CLOSE WINDOW

GT3250: 'khrul ba bzlog pa'i rigs pa gtan tshigs grub pa zhes bya ba
Wyliee-texts produced with BDRC’s OCR application

@#རྒྱ་གར་སྐད་དུ། ས་ཁ་ལི་ཏ་པྲ་མ་དྷ་ན་ཡུཀྵཱ་ཧེ་ཏུ་བོདྡྷཱ་ནཱ་མ། བོད་སྐད་དུ། འཁྲུལ་པ་བཟློག་པོའི་རིགས་པ་གཏན་ཚོགས་གྲུབ་པ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལོ།། སྟོན་པ་འཇིག་རྟེན་སྒྲོན་མ་དང་།། ཉོན་མོངས་ནད་སེལ ་བདུད་རྩིའི་ཆོས།། སློབ་དང་མི་སློབ་ལ་སོགས་ལ།། སྒོ་གསུམ་དང་བས་ཕྱག་འཚལ་ཏེ། སྙིགས་མ་ལྔ་ཡི་འཇིག་རྟེན་འདིར།། འགྲོ་ལ་ཕན་ཕྱིར་ལམ་བཤད་པ་བདུད་དང་བདུད་ལ་ཕྱོགས་པ་དག། ལམ་ལ་ལོག་པོར་ལྟ་བའི་ཕྱིར།། རང་གི་ལྟ་བས་བདེན་པས་ཉམས།། ནོར་བའི་ལམ ་ལ་ལམ་དུ་འདོད།། ཡང་དག་པ་ལ་ལོག་རྩོད་པ།། དེ་དག་བསལ་ཕྱིར་བཤོད་པར་བྱ།། སྔོ་ནི། ཡོད་ལ་མེད་པར་འ་ཁྲུས་དང་གྱི་རྟ་ཉིད་ལ་དྲེ་དྲུ་ས་ཡོད་པར་འཁྲུལ་དང་རྟག་པ་ཉིད་དུ་ངེས་པར་འཁྲུལ།། འཁྲུལ་ལས་འཁྲུལ་པ་སླུ་ཞིང་བསླུས་པས་འཁྲུལ་པ་བསྒྲུབ།། འཁྲུལ་པའི་དབང་གིས་ཡང་དག ་དོན་ལ་འཁྲུལ་ཏེ་རྒྱུ་ལ་འཁྲུལ།། དེ་འཁྲུལ་རྐྱེན་གྱིས་འབྲས་བུ་ངན་སོང་གསུམ་དུ་རྟག་ཏུ་འཁྲུལ།། འཁྲུལ་དང་མ་འཁྲུལ་ཤེས་པས་འཁྲུལ་པ་བསལ་ཕྱིར་མ་འཁྲུལ་དེ།། འཁྲུལ་པ་དག་ལ་བསྟན་ཕྱིར་འཁྲུལ་པ་མེད་པར་བཤད་པར་བྱ།། འཁྲུལ་པའི་སྐྱོན་དང་མ་འཁྲུལ ་ཡོན་ཏན་ཤེས་ཤེས་ཕྱིར་འཁྲུལ་འདི་བརྟག། དེ་ལ་ཡོད་པ་ལ་མེད་པར་འཁྲུལ་པ་ནི་ཁ་ཅིག་ན་རེ།། མ་ཤྲཱི་བར་དུ་བདེ་བར་འཚོ།། ཤི་ནས་དེ་ཡི་སྤྱོད་ཡུལ་མེད།། ལུས་ཀྱང་ཐལ་བ་བཞིན་སོང་ནས།། སླར་འཚེ་བར་ལྟ་ག་ལ་འགྱུར།། དེ་ཕྱིར་སྡེ་ཕྱི་ཡོད་མ་ཡིན།། ཚེ་འདི་ཉིད་ལ ་བདེ་བའི་ཕྱིར།། ལྷ་མཆོད་འདྲེ་སྲིན་མནན་བྱས་ན།། བཙན་ཕྱུག་མཐུ་སྟོབས་འགྲུབ་པར་འགྱུར།། དེ་ལ་ཆོས་འདི་པ་ན་རེ།། ཉི་མ་ཉི་མ་ཉི་མའི་གྲངས།། སོ་བོན་མྱུ་གུ་རྒྱུ་འབྲས་དེ།། གོམས་པའི་དབང་གིས་ནུ་ཞོའོ།། གཅིག་འགལ་སྐྱེ་བ་དཔག་ཏུ་མེད།། དཔལ་དང་གཟི་བྱིན་ལོང་སྤྱོད་ཕྱིར།། ་ལྷ་ཀླུ་གནོད་སྦྱིན་སྲིན་པོ་བགེགས།། དེ་དག་མཆོད་མནན་ཕན་ན་ལྷག་རང་ཉིད་འདོད་བཞིན་གྲུབ་པར་རིག། ཡང་གཞན་ཁ་ཅིག་ན་མ། ཕྱིན་སྐྱེམ་མེད་ཆོས་དམས་ས་ཅད་ནི།། ངོ་བོ་ཉིད་ལས་གྲུབ་པ་གཞན་ལས་མིན། སྲན་ཟླུམ་སྐྱེར་ཚེར་གཟངས་རིངས་རྣོ ་བ་དང་།། རྨ་བྱའི་མཇུག་མ་མགྲིན་པོའི་ཚོགས་བཀྲ་དང་།། ཉི་ཤར་ཆུ་རྣམས་ཐུར་དུ་འབབ་པ་རྣམས།། ངོ་བོ་ཉིད་ལས་གྲུབ་སྟེ་རྒྱུ་ལོང་ཡིན།། དེ་ལ་ཆོས་འདྲི་པོ་ན་རེ། གལ་ཏེ་ན་མཁའ་ཏན་མེད་ལ།། སྨན་དང་ཆེར་སོགས་ཡོད་ན་ནི།། རྒྱུ་མེད་ངོ་བོ་ཉིད་མཐོང་ན།། དེ་དག་ས་སོགས་བརྟེན་ནས ་སྐྱེ།། ཆུ་ཡང་གྱེན་ཏུ་ཐུར་འབབ་ཅིང་།། ཉི་མ་ཕྱོགས་བཞིར་འདྲར་ཤར་མ་རྒྱུ་མེད་ངོ་བོ་ཉིད་བདེན་ན།། ཆུ་ནི་ས་ཡི་ཤུགས་ཀྱིས་འབབ།། རི་རབ་ཇི་བཞིན་ཉི་མ་འཁོར།། ཡང་གཞན་ཁ་ཅིག་ན་རེ།། སྐྱེ་བ་པོ་ནི་ཤེས་པ་ཡོད་མིན་ཏེ།། བདག་གི་བདེ་སྡུག་ལེན་ལ་རང་དབང་མེད།། དབང ་ཕྱག་གིས་ནི་ཡང་ན་གཡང་ས་འམ།། ཡང་ན་མཐོ་རིས་དག་ཏུ་སྐྱེ་བར་བྱེད།། འདི་ལ་ཆོས་འདི་པ་ན་རེ།། ས་གཞི་བཟང་ངན་མཐོ་རིས་ངན་སོང་གི། ས་བོན་དགེ་སྡིག་ནས་དང་གློ་འ།། བྱེད་པ་དབང་ཕྱུག་འདྲ་བའི་མིས་བཏབ་ན།། སྐྱེ་བར་འདྲ་ཡང་གྲོ་ནས་སོ་སོར་སྨིན།། དེ་འདྲར་དབང ་ཕྱུག་མི་དབང་དགེ་སྡིག་དབང་།། ཡང་ཁ་ཅིག་ན་རེ། དཔེར་ན་རྫ་མ་བེའུ་བཞིན་དུ། མཐོ་རིས་ངན་སོང་གར་འགྲོ་བ།། རིག་པའི་རྒྱལ་པོ་རང་དབང་ཆེ། རྒྱུ་རྐྱེན་གཞན་ལ་བརྟེན་མི་དརྐོ།། རྡོ་ལ་ཆོས་འདྲི་པ་ན་རེ། ཁྱེའུ་བཞིན་རང་དབང་ཡོད་པ་ཡང་།། ཡུལ་ལ་ཐོགས་པ་མེད་ན་ལྷ། ་རིས་ངན་སོང་བྱེའུ་བཞིན་ན།། དེ་ནི་ཡུལ་ལ་ཐོགས་པ་ཡོད།། དེ་བཞིན་དགེ་སྡིག་ཡུལ་གྱིས་ཀྱང་།། རིག་པའི་རྒྱལ་པོ་རིང་དབང་མེད།། དེ་ཕྱིར་མཐེ་རིས་ངན་སོང་གི། གར་འགྲོ་དགེ་སྡིག་གཉིས་ཀྱི་དབང་།། དེ་ལ་མི་རྟག་པ་ཉིད་ལ་ངེས་པར་འཁྲུལ་པ་ནི་ཁ་ཅིག་ན་རེ།། འདི་ན་རྒྱན ་ཐོགས་བ.རའ་བཏུང་ལྡན་པ་དང་།། འཁོར་དང་བཞོན་པ་གནད་སྒྲ་ཚིག་དང་།། ཅི་བསམ་ཅི་སྒྲུབ་དེ་དག་ཕ་རོལ་ན།། དེ་བཞིན་བྱེད་དེ་འདི་དག་ཐམས་ཅད་རྟག། དེ་ལ་ཆོས་འདི་པན་རེ།། འདི་ལ་ཅི་བྱེད་ཕ་རོལ་ན་ཡང་དེ་བཞིན་རྟག་ན་ནི། དཔེར་ན་དབྱར་དྲོད་ཀུན་གྲང་སྟོན་སྦྱིན ་དཔྱིད་སྐྱེ་གཅིག་ཏུ་རྟག་རིགས་ན།། འདི་ལྟར་འདི་དག་མི་རྟག་ཅི་ཕྱིར་གླིང་བཞིའི་ཉི་མའི་དབང་གིས་འགྱུར།། དེ་བཞིན་སེམས་ཅན་འདི་དག་ཕ་རོལ་མི་རྟག་ལས་ཀྱིས་བསྒྱུར།། ཁ་ཅིག་ན་རེ། ཕ་བུ་སྤུན་དང་ཆུང་མ་གཉེན་རྣམས་ནི།། འདི་ན་ཇི་བཞིན་ཕ་རོལ་དེ་བཞིན་ཏེ། 1 ་མཛའ་འདི་དག་རྟག་ཏུ་འགྲོགས་པར་ངེས།། བྲམ་ཟེ་སྒྲ་ལ་མཁས་པས་དེ་སྐད་ཟེར།། དེ་ལ་ཆོས་འདི་པ་ན་རེ། དཔེར་ནས་ལུའི་སྙེ་མ་ལ།། ལྷན་ཅིག་འབྲས་བུ་མང་སྨིན་ཡང་།། ལ་ལ་ས་བོན་ལ་ལ་རྩོས།། དོན་རྣམས་ཀྱང་ཕྱོགས་མཚམས་ཝེར།། ལྷན ་ཅིག་སྨིན་པ་གང་ཡང་མེད།། དེ་བཞིན་ཉེ་མཛའ་འདི་དག་ཀྱང་།། བ་བུ་ཆུང་མ་སྤུན་མ་ངེསཀ། གཞན་ཡང་མཐོ་རིས་ངན་སོང་དུ།། གནས་དང་རིགས་ཀྱང་མ་ངེསོ།། དེ་ལ་མེད་པ་ལ་ཡོད་པར་འཁྲུལ་པ་ནི་ཁ་ཅིག་ན་རེ།། སྐྱེས་བུ་ཀུན་གྱི་བྱེད་པ་གོ།། བདེ་སྡུག་མྱོང་བའི་ཤྲེ ་མཐོང་གི།། དེ་ཡོད་དེས་ནི་ཐམས་ཅད་བྱེད།། རྟག་པ་གཅིག་པུ་ཤེས་པའོ།། དེ་ལ་ཆོས་འདི་པ་ན་རེ།། དཔེར་ན་ཐག་པ་ལ་སྦྲུལ་འཁྲུལ་པ་བཞིན།། ཆོས་འདི་ཐག་པ་འདྲ་བ་བདག་ཏུ་མཐོང་།། དེ་ལ་སྦྲུལ་མེད་དེ་བཞིན་ཆོས་ལོ་བདག་མེད།། མཐོང་བ་ལ་དགེ་ཤེས་བཞིན ་མུ་སྟེགས་བདག་ཏུ་རྨོངས།། ཡང་ཁ་ཅོག་ན་རེ། ཨ་ཆུ་མེ་རླུང་འབྱུང་བའི་དངོས་པོ་འདི། རྟག་ཏུ་ཡོང་དེ་འདི་དག་མེད་མ་སྲིད།། རང་བཞིན་མི་འགྱུར་མེ་ཚ་ཆུ་གྲང་བཞིན།། ས་སྲ་རླུང་གམོ་འདི་དག་རྟག་པར་དེས། འདི་ལ་ཆོས་འདི་པན་རེ། ས་སོགས་འཐུང་བ་བཞི་པོའི ་@#དག་ནི།། ཕྲ་རབ་རྡུལ་ལས་གྲུབ་པས་རགས་པ་མིན།། ཕྱོགས་ཆ་དྲུག་གིས་ཕྲ་རབ་དེ་ཡང་མེད།། འཇིག་པ་གསུམ་གྱིས་དངོས་པོ་འདི་མིརྟན། ཡང་ཁ་ཅིག་ན་རེ། དབང་ཕྱུག་སྤངས་པ་ཁྱབ་འཇུག་དང་། ཕྱ་དང་སྲིང་བ་རྣམས་ཀྱིས་བསྒོས།། ཆེ་ཟང་ཡུས་གཟུགས ་ག་གནས་དག། བྱེད་པ་བོས་པས་ཕྱིར་མི་དང་ཀདེ་ལ་ཆོས་འདི་བ་ན་དེ་ང་དབང་ག་ས་སོགས་བྱེ་པ་ཡོས་པ་དང་དེད་པའི་ཡང་། གནས་དག་དེ་ལྟར་གས་པ་བས་ཤཱ་བདག་ཉིད་འགལ་མབ་བའི་འོས།། བྱེད་པ་པོ་ཉིད་མི་རྟག་ལ།། སྐྱེ་ཤི་སྔག་བསྔལ་དཔག་མེད་ན།། ་དེས་བྱས་བདེན་པར་གོལ་འགྱུར།། རྒྱ་མཚོའི་ཡིད་ཆེན་འོད་སྣང་ལ། བྱེད་འདི་མཐུ་ལྟ་ག་ལ་ཡོད།། དེ་ལ་རྟག་པ་ཉིད་དུ་འཁྲུལ་པ་ནི།། བཅིས་དང། འགྲོ་བ་རིགས་ལྔའི་རྒྱུད་ལ་ཡང་ཀ་འཁོར་བ་རྟག་པ་བཞིན་དུ་འདོད།། ལྷ་ནི་ལྷར་སྐྱེ་མི་ནི་མིར་སྐྱེ་སྟེ།། བཞི་པོ་གཞན་ཡང་དེ་བཞིན ་སྐྱེ།། དེ་ལ་ཆོས་འདི་བ་ན་རེ།། འགྲོ་བ་རིགས་ལྔ་དེ་ལྟར་སོ་སོར་ངེས་ནས་ནི།། མང་ཡང་མང་ཞིང་ཉུང་ཡང་ཉུང་རྟག་རིགས་འོས་ན།། མང་ཡང་ཉུང་ཞིང་ཉུང་ཡང་མང་སྟེ་མི་རྟག་པས།། དགེ་སྡིག་ལས་ཀྱི་རྐྱེན་གྱིས་སོ་ཡོར་སྐྱེ་བར་རིགས།། ཡང་ཁ་ཅིག་ན་རེ།། ཁ་དོག་དཀར་པོ ་ལོ་སོགས་ལ།། ཁ་དོག་དཀར་པོ་ལ་སོགས་སྐྱེ།། དྲན་པ་གསལ་དང་མི་གསལ་དང་།། གྲུབ་པོ་དག་ལའང་དེ་བཞིན་སྐྱེ།། དེ་ལ་ཆོས་འདི་པ་ན་རེ། དཔེར་ན་གསེར་དང་དངུལ་སོགས་ལ།། སེང་གེ་རྟ་དང་གླང་ལ་སོགས།། མི་མཐུན་པ་དག་བླུགས་བྱས་ནས།། ལུགས་དཔེ་མཐུན ་དང་འདྲ་བ་བཞིན།། སེམས་རྒྱུད་དྲི་ཟ་མི་གཅིག་ཀྱང་།། འདོད་པ་ཆགས་པའི་རྐྱེན་གྱིས་མི་ཁ་དོག་ལུས་གཟུགས་དྲན་ཤེས་དག། ལུགས་དཔེ་བཞིན་དུ་དེ་མཐུན།། དེ་ལ་འཁྲུལ་པས་འཁྲུལ་པ་བསླུ་བ་ནི་ཁ་ཅིག་ན་རེ།། ཚངས་པར་གྱུར་ན་གཟི་བརྗིད་ཆེ།། དབང་ཕྱུག་ཐོབ་ན ་མཐུ་སྟོབས་ཆེ། བརྒྱ་བྱིམ་ཁྱབ་འཇུག་དེ་བཞིན་ཏེ། ཀླུ་དང་དེ་བཞིན་སྤྱན་རྣམས་པདེ།། དེ་ཕྱིར་དེ་དག་ཐོབ་པའི་ཐབས།། གང་དག་སྣ་ཚོགས་ཡོད་པ་དག་ཁྱབ་སླ་བཔོ་སྨོས་ཏེ།། དཀའ་བ་དག་ཀྱང་བྱ་བར་འོས།། དེ་ལ་ཆོས་འདི་པ་ན་རེ། དཔེར་ན་སྒྱུ་མའི་སྤྲུལ་པ་ལས།། སྒྱུ་མ་མི་ཤེ་དནཔ ་རས།། སྒྱུ་མའི་སྤྲུལ་པས་དེ་བསྐུ་ཞིང་།། འཁྲུལ་པ་ཡོང་མེད་རྟག་སོགས་ལ།། སྒྱུ་མ་བཞིན་དུ་དེ་འཁྲུལ་པས།། སྐྱེ་བོ་རྣམས་ལ་ཐམས་ཅད་བསླུས།། ལྟ་བ་ངན་པའི་དབང་སོང་བས།། ཡོད་མེད་རྟོག་ཆད་མཐའ་ལ་གནས།། དེ་ལ་འཁྲུལ་པས་འཁྲུལ་པའི་འཁྲུལ་པ་བསྒྲུབ་པ་ནི།། ་ཅིག་ན་རོ།། མེ་ལྟ་བསྟེན་པས་ཚངས་པ་འགྲུབ། དབྱུ་གུ་གསུམ་པ་འགྲུབ།། དབྱུ་གུ་གསུམ་པས་དབང་ཕྱུག་ཆེ། ཁྱ་ཡི་དཀའ་ཐུབ་རྟོགས་འདོད་རིགས།། ཁྱི་ཡི་བརྟུལ་ཞུགས་སྨིན་དྲུག་འཁོར།། ནང་པར་བསྲུང་བ་དུས་ངེས་པའོ།། དེ་ལ་ཆོས་འདི་པ་ན་བེ་མེ་དང་དབྱུ་གུའི་དཀའ་ཐུབ་ནི།། ་ལྟ་བ་འཁྲུལ་པའི་དཀའ་ཐུབ་སྟེ།། དཔེར་ན་རི་དགས་ཁ་སྐོམ་ཟེར།། ཆུ་འདོད་སྨིག་རྒྱུ་སྙེག་པ་འདྲ།། དེ་ལ་འཁྲུལ་པའི་དབང་གིས་ཡང་དག་པའི་དོན་ལ་འཁྲུལ་པ་ནི།། ཐམས་ཅད་རྟག་པར་རྟོག་པ་བཞི།། ཁ་ཅིག་རྟག་པར་རྟོག་པ་བཞི།། རྒྱུ་མེད་སྨྲ་བ་རྣམ་པ་གཉིས།། མཐའ་ལ ་རྟོག་པ་བཞི་དང་ནི།། ལྷ་མི་སྤོང་བར་རྟོག་པ་བཞི།། བཅོ་བརྒྱད་དེ་དག་སྔོན་གྱི་མཐའ།། འདུ་ཤེས་ཅན་རྟོག་བཅུ་དྲུག་དང་།། འདུ་ཤེས་མེད་པར་རྟོག་པ་བརྒྱད།། འདུ་ཤེས་ཡོད་མིན་མེད་མིན་བརྒྱད།། ཆར་པར་ལྟ་བདུན་མཐར་ལྟ་ལྔ། བཞི་བཅུ་རྩ་བཞི་ཕྱི་མའི་མཐའ་དྲུག ་ཅུ་རྩ་གཉིས་བདེན་པར་ལྟ།། དེ་དག་བདེན་པའི་དོན་ལ་འཁྲུལ།། དེ་ལ་རྒྱུ་ལ་འཁྲུལ་པ་ནི།། ཁ་ཅིག་ན་རེ། དུས་ཀྱིས་འབྱུང་བ་རྣམ་སྨིན་བྱེད།། དུས་ཀྱིས་སྐྱེ་དགུ་རྣམས་འབྱིན་བྱེད།། དུས་ཀྱིས་གཉིད་ལོག་སང་པར་བྱེད།། དུས་ཀྱིས་སྐྱེ་ཞིང་དུས་ཀྱིས་འཆི།། དུས་ལས་འདའ་བར ་#། དཀའ་བའོ།། དེ་ལ་ཆོས་འདི་པ་ན་ར། དུས་ཀྱིས་ཐམས་ཅད་བྱེད་ན་ཀོ།། ནམ་མཁའ་ལྟ་བུར་རྟེན་མེད་ལ།། ས་བོན་འབྲས་བུ་སྐྱེ་བར་རིགས།། འགྲོ་བ་རིགས་ལྔའི་འཁོར་བ་ཡང་།། ཕ་མེད་མ་ལ་བུ་སྐྱེ་ཞིང་།། མ་མེད་པ་ལའང་དེ་བཞིན་ཏེ། རྒྱུ་རྐྱེན་མེད་ན་དུས་དབང་ཉམས ་ཁ་ཅིག་ནུ་རེ། བ་ནཱི་བ་སྤུ་རྣམས་ཀྱི་གཞི།། ཆུ་ཤལ་ཆུ་རྣམས་ཇི་བཞིན་དུ།། བླག་ཤ་ཡལ་ག་རྣམས་ཇི་བཞིན།། སྐྱེས་བུ་ལུས་ཅན་ཀུན་གྱི་རྒྱུ། དེ་ལ་ཆོས་འདི་པ་ན་རེ། ཐག་པ་སྦྲུལ་དུ་འཁྲུལ་པ་ལྟར།། སྐྱེས་བུ་འཁྲུལ་པས་མིང་བཏགས་པ།། རང་མ་གྲུབ་པ་གཞན་གྱི་རྒྱུ། ་སྐྱེས་བུ་དེ་ཡིས་ཇི་ལྟར་བྱེད།། ཡང་ཁ་ཅིག་ན་རེ། དེ་ཙམ་ཉི་ཤུ་ལྔ་ཤེས་ཤིང་།། རལ་པའམ་སྤྱིའུ་གཙུག་ཕུད་ཀྱིས།། ཨ་ལུགས་གང་དུ་གནས་པ་ནི།། གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད།། དེ་ལ་ཆོས་འདི་པ་ན་རེ། དེ་ལྟར་གྲངས་ཤེས་མཐོ་རིས་འགྱུར་ན་ནི།། རྡོ་ཤིང ་གྲངས་པས་གསེར་སོགས་སྣང་འགྱུར་འོས།། གྲངས་ཤེས་རྡོ་ཤིང་འདྲ་ལ་མཐོ་རིས་གསེར་བཞིན་ཏེ།། ཀུན་རྫོབ་རིགས་པར་འགལ་ན་དོན་དུ་སྨོས་ཅི་དགོས།། དེ་ནི་དཀྲེས་པས་ང་འགྲངས་ཟེར་བ་འདྲ།། ཡང་ཁ་ཅིག་ན་རེ། ལུས་ཅན་འདི་དག་སྐྱེས་པ་ནི།། རྒྱུ་ལས་མ་བྱུང ་རང་སྐྱེས་ཏེ།། དཔེར་ན་སྤང་ཁའི་ཤ་མོ་ལ།། ས་བོན་རྒྱུ་ནི་མེད་བཞིན་ནོ།། དེ་ལ་ཆོས་འདི་པ་ན་རེ།། དེ་ཉིད་དཔེ་ལས་བདག་གིས་བཟུང་།། ས་ལོ་བརྟེན་ནས་བརླན་གྱིས་བསྐྱེད།། རྒྱུ་མེད་མ་ཡིན་ཡོད་མ་བཞིན།། རྒྱུ་རྐྱེན་ལས་ཀྱིས་བསྐྱེད་པར་རིགས།། དེ་ལ་འཁྲུལ ་པའི་རྐྱེན་གྱིས་འབྲས་བུ་ངན་སོང་གསུཾ་དུ་འཁྲུལ་པ་ནི།། འཁྲུལ་ནི་དབང་གིས་དབེན་མ་མཐོང་།། རྒྱུ་འབྲས་མི་བསླུ་ལས་མ་ཤེས།། ཉོན་མོངས་ལྔ་ལ་མངོན་ཞེན་ནས།། སྐྱེ་གནས་བཞི་པོའི་གནསུ་སྐྱེ།། བྱོལ་སོང་མངལ་དང་སྒོ་ང་དང་།། དྲོད་གཤེར་ལས་སྐྱེས་ཡི། ་དྭགས་ནི།། མངལ་སྐྱེས་དམྱལ་བ་བརྫུས་ཏེ་སྐྱེ།། ཁ་དོག་རིགས་གཟུགས་གྲངས་མེད་ཀྱང་།། གཉིས་དང་བཞི་པ་མང་བ་དང་།། རྐང་མེད་རིགས་དང་རྣམ་བཞིར་བསྡུ།། གཅིག་ལ་གཅིག་གིས་འཚེ་གྱུར་པས།། བསྲུང་ཕྱིར་གབ་དང་སྙོག་པའི་ཕྱིར།། འབྲོས་དང་བཀོལ ་སྤྱད་བརྡེག་བརྩོག་དང་།། གསང་དང་གསོད་དང་གསོད་འགྱུར་ཕྱིར།། སྡུག་བསྔལ་དཔག་མེད་མྱོང་བ་ཡིན།། ཁབ་མིག་ཁ་དང་རྟ་རྔའི་མགྲིན།། ལྟོ་བ་རི་ཡི་གཏོས་ཙམ་ཉིད།། རྐང་ལག་ཐུར་མ་བཞིན་དུ་ཕྲ།། ཤིང་རྟ་འཁྲོལ་འདྲ་དུད་པ་འཐུལ།། ཡིད་དུ་འོང་བའི་ཟས ་དང་སྐོམ།། བཀོད་པ་བལྟས་ནས་ལག་བརྙབ་པས།། རབ་འཇིགས་སྐྱེས་བུ་གོ་ཆ་ཅན།། མཚོན་རྣོན་དབྱིག་པ་ཐོགས་པ་ཡིས།། རྒྱབ་ནས་རྡུལ་བཞིན་འགྱུར་མཐོང་ནས།། ལེན་པའི་དབང་མེད་བཀྲེས་གདུངས་འགྱུར།། ལ་ལས་བཟའ་བཏུང་ཁར་བཅུག་ན།། མེ་ལྡེར ་འབར་ཞིང་འཚིག་འགྱུར་ཏེ།། ལ་ལར་རྣག་ཁྲག་དྲི་ང་ཡང་།། མོ་རྙིད་ལུས་ལས་བཙགས་ནས་འདོད།། ལ་ལས་བཟའ་བཏུང་མི་མཐོང་ཞིང་།། མི་ཐོས་ཕྱོགས་བཅུར་རྒྱུག་པར་འགྱུར།། མནར་མེད་རབ་ཚ་ཚ་བ་དང་།། ངུ་འབོད་ཆེ་དང་ངུ་འབོད་ཉིད།། བསྡུས ་འཇོམས་ཐིག་ནག་ཡང་སོས་བརྒྱད།། ཆུ་བུར་ཅན་དང་ཆུ་བུར་རྡོལ།། སོ་ཐམས་ཨ་ཆུ་ཀྱི་ཧུད་ཟེར།། ཨུཏྤལ་ལྟ་བུ་པདྨ་གཉིས།། ལུས་དང་སྒྲ་འགྱུར་མིང་བཏོགས་བརྒྱད།། ཉི་ཚེ་ཉེ་འཁོར་གཅིག་བཅུ་དྲུག། ཉེས་སྤྱད་རྣམ་སྨིན་མ་ཟད་པར།། དེ་དག་འཆི་བར་མི ་འགྱུར་ཏེ།། བྲིས་མཐོང་བཤད་ཐོས་ཀླགས་དྲན་ཡང་།། འཇིགས་སྐྱེ་ཉམས་མྱོང་ཅི་ཞིག་སྨོས།། འཇིག་རྟེན་ཁམས་རྣམས་སྡུག་བསྔལ་གང་།། མཐོང་བའི་ཆོས་ལ་ཡོད་དོ་ཅོག། གཅིག་ཏུ་བསྡུས་པས་དམྱལ་བ་ཡི།། སྡུག་བསྔལ་གང་ཆུང་འབུམ ་@གྱི་ཆ། མི་ཕོང་ཅུང་ཟད་དེ་མི་མཚུངས།། དེ་ཀུན་མ་རིག་ལྷ་ལས་བྱུང་།། དེ་ཕྱིར་ངན་སོང་གསུམ་དུ་འཁྲུལ།། དེ་ལ་འཁྲུལ་པ་མེད་པར་བཤད་པར་བྱ་བ་ནི།། རྒྱུ་རྐྱེན་ཡན་ལག་བཅུ་གཉིས་པོ།། ཚེ་གསུམ་རིགས་གསུམ་ཡན་ལག་ལྔ།། ཉི་མ་ཇི ་བཞིན་འགྲོ་བཞིན་ཏེ།། ཤིང་རྟའི་འཕང་ལོ་བཞིན་དུ་འཁོར།། ཉེས་པ་བཅུ་གཉིས་སྲིད་རྩ་རྣམས།། དང་པོ་བཀག་པས་ཀུན་བཀག་ཅིང་།། རྒྱུ་འབྲས་ཡང་དག་བདེན་ཤེས་བྱ།། ཡང་དག་གྱུར་པ་བཅུ་གཉིས་རྙེད།། ཐར་པའི་ལམ་ལ་དེ་གནས་ཕྱིར།། ཡོན་ཏན་དཔག ་མེད་ཐོབ་པ་ཡིན།། འདི་ལ་དགེ་བ་གང་ཡོད་དེས།། ལམ་ལྔར་འཁོར་བའི་སེམས་ཅན་དག། ཆོས་ཉིད་ཤེས་ནས་ཉེས་སྤངས་ཏེ།། བདེ་བའི་ལམ་ལྔར་བགྲོད་པར་ཤོག། འཁྲུལ་པ་བཟློག་པའི་རིགས་པ།། གཏན་ཚིགས་གྲུབ་པ་ཞེས་བྱ་བ། ་སློབ་དཔོན་འཕགས་པལྟས་མཛད་པ་རྫོགས་སྷོ།། ། རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་བ་དང་ཞུ་ཆེན་གྱི་ལོན་པ་བནྡེ་དཔལ་བརྩེགས་ཀྱིས་བསྒྱུར་ཙོང ་ཞུས་ཏེ། གཏན་ལ་ཕབ་པའོ།། །། འདིས་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག། ་