CLOSE WINDOW

GT3265: dbu ma la 'jug pa zhes bya ba
Wyliee-texts produced with BDRC’s OCR application

@#རྒྱ་གར་སྐད་དུ།། མ་དྷྱ་མ་ཀཱ་པུ་ཏཱ་ར་ནཱ་མ།། བོད་སྐད་དུ།། དབུ་མ་ལ་འཇུག་པ་ཞེས་བྱ་བ།། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས ་སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང་།། སྙིང་རྗེའི་སེམས་དང་གཉིས་སུ་མེང་བློ་དང་།། བྱང་ཆུབ་སེམས་ནི་རྒྱལ་སྲང་རྣམས་ཀྱི་རྒྱུ།། གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཐོག་ཕུན་ཚོགས་འདིའི།། ས་བོན་དང་ནི་སྤེལ་ལོ་མུ་འདྲ ་ཡུན་རིང་དུ་ཨོཾ། ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་པ།། དེ་ཕྱིར་བདྲག་གིས་ཐོག་མར་སྙིང་རྗེ་བསྟོད་པར་བགྱི།། དང་པོར་ང་ཞེས་བདག་ལ་ཞེན་གྱུར་ཙིང་། བདག་གིས་འདི་ཞེས་དངོས་ལ་ཆགས་བསྐྱེད་པ།། ཟོ་ཆུན་འཕྱན་ལྟར་རང ་དབང་མེད་པ་ཡཱི། འགྲོ་ལ་སྙིང་རྗེར་གྱུར་གང་དེ་ལ་འདུད།། འགྲོ་བ་གོཡོ་བའི་ཆུ་ཡི་ནང་གི་ཟླ་བ་ལྟར།། གཡོ་དང་རང་བཞིན་ཉིད་ཀྱིས་སྟོང་པར་མཐོང་བ་ཡི།། རྒྱལ་བའི་སྲས་པོ་འདི་ཡིས་སེམས་གང་འགྲོ་བ་རྣམས།། རྣམ་པར་གྲོལ་བར ་བྱ་ཕྱིར་སྙིང་རྗེའི་དབང་གྱུར་ཅིང་། ཀུན་ཏུ་བཟང་པོའི་སྨོན་པས་རབ་བསྔོས་དགའ་བ་ལ། རབ་ཏུ་གནས་པ་དེ་ནི་དང་པོ་ཞེས་བྱའོ།། དེ་ནས་བཟུང་སྟེ་དེ་ནི་ཐོབ་པར་གྱུར་པ་ཡིས། བྱང་ཆུབ་སེམས་དཔའ་ཞེས་བྱའི་སྒྲ་ཉིད་ཀྱིས་བརྙད་དོ།། ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་སུ་འང་སྐྱེས་པ་སྟེ། འདི་ནི་ཀུན་ཏུ་སྦྱོར་བ་གསུམ་པོ་ཐམས་ཅད་སྤུངས་པ་ཡིན། བྱང་ཆུབ་སེམས་དཔའ་དེ་ནི་དགའ་བ་མཆོག་ཏུ་གྱུར་འཆང་ཞིང་། འཇིག། རྟེན་ཁམས་བརྒྱ་ཀུན་ནས ་@གཡོ་བོར་ནུས་པར་གྱུར་པ་འང་ཡིན། ས་ནས་སྔར་གནོན་བྱེད་ཅིང་གོང་མ་རབ་ཏུ་འགྲོ་བར་འགྱུར།། དེ་ཚེ་འདི་ཡིས་ངན་འགྲོའི་ལམ་རྣམས་མཐའ་དག་འགག་པར་འགྱུར།། དེ་ཚེ་འདི་ཡི་སོ་སོར་སྐྱེ་བོའི་ས་རྣམས ་ཐམས་ཅད་ཟད།། འདི་ནི་འཕགས་པ་བརྒྱད་པ་ཇི་ལྟ་དེ་ལྟར་ཉེ་བར་བསྟན། རྫོགས་པའི་བྱང་ཆུབ་སེམས་ལྷ་དང་པོར་ལ་གནས་ཀྱང་།། ཐུག་དབང་གསུང་སྐྱེས་དང་བཅས་རང་སངས་རྒྱས་རྣམས་ནཱ། བསོད་ནམས་དག་གིས་དབང་གིས་ཕམ ་བྱས་རྣམ་པར་འཕེལ།། དེ་ནི་རིང་དུ་སོང་བར་བློ་ཡང་ལྷག་པར་འགྱུར།། དེ་ཚེ་དེ་ལ་རྫོགས་སངས་བྱང་ཆུབ་རྒྱུ།། དང་པོ་སྦྱིན་པ་ཉིད་ནི་ལྷག་པར་འགྱུར།། རང་ཤ་སྟེར་ལའང་གུས་པར་བྱས་པ་ཡིས།། སྣང་དུ་མི་རུང་དཔོག་པའི་རྒྱུར་ཡང ་འགྱུར།། སྐྱེ་བོ་འདི་ཀུན་བདེ་བ་མངོན་འདོད་ཅིང་།། མི་རྣམས་བདེ་བ་འང་ལོངས་སྤྱོད་མེད་མིན་ལ། ལོངས་སྤྱོད་ཀྱང་ནི་སྦྱིན་ལས་འབྱུང་མཁྱེན་ནས། ཐུབ་པས་དང་པོར་སྦྱིན་པའི་གཏམ་མཛད་དོ།། སྙིང་རྗེ་དམན་ཞིང་ཤིན ་ཏུ་རྩུབ་སེམས་ཅན། རང་དོན་ལྷུར་ལེན་ཉིད་དུ་འགྱུར་བ་གང་།། དེ་དག་གིས་ཡང་འདོད་པའི་ལོང་ས་སྤྱོད་རྣམས། སྡུག་བསྔལ་ཉིར་ཞོའི་རྒྱུར་གྱུར་སྦྱིན་ལྔས་འབྱུང་།། འདི་ཡང་སྦྱིན་པའི་སྐབས་ཀྱིས་ནམ་ཞིག་ཚེ། འཕགས ་པའི་སྐྱེ་བོ་དང་འཕྲང་བར་མྱུར་དུ་འཐོབ།། དེ་ནས་སྲོང་རྒྱུན་ཡང་དག་བཅད་བྱས་ཏེ། དེ་ཡི་རྒྱུ་ཅན་ཞི་བོར་འགྲོ་བར་འགྱུར། འགྲོ་ལ་ཕན་པར་དམ་བཅོས་ཡིད་ཅན་རྣམས། སྦྱིན་པས་རིང་པོར་མི་ཐོགས་དགའ་བ་འཐོབ།། གང་ཕྱིར ་བརྩེ་བདག་བརྩེ་བདག་མ་ཡིན་པ།། དེ་ཕྱིར་སྦྱིན་པའི་གཏམ་ཉིད་གཙོ་བོ་ཡིན།། ཇི་ལྟར་བྱིན་ཅིག་ཅེས་སྒྲ་ཐོས་བསམས་ལས།། རྒྱལ་སྲས་བདེ་འབྱུང་དེ་ལྟར་ཐུབ་རྣམས་ལ།། ཞི་བར་ཞུགས་པས་བདེ་བ་བྱེད་མིན་ན།། ཐམས་ཅད་བཏང་བས ་ལྟ་ཞིག་སྨོས་ཅི་དགོས།། ལུས་བཅད་སྟེར་ཞིང་བདག་གིས་སྡུག་བསྔལ་གྱིས།། གཞན་དག་རྣམས་ཀྱི་དམྱལ་བ་ལ་སོགས་པའོ།། སྡུག་བསྔལ་རང་རིག་ཉིད་དུ་མཐོང་ནས་དེ། དེ་བཅད་བྱ་ཕྱིར་མྱུར་དུ་བརྩོན་འགྲུས་རྩོམ།། སྦྱིན་པ ་སྦྱིན་བྱ་ལེན་པོ་གཏོང་པོས་སྟོང་།། འཇིག་རྟེན་འདས་པའི་ཕ་རོལ་ཕྱིན་ཞེས་བྱ། གསུམ་པོ་དག་ལ་ཆགས་སྐྱེས་གྱུར་པས་དེ།། འཇིག་རྟེན་པ་ཡི་ཕ་རོལ་ཕྱིན་ཅེས་བསྟན།། དེ་ལྟར་རྒྱལ་པོའི་སྲད་ཀྱི་ཡིད་ལ་རབ་གནས་ཤིང་། ་དམ་པའི་རྟེན་ལ་འོད་ཆགས་མཛེས་པ་སྙེད་གྱུར་པའི།། དགའ་བོ་འདི་ནི་ནོར་བུ་རྒྱུ་ཤེལ་ཇི་བཞིན་དུ།། མུན་པ་སྟུག་པོ་ཐམས་ཅད་རྣམ་པར་བསལ་ནས་རྒྱལ། དབུ་མ་ལ་འཇུག་པ་ལས།། སེམས་བསྐྱེད་པ་དང་པོའོ།། ་དེ་ཚུལ་ཕུན་ཚོགས་ཡོན་ཏན་དག་ལྡན་ཕྱིར། རྨི་ལམ་དུ་ཡང་འཆལ་ཁྲིམས་དྲི་མ་སྤངས།། ། ལུས་ངག་ཡིད་ཀྱི་རྒྱུ་བ་དག་གྱུར་པས།། དམ་པའི་ལས་ལམ་བཅུ་ཆར་གསོག་པར་བྱེད།། དགེ་བའི་ལམ ་འདི་ལྟ་ཞིག་བཅུ་ཆར་ཡང་། དེ་ལ་གླེགས་ཏེ་ཤིན་ཏུ་དག་པར་འགྱུར།། སྟོན་ཀའི་ཟླ་ལྟར་རྟག་ཏུ་རྣམ་དག་དེ།། ཞི་འོད་ཆགས་པར་དེ་དག་གིས་རྣམ་མཛེས། གལ་ཏེ་དེ་ནི་ཁྲིམས་དག་རང་བཞིན་ལྟ།། དེ་ཕྱིར་དེ་ནི་ཚུལ་ཁྲིམས་ངག ་མི་འགྱུར།། དེ་ཕྱིར་དེ་ནི་རྟག་ཏུ་གསུམ་ཆར་ལ་འང་། གཉིས་བློའི་རྒྱུ་བ་ཡང་དག་བྲལ་བར་འགྱུར།། སྦྱིན་པས་ལོངས་སྤྱོད་དག་ནི་འགྲོ་ངན་ནའང་། སྐྱེ་བོ་ཚུལ་ཁྲིམས་རྐང་པ་ཉམས་ལ་འབྱུང་། སྐྱེད་བཅས་དངོས་འདུ་ལོངས ་སུ་ཟད་ངས་ན། ཕྱིན་ཆད་དེ་ལ་ལོངས་སྤྱོད་འབྱུང་མི་འགྱུར། བང་ཚེ་རང་དབང་འཇུག་ཅིང་མཐུན་པ་ནས་པ།། གལ་ཏེ་འདི་དག་འཛིན་པར་མི་བྱེད་ན། ག་ཡང་སར་ལྷུང་བས་བན་དབང་འཇུག་འགྱུར་བ།། དེ་ལས་ཕྱི་ནས་གང་གིས་སློང་བར་འགྱུར། ་དེ་ཕྱིར་རྒྱལ་བསོ་སྦྱིན་པའི་གཏམ་མཛད་ནས།། ཚུལ་ཁྲིམས་རྗེས་འགྲོའོ་གཏམ་ཉིད་མཛད་པ་ཡིན། ཡོན་ཏན་ཚུལ་ཁྲིམས་ཞིང་དུ་རྣམ་པར་འཕེལ་ན།། འབྲས་བུ་ཉེར་སྤྱོད་ཆད་པ་མེད་པར་འགྱུར།། སོ་སོའི་སྐྱེ་བོ་རྣམས་དང་གསུང་སྐྱེས་དང་། ་རང་བྱང་ཆུབ་ལ་བདགུ་ཉིད་ངེས་རྣམས་དང་།། རྒྱལ་སྲས་རྣམས་ཀྱི་ངེས་པར་ལེགས་པ་དང་།། མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མེད།། ཇི་ལྟར་རྒྱ་མཚོ་རོ་དང་ལྷན་ཅིག་དང་།། བཀྲ་ཤིས་རྣ་ནག་མ་དང་ལྷན་ཅིག་བཞིན།། དེ་ལྷོར་ཚུལ་ཁྲིམས ་དབང་བྱས་བདག་ཉིད་ཆེ།། དེ་འཆལ་པ་དང་ལྷན་ཅིག་གནས་མི་འདོད།། གང་གིས་གང་ཞིག་གང་ལ་སྤོང་བྱེད་པ།། གསུམ་དུ་དམིགས་པ་ཡོད་ན་ཚུལ་ཁྲིམས་དེ།། འཇིག་རྟེན་པ་ཡི་ཕ་རོལ་ཕྱིན་ཞེས་བཤད། གསུམ་ལ་ཆགས་པས་སྟོང་དེ ་འཇིག་རྟེན་འདས། རྒྱལ་སྲས་ཟླ་བ་ལས་བྱུང་སྲིད་མིན་སྲིད་པ་ཡི།། དཔལ་གྱུར་དྲི་མ་དང་བྲལ་དྲི་མ་མདོ་འདི་ཡང་།། སྟོན་ཀའི་དུས་ཀྱི་ཟླ་བའི་འོད་ནི་ཇི་བཞིན་དུ།། འགྲོ་བའི་ཡིད་ཀྱི་གདུང་བ་སེལ་བར་བྱེད་པ་ཡིན། དབུ་མ་ལ་འཇུག ་པ་ལས། སེམས་བསྐྱེད་པ་གཉིས་པའོ།། །། ཤེས་བྱའི་བུད་ཤིང་མ་ལུས་སྲེག་པའི་མེའི།། འོད་འབྱུང་ཕྱིར་ནཱ་ས་ནི་གསུམ་པ་འདི།། འོད་བྱེད་པ་སྟེ་བདེ་གཤེགས་སྲས་པོ་ལ།། དེ་ཚེ་ཉི་ལྟར་ཟངས་འདྲིར་རྣང་བ་འབྱུང་།། གལ་ཏེ ་གནས་མིན་འཁྲུག་པོ་འགའ་ཡིས་དེའི།། ལུས་ལས་ཤ་ནི་རུས་བཅས་ཡུན་རིང་དུ།། སྲང་རེ་རེ་ནས་བཅད་པར་གྱུར་ཀྱང་དེའི།། བཟོད་པ་གཅོད་པར་བྱེད་ལ་ལྷག་པར་སྐྱེ།། བདག་མེད་མཐོང་བའི་བྱང་ཆུབ་སེམས་དཔའ་ལ།། གང་ཞིག་གང་གིས ་གང་ཚེ་ཇི་ལྟར་གཅོད།། གང་ཕྱིར་ཆོས་ཀུན་དེ་ཡིས་གཟུགས་བརྙན་ལྟར།། མ་ཐོང་བ་དེས་ཀྱང་དེ་ཡིས་བཟོད་པར་འགྱུར།། གནོད་པ་བྱས་པས་གོལ་ཏེ་དེར་དཀོན་ནས།། དེ་ལ་བཀོན་པས་བྱས་ཟིན་ལྡོག་གམ་ཅི།། དེ་ཕྱིར་དེའི་བཀོན་ངེས་པར ་འདིར་དོན་མེད།། འཇིག་རྟེན་ཕ་རོལ་ཡང་ནི་འགལ་བར་འགྱུར།། སྔོན་བྱས་པ་ཡི་མི་དགེའི་ལས་ཀྱི་འབྲས་བུ་གང་།། ཟད་པར་བྱེད་པར་བྱ་རྗོད་པར་འདོད་པ་དེ་ཉིད་ཀོ།། གཞན་ལ་གནོད་པར་དང་ནི་ཁྲོ་བས་སྡུག་བསྔལ་ཕྱིར། ས་བོན་ཉིད་དུ་ཇི ་ལྟ་བུར་ན་ཁྲིད་པར་བྱེད།། གང་ཕྱིར་རྒྱལ་སྲས་རྣམས་ལ་ཁྲོས་པ་ཡིས།། སྦྱིན་དང་ཁྲིམས་བྱུང་དགེ་བ་བསྐལ་པ་བརྒྱར།། བསགས་པ་སྐད་ཅིག་གིས་འཇོམས་དེ་ཡི་ཕྱིར། མི་བཟོད་ལས་གཞན་སྡིག་པ་ཡོད་མ་ཡིན། མི་སྡུག་གཟུགས་སུ་བྱེད ་ཅིང་དམ་པ་མིན་པ་བཀྲྀ་ཤས།། ཚུལ་དང་ཚུལ་མིན་ཤེས་པའི་རྣམ་སྤྱོད་འཕྲོག་བྱེད་ཅིང་། མི་བཟོད་པ་ཡིས་མྱུར་དུ་ངན་འགྲོར་སྒྱུར་བར་བྱེད། བཟོད་པས་བཤད་ཟིན་དང་འགལ་ཡོན་ཏན་རྣམས་བྱེད་དོ།། བཟོད་པས་མཛེས་ཤིང་སྐྱེ་བོ་དམ ་བ་ལ། ཕངས་དང་ལུགས་དང་ལུགས་མིན་ཤེས་པ་ལ། མཁས་པར་འགྱུར་ཞིང་དེ་ཡི་འོག་ཏུ་ནི། ལྷ་མིའི་སྐྱེ་དང་སྡིག་པ་ཟད་པར་འགྱུར།། སོ་སོའི་སྐྱེ་བོ་དང་ནི་རྒྱུ་ལ་སྨྲས་ཀྱིས།། ཁྲོ་དང་བཟོད་པའི་སྐྱོན་ཡོན་རིག་བྱས་ཏེ། ་མི་བཟོད་སྤངས་ནས་འཕགས་པའི་སྐྱེ་བོ་ཡིས།། བསྔགས་པའི་བཟོད་པ་རྟག་ཏུ་མྱུར་བསྟེན་བྱ།། རྫོས་སངས་རྒྱས་ཀྱི་བྱང་ཆུབ་ཕྱིར་བསྔོས་ཀྱང་།། གསུམ་དམིགས་ཡོད་ན་དེ་ནི་འཇིག་རྟེན་པའོ།། དམིགས་པ་མེད་ན་དེ་ཉིད་སངས་རྒྱས་ཀྱིས།། འཇིག་རྟེན ་འདས་པའི་ཕ་རོལ་ཕྱིན་ཅེས་བསྟན། ས་དེར་རྒྱལ་སྲེས་བསམ་གཏན་མངོན་ཤེས་དང་།། འདོད་ཆགས་ཞེ་སྡང་ཡོངས་སུ་ཟད་པར་འགྱུར།། དེས་ཀྱང་རྟག་ཏུ་འཇིག་རྟེན་པ་ཡི་ནི།། འདོད་པའི་འདོད་ཆགས་འཇོམས་པར་ནུས་པར་འགྱུར།། སྦྱིན་སོགས ་ཆོས་གསུམ་དེ་དག་ཕལ་མོ་ཆེར།། བདེ་བར་གཤེགས་པས་ཁྱིམ་པ་རྣམས་ལ་བསྔགས།། བསོད་ནམས་ཞེས་བྱའི་ཚོགས་ཀྱང་དེ་དག་ཉིད། སངས་རྒྱས་གཟུགས་ཀྱི་བདག་ཉིད་སྐུ་ཡི་རྒྱུ།། རྒྱལ་བའི་སྲས་པོ་ཉི་མ་ལ་གནས་འོད་བྱེད་འང་།། རང ་གཏོགས་མུན་རྣམས་དང་པོ་ཡང་དག་གསལ་བྱས་ནས། འགྲོ་བའི་མུན་པ་རྣམ་པར་འཇོམས་པར་མངོན་པར་འདོད་།། ས་འདི་ཤིན་ཏུ་རྣོ་བར་གྱུར་པ་ཀྱང་ཁྲོ་མི་འགྱུར།། དབུ་མ་ལ་འཇུག་པ་ལས།། སེམས་བསྐྱེད་པ་གསུམ་པའོ།། ་ཡོན་ཏན་མ་ལུས་བརྩོན་འགྲུས་རྗེས་འགྲོ་ཞིང་།། བསོད་ནམས་བློ་གྲོས་ཚོགས་ནི་གཉིས་ཀྱི་རྒྱུ།། བརྩོན་འགྲོས་གང་དུ་འབར་བར་གྱུར་པ་ཡི།། ས་དེ་བཞི་པ་འོད་ནི་འགྲོ་བའོ།། དེར་ནི་བདེར་གཤེགས་སྲས་ལ་རྫོགས་པ་ཡི།། བྱང་ཆུབ ་ཕྱོགས་ལྷག་བསྒོམས་པ་ལྔས་སྐྱེས་པའོ།། སྣང་བཟངས་ཀྱི་འོད་པས་ལྷག་འབྱུང་ཞིང་།། རང་དུ་ལྟ་བ་དང་འགྲེལ་ཡོངས་སུ་ཟད།། དབུ་མ་ལ་འཇུག་པ་ལས།། སེམས་བསྐྱེད་པ་བཞི་པའོ།། ། བདག་ཉིད་ཆེ་དེ་བདུད་རྣམས ་ཀུན་གྱིས་ཀྱང་།། སྦྲང་དཀའི་ས་ལ་ཕམ་པར་ནུས་མ་ཡིན། བསམ་གཏན་ལྷག་ཅིང་བློ་བཟངས་བདེན་རང་བཞིན།། ཞིབ་མོ་རྟོགས་ལའང་ཤིན་ཏུ་མཁས་པ་འཐོབ།། དབུ་མ་ལ་འཇུག་པ་ལས།། སེམས་བསྐྱེད་པ་ལྔ་པའོ།། ་མངོན་དུ་ཕྱོགས་པོར་མཉམ་བཞག་སེམས་གནས་ཏེ།། རྫོགས་པའི་སངས་རྒྱས་ཆོས་ལ་མངོན་ཕྱོགས་ཤིང་། འདི་བརྟན་འབྱུང་བའི་དེ་ཉིད་མཐོང་བ་དེ། ཤེས་རབ་གནས་པས་འགོག་པ་ཐོབ་པར་འགྱུར།། ཇི་ལྟར་ལོང་བའི་ཚོགས་ཀུན ་བདེ་བླག་ཏུ། མིག་ལྡན་སྐྱེས་བུ་གཅིག་གིས་འདོད་པ་ཡི། ཡུལ་དུ་ཁྲིད་པ་དེ་བཞིན་འདིར་ཡང་བློས།། མིག་ཉམས་ཡོན་ཏན་བླངས་ཏེ་རྒྱལ་ཉིད་འགྲོ།། ཇི་ལྟར་དེ་ཡིས་ཆོས་ཟབ་ཆོས་རྟོགས་པ།། ལུང་དང་གཞན་ཡང་རིགས་པས་ཡིན ་པས་ན།། ད་ལྟར་འཕགས་བྷ་ཀླུ་སྒྲུབ་གཞུང་ལུགས་ལས།། ཇི་ལྟར་གནས་པའི་ལུགས་བཞིན་བརྗོད་པར་བྱ།། སོ་སོ་སྐྱེ་བོའི་དུས་ནའང་སྟོང་པ་ཉིད་ཐོས་ནས།། ནང་དུ་རབ་ཏུ་དགའ་བ་ཡང་དང་ཡང་དུ་འབྱུང་། རབ་ཏུ་དགའ་བ་ལས ་བྱུང་མཆི་མས་མིག་བརླན་ཞིང་།། ལུས་ཀྱི་བ་སྤུ་ལྡང་བར་འགྱུར་བ་གང་ཡིན་པ།། དེ་ལ་རྫོགས་པའི་སངས་རྒྱས་བློ་ཡིས་བོན་ཡོད།། དེ་ཉིད་ཉེ་བར་བསྟན་པའི་སྣོད་ནི་དེ་ཡིན་ཏེ།། དེ་ལ་དམ་པའི་དོན་གྱི་བདེན་པ་བསྟན་པར་བྱ།། དེ་ལ་དེ ་ཡི་རྗེས་སྨྲ་འགྲོ་བའི་མོན་ཏན་འབྱུང་།། རྟག་ཏུ་ཚུལ་ཁྲིམས་ཡང་དག་བླངས་ནས་གནས་པར་འགྱུར། སྦྱིན་པ་གཏོང་བར་འགྱུར་ཞིང་སྙིང་རྗེ་བསྟེན་པར་བྱེད།། བཟོད་པ་སྒོམ་བྱེད་དེ་ཡི་དགེ་བ་བྱུང་ཆུབ་ཏུ། འགྲོ་བ ་དགྲོལ་བར་བྱ་ཕྱིར་ཡོངས་སུ་བསྔོ་བྱེད་ཅིང་། རྫོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་གུས་པར་བྱེད།། ཟབ་ཅིང་རྒྱ་ཆེའི་ཚུ་ལོ་ལ་མཁས་པའི་སྐྱེ་བོས་ནི། རིམ་གྱིས་རབ་ཏུ་དགའ་བའི་ས་ན་འཐོབ་འགྱུར་བསོ།། དེ་ནི་དོན་དུ་གཉེར ་བས་ལམ་འདི་མཉན་པར་གྱིས།། དེ་ཉིད་དེ་ལས་འབྱུང་མིན་གཞན་དག་ལས་ལྟ་ག་ལ་ཞིག། གཉི་ག་ལས་ཀྱང་མ་ཡིན་རྒྱུ་མེད་པར་ནི་ག་ལ་ཡོད།། དེ་ནི་དེ་ལས་བྱུང་ན་ཡོན་ཏན་འགའ་ཡང་ཡོད་མ་ཡིན།། སྐྱེས་པར་གྱུར་པ་སླར་ཡང་སྐྱེ ་བར་རིགས་པའང་མ་ཡིན་ཉིད། སྐྱེས་ཟིན་སྒྱུར་ཡང་སྐྱེ་བར་ཡོངས་སུ་རྟོགས་པར་འགྱུར་ན་ནི། མྱུ་གུ་ལ་སོགས་རྣམས་ཀྱི་སྐྱེ་བ་འདིར་རྙེད་མི་འགྱུར་ཞིང་། ས་བོན་སྲིད་མཐར་ཐུག་པར་རབ་ཏུ་སྐྱེ་བ་ཉིད་དུ་འགྱུར། ཇི་ལྟར་དེ་ཉིད་ཀྱིས་དེ་རྣམ ་པར་འཇིག་པར་བྱེད་པར་འགྱུར།། བྱེད་རྒྱུ་ས་བོན་གྱི་ལས་ཐ་དད་མྱུ་གུའི་དབྱིངས་དང་ནི། ཁ་དྲུག་རོ་ནུས་སྨིན་པའི་ཐ་དོད་ཁྱོད་ལ་མེད་པར་འགྱུར།། གལ་ཏེ་སྔར་གྱི་བདག་གི་དངོས་པོ་གསོལ་ནས་དེ་ལས་གཞན། ངོ་བོར་འགྱུར་ན་དེ་ཚེ ་དེ་ཡི་དེ་ཉིད་ཇི་ལྟར་འགྱུར།། གལ་ཏེ་ཁྱོད་ཀྱི་ས་བོན་མྱུ་གུ་འདིར་གཞན་མོ་ཡིན་ན། ས་བོན་བཞིན་དུ་མྱུ་གུ་ཞེས་བྱ་དེ་གཟུང་མེད་པ་འམ། ཡང་ན་དེ་དག་གཅིག་པས་ཇི་ལྟར་མྱུ་བུ་འདི་བཞིན་དུ། དེ་ཡང་གཟུང་དུ་ཡོད་འགྱུར་དེ་ཕྱིར ་འདི་ནི་ཁས་མི་བླང་། གང་ཕྱིར་རྒྱུ་ཞིག་ན་ཡང་དེ་ཡི་འབྲས་བུ་མཐོང་བའི་ཕྱིར།། དེ་ག་གཅིག་པ་ཡིན་ཞེས་འཇིག་རྟེན་གྱིས་ཀྱང་ཁས་མ་ལེན། དེ་ཕྱིར་དངོས་པོ་བདག་ལས་འབྱུང་ཞེས་རབ་ཏུ་བརྟགས་པ་འདི། དེ་ཉིད་དང་ནི་འཇིག་རྟེན་དུ་ཡང ་རིགས་པ་མ་ཡིན་ནོ།། བདག་ལས་སྐྱེ་བར་འདོད་ན་བསྐྱེད་པར་བྱ་དང་སྐྱེད་བྱེད་དང་།། ལས་དང་བྱེད་པ་པོ་ཡང་གཅིག་ཉིད་འགྱུར་ན་དེ་དག་ནི།། གཅིག་ཉིད་མ་ཡིན་པས་ན་བདག་ལས་སྐྱེ་བར་ཁས་བླང་བར།། བྱ་མིན་རྒྱ་ཆེར་བཤད་པའི་ཉེས ་པར་ཐལ་བར་འགྱུར་ཕྱིར་རོ།། གཞན་ལ་རྟེན་ནས་གལ་ཏེ་གཞན་ཞིག་འབྱུང་བར་འགྱུར་ན་ནི།། འོ་ན་མེ་ལྕེ་ལས་ཀྱང་མུན་པ་འཐུག་པོ་འབྱུང་འགྱུར་ཞིང་།། ཐམས་ཅད་ལས་ཀྱང་ཐམས་ཅད་སྐྱེ་བར་འགྱུར་ཏཾ་གང་གི་ཕྱིར།། སྐྱེད་པར་བྱེད ་པ་མ་ཡིན་མ་ལུས་ལ་ཡང་གཞན་ཉིད་མཚུངས།། རབ་ཏུ་བྱ་བར་ནུས་པ་དེ་ཕྱིར་འབྲས་བུར་ངེས་བརྗོད་ཅིང་།། གང་ཞིག་དེ་བསྐྱེད་ནུས་པ་དེ་ནི་གཞོན་ན་འང་རྒྱུ་ཡིན་ལ། རྒྱུད་གཅིག་གཏོགས་པ་བསྐྱེད་པོར་བྱེད་ལས་སྐྱེ་བ་དེ་ཡི་ཕྱིར། ས་ལུའི་མྱུ་གུ ་ནས་ལ་སོགས་ལས་དེ་ལྟ་མིན་ཞེ་ན། ཇི་ལྟར་ནས་དང་གེ་སོར་དང་ནི་ཀེང་ཤུ་ཀ་ལ་སོགས།། ས་ལའི་མྱུ་གུའི་སྐྱེད་པར་བྱེད་པར་འདོད་མིན་ནུས་ལྡན་མིན། རྒྱུད་ཅིག་ཁོངས་སུ་གཏོགས་མིན་འདྲ་བ་མ་ཡིན་ཉིད་དེ་བཞིན།། ས་ལུའི་ས་བོན ་ཡང་ནི་དེ་ཡི་མིན་ཏེ་གཞན་ཉིད་ཕྱིར། མྱུ་གུའི་ས་བོན་དང་ནི་དུས་མཉམ་ཡོད་མ་ཡིན་ཏེ། གཞན་ཉིད་མེད་པར་ས་བོན་གཞན་པ་ཉིད་དུ་ག་ལ་འགྱུར།། དེས་ན་མྱུ་གུ་ས་བོན་ལས་སྐྱེ་འགྲུབ་པར་འགྱུར་མིན་པས། གཞན་ལས་སྐྱེ་བ་ཡིན་ཞེས ་བྱ་བའི་ཕྱོགས་འདི་གཏང་བར་བྱོས། ཇི་ལྟར་སྲང་གི་མངའ་གཉིས་མཐ་བ་དང་ནི་དམའ་བ་དག། དུས་མཉམ་མ་ཡིན་པར་ནི་མིན་པར་མཐོང་བ་དེ་བཞིན་དུ། བསྐྱེད་པར་བྱ་དང་སྐྱེང་བྱེད་དག་གི་སྐྱེ་འགག་འགྱུར ་ཞེ་ན། གལ་ཏེ་གཅིག་ཚེ་ཡིན་ན་འདིས་དུས་གཅིག་མེད་དོ་ཡོད་མིན།། གལ་ཏེ་སྐྱེ་བཞིན་པ་དེ་སྐྱེ་ལ་ཕྱོགས་པ་ཡོད་མིན་ཞིང་། འགག་བཞིན་པ་ནི་ཡོད་ཀྱང་འཇིག་ལ་ཕྱོགས་པར་འདོད་གྱུར་པ།། དེ་ཚེ་འདི་ནི་ཇི་ལྟ་བུར་ན་སྲང་དང ་མཚུངས་པ་ཡིན།། སྐྱེ་བ་འདི་ནི་བྱེད་པོ་མེད་པར་རིགས་པའི་ངོ་བོའང་མིན། གལ་ཏེ་མིག་གི་བློ་ལ་རང་གི་སྐྱེད་བྱེད་དུས་གཅིག་པ།། མིག་ལ་སོགས་དང་ལྷན་ཅིག་འབྱུང་བ་འདུ་ཤེས་ལ་སོགས་ལས།། གཞན་ཉིད་ཡོད་ན་ཡོད་ལ ་འབྱུང་བས་དགོས་པ་ཅི་ཞིག་ཡོད།། ཅི་སྟེ་དེ་མེད་ཅེ་ན་འདི་ལ་ཉེས་པ་བཤད་ཟིན་ཏོ།། སྐྱེད་པར་བྱེད་པ་བསྐྱེང་བྱ་གཞན་བསྐྱེད་པ་དེ་རྒྱུ་ཡིན་ནུ།། ཡོད་པ་འམ་འོན་ཏེ་མེད་དང་གཉིས་ག་གཉིས་བྲལ་ཞིག་བསྐྱེད་གྲང་།། ཡོད་ན་སྐྱེང ་བྱེད་ཅི་དགོས་མེད་ལའང་དེས་ནི་ཅི་ཞིག་བྱ།། གཉིས་ཉིད་ལ་ངས་ཅི་བྱ་གཉིས་དང་བྲལ་ལའང་དྲིས་ཅི་བྱ། གང་གིས་རང་ལྷ་ལ་གནས་འཇིག་རྟེན་ཚད་མར་འདོད་པས་ན། འདིར་ནི་རིགས་པ་སྨྲས་པ་ཉིད་ཀྱིས་ལྷ་གོ་ཞིག་བྱ།། གཞན ་ལས་གཞན་འབྱུང་བ་ཡང་འཇིག་རྟེན་པ་ཡིས་རྟོགས་འགྱུར་ཏེ།། དེས་ན་གཞན་ལས་སྐྱེ་ཡོད་འདིར་ནི། རིགས་པ་ཅི་ཞིག་དགོས།། དངོས་ཀུན་ཡང་དག་རྫུན་པ་མཐོང་བ་ཡིས།། དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར།། ཡང ་ངག་མཐོང་ཡུལ་གང་དེ་དེ་ཉིད་དེ། མཐོང་བ་རྫུན་པ་ཀུན་རྫོབ་བདེན་པར་གསུངས།། མཐོང་བ་རྫུན་པའང་རྣམ་པ་གཉིས་འདོད་དེ།། དབང་པོ་གསལ་དང་དབང་པོ་སྐྱོན་ལྡན་ནོ།། སྐྱོན་ལྡན་དབང་ཅན་རྣམས་ཀྱི་ཤེས་པ་ནི།། དབང་པོ་ལེགས ་གྱུར་ཤེས་བལྟོས་ལོགས་པར་འདོད།། གནོད་པ་མེད་པའི་དབང་པོ་དྲུག་རྣམས་ཀྱིས།། གཟུང་བ་གང་ཞིག་འཇིག་རྟེན་གྱིས་རྟོགས་ཏེ།། འཇིག་རྟེན་ཉིད་ལས་བདེན་ཡིན་ལྷག་མི་ནི།། འཇིག་རྟེན་ཉིད་ལས་ལོག་པར་རྣམ་པར་བཞག། མི ་ཤེས་གཉིས་ཀྱིས་རབ་བསྐྱོད་མུ་སྟེགས་ཅན།། རྣམས་ཀྱིས་བདག་ཉིད་ཇི་བཞིན་བརྟགས་པ་དང་།། སྒྱུ་མ་སྨིག་རྒྱུ་སོགས་ལ་བརྟགས་པ་གང་།། དེ་དག་འཇིག་རྟེན་ལས་ཀྱང་ཡོད་མིན་ཉིད།། མིག་ནི་རབ་རིབ་ཅན་གྱིས་དམིགས་པ་ཡིས། ་རབ་རིབ་མེད་ཤེས་ལ་གནོད་མིན་ཇི་ལྟར།། དེ་བཞིན་དྲི་མེད་ཡེ་ཤེས་སྤངས་པའི་བློས།། དྲི་མེད་བློ་ལ་གནོད་པ་ཡོད་མ་ཡིན། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ།། དེས་གླང་བཅོམ་མ་བདེན་པར་སྣང་དེ་ནི། ཀུན་རྫོབ་བདེན་ཞེས་ཐུབ ་པ་དེས་གསུངས་ཏེ།། བཅོས་མར་གྱུར་པའི་དངོས་ནི་ཀུན་རྫོབ་ཏུའོ།། རབ་རིབ་མཐུ་ཡིས་སྐྲ་ཤས་ལ་སོགས་པའི།། ངོ་བོ་ལོག་པ་གང་ཞིག་རྣམ་བརྟགས་པ།། དེ་ཉིད་བདག་ཉིད་གང་དུ་མིག་དག་པས།། མཐོང་དེ་དེ་ཉིད་དེ་བཞིན་འདིར་ཤེས་གྱིས། ་གལ་ཏེ་འཇིག་རྟེན་ཚད་མ་ཡིན་ན་ནི། འཇིག་རྟེན་དེ་ཉིད་མཐོང་བས་འཕགས་བཞིན་གྱིས།། ཅི་དགོས་འཕགས་པའི་ལམ་གྱི་ཅི་ཞིག་བྱ།། བླུན་པོ་ཚད་མར་རིགས་པའང་མ་ཡིན་ནོ།། རྣམ་ཀུན་འཇིག་རྟེན་ཚད་མིན་དེ་ཡི་ཕྱིར།། དེ་ཉིད་སྐབས ་སུ་འཇིག་རྟེན་གནོད་པ་མེད། འཇིག་རྟེན་དོན་ནི་འཇིག་རྟེན་གྲགས་ཉིད་ཀྱིས།། གལ་ཏེ་སེལ་ན་འཇིག་རྟེན་གྱིས་གནོད་འགྱུར།། གང་ཕྱིར་འཇིག་རྟེན་ས་བོན་ཙམ་བཏབ་ནས། བདག་གིས་བྱ་འདི་བསྐྱེད་ཅེས་སྨྲ ་བྱེད་ཅིང་།། ཤིང་ཡང་གཙུགས་སོ་སྙམ་དུ་རྟོག་དེས་ནཱ། གཞན་ལས་སྐྱེ་བ་འཇིག་རྟེན་ལས་ཀྱང་མེད།། གང་ཕྱིར་མྱུ་གུ་ས་བོན་ལས་གཞན་མིན།། དེ་ཕྱིར་མྱུག་ཚེ་ས་བོན་ཞིག་བ་མེད།། གང་ཕྱིར་གཅིག་ཉིད་ཡོད་མིན་དོ་ཕྱིར་ཡ་།། མྱུག ་སོ་བོན་ཡོད་ཅེས་བརྗོད་མི་བྱེ།། གལ་ཏེ་རང་གི་མཚན་ཉིད་བརྟེན་འགྱུར་ན། དེ་ལ་སྐུར་པས་དངོས་པོ་འཇིག་པའི་ཕྱིར།། སྟོང་ཉིད་དངོས་པོ་འཇིག་པའི་རྒྱུར་འགྱུར་ན།། དེ་ནི་རིགས་མིན་དེ་ཕྱིར་དངོས་ཡོད་མིན།། གང་ཕྱིར་དངོས་པོ་འདི ་དག་རྣམ་དཔྱད་ན།། དེ་ཉིད་བདག་ཅན་དངོས་ལས་ཚུ་རོལ་ཏུ།། གནས་རྙེད་མ་ཡིན། དེ་ཕྱིར་འཇིག་རྟེན་གྱི།། ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ། དེ་ཉིད་སྐབས་སུ་རིགས་པ་གང་ཞིག་གྲིས།། བདག་དང་གཞན་ལ་སྐྱེ་བོ་རིགས་མིན་པ ་རིགས་དེས་ཐ་སྙད་དུ་ཡང་རིགས་མིན་པས། ཁྱོད་ཀྱི་སྐྱེ་བ་གང་གིས་ཡིན་པར་འགྱུར།། དངོས་པོ་སྦྱོང་བ་གཟུགས་བརྙན་ལ་སོགས་པ། ཚོགས་ལ་བལྡོ་རྣམས་མ་གྲགས་པ་ཡང་མཱིན། ཇི་ལྟར་དེར་ནི་གཟུགས་བརྙན་སོགས་སྣོང ་ལས། ཤེས་པ་དེ་ཡི་རྣམ་པ་སྐྱེ་འགྱུར་ལྟར།། དེ་བ་ཞོན་དངོས་པོ་ཐམས་ཅད་སྤོང་ན་ཡང་།། སྤྱོད་ཉིད་དག་ལས་རབ་ཏུ་སྐྱེ་བར་འགྱུར། བདེན་པ་གཉིས་སུ་འང་རང་བཞིན་མེད་པའི་ཕྱིར། དེ་དག་རྟག་པ་མ་ཡིན་ཆད་པའང་མི་ནི།། གང་། ་ཕྱིར་རང་བཞིན་གྱིས་དེ་མི་འགག་པ། དེ་ཕྱིར་ཀུན་གཞི་མེད་ཀྱང་འདི་ནུས་ཕྱིར། ལ་ལར་ལས་འགགས་ཡུན་རིང་ལོན་ལས་ཀྱང་། འབྲས་བུ་ཡང་དག་འབྱུང་བར་རིག་པར་གྱིས།། རྨི་ལམ་དམིགས་པའི་ཡུལ་དག་མཐོང་ནས་ནི།། སད་ཀྱང ་བླུན་ལ་ཆགས་པ་སྐྱེ་འགྱུར་བ།། དེ་བཞིན་འགགས་ཤིང་རང་བཞིན་ཡོད་མིན་པའི།། ལས་ལས་ཀྱང་ནི་འབྲས་བུ་ཡོད་པ་ཡིན།། ཇི་ལྟར་ཡུལ་ནི་ཡོད་ཉིད་མིན་མཚུངས་ཀྱང་།། རབ་རིབ་ཅན་གྱིས་སྐྲ་ཤང་རྣམ་པར་ནི།། མཐོང་གི་དངོས་གཞན ་རྣམ་པར་མ་ཡིན་ལྷོར།། དེ་བཞིན་སྨིན་ལས་སླར་སྨིན་མིན་ཤེས་ཀྱིས།། དེ་ཕྱིར་རྣམ་སྨིན་མི་དགེ་ནག་པོའོ་ལས།། རྣམ་སྨིན་དགེ་ཉིད་དགེ་ལས་ཡིན་མཐོང་ཞིང་།། དག་མི་དགེ་མེད་བློ་ཅན་ཐར་འགྱུར་ཏེ།། ལས་འབྲས་རྣམས་ལ་སེམས་པའང ་དགག་པ་མཛད། ཀུན་བཞི་ཡོད་ཅིང་གང་ཟག་ཉིད་ཡོད་ལ། ཕུང་པོ་འདི་དག་འབའ་ཞིག་ཉིད་ཡོད་ཅེས།། བསྟན་པ་འདི་ནི་དེ་ལྟར་ཆེས་ཟབ་དོན། རིག་པར་མི་འགྱུར་གང་ཡིན་དེ་ལའོ།། འཇིག་ཚོགས་ལྷ་དང་བྲལ་ཡང་སངས་རྒྱས་ཀྱིས ་ཇི་ལྟར་ང་དང་ང་ཡི་བསྟན་པ་ལྟར།། དེ་བཞིན་དངོས་རྣམས་རང་བཞིན་མེད་མོད་ཀྱི།། ཡོད་ཅེས་དྲང་དོན་ཉིད་དུ་བསྟན་པ་ཡིན།། གཟུང་བ་མེད་པར་འཛིན་པ་མ་མཐོང་ཞིང་།། སྲིད་གསུམ་རྣམ་ཤེས་ཙམ་དུ་རབ་རྟོགས་པས།། ཤེས་རབ ་ལ་གནས་བྱང་ཆུབ་སེམས་དཔའ་དེས།། རྣམ་ཤེས་ཙམ་དུ་དེ་ཉིད་རྟོགས་པར་འགྱུར། ཇི་ལྟར་རླུང་གིས་བསྐུལ་བས་རྒྱ་མཚོ་ནི།། ཚེ་ལས་ཆུ་རླབས་འབྱུང་བ་དེ་བཞིན་དུ། ཀུན་གྱིས་ས་བོན་ཀུན་གཞི་ཞེས་བྱ་ལས།། རང་གི་ནུས ་པས་རྣམ་ཤེས་ཙམ་དུ་ཞིག་འབྱུང་།། དེ་ཕྱིར་གཞན་གྱི་དབང་གི་ངོ་བོ་གང་།། དངོས་པོ་བཏགས་པར་ཡོད་པའི་རྒྱུར་འགྱུར་ཞིང་།། ཕྱི་རོལ་བཟུང་བ་མེད་པར་འབྱུང་འགྱུར་ལ།། ། ཡོད་དང་སྤྲོས་ཀུན་ཡུལ་མིན ་རང་བཞིན་ཡོད།། ཕྱི་རོལ་མེད་སེམས་དཔེར་ནི་གང་དུ་ཡོད། རྨི་ལམ་ཇི་བཞིན་ཞེ་ན་དེ་བསམ་བྱ། གང་ཆེ་བ་ལ་རྨི་ལམ་ན་ཡང་སེམས། ཡོད་མིན་དེ་ཚེ་ཁྱོད་ཀྱི་དཔེ་ཡོད་མིན། གལ་གལ་ཏེ་སད་ཚེ་ཁྱོད་རྨི་ལམ་དྲན་ལས་ཡིད ་ཡོད་ན་ཕྱི་རོལ་ཡུལ་ཡང་དེ་བཞིན་འགྱུར།། ཇི་ལྟར་ཁྱོད་ཀྱི་ངས་མཐོང་སྙམ་དྲན་པ། དེ་འདྲ་ཕྱི་རོལ་ལ་ཡང་ཡོད་པ་ཡིན། གལ་ཏེ་གཉིད་ན་མིག་བློ་མི་སྲིད་པས། ཡོད་མིན་ཡིད་ཀྱི་ཤེས་པ་ཁོ་ན་ཡོད།། དེ་ཡི་རྣམ་པ་ཕྱི་རོལ་ཉིད ་དུ་ཞེ་ན།། རྨི་ལམ་ཇི་ལྟ་དེ་བཞིན་འདིར་འདོད་ན།། ཇི་ལྷོར་ཁྱོད་ཀྱི་ཕྱི་ཡུལ་རྨི་ལམ་དུ།། མ་སྨྱོས་དེ་བཞིན་ཡིད་ཀྱང་སྐྱེས་མ་ཡིན། མིག་དང་མིག་གི་ཡུལ་དང་ངེས་བསྐྱེད་སེམས། གསུམ་པོ་ཐམས་ཅད་ཀྱང་ནི་རྫུན་པ་ཡིན། ་སོགས་ལྷག་མ་གསུམ་པོ་འང་སྐྱེ་བ་མང་། རྨི་ལམ་ཇི་ལྟ་དེ་བཞིན་སྣང་འདིར་ཡང་།། དངོས་རྣམས་རྫུན་ཡིན་སེམས་དེ་ཡོད་མ་ཡིན།། སྤྱོད་ཡུལ་མེད་ཅིང་དབང་པོ་རྣམས་ཀྱང་མད་། འདི་ན་ཇི་ལྟར་སད་བཞིན་ཇི་སྲིད་དུ།། མ་སྤྱང ་དེ་སྲིང་རི་ལ་གསུམ་ཐོ་མ། སང་པར་གྱུར་ན་གསུམ་ཆར་ཡང་མིན་ལྷུར། གཏི་མུག་གཉིས་ཡང་ལས་རིང་བཞིན་ནོ།། དབང་འི་བཅས་པ་བློ་གང་གིས། རབ་རིབ་མཐུ་ལས་སྒྲ་རྣམམ་གང་མཐོང་།། དེ་ཚུལ་བ ་གཉིས་ཆར་བདེན་པ་སྟེ། དོན་གསལ་མཐོང་ལ་གཉིས་ཀའང་རྫུན་པ་ཡིན།། གལ་ཏེ་ཤེས་བྱ་མེད་པར་བློ་ཡོད་ན། སྐུ་དེའི་ཡུལ་དང་མིག་ནི་རྗེས་འབྲེལ་བའི། རབ་རིབ་མེད་ལའང་སྐྲ་ཤང་བློར་འགྱུར་ན། དེ་ལྟ་མ་ཡིན་དེ་ཕྱིར་དེ་ཡོང ་མིན། གང་ཕྱིར་མཐོང་བ་དག་ལ་བློ་ནུས་ནི། སྨིན་མེད་ད་ཕྱིར་དེ་ལ་བློ་མའི་གྱུར།། ཤེས་བྱ་ཡོད་དངོས་བྲལ་བས་མིན་ཞེ་ན། ནུས་དེ་མེང་བས་འདི་ནི་འགྲུབ་མ་ཡིན།། སྐྱེད་ལ་ནུས་པ་སྲིང་བ་ཡོད་མ་ཡིན།། མ་སྐྱེས་ངོ་བོ་ལ་ཡང་ནུས་ཡོད་མིན། ་ཁྱད་པར་མེད་པར་ཁྱད་པར་ཅན་ཡིད་མིན། མོ་གཤམ་བུ་ལའང་དེ་ནི་ཡོད་པར་ཐལ།། གལ་ཏེ་འབྱུང་བར་འགྱུར་བས་བརྙད་འདོད་ན།། ནུས་པ་མེད་པར་འདི་ཡི་འབྱུང་འགྱུར་མེད།། ཕན་ཚུན་དོན་ལ་བརྟེན་པའི་འགྲུབ་པ་ནི།། གྲུབ་མིན ་ཉིད་ཅེས་དམ་པ་རྣམས་ཀྱིས་གསུངས། གལ་ཏེ་འགགས་པའི་ནུས་སྨིན་ལས་འགྱུར་ན།། གཞན་གྱི་ནུས་པ་ལས་གཞན་འབྱུང་བར་འགྱུར། རྒྱུན་ཅན་རྣམས་དེར་ཕན་ཚུན་ཐ་དད་ཡོད། དེ་ཕྱིར་ཐམས་ཅད་ཀུན་ལས་འབྱུང་བར་འགྱུར། ་གལ་ཏེ་དེར་ནི་རྒྱུན་ཅན་ཐ་དད་ཀྱི། དེ་དག་ལ་རྒྱུན་ཐ་དད་མེད་དེའི་ཕྱིར། ཉེས་མེད་ཅེ་ན་འདི་ནི་བསྒྲུབ་བྱ་ཞིབ། ཐ་མི་དང་རྒྱུན་སྐབས་མི་རིགས་ཕྱིར།། བྱམས་པ་ཉེར་སྦས་ལ་བརྟན་ཆོས་རྣམས་ནི། གཞན་ཉིད་ཕྱིར་ནི་རྒྱུད་གཅིག་གཏོགས ་ཡིན་ཏེ། གང་དག་རང་མཚན་ཉིད་ཀྱི་སོ་སོ་ལ། དེ་དག་རྒྱུད་ཅིག་གཏོགས་པ་རིགས་མ་ཡིན། མིག་བློ་སྐྱེ་བ་རང་ནུས་གང་ཞིག་ལས། རི་མོ་ཐག་ཏུ་ཀུན་ནས་སྐྱེ་འགྱུར་ཞིང་། རང་གི་རྣམ་ཤེས་རྟེན་གྱི་ནུས་དེ་ལ།། དབང་པོ་གཟུགས ་ཅན་མིག་ཅེས་བྱ་བར་རྟོགས།། འདི་ན་དབང་པོ་ལས་བྱུང་རྣམ་པར་རིག། ཕྱི་གཟུང་མེད་པར་རང་གི་ས་བྱོན་ལས། སོ་སོགས་སྨྲང་ཞིང་འབྱུང་བར་མ་རྟོགས་ནས། སྐྱེ་དྲོས་ཕྱི་རོལ་གཟུང་བར་སེམས ་ཁས་ལྡན། རྨི་ལམ་ན་ནི་གཟུགས་དོན་གཞན་མེད་པ།། རང་ནུས་སྨིན་ལས་དེ་ཡི་རྣམ་ཅན་སེམས།། འབྱུང་བ་ཛཾ་ལྟ་དེ་བཞིན་སད་ལ་འང་འདིར།། ཕྱི་རོལ་མེད་པར་ཡིད་ནི་ཡིད་ཅེ་ན། ཇི་ལྟར་མིག་མེད་པར་ནི་རྨི་ལམ་དུ།། སྔོ་སོགས ་སྣང་བའི་ཡིད་སེམས་འབྱུང་དེ་ལྟར། མིག་དདང་མེད་པར་རིག་ས་བོན་ནི།། སྨིན་ལས་ལོང་བ་ལ་འདིར་རྙིས་མོ་སྐྱེ། གལ་ཏེ་ཁྱོད་ལྟར་རྨི་ལམ་དྲུག་པ་ཡི།། ནུས་པ་སྨིན་ཡོད་སད་པར་མིང་གྱུར་ན།། དྲུག་པའི་ནུས་སྨིན་ཇི་ལྟ་འདིར་མེད་པ།། དེ་ལྟར ་རྨི་ཚེ་མེད་ཅེས་ཅིས་མི་རིགས།། ཇི་ལྟར་མིག་མད་འདྲི་ཡི་རྒྱུ་མིན་ལྟར།། རྨི་ལམ་དུ་ཡ་གཉིད་ནི་རྒྱུ་མ་ཡིན།། དེ་ཕྱིར་རྨི་ལམ་དུ་ཡང་དེ་དངོས་མིག། རྫུན་པའི་ཡུལ་ཅན་རྟོགས་པའི་རྒྱུར་ཁས་བླང་། འདི་ཡིས་ལན་ནི་གང་དང་གང་བཏབ་པ ་དེ་དང་དེ་ནི་དམ་བཅའ་མཚུངས་མཐོང་བས།། རྩོད་འདི་སེལ་བྱེད་སངས་རྒྱས་རྣམས་ཀྱིས་ནི།། འགྲོར་ཡང་དངོས་པོ་ཡོད་ཅེས་མ་བསྟན་ཏོ།། རྣལ་འབྱོར་པ་ཡིས་བླ་མའི་མན་དག་ལས། ཀེང་རུས་ཀྱིས་གང་ས་བཞི་མཐོང་བ་གང་།། དེར་ཡང ་གསུམ་ཆར་སྐྱེ་བ་མེད་པར་མཐོང་།། ལོག་པ་ཡིད་ལ་བྱེད་པར་བསྟན་ཕྱིར་རོ།། ཁྱོད་ཀྱི་དབང་བློའི་ཡུལ་རྣམས་ཇི་ལྟ་བ། དེ་ལྟར་མི་སྡུག་ཡིད་ཀྱི་ཡང་འགྱུར་ན།། དེ་བཞིན་ཡུལ་དེར་བློ་གཏད་ཅིག་ཤོས་ཀྱིས།། རྟོགས་འགྱུར་དེ་ནི ་རྫུན་པར་ཡང་མི་འགྱུར།། རབ་རིབ་དང་ལྡན་དབང་པོ་ཅན་མཚུངས་པ།། ཆུ་འབབ་ཀླུང་ལ་ཡི་དགས་རྣག་བློ་ཡང་། མདོར་ན་ཇི་ལྟར་ཤེས་བྱ་མེད་དེ་བཞིནི། བློ་ཡང་མེད་ཅེས་དོན་འདི་ཤེས་པར་གྱིས།། གལ་ཏེ་གཟུང་མེད་འཛིན་པ་ཉིད་བྲལ་ཞིང ་གཉིས་ཀྱིས་སྡོང་པོའི་གཞན་དབང་དངོས་ཡོད་ན། འདི་ཡི་ཡོད་པ་གང་གིས་ཤེས་པར་འགྱུར། མ་བཟུང་བར་ཡང་ཡོད་ཅེས་བྱར་མི་རུང་།། དེ་ཉིད་ཀྱིས་དེ་མྱོང་བར་གྲུབ་མ་ཡིན།། གལ་ཏེ་ཕྱི་དུས་དྲན་པ་ལས་འགྲུབ་ན་ཡ་ན།། མ་གྲུབ་བསྒྲུབ ་པར་བྱ་ཕྱིར་བརྗོད་པ་ཡིས།། མ་གྲུབ་འདི་ནི་སྒྲུབ་པར་བྱེད་པ་མིན།། རླུང་རིག་པ་ནི་གྲུབ་ལ་དགྲ་མོད་ཀྱིས།། ད་ལྟ་འང་དྲན་པའི་དྲན་པོ་རིགས་མིན་ཏེ།། གཞན་ཕྱིར་མ་ཤེས་རྒྱུད་ལ་སྐྱེས་པ་བཞིན།། གྷཱ་ཏན་ཚིགས་འདིས་ནི་ཁྱད་པར་དག་ཀྱང ་འཇོམོས། གང་ཕྱིར་གང་གིས་ཡུལ་མྱོང་གྱུར་དེ་ལོས།། དྲན་པ་འདི་གཞན་ང་ལ་ཡོད་མིན་པ།། དེ་ཕྱིར་ང་ཡིས་མཐོང་སྙམ་དྲན་འགྱུར་ཏེ། འདི་ཡང་འཇིག་རྟེན་ཐ་སྙད་ཚུལ་ལུགས་ཡིན། དེ་ཕྱིར་རང་གི་ཡོད་པ་མ་ཡིན་ན། ཁྱོད་ཀྱི་གཞན ་དབང་གང་གིས་འཛིན་པར་འགྱུར། བྱེང་པོ་ལས་དང་བྱ་བ་གཅིག་མིན་པས། དེ་ཉིད་ཀྱིས་དེ་འཇིམ་པར་རིགས་མ་ཡིན། གལ་ཏེ་སྐྱེ་བ་མིང་ཅིང་མ་ཤེས་པའི།། བདག་ཅན་གཞན་དབང་ངོ་བོའི་དངོས་ཡོད་ན། གང་གིས་ན་འདི་ཡོད ་པར་མི་རིགས་པ།། གཞན་ལ་མེ་གཤ་མོ་བུས་གནོད་ཅི་ཞིག་བསྒྲལ། གང་ཚེ་གཞན་དབང་ཅུང་ཟད་ཡོད་མིན་ན། ཀུན་རྫོབ་ཁ་ཡི་རྒྱུར་ནི་གང་ཞིག་འགྱུར།། གཞན་གྱི་ལྷར་ན་རྫས་ལ་ཆགས་པ་ཡིས། འཇིག་རྟེན་གྲགས་པའི ་པའི་རྣམ་བཞག་ཀུན་ཀྱང་བརླས། སློབ་དཔོན་ཀླུ་སྨྲ་བ་ཞབས་ཀྱི་ལམ་ལ་ནཱི། ཕྱི་རོལ་གྱུར་ལ་ཞི་བའི་ཐབྱས་མང་ངོ་།། དེ་དག་ཀུན་རྫོང་དེ་ཉིད་བདེན་ལས་ཉམས།། དེ་ལས་ཉམས་པས་ཐར་པ་འགྲུབ་ཡོང་མིན།། ཐ་རྨང ་བདེན་པ་ཐབས་སུ་གྱུར་པ་དང་།། དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ།། དེ་གཉིས་རྣམ་དབྱེ་གང་གང་གིས་མི་ཤེས་པ།། དེ་ནི་རྣམ་རྟོག་ལོག་པས་ལམ་ངན་ཞུགས།། ཇི་ལྟར་ཁྱོད་ཀྱི་གཞན་དབང་དངོས་འདོད་ལྟར།། ཀུན་རྫོབ་ཀྱང་ནི་བདག་གིས ་ཁས་མ་བླངས།། འབྲས་ཕྱིར་འདི་དག་མེད་ཀྱང་ཡོད་དོ་ཞེས།། འཇིག་རྟེན་ངོར་བྱས་བདག་ནི་སྨྱོ་བར་བྱེད། ཇི་ལྟར་ཕྱུང་པོ་སྤངས་ནས་ཞིར་ཞུགས་པ། དགྲ་བཅོམ་རྣམས་ལ་ཡོད་པ་མིན་དེ་ལྟར།། འཇིག་རྟེན་ལ་ཡང་མེད་ན་དེ་བཞིན་འདི།། ་འཇིག་རྟེན་ལས་ཀྱང་ཡོད་ཅེས་བདག་མི་སྨྲ།། གལ་ཏེ་ཁྱོད་ལ་འཇིག་རྟེན་མི་གནོད་ན། འཇིག་རྟེན་ཉིད་བལྟོས་འདི་ནི་དགག་པར་གྱིས། ཁྱོད་དང་འཇིག་རྟེན་འདིར་ནི་རྩོད་གྱིས་དང་།། ཕྱི་ནས་སྟོབས་ལྡན་བདག་གིས་བརྟེན ་པར་བྱ།། མངོན་གྱུར་མངོན་ཕྱོགས་བྱང་ཆུབ་སེམས་དཔའ་ཡིས། སྲིད་གསུམ་རྣམས་ཤེས་ཙམ་དུ་གང་རྟོགས་པ། རྟག་བདག་བྱེད་པོ་བཀག་པ་རྟོགས་ཕྱིར་དེས།། བྱེད་པ་པོ་ནི་སེམས་ཙཱ་མ་ཡིན་པར་རྟོགས།། དེ་ཕྱིར་བློ་ལྡན་བློ་ནི ་འཕེལ་བྱའི་ཕྱིར། ལང་ཀ་རོ་གཤེགས་མདོ་ང་ལས་ཀུན་མཁྱེན་གྱིས། མུ་སྟེགས་སྒོ་མཐོན་རི་འཇོམས་དག་རང་བཞིན།། རྡོ་རྗེ་འདི་ནི་དགོངས་པ་བཅད་ཕྱིར་གསུངས། ཇི་བཞིན་རང་གི་བསྟན་བཅོས་དྲི་དྲི་ལུས། མུ་སྩོ་གས ་རྣམས་ཀྱིས་གང་ཟག་སོགས་དེ་དག། སྨྲས་པ་དེ་དག་བྱེད་པོར་མ་གཟིགས་ནས།། རྒྱལ་བས་སེམས་ཙམ་འཇིག་རྟེན་བྱེད་པོར་གསུངས།། དེ་ཉིད་རྒྱས་ལ་སངས་རྒྱས་བསྙད་ཇི་བཞིན།། དེ་བཞིན་སེམས་ཙམ་གཙོར་གྱུར་འཇིག ་རྟེན་ལ། མདོ་ལས་སེམས་ཙམ་ཞེས་གསུངས་གཟུགས་ནི་འདིར།། འགོག་པ་དེ་ལྟར་མདོ་ཡི་དོན་མ་ཡིན། གལ་ཏེ་འདི་དག་སེམས་ཙམ་ཞེས་མཁྱེན་ནས།། དེ་ལས་གཟུགས་ཉིད་དགག་པར་མཛད་ན་ནི། སླར་ཡང་དེ་ལས་བདག ་ཉིད་ཆེན་པོས་སེམས།། གཏི་མུག་ལས་ལས་སྐྱེས་པར་ཅི་ཕྱིར་གསུངས།། སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་རྟེན་དང་། སྣོད་ཀྱི་འཇིག་རྟེན་ཤིན་ཏུ་སྣ་ཚོགས་འགོད།། འགྲོ་བ་མ་ལུས་ལས་ལས་སྐྱེས་པར་གསུངས།། སེམས་སྤངས ་ནས་ནི་ལས་ཀྱང་ཡོད་མ་ཡིན། གལ་ཏེ་གཟུགས་ཡོད་མོད་ཀྱི་དེ་ལ་ནི། སེམས་བཞིན་བྱེད་པ་པོ་ཉིད་ཡོད་མ་ཡིན། དེས་ན་སེམས་ལས་གཞན་པའི་བྱེད་པ་པོ།། བཟློག་གི་གཟུགས་ནི་བཀག་པ་མ་ཡིན་ནོ།། འཇིག་རྟེན ་པ་ཡི་དེ་ཉིད་ལ་གནས་ལ། ཕུང་པོ་འཇིག་རྟེན་གྲགས་དེ་ལྷ་ཆར་ཡོད།། དེ་ཉིད་ཡེ་ཤེས་འཆར་བར་འདོར་བ་ན། རྣལ་འབྱོར་པ་ལ་དེ་ལྔ་འབྱུང་མི་འགྱུར།། གཟུགས་མེད་ནཱ་ནི་སེམས་ཡོད་མ་འཛིན་ཅིག། སེམས་ཡོད་ཉིད་ན ་འང་གཟུགས་མེད་མ་འཛིན་ཅིག། དེ་དག་ཤེས་རབ་ཚུལ་མདོར་སངས་རྒྱས་ཀྱིས། མཚུངས་པར་སྤངས་ཤིང་མངོན་པའི་ཆོས་ལས་གསུངས།། བདེན་གཉིས་རིམ་པ་འདི་དག་བཤིག་ནས་ཀྱང་།། ཁྱོད་ཀྱི་རྫས་ནི་བཀག་པས ་འགྲབ་མི་འགྱུར། དེ་ཕྱིར་དེ་ལྟའི་རིམ་པས་དངོས་འདོད་ནས། དེ་ཉིད་མ་སྐྱེས་འཇིག། རྟེན་སྐྱེས་རིག་བྱ། མདོ་སྡེ་གང་ལས་ཕྱི་རོལ་སྣང་ཡོད་མིན། སེམས་ནི་སྣ་ཚོགས་སྣང་ངོ་ཞེས་གསུངས་པ།། གཟུགས། ་ལ་ཤིན་ཏུ་ཆགས་གང་དེ་དག་ལ།། གཟུས་བཟློག་པ་སྟེ་དེ་ཡང་དྲང་དོན་ཉིད།། འདྲི་ནི་སྟོན་པས་དྲང་དོན་གི་ཉིད་གསུངས་ཤིང་།། འདི་ནི་དྲང་དོན་ཉིད་དུ་རིགས་པས་འཐང་།། རྣམ་པ་དེ་ལྷའི་མདོ་སྡེ་གཞན་ཡང་ནི།། དྲང་དོན་ཉིད་དུ ་ལུང་འདི་ས་གསལ་བར་བྱང་།། ཤེས་བྱ་མེད་ན་ཤེས་པ་བསལ་བ་ནི། བདེ་གླག་རྙེད་ཅེས་སངས་རྒྱས་རྣམས་ཀྱིས་གསུངས།། ཤེས་བྱ་མེད་ན་ཤེས་པ་བཀག་འགྲུབ་པས།། དང་པོར་ཤེས་བྱ་དགག་པ་མཛད་པ་ཡིན།། དེ ་ལྟར་ལུང་གི་ལོ་རྒྱུས་ཤེས་བྱས་ཏེ།། མདོ་གྲོང་དེ་ཉིད་མ་ཡིན་བཤད་དོན་ཅན།། དྲང་དོན་གསུངས་པའང་རྟོགས་ནས་དྲང་བྱ་ཞིང་།། སྟོང་ཉིད་དོན་ཅན་ངེས་དོན་ཤེས་པར་གྱིས།། གཉིས་ལས་སྐྱེ་བའང་རིགས་པའི་ངོ་བོ་མ་ཡིན་གང་གི་ཕྱིར།། བཤད ་ཟིན་ཉེས་པ་དེ་དག་ཐོག་ཏུ་འདོབ་པ་ཡིན་ཕྱིར་རོ།། འདི་ནི་འཇིག་རྟེན་ལས་མིན་དེ་ཉིད་དུ་ཡང་འདོད་མིན་ཏྲེ། གང་ཕྱིར་རེ་རཾ་ལས་ནི་སྐྱེ་བ་འགྲུབ་པ་ཡོང་མ་ཡིན། གལ་ཏེ་རྒྱུ་མདོ་ཁོ་ནར་སྐྱེ་བར་ལྟ་ཞིག་འགྱུར་ན་ནི། ངོ་ཆེ་མཐའ་དག ་རྟག་ཏུ་ཐམས་ཅད་ལས་ཀྱང་སྐྱེ་འགྱུར་ཞིང་། འབྲས་བུ་འབྱུང་ཆེད་དུ་འཇིག་རྟེན་འདི་ཡི་ས་བོན་ལ་སོགས་ནི། བརྒྱ་ཕྲག་དག་གི་སྒོ་ནས་སྡུད་པར་བྱེད་པར་ཡང་མི་འགྱུར།། གལ་ཏེ་འགྲོ་བ་རྒྱུ་ཡིས་སྟོང་པར་གྱུར་ན་ན་མཁའ་ཡི། ཨུཏྤ་པ ་ཡི་དྲི་མདོག་ཇི་བཞིན་གཟུངས་དུ་མེད་ཉིད་ན། ཤིན་ཏུ་ཆེས་བཀྲའི་འཇིག་རྟེན་འཛིན་པ་འང་ཡིན་དེའི་ཕྱིར། རང་གི་བློ་བཞིན་འཇིག་རྟེན་རྒྱུ་ལས་ཡིན་པར་ཤེས་པར་གྱིས། འབྱུང་བ་དེ་དག་བདག་ཉིད་གང་ཞིག་གིས་ནི་ཁྱོད་ཀྱི་བློའི ་ཡུལ་དུ་འགྱུར་བ་དེ་ཡི་བདག་ཉིད་ཅན་ནི་མ་ཡིན་ན། གང་ལ་ཡིད་ཀྱི་མུན་པ་འཐུག་པོ་འདི་ཉིད་དུ་ཡོད་པ། དེས་ནི་ཇི་ལྟར་འཇིག་རྟེན་པ་རིལ་ཡང་དག་རྟོགས་པར་འགྱུར།། འཇིག་རྟེན་ཕ་རོལ་འགོག་པར་བྱེད་པའི་དུས་སུ་བདག་ཉིད་ནི། ་ཤེས་བྱའི་རང་བཞིན་ཕྱིན་ཅི་ལོག་ཏུ་ལྟ་བར་རྟོགས་བྱ་སྟེ། དེ་ཡི་ལྟ་བའི་རྣམ་པའི་རྟེན་མཚུངས་ལུས་དང་ལྡན་ཉིད་ཕྱིར། གང་ཚེ་འབྱུང་བའི་བདག་ཉིད་ཡོད་ཉིད་ཁས་ལེན་དེ་ཚེ་བཞིན། འབྱུང་བ་དེ་དག་ཇི་ལྟར་ཡོད་མིན་དེ་ལྟར་བཤད ་ཟིན་ཏོ།། གང་གི་ཕྱིར་ནོ་གོང་དུ་རང་བཞིན་ལས་དང་གཉིས་ཀ་ལས། སྐྱེ་དང་རྒྱུ་མེད་ཐུན་མོང་དུ་ནི་བཀུག་ཟིན་དེ་ཡི་ཕྱིར།། མ་བཤད་འབྱུང་བ་འདི་དག་ལྟ་ཞིག་ཡོད་དམ་མ་ཡིན་ནོ།། གང་གི་ཕྱིར་ན་བདག་དང་གཞན་དང་གཉིས་ཀ ་ལས་སྒྱུ་དང་། རྒྱུ་ལྷ་མ་བལྟོས་ཡོད་པ་མ་མིན་པས་དངོས་རྣམས་རང་བཞིན་བྲལ། གང་གིས་སྦྱིན་ཚོགས་དང་མཚུངས་གཏི་མུག་སྟུག་པོ་འཇིག་རྟེན་ལ། ཡོད་པ་དེས་ན་ཡུལ་རྣམས་ལོག་པ་དག་ཏུ་སྣང་བར་འགྱུར།། ཇི་ལྟར་རབ་རིབ ་མཐུ་ཡིས་འགའ་ཞིག་སྒྲ་ཤད་ཟླ་གཉིས་དང་། རྨ་བྱིའི་མདོངས་དང་སྦྲང་མ་ལ་སོགས་ལོག་པར་འཛིན་བྱེད་པ།། དེ་བཞིན་དུ་ནི་གཏི་མུག་སྐྱོན་གྱི་དབང་གིས་མི་མཁས་པས། འདུས་བྱས་ལ་ཞིག་སྣ་ཚོགས་བློ་གྲོས་ཀྱིས་ནི་རྟོགས་པར ་འགྱུར།། གལ་ཏེ་གཏི་མུག་བརྟེན་ནས་ལས་འབྱུང་གཏི་མུག་མེད་པར་དེ། མི་འབྱུང་ཞེས་བྱར་མི་མཁས་ཁོ་ནས་རྡོག་པར་གོར་ན་ག་ཆགྶ།། བློ་བཟང་ཉི་མས་མུནྟ་པ་སྟུག་པོ་རྣམ་པར་བསལ་བ་ཡི་མངས ་བྱ་དག་ནི་སྟོང་ཉིད་ཁོང་དུ་ཆུད་ཅིང་གྲོལ་བར་འགྱུར།། གལ་ཏེ་དངོས་རྣམས་དེ་ཉིད་དུ་མེད་ན།། ཐ་སྙད་དུ་ཡང་མོ་བ་ཤོམ་བུ་ཇི་བཞིན།། དེ་དག་མེང་པ་ཉིད་འགྱུར་དེ་ཡི་ཕྱིར།། དེ་དག་རང་བཞིན་གྱིས་ནི་ཡོད་པ་ཉིད། གང་དག་རབ ་རིབ་ཅན་སོགས་ཡུལ་འགྱུར་བ། སྐྲ་ཤཱང་ལ་སོགས་དེ་དག་མ་སྐྱེས་པས།། རེ་ཞིག་དེ་དག་ཉིད་ལ་བརྩད་བྱ་སྟེ། ཕྱི་ནས་མ་རིག་རབ་རིབ་རྗེས་འབྲེལ་ལའོ།། གལ་ཏེ་རྨི་ལཱམ་དྲི་ཟོའི་གྲོང་ཁྱེར་བཅས།། སྨིག་རྒྱུའི་ཆུ་དང་མིག་འཕྲུལ་གཟུགས ་བརྙན་སོགས་སྐྱེ་མད་མཐོང་ན་ཡོད་ཉིད་མིན་མཚུངས་ཀྱང་།། ཁྱོད་ལ་ཇི་ལྟར་དེར་འགྱུར་དེ་མི་རིགས་སོ།། དེ་ཉིད་དུ་འདི་ཇི་ལྟར་སྐྱེ་མེད་ཀྱང་།། མོ་བཤམ་བུ་ལྷུར་གང་ཕྱིར་འཇིག་རྟེན་གྱི།། མཐོང་བའི་ཡུལ་དུ་མི་འགྱུར་མ་ཡིན་པ།། དེ་ཡི ་ཕྱིར་ན་སྒྲ་འདི་མ་ངེས་པའོ།། མོ་བཤམ་བུ་ལ་རང་གྲི་བོདག་ཉིད་ཀྱིས།། སྐྱེ་བ་དེ་ཉིད་དུ་མེད་འཇིག་རྟེན་དུ་འང་། ཡོད་མོན་དེ་བཞིན་དངོས་འདི་ཀུན་དེ་བོ།། ཉིད་ཀྱིས་འཇིག་རྟེན་དེ་ཉིད་དུ་མ་སྐྱེས།། དེ་ཕྱིར་འདི་ལྟར་སྟོན་པས་ཆོས ་རྣམས་ཀུན། གདོང་ནས་ཞི་ཞིང་སྐྱེ་བྲལ་རང་བཞིན་གྱིས།། ཡོངས་སུ་མྱ་ངན་འདས་པ་གསུངས་གྱུར་ལ།། དེ་ཕྱིར་རྟག་ཏུ་སྐྱེ་བ་ཡོང་མ་ཡིན།། བུམ་སོགས་འདི་དག་དེ་ཉིད་དུ་མེད་ཅིང་།། འཇིག་རྟེན་རབ་ཏུ་གྲགས་པར་ཡོད་ཅི ་བཞིན། དེ་བཞིན་དངོས་པོ་ཐམས་ཅད་འགྱུར་བས་ན། མོ་བཤམ་བུ་དང་མཚུངས་པར་ཐལ་མི་འགྱུར།། གང་ཕྱིར་རྒྱུ་མེད་པ་དང་དབང་ཕྱུག་གི། རྒྱུ་ལ་སོགས་དང་བདག་གཞན་གཉི་ག་ལས། དངོས་རྣམས་སྐྱེ་བར་འགྱུར་བ་མ་ཡིན ་ག་དེ་ཕྱིར་བརྟེན་ནས་རབ་ཏུ་སྐྱེ་བར་འགྱུར།། གང་ཕྱིར་དངོས་པོ་བརྟེན་ནས་རབ་འབྱུང་བས།། རྟོག་པ་འདི་དག་བརྟག་པར་མི་ནུས་པ།། དེ་ཕྱིར་བརྟེན་འབྱུང་རིགས་པ་འདི་ཡིས་ནི།། ལྷ་ངན་དྲ་བ་མཐའ་དག་གཅོད་པར་བྱེད།། རྟོག་རྣམས ་དངོས་པོ་ཡོད་ན་འབྱུང་བ་སྟེ། དངོས་པོ་ཇི་ལྟར་མེད་པར་ཡོངས་སུ་དཔྱད་ཟིན།། དངོས་པོ་མེད་པར་འདི་རྣམས་མི་འབྱུང་དཔེར།། བུད་ཤིང་མེད་པར་མེ་ཡོད་མིན་ང་བཞིན།། སོ་སོའི་སྐྱེ་བོ་རྣམས་ནི་རྟོག་པས་བཅིངས།། མི་རྟོག་རྣལ་འབྱོར་པ་ནི ་གྲོལ་འགྱུར་བས།། རྟོག་རྣམས་ལོག་པར་གྱུར་པ་གང་ཡིན་དེ།། རྣམ་པར་དཔྱོད་པའི་འབྲས་བུར་མཁས་རྣམས་གསུང་།། བསྟན་བཅོས་ལས་དཔྱད་རྩོད་ལ་ཆགས་པའི་ཕྱིར།། མ་མཛད་རྣམ་གྲོལ་ཕྱིར་ནི་དེ་ཉིད་བསྟན།། གོལ་ཏེ་དེ་ཉིད ་རྣམ་པར་བཤད་པ་ན། གཞན་གཞུང་འཇིག་རྟེན་པར་འགྱུར་ན་ཉེས་པ་མེད།། རང་གི་ལྷ་ལ་ཆགས་དང་དེ་བཞིན་དུ། གཞན་གྱི་ལྷ་ལ་འཁྲུག་དང་རྟོག་པ་ཉིད། དེ་ཕྱིར་འདོད་ཆགས་ཁོང་ཁྲོ་རྣམས་གསལ་ཏེ། རྣམ་དཔྱོད་པ་ནི་མྱུར ་དུ་གྲོལ་བར་འགྱུར།། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། ལྷ་ལས་བྱུང་བར་བློ་ཡིས་མཐོང་གྱུར་ཅིང་།། བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས།། རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད།། ཟ་པོ་རྟག་དངོས ་@བྱེད་པོ་མིན་པའི་བདུག། ཡོ་ན་ཏན་བྱ་མེད་མུ་སྟེགས་རྣམས་ཀྱིས་བརྟགས།། དེའི་དབྱེ་ཅུང་ཟད་ཅུང་ཟད་ལ་བརྟེན་ནས། མུ་སྟེགས་ཅན་རྣམས་ལུགས་ནི་ཐ་དད་འགྱུར།། མོ་ག་ཤམ་བུ་ལྟར་སྐྱེ་བ་དང་བྲལ་ཕྱིར ་དེ་ལྟར་གྱུར་པའི་བདག་ནི་ཡོད་མིན་ཞིང་།། འདི་ནི་ངར་འཛིན་རྟེན་དུའང་མི་རིགས་ལ།། འདི་ནི་ཀུན་རྫོབ་ཏུ་ཡང་ཡོད་མི་འདོད།། གང་ཕྱིར་བསྟན་བཅོས་བསྟན་བཅོས་ལས་དེའི་ཁྱད།། མུ་སྟེགས་རྣམས་ཀྱིས་གང་བསྟན་དེ་ཀུན་ལ།། རང་གྲག་མོ་སྐྱེས ་གཏན་ཚིགས་ཀྱིས་གནོད་པར་ཕྱེད་དེ་བྱད་ཀུན་ཀྱང་ཡོད་པའི་ཡིདེ་ཕྱིར་ཕུང་པོ་ལས་གཞན་བདག་མེད་དོ།། ཕུང་པོ་མ་རྟོགས་དེ་འཛིན་མ་གྲུབ་ཕྱིར།། འཇིག་རྟེན་ངར་འཛིན་བློ་ཡི་རྟེན་དུ་ཡང་།། མི་འདོད་དོ་རིག་མིན་པའང་བདག་ལྷའི་ཕྱིར། གང་དག་དུང ་འགྲོར་བསྐལ་མང་རྒྱལ་གྱུར་པ།། དེ་ཀྱང་མ་སྐྱེས་རྟག་འདི་མ་མཐོང་ལ། ངར་འཛིན་དེ་དྲག་ལ་ཡང་འཇུག་མཐོང་སྟེ། དེས་ན་ཕུང་པོ་ལས་གཞན་བདག་འགའ་མེད།། ཕུང་པོ་ལས་གཞན་བདག་གྲུབ་མེད་པའི་ཕྱིར།། བདག་ལྷའི ་དམིགས་པ་ཕུང་པོ་ཁོ་ནའོ།། ཁ་ཅིག་བདག་ལྕི་རྟེན་དུ་ཕུང་པོ་ནི། ལྔ་ཆར་ཡང་འདོང་ཁ་ཅིག་སེམས་གཅིག་འདོད། གལ་ཏེ་ཕུང་པོ་བདག་ན་དེ་ཕྱིར་དེ། མང་བས་བདག་དེ་དག་ཀྱང་མང་པོར་འགྱུར།། བདག་ནི་རྫས་སུ་འགྱུར་ཞིང ་དེར་ལྟ་བ། རྫས་ལ་འཇུག་པས་ཕྱིན་ཅི་ལོག་མི་འགྱུར།། མྱ་ངན་འདས་ཚེ་ངེས་པར་བདག་ཆད་འགྱུར། མྱ་ངན་འདས་སྔོན་སྐད་ཅིག་དག་ལ་ནི།། སྐྱེ་འཇིག་བྱེད་པོ་མེད་པས་དེ་འབྲས་མེད། གཞན་གྱིས་བསགས་ལ་གཞན་གྱིས ་ཟ་བར་འགྱུར།། དེ་ཉིད་དུ་རྒྱུད་ཡོད་ན་སྐྱོན་མེད་ན། སྔར་རྣམ་དཔྱད་ཚེ་རྒྱུད་ལ་ཉེས་བཤང་ཟིན། དེ་ཕྱིར་ཕུང་པོ་དང་སེམས་བདག་མི་རིགས། འཇིག་རྟེན་མཐའ་ལྡན་ལ་སོགས་མེད་ཕྱིར་རོ།། ཁྱོད་ཀྱི་རྣལ་འབྱོར་བདག་མེད ་མཐོང་བ་ལཱ། དེ་ཚེ་ངེས་པར་དེ་ངོས་རྣམས་མེད་པར་འགྱུར།། རྟག་བདག་སྦེང་ན་དེ་ཚེ་དེ་ཡི་ཕྱིར།། ཁྱོད་ཀྱི་སེམས་སམ་ཕུང་པོ་བདག་མི་འགྱུར།། ཁྱོད་ཀྱི་རྣལ་འབྱོར་བདག་མེད་མཐོང་བ་ཡིས།། གཟུགས་སོགས་དེ་ཉིད་རྟོགས་པར ་མི་འགྱུར་ཞིང་།། གཟུགས་ལ་དམིགས་ནས་འཇུག་ཕྱིར་འདོད་ཆགས་སོགས། སྐྱེ་འགྱུར། དེ་ཡི་ངོ་བོ་རྟོགས་མེད་ཕྱིར།། གང་ཕྱིར་སྟོན་པས་ཕུང་པོ་བདགོ་ཞེས།། གསུངས་པ་དེ་ཕྱིར་ཕུང་པོ་བདག་འདོད་ན།། དེ་ནི་ཕུང་ལས་གཞན ་བདག་འགོག་པ་སྟེ། གཟུགས་བདག་མྱིན་སོགས་མདོ་ལས་གཞན་གསུངས་ཕྱིར་རོ།། གང་ཕྱིར་གཟུགས་ཚོར་བདག་མིན་འདུ་ཤེས་ཀྱང་།། མ་ཡིན་འདུ་བྱེད་རྣམས་མིན་རྣམ་ཤེས་ཀྱང་།། མིན་པར་མདོ་གཞན་ལས ་གསུངས་དེ་ཡི་ཕྱི་།། མདོར་བསྟན་ཕུང་པོ་བདག་ཅེས་བཞེད་མ་ཡིན།། ཕུང་པོ་བདག་ཅེས་བརྗོད་ཚེ་ཕུང་རྣམས་ཀྱི།། ཚོགས་པ་ཡིན་གྱི་ཕུང་པོའི་ངོ་བོ་ཡིན།། མགོན་མིན་འདུལ་བྱ་འམ་དབང་པོ་ཉིད་ཀྱང་མིན།། དྲི་མེད་ཕྱིར་དེ་ཚོགས་པ་མ ་ཡིན་ནོ།། དེ་ཚེ་དེ་ཡི་ཡན་ལག་ཚོགས་གནས་རྣམས། ཤིང་རྟ་ཉིད་འགྱུར་ཤིང་རྟ་དང་བདག་མཚུངས། མདོ་ལས་ཕུང་པོ་བརྟེན་ནས་ཡིན་གསུངས་པ། དཔྱིར་ཕུང་པོ་འདུས་ཙམ་བདག་མ་ཡིན། དབྱིངས་ཞིན་དེ་གཟུགས ་ཅན་ལ་ཡོད་ཕྱིར།། ཁྱོད་ལ་དེ་དག་ཉིད་བདག་ཅེས་འགྱུར་གྱི།། སེམས་སོགས་ཚོགས་ནི་བདག་ཉིད་འགྱུར་མིན་ཏེ། གང་ཕྱིར་དེ་དག་ལ་དབྱིབས་ཡོང་མ་ཡིན། ལེན་པོར་རང་ཉེར་ལེན་གཅིག་རིགས་དངོས་མིན ་དེ་ལྟར་ན་ལས་བྱེད་པོ་གཅིག་ཉིད་འགྱུར།། བྱེད་པོ་མད་ལས་ཡོད་སྙམ་བློ་ཡིན་ན། མ་ཡིན་གང་ཕྱིར་བྱེད་པོ་མེད་ལས་མང་།། གང་ཕྱིར་ཐུབ་པས་བདག་དེས་ཆུ་མེདོ།། རླུང་དང་རྣམ་ཤེས་ན་མཁའ་ཞེས་བྱ་བ། ཁམས་དྲུག་དང་ནི་མིག་སོགས ་རེག་པ་ཡི། རྟེན་དྲུག་དག་ལ་བརྟེན་ནས་ཉེར་བསྟན་ཞིང་།། སེམས་དང་སེམས་བྱུང་ཆོས་རྣམས་ཉིད་བཟུངས་ནས།། དེས་གསུངས་དེ་ཕྱིར་དེ་ནི་དེ་རྣམས་དང་།། དེ་ཉིད་མོ་ཡིན་ཚོགས་ཙམ་ཉིད་མིན་ཏོ།། དེ་ཕྱིར་ངར་འཛིན་བློ་དེ་རྣམས ་ལ་མིན། བདག་མང་རྟོགས་ཚེ་རྟག་པའི་བདག་སྤོང་ཞིང་།། འདི་ནི་དྲར་འཛིན་རྟེན་དུ་འང་མི་འདོད་པ།། དེ་ཕྱིར་བདག་མེད་ཤེས་པས།། བདག་ལྟ་བ། དཔྱིས་ཀྱང་འཛིན་ཞེས་སྨྲ་བ་ཤིན་ཏུ་མཚར། རང་ཁྱིམ་རྩིག་ཕུག་སྦྲུལ་གནས ་མཐོང་བཞིན་དུ། འདི་ན་གླང་ཆེན་མེད་ཅེས་དོགས་བསལ་ཏེ། སྦྲུལ་གྱི་འཇིགས་པའང་སྤོང་བར་བྱེད་པ་ནི། ཀྱེ་མ་གཞན་གྱི་གནམ་པོར་འགྱུར་ཉིད་དོ།། ཕུང་པོར་བདག་ཡོད་མཱ་ཡིན་བདག་ལ་ཡང་།། ཕུང་པོ་དེ་རྣམས་ཡོད་མིན ་གང་ཕྱིར་འདིར། གཞན་ཉིད་ཡོད་ན་རྟོག་པ་འདིར་འགྱུར་ན། གཞན་ཉིད་དེ་མེད་དེ་ཕྱིར་འདི་རྟོག་པའོ།། བདག་ནི་གཟུགས་ལྡན་མི་འདོད་གང་ཕྱིར་བདག། ཡོད་མིན་དེ་ཕྱིར་ལྡན་དོན་སྦྱོར་བ་མང་།། གཞན་ནི་གནག་ལྡན་གཞན ་མིན་གཟུགས་ལྡན་ན།། བདག་ནི་གཟུགས་ལས་དེ་ཉིད་གཞན་ཉིད་མེད།། གཟུགས་བདག་མ་ཡིན་བདག་ནི་གཟུགས་ལྡན་མིན།། གཟུགས་ལ་བདག་མེད་བདག་ལ་འང་གཟུགས་ཡོད་མིན།། དེ་ལྟར་རྣམ་བཞིར་ཕུང་ཀུན་ཤེས་བྱ་སྟེ།། ་དེ་དག་བདག་ཏུ་ལྟ་བ་ཉི་ཤུར་འདོད།། ལྷ་རི་བདག་མེད་རྟོགས་པའི་རྡོ་རྗེ་ཡིས། བཅོམ་བདག་གང་དང་ལྷན་ཅིག་འཇིག་འགྱུར་བ། འཇིག་ཚོགས་ལྷ་རི་ལྷུན་སྟུག་ལ་གནས་པ།། རྩེ་མོ་མཐོ་བར་གྱུར་པ་འདི་དག་གོ།། ཁ་ཅིག་དེ་ཉིད་གཞན ་ཉིད་རྟག་མི་རྟག། ལ་སོགས་བརྗོད་མང་གང་ཟག་རྫས་ཡོད་འདོད།། རྣམ་ཤེས་དྲུག་གི་ཤེས་བྱར་དེ་འདོད་ཅིང་།། དེ་ནི་ངར་འཛིན་གཞིར་ཡང་འདོད་པ་ཡིན།། གང་ཕྱིར་གཟུགས་ལས་སེམས་བརྗོད་མེད་མི་རྟོགས།། དངོས་ཡོད་བརྗོད་མེད ་རྟོགས་པ་མ་ཡིན་ཉིད།། གལ་ཏེ་བདག་འགའ་དངོས་པོར་གྲུབ་གྱུར་ན། སེམས་ལྟར་གྲུབ་དངོས་པོ་རྗོད་དུ་མེང་མི་འགྱུར། གང་ཕྱིར་ཁྱོད་བུམ་དངོས་པོར་མ་གྲུབ་པའོ།། ངོ་བོ་གཟུགས་སོགས་ལས་བརྗོད་མེད་འགྱུར་བས།། བདག་གང་ཕུང ་པོ་ལས་བརྗོད་མེད་འགྱུར་ཏེ། རང་གིས་ཡོད་པར་གྲུབ་པར་རྟོགས་མི་བྱ།། ཁྱོད་ཀྱི་རྣམ་ཤེས་རང་བདག་ལས་གཞན་ནི།། མི་འདོད་གཟུགས་སོགས་ལས་གཞན་དངོས་འདོད་ཅིང་།། དངོས་ལ་རྣམ་པ་དེ་གཉིས་མཐོང་འགྱུར་བ།། དེ ་ཕྱིར་བདག་མེད་དངོས་ཆོས་དང་བྲལ་ཕྱིར།། དེ་ཕྱིར་ངར་འཛིན་རྟེན་ནི་དངོས་པོ་མིན། ཕུང་ལས་གཞན་མིན་ཕུང་པོའི་ངོ་བོ་མིན། ཕུང་པོ་རྟེན་མིན་འདི་ནི་དེ་ལྡན་མིན། འདི་ནི་ཕུང་པོ་རྣམས་བརྟེན་འགྲུབ་པར་འགྱུར། ཤིང ་རྟ་རང་ཡན་ལག་ལྔས་གཞན་འདོད་མིན། གཞན་མིན་མ་ཡིན་དེ་ལྡན་ཡང་མིན་ཞིང་།། ཡན་ལག་མ་ཡིན་ཡན་ལག་དག་དེར་མིན།། འདུས་པ་ཙམ་མིན་དབྱིབས་མིན་ཇི་བཞིན་ནོ།། གལ་ཏེ་ཚོགས་ཙམ ་ཤིང་རྟར་འགྱུར་ན་ནི།། སིལ་བུར་གནས་ལ་ཤིང་རྟ་ཉིད་ཡོད་འགྱུར།། གང་ཕྱིར་ཡན་ལག་ཅན་མང་ཡན་ལག་དག། མེད་པས་དབྱིབས་ཙམ་ཤིང་རྟར་རིགས་པའང་མིན། ཁྱོད་དབྱིབས་ཡན་ལག་རེ་རེ་སྔར་ཡོད་གྱུར།། ཇི་བཞིན་ཤིང ་རྟར་གཏོགས་པ་ལའང་དེ་བཞིན་ན།། བྱེ་བར་གྱུར་པ་དེ་དག་ལ་ཇི་ལྟར།། དེ་ལྟར་ཡང་ནི་ཤིང་རྟ་ཡོད་མ་ཡིན།། ད་ལྟ་གལ་ཏེ་ཤིང་རྟ་ཉིད་དུ་འདིར།། འཕང་ལོ་སོགས་ལ་དབྱིབས་ཐ་དད་ཡོད་ན།། འདི་གཟུང་འགྱུར་ན་དེ་ཡང་ཡོད་མིན ་ཏེ། དེ་ཕྱིར་དབྱིབས་ཙམ་ཤིང་རྟར་ཡད་མ་ཡིན།། གང་ཕྱིར་ཁྱོད་ཀྱི་ཚོགས་པ་ཅང་མེད་པས།། དབྱིབས་དེ་ཡན་ལག་ཚོགས་ཀྱི་མ་ཡིན་ན།། གང་ཞིག་ཅི་ཡང་མ་ཡིན་དེ་བརྟེན་ནས། འདིར་ནི་དབྱིངས་སུ་ལྟ་ཞིག་ཇི་ལྟར་འགྱུར།། ཁྱོད ་ཀྱི་འདི་ནི་ཇི་ལྟར་འདོད་དེ་ལྟར།། མི་བདེན་པ་ཡི་རྒྱུ་ལ་བརྟན་བྱས་ནས། འབྲས་བུའི་རྣམ་པ་མི་བདེན་རང་བཞིན་ཅན། ཐམས་ཅད་ཀྱང་ནི་སྐྱེ་བར་ཤེས་པར་གྱིས།། འདི་ནི་གཟུགས་སོགས་དེ་ལྟར་གནས་རྣམས་ལ།། བུམ་བློ་ཞེས ་བྱའང་རིགས་པ་མ་ཡིན་ཉིད་།། སྐྱེ་བ་མེད་པས་གཟུགས་སོགས་ཀྱང་ཡོད་མིན།། དེ་ཡི་ཕྱིར་ཡང་དེ་དག་དབྱིབས་མི་རིགས།། དེ་ནི་དེ་ཉིད་དུ་ལམ་འཇིག་རྟེན་དུ།། རྣམ་པ་བདུན་གྱིས་འགྲུབ་འགྱུར་མིན་མོད་ཀྱི།། རྣམ་དཔྱད་མེང་པར ་འཇིག་རྟེན་ཉིད་ལས་འདིར།། ག་རང་གི་ཡན་ལག་བརྟེན་ནས་འདོགས་པ་ཡིན།། དེ་ཉིད་ཡན་ལག་ཅན་དེ་ཆ་ཤས་ཅན། ཤིང་རྟ་དེ་ཉིད་བྱེད་པ་པོ་ཞེས་འགྲོར་བསྙད།། སྐྱེ་བོ་རྣམས་ལ་ལེན་པོ་ཉིད་དུ་འགྲུབ།། འཇིག་རྟེན་གྲགས་བུའི་ཀུན་རྫོབ ་མ་རླག་ཅིག། རྣམ་བདུན་གྱིས་མེད་གང་དེ་ཇི་ལྟ་བུར། ཡོད་ཅེས་རྣལ་འབྱོར་པས་འདིའི་ཡོད་མི་རྙེད།། དེས་དེ་ཉིད་ལའང་བདེ་བླག་འཇུག་འགྱུར་བས།། འདིར་དེའི་གྲུབ་པ་དེ་བཞིན་འདོད་པར་བྱ།། ཤིང་རྟ་ཡོད་ཉིད་རྨིན་ན་དེ་ཡི་ཚེ།། ཡན་ལག ་ཅན་མེད་དེའི་ཡན་ལག་ཀྱང་མེད།། ཤིང་རྟ་ཚིག་ན་ཡན་ལག་མེད་དཔེ་བཞིན།། བློ་མེད་ཡན་ལག་ཅན་བསྲེགས་ཡན་ལག་གོ།། དེ་བཞིན་འཇིག་རྟེན་གྲགས་པས་ཕུང་པོ་དང་།། ཁམས་དང་དེ་བཞིན་སྐྱེ་མཆེད་དྲུག་བརྟེན་ནས།། བདག་ཀྱང་ཉེ་བར་ལེན། ་པ་ཉིད་དུ་འདོད་།། ཉེར་ལེན་ལས་ཡིན་འདི་ནི་བྱེད་པོའང་ཡིན།། དངོས་ཡོད་མིན་ཕྱིར་འདི་ནི་བརྟན་མིང་ཞིང་།། མི་བརྟན་ཉིད་མིན་འདི་ནི་སྐྱེ་འཇིག་མིན། འདི་ལ་རྟག་པ་ཉིད་ལ་སོགས་པ་ཡང་། ཡོད་མིན་དེ་ཉིད་དང་ནི་གཞན་ཉིད་མེད།། གང་ལ་རྟག ་ཏུ་འགྲོ་རྣམས་ངར་འཛིན་བློ།། རབ་ཏུ་འབྱུང་ཞིང་དེ་ཡི་གང་ཡིན་དེར།། ང་ཡིར་འཛིན་བློ་འབྱུང་བའི་བདག་དེ་ནི།། མ་རྟགས་གྲགས་པར་གཽཏི་མུག་ལས་ཡིན་ནོ།། གང་ཕྱིར་བྱེད་པོ་མང་ཅན་ལས་མེད་པ།། དེ་ཕྱིར་བདག་གི་བདག་མེད་པར་ཡོད་མིན།། དེ་ཕྱིར ་བདག་དང་བདག་གི་སྟོང་ལྟ་ཞིང་།། རྣལ་འབྱོར་པ་དེ་རྣམ་པར་གྲོལ་བར་འགྱུར།། བུམ་པ་སྣམ་བུ་རེ་ལྔ་དམག་དང་ནགས་ཚལ་ཕྲེང་བ་ལྗོན་ཤིང་དང་།། ཁང་ཁྱིམ་ཤིང་རྟ་ཕྲན་དང་འགྲོན་གནས་ལ་སོགས་དངོས་རྣམས་གང་དག་དང་།། དེ་བཞིན་གང ་དག་སྒོནས་སྐྱེ་འདིས་བརྙེད་པ་དེ་རྣམས་རྟོགས་བྱ་སྟེ། གང་ཕྱིར་ཐུབ་དབང་དེ་ནི་འཇིག་རྟེན་ལྷན་ཅིག་ཅོད་མི་མཛད་ཕྱི་རོ།། ཡན་ལག་ཡོན་ཏན་འདོད་ཆགཔ་མཚན་ཉིད་དང་ནི་དྲང་ཤིང་ལ་སོགས་དང་། ཡོན་ཏན་ཅན་ཡན་ལག ་ཅན་ཆགས་དང་མཚན་གཞི་མ་ལ་སོགས་དོན་དག། དེ་རྣམས་ཤིང་རྨིར་རྣམ་དཔྱད་བྱས་པས་རྣམ་བདུན་ཡོད་པ་མ་ཡིན་ཞིང་།། དེ་ལས་གཞན་དུ་གྱུར་པར་འཇིག་རྟེན་གྲགས་པའི་སྒོ་ནས་ཡོད་པ་ཡིན། གལ་ཏེ་རྒྱུ་ཡིས་བསྐྱེད་པར་བྱ་བསྐྱེད་དེ་ལྟ་ན ་དེ་རྒྱུ་ཡིན་ཞིང་།། གལ་ཏེ་འབྲས་བུ་མི་སྐྱེད་ན་ནི་དེ་མེད་རྒྱུ་མེད་ཅན་དུ་ཡུལ་འབྲས་བུ་ཡང་ནི་རྒྱུ་ཡོད་གྱུར་ན་སྐྱེ་བར་འགྱུར་བ་དེ་ཡི་ཕྱིར།། གང་ལས་གང་ཞིག་འགྱུར་བ་གང་ཞིག་ལས་སྔར་གང་ཞིག་འགྱུར་བ་སྨོས།། གལ་ཏེ་ཁྱོད་ཀྱི་རྒྱུ་ཡིས་ཕྲང་ནས་འབྲས་སྐྱེད ་བྱིང་ན་དེ་ཡི་ཚེ།། དེ་དག་ནུས་པ་གཅིག་པས་སྦྱང་བྱེད་འབྲས་བུ་ཐ་དད་མང་འགྱུར་ཞིང་། སོ་སོར་ནི་ནི་རྒྱུ་འདི་རྒྱུ་མིན་རྣམས་དང་ཁྱད་པར་མེད་འགྱུར་ལ།། གཉིས་པོ་འདི་དག་སྤང་ནས་རྟོག་པ་གཞན་ཡང་ཡོད་པར་འགྱུར་མ་ཡིན།། ཅི་སྟེ་ཁྱོད་ཀྱི་རྒྱུ་ཡིས ་འབྲས་བུ་སྐྱེད་པར་མི་བྱེད་དེ་ཕྱིར་འབྲས།། ཞེས་བྱ་ཡོད་མིན་འབྲས་བྲལ་རྒྱུ་ནི་རྒྱུ་མང་ཅན་འགྱུར་ཡོད་པའང་མིན།། གང་ཕྱིར་འདི་དག་གཉིས་ཆར་ཡང་ནི་རྒྱུ་མ་དང་འདྲ་དེ་ཡང་བྲིར།། བདག་ལ་སྐྱོན་དུ་མི་འགྱུར་འཇིག་རྟེན་པ་ཡི་དངོས་པོ་རྣམས་ཀྱང ་ཡང་།། སུན་འབྱིན་འདིས་སུན་ད་བྱུང་བྱ་ཕྲད་ནས་འབྱིན་ནམ་མ་ཕྲད་པར། ཡིན་ཞེས་ཉེས་པ་འདིར་ན་ཁྱོད་ལའང་འགྱུར་བ་མ་ཡིན་ནམ།། གང་ཚེ་དེ་སྐད་སྨྲ་ཞིང་རང་ཕྱོགས་ཁོ་ན་རྣམས་འཇོམས་པ། དེ་ཚེ་ཁྱོད་ཀྱིས་སུན་དབྱུང་སུན་ནི་འབྱིན་པར་ནུས་མ ་ཡིན། གང་ཕྱིར་རང་གི་ཚི་ག་ལ་རང་ཐལ་བ་མཚུངས་པའི་ལྷག་ཚད་ཀྱིས།། རིག་པ་མེད་པར་དངོས་མཐའ་དག་ལ་སྐུར་འདེབས་དེ་ཡི་ཕྱིར།། ཁྱོད་ནི་སྐྱ་བོ་དམ་པས་བཞེད་མི་འགྱུར་ཞིང་གང་མི་ཕྱིར།། ཁྱོད་ལ་རང་ཕྱོགས་མེད་པས་སུན་ཅི་ཕྱིན་དུ་རྒོལ་བ ་འང་ཡིན།། སུན་འབྱིན་པས་སུན་དབྱུང་བྱ་མ་ཕྲད་སུན་ནི་འབྱིན་བྱེད་དམ།། འོན་ཏེ་ཕྲང་ནས་ཡིན་ཞེས་སྨྲས་ཟིན་ཉེས་པ་འདིར་གང་ལ། ངེས་པར་ཕྱོགས་ཡོད་དེ་ལ་འགྱུར་གྱི་བདག་ལ་ཕྱོགས་འདི་ནི།། ཡོད་པ་མིན་པས་ཐལ་བར་འགྱུར་བ་འདི་ནི་སྲིད་མ་ཡིན ་ཇི་ལྟར་ཁྱོད་ཀྱིས་ཉི་མའི་དཀྱིལ་འཁོར་ལ་ཡོད་ཁྱད་པར་རྣམས།། གཟུགས་བརྙན་ལ་ཡང་གཟས་བཟུང་ལ་སོགས་རྣམས་ཚེ་མཐོང་འགྱུར་ལ།། ཉི་མ་དང་ནི་གཟུགས་བརྙན་རྣམ་པར་ཕྲད་དང་མ་ཕྲད་པར།། མི་རིགས་མོད་ཀྱི་བརྟན་ནས་ཐ་སྙད་ཙམ་ཞིག ་འབྱུང་འགྱུར་ཞིང་། མི་བདེན་བཞིན་དུའང་རང་གི་བྱད་བཞིན་མཛེས་པར་བསྒྲུབ་བྱའི་ཕྱིར།། དེ་ནི་ཡོད་པ་ཇི་ལྟར་དེ་བཞིན་འདིར་ཡང་ཤེས་རབ་གདོང་།། སྦྱང་བར་བྱ་ལ་ནུས་པ་མཐོང་བར་འགྱུར་བའི་གཏན་ཚིགས་ནི། འཐད་པ་དང་བྲལ་ལས་ཀྱང་བསྒྲུབ ་བྱརྟོགས་ཞེས་ཤེས་པར་བྱ།། གལ་ཏེ་རང་གྱི་བསྒྲུབ་བྱ་གོ་བྱེད་གཏན་ཙ་ཚིགས་དངོས་གྲུབ་དང་།། དངོས་སུ་གོ་བྱ་ཉིད་འགྱུར་བསྒྲུབ་བྱའི་ངོ་བོའང་ཡོད་གྱུར་ན། ཕྲད་པ་ལ་སོགས་རིགས་པ་ཉེ་བར་སྦྱོར་བར་འགྱུར་ཞིག་ན།། དེ་ཡང་ཡོད་པ་མིན་པས་ཁྱེད་ཀྱི ་ཡི་ཆེང་འབའ་ཞིག་ཡིན། དངོས་རྣམས་མངའི་ངག་དངོས་པོར་མེད་པར་རྟོགས་སུ་གཞུག་པར་ནི། ནུས་པར་ཆེས་བློ་ཇི་ལྟར་རང་བཞིན་གཞན་དག་ལ། ཁོང་དུ་ཆུད་བར་བདེ་བླག་ཏུ་ནི་ནུས་པ་མ་ཡིན་ནོ།། རྡོག་གེ་ངན་པའི་དྲ་བས་འཇིག་རྟེན་ཅི་སྟེ ་འདིར་བཅོལ་བྱེད། སུན་འབྱིན་ལྷག་མ་གོང་དུ་བསྟན་པ་ཡང་ནི་ཤེས་བྱས་ནས།། བྲང་བ་ལ་སོགས་ཕྱོགས་ཀྱི་ལན་གྱི་ཆེད་དུ་འདིར་གཏང་བྱ།། སུན་ཅི་བྱིན་དུ་རྒོལ་བ་པ་ཡང་ཇི་ལྟར་ཡོང་མིན་པ།། དེ་སྐད་སྔར་བཤང་ལྷག་མ་ཕྱོགས ་འདི་ཉིད་ཀྱིས་རྟོགས་པར་བྱ།། བདག་མེད་འདི་ནི་འགྲོ་བ་རྣམ་ད་གྲོལ་ཕྱིར།། ཆོས་དང་གང་ཟག་དབྱེ་བ་རྣམ་གཉིས་གསུངས།། དེ་ལྟར་སྟོན་པས་སླར་ཡང་འདི་ཉིད་ནི། གདུལ་བ་རྣམས་ལ་ཕྱེ་སྟེ་རྣམ་མང་གསུངས།། སྤྲོས་དང་བཅས་པར་སྟོང་པ་ཉིད།། བཅུ་དྲུག ་བཤད་ནས་མདོར་བསྡུས་ཏེ།། སླར་ཡང་གཞིར་བཤད་དེ་དག་ནི།། ཐེག་ཆེན་དུ་ཡང་བཞེད་པ་ཡིན། གང་ཕྱིར་དེ་ཡི་རང་བཞིན་མེད།། ཡིན་ཕྱིར་མིག་ནི་མིག་གིས་སྟོང་།། དེ་བཞིན་རྣ་བ་སྣ་དང་ལྕེ།། ལུས་དང་ཡིད་ཀྱང་བསྙད་པར་བྱ།། ཐེར་ཟུག་གནས་པ་མ་ཡིན། ་དང་། འཇིག་པ་མ་ཡིན་ཉིད་ཀྱི་ཕྱིར།། མིག་ལ་སོགས་པ་དྲུག་པོ་ཡི།། རང་བཞིན་མེད་ཉིད་གང་ཡིན་པ།། དེ་ནི་ནང་སྟོང་ཉིད་དུ་འདོད།། གང་ཕྱིར་དེ་ཡི་རང་བཞིན་དེ།། ཡིན་ཕྱིར་གཟུགས་ནི་གཟུགས་ཀྱིས་སྟོང་།། སྒྲ་དང་དྲི་རོ་རིག་བྱ་དང་།། ཆོས་རྣམས་ཉིད ་ཀྱང་དེ་བཞིན་ནོ།། གཟུགས་སོགས་རང་བཞིན་མེད་པ་ཉིད།། ཕྱི་རོལ་སྟོང་པ་ཉིད་དུ་འདོད།། གཉིས་ཆར་རང་བཞིན་མེད་ཉིད་ནི།། ཕྱི་ནང་སྟོང་པ་ཉིད་ཡིན་ནོ།། ཆོས་རྣམས་རང་བཞིན་མེད་པ་ཉིད།། མཁས་པས་སྟོང་པ་ཉིད་ཅེས་བརྙད།། སྟོང་ཉིད་དེ་ཡང་སྟོང ་ཉིད་ཀྱི། ངོ་བོས་སྟོང་པར་འདོད་པ་ཡིན།། སྟོང་ཉིད་ཞེས་བྱའི་སྟོང་ཉིད་གང་། སྟོང་ཉིད་སྟོང་ཉིད་དུ་དུ་འདོད་དེ། སྟོང་ཉིད་དངོས་པོའི་བློ་ཅན་གྱི། འཛིན་པ་བཟློག་ཕྱིར་གསུངས་པ་ཡིན།། སེམས་ཅན་སྣོད་ཀྱི་འཇིག་རྟེན་ནི། མ་ལུས་ཁྱབ་བྱེད་ཉིད་ཕྱིར་དང་། ་ཆད་མེད་པ་ཡིས་མཐུ་མཐའ་ནི། མེད་ཕྱིར་ཕྱོགས་རྣམས་ཆེན་པོ་ཉིད།། འདི་དག་བཅུ་ཅར་ཕྱོགས་རྣམས་ཀྱིས།། སྟོང་པ་ཉིད་ནི་གང་ཡིན་དེ།། ཆེན་པོ་སྟོང་པ་ཉིད་ཡིན་དེ།། ཆེན་པོར་འཛིན་པ་བཟློབ་ཕྱིར་གསུངས།། དེ་ནི་དགོས་པ་མཆོག་ཡིན་པས།། དོན་དམ་མྱ ་ངན་འདས་པ་ཡིན།། དེ་ནི་དེ་ཡིས་སྟོང་ཉིད་གང་།། དེ་ནི་དོན་དམ་སྟོང་ཉིད་དེ།། མྱ་ངན་འདས་དངོས་པོའི་བློ་ཅན་གྱི།། འཛིན་པ་བཟློག་པར་བྱ་བའི་ཕྱིར།། དོན་དམ་མཁྱེན་པས་དོན་དམ་པ།། སྟོང་པ་ཉིད་ནི་བསྟན་པར་མཛད།། རྐྱེན་ལས་བྱུང་ཕྱིར་ཁམས་གསུམ ་པའོ།། འདུས་བྱས་ཡིན་པར་ངེས་པར་བསྐྱེད།། དེ་ནི་དེ་ཡི་སྟོང་ཉིད་གང་།། དེ་ནི་འདུས་བྱས་སྟོང་ཉིད་གསུངས།། གང་ལ་སྐྱེ་གནས་མི་རྟག་ཉིད།། དེ་དག་མེད་པ་འདུས་མ་བྱས།། དེ་ནི་དེ་ཡིས་སྟོང་ཉིད་གང་།། དེ་ནི་འདུས་མ་བྱས་སྟོང་ཉིད།། གང་ལ་མཐའ་ནི ་ཡོད་མིན་པ།། དེ་ནི་མཐའ་ལས་འདས་པར་བརྗོད།། དེ་དེ་ཁོ་ནས་སྟོང་པ་ཉིད།། མཐའ་ལས་འོངས་པ་སྟོང་ཉིད་བསྙད།། ཐོག་མོ་དང་པོ་ཐ་མ་མཐའ།། དེ་དག་མེད་པས་འཁོར་བ་ནི།། ཐོག་མ་ཐ་མ་མེད་པར་བརྗོད།། འགྲོ་འོང་བྲལ་ཕྱིར་རྨི་ལམ་ལྷའི།། སྲིད་འདི་དེ ་ཡིས་དབེན་ཉིད་གང་།། དེ་ནི་ཐོག་མ་དང་ཐ་མ།། མེད་པ་སྟོང་པ་ཉིད་དོ་ཞེས། བསྟན་བཅོས་ལས་ནི་ངེས་པར་བསྙད།། དོར་བ་ཞེས་བྱ་འཐོར་བ་དང་། འབོར་བ་ལ་ནི་ངེས་པར་བརྗོད།། དོར་བ་མེད་གཏོང་བ་མེད་པ་སྟེ།། འགའ་ཡང་དོར་མེད་གང་ཡིན་པའོ།། ་དོར་བ་མེད་པ་དེ་ཉིད་ཀྱིས།། དེ་ཉིད་སྟོང་པ་ཉིད་གང་ཡིན།། དེ་དེའི་ཕྱིར་ན་དོར་མེད་པ།། སྟོང་པ་ཉིད་ཅེས་བྱ་བར་བརྗོད།། འདུས་བྱས་ལ་སོགས་ངོ་བོ་ཉིད།། གང་ཕྱིར་སློབ་མ་རང་སངས་རྒྱས།། རྒྱལ་སྲས་དེ་བཞིན་གཤེགས་རྣམས་ཀྱིས།། མ་མཛད་དེའི ་ཕྱིར་འདུས་བྱས་ལ།། སོགས་པ་རྣམས་ཀྱི་ངོ་བོ་ཉིད།། རང་བཞིན་ཉིད་དུ་བསྙད་པ་སྟེ། དེ་ཉིད་ཀྱིས་དེ་སྟོང་ཉིད་གང་།། དེ་ནི་རང་བཞིན་སྟོང་པ་ཉིད།། ཁམས་བཅོ་བརྒྱད་དང་རེག་དྲུག་དང་།། དེ་ལས་བྱུང་བའི་ཚོར་དྲུག་དང ་གཟུགས་ཅ་གཟུགས་ཅན་མིན་དྲི་བཞིན།། འོངས་བྱས་འདུས་མ་བྱས་ཆོས་རྣམས།། ཆོས་དེ་དག་ནི་ཐམས་ཅད་ཀྱི།། དེ་དག་གིས་དབེན་སྟོང་ཉིད་གང་། གཟུགས་རུང་ལ་སོགས་དངོས་མེད་གང་།། དེ་ནི་རང་མཚན་སྟོང་པ་ཉིད།། གཟུགས་ནི་གཟུགས ་རླུང་མཚན་ཉིད་ཅན། ཚོར་བ་མྱོང་བའི་བདག་ཉིད་ཅན།། འདུ་ཤེས་མཚན་མར་འཛིན་པ་སྟེ། འདུ་བྱེད་མངོན་པར་འདུ་བྱེད་པའོ།། ཡུལ་ལ་སོ་སོར་རྣམ་རིག་པ། རྣམ་ཤེས་རང་གི་མཚན་ཉིད་དོ།། ཕུང་པོ་སྡུག་བ་སྔལ་རང་མཚན་ཉིད།། ཁམས ་ཀྱི་བདག་ཉིད་སྦྲུལ་གདུག་འདོད།། སྐྱེ་མཆེད་རྣམས་ནི་སངས་རྒྱས་ཀྱིས། སྐྱེ་བའི་སྒོར་གྱུར་ཉིད་དུ་གསུངས།། རྟེན་ཅིང་འབྲེལ་བར་འབྱུང་བ་གང་།། དེ་ནི་འདུ་འཕྲོད་མཚན་ཉིད་དོ།། གཏོང་བ་སྦྱིན་པའི་ཕ་རོལ་ཕྱིན། ཚུལ་ཁྲིམས་གདུང་མེད་མཚན་ཉིད ་བཟོད་། ཁྲོ་མང་མཚན་ཉིད་བརྩོན་འགྲུས་ཀྱི།། ཁ་ན་མ་ཐོ་མང་ཉིད་དོ།། བསམ་གཏན་སྡུང་པོའི་མཚན་འོད་ཅན། ཤེས་རབ་ཆགས་མེད་མཚན་ཉིད་དོ།། ཕ་རོལ་ཕྱིན་པ་དྲུག་རྣམས་ཀྱི།། མཚན་ཉིད་འདི་དག་ཡིན་པར་བརྗོད།། བསམ ་གཏན་རྣམས་དང་ཚད་མེད་དང་།། དེ་བཞིན་གཞན་གང་གཟུགས་མེད་པ། དེ་དག་ཡང་དག་མཁྱེན་པ་ཡིས། མི་འཁྲུགས་མཚན་ཉིད་ཅན་དུ་གསུངས། བྱང་ཆུབ་ཕྱོགས་ཆེས་སུམ་བཅུ་བདུན།། ངེས་པར་འབྱུང་བྱེད་རང་མཚན་ཉིད། ་སྟོང་པ་ཉིད་ཀྱི་མཚན་ཉིད་ནི།། དམིགས་པ་མེད་པས་རྣམ་དབེན་ཉིད། མཚན་མ་མེད་བཞི་ཉིད་དེ།། གསུམ་པའི་མཚན་ཉིད་སྡུག་བསྔལ་དང་། གཏི་མུག་མེད་རྣམ་ཐར་རྣམས་ཀྱི།། མཚན་ཉིད་རྣམ་པར་གྲོལ་བྱེད་པའོ།། སྟོབས་རྣམས་ཤིན ་ཏུ་རྣམ་པར་ནི། གཏན་ལ་འབེབས་པའི་རང་བཞིན་གསུངས།། སྐྱོབ་པའི་མི་འཇིགས་པ་རྣམས་ནི།། ཤིན་ཏུ་བརྟན་པའི་ངོ་བོ་ཡིན། སོ་སར་ཡང་དག་རིམ་རྣམས་ནི།། སྤོབས་སོགས་ཆད་མེད་མཚན་ཉིད་ཅན།། འགྲོལ་ཕན་པ་ཉེར་སྒྲུབ་པ།། བྱམས་པ ་ཆེན་པོ་ཞེས་བྱའོ།། སྡུག་བསྔལ་ཅན་རྣམས་ཡོངས་སྐྱོབ་པ།། ཐུགས་རྗེ་ཆེན་པོ་འོ་དགའ་བ་ནི།། རབ་དགའི་མཚན་ཉིད་བཏང་སྙོམས་ནི།། མ་འདྲེས་མཚན་ཉིད་ཅན་ཤེས་བྱ།། སངས་རྒྱས་ཆོས་ནི་མ་འདྲེས་པ།། བཅུ་དང་བརྒྱད་དུ་གང་འདོད་དག། ་གང་ཕྱིར་སྟོན་དེས་མི་འཕྲོགས་པ།། དེ་ཕྱིར་མི་འཕྲོགས་རང་མཚན་ཉིད།། རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་ནི།། མངོན་སུམ་མཚན་ཉིད་ཅན་དུ་འདོད།། གཞན་ནི་ཉེ་ཚེ་བ་ཉིད་ཀྱིས།། མངོན་སུམ་ཞེས་བྱར་མི་འདོད་དོ།། གང་ཞིག་འདུས་བྱས་མཚན་ཉིད་དང། ་དུས་མ་བྱས་པའི་མཚན་ཉིད་གང་།། དེ་དེ་ཁོ་ནས་སྟོང་པ་ཉིད།། དེ་ནི་རང་མཚན་སྟོང་པ་ཉིད།། ད་ལྟར་བ་འདི་མི་གནས་ཤིང་།། འདས་དང་མ་འོངས་ཡོད་མ་ཡིན།། གང་དུ་དེ་དག་མི་དམིགས་པ། དེ་ལ་མི་དམིགས་པ་ཞེས་བརྗོད།། མི་དམིགས་པ་དེ་རང་ངོ་བོ། ་དེ་ཡིས་དབེན་པ་ཉིད་གང་དེ།། ཐེར་ཟུག་གནས་མི་འཇིག་མིན་པ། མི་དམིགས་ཞེས་བྱའི་སྟོང་ཉིད་དོ།། རྐྱེན་ལས་བྱུང་ཕྱིར་དངོས་རྣམས་ལ།། འདུས་པ་པ་ཡི་ངོ་བོ་མེད།། འདུས་པ་བ་ནི་དེ་ཉིད་ཀྱིས། སྟོང་ཉིད་དངོས་མེད་སྟོང་ཉིད་དོ།། དངོས་པོའོ ་སྒྲས་ནི་མདོར་བསྡུས་ན།། ཕུང་པོ་ལྔ་རྣམས་བརྗོད་པ་ཡིན།། དེ་རྣམས་དེ་ཡིས་སྟོང་ཉིད་གང་།། དངོས་སྟོང་པ་ཉིད་དུ་བཤད།། མདོར་བསྡུས་ན་ནི་དངོས་མེད་པ།། འདུས་མ་བྱས་ཆོས་རྣམས་ལ་བརྗོད།། དེ་ཉིད་དངོས་མེད་དེས ་སྟོང་ཉིད། དངོས་པོ་མེད་པ་སྟོང་ཉིད་དོ།། རང་བཞིན་ངོ་བོ་ཉིད་མེད་ནི།། རང་བཞིན་ཞེས་བྱའི་སྟོང་ཉིད་དེ།། འདི་ལྟར་རང་བཞིན་མ་བྱས་པས།། རང་བཞིན་ཞེས་ནི་བྱི་བར་བསྙད།། སངས་རྒྱས་རྣམས་ནི་འབྱུང་བ་འམ།། མ་བྱུང་ཡང་རུང་དངོས་སུན ་དངོས་པོ་ཀུན་གྱི་སྟོང་པ་ཉིད།། གཞན་གྱི་དངོས་པོར་རབ་ཏུ་བསྒྲགས།། ཡང་དག་མཐའ་དང་དེ་བཞིན་ཉིད།། དེ་གཞན་དངོས་པོའི་སྟེང་ཉིད་དོ།། ཤེས་རབ་ཕ་རོལ་ཕྱིན་ཚུལ་ལས།། དེ་དག་དེ་སྐད་རབ་ཏུ་བསྒྲགས།། དེ་ལྟར་བློ་གྲོས་ཟེར་གྱིས་སྣང ་བ་གསལ་བྱས་པ།། རང་གི་ལག་ན་གནས་པའི་སྐྱུ་རུ་བཞིན་དུ།། སྲིད་གསུམ་འདི་དག་མ་ལུས་གདོད་ནས་སྐྱེ་མེད་པར།། རྟོགས་ཏེ་ཐ་སྙད་བདེན་པའི་སྟོབས་ཀྱིས་འགོག་པར་འགྲོ།། རྟག་ཏུ་འགོག་པར་གཏོགས་པའི་བསམ་ལྡན་ཡིན་ཡོད་ཀྱི ་འགྲོ་བ་མགོན་མེད་པ་ལ་སྙིང་རྗེའང་སྐྱེད་པར་བྱེད།། དྲི་གོང་བདེ་གཤེགས་གསུང་སྐྱེས་སངས་རྒྱས་འབྲིང་བཅཔ་ནི།། མ་ལུས་པ་རྣམ་བློ་ཡིས་ཕམ་པར་བྱེད་པའང་ཡིན།། ཀུན་རྫོབ་དེ་ཉིད་གཤོག་ཡངས་དཀར་པོ་རྒྱས་གྱུར་པ། ངང་པའི་རྒྱལ ་པོ་དེ་ནི་སྐྱེ་བོའི་ངང་པ་ཡིས།། མདུན་དུ་བདར་ནས་དགེ་བའི་རླུང་གི་ཤུགས་སྟོབས་ཀྱིས། རྒྱལ་བའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་མཆོག་ཏུ་འགྲོ། དབུ་མ་ལ་འཇུག་པ་ལས།། སེམས་བསྐྱེད་པ་དྲུག་པའོ།། ། ་རིང་དུ་སོང་འདིར་འདི་ནི་སྐད་ཅིག་དང་། སྐད་ཅིག་ལ་ནི་འགོག་པར་འཇུག་འགྱུར་ཞིང་།། ཐབས་ཀྱི་ཕ་རོལ་ཕྱིན་ལེགས་འབར་བའང་འཐོབ།། དབུ་མ་ལ་འཇུག་པ་ལས། སེམས་བསྐྱེད་པ་བདུན་པའོ།། ། ཡང་ཡང་སྔར་དགེ ་ལས་ལྷག་ཐོབ་བྱའི་ཕྱིར།། གང་དུ་ཕྱིར་མི་ལྡོག་པ་ཉིད་འགྱུར་བ།། མི་གཡོ་དེ་ལ་བདག་ཉིད་ཆེ་དེ་འཇུག། འདིའི་སྨོན་ལམ་ཤིན་ཏུ་དག་འགྱུར་ཞིང་།། རྒྱལ་བ་རྣམས་ཀྱིས་འགོག་ལས་སློང་བར་མཛད།། ཆགས་པ་མེད་པའི་བློ་ན་སྐྱོན་རྣམས ་དག་དང་ལྷན་ཅིག་མི་གནས་ཕྱིར།། ས་བརྒྱད་པ་ལ་དྲི་མ་དེ་དག་རྩ་བཅས་ཉེ་བར་ཞི་འགྱུར་ཞིང་། ཉོན་མོངས་ཟད་ཅིང་ས་གསུམ་བླ་མར་གྱུར་ཀྱང་སངས་རྒྱས་རྣམས་ཀྱི་ནི།། འབྱོར་པ་མཁའ་ལྟར་མཐའ་བྲལ་མ་ལུས་འཐོབ་པར་ནུས ་མ་ཡིན།། འཁོར་བ་འགག་ས་ཀྱང་དབང་རྣམས་བཅུ་པོ་ཐོབ་པར་འགྱུར་ཞིང་དེ་དག་གིས།། སྲིད་པའི་འགྲོ་བར་རང་གི་བདག་ཉིད་སྣ་ཚོགས་སྟོན་པར་བྱེད་པར་འགྱུར།། དབུ་མ་ལ་འཇུག་པ་ལས། སེམས་བསྐྱེད་པ་བརྒྱད་པའོ།། ་དགུ་པ་ལ་ནི་དེའི་སྟོབས་ལྟ་ཞིག་མཐའ་དག་རྫོགས་པར་དག་འགྱུར་ཞིང་།། དེ་བཞིན་ཡང་དག་རིག་ཆོས་རང་གི་ཡོན་ཏན་ཡོངས་སུ་དག་པའང་འཐོབ།། དབུ་མོ་ལ་འཇུག་པ་ལས།། སེམས་བསྐྱེད་པ་དགུ་པའོ།། ། བཅུ་པའི་ས་ལ ་དེ་ཡིས་ཀུན་ནས་སངས་རྒྱས་རྣམས་ལས་དབང་བསྐུར་བ། དམ་པ་འཐོབ་ཅིང་ཡེ་ཤེས་ལྷག་པར་མཆོག་ཏུ་བྱུང་བར་འགྱུར་བའང་ཡིན། ཆར་སྤྲིན་རྣམས་ལས་ཆུ་ཆར་འབབ་པ་ཇི་ལྟར་དེ་བཞིན་འགྲོ་རྣམས་ཀྱི། དགེ་བའི་ལོ་ཏོག ་ཆེད་དུ་རྒྱལ་སྲབ་ལས་སྣང་ལྡན་གྲུ་ཚུས་ཆུར་འབས། དབུ་མ་ལ་འཇུག་པ་ལས།། སེམས་བསྐྱེད་པ་བཅུ་པའོ།། དེ་ཚེ་འདིས་ནི་སངས་རྒྱས་བརྒྱ་མཐང་ཞིང་།། དེ་དག་བྱིན་གྱིས་བརླམས་ཀྱང ་འདི་ཡིས་རྟོགས།། དེ་ཉིད་ཆེ་ན་བསྐལ་པ་བརྒྱར་གནས་ཤིང་།། སྔོན་དང་ཕྱི་མའི་མཐར་ཡང་ཡང་དག་འཇུག། བློ་ལྡན་ཏིང་འཛིན་བརྒྱ་ཕྲག་སྙོམས་པར་འཇུག་ཅིང་གཏོང་བྱེད་དེ། འཇིག་རྟེན་ཁམས་བརྒྱ་འདི་ཡིས་ཀུན་ནས་གཡོ་ཞིང་སྣང ་བབར་ནུས།། དེ་བཞིན་རྫུ་འཕྲུལ་གྱིས་དེ་སེམས་ཅན་བརྒྱ་ཕྲག་སྨིན་བྱེད་ཅིང་།། བརྒྱ་ཕྲག་གྲངས་དང་རྗེས་འགྲེལ་ཞིང་དག་ཏུ་ཡང་འགྲོ་བར་འགྱུར།། དེས་ནི་ཆོས་ཀྱི་སྒོ་རྣམས་ཡང་དག་འབྱེད་བྱེད་ཐུབ་དབང་སྲས།། རང་གི་ལུས་ལ་ལུས་རྣམས་ཀུན ་ནས་སྟོན་པར་བྱེད་པ་འང་ཡིན།། རང་གི་འཁོར་དང་བཅས་པས་མཛེས་འབྱོར་ལུས་ནི་རེ་རེ་ཞིང་།། རྒྱལ་བའི་སྲས་པོ་བརྒྱ་ཕྲག་དང་རྗེས་སུ་འབྲེལ་བའང་སྟོན།། བློ་ལྡན་རབ་ཏུ་དགའ་བར་གནས་པོས་ཡོན་ཏན་དེ་དག་ནི།། ཐོབ་པར་གྱུར་ནས་དེ་བཞིན་ཁོ་ན ་དྲི་མེད་གནས་པས།། དེ་དག་སྟོང་ནི་ཡང་དག་འཐོབ་པར་འགྱུར་ཏེ་ས་ལྔ་པོའོ།། འདི་དག་རྣམས་ལ་བྱང་ཆུབ་སེམས་དཔའ་ཡིས་ནི་འབུམ་ཕྲག་དང་།། བྱེ་བ་ཕྲག་བརྒྱ་འཐོབ་ཅིང་དེ་ཡིས་བྱེ་བ་སྟོང་འགྱུར་འཐོབ།། དེ་ནས་བྱེ་བ་བརྒྱ་ཕྲག་སྟོང་འགྱུར ་ཡང་འཐོབ་བྱེ་བ་ཕྲག། ཁྲག་ཁྲིག་ཕྲག་བརྒྱར་རྫོགས་པར་བསྒྱུར་དང་སླར་ཡང་སྟོང་ཕྲག་ཏུ། ཡང་དག་པར་ནི་བསྒྱུར་བ་མཐའ་དག་རབ་ཏུ་འཐོབ་པར་འགྱུར།། མི་གཡོའོ་སར་གནས་རྣམ་རྟོག་མེད་པ་དེས། སྟོང་གསུམ་བརྒྱ་ཕྲག་སྟོང ་བསྡོམས་འཇིག་རྟེན་ན། རྡུལ་ཚད་ཇི་སྙེད་ཡོད་པ་དེ་རྣམས་དང་།། གྲངས་མཉམ་ཡོན་ཏན་དག་ནི་འཐོབ་པར་འགྱུར།། ལེགས་པའི་བློ་གྲོས་ས་ལ་གནས་པ་ཡི།། བྱང་ཆུབ་སེམས་དེས་སྔར་བསྟན་ཡོན་ཏན་དག། གྲངས་མེད་བརྒྱ་ཕྲག་སྟོང་དུ ་ཡང་དག་པར།། བསྡོམས་པ་ཕྲག་བཅུའི་རྡུལ་ཚད་ཐོབ་པར་འགྱུར།། རེ་ཞིག་བཅུ་པ་འདིར་དེའི་ཡོན་ཏན་དག། ངག་གི་སྤྱོད་ཡུལ་ལས་ཆེས་འདས་འགྱུར་ཞིང་།། ངག་གི་སྤྱོད་ཡུལ་མ་ཡིན་བསྡོམས་རྣམས་ནི།། རྡུལ་དག་ཇི་སྙེད་ཡོད་པ་དེ་སྙེད ་འགྱུར། བ་སྤུའི་ཁུང་བུར་བྱང་ཆུབ་སེམས་རྣམས་དང་།། ལྷན་ཅིག་རྫོགས་པ་བྱས་སྨྲ་བགྲང་ལས་དང་། དེ་ཤིན་ལྷ་དང་ལྷ་མིན་མི་དག་ཀྱང་། ཀླང་གི་ཀ་སྐད་ཅིག་ལ་ནི་སྟོན་པ། ནུས།། གང་ཕྱིར་ནམ་མཁའ་འདྲི་མ་མེད་ལ་ཟླ་སྣང་གསལ་བར་གྱུར་བའི་ཕྱིར།། སྔོན་ཚེ་སྟོབས ་བཅུ་བསྐྱེད་པོའི་ས་ལ་ཁྱོད་ཀྱིས་སླར་ཡང་འབང་གྱུར་ཅིང་།། འོག་མིན་དུ་ནི་གང་གི་དོན་དུ་འབད་གྱུར་གོ་འཕང་མཆོག་ཞི་བ། ཡོན་ཏན་མཐའ་དག་མཐོར་ཐུག་མཚུངས་པ་མེད་དུ་ཁྱོད་ཀྱིས་བརྙེད།། ཇི་ལྟར་སྣོད་ཀྱི་དབྱེ་བས་མཁའ་ལ ་དབྱེ་བ་མེད་དེ་ལྟར།། དངོས་བྱས་དབྱེ་བ་འགའ་ཡང་དེ་ཉིད་ལ་མེད་དེ་ཡི་ཕྱིར།། རོ་མཉམ་ཉིད་དུ་ཡང་དག་ཐུགས་སུ་ཆུད་པ་མཛད་གྱུར་ན།། མཁྱེན་བཟང་ཁྱོད་ཀྱིས་སྐད་ཅིག་གིས་ནི་ཤེས་བྱ་ཐུགས་སུ་ཆུད།། གང་ཚོ་ཞི་བ་དེ་ཉིད་ཡིན ་ནོ་དེ་ལ་བློ་གྲོས་འཇུག་མི་འགྱུར།། བློ་མ་ཞུགས་པ་ཤེས་བྱའི་ཡུལ་ཅན་ངེས་པར་རིག་པ་འང་མ་ཡིན་ལོ།། ཀུན་ནས་ཤེས་མེད་པ་ནི་ཤེས་པར་ཇི་ལྟར་འགྱུར་ཏེ་འགལ་བར་འགྱུར།། མཁྱེན་པོ་མེད་པར་ཁྱེད་ཀྱིས་གཞན་ལ ་འདི་ལྟའོ་ཞེས་སུ་ཞིག་སྟོན།། གང་ཚེ་སྐྱེ་མེད་དེ་ཉིད་ཡིན་ཞིང་བློ་ཡང་སྐྱེ་བ་དང་བྲལ་བ།། དེ་ཚེ་དེ་རྣམས་བསྟེན་ལས་དེ་ཡིད་དེ་ཉིད་རྟོགས་པ་ལྟ་བུ་སྟེ། ཇི་ལྟར་སེམས་ནི་གང་གི་རྣམ་པ་ཅན་དུ་འགྱུར་བ་དེ ་ཡིས་ཡུལ།། དེ་ཡོངས་སུ་ཤེས་པ་དེ་བཞིན་ཐ་སྙད་བསྟན་ནས་རིགས་པ་ཡིན། དེ་ཡི་ལོངས་སྤྱོད་རྫོགས་སྐུ་བསོད་ནམས་ཀྱིས།། ཟིན་དང་སྤྲུལ་པ་མཁའ་གཞན་ལས་དེའི་མཐུས།། སྒྲ་གང་ཆོས་ཀྱི་དེ་ཉིད་སྟོན་འབྱུང་བ།། དེ་ལས ་འཇིག་རྟེན་གྱིས་ཀྱང་དེ་ཉིད་རིག། ཇི་ལྟར་རྫ་མཁན་སྟོབས་ཆེན་ལྡན་པས་འདིར། ཡུན་རྙིང་ཆེས་འབད་པས་བསྐོར་འཁོར་ལོ་ནི།། དེའི་རྩོལ་ད་ལྟར་སྐྱེས་པ་མེད་བཞིན་དུའང་།། འཁོར་ཞིང་བུམ་པ་ལ་སོགས་རྒྱུར་མཐོང་ལྟར།། དེ་བཞིན ་ད་ལྟ་སྐྱེས་རྩོལ་མེད་བཞིན་དུ།། ཆོས་ཀྱི་བདག་ཅན་སྐུ་ཉིད་ལ་བཞུགས་དེའི། འཇུག་པ་སྒོ་བོའི་དགེ་དང་སྨོན་ལམ་གྱི། ཁྱད་པར་གྱིས་འཕངས་ལས་ཆེས་བསམའི་ཁྱུག། ཤེས་བྱིའི་བུད་ཤིང་སྐམ་བློ་མ་ལུས་པ། བསྲེགས་པས་ཞི་དེ་རྒྱ ་རྣམས་ཆོས་སྐུ་སྟེ། དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད།། སེམས་འགག་པས་དེ་སྐུ་ཡིས་མངོན་སུམ་མཛད། ཞི་སྐུ་དངག་བོསམ་ཤིང་ལྟར་གསལ་གྱུར་ཅིང་། ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག། འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར ་སྐད་རྟག། འདི་ནི་སྤྲོས་དོང་བྲལ་ལ་སྣང་བར་འགྱུར།། ཐུབ་དབང་དུས་གཅིག་ཁོ་ནར་དེའི་རྒྱུ་མཐུན། གཟུགས་སྐུ་གཅིག་ལ་རང་གི་སྐྱེ་གནས་སྐབས། སྔར་འགགས་གསལ་དང་མཚོལ་བྱུང་ཚུལ་ནི།། མ་ལུས་ཀྱིས་བཀྲ་མཐའ་དག ་སྟོན་པར་མཛད།། སངས་རྒྱས་ཞིང་ཇི་འདྲར་ཐུབ་དབང་དེ་དང་།། དེ་དག་སྐུ་སྤྱོད་མཐུ་སྟོབས་ཇི་འདྲ་དང་། ཉན་ཐོས་དགེ་འདུན་ཇི་སྙེད་ཇི་ལྟ་དང་། བྱང་ཆུབ་སེམས་རྣམས་དེར་གཟུགས་ཇི་འདྲ་དང་།། ཇི་འདྲའི་ཆོས་དང་དེར་བདག ་ཇི་འདྲ་དང་།། ཆོས་ཐོས་སྤྱོད་པ་གང་ལ་སྤྱད་པ་དང་།། སྦྱིན་གང་ཇི་ཙམ་དེ་དག་ལོ་ཕུལ་བ།། དེ་ནི་མ་ལུས་སྐུ་གཅིག་ལ་སྟོན་མཛད།། དེ་བཞིན་ཚུལ་ཁྲིམས་བཟོད་བརྩོན་ཏིང་ངེ་འཛིན་དང་།། ཤེས་རབ་སྤྱོད་ཚེ་སྔར་གྱི་གནས་སྐབས་གང་།། མ་ཚང ་མེད་དེ་དག་ཉིད་སྤྱོད་པ་ཀུན།། སྐུ་ཡི་བ་སྤུའི་ཁུང་བུར་འང་གསལ་བར་སྟོན།། སདྱ་སྭཱ་གང་དག་འདས་དང་འབྱུང་འགྱུར་གང་།། གང་དག་ད་ལྟར་ན་མཁའི་མཐར་ཐུག་པར།། གདངས་མཐོན་ཆོས་སྟོན་སྡུག་བསྔལ་གྱིས་བཟུང་བའི།། འགྲོ་དབུགས ་འབྱིན་ཞིང་འཇིག་རྟེན་བཞུགས་པ་དང་།། དང་པོའི་ཐུགས་བཟུང་བྱང་ཆུབ་སྙིང་པའི་བར།། དེ་དག་སྤྱོད་ཀུན་དངོས་རྣམས་མིག་འཕྲུལ་གྱི།། རང་བཞིན་མཁྱེན་ནས་བདག་བཞིན་པ་སྤུ་ཡི།། ཁུང་བུར་དུས་གཅིག་ལ་ནི་གསལ་བར་སྟོན།། དེ ་བཞིན་དུས་གསུམ་བྱང་ཆུབ་སེམས་དཔའ་དང་།། རང་རྒྱལ་འཕགས་པ་ཉན་ཐོས་མ་ལུས་ཀྱི།། སྤྱོད་དོང་དེ་ལྷག་སྐྱེ་བོའི་གནས་སྐབས་ནི།། ཐམས་ཅད་བསྤུའི་ཁུང་བུར་གཅིག་ཚེ་སྒྲོན།། དག་པ་འདི་ནི་བཞེད་པ་འཇུག་པ་ཡིས།། རྡུལ་གཅིག ་གུལ་ལ་མཁའ་གཏུགས་འཇིག་རྟེན་དང་།། འཇིག་རྟེན་མཐའ་ཡས་ཕྱོགས་ཁྱབ་རྡུལ་སྟོན་མོད། རྡུལ་རགས་མི་འགྱུར་འཇིག་རྟེན་ཕྲ་མི་འགྱུར།། རྣམ་རྟོག་མི་མངའ་ཁྱོད་ཀྱིས་སྲིད་མཐའི་བར། སྐད་ཅིག་དེ་རེ་རེ་ལ་སྤྱོད་སྣ་ཚོགས། ་ཇི་སྐད་སྟོན་པ་དེ་སྐད་འཇམ་བུ་གླིང་།། མ་ལུས་རྡུལ་གྱུང་དེ་སྙེད་ལ་གྲངས་མེད།། གནས་དང་གྲཝནས་མིན་མཁྱེན་སྟོབས་དང་།། དེ་བཞིན་ལས་རྣམས་སྦྱིན་བློ་དང་། མེས་པ་སྣ་ཚོགས་ཐུགས་ཆུང་དང་།། སྣ་ཚོགས་ཁམས་ནི་མཁྱེན ་སྟོབས་དང་།། དེ་བཞིན་དབང་མཆོག་མ་ཚིག་མ་ཡིན།། མཁྱེན་དང་ཐམས་ཅད་དུ་འགྲོ་དང་། བསམ་གཏན་རྣམ་ཐར་ཏིང་འཛིན་དང་།། སྙོམས་པར་འཇུག་སོགས་བློ་སྟོབས་དང་།། སྔོན་གནས་དྲན་པ་མཁྱེན་པ་དང་།། དེ་བཞིན་འཆི་འཕོ་སྐྱེ་བློ་དང་།། ཟག་རྣམས ་ཟད་པ་མཁྱེན་སྟོབས་ཏེ། སྟོབས་ནི་བཅུ་པོ་འདི་དག་གོ།། རྒྱུ་གང་ཞིག་ལས་གང་ཞིག་ངེས་པར་སྐྱེ་འགྱུར་བ།། དེ་ནི་དེ་ཡི་གནས་སུ་དེ་མཁྱེན་རྣམས་ཀྱིས་གསུངས།། བཤད་པ་ལས་ཟློག་གནས་མི་ཤེས་བྱ་མཐའ་ཡས་པ།། མཁྱེན་པ་ཐོགས་པ་སྤངས ་པ་དེ་ནི་སྟོབས་བུ་བཤད། འདོད་དང་མི་འདོད་དེ་ལས་བཟློག་དང་ཟས་དངོས་ཀྱི།། ལས་དང་དེ་ཡི་རྣམ་སྨིན་ཤིན་ཏུ་སྣ་ཚོགས་ལ་འང་།། མཁྱེན་པ་ནུས་མཐུ་ཐོགས་མེད་སོ་སོར་འཇུག་འགྱུར་བ།། དུས་གསུམ་ཤེས་བྱ་ཁྱབ་མཛད་དེ་ནི་སྟོབས་སུ་འདོད།། ་འདོད་ཆགས་སོགས་ཀྱིས་འབྱུང་བའི་སྟོབས་ཀྱིས་འདོད་པ་ནི།། ཤིན་ཏུ་སྣ་ཚོགས་དམན་འབྲིང་གང་ཡང་ཁྱད་འབིགས་འདོད།། དེ་ལས་གཞན་རྣམས་ཀྱིས་གཡོགས་མོས་ལའང་མཁྱེན་པ་ནི།། དུས་གསུམ་འགྲོ་བ་མ་ལུས་ཁྱབ་པ་སྟོབས་ཞེས་བྱ།། སངས ་རྒྱས་ཁམས་ཀྱི་རྣམ་པར་དབྱེ་ལ་མཁས་རྣམས་ཀྱིས། མིག་སོགས་རྣམས་ཀྱི་རང་བཞིན་གང་དེ་ཁམས་སུ་གསུངས། རྫོགས་པའི་སངས་རྒྱས་རྣམས་ཀྱི་མཁྱེན་པ་མཐའོ་ལས་ཤིང་།། རྣམ་ཀུན་ཁམས་ཀྱི་ཁྱད་པར་ལ་འཇུག་སྟོབས ་སུ་འདོད། ཀུན་ཏུ་རྟོགས་སོགས་ཆེས་རྣོ་ཉིད་ནི་མཆོག་བཞེད་ལ།། འབྲིང་གནས་སྐབས་དང་རྟུལ་ཉིད་མཆོག་མིན་པར་བཤད་དང་།། མིག་ལ་སོགས་དང་ཕན་ཚུན་སྒྲུབ་ནུས་ཆུབ་པ་ལ།། རྣམ་པ་ཐམས་ཅད་མཁྱེན་པ་ཆགས་མེད་སྟོབས་སུ་གསུངས། ་ལམ་འགའ་རྒྱལ་བ་ཉིད་དང་འགའ་ཞིག་རང་རྒྱལ་གྱི།། བྱང་ཆུབ་དང་ནི་ཉན་ཐོས་བྱང་ཆུབ་ཡི་དགས་དང་།། དུད་འགྲོ་ལྷ་མི་རྣམས་དང་དམྱལ་ལ་སོགས་འགྲོ་བ། དེ་ལ་མཁྱེན་པ་ཆགས་མེད་མཐའ་ཡས་སྟོབས་སུ་འདོད།། འཇིག་རྟེན་མཐའ་ཡས་རྣལ་འབྱོར ་བྱེ་བྲག་ལ་ཐ་དད་། བསམ་གཏན་མཐར་བརྒྱད་ཞི་གནས་གང་དག་དང་།། སྙོམས་འཇུག་ཁྱད་པར་གང་དག་གཅིག་དང་བརྒྱད་གྱུར་པ།། དེ་ལ་མཁྱེན་པ་ཐོགས་མེད་འདི་ནི་སྟོབས་སུ་བཤད།། ཇི་སྲིད་གཏི་མུག་དེ་སྲིད་སྲིད་གནས་འདས་བདག་དང་།། སེམས ་ཅན་གཞན་རེ་རེ་ཡི་སྲིད་པ་སེམས་ཅན་ནི།། ཇི་སྙེད་དེ་སྙེད་མཐའ་ཡས་བཞིར་བཅས་ཡུལ་ཕྱོགས་དང་།། བཅས་རྣམས་ལ་བློ་གང་དང་གང་ཡིན་སྟོབས་སུ་བཤད།། སེམས་ཅན་རྣམས་ཀྱི་སེམས་ཅན་རེ་རེའི་འཆི་འཕོ་དང་།། སྐྱེ་གང་འཇིག་རྟེན་ལ་གནས ་ནམ་མཁའི་མཐར་ཐུག་དང་།། བཀྲ་མང་དེ་ལ་མཁྱེན་པ་དུས་དེར་འཇུག་པ་ཡིས།། མ་ཆགས་རྣམ་ཀུན་ཡོངས་དག་མཐའ་ཡས་སྟོབས་སུ་འདོད།། རྣམ་ཀུན་མཁྱེན་པའི་སྟོབས་ཀྱིས་མྱུར་དུ་རྒྱལ་རྣམས་ཀྱིས།། ཉོན་མོངས་དག་ནི་བག་ཆགས་དང་བཅས་འཇིག ་འགྱུར་དང་།། སློབ་མ་ལ་སོགས་ཉོན་མོངས་བློ་ཡིས་འགོག་པ་གང་།། དེ་ལ་མཁྱེན་པ་ཆགས་མེད་མཐའ་ཡས་སྟོབས་སུ་འདོད།། ན་མཁའ་མེད་པས་འདོབ་ཆགས་ལྡོག་པར་མི་འགྱུར་གྱི།། འདིར་ནི་རང་མཐུ་ཟད་པས་ལྡོག་པར་འགྱུར་དེ་བཞིན། ་སློབ་མ་དང་བཅས་སངས་རྒྱས་སྲས་རྣམས་སངས་རྒྱས་ཀྱི།། ཡོན་ཏན་མཁའ་ལྟར་མཐའ་ཡས་མ་བརྗོད་ལྡོག་པར་འགྱུར། དེ་ཕྱིར་བདག་འདྲས་ཁྱོད་ཡོན་འདི་དག་ཅི།། ཤེས་པ་དང་ནི་བརྗོད་པར་ནུས་འགྱུར་རམད ་འོན་ཀྱང་དེ་དག་འཕགས་པ་ཀླུ་སྒྲུབ་ཀྱིས།། བཤད་ཕྱིར་དོགས་སྤངས་ཅུང་ཞིག་ཙམ་ཞིག་སྨྲས།། ཟབ་མོ་སྟོང་པ་ཉིད་ཡིན་ཏེ། ཡོན་ཏན་གཞན་རྣམས་རྒྱ་ཆེ་བའོ།། ཟབ་དང་རྒྱ་ཆེའི་ཚུལ་ཤེས་པས། ཡོན་ཏན་འདི་དག་ཐོབ་པར་འགྱུར།། སླར ་ཡང་མི་གཡོ་སྐུ་མངའ་ཁྱོད་ཀྱིས་སྲིད་གསུམ་བྱོན་ནས་སྦྲུལ་རྣམས་ཀྱིས།། གཤེགས་པ་དང་ནི་བལྟམ་དང་བྱང་ཆུབ་ཞི་བའི་འཁོར་ལོའང་སྟོན་པར་མཛད།། དེ་ལྟར་ཁྱེད་ཀྱིས་འཇིག་རྟེན་གཡོ་བག་སྤྱོད་ཅན་རེ་བའི་ཞགས་པ་ནི། མང་པོས་བཅིངས ་པ་མ་ལུས་ཐུགས་རྗེས་མྱ་དྲན་འདས་པར་བཀྲི་བྱོར་མཛད།། གླང་ཕྱིར་འདྲི་ན་དེ་ཉིད་ཤེས་ལས་དྲི་མ་མཐའ་དགྲོ་སེལ་བ་ནི། ལྷུར་བྱེད་གཞན་མེད་ཆོས་རྣམས་དེ་ཉིད་རྣམ་འགྱུར་དབྱེ་ལའང་བསྟན་མིན་ཞིང་།། དེ་ཉིད་ཡུལ་ཅན་བློ་གྲོས་འདི་ཡང་ཐཱ་དད ་འགྱུར་བ་མ་ཡིན་པ།། དེ་ཡི་ཕྱིར་ན་ཁྱོད་ཀྱིས་འགྲོ་ལ་ཐེག་པ་མི་མཉམ་དབྱེར་མེད་བསྟན། གང་ཕྱིར་འགྲོ་ལ་ཉེས་བསྐྱེད་བྱེད་སྙོགས་མ་འདི་དག་ཡོད་གྱུར་པ།། དེ་ཕྱིར་འཇིག་རྟེན་སངས་རྒྱས་སྤྱོད་ཡུལ་གཏིང་ཟབ་ལ་འཇུག་མི་འགྱུར་ཞིང ་བདེ་གཤེགས་གང་ཕྱིར་ཁྱོད་ལ་མཁྱེན་རབ་ཐུགས་རྗེ་ཐབས་དང་ལྷན་ཅིག་པ།། མངའ་དང་གང་ཕྱིར་བདག་གིས་སེམས་ཅན་དགྲོལ།། ཞེས་ཁྱོད་ཀྱིས་ཞལ་བཞེས་ཏེ།། དེ་ཕྱིར་མཁས་པ་རིན་པོ་ཆེ་ཡི་གླིང་དུ་ཆས་པའི་སྐྱེ་ཚོགས་ཀྱ། ངལ་བ་ཉེར ་སིལ་གྲོང་ཁྱེར་ཡིད་འོང་བར་དུ་རྣམ་པར་བཀོད་པ་ལྟར།། ཁྱོད་ཀྱིས་ཐེག་པ་འདི་ནི་སློབ་མ་ཉེ་བར་ཞི་བའི་ཚུལ་ལ་ཡིད།། སྦྱར་ཞིང་རྣམ་པར་དབྱེན་ལའང་བློ་སྦྱངས་རྣམས་ལ་ལོགས་སུ་གསུངས།། བདེ་བར་གཤེགས་པ་མ་ལུས་ཕྱོགས་ཞིང་སངས་རྒྱས་ཡུལ་དག་ན། ་ཕྲ་རབ་རྡུལ་གྱི་རྡུལ་རྣམས་བདོག་པར་གྱུར་པ་ཇི་སྙེད་པ། བྱང་ཆུབ་མཆོག་རབ་དམ་པར་གཤེགས་པའི་སྐལ་པ་དེ་སྙེད་དོ།། འོན་ཀྱང་ཁྱོད་ཀྱི་གསང་བ་འདི་ནི་བསྙད་བགྱི་མ་ལགསོ།། རྒྱལ་བ་ཇི་སྲིད་འཇིག་རྟེན་མཐའ་དག་མཆོག་ཏུ་རབ་ཞི་བར།། འགྲོ་བ་མིན་ཞིང ་ནམཁའ་རྣམ་འཛག་འགྱུར་མིན་དེ་སྲིད་དུ།། ཤེས་རབ་ཡུམ་གྱིས་བསྐྱེད་པ་ཁྲོད་ལ་ཐུགས་བརྩེ་མ་མ་ཡིས།། ཚུལ་ལུགས་བྱེད་པས་རབ་ཏུ་ཞི་བར་འགྱུར་བ་གང་ལ་མངའ།། གཏི་མུག་སྐྱོན་གྱིས་འཇིག་རྟེན་ཁ་ཟས་དུག་བཅས་ཟ་བ་ཡི།། སྐྱེ་བོ་ཉིད་ཀྱི་ནང་མི་དེ་ལ་ཁོད ་བརྩེ་ཇི་ལྟ་བ། དེ་ལྟར་དུག་ཟོས་ཉེན་པོའི་བུ་ལ་མ་ཡི་སྡུག་བསྔལ་མིན། དེས་ན་མགོན་པོ་མཆོག་ཏུ་རང་ཞིང་གཤེགས་པར་འགྱུར་མ་ལགས།། གང་གི་ཕྱིར་ན་མི་མཁས་དངོས་དང་དངོས་མེད་པར་ཞེན་པ་ཡི་བློ་ཅན་གྱིས།། སྐྱེ་དང་འཇིག་གནས་སྐབས་དང་སྡུག ་དང་མི་སྡུག་བྲལ་ཕྲད་ཀྱིས་བསྐྱེད་སྡུག་བསྔལ་དང་།། སྡིག་ཅན་འགྲོ་བ་འཐོབ་པ་དེ་ཕྱིར་འཇིག་རྟེན་ཐུགས་བརྩེའི་ཡུལ་དུ་རབ་དོང་བས།། བཅོམ་ལྡན་ཐུགས་རྗེས་ཁྱོད་ཐུགས་ཞི་ལས་བཟློག་པས་ཁྱོད་ལ་མྱ་ངན་འདས་མི་མངའ།། ལུགས་འདི་དགེ་སློང་ཟླ་གྲགས་ཀྱིས། ་དབུ་མའི་བསྟན་བཅོས་ལས་བཏུས་ནས། ལུང་ཇི་བཞིན་དང་མན་ངག་ནི། ཇི་ལྟ་བ་བཞིན་བརྗོད་པ་ཡིན།། འདི་ལས་གཞན་ན་ཆོས་འདི་ནི།། ཇི་ལྟར་མེད་པ་དེ་བཞིན་དུ།། འདིར་འབྱུང་ལུགས་ཀྱང་གཞན་ནི་ན། མེད་ཅེས་མཁས་རྣམས་ངེས་པར་མཛོད།། ཀླུ་སྒྲུབ་བློ ་མཚོ་ཤིན་ཏུ་རྒྱ་ཆེའི་ཁ་དོག་གིས་འཇིགས་པས། སྐྱེ་བོས་ལུགས་པཟང་གང་དག་རྒྱུང་རིང་སྤངས་པས་དེ་མི་ཚིག། ལེའུདུ་བྱས་པའི་ཁྭ་འབྲས་སུ་རླུང་ལ་བྱེ་བའི་ཆུ་གང་ལྷྭ་ཟླ་འ་གྲགས་པ་རེ་རྣམས་རབ་ཏུ་སློང་བར་བྱེད། དེ་ཉིད་བཤད་ཟིན་ཟབ་མ་འདས ་རུརུ་འདི་ནི་སྔོན་གོམས་ཉིད་ལས་སྐྱེ་བོ་ཡིས། ངེས་པར་རྟོགས་འགྱུར་འདི་ནི་གསན་རྒྱ་མོ་ཡང་གཞན་གྱིས་ཐུགས་སུ་ཆུད་མི་འགྱུར།། དེ་ཕྱིར་ཚུལ་ལུགས་རང་བློས་སྦྱར་བ་འདི་དག་མཐོང་ནས་བདག་ཏུ་བརྗོད་པ་ཡི།། གཞུང་ལུགས་རྣམས་ལྟར་གཞན་ལུགས་བཞེད་གཞུང་འདི་ལས ་གཞན་ལ་དགའ་བློ་དོར་བར་བྱ།། སློབ་དཔོན་ཀླུ་སྒྲུབ་ལུགས་བཟང་བསྙད་ལས་བདག་གིས་བསོད་ནམས་ཕྱོགས་ཀྱི་མཐར།། ཁྱབ་ཅིང་ཡིད་མཁའ་ཉོན་མོངས་ཀྱིས་སྔོར་སྟོན་ཀའི་རྒྱུ་སྐར་ལྟར་དཀར་བ་འམ།། སེམས་ཀྱིས་སྦྲུལ་ལ་གདེངས་ཀའི་ནོར་བུ་དང་འདྲ་གང་ཞིག་ཐོབ་པ་དེས། ་འཛིག་རྟེན་མ་ལུས་དེ་ཉིང་རྟོགས་ནས་མྱུར་དུ་བ་དེ་གཤེགས་པར་བཟོང་ཤོག།། དབྱམ་ལ་འཇུག་པ་ཟབ་པ་དང་རྒྱ་ཆེའི་ཚུལ་བས་ལ་བར་བྱེད་པ། སློང་དཔོན་ཟླ་བ་གྲགས་པ་ཐེག་པ་མཆོག་ལ་ཐུགས་གཞོལ་བ།། མི་འཕྲོགས་པའི་མཁྱེར་རབ་དང་ཐུགས་རྣམ་པ་ང། རི་མོར་བྲིས་པ ་བདྷས་ལ་ས་འོ་མ་བཟླས་པས་བདེན་པར་ཞེན་པ་བཟློག་པར་མཛད་པས་སྦྱར་བ་རྫོག་སོ།། ། ཁ་རྗེའི་ཡུལ་གྱི་སྤྱོད་ཁྱེར་སྟེ་མོད་ཀྱི་དཔུང་།། རིན་ཆེན་སྨྲས་པའི་གཙུག་ལག་ཁང་དུ།། ཆེའི་རྒྱལ་པོ་ལ་འཕགས་པ་ལྷའི་སྐུ་རིང་ལ། རྒྱ་གར་གྱི་མཁན་པོ་ཏི་ལ་ཀ་དང ་བོད་ཀྱི་ལོ་ཙྪ་བ་བན་དེ་པ་ཙབ་ཉི་མ་གྲགས་ཀྱིས་ཁ་ཆེའི་དཔེ་དང་མཐུན་པར་བསྒྱུར།། ཕྱིས་རས་ར་མོ་ཚོར་རྒྱ་གར་གྱི་མཁན་པོ་ཀ་ན་ཀཾ་ཝཱ་རྨ་ད་།། ལོ་ཙཱ་བ་དེ་ཉིད་ཀྱིས་ཉི་འོག་ཤར་ཕྱོགས་པའི་ངའི་དང་གཏུབས་ཤིང་ལགས་པར ་