CLOSE WINDOW

GT3255: ye shes snying po kun la btus zhes bya ba'i bshad sbyar
Wyliee-texts produced with BDRC’s OCR application

ཞུས་ཏེ་གཏན་ལ་ཕབ་པའོ།། @#།། རྒྱ་གར་སྐད་དུ། ཛྙཱ་ན་སཱ་ར་ས་མཱ་ནྱཱ་ཡ་ན་མ་བརྡྷན། བོད་སྐད་དུ། ཡེ་ཤེས་སྙིང་པོ་ཀུན་ལ་བཏུས་ཞེས་བྱ་བའི་བཤད་སྦྱར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས ་ཅད་ལ་ཕྱག་འཚལོ།། རྒྱལ་བ་ཞི་བར་གཤེགས་ནས་འཛམ་གླིང་ཉམས་དགའ་འདར།། རྒྱལ་པོའི་རིགས་སྲུང་འགྲོ་བའི་མིག་གཅིག་དྲི་མེད་གང་།། འཕགས་པ་ཀླུ་སྒྲུབ་ཞབས་དང་དེ་ཡི་སློབ་མ་མཆོག། འཕགས་པ་ལྷ་ཞེས་བྱ་ལ་གུས་པས ་ཕྱག་འཚལོ།། རབ་ཏུ་བསྡུས་པ་རྟོགས་དཀའ་ཡེ་ཤེས་སྙིང་པོས་བསྡུས།། ཅུང་ཟད་དབྱེ་ཕྱིར་བདག་གིས་འདིར་ནི་འབད་པར་བྱ།། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་ཞལ་སྔ་ནས་གཞན་དང་ཉིད་ཀྱི་གྲུབ་པའི་མཐའ་རབ་ཏུ་མང་པོ་ཞིག ་སྡེ་སྣོད་གསུམ་གྱི་ཚུལ་དུ་བསྡུས་ཏེ་བསྟན་ཟིན་མོད་ཀྱི། འོན་ཀྱང་བློ་དང་མི་ལྡན་པ་དག་གིས་དེ་དག་ཁོང་དུ་ཆུད་པར་མ་ནུས་པས་དེ་དག་གི་ཕྱིར་སློབ་དཔོན་གྱི་ཞལ་སྔ་ནས། གཞུང་ཉུང་ངུས་དོན་མ་ལུས་པར་བསྡུས་པ། དཔལ་མགོན་བླ་མ་ལ་བཏུད ་ནས།། ཞེས་བྱ་བ་ལ་སོགས་པའི་གཞུང་འདི་བརྩམ་པ་མཛད་དེ།། འདིར་ཚིགསུ་བཅད་པ་དང་པོས་ནི་ཕྱག་འཚལ་བ་དང་། གཞུང་གི་མིང་དྲོན་དང་ལྡན་པ་དང་། གཞུངས་བརྩམས་པའི་དགོས་པ་དང་། ཉིད་ཀྱི་མཚན་དག་བསྟན་ཏོ།། དེ་ནས་ཚིགསུ ་བཅད་པ་གཉིས་ཀྱིས་ཡེ་ཤེས་སྙིང་པོའི་མཆོག་དེ་ཇི་ལྟར་བསྒོམ་པ་ཡོན་ཏན་དང་བཅས་ཏེ་བསྟན་ཏོ།། དེ་ནས་ཚིགསུ་བཅད་པ་གཅིག་གིས་དེ་རྟོགས་པར་དཀའ་བ་བསྟན་ཏོ།། དེ་ནས་ཚིགསུ་བཅད་པ་གཅིག་གིས་རྟོགས་པར་དཀའ་བའི་རྒྱུ་བསྟན་ཏོ།། ་དེ་ནས་ཚིགསུ་བཅད་པ་གཅིག་གིས་རྟོགས་པར་དཀའ་བ་དེ་བླ་མའི་མན་ངག་གིས་རྟོགས་པར་འགྱུར་བ་བསྟན་ཏོ།། དེ་ནས་རྩ་བ་ལྔའི་ཚོག་སུ་བཅད་པ་གཅིག་གིས་དེ་རྟོགས་པའི་བདག་ཉིད་དེའི་ཆེ་བ་བསྟན་ཏོ།། དེ་ནས་ནི་ཆད་པར་ལྟ་བའི ་ཉེས་པ་རྩ་བ་བཞིས་བསྟན་ཏོ།། དེ་ནས་ནི་ཡང་དངོས་པོར་འཁྲུལ་པའི་བསྟན་པའི་ཚིག་སུ་བཅད་པ་གཉིས།། དེ་ནས་ཡེ་ཤེས་སྙིང་པོ་མཆོག་གི་རང་བཞིན་བསྟན་པའི་ཚིགསུ་བཅད་པ་གཅིག། དེ་ནས་ཚིགསུ་བཅད་པ་བརྒྱད་ཀྱིས་གཞན་གྱིས་ཡེ་ཤེས་སྙིང་པོ ་བསྟན་ཏོ།། དེ་ནས་ཚིགསུ་བཅད་པ་དགུས་ནི་ཡེ་ཤེས་སྙིང་པོ་མཆོག་དེ་ཇི་ལྟར་རྒྱུད་ལ་བསྐྱེད་པ་ཡོན་ཏན་དང་བཅས་པ་བསྟན་ཏོ།། དེ་ནས་དགེ་བ་ཡོངསསུ་བསྔོ་བའི་ཚིགསུ་བཅད་པ་གཅིག་གིས་ཏེ། འདི་ནི་གཞུང་འདྲིའི་ལུགསོ།། ད་ནི་ཚིག་གི་དོན་བསྟན ་ཏེ། སློབ་དཔོན་གྱི་ཞལ་སྔ་ནས་དམ་པའི་སྤྱོད་པ་ཅན་དུ་བདག་ཉིད་བསྟན་པ་དང་། བླ་མ་ལོ་གུས་པར་བསྟན་པ་དང་། གཞུང་སྦྱར་བ་ཡང་ངེས་པར་འགྲུབ་པར་བྱ་བའི་ཕྱིར་དང་པོ།། དཔལ་མགོན་བྷྲ་མ་ལ་བཏུད་དེ། ཞེས་བྱ་བ་སྨོས།། འཇིག་རྟེན་ལས ་འདས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ནི་དཔལ་ཏེ་ལྡན་པ་ཞེས་བྱ་བའི་དོན་ཏོ།། དཔལ་དེ་དང་ལྡན་པ་ཞེས་ལྡན་པའི་རྟེན་བསྡུས་པའི་མིང་ངོ་།། ཡང་ན་དཔལ་ནི་སྐལ་བ་བཟང་པོ་སྟེ། དེའི་རང་བཞིན་ཞེས་བྱ་བའི་དོན་ཏོ།། དམ་པའི་གནསུ ་ཁྲིད་པར་བྱེད་པ་ནི་མགོན་ཏེ། སྐད་ཀྱི་དབྱིངས་ལ་ལྟོས་པའི་ཆེ།། སྐད་ཀྱི་བྱིངས་ནི་སྟོབས་ལྡན་ཡང་།། ཉེ་བར་བསྒྱུར་བས་ཟིལ་གནོན་ཏེ།། གངྒཱའི་ཆུ་ནི་མངར་མོད་ཀྱི།། རྒྱ་མཚོའི་ཆུས་ནི་ཇི་བཞིན།། ཞེས་འདོན་པ་སོ།། ཡང་ན་མགོན་དང་སྐྱོབ་པ ་དང་སྐྱབས་དག་གིས་ཕན་འདོགས་པའི་ཕྱིར་དེ་སྐད་ཅེས་བྱའོ།། བླ་མ་ཞེས་བྱ་བ་ནི། ཡོན་ཏན་རིན་པ་ཆེའི་གཏེར་དུ་བྱུར་བས་ན་བླ་མ་ཞེས་བྱ་སྟེ། དེ་ལ་བཏུདེ་ཞེས་བྱ་བ་ན་ཕྱག་བྱས་པའོ།། དེ་ནས་ནི་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས།། འཕགས་པ་ལྷ ་ཡིས་སྦྱར་བའོ།། ཞེས་བྱ་བར་འབྲེལ་ཏོ།། འདིར་བླ་མོའི་ཁྱད་པར་ངེས་པ་རོ་མ་བཟུང་བའི་ཕྱིར་འདི་གང་གི་ཡོན་ཏན་དུ་གཟུང་བར་བྱ་ཞེ་ན།། འདི་ནི་འཕགས་པ་ཀླུ་སྒྲུབ་ཁོ་ནའི་ཡོན་ཏན་དུ་སྦྱར་ཏེ། ཡོན་ཏན་འདི་དག་འདི་ལ་འབྱོར་པའི་ཕྱིར་དང་། དེ་ནི ་སློབ་དཔོན་འདིའི་བླ་མ་ཡིན་པའི་ཡང་ཕྱིརརོ།། དེ་ལྟར་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ་བ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་ཡང་ཕྲག་གི་གནས་དག་ཡོད་པ་མ་ཡིན་ནམ། ཇི་ལྟར་དེ་དག་ལ་ཕྱག་འཚལ་བ་སྤངས་ཏེ་སློབ་དཔོན་འདི ་ལ་གུས་པར་མཛད་ཅེ་ན། འདི་ནི་སྟོན་ཅན་ཡིན་པའི་ཕྱིར་དང་། ཕན་འདོགས་པའི་ཕྱིར་དང་། བླ་མ་ལ་གུས་པའི་ཕྱིར་ཏེ། དེ་ལ་ཡོན་ཏན་གྱི་ཞིང་དམ་པར་གྱུར་པ་ནི་ཇི་སྐད་དུ་འཕགས་པ་རྔ་བོ་ཆེ་ཆེན་པོའི་མདོ་དང་། འཕགས་པ་སྤྲིན་ཆེན་པོ ་ལ་སོགས་ལས་བསྟན་ཏེ། འདི་ལྟར་སློབ་དཔོན་འདི་ནི་འདས་པའི་བསྐལ་པ་གྲངས་མེད་པ་བསྐལ་པ་ཡངས་ཤིང་ཆེས་ཡངས་པ་དེའི་ཚེ་བསྐལ་པ་ཞིག་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲ་གཅན་ཞེས་བྱ་བ་ཞིག་བྱུང་བ་དེ་ལ་སློབ ་དཔོན་འདི་འདི་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་པས་བྱང་ཆུབ་ཏུ་ཐུགས་བསྐྱེད་ཅིང་། གང་གི་ཚེ་བཅོམ་ལྡན་འདས་མར་མེ་མཛད་བྱོན་པའི་དུས་དེའི་ཚེ་ཡང་སློབ་དཔོན་འདི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྲ་སུ་གྱུར་པས་དགེ་བའི་རྩ་བ་བསྐྱེད ་བཱ་ན། དེ་བཞིན་གཤེགས་པ་དེས་འདི་སྐད་དུ་རིགས་ཀྱི་བུ་ཁྱོད་མ་འོངས་པའི་དུས་བསྐལ་པ་གྲངས་མེད་པ་དག་འདས་ཏེ། བསྐལ་པ་བཟང་པོ་ཞེས་བྱ་བའི་སངས་རྒྱས་སྟོང་ཡོང་སུ་མྱ་ངན་ལས་འདས་ནས་ངན་འགྲོའི་བསྐལ་པ ་དྲུག་ཅུ་རྩ་གཉིས་འདས་ཏེ། དེ་ནས་ཡང་རང་རྒྱལ་བ་འབུམ་མྱ་ངན་ལས་འདས་ཤིང་། གཞན་ཡང་མགོན་པོ་བརྒྱད་མྱ་ངན་ལས་འདས་ནས་ཞིང་དེ་ཉིད་དུ་དེ་བཞིན་གཤེགསོ་བ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་འབྱུང ་གནས་འོད་ཅེས་བྱ་བར་འགྱུརརོ།། ཞེས་ལུང་བསྟན་ཅིང་ཤཱཀྱའི་དབང་པོ་བཞུགས་པའི་ཚེ་ཡང་སློབ་དཔོན་འདི་ལི་ཙ་བཱའི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་ཞེས་བྱ་བར་གྱུར་ཅིང་། བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་ཁྱེའུ་འདི་ནི་ཡོངས ་སུ་མྱ་ངན་ལས་འདས་ཏེ་ལོ་བརྒྱད་ཅུ་ལོན་པ་ན། ལྷོ་ཕྱོགས་ཀྱི་རྒྱུད་དུ། ཆུ་བོ་མུ་རུ་ནྡེ་ཞེས་བྱ་བ་ལ་བརྟེན་པའི་གྲོང་ཁྱེར་དམག་གིས་མི་ཚུགས་པ་ཞེས་བྱ་བ་དང་། ཉེ་བའི་གྲོང་ཁྱེར་ཕྲེང་བ་ཆེན་པོ་ཞེས་བྱ་བར་དཀར་པོ་རི་ཞེས་བྱ་བའི་རིགས་རྒྱུད་དེར ་སྐྱེས་ནས་ངའི་མིང་འཛིན་པའི་དགེ་སློང་ཞིག་ཏུ་འགྱུར་ཏེ། ལོ་བརྒྱའི་བར་དུ་ངའི་བསྟན་པ་རྒྱས་པར་བྱས་ཤིང་། སཽ་རབ་ཏུ་དགའ་བ་བསྒྲུབས་ནས་ཕྱིས་ས་བརྒྱད་པ་ཐོབ་པའི་འོག་ཏུ་ཚེའི་དུས་བྱས་ནོས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་དེར་སྐྱེས ་ཏོཏེ། རྣམ་པར་སྨིན་པའི་ལུས་དེར་བཞག་སྟེ་སྤྲུལ་པའི་ལུས་ཀྱིས་ནི་བྱང་ཆུབ་སེམས་དཔའ་བྱམས་པ་ལ་ཆོས་ཉན་པ་བྱེད་དོ།། ཞེས་ལུང་བསྟན་ཅིང་། དེར་འདུས་པའི་འཁོར་རྣམས་ཀྱིས་ཀྱང་།། ཀྱེ་མ་འཇིག་རྟེན་ཀུན་མཐོང་དགའ།། བརྟན་པོ་དགེ ་སློང་གཟུགས་གྱུར་ནས།། བསྟན་པ་རིང་ཞིག་འཛིན་བྱེད་ཅིང་།། ཆོས་རྔ་ཆེན་པོ་བརྡུང་བར་འགྱུར།། དེ་ནི་མྱ་ངན་ཡོངས་འདས་ནས།། དེ་འོག་འཇིག་རྟེན་སྟོངས་འགྱུར་ཏེ།། ཆོས་སྨྲ་དེ་ནི་འདས་གྱུར་ནས།། དེ་འདྲ་གཞན་ནི་འགའ་མི་འབྱུང་།། དགེ་སློང་དེ ་འདྲ་རྙེད་དཀའ་སྟེ།། སྣང་བ་རིམ་གྱིས་ཉམས་པར་འགྱུར།། འདི་ལྟར་དེ་ནི་ལྷོ་ཕྱོགས་སུ།། འབྱུང་བའི་ཐ་མ་གཅིག་ཡིན་ནོ།། ཞེས་བསྟོང་པ་སྨྲས་པ་ལྟ་བུའོ།། དེ་ནི་འདིའི་ཡོན་ཏན་གྱི་བདག་ཉིད་ཆེ་བའོ།། ཕན་འདོགས་ནུས་པ་ཇི་ལྟ་བུ་ཞེ་ན། སློབ ་དཔོན་འདི་ནི་གསོ་བ་རིག་པ་ལ་སོགས་པ་རིག་པའི་གནས་ལྔས་འདུལ་བ་རྣམས་ལེགས་པར་སྨིན་པར་བྱས་ཤིང་། ཁྱད་པར་དུ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུན་པ་ན་གནས་པའི་གསེར་གྱི་ག་བུ་ལྟ་བུ་དབུ་མ་རྩ་བའི་ཤེས་རབ་ལ་སོགས་པ ་གསལ་པོར་བྱས་ནས་ཕན་པ་ཆེན་པོ་བྱས་ཏེ། དེ་བས་ན་འཕགས་པ་ལང་ཀར་གཤེགས་པ་ལས་ཀྱང་། བདེ་གཤེགས་མྱ་ངན་འདས་འོག་ཏུ།། ཚུལ་རྣམས་འཛིན་པར་འགྱུར་བ་དེ།། དུས་དག་འདས་ནས་འབྱུང་བ་ནི།། བློ་གྲོས་ཆེན་པོ་ཁྱོད ་ཤེས་བྱོས།། ལྷོ་ཕྱོགས་བེ་ཏའི་ཡུལ་དུ་ནི།། དགེ་སློང་དཔལ་ལྡན་ཆེར་གྲགས་པ།། དེ་མིང་ཀླུ་ཞེས་བོད་པ་སྟེ།། ཡོད་དང་མེད་པའི་ཕྱོགས་འཇིག་པ།། ང་ཡི་ཐེག་པ་འཇིག་རྟེན་ཏུ།། བླ་མེད་ཐེག་ཆེན་རབ་བཤད་ནས།། རབ་ཏུ་དགའ་བའི་ས ་བསྒྲུབས་ཏེ།། བདེ་བ་ཅན་དུ་དེ་འགྲོའོ།། ཞེས་གསུངས་ཏེ་དེ་ལྟར་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གཞན་ནི་ཡོན་ཏན་གྱིས་གོཙོ་བོར་གྱུར་ཀྱང་ཕན་འདོགས་པས་ནི་མ་ཡིན་ལ།། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ནི་ཞིང་དམ ་བར་བཞག་གཉིག་མང་བའི་ཕྱིར་འདི་ཉིད་ལ་ཕྱག་འཚལ་བར་རིགས་ཤིང་། བདག་བདེ་ལེག་སུ་འདོད་པ་དག་གིས་འདིའི་ལུགས་ལ་བརྟེན་པར་རིགས་པ་ན། འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི།། ཕྱི་རོལ་གྱུར་ལ་ཞིབ ་མངོན་མཐོང་མེད།། ཀུན་རྫོབ་དེ་ཉིད་བདེན་ལས་དེ་ཉམས་ཏེ།། དེ་ལས་ཉམས་པས་ཐར་པ་གྲུབ་པའང་མེད་ཅེས་བཤད་དོ།། ཡང་མཁས་པ་དག་གིས་འཕགས་པ་མི་ཕམ་པ་བྱང་ཆུབ་པར་གྱུར་པའི་ཚེ་ལ་སོགས་པར་སློབ་དཔོན་གྱི་ཞལ ་སྔ་ནས་དང་། ཕྲད་པར་སྨོན་ལམ་གུས་པར་བཏབ་པ་དག་ནི་ངེས་པར་དེ་ལྟ་བུར་འགྱུར་བར་ཤེས་པར་བྱ་སྟེ། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ།། འདུན་པའི་རྩ་ལ་རབ་ཏུ་བརྟེན།། གང་གིས་སྨོན་ལམ་ཅི་བཏབ་པ།། དེ་དང་འདྲ་བའི ་འབྲས་བུ་ཐོབ་ཅེས་གསུངས་པའི་ཕྱིར་རོ།། བླ་མ་ལ་གུས་པའི་ཕྱིར་ཞེས་བྱ་བ་ནི། རང་གི་དགེ་བའི་བཤེས་གཉེན་བཏང་སྟེ་གཞན་ལ་ཕྱག་འཚལ་བ་ནི་དེ་ལ་མ་གུས་པའི་ཆར་གཏོགས་པའི་ཕྱིར་དེ་སྤང་བ་དང་། བླ་མ་ལ་གུས་པའི་བྱང་ཆུབ ་སེམས་དཔའ་ནི། ངེས་པར་བླ་མ་དོམ་པ་ལས་གུད་ན་གུས་པར་བྱ་བ་གཞན་མི་དམིགས་པའི་ཕྱིར་རོ།། ཞེས་ངོ་བོ་ཉིད་ཀྱིས་འཕེན་པའོ།། ཞར་ལ་བྱུང་བས་ཆོག་གོ།། དེ་ལྟར་བླ་མ་ལ་བཏུད་ནས་གཞུང་སྦྱོར་བའི་དོན་ཅི་ཞིག་གཟིགས་ཤེ་ན། ་དེའི་ཕྱིར་བྱིས་རྣམས་སྡུག་བསྔལ་ཞི་བྱའི་ཕྱིར།། གིས་སྨོས་ཏེ། གང་དག་གྲུབ་བཱི་འཐའ་རབ་འབྱ་མོས་ཁོང་དུ་ཆུད་པར་བྱ་བའི་མཐུ་མེད་པ་དེ་དག་ནི་ཤེས་པ་ཕྲ་བས་ན་བྱིས་པ་སྟེ། དཔེར་ན་སྦྲུལ་ཕྲ་བས་ན་པ་ལོ་ཞེས་བརྗོད་པ་བཞིན་ནོ།། བྱིས་པར ་རྣམས་ཀྱི་སྡུག་ནི། སྡུག་བསྔལ་གསུམ་དང་བརྒྱད་དེ། སྡུག་བསྔལ་དེ་ལས་གཞན་པའི་གནས་སུ་གྱུར་པའི་ཕྱིར་སྐྱེ་བའི་སྡུག་བསྔལ་དང་། ན་ཚོད་འགྱུར་བ་སྡུག་བསྔལ་བའི་ཕྱིར་རྒ་བའི་སྡུག་བསྔལ་དང་། ཁམས་རྣམས་འགྱུར་བ་སྡུག་བསྔལ་བའི ་ཕྱིར་ན་བའི་སྡུག་བསྔལ་དང་། སྲོག་འགྱུར་བའི་སྡུག་བསྔལ་བ་ཉིད་ཀྱི་ཕྱིར་འཆི་བའི་སྡུག་བསྔལ་དང་། ཕྲད་པ་སྡུག་བསྔལ་བ་ཉིད་ཀྱི་ཕྱིར་མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་ཏེ། ལྔ་པོ་འདི་དག་ནི་འགྱུར་བའི་སྡུག་བསྔལ་ཞེས་བྱའོ།། གནས་ངན ་ལེན་སྡུག་བསྔལ་བའི་ཕྱིར་མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་ཞེས་བྱ་བ་འདི་ནི་འདུ་བྱེད་ཀྱི་སྡུག་བསྔལོ།། བྲལ་བ་སྡུག་བསྔལ་བའི་ཕྱིར་སྡུག་པ་དང་བྲལ་བའི་སྡུག་བསྔལ་དང་། རེ་བ་འབྲས་བུ་མེད་བ་སྡུག་བསྔལ་བའི་ཕྱིར། ་འདོད་པ་ཙལ་ཏེ་མ་རྙེད་པའི་སྡུག་བསྔལ་དག་ན་སྡུག་བསྔལ་དག་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དོ།། འདི་ལ་སྡུག་བསྔལ་དང་པོ་དང་ཐ་མ་ནི་ཀུན་རྫོབ་ཏུ་སྡུག་བསྔལ་བ་ཡིན་ལ། སྡུག་བསྔལ་བར་མ་ནི་དོན་དམ་པར་སྡུག་བསྔལ་བའོ།། ་ཡང་ན་སྡུག་བསྔལ་གྱི་སྡུག་བསྔལ་ནི་ཚོར་བ་སྡུག་བསྔལ་བ་སྟེ་ངན་སོང་བ་དག་ལ་ཤས་ཆེའོ།། འདུ་བྱེད་ཀྱི་སྡུག་བསྔལ་ནི་སྐད་ཅིག་རེ་རེར་འཇིག་ཅིང་འབྱུང་བ་དང་། ལས་ཀྱིས་དུབ་པ་སྟེ་མོ་རྣམས་ལ་ཤས་ཆེའོ།། འགྱུར་བའི་སྡུག་བསྔལ་ནི། ་སྡུག་པ་དང་བྲལ་བའི་རབ་ཏུ་གདུང་བ་སྟེ། འདི་ནི་ལྷ་རྣམས་ལ་ཤས་ཆེ་བས་ན།། མེ་ཏོག་རབ་ཏུ་རྙིངས་ཤིང་ལུས་རྡུལ་ཐོན་པ་དང་།། གོས་རྙིངས་སྨེ་ཞིང་ཉེ་དུ་རྣམས་ལ་བལྟ་བ་ཡིས།། ལྷ་རྣམས་འཆི་བས་རབ་ཏུ་སྡུག་བསྔལ་གང་ཡིན་པ། ་འཚོ་བ་ཆུ་འུར་ལྟ་བུར་གཡོ་བའི་མི་ལ་མེད། ཅེས་བཤད་དོ།། དེ་དག་ནི་འོད་སྔར་བས་ཆུང་བ་དང་། གོས་དང་། རྒྱན་ཆ་ཁན་པ་དང་། གོས་དང་རྒྱན་ཆ་དག་མེ་ཏོག་དང་། འབྲས་བུའི་ཤིང་ལས་མི་འབྱུང་བ་དང་། ལུས་ལ་དྲི་མ་ཆགས་པ་དང་། ་མིག་མི་འཛུམ་པ་སྟེ་ཉེ་བའི་འཚོ་ལྟས་ལྔ་དང་། ལུས་ཀྱི་ཁ་དོག་མི་སྡུག་པར་འགྱུར་བ་དང་། རང་གི་སྟན་ལ་འདུག་མི་ཚུགས་པ་དང་། མེ་ཏོག་གི་ཕྲེ་རྙིངས་པ་དང་།། གོས་ལ་དྲི་མ་ཆགས་པ་དང་། ལུས་ལ་རྡུལ་སྔོན་མེད་པ་དག་འབྱུང་སྟེ། འཆི་ལྟས ་ལྗ་མཐོང་བ་ན་རབ་ཏུ་བཟོད་པར་དཀའ་བའི་སྡུག་བསྔལ་ལུས་བྱེ་མ་ཚ་བའི་ནས་ར་སར་འཇུ་བ་ལྟར་འབྱུང་བའི་ཕྱིར་རོ།། དེ་ལྟར་བྱིས་པ་རྣམས་ཀྱི་སྡུག་བསྔལ་དེ་ལྟ་བུ་དག་ཞི་བར་བྱ་བའི་ཕྱིར། ཞེས་བྱ་བ་ནི་སློབ་པའི་དུས་ཕྲལ་པའི་ཚེ་ནི་ཁ་ཅིག ་ལེ་ར་བྲལ་བ་དང་། ཁ་ཅིག་བསྲབས་པར་བྱ་བའི་ཕྱིར་དང་། བྱང་ཆུབ་ཀྱི་སེམས་དང་པོ་མཐོང་ནས་ནི། ལོགས་པར་མ་ལུས་པ་ཞི་བར་བྱ་བའི་ཕྱིར་ཏེ། དེ་ལྟར་ན་ཞི་བར་བྱ་བའི་ཕྱིརརོ་ནི་ཅི་རིགས་སུ་བྲལ་བར་བྱ་བའི་ཕྱིར་རོ།། འདིར་སློབ་དཔོན ་གྱི་ཞལ་སྔ་ནས་གཞུང་འདི་སྦྱར་བས་སྡུག་བསྔལ་དེ་དག་ཞི་བཱ་ཇི་ལྟར་འགྱུར་ཞེ་ན། གསུང་འདིའི་རྗེསུ་འབྲེངས་ཏེ་ལྟ་བ་ངན་པ་རྣམས་སྤངས་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་པོ་སྐྱེད་པོས། རྣམ་པར་རྟོག་པའི་དགྲའི་དཔུང་བཅོམ་པས་འདོད ་ཆགས་ལ་སོགས་པའི་རང་བཞིན་ཤེས་པས་ལས་དམན་པ་མི་རྩོམ་ལ། དེའི་བག་ཆགས་སྤངས་ཤིང་མ་བསྒོམས་པས།། ངེས་པར་སྡུག་བསྔལ་དེ་དག་ཞི་བར་འགྱུར་ཏེ། ཇི་སྐད་དུ། ཆོས་རྣམས་རབ་ཏུ་རྣམ་འབྱེད་མེད་པར་ཉོན་མོངས་རྣམས།། ་གང་ཕྱི་བར་ཞི་བར་བྱ་བའི་ཐབས་མེད་ལ།། ཉོན་མོངས་པས་ཀྱང་འཇིག་རྟེན་སྲིད་མཚོ་འདིར་ལ་བྱམ་ས་ཏེ།། དབས་པྱད་འདན་སྟོན་པས་གསུངས་ཞེས་གྲག་ཅེས་བཤད་ལ། ཡཱང་ལ@ཉོན་མོངས་ལས ་ཀྱིས་བསྐྱེད།། ལས་ནཱི་སེམས་ལས་བྱུང་བ་སྟེ། སེམས་ཀྱང་བག་མནན་ཀྱིས་བསྒོས།། བག་ག།། བདེ་བའི་སེམས་ཀྱིས་ནི་འགྱུར་ན།། ནི་བའི་སེམས་ནི་མ་རྨོངས་སོ།། ཅེས་གསུས ་ཏོ། དེ་བོས་ན་འདིས་ནི་རྒྱུད་པའི་དབང་གིས་སྡུག་བསྔལ་ཞི་བར་འགྱུར་ཏེ། སངས་རྒྱས་རྣམས་ནི་འབྱུང་བ་བདེ་ཞེས་བྱ་བ་བཞིན་ནོ།། དེ་ལྟར་ནརྩ་བ་གཅིག་པོ་འདིས་ནི་བསྟན་བཅོས་དགོས་པ་སོགས་པ་བསྟན་ཏོ།། ལྟར་སྦྱར་བའི་གཞུང་བསྟན ་བཅས་སུ་སྣང་བའི་ཡིད་ཀྱི་རྣམ་པར་ཤེས་པ་འཁོར་དང་བཅས་པ་ནི་རྗོད་པར་བྱེད་པའོ།། དེས་ཡང་དག་པར་བསྟན་པའི་དོན་རྣམས་ནི་བརྗོད་པར་བྱ་བ་སྟེ། འདི་གཉིས་ཕན་འདོགས་པར་ཚུན་གནས་པ་ནི་འབྲེལ་པའོ།། འབྲེལ་པ་ཡོད ་པས་དོན་དངོས་དང་བརྒྱུད་པ་ཁོང་དུ་ཆུད་པ་ནི་དགོས་པ་སྟེ། སྔར་བསྟན་པའི་ཚུལ་གྱི་སྡུག་བསྔ་དང་བྲལ་ཞིང་བདེ་བ་ཆེན་པོའི་མཐའི་བར་དུ་ཐོབ་ནས་འཁོར་བཾ་ཇི་སྲིད་དུ་བཞུགས་པའི་སངས་རྒྱས་དོ་གོས་པའི་ད། དདགས་པའི་དགོས་པའོ ་དེ་ལྟར་དགོས་པའི་དགོས་པ་ནི་དངོས་ཁོ་ནར་སྨོས་ལ། ལྷག་མ་རྣམས་ནི་དོན་གྱི་དབང་གས་བསྟན་པར་བྱ་སྟེ། དེས་ན་ཕྱིར་ཞེས་བྱ་བ་ནི་དགོས་པ་ལ་སོགས་པ་ཨ་སོ། ནིག་སྦྱར་ཞེ་ན། ཡེ་ཤེས ་སྙིང་པོ་སུམ་པས་བཏུས་བསྒྱུར་རོ།། པ་ཇི་སྙེད་ཇི་སྐད་དུ་སེམས་ནི་ཡུལ་དང་འབྲལ་བ་། @མང་དང་བྱེ་བྲག་ལ།། ཤེས་རཐ་ཡང་དག་རབ་ཏུ་འཇུག། ཅེས་གསུང ་པ་བཞིན།། དེ་ལྟ་ན་ཡ་མཚན་ཅན་དགུ་བཅུ་རྩ་དྲུག་དག་དེ་བ་རྩོད་པ་སྐབ་སུམ་བརྒྱ་དྲུག་ཅུ་རྩ་དུམ་དག་གི་ལྔ་པ་དང་། དེ་བཱ་ས་གཞི་རྣམ་པ་བཅོ་བརྒྱད་ཏུ་གྱེས་པ་ལ་སོགས་པ་ཐམས་ཅད་འདིར་སྟོན ་ཏམའའི་ཕྱིར་སྙིང་པོ་ཞེས་སྨོས་ཏེ། རང་དང་གཞན་གྱི་ལྟ་བདང་གསཅེས་ཤི་ཁོང་དུ་ཆུད་ངུར་བྱ་པ་དེ་དང་ཙམ་ཞིག་འདས་སྟོན་། ས་ན་ཀུན་ལས་བཏུས་པ་ཞེས་སྨོས་ཀྱི། ཀུན་བཀོད་པ་ཞེས་བྱ་བ་ལ་སོ་ནས ་པའི་ཚི་གསུངས་སོ།། གཞན་དག་ལས་ནི་ཡཱཾ་ཤེས་ཀུན་ས་པའི་སྙིན་པོ་སྦྱང་ཞེས་འདོན་ཅིང་། སྙིང་པོ་དཔའི་བདེན་པ་གཏམཔ། པ་འདི་དང་། འདི་སུ་ཞིག་གིས་སྦྱར་ཞེ་ན། དེའི་ཕྱིར་འཕགས་པ་ལྷ་སོ་སྦྱར་བའོ་ཞེས ་སྨོས་ཏེ། འདི་ས་བརྒྱུད་པ་མི་གཡོ་བ་བརྙེས་པའི་ཕྱིར་འཕགས་དེ་ཉིད་རབ་ཏུ་མཛེས་པའི་ཕྱིར་ལྷ་དང་འདྲ་བས་ན་ལྔ་སྟེ། གཱ་ནསད་ལ་སོ་ཏུལ་ནས་སླར་དཔལ་གྱི་རི་ལ་བླ་མའི་སྤྱན་སྔར་གཤེགས་པའི་ལམ་དུ་སྐྱེས ་བུ་ཞིག་སློབ་དཔོན་འདིའི་སྤྱན་པདྨའི་འདབ་མ་གཞོན་ནུ་ལྟ་བུ་ས་བསྟོད་པ་ནི་དེའི་སྲེད་པ་ཞོ་བར་བྱ་བའི་ཕྱིརམོའི་རྩེསྤྱན་པ་འབྱུང་མ་དེལ་གནང་སྟེ། དེ་ནས་འཕགས་པ་ཀླུ་སྒྲུབ་ལ་ཇི་ལྟར་གྱུར་པ་བསྙད་པ་ན ་འཕགས་པ་མ་དགྱེས་ཏེ། ཁྱོད་ནི་ཝཱ་བ་གླེན་པའོ།། ཞེས་སྨོས་ཏེ། དེ་ནས་བཟུང་སྟེ་ཀཱ་ནའི་རིགས་ཞེས་གྲགས་སོ་ཞེས་པ་དང་། ཡུལ་གྱི་བཟང་མོ་ཐམས་ཅད་ཆགས་པའི་དབང་གིས་རང་རང་གི་བུ་སློབ་དཔོན་ལྟ་བུ་བཙས་སོ།། ཞེས་གྲགས་པའི་ཕྱིརརོ།། སྦྱར ་བའོ་ཞེས་བྱ་བ་ནི་བཀོད་པའོ་ཞེས་བྱ་བའི་དོན་ཏེ། རྩ་བ་འདས་ནི་དད་པས་རྗེས་སུ་འབྱུང་བ་རྣམས་དགའ་བའི་ཕྱིར་ཞེས་བསྟན་པར་འགྱུརརོ།། བདག་ཉིད་ཆེན་པོ་འདི་ལྟ་བུ་ལ་འོག་མའི་སློབ་མར་གནས་པ་ནི་མ་འོངས་པའི་བྱང་ཆུབ་སེམས་དཔའ་རྣམས་བླ་མ་ལ་གུས ་པར་བརྟེན་པར་བྱ་བའི་ཕྱིར་དང་། གོང་གིས་དང་པོར་ཡོངས་སུ་སྨིན་པར་བྱས་པ་དགེ་བྲི་གཞི་གཉེན་དེ་དག་ནི་སངས་རྒྱས་ཀྱི་ས་པས་ཀྱང་། སོ་སོའི་སྐྱེ་བོའོས་པ་དག་ལ་ཉིན་ལན་གསུམ་མཚན་ལན་གསུམ་དུ་ཕྱག་བཙལ་བར་བྱ་ཞིང་བསྐོར་བ་བྱ་བའི་ཕྱིར་རོ།། དེ ་ལ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་གང་གི་ཚེ་རྒྱལ་པོ་མཐར་འགྲོ་ཞོན་གྱི་བུའི་ཕྱིར་ཉིད་ཀྱི་ཚེ་ཡོངསུ་བཏང་བ་ན། སློབ་དཔོན་འཕགས་པ་ལྷ་འདིས་ཀྱང་དེ་ལྟར་བཏང་སྟེ། དུས་གཅིག་ཏུ་བདེ་བ་ཅན་དུ་གཤེགས་སོ།། གཞུང་བཀོད་པ་གང་ཞེ་ན། ་དངོས་དང་དངོས་མེད་ལས་གྲོལ་ཞིང་།། དངོས་དང་དངོས་མེད་རབ་ལྡན་པ།། འགྱུར་བ་མེད་པ་གྲོལ་བའི་མཆོག། ཡིད་ཀྱི་རང་བཞིན་གྲོལ་བའི་གནས།། གང་ཡིན་དེ་ལ་བསམ་གཏན་གྱིས།། རྟོག་སེམས་འཁོར་ལོ་འཛིན་བྱེད་པ།། འགྲོ་དང་དངོས ་པོའི་ངོ་བོ་རྣམས།། རིག་པའི་མིང་དུ་བརྗོད་དོ།། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།། དེ་ལ་དངོས་པོ་ལས་གྲོལ་བ་ནི་རྟག་པར་འདོད་པ་ལ་སོགས་པ་བྱིས་པས་ཇི་ལྟར་རྟག་པས་དབེན་པ་སྟེ། རིགས་ཀྱི་བུ་དེ་ལ་དོན་དམ་པ་ནི་གང་ལ་སེམས་རྒྱུ་བ་ཡང ་མེད་ན་ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་པས་དངོས་པོ་རྣམས་བཀག་པ་སྟེ། དངོས་པོ་ནི་ཡོད་པའི་མིང་གཞན་ཡིན་པའི་ཕྱིར།། དངོས་མེད་ལས་གྲོལ་ཞིང་ཞེས་བྱ་བ་ནི་འཇིག་རྟེན་རྒྱང་པན་པ་ཤིན་ཏུ་མེད་པར་ཞེན་པས་ལས་དང་འབྲས ་བུ་ཐལ་བར་རློག་པ་ལ་སོགས་པའི་ལྟ་བ་དངོས་མེད་དེ། དེ་ལས་གྲོལ་བ་ནི་ཀུན་རྫོབ་ཏུ་དངོས་པོ་རྣམས་སྒྱུ་མ་ཙམ་དུ་མངོན་སུམ་དུ་གྱུར་པའི་ཕྱིར་མེད་པ་ལས་གྲོལ་བ་ཉིད་དུ་གྲུབ་སྟེ་གྲོལ་བ་ནི་དེས་དབེན་པ་ཉིད་དོ།། དེ་བས་ན་དངོས་དང་དངོས་མེད་རབ་ལྡན་པ།། ་ཞེས་བྱ་བ་འདི་ལེགས་པར་གྲུབ་སྟེ།། ཀུན་རྫོབ་ཏུ་དངོས་པོ་དང་རབ་ཏུ་ལྡན་པ་ཡིན་ལ། དོན་དམ་པར་ནི་དངོས་པོ་མེད་པ་དང་རབ་ཏུ་ལྡན་པ་སྟེ། དོན་དམ་པར་དངོས་པོ་མེད་པའི་མཚན་ཉིད་དང་ལྡན་པར་བསྟན་པ་འདི་ཡང་ཐ་སྙད་དུ་ཡིན་གྱི་ཡང་དག་པར་ནི་མེད་པར་རྟག ་ཏུ་ཡང་མེད་དེ། སྐྱེ་བ་ལ་སོགས་བཀག་པར་ཡང་།། ཡང་དག་པ་དང་མཐུན་ཕྱིར་འདོད།། དགག་བྱ་ཡོད་པ་མ་ཡིན་པས།། ཡང་དག་ཏུ་ན་བཀག་མེད་གསལ་ཞེས་བཤད་ལ། ཡང་དེ་ཡང་ཀུན་རྫོབ་ཀྱི་བདེན་པ་ལ་གནས་ནས་དོན་དམ་པའི་བདེན་པའི་ཡུལ་དེ་དག། ་པར་བྱ་བ་ཡིན་གྱི། དོན་དམ་པ་ཉིད་དུ་ནི་བརྗོད་པ་མེད་པའི་ཕྱིར་དགག་པའི་ཐོ་སྙད་ཀྱང་མེད་དོ།། ཞེས་བསྟན་པ་ལྟ་བུའོ།། གལ་ཏེ་དོན་དམ་པར་ཡོད་པ་དང་། མེད་པ་གཉིས་ཀ་ལས་དབེན་ན་ཅིའི་ཕྱིར་མེད་པ་ཁོ་ནས་དེ་ཕལ་ཆེར་བསྟན་ཅེ་ན། འདི་ནི་བྱིས་པ་རྣམས ་ཐོག་མ་མེད་པའི་འཁོར་བ་ནས་ཡོད་པ་ལ་མངོན་པར་ཞེན་པས།། དེ་བསལ་བ་ལ་ཆེས་འབད་པའི་ཕྱིར་དགག་པ་གཙོ་ཆེར་མཛད་པས།། གང་ཞིག་ཡོད་པ་མ་ཡིན་དེ་ནི་མེད་ཅེས་བྱ།། བྱིས་པ་རྣམས་ཀྱིས་དེ་རྟགས་ཡོད་དང་མེད་པ་བྱང་།། ཡོད་དང་མེད་པ ་འདི་གཉིས་མེད་པའི་ཆོས་ཡིན་ཏེ།། བྱང་ཆུབ་སེམས་དཔའ་གང་ཞིག་འདི་ཤེས་ངེས་པར་འབྱུང་ཞེས་བྱ་བ་ལ་སོགས་པ་མེད་པའི་བསྔགས་པ་མཛད་པས་བསྟན་ཏོ།། དེ་ལྟར་ཡོད་པའི་མངོན་པར་ཞེན་པ་ལོག་པ་ན་ཡང་མེད་པའི་མངོན་པར་ཞེན་པར་ཇི་ལྟར་མི ་འགྱུར་ཞེ་ན། དེ་ནི་མ་ཡིན་ཏེ་ཡོད་པ་བརྫུན་པར་ཤེས་པ་དེའི་གྲོགས་བལྟོས་པས་གཞག་པའི་མེང་བ་རྫུན་པ་ཡིན་པར་མེད་པ་བརྫུན་པ་ཡིན་པར་ཤེས་པ་ངེས་པར་འབྱུང་སྟེ། དེ་ལྟར་ན། གང་ཚེ་གང་ནི་མེད་དོ་ཞེས།། རྟག་པའི་དངོས་པོ་མི་དམིགས་པ། ་དེ་ཚེ་ཅུང་ཟད་མེད་དོ་ཞེས། རྟོག་པ་གཉིས་ཀྱི་སྤངས་པར་འགྱུར།། ཞེས་བཤད་པ་ཉིད་དོ།། དེ་ལྟར་ནི་རྩ་བ་གཉིས་པོ་འདིས་ནི།། འཇིག་རྟེན་མཁྱེན་པས་གཞན་ལ་མ་གསན་པར།། བདེན་པ་གཉིས་པོ་འདི་དག་ཉིད་ཀྱིས་གཟིགས།། ཀུན་རྫོབ་གང ་ཡིན་དེ་བཞིན་དོན་དམ་སྟེ། དེ་ན་པ་གསུཾབ་གཞན་ནི་ཡོད་མ་ཡིན།། ཞེས་གསུངས་བདེན་པ་གཉིས་ལོག་པར་བསྟན་པས་འཇུག་པའི་ལམ་མ་ནོར་བ་ཐོག་མ་ཉིད་དུ་བསྟན་པ་མཛད་པར་ཤེས་པར་བྱ་སྟེ། ཇི་སྐད་དུ་ཚུལ་གཉིས་ཤིང་རྟ་ཞོན་ནས་སུ།། རིགས ་པའི་སྲབ་སྒྱོགས་འཇུག་བྱེད་པ།། དེ་དག་དེ་ཕྱིར་ཇི་བཞིན་དོན།། ཐེག་པ་ཆེན་པོ་པ་ཉིད་འཐོབ་ཅེས་བཤད་པ་བཞིན་ནོ།། ད་ནི་བདེན་པ་གཉིས་ཀྱི་ཤིང་རྟ་ལ་ཞོན་ནས་ཤེས་རབ་ཀྱི་མིག་རྣམ་པར་དག་པས་དོན་དམ་པའི་བདེན་པ་མཐོང་བར་བྱ་བའི་ཕྱིར ་འགྱུར་བ་མེད་པ་གྲོལ་བའི་མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་བཞིན་གྱི་འོད་གསལ་བའི་སེམས་ནི་དོན་དམ་པར་འཕེལ་འགྲིབ་མེད་པས་ན་འགྱུར་བ་མེད་པའོ།། དེ་ལྟར་རང་གི་སེམས་འགྱུར་བ་མེད་པ་དེ་ཉིད་མུ་སྟེགས་བྱེད་དང་།། ་འཕགས་པ་ཉན་ཐོས་ལ་ས་ག་སོགས་པའི་ཐར་པ་བས་རྒྱུའི་དུས་ན་དམིགས་པ་ལ་སོགས་པས་དམ་པ་ཡིན་ལ། འབྲས་བུའི་དུས་ན་ཡང་དམ་པར་འགྲུབ་པ་དང་། ལས་ཆེན་པོར་དམ་པར་འགྱུར་བའི་ཕྱིར། གྲོལ་བའི་མཆོག་ཉིད་ཏེ། ་གསང་བའི་བདག་པོ་དེ་ལ་བྱང་ཆུབ་གང་ཞེ་ན། རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིནི་ཤེས་པ་སྟེ། དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ་ཞེས་གསུངས་པ་ལྟ་བུའོ།། ཇི་ལྟར་ཁོང་དུ་ཆུད་པར་འགྱུར་ཞེ་ན།། དེ་ཕྱིར་ཡིད་ཀྱི་རང་བཞིན་གྲོལ ་བའི་གནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཀྱི་རང་བཞིན་ཐར་པའི་གནས་ཡིན་པར་བསྟན་ཏེ། གནས་ཀྱི་སྒྲ་ནི་དྷུར་བལྟ་བར་བྱ་སྟེ། འབྲས་བུ་འབྱུང་བའི་གནས་ཞེས་པའོ།། དེ་ལྟར་ཡང་གསུངས་པ། སེམས་པ། སེམས་ནི་ཡེ་ཤེས་འབྱུང་བའི་རྒྱུ། ་སངས་རྒྱས་གཞན་དུ་མི་བལྟའོ།། ཞེས་པ་དང་ཡང་གསུངས་པ། གསང་བའི་བདག་པོ་བྱང་ཆུབ་དང་། ཐམས་ཅད་མཁྱེན་པ་ཉིད་ནི་རང་གི་སེམས་ལས་ཡོངས་སུ་བཙལ་བར་བྱའོ།། ཞེས་བྱ་བ་ལྟ་བུའོ།། ཇི་ལྟར་རྒྱུ་ཡིན་ཞེ་ན་གང་ཡིན་དེ་ལ་བསམ ་གཏན་གྱིས།། རྟོག་སེམས་འཁོར་ལོ་འཛིན་བྱེད་པ།། དེ་ནི་གྲོས་དྲི་གནས་སོ་ཞེས་ཁོང་ནས་དབྱུང་སྟེ། སེམས་ཀྱི་ཡང་དག་པ་ཇི་ལྟ་བ་གང་ཡིན་པ་དེ་ལ་འཛིན་པར་བྱེད་པ་ཞེས་ཀྱང་སྦྱར་རོ།། གང་གིས་གང་ཉིད་འཛིན་ཅེ་ན། བསམ་གཏན་གཏན་གྱིས ་རྟོག་སེམས་འཁོར་ལོ་འཛིན་བྱེད་པ། ཞེས་སྨོས་ཏེ། བསམ་གཏན་ནི་ཏིང་ངེ་འཛིན་དང་བཅས་པས་ཏེ་དེས་འཛིན་ཏོ།། རྟོག་པའི་རང་བཞིན་གྱི་སེམས་སམ། རྟོག་པོ་དང་བཅས་པའི་སེམས་ནི་རྟོག་སེམས་ཏེ། དེ་ཉིད་ཡང་དང་ཡང་དུ་ཡུལ་ལ ་འཇུག་པ་དང་ལྡོག་པར་བྱེད་པས་འཁོར་ལོ་སྟེ། དེ་འཛིན་པར་བྱེད་དོ།། ཇི་ལྟར་འཛིན་པར་ནི་འོག་ནས་འཆད་པར་བྱེད་དོ།། ང་ན་ཡོན་ཏན་བསྟན་པའི་ཕྱིར།། འགྲོ་དང་དམ་ཝ་མང་བོ་རྣམས།། རེག་པའི་མིང་དུ་དེ་བརྗོད་དོ་ཞེས་སྨྲས་ཏེ།། ཀུན་རྫོབ་ཏུ་ནི་ཀྱི་རྒྱལ་བའི་སྐ ་དད་ཁམས་གསུམ་པོ་འདི་དག་ནི་སེམས་ཙ་མཱཾ་སྟེ། དུས་གསུམ་ཡང་སེམས་ཙམ་མོ་ཞེས་གསུངས་པས། རང་གི་སེམས་ཤེས་བསྔ་མ་ལུས་པ་ཤེས་པ་ཡི་3། དོན་དམ་པར་ནི་དངོས་གཅིག་དངོས་པོ་ཀུན་གྱི་ངོ་བོ་ཉིད།། དངོས་ཀུན་དངོས་པོ་གཅིག་གི་ངོ ་ཉིད།། གང་གིས་དངོས་གཅིག་དེ་བཞིན་ཉིད་དུ་མཐོང་།། དེ་ཡིས་དངོས་ཀུན་དེ་བཞིན་ཉིད་དུ་མཐོང་།། ཞེས་གསུངས་པས་ན་འདི་འཐད་པར་འགྱུར་རོ།། འགྲོ་བ་ནི་སེམས་ཅན་ནོ།། དངོས་པོ་ནི་སྣོད་ཀྱི་འཇིག་རྟེན་ཉིད་ཏེ། ངོ་བོ་རྣམས་ཞེས་བྱ་བ་ནི་གཉིས། ་ཀ་ལ་སྦྱར་རོ།། རིག་པ་ནི་རྟོག་པ་སྟེ། དེ་ལ་རིག་པར་བརྗོད་པར་རིགས་ཀྱི་གཞན་ལ་མ་ཡིན་པས་ན་ཡིན་པས་ན་མིང་དུ་དེ་ཁོ་ན་བརྗོད་དོ།། ཞེས་དགོངས་སོ།། དུ་ནི་ནན་ཏན་དང་བྲལ་བ་རྣམས་ལ་དེ་རྟོགས་པར་དཀའ་བར་སྟོན་པ། དངོས་མོད་སྟོང་པ ་མཁའ་འདྲ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་ཀུན་རྫོབ་ཀྱི་བདེན་པ་ཡང་དག་པ་དང་། ཡང་དག་པ་མ་ཡིན་པ་དགེ་མེད་པ་ནི་དོན་རྣམ་པ་སྟེ། འདིས་ནི་དོན་དམ་པ་ཀུན་རྫོབ་ཀྱི་བདེན་པ་ལས་བཟློག་པའི་རང་བཞིན་དུ་སྟོན་ཏོ།། དེ་ལྟར་ན་དེ ་ནི་སྟོང་པའི་རང་བཞིན་དུ་གྲུབ་བོ།། ད་ནི་རི་བོང་གི་རཱི་ལ་སོགས་པ་ལྟར་ཤིན་ཏུ་མེད་པར་རྟོག་པ་དགག་ཅིང་རང་བཞིན་གྱི་དེ་གསལ་བའི་ངོ་བོ་དེ་བསྟན་པའི་ཕྱིར་མཁའི་འདྲ་བ། ཡིད་བ་རྣམ་པར་སྤངས་པ་ནི་ཞེས་པ་སྨོས་ཏེ་མིཁེའ་ནི་ན་མཁའོ། ་དེ་ཉིད་ཅི་ཞིག་གང་སྟེང་ན་སྔོན་པོར་སྣང་བ་འམ་ཞེ་ན། དེ་ནི་མ་ཡིན་ཏེ། དེ་ཁ་དོག་གི་ཁྱད་པར་ཉིད་ཀྱི་ཕྱིར་དཔེར་མི་རུང་ངོ་།། འོ་ན་གང་ལས། བུ་ག་ན་མཁའི་ཁམས་ཞེས་བྱ།། སྣང་དང་མུན་པ་དག་ཡིན་ནོ་ཞེས་སྨྲས ་པ་འམ་ཞེ་ན། འདི་ཡང་མི་འདོད་ཏེ། ཁ་དོག་གི་ཁྱད་པར་ཉིད་ལ་ན་མཁར་བཏགས་པས་དཔེར་མི་བྱེད་དོ།། དེ་ལ་ན་མཁའ་ཞེས་པ་འདི་གང་ཞེ་ན། འདི་རྗེས་སུ་དཔག་པ་ཙམ་གྱི་ཡིད་ཆེས་པར་བྱ་བ་གོ་འབྱེད་པའི་བདག་ཉིད་དོ།། དེས་ན་དངོས་པོ ་ཡོད་པ་ཡང་མ་ཡིན་ལ། ཤིན་ཏུ་མེད་པ་ཡང་མ་ཡིན་པ་སྟེ། གལ་ཏེ་ཤིན་ཏུ་མེད་ན་འདིས་གོ་འབྱེད་པའི་ནུས་པ་ཡང་མེད་དེ། མེད་པ་ནི་ནུས་པ་ཐམས་ཅད་དང་བྲལ་བའི་ཕྱིར་རི་བོང་གི་རྭ་དང་མཚུངས་སོ།། གལ་ཏེ་རི་བོང་གི་རྭ་མེད་པ་ཡང ་གོ་འབྱེད་པ་ཉིད་དེ། རྭ་མེད་པའི་ཕྱོགས་མགོའི་རྭའི་གནས་སུ་ཐུར་མ་བཙུགས་པ་ལ་སོགས་པ་ནུས་སོ་ཞེ་ན། དེ་ཡང་ན་མཁའ་ཉིད་ཀྱིས་ཏེ། རི་བོང་གི་རྭ་མེད་པ་ཉིད་ཡོད་པས་གོ་འབྱེད་པ་ནི་མ་ཡིན་ནོ།། དེ་བས་ན་ན་མཁའ་ཉིད་གོ་འབྱེད་པ ་ཡིན་ཏོ།། གསང་བའི་བདག་པོ་འདི་ལྟ་སྟེ། དཔེར་ན་ན་མཁའི་ཁམས་ནི་སེམས་ཅན་ཡང་མ་ཡིན།། སྲོག་ཀྱང་མ་ཡིན།། སྲེག་ཀྱང་མ་ཡན། ཤེད་ཅན་ཡང་མ་ཡིན། ཤེད་ལས་སྐྱེས་པ་ཡང་མ་ཡིན། བྱེད་པ་པོ་ཡང་མ་ཡིན། ་ཚོར་བ་པོ་ཡང་མ་ཡིན། བཟུང་བ་ཡང་མ་ཡིན། འཛིན་པ་ཡང་མ་ཡིན་ཞིང་། རྟོག་པ་དང་རྣམ་པར་རྟོག་ཐམས་ཅད་དང་བྲལ་མོད་ཀྱི། འོན་ཀྱང་སེམས་ཅན་གྱི་ཁམས་མ་ལུས་པ་རྣམས་འགྲོ་བ་དང་འོང་བ་ལ་སོགས་པ་ཐམས་ཅད་བྱེད།། ་འདི་ས་ནི་ཐེ་ཚོམ་མེད་དོ་ཞེས་གསུངས་པ་ལྟའོ།། འདི་ཡང་མེད་པ་ཡང་མ་ཡིན་ལ། སྐྱེ་བོ་རྣམས་ཀྱིས་མངོན་གསུམ་གྱིས་མི་སོད་པས་ན་རབ་ཏུ་ཟབ། མ་བརྟག་པའི་དུས་ན་ཡོད་པ་དང་མང་བ་གང་ཡིན་པ་ཉིད་ལ་ཡང་དག་ཏུ་རྟག་པའི་ཚེ་རྣམ་པར་རྟོག་པ་གང་གིས ་ཀྱང་རིག་པར་མི་ནུས་པས་དོན་དམ་པའི་བདེན་པ་ཉིད་དེ། ཇི་སྐད་དུ། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས། མཚན་ཉིད་མེད་ཅིང་སྐྱེ་བ་མེད།། ཚིག་གི་ལཱམཱ་མིན་འདུས་མ་བྱས།། བྱང་ཆུབ་སེམས་དང་ན་མཁའ་དང་།། བྱང་ཆུབ་རྣམ་ནི་གཉིས་ས་ཨི། ཅེས་བཤད ་ཅིང་། ཡང་གཞན་ལས། གསང་བའི་བདག་པོ་ཆོས་ཐམས་ཅད་ཀྱང་མཚན་ཉིད་མེད་པ་འདི་ལྟ་སྟེ། ན་མཁའི་མཚན་ཉིད་དོ།། ཅེས་གསུངས་ཏེ། འདི་ནི་དཔེར་བརྗོད་པའི་ནམཁའི་ཡིན་ལ།། དེ་དང་འདྲ་བ་ནི་བྱས་པ་རྣམས་ལ་བསྟན་པའི་ཕྱིར་སྨོས་ཀྱི། རིགས ་པའི་ལམ་དུ་ཞུགས་པ་རྣམས་ཀྱིས་ནི་མིང་ཐ་དད་མོད་ཀྱི་དོན་འདྲ་བའི་ངོ་བོ་ཉིད་གཅིག་པར་སྟོན་པའི་སྒྲར་ཁོང་དུ་ཆུད་པར་བྱའོ།། དེས་ན་སྔར་བསྟན་པའི་ཚུལ་གྱིས་ཀུན་རྫོབ་ཏུ་ཡོད་པ་རྣ་བར་སྤངས་པ་ཞེས་བྱ་བ་འདི་གྲུབ་བོ།། དོན་དམ་པར་ནི་མེད ་པ་ཡང་སྤངས་ལ་གཉིས་ཀ་མ་ཡིན་པ་ཡང་སྤངས་སོ།། དེ་ནི་དེ་ཉིད་མཆོག་སྟེ་མུ་སྟེགས་བྱེད་ཀྱི་དེ་ཁོ་ན་ཉིད་ཉི་ཤུ་རྩ་ལྔར་བསྟན་ཅིང་། དེ་ཉིད་ཉི་ཤུ་ལྔ་ཤེས་ན།། རལ་པ་འམ་མགོ་རེག་གཙུག་བུད་ཀྱིས།། བསྟི་གནས་གང་དུ་དགའ་བ་དེར ་གྲོལ་འགྱུར་འགྱུར་འདི་ལ་ཐེ་ཚོམ་མེད་ཅེས་སྨྲ་བ་ལ་སོགས་པ་སྟེ། དེ་དག་པས་འདི་མཆོག་ཉིད་དེ་འདི་ནི་མི་བསླུ་བའི་ཕྱིར་རོ།། ཐར་འདོད་རྣམས་ཞེས་བྱ་བ་ནི། ཕྱི་རོལ་པ་དང་། ཆོས་འདི་པ་འཁོར་བ་ལས་འབྱུང་བར་སྤྲོ་བ་རྣམས་སོ།། འཁྲུ ་དང་རྨོངས་ཆེན་གནས་ཡིན་ནོ།། ཞེས་བྱ་བ་ལ་གང་དང་པོ་ཉིད་དུ་བློ་རང་བཞིན་དང་འགལ་བར་སྐྱེ་བ་ནི་འཁྲུལ་པ་སྟེ། དེའི་འོག་ཏུ་ལོག་པ་ལ་ཡང་དག་པར་འཛིན་པ་ནི་མངོན་པར་ཞེན་པ་དྲན་པ་བསྟན་པར་གྱུར་པས་ན་རྨོངས་ཆེན་ནོ།། ་དེ་དག་གི་རྒྱུ་ནི་གནས་ཡིན་ནོ་ཞེས་བྱ་བ་སྟེ། འདིར་འཁྲུལ་པའི་རྒྱུ་ནི་དངོས་པོར་གྱུར་པ་གཞན་བྱེད་པ་པོ་ལྟ་བུ་ཅི་ཡང་མེད་དེ། ཇི་ལྟར་ན་མཁའ་གོ་འབྱེད་པ་མ་ཡིན་པ་འབྱེད་པ་པོ་གཞན་སུ་ཡང་མེད་པ་ལྟ་བུ་སྟེ། དོན་འདི་ནི་འོག་ཉིད་ནས། དེ་ཉིད་དམ ་པ་མཁའ་འདྲ་ལ།། གང་དག་སེམས་ནི་རབ་རྨོངས་པ། དེ་དག་ཆོས་ཅན་ནམ་མཁའ་ལ།། མཆོག་ཏུ་རྨོངས་པ་དག་ཏུ་འགྱུར།། ཞེས་སྨོས་པས་གསལ་བར་མཛད་པོ་ཉིད་དོ།། དེ་ནི་དེ་ལྟར་ཟབ་ཅིང་རྟོག་པར་དཀའ་བ་དེའི་འཐད་པ་བསྟན་པའི ་ཕྱིར། རེ་ཞིག་དངོས་གང་ཡོད་ན་ནི།། རྣམ་པར་འཇིག་པའི་གནས་ལ་ཡ་རས།། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནི་ཡོད་པ་དང་མེད་པ་གཉིས་ཀ་རིགས་པས་གནོད་པས་ན་འཁྲུལ་པ་རྣམ་སྤོང་དགོས་སོ། ཞེས་སྟོན་པར་མཛད་དོ།། ་རོ་ཞིག་ཅེས་བྱ་བ་ནི་དོན་རིམ་གྱི་སྟོན་པའི་ཚིག་ཉིད་ཏེ། རིམ་པ་ཡང་ཐོག་མར་དངོས་པོ་ཡོད་པའི་ཉེས་པ་བསྟན་ཅིང་།། དེ་ནས་མེད་པའི་ཉེས་པ་སྟོན་ལ།། དེ་ནས་དབུ་མའི་ལྟ་བ་སྟོན་པའོ།། དངོས་གང་ནི་བྱིས་པས་བརྟགས་པ་ཁོ་ན་ལྟར་རོ།། ་དེ་ལྟར་ཡོད་ན་ནི་སྟེ་ཡོད་པར་རྟོག་ན་ནི་ཉེས་པ་འདི་འབྱུང་སྟེ། རྣམ་པར་འཇིག་པའི་གནས་སྐད་ཅིག་རེ་རེ་ལ་འཇིག་པ་དང་། མཐར་ཆད་བཱི་ཀན་ལ་དེ་དག་གན་འགྱུར་བ་ནི་མི་རིགས་པར་འགྱུར་རོ།། གལ་ཏེ་དེ་ལྟ་ན་མེད་དོ་ཞེ་ན། དངོས་པོ་རྣམ ་ནི་མེད་ན་ཡང་།། སྟོང་པ་ཉིད་ལས་སྐྱེ་བར་འགྱུར་ཏེ། དེ་ལྟར་ན་རྟག་ཏུ་ཡོད་པའམ་མེད་པར་འགྱུར་ཏེ། རྒྱུ་ལ་རག་ལས་པ་མེད་པའི་ཕྱིར་རོ།། ད་ནི་བླ་མའི་ལུང་གིས་འཁྲུལ་བ་དེ་སེལ་བར་སྟོན་པས་དེ་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བླ་མའི ་ལུང་གིས་ལོག་པར་འཛིན་པ་སུན་འབྱིན་པའི་རིག་པ་ཤེས་པར་འགྱུར་བ་དེ་ཕྱིར་ཡོད་པ་དང་མེད་པའི་ཕྱོགས་གཉིས་ལས་ཡོད་པའི་ཕྱོགསོ་སྐེམས་ཤིང་མེད་པའི་ཕྱོགས་ཀྱང་ཡོངསུ་སྐེམས་པ་ནི་མཁས་པོ་རྣམས་ཀྱིས་བགྲོད་པར་བྱ་བའི་གོ་འཕང་མཆོས ་ཕྲ་བའི་ལྟ་བ་དེ་བླ་མའི་ཞལ་ནས་གནས་པའོ།། དེའི་ཕྱིར་ཆོས་ལ་འབད་པ་མེད་ན་ནི།། གང་ཕྱིར་དེ་ཉིད་མི་འགྲུབ་པ།། དེ་ཕྱིར་མཁསོ་པས་ནན་ཏན་གྱིས།། ཆོས་ལ་ལེགས་པར་བལྟ་བར་བྱ།། འཇིག་རྟེན་མགོན་གྱིས་གསུངས་པ་ཡང་།། མཆོ ་ཏུ་རྩམཱ་བྱཾ་མིན་པ་ལའང་།། ཕྱག་བྱས་ནསྣ་ནི་བརྩ་མོ་ལ་འཇུག། གང་གང་ཉན་པ་གུས་པས་སོ།། བསྲེགས་བཅད་བདར་པོའི་གསེར་བཞིན་དུ།། དགེ་སློང་དག་གམ་མཁས་རྣམས་ཀྱིས།། ཡོངས་སུ་བརྟགས་ལ་ང་ཡི་བཀའ།། བླང་བར་བྱ་ཡི ་གུས་ཕྱིར་མིན།། དེ་བས་འབད་པོས་བླ་མ་ནི།། ཡང་དང་ཡང་དུ་མཆོད་བྱ་ཞིང་།། གང་ཕྱིར་སེམས་ནི་བརྟན་གྱུར་པས།། ཉེ་བར་བརྟན་པ་ཡོངས་སུ་དྲི།། ཞེས་འཆད་པར་འགྱུར་བ་ཡང་སྦྱར་རོ།། ད་ནི་ཇི་ལྟ་བ་ཉིད་རྟོགས་པའི་བདག་ཉིད་ཆེ་བ་སྟོན་ཏེ།། ་གང་ཡོད་དེ་ཀུན་འདི་རྣམས་འཇིག། གང་མེད་དེ་ཡང་འབྲས་བུ་མེད་པས་གཉིས་ཀ་ལྟར་མི་འཐད་ཅིང་། དེས་ན་གཉིས་ཀྱི་དབུས་ན་གནས་ཏེ། དབུ་མའི་ལྟ་བ། རབ་ཕྲ་མཁས་པ་གང་གིས་རྟོག། དེ་ཉིད་དེ་ཁོ་ན་ཉིད་རིན་ཆེན་མཆོག་སྟེ། འདི་ཡང་ཀུན ་རྫོབ་ཏུ་ཡིན་གྱི་དོན་དམ་པར་ནི།། ཡོད་ཅེས་མེད་ཅེས་གཉིས་ཀ་མཐའ།། ངག་དང་མ་དག་འདི་ཡང་མཐའ་གཉིས་རྣམས་སྤངས་ཏེ།། མཁས་པས་དབུས་ལའང་གནས་མི་བྱེད།། ཅེས་བསྟན་པའི་ཕྱིར་རོ།། ད་ནི་དབུ་མའི་བསྟན ་བཅོས་རྣམས་ནི་དགག་པ་གཙོ་ཆེ་བའི་ཕྱིར་དགུག་པ་ལ་བརྟེན་ནས། ཆོས་ལ་སྒྲ་ཇི་བཞིན་པར་འཛིན་པའི་ཆོས་འདི་པདག་དང་། འཇིག་རྟེན་རྒྱང་པ་ན་པའི་ལྟ་བ་བསལ་བའི་ཕྱིར། དངོས་པོ་མེད་པ་ཉི་ཚོལ།། རྨོངས་པ་རྣམས་ནི་ཉེ་བར་གནས། ཁོང ་དམྱགས་དམན་པའི་གནས་ལ་ནི།། ཐུན་པོ་དེ་དག་འདི་ན་གནས་ཞེས་སྨོས་ཏེ། འདིར་དངོས་པོ་ཉི་ཚེ་ལ་ཉེ་བར་གནས་པའི་རྨོངས་པ་རྣམས་ནི་གསུམ་སྟེ། འཇིག་རྟེན་ཕ་རོལ་དང་སྐྱེ་བ་སྔ་མ་སུན་འབྱིན་པའི་འཇིག་རྟེན་རྒྱང་བན་པ་དང་། སངས་རྒྱས ་ཀྱིས་ཀུན་ཏུ་བཟང་པོ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀུན་རྫོབ་ཏུ་མི་གནས་པར་སྨྲ་བ། འབྲས་བུ་ལ་སྐུར་པ་འདེབས་པ་རྣམས་དང་། དོན་དམ་པར་རང་བཞིན་མེད་པའི་ཕྱིར་ཀུན་རྫོབ་ཉིད་དུ་ཡང་སྡིག་པ་སྤྱོད་པས་གནོད་པ་མེད་དོ་ཞེས་ཆོས་ལ་སྒྲ་ཇི ་བཞིན་དུ་འཛིན་པའི་ལྟ་བ་ཅན་རྣམ་སོ།། དེ་ལ་དང་པོའི་དབང་དུ་བྱས་ཏེ་ནི་དངོས་པོ་མེད་པ་སྐྱེ་བ་དང་། ཚེད་ནས་ཡང་མི་འབྱུང་བར་སྒྲུབ་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་དང་། རྗེས་སུ་དཔག་པ་དང་གྲགས་པས་ནི་ཁྱོད་ལ་གནོད་པར་འགྱུར་བའི ་ཕྱིར་དང་། རྟག་པར་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བའི་ཕྱིར་དང་། རྟག་ཏུ་ཡོད་པ་འམ་མེ་པ་འམ་མེད་པ་ཞིག་ཏུ་འགྱུར་བའི་ཕྱིར་ཞེས་བྱ་བའི་གནོད་པ་ཡོད་དོ།། གཉིས་པ་ལ་ཡང་ཉོན་མོངས་ཟད་པའི་དགེ་སློང་གི། འཁོར་བ་གལ་ཏེ ་རྣམ་ལྡོག་ན།། རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་།། ཅི་ཕྱིར་དེ་ཡི་རྩོམ་མི་བཤད།། རྩོམ་པ་ཡོད་ན་ངེས་པར་ཡང་།། ལྟ་བར་འགྱུར་བ་ཡོངས་སུ་འཛིན་ཞེས་བརྗོད་པའི་ཉེས་པ་བཞག་པ་ལྟར་གནས་ལ། གལ་ཏེ་བདག་ཅིག་མེད་པར་གྱུར་པ་ནི།། དེ ་ཡི་སྤྱོད་ཡུལ་ཞི་བ་སྟོང་པ་མེད།། རང་བྱུང་རྡུལ་རྣམས་ཤིན་ཏུ་བསལ་བ་ཡི།། བདེ་གཤེ་རྣམས་ཀྱི་སྐུ་ཡང་ཇི་ལྟར་འབྱུང་།། ཞེས་གསུངས་པ་ཡང་ཇི་ལྟར་དྲང་། འདིར་བདག་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་བྱ་བར་ངེས་སོ།། གསུམ་པ་ལ་ཡང་མེ ་སོགས་པ་དོན་དམ་པར་རང་བཞིན་མེད་མོད་ཀྱི། ཀུན་རྫོབ་ཏུ་ཚ་བ་ལ་སོགས་པ་མངོན་སུམ་དུ་གྱུར་པ་སུ་ཡིས་བཟློག་པར་ནུས་ཏེ་དེའི་ཕྱིར། རི་རབ་ཙམ་དུ་གྱུར་པ་ཡི།། བདག་ཏུ་ལྟ་བས་མི་གནོད་ཀྱི།། སྟོང་ཉིད་ལྟེ་བས་གནོད་པ་ནི།། ང་རྒྱལ་མི་བདེན ་བརྟགས་པས་སོ་ཞེས་གསུངས་ལ། ཡང་སྟོང་པ་ཉིད་ལ་བལྟ་ཉེས་ན།། ཤེས་རབ་ཆུང་ལྡན་ཕུང་འགྱུར་ཏེ།། ཇི་ལྟར་སྦྲུལ་གཟུང་ཉེས་པ་དང་།། རེག་སྔགས་ལོག་པར་བསྒྲུབ་པ་བཞིན་ཞེས་བསྟན་ཞེས་བསྟན་ཏོ།། དེ་བཞིན་དུ་ཐེག་པ་ཆེན ་པོ་ལས་བྱང་ཆུབ་སེམས་དཔའ་ཆོས་ལ་སྒྲ་ཇི་ལྟ་བར་འཛིན་པ་ལ་ཆད་པར་ལྟ་བ་ཉི་ཤུ་རྩ་བརྒྱད་འབྱུང་བར་གསུངས་པ་འདི་ལྟ་སྟེ། མཚན་མར་འཛིན་པར་ལྟ་བ་དང་། ལྟ་བཱི་ལ་ལྟ་བ་མ་ཡིན་པར་ལྟ་བ་དང་། ཐ་སྙད་ལ་སྐུར་པ་འདེབས ་པའི་ལྟ་བ་དང་། ཀུན་ནས་ཉོན་མོངས་པ་ལ་སྐུར་པ་འདེབས་པའི་ལྟ་བ་དང་། དེ་ཁོ་ན་ཉིད་ལ་སྐུར་པ་འདེབས་པའི་ལྟ་བ་དང་། སྦྱོར་བ་སེལ་བའི་ལྟ་བ་དང་། ཡོངསུ་འཛིན་པའི་ལྟ་བ་དང་། བསྒྱུར་བའི་ལྟ་བ་དང་། ངེས་པར་འབྱུང་བ་མ ་ཡིན་པའི་ལྟ་བ་དང་། ཁ་ན་མ་ཐོ་བ་མེད་པར་ལྟ་བ་དང་། འབྱུང་བར་ལྟ་བ་དང་། སྒྲིབ་པའི་ལྟ་བ་དང་། བརྙས་པའི་ལྟ་བ་དང་། རབ་ཏུ་འཁྲུག་པའི་ལྟ་བ་དང་། བསོད་ནམས་མ་ཡིན་པ་འཕེལ་བའི་ལྟ་བ་དང་། ལོག་པར་ལྟ་བ་དང་། ་ངལ་བ་འབྲས་བུ་མེད་པའི་ལྟ་བ་དང་། འཕེལ་བར་ལྟ་བ་དང་། སྲུང་བའི་ལྟ་བ་དང་། ཁས་མི་ལེན་པའི་ལྟ་བ་དང་། གཡོ་བའི་ལྟ་བ་དང་། ཆད་པས་བཅད་པའི་ལྟ་བ་དང་། བཀུར་སྟི་བྱེད་པའི་ལྟ་བ་དང་བཀུར་བའི་བ་དང་། རྨོད་བརྟན་པའི་ལྟ་བ་དང་། མི་སྨྲ་བའི་ལྟ་བ ་རྩ་བའི་ལྟ་བ་དང་། ལྟ་བ་ཆེན་པོ་དང་། མངོན་པའི་ང་རྒྱལ་གྱི་ལྟ་བའོ།། དེ་ལྟར་ཆད་པར་ལྟ་བ་གསུམ་པོ་དེ་དག་ནི་ས་བོན་རུལ་བ་དང་འདྲ་བས་ན། ཁོང་མྱགས་དམན་པའི་གནས་ལ་ནི།། བླུན་པོ་རྣམ་པ་གསུམ་པོ་དེ་དག་འདི་ན་གནས་ཞེས་གསུངསོ།། ་གང་ཟག་ལོག་པར་ལྟ་བས་ལེགས་སྤྱད་ཀྱང་།། ཐམས་ཅད་རྣམ་པར་སྨིན་པ་མི་བཟང་ལྡན་ཞེས་བཤད་པས་ན་ལྟ་བ་ལོག་པ་དེ་ཉིད་དམན་པའི་གནས་སོ།། ཐུན་པོ་ནི་རྨོངས་པའོ།། དེ་ལྟ་ན་དངོས་པོ་ཡོད་པར་གཟུང་ངམ་ཞེ་ན། དེ་ཉིད་དམ་པ་མཁའ་འདྲ། ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཉིད་དམ་པ་མཁའ་འདྲ་བའི་དོན་ནི་བཤད་ཟིན་ཏོ།། དེ་ལ་རྣལ་འབྱོར་པ་གང་དག་གི་སེམས་རྨོངས་པ་ནི་རྣལ་འབྱོར་སྤྱོད་པ་བའི་བར་དུའོ།། བླུན་པོ་དེ་དག་གི་འཁྲུལ་པའི་གཞི་ཅི་ཞེ་ན། ཆོས་ཅན་ནམ་མཁའ་ལ་ཞེས་སྨོས ་ཏེ། འདིར་ཆོས་འཁྲུལ་པོའི་ཤེས་པས་བརྟག་པ་དང་བཅས་པའོ།། དེ་དག་གི་ཆོས་ཅན་ནི་ནམ་མཁའ་ཞེས་སྔར་བསྟན་པ་ཉིད་དེ།། དེ་ལྟར་ན་ཆོས་དང་ཆོས་ཅན་འདི་དག་ནི་དེའི་བདག་ཉིད་ཀྱི་འབྲེལ་པའོ།། ཆོས་ཅན་དེ་ལ་མཆོག་ཏུ་རྨོངས་པ་དག་ཏུ་འགྱུར་བ ་ནི་ཆོས་ཁོང་དུ་མ་ཆུད་བས་ཕྱོགས་བསྐྲད་པའི་མི་ལྟར་གྱུར་པའོ།། འདིར་ཡང་རང་བཞིན་བཙན་པར་བྱ་སྟེ། ཆོས་ཉིད་དེ་ཉིད་ཆོས་ཅན་ཏུ་བརྗོད་ཅིང་། གཞན་དུ་མངོན་པར་ཞེན་པ་བཙན་པར་བྱ་སྟེ་བཟློག་པར་བསྟན་ཏོ།། དེ་ལྟར་མཆོག་ཏུ་རྨོངས་པའི་ཕྱིར ་ན་སྦྱིན་པ་ལ་སོགས་པའི་འབྲས་བུ་མཐོ་རིས་ལ་སོགས་པའི་བདེ་བའི་དངོས་པོ་ཉམས་སུ་མྱོང་བ་ཡང་སྐྱེ་བ་ལྔ་བརྒྱ་ལ་སོགས་པར་སྤྱད་ནས་སླར་ཡང་ཟད་པའི་གནས་ཡིན་པས་ན་རྟག་པོའི་རྟེན་མེད་ཏེ། དེས་ན་འཁོར་བ་ཐ་མ་མེད་པའི་དབང་དུ་བྱས ་ནས་སྲིང་བའི་རྩེ་མོའི་ཚེ་བསྐལ་པ་བརྒྱད་ཁྲི་བཞི་སྟོང་ཐུབ་པས།། འཇིག་རྟེན་པ་ཡི་དགེ་བ་ལ། སྲིང་རྩེའི་སེམས་དཔའ་འབྲས་བུ་ཆེ་ཞེས་བསྟན་པའི་འབྲས་བུ་ཡང་ཅུང་ཟད་ཀྱི་དུས་སུ་བདེ་བ་འཐོབ་ཀྱི། ཉོན་མོངས་པའི་རྒྱུད་ལས་ནོར་གྲོལ་བར་མི་བརྗོད་དོ།། དེ ་ཡང་ཇི་ལྟར་འཕགས་པཀླུ་སྒྲུབ་ཀྱི་ཞལ་སྔ་ནསྭཱ། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ནི།། ལས་ཀྱི་དབང་གིས་ཕྱིར་ཡང་ས་སྟེང་ལྷུང་།། འཁོར་ལོས་སྒྱུར་བ་ཉིད་དུ་གྱུར་ནས་ནི།། འཁོར་བ་ཉིད་དུ་ཡང་བྱིན་ཉིད་དུ་འགྱུར།། མཐོ་རིས་བུ ་མོའི་ནུ་མ་རྐེད་པ་ལ།། རེག་པའི་བདེ་བ་ཡུན་རིང་མྱོང་ནས་ཀྱང་།། དམྱལ་བར་ཐག་གཅོད་དབང་བའི་འཁྲུལ་འཁོར་གྱི།། རེག་པ་ཤིན་ཏུ་མི་བཟང་བསྟེན་འཚལོ།། རྐང་པའི་རེག་པས་ནེམ་སྦར་བདེ་བཟོད་པའི།། ལྷུན་པོའི་སྤོ་ལ་ཡུན་རིང ་གནས་ནས་ནི།། སླར་ཡང་མེ་མུར་རོ་མྱགས་རྒྱུ་བ་ཡི།། སྡུག་བསྔལ་མི་ཟད་ཕོག་སྙམ་བགྱིད་འཚལ་ལོ།། མཐོ་རིས་བུ་མོས་འབྲོངས་ཤིང་དགའ་བ་དང་།། རྣམ་པར་མཛེས་ཚས་ཚལ་སོན་པས་རྩེས་ནས་སླར།། འདབ་མ་རལ་གྲི་འདྲ་ཚལ ་ནགས་རྣམས་ཀྱིས།། རྐང་ལག་རྣ་བ་སྣ་གཅོད་ཐོབ་པར་འགྱུར།། དལ་གྱི་འབབ་པར་ལྷ་ཡི་བུ་མེ་ནི།། གདོང་མཛེས་གསེར་གྱི་པདྨ་ལྡན་ཞུགས་ནས།། སླར་ཡང་དམྱལ་བའི་ཆུ་བོ་རབ་མེད་པ།། ཆ་རྐོ་བཟོད་རློག་ཆུ་བོར་འཇུག ་འཚལ་ལོ།། ལྷ་ཡུལ་འདོད་བདེ་ཤིན་ཏུ་ཆེན་པོ་དང་།། ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར།། མནར་མེད་མེ་ཡི་བུད་ཞིང་གྱུར་པ་ཡི།། སྡུག་བསྔལ་རྒྱུན་མི་ཆད་པ་བསྟེན་འཚལོ།། ཉི་མ་ཟླ་བ་ཉིད་ཐོབ་རང་ལུས་ཀྱི།། འོད་ཀྱིས་འཇིག་རྟེན ་མཐའ་དག་སྣང་བྱས་ཏེ།། སླར་ཡང་མུན་ནག་སྨག་ཏུ་ཕྱིན་གྱུར་ནས།། རང་གི་ལག་པ་བརྐྱང་བའང་མི་མཐོང་གྱུར།། དེ་ལྟར་ནོངས་པར་འགྱུར་ཚལ་བསོད་ནམས་ཀྱི།། མར་མེའི་སྣང་བ་རྣམ་གསུམ་རབ་བཞེས་ཤིག། ཅེས་གསུངས་པ་ཡིན་ནོ།། ་འོ་ན་ཅི་ཞིག་གིསོ་གྲོལ་བར་བརྗོད་ཅེ་ན། དེའི་ཕྱིར་ཡེ་ཤེས་སྙིང་པོ་མཆོག་གི་རང་བཞིན་འདི་ཉིད་གྲོལ་བར་བསྟན་པའི་ཕྱིར་དེ་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔར་ཡོད་པ་ལ་སོགས་པ་ཉེས་པ་ཆེན་པོར་བསྟན་པ་དེའི་ཕྱིར་རྟག་པར་འཛིན་པ ་ལ་སོགས་པའི་དངོས་པོ་ཡོད་པར་མི་བྱ་ཞིང་། འཇིག་རྟེན་རྒྱང་པན་པ་ལ་སོགས་པ་ལྟར་དངོས་པོ་མེད་པའི་ཡིད་ཀྱང་སྤངས་ཏེ། དེ་ལྟ་ན་བར་དུ་གནས་པར་བྱའོ་སྙམ་པ་ལ། ཀུན་མཁྱེན་ཏེ་སངས་རྒྱས་ཀྱི་གོ་འཕང་ཐོང་བར་འདོད་པ་རྣམས་ཀྱིས་ཡོད ་པ་དང་མེད་པ་ལ་གནས་པར་མི་བྱ་བ་དེ་བཞིན་དུ་དེ་གཉིས་ཀྱི་བར་དུ་ཡང་གནས་པར་མི་བྱ་སྟེ། མཐའ་ལས་འདས་པ་སྟོང་པ་ཉིད་ཅེས་གསུངས་པའི་ཕྱིར་དབུས་ནི་མཐའ་ལ་བལྟོས་པ་ཡིན་ལ། མཐའ་མེད་པར་ནི་དེ་མི་སྲིད་པའི་ཕྱིར་ཏེ། དེ་ལྟར་ན ་གང་ལ་ཡང་མི་གནས་པ་ནི་གྲོལ་བ་ཡིན་ནོ།། དེ་ལྟར་ཕྱོགས་སྔ་མ་དང་ཕྱི་མའི་ཚུལ་གྱིས་ཡེ་ཤེས་སྙིང་པོ་མཆོག་དེ་བསྟན་ནས། ད་ནི་ཡེ་ཤེས་ཐ་དད་པའི་སྙིང་པོ་ཀུན་ལས་བཏུས་པ་ཕྱི་རོལ་པའི་ལུགས་སྟོན་པར་བཞེད་ནས། ཞི་བ་ལ་སོགས་ཡོན་ཏན ་འདོད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དག་ལྷ་ཆེན་པོ་ཞི་བ་ལ་ལྷར་འཛིན་པ་དེ་དག་ནི་ཞི་བ་པ་སྟེ་སངས་རྒྱས་པ་བཞིན་ནོ།། སོགས་ཞེས་བྱ་བ་ནི་དུས་རྒྱུར་འདོད་པ་ལ་སོགས་པ་སྟེ། དེ་དག་ནི་ཞི་བ་ལ་སོགས་པའི་ཡོན་ཏན་སྣ་ཚོགསུ་སྣང་བར་འདོད་དེ།། ་ཇི་སྐད་དུ། དབང་ཕྱུག་རྒྱར་སྨྲ་བ་དག་གིས་དབང་ཕྱུག་གི་ཡོན་ཏན་ཕྲ་བ་དང་། ཡང་བ་དང་། མཆོད་པར་བྱ་བ་དང་། བདག་པོར་གྱུར་པ་དང་། དབང་དུ་གྱུར་པ་དང་། གར་ཡང་ཕྱིན་པ་དང་འདོད་དགུར་ལྡན་པ་དང་། དགའ་མགུར་གནས་པ་དག་སྟོན ་ཏེ། གང་ཞིག་ཕྲར་གྱུར་གཅིག་པུ་སྐྱེ་གནས་འདུག། དེ་ཡིས་འདི་ཀུན་སྐྱེ་ཞིང་འཇིག་པར་བྱེད།། དེ་ནི་དབང་ལྡན་ལྷ་མཆོག་ལྷ་མཆོད་བྱ།། ཡོན་ཏན་བྱེད་པ་ཤིན་ཏུ་ཞི་བ་འཐོབ།། སྐྱེ་བ་འདི་ཤེས་པ་ཡོད་མིན་ཏེ།། བདག་གི་བདེ་སྡུག་དག་ལ ་རང་དབང་མེད།། དབང་ཕྱུག་གིས་བཏང་ཡང་ན་གཡང་ས་འམ།། མཐོ་རིས་དག་ཏུ་འགྲོ་བ་ཁོ་ནར་འགྱུར་ཞེས་སྨྲ་ཞིང་།། ལག་པ་དག་དངོ་རྐང་པ་དང་།། མིག་དང་གདོད་དང་ལུས་རྣམས་ཀྱི།། མང་པོ་བྱེད་ཅིང་འཇིག་བྱེད་པས།། དེས་ནཱ་ཕྲ་བར་བརྗོད ་པ་ཡིན།། མཁའ་དང་རླུང་དང་ས་ནི།། ཆུ་དང་མེ་དག་གནས་བྱེད་ཅིང་།། སྡུད་པ་དང་ནི་རྒྱས་བྱེད་པས།། དེས་ན་ཡང་བར་བརྗོད་པ་ཡིན།། འབྱུང་པོ་ཀུན་ལ་དབང་བྱེད་ཅིང་།། གནས་པ་དག་དང་རྒྱུ་བ་དག། གང་དང་གང་འདོད་དེ་བྱེད་པས།། དེས ་ནཱ་བདག་པོར་གྱུར་ཅེས་བྱ།། བདག་ལ་རག་ལུས་རང་དབང་ཅན།། འགའ་ལའང་འཇིག་པ་ཡོད་མིན་ཏེ།། ཐམས་ཅད་དབང་དུ་གྱུར་པས་ན།། དེས་ན་དབང་དུ་གྱུར་ཅེས་བྱ།། ཡུལ་དང་བཟའ་བ་བཅའ་བ་དང་།། གཞན་ཡང ་ཡིད་ཀྱིས་གང་བསམས་པ།། ཡིད་ཀྱི་རྗེས་འགྲོ་མི་སྡོད་པས།། དེས་ན་གར་ཡང་ཕྱིན་ཅེས་བྱ།། འཇིག་རྟེན་གསུམ་ན་མཆོག་གྱུར་ཅིང་།། གནས་པ་དག་དང་རྒྱུ་བ་དང་།། འབྱུང་པོ་ཀུན་གྱིས་བརྗེད་པས་ན།། དེས་ན་མཆོད་པར་བྱ་བ་ཡིན།། སྙིང ་སྟོབས་རྡུལ་དང་མུན་པ་གསུམ་དང་།། དེ་དག་གང་ལ་གནས་གྱུར་པ།། མིག་ཕྱེ་ཙམོ་གྱིས་བྱེད་འགྱུར་བས།། དེས་ན་འདོད་དགུར་ལྡན་ཞེས་བྱ།། ཐར་པ་འམ་ཡང་ན་ལྷ་ཡི་ལུས།། གང་དུ་བདག་ཉིད་འདོད་པ་དག། ཐམས་ཅད་འདོད་པས་ཐོབ་འགྱུར་བ། ་དེས་ན་དགེའ་མགུར་གནས་ཤེས་བྱ།། ཞེས་བྱ་བས་རྣམ་པར་འཆད་ཅིང་དེ་ལྟར་ཐམས་ཅད་ཞི་བས་བྱས་པར་འདོད་དོ།། དུས་ཀྱི་ཡོན་ཏན་སྤྲོ་བ་དག་ཀྱང་།། གང་ཞིག་གླང་པོ་ནོར་ལྷ་སྟེ།། གང་པ་ནོར་རྒྱལ་ཡིན་པ་དེའི།། འཇིགས་མེད་ཁྲོ་བོ་འང་བས ་གྱུར་པས།། དུས་ནི་འདའ་བར་དཀའ་བྱཱ་ཡི་ཞེས་བྱ་བ་དང་། ཡང་སྦྲུས་། འབྱུང་བ་རྣམས་ནི་ངོས་ཀྱིས་འཁྱིམ།། སྐྱེ་དགུ་རྣམས་སྤྱང་དུས་ཀྱིས་བྱེད།། དུས་ཀྱིས་ག་ཉིད་ལོག་སང་བྱེད་པས།། དུས་ནི་འདའ་བར་དཀའ་བ་ཡིན།། ཞེས་བྱ་བ་དང་། ་ཡིང་སྠ་ས་པ~ཾ། བསྲུང་བ་སུམ་རྩོག་འོབས་ནི་རྒྱོ་མཚོ་དང་།། དམག་མི་སྲིན་པོ་ནིང་ནི་གནོད་སྦྱིན་སྦྱོར།། གང་གི་བསྟན་བཅོས་པ་སིངས་ཚད་མཉམ་པའོ།། སྒྲ་སྒྲོགས་བུ་དེའང་དུས་ཀྱི་དབང་གིས་ཉམས་ཞེས་བྱ་བ་ལ་སོགས་དུས་ཁོ་ནའི་མོན་ཅན ་དུ་ཐམས་ཅད་སྨྲའོ།། དེ་བཞིན་དུ་ཆུ་ལྷ་དང་། རྣམ་ཐོས་ཀྱི་བུ་དང་། སྲེད་མེད་ཀྱི་བུ་དང་། ཉི་མ་དང་། ཟླ་བ་ལ་སོགས་པའི་ཡོན་ཏན་དུའང་སྨྲ་བར་བྱེད་དོ།། གྲངས་ཅན་རྣམས་ཡོན་ཏན་མེད་ཅེ་བྱ་བ་ལ། འདི་དག་དངོས་པོ་འབྱུང་བའི་རྒྱུ་གྲངས་ངེས་པར་སྨྲ་བ་ན་གྲངས ་ཅན་ཏེ་གྲངས་ཀྱིས་བཅད་པའི་རྒྱུ་ལས་སྐྱེ་བར་སྨྲ་བ་རྣམས་སོ།། དེ་དག་ནི་ལྷའི་ཡོན་ཏན་མོ་འདོད་པས་ན་ཡོན་ཏན་མེད་པ་སྟེ། མ་ཡིན་པར་དགག་པའོ།། ཇི་ལྟར་ཞེ་ན། གྲངས་ཅན་དག་ནཻ་རེ། རངས་དང་མགུ་དང་ཀུན་དགའ་དང་།། བདེ་ཞིང་ཞི་བའི་སེམས་ཉིད་དག། ་དེས་དགའ་ཡང་ནི་སྨད་འགྱུར་བ།། དེ་དག་སྙིང་སྟོབས་ཡོན་ཏན་ནོ།། མི་དགའ་ཡོངསུ་གདུང་བ་དང་།། མྱ་ངན་འདོད་དང་མི་བཟོད་དག། གང་དུ་སྣང་བའི་གཏན་ཚིགས་ཀྱི།། དེ་དག་རྡུལ་ནི་རྟག་སུ་འདོད།། རྨོངས་དང་དེ་བཞིན་གཏི་མུག་དང་།། བག ་མེད་གཉིད་དང་གཡེལ་བ་དག། ལན་འགའ་ཡང་ནི་སྣང་གྱུར་པ།། དེ་དག་མུན་པའི་ཡོན་ཏན་འདོད།། ཅེས་བྱ་བས་ཡོན་ཏན་གསུམ་ཁས་བླངས་ཏེ། དེ་དག་ཆ་མཉམ་པ་མི་གསལ་ཞིང་། རྟག་མེད་པ་ནི་གཙོ་བོ་ཞེས་བྱ་ལ། དེ་ལས་ཅུང་ཟད་ཙམ་དང་། ་འགྱུར་བ་ཙམ་གྱི་ངོ་བོ་ཆེན་པོ་སྐྱེའོ།། དེ་ལས་རབ་ཏུ་གསལ་བའི་ང་རྒྱལ་སྐྱེ་བ་ནི་རྣམ་པར་འགྱུར་བ་ལས་གྱུར་པ་དང་། རྡུ་ལས་གྱུར་པ་དང་། འབྱུང་བ་ལ་གྱུར་པའོ། ནི་སྙིང་སྟོབས་ཤས་ཆེ་བ་སྟེ། དེ་ལས་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ་ཡིད་དང་། ངག་དང་། ནང་པོ་དང་། ལག་པ་དང་། འཕོངས་དང་། འདོམས་ཀྱི་དབང་པོ་སྟེ་བཅུ་གཅིག་སྐྱིལ། དེ་དག་ཀྱང་མིག་ལ་སོགས་པ་ལྔ་ནི་བྲིའི་དབང་པོའོ།། ངག་ལ་སོགས་པ་ལྔ་ནི་ལས་ཀྱི་དབང་པོ་སྟེ། ཡིད་ནི་གཉིས་ཀར་འགྱུར་བའོ།། གཉིས ་པ་ནི་མུན་པ་ཤས་ཆེ་བ་སྟེ། དེ་ལས་ནི་སྒྲ་དང་། རེག་དང་། རོ་དང་། གཟུགས་དང་། དྲི་དེ་ཙམ་སྟེ། དེ་ཙམ་ལྔ་སྐྱེའོ།། དེ་ཙམ་ལྔ་ལས་འབྱུང་བ་ལྔ་སྐྱེའོ།། ང་རྒྱལ་གསུམ་པ་རྡུལ་ལས་གྱུརཡོ་བ་ཤས་ཆེ་བ་ནི་སྔ་མ་གཉིས ་ཀའི་བདག་ཉིད་དོ།། དེ་ལ་ཆེན་པོ་དང་ང་རྒྱལ་དང་དེ་ཙམ་རྣམས་ནི་གཙོ་བོ་དང་། འགྱུར་བ་གཉིས་ཀ་ཡིན་ནོ།། ཆ་མཉམ་པ་ནི་རྩ་བའི་རང་བཞིན་ཁོ་ན་ཡིན་ཏེ། འགྱུར་བ་ནི་མ་ཡིན།། རིམ་པ་དེ་འབྱུང་བ་ཆེན་པོ་ལྔ་དང་དབང་པོ་བཅུ་གཅིག་དང་། གཙོ ་བོ་དང་། ཆེན་པོ་དང་། ང་རྒྱལ་དང་། དེ་ཙམ་ལྔ་སྐྱེས་བུ་དང་བཙས་པ་ནི་དེ་ཁོ་ན་ཉིད་ཉི་ཤུ་རྩ་ལྔ་སྟེ། འདི་མི་ཤེས་པ་ནི་འཁོར་བ་ཉིད་ཡིན་ལ་གང་གི་འདི་ཤེས་པ་ཐར་པར་འདོད་པས་ན་སྔར་དེ་ཉིད་ཉི་ཤུ་རྩ་ལྔ་ཤེས་པ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། ་འདི་ནི་རང་བཞིན་རྒྱུར་སྨྲ་བ་ཞེས་ཀྱང་བྱའོ།། ཚངས་པོ་འདོད་པ་བྲམ་ཟེ་རྣམས་ཞེས་བྱ་བ་ལ་བསྐོལ་བ་དང་པོའི་ཚེ་ཕྱི་རོལ་ཏུ་དགའ་བ་ཐོབ་པ་འམ། ཚངས་པའི་བུར་ཁས་ལེན་པ་རྣམས་ནི་བྲམ་ཟེ་སྟེ། དེ་རྣམས་ཐམས་ཅད་ཚངས་པས་སྐུལ་པར་འདོད་པ་ནི་ཇི ་སྐད་དུ།། རིག་བྱེད་ལས་དབང་པོ་ཤིན་ཏུ་མི་རིག་པའི།། ཡེ་ཤེས་ཉི་མ་པ་ཡི་གཞུང་།། དགའ་བ་ཙམ་དུ་རིག་པ་ནི།། ལེགས་ལྡན་སྨྲ་བ་སྒྲུབ་པ་པོ།། ནུས་ཅན་དང་འདུས་རབ་བསྐྱོད་པ།། ནུས་ཅན་དུ་བཅས་མཐའ་མ་ཡི།། བདེ་བ་གང་དེ་ཚངས ་དེ་ཉིད།། བདེ་བ་དེ་ནི་ཚངས་པར་བཤད།། སྡུག་བསྔལ་རྣམས་དང་ཕྲད་མེད་ལས།། དེ་ལས་བདེ་བ་རྒྱུན་མི་འཆད།། དགའ་བ་ཚངས་པའི་ཙུ་ཡིན་ཏེ།། དེ་ཡང་ཐར་པར་མངོན་པར་བརྗོད།། གང་གང་ཅུང་ཟད་ཅི་སྣང་བ།། དེ་དེ་ཚངས་པ་ཞེས་བཤད་ཏེ།། ་སེམས་ཀྱི་ཚངས་པ་ཉིད་གནས་ཀྱི།། དེ་ལས་གཞན་དུ་འགྱུར་བ་མེད།། གང་གིས་ཆགས་བཅས་སེམས་ཀྱིས་ཀྱང་།། མྱ་ངན་འདས་པ་ཐོབ་བྱེད་པའི།། དགའ་བའི་ལྟ་བ་གཅིག་པུ་ལས།། ལྟ་བ་གཞན་གྱིས་ཅི་ཞིག་བྱ།། ཆོས་དང་ཆོས་མ་ཡིན་པ་སྤངས།། ་བདེ་དང་བརྫུན་པ་གཉིས་སྤངས་ནས།། སྤང་བྱ་གང་ཡིན་དེ་སྤངས་པའོ།། ཞེས་བཤད་ལ་ཡང་རིག་བྱེད་ལ་བཤད་པ།། བུ་གཅིག་ཚངས་པ་མཆོག་ཏུ་བདེན།། རིག་པའི་དབང་ཕྱུག་པ་མཐའ་མེད།། འབའ་ཞིག་ཡོད་པ་ཉིད་སྨྲ་བ།། དེ་ཡང་ཞགས་པར་རབ་ཏུ ་བརྗོད།། ཅེས་སོ།། གཞན་ཡང་མུ་སྟེགསོ་བྱེད་བྱེ་བྲག་པ་གང་དག་འདི་དག་ཅེས་འཇིག་རྟེན་འདི་ཞིག་པ་དང་། ས་དང་ཆུ་དང་མེ་དང་རླུང་གི་རྡུལ་ཕྲ་རབ་རྣམས་ཕྱོགས་ཆ་མེད་ཅིང་རྟག་པ་དག་སོ་སོ་ན་འཁོད་པ་ལས། གང་གི་ཚེ་དབང་ཕྱུག་ཆེན་པོ་དེ་སེམས་ཅན་དང ་སྟོང་འབྱིན་པ་འདོད་པ་དང་། སེམས་ཅན་གྱི་ལས་ཀྱིས་མཐུས་དང་པོ་རྡུལ་ཕྲ་རབ་གཉིས་སྦྱར་ཏེ། དེ་ནི་རླུང་གི་རྡུལ་ཕྲ་རབ་གཉིས་ཏེ། དེ་ནས་ཡང་སྦྲུལ་ཕྲ་རབ་གསུམ་པ་ཞིག་དེ་ལ་འབྱར་བས་ན་རྡུལ་ཕྲ་རབ་གཉིས་ཀྱི་རྡུལ་ཕྲའོ་ཞེས་བྱ་ཞིང་། དེ་ནས་སེ་གྲོལ་གཏོག་པ ་ཙམ་གྱིས་རྡུལ་ཕྲ་རབ་རྣམས་ཕྲད་དེ་ཚོགས་ནས་རླུང་གི་དཀྱིལ་འཁོར་ཆེན་པོ་རྩོམ་པ་གྲུབ་སྟེ། རིམ་པ་དེས་ཆུ་དང་། ས་དང་མེའི་དཀྱིལ་འཁོར་གྲུབ་པར་གྱུར་ཅིང་། དེའི་དབུས་སུ་ཚངས་པའི་སྒོད་ཆེན་པོ་འོད་འབར་ཞིང་གསལ་བས་གནས་པ་དེ་སྨིན་ཅིང་བརྡོལ ་བ་ལས་འཇིག་རྟེན་གྱི་མེས་པོ་ཆེན་པོ་པདྨའི་མངལ་ནས་བྱུང་བ་པདྨ་ལ་འདུག་པ། གདོང་བཞི་པ་ཞིག་བྱུང་སྟེ། ངེས་འཇིག་རྟེན་ཐམས་ཅད་སྤྲུལ་པའོ།། ཞེས་ཟེར་བ་ཡང་ཚངས་པར་འདོད་པ་སྟེ། དེ་དག་ནི་འདི་རྣམས་སོ།། དེ་ཉིད་རྣམ་པ་གསུམ་དུ ་གནས་པ་ནི།། ཚངས་པ་ཉིད་ན་འཇིག་རྟེན་འབྱིན།། སྐྱེ་དགུ་སྣང་བ་དྲག་པོ་སྟེ།། སྐྱེས་བུ་ཉིད་ན་བཏང་སྙོམསོ།། རང་འབྱུང་གནས་སྐབས་གསུམ་དུ་གནས།། ཞེས་བྱ་བའོ།། གཞན་དག་ནི་དང་པོ་དབང་ཕྱུག་གི་ཡོན་ཏན ་བརྒྱད་དང་། གཉིས་པ་གཙོ་བོའི་ཡོན་ཏན་གསུམ་དང་། གསུམ་པ་རང་བྱུང་གི་གནས་སྐབས་གསུམ་ནི་དེ་ཉིད་གསུམ་ཞེས་རྟོག་ཅིང་། ཡང་གཞན་དག་ནི་ཇི་ལྟར་ས་རྒྱས་ཀྱི་ཆོས་རྣམ་པ་བཞིར་འཆང་བ་ལྟར་འདས་མ་ཐག་པ་འདི་གསུམ་གྱིས་ཀྱང་། ་ཕྱི་རོལ་པ་མ་ལུས་བསྟན་པ་བསྡུས་པ་ནི་དེ་ཉིད་གསུམ་སྟེ། འོག་མ་གསུམ་ནི་འདས་པ་གསུམ་ལས་ཕྱེ་བའོ།། ཞེས་རྟོག་པ་ནི་བདག་གིས་ཁོང་དུ་མ་ཆུད་པས་མཁས་པས་རྣམས་ཀྱིས་ལེགས་པར་བརྟག་པར་རིག་སོ།། དྲང་སྲོང་ཆེན་པོ་སེར་སྐྱའི་སློབ ་མོ་སེར་སྐྱ་བ་རྣམས་ནི་དངོས་པོ་ཐམས་ཅད་སྟོང་པའི་ཚུལ་ལས་བྱུང་བར་བལྟ་སྟེ། སྟོང་པ་ཉིད་བྱེད་པ་པོ་གཅིག་ཏུ་ཡོད་པར་རྟོག་པ་ནི། ཇི་སྐད་དུ། གསང་བའི་བདག་པོ་གཞན་ཡང་ཁྱད་པར་རྟོག་པས་ཇི་སྐད་དུ་ཡོངསུ་བསྒྲགས་པའི་ཁྱད་པ ་དེ་དང་དེ་དག་ལ་ཁྱད་པར་དུ་གནས་པ་རྣམས་ལ་འབའ་ཞིག་པ་ཉིད་ཀྱི་དོན་དུ་བློ་སྐྱེ་ཞིང་། དེ་ཡང་ཡོད་དོ་ཞེས་སྟོང་པ་ཉིད་ཁོ་ན་ལ་དངོས་པོར་སེམས་ཏེ། གསང་བའི་བའི་བདག་པོ་དེ་དག་གིས་ནི་སྟོང་པ་ཉིད་རབ་ཏུ་མི་ཤེས་སོ་ཞེས་གསུངས ་པ་ལྟ་བུའོ།། གང་དག་ཡུལ་གྱིས་འཇིགས་པས་དབང་པོའི་སྒོ་སྡོམ་པ་དེ་དག་ནི་དབང་པོ་ཐུབ་རྣམས་ཏེ། དེ་དག་ནི་དབང་པོ་ཐམས་ཅད་ན་མཁའི་ཡོན་ཏན་དུ་འདོད་པས་ན་ནམ་མཁའི་ཚུ་ལོ།། འདི་དག་ནི་བྱེ་བྲག་པའི་ཁྱད་པར་ཁ་ཅིག་སྟེ། དེ ་དག་གིས་སྒྲ་ལ་སོགས་པ་ན་མཁའི་ཡོན་ཏན་དུ་སྨྲས་པས་སོ།། གང་གང་རང་གི་སྒྲ་ཉིན་ཅིག་བཞིན་དུ་ཟད་པར་ཕྱིས་ཐར་པ་ཐོབ་པར་འདོད་པ་ནི་ཟད་བྱེད་པ་སྟེ། དེ་དག་ནི་ལྷ་ཆེན་པོ་རྒྱལ་བ་མཉེས་པར་བྱས་པས་ཀྱང་ཐར་པ་སྦྱིན་པར་འདོད་པས་ན། ་རྒྱལ་བའི་གཟུགས་བརྙན་རྣམས་ལྔ་མཆོད་པ་དང་། ཕྱག་ལ་སོགས་པ་བྱ་བའི་ཕྱིར་དང་། དད་པས་འབད་ཏེ་གཞོལ་བའོ།། བྲམ་ཟེ་རྣམས་ལ་ཁོ་བོ་ཅག་མཆོག་གོ་ཞེས་སྨྲ་བ་ནི་བྲམ་ཟེ་མཆོག་རྣམས་ཏེ། དེ་དག་ནི་དང་པོར་རིག་བྱེད་ཚད་མར ་བྱེད་ཏེ། གང་ཞིག་རིག་བྱེད་ལས་མི་སྨྲ།། གང་ཞིག་རིག་བྱེད་ལས་མི་སྣང་།། ཐམས་ཅད་མེད་པར་བརྗོད་པ་སྟེ།། རིག་བྱེད་འདྲ་བའི་ཐོས་པ་མེད།། ཅེས་བྱ་བ་ལ་སོགས་པསོ།། དེ་ལྟར་ཚད་མར་གྱུར་པའི་རིག་བྱེད་ལས་ནི།། ཆེན་པོ ་གཉིས་མདོག་མུན་མདུན་གནས།། སྐྱེས་བུ་དེ་ནི་ཁོ་བོས་རིག། དེ་རྟོགས་འཆི་བའི་འཇིགས་མེད་དེ།། ཐར་ཕྱིན་དེ་ལས་ལམ་གཞན་མེད་ཅེས་སྨྲས་པས་ན་དེ་ལྟ་བུའི་དབང་པོ་ལྔ་དང་ཉེ་བར་ལྡན་པའི་བདག་ཡོད་པ་དང་།། གཞན་ཡང་སྒྲ་རྩེ་འབུམ ་གྱི་ཆུ་ཙམ་དང་། ཤེལ་སྐྱོང་དག་པ་ལྟ་བུའི་བདག་མཐེ་བོང་གི་ཆ་དང་པོ་ཙམ་མམ། ཡུངས་འབྲུ་ཙམ་མམོ།། རཱི་རབ་ཙམ་བསྟན་པར་མི་ནུས་པ་ཐམས་ཅད་ཁྱབ་པ་འམ། ལུས་མེད་པར་རྟོག་པ་རྣམས་ཀྱང་། བདག་ཡོད་པར་འདོད་པ ་ཞེས་རྨི་སྡུ་བར་བྱའོ།། དྲང་སྲོང་ཆེན་པོ་འཇིག་རྟེན་མིག་ཅེས་བྱ་བས་ཆད་པར་ལྟ་བའི་གཞུང་འབུམ་ཕྲག་བྱས་ཏེ། དེའི་རྗེསུ་འབྲང་བ་རྣམས་ནི་ལས་མེད་པ་སྟེ། རྒྱུ་ལ་སྐུར་པ་འདེབས་ཤིང་།། ཐར་པ་མེད་པ་སྟེ། འབྲས་བུ་ལ་སྐུར་པ་འདེབས་པའོ།། ་འདི་ཐར་པ་ནི་མཐོ་རཱི་ལ་ཡང་བྱ་སྟེ། ངན་སོང་ལས་ཐར་པསོ།། ཀྱང་རུང་ཞེས་བྱ་བ་ནི་རེ་རེས་ཀྱང་ལོག་པར་ལྟ་བར་འགྱུར་ཞེས་དབྱེ་བའི་ཕྱིར་རོ།། དེ་དག་ནི་གྲུབ་པའི་མཐའ་མ་ལུས་པའི་ནང་ནས་སྨད་པས་ན་གཞུང་ངན་ཏེ། ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལས་གུད་དུ་སོང་བས་ན་རྒྱང་པན་པ་སྟེ། ཨ་ལོ་ཏི་ནི་སོང་བ་དང་བྲལ་བ་དང་འགྲོ་བའི་དོན་ཏོ།། དེ་དག་གི་གྲུབ་པའི་མཐའ་ནི་གཞུང་ངོ་།། ཡང་འདིར་འཇིག་རྟེན་རྒྱང་པན་པ་ནི་རྣམ་པ་གསུམ་སྟེ། རྣམ་པར ་རྟོག་པ་ལ་སྤྱོད་པ་ཐམས་ཅད་བསྡུས་པའི་དབང་དུ་བྱས་ཏེ་ནི། ཇི་སྲིད་སེམས་ནི་འཇུག་པའི་བར།། དེ་སྲིད་འཇིག་རྟེན་རྒྱང་པན་པ་ཞེས་གསུངས་སོ།། འཇིག་རྟེན་གྱི་གསང་ཚིག་གི་དབང་དུ་བྱས་ཏེ་ནི། མ་འོངས་པའི་དུས་ན་དགེ་སློང་དག་འཁོར ་གྱི་དབུས་ན་སེང་གེའི་ཁྲི་ལ་འདུག་སྟེ། འཇིག་རྟེན་རྒྱན་པན་པའི་གཞུང་འཆད་ཅིང་། དེའི་བསྔགས་པ་སྨྲ་བར་བྱེད་དོ།། ཞེས་གསུངས་པ་སྟེ།། གཞུང་གང་དག་འདོད་ཆགས་དང་བྲལ་བར་མི་འགྱུར།། ཡིད་འབྱུང་བར་མི་འགྱུར་ཞིང་།། ནམ ་ཡང་དངོས་པོར་འཛིན་པ་ལས་མི་འབྲལ་བ་གཅིག་པུའི་གསང་ཚིག་རྣམས་ཏེ། ཤཱ་རིའི་བུ་དགེ་སློང་གང་དག་འཇིག་རྟེན་རྒྱང་པ་ན་པའི་གཏམ་ལྷུར་ལེན་པ་སངས་རྒྱས་ཀྱི་གསུང་སྤངས་ནས་མུ་སྟེགས་ཅན་གྱི་གསང་ཚིག་སྨྲ་བ་དེ་དག་ནི་འཁོར་གྱི ་ནང་དུ་དོང་ནས་དེ་དག་ཆོས་ཀྱི་སྒྲས་འཁོར་དགའ་བར་བྱེད་དེ། སྐྱེས་བུ་དེ་དག་དམ་པ་མ་ཡིན་པ་དེ་ལྟ་བུ་དེ་དག་ནི་དགེ་སློང་རུལ་པ་ཞེས་བྱའོ།། ཞེས་གསུངས་པས་བཀག་པསོ།། ཆད་པར་ལྟ་བའི་དབང་དུ་བྱས་ཏེ་འདིར་བརྗོད་པ་ཉིད་དོ།། གང་དག་དབང ་བྱུཕྱུག་སྟེ་ཕྱུགས་བདག་ཆེན་པོའི་ཆོས་སྤྱོད་པ་དེ་དག་ནི་དབང་ཕྱུག་པའི་བསྟན་པ་ལ་སྤྱོད་པ་སྟེ། དབང་ཕྱུག་གིས་སྒྲ་བསྒྲགས་པའི་རྒྱུད་ལ་སོགས་པ་ལ་ཆོས་སུ་འདུ་ཤེས་པ་རྣམསོ།། དེ་དག་ལ་ནི་ལྷོ་དང་བྱང་དང་ནུབ་ཏུ་ཁ་བལྟས་པར་གནས་པ་སྟེ། དེ་དག ་ནི་བརྟུལ་ཞུགསོ།། དེ་རྣམས་ནི་གཞན་ཡང་ཡིད་དུ་འོང་བའི་ལྷ་མོ་ཨུ་མ་ལ་སོགས་པ་ཆགས་པ་བསྐྱེད་པ་སུ་ཅན་དང་གཉིས་ཀྱིས་སྤྱོད་པས་མཉམ་པར་སྦྱོར་བར་བྱེད་ཅིང་། ཕན་ཚུན་སྟེག་པར་ཇི་ལྟར་ན་ཆུང་དག་སྐྱེས་པ་ཡིད་དུ་འོང་བ་ལ། སྟེག ་པར་ཇི་ལྟར་ན་ཆུང་དག་སྐྱེས་པ་ཡིད་དུ་འོང་བ་ལ།། སྟེག་པའི་མི་ཅུང་ཟད་འཛུམ་པར་ལྟ་བ་ལྟར་མིག་མིག་གིས་ཅུང་ཟད་འཛུམ་པར་བལྟ་བའོ།། དོན་འདི་ནི་དབང་ཕྱུག་གིས་སྒྲ་བསྒྲགས་པའི་རྒྱུད་ལས་གསལ་བར་བསྟན་ཏེ། ལྷ་མོ་རིན་ཆེན་གནས ་འདི་ནི།། དབང་ཕྱུག་དྲུག་དང་ནུས་ཅན་མཆོག། ཟུང་གྱུར་དེ་ནི་ཕན་ཚུན་ལས།། ལྟེ་བར་ཚུ་ནི་སོན་པ་སྟེ།། མཚོན་བྱ་མཚོན་བྱེད་ལས་ངེས་གྲོལ།། ཚིག་ཏུ་བརྗོད་པ་སྤངས་པ་སྟེ།། དབང་ཕྱུག་ནུས་ཅན་མཉམ་སྦྱོར་ལས།། རྨད་དུ་བྱུང་བའི ་བདེ་བ་སྐྱེ།། གུས་པའི་ཚུལ་གྱིས་བསྒོམས་པ་ཡིས།། ཡང་དག་ཏུ་ན་དངོས་པོ་མེད།། ནུས་ཅན་ཡང་ནི་སྟོང་ཉིད་ལྟ།། སྒྲོ་འདོགས་ཐམས་ཅད་འཇོམས་པའོ།། ཞེས་སོ།། ཡང་སྨེ་བརྩེགས་ཞེས་བྱ་བའི་རྒྱུད་ལས་ཀྱང་། དབང་ཕྱུག་ནུས ་ཅན་མཉམ་སྦྱོར་བས།། མཆོག་ཏུ་བདེ་བ་གཉིས་མེད་ཆོས།། རིན་ཆེན་ནང་དུ་གནས་པ་ལས།། དབང་ཕྱུག་མེད་ཅིང་ནུས་ཅན་མེད།། ཅེས་བཤད་དེ། འཁྲིག་པ་གྲུབ་པ་ནི་ཐར་པ་ཡིན་ལ། དེ་བསྒྲུབ་པར་ནུས་པའི་ལྷ་མོ་ཤཀྟི་ཞེས་ཕྱི་རོལ ་བའི་སྒྲ་ལས་གྲགས་སོ།། གང་དག་ཐུམ་རྣ་བའི་རྣ་མཉྫུ་འཛིན་། འི་ཟླ་བའི་གྲུབ་མཐའ་བ་སྟེ། དེ་རྟག་ཏུ་ལྷ་ཆེན་པོ་འཕྲོག་པ་ལ་གུས་པས་མཆོད་པས་མཆོད་པ་ལ་སོགས་པའི་ལས་ལ་གཞོལ་བ་ཡང་དབང་པོ་བརྟུལ་ཏེ། ཨོཾ་ནས་བརྗོད་ཅིང་སྲེད་མ ་བུ་རྗེས་སུ་དྲན་པར་བྱས་ནས་མཐོ་རིས་ཐོབ་ཅེས་ཟེར་ཏེ། དེ་ནི་ལྷའི་གཙོ་བོར་ལྟ་སྟེ། འདི་སྐད་དུ། ང་ནི་སྦྱིན་བྱེད་ཟ་བ་པོ།། ད་ནི་ཟས་དང་སྐྱེ་དགུའི་བདག། བྲམ་ཟེའི་ལུས་སུ་ང་གནས་ནས།། ཟླ་བེང་སྦྱིན་པར་བྱེད་པ་པོ་ཞེས་བྱ་བ་དང་ཡང་གང་དག་ལྷ་གཞན ་དད་བྱེད་ཅིང་།། དད་ལྡན་བརྩོན་པར་བྱེད་པ་དག། དེ་དག་པ་སྔོན་འགྲོ་བྱས་ནས།། བསྟེན་པར་བྱེད་དོ་ཀུན་ཏིའི་བུ།། ཞེས་དེ་ཉིད་ཀྱི་སྨྲས་པ་ཚད་མར་བྱེད་དོ།། གཞན་དག་ནི་འདིར་འཕྲོག་པོའི་དྲིན་དབང་ཕྱུག་ལ་སྦྱར་ཏེ། ཕྲོ་ཞིང་བསམ་གྱིས་མི་ཁྱབ་རབ ་སྲབ་བྱེད་པ་འདུན་བྱེད་ཀུན་རིག་པ།། རྣལ་འབྱོར་གོམས་པས་ཐོབ་པའི་བློ་ཅན་བསམ་གཏོན་པ་ཡི་བསམ་གཏན་ཡུལ།། ཉི་མ་ཟླ་བས་ཆུ་མེ་རླུང་ཕྱོགས་དང་ན་མཁའི་ལུས་ཅན་ཏེ།། ཞི་བའི་བདེ་དགའ་གྲུབ་པར་འདོད་པ་རྣམས་ཀྱིས་དབང་ཕྱུག ་རྟག་ཏུ་བསྒོམ། ཞེས་སྨྲས་པ་སྦྱ་རོ།། དེ་ནི་དེ་དག་གི་ནང་གི་རྣལ་འབྱོར་བསྟན་པའི་ཕྱིར། སྙིང་གའི་པདྨའི་རླུང་གི་ནི།། རྣལ་འབྱོར་ལྡན་པའང་སྒོམ་པར་བྱེད།། ཅེས་སྨོས་ཏེ། བདག་ཉིད་ལྷའི་སྦྱོར་བ་ལ་གནས་པའི་སྙིང་གའི་དབུས་པདྨ་རྣམ ་པར་བསམས་ལ།། དེའི་དབུས་ནས་བྱུང་བའི་རླུང་སྣ་བུག་དང་ཁ་ནས་བྱུང་བ་ཐུར་དུ་རྐང་པའི་མཐིལ་ནས་དགང་བ།། བུམ་པ་ཅན་ཞེས་བྱ་བའི་མན་ངག་བསྒོམ་པས་དབུགས་དགག་པ་གྲུབ་པས་བསྐལ་པའི་བར་དུ་མི་འཆི་བའི་རླུང་གིས་རྣལ ་འབྱོར་ལྡན་པའང་བསྒོམ་པར་བྱེད་ཅེས་པ་སྟེ། འདི་དག་ལ་ནི་དགག་པ་ཙམ་ལས་ཡན་ལག་དྲུག་པའི་རླུང་གིས་ཏིང་ངེ་འཛིན་ནི་མེད་དོ།། དེ་ལྟར་རླུང་དག་པར་འཇུག་པའི་རྣམ་པར་ཤེས་པ་ཆད་པ་འདི་ལ་ཕྱི་རོལ་པ་དང་། ཆོས་འདི་པ་ཁ་ཅིག་ལས ་ཐོས་པ་མི་བསྐྱེད་པ་འགའ་ཁོ་ནས་ཡང་དགྲ་བའི་ཡེ་ཤེས་སུ་བཟུང་བ་སྲིད་པས་དེ་དག་པའི་ཕྱིར། རྣལ་འབྱོར་ལྡན་པ་གཞན་འགས་ཀྱང་།། དེ་ཁོ་ན་ཞེས་རྟོགས་ཤིང་གནས།། བདག་གིས་རྟོག་པ་འབའ་ཞིག་ཏུ་མ་ཟད་ཏེ། གཞན་ཡང་ལ ་དེར་འདྲེན་པ་མི།། བདེན་པ་གང་ཡིན་དེ་ཡིན་ཉོན།། ཞེས་སྒྲུབ་པོ་སློབ་མ་ལ་སྨྲས་ཏེ། བདེན་པ་དེ་གང་ཞེ་ན། དབུགས་རྒྱུ་བ་དང་རབ་རྟོག་མེད།། ཡིད་ནི་གར་ཤི་བདེན་པའོ།། ཞེས་སྨྲ་སྟེ། ཤི་བ་ནི་རྒྱུན་ཆད་པའོ།། དེ་དག་གིས་བསྟན ་པའི་ཡེ་ཤེས་མཆོག་དེ་ཡང་སུན་དབྱུང་བར་གསུངས་པ་ནི་འདི་ལྟ་སྟེ། བདག་ནི་དངོས་ལ་རྗེས་རྨོངས་པས། གལ་ཏེ་ཡེ་ཤེས་ཀྱི་མཚན་ཉིད་ཡུལ་གང་ཡིན་པ་མི་ཤེས་པ་ཡིན་ན། དེའི་ཤིང་ནི་ཡེ་ཤེ་ཡིན་པར་ཐལ་བར་འགྱུར་བ་གན ་པ་ཅན་གྱི་ཚད་མ་ཡོད་དོ།། དེས་ན་དེ་དག་གི་བདེན་པ་དང་ཏིང་ངེ་འཛིན་གྱི་ལམ་འདི་ནི་ལེགས་པར་གྲོལ་གྲལ་བ་མ་ཡིན་ཏེ། སྲིད་པ་གང་ཡིན་པ་སླར་འཆིང་ངོ་།། དེ་བས་ན་ཐོས་པ་ཆུང་བའི་ཏིང་ངེ་འཛིན་རྙེད་པ་ནི་བདུད་ཀྱི་ལས་སོ་ཞེས་གསུངས ་པས་སློབ་དཔོན་གྱིས་ཀྱང་ཐོས་པ་ལ་ནན་ཏན་དུ་བྱ་བར་འཆད།། འདི་ལྟར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀོ་སནྟིའི་དགེ་སློང་བུདྡྷ་མ་ཏིའི་རྗེ་སུ་འབྲངས་ནས། བསྐལ་པ་དང་པོའི་ཛམྦུའི་གླིང་ལྟ་བའི་ལྷ་རྣམས་ལ་བརྟེན་ཏེ། སྐྱེས་པའི་ཕྱི ་མ་པ་འདི་བྱས་ལ་དེ་ཟློན་པར་རྣམ་པ་བྱུང་བར་ཐཱནས་ཙྪཏྟ། ལགས་ན་མན་ལྡན་འནས་བྱུ་རྣག་པ་ན་ནམ་མང་ལ། ང་ད ་རྟེན་པའི་ཚུལ་ཁྲིམས་དང་སྤྱོད་པ་དང་བྱ་བའི་ཚོག་སཀྱི་སྦྲུལ་།། ཞེས་གསུངས་པ་ཎྜི་རྱཱ་དང་། དེ་དག་སྟེ་རྗེའི་ཡུལ་དུ་གྱུ་བའི་ཕྱིར་སྟེ། དེ་ཕྱིར་ལོག་པར་བ་རློབ་ཡི།། གྲུབ་ས་འམས་པར་ཙཅན་པ།། དེ་ལུ་འཛུ ་འཇུག་ཐོཅན་རྣམས།། སྙིང་རྗེ་ཉིད་ནི་རབ་ཏུ་སྟེ་ཞེས་ཆོས་འདི་བའི་ཡེ་ཤེས་སྤྲིང་པོ་བསྟན་པའི་ཕྱིང། སང་ས་རྒྱ་ས་རྒྱས་ན་ཆོས་ནི་རྣམ་བཞིར་ཞེས་བྱ་བ་ལ་སོགས་པ་སྨོས། ཆོས་ནི་བསྟར་བ་འམ། རྩུབ་པའམ། 9 ་ན་བསྟན་པའི་ཆོས་སོ།། ལུས་དང་ངག་གིས་གྲོལ་བ་མི་བྱིང་བའི་སེམས་ནི་དབང་ལས་ཨོཾ།། ཞེས་འདོད་པོ་རྣམས་ནི་ཡིད་འདོད་རྣམས་དྡྷེ། དེ་རྣམས་ཀྱི་སྟོན་སངསརྦྦཀྱིས་གསུངས་པ་དང་།། ཡང་དག་པར་བ་ཅྡོཾས་བནྡྷ་རྣམ ་པ་བཞིར་མཐོང་སྟེ། བཞི་གང་ཞེ་ན། འོག་ནས་འཆད་པ་སྨྲ་བ་ལ་སོགས་པའི་ལམ་ཇི་སྐད་དུ་བཤད་པས་རང་རང་གི་འབྲས་བུ་དེ་ཁོ་ན་ཉིད་སྒྲུབ་པའོ།། ཞེས་ཚིག་རྣམ་པར་སྦྱརོ།། དེ་ལྟར་མདོར་བསྟན་ནས། ད་ནི་རྒྱལ་བར་སྟོན་པ ་ན་མཁའ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁ་ཆེ་བྱེ་བྲག་ཏུ་སྨྲ། བདག་ན་འ་ལ་སོགས་པ་འདུས་མ་བྱས་གསུམ་དུ་སྨྲ་ཞིང་དེ་དག་ཀྱང་རྟག་པར་འདོད་ཏེ། དེ་དག་ནི། ཟག་མེད་ལམ་གྱི་བདེན་པ་དང་།། འདུས་མ་བྱས་རྣམ་གསུམ་ཡང ་སྟེ།། ནམ་མཁའ་དང་ནི་འགོག་པ་གཉིས།། དེ་ལ་ནམ་མཁའ་མི་སྒྲིབ་པ།། སོ་སོར་བརྟགས་པས་འགོག་པ་གང་།། བྲལ་བའོ་སོ་སོ་སོ་སོ་ཡིན།། སྐྱེ་ལ་གཏན་དུ་གེགས་བྱེད་པ།། འགོག་གཞན་སོ་སོར་བརྟགས་མིན་པས།། ཞེས་སྨྲ་ཞིང་དེ་དག ་རྟག་པར་ཁས་ལེན་པའོ།། ཡུལ་དབུས་ཀྱི་བྱེ་བྲག་ཏུ་སྨྲ་བ་དག་ནི་འདུས་མ་བྱས་བཞིར་འདོད་པས། གལ་ཏེ་དེ་ལྟ་ཡིན་ན་ཉན་ཐོས་བྱེ་བྲག་ཏུ་སླུ་བ་ཁོ་བོ་ཅག་གི་ཕྱོགས་ལ་ཡང་སྐྱེ་བ་མེད་པ་ལ་སོགས་པའི་ཁྱད་པ་དང་ལྡན་པའི་རྟེན་ཅིང་འབྲེལ་པར ་འབྱུང་བ་འདུས་བྱས་ཉིད་ཡོད་པར་གྲུབ་སྟེ། འདི་ལྟར་འདུས་མ་བྱས་བཞི་པོ་དག་ནི་ཁོ་བོ་ཅག་གི་ཕྱོགས་ལ་ཡང་རྫ་སུ་ཡོད་པར་འདོད་པའི་ཕྱིར་ཏེ། བཞི་གང་ཞེ་ན། ན་མཁའ་དང་། སོ་སོར་བརྟག་པ་མ་ཡིན་པའི་འགོག་པ་དང་། སོ་སོར་བརྟག ་པའི་འགོག་པ་དང་། དེ་བཞིན་ཉིད་དོ་ཞེས་རྩོད་པ་སྨྲ་བ་སྟེ། འོད་དག་གི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ཡིན་མོད་ཀྱི་སྙིང་རྗེ་བྲལ་བར་ཟད་དོ།། འདུས་མ་བྱས་པ་ནི་འདུས་བྱས་ཏེ། འདུས་མ་བྱས་མ་རྟོགས་པ་རྒྱུ་དང་རྐྱེན་འདུས་པ་ལས་བྱུང་བ ་འབྲས་བུ་སྔར་གཏོགས་པ་རྣམསོ།། དེ་དག་སྔར་བསྟན་པའི་བདག་གིས་ཀུན་ཏུ་སྟོང་ལ། དེའི་ཕྱིར་བྱེད་པ་པོ་ལ་ལས་མ་གཏོགས་པ་མེད། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེ།། ལས་ནི་སེམས་པ་དང་དེས་བྱས།། སེམས་པ ་ཡིད་ཀྱི་ལས་ཡིན།། དེས་བསྐྱེད་ལུས་དང་ངག་གི་ལས།། ཞེས་བསྟན་ཏོ།། ཡང་འདུས་བྱས་དེ་དག་ནི་བྱེད་པ་པོ་མེད་པ་འབའ་ཞིག་ཏུ་མ་ཟད་ཀྱི་རྟག་པ་ལས་དབེན་པས་སྐད་ཅིག་མའོ།། དངོས་པོ་རྣམས་སྐད་ཅིག་མར་སྒྲུབ་པ་ནི་མདོ་སྡེ ་རྒྱུན་ལས་ཞུན་ཡང་མིག་ལ་སོགས་པའི་དབང་པོ་དག་ལས་སྐྱེས་པའི་སྐྱེས་པའི་བློ་སྟེ། རྣམ་པར་ཤེས་བདག་ལ་རིགས་མི་དང་། རྡུལ་ཕྲན་ཀྱི་རྣམ་པ་མེད་ཅིང་བློ་དང་དབང་པོད་དག ་ཀིས་མངོན་སུམ་དུ་རིག་པ་གཟུགས་ལ་སོགས་པ་ནི་རྡུ་པའི་ཆོ་ག་སུ་གནས་པར་འདོད་ཏེ། འདི་ལྟ་བུ་ནི་ཕྱི་རོལ་པོ་ལ་བལྟོས་ཏེ་བློ་དང་ལྡན་པ་ཞེས་བྱ་བར་བགྲང་བ་ནུར་སྩོགས་ཆེའི་ཡུལ་ན་གནས་པའི་བྱེ་བྲག་ཏུ་སྨྲ་བའི་གཞུང་དུ་བཤད་དེ། འདི ་དྲུག་འདས་པ་དང་མ་འོངས་པའི་རྒྱུར་ཁས་ལེན་ཅིང་། དུས་པ་རྫས་ཀྱི་བྱེ་བྲག་སྨྲ་བ་འམ། བྱེ་བྲག་ཏུ་བཤད་པ་ཆེན་པོའི་གཞུང་དང་མཐུན་པར་སྨེ་བས་ན་དེ་དག་ལ་དེ་སྐད་ཅེས་བྱའོ།། གྲུབ་པའི་མཐའ་ཕལ་རེར་འདྲ་བས་ན་ཡུལ་དབུས་ཀྱི་བྱེ་བྲག་ཏུ་སྨྲ་བའི ་ལོག་སུ་གཞུང་མ་བསྟནོ།། དཱ་ནི་མདོ་སྡེ་པའི་གྲུབ་མཐའ་པ་སྟོན་རྙེདུ་ནས། མཐོང་བ་དབང་པོའི་ཡུལ་མིན་ཏཱཾ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མིག་ལ་སོགས་པས་མངོན་སུམ་དུ་མཐོང་བའི་གཟུགས་ལ་སོགས་པའི་རྣམ་པར་ཤེས་པོས་གཟུང་བ ་ཡིན་གྱི།། མིག་ལ་སོགས་པའི་དབང་པོའི་ཡུལ་ནི་མ་ཡིན་ཏེ། འི་ཕྱིར་ཞེ་ན། མིག་ལ་སོགས་པའི་རྣམ་པར་ཤེས་པ་དེ་དག་ཉིད་ཡུལ་གྱི་རྣམ་པ་དང་བཅས་པར་སྐྱེ་བའི་ཕྱིར་ཏེ། བེམས་པོ་སྟེང་དུ་མི་རུང་ཕྱིར།། ཤེས་པ་རྣམ་པ་བཅས་པ་སྐྱེ། ཞེས ་བསྟན་པས་སོ།། དེ་ལྟར་ན་མདོ་སྡེ་པ་འདི་དག་ནི་ཤེལ་དག་པའི་དྲུང་གི་ཚོན་གྱི་ཁ་དོག་གྱུར་པ་ལ་སྐྱེས་བུ་བལྟ་བའི་ཚེ་ཤེལ་དང་ཚོན་གང་ཡིན་པ་དེ་གཉིས་དེའི་མིག་གིས་བཟུང་བ་ན་ཤེལ་ཉིད་ནི་མངོན་སུམ་གྱིས་བཟུང་བ་ཡིན་ལ། ཚོན་ནི་གཟུགས་བརྙན ་གྱིས་གཟུང་བ་ཡིན་པ། སྐྱེས་བུས་གཟུང་བ་གཉིས་གཟུང་བ་ལྟར་མངོན་སུམ་གྱི་སྣང་བ་འདི་ནི་ཤེས་པ་ཁོ་ནའི་རྣམ་པ་ཡིན་ལ། ཤྲེ་བ་ཁ་དོག་དང་དབྱིབསུ་སྣང་བའི་གཞི་ནི་ལོགས་ཉིད་ན་རྡུལ་ཕྲ་རབ་ཀྱི་ཚོགས་པར་མེད་པ་མ་རེག་པ་དག་གི་ངོ་བོར་འདོད་པས ་གཟུང་བ་གཉིསུ་སྨྲའོ།། ནམ་མཁའ་མོ་གཤམ་བུ་འདྲ་ལ།། ཞེས་བྱ་བ་ལ་སོགས་པས་ནི་འདུས་མ་བྱས་བཏགས་པའི་ཡོད་པར་བསྟན་ཏེ། བཏགས་པཱི་ཡོད་པ་ནི་མིང་ཙམ་སྟེ། མིང་ཡང་སྒྲ་སྤྱིའི་རྣམ་པ་སྟེ་རང་གི་མཚན་ཉིད་ནི་མ་ཡིནོ།། ་དེ་བཞིན་དུ་འདི་དག་ནི་དུས་གསུམ་དང་ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་ཀྱང་བཏགས་པ་ཙམ་དུ་འདོད་ལ། དངོས་པོ་རྣམ་ཤྭེ་པ་དང་། བེམས་པོ་འདྲེས་པར་སྣང་གི། རེ་རེ་ཞིག་སྣང་བར་མི་ནུས་པས་ན། འདུས་བྱས་བེམས་པོ་ཡོད་མིན ་ལ། དུས་གསུམ་དག་ཀྱང་ཁས་མི་ལེན།། ཞེས་སྨོས།། བེམས་པོ་ནི་འདུས་ནས་བྱས་པར་མི་འཐད་དེ། དེ་དག་ལ་འདུ་བའི་རྣམ་པར་རྟོག་པ་མེད་པའི་ཕྱིར་དཔེར་ན་རྡུལ་དང་རྡུལ་ལྟ་བུའོ།། ཞེས་བྱ་བའི་དོན་ཏོ།། གཞན་ཡང་ཅི ་རིགསུ་སྦྱར་རོ།། ཤེས་པ་རྣམ་པ་དང་བཅས་པ་སྐྱེ་ན་དེའི་ཚེ་རྣལ་འབྱོར་སྤྱོད་པ་པ་དག་དང་ཁྱད་པར་ཅི་ཞིག་ཡོད་ཅེ་ན། དེའི་ཁྱད་པར་ཡང་བསགས་པའི་གཟུགས་མེད་མིན་ཞེས་སྨོས་ཏེ། རྣམ་པར་ཤེས་པ་ལས་གུད་ན་རྡུལ་ཕྲ་རབ ་བསགས་པ་གོང་བུའི་གཟུགས་མེད་པ་ནི་མིན་ནོ་ཞེས་འདོད་པ་སྟེ། འདི་ནི་སྒོ་དྲུག་པ་དང་། འཕགས་པ་བཟང་པོ་སྤྱོད་པ་ལ་སོགས་པའི་མདོ་སྡེ་རྣམས་སྒྲ་ཇི་ལྟ་བ་ཁས་ལེན་ཅིང་། མདོ་སྡེ་དེ་དག་གི་རྗེ་སུ་འཇུག་པས་ན་མདོ་སྡེ་པ་སྟེ། མིང་གཞན ་དཔེས་སྟོན་པ་ལ་མཁས་པས་ན་དཔེས་སྟོན་པའོ།། དེ་དག་ནི་བྱེ་བྲག་ཏུ་སྨྲ་བ་ལ་སོགས་པ་བས་བློ་ཞིབ་བས་ན་མཁས་རྣམསོ།། ཞེས་བྱ་བ་སྟེ། འདི་ལྟར་དགེ་བ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་བསྔོ་བ་དང་། ་སྨོན་ལམ་གྱིས་མྱ་ངན་ལས་འདའ་བའི་ཉན་ཐོས་ཡིན་པས་ལོ་བརྒྱད་ཁྲིས་སླར་ལྡང་བའི་ཕྱིར་མཁས་པའོ།། བྱེ་བྲག་ཏུ་སྨྲ་བ་དག་ནི་ཞི་བའི་དབྱིངས་དེར་བསྐལ་བ་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་དུ་མར་འདའ་བར་བྱེད་དེ། ཏིང་ངེ་འཛིན་གྱི ་ལུས་ཐོབ་ནས་བསྐལ་པའི་བར་དུ་དེ་མི་སད་ཅེས་གསུངས་པས་སོ།། དེའི་ཕྱིར་འདི་དག་ནི་ཐེག་པ་ཆེན་པོ་པོ་ཞེས་ཀྱང་བརྗོད་དོ། ལུས་དང་སྙིང་རྗེ་ཆེན་པོ་དག་དང་ལྡན་པའི་ཕྱིར་རོ།། ད་ནི་རྣལ་འབྱོར་སྤྱོད་པ་པོའི་ལྟ་བ་བསྟན་པའི་ཕྱིར། ་རྡུལ་ཕྲ་རང་བསྔགས་པའི་གོང་བུ་རྡུལ་ཕྲ་རབ་ཀྱི་ཆ་ཤས་ཅན་ཞེས་བྱ་བ་མེད་ཅིང་། དེ་བཞིན་དུ་དེའི་རྒྱུ་དེ་རྩོམ་པ། ཕྲ་རབ་རྡུལ་རྣམས་མེད་པ་དང་། ཞེས་སྨོས་ཏེ། སེམས་ལས་གཞན་ན་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ།། ཅིའི་ཕྱིར་ན། ་དྲུག་གིས་ཅིག་ཅར་སྦྱར་བ་ན།། ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར།། དྲུག་པོ་དག་ནི་གོ་གཅིག་ན། གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར།། ཞེས་བྱ་བ་ལ་སོགས་པའི་གནོད་པ་ཡོད་པའི་ཕྱིརརོ།། གཞོན་ཡང་མཚན་ཉིད་ཐ་དད་པར་བརྟོགས་པ ་སྲ་བ་ལས་གཤེར་བ་དང་། དེ་ལས་ཚ་བ་ལ་སོགས་པ་སོ་སོར་སྣང་བ་དག་ཀྱང་རིགས་པས་རྣམ་པར་ལྟ་བ་རྣམས་ལ་དེ་ལྟར་སོ་སོར་དམིགསུ་མེད་ཏེ། བུད་མེད་ཀྱི་ནི་ལུས་གཅིག་ལ།། ཀུན་རྒྱུ་འདོད་ལྡན་ཁྱི་རྣམས་ཀྱིས།། རོ་དང་འདོད་བྱ་བཟའ ་བཞེས།། རྣམ་པ་གསུམ་དུ་རྟོག་པར་ཅེས་བྱ་བ་ལ་སོགས་པས་མཚན་ཉིད་མ་ངེས་པའི་གནོད་པ་ཡོད་པའི་ཕྱིརརོ།། དེ་ལྟ་ན་སོ་སོར་སྣང་བ་མངོན་སུམ་དུ་ཉམ་སུ་མྱོང་བ་འདི་ཇི་ལྟར་བརྟག་ཅེ་ན། དེའི་ཕྱིར་ཉམ་སུ་མྱེད་པ་ཆེ་བ་དང་གཤེར་བ་ལ་སོགས་པ ་དག་ནི་རྨྱི་ལམ་འདྲ། ཞེས་སྨོས་ཏེ། རྨི་ལ་མོ་ཉིད་ན་མེད་པར་ངེས་པའི་བུད་མེད་ཁོང་དུ་མེད་པ་ལ་སོགས་པོ་དང་འདྲ་སྟེ། རྣམ་པརམི་ཤེས་པ་དེ་ཉིད་སོ་སོར་སྣང་བའོ།། དེ་ལྟ་ན་རྨི་ལམ་ལྟར་ཐམས་ཅད་འཁྲུལ་པའམ་ཞེ་ན། མ་ཡིན་ཏེ། གཟུང ་དང་འཛིན་པ་ལས་སྒྲོལ་བའི།། རྣམ་ཤེས་དམ་པའི་དོན་དུ་ཡོད།། རྗེས་སྨོས་ཏེ། འདོད་ཅེས་བྱ་གབོང་ནས་དབྱུང་ངོ་།། དེ་ལ་གཟུང་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ལས་གཏོགས་པའི་དབང་ཕྱུག་གིས་སྤྲུལྟ་པ་ནས་རྡུལ་ཕྲ་རབ་བསགས་པའི ་བར་རོ།། འཛིན་པ་ནི་བེམས་པོ་འམ། འདྲེས་པའི་ཡུལ་འཛིན་པར་བྱེད་པའི་ཤེས་པ་སྟེ། དེ་དག་ལས་གྲོལ་བའི་རྣམ་ཤེས་ནི་གཟུང་བ་སེམས་ཀྱི་རྣམ་པ་འབའ་ཞིག་ཏུ་འདོད་ཅིང་འཛིན་པའང་གཟུང་བ་ལས་ཐ་མི་དད་པ་སྟེ། དེ་ལྟར་ན་རང་གི་ཁྱད ་པར་ཤེས་པ་ནི་རྣམ་པར་ཤེས་པ་ཞེས་མིང་ཡང་རིག་པར་འགྱུར་རོ།། རྣམ་པ་ནི་ཁྱད་པར་ཉིད་དུ་དངོང་།། དེ་དམ་པའི་དོན་དུ་ཡོད་པར་འདོད་པ་ནི་རང་གི་མངོན་པར་ཞེན་པས་འདིར་རིགས་པས་གནོད་པར་མི་ནུས་པས་ན་དོན་རྣམས་ལས་འདི་ཁོ་ན་དམ ་པའོ།། ཞེས་རྟོགས་པ་ཙམ་སྙིང་པོར་འགྱུར་གྱི།། རང་གི་ངོ་བོས་ནི་མ་ཡི་ནོ།། དེ་དག་ནི་ཕྱི་རོལ་གྱི་དོན་ལ་མངོན་པར་ཞེན་པ་མ་ལུས་པ་བཅོམ་པས་ན་བློ་མཚོ་ཕ་རོལ་ཕྱིན་པའི་ཞེས་སྨོས་ཏེ། བློ་ནི་ཤེས་རང་སྟེ་ངེས་ཤེས་བྱའི་རྒྱ་མཚོའི་ཕ་རོལ་ཏུ ་ཕྱིན་པའམ།། ཡང་ན་བུ་ཉིད་འཁྲུལ་བའི་འཇིགས་པ་ཅུ་སྲིན་འཛིན་ཁྲིས་དཀྲུགས་བྲ་ལ་སོགས་བུ་ལྟར་ཉམ་ང་བ་ཡིན་པའི་ཕྱིར་མཚོ་ལྟ་བུ་ཡིན་ལ།། འདི་དག་གིས་མ་སྡེ་བྱའ་བར་གྱི་འཁྲུལ་བའི་འཇིགས་པ་དང་བཅས་པ ་མཚོའི་ཕ་རོལ་ཏུ་ཕྱིན་པས་ན་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་དག་ཉིད་ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པ་འདི་དག་ནི་སེམས་ཙམ་ཏེ་དུས་གསུམ་ཡང་སེམས་ཙ་མོ།། ཞེས་གསུངས་པའི་ལུང་གི་དོན་དངོས་པོ་དང་མཐུན་པ་ལྟར། ཚུལ་བཞིན་ཡིད་ལ་བྱེད་པ་སྐྱོད་པ ་ན་རྣལ་འབྱོར་སྤྱོད་པ་སྟེ། ཡོ་ནི་ཤ་མ་ན། ཤི་ཀ་རཏྣོ་ག་ཞེས་བསྟན་པའོ།། དེ་དག་གི་གཞུང་ནི་གྲུབ་པའི་མཐའ་སྟེ་བསྒྲགས་པ་བསྟན་པའོ།། འདིར་རྣལ་འབྱོར་སྤྱོད་པ་ནི་རྣམ་པ་གཉིས་ཏེ། རྣམ་པ་དང་བཅས་པ་དང་། རྣམ་པ་མེད་པའོ།། དེ་ལ་རྣམ་པ ་དང་བཅས་པ་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོ་ལ་སོགས་པ་དག་གི་འདོད་པ་སྟེ། རྣམ་པ་གཞན་གྱི་དབང་དུ་སྟོན་པས་ཇི་སྐད་དུ། ནང་གི་ཤེས་བྱའི་ངོ་བོ་ནི། ཕྱི་རོལ་ལྟར་ནང་གང་ཡིན་དེ། དོན་ཡིན་ཞེས་བྱ་བ་ལ་སོགས་པ་སྟེ་རྣམ་པར་ཤེས་པའི་ཚོགས ་དྲུག་ཏུ་སྨྲ་བའོ།། རྣམ་པ་དེ་མེད་པ་ནི་སློབ་དཔོན་འཕགས་པ་ཐོགས་མང་ལ་སོགས་པ་སྟེ། དེ་དག་རྣམ་པ་ཀུན་ཏུ་བརྟགས་པ་རབ་རིབ་ཅན་གྱི་སྒོ་ཤུད་ལ་སོགས་པ་ལྟར་སྨྲ་བས། དོན་ནི་དོན་ཏུ་གྲུབ་འགྱུར་ན།། མི་རྟོག་ཡེ་ཤེས་མེད་པར་འགྱུར། ་དེ་མེད་པས་ན་སངས་རྒྱས་ཉིད།། ཐོབ་པར་འཐད་པ་མ་ཡིནོ།། དེ་བཞིན་དུ། མི་རྟོག་ཡེ་ཤེས་རྒྱུ་བ་ལ།། དོན་ཀུན་སྣང་བ་མེད་ཕྱིར་ཡང་།། དོན་ཀུན་སྣང་བ་མེད་ཕྱིར་ཡང་།། དོན་མེད་ཁོང་དུ་ཆུད་པར་བྱ།། དེ་མེད་པས་ན་རྣམ་རིག་མེད་ཅེས ་བརྗོད་ཅིང་། རྣམ་པར་ཤེས་པའི་ཚོགས་བརྒྱད་དང་། ཁ་ཅིག་གཅིག་པུར་སྨྲ་བ་སྟེ། གཅིག་པུ་ཉིད་ནི་རྣམ་པ་དང་བཅས་པ་དག་ལ་ཡང་ཁ་ཅིགོ།། ད་ནི་ཐེག་པ་ཆེན་པོ་དབུ་མ་པའི་གཞུང་སྟོན་པར་བཞེད་ནས།། རྣམ་ཤེས་དམ་པའི་དོན་ལྡན་པ ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦྱར་བསྟན་པ་ལྟང་ཤེས་པ་རིགས་པས་མི་གནོད་པས་མི་གནོད་པས་དམ་པའི་དོན་གྱི་མཚན་ཉིད་དང་ལྡན་པ་དེ་ཡང་ལྡན་པ་དེ་ཡང་ཁོ་བོ་ཅག་དབུ་མ་པ་ཤིན་ཏུ་ཞི་བ་པའི་རིགས་པས་འཇལ་བ་ལ་མཁས་བེ་བློ་རབ ་ཏུ་བརྟེན་པ་རྣམས་དོན་དེས་སེཾང་ར་མི་འདོད་ཏེ། ཅིའི་ཕྱིར་ཞེ་ན། ཤེས་པ་དེ་གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར་དཔེར་ན། ན་མཁའི་པདྨ་བཞིན་ཏེ། འདིར་རྣམ་ཤེས་དམ་པའི་དོན་ལྡན་པ་ནི་ཆོས་ཅནོ།། དོན་དམ་པར་མི་འདོད་པར་མི ་འདོད་པ་ནི་བསྒྲུབ་པར་བྱ་བའི་ཆོསོ།། གཅིག་དྲུང་དུ་མ་བྲལ་བྱའི་ཕྱིར་ཞེས་བྱ་བ་ནི་ཕྱོགས་ཀྱི་ཆོས་ཏེ། ཁྱབ་པར་བྱེད་པ་མི་དམིགས་པའི་གཏན་ཚིག་སོ།། ནམཁའི་པདྨ་བཞིན་ཞེས་བྱ་བ་ནི་མཐུན་པའི་དཔེ་སྟེ། སློབ་དཔོན་གྱ་གྱི་ཞལ་སྔན ་རྣལ་འབྱོར་སྤྱོད་པ་ལ་ཐུག་གི་བར་དུ་སྦྱོར་བའི་ཚིག་གིས་ཕྱོགས་སྔ་མ་སྔ་མ་ཕྱི་མོ་ཕྱི་མས་སུན་དབྱུང་བ་མཛད་པོ་ནི། རྟ་ཅང་ཤེས་ལྟ་བུར་གྱུར་པའི་དབུ་མས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོའི་དགེ་འདུན་དུ་བགྲང་བ་རྣམས་ནི་དང་པོར། གླང ་ཡོད་དེ་ཀུན་འདི་རྣམས་འཇིག་ཅེས་བྱ་བ་ལ་སོགས་པ་ཕྱོགས་དང་ཕྱོགས་ཀྱི་ཆོས་ཙམ་མན། དཔེའི་ཆོས་ཙམ་སྨོས་པས་གོ་བ་ལ་དགོངས་ལ། དེ་ལས་གཞན་པ་དག་གི་ཕྱིར་ནི་འདིར་སྦྱོར་བའི་ཚིག་བསྡུས་པ་མཛད་པར་ཤེས་པར་བྱའོ།། །། ་དདུ་མྱ་དེ་དག་ཅི་ཞིག་ཁས་ལེནནེན། ཙི་ལང་ཁས་ལེན་པ་མ་ཡིན་ཏེ།། ཡོད་མིན་མེད་མིན་ཡོད་མེད་མིན།། གཉིས་ཀའི་བདག་ཉིད་ཀྱང་མིན་པས།། མཐའ་བཞི་ལས་གྲོལ་དབུམ་པ།། མཁས་པ་རྣམས་ཀྱང་། ་ཁོ་ནའོ།། ཞེས་སྨོས་ཏེ། རྣལ་འབྱོར་སྤྱོད་པ་པའི་མཐར་ཐུག་པ་ནི་ཡོད་པ་སྟེ། དེ་ཡང་འདོད་པ་མིན་ལ། འཇིག་རྟེན་རྒྱང་པན་པ་ལ་སོགས་པ་ནི་མེད་པ་སྟེ་དེ་ཡང་འདོད་པ་མིན་ཏེ། གལ་ཏེ་དེ་དག་གཉིས་དང་བྲལ་བའི་བདག་ཉིད་དོ་ཞེ་ན། ཡོད་མེད་མིན ་ཞེས་སྨོས་ཏེ། ཕུང་པོ་གསུམ་པར་འགྱུར་བའི་ཕྱིརརོ།། དེ་ལྟར་ན་གཉི་ག་ཅིག་པར་ཁས་ལེནོ་ཞེ་ན། གཉིས་བདག་ཀྱང་མིན་པས་ཞེས་བྱ་བ་སྨོས་ཏེ། ཉེས་པ་གཉི་གར་ཐལ་བར་འགྱུར་བའི་ཕྱིརརོ།། ཕྱོགས་ཕྱི་མ་གཉིས་ནི་རྣམ་པར་རྟོག་པ་སྲིད་པ་དགག་པ ་སྟེ། ཇི་ལྟར་སློང་དཔོན་བྷ་བྱའི་ཞལ་སྔ་ནས་ཕྱོགས་རྣམ་པར་བརྟག་སུ་ཟིན་ན་ཡང་མི་རིགས་པ་བརྗོད་པར་བྱ་བའི་ཕྱིར་དེ་ཡོངསུ་བཟུང་བས་ཉེས་པ་མདོ་ཞེས་བརྗོད་པ་ལྟ་བུའོ།། དེ་ལྟར་ན་མཐའ་བཞི་པོ་ཇི་སྐད་བསྟན་པ་ལས་གྲོལ་ཏེ། དེ་དག་སྤངས་པ་ནི་མཐའ ་རྣམས་སྤངས་པས་ཀུན་རྫོབ་ཀྱི་བདེན་པར་དབུ་མ་པ་སྟེ་དེ་དག་ནི། ཡོད་དང་མེད་དང་ཡོད་མེད་ཅེས།། ཁོས་མི་ལོན་པ་གང་ཡིན་པ།། དེ་ལ་ནན་ཏན་ལྡན་པས་ཀྱང་།། ཅིར་ཡང་ཀཱན་ཀ་བྱ་མི་ནུས་ཞེས་བྱ་བའི་ཚུལ་གྱིས་གྲུབ་པའི་མཐའ་སྨྲ་བ་སུས་ཀྱང་བརྗོད ་དུ་མེད་པའི་བློ་དང་ལྡན་པ་ན་མཁས་པ་རྣམས་ཏེ། དེ་རྣམས་ཀྱི་དེ་ཁོ་ནའོ།། ཞེས་བྱ་བ་ནི་ཇི་ལྟར་གཅལ་ཏེ། གཞག་པར་ཡང་མི་འགྱུར་ཞིང་། དེ་འཇལ་བ་ཡང་ཕྱིན་ཅི་མ་ལོག་པས་ན་གཉི་ཀ་བསླུ་བ་མེད་པས་དེ་ཁོ་ན་གྲུབ་ཀྱི་གཞན་ནི་མ་ཡིནོ།། འདིར་ངདུ ་མ་པ་དེ་དག་ཀྱང་ཀུན་རྫོབ་རྣམ་པར་གཞག་པ་གཉིས་ཏེ། སྣང་བ་ལ་མི་འཇལ་བ་ནི་སློབ་དཔོན་བྷ་བྱ་ལ་སོགས་པ་དང་། སྣང་བའི་དངོས་པོ་ཇི་ལྟ་བ་མ་ཡིན་གྱི་ནང་གི་ཤེས་པ་ཁོ་ན་སྣ་ཚོགསུ་སྣང་བར་སྨྲ་བ་སློབ་དཔོན་ཞི་བ་འཚོ་ལ་སོགས་པའོ།། ཆོས་ལ་ཞེས་བྱ། ་པ་ལ་སོགས་པ་ནི་བསླབ་པ་ལ་འཇུག་པར་བྱ་བ་སྟེ། སྔར་བསྟན་པ་ལྟར་འཁྲུལ་པའི་གནས་གྲུབ་པའི་མཐའ་རབ་འབྱམས་དག་དང་། གཞན་ཡང་རྟག་པར་སྨྲ་བ་བཞི་ཡང་རྟག་པར་སྨྲ་བ་གཞན་བཞི་དང་། མཐར་སྨྲ་བ་བཞི་དང་། ཀུན་འབྱུང་བ་རྒྱུར་སྨྲ་བ ་གཉིས་དང་། ཚིག་འཁྲུལ་པ་བཞི་དང་། འདུ་ཤེསུ་སྨྲ་བ་བཅུ་དྲུག་དང་། འདུ་ཤེས་ཡོད་པ་མ་ཡིན་པར་སྨྲ་བ་བརྒྱད་དང་། འདུ་ཤེས་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པར་སྨྲ་བ་བརྒྱད་དང་། མཐོང་བའི་ཆོས་ལ་ཡིད་འབྱུང་བར་སྨྲ་བ ་ལྔ་དང་། ཆད་པར་སྨྲ་བ་བདུན་ཞེས་བྱ་བ་འཇིག་ཚོགས་ལ་ལྟ་བ་དྲུག་ཅུ་རྩ་གཉིས་དག་རྩོད་པའི་དུས་སྙིགས་མ་ལྔ་དང་ལྡན་པ་འདིར་གནས་ལ། དེ་དག་ཀྱང་ཆོས་ལས་ཐོས་པ་ལ་སོགས་པའི་འབད་པ་མེད་ན་ནི། གང་ཕྱིར་དེ་ཉིད་མ་འགྲུབ་པ། ་དེ་ཕྱིར་མཁས་པས་ནན་ཏན་གྱིས།། ཆོས་ལ་ལེགས་པར་བལྟ་བར་བྱ།། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ།། བསྲེག་པ་ལ་སོགས་པ་སློབ་དཔོན་ཉིད་ཀྱི་ཞལ་སྔ་ནས།། གཞན་དུ། དོན་གང་ལུང་དང་རཱིགསོ་བ་ཡིས།། ལེགས་པར ་མངོན་པར་བརྗོད་པ་དང་།། སྔ་ཕྱི་འགལ་བ་མེད་པ་དེ།། དམ་པ་རྣམས་ཀྱིས་ཡོངསུ་བཟུང་།། ཞེས་བསྟན་པའོ།། ཁ་ཅིག་ནི་མངོན་སུམ་དང་རྗེསུ་དཔག་པ་དང་ལུང་གི་ཚད་མ་དག་ཏུ་སྨྲ་བར་བྱེད་དོ།། གུས་ཕྱིར་མིན་པ་ནི་གང་ཟག་གི་རྗེསུ་ཁྲེག ་པ་དགག་པའི་ཕྱིར།། བསྲེགས་པ་ལ་སོགས་པ་ཡང་ཚོང་དཔོན་གསེར་སྤྱོད་ལྟ་བུའི་བླ་མ་ལགག་པས་ན། དེས་ན་འབད་པས་བླ་མ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་ཞིག་བདེན་པ་གཉིས་ཇི་ལྟ་བ་བཞིན་ཤེས་པས་ལྟ་བ་ཕྱིན ་ཅི་མ་ལོག་པ་དང་། སྙིང་རྗེ་དང་ལྡན་པ་དང་། ཐབས་ལ་མཁས་པ་དང་། ལེ་ལོ་སྤངས་པ་སྟེ། ཆོས་བཞི་དང་ལྡན་པ་དེ་ནི་བླ་མའོ།། ཡོངསུ་དྲི་བ་ནི་ས་བཅུའི་བར་དུ་དེ་ལ་རག་ལས་པས་ན་ཆོས་ཉིད་ཁོ་ནསོ།། སེམས་ཀྱི་ཡང་དག་པ་ཇི་ལྟ་ཤེས ་པ་ནི་དེ་སོང་བ་དང་གནས་པ་མི་དམིགས་ཏེ། དེ་ཉིད་སྔར་བསྟན་པ་ལྟར་མ་ལུས་པར་ཤེས་པ་ཡིན་པས་བླ་མའི་ལུང་གིས་སེམས་ཤེས་པའི་ཚུལ་ལ་རྣམ་པ་དུ་མར་གོམས་པར་བྱའོ།། ཞེས་བྱ་བ་ནི་གང་ཚེ་སེམས་ནི་ཞེས་བྱ་བ་ལ་སོགས་པས་བསྟན ་ཏེ། ཇི་ལྟར་ན་གོམས་པར་བྱ་ཞེ་ན། ཡིད་ནི་གང་དང་གར་འགྲོ་བ་ཞེས་བྱ་བ་ལ་སོགས་པ་སྨོས་པས་རྟོག་སེམས་འཁོར་ལོ་དེ། ཇི་ལྟར་གཟུང་བ་སྟོན་ཏེ། ཇི་ལྟར་མཐོང་དང་ཐོས་པ་ཀུན།། འདི་ལ་དགག་པར་བྱ་མིན་གྱི།། གང་ཕྱིར་སྡུག་བསྔལ ་རྒྱུར་གྱུར་པ།། བདེན་པ་ཉིད་དུ་རྟོག་པ་བཟློག། ཅེས་བསྟན་པ་དང་། ཡང་དག་ལྟ་བས་ཕྲ་རབ་ཀྱི།། ངོ་བོ་ཡང་ནི་མི་ཤེསོ།། དེ་ཕྱིར་རང་བཞིན་མེད་སྨྲ་བའི།། སྣང་བ་བསལ་ཕྱིར་མ་ཡིན།། ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་དངོས་པོ་ཀུན་རྫོབ ་པ་ཐམས་ཅད་སྤྲོས་པ་མེད་པའི་རང་བཞིན་ཏེ། དེའི་བདག་ཉིད་དུ་ཤེས་པར་བྱའི་ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་ལྟར་ནི་ཐོགས་མ་ནས་མཐོང་བ་མི་སྲིད་ཅིང་། མཐོང་བ་ན་ཡང་དེ་དོར་ཏེ་བདེན་པ་གཉིསུ་དབྱེར་མེད་པའི་ངོ་བོ་ཁོང་དུ་ཆུད་པ ་བྱ་བའི་ཕྱིརརོ།། དེ་ལྟར་ན་འཕགས་པ་རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ལས་བྱང་ཆུབ་སེམས་དཔའ་མཉམ་པར་བཞག་པའི་ཤེས་པས་ནི། ཆོས་ཐམས་ཅད་ན་མཁའི་དཀྱིལ་ལྟ་བུར་མཐོང་བར་གསུངས་པ་དེ་ལ་ཐམས་ཅད་དུ་དམིས ་པོར་ནི་རྡོ་ལས་ཐོབ་པས་སྒྱུ་མ་ལ་སོགས་པ་ལྟར་སྣང་བ་བསྟན་ཏོ།། ད་ནི་སློབ་དཔོན་གྱི་ཞལ་སྔ་ནས་ཀུན་རྫོབ་དུ་རྣལ་འབྱོར་སྤྱོད་པ་པ་དག་ལས། རྣམ་པ་མེད་པ་དང་། རྣམ་པ་མཐུན་པར་སྟོན་པ་སེམས་འདི་ནི་བག་ཆགས་དང་བཅས་པ་ཡིས་སྣ་ཚོགསུ་སྣང ་ལ། ཇི་ལྟར་སྣང་བ་ཉིད་ནི་བག་ཆགས་ཀྱིས་ནི་སེམས་ཅན་བགྲང་བ་ལ་ཁྲིད་ཅིང་དེ་མ་ཡིན་པ་ལ་ཁྱེར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་སྣང་བ་ལ་ཉེས་པ་མེད་པའི་ཕྱིར་སེམས་ཀྱི་འཇུག་པ་ཐ་མལ་པའི་རྣམ་པར་རྟོག་པ་འགོག་པ་ཡི ་སྒྱུ་མ་ལྟར་རྟོགས་པས་བག་ཆགས་ལས་ནི་བཀྲི་ཞིང་བཀྱེར་གྱི་སྣང་བ་རྣམས་ཀྱི་སྐྲག་སྟེ་དེ་དག་བསལ་པོར་ནི་མི་བྱའོ།། དེ་ལྟར་ན་སངས་རྒྱས་ཀྱི་ས་ལཾ་ཡང་བྱིན་གྱིས་བརླབས་པའི་སྣང་བ་རབ་འབྱམས་འབྱུང་གི་རྣལ་འབྱོར་སྤྱོད་པ་པ་རྣམ་པ་མེད་པར་སྨྲ ་བ་ལྟར་དེ་སྤངས་པས་ཅི་ཞིག་བྱ། དེའི་འབྲས་བུ་ནི་གང་དང་གང་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྣང་བ་མ་བསལ་བའི་མཐུ་ལས་ཞེས་བྱ་བའི་དོན་ཏོ།། སྣ་ཚོགས་གཟུགས་ཅན་ནོར་བུ་ནི་ཆུ་ཤེལ་དག་པ་སྟེ། རྐྱེན་ཇི་ལྟ་བུ་པ་དོག་གི ་གཟུགསུ་སྣང་དུ་རུང་བའི་ཕྱིར།། བསོད་ནམས་ནི་སྒྲིབ་པ་དག་པར་བྱེད་པའི་ཡེ་ཤེས་ཀྱི་ཚོགས་དང་ཕན་པའི་བསམ་པ་སྟེ། དེས་ན་བཟང་པོ་གང་ཞེ་ན། བསོད་ནམས་ཀྱི་ཉི་ཚེ་ལས་ཁྱད་པར་དུ་དབྱེ་བའི་ཕྱིརརོ།། སངས་རྒྱས་ཀྱི་ཡེ་ཤེས་ནི་ཡེ་ཤེས ་རྣམ་པ་བཞི་སྟེ། དེ་དག་ཐོབ་པར་བྱ་བའི་ཕྱིར་འབད་པས་གཞོལ་བར་ཤོག་ཅིག། ཅེས་བྱ་བའི་དོན་ཏོ།། གཞན་ཕན་འདོད་པས་བསྡུས་པ་ཕྱེ།། ཉེས་སྨྲས་དེ་འདིར་བདག་གིས་འཁྲུལ།། དེ་ཕྱིར་འཕགས་པ་ལ་མི་སྤང ་བདག་ལ་མཁས་རྣམས་བཟོད་པར་མཛོད།། འདི་ཡི་དགེ་བ་དྲ་བ་དྲི་མེད་སྟོན་ཟླ་འདྲུ་བ་གང་ཡིན་དེས།། བདག་ནི་འཕག་པ་ཀླུ་སྒྲུབ་འཕགས་པ་ལྷ་ཡི་ཞ་བས་བཅས་དང་།། མྱུར་དུ་ལེགས་ཕྲད་དེ་དག་གསུང་གི་བདུད་རྩིས་ངོམས་བྱས་ཏེ། ་རིམ་གྱིས་འགྲོ་བ་འདྲེན་ཕྱིར་གཅིག་ཏུ་འགྲོ་ལ་ཕན་ཕྱིར་གྱུར།། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པའི་བཤད་སྦྱར་སློབ་དཔོན་བྱང་ཆུབ་བཟང་པོའི་ཞལ་སྔ་ནས་མཛད་པ་རྫོགས་སྷོ།། ་ཕྱག་གྱིམ་ཁན་ཐོང་བན་སྟོང་དང་། མི་ཙཱ་བ་དགེ་སློང་ཆེས་གྱིས་ཤེས་རབ་ཀྱོས་བསྦྱོར་ཅིང་སུས་ཏེ་གཏན་ལ་ལབཔོའོ།། ། འདིས་བསྟན་པ་དང་སེམས་ཅན་ལ་ཕན་པར་གྱུར་ཅིག ་