག་པའི་ལས་ལ་ཞུགས ་པས་གང་ལོག་པའི་ལུས་མི་འདོད་པའི་འབྲས་བུ་ཅན་གྱི་ཆོས་གསོད་པ་ལ་སོགས་པའི་ལས་བྱེད་པ་ལ་ང་རྒྱལ་ཏེ། གང་སྤྲོ་བར་བྱེད་ཅིང་འཇུག་པའི་ང་རྒྱལ་ནི་ལོག་པའི་ང་རྒྱལ་ཞེས་བརྗོད་དོ།། བྱ་བ་ཐམས་ཅད་སྒྲུབ་པ་ལ ་བདག་ལ་ནུས་པ་མེད་དོ།། ཞེས་བརྟགས་ཏེ་བདག་ལ་དམིགས་ནས་བརྙས་པ་སྟེ། གང་བདག་ལ་དམ་པ་མཱ་ཡིན་པར་ཡོངས་སུ་རྟོག་པ་དེ་ནི་ཅུང་ཟད་སྙམ་པའི་ང་རྒྱལ་ལོ།། ང་རྒྱལ་བདུན་བཤད་ཟིན་ཏོ།། མ་རིག་པའི་ཀུན ་དུ་སྦྱོར་བ་གང་ཞེ་ན། སེམས་ལས་བྱུང་བའི་ཆོས་གང་དང་ལྡན་པས་དེ་ལོག་པའི་ཡིད་ཀྱིས་བདེན་པའི་དོན་མི་མཐོང་བ་དང་། དངོས་པོའི་ངོ་བོ་ཉིད་དུ་སྒྲོ་འདོགས་པ་དེ་ནི་མ་རིག་པ་ཞེས་བརྗོད་དོ།། དེ་ལ་རིག་པ་ནི་ཆོས་ཀྱིས ་གང་ཡང་མཚུངས་པ་དང་བདག་ཉིད་མཚུངས་པར་ཉེ་བར་དམིགས་པའི་ཡོངས་སུ་རྟོག་པའི་ཁྱད་པར་འབྱུང་བ་དེ་ཡང་ང་རྒྱལ་ཏེ། སྲིད་པའི་དབང་དུ་བྱས་ནས་མུ་བཞིར་རྣམ་པར་གཞག་གོ།། གང་བདག ་ཤིན་ཏུ་དམན་པ་ཡིན་པ་ལས་འདི་དང་བདག་མཚུངས་སོ་སྙམས་ནས་ལྷག་པར་ང་རྒྱལ་བྱེད་པ་དེ་ནི་ལྷག་པའི་ང་རྒྱལ་ཏེ། ང་རྒྱལ་གྱིས་མཚན་ཉིད་ལས་ཤིན་ཏུ་འདས་ནས་འཇུག་པས་ལྷག་པའི་ང་རྒྱལ་ལོ།། གང་ཁྱད་པར་དུ ་འཕགས་པ་ལས་ཀྱང་། བདག་ཁྱད་པར་ཅན་དུ་རྣམ་པར་བརྟགས་ནས་ཁེངས་པར་བྱེད་པ་དེ་ནི་ང་རྒྱལ་ལས་ཀྱང་ང་རྒྱལ་ཏེ། ང་རྒྱལ་ལས་ཀྱང་ང་རྒྱལ་གྱི་སྒྲ་འཇུག་པའི་རྒྱུ་ནི་སྔར་གྱི་དེ་དག་ལས་ཀྱང་སྡིག་པ་ལ་འཇུག་པ ་ཉིད་དུ་ཤེས་པའི་ཕྱིར་རོ།། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་སྟོང་པ་ཉིད་ལ་གང་བདག་གོ་ཞེས་ཡོངས་སུ་རྟོག་པ་ནི་ངའོ་སྙམ་པའི་ང་རྒྱལ་ཏེ་བདག་ཏུ་ང་རྒྱལ་བྱེད་ཅིང་བྱ་བའི་ཐ་ཚིག་གོ།། བདག་ཏུ་རྣམ་པར་བརྟག ་པའི་རྒྱུར་གྱུར་པས་ཟག་པ་དང་བཅས་པའི་ཕུང་པོ་ནི་ཉེ་བར་ལེན་པའི་ཕུང་པོའོ།། ཡང་ན་ཉེ་བར་ལེན་པ་སྟེ། ཉོན་མོངས་པ་དུག་ལས་རབ་ཏུ་བྱུང་བའི་ཕྱིར་ཉེ་བར་ལེན་པའི་ཕུང་པོ་སྟེ་རྩ་དང་ཕུབ་མའི་མེ་ཞེས་བྱ་བ ་བཞིན་ནོ།། ཉེ་བར་ལེན་པ་པ་ལ་རག་ལུས་པ་ཉིད་ཀྱིས་ཀྱང་ཉེ་བར་ལེན་པའི་ཕུང་པོ་སྟེ། རྒྱལ་པོའི་སྐྱེས་བུ་བཞིན་ནོ།། ཉེ་བར་ལེན་པ་རྣམས་དེ་དག་ལས་བྱུང་བ་ཉིད་ཀྱིས་ཀྱང་ཉེ་བར་ལེན་པའི་ཕུང་སྟེ་མེ་ཏོག་དང་འབྲས་བུ ་ཚོགས་པ་ཞེས་བྱ་བའི་དོན་ཏོ།། འཇིག་པ་ཡང་ཡིན་ལ་ཚོགས་ཀྱང་ཡིན་པས་འཇིགས་ཚོགས་ཏེ། འཇིག་པའི་ངག་ཉིད་ཅན་ཚོགས་པ་ནི་འཇིག་ཚོགས་ཞེས་བརྗོད་དོ།། དེ་ལྟ་བུ་ལ་བདག་དང་བདག་གིར་འཛིན་པར་ཞུགས་པ ་ཤེས་རབ་ཉོན་མོངས་པ་ཅན་ནི་འཇིགས་ཚོགས་ལ་ལྟ་བ་ཞེས་བརྗོད་དོ།། མཐའ་གཉིས་སུ་འཛིན་པ་ནི་མཐར་འཛིན་པ་སྟེ། འཛིན་པ་ནི་མངོན་པར་ཞེན་པའོ།། འདི་ལྟ་བུའི་མཐར་ལྟ་བ་ནི་མཐར་འཛིན་པར་ལྟ་བ་སྟེ། འཇིག་ཚོགས ་ལ་ལྟ་བས་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་བདག་གིས་ངོ་བོ་ཉིད་དུ་ཡོད་པར་སྒྲོ་བཏགས་པ་ནས་བདག་ཉིད་དུ་གཟུང་བ་དང་། གང་བདག་དང་འཇིག་རྟེན་རྟག་གོ་ཞེས་བྱ་བ་འམ། གང་བདག་དང་འཇིག་རྟེན་ཆད་དོ་ཞེས་བྱ་བ་འམ། ་དེ་བཞིན་དུ་ཡོད་པ་དང་མེད་པ་ཞེས་བྱ་བ་ལ་སོགས་པའི་མཐའ་གཉིས་སུ་བརྟགས་ནས་འཇུག་པའི་ཤེས་རབ་ཉོན་མོངས་པ་ཅན་ནི་མཐར་འཛིན་པའི་ལྟ་བའོ།། རྒྱུ་དང་འབྲས་བུ་དང་། བདེན་པ་དང་། དཀོན་མཆོག་གསུམ ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོགས་པ་ལ་སྐུར་པ་འདེབས་ཤིང་མེད་པའི་རྣམ་པར་ཞུགས་པའི་ཤེས་རབ་ཉོན་མོངས་པ་ཅན་ནི་ལོག་པར་ལྟ་བ་ཞེས་བྱ་སྟེ། དེ་ལྟ་བུའི་ལྟ་བ་གསུམ་པོ་དག་ནི་ལྟ་བའི་ཀུན་ཏུ་སྦྱོར ་བབཞེས་བརྗོད་དོ།། མཆོག་ཏུ་འཛིན་པའི་ཀུན་དུ་སྦྱོར་བ་དུ་ཞེ་ན། མཆོག་ཏུ་འཛིན་པ་རྣམ་པ་གཉིས་ནི་མཆོག་ཏུ་འཛིན་པའི་ཀུན་ཏུ་སྦྱོར་བ་ཞེས་བསྟན་ཏེ། འདི་ལྟ་སྟེ། ལྟེ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང ་ངོ་བོ་ཉིད་ཀྱི་ཡུལ་ལ་ཟག་པ་མེད་པའི་ཤེས་པའོ།། དེའི་མི་མཐུན་པའི་ཕྱོགས་ཀྱི་ངོ་བོར་གནས་པ་དཀོན་མཆོག་གསུམ་དང་། བདེན་པ་ལ་སོགས་པ་མི་ཤེས་པ་ཙམ་མོ།། ལྟ་བུའི་ཀུན་ཏུ་སྦྱོར་བ་གང་ཞེ་ན། ལྟ་བ ་གསུམ་པོ་དག་ལ་ལྟ་བའི་ཀུན་ཏུ་སྦྱོར་བ་ཞེས་བརྗོད་དོ།། འདི་ལྟ་སྟེ། འཇིགས་ཆོག་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། ལོག་པར་ལྟ་བའོ།། དེ་ལ་འཇིགས་ཚོགས་ལ་ལྟ་བ་ནི་གཟུགས་དང་། ཚེར་བ་དང་། འདུ་ཤེས་དང་། འདུ ་བྱེད་དང་། རྣམ་པར་ཤེས་པ་ཞེས་བྱ་བ་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་ལ་གང་ཟག་ལ་སོགས་པའི་ངོ་བོ་ཉིད་མེད་པ་ལ་ཕྱིན་ཅི་ལོག་ཏུ་སྒྲོ་བཏགས་ཏེ་བདེན་པའི་ངོ་བོ་ཉིད་དུ་ཞེན་ཞིང་རྣམ་པ་ཉི་ཤུར་འཇུག་པ་སྟེ། འདི་ལྟ་སྟེ། གཟུགས ་བདག་ཡིན་པར་ལྟ་བ་དང་། བདག་གཟུགས་དང་ལྡན་པ་དང་། གཟུགས་བདག་གིས་ཡིན་པ་དང་། གཟུགས་ལྔ་བདག་གནས་པར་ལྟ་བ་སྟེ། འདི་ལྟར་འདི་དག་ནི་གཟུགས་ཀྱི་ཕུང་པོ་གཙོར་གཟུང་ནས་འཇིག་ཚོགས་ལ་ལྟ་བའི ་ཆ་བཞིའོ།། དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུ་གཙོར་བཟུང་ནས་འཇིག་ཚོགས་ལ་ལྟ་བའི་ཆ་བཞི་བཞི་འབྱུང་བར་འགྱུརརོ།། རྣམ་པར་ཉམས་པར་འགྱུར་བས་ན་འཇིག་པ་སྟེ་ཁྱད་པར་དུ་འཇིག་ཅིང་ཉམས་པར་འགྱུར ་ཞེས་བྱ་བའི་དོན་ཏོ།། ཅི་ཉ་ནི་བསགས་པ་སྟེ་བསགས་པར་ཡོད་པ་དང་། གནས་དང་ཚེགས་པ་དང་། ལུས་དང་། ཉེ་བར་ཞི་བར་བྱེད་པ་རྣམས་ལ་འཇུག་པས་ལས་འདིར་ཀཱ་ཡ་ཞེས་བྱ་བ་བསགས་པ་ལ་བྱ་སྟེ། མང་པོ་དང ་ལ་སོགས་པ་ལ་ཡོད་པ་དང་མྱེད་པའི་རྣམ་པ་གཉིས་སུ་རབ་ཏུ་ཞུགས་པའི་ཤེས་རབ་ཉོན་མོངས་པ་ཅན་གྱིས་ཀུན་ཏུ་སྦྱོར་བའི་བདག་ཉིད་ནི་ཐེ་ཚོམ་སྟེ། དེ་ནི་ཐེ་ཚོམ་གྱིས་ཀུན་ཏུ་སྦྱོར་བ་ཞེས་བྱའོ།། ཕྲག་དོག་ནི་གཞན་གྱིས ་ཡོན་ཏན་གྱིས་གདུང་བ་སྟེ། ཆོས་གང་དང་ལྡན་ན་གང་དང་གང་དུ་ཕ་རོལ་ལ་ཐོས་པ་དང་། ཚུལ་ཁྲིམས་དང་། གཏོང་བ་དང་། གཟུགས་ལ་སོགས་པའི་ཡོན་ཏན་ཚོགས་པ་ཉེ་བར་དམིགས་པ་དེ་དང་དྲེར་གང་ཟག་དེ་ལ ་དེ་ལ་ནད་དུ་ཤིན་ཏུ་གདུང་བ་འབྱུང་སྟེ། ཆོས་དེ་ནི་ཕྱག་དོག་ཅེས་བྱ་བར་བརྗོད་དེ། དྲི་ནི་ཕྲག་དོག་གི་ཀུན་ཏུ་སྦྱོར་བའོ།། ཆོས་དང་མཁས་པའི་བདག་ཉིད་ལ་སོགས་པ་སྦྱིན་པ་དང་རབ་ཏུ་འགལ་བ་སེམས་ཀྱི་ཀུན་ཏུ་འཛིན་པ་ནི། ་སེར་སྣ་སྟེ། དེ་ནི་སེར་སྣའི་ཀུན་ཏུ་སྦྱོར་བ་ཞེས་བྱའོ།། ཀུན་ཏུ་སྦྱོར་བ་དགུ་བཤད་ཟིན་ཏོ།། ངེས་པར་འཆིང་པ་ཞེས་བྱ་བ་ལ་ངེས་པར་འཆིང་བ་ནི་རྣམ་པ་གསུམ་སྟེ། འདོད་ཆགས་ཀྱི་ངེས་པར་འཆིང་བ་དང་། ཞེ་སྡང་གི་ངེས ་པར་འཆིང་བ་དང་། གཏི་མུག་གོས་ངེས་པར་འཆིང་བའོ།། འཚོང་བ་འདི་དག་གིས་ཁམས་གསུམ་པ་རྣམས་རབ་ཏུ་བཅིངས་པས་ནི་འདི་དག་ནི་ངེས་པར་འཆིང་བས་ཕྲ་རྒྱས་ཞེས་བྱ་བ་འདིར་དྲུག་ནི་ཕྲ་རྒྱས་ཀྱི་རྩ་བ་སྟེ། ་འདོད་ཆགས་ཀྱི་ཕྲ་རྒྱས་དང་། ཁོང་ཁྲོའི་ཕྲ་རྒྱས་དང་། ང་རྒྱལ་གྱི་ཕྲ་རྒྱས་དང་། མ་རིག་པའི་ཕྲ་རྒྱས་དང་། ལྟ་བའི་ཕྲ་རྒྱས་དང་། ཐེ་ཚོམ་གྱིས་ཕྲ་རྒྱས་དང་ཞེས་བྱ་བ་སྟེ། ཕྲ་རྒྱས་དྲུག་པོ་འདི་དག་ལས་འདོད་པའི་འདོད་ཆག ་བརྟུལ་ཞུགས་མཆོག་ཏུ་འཛིན་ལྔའོ།། དེ་ལ་དམན་པ་ལ་དམན་པར་འཛིན་པའི་ལྟ་བ་ནི་མཆོག་ཏུ་འཛིན་པའོ།། དམན་པ་དེ་གང་ཡིན་ཞེ་ན། ཟག་པ་དང་བཅས་པའི་དངོས་པོ་ཐམས་ཅད་དེ། འཕགས་པས་སྤངས་བྱ ་ཕྱིར་རོ།། དེ་ལ་མཆོག་ཏུ་འཛིན་པ་ནི་གཞན་དེ་ལ་ཡིན་པའི་དོན་ལ་འདི་དག་ནི་དམ་པའོ་ཞེས་དེ་ལྟར་གང་མངོན་པར་ཞེན་པ་ནི་ལྟ་བ་མཆོག་ཏུ་འཛིན་པའོ།། ཟག་པ་དང་ཟག་བཅས་པའི་དངོས་པོ་ཐམས་ཅད་ལ་དམ་པ་ཉིད་དུ་མཆོག ་ཏུ་འཛིན་པས་ན་ཟག་པ་དང་བཅས་བྱ་མཆོག་ཏུ་འཛིན་པ་ཞེས་བརྗོད་པར་བྱ་བ་ཡིན་ན་ཅིའི་ཕྱིར་ལྟ་བ་མཆོག་ཏུ་འཛིན་པ་ཞེས་བརྗོད། དེ་ལྟ་བ་ཁོ་ན་ལ་མཆོག་ཉིད་དུ་འཛིན་པ་ནི་མ་ཡིན་ནོ་ཞེ་ན། དེས་ན་འདིར་བསོགས་པའི་སླ ་ཕྱིས་པར་ལྟ་བར་བྱ་སྟེ། ལྟ་བ་ལ་སོགས་པ་རྣམས་ལ་མཆོག་ཏུ་འཛིན་པ་ནི་ལྟ་བ་མཆོག་ཏུ་འཛིན་པ་ཞེས་བྱའོ།། རྒྱུ་མ་ཡིན་པ་ལ་རྒྱུར་ལྟ་བ་དང་། ལམ་མ་ཡིན་པ་ལཱ་ལམ་དུ་ལྟ་བ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས ་མཆོག་ཏུ་འཛིན་པའོ།། འདིར་ཡང་སོགས་པའི་སྒྲས་ཕྱིས་པར་བལྟའོ།། དེ་ལྟ་ང་ས་ན་དམན་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་ཙམ་ལ་མཆོག་ཏུ་འཛིན་པ་མ་ཡིན་གྱིས་ཟག་པ་དང་བཅས་པའི་དངོས་པོ་ཐམས་ཅད ་ལ་དག་པ་དང་། གྲོལ་བ་དང་། ངེས་པར་འབྱིན་པའི་བདག་ཉིད་ཀྱིལ་གྱི་ངོ་བོ་ཉིད་དུ་འཛིན་པ་ཡིན་ནོ།། མཆོག་ཏུ་འཛིན་པ་འདི་གཉིས་ནི་མཆོག་ཏུ་འཛིན་པའི་ཀུན་ཏུ་སྦྱོར་བ་ཞེས་བརྗོད་དོ།། བདེན་པ་དང་། དཀོན་མཆོག་གསུམ ་དང་། སྲིད་པའི་འདོད་ཆགས་ཞེས་བྱ་བས་འདོད་ཆགས་རྣམ་པ་གཉིས་སུ་དབྱེ་བས་ཡང་རྣམ་པ་བདུན་དུ་འགྱུརརོ།། ཕྲ་རྒྱས་དྲུག་པོ་འདི་དག་ལས་ཡང་ལྟ་བའི་ཕྲ་རྒྱས་ལ་འཇིགས་ཚོགས་ལ་ལྟ་བ་ལ་སོགས ་པ་རྣམ་པ་ལྔའི་དབྱེ་བས་ཕྲ་རྒྱས་བཅུར་འགྱུར་ཏེ། ཕྲ་རྒྱས་བཅུ་པོ་འདི་དག་གིས་རང་གི་དེ་ཡང་ཁམྦ་ཀྱི་དབྱེ་བ་དང་། བྱེ་བྲག་གིས་དབྱེ་བས་དགུ་བཅུ་རྩ་བརྒྱད་དུ་འགྱུར།། དེ་ལ་ཁམས་ནི་གསུམ་སྟེ། འདོད་པའི་ཁམས་དང་། གཟུགས ་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་སོ།། དེ་ལ་འདོད་པའི་ཁམས་ནི་གནས་ཉི་ཤུ་འདི་ལྟ་སྟེ། དམྱལ་བ་ཆེན་པོ་བརྒྱད་ལ་ཡང་སོས་དང་། ཐོག་ནག་དང་། བསྡུས་འཇོམས་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང ་རབ་ཏུ་ཚ་བ་དང་། མནར་མེད་པ་ཞེས་བྱ་བའོ།། བྱོལ་སོང་དང་ཡི་དགས་གཉིས་དང་། གླིང་བཞི་ལ་འཛམ་བུའི་གླིང་དང་། ཤར་གྱི་ལུས་འཕགས་དང་། ནུབ་ཀྱི་བ་ལང་སྤྱོད་དང་། བྱང་གི་སྒྲ་མི་སྙན་ཞེས་བྱ་བའོ།། འདོད་པ་ན་སྤྱོད་པའི་ལྷ ་རིས་དྲུག་ནི་འདི་ལྟ་སྟེ། རྒྱལ་ཚུན་བཞིའི་རིས་དང་། སུམ་ཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཅེས་བྱ་བློ་ནི་འདོད་པའི་ཁམས་སོ།། གཟུགས་ཀྱི་ཁམས་ཀྱི་སྤྱི་བའི ་བསམ་གཏན་བཞི་ལ་སྤྱིར་ནི་གནས་གཞན་བཅུ་བདུན་ཏེ། ཚངས་རིས་དང་། ཚངས་པ་འདུན་ན་འདོན་དང་། ཚངས་པ་ཆེན་པོ་དང་སྟེ་བསམ་གཏན་དང་པོར་སྐྱེ་བའི་གནས་གཞན་གསུམ་མོ།། འད་ཆུང་དང་། ཚད་མེད ་བོད་དང་། འོད་གསལ་ཞེས་བྱ་བ་ནི་བསམ་གཏན་གཉིས་པའི་སྐྱེ་བའི་གནས་གཞན་གསུམ་མོ།། དགེ་ཆུང་དང་ཚད་མེད་དག་དང་། དགེ་རྒྱས་དང་ཞེས་བྱ་བ་འདི་ནི་བསམ་གཏན་གསུམ་པར་སྐྱེ་བའི་གནས་གཞན་གསུམ་མོ།། སྤྲིན ་མེད་དང་། བསོད་ནམས་སྐྱེས་དང་། འབྲས་བུ་ཆེ་ཞེས་བྱ་བ་སྐྱེ་བའི་གནས་གཞན་འདི་གསུམ་དང་། མི་ཆེ་བ་དང་། མི་གདུང་བ་དང་། ཤིན་ཏུ་མཐོང་བ་དང་། གྷ་ནོམ་སྣང་དང་། འོག་མིན་ཞེས་བྱ་བོ་གནས་གཙང་མའི་རིས་གནས་ལྔ་དང ་བརྒྱད་པོ་འདི་དག་ནི་བསམ་གཽཏན་བཞི་པ་སྟེ། འདི་དག་ནི་གཟུགས་ཀྱིས་ཁམས་སོ།། གཟུགས་མེད་པའི་ཁམས་ནི་གཟུགས་ཅན་མ་ཡིན་པས་གནས་མེང་ངོ་།། དེ་ནི་སྐྱེ་བ་ལས་རྣམ་པ་བཞི་སྟེ། འདི་ལྟ་སྟེ། ནམ་མཁའ་མཐའ་ཡས ་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མྱེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཅེས་བྱ་སྟེ། འདི་དག་ནི་གཟུགས་མེད་པའི་ཁམས་རྣམས་སོ།། འདི་དག་ནི་རེ་ཞིག་ཁམས་ཀྱི་དབྱེ ་བའོ།། བྱེ་བྲག་གིས་དབྱེ་བ་ནི་ཁམས་གསུམ་པོ་དེ་རྣམས་ལ་རེ་རེ་ཞིང་ལྔ་ལྟ་སྟེ། སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་རིས་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་མཐོང་བས་སྤང་བར་བྱ་བ་དག་དང་། སྒོམ་པས་སྤང་བར་བྱ། ་བ་ཞེས་བྱའོ།། དེ་ལ་སྡུག་བསྔལ་གྱིས་བདེན་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པ་འབྲས་བུར་གྱུར་པའོ།། དེ་དག་གིས་རྒྱུར་གྱུར་པ་ནི་ཀུན་འབྱུང་བའི་བདེན་པའོ།། སྲེད་པ་དང་ལས་ཡོངས་སུ་ཟད་པས་སྡུག་བསྔལ་གྱི་བདེན་པ་ཤིན་ཏུ ་མ་སྐྱེས་པ་སྣུམ་དང་སྙིང་པོ་ཡོངས་སུ་ཟད་པའི་མར་མེ་ལྟ་བུའི་མྱ་ངན་ལས་འདས་པ་ནི་འགོག་པའི་བདེན་པའོ།། དེ་འཐོབ་པའི་ཐབས་འཕགས་པའི་ལམ་ཡན་ལྷག་བརྒྱུད་པ་ནི་ལམ་གྱིས་བདེན་པའོ།། དེ་ལ་འདོད་པ ་ན་སྤྱོད་པའི་སྡུག་བསྔལ་གྱིས་བ་དེན་བྱ་ལ་མི་རྟག་པ་ཉིད་དང་། སྡུག་བསྔལ་བ་ཉིད་དང་། སྟོང་པ་ཉིད་དང་། བདག་མེད་པ་ཉིད་དུ་ཡིད་ལ་བྱེད་པ་ན་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། ཆོས་ཤེས་པ་ཞེས་བྱ་བ་སྐྱེ་སྟེ། ་དག་གིས་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་བཅུ་པོ་འདི་རྣམས་རབ་ཏུ་སྤྱོད་ངོ་།། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་སྡུག་བསྔལ་གྱི་བདེན་པ་ཡང་དེ་བཞིན་དུ་ཡིད་ལ་བྱས་པས་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ ་དང་སྡུག་བསྔལ་ལ་རྗེས་སུ་ཤེས་པ་སྐྱེའོ།། དེ་དག་གིས་ཁོང་ཁྲོ་མ་གཏོགས་པའི་གཟུགས་ན་སྤྱོད་པའི་ཉོན་མོངས་པ་དགུ་དང་། གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་དགུ་སྟེ། དེ་ལྟར་བཅོ་བརྒྱད་སྤོང་སྟེ། དེ་ལྟར་ཁམས ་གསུམ་པའི་སྡུག་བསྔལ་གྱི་བདེན་པ་མངོན་པར་རྟོགས་པ་ཆོས་དང་རྗེས་སུ་ཤེས་པའི་བཟོད་པ་དང་། ཤེས་པའི་རྣམ་པའི་སྐད་ཅིག་མ་བཞིས་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཕྲ་རྒྱས་ཉི་ཤུ་རྩ་བརྒྱད་རབ་ཏུ་སྤོང་ངོ་།། ་ཕྲ་རྒྱས་ཉི་ཤུ་རྩ་བརྒྱད་པོ་དེ་རྣམས་ལས་འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་མ་གཏོགས་པར་ཕྲ་རྒྱས་གཞོན་བདུན་པོ་ནི་འདོད་པའི་ཁམས་ཀྱི ་འདོད་པ་ན་སྤྱོད་པའི་ཀུན་འབྱུང་གི་བདེན་པ་ལ་རྒྱུ་ཉིད་དང་། ཀུན་དུ་འབྱུང་བ་ཉིད་དང་། རབ་ཏུ་སྐྱེ་བ་ཉིད་དང་། རྐྱེན་ཉིད་ཅེས་བྱ་བར་ཡིད་ལ་བྱེད་པ་ན་དེ་ལྟར་ཀུན་འབྱུང་བ་ཆོས་ཤེས་པའི་བཟོད་པ་དང་། ཚེས་ཤེས་པ་སྐྱེས་ཏེ། དེ་དག་གིས་སྤོང་ངོ་། ་དེ་དག་ཉིད་ལས་ཁོང་ཁྲོ་བོར་བུ་ཁམས་གཉིས་པོ་གཟུགས་དདུ་གཟུགས་མེད་པ་ན་སྤྱོད་པའི་ཕྲ་རྒྱས་བཅུ་གཉིས་ཀུན་འབྱུང་བའི་བདེན་པ་མཐོང་བ་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་དང་། ཤེསྔོ་པ་དག་གིས་རབ་ཏུ་སྤོང ་སྟེ། དེ་ལྟར་ཕྲ་རྒྱས་བཅུ་དགུ་ནི་ཀུན་འབྱུང་མཐོང་བས་སྤོང་ངོ་།། དེ་བཞིན་དུ་འདོད་པ་ན་སྤྱོད་པ་ནི་སྡུག་བསྔལ་འགོག་པའི་བདེན་པའི་འགོག་པ་དང་། ཞི་བ་དང་། གྱ་ནོམ་པ་དང་། ངེས་པར་འབྱུང་བའི་རྣམ་པ་བཞི་ཡིད་ལ་བྱེད་པས་ཀུན ་འབྱུང་ལ་བསྟན་པའི་ཕྲ་རྒྱས་བདུན་པོ་དེ་དག་འགོག་པ་ལ་ཆོས་ཤེས་པའི་བཟོད་པ་དང་། འགོག་པ་ལེ་ཆེས་ཤེས་པ་དག་གིས་རབ་སྤོང་ངོ་།། འགོག་པ་ལས་རྗེས་སུ་ཤེས་པའི་བཟོད་པ་དང་། ཤེས་པ་དག་གིས་གཟུགས་དང ་གཟུགས་མེད་པ་ན་སྤྱོད་པའི་ཕྲ་རྒྱས་བཅུ་གཉིས་རབ་ཏུ་སྤོང་སྟེ། དེ་ལྟར་ན་ཕྲ་རྒྱས་བཅུ་དགུ་ནི་ཁམས་གསུམ་པའི་སྡུག་བསྔལ་འགོག་པའི་བདེན་པ་མཐོང་བས་རབ་ཏུ་སྤྱོང་ངོ་།། དེ་བཞིན་དུ་འདོད་པ་ན་སྤྱོད་པའི་སྡུག་བསྔལ་འགོག་པར ་འགྲོ་བའི་ལམ་གྱིས་བདེན་པ་ལ་ལམ་དང་། རིག་པ་དང་། སྒྲུབ་པ་དང་། ངེས་པར་འཕྲ་འབྱིན་པའི་རྣམ་པ་བཞི་ཡིད་ལི་བྱེད་པ་ལམ་ལ་ཆོས་ཤེས་པའི་བཟོད་པ་དང་། ཆོས་ཤེས་པ་དག་གིས་སྔར་བསྟན་པའི་བདུན་པོ་ལ་ཚུལ ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་སྔ་མ་ལ་མེད་པ་བསྣན་པའི་བརྒྱད་ནི་ལམ་གྱི་བདེན་པ་མཐོང་བས་སྤོང་ངོ་།། ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་དང་རྗེས་སུ་ཤེས་པ་དག་གིས་ནི་གཟུགས་དང་གཟུགས ་མེད་པ་ན་སྤྱོད་པའི་ཕྲ་རྒྱས་བཅུ་བཞི་ལམ་གྱི་བདེན་པ་མཐོང་བས་རབ་ཏུ་སྤོང་བར་བྱེད་དོ།། དེ་ལྟར་ན་ཕྲ་རྒྱས་ཉི་ཤུ་རྩ་གཉིས་ནི་ལམ་མཐོང་བས་སྤོང་བར་བྱའོ།། སྡུག་བསྔལ་ལ་སོགས་པའི་བདེན་པ་བསྒོམས་པས་ཇི་ལྟར་མཐོང་བའི་རྗེས ་ལ་སྤང་བར་བྱ་བ་གང་ཡིན་པ་དེ་ནི་བསྒོམ་པས་སྤང་བར་བྱ་བའོ།། དེ་ལ་འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་རྣམས་ནི་འདོད་པའི་ཁམས་ཀྱི་སྒོམ་པས་སྤང་བར་བྱ་བའོ།། ཁོང་ཁྲོ་མ་གཏོགས་པ་རྣམས་ནི་གཟུགས ་དང་གཟུགས་མེད་པའི་ཁམས་ན་སྒོམ་པས་སྤང་བར་བྱ་བ་སྟེ། ཀུན་སྡོམས་ན་ཕྲ་རྒྱས་དགུ་ཅུ་རྩ་བརྒྱད་དོ།། དེ་རྣམས་ལས་འདོད་པ་ན་སྤྱོད་པ་ནི་སུམ་ཅུ་རྩ་དྲུག་གོ།། གཟུགས་ནི་སྤྱོད་པ་ནི་སུམ་ཅུ་རྩ་གཅིག། གཟུགས་མེད་པ་ན་སྤྱོད ་པ་ཡང་སུམ་ཅུ་རྩ་གཅིག་གོ། དེ་དག་ལས་མཐོང་བས་སྤང་བར་བྱ་བ་ནི་བརྒྱད་ཅུ་རྩཝ་བརྒྱད་དོ།། འདིར་ཇི་སྐད་བཤད་པའི་ཕྲ་རྒྱས་སྤོང་བའི་ཡེ་ཤེས་དང་ལྡན་པས་འཕགས་པའི་གང་ཟག་བརྒྱད་དུ་འགྱུརརོ།། ཇི་ལྟར་བྱས ་ནས་ཤེས། དེ་བརྗོད་པར་བྱ་སྟེ། གོ་རིམ་བཞིན་དུ་འཇུག་པ་ལ། མཐོང་ལམ་སྐད་ཅིག་བཅུ་དྲུག་གིས།། གང་ཞིག་སྤངས་པའི་འབྲས་བུ་དེ།། རྒྱུན་ཏུ་ཞུགས་པ་ཞེས་བརྗོད་དོ།། འདོད་ན་ཆགས་སྡང་ང་རྒྱལ་རྨོངས། གོང་མོའི ་ས་བརྒྱད་སོ་སོ་ལ།། ཞེ་སྡང་མ་གཏོགས་སྒོམ་སྤང་བྱ།། བསྡུས་ནས་ཆེ་སོགས་རྣམས་གསུམ་ལ།། ཆེན་པོའི་ཚེ་སོགས་བྱེ་བྲག་གིས།། རྣམ་པ་ཡང་ནི་གསུམ་དུ་འདོད།། ཉོན་མོངས་པ་ནི་རྣམ་དགུ་ལ།། གཉེན་པོའི་ཕྱོགས་ནི་བཟློག ་པས་སོ།། འདོད་པའི་རྣམ་པ་དྲུག་པ་དང་།། དགུག་པ་དག་ནི་ཟད་པ་ལས།། ལྷན་ཅིག་ཕྱིར་ནི་འོང་བ་དང་།། ཕྱིར་མི་འོང་བའི་གང་ཟག་འགྱུར།། དགྲ་བཅོམ་སྲིད་རྩིའི་མཐའ་ཟད་པས།། ལམ་ལ་གནས་པ་བཞི་པོ་དག། དེ་ལ་སྦྱོར་བར་ཞུགས ་པའི་ཕྱིར།། དེ་དག་ཞུགས་པ་ཞེས་བརྗོད་དོ།། དགྲ་བཅོམ་མི་སློབ་སློབ་པ་ནི།། ཟད་ཕྱིར་སློབ་པས་གཞན་བདུན་ནོ།། སྐྱེས་བུ་གང་ཟག་བརྒྱད་པོ་འདི།། དགེ་འདུན་ཞེས་ནི་བྱ་བར་བརྗོད།། བདུད་རྣམས་ཀུན་གྱིས་མི་ཕྱེད་པ་ས།། འདི ་འདི་ལྟར་དགེ་འདུན་ཞེས་བརྗོད་དོ།། མི་ཕྱེད་དད་པས་རིག་པར་ནི།། སངས་རྒྱས་བདེན་པར་རྟོགས་ཕྱིར་སྤང་།། གུནས་པ་དྲང་རྗེས་སུ་མཐུན་པའི་དངོས་པོ་ཇི་ལྟར་འབྱུང་བའི་དམིགས་པ་ལ་རབ་ཏུ་སྦྱོར་བ་དང་། རྗེས་སུ་སྦྱོར་བས་ཕྲ་རྒྱས ་ཞེས་བྱ་བ་འམ། ཕྲ་བ་འམ་བདག་གིས་རྒྱུད་ཀྱི་རྗེས་སུ་འབྲེལ་པས་ཕྲ་རྒྱསོ།། ཕྲ་རྒྱས་བཤད་ཟིན་ཏོ།། འབྱུང་བའི་རིམ་པ་ནི་ཡང་འདི་དག་ལས་དངོས་པོ་ཇི་ལྟར་གནས་པ་གཞན་དུ་མ་རྟོགས་པ་དང་། མི་བདེན་པའི་ངོ་བློར་སྒྲོ་འདོགས ་པས་ཐོག་མར་ནི་མ་རིག་པའོ།། དེ་ལས་ནི་ཡང་དག་པ་དང་ཡང་དག་པ་མ་ཡིན་པའི་ཕྱོགས་གཉིས་ཐོས་ནས་འདི་བདེན་ནམ་མི་བདེན་ཞེས་ཐེ་ཚོམ་འབྱུང་ངོ་།། དེ་ནས་ནི་མི་བདེན་པའི་ཕྱོགས་ལ་གོམས་པས་བདེན་པའི་དངོས་པོར ་ཡོད་པ་ཉིད་དུ་སྒྲོ་བཏགས་ཏེ། ཕྱིན་ཅི་ལོག་ཏུ་ལྟ་བ་ནི་ལོག་པར་ཞུགས་པའི་ལྟ་བ་སྟེ། གང་ལོག་པ་ཉིད་དུ་ངེས་པར་བྱེད་པ་དེ་ལྟ་བུའི་བདག་ཉིད་ཅན་ནི་ལོག་པར་ལྟ་པ་ཞེས་བྱ་བར་གཟུང་གིས་རྒྱུ་དང་འབྲས་བུ་ལ་སྭཱ ་ས་པའི་བདག་ཉིད་ཅན་ནི་མ་ཡིན་ནོ།། ལོག་པར་ལྟ་བ་དེ་ལས་ནི་འཇིག་ཚོགས་ལ་ལྟ་བ་འབྱུང་སྟེ། དེས་ནི་ཉེ་བར་ལེན་པའི་ཕུང་པོ་ལ་བདག་གིས་ངོ་བོ་ཉིད་དུ་སྒྲོ་བཏགས་ནས་མངོན་པར་ཞེན་ཏེ།། དེ་ལས་ནི་མཐར་འཛིན་མི་ལྟ ་འདུདྲ་སྟེ། དེ་ལས་རྟག་པ་དང་ཆད་པའི་མཐར་རྟོག་པ་ཉིད་ཀྱིས་སོ།། མཐར་འཛིན་པ་ལྟ་བ་ལས་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བ་སྟེ། དེ་ལྟར་མཐར་བཟུང་བ་གང་ཡིན་པ་དེ་ཉིད་ཀྱིས་པག་ཡ་བྲེལ་མས ་པས་སོ།། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ལས་ལྟ་བ་མཆོག་ཏུ་འཛིན་པ་སྟེ། གང་གིས་དག་པར་འཛིན་པ་དེ་ཉིད་ལ་དམ་པ་འཛིན་པས་སོ།། དེ་ལས་ནི་འདོད་ཆགས་ཏེ། རང་གི་ལྟ་བ་ལའོ།། དེ་ལས་ནི་ལྟ་བ་ང་རྒྱལ་ལོ།། ་གཞན་གྱིས་ལ་ནི་ཞེ་སྡང་སྟེ། གཽ་རཱི་མ་ནི་དེ་ལྟར་རོ།། དེ་རེ་རེ་ཡང་རྒྱུ་གསུམ་གསུམ་གྱིས་འབྱུང་སྟེ། ཕྲ་རྒྱས་སྤངས་པར་མ་འགྱུར་བ་དང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པར་གྱུར་པ་དང་། ཡུལ་ཉེ་བར་གནས་པར་གྱུར་པ་སྟེ། རྒྱུ་དང ་ཡུལ་དང་། སྦྱོར་བའི་སྟོབས་ཏེ་འདི་དག་ལྔ་འབྱུང་ངོ་།། ཉེ་བའི་ཉོན་མོངས་པའི་དབང་དུ་བྱས་ནས་བརྗོད་པ། དེ་ལ་ཕྲ་རྒྱས་དྲུག་ཏུ་བརྗོད་པ་དེ་དག་ཉིད་ལུས་དང་ངག་དང་ཡིད་ཀྱི་རྒྱུར་ཉོན་མོངས་པར་བྱེད་པས་འདི་དག་ལ་ཉོན་མོངས་པ་ཞེས་བྱ ་དེ་ལ་རེ་ཞིག་ཉོན་མོངས་པ་ཅན་གང་ཡིན་པ་དེ་དག་ནི་ཉེ་བའི་ཉོན་མོངས་པ་ཡིན་ནོ།། གཞན་གང་སེམས་ལས་བྱུང་བའི་ཆོས་ཉོན་མོངས་པ་ཅན་དུ་འདུ་བྱེད་ཀྱི་ཕུང་པོས་བསྡུས་པ་ནི་ཉེ་བའི་ཉོན་མོངས་པ་ཉིད་དེ། དེ་དག་གིས་སེམས་ཉེ་བར་ཉོན ་མོངས་པར་བྱེད་པའི་ཕྱིར་རོ།། དེ་དག་ཀྱང་གང་ཞེ་ན། སྒྱུ་དང་རྒྱགས་པ་དང་། རྣམ་པར་འཚེ་བ་དང་། འཚིག་པ་དང་། འཁོན་དུ་འཛིན་པ་དང་། གཡོ་ལ་སོགས་པ་རྣམ་པ་དུ་མ་ཆོས་མངོན་པ་ལས་འབྱུང་།། དེ་ལ་སྒྱུ་ནི་གཞན་བསླུ་བ་སྟེ།། ་ཇི་ལྟར་སྒྱུ་ནི་རང་གི་ངོ་བོ་སྦས་ནས་བརྫུན་པའི་རྣམ་པའི་བདག་ཉིད་དུ་ཞུགས་ཏེ་འཇིག་རྟེན་བསླུ་བར་བྱེད་པ་དེ་བཞིན་དུ་སེམས་ལས་བྱུང་བའི་ཆོས་གང་དང་། ལྡན་པས་རང་ལ་ཇི་ལྟར་གནས་པའི་ཆོས་སྦས་ནས་མི་བདེན་པའི་བདག་ཉིད ་དུ་ཞུགས་ཏེ། གཞན་ལ་བསླུ་བའི་ཆོས་དེ་ནི་རྒྱུ་ཞེས་བརྗོད་ངོ་།། རྒྱགས་པའི་ཁེངས་པ་སྟེ་དྲེགས་པའོ།། གང་གྲི་སྟོབས་ཀྱིས་གཞན་ལ་བརྙས་པ་དང་བཅས་པའི་ལུས་དང་སེམས་ཀྱི་རྒྱུན་འབྱུང་བའོ།། ཁྲོ་བའི་རྐྱེན་གྱིས་ཁུ་ཚུར་དང ་ཐུལ་ལྕགས་ལ་སོགས་པས་རབ་ཏུ་བརྡེག་པའི་རྒྱུའི་ཆུ་སཱ་ནི་རྣམ་པར་འཚེ་བས་ན་རྣམ་པར་འཚེ་བའོ།། འཆི་གྲྀ་པ་ནི་སྡིག་པ་ལ་རབ་ཏུ་གནས་པའོ།། ཆེས་གླང་དང་ལྡན་པས་སྡིག་པ་ལས་མི་ལྡོག་པ་སྟེ། འཆེ་བ་འམ་སེན ་མོས་བཟུང་བ་ལྟར་སྡིག་པ་རབ་ཏུ་བཟུང་ནས་གནསས་ནི་འཚིག་པའོ།། འཁོན་དུ་འཛིན་པ་ནི་སཁོན་དུ་འཛིན་པ་སྟེ། ཁྲོས་པར་གྱུར་པར་ཁྲོས་པའི་དངོས་པོ་ལ་སོ་སོར་རྟོག་པ་མ་ཡིན་པར་མང་བར་ཡང་དང་ཡང་དུ་འཇུག་པས་གང ་འཁོན་དུ་འཛིན་པ་ནི་འཁོན་དུ་འཛིན་པ་སྟེ་ཁྲོས་པའི་ཡུལ་སེམས་ལ་མང་དུ་བྱེད་ཅེས་བྱ་བའི་དོན་ཏོ།། གཡོ་ནི་སེམས་ཀྱིས་མི་དྲན་པ་སྟེ། གཡོའི་ངོ་བོ་ནི་གཡོ་ཉིད་དོ།། དེ་ལ་གཡོ་ཞེས་བྱ་བ་ནི་ཆོས་གང་དང་ལྡན་པས ་སེམས་ཀྱི་རྒྱུན་གྱ་གྱུ་བ་སྟེ། ཇི་ལྟར་གནས་པའི་ཚུལ་དང་ཚུལ་མ་ཡིན་པ་མི་སྟོན་པ་མི་དྲན་ཞིང་མི་གསལ་བར་ཞུགས་པ་ནི་གཡོ་ཞེས་བྱའོ།། དེ་དག་ལས་རྒྱུ་དང་། རྒྱགས་པ་ནི་འདོད་ཆགས་ཀྱི་རྒྱུ་མཐུན་པའི་དྲི་མའོ།། འཁོན་དུ་འཛིན ་པ་དང་། རྣམ་པར་འཚེ་བ་ནི་ཁོང་ཁྲོའི་རྒྱུ་མཐུན་པའིའོ།། ལྟ་བ་མཆོག་ཏུ་འཛིན་པའི་རྒྱུ་མཐུན་པ་ནི་འཚིག་པའོ།། གཡོ་ནི་ལོག་པར་ལྟ་བའི་རྒྱུ་མཐུན་པའོ།། ཀུན་ནས་དཀྲིས་པ་ནི་ཀུན་ནས་དཀྲིས་པ་བཅུ་སྟེ། རྨུགས་པ་དང་། གཉིད་དང་། ་རྒོད་པ་དང་། འགྱོད་པ་དང་། ཕྲག་དོག་དང་། སེར་སྣ་དང་། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། ཁྲོ་བ་དང་། འཆབ་པའོ།། རྨུགས་པ་ནི་ལུས་དང་སེམས་མི་གསལ་བས་ལྕི་བ་ཉིད་དུ་གྱུར་པའི་ཕྱིར་ལས་སུ་མི་རུང་བར་སྦྱོར་བ་དེ ་ནིརྨུགས་པའོ།། གཉིད་ནི་གང་རྣམ་པར་ཤེས་པའི་ཚིགས་ལྔ་འཇུག་པ་དང་འགལ་བའི་ཆོས་ཡིད་ཀྱི་རྣམ་པར་ཤེས་པ་སྡུད་པར་བྱེད་པའི་རྒྱུ་དེ་ནི་གཉིད་ཅེས་བརྗོད་དོ།། རྒོད་པ་ནཱི་ལུས་དང་སེམས་རབ་ཏུ་མ་ཞི་བ་ཉིད་དང་། ཇི་ལྟ་རླུང ་དང་འབྲེལ་པས་ཆུ་སྟང་དུ་བསྐྱོད་ན་ཆུ་ཀླུང་གིས་ཆུའི་ཆ་སྟེང་དུ་འབྱུང་བ་ནི་རྒོད་པའོ།། དེ་བཞིན་དུ་སེམས་ལས་བྱུང་བ་གང་ལུས་དང་སེམས་མི་ཞི་བར་འཇུག་པའི་རྒྱུ་མཚན་ནི་རྒོད་པའོ།། འགྱོད་པ་ནི་ངན་པར་བྱས་པའི་དངོས་པོ་ལ་ཕྱིས ་གདུང་ཞིང་མྱ་ངན་བྱེད་པ་སྟེ། ཕྱི་ནས་གདུང་བ་ལས་བྱུང་བའི་ཡིད་ལ་གཅགས་པ་ནི་འགྱོད་པའོ།། ཕྲག་དོག་དང་། སེར་སྣ་ནི་ཀུན་ཏུ་སྦྱོར་བར་བཤད་ཟིན་ཏོ།། ངོ་ཚ་མེད་པ་ནི་ཆོས་གང་དང་ལྡན་པས་བདག་གི་ཡོན་ཏན་ཉམས་པར་བྱེད་ཅིང ་བདག་ཉིད་ལ་བལྟོས་ནས་སྡིག་པ་ལ་འཇུག་པ་ལ་མི་འཛེམ་པ་སྟེ། ཉེས་མི་སྡོམ་པའི་རྒྱུ་རང་བཞིན་གྱིས་སྨད་པའི་ཆོས་གང་ཡིན་པ་དེ་ལ་ངོ་ཚ་མེད་པ་ཞེས་བརྗོད་དོ།། ཁྲེལ་མེད་པ་ཞེས་བྱ་བ་དི་ཡང་འཛེམ་པ་མེད་པ་ཉིད ་དོ།། འོན་ཀྱང་ཁྱད་པར་ནི་འདི་ཡིན་ཏེ། འདི་ནི་གཞན་ལ་བལྟོས་ནས་ཉེས་པ་རྣམས་ལ་མི་འཛེམ་པའོ།། ཁྲོ་བ་ནི་སེམས་རབ་ཏུ་འཁྲུག་པའོ།། དེ་ལ་གནོད་སེམས་ནི་སེམས་ཀྱིས་ཡུལ་ལ་ཀུན་ནས་མནར་སེམས་པ ་ཡིན་ལ། ཁྲོ་བ་ནི་སེམས་ཅན་དང་སེམས་ཅན་མ་ཡིན་པའི་ཡུལ་ལ་ཡང་ཀུན་ནས་མནར་སེམས་པ་ཙམ་མོ།། རྣམ་པར་འཚེ་བ་ནི་ཁྲོས་པར་གྱུར་པས་སོ་སོར་མ་གཏགས་པར་གཞན་དག་ལ་ཁུ་ཚུར་དང་ཐལ་ལྕགས ་ལ་སོགས་པས་རབ་ཏུ་རྡེག་པར་བྱེད་པའི་རྒྱུ་ཡིན་ནོ།། དེས་ན་གནོད་སེམས་དང་རྣམ་པར་འཁྲུག་པ་ཙམ་ནི་ཁྲོ་བའོ།། འཆུབ་པཱ་ནི་ཁ་ན་མ་ཐོ་བཱ་རབ་ཏུ་འཁྱུད་པ་སྟེ། འཕགས་པ་རྣམས་ཀྱིས་སྨད་པ་ནི་ཁ་ན་མ་ཐོ་བའོ།། ་དེ་རབ་ཏུ་འཁྱུད་པ་ནི་གཞན་ལ་རབ་ཏུ་མི་སྟོན་པའོ།། དེ་ནི་འཆབ་པ་སྟེ། གང་གིས་གང་ཟག་དེ་ཁ་ན་མ་ཐོ་བས་བདག་ཉིད་ཤིན་ཏུ་སྤགས་ཤིང་མི་གཙང་བར་བྱེད་པའོ།། ཀུན་ནས་འཁྲི་ཞིང་སེམས་ལ་ཐམས་ཅད་དུ ་དཀྲིས་ནས་གནས་པ་ཀུན་ནས་དཀྲིས་པ་སྟེ། དག་པའི་ཕྱོགས་ལ་འཇུག་པའི་བར་བཆང་བྱེད་པ་ཉིད་དུ།། འདི་དག་ལས་རྨུགས་པ་དང་གཉིད་དང་ཁྲེལ་མེད་པ་ནི་མ་རིག་པའི་རྒྱུ་མཐུན་པའོ།། འགྱོད་པན ་ཐེ་ཚོམ་གྱི་རྒྱུ་མཐུན་པའོ།། ངོ་ཚ་མེད་པ་དང་རྒོད་པ་དང་སེར་སྣ་ནི་འདོད་ཆགས་ཀྱི་རྒྱུ་མཐུན་པའོ།། ཁྲོ་བ་དང་ཕྲག་དོག་གི་ཁོང་ཁྲོས་ཀུན་ནས་བསླང་བའོ།། འཆབ་པ་ནི་འདོད་ཆགས་དང་མ་རིག་པའི་རྒྱུ་མཐུན་པ་སྟེ། དྲིམ ་རྣམས་དྲང་བཅུ་པོ་འདི་དག་ནི་ཉེ་བའི་ཉོན་མོངས་པ་ཞེས་བྱའོ།། ཟག་པ་ནི་འདི་ལྟར་ཟག་པ་གསུམ་སྟེ། འདོད་པའི་ཟག་པ་དང་སྲིད་པའི་ཟག་པ་དང་། མ་རིག་པའི་ཟག་པའོ།། དེ་ལ་མ་རིག་པ་མ་གཏོགས་པ་འདོད་པ ་ན་སྤྱོད་པའི་ཉོན་མོངས་པ་གཞན་ཀུན་ནས་དཀྲིས་པ་བཅུ་དང་བཅས་པ་ནི་འདོད་པའི་ཟག་པར་རིག་པར་བྱ་སྟེ། རྫས་བཞི་བཅུ་རྩ་གཅིག་གོ།། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཕྲ་རྒྱས་མ་རིག་པ་མ་གཏོགས ་པ་རྫས་ལྔ་བཅུ་རྩ་གཉིས་ནི་སྲིད་པའི་ཟག་པའོ།། ཡང་རྒྱུ་གང་གིས་གཟུགས་མེད་པ་ན་སྤྱོད་པའི་ཕྲ་རྒྱས་རྣམས་བསྡོམས་ནས་སྲིད་པའི་ཟག་པར་བྱས་། ན། དེ་གཉི་ག་ཡང་ལུང་དུ་མ་བསྟན་པ་དང་། ཁ་ནང ་དུ་བལྟས་པ་དང་། མཉམ་པར་གཞག་པའི་ས་པ་ཡིན་པའི་ཆོས་མཚུངས་པ་ཉིད་གསུམ་གྱིས་གཅིག་ཏུ་བྱས་སོ།། ཁམས་གསུམ་པའི་མ་རིག་པ་བཅོ་ལྔ་ནི་མ་རིག་པའི་ཟག་པའོ།། རྒྱུ་གང་གིས་ལོགས ་ཤིག་ཏུ་བཞག་ཅེ་ན་འདི་ལྟར་དེ་ཉོན་མོངས་པ་ཐམས་ཅད་ཀྱི་རྩུ་བར་གྱུར་པ་དེས་ན་ཟག་པ་ཉིད་དུ་ལོགས་ཤིག་ཏུ་བཞག་གོ། ཆུ་བོ་ཞེས་བྱ་བ་ལ། ཆུ་བོ་ནི་བཞི་སྟེ། འདོད་པའི་ཆུ་བོ་དང་། སྲིད་པའི་ཆུ་བོ་དང་། ལྟ་བའི་ཆུ་བོ་དང་མ་རིག ་པའི་ཆུ་བོ་ཞེས་བྱ་བའོ།། དེ་ལ་ལྟ་བ་ལས་གཞན་བཱི་འདོད་བཱི་ཟག་པ་ཉིད་ནི་འདོད་པའི་ཆུ་བོ་སྟེ་རྫས་ཉི་ཤུ་རྩེ་དགུའོ།། ལྟ་བུ་བོར་བའི་སྲིད་པའི་ཟག་པ་ཉིད་སྲིད་པའི་ཆུ་བོ་སྟེ། རྫས་ཉི་ཤུ་རྩ་བརྒྱད་དོ།། ཁམས་གསུམ་པའི་ལྟ་བ་ནི་ལྟ་བའི་ཆུ ་བོ་སྟེ། རྫས་སུམ་ཅུ་རྩ་དྲུག་གོ།། མ་རིག་པའི་ཟག་པ་ཉིད་ནི་མ་རིག་པའི་ཆུ་བོ་སྟེ་རྫས་བཅོ་ལྔའོ།། བཞི་པོ་འདི་བདག་ཉིད་སྦྱོར་བ་བཞིར་རིག་པར་བྱའོ་ཉེ་བར་ལེན་པ་ནི་ཉེ་བར་ལེན་པ་བཞི་སྟེ། འདོད་པ་ཉེ་བར་ལེན་པ་དང་། ལྟ་བ ་ཉེ་བར་ལེན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་ཉེ་བར་ལེན་པ་དང་། བདག་ཏུ་སྨྲ་བ་ཉེ་བར་ལེན་པའོ།། དེ་ལ་འདོད་པའི་སྦྱོར་བ་མ་རིག་པ་དང་བཅས་པ་ནི་འདོད་པ་ཉེ་བར་ལེན་པ་སྟེ་རྫས་སུམ་ཅུ་རྩ་བཞིའོ།། ལྟ་བའི་སྦྱོར ་བ་ཉིད་ལ་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་མ་གཏོགས་པ་ནི་ལྟ་བ་ཉེ་བར་ལེན་པ་སྟེ་རྫས་སུམ་ཅུའོ།། ཚུལ་ཁྲིམས་དང་བརྟུལ་ཞུགས་ཉེ་བར་ལེན་པ་ནི་རྫས་དྲུག་གོ། སྲིད་པའི་སྦྱོར་བ་ཉིད་ལ་མ་རིག་པ ་བསྣན་པ་ནི་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་སྟེ། རྨུགས་པ་དང་། རྒོད་པ་དང་བཅས་པ་ལ་རྫས་བཞི་བཅུའོ།། ཅིའི་ཕྱིར་ཚུལ་ཁྲིམས་དང་བརྟུལ་ཞུགས་ཉེ་བར་ལེན་པ་ལྟ་བ་ལས་ལོགས་ཤིག་ཏུ་བཞག་ཙ་ན། ལམ་གྱི་དགྲར ་གྱུར་པ་དང་། ཕྱོགས་གཉི་ག་བསླུ་བར་བྱེད་པའི་ཕྱིར་ཏེ། འདིས་ཁྱིམ་པ་ཡང་ཟས་མི་ཟླ་བར་མཐོ་རིས་སུ་སྐྱེ་བར་འདུ་ཤེས་པས་རབ་ཏུ་བསླུས་ལ། རབ་ཏུ་བྱུང་བླ་རྣམས་ཀྱང་འདོད་པའི་ཡུལ་ཡོངས་སུ་སྤངས ་པ་ཉིད་ཀྱིས་འདག་པར་ལྟ་བས་རབ་ཏུ་བསླུས་སོ།། ཡང་རྒྱུ་གང་གྲིས་ཉེ་བར་ལེན་པའི་སྐབས་སུ་མ་རིག་པ་བསྲེས་ནས་བརྗོད་ཀྱི་ལོགས་ཤིག་ཏུ་ནི་མ་ཡིན་ཞེ་ན། གང་གིས་ཕྱིར་སྲིད་པ་འཛིན་པས་ཉེ་བར་ལེན་པ་ཞེས་བྱ་ན། མུ་རིག ་པ་ནི་མི་གསལ་བའི་ངོ་བོ་ཉིད་ཀྱིས་འཛིན་པར་བྱེད་པ་མ་ཡིན་པའི་ཕྱིར་རོ།། ཟག་པ་དང་ཆུ་བོ་དང་། སྦྱོར་བ་དང་། ཉེ་བར་ལེན་པ་རྣམས་ནི་བཤད་ཟིན་ཏོ།། དེ་ལ་ཟག་པ་ནི་བཤད་ཟིན་ཏོ།། དེ་ལ་ཟག་པ་ནི་འཁོར་བར་ཟག་པ་ཉིད་དེ། སྲིད་པའི ་རྩེ་མོ་ནས་མན་རུ་མེད་པའི་བར་དུ་སྐྱེ་མཆེད་དྲུག་གི་རྨ་ནས་འཛག་པའི་ཕྱིར་རམ། རྒྱུད་ཡུལ་རྣམས་ལ་འཛག་པར་བྱེད་པས་ཟག་པའོ།། ཁྱེར་བར་བྱེད་པས་ན་ཆུ་བོ་སྟེ། དེའི་རྗེས་སུ་མཐུན་པར་བྱེད་པའི་ཕྱིར། དེ་དག་གིས་དེ་དང་ལྡན་པར ་ཁྱེར་བར་འགྱུར་རོ།། སྡུག་བསྔལ་སྣ་ཚོགས་ལ་ཀུན་དུ་སྦྱོར་བའི་ཕྱིར་རཱམ། ཡུང་དང་ཡང་དུ་རྗེས་སུ་འབྲེལ་པར་འཇུག་པར་བྱེད་པའི་ཕྱིར་རམ། ཡུལ་ལ་སྦྱོར་བའི་ཕྱིར་སྦྱོར་བའོ།། འདོད་པ་ལ་སོགས་པ་ཉེ་བར་ལེན་པར་བྱེད། འཛིན ་པོར་བྱེད་པའ་ཕྱིར་ཉེ་བའི་ར་ལེན་པའོ།། མདུད་པ་ཞེས་བྱ་བ་ལ་མདུད་པ་ནི་བཞི་སྟེ། བརྣབ་སེམས་ལུས་ཀྱི་མདུད་པ་དང་། གནོད་སེམས་ལུས་ཀྱི་མདུད་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ལུས་ཀྱི་མདུད་པ་དང་། ་འདི་བདེན་པའོ་ཞེས་མངོན་པར་ཞེན་པ་ལུས་ཀྱི་མདུད་པའོ།། དེ་ལ་བརྣབ་སེམས་ལུས་ཀྱི་མདུད་པ་ནི་འདོད་པར་གཏོགས་པའི་རྣམ་པ་སྣ་ཚོགས་ལ་རྒྱུན་མི་འཆད་པར་འཇུག་པ་ཉིད་དོ།། དེ་བཞིན་དུ་ལྷག་མ་ལྷག་མ་རྣམས་ལ་ཡང་སྦྱརརོ།། དེ་ལ ་སྡུག་བསྔལ་སོགས་པ་མཐོང་བ་དང་། སྒོམ་པས་སྤང་བར་བྱ་བའི་མ་རིག་པ་འདོད་པར་གཏོགས་པ་ནི་དང་པོའོ།། ཁོང་ཁྲོ་བ་ལྔ་ནི་གཉིས་པའོ།། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དྲུག་ནི་གསུམ་པའོ།། ལྟ་བ་མཆོག་ཏུ ་འཛིན་པ་བཅུ་གཉིས་ནི་བཅུ་བཞི་པའོ།། སྒྲིབ་པ་ཞེས་བྱ་བ་ལ་སྒྲིབ་པ་ལྔ་སྟེ། འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། རྨུགས་པ་དང་། གཉིད་དང་། རྒོད་པ་དང་། འགྱོད་པ་དང་། ཐེ་ཚོམ་མོ།། སྒྲིབ་པ་ནི་འདོད་པར་གཏོགས ་པ་ཉིད་ཀྱིས་ཤིན་ཏུ་མི་དགེ་བ་ཉིད་ཀྱི་ཕྱིར་དགེ་བའི་ཕྱོགས་ལ་སྒྲིབ་པས་སྒྲིབ་པའོ།། ཤེས་པ་ནི་ཐེ་པ་བཅུ་སྟེ། ཆོས་ཤེས་པ་དང་། རྗེས་སུ་ཤེས་པ་དང་། གཞན་གྱི་སེམས་ཤེས་པ་དང་། ཀུན་རྫོབ་པ་དང་། སྡུག་བསྔལ ་ཤེས་པ་དང་། ཀུན་འབྱུང་བ་ཤེས་པ་དང་། འགྲོག་པ་ཤེས་པ་དང་། ལམ་ཤེས་པ་དང་། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པའོ།། ཆོས་ཤེས་པ་གང་ཞེ་ན། འདོད་པ་དང་ལྡན་པའི་འདུ་བྱེད་རྣམས་ལྔ་གང་དམིགས་པའི་ཟག ་པ་མེད་པའི་ཤེས་པ་དང་། འདོད་པ་དང་ལྡན་པའི་འདུ་བྱེད་རྣམས་ཀྱི་རྒྱུ་ལ་གང་དམིགས་པའི་ཟག་པ་མེད་པའི་ཤེས་པ་དང་། འདོད་པ་དང་ལྡན་པའི་འདུ་བྱེད་རྣམས་ཀྱི་འགོག་པ་ལ་གང་དམིགས་པའི་ཟག་པ་མེད་པའི་ཤེས་པ་དང་། ་འདོད་པ་དང་ལྡན་པའི་འདུ་བྱེད་སྤོང་བར་བྱེད་པའི་ལམ་ལ་གང་དམིགས་པའི་ཟག་པ་ཤེས་པའོ།། ཡང་ཆོས་ཤེས་པ་དང་ཆོས་ཤེས་པའི་ས་ཤེས་པའི་ཟག་པ་མེད་པའི་ཤེས་པ་གང་ཡིན་པ་ནི་ཆོས་ཤེས་པའོ།། རྗེས ་སུ་ཤེས་པ་གང་ཞེ་ན། གཟུགས་དང་། གཟུགས་མེད་པ་དང་ལྡན་པའི་འདུ་བྱེད་རྣམས་ལ་གང་དམིགས་པའི་ཟག་པ་མེད་པའི་ཤེས་པ་དང་། གཟུགས་དང་གཟུགས་མེད་པ་དང་ལྡན་པའི་འདུ་བྱེད་རྣམས་ཀྱི་རྒྱུ་ལ་གང་དམིགས ་པའི་ཟག་པ་མེད་པའི་ཤེས་པ་དང་། གཟུགས་དང་གཟུགས་མེད་པ་དང་ལྡན་པའི་འདུ་བྱེད་རྣམས་ཀྱི་འགོག་པ་ལ་གང་དམིགས་པའི་ཟག་པ་མེད་པའི་ཤེས་པ་དང་། གཟུགས་དང་གཟུགས་མེད་པ་དང་ལྡན་པའི་འདུ་བྱེད་སྤོང ་བར་བྱེད་པའི་ལམ་ལ་གང་དམིགས་པའི་ཟག་པ་མེད་པའི་ཤེས་པ་གང་ཡིན་པའོ།། ཡིང་རྗེས་སུ་ཤེས་པ་དང་རྗེས་སུ་ཤེས་པའི་ས་ཤེས་པའི་ཟག་པ་མེང་པའི་ཤེས་པ་གང་ཡིན་པ་དེ་ནི་རྗེས་སུ་ཤེས་པ་ཞེས་བརྗོད་དོ།། གཞན ་གྱི་སེམས་ཤེས་པ་གང་ཞེ་ན། ཤེས་པ་གང་བསྒོམས་པའི་འབྲས་བུ་བསྒོམས་པས་རྟོགས་པ་འཐོབ་ལ་མ་བྲལ་བའི་ཤེས་པ་གླང་གིས་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་གཞན་གྱི་སེམས་ལས་བྱུང་བའི་ཆོས་ལ ་གཏད་དེ་མཉམ་པར་གཞག་པས་མངོན་སུམ་དུ་ཤེས་པ་དང་། གཞན་ཡང་ཟག་པ་མེད་པའི་སེམས་དང་སེམས་ལས་ཤེས་པའི་ཆོས་ཤེས་པ་ལ་ཕ་རོལ་གྱིས་སེམས་ཤེས་པ་ཞེས་བརྗོད་དོ།། ཀུན་རྫོབ་ཤེས་པ་གང་ཞེ་ན། ་ཟག་པ་དང་བཅས་པའི་ཤེས་རབ་བོ།། སྡུག་བསྔལ་ཤེས་པ་གང་ཞེ་ན་ཉེ་བར་ལེན་པའི་ཕུང་པོ་རྣམས་ལ་མི་རྟག་པ་ཉིད་དང་། སྡུག་བསྔལ་བ་ཉིད་དང་། སྟོང་པ་ཉིད་དང་། བདག་མེད་པ་ཉིད་དུ་ཡིད་ལྔ་བྱེད་པའི་ཟག་པ་མེད་པའི་ཤེས་པ ་གང་ཡིན་པ་དེ་ནི་འདི་ལྟར་སྡུག་བསྔལ་ཤེས་པ་ཞེས་བརྗོད་དོ།། ཀུན་འབྱུང་བ་ཤེས་པ་གང་ཞེ་ན། ཟག་པ་དང་བཅས་པའི་རྒྱུ་ཡི་རྒྱུ་ཉིད་དང་། ཀུན་འབྱུང་བ་ཉིད་དང་། རབ་ཏུ་སྐྱེ་བ་ཉིད་དང་། རྐྱེན་ཉིད་དུ་ཡིད་ལ་བྱེད་པའི་གང་ཟག་པ་མེད ་པའི་ཤེས་པ་གང་ཡིན་པ་དེ་ནི་ཀུན་འབྱུང་བ་ཤེས་པ་ཞེས་བརྗོད་དེ། འགོག་པ་ཤེས་པ་གང་ཞེ་ན། འགོག་པ་ལ་འགོག་པོ་ཉིད་དང་ཞི་བ་ཉིད་དང་། གྱ་ནོམ་པ་ཉིད་དང་། ངེས་པར་འབྱུང་བ་ཉིད་དུ་ཡིད་ལ་བྱེད་པའི་ཟག་པ་མེད ་པའི་ཤེས་པ་གང་ཡིན་པ་དེ་ནི་འགོག་པ་ཤེས་པ་ཞེས་བརྗོད་དོ།། ལམ་ཤེས་པ་གང་ཞེ་ན། ལམ་ལ་ལམ་ཉིད་དང་། རིག་པ་ཉིད་དང་། སྒྲུབ་པ་ཉིད་དང་། ངེས་པར་འབྱིན་པ་ཉིད་དུ་ཡིད་ལ་བྱེད་པའི་ཟག་པ་མེད་པའི་ཤེས་པ་གང ་ཡིན་པ་དེ་ནི་ལམ་ཤེས་པ་ཞེས་བརྗོད་དོ།། ཟུང་པ་ཤེས་པ་གང་ཞེ་ན། བདག་གིས་སྡུག་བསྔལ་ནི་ཡོངས་སུ་ཤེས་སོ།། ཀུན་འབྱུང་བ་ནི་སྤངས་སོ།། འགོག་པ་ནི་མངོན་དུ་བྱས་སོ་ལོམ་ནི་བསྒོམས་སོ།། ཞེས་རབ་ཏུ་ཤེས ་པ་ལ་ཉེ་བར་བརྟེན་པའི་ཤེས་པ་དང་། མཐོང་བ་དང་། རིག་པ་དང་། བློ་དང་། རྟོགས་པ་དང་། ཤེས་རབ་དང་། སྣང་བ་དང་། མངོན་པར་རྟོག་པ་གང་ཡིན་པ་དེ་ནི་ཟད་པ་ཤེས་པ་ཞེས་བརྗོད་དོ།། མི་སྐྱེ་བ་ཤེས་པ་གང་ཞེ་ན། ་བདག་གིས་སྡུག་བསྔལ་ཡོངས་སུ་ཤེས་ཏེ་ཡང་ཡོངས་སུ་ཤེས་པར་བྱར་མེད་དོ་ཞེས་བྱ་བ་དང་། ཀུན་འབྱུང་བ་རབ་ཏུ་སྤངས་ཏེ་ཡང་སྤང་བར་བྱུང་མེད་དོ།། ཞེས་བྱ་བ་དང་། འགོག་པ་མངོན་དུ་བྱས་ཏེ་ཡང་མངོན་དུ ་བྱར་མེད་དོ་ཞེས་བྱ་བ་དང་། ལམ་བསྒོམས་ཏེ་ཡང་བསྒོམ་པར་བྱར་མེད་དོ་ཞེས་བྱ་བར་ཤེས་པ་ལ་བརྟེན་པའི་ཤེས་པ་དང་། མཐོང་བ་དང་། རིག་པ་དང་། བློ་དང་། རྟོགས་པ་དང་། ཤེས་རབ་དང་། སྣང་བ་དང་། མངོན་པར་རྟོག ་པ་གང་ཡིན་པ་དེ་ནི་མི་སྐྱེ་བ་ཤེས་པ་ཞེས་བརྗོད་དོ།། བཟོད་པ་གང་ཞེ་ན། མངོན་པར་རྟོག་པའི་བཟོད་པ་བརྒྱད་དོ།། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་དང་། ཀུན ་འབྱུང་ལ་ཆོས་ཤེས་པའི་བཟོད་པ་དང་། ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་དང་། འགོགས་པ་ལ་ཆོས་ཤེས་པའི་བཟོད་པ་དང་། འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་དང་། འགོག་ལམ་ལ་ཆོས་ཤེས་པའི ་བཟོད་པ་དང་། ལམ་ལ་རྗེས་སུ་ཤེས་པའི་བཟོད་པའོ།། མཚུངས་པར་ལྡན་པ་རྣམས་བཤད་ཟིན་ཏོ།། སེམས་དང་ལྡན་པ་མ་ཡིན་པ་བཤད་པར་བྱ་སྟེ། དེ་ལ་ཐོབ་པ་གང་ཞེ་ན། རྙེད་པ་དང་ལྡན་པ་གཉིས་ཏེ། མ་ཐོབ་པ ་དང་། རྣམ་པར་ཉམས་པ་ལས་སོ་སོར་རྙེད་པ་དང་། ཐོབ་ནས་ཀུན་དུ་ལྡན་པའོ།། དེ་ཡང་རྣམ་པ་གསུམ་དུ་འགྱུར་ཏེ། གྲིབ་མ་ལྟར་རྗེས་སུ་འབྲང་བ་དང་། ཁྱུ་མཆོག་ལྟར་རྗེསུ་འབྲང་བ་དང་། བེའུ་ལྟར་རྗེས་སུ་འབྲང ་བའོ།། དེ་ལ་དང་པོར་ནི་འདི་ལྟ་སྟེ་ལུང་དུ་མུ་བསྟན་པའི་ལྟ་བའོ།། གཉིས་པ་ནི་འདི་ལྟ་སྟེ་གོང་ནས་ཤི་འཕོས་ནས་འདོད་པའི་ཁམས་སུ་སྐྱེ་བའི་ཉིང་མཚམས་སྦྱོར་བའི་དུས་ཀྱི་དགེ་བ་དང་མི་དགེ་བའི་ལས་ཀྱི་ལྟ་བུའོ།། གསུམ་པ་ནི ་འདི་ལྟ་སྟེ་ལྷན་ཅིག་སྐྱེས་པ་མ་ཡིན་པ་ཐོབ་པ་དང་། བསམས་པ་དང་། བསྒོམས་པ་ལས་བྱུང་བའི་ལྟ་བུའོ།། མ་ཐོབ་པ་ནི་དེ་ལས་བཟློག་པའོ།། ཐོབ་པ་དང་མ་ཐོབ་པ་འདི་དག་ནི་རང་གི་རྒྱུད་དུ་གཏོགས་པ་རྣམས་དང་། སོ་སོར ་བརྟགས་པའི་འགོག་པ་དང་། སོ་སོར་བརྟགས་པ་མ་ཡིན་པའི་འགོགས་པ་ཡིན་ནོ།། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་གང་ཞེ་ན། དགེ་རྒྱས་ཀྱི་འདོད་ཆགས་དང་བྲལ་བ་གོང་མའི་མ་ཡིན་པ་ངེས་པར་འབྱུང་བའི་འདུ་ཤེས ་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས་སེམས་དང་སེམས་ལས་བྱུང་བའི་ཆོས་འགོག་པ་གང་ཡིན་པའོ།། འགོག་པའི་སྙེམས་པར་འཇུག་པ་གང་ཞེ་ན། ཅི་ཡང་མེད་པའི་སྐྱེ་མཆེད་ལས་འདོད་ཆགས་དང་བྲལ་བ་གནས་པའི ་འདུ་ཤེས་སྟོན་དུ་བཏང་བའི་ཡིད་ལ་བྱེད་པས་སེམས་དང་སེམས་ལས་བྱུང་བའི་ཆོས་འགོག་པ་གང་ཡིན་པའོ།། འདུ་ཤེས་མེད་པ་གང་ཞེ་ན། འདུ་ཤེས་མེད་པའི་སེམས་ཅོན་ལྷ་རྣམས་ཀྱི་ནང་དུ་སྐྱེས་པའི་སེམས་དང་སེམས ་ལས་བྱུང་བའི་ཆོས་རྣམས་འགོག་པ་གང་ཡིན་པའོ།། སྲོག་གི་དབང་པོ་གང་ཞེ་ན། ཁམས་གསུམ་པའི་ཚེའོ།། སྐལ་པ་མཉམ་པ་གང་ཞེ་ན། སེམས་ཅན་རྣམས་མཚུངས་པའོ།། དེ་ནི་སེམས་ཅན་རྣམས་ཀྱི་འདྲ་བ་སྟེ། སེམས ་ཅན་རྣམས་ལ་གཅིག་ཏུ་འདོད་པའི་རྒྱུའོ།། གནས་སོ་སོར་ཐོབ་པ་གང་ཞེ་ན། ཡུལ་སོ་སོར་ཐོབ་པའོ།། དངོས་པ་སོ་སོར་ཐོབ་པ་གང་ཞེ་ན། ཕུང་པོ་སོ་སོར་ཐོབ་པའོ།། སྐྱེ་མཆེད་སོ་སོར་ཐོབ་པ་གང་ཞེ་ན། ནང་དང ་ཕྱིའི་བདག་ཉིད་ཅན་གྱི་སྐྱེ་མཆེད་སོ་སོར་རྙེད་པའོ།། སྐྱེ་བ་གང་ཞེ་ན། ཕུང་པོ་མངོན་པར་འགྲུབ་པའོ།། རྒ་བ་གང་ཞེ་ན། ཕུང་པོ་ཡོང་སུ་སྨིན་པའོ།། གནས་པ་གང་ཞེ་ན། ཕུང་པཾ་སཾ་སིར་ཐོབ་པའོ།། སྐྱེས་པའི་ཆོས་རྣམས་རྣམ ་རྣམ་པར་མི་ཉམས་པའོ།། མི་རྟག་པ་གང་ཞེ་ན། འདུས་བྱས་སྐྱེས་པ་རྣམས་རྣམ་པར་འཇིག་པོ། མཱི་གི་ཚོ་ཌ་གང་ཞེ་ན། མི་འདོག་པ་ཉིད་ནི་མདོ། ཚི་ག་ཚེ་གྲང་ཞེ་ན། དོན་དགུ་ཡི་གེ་ཡོངསུ་རྔོཊ་། ཡི་གེའི་ཚོགས་གང་ཞེ་ན། ཡི་གེ་རྣམས་ཉིད ་ཡི་གེའི་ཚོགས་ཞེས་བརྗོད་དོ།། རྐྱེན་མ་ཚོགས་པ་གང་ཞེ་ན། རྒྱུ་དང་རྐྱེན་མ་ཚང་བའོ།། རྐྱེན་ཚོགས་པ་གང་ཞེ་ན། རྒྱུ་དང་རྐྱེན་རྣམས་མ་ཚང་བ་ཉིད་མེད་དོ།། སེམས་དང་མི་ལྡན་པ་རྣམས་བཤད་ཟིན་ཏོ།། རྣམ་པར་ཐེ ་པ་གང་ཞེ་ན། འདི་ལྟར་དོན་ཡོང་སུ་འཛིན་པ་དང་། དོན་ཡོངས་སུ་གཅོད་པ་དང་། དོན་རྣམ་པར་ཤེས་པ་དང་། དོན་ཀུན་ཏུ་རྟོགས་པ་སྟེ། ཇི་ལྟར་ནོར་བུ་ལྟེ་བར་གྱུར་པའི་ཚོན་གྱི་རྣམ་པ་རྟེན་པར་འགྱུར་བ་དེ་བཞིན་དུ་རྣམ་པར ་ཤེས་པ་ཡང་ཡུལ་གྱི་རྣམ་པ་ཡོངས་སུ་གཅོད་པ་སྟེ། ཡུལ་ཉེ་བའི་རྣམ་པར་བྱུང་བས་ཡུལ་ཉེ་བར་གཅོད་པ་ཡིན་གྱིས། ཡུལ་གྱི་རྣམ་པ་ཙམ་ཉིད་ནི་རྣམ་པར་ཤེས་པ་མ་ཡིན་ཏེ།། ཡུལ་དེ་ཡང་རྣམ་པར་ཤེས་པ ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ།། རྣམ་པར་ཤེས་པ་ལས་དོན་གྱི་རྣམ་པ་གཞན་པ་ཡང་མ་ཡིན་ཏོ།། རྣམ་པར་ཤེས་པ་དོན་གྱི་རྣམ་པ་སྟོང་པར་ཐལ་བར་འགྱུར་བའི་ཕྱིར་རོ།། དེ་ལྟར་ན་རྣམ་པར་ཤེས་པ་ལ་ཡོད་པའི་རྣམ་པས། ་ཕྱི་རོལ་གྱི་དོན་དུ་རྣམ་པར་བཞོག་ལ། ཕྱི་རོལ་གྱི་དོན་གྱིས་རྣམ་པར་ཤེས་པར་བཞག་སྟེ། འདི་ལྟར་ཕན་ཚུན་བལྟོས་ནས་རྣམ་པར་ཤེས་པ་དང་རྣམ་པར་ཤེས་པར་བྱ་བར་འགྲུབ་པོ།། ཡང་རྣམ་པར་ཤེས་པ་དེ་དབྱེ་ན་རྣམ་པ ་ཤེས་པའི་ཚོགས་དྲུག་སྟེ། མིག་གི་རྣམ་པར་ཤེས་པ་དང་། རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱིས་རྣམ་པར་ཤེས་པ་ཞེས་བྱའོ།། ་མིག་གི་རྣམ་པར་ཤེས་པ་གང་ཞེ་ན། མིག་གི་དབང་པོ་ལ་བརྟེན་ནས་གཟུགས་སོ་སོར་རྣམ་པར་རིག་པའོ།། རྣ་བའི་རྣ་མ་པར་ཤེས་པ་གང་ཞེ་ན། རྣ་བའི་དབང་པོ་ལ་བརྟེན་ནས་སྒྲ་སོ་སོར་རྣམ་པར་རིག་པའོ།། སྣའི་རྣམ་པར ་ཤེས་པ་གང་ཞེ་ན། སྐུའི་དབང་པོ་ལ་བརྟེན་ནས་དྲི་སོ་སྔོར་རྣམ་པར་རིག་པའོ།། ལྕེའི་རྣམ་པར་ཤེས་པ་གང་ཞེ་ན། ལྕེའི་དབང་པོ་ལ་བརྟེན་ནས་རོ་སོ་སྲིར་རྣམ་པར་རིག་པའོ།། ལུས་རྣམ་པར་ཤེས་པ་གང་ཞེ་ན། ལུས་ཀྱི་དབང ་པོ་ལ་བརྟེན་ནས་རེག་བྱི་སོ་སོར་རྣམ་པར་རིག་པའོ།། ཡིད་ཀྱི་རྣམ་པར་ཤེས་པ་གང་ཞེ་ན། ཡིད་ཀྱི་དབང་པོ་ལ་བརྟེན་ནས་ཆོས་སོ་སོར་རྣམ་པར་རིག་པའོ།། ཕུང་པོ་ལྔ་ནི་བཤད་ཟིན་ཏོ།། སྐྱེ་མཆེད་བཅུ་གཉིས་བརྗོད་པར་བྱ ་སྟེ། དེ་ལ་ཁམས་བཅུ་དང་། སྐྱེ་མཆེད་བཅུ་ནི་བཤད་ཟིན་ཏོ།། ཡིད་ཀྱི་སྐྱེ་མཆེད་དང་། ཆོས་ཀྱི་སྐྱེ་མཆེད་བཤད་པར་བྱ་སྟེ། རྣམ་པར་ཤེས་པའི་ཚོགས་དེ་དག་གི་ནང་ནས་རྣམ་པར་ཤེས་པ་གང་དང་གང་འགགས་མ ་ཐུག་པ་དེ་དང་དེ་ནི་འདྲ་བའི་འབྲས་བུ་རྣམ་པར་ཤེས་པ་ཕྱི་མ་ཕྱི་མ་མངོན་པར་འགྲུབ་པའི་རྟེན་གྱི་ངོ་བོར་གནས་པོས་ཡིད་ཅེས་བརྗོད་དོ།། ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། རྣམ་པར་རིག་བྱེད་མ་ཡིན་པ་དང་། ན་མཁའ་དང་། ་སོ་སོར་བརྟགས་པའི་འགོག་པ་དང་། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་དང་། བདུན་པོ་འདི་དག་ནི་ཆོས་ཀྱི་སྐྱེ་མཆེད་ཅེས་བརྗོད་དོ།། དེ་ལ་ཚོར་བ་ལ་སོགས་པ་གསུམ་དང་། རྣམ་པར་རིག་བྱེད་མ་ཡིན་པ་ནི་བཤད་ཟིན་ཏོ།། འདུས ་མ་བྱས་གསུམ་བཤད་པར་བྱ་སྟེ། དེ་ལ་ན་མཁའ་གང་ཞེ་ན། གང་གཟུགས་རྣམཀྱི་གོ་འབྱེད་ཅིང་གཟུགས་མེད་པ་ནི་ན་མཁའོ།། སོ་སོར་མ་བརྟགས་པའི་འགོག་པ་གང་ཞེ་ན། གང་འགོག་པ་ལ་འབྲལ་བ་མ་ཡིན་པའོ།། སོ་སོར ་བརྟགས་པའི་འགོག་པ་གང་ཞེ་ནི། གང་འགོག་པ་དེ་ནི་འབྲལ་བའོ།། སྐྱེ་མཆེད་བཅུ་གཉིས་ནི་བཤད་ཟིན་ཏོ།། མིག་ལ་སོགས་པའི་སྐྱེ་མཆེད་དེ་དག་ཉིད་རྟེན་ལ་སོགས་པའི་བྱེ་བྲག་གིས་དབྱེན་ཁམས་བཅོ་བརྒྱད་དུ་འགྱུར་ཏེ། རྟེན ་དྲུག་དང་། དམིགས་པ་དྲུག་དང་། རྣམ་པར་ཤེས་པ་དྲུག་གི་དབྱེ་བསོ།། ཕུང་པོ་དང་སྐྱེ་མཆེད་དང་། ཁམས་རྣམས་ཀྱི་མདོར་བསྡུས་པ་ནི་བཤད་ཟིན་ཏོ།། རྒྱས་པར་དབྱེ་བ་ནི་ཆོས་མངོན་པ་དང་བསྲེས་པས་ལས་ཤེས་པར་བྱའོ།། ཕུང ་པོ་ལྔ་ཡི་ཡང་དག་དོན། བསྡུས་རབ་བཤད་བསྟན་བཅོས་འདི།། འབད་པ་མེད་པའི་འཇིག་རྟེན་འདིའི།། དོན་དུ་ཟླ་བའི་གྲགས་པས་བྱས།། ཕུང་པོ་ལྔ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ་རྫོག་སོ།། ་དཔལ་ལྷ་བཙུན་པ་བོ་དྷི་རཱ་ཛའི་བཀའ་ལུང་དང་། དགེ་འདུན་བཀའ་སྩལ་གྱིས་ཚངས་པའི་འབྱུང་གནས་གཙུག་ལག་ཁང་དུ་རྒྱ་གར་གྱིས་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཚུལ ་ཁྲིམས་རྒྱལ་བས་ཕག་གི་ལོ་ལ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ་