| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། མཱུརྞྞ་སཾ་གྲ་ཧཱ་ད། བོད་སྐད་དུ། དབུ་མྲའི་དོན་བསྡུས་པ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། གང་དག་སྐྱེ་མེད་རྟོགས་པ་ཉིད་ཡིན་ཡང་། ་ཐ་སྙད་བེ་པང་སྙིད་རྗེ་འཁ་བ་མེ་སྟོང་པཪྵ།། རྒྱལ་བཻ་རྣམས་ནི་འཇིག་རྟེནི་བདེ་བ་ར་བསྐྱབ་པཱའི་ཕྱིར།། འདི་རུ་ཞུགས་ཀྱང་དྲི་མེདོ་བློ་དང་ལྡན།། དེ་དག་རྣམས་ལ་རྟོག་ཏུ་བདག་ཕྱག་འཚལ ་བདེན་པ་གཉིས་ནི་ཇི་ལྟ་བུའི།། དོན་ནི་རྟོགས་པར་བྱ་བའི་ཕྱིར།། བདག་གིས་འོ་དེ་ནི་ར་བོ་བརྩམས་ཏེ།། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ།། བདེན་པ་གཉིས་སུ་འདུས ་པ་ཏེ། དོན་དམ་དང་ནི་ཀུན་རྫོབ་བོ།། དམ་པའི་དོན་ནཽ་སྤྲོས་བྲལ་ཏེ།། དེ་ཡང་རྣམས་པ་གཉིས་སུ་བྱ།། རྣམ་གྲངས་ཀྱིས་ནི་དོནྟ་ད་མ་དྲུང་།། རྣམ་གྲངས་མ་ཡིན ་དོན་དམ་མོ།། དང་པོ་དེ་ཡང་གཉིས་ཡིན་ཏེ།། རིགས་པ་རྣམ་གྲངས་དོན་དམ་དང་།། སྐྱེ་བ་བཀག་པའི་དོན་དམ་མོ།། མུ་བཞི་སྐྱེ་འགོག་ལ་སོགས་པའི།། གཏན་ཚིགས ་བཞི་ཡིས་རིགས་པ་དེ།། སྣང་བའི་དངོས་པོ་ཐམས་ཅད་ཀྱང་།། སྐྱེ་བ་བཀླག་པའི་དོན་དམ་མོ།། སྤྲོས་པ་ཐམས་ཅད་ཀྱིས་སྟོང་པ།། དེ་ནི་རྣམ་གྲངས་མ་ཡིན་པའི།། དམ་པའི་དོན ་དུཤེས་པར་བྱ།། ཡོད་པའི་མཐའ་དང་མེད་པའི་མཐའོ།། གཉི་ས་པོ་ཐམས་ཅད་སྤངས་པ་སྟེ།། དེ་ལྷ་བུ་ནི་དོན་དཱ་མ་མོ།། ཀུན་རྫོབ་ཛྲི་ལྟར་སྣང་བ་ཡིན།། དེ་ཡང་གཉིས་སུ ་ཤེས་པར་བྱ་སྟེ།། ལོག་པ་ཡི་ནི་ཀུན་རྫོབ་དང་།། ཡང་དག་པ་ཡིས་ཀུན་རྫོབ་བྱོ།། དོན་བྱེད་ནུས་པའི་དངོས་པོ་ནི།། ཡང་དག་ཀུན་རྫོབ་ཞེས་བྱ་སྟེ།། སྣང་བ་ཡང་དོན་བྱེད་མི ་ནུས་པ།། ལོག་པ་ཡིས་ནི་ཀུན་རྫོབ་བོ།། དེ་ཡང་གཉིས་སུ་ཤེས་བྱ་སྟེ།། རྟོག་བཅས་དང་ནི་རྟོག་མེད་གཉིས།། རྟོག་བཅས་ཐག་པ་ལ་སྦྲུལ་འཛིན།། རྟོག་མེད་ཟླ་བ་གཉིས་འཛིན ་པའོ།། དེས་ན་ཐམས་ཅད་དེ་པཱདྲྀ་ན་གཉིས་སུ།། འདུས་པ་ཉིད་དུ་བསྟན་པར་བྱ།། དེ་དོན་ཉམས་སུ་བླངས་ནས་ནི།། ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ།། དབུ་མི་ཡིས་ནི་དོན་བསྡུས ་པ།། དེ་ལྟར་བདག་གིས་བཤད་པ་ཡི།། དགེ་བ་གང་དེས་སེམས་ཅན་གྱིས།། བས་མོ་པ་མྱུར་དུ་འགྲུབ་གྱུར་ཅིག།། དབུ་མའི་དོན་བསྡུས་པ་སློབ་དཔོན་ལེགས་ལྡན་འབྱིད ་ཀྱིས་མཛད་པ་རྫོགས་སྷོ།། ། ལྷོཙྪ་བ་ཚུལ་ཁྲིམས་རྒྱལ་བསྡུ་བསྒྱུར་ཅིང་ཞུས་ཏེ་གཏན་ལྔ་པབ་བླའོ།། ་བསོད་ནམས་སྟོབས་རྒྱུས་ཀྱིས་མཚོན་མར་གྱུར་འགྲོ་བ་ཡིས།། ཚེ་རངས་དུ་མཱར་བསགས་པའི་སྡིག་སྒྲིབ་མ་ལུས་ཀུན།། དགེ་འདིས་བདུག་ལྔ་འི་མེ་ལྕེ་ཆུ་ཡིས་བཅིལ་བ་བཞིན།། རིང་མིན་བྱང་ཆུབ ་སྙིང་པོའི་གོ་འཕང་མྱུར་ཐོབ་ཤོག། ཅེས་མི་དབང་པོ་ལྷ་བས་སྒོ་གསུམ་ཚིག་དྲིལ་གྱི་སྨོན་ལ་མེ་བཏབ་པའོ།།་