CLOSE WINDOW

GT3251: rab tu byed pa lag pa'i tshad kyi tshig le'ur byas pa
Wyliee-texts produced with BDRC’s OCR application

པ་བྱེད་པ་ལག་ཚམ་ཚིག་འདུ་བྱས་པ་འགྲེལ་པ་དང་བཅས་པ་བཙུནཔ་སོ།། ་རབ་ཏུ་བྱེད་པ་ལག་པའི་ཚད་ཀྱི་ཚིག་ལེའུར་བྱས་པ་འགྲེལ་པ་དང་བཅས་པ་བཞུགས་སོ།། ་རྒྱ་གར་སྐད་དུ། ཧསྟྲ་བྷཱ་བ་པྲ་ཀ་ར་ཎ་ཀཱ་རི་ཀྵ། བོད་སྐད་དུ། རབ་ཏུ་བྱེད་པ་ལག་པའི་ཚད་ཀྱི་ཚིག་ལེའུར་བྱས་པ། བཅོམ་ལྡན་འདས་ངག་གི་དབང་པོ་ལ་ཕྱག་འཚལོ།། ཐག་པ་ལ་ནི་སྦྲུལ་སྙམ་འཛིན་འཛིན།། ཐག་པར ་མཐོང་ན་དོན་མེད་དོ།། དེའི་ཆ་མཐོང་ན་དེ་ལ་ཡང་།། སྦྲུལ་བཞིན་ཤེས་པ་འཁྲུལ་པ་ཡིན།། བཏགས་པའི་དངོས་པོ་ཐམས་ཅད་ལ།། རང་གི་ངོ་བོ་བརྟགས་པ་ན།། ཀུན་རྫོབ་ཤེས་པའི་སྤྱོད་ཡུལ་ནི།། ཇི་སྙེད་ཡོད་པ་གཞན་ལས་བཏགས།། ཆ་མེད ་བརྟག་པར་བྱ་མིན་ཕྱིར།། ཐ་མ་ཡང་ནི་མེད་པར་མཚུངས།། དེ་ཕྱིར་མཁས་པས་འཁྲུལ་པ་ཙམ།། ཡང་དག་དོན་དུ་མིན་པར་བརྟག། འཁྲུལ་ན་དེ་ཡང་མ་དག་ཕྱིར།། ཇི་ལྟར་སྣང་ན་དེ་ལྟར་མེད།། དོན་ཡོད་མ་ཡིན་སྣང་བ་ནི།། ཇི་ལྟར་དེ་ཡི་བདག་ཉིད་འགྱུར།། ་གང་ཞིག་ཞིབ་མོའི་བློ་ཡིས་ནི།། ཐམས་ཅད་བཏགས་པ་ཁོ་ནརོ་ཤེས།། བློ་ལྡན་དེ་ནི་ཆགས་ལ་སོགས།། བདེ་བར་སྦྲུལ་གྱིས་སྐྲག་བཞིན་སྤང་།། འཇིག་རྟེན་པོ་ཡི་དོན་རྟོགས་པས།། འཇིག་རྟེན་བཞིན་དུ་བསྒྲུབ་པར་བྱ།། ཀུན་ནས་ཉོན་མོངས་སྤོང་འདོད་པས།། དམ ་པའི་དོན་གྱིས་བཙལ་བར་བྱ།། རབ་ཏུ་བྱེད་པ་ལག་པའི་ཚད་ཀྱི་ཚིག་ལེའུར་བྱས་པ། སློབ་དཔོན་འཕགས་པ་ལྷས་མཛད་པ་རྫོགས་སྷོ།། རྒྱུ་གར་སྐད་དུ། ཏསྟཱ་བྷ ་བབྲྀཏྟི། བོང་སྐང་དུ། ལག་ཅིའི་ཚད་ཀྱི་འགྲེལ་བ། འཕགས་པ་འོཇམ་དཔལ་ཡེ་ཤེས་སེམས་དཔའ་ཕྱག་འཚལ་ལོ།། ཁམས་གསུམ་པ་བ་སྐང་ཙམ་ལ་ཡང་དག་པའི་དོན་ཏུ་ཀུན་ཏུ་རྟོག་པའི་ཕྱིར་དེ་ཁོ་ན་ཉིད་ཀྱི་དོན་ཁོང་དུ་མ་ཆུད་པའི་སེམ་བུའི་ཆེན ་