| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། བྷཱུ་མ་ག་ཏཱ་མ་དྷཱ་ནཱ་མ། བོད་སྐད་དུ། དབུ་མ་འཁྲུལ་པ་འཇོམས་པ་ཞེས་བྱ་བ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ལ་ཕྱག་འཚལ་ལོ།། གང་གིས་དེ་ཉིད་རབ་བརྟག་མིན།། རྣམ་ཤེས་བྱ་མིན་གཞི་མ་ཡིན།། མཚོན་མིན་བརྟག ་མིན་རིག་བྱ་མིན།། སྐྱེ་འཇིག་མེད་ཅིང་བདེ་བ་དང་།། རྣམ་བརྟག་མ་ཡིན་སྣང་བ་མེད།། མཚན་མ་མེད་ཅིང་གསལ་བྱེད་མེད།། གཉིས་མིན་གཉིས་མེད་མ་ཡིན་དང་།། ཞི་དང་བློ་འཇུག་རྣམ་སྤངས་པ།། ཡི་གེ་མེད་པ་ཡི་གེ་ཡིས།། ཐུགས་རྗེ་ཉིད་ཀྱི་སྟོན་མཛད ་པའི།། སྟོན་པོ་མ་ནོར་ཉིད་གསུང་བ།། དེ་ལ་གུས་པར་ཕྱག་འཚལོ།། གང་གིས་བདེན་གཉིས་མཁྱེན་གྱུར་ཅིང་།། རྨི་ལོམ་ལྟ་བུའི་ཀུན་རྫོབ་ལ།། ཐུགས་རྗེས་ཆགས་པ་མི་མངའ་བའོ།། ཀླུ་སྒྲུབ་ལ་ཡང་ཕྱག་འཚལོ།། བཅོམ་ལྡན་འདས་ཀྱི་ཐེག་པ་ཆེན་པོ ་ལས།། གང་མ་མཐོང་བ་ཉིད་དེ་ཁོ་ན་ཉིད་མཐོང་བའོ།། ཞེས་གསུངས་པ་དེའི་དོན་བཤད་པར་བྱ་སྟེ།། འདི་ལྟ་སྟེ་དཔེར་ན། རླུང་དང་།། མཁྲིས་པ་དང་། བད་ཀན་དང་འདུས་པ་ལ་སོགས་པའི་སྐྱོན་མི་མཉམ་པ་ཤས་ཆེན་པོས། རབ་རིབ་མཐུག་པོར ་གྱུར་པ་ལ་སྨྲ་བ་དང་ལྟུང་མ་དང་སྦྲང་བུ་ལ་སོགས་པ་ཡང་དག་པ་མ་ཡིན་པ་དག་རྒྱུན་ཏུ་ཙྪ་ངོ་།། དེ་སྨན་པ་མཁས་པས་རབ་རིབ་སེལ་བའི་མིག་སྨན་རིང་བུར་ལེགས་པར་སྦྱར་བ་ཡང་དག་པར་བསྟེན་པས།། སྐྱོན་གྱི་མཐུ་ཉམས་ཤྲིང་། རབ་རིབ་དང་བྲལ་ཏེ་མིག ་རྣམ་པར་དག་ཅིང་དྲི་མ་མེད་པ་ལ། སྔར་མཐོང་བའི་སྐྲ་ཤད་ལ་སོགས་པ་དག་མི་སྣང་བ་དེ་བཞིན་དུ། རྣལ་འབྱོར་པ་མཁས་ཡང་སྔོན་ཐོག་མ་མེད་པའི་དུས་ནས་བསགས་པའི་སྐྱོན་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པས་བློ་གྲོས་ཀྱི་མིག་བསྒྲིབས ་པའི་ཚེ་ན། རང་གི་རྣམ་པར་རྟོག་པས་སྒྲོ་བཏག་པ་གཟུགས་ལ་སོགས་པའི་དངོས་པོ་ངོ་བོ་ཉིད་དང་། མཚན་ཉིད་དང་མཚན་ཉིད་ཀྱི་གཞི་དང་། རྒྱུ་དང་འབྲས་བུ་དང་། གཅིག་པ་ཉིད་དང་། ཐ་དད་པ་ཉིད་དང་། གཉི་ག་ཉིད་དང་། ་ཡོད་པ་དང་། མེད་པ་དང་། རྟག་པ་དང་། ཆད་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། འཁོར་བ་དང་མྱ་ངན་ལས་འདས་པ་ལ་སོགས་པ་རྟོག་པའི་རྣམ་པ་དཔག་ཏུ་མེད་པའི་བྱེ་བྲག་ཐ་དད་པས། ཐ་དད་པར་གྱུར་པའི་དངོས་པོ་རྣམས ་རྣམ་པ་དུ་མར་སྣང་ངོ་།། དེས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དམིགས་སུ་མེད་པའི་བདག་ཉིད་སྟོང་པ་ཉིད་མཐོང་བའི་མིག་སྨན་ཡོངསུ་བསྟེན་པས་འདོད་ཆགས་ལ་སོགས་པའི་སྐྱོན་ཤས་ཆེན་པོའི་རབ་རབ་ཀྱི་ལིང་ཏོག་ཞི་བར་གྱུར་ཅིང་། རྣམ་པ་ཐམས་ཅད ་ན་པ་ཉིད་ཀྱི་ཡེ་ཤེས་རྣམ་པར་མི་རྟོག་པ་སྐད་ཅིག་གཅིག་ཆོས་ཐམས་ཅད་མཁྱེན་པ་སྐྱེ་ཀཱི་དུས་ན་ཅི་ཡང་མི་གཟིགས་ཏེ། སངས་རྒྱས་ཀྱི་སྤྱན་བསྒྲིབས་པ་མེད་ཅིང་ཐོག་པོ་མེད་པས་ཤེས་བྱ་ཐམས་ཅད་ལག་མཐིལ་དུ་སྐྱུ་རུ་རའི་འབྲས་བུ་བཞག་པ་བཞིན་དུ ་སྐད་ཙོག་ཅིག་ལ་ག་ནི་ནི་རྐད་ཅིག་གཅིག་གི་མངོན་པར་རྫོགས་པར་འཚང་རྒྱ་བའི་ཕྱིརརོ།། མངོན་སུམ་དུ་གཟིགས་པ་རྣམ་པར་རྟོག་པ་དང་། ཕྱིན་ཅི་ལོག་མི་མངའ་བ་བརྙེས་པའི་ཕྱིརརོ།། གཞན་ཡང་དཔེར་ན་གཉིད་ལོག་པའི་རྨི་ལམ་ནི་མེད་བཞིན་དུ་ཡང་གཉིད་ཀྱི་དབང་། ་གིས་བུ་མཆོག་ཏུ་ཡིད་དུ་འོང་བ། ཟུར་ཕུང་མཛེས་པས་མགོ་བརྒྱན་པ། གཞོན་ཞིང་སྐད་སྙན་པ་དེས་པ་སྨྲ་བ་དག་དང་། གཞན་ཡང་བུད་མེད་སྒྲ་མདོག་སྔོ་ཞིང་སྡོམ་བག་ཅན་གྱི་མགོ་བརྒྱན་པ། མིག་ཨུཏྤ་ལའི་འདབ་མ་ལྟ་བུ་ཡིད་འཕྲོག་པ་དང ་ལྡན་པ། སོའི་འོད་ཟེར་གསལ་བས་བཞིན་མདངས་དྲི་མ་མེད་པ་བཟང་པོ་གསལ་བར་སྣང་བ་དང་། ནུ་མ་ཟླུམ་ལ་འབུར་བ་ཟུང་གིས་བྲང་གི་འཇིང་ལེགས་པར་བརྒྱན་པ། ལུས་དང་ཡན་ལག་འཇམ་ཞིང་མཛེས་ལ་གཞོན་ཤ་ཆགས་པ་དག་དང་། གཞལ་མེད་ཁང ་པུ་ཀུ་ཉམས་དགའ་བ་ཡང་ཐོག་མཛེས་པ། གཞལ་ཡས་ཁང་ཁྱེར་སྡུག་པ་གདུང་ཕྱ་མ་བསྣོལ་མར་བཏང་བ། ཀ་བའི་ཕྲེང་བས་ཁྱམས་ལ་སོགས་པ་མཛེས་པར་བྱས་པ། གནས་དང་ཁང་བཟངས་རྒྱུད་མོ་དང་། ཕྱིར་སྟུག་པོར་བྲེལ་པ་ཡང་ཐོག་དང་གྲོང་ཁྱེར ་དུ་ལྡན་པ་དག་དང་། དེ་ལྟ་བུ་ལ་སོགས་པ་སྐྱེད་མོས་ཚལ་དང་། འབྲས་བུ་དང་མེ་ཏོག་གི་ཤིང་ལྗོན་པའི་ཆོམ་སྦྲེངས་པ་དག་དང་། རི་བོ་དག་ལ་རི་དགས་ཀྱི་རིགས་སྣ་ཚོགས་པ་རྣམ་པར་རྒྱུ་བ། བྱའི་ཚོགས་མཐའ་ཡས་པ་སྒྲ་སྐད་སྙན་པ་འབྱིན་པ། ནགས་ཚོག ་གྱི་ཕྲེང་བ་མཛེས་པ་སྟུག་པོ་སྦྲེང་པ། སྒོ་མཐོན་པོ་དང་ལྡན་པ་དང་རྒྱལ་པོ་ལ་སོ་ཌ་པ་དཔུང་གི་ཚོགས་ཤིང་རྟ་མང་པོ་དང་། གླང་པོ་ཆེ་དྲེགས་པ་དང་རྟ་བཟང་པོ་དང་། དམག་མི་རུང་བ་བཀྲབས་པ་རྒྱལ་མཚན་ཙན་མང་པོ་དཀྲིགས་པ་དང་ལྡན་པ་དང་། དེ་ལྟ་བུ་ལ་སོགས ་པའི་དངོས་པོ་དག་རྨི་ལམ་དུ་མཐོང་བར་གྱུར་པ་ན།། ཐམས་ཅད་ལ་ཡང་དག་པའི་འདུ་ཤེས་འབྱུང་བར་འགྱུརརོ།། དེ་ནས་གཉིད་སང་ཙམ་ན་དེས་ཅི་ཡང་མི་མཐོང་སྟེ། རྨི་ལམ་ན་སྣང་བའི་དངོས་པོ་རྣམས་ནི་ཡང་དག་པ་མ་ཡིན་པའི་ཕྱིར།། དེ་བཞིན་དུ་རྣལ་འབྱོར ་པ་ཡང་སྔོན་མི་ཤེས་པའི་གཉིད་ཀྱིས་བློ་གྲོས་རྣམ་པར་རྨོངས་པའི་ཚེ་ན་ཀུན་རྫོབ་ཀྱི་དངོས་པོ་ཁ་དོག་དང་། དབྱིབས་དང་། ཁ་གདོང་དང་། རྐང་པ་དང་། ལག་པ་དང་སྤྱོད་ཚུལ་དང་། ཆ་ལུགས་དཔག་ཏུ་མེད་པ་དང་། ཁམས་དང་། འགྲོ་བ་དང་། སྐྱེ ་@གནས་རྣམ་ལ་སྣ་ཚོགས་ཐ་དད་པས་ཐ་དད་པར་གྱུར་པ། སེམས་ཅན་དང་། ཡུལ་དང་། ལྷ་དང་། མི་ལ་སོགས་པ་དག་མཐོང་བ་དང་། ཐོས་པ་དང་། བསྣམས་པ་དང་། མྱངས་པ་དང་། རེག་པ་དང་། བསམ་པརྒྱུན་མི་འཆང་བར་ཉེ་བར་བརྟེན ་ཅིང་ཤེས་པར་བྱས་པ་དག་གང་གི་ཚེ་བློ་གྲོས་ཀྱི་མིག་བྱེ་བར་གྱུར་ཅིང་མ་རིག་པའི་བག་ཆགས་ཀྱི་གཉིད་དང་བྲལ་བར་གྱུར་ནས། སད་པ་དང་འདྲ་བར་བདེ་བར་གཤེགས་པའི་ཡེ་ཤེས་དྲི་མ་མེད་པ་ཤར་བར་གྱུར་པ་དེའི་ཚེ་ན་ཅི་ཡང་མི་གཟིགས་ཏེ། དངོས་པོའི་ངོ་བོ་ཉིད ་མི་དམིགས་པའི་ཕྱིརརོ།། ཡང་དཔེར་ན་འགའ་ཞིག་མཚན་མོ་སྤྲིན་སྟུག་པོ་སྐར་མའི་ཚོགས་ཀྱི་སྣང་བའི་ཆ་ཡང་བསྒྲིབ་པའི་མུན་ཁྲོད་ན་འཇིགས་པ། ཀུན་ནས་བསླང་ཞིང་མི་བདེན་པའི་རྣམ་པར་རྟོག་པའི་བློས་བསྒྲུབ་པའི་འབྱུང་པོ་ཡང་དག་པ་མ་ཡིན་པར་རལ་པ་ཅན ་མིག་དམར་སེར་བགྲང་པ་ལྟ་བུ་དང་ལྡན་པ། ལག་སོར་གྱི་སེན་མོ་རིང་ཞིང་རྩུ་བ་པའི་ལག་པ་བརྐྱང་ཞིང་རྡེག་པར་གཟོ་བ་འཇིག་སུ་རུང་བ་དག་མཐོང་བ་ལས། དེས་ཉི་མའི་དཀྱིལ་འཁོར་ཤར་བ་ན་མུན་པ་མ་ལུས་པར་བསལ་ཏེ། ཕྱོགས་དང་ཕྱོགས་མཚམས་གསས ་བར་སྣང་བའི་ཚེ་ན་འཇིགས་ཤིང་སྐྲག་པ་དང་བྲལ་ཏེ་ཡང་དག་པ་མ་ཡིན་པའི་འབྱུང་པོ་ཅི་ཡང་མི་མཐོང་བ་དེ་བཞིན་དུ། འདིར་ཡང་སེམས་ཅན་སྲིད་པའི་མཚན་མོ་མ་རིག་པའི་མུན་པས་ཤེས་པའི་སྣང་བ་བསྒྲིབས་པའི་མུན་ཁྲོད་ན་ཡང་དག་པ་མ་ཡིན་པའི་རྣམ ་བར་རྟོག་པས་བློ་གྲོས་དཀྲུགས་པ་དག་གིས་ནང་དང་། ཕྱི་རོལ་གྱི་དངོས་པོ་དོན་དམ་པ་མ་ཡིན་པ་ཡུལ་དང་། ཡུལ་ཅན་གྱི་ངོ་བོ་ཉིད་དུ་ངེས་པར་གནས་པ་འཇིག་སུ་རུང་བ་དག་མཐོང་།། དེ་ཉིད་ཀྱི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཤེས ་པའི་ཡང་དག་པའི་ཡེ་ཤེས་ཀྱི་ཉི་མ་ཤར་ནས། མི་ཤེས་པའི་བག་ཆགས་དང་མཚམ་སྦྱོར་བའི་ཉོན་མོངས་ཐམས་ཅད་བསལ་བའི་ཚེ་ན་སེམས་དང་སེམས་ལས་བྱུང་བའི་སྤྱོད་ཡུལ་དང་བཅས་པ་རྣམས་དངོས་པོ་དང་ངོ་བོ་ཉིད་དུ་མི་གཟི་ཌ་ཤིང་མི་དམི་ཌ་ཏེ། བླ་ན་མེད་པའོ།། ་ཡེ་ཤེས་ཤར་བ།། དབུགས་ཕྱིན་པ་ཆེན་པོ་ཐོབ་པའི་ཕྱིརརོ།། དེ་ལྟར་རིགས་པ་ཀུན་རྫོབ་དུ་ཆོས་ཐམས་ཅད་རྨི་ལམ་དང་། སྐྲ་ཤད་འཛིངས་པ་དང་། མིག་འཕྲུལ་ལྟ་བུར་བསྟན་ལ། དོན་དམ་པར་དེ་དག་དངོས་པོ་མེད་པ་དང་། འོད་གསལ་བ་དང་། ་སྣང་བ་མེད་པ་དང་། སྤྲོས་པ་དང་བྲལ་བར་བསྟན་ནས། དྲ་ནི་ལུང་གིས་ཀྱང་དེ་ལྟ་བུ་སྟོན་ཏེ། སློབ་དཔོན་གྱི་ཞལ་ནས། རབ་རིབ་བྲལ་བར་གྱུར་པའི་མིག། རྣམ་དག་དྲི་མ་མེད་པ་ལ།། སྒྲ་དང་སྦྲང་བུ་ཟླ་གཉིས་དང་།། རྨ་བྱའི་མདོངས་དག ་ངག་མི་སྣང་ལྟར།། མཁས་པ་ཉོན་མོངས་ཤེས་བྱ་ཡི།། སྒྲི་བ་མུན་རབ་རིབ་བྲལ་གྱུར་ཅིང་།། ཡང་དག་མཁྱེན་སྤྱན་དྲི་མེད་ལའང་།། དེ་བཞིན་ཅི་ཡང་སྣང་བ་མེད།། དཔེར་ན་གཉིད་ལོག་གཉིད་དབང་གིས།། བུ་དང་བུད་མེད་གཞལ་མེད་ཁང་།། ་གནས་ལ་སོགས་པ་མཐོང་གྱུར་པ།། སང་ནས་དྲི་ཡིས་མི་མཐོང་ལྟར།། དེ་བཞིན་ཀུན་རྫོབ་ཤེས་པ་དག། བློ་གྲོས་མིག་ནི་བྱེ་གྱུར་ཅིང་།། མི་ཤེས་གཉིད་དང་བྲལ་གྱུར་ནས།། སང་བའི་ཚེ་ན་མི་གཟིགས།། དཔེར་ནུ་མཚན་མོ་མུན ་ཁྲོད་ན།། འབྱུང་པོ་ཡང་དག་མིན་མཐོང་བ།། ཉི་མ་ཤར་ཅིང་མིག་བྱེའི་ཚེ།། སྣང་བར་གྱུར་པ་མ་ཡིན་ལྟར།། དེ་བཞིན་མཁས་པས་ཡང་དག་གི། ཤེས་པའི་ཉི་མས་མི་ཤེས་པའི།། བག་ཆགས་མ་ལུས་བཅོམ་པའི་ཚེ།། སེམས ་དང་སེམས་བྱུང་ཡུལ་མི་གཟིགས།། ཞེས་གསལ་པོར་གསུངས་སོ།། དེ་བས་ན་མདོ་སྡེ་དུ་མ་ནས་ལུང་བསྟན་པའི་འཕགས་པ་ཀླུ་སྒྲུབ་ཀྱི་རྗེས་སུ་འབྱུང་བར་བྱའོ།། དངོས་འཛིན་གདོན་གྱིས་ཟིན་གྱུར་ཅིང་།། མ་རིག ་གཉིད་ཀྱིས་ལྡོངས་པ་ཡི།། སེམས་ཅན་རྣམས་ལ་འཕགས་པ་ལྔས།། བདེན་པ་གཉིས་པོ་གསལ་བར་བཤད།། དབུ་མ་འཁྲུལ་པ་འཇོམས་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ཨཱརྱ་དེ་བས་མཛད་པ་རྫོག་སྷོ།། ་རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་པ། འཛམ་བུའི་གླིང་གི་རྒྱལ་པོ་སུ་ཁ་ཙརྱ་ས་ན་ལནྡའི་གཙུག་ལག་ཁང་ཆེན་པོར་གསོལ་བ་བཏབ་ནས་མཛད་དོ།། ་ཞེས་ཐོས་སོ།། ་