| Wylie | e-texts produced with BDRC’s OCR application |
པའི་དོན་གྱིས་བཙལ་བར་བྱ།། རབ་ཏུ་བྱེད་པ་ལག་པའི་ཚད་ཀྱི་ཚིག་ལེའུར་བྱས་པ། སློབ་དཔོན་འཕགས་པ་ལྷས་མཛད་པ་རྫོགས་སྷོ།། རྒྱུ་གར་སྐད་དུ། ཏསྟཱ་བྷ ་བབྲྀཏྟི། བོང་སྐང་དུ། ལག་ཅིའི་ཚད་ཀྱི་འགྲེལ་བ། འཕགས་པ་འོཇམ་དཔལ་ཡེ་ཤེས་སེམས་དཔའ་ཕྱག་འཚལ་ལོ།། ཁམས་གསུམ་པ་བ་སྐང་ཙམ་ལ་ཡང་དག་པའི་དོན་ཏུ་ཀུན་ཏུ་རྟོག་པའི་ཕྱིར་དེ་ཁོ་ན་ཉིད་ཀྱི་དོན་ཁོང་དུ་མ་ཆུད་པའི་སེམ་བུའི་ཆེན ་རྣམས་ལ།། དངོས་པོའི་རང་བཞིན་ཏུ་རྣམ་པར་དབྱེ་བའི་སྒོ་ནས་ཕྱིན་ཅི་མ་ལོག་པའི་སེམས་ཡང་དག་པར་སྒྲུབ་པའི་ཕྱིར་འདི་བརྩམོ།། ཐག་པ་ནི་རྡུལ་སྔ་མ་འཛིན།། ཐག་པར་མཐོང་ན་དོན་མེད་དོ།། འདི་ན་ཡུལ་ཧ་ཅང་བསྐལ་པ་མ་ཡིན ་བའང་འོ་ཙམ་སྣང་བཞིག་ན་ཐག་པའི་གཟུགས་སྤྱིའི་ཆོས་ཙམ་ཞིག་དམིགས་པས་ལ་སྤྲུལ་བས། ཁ་ལ་འདི་ནི་སྣུ་མཐོན་འོ་ཞེས་ངེས་པོར་འཇ་ཤེས་པ་བྱ་སྟེ། ད་ཀྱི་རང་གི་ངོ་གབོང་དུ་ཆུད་ཅིའི་ཕྱིར་རོ།། དེའི་ཁྱད་པར་ངེས་པར་འཛིན་པན ་ལྟ་བ་བཞིན་དུ་མ་ཡིན་པ་ཀུན་དུ་རྟོག་པས་རབ་ཏུ་སྤྲོ་བ་ཉིད་ཀྱི་ཕྱིར་ཤེས་པ་དེ་ཡང་འཁྲུལ་པའི་ཤེས་པ་དོན་མེད་པ་ཁོ་ན་འགྱུར་རོ།། དེ་ཡི་ཆ་མཐོང་དེ་ལ་ཡང་།། སྤྲུལ་བཞིན་ཤེས་པ་ཁྲུལ་པ་ཡིན།། ཐག་པ་དེ་ལ་ཡང་ཆ་ཤས་སུ་ཕྱི་ནས་བརྟགས་པ་ན་ཐག་པའི ་རང་གི་ངོ་བོ་མི་དམིགས་ཏེ། དེ་མ་དམིགས་མ་ཐག་པར་ངོ་མི་གས་ན་ཐེག་པར་དམིགས་པ་ཡང་སྦྲུལ་ལོ་སྙམ་པའི་བློ་བཞིན་དུ་འཁྲུལ་པ་ཙམ་འབའ་ཞིག་ཏུ་ཟད་དོ།། ཡང་ཇི་ལྟར་ཐེག་པའི་ཤེས་པ་འཁྲུལ་པ་ཡིན་པ་དེ་བཞིན་དུ་ཆ་ཤས་དེ་ཡང་དུམ་བུ ་ད་ཉག་མ་ལ་སོགས་པ་དེ་དག་ལ་བརྟགས་ན་དེའི་རང་གི་ངོ་བོ་ངེས་པར་མི་ཟིན་ཏོ།། དེ་ངེས་པར་མི་ཟིན་པས་དེ་ལ་དམིགས་པའི་རྣམ་པ་ཅན་གྱི་བློ་ཡང་ཐག་པའི་བློ་བཞིན་དུ་འཁྲུལ་པ་ཙམ་ཁོ་ནའོ།། བཏགས་པའི་དངོས་པོ་ཐམས་ཅད་ལ།། རང་གི་ངོ་བོ ་བརྟགས་པ་ན།། ཀུན་རྫོབ་ཤེས་པའི་སྤྱོད་ཡུལ་ནི།། ཇི་སྙེད་ཡོད་པ་གཞན་ལས་བཏགས།། ཇི་ལྟར་ཆ་ཤས་ལ་སོགས་པའི་དབྱེ་བས་ཐ་དད་པའི་ཐག་པ་ལ་སོགས་པ་ལ་བརྟགས་ན་རང་གི་ངོ་བོ་མི་དམིགས་པས་ཐག་པ་ལ་སོགས་པའི་བློ་ཡང་སྦྲུམ ་སྙམ་པའི་བློ་བཞིན་དུ་འཁྲུལ་པ་ཙམ་དུ་ཟད་པ་དེ་བཞིན་དུ་རྫ་མ་དང་ཕོར་བུ་ལ་སོགས་པ་བཏགས་པའི་ཡོད་པ་ཐམས་ཅད་ཀྱང་ངོས་ཆ་ལ་སོགས་པ་ལ་བལྟོས་པ་ཡིན་པས་ཐ་སྙད་པའི་ཤེས་པའི་ཡུལ་བུམ་པ་ལ་སོགས་པ་རབ་ཏུ་དབྱེ་བའི་མཐར་ཐུག་པ་དང་བཅས་པ་ཇི ་སྙེད་པ་འདི་དག་ནི་གཞན་ལས་ཐ་སྙད་བཏགས་པ་ཁོ་ན་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ།། ཆ་མེད་བརྟག་པར་བྱ་མིན་ཕྱིར།། ཐ་མ་ཡང་ནི་མེད་པར་མཚུངས།། གང་ཡང་བཏགས་པའི་དངོས་པོ་ཐམས་ཅད་ཀྱི་ཐ་མ་རྡུལ་ཕྲ་རབ་ཀྱི་རྫས་ཆ་མེད་པ་གཅིག་པུ་དེ་ཡང ་དམིགས་པར་བྱ་བར་མི་ནུས་པའི་ཕྱིར་ན་མཁའི་མེ་ཏོག་གི་ཕྲེང་བ་དང་། རི་བོང་གི་རྭ་ལ་སོགས་པ་བརྟག་པར་བྱ་བ་མ་ཡིན་པའི་རང་གི་ངོ་བོ་བདག་དང་མཚུངས་པས་དེ་ཡང་དངོས་པོ་མེད་པ་ཉིད་དུ་འགྲུབ་བོ།། ཇི་སྟེ་ཡང་ཇི་ལྟར་ན་བརྟག་པར་བྱ་བ་མ་ཡིན་པའི ་མཚན་ཉིད་ཀྱི་གཽཏན་ཚིགས་དེས་རྡུལ་ཕྲ་རབ་ཀྱི་རྫས་ཡོད་པ་དེ་ཉིད་གཅིག་ཏུ་མེད་དོ།། ཞེས་ཤེས་པར་ནོས་ཤེ་ན། གང་གི་ཕྱིར་ཡོད་པ་ནི་ཕྱོགས་ཆ་ཐ་དད་པའི་ཕྱིར། དཔེར་ན་ཡོད་པ་བུམ་པ་དང་སྣམ་བུ་དང་། ཤིང་རྟ་ལ་སོགས་པའི་རྫས་རྣམས ་ནི་ཤར་དང་ནུབ་དང་བྱང་དང་སྟེང་ལ་སོགས་པ་ཕྱོགས་ཐ་དད་པ་དག་སྣང་བ་ལྟར་རྡུལ་ཕྲ་རབ་ཀྱི་རྫས་ཀྱང་ཡོད་པར་འགྱུར་བ་གདོན་མི་ཟ་བར་ཕྱོགས་ཆ་ཐ་དད་པའི་ཕྱིར། ཤར་དང་ནུབ་དང་སྟེང་ལ་སོགས་པའི་ཆ་ཤས་ཐ་དད་པར་ཁས་བླང་བར་བྱའོ།། ཆ ་ཤེས་པ་དེད་པ་ཡཱན་ནི་རྡུལ་ཕྲ་རབ་ཀྱི་རྫས་གཅིག་ཏུ་མི་འགྲུབ་བོ།། རྗེས་ཀྱི་དབྱེ་བོ་མང་བ་སྣང་བའི་ཕྱིར། གཅིག་ཉིད་ཡོད་པ་མ་ཡིན་ན་ནི་རྡུལ་ཕྲ་རབ་མི་དམིགས་པས་རྡུལ་ཐ་རབ་རྫས་སུ་སྒྲུ་བ་འདི་ཐོང་ཞིག། དེ་ཕྱིར་མཁས་པས་འཁྲུལ་པ་ཙམ།། ཡང ་དག་དོན་དུ་མིན་པར་བརྟག། གང་གི་ཕྱིར་དེ་ལྟར་ཁམས་གསུམ་པ་འཁྲུལ་པ་མ་ཡིན་པ་དེའི་ཕྱིར་མཁས་པ་ལེགས་པ་ཐོབ་པ་འདོད་པས་འདི་ལ་ཡང་དག་པའི་དོན་པ་ར་མི་བྱའོ།། གལ་ཏེ་འདི་སྙམ་དུ་བུམ་པ་ལ་སོགས་པ་ཕྱི་རོལ་གྱི་དངོས ་པོ་དེ་དག་ནི།། ངོ་བོ་ཉིད་མི་རྟག་པའི་ཕྱིར་མེད་པ་ལས་ཀུན་ཏུ་བཏགས་པ་ཡིན་པ་བདེན་ནོ།། དེ་དག་ལ་དམིགས་པའི་རྣམ་པ་ཅན་འཁྲུལ་པའི་ཤེས་པ་འདི་ནི་ཡོད་དོ།། དཔེ་ན་སྒྱུ་མའི་སྐྱེས་སུ་དང་དྲི་ཟའི་གྲོང་ཁྱེར་ལ་སོགས་པ་མེད་ཀྱང་། དེ་དག་ལ་དམིགས་པའི ་རྣམ་པ་ཅན་གྱི་ཤེས་པ་ལྟ་བུའོ།། ཞེས་བྱ་བ་འདོད་དོ་ཞེ་ན། འཁྲུལ་ན་དེ་ཡང་མ་དག་ཕྱིར།། ཇི་ལྟར་སྣང་བ་དེ་ལྟར་མེད།། དོན་ཡོད་མ་ཡིན་སྣང་བ་ནི།། ཇི་ལྟར་དེ་ཡི་བདགེ་ཉིད་འགྱུར།། འཁྲུལ་པ་དེ་ཡང་རྫས་ཀྱི་རང་གི་ངོ་བོ་གང་ཡིན་པ་དེང་ཤེས་པ་ཡིན ་ན་རྫས་དེ་ནི་རང་གི་ངོ་བོ་ཉིད་དེ་ལྟ་བུར་ཡོད་པོ་མ་ཡིན་ནོ།། འདི་ནི་བཤད་ཟིན་ཏོ།། དོན་དེ་མེད་ན་ཡང་རང་གི་ངོ་བོས་ནི་ནུས་པ་མེད་པས་མ་དག་པར་འགྱུར་རོ།། མ་དག་པའི་ཕྱིར་འཁྲུལ་པའི་ངོ་བོ་ཉིད་དེ་ལྟ་བུར་ཡོད་དོ།། ཞེས་བྱ་བར་ཇི་ལྟར་ཤེས། ་འདི་ལྟར་འཇིག་རྟེན་ན་ཡང་ས་བོན་ལ་སོགས་པ་སྐྱེད་པར་བྱེད་པ་མེད་ན། བསྐྱེད་པར་བྱ་བ་མྱུ་གུ་ལ་སོགས་པ་ཡོད་དོ།། ཞེས་བྱ་བའི་ཆོས་དེ་ལྟ་བུ་ཡང་མ་མཐོང་ངོ་།། དེ་ཉིད་ཀྱི་ཕྱིར་བདག་ནི་སྒྱུ་མའི་སྐྱེས་བུའི་དཔེ་ཡང་མ་གྲུབ་པར་འཆད་དོ།། གང ་ཞིག་ཞིབ་མོའི་བྲོ་ཡིས་ནི།། ཐམས་ཅད་བཏགས་པ་ཁོ་ནར་ཤེས།། བློ་ལྡན་དེ་ནི་ཆ་ལ་སོགས།། བདེ་བར་སྦྲུལ་གྱིས་སྐྲག་བཞིན་སྤོང་།། འདི་སྐད་བཤད་པའི་རྣམ་པས་བཏགས་པ་ཙམ་དུ་ཡོད་པའི་ཁམས་གསུམ་པ་འདི་ལ་གང་ཞིག་བུམ་པ་ལ ་སོགས་པ་རགས་པའི་བློ་བསལ་ཏེ། ཞིབ་མོའི་བློས་རྫས་སུ་མེད་པ་ཐ་སྙད་ཙམ་ཡིན་པར་ངེས་པར་འཛིན་པ་དེ་ནི་ཇི་ལྟར་ཐག་པ་ལ་སྤྲུལོ་སྙམ་པའི་ཤེས་པས་ཀུན་ནས་བླངས་པའི་འཇིགས་པས་དེའི་ཁྱད་པར་རྣམ་པར་དཔྱད་ནས་ཐག་པར་ངེས་པ་ན། སྦྲུལ་གྱིས ་སྐྲག་པ་མེད་པ་བཞིན་དུ་དེས་ཀྱང་འདོད་ཆགས་ལ་སོགས་པ་སྐྱེད་པར་བྱེད་པའི་དངོས་པོ་ཉིད་དག་ལ་ཡོངས་སུ་བརྟགས་པས། འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་དྲ་བ་རྣམས་བདེ་བར་དཀའ་བ་མེད་པར་རིང་པོར་མི་ཐོགས་པ་ཁོ་ནར་སྤོང་བར་འགྱུར་རོ།། ་འཇིག་རྟེན་པ་ཡི་དོན་རྟོགས་པས།། འཇིག་རྟེན་བཞིན་དུ་སྒྲུབ་པར་བྱ།། ཀུན་ནས་ཉོན་མོངས་སྤོང་འདོད་པས།། དམ་པའི་དོན་གྱིས་བཙལ་བར་བྱ།། ཇི་ལྟར་འཇིག་རྟེན་པའི་བུམ་པ་ལ་སོགས་པའི་དོན་ལ་ཡོད་པའི་ངོ་བོར་རྟོག་པས་འདི་ནི་བུམ་པའོ་སྣམ་བུའོ།། ཤི ་རྟའོ་ཞེས་ཐ་སྙད་འདོགས་པ་དེ་བཞིན་དུ་སྔོན་གྱི་སྒྲུབ་པས་ཐ་སྙད་དུའོ།། དེའི་འོག་ཏུ་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་སྤོང་བར་འདོད་པ་རྣམས་ཀྱིས། ཇི་སྐད་བཤད་པའི་དོན་དམ་པའི་མཚན་ཉིད་ཀྱིས་དངོས་པོ་རྣམས་ལ་ཡོངསུ་བཙལ་བར་བྱ་སྟེ། ་དེ་ལྟར་དངོས་པོ་རྣམས་ལ་ཡོངསུ་ཚོལ་བ་ན་འདིའི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་དྲི་མ་ཕྱིས་མི་ཕྱིས་མ་སྐྱེ་བར་འགྱུརརོ།། རབ་ཏུ་བྱེད་པ་ལག་པའི་ཚད་ཀྱི་འགྲེལ་པ་སློབ་དཔོན་འཕགས་པའི་ལྷས་མཛད་པ་རྫོག་སྷོ། ་རྒྱ་གར་གྱི་མཁན་པོ་དཱ་ན་ཤཱི་ལ་དང་། ལོ་ཙཱ་དགེ་སློང་དཔལ་འབྱོར་སྙིང་པོས་བསྒྱུར་ཅིང་། ཞུ་ཚོན་གྱི་ཙཱ་བ་དགེ་སློང་དཔལ་བརྩེགས་རཀྵི་ཏས་ཞུས་ནས། གཏན་ལ་ཕབ་པའོ།། ་