CLOSE WINDOW

GT3254: ye shes snying po kun las btus pa zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཛྙཱ་ན་སཱ་ར་ས་མུཙྪ་ཡ་ནཱ་མ། བོད་སྐད་དུ། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་ཞེས་བྱ་བ། སངས་རྒྱས་ལ་ཕྱག་འཚལོ།། དཔལ་མགོན་བླ་མ་ལ་བཏུད་ནས།། བྱིས་རྣམས་སྡུག་བསྔལ་ཞི་བྱའི་ཕྱིར།། ་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས།། འཕགས་པ་ལྷ་ཡིས་སྦྱར་བའོ།། དངོས་དང་དངོས་མེད་ལས་གྲོལ་ཞིང་།། དངོས་དང་དངོས་མེད་རབ་ལྗོན་པ།། འགྱུར་བ་མེད་པ་གྲོལ་བའི་མཆོག། ཡིད་ཀྱི་རང་བཞིན་གྲོལ་བའི་གནས།། གང་ཡིན་དེ་ལ་བསམ་གཏན ་གྱིས།། རྟོག་སེམས་འཁོར་ལོ་འཛིན་བྱེད་པ།། འགྲོ་དང་དངོས་པོའི་ངོ་བོ་རྣམས།། རིག་པའི་མིང་དུ་དེ་བརྗོད་དོ།། དངོས་མེད་སྟོང་པ་མཁའ་འདྲ་བ།། ཡོད་པ་རྣམ་པར་སྤངས་པ་ནི།། དེ་ཉིད་མཆོག་དེ་ཐར་འདོད་རྣམས།། འཁྲུལ་དང་རྨོངས་ཆེན ་གནས་ཡིན་ནོ།། རེ་ཞིག་དངོས་གང་ཡོད་ན་ནི།། རྣམ་པར་འཇིགས་པའི་གནས་ལ་གནས།། དངོས་པོ་རྣམས་ནི་མེད་ན་ཡང་།། སྟོང་པ་ཉིད་ལས་སྐྱེ་བར་འགྱུར།། དེ་ཕྱིར་ཕྱོགས་ནི་གཉིས་པོ་ཡང་།། སྐེམས་ཤིང་ཡོངསུ་སྙོམས་པ་ནི།། མཁས ་པའི་གོ་འཕང་མཆོག་ཕྲ་བ།། བླ་མའི་ཞལ་ལ་གནས་པའོ།། གང་ཡོད་དེ་ཀུན་འདི་རྣམས་འཇིག། གང་མེད་དེ་ཡང་འབྲས་བུ་མེད།། དེས་ན་གཉིས་ཀྱི་དབུས་ན་གནས།། ར་བོ་ཕྲ་མཁས་པ་གང་གིས་རྟོགས།། དེ་ཁོ་ན་ཉིད་རིན་ཆེན་མཆོག། དངོས་པོ ་མེད་པ་ཉི་ཚེ་ལ།། རྨོངས་པ་རྣམས་ནི་ཉེ་བར་གནས།། ཁོང་མྱགས་དམན་པོའི་གནས་ལ་ནི།། བླུན་པོ་དེ་དག་འདི་ན་གནས།། དེ་ཉིད་དམ་པ་མཁའ་འདྲ་ལ།། གང་དག་སེམས་ནི་རབ་རྨོངས་པ།། དེ་དག་ཆོས་ཅན་ནམ་མཁའ་ལ།། མཆོག་ཏུ་རྨོངས་པ ་ངག་ཏུ་འགྱུར།། དངོས་པོ་ཉམ་སུ་མྱོང་བ་ཡང་།། ཟང་གནས་ཡིན་པས་རྟེན་མེད།། ཅུང་ཟད་དུས་ཀྱི་བདེ་ཐོབ་ཀྱི།། རྣམ་པར་གྲོལ་བར་མོ་བརྗོད་དོ།། ད་ཕྱིར་དངོས་ཡོད་མ་བྱ་ཞིང་།། དངོས་པོ་མེད་པའི་ཡིད་ཀྱང་སྤངས།། ་ཀུན་མཁྱེན་གོ་འཕང་འདོད་རྣམས་ཀྱིས།། དེ་བཞིན་བར་དུའང་གནས་མི་བྱ།། དབང་ཕྱུག་ལ་སོགས་ཡོན་ཏན་འདོད།། གྲངས་ཅན་སྨྲ་རྣམས་ཡོན་ཏན་མེད།། ཚངས་པ་འདོད་པ་བྲམ་ཟེ་རྣམས།། འདི་རྣམས་དེ་ཉིད་རྣམསུ་གནས།། སེར་སྐྱ་རྣམས་ནི་སྟོང་པའི་ཚུལ།། ་དབང་པོ་ཐུབ་རྣམས་ན་མཁའི་ཚུལ།། ཟད་བྱེད་རྒྱལ་བའི་གཟུགས་བརྙན་རྣམས།། དད་པས་འབདེ་གཞོལ་བའོ།། དབང་པོ་ལྔ་དང་ཉེར་ལྡན་དང་ཉེར་ལྡན་པའི།། བདག་ཡོད་བྲམ་ཟེ་མཆོག་རྣམསོ།། ལས་མེད་ཐར་པ་མེད་ཀྱང་རུང་།། གཞུང་ངན་རྒྱང ་པཕན་པ་ཡི་གཞུང་།། དབང་ཕྱུག་པ་ཡི་བསྟན་པ་ལ།། ལྷོ་བྱང་ནུབ་ཏུ་གནས་པ་སྟེ།། དེ་ཡང་ནས་ཅན་མཉམ་སྦྱོར་བར།། བྱེད་ཅིང་མིག་ནི་འཛུམ་ལྟེ་བའོ།། ཟླ་བའི་གྲུབ་མཐའ་བ་རྟག་ཏུ།། འཕྲོག་པོ་ལ་ནི་གུས་གཞོལ་བ།། སྙིང་གའི་པདྨའི་རླུང་གིས་ནི ་རྣལ་འབྱོར་ལྡན་པའང་སྒོམ་པར་བྱེད།། རྣལ་འབྱོར་ལྡན་པ་གཞན་འགས་ཀྱང་།། དེ་ཁོ་ན་ཞེས་རྟོགས་ཤིང་གནས།། བདེན་པོ་གང་ཡིན་དེ་ཉོན་ཞེས།། སྒྲུབ་པོ་སློབ་མ་ལ་སྨྲ་སྟེ།། དབུགས་རྒྱུ་བ་དང་རབ་རྟོག་མེད།། ཡིད་ནི་གར་ཤི་བདེན་པའོ།། ་དེ་ཉིད་མཆོག་དེའང་གསུངས་པ་ནི།། བདག་གི་དངོས་ལ་རྗེས་རྨོངས་པ།། གལ་ཏེ་ཡེ་ཤེས་མི་ཤེས་ན།། ཡེ་ཤེས་ཤིན་ཏུ་ཐལ་བར་འགྱུར།། བདེན་དང་ཏིང་འཛིན་ལམ་འདི་ནི།། སྲིད་གང་ཡིན་པར་སླར་འཆང་།། སངས་རྒྱས་ཆོས ་ནི་རྣམ་པ་བཞིག།། ཡིད་འདོད་རྣམས་ཀྱིས་སྔོན་མཐོང་དེ།། བྱེ་བྲག་སྒྲ་ལ་སོགས་པའི་ལམ།། བཤད་པས་དེ་ཉིད་བསྒྲུབ་པའོ།། ན་མཁའ་འགག་པ་གཉིས་དག་དང་།། འདུས་མ་བྱས་གསུམ་པ་ན་རྟག། འདུས་མ་བྱས་གསུམ་པ་ན་རྟག། འདུས་བྱས་བདག་གིས ་ཀུན་སྟོང་ལ།། བྱེད་པ་པོ་མེད་སྐད་ཅིག་མ།། མིག་ལས་སྐྱེ་བློ་རྣམས་མེད་ཅིང་།། མངོན་སུམ་རིག་པ་རྡུལ་གྱི་ཚོགས།། བློ་ལྡན་ཞེས་བྱ་ཁ་ཆེ་ཡི།། བྱེ་བྲག་སྨྲ་བའི་གཞུང་དུ་བཤོང་།། མཐོང་བ་དབང་པོའི་ཡུལ་མིན་ཏེ།། ཤེས་པ་རྣམ་པ་བཅས་པ་སྐྱེ།། ་ཁའ་མོ་གཤམ་བུ་འདྲ་ལ།། འགོག་པ་ན་མཁའ་དང་འདྲའོ།། འདུས་བྱས་བེམས་པོ་ཡོད་མིན་ལ།། དུས་གསུམ་དག་ཀྱང་ཁས་མི་ལེན།། བསགས་པའི་གཟུགས་མེད་མིན་ཞེས་པ།། མདོ་སྡེ་པ་ནི་མཁས་རྣམསོ།། ཆ་ཤས་ཅན་ཞེས་བྱེ་མེད་ཅིང ་ཕྲ་རབ་རྡུལ་རྣམས་མེད་པ་དང་།། སོ་སོར་སྣང་བ་དམིགས་མེད་དང་།། ཉམ་སུ་མྱོང་བ་རྨི་ལམ་འདྲ།། གཟུང་དང་འཛིན་པ་ལས་གྲོལ་བའི།། རྣམ་ཤེས་དམ་པའི་དོན་དུ་ཡོད།། བློ་མཚོའི་ཕ་རོལ་ཕྱིན་པ་ཡི།། རྣལ་འབྱོར་སྤྱོད་པའི་གཞུང་དུ་བསྒྲགས།། ་རྣམ་ཤེས་དམ་པའི་དོན་པའི་ལྡན་པ།། དེ་ཡང་བརྟན་རྣམས་མི་འདོད་དེ།། གཅིག་དང་དུ་མའི་རང་བཞིན་དང་།། བྲལ་ཕྱིར་ན་མཁའི་པདྨ་བཞིན།། ཡོད་མིན་མེད་མིན་ཡོད་མེད་མིན།། གཉིས་ཀོའི་བདག་ཉིད་ཀྱང་མིན་པས།། མཐའ་བཞི་ལས་གྲོལ ་དབུ་མ་པ།། མཁས་པ་རྣམས་ཀྱི་དེ་ཁ་ནའོ།། ཆོས་ལ་འབད་པ་མེད་ན་ནི།། གང་ཕྱིར་དེ་ཉིད་མི་འགྲུབ་པ།། དེ་ཕྱིར་མཁས་པས་ནན་ཏན་གྱིས།། ཆོས་ལ་ལེགས་པར་བལྟ་བར་བྱ།། འཇིག་རྟེན་མགོན་གྱིས་གསུངས་པ་ཡང་།། མཆོག་ཏུ་བརྩམ་བྱ ་མིན་པ་ལ།། ཕྱག་བྱས་ནས་ནཱི་བརྣམས་ལ་འཇུབསྲེགས་བཅུད་བའ་གས་བཞིར་དུ།། དགེ་སློང་དག་སམ་མཁས་རྣམས་ཀྱི།། ཡོ་ལུ་ལ་བླང་བར་བྱ་ཡི་གུས་ཕྱེ་ཡིན། ་ན་འབད་པས་བླ་མ་ནི།། ཡང་དང་ཡང་དུ་མཆོད་བྱ་ཞིང་།། གང་ཕྱིར་སེམས་ནི་བརྟན་གྱུར། སྟེ། དུ་ནི།། གང་ཚེ་སེམས་ནི་སེམས་མེད་པ།། རྟོག་པ་ཀུན་ནས་གསལ་བྱེད་པ།། མ་སེམས་ན་གངས་དང་།། གར་གནས་མཐོང་བར་མི ་འགྱུར་རོ།། སེམས་ནི་ཡོངསུ་ཤེས་པ་ལ།། འགྲོ་བ་ཤེས་པར་འགྱུར་བའང་ཡིན།། དེ་ཕྱིར་བསད་པ་ཚུལ་རྣམས་ནི།། སྣ་ཚོགས་པ་ཡི་སེམས་གོམས་བྱ།། ཡ་ནི་གང་དང་གར་འགྲོ་ག། དེ་དག་དུ་སླར་ཤེས་པ།། གང་དུ་གཡོ་ཞིང་འགྲོ་བྱེད་པ།། ་ཐམས་ཅད་དེ་ཡི་རང་བཞིནོ།། འདི་ནི་བག་ཆགས་བཅས་པས་ཡིས།། བག་ཆགས་ཀྱིས་ནི་ཁྲིད་ཅིང་ཁྱེར།། སེམས་ཀྱི་འཇུག་པ་འགོག་པ་ཡིས།། བག་ཆགས་ལས་ནི་བཀྲི་ཞིང་བཀྱེར།། གང་དང་གང་གི། མི་རྣམས་ཀྱི།། ཡིད་ནི་ཡང་དགེ་སྦྱོར ་འགྱུར་བ།། སྣ་ཚོགས་གཟུགས་ཅན་ནོར་བུ་བཞིན།། རང་བཞིན་དེ་དང་དེར་འགྱུར་རོ།། གཞུང་འདྲི་བྱས་པས་བསོད་ནམས་གང་།། བཟང་པོ་བདག་གིས་བསྐྱེད་པ་དེས།། འཛིན་རྟེན་མ་ལུས་སངས་རྒྱས་ཀྱི།། ཡེ་ཤེས་ལ་ནི་གཞོལ་བར་ཤོག། ཡེ ་ཤེས་སྙིང་པོ་ཀུན་ལས་བཏུས་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་འཕགས་པ་ལྷའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགསོ།། ། རྒྱ་གར་གྱི་མཁན་པོ་ཀྲིཥྞ་ར་བ་དང་། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱི་བསྒྱུར་ཅིང ་ཞུས་ཏེ་གཏན་ལ་ཕབ་པའོ།། @#།། རྒྱ་གར་སྐད་དུ། ཛྙཱ་ན་སཱ་ར་ས་མཱ་ནྱཱ་ཡ་ན་མ་བརྡྷན། བོད་སྐད་དུ། ཡེ་ཤེས་སྙིང་པོ་ཀུན་ལ་བཏུས་ཞེས་བྱ་བའི་བཤད་སྦྱར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས ་