| Wylie | e-texts produced with BDRC’s OCR application |
པལས་ཀྱི་རྡོ་རྗེའི་འགྲེལ་པ་སྟན་འཁྱེད་ཅེས་བྱ་བ་བཞུགས་སོ།། ། རྒྱ་གུར་སྐད་དུ། ཤྲཱི་ཧེ་བཛྲ་ཏནྟ་མ་ཧཱ་རཱ་ཛཱ་སྱ་པཉྩི་ཀཱ་ནཻ་ཏྲ་བི་བྷཾ་ག་ནཱ་མ། བོད་སྐད་དུ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་སྤྱན་འབྱེད་ཅེས་བྱ་བ། ་དཔལ་དགྱེས་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ།། ས་མྱ་སརྦཱརྠ་སིདྡྷི། ན་མོ་གུ་རུ་པཱ་དཱ་ཡ། ཨེ་ཀ་སྨིན་ས་མ་ཡཻ། བྷ་གྲ་བཱན། སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱཀ་ཙིཏྟ་ཏྲྀ་ད་ཡ་བཛྲ་ཡོ་ཞིང་བྷ་གེ་ཥ་བི་ཛ་ཧ་ར། གླེང་གཞིའི་དུག་དང ་པོའོ། འདི་ཡང་སྒྲའི་ཚུལ་དུ་བཤད་པ་དང་། དོན་གྱི་ཚུལ་དུ་བཤད་པའོ།། སྒྲའི་ཚུལ་ལ་ཡང་གསུམ་སྟེ། སྒྲའི་བྱེད་པའི་གནས་དང་སྦྱར་བ་དང་། ནུས་པའི་རྩལ་དང་མིང་ཁྱད་པར་དུ་བཏགས་པའི་ཡོན་ཏན་ནོ།། བྱེད ་པའི་དབང་དུ་བྱས་པ་ནི་སྒྲའི་གནས་དང་སྦྱར་ཏེ། དེ་ཡང་སྒྲ་པའི་ལུགས་ཀྱི་ཏི་ངནྟའི་མཐའ་ཅན་དང་སུ་བནྟའི་མཐའ་ཅན་ལས་འདིར་སུ་བོནྟ་བྱ་ཀར་ཎའི་གནས་བརྒྱད་དེ། གང་ཞེས་བྱ་བ་ལ་སོགས་པ་ལས། འདིར་གང་གིས ་ཐོས་ན་བདག་གིས་ཐོས་ཞེས་གསུམ་པ་སྦྱར། གང་གི་ཚེ་སྟེ་དུས་ནི་དང་པོ་འམ་ཏི་དཱནྟ་གནས་མི་སྦྱར། གང་ལས་ཐོས་ཞེས་པས་བཅོམ་ལྡན་འདས་ཞེས་ལྔ་པ་སྦྱར་བ་དང་། གང་དུ་ཞེ་ན། བྷ་ག་ལ་ཞེས་བདུན་པ་འམ ་གཉིས་པ་སྦྱར་བ་དང་། བཞུགས་ཞེས་པར་འཁོར་བསྟན་པས་ཐོས་པ་དང་། འབྲེལ་པས་འདི་རྣམས་ཀྱི་ཕྱིར་ཞེས་བྱ་སྟེ་བཞི་པའི་སྐུ་སྦྱར་རོ།། ནུས་པའི་རྩལ་ནི་འདི་སྐད་ཀྱིས་འདི་སྐད་ནས་ཟེ་འབྲུ་ལ་ཨའི་རྣམ་པའོ། ་རྒྱུད་མགོ་ཞབས་ཀྱི་དོན་འདྲེན་པ་དང་། འདི་སྐད་ཀྱིས་ཡང་སྒྲོ་མ་བརྟགས་པ་དང་། སྐུར་མ་བཏབ་པར་བཅོམ་ལྡན་འདས་ལས་ཐོས་ཤིང་བཟུང་ནས་བསྡུས་ཞེས་པ་དང་། ཉན་པ་རྣམས་གུས་པ་དང་བཅས་པའོ།། ། ་བདག་གིས་ཞེས་པ་ནི་བདག་ཉིད་ཀྱི་སྔོན་མངོན་སུམ་དུ་ཐོས་ཀྱི་རྒྱུད་ཀྱི་བརྒྱུད་པ་མ་ཡིན་པར་སྟོན་པ་དང་། ཐོས་པ་ཞེས་པ་ནི་ཐོས་པའི་རྒྱང་བུ་སྟེ། རྟོགས་པ་ནི་མ་ཡིན་པའོ།། ཐོས་པའི་གནས་སྐབས་ན་ཐོས་ཀྱིས་རྟོགས ་པཱ་ནི་མཱ་ཡིན་ཏེ། རང་གིས་བྱས་པ་སྟོན་པ་ལ་ཁྱད་པར་མེད་པ་དང་། གཞན་མི་གུས་པར་འགྱུར་བ་ལས་སོ།། སྡུད་པ་པོའི་གནས་སྐབས་ནི་དོན་དང་ཚིག་དང་བཅས་པར་བསྡུས་པས་ཁྱད་པར་དུ་འགྱུར་རོ།། དུས་གཅིག ་གིས་ནི་ཡོན་ཏན་གསུམ་འདྲོན་པར་བྱེད་དེ། དུས་གཅིག་ན་འདི་ཐོས་པ་གཞན་དག་ཀྱང་ཐོས་ཞེས་པས་ཐོས་པ་མིང་བར་སྟོན་པ་དང་། གཞན་དུ་མ་ཐོས་པ་དག་སྲིད་དོ་ཞེ་ན། བྱང་ཆུབ་སེམས་དཔའ་བརྩོན་འགྲུས་རྒྱུན ་མྱི་འཆད་པ་དང་། ཤེས་བྱའི་སྒྲིབ་པ་སྤོང་བ་གཙོ་བོར་བྱེད་པས་སོ།། དེས་ནི་སྡུད་པ་པོ་ཆེ་བར་བསྟན་ཏོ་ཡང་དུས་གཅིག་གིས་བསྟན་པ་དཀོན་པར་སྟོན་ཏེ། དེའི་ཚེ་ཁོ་ན་གསུངས་ཀྱི་གཞན་གང ་དུ་ཡང་མ་བསྟན་པས་ན་དཀོན་པའོ།། དུས་གཅིག་སྟོན་པ་ཆེ་བར་སྟོན་ཏོ།། སྐད་ཅིག་མ་ལ་ཐོས་པས་འཁོར་རྣམས་རྣམ་པར་ཐར་པའི་སྐྱེ་མཆེད་སྒྲུབ་ནུས་པའམ་བྱ་བ་རྫོགས་པའི་སྐད་ཅིག་གཅིག་ཅེས་བྱའོ།། བྷ་ག ་བཱན་གྱིས་ནི་ཡོན་ཏན་གཉིས་འདྲེན་ཏྲེ་བྷ་ག་རྣམ་པ་དྲུག་ཏུ་བརྗོད་ཅེས་བྱ་བ། དཔལ་དང་གྲགས་དང་ཡེ་ཤེས་དང་།། དབང་ཕྱུག་དང་ནི་གཟུགས་བཟུང་དང་།། བརྩོན་འགྲུས་ཕུན་སུམ་ཚོགས་ལྡན་དང་།། དྲུག་པོ་དེ་ལ ་ལྡན་ཞེས་བརྗོད།། ཅེས་པས་ཡེ་ཤེས་ཕུན་སུམ་ཚོགས་པར་བསྟན་ཏོ།། ཡང་ན་ཉོན་མོངས་ལ་སོགས་བདུད་ཅེས་བྱ་སྟེ། བྷ་བཱནྡའི་སྒྲ་ལས་འཇོམས་པ་སྟེ། ཉོན་མོངས་པའི་བདུད་འདོད་ཆགས་ལ་སོགས་པ་དང་། ་ཕུང་པོའི་བདུད་དེ་རང་དབང་དུ་མ་ཐོབ་པ་དང་། འཆི་བདག་གི་བདུད་དེ་འཆི་བའི་དུས་ན་གཤིན་རྗེའི་ལག་ཏུ་འགྲོ་བ་དང་ལྷའི་བུ་བདུད་ནི་དགའ་རབ་དབང་ཕྱུག་གི་བར་ཆད་བྱེད་པ་སྟེ། དེ་རྣམས་བཅོམ་པསྭ་བྷ་གྲ་བཱན་ནོ།། ་སརྦ་ཏ་ཐཱ་ག་ཏ་ནི་ཏ་ཐཱའི་སྒྲས་དེ་ཁོ་ན་ཉིད་དུ་གཤེགས་པའམ་སོན་ཞེས་བྱ་སྟེ། ཆོས་སྐུར་གནས་པའོ།། ག་ཏས་ནི་རྟོགས་པའམ་བྱོན་པ་སྟེ་སྐུ་གཉིས་སོ།། དེ་དང་དཔལ་ལྡན་དེ་བཞིན་ཉིད་གཤེགས་ཤིང་།། དེ་བཞིན ་བླར་ཡང་གཤེགས་པ་ཉིད་ཅེས་གསུངས་ཏེ། སརྦ་སྟེ་རྣམ་པར་སྣང་མཛད་ལ་སོགས་པ་དེ་རྣམས་ཀྱི་སྐུ་གསུང་ཐུགས་བསྡུས་པ་ནས་ཧྲྀ་ད་སྟེ་སྙིང་པོ་བསྡུས་པ་དེ་རྡོ་རྗེ་ལྟར་དབྱེར་མི་ཕྱེད་པ་སྐུ་རྡོ་རྗེའོ།། བཙུན་མོ་ཞེས་པ ་དྲུག་པ་སྟེ། སྤྱན་ལ་སོགས་པ་དེ་རྣམས་བསྡུས་པ་བྷ་གཱ་རྣམས་ཏེ་ཁྲོ་བ་དང་ཆགས་པ་ཅན་འདུལ་བ་ལ་གནས་དེར་བཞུགས་པ་སྟེ། ཡེ་ཤེས་ཀྱི་སྣང་བ་ཉིད་གནས་སུ་སྣང་བ་དེ་ལ་རྡོ་རྗེ་འཆང་བཞུགས་པའོ།། བི་ཛཱ ་ཧ་ར་སྟེ་བཞི་མཐུན་པའི་འབྲུ་མང་པོ་པའོ།། ཧ་ར་ནི་འཕྲོག་པ་སྟེ། གཙོ་བོའི་ཡོན་ཏན་འཁོར་གྱིས་འཁོར་གྱི་ཐེ་ཚོམ་སྟོན་པས་འཕྲོག་པའོ།། བཞུགས་ཞེས་པས་ཡང་རྒྱལ་པོ་ཕོ་བྲང་ན་བཞུགས་པས།། འཁོར་འདྲེན་ཏེ། ་རྒྱལ་པོ་གཅིག་པུ་བཞུགས་པ་མ་ཡིན་པ་དང་། ཐོས་པའི་འགྲེལ་པས་འཁོར་དབང་པོ་དང་བཅས་པས་སྟོན་པས་འཁོར་བསྟན་པ་དང་གཞན་དག་ནི་སྤྱོད་ལམ་དུང་ཆོས་འཆད་པ་དང་ཏིང་ངེ་འཛིན་དང་ནང་དུ་ཡང་དག ་འཇོག་པས་བཞུགས་ཞེས་ཀྱང་འཆད་དོ།། མིང་ཁྱད་པར་ཅན་དུ་བཏགས་པ་ནི་འདི་སྐད་ལ་ཨཱི་སི་ན་འམ་ཨཱཾ་དཾ་ཞེས་མི་ཟེར་བ.རཱ་ཨེ་པཾ་ཞེས་བཏགས་པས་ལོག་རྟོག་སེལ་ཏེ་ཁ་ཅིག་ཕྱུ་དང་མས་པོ་དང་དབང་ཕྱུག ་ལ་སོགས་པ་རྒྱུར་སྨྲ་སྟེ། བྱེ་བྲག་པའི་ལུང་ལས། བ་ནི་བ་སྒྲ་རྣམས་ཀྱི་རྒྱུ། འགྲོ་བའི་རྒྱུ་ནི་དབང་ཕྱུག་སྟེ། དབང་ཕྱུག་གིས་ནི་མཐོ་རིས་སཾ། ངན་སོང་དག་ཏུའང་ལྟུང་བར་བྱེད། ཅེས་ཟེར་བ་དེ་ལྟ་བུ་དགག ་པའི་ཆེད་དུ་སྟེ་ཨེ་བཾ་ནི་ཆོས་ཐམས་ཅད་ཀྱི་ཕ་དང་མ་དེ་ལྟ་བུའི་འབྱུང་ཁུངས་སུ་ཤེས་པར་བྱེད་ལ། ཨེ་བཾ་སྟེ་བདེ་སྟོང་དབྱེར་མེད་ཐབས་ཤེས་རབ་དང་དབྱེར་མེད་དུ་སྟོན་བྱས་ན་དེ་སྦྱོང་ངོ་།། དེ་ཡང ་ཡི་གེ་ཨེ་ནི་མར་འགྱུར་ལ།། བི་ན་ཕ་ཞེས་བྱ་བར་གྲགས།། ཐིག་ལེ་དེ་ནི་སྦྱོར་བ་སྟེ། སྦྱོར་ཏེ་དེ་ནི་རྨད་བྱུང་བའོ་ཞེས་པ་དང་ཨེ་ནི་ཤེས་རབོ་ཉིད་འགྱུར་ལ།། བ་ནི་རབ་དགའི་བདག་པོའོ།། འགྲོ་བ་གང་ཞིག་ཡི ་གེ་གཉིས།། མི་ཤེས་རྟག་ཏུ་འདོད་པ་དང་། དེས་ན་སངས་རྒྱས་ཆོས་རྣམས་ལས།། ཕྱི་རོལ་སྦྱོར་སྤངས་ཐུབ་པ་བཞིན།། ཨེ་བཾ་ཡིག་གཉིས་སྒྱུ་མ་ལ།། ཐམས་ཅད་མཁྱེན་པ་འདིར་བཞུགས་པས།། དམ་ཚིག ་བསྟན་པའི་ཐོག་མར་ནི།། ཨེ་བཾ་དེ་ཕྱིར་རབ་ཏུ་བཤད་ཅེས་གསུངས་སོ།། བདག་གིས་ལྀ་ཨཱཏ་མོའི་ཟེར་བ་ནི་མུ་སྟེགས་བདག་ཏུ་འདོད་པ་ཡང་། གང་ཟག་བདག་ཏུ་འདོད་པོ་སྟེ། གྲངས་ཅན་དག་ནི་ཡོན་ཏན་གསུམ ་ཆ་མཉམ་པ་ལས་གཙོ་བོ་ལས་བདགཽ་སྟེ། དེ་ལས་འགྱུར་བ་དེ་ལས་ཡོན་ཏན་དུ་མ་སྐྱེ་སྟེ། འདི་ཙམ་ཉི་ཤུ་ལྔ་ཤེས་ན། རལ་པ་འམ་སྤྱི་བོ་གཙུག་པུད་ཀྱིས།། བསྟི་གནས་གང་དུ་འགྲོ་བ་དེར།། གྲོལ་འགྱུར་འདི ་ལ་ཐེ་ཚོམ་མེད།། ཅེས་ཟེར་བ་དེ་བཟློག་པའི་ཕྱིར།། མཱ་ཡཱ་སྒྱུ་མའི་བདག་ཉིད་དུ་ཤེས་པར་བྱ་སྟེ། བདག་ནི་རྟོགས་པ་དང་གཅིག་པུ་དང་རང་དབང་དུ་འདོད་ལ་སྒྱུ་མ་ནི་དེ་དང་མཚན་ཉིད་མི་མཐུན་པས་ནི་སྤོང་ངོ་།། ་ཐོས་པ་ལ་ཤུ་པ་འམ་ཤྲུ་ནེ་ལ་མི་ཟེར་བར་ཤྲུ་ཏ་ཟེར་བ་ནི་མུ་སྟེགས་ཀྱི་རིགས་བྱེད་པ་སྒྲ་ཡོན་ཏན་དུ་འདོད་པ་སྒྲས་ཆོག་པར་འཛིན་ཏེ། དེའི་ལུང་ལས་ཉེས་པ་རྣམས་དང་འབྲེལ་པའི་ཕྱིར། སྐྱེས་བུ་མ་བྱས་བདེན་དོན ་ཅན་ཞེས་སྒྲ་རྟག་པར་འདོད་པུ་སྟེ་སྤོང་སྟེ། ཤུ་ཏྲ་རྒྱུ་བས་མ་ཤྲུ་ཏ་རིག་པ་ཤེས་པས་སྒྲ་རྟག་པ་དེ་ཐོས་བྱ་དང་ཐོས་བྱེད་ཀྱི་འབྲེལ་པ་མི་འཐུང་པས་ན་དྭེ་བཟློག་གོ། དུས་གཅིག་ན་ཨེ་ཀ་ཀཱ་ལ་མི་ཟེར་པོས་ས་མ་ཡ ་ཟེར་བ་ནི་དུས་ཡོན་ཏན་དུ་འདོད་པ་ཡོད་དེ། དེ་ཡང་སྐྱེ་དགུ་འདི་དག་དུས་ཀྱིས་བསྡུས།། དངོས་པོ་འདི་དག་དུས་ཀྱིས་བྱེད་ཅེས་ཟེར་ཏེ། རིགས་པ་ཅན་ལ་སོགས་པ་འདོད་པ་བཟློག་པ་སྟེ། ས་མ་ཡ་ནི ་དམ་ཚིག་དེ་དུས་དང་མཉམ་པའི་དུས་དང་། ཡ་ཡོ་གོ་སྦྱོར་བར་འགྲོ་བས་ན་དུས་རྟགས་པ་ནི་དེ་དག་དང་འགལ་བས་ན་བཟློག་གོ། དེ་སྐད་དུ་ཡང་དུས་ནི་རྣམ་པ་གསུམ་ཡིན་ཏེ། བདེ་བའི་དུས་དང་ངན་པའི ་དུས། བསམ་གྱིས་མི་ཁྱབ་དུས་ཡིན་ཏེ་ཞེས་གསུངས་སོ།། བི་ཛ་ཧཱ་རཾ་ལ་སྟ་ན་འམ་སྟི་སྟི་བེ་སེ་བྱ་མི་ཟེར་བ་ནི་ཐེར་ཟུག་པའི་རྟག་པ་སྤོང་སྟེ། གྲངས་ཅན་ལ་སོགས་པ་རྫ་ཆག་བྱེད་འཕུར་དུ་འདོད་པ་སྟེ། ་ཧ་རས་སྤོང་སྟེ་རྗེས་སུ་མཐུན་པས་སྟོན་ཏེ། འཕགས་པའི་ཚུལ་དུ་བཞིས་བཞུགས་པ་དང་ཧེ་རས་འཕྲོག་བྱ་དང་འཕྲོག་བྱེད་དུ་བཞུགས་པ་འམ། བི་ཛཾ་ཡང་ཡོན་ཏན་དང་འཇོམས་པར་བཞུགས་པའོ།། དོན་བཞིན ་དུ་བཤད་པ་ནི་གཉིས་ཏེ། བཤང་ཚུལ་སོ་སོར་སྦྱར་བ་དང་བརྟག་པ་ཕྱི་མའི་ཚུལ་གྱིས་མདོར་བསྡུས་ཏེ་བསྟན་པའོ།། བཤུང་ཚུལ་སྦྱར་བ་ནི་སྒྱེད་རིམ་དང་རྫོགས་རིམ་མོ།། སྐྱེད་རིམ་དམིགས་པར་བྱ་བའི ་ཡུལ་གླེང་གཞི་བསྟན་པ་དང་། ཉམ་སུ་ལེན་པའི་ཐབས་བསྟན་པའོ།། གླེང་གཞི་ནི་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བས་ནི་སྡུད་པ་པོ་ཕུན་སུམ་ཚོགས་པ་སྟོན་ཏེ། སྦྱར་བསྟན་པའི་ཡོན་ཏན་དང་ལྡན་པའི་ས་བཅུའི་བྱང་ཆུབ ་སེམས་དཔའ་རྡོ་རྗེ་སྙིང་པོའོ།། དུས་གཅིག་ནི་དུས་ཕུན་སུམ་ཚོགས་པ་སྟེ། སྟོན་པ་གནས་དང་འཁོར་ལ་སོགས་པ། འདུས་པ་དུས་ཞེས་བཤད་པ་ཡིན། ཞེས་པ་མདོ་ལ་སོགས་པ་ལྟར་དཔྱིད་ཟླ་ར་བ་ལ་སོགས་པ་བསྟན་པོ་བཞིའོ ་དུས་སྷོ།། སྟོན་པ་ནཾ་བྷ་ག་བཱན་ཏེ་གོང་མ་ལྟར་སྤངས་པ་དང་། ཡེ་ཤེས་ཏེ་དེ་དང་ལྡན་པའི་རྒྱུའི་རྡོ་རྗེ་འཆང་རིགས་བདུན་པ་སྟེ་དེ་ཡང་འོག་ཏུ་འཆད་དེ། ཞལ་བརྒྱད་ཕྱག་ནི་བཅུ་དྲུག་སྟེ། དཔའ་བློ་ཐོད་པའི་ཕྲེང་བ་ཅན།། ཕྱག་བརྒྱ་ལྔ ་ནི་འཛིན་ལྷ་ལ།། བདག་མེད་མ་ནི་ཉིད་ཀྱིས་ཞུས།། གསུངས་པས་དེའི་དགོངས་པ་ཡང་རྒྱའི་རྡོ་རྗེ་འཆང་འཆད་པ་པོར་འདོད་དོ།། གནས་ཕུན་སུམ་ཚོགས་པ་ནི་སཽརྦ་ཏ་ཐཱ་ག་ཏ་ནས་དྷ་ག་ག་ལའི་བར་ཏེ་ཁྲོ་བ་དང་ཆགས་པས ་འདུལ་བ་ལ་ཕྱི་ཆོས་འབྱུང་ན་གཙང་ཁང་ལྟ་བུའི་ཡོན་ཏན་འབྱུང་བ་དེར་ཐོས་སོ།། འཁོར་ཕུན་སུམ་ཚོགས་པ་ནི་རྣལ་འབྱོར་གྱི་དབང་ཕྱུག་བྱེ་ཕྲག་བརྒྱད་ཅུ་སྟེ། རིགས་ལྔ་དང་བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པ་དང་། རྡོ་རྗེ་བདག ་མེད་མ་དང་སྤྱན་ལ་སོགས་པ་སངས་རྒྱས་ཀྱི་སྤྲུལ་པ་རྡོ་རྗེ་མཁའ་འགྲོ་མ་རི་རབ་ཀྱི་རྡུལ་ཕྲ་རབ་དང་མཉམ་པ་རྣམས་ཏེ། དེ་ཡང་འོག་ལྡན་མ་དང་སྟེང་ཞལ་མ་ལ་སོགས་པས་འཆད་དོ།། དེ་ལྟ་བུར་བདག་གིས་ཐོབ་པར་བྱ་སྙམ་དུ་འདོད་པར ་བྱ་ཞེས་སྐྱེད་རིམ་གྱི་དམིགས་པར་བྱས་ལ་དེ་ཉིད་ཉམས་སུ་ལེན་པ་ནི་སྒྲུབ་པ་པོ་ཐུན་མོང་དང་ཁྱད་པར་གྱི་ཡོན་ཏན་དང་ལྡན་པས། གནས་ཕུན་སུམ་ཚོགས་པ་བགེགས་དང་འཚེ་བ་མེད་པར་བྱ་བ་ལ་འཇུག་པ་སྔར་ལངས་ལ་ལྷའི ་ང་རྒྱལ་གྱི་འཆགས་ཆེན་པོར་ཕྱིན་ཏེ། བསམ་གཏན་གྱི་བར་ཆད་བསིལ་ལ། འཆགས་ས་ཆུང་ངུ་ཕྱིའི་ཁྲུས་ཙན་དན་ལ་སོགས་པ་སྦྱར་བའི་ཆུས་དབང་བསྐུར་བར་མོས་ཏེ་ཁྲུས་བྱའོ།། ནང་གཽ་ཁྲུས་བདུད་རྩིའི་བྱུག་པ་ལ་སོགས ་པ་བྱའོ།། དེ་ནས་ནང་དུ་མཎྜལ་དུང་མཆོད་པ་བུ་ཤ་མ་ཐང་ཀྲ་དང་འབུ་རུ་སྐུ་རྣམས་བཞུགས་ལ་བདག་དང་རྣལ་འབྱོར་སྲོག་བསྲུང་བ་བྱའོ།། དེ་ནས་མཆོད་པ་བྱིན་གྱིས་བརླབས་ཏེ། རང་རང་གི་ཕྱག་རྒྱ་དང་། སྔགས་ཀྱི་རྫས་སུ ་བྱིན་གྱིས་བརླབ་པོ།། དེ་ནས་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོ་གས་བསགས་ལ། རེ་བ་སྔོན་དུ་ཞེས་པས་ར་བ་དྲ་བ་བསྒོམ་པའི་ནང་དུ་ཨེ་ཆོས་འབྱུང་པ་ཤྲཱི་དང་ནཱའི་གནས་ལྟ་བུར་བྱས་མྱ་སྟེ་དོན་ལེའུ་བརྒྱད་པར་འཆང ་དོ་བཾ་གཞལ་ཡས་ཁང་འབྱུང་བ། ས་ཆུ་མེ་རླུང་རྣམས་ཞུ་བ་ལས་བྱུང་བ་དེ་ཡང་འོག་ནས་འཆད་དོ།། ཟེ་འབྲུ་དང་བཅས་པར་ཐིག་ལེ་བྱང་ཆུབ་སེམས་ལས་མཱ་ཡཱི་དཀྱིལ་འཁོར་གྱི་བདག་པོ་བསྒོམ་སྟེ། དེ་ཡང་ཟླ་བ་མེ་ལོང ་ཡེ་ཤེས་ལྡན།། བདུན་གྱི་བདུན་པ་མཉམ་པ་ཉིད།། རང་ལྷའི་ས་བོན་ཕྱག་མཚན་ནི།། སོ་སོར་རྟོག་པ་ཡིན་ཞེས་ཟེར།། དེ་རྣམས་གཅིག་མྱུར་བྱ་ནན་ཏན། རྫོགས་པ་ཆོས་དབྱིངས་དག ་པའོ་ཞེས་བྱ་བས་མངོན་པར་བྱང་ཆུབ་པ་ལྔས་རྒྱུའི་རྡོ་རྗེ་འཆང་དུ་སྤྲུལ་ལོ།། ཤྩ་ཏ་ནི་རིག་མཱ་དང་བཅས་པ་བཞུ་བ་ལས་བྱུང་བ་དེ་ཡང་། བར་དོར་ཞུགས་ནས་བསྲུབ་དང་བསླབས་པས་གཙོ་བོ་ཞུ་རིག་མ་དང་བཅས་ཏེ། ཞུ ་བའོ།། དུསཽ་གཅིག་ནི་ཞུ་བ་དང་ལྡན་པའི་རིག་མོ་དང་དུས་གཅིག་པའོ།། བཅོམ་ལྡན་འདས་ནི་གླུའི་ངོར་འབྲས་བུ་ཧེ་རུ་ཀས་ལངས་ཏེ། ཐིག་ལེ་བཞི་ཆད་ནས་རྐྱེན་གླུས་བསྐུལ་ནས་ཡུད་ཙམ་གྱི་མངོན་པར་བྱང་ཆུབ་པ ་ལྔས་བསྐྱེད་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ནི་ཉན་པའི་འཁོར་རྫོགས་པ་སྟེ། རང་བཞིན་སངས་རྒྱས་རྣམ་པ་རྡོ་རྗེ་བཙུན་མོ་སྟེ། རྣལ་འབྱོར་མའི་འཁོར་རྗེསུ་མཐུན་པའི་བྱང་ཆུབ་པ་ལྔས་བསྐྱེད་པའོ།། དེ་ནས ་ཉེ་མས་དགའ་བའི་གྲོང་ཁྱེར་ཡིན་པས་བྷ་གུ་སྟེ། ཉོན་མོངས་པ་རྣམ་པར་འཇོམས་པ་དག་པའི་ཡེ་ཤེས་དང་ལྡན་པས་སོ་བཞུགས་སོ་ཞེས་བྱ་བས་ནི་སེམས་དཔའ་སུམ་བརྩེགས་དང་ཡེ་ཤེས་ཀྱི་འཁོར་ལོ་དགུག ་པ་དང་། སྐྱེ་མཆེད་བྱིན་གྱིས་བརླབ་པ་ནི་གཙོ་བོ་ལ་བསྐྱེད་ཚུལ་འཁོར་ལ་མོས་ཚུལ་དུ་བསྒོམ་མོ།། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང་དབང་བསྐུར་བ་དང་། མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱང་བ་དང་། ་རྫོགས་པའི་རིམ་པ་ཉུང་ལྡན་དུ་བསྒོམ་མོ།། དག་པ་རྗེས་སུ་དྲན་པ་དང་སྔགས་བཟླས་པ་དང་གཏོར་མ་དང་ཡེ་ཤེས་པ་གཤེགས་པ་དང་དམ་ཚིག་པ་བསྡུ་བ་དང་བཅས་པས་བཞུགས་སྷོ།། དེ་ལ་མཉམ་གཞག་དང་རྗེས་ཐོབ་ཧཱུ~ཾ ་རྟགས་འབྱུང་སྟེ། ཐུན་བཞིའི་རིམ་པར་ཞག་ཅིག་དང་ཞག་གཉིས་དང་དེ་བཞིན་ཏེ་བརྟེན་པ་ཆོས་ནས་འཇུག་པ་དང་རྟེན་དང་པོ་ནང་ནས་འཇུག་པའོ།། དང་པོ་ནི་ཨེ་སྟེ་ཆོས་ཐམས་ཅད་སྟོང་པ་ཉིད་དབབ་སྟེ་ཐབས་སྣང་བ་དང་། ང་སྟེ་དབྱེ ་མྱེད་བདག་གིས་ནི་བདག་ཉིད་དུ་ཐོས་ཤིང་གསལྔ་བའོ།། ཤྲུ་ཏཱ་སྟྭཾ་བདེ་བགླིང་ནས་གོང་དུ་འཕེལ་བ་འམ་ཡང་གུས་པ་རིག་གི་ཆ་མ་འགུགས་པའོ།། དུས་ན་དེ་ཉིད་སྣང་བ་དང་སྟོང་པ་དབྱེར་མེད་པའི་སྡོམ་པ་སྟེ། རི་ཡང་ཕ་རོལ་ཏུ་ཕྱིན ་ནཱི་ལུང་དང་རིགས་པས་དཔུ་དེ་བསྒོམ་པ། འདིར་ནཱི་མནྟ་ང་ག་གི་སྟོབས་ཀྱི་ཆོས་རྣམས་ལས་ཡེ་ཤེས་སྐྱེ་བའི་ཆོས་ཉིད་ཀྱི་ཚུལ་དུ་དུམ་སྷོ།། བམམ་ལྡན་འདས་ནི་དེས་མི་མཐུན་པོ་འཇོམས་པ་དང་ཡེ་ཤེས་དང་ལྡན་པའོ།། དེ་བཞིན ་གཤེགས་པ་ཐམས་ཅད་ནི་ཕྲེང་བ་དང་ཁམྦྷས་དང་སྐྱེ་མ་ཏྤ་ལ་སོགས་པའོ།། སྐྱེ་གསུང་ཐུགས་ནི་ནམྨེ་པར་བྱུང་བའི་ཨོཾ་སམ་མོ།། ཧྲྀ་དཱ་ཡ་ནཱི་ཙྪེ་པཾ་ཀྵེ་བསྡུས་པའམ་དཀྱིལ་ལོ།། བརྙན་མོ་ནི་ཡུམ་ཤེས་རཱ་ངྒེ་ཧཱུ~ཾ་ཕ་རོལ་ཏུ ་པསྟེ་ཡོན་ཏན་བསྐྱེད་པའོ།། བཞུགས་སོ་ཞེས་པོ་ནི་ཆོས་ཉིད་ཀྱིས་ཆོས་ཐམས་ཅད་ལ་ཁྱབ་པ་སྟེ། ཏིལ་ལ་ཏི་ལ་མར་ཇི་བཞིན་དུ།། བུ་རིམ་ཤིང་ལ་བུ་རིམ་བཞིན་ཞེས་པའོ།། རྟེན་དང་པོ་ནང་ནས་འཇུག་པ་ནི་ཨེ་སྟེ་ཤེས་རབ ་བླ་ན་མེད་པའོ།། བ་ནི་དེ་བརྟེན་པའི་ཐབས་དེ་ཡིད་འབྲིང་བའི་དུས་སུ་ཐབས་དུ་མའོ།། ད་ནི་དབང་པོ་རང་སྣང་སྟེ་རབ་འབྲིང་ཐ་མ་གསུམ་སྟེ་གསེར་འགྱུར་གྱི་ཚུལ་དང་བྱ་རོག་སྡིངས་ཆགས་ཀྱི་ཚུལ་དང་རྒྱ་མཚོ་ལྟ་བུའི ་ཚུལ་དང་ནང་ཕྱི་རོལ་ཏུ་སྣང་བ་དང་། ཕྱི་ནང་དུ་སྣང་བའོ།། རང་སོར་གནས་པ་སྐྱེའོ།། མཱ་ཡཱ་ནི་སྤྱོད་ལམ་དང་བསྲེ་སྟེ། ཟ་བ་དང་འགྲོ་ཉལ་དུ་ཡང་སྐྱེའོ།། ཤྲུ་ཏ་ནི་དོན་དམ་ལྷན་སྐྱེས་སོ།། དུས་གཅིག་ནི་ཀུན་རྫོབ་ལྷན་ཅིག་སྐྱེས་པ་དང ་དུས་གཅིག་གོ།། ལྷན་ཅིག་སྐྱེས་པ་དེ་ཉིད་བཅོམ་ལྡན་འདས་ཏེ་སྔ་མ་བཞིན་ནོ།། གནས་གང་ན་བཞུགས་ཤེ་ན། དེ་བཞིན་གཤེགས་པ་ཐམས་ཅད་དེ་སེམས་ཅན་ཐམས་ཅད་དོ།། སྐུ་གསུང་ཐུགས་ཀྱི་ལུས་ངག་ཡིད་གསུམ་སྟེ། དེ་ཁོ་ན་རྡོ ་རྗེ་བཙུན་མོ་སྟེ། ཤེས་རབ་ལྷ་མོ་བླ་ན་མེད་པ་ཕྱག་རྒྱ་ཆེན་པོ་རྟེན་དང་བརྟེན་པའི་ཚུལ་དུ་གནས་པ་ན་བཞུགས་པའོ།། དེ་ནི་ཟག་པ་མེད་པའི་བརྟེན་པ་ཡིན་གྱི་ཟག་བཅས་ཀྱི་ཚུལ་ནི་མ་ཡིན་ནོ།། དེའི་ཕྱིར་དབང་རྟེན་མི་གནས་ཏེ། ཞིག་ཀྱང ་དབང་པོ་འཇིག་པ་མ་ཡིན་ནོ།། གཉུག་མའི་དབང་པོ་ཡོད་པར་ཅི་ཡིས་ཤེས་ཤེ་ན། དེ་ལུང་དང་རིགས་པས་ཤེས་ཏེ། ལུང་ནི་ལྟེ་བར་ཕྱག་རྒྱ་ཆེན་པོ་གནས་དང་པོ་བྱངས་ཡིག་རང་བཞིན་ཏེ་ཞེས་བྱ་བ་དང་ཕྱག་རྒྱ་ཆེན་པོ་དབང་བསྐུར་བ། ་དེ་ནི་འདི་ཡི་བྱིན་རླབས་ཡིན་ཞེས་གསུངས་པ་དེའི་རྟེན་ཡང་ལུང་དེས་བསྒྲུབ་བོ།། ཕྱག་རྒྱ་ཆེན་པོ་ཉིད་དབང་རབ་དང་ལས་བྱུང་བ་བསྒོམ་པ་རབ་དང་རབ་ཀྱིས་དང་མན་ངག་རབ་དང་རབ་ཀྱིས་བསྒྲུབ་པའོ།། དེ་ལོ་དབང་རྟེན་ཡོད་པར་ཡང་ཡེ ་ཤོས་ཡོད་པས་དེའི་རྟེན་ཡོད་དེ། དཔེར་ན་མིག་གི་རྣམ་པར་ཤེས་པ་ཡོད་པས་རྐྱེན་གཞན་ཚང་ཡང་རེས་འགག་པར་འདུག་པས་གཞན་ཞིག་ཡོད་ཅེས་བྱ་བ་ལྟ་བུའོ།། དེ་ལ་གོམས་པ་ལས་བརྟགས་གཞན་ཡང་གསུམ་སྟེ། མི་འགྱུར་བ་ནི ་ལྟ་བའི་རྟགས།། དངོས་པོ་ཀུན་ལ་ཆགས་མེད་དྲོད།། སྒོམ་པའི་རྟག་སུ་ཤེས་པར་བྱ།། འཇིག་རྟེན་ཆོས་བརྒྱད་སྤང་བ་ནི།། སྤྱོད་པའི་རྟག་སུ་ཤེས་པར་བྱ།། ཡང་སྔ་མའི་གསུམ་པོ་སེམས་ཟིན་པ་དང་དེ་ཁོ་ན་ལ་འཇུག་པ་དང་། དངོས ་གྲུབ་འགྲུབ་པའོ།། དེ་ཁོ་ན་ཉིད་ལ་ཡང་རྟགས་ལྔ་མཐོང་བའི་ལམ་དང་མཚུངས་པ་ཡིན་ནོ།། དེ་རྣམས་གསུམ་པ་རྟགས་དང་སྦྱར་ནས་སྤྱོད་པ་གསུམ་རིམ་གྱིས་བྱེད་པ་འམ་ཡང་ནེ་ཐོད་རྒལ་དུ་ཡང་བྱའོ།། གསུམ་པོས་ཀྱང་ལམ་ཐལ་བྱུང་མ་ཡིན ་ཏེ། གཉིས་ཀྱིས་ནི་ཕྱག་རྒྱ་ཆེན་པོར་བརྒྱད་དགོས་ལ།། གཅིག་གིས་ནི་ཐལ་བྱུང་དུ་འགྲོའོ།། གཉིས་ནི་གང་ཟག་གི་རིམ་པས་བཤད་དེ། ཡང་ལས་ཀྱི་ཕྱག་རྒྱ་ཁྲོ་རྒྱུ་ཅན། དེ་ཡང་རིང་དུ་སྤང་བྱ་སྟེ། རང་ལུས་ཐབས་དང་ལྡན་པར་བསྒོམ་པར ་བྱ་བ་དང་། དེ་ལ་སོགས་པ་དང་། རང་གཞན་དོན་ནི་རབ་སྒྲུབ་ཕྱིར།། འཁོར་བར་ཐབས་གཞན་ཡོད་མ་ཡིན་ཞེས་པ་དང་། མང་དུ་བསྟན་ནོ།། དེ་ཡོང་རིམ་པར་འགྲོ་བ་འམ་ཡང་ན་རེ་རེ་ནས་བརྒྱུད་པ་ཡང་སྲིད་དོ།། དེ་ལ་བརྟག་པ་ཕྱི་མའི་ཚུལ ་གྱིས་དོན་བསྡུ་བ་ནི་འདི་ལྟར་སྣང་བ་ཐམས་ཅད་ལྷན་སྐྱེས་པ་དེ་བོ་ཆེན་པོ་ཡིན་ཞིང་རང་བཞིན་ཀྱང་དེ་ལྟར་སངས་རྒྱས་དང་སེམས་ཅན་ཐམས་ཅད་ཀྱང་དེ་ལྟ་བུའི་ཡང་དག་པར་སྡོམ་པ་ཡིན་ཏེ། ཅི་ཡིས་ཤེ་ན། ཨོཾ་བཾ་སྟེ་གནས་སམ་དེ་རུ་འམ ་དེས་སོ།། གང་གིས་སྡོམ་ཞེ་ན། མཱ་ཡཱ་སྟེ་དབང་གིས་བདག་ཉིད་དང་ནི་ཤེས་རབ་ཐབས་དབང་རྣམས་ཀྱིས་སོ།། ཤྲུ་ཏ་སྟེ་དགོངས་པའི་སྐད་དུ་ཐོས་པ་དེ་དབང་གི་དུས་ལ་སོགས་པའི་སྐབས་དག་བརྡ་དང ་ལུས་བརྡ་ཡིས་སྨྲའོ།། ཨེ་ཀ་སྨི་ས་མ་ཡ་སྟེ་དགའ་བ་རྣམས་དང་སྐད་ཅིག་གིས་དུས་སུ་གཅིག་པ་སྟེ། ཤེས་པ་སྐྱེས་པའི་ཚུལ་སྤོང་བ་དང་ཐོབ་པའི་ཚུལ་དུ་འབྱུང་བའོ།། ཡང་བཟའ་བ་སྟོན་མོའི་དུས་སུ་དམ་ཚིག་གཅིག་པའོ།། དེ ་དག་གིས་ཀྱང་བརྗོད་བྱའི་ཆོས་ཐམས་ཅད་དང་རྗོད་བྱེད་ཀྱི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་རྣམས་དཔལ་དགྱེས་པའི་རྡོ་རྗེར་འདུས་དུས་ཟླ་བ་དང་ལོ་ལ་སོགས་པར་བསྒོམ་པས། དང་པོ་སྤྲིན་དྲང་འདྲ་བ་དང་།། གཉིས་པ་དུ་མ་ལྟ་བུ་སྟེ། ་གསུམ་པ་སྲིན་བུ་མེ་ཁྱེར་འདྲ།། བཞི་པ་མར་མྱེ་ལྟོ་བུ་སྟེ།། ལྔ་བྱ་ཐམས་ཅད་སྣང་བ་སྟེ།། སྤྲིན་མེད་ན་མཁའ་ལྟ་བུའོ།། གཟུང་བ་དང་བྲལ་བ་དང་།། འཛིན་པ་དང་བྲལ་བ་དང་། གཉིས་ཀ་དང་བྲལ་བ་དང་ཡེ་ཤེས་རང་རིག་འཆར ་བ་དང་། ཆོས་ཉིད་མཐོང་བ་ལྔ་བྱའོ།། རྗེས་ཐོབ་སྒྱུ་མ་རྨི་ལམ་སོགས།། སྒྱུ་མའི་དཔེ་བརྒྱད་རིམ་པར་མཐོང་།། དེ་ལ་སྤྱོད་པ་རྣམས་གསུམ་བྱ།། དེ་ནས་འབྲས་བུ་གོ་འཕང་གནས་ཞེས་བྱ་སྟེ། གང་ཟག་སྤྲོས་པ་ལ་དགའ་བས ་ལམ་དེ་བསྒོམ་མོ།། དེ་ཉིད་རྫོགས་པའི་རིམ་པར་བསྒོམ་པ་ནི་གསུམ་སྟེ། གང་ཟག་དབང་པོ་དམན་པ་ཆགས་པ་ཤས་ཆེ་བོས་གཞན་ལུས་ལ་བརྟེན་པ་དང་དབང་པོ་འབྲིང་ཆགས་པ་ཡང་འབྲིང་ནི་རང་ལུས་དང་ལྡན་པ་དང་དབང་པོ་རབ ་ཆགས་པ་ཆུང་བས་དབྱེར་མྱེད་ཕྱག་རྒྱ་ཆེན་པོ་དང་ལྡན་པའོ།། དེ་ལའང་བསྐྱེད་པའི་རིམ་པ་ཉུང་ལྡན་ཏེ་སྔར་མཎྜལ་དང་མཆོད་པ་ཅུང་ཟད་ཙམ་ལ་བརྟེན་པའི་སྒྲུབ་པ་པོས་མོས་པའི་རྣལ་འབྱོར་རམ།། བསྐྱེད་པའི་རྣལ་འབྱོར་རམ་བྱིན ་གྱིས་བརླབས་པའི་རྣལ་འབྱོར་གྱིས་ཐ་མལ་གྱི་རྣམ་པ་བསྒྱུར་ཏེ། དེ་ཡང་བདག་མེད་རྣལ་འབྱོར་ལྡན་པ་འམ། ཡང་ན་ཧེ་རུ་ཀ་དཔལ་བརྩོན་ཞེས་པ་རྟེན་ཁྱད་པར་ཅན་ནམ་ལྷན་ཅིག་བསྒོམས་ལ། ལུས་ཀྱི་ཕྱག་རྒྱ་ཡང་འོག་ནས ་གཡུང་མོ་རྡོ་རྗེ་རིགས་ཞེས་བྱ་བ་དང་། གཞན་གྱི་རིགས་ལས་བྱུང་བ་འམ།། རང་གི་སྲིན་ལག་རྩ་བ་ན།། རྡོ་རྗེ་རྩེ་དགུ་པར་གྱུར་པ།། ཞེས་བྱ་བ་ལ་སོགས་པས་བརྟགས་ཤིང་བཙལ་ལ།། དགེ་བ་བཙུ་ནས་བརྩམས་ནས་ནི།། ་དེ་ཡི་ཆོས་ནི་རབ་ཏུ་དབྱེ།། དབང་བསྐུར་སྙིང་རྗེར་ལྡན་པ་དེ་དང་ལྷན་ཅིག་བསྒོམས་ཏེ། དེ་ཡང་ལྷར་མོས་པ་ལ་སོགས་པ་བསྒོམ་ལ། སྟན་བདེ་བ་ལ་འདུག་སྟེ་དེ་ལ་ཨེ་སྟེ། ཤེས་རབ་ཀྱི་གསང་བའི་གནས་སུ་བ་སྟེ་ཐབས་ཀྱི ་གསང་བའི་གནས་སུ། ང་ཐིག་ལེ་ཟླ་བ་དང་ཉི་མ་འདྲེས་པའོ།། དེ་ཉིད་སྟོན་པའི་བདག་ཉིད་མཱ་ཡཱ་སྟེ་ཕྱག་རྒྱའི་བདག་པོ་བསྒོམ་མོ།། ཤྲུ་ཏ་ནི་འཛག་ཅིང་རྒྱུ་བ་སྟེ་སེམས་དཔང་པ་དང་གཟུང་བྱ་དང་བཟློག་པ་ལ་སོགས་པའོ།། དུས ་གཅིག་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་དུས་སུ་གཅིག་པ་སྟེ། དགའ་བ་གསུམ་གྱི་རིམ་གྱིས་སྐྱེས་ནས་བསྒོམས་པའོ།། བཅོམ་ལྡན་འདས་ཏེ་ཐིག་ལེ་དེ་སྟོན་པར་བཤད་དེ། བཅོམ་ལྡན་འདས་ལ་སོགས་པའི་ཡོན་ཏན ་དང་ལྡན་པའོ།། དེ་བཞིན་གཤེགས་པ་ནས་དྷ་ག་རྣམས་ལ་ཡིས་ནི་ཨེ་བཾ་དེ་གནས་སུ་བསྟན་པའི་ཕྱིར་ཡོན་ཏན་གྱི་ཁྱད་པར་བརྗོད་པར་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕུང་པོ་ལྔ་དང་ལུས་ངག་ཡིད་གསུམ ་ད་ཡ་བཅུད་དུ་བསྡུས་པ་བཙུན་མོ་ནི་ཕྱག་རྒྱ་ཕུང་པོ་དང་འབྱུང་བས་བསྡུས་པས་ཧྲི་ད་ཡ་སྟེ་ཐིག་ལེར་གསང་བའི་གནས་སུ་བཞུགས་ཞེས་བྱ་སྟེ། ས་སྟེངས་སུ་ཟུངས་འོག་ཏུ་གནས་པ་སྟེ། དེ་ཡང་གཉིས་འདས་ནས་ནི་གཉིས་གནས་པ། རྒྱུ་ལ་འབྲས་བུས ་རྒྱས་གདབ་པའམ། འབྲས་བུ་ལ་ཡང་རྒྱས་རྒྱས་གདབ་ཅེས་བྱ་བས་གནས་པའམ། ལུས་ནི་བཛྲ་ཨང་ག་ལ་སོགས་པས་བཞུགས་པའོ།། དེ་ཡང་ཐུན་དང་པོ་ཆུང་ངུ་རུ་བསྒོམ་ཞིང་དེ་ནས་ཇེ་ཆེ་ཇེ་ཆེ་སྲེ་ཞིང་བསྒོམས་པས་རྟགས་འབྱུང་སྟེ། སེམས་ཟིན ་པའི་རྟགས་ནི་རྒྱལ་པོ་དཔུང་བུ་ཆུང་གིས་མི་བསྐྱོད་པ་ལ་སོགས་པ་འབྱུང་བའོ།། དེ་ཁོ་ན་ཉིད་ལ་འཇུག་པའི་རྟགས་ནི་སྔ་མའི་རྣམ་པ་ལྔ་པོ་འབྱུང་ངོ་།། དངོས་གྲུབ་འགྲུབ་པའི་རྟག་ནི་ཐིག་ལེ་སྔ་མ་དེ་མིག་ཏུ་བསྒོམས་པས་མིག་གི་མངོན་པར་ཤེས་པ་འབྱུང་ངོ་།། ་དེ་བཞིན་དུ་རྣ་བོ་དང་ལུས་དང་ཁྱོད་ཀྱི་གནས་སུ་བསྒོམས་ན་མངོན་པར་ཤེས་པ་རྣམས་འབྱུང་ངོ་།། རླུང་ལུས་ནི་ཡང་སྒྲུབ་པ་པོས་སྔ་མེ་ལྟར་སྔོན་དུ་འགྲོ་བ་རྣམས་བསྒོམས་ནས་ཨེ་སྟེ་སྐྱེ་གནས་སུ་བ་སྟེ་སྤྱི་བོའི་གནས་ལས་ང་སྟེ་ཐིག་ལེ་ཚུལ་དུ་འཁྲིགས ་ཤིང་གནས་པ་དང་། རྒྱུན་མི་འཆད་པར་རྒྱུ་བའོ།། མཱ་ཡཱ་ནི་བདག་ཉིད་དེ་རང་གི་ལུས་སུ་བསྒོམ་པའོ།། དུས་གཅིག་ནི་ཡང་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། དམ་ཚིག་གི་དགའ་བ་བནི་ལུགས་འབྱུང་དང་ལུགས་བཟློག་ཏུ་སྐྱེ་སྟེ་དེ་ལས་ལྷན་ཅིག་སྐྱེས་པ ་བསྒོམ་མོ།། བཅོམ་ལྡན་འདས་ནི་རང་ལུས་སུ་བསྒོམས་པ་དེས་མི་མཐུན་པ་འཇོམས་པ་དང་ཡེ་ཤེས་དང་ལྡན་ཏེ་རང་རང་ངོ་བོ་མཚན་བྱ་མཚོན་བྱེད་མྱོང་བ་དེས་མཚོན་བྱ་གཉུག་མའི་ཡེ་ཤེས་དྲུངས་ཕྱུང་སྟེ། ཆུ་སྒྱོགས་གང་གིས་ལན་ཚྭ་རྒྱ་མཚོའི་རོ་རྟོགས་པ་ལྟ་བུར ་ཤེས་བྱའོ།། དེ་བཞིན་གཤེགས་པ་རྣམས་ཐམས་ཅད་ནི་ཕུང་པོ་ལྔའོ།། སྐུ་གསུང་ཐུགས་ནི་སྒོ་གསུམ་མོ།། བཙུན་མོ་ནི་འབྱུང་བ་དག་པའོ།། བྷ་ག་རྣམས་ལ་ཡིད་ནི་ཆོས་ཀུན་རང་གི་ལུས་སུ་བསྒོམ་པོས་མི་མཐུན་པ་འཇོམས་པ་དང་ཡེ་ཤེས་དང་ལྡན ་པས་སོ།། བཞུགས་སོ་ཞེས་པ་ནི་ལུས་གདོང་མ་ནས་རང་ཉིད་ཀྱི་དག་པའོ།། དེ་ལ་ཡང་རྟགས་གསུམ་སྔ་མུ་དང་འདྲ་བར་སྦྱར་རོ།། དབྱེར་མེད་ཕྱག་རྒྱ་ཆེན་པོ་ནི།། སྔར་བཞིན་དུ་ཡང་སྒྲུབ་པ་པས་གནས་ཕུན་སུམ་ཚོགས་པར་བྱ་བའི་རིམ་པ་བྱས་ལ་ལུས་ལྷའི ་རྣམ་པར་སྔར་བཞིན་དུ་བསྒོམས་ལ། དེ་ཡང་གཉིས་དེ་ཡང་རྟགས་པ་དང་པོར་འདུས་པ་ལ་དེ་ཡང་ལེའུ་དང་ཕྱིར་འདུས། དེ་ཡང་ཡི་གེ་བཞི་བཅུ་རྩ་བདུན་དུ་འདུས་དེ་ཡང་ཨེ་བཾ་མཱ་ཡེ་བཞིར་འདུས་ལ་དེ་ཡང་ཨེ་བཾ་གཉིས་ལོ་ཐབས་དང་ཤེས་རབ་ཀྱི་ཡ་ས ་ལྡན་སྐྱེས་སུ་འདོད་ཅིང་ཤེས་པར་བྱས་ལ་བསྒོམ་མོ།། དེ་ལྟར་བསྒོམ་པར་སྤྱོད་པ་འབྲས་བུས་ལམ་དུ་སྦྱང་ངོ་།། དེ་ལྟར་གླེང་ག་ནི་བསྟན་ནས་རྗོད་བྱེད་ཆོས་ལ་ཉོན་ཅིག་པར་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏེ། འདིར་སྦྱར་ཏེ། ་སྔོན་པོ་འཁོར་རྣམས་ལ་སྤྲོ་བ་བསྐྱེད་དེ་རྣལ་འབྱོར་གྱི་དབང་ཕྱུག་བྱེ་བ་ཕྲག་བརྒྱང་ཅུའི་ནང་ནས་རྡོ་རྗེ་སྙིང་པ་ལ་བཛུམ་པ་མཛད་ཅིང་ཉི་ཆེར་གཟིགས་ནས་གསུངས་པའོ།། དེར་དེ་རྣམས་ཀྱི་ཕྱིར་དེ་ལ་དེ་ནས་ཏེ་གནས་དང་འཁོར་སྐབས་དེར་སྦར་རོ།། བཅོམ་ལྡན་པ ་སྔ་མ་འདྲའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དུང་ཐུགས་ཏེ་གསང་བ་ཞེས་བྱ་བར་ཉོན་ཅིག། སྙིང་པོ་ཤིན་ཏུ་གསུང་བར་ཞེས་བྱ་བར་ཉོན་ཅིག། རྗེ་བཙུན་ཆེས་གསང་བར་ཉོན་ཅིག་ཅེས་བྱའོ།། དེས་ནི་སྐུ་སྟེ་རྣམ་པར་སྣང ་མཛད་སྐུའི་གསང་བ་བྱ་བའི་རྒྱུད་དང་། གསུང་སྟེ་སྣང་བ་མཐའ་ཡས་གསུང་གི་གསང་བ་སྤྱོད་པའི་རྒྱུད་དང་ཐུགས་ཏེ་མཽ་བསྐྱོད་པ་ཐུགས་ཀྱི་གསང་བ་རྣལ་འབྱོར་གྱི་རྒྱུད་དེ་རྣམས་དང་ལྡན་པར་ཉོན་ཅིག། སྙིང་པོ་རྡོ་རྗེ་འཆང་ཤིན་ཏུ་གསང་བ་བླ་ན་མེད་པའི་རྒྱུད་དང་ལྡན ་པ་དང་རྗེ་བཙུན་དགྱེས་པོའི་རྡོ་རྗེ་ཆེས་གསང་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་ཉོན་ཅིག་པའོ།། རྣམ་པར་སྣང་མཛད་ནི་རྣལ་འབྱོར་གྱི་སྟོན་པ་ཡིན་ན་སྐུ་རྡོ་རྗེ་བྱ་བའི་རྒྱུད་དང་ཇི་ལྟར་འབྲེལ་ཞེ་ན། ཀྲྀ་ཡ་ལུས་ཀྱི་བྱ་བ་གཙོ་བོར་སྟོན་པ་སྐུ་རྡོ་རྗེ་དང་སྐུའི་གསང་བར ་འབྲེལ་ཏོ།། གཉིས་ཀའི་རྒྱུད་ཀྱང་ཟེར།། སྤྱོད་པའི་རྒྱུད་གསུང་སྟེ་ལུས་ངག་གི་བཟླས་པ་གཙོ་བོར་སྟོན་པས་གསུང་སྟེ་སྣང་བ་མཐའ་ཡས་གསུང་གི་གསང་བར་རིགས་སོ་ཡོ་ག་ཏིང་ངེ་འཛིན་གཙོ་བོར་སྟོན་པས་ཐུགས་མི་བསྐྱོད་པ་དང་ཐུགས་ཀྱི་གསང་བར་རིགས ་སོ། དེ་ནས་རྡོ་རྗེ་སྙིང་པོས་སྟན་ལས་ལངས་ཏེ། བློ་གྲོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་འདི་སྐད་ཅེས་གསོལ་ཏོ།། གསང་བ་གསུམ་པོ་ཞུ་འཚལ་ཞེས་པ་དང་དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ ་ཨེ་མའོ་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེན་པོ་ལེགས་སོ་ལེགས་སོ།། ཨེ་མའོ་ཞེས་པ་ནི་ངོ་མཚར་བ་སྟེ། སྡུད་པ་པོ་དང་ཆོས་ལའོ།། སྡུད་པ་པོ་ནི་རྣལ་འབྱོར་གྱིས་དབང་ཕྱུག་བྱེ་བ་ཕྲག་བརྒྱད་ཅུའི་ནང་དུ་རྡོ་རྗེ་སྙིང་པོ་ཞུ་བ་པོ་ངོ ་མཚར་བ་དང་། ཆོས་གསང་བ་གསུམ་ལས་ཆེས་གསང་བ་ཤིན་ཏུ་གསུང་བ་དགྱེས་པའི་རྡོ་རྗེ་ཞུ་བ་ངོ་མཚར་བའོ།། བྱང་ཆུབ་སེམས་དཔེའ་ནི་བདག་དོན་ཕུན་སུམ་ཚོགས་པའོ།། ཆེན་པོ་ནི་གཞན་དོན་ཕུན་སུམ་ཚོགས་པའི་སྒོ་ནས་སོ།། རྡོ་རྗེ་སྙིང་པོ ་ནིརང་རིགས་ཏེ་ཤེས་རབ་ཆེན་པོ་སྙིང་རྗེ་ཆེན་པོ་ནི་ཐབས་ཀྱི་སྒོ་ནས་སོ།། ལེགས་སོ་ལེགས་སོ་ཞེས་པ་ནི་རང་དོན་དུ་ཞུས་པ་དང་གཞན་དོན་དུ་ཞུས་པས་ལེགས་པ་གཉིས་སོ།། ད་ལྟར་གྱི་དུས་དང་མ་འོངས་པ་དེ་སྒོ་ནས་ལེགས་པར་འགྱུར ་བ་གཉིས་སོ།། རང་གི་ངོ་བོ་ལ་ཤེས་རབ་དང་ཐབས་གཉིས་ཀྱི་སྒོ་ནས་ལེགས་སོ་བ་གཉིས་གསུངས་སོ།། དེ་ལྟར་གནས་པ་ལེགས་སོ་བ་བྱིན་ནས་སྐུ་རྡོ་རྗེ་ལ་སོགས་པ་རྡོ་རྗེ་སེམས་དཔའ་ལ་སོགས་པ་མིང་གི་རྣམ་གྲངས་གཞན་གྱི་བཅོམ ་ལྡན་འདས་ཀྱིས་བསྟན་པ་ནི་རྡོ་རྗེའི་ཚིག་དབྱིངས་དང་ལྡན་པ་ཡིན་ཏེ། ཡོན་ཏན་འདི་རྣམས་ཡོད་དེ་ཤེས་བྱ་དང་ལམ་དང་འབྲས་བུའི་དབང་དུ་བྱས་པ་དང་རྣམ་གཞག་གནས་སྐབས་ཀྱི་དབང་དུ་བྱས་ཏེ་བསྟན་པའོ།། དེ་ལ་ཤེས་བྱ་ནི་རྡོ་རྗེ་སེམས ་དཔའ་སྟེ་སྟོང་པ་ཉིད་ཤེས་རབ་དང་། སེམས་དཔའ་ཆེན་པོ་ནི་ཐབས་ཏེ་སྣང་བ་དུ་མ་དང་དམ་ཚིག་སེམས་དཔའ་ཞེས་པ་ནི་དབྱེར་མྱེད་སྣང་སྟོང་ངོ་།། སྙིང་པོ་ཀྱེའི་རྡོ་རྗེ་ཞེས་བྱ་བ་ནི་དབྱེར་མེད་ལས་བྱུང་བ་ཆེ་བའི་བདག་ཉིད་དོ།། ལམ་ནི་རྡོ་རྗེ ་སེམས་དཔའ་ཞེས་བྱ་བ་ནི་ལྟ་བ་སྟེ། སྟོང་པ་ཡུལ་དང་ཡུལ་ཅན་ནོ།། སེམས་དཔའ་ཆེན་པོ་ནི་སྐོམ་པ་སྟེ་བདེ་བ་ཆེན་པོའོ།། དམ་ཚིག་སེམས་དཔའ་ཞེས་བྱ་བ་ནི་སྤྱོད་པ་སྒོ་གསུམ་གྱི་ཚུལ་དང་སྙིང་པོ་ཞེས་བྱ་བ་ནི་འབྲས་བུ་རོ་གཅིག་གོ། ་དེ་ནི་ཐུན་མོང་ལས་མངོན་པར་རྟོགས་པའི་དབང་དུ་བྱས་པའོ།། ལམ་ཁྱད་པར་ནི་རྡོ་རྗེ་སེམས་དཔའ་ཞེས་པ་ནི་དགའ་བ་དང་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་མཆོག་ཏུ་དགའ་བ་དང་། དམ་ཚིག་སེམས་དཔའ་ནི་དགའ ་བྲལ་དང་སྙིང་པོ་དགྱེས་པའི་རྡོ་རྗེ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ།། དེ་ཡང་སྤོང་བ་དང་ཐོབ་པའི་ཁྱད་པར་གཞན་ལུས་ལ་སོགས་པ་སྐྱེ་ལུགས་བླ་མའི་མན་ངག་ལས་ཤེས་པར་བྱའོ།། འབྲས་བུ་ནི་རྡོ་རྗེ་སེམས་དཔའ་ནི་ཆོས་སྐུའོ།། སེམས ་དཔའ་ཆེན་པོ་ནི་ལོངས་སྐུའོ།། དམ་ཚིག་སེམས་དཔའ་ནི་སྤྲུལ་སྐུའོ།། སྙིང་པོ་དགྱེས་པའི་རྡོ་རྗེ་ནི་བདེ་བ་ཆེན་པོའི་སྐུ་བསྟན་པའོ།། རྣམ་གཞག་ནི་རྡོ་རྗེ་སེམས་དཔའ་ནི་ཧེ་རུ་ཀ་ཕྱག་གཉིས་པའོ།། སེམས་དཔའ་ཆེན་པོ་ནི་ཕྱག་བཞི་པ་དང་། དམ ་ཚིག་སེམས་དཔའ་ནི་ཕྱག་དྲུག་པའོ།། སྙིང་པོ་དགྱེས་པའི་རྡོ་རྗེ་ནི་ཕྱག་བཅུ་དྲུག་པའོ།། དེའི་དོན་རྒྱས་པར་བཤད་པ་ནི་དྲིས་ལན་གྱིས་འཆད་པའོ།། རྒྱས་པའི་ཚུལ་ནི་སྡུད་པ་པོས་མིང་གི་རྣམ་གྲངས་གཞན་དུ་བསྟན་པས་ཐེ་ཚོམ་དུ་གྱུར་ཏེ་ཡང ་དྲིས་པ་དང་། རྡོ་རྗེ་སྙིང་པོས་གསོལ་པ། གང་གི་ཕྱིར་རྡོ་རྗེ་སེམས་དཔའ་ལགས་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེའི་ལམ་རྡོ་རྗེ་མི་ཕྱེད་ཅེས་བྱར་བརྗོད།། སེམས་དཔའི་སྲིད་པ་གསུམ་གཅིག་པ།། འདིས་ནི་ཤེས་རབ་རིགས་པ་ཡིས།། རྡོ་རྗེ ་སེམས་དཔའ་བརྗོད་པར་བྱ།། སྟོང་པ་ཉིད་དུ་ཆོས་ཐམས་ཅད་དབྱེར་མི་ཕྱེད་པའོ།། སྲིད་པ་གསུམ་སྟེ་འདོད་ཁམས་གཟུགས་མེད་པའི་ཁམས་གསུམ་སྟོང་པར་གཅིག་པའོ།། དེ་ཤེས་རབ་ཀྱི་གཞལ་བར་བྱས་པས་རིགས་པ་དེ་ཉིད་རྡོ་རྗེ་དང་ཆོས ་མཐུན་པ་སྟེ། སྲ་ཞིང་བརྟན་ལ་ཁོང་སྟོང་མེད།། སྣོང་ཉིད་རྡོ་རྗེ་ཞེས་སུ་བཤད་ནས་པའོ།། ཡེ་ཤས་ཆེན་པོ་རས་གང་ལ་ཐབས་རྣམ་པ་སྣ་ཚོགས་པའོ།། རྟག་ཏུ་དམ་ཚིག་ལ་སྤྲིང་ཕྱིར་ནི་སྤྱོད་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལྔ་སོགས་པས་སེམས་ཅན་གྱི་དོན་བྱེང་། ་པའོ།། དེ་དག་གི་བཤང་ཚུལ་སྦྱར་བ་ཡང་བསྐྱེད་པའི་རིམ་པའི་ཚུལ་ཏེ། དེ་ལ་བསྐྱེད་པའི་རིམ་པ་ནི་སྒྲུབ་པ་པོ་ནས་ཡང་ལ་བསྐྱེང་བ་སྔ་མ་དང་འདྲའོ།། རྡོ་རྗེ་མི་ཕྱེད་ཅེས་བྱ་བ་མངོན་པར་བྱང་ཆུབ་པ་ལྔ་པོས་མི་ཕྱེད་པའི་སྐུར་བསྐྱེད་པའོ།། སེམས ་དཔའ་སྲིད་པ་ནི་ཕུང་པོ་ལྔ་ལ་སོགས་པའི་རྩ་བོར་རྣམ་པར་ཤེས་པའི་ཕུང་པོ་དེའི་དེ་ཁོ་ན་ཉིད་དགྱེས་པའི་རྡོ་རྗེ་སྟེ་རྒྱུའི་རྡོ་རྗེ་འཆང་ངོ་།། ཡེ་ཤེས་ཆེན་པོའི་རོས་གང་བ་ནི་རིག་པ་དང་བཅས་ཏེ་ཆགས་པས་ཞུ་བའོ།། རྟག་ཏུ་དམ་ཚིག་ལ་སྤྱོད ་ཕྱིར་ནི་ཀླུའི་ངོར་བྱས་ཏེ། འབྲས་བུའི་ཧེ་རུ་ཀཱར་ལངས་པའོ།། ཡང་ཁུ་བསྐང་བ་ཡང་སྔ་མ་ལྟར་སྦྱར་རོ།། རྫོགས་པའི་རིམ་པ་ནི་གཞན་ལུས་ཤེས་རབ་ལ་བརྟེན་པ་དང་རང་ལུས་ཐབས་དང་ལྡན་པ་དང་། དབྱེར་མེད་ཕྱག་རྒྱ་ཆེན་པོའོ།། ་གཞན་ལུས་ཤེས་རབ་ལ་བརྟེན་པ་ཡང་རྡོ་རྗེ་མི་ཕྱེད་ནི་ཆོས་འབྱུང་སྟོང་པའོ།། སེམས་དཔའ་སྲིད་པ་ནི་ཨ་བ་དྷཱུ་ཏཱི་དང་ལྡན་པའི་བྱ་རོག་གི་གདོང་ཅན་གྱི་གནས་སོ།། དེ་ནི་ཤེས་རབ་མའི་རིགས་པ་སྟེ། རྡོ་རྗེ་སེམས་དཔའ་བརྗོད་དོ།། ཡེ ་ཤེས་ཆེན་པོ་རོས་གང་བ་ནི་ཐབས་ནོར་བུ་ནི་གཟུང་བའི་མན་ངག་གིས་བཀང་བ་སྟེ། དེ་ནས་ཐབས་ཀྱི་རིགས་པ་ཕུལ་ཏུ་ཕྱིན་པའི་ཡེ་ཤེས་མྱངས་པས་སེམས་དཔའ་ཆེན་པོར་བརྗོད་པར་བྱའོ།། རྟག་ཏུ་དམ་ཚིག་ལ་སྤྱོད་ཕྱིར་ཞེས་བྱ་བ་ནི་རྟག ་ཏྲ་ན་མྦྷི་འགྱུར་བ་སྟེ་ལྷན་ཅིག་པའོ།། ས་མ་ཡུ་ནི་མཉམ་པའོ།། ཡ་ཡོ་ག་སྟེ་དེར་སྦྱོར་བ་ནི་ལུས་མཉམ་པར་སྦྱོར་བ་སྟེ་རྡོ་རྗེ་སྐྱིལ་མོ་ཀྲུང་ངོ་།། རྟེན་མ་ནམ་པར་སྦྱོར་བ་ཐེག་ལེ་གཉིས་གནས་སོ།། དུས་གནན་དེན ་ཡོངས་སུ་རྫོགས་པས་ནི།། དམ་ཚིག་སེམས་དཔའ་བརྗོད་པར་བྱ་ཞེས་པའོ།། དེ་ལ་ཡང་ལུས་ཐབས་དང་ལྡན་པཾ་ལ་བརྟེན་པ་ཆགས་པ་འབྲོང་ནི་རྡོ་རྗེ་མི་ཕྱོད་ནི་ལྟེ་བའི་གནས་སྟོང་པའོ།། སྲིད་པ་གསུམ་ནི་རྩ་གསུམ་མོ།། གཅིག་པ་ནི་ཨ་པ ་དྷཱ་ཏཱིར་བསྡུའོ།། དེར་སྐྱེས་པའི་ཡེ་ཤེས་ནི་གཟུང་འཛིན་དང་བྲལ་བས་ཤེས་རབ་ཀྱི་རིགས་པའོ།། དེས་ན་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་ལྡན་པས། རྡོ་རྗེ་སེམས་དཔའ་ཞེས་བྱར་བརྗོད་ཅེས་པའོ།། ཡེ་ཤེས་ཆེན་པོ་རོས་གང་བ་ནཱི་བདེ་བ་ཆེན ་པོ་གནས་ལས་ལུས་ཀུན་ཏུ་ཞུ་ཞིང་གང་བའོ།། དེས་ཕུལ་དུ་གྱུར་པའི་ཡེ་ཤེས་མྱོང་བས་སེམས་ཡེ་ཤེས་ཆེན་པོར་གྱུར་པ་ཁྱད་པར་གྱི་རོ་དང་ལྡན་པའི་ཕྱིར་སེམས་དཔའ་ཆེན་པོར་བརྗོད་པར་བྱ་ཞེས་པའོ།། རྟག་ཏུ་དམ་ཚིག་ལ་སྤྱོད ་ཕྱིར་ནི་རྟག་ཏུ་སྟེ་སྟེང་འོག་རྒྱུན་མི་འཆད་པར་སཱ་མ་ཡཱ་སྟེ། མཉམ་པ་བྱང་ཆུབ་སེམས་ཀྱི་ཁྱད་པར་རོ།། ཡཱ་ཡོ་ག་སྟེ། ལུས་དང་སྦྱོར་བས་མི་འབྲེལ་བའི་ཚུལ་ལོ།། དེས་གཞན་དོན་ཇི་ལྟར་ཡང་འགྲུབ་པས་དམ་ཚིག་སེམས ་དོཔར་བརྗོད་པར་བྱ་ཞེས་པའོ།། དེ་ལ་ཕྱག་རྒྱ་ཆེན་པོ་ནི་ཆགས་པ་ཆུང་བ་གཉིས་སུ་མེད་པའི་ཡེ་ཤེས་ཏེ། རྡོ་རྗེ་མི་ཕྱེད་ནི་སྟོང་པ་ཉིད་དོ།། སྲིད་པ་གསུམ་ནི་ཁམས་གསུམ་མོ།། གཅིག་པ་ནི་རང་རིག་འོད་གསལ་དང་སྟོང་པ་འོང ་གསཔ་ལོ།། ཡེ་ཤས་ཆེན་པོ་རོས་དང་བ་ནི་ཐབས་སྣང་བ་མི་བཀླག་པར་བསྒོམ་པའོ།། རྟག་ཏུ་དམ་ཚིག་ལ་སྤྱད་ནི་སྤྱད་པ་རྒྱུན་མི་འཆད་པ་སྟེ། ཕ་རོལ་ཏུ་ཕྱིན་པ་དང་ཆང་མེད་པས་འཇུག་པའོ།། ཆགས་ཅན་གྱི་ལྟ་བུས་རྡོ་རྗེ་མ ་ཕྱད་པ་ཤེས་རབ་ལྷ་མོ་བླ་ན་མེད་པ་སྟེ། སེམས་ཅན་ལ་ཀུན་གྱི་དབང་པོའོ།། སྲིད་གསུམ་ལུས་ངག་བསྡུས་པ་སྤྱི་བོ་དང་རྐང་པར་བྱ་བ་སྟེ། སྤྱི་གཙུག་ནས་ནི་རྐང་པའི་མཐར་སྐུར་པ་གཅིག་ལ་ཡང་དག་བརྟེན་ཞེས་གསུངས་སོ།། ཡེ ་ཤེས་ཆེན་པོ་རོས་གང་སྟེ་དེར་བདེ་བ་ཆེན་པོ་དབྱེར་མེད་བསྒོམ་པ་སྟེ་ཡེ་ཤེས་རང་འབར་བའོ།། གང་བ་ནི་དབང་པོ་རང་སྣང་བའི་ཚུལ་ལོ།། རྟག་ཏུ་དམ་ཚིག་ལ་སྤྱོད་ནི་སྤྱོད་ལམ་དང་བསྲེས་པ་སྟེ། རྟག་ཏུ་འམ་རྒྱུན་མི་འཆད་པར་རང་གི ་ནང་ནི་ཉམས་ཀྱིས་གཟུགས་དང་སྒྲ་དབང་པོ་རང་སྣང་དུ་སྦྱོར། དྲི་དྲང་རོ་གཉིས་རེག་བྱ་འགྲོ་བདུག་སྤྱོད་ལམ་དུ་བསྲེའོ།། དེ་ལ་ཡང་ལྟ་བའི་རྟགས་མི་འགྱུར་བ་བསྒོམ་པའི་རྟགས་དངོས་པོ་ཀུན་ལ་ཆགས་མེད་དྲོད། སྤྱོད་པའི ་རྟགས་འཇིག་རྟེན་ཆོས་བརྒྱད་སྤངས་པའོ།། དྲི་ཡང་བསྡུས་པའི་ཚུལ་གྱིས་མིང་བརྟགས་ནས། རྡོ་རྗེ་སེམས་དཔའ་ནི་གསང་བའི་དོན་ཏེ་ཤེས་རབ་ལྟ་བའོ།། སེམས་དཔའ་ཆེན་པོ་ནི་ཤིན་ཏུ་གསང་བའི་དོན་ཏེ་ཐབས་བདེ་བ ་ཆེན་པོའི་ཡེ་ཤེས་བསྒོམས་པའོ།། དམ་ཚིག་སེམས་དཔའ་ནི་ཆེས་གསང་བའི་དོན་ཏེ་དབྱེར་མེད་པ་རྟག་ཏུ་སྤྱོད་པའོ།། ཡང་ན་གསང་བ་དང་ཤིན་ཏུ་གསང་བ་ཆེས་གསང་བ་ནི་སྔར་བཞིན་དུ་ཡང་སྦྱར། མིང་བསྡུས་པས་ནི་ཇི་ལྟ ་བུ་ཞེ་ན། བྱ་བ་ནི་དྲི་བ་སྟེ་ཚུལ་གཉིས་ཀྱིས་སྔར་གྱི་གས་གསང་བ་གསུམ་དུ་བཤད་པ་དེ་སྙིང་པོར་ཇི་ལྟར་བསྡུས་པ་དགྱེས་པ་རྡོ་རྗེ་ཇི་ལྟར་འདུས་པས་དྲོན་ཡང་ཇི་ལྟར་བསྡུས་ཤྭེ་ན་མིང་བསྡུས་པས ་ནི་ཇི་ལྟ་བུ་ཞེས་བྱ་སྟེ། དེ་ལ་དང་པོར་སྙིང་པོར་བསྡུས་པ་ཡང་སྟོན་པ་དང་བསྟན་པའི་ཚུལ་གྱིས་བསྡུས་ཏེ། སྟོན་པ་རྣམ་པར་སྣང་མཛད་ལ་སོགས་པ་ནི་སྐུ་རྡོ་རྗེ་ལ་སོགས་པ་དང་རིན་ཆེན་ཏེ། ཡོན་ཏན་རྡོ་རྗེ་འཕྲིན་ལས་རྡོ་རྗེ་སྟེ ་དེ་རྣམས་ཀུན་ལ་ཡང་སྐུ་རྡོ་རྗེ་ལ་སོགས་པ་དང་ལྡན་པ་ཡང་རྡོ་རྗེ་འཛིན་ཞེས་པས་བསྡུས་ཏེ་རྡོ་རྗེའི་བྱེ་བྲག་རྡོ་རྗེའི་ཆང་ཞེས་པས་བསྡུས་སོ།། སྟོན་པ་དོན་བསྡུས་པ་ནི་རྣམ་སྣང་ལ་སོགས་པ་སྐུ་རྡོ་རྗེ་ལ་སོགས་པ་ནི་ཡེ་ཤེས་ལྔ་ལ ་འཆད་དེ་དེ་ཡང་བྱང་ཆུབ་ཀྱི་སེམས་ལས་གཞན་ནི་མེད་པས་འདིས་འདུས་པའོ།། བསྟན་པ་མིང་བསྡུས་པ་གསང་བ་གསུམ་ཀྲྀ་ཡ་ཡོ་ག་ལ་སོགས་པ་གསུམ་པ་དང་ཏུ་བརྟགས་པ་དེ་གསང་བ་འདུས་པ་ཞེས་བྱ་བའི་མིང་བསྡུས་པའོ།། ་དོན་བསྡུས་པ་ནི་བྱ་བ་དང་སྤྱོད་པ་ལས་རྣམ་གྲངས་དུ་མ་བཤད་པ་ཡང་བྱང་ཆུབ་སེམས་ལས་མ་འདས་བསྡུས་པ་སྟེ་དེས་ན་དོན་དེ་ཁོ་ན་ཉིད་ལ་སྟོན་པ་དང་བསྟན་པ་དབྱེར་མེད་དོ།། དགྱེས་པའི་རྡོ་རྗེ་མིང་བསྡུས་པས་ནི་དོན་གྱི་སྟེ་སྟོན་པ་དང་བསྟན ་པ་བསྡུས་པའོ།། སྟོན་པ་མིང་བསྡུས་པ་ནི་སྒྲ་རྡོ་རྗེ་ལ་སོགས་པ་བཛྲའི་དྷྲྀ་ཀ་སྱེ་བཛྲའི་མིང་ཚུལ་གོང་མ་ལྷ་གྱུར་པས་བསྡུས་པའོ།། དོན་བསྡུས་པ་ནི་ཡེ་ཤེས་རྣམས་སེམས་སུ་བསྡུས་ལ་དེ་ཡང་ལྷན་སྐྱེས་བདེ་ཆེན་དུ་འདུས་སོ།། འོ་ན་སྔ་མ ་ལས་ཁྱད་པར་ཅི་ཡོད་ཅེ་ན། འདིར་ཁྲོ་བ་དང་ཆགས་པས་འདུལ་བའི་དོན་དུ་འམ། ཡང་ན་དེ་བཞིན་གཤེགས་པའི་སའི་སྐད་ཅིག་མ་གཉིས་ལ་སོགས་པ་ཡིན་ཏེ་གཞན་དོན་རྫོགས་པའོ།། སྔར་གྱི་ནི་དེ་ལྟར་མ་ཡིན་ནོ།། བསྟན་པ་མིང ་བསྡུས་པ་ནི་ཧེ་བཛྲ་གྱུར་པས་བསྡུས་ཀྱི་གསང་བ་དངོས་སུ་ནི་མ་ཡིན་ནོ།། དོན་བསྡུས་པ་ནི་ལྷན་སྐྱེས་གཏན་ལ་ཕབ་པ་འམ་སེམས་དཔའ་གསུམ་ནི་ཧེ་དང་བཛྲ་དང་གཉིས་བསྡུས་པར་སོ་སོར་གསལ་བར་བཤད་དོ།། སྔར་གྱི་སེམས་དཔའ ་གསུམ་གྱི་ཡོན་ཏན་ཀུན་ལྡན་པར་ཤེས་པར་བྱའོ།། སྟོན་པ་དང་བསྟན་པ་ཡང་འཁོར་མ་འོངས་པའི་གདུལ་བྱ་ལ་དགོངས་ནས་རྣམ་གཞག་ཐ་དད་དུ་བྱ་བའི་དོན་དེ་ཁོ་ན་ཉིད་ལ་ནི་ཁྱད་པར་མེད་དོ།། ཡང་ན་མིང་དྲུག་ཏུ་གོང་མ་བསྡུས ་ཏེ་ཧེ་ནི་བྱི་སེམས་ཅན་གྱི་དོ་ནི་སྡུག་བསྔལ་དམིག་སྟོ་ན་སྐྱེ་བའོ།། ཆེན་པོ་ནི་ནང་གི་ལྷན་ཅིག་སྐྱེས་པའི་རོས་ཕུལ་དུ་བྱུང་བའི་སྙིང་རྗེ་སྟེ་རང་དབང་མེད་པར་ཟག་པ་དང་བཅས་པར་རྣལ་འབྱོར་པ་ལ་ངང་གིས་སྐྱེ་བའོ།། ཧེ་ནི་སྙིང་རྗེ་ཆེན་པོ་སྠི། ཡེ ་ཤེས་ཆེན་པོའི་རང་བཞིན་བདེ་བ་ཆེན་པོ་ཐབས་ཀྱི་སྒོ་ནས་བསྡུས་པའོ།། བཛྲ་ནཱི་ཤེས་རབ་སྟེ། སྟོང་པ་ཉིད་རིག་པའི་ཤེས་རབ་ཆེན་པོའི་ལྟ་བས་བསྡུས་པའོ།། དབྱེར་མེད་ནི་བདག་ཉིད་ཀྱི་རྒྱུད་དེ་དམ་ཚིག་སྤྱོད་པས་བསྡུས་སོ།། དེ་ན་ཤེས ་རབ་ཀྱི་རིགས་པ་དང་ཐབས་ཀྱི་རིགས་པ་དང་དབྱེར་མེད་ཀྱི་རིགས་པས་དགྱེས་པའི་རྡོ་རྗེ་བསྟན་ཏོ།། མིང་བསྡུས་པའི་ཚུལ་ཡང་མིང་གིས་བསྡུས་པ་སྟེ། ཧེ་ནི་སྙིང་རྗེ་སྟེ་རྟག་ཏུ་དམ་ཚིག་སྤྱོད་པས་བསྡུས་སོ།། ཆེན་པོ་ཉིད་ཀྱི་ཡེ་ཤེས་ཆེན ་པོས་རོས་གང་བ་བསྡུས་པའོ།། བཛྲ་ཤེས་རབ་ཀྱིས་ནི་མི་ཕྱེད་པ་དང་སྲིད་པ་གསུམ་གཅིག་ཏུ་སྡུས་སོ།། ཐབས་དང་ཤེས་རབ་བདག་ཉིད་རྒྱུད་ནི་རང་བཞིན་པ་དང་བཏགས་པའོ།། རང་བཞིན་གྱི་རྒྱུད་ནི་རྒྱུན་ཏུ་རབ་ཏུ་གྲགས ་དེ་ཡང་རྣམ་པ་གསུམ་ཡིན་ཏེ། རྒྱུ་དང་ཐབས་དང་འབྲས་བུའོ།། དེ་ལ་རྒྱུའི་རྒྱུད་སེམས་ཅན་རང་འབྱུང་ཡེ་ཤེས་ངོ་བོར་གནས་པ། ཐབས་ཀྱི་རྒྱུད་སྔགས་དང་ཕྱག་རྒྱ་ལ་སོགས་པ། འབྲས་བུའི་རྒྱུད་དེ་ཉིད་མངོན་སུམ་དུ་གྱུར་པའོ།། བཏགས ་པ་ལ་ནི་འབྲེལ་པ་དང་མ་ཚང་བ་མེད་པ་དང་མ་འཁྲུགས་ཤིང་འབྲེལ་ནི་རྒྱུད་དེ། མངོན་རྟོགས་མ་འཁྲུགས་ལ་ཚིག་འབྲེལ་པ་ལྡན་པའོ།། དང་པོ་དང་དངོས་པོ་གནས་ལུགས་སྟོན་པ་དང་སྡུད་པ་པོའི་སྣང་བ་གཉིས་པ་ནི་སྒྲུབ་པ་པོ་དང་ཉན་པའི ་ཡིད་ཀྱི་ཤེས་པ་སྒྲ་སྤྱི་དང་དོན་སྤྱིར་བསྟན་པའོ།། དེ་ནི་ང་ཡིས་བཤད་ཀྱིས་ཉོན་ནི་སྔོན་བྱུང་དང་རྗེས་འཇུག་གཉིས་ཀར་སྦྱར་རོ།། དེ་ལྟར་རྗོད་བྱེད་སྟོན་པ་དང་བརྗོད་པར་བྱ་བའི་ཆོས་བསྟན་ནས། དེ་ནས་རྒྱུད་ཀྱི་དོན་བཤད་པར་བྱ་བའི་ཚུལ ་ཡང་གསུམ་སྟེ། གདུལ་བྱ་བྲོད་པོ་བསྐྱེད་པའི་ཕྱིར་དམིགས་པའི་ཡུལ་དང་ཉམས་སུ་བླང་བའི་ཐབས་དང་འབྲས་བུའོ།། དམིགས་པར་བྱ་བའི་ཡུལ་ལ་ཡང་གཉིས་ཏེ། བསྐྱེད་པ་དང་རྫོགས་པའི་རིམ་པའོ།། བསྐྱེད་པ་ལ་གཉིས་ཏེ། སོ་སོར ་དམིགས་པ་དང་། སྤྱིར་དམིགས་པའོ།། སྤྱིར་དམིགས་པ་ནི་ལྟ་སྟངས་དང་ཞེས་པ་ནས་རྣམ་མང་བརྗོད་པར་བྱ་བའི་བར་ཏེ་བརྡ་ནི་དམིགས་པ་སྟེ། དབུགས་དང་སྔགས་དང་ལྷའི་རྣལ་འབྱོར་རོ།། རེངས་པ་ལ་སོགས་པ་སྟེ། ལས་རྣམ་བཞིའོ།། འོ། ་ན་བདེ་ཆེན་ནི་རྫོགས་རིནྱ་ཡིན་ན། བསྐྱེད་རིམ་དུ་འཆད་པ་ཅིའི་ཕྱིར་ཞེ་ན། དེ་ནི་ལྷའི་རྣལ་འབྱོར་དང་ལྡན་པས་སོ།། ཇི་ལྟར་རིགས་པ་རྣལ་འབྱོར་མ་འོག་ནས་ལས་དང་སྔགས་དང་རྣལ་འབྱོར་སོ་སོར་འཆད་དོ།། དེ་ཡང་ཅིས་ཐོབ་ཅེ་ན། ་བསྐྱེད་དང་ཞེས་པ་ནི་ཚོགས་བསགས་པའོ།། གནས་དང་ཞེས་པ་ནི་རྟེན་གྱི་དཀྱིལ་འཁོར་རོ།། བྱེད་རྒྱུ་ནི་མངོན་པར་བྱང་ཆུབ་པ་ལྔའོ།། སོ་སོར་དམིགས་པ་རེངས་པ་ལ་སོགས་པ་ནི་ཇི་ལྟར་རིགས་པ་རྣལ་འབྱོར་རྣམས་ཀྱིས་སོ།། རྫོགས ་པབའི་རིམ་པའི་དམིགས་པ་ནི་གཞན་གྱི་དོན་བྱེད་པ་དང་རྣམ་ཤེས་ཡེ་ཤེས་སུ་གྲུབ་པ་དང་ལུས་ལྷ་རྣམས་སུ་སྣང་པོ་རང་ལོག་ཏུ་འགྱུར་བ་སྟེ། དེ་སྐད་དུ་མཚོན་བྱ་མཚོན་བྱེད་མཚན་ཉིད་ནི།། རྣམ་ཤེས་ཀྱིས་ནི་ཡེ་ཤེས་བསམ།། ཡེ ་ཤེས་ཀྱིས་ནི་ཤེས་བྱ་ལྟ།། ཤེས་བྱས་འགྲོ་བ་བརྟག་པར་བྱ་ཞེས་གསུངས་སོ།། དེ་ཉམས་སུ་བླུད་པའི་ཐབས་ནི་ལམ་གཉིས་ལས་གོ་རིམས་ངེས་པའི་རྒྱུ་མཚན་དང་། ཧེ་རུ་ཀ་ནི་ཞེས་ཚིག་རྐང་གཉིས་གསུངས་སོ།། བསྐྱེད་པའི ་རྒྱུ་ནི་གཉིས་ཏེ་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའོ།། དེ་ལ་དང་པོ་གཅིག་ནི་བསྐྱེད་པའི་རིམ་པ་སྟེ། སེམས་ཅན་ལས་ཀྱི་དྲང་པོ་ལ། ལས་རྣམས་ཐམས་ཅད་སྒྲུབ་པའི་ཕྱིར།། ལྷའི་རྣལ་འབྱོར་རིམ་པཞིག། རྒྱུད ་ལས་དང་པོར་གསུངས་པ་ཡིན་ཞེས་གསུངས་སོ།། དེ་ནས་བསྐྱེད་པའི་རིམ་པ་ལ་སྡུད་པ་པོ་ཐེ་ཚོམ་དུ་གྱུར་པ་ཁོང་ནས་དྲང་བ་ཡང་བསྐྱེད་རིམ་དངོས་པོས་མི་གྲོལ་ལོ་ཞེ་ན། དེའི་ལན་ཡོན་ཏན་གྱི་མིང་གིས་བོས་ཏེ། དངོས་པོ་ལ་སྒྲོལ ་བ་ཡང་ཡོད་འཆིང་བ་ཡང་ཡོད་དེ་ཤེས་པ་དང་མ་ཤེས་པའི་ཁྱད་པར་ཡིན་པའི་ཕྱིར་རོ།། འོ་ན་དངོས་པོ་མེད་པས་གྲོལ་ལམ་ཞེ་ན་དེ་ཡང་མ་ཡིན་ཏེ། ཤེས་བྱ་དང་མ་ཤེས་པའི་ཁྱད་པར་ཡིན་པའི་ཕྱིར་རོ།། ་དེས་ན་བསྐྱེད་པའི་རིམ་པ་ལ་ཐབས་དང་ཤེས་རབ་ཏུ་ཤེས་པ་དང་རྨི་ལམ་དང་སྒྱུ་མ་དང་དྲི་ཟའི་གྲོང་ཁྱེར་ལྟ་བུར་ཤེས་སྟེ་དེ་ལྟར་ཧེ་རུ་ཀ་བསྒོམ་བྱ་ཞེས་པའོ།། དེ་བཞིན་དུ་དངོས་པོ་མེད་པས་ཀྱང་འཆིང་བར་འགྱུར་ཏེ་གྲོལ་བར ་ཡང་འགྱུར་རོ།། དངོས་མེད་ལ་ཞེན་ན་ཆད་པའི་ལྟ་བ་སྟེ། མར་མེ་འབར་བ་ག་སང་རུང་གི། ཤི་ན་ཅི་ཡང་བྱ་རུ་མེད་གསུངས་པ་དང་ཡང་རྒྱུ་དང་འདྲ་བའི་འབྲས་བུ་ནི།། ཀུན་ཏུ་མཐོང་བ་མ་ཡིན་ནམ་ཞེས་བྱ་བ་དང་། ལྟ་བ་རྣམ ་པར་འོག་རྣམས་དང་།། བདག་ཏུ་ལྟ་བ་བཟློག་པའི་ཕྱིར།། སྟོང་པ་རྒྱལ་བ་རྣམསུ་གསུངས་ཞེས་པས་དངོས་པོ་སྒྱུ་མ་ཙམ་རང་སྣང་གི་སེམས་སུ་བྱ་སྟེ། དེ་ལྟར་ཧེ་རུ་ཀ་བསྒོམ་བྱའོ།། སྤྱིར་ཀུན་བརྟག་ཆོས་ལ་ལམ་དུ་བྱེད་པ་དང་། ་གཞན་དབང་ལུས་ལ་ལམ་དུ་བྱེད་པ་དང་། ཡོངས་གྲུབ་སེམས་ལ་ལམ་དུ་བྱེད་པའོ།། དེ་ཉིད་དམན་པ་དང་མ་ཆོག་གིས་ཤེས་པར་བྱ་སྟེ། ཀུན་བརྟགས་མེད་པ་ལ་ཡོད་པར་བློས་བཏགས་པ་དང་གཞན་དབང་དེའི་རྒྱུ་མཚན་རྟོགས ་པཔའི་ཤེས་པ། ཡོངས་གྲུབ་ཤེས་པ་དེ་ཉིད་གཟུང་འཛིན་དང་བྲལ་བ་སྟེ། དམན་པའི་རྣམ་པ་གསུམ་ཞེས་བྱའོ།། མཆོག་གི་གསུམ་ནི་སྤྱིར་ལྷའི་འཁོར་ལོ་རུ་བརྟགས་པ་ཀུན་བརྟགས། ལུས་རྩ་དང་འཁོར་ལོར་སྣང་བ་དེ་གཞན་དབང་། ་ཡེ་ཤེས་བདེ་བ་ཆེན་པོ་ཡོངས་སུ་གྲུབ་པའོ།། དེ་ལ་དང་པོ་ལ་གསུམ་སྟེ། ཀུན་བརྟགས་ཀྱི་ཀུན་བརྟགས་ས་བྱོན་དང་མཚན་མས་བསྐྱེད་པའི་རང་རྒྱུད་དུ་རྟོགས་པ་དང་གཞན་དབང་ཡེ་ཤེས་ཀྱིས་སྣང་བར་བྱས་པ་དང་ཡོངས་གྲུབ་བདེ་བ ་ཆེན་པོས་བྱིན་གྱིས་བརློབས་པའོ།། གཞན་དབང་གི་གསུམ་ནི་ཀུན་བརྟགས་ནི་རྩ་ཕལ་པ་འམ་འཁོར་ལོ་གསུམ་མོ།། རྩ་གསུམ་དང་རྩ་གཅིག་ནི་གཞན་དབང་གིས་དབང་ངོ་།། རྩ་ཨུ་བི་དྷཱུ་ཏཱི་འོ་མ་མཆོག་གི་དབང་པོ་ནི་གཞན ་དབང་གིས་ཡོངས་གྲུབ་པོ།། ཡང་ན་ཤེས་རབ་ཀྱི་རྩ་ཀུན་བརྟགས་ཐབས་ཀྱི་གཞན་དབང་དབྱེར་མེད་ཡོངས་གྲུབ་པོ།། དེ་རྣམས་ཀུན་རྫོབ་རྣམ་པར་བཞག་པའོ།། ཡང་བསྐྱེད་རིམྦ་དང་རྫོགས་རིམ་དང་། ཡོངས་སུ་རྫོགས ་པའི་རིམ་པའོ།། ཡོངས་གྲུབ་ཀྱི་ཀུན་བརྟགས་ནི་མཚོན་བྱ་ཀུན་རྫོབ། གཞན་དབང་གི་མཚོན་བྱ་དོན་དམ་ཡོངས་གྲུབ་ནི་དབྱེར་མེད་དོ།། ཡང་ན་སྟོང་པ་ཉིད་ཀུན་བརྟགས། རིག་པ་གསལ་བ་གཞན་དབང་། དེ་གཉིས་དབྱེར ་མེད་ཡོངས་སུ་གྲུབ་པོ།། དེ་རྣམས་ཉམ་སུ་བླ་བ་ནི། དེ་ཉིད་ངེས་པར་བྱ་སྟེ། ཆོས་ལ་ལམ་དུ་བྱེད་པ་བསྐྱེད་རིམ་ལྷའི་རྣལ་འབྱོར་སྒྲུབ་ཐབས་བཞིན་དུ་ལེའུ་བརྒྱད་པ་དང་ལེའུ་གསུམ་པ་དང་། བརྟགས་པ་ཕྱི་མའི་ལེའུ་ལྔ་པ ་ལྟར་བྱ་བ་དང་ལུས་ལ་ལམ་དུ་བྱེད་པ་དང་། གཞན་ལུས་དང་རང་ལུས་ཏེ། རྩ་དང་རླུང་དང་བྱང་ཆུབ་སེམས་གཟུང་བ་ལ་སོགས་པ་དགའ་བ་བཞི་བསྒོམ་པ་སྟེ་ལེའུ་དང་པོ་དང་བརྒྱད་པ་དང་བརྟག་པ་ཕྱི་མའི་ལེའུ་གཉིས་པ་དང ་ལྔ་པ་ལས་འབྱུང་བ་བསྒོམ་མོ།། སེམས་ལ་ལམ་དུ་བྱེད་པ་སེམས་ལ་བསླབ་པ་སྟེ། ཐབས་དུ་མས་བསླབ་པོ།། ལམ་གཉིས་ཏེ་བསྐྱེད་རིམ་མང་བར་བྱ་སྟེ། རྫོགས་རིམུ་ཉུང་ལྡན་སྒྲུབ་ཐབས་བཞིན་བསྒོམ་པ ་དང་རྫོགས་པའི་རིམ་པ་མང་ལྡན་བསྐྱེད་རིམ་ཉུང་ལྡན་ཏེ་མོས་པའི་རྣལ་འབྱོར་ལ་སོགས་པ་འམ་ཡན་ལག་བཞི་བསྒོམ་པའོ།། རྫོགས་པའི་རིམ་ལ་བཞི་སྟེ། ངོ་བོ་ཡེ་ཤེས་ཆེན་པོ་བསྟན་པ་དང་རྟེན་རྡོ་རྗེའི་ལུས་དང་ལྡན་པའི་ཆོས་སྡོམ ་པའི་དབྱེ་བ་དང་། ཉམས་སུ་ལེན་པོ་རླུང་ལ་བསླབ་པ་དང་གཏུམ་མོ་སྦར་བའོ།། ཡེ་ཤེས་ཆེན་པོའི་རང་བཞིན་ལ་ཤེས་པར་བྱ་བ་དང་། སྒོམ་པ་ཉམས་སུ་ལེན་པའོ།། བསླབ་པ་ཤེས་པར་བྱ་བ་ལ་གཉིས་ཏེ། དེ་ཁོ་ན་ཉིད་བཤད ་པ་དང་། རྣམ་པར་ཞག་པའི་ཆུ་དབྱེ་བའོ།། དེ་ཁོ་ན་ཉིད་ལ་གཉིས་ཏེ། ཡ་ཤྭེ་དང་ཆོས་ཉིད་ངོ་།། ཡིས་ལ་ཡང་གཉིས་ཏེ། ལུས་ལ་ཡེ་ཤེས་ཆེན་པོ་གནས་ཞེས་པ་རྟེན་བསྟན་པ་དང་། ལུས་གནས་ལུས་ལས་མཽ་སྐྱེས་པ་ཞེས་པ་ཚུལ་ལམ་མཚན་ཉིད ་རང་འབྱུང་ཡེ་ཤེསུ་བསྟན་པའོ།། ཆོས་ཉིད་ལ་གཉིས་ཏེ། དངོས་པོ་ཀུན་ལ་ཁྱབ་ཅེས་པས་རྟེན་བསྟན་པ་དང་། རྟོག་པ་ཐམས་ཅད་ཡང་དག་སྤངས་ཞེས་ཚུལ་ལམ་མཚན་ཉིད་འདུས་མ་བྱས་དེ་བཞིན་ཉིད་བསྟན་པའོ།། རྣམ་པར ་བཞག་པའི་ཆ་དབྱེ་བ་ལ་བཞི་སྟེ། ཚིག་དང་པོས་རྟེན་བསྟན་པ་དང་། གཉིས་པ་མཚན་ཉིད་དང་། གསུམ་པས་ཡོན་ཏན་དང་བཞི་པས་དེ་ཁོ་ན་ཉིད་ཀྱི་རང་བཞིན་སྐྱེ་མེད་དུ་བསྟན་པའོ།། བསྒོམ་པ་ཉམས་སུ་ལེན་པ་ལ་གཉིས་ཏེ། མངོན ་རྟོགས་ལམ་དུ་བྱས་པ་དང་། འབྲས་བུ་ལམ་དུ་བྱས་པའོ།། མངོན་རྟོགས་ལམ་དུ་བྱས་པ་ལ་གསུམ་སྟེ། ཆགས་ཅན་དང་ཆགས་བྲལ་དང་ཕྱག་རྒྱ་ཆེན་པོའོ།། དེ་ལ་ཆགས་ཅན་ནི་གཞན་ལུས་ཤེས་རབ་ལས་ཀྱི་ཕྱག་རྒྱ་ལ ་བརྟེན་པ་ཏེ། དེ་ཡང་ལུས་ལ་ཞེས་པ་ནི་མཚོན་བྱེད་དབྱེར་མེད་དུ་རང་རིག་ཉམས་སུ་མྱོང་བ་སྟེ། དེ་རྟོག་པ་རང་ཤུགསུ་གཅོད་ཅིང་མི་རྟོག་པོ་རང་རྣལ་ཏུ་འཇུག་པའོ།། དངོས་པོ་ཀུན་ལ་ཁྱབ་པ་པོ་ནི་མཚོན་བྱ་ལྷན་སྐྱེས་དོན་དམ ་བདེ་བ་ལ་མི་རྟོག་པ་དང་ཀུན་རྫོབ་ཞུ་བ་དང་། དབྱེར་མེད་རིང་ཡང་དག་པར་རིག་པའོ།། ལུས་གནས་ལུས་ལས་མ་སྐྱེས་ཞེས་པ་ནི་མཚོན་བྱ། ལྷན་སྐྱེས་ལ་འཇུག་ཚུལ་གསལ་བྱེད་གྱི་རྒྱུས་འཇུག་གི། སྐྱེད་བྱེད་ཀྱི་རྒྱུ་མ་ཡིན ་འདུས་བྱས་ཀྱི་སྐྱེད་པར་བྱེད་བའི་རྒྱུས་ནི་མུ་ཡིན་ནོ།། ཆགས་བྲལ་ནི་རང་ལུས་ཐབས་ལྡན་དམ་ཚིག་གི་ཕྱག་རྒྱ་དེ་ཡང་ལུས་ལ་ཞེས་པ་ནི་ལྟེ་བར་རྩ་གསུམ་འདུས་པ་གྲུ་གསུམ་སྐྱེ་གནས་སྨྲའོ།། ཡེ་ཤེས་ནི་དོན་དམ་མཚོན་བྱེད ་བདེ་བའོ།། གནས་ཞེས་པ་ནི་ཀུན་རྫོབ་མཚོན་བྱེད་ཞུ་བྱའོ།། ཡང་ན་ཡེ་ཤེས་བདེ་བའོ།། ཆེན་པོ་ནི་སྤྱི་བོ་བདེ་ཆེན་གྱི་གནས་སོ།། གནས་ཞེས་པ་ཞུ་བ་བདེ་བ་དང་བཅས་པ་འབབ་སྟེ། ལྟེ་བར་གནས་པའོ།། རྟོག་པ་ཐམས་ཅད ་ཡང་དགྲ་སྤངས་ཞེས་པ་ནི་མཚོན་བྱེད་དབྱེར་མེད་དོ།། རྟོག་པ་རང་ཤུགས་སུ་གཅོད་ཅིང་མི་རྟོག་པ་རང་རྣལ་ཏུ་འཇུག་པའོ།། དངོས་པོ་ཀུན་ལ་ཁྱབ་པ་པོ་ཞེས་པ་ནི་མཚོན་བྱ་ལྷན་སྐྱེས་དོན་དམ་བདེ་བ་ལ་མི་རྟོག་པ་དང་། ཀུན་རྫོབ་ཞུ་བ ་དང་དབྱེར་མེད་རང་རིག་པའོ།། ལུས་གནས་ལུས་ལས་མ་སྐྱེས་ཞེས་པ་ནི་མཚོན་བྱ་ལྷན་སྐྱེས་ལ་འཇུག་ཚུལ་གསལ་བྱེད་ཀྱི་རྒྱུ་ཡིན་ཏེ། སྐྱེད་བྱེད་ཀྱི་རྒྱུ་མ་ཡིན་ནོ།། ཕྱག་རྒྱ་ཆེན་པོ་ལ་གཉིས་ཏེ་ཆགས་བྲལ་ལྟ་བུ་དང་། ་ཚུགས་ཅན་ལྟ་བུའོ།། དེ་ལ་ཆགས་བྲལ་ལྟ་བུ་དེ་ཉིད་མཆོག་གི་རྣམ་འཕྲུལ་ནི། དེ་ཡང་དངོས་པོ་ཀུན་ལ་ཁྱབ་པོ་པོ་ཞེས་པ་ནི་དོན་སྐྱེ་མེད་ཀྱིས་ཁྱབ་པའོ།། ལུས་ལ་ཡེ་ཤེས་ཆེན་པོ་གནས་ཞེས་པ་ནི་ཤེས་བྱེད་ཀྱི་དོན་ཡང་དོན་དམ་པའི་ཡེ་ཤེས ་རྟོག་པ་ཐམས་ཅད་ཡང་དག་སྤངས་ཞེས་པ་ནི་བརྟེན་ཅིང་འབྲེལ་པར་འབྱུང་བ་སྐྱེ་མེད་དུ་གོ་བའོ།། ལུས་གནས་ལུས་ལས་མ་སྐྱེས་ཞེས་པ་ནི་ཤེས་བྱ་ཡེ་ཤེས་དེ་ཉིད་ཀྱང་སྐྱེ་མེད་དུ་གཅིག་པར་གྱུར་པའོ།། དེ་ལ་ཆགས་ཅན་ལྟ་བུ་ནི་གཉུག་མའི ་ལུས་ཏེ་དེ་ཡང་ལུས་ལ་ཞེས་པ་ནི་གཉུག་མ་དེ་ཉིད་ལའོ།། ཡེ་ཤེས་ཆེན་པོ་ནི་ཟུག་པ་མེད་པའི་ཡེ་ཤེས་སོ།། གནས་ཞེས་བྱ་ནི་ཞུ་བ་བསྡུས་པས་རྟག་པ་མི་འགྱུར་བར་གནས་པ་ཉིད་དོ།། རྟོག་པ་ཐམས་ཅད་ཡང་དག་སྤངས་ཞེས་པ་ནི ་ཕྱག་རྒྱ་ཆེན་པོ་མཚོན་བྱེད་རང་གི་སྟེ། རྟོག་པ་རང་ཤུགས་གཅོད་པ་དང་མི་རྟོགས་པ་རང་རྣལ་ཏུ་འཇུག་པའོ།། དངོས་པོ་ཀུན་ལ་ཁྱབ་ཅེས་པ་ནི་དབང་པོ་རང་སྣང་ལ་སྦྱར་བ་འམ། མཚོན་བྱ་ལྷན་སྐྱེས་སོ།། ལུསྭཱ་གནས་ལུས ་ལོས་མ་སྐྱེས་པ་ནི་གཉུག་མའི་ལུས་ལ་གནས་ཀྱང་ཐ་མལ་གྱི་ལུས་མ་སྐྱེས་པའོ།། གསལ་བྱེད་ཀྱི་རྒྱུ་ཡིན་གྱི་སྐྱེད་བྱེད་ཀྱི་རྒྱུ་མ་ཡིན་པའོ།། འབྲས་བུ་ལ་ལམ་དུ་བྱས་པ་ནི་སྐུ་བཞི་སྟེ། ཚིག་དང་པོ་ལོངས་སྐུའོ།། ཚིག་གཉིས་པ ་ཆོས་སྐུའོ།། གསུམ་པ་སྦྲུལ་སྐུའོ།། བཞི་པ་ནི་བདེ་བ་ཆེན་པོའི་སྐུའོ།། རྟེན་རྡོ་རྗེའི་ལུས་བསྟན་པ་ནི་ལུས་ལ་ཞེས་པ་ལ་སོགས་པ་སྟེ། རྡོ་རྗེའི་སྙིང་པོས་གསོལ་པ་ཞེས་པ་ཀྱེའི་རྡོ་རྗེའི་ལུས་ལ་རྩཝ་དུ་ལུགས་ཞེས་པ་ནི་དགྱེས་པའི་རྡོ་རྗེར ་འདེལ་ལོ།། ཀུན་བརྟགས་ཀྱི་ལུས་ལ་ཀུན་བརྟགས་ཀྱི་རྩ་དུ་མཆིས་པ་དང་། གཞན་དབང་གི་ལུས་ལ་གཞན་དབང་གི་རྩ་དུ་མཆིས་པ་དང་། ཡོངས་གྲུབ་ཀྱི་ལུས་ལ་ཡོངས་གྲུབ་ཀྱི་རྩེ་དུ་མཆིས་ཞེས་དགོངས་པའོ།། ལན་དུ་རྩཝ་སུམ ་ནུ་རྩ་གཉིས་ཏེ་སྤྱིར་ལན་བཏབ་སྟེ་ཀུནྡ་བརྟགས་ཀྱི་ལུས་ལ་རྩ་སུམ་ཅུ་རྒྱུ་གཉིས་གང་ཞེ་ན། མི་ཕྱེད་མ་དང་ཞེས་བྱ་བ་ལ་སོགས་པ་བྱང་ཆུབ་ཀྱི་སེམས་སུམ་ཅུ་རྩ་གཉིས་འབབ་པ་པོ་ཞེས་བྱ་བར་སྦྱར་ཏེ་རྣལ་འབྱོར་གྱི་ཀུན་རྫོབ་པོ།། ཀུན ་བརྟགས་ཀྱི་ལུས་ལ་ཡང་སྙམ་ཅུ་རྩ་གཉིས་ཏེ། ཡང་མི་ཕྱེད་མ་དང་ལ་སོགས་པ་སྟེ། ཁམས་དང་ཉོ་བའི་ཁམས་བསྐྱོད་པའོ།། དེ་ལ་རྣམ་པར་བཞག་པ་ནི་གྲངས་དང་ལུས་དང་སོ་སོའི་མཚན་ཉིད་དང་གནས་དང་། གཙོ་བོ་དང་། ཕུལ་བར ་དབྱེ་བའོ།། དེ་ལ་གྲངས་ནི་སུམ་ཅུ་རྩ་གཉིས་ཏེ། མི་ཕྱེད་མོ་དང་ཕྲ་གཟུགས་མ་ལ་སོགས་པའོ།། ལས་ནི་གྲངས་ངེས་པོའི་རྒྱུ་མཚན་ཏེ། བྱང་ཆུབ་ཀྱི་སེམས་འབབ་པའི་ཕྱིར་རོ།། སོ་སོའི་མཚན་ཉིད་ནི་ཐབས་དང་ཤེས་རབ་ལ་སོགས ་པའི་མཚན་ཉིད་འཛིན་པའོ།། གནས་ནི་གཡས་དང་གཡོན་ལ་སོགས་པའོ།། རྐྱང་མ་མི་བསྐྱོད་པ་འབབ་པ་སྟེ། སྐྱེས་པ་ལས་གཡོན་ན་གནས་ཏེ། མགྲིན་པར་གནས་པོ་ཤང་ལམ་དུ་སེལ་བའོ།། རོ་མ་དེ་བཞིན་ཁྲག་འབབ་ཅིང་། ་གཡས་ནཱ་གནས་ཏེ་ལྟེ་བ་ལས་མགྲིན་པར་སེལ་བའོ།། བུད་མེད་རྣམས་ལ་ནི་གོ་བཟློག་ལ་ཤེས་པར་བྱའོ།། ཡོངས་གྲུབ་ཀྱི་རྩ་སྙམ་ཅུ་རྩ་གཉིས་ཏེ་དེས་རང་བཞིན་ནི་སྲིད་གསུམ་ཡོངས་གྱུར་ནི་རྩཝ་འདི་གསུམ་དུ་གྱུར་པ ་སྟེ། དེ་གཟུང་བ་དང་། འཛིན་པ་རྣམ་པར་སྤངས་ཞེས་པ་ཆོས་ཐམས་ཅད་སྟོང་པར་ཤེས་པའོ།། ཡང་ན་ཐབས་ཐམས་ཅད་ཀྱི་དངོས་པོ་མཚན་ཉིད་དུ་ནི་བརྟག་ཞེས་པ་ཐབས་རྣམ་པ་སྣ་ཚོགས་སུ་སྣང་བའོ།། གཙོ་བོ་དང་ཕལ་པར་དབྱེ ་བ་ནི་གསུམ་དུ་བཞག་གོ།། དེ་ཡང་སེམས་ཅན་རེ་རེ་ལ་རྩ་བྱེ་བ་ཕྱེད་དང་བཅུ་དང་སྟོང་ཕྲག་བདུན་ཅུ་གཉིསུ་བསྡུས་ཏེ། དེ་ཡང་བརྒྱ་ཉི་ཤུར་བསྡུས་ཏེ། དེ་ཡང་སུམ་ཅུ་རྩ་གཉིས་སུ་བསྡུས་ཏེ། རྣལ་འབྱོར་མ་བཅོ་ལྔར་ཤེས་པར ་བྱའོ།། དེ་ཡང་རྩ་རྣམས་བྱེ་བ་ཕྱེད་དང་བཅུ།། ལུས་ཀྱི་ལྟེ་བའི་པདྨར་གནས།། འཁོར་ལོ་བཞི་ཡི་གྲངས་ཀྱིས་ནི།། བརྒྱ་དང་ཉི་ཤུ་ལྷག་མ་ཡིན།། བྱང་སེམས་སུམ་ཅུ་རྩ་གཉིས་ཀྱི།། རྩ་མཆོག་སུམ་ཅུ་རྩཝ་གཉིས་སོ་ཞེས་གསུངས ་སྔོ། དེ་ནི་རྣམ་པར་བཞག་པའོ།། རང་བཞིན་ནི་བཤད་པའི་ཚུལ་རྣམ་པར་སྦྱར་བ་སྟེ། བཤད་པའི་ཚུལ་སྦྱར་བ་ཡང་ཀུནྡ་ལ་ལྡན་པ་ཡིན་ཡང་།། བླ་མཱའི་མན་དྲུག་གིས་སྐབས་སྒོ་སོར་སྦྱར་བ་ནི། ལྗོན་ཤིང་གི་ཡལ་ག་ལྟ་བུར ་ཤེས་པར་བྱའོ།། དེ་ཡང་བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པའོ།། བསྐྱེད་པའི་རིམ་པ་ནི་སྲིད་གསུམ་ཡོངས་ཀྱིར་ཐམས་ཅད་ནི་ཞེས་པ་ནི་ཆོ་གའི་རིམ་པ་ཐ་མལ་གྱི་སྒོ་གསུམ་ཡོངས་སུ་གྱུར་པའོ།། གཟུང་དང ་འཛིན་པ་རྣམ་པར་སྤངས་ཞེས་པ་ནཱི་བདག་མེད་རྣལ་འབྱོར་ལྡན་པའོ།། ཡང་ན་ཐབས་ནི་ཐམས་ཅད་ཀྱི་ཞེས་པ་ནི་ཡང་ན་ཧེ་རུ་ཀ་དཔལ་མཚོན་པའོ།། དངོས་པོ་ནི་མཚན་ཉིད་དུ་ནི་བརྟགས་ཞེས་པ་ནི་ཕུང་པོ་ལ་སོགསྨྲ་པའི་ཆོས་ཀུན ་གཉིས་སྦྱར་བ་ལྔས་བྱུང་བགྱི་ལྷའི་འཁོར་ལོར་བརྡ་གྲོས་ཤིང་སྣང་བའོ།། དེ་ལ་རྫོགས་པའི་རིམ་པ་ཡང་གཞན་ལྷས་ཤེས་རབ་ལྔ་བརྟེན་པ་དང་། རང་སྨྲས་ཐབས་དང་ལྡན་པ་དང་དབྱེར་མེད་བྱུག་རྒྱ་ཆེན་པོའོ།། ཤེས་རགལ ་བརྟེན་པ་ཡང་སྲིད་གསུམ་ཡོངས་གྱུར་ཐམས་ཅད་ནི་ཞེས་པ་ནི་ཤེས་རབ་མྱའི་གསང་བའི་གནས་ཏེ་རྩ་གསུམ་ཡོངས་སུ་གྱུར་པའི་བྱ་རོག་གི་གདོང་ཅན་ནོ།། གཟུང་དང་འཛིན་པ་རྣམ་པར་སྤངས་ཞེས་པ་ནི་དེའི་ནང་ཁོང་སྟོང་གི་རྣམ ་པའོ།། ཡང་ནཱ་ནཱི་ཨ་ཐ་སྟེ་དེ་ནས་སོ།། ཐམས་ཅད་ནི་ལུས་ཐམས་ཅད་དོ།། ཐབས་ནི་རིན་པོ་ཆེ་ཟེ་འབྲུའི་བདེ་བ་གནས་པའི་ཐབས་སོ།། དངོས་པོའི་མཚན་ཉིད་དུ་ནི་བརྟགས་ཞེས་པ་ནི་དངོས་པོ་ཞུ་བ་དང་མཚན་ཉིད་བདེ་བ་ལྡན ་ཅིག་སྐྱེས་པའི་ངོ་བོ་བླ་མའི་མན་ངག་ནི་བསྒོམ་པས་བརྟགས་པའོ།། དེ་ལ་རང་ལུས་ཐབས་ཅད་དང་ལྡན་པ་ནི་སྲིད་པ་གསུམ་གྱི་རྩ་གསུམ་མོ།། ཡོངས་གྱུར་ནི་སྐྱེས་གནས་གྲུ་གསུམ་མོ།། ཐམས་ཅད་དེ་ལུས་ཀུནྡ་འདུས་པའོ།། ་གཟུང་ངོང་འཛིན་པ་རྣམ་པར་སྤངས་ཞེས་པ་ནི་ནང་ཁོང་སྟོང་ལྟ་བུ་འམ། ཡང་འོག་ན་གནས་པ་ཤེས་རབ་ཀྱི་རང་བཞིན་ཡིན་པས་སོ།། ཨ་ཐ་ནི་ཨ་ཀྲ་སྟེ་དེ་ལའོ།། ཐོབས་ནི་བདེ་བ་ཆེན་པོའི་གནས་སོ།། ཐམས་ཅད་ནི་ལུས་ཀུན ་ཞུ་བའོ།། དངོས་པོའི་མཚན་ཉིད་དུ་ནི་བརྟགས་ཞེས་པ་སྒྱུ་མ་ལྟར་ལྷན་ཅིག་སྐྱེས་པ་བསྒོམ་པའོ།། གཉིས་མེད་ཕྱག་རྒྱ་ཆེན་པོ་ལ་གཉིས་ཏེ། བརྟེན་པ་ཆོས་ལ་འཇུག་པ་དང་། རྟེན་ནང་ནས་འཇུག་པའོ།། བརྟུན ་པ་ཆོས་ལྔ་འཇུག་པ་ནི་ཤེས་རབ་དང་ཐབས་དབྱེར་མེད་པའོ།། དེ་ལ་ཤེས་རབ་ནི་སྲིད་གསུམ་སྟེ་ཁམས་གསུམ་མོ།། ཡོངས་གྱུར་ནཱི་གཎྜཱིག་དང་དུ་མ་དང་བྲལ་བའི་སྦྱོར་བས་རང་བཞིན་མེད་པས་ཐམས་ཅད་ཡོངས་སུ་གྱུར་པའོ།། དེ་ལ་ཤེས ་རབ་ཀྱི་ཇི་ལྟར་བལྟ་ཞེ་ན། དེ་ཕྱིར་གཟུང་དང་འཛིན་པ་རྣམ་པར་སྤངས་ཞེས་གསུངས་སོ།། དེ་ལ་ཐབས་ཀྱི་ཇི་ལྟར་བལྟ་ཞེ་ན། ཕ་རོལ་ཕྱིན་པའི་ཐེག་པ་ལྟར་གཅིག་དརིང་དུ་བྲལ་ལ་སོགས་པ་སྦྱོར་བ་ལ་མི་བལྟོས་པས་ཨ་ཐ་བ་སྟེ། རྣམ ་གྲངས་སམ་ཐབས་སྣང་བའི་བདག་ཉིད་ཕ་རོལ་ཏུ་ཕྱིན་པ་དང་། ཚད་མེད་པ་ལ་སོགས་པའི་དངོས་པོའི་མཚན་ཉིད་བརྟགས་པའོ།། ཡང་ན་སྲིད་གསུམ་ཡོངས་གྱུར་ཐམས་ཅད་ནི་ཞེས་པ་ལུས་ངག་ཡིད་གསུམ་གྱི་ཁམས་གཉུག་མའི་ཨ་པ ་དྷཱུ་ཏཱི་དེས་བསྡུས་པའོ།། གཟུང་དང་འཛིན་པ་རྣམ་པར་སྦྱངས་པ་ནི་དེར་སྐྱེས་པའི་ཡེ་ཤེས་ཀྱིས་རྟོག་པ་གཅོད་ཅིང་མི་རྟོག་པ་སྐྱེ་བའོ།། དེ་རྣམས་ལ་ཆོ་ག་ལ་བསྐང་བ་སྔ་མ་དང་འདྲའོ།། དེ་རྣམས་ཀྱིསུ་རྟགས་ནི་གསུམ་སྟེ། མི་འགྱུར་བ ་ནི་ལྟ་བའི་རྟགས་སོ།། དངོས་པོ་ཀུན་ལ་ཆགས་མེད་དྲོང་།། འཇིག་རྟེན་ཆོས་བརྒྱད་སྤངས་པ་ནི།། སྤྱོད་པའི་རྟགས་སུ་ཤེས་པར་བྱ་ཞེས་པའོ།། ཐབས་ནི་ཤེས་པ་ནི་བདེ་བའི་རོར་རང་སྣང་བས་མི་རྟོགས་པ་རང་རྣལ་དུ་འཇུག་པའོ།། ། ་ཐམས་ཅད་ཀྱི་ཞེས་པ་ནི་ཐབས་དང་ཤེས་རབ་དབྱེར་མེད་དོ།། དེ་ལྟ་བུའི་ཡེ་ཤེས་ཆེན་པོ་དེ་གང་དུ་གནས་ཤིང་རྟེན་ཞེ་ན། དེའི་ཕྱིར་དངོས་པོའི་མཚན་ཉིད་དུ་ནི་བརྟགས་ཞེས་པ་སྟེ། དངོས་པོ་ནི་བསྟན་དུ་མེད་ལ་ཐོགས་པ་མེད་པའི ་གཟུག་གཙུག་མའི་དབང་པོའོ།། མཚན་ཉིད་ནི་དེར་གནས་པའི་ཡེ་ཤེས་ཆེན་པོའོ།། དུ་ནི་བརྟག་ཞེས་པ་སྟེ་དབང་པོ་རང་སྣང་བ་དང་ཡེ་ཤེས་རང་འབར་བའི་མན་ངག་གོ།། སྡོམ་པའི་དབྱེ་བ་ལ་དོན་གཉིས་ཏེ། བྱ་ཤང་ཚུལ་སྦྱར་བ ་དང་རྟགས་པ་ཕྱི་མའི་རྒྱུ་མཚན་བཏུ་བྱའོ།། བཤད་ཚུལ་སྦྱར་བ་ལ་ཡང་དོན་གསུམ་སྐྱེ། ངེས་པའི་ཚིག་དང་བཤད་ཚུལ་དབྱེ་བ་དང་མངོན་པར་རྟོགས་པའོ།། ངེས་པའི་ཚིག་ལ་གསུམ་སྟེ། མང་བ་ཉུང་བར་སྡོམ་པ་དང་། ཕྱི་རོལ ་ལུས་ལ་སྡོམ་པོ་དང་། བདེ་བ་ཆེན་པོ་མཆོག་ཏུ་བསྟིམ་པའོ།། ཡང་གང་གིས་བསྡོམ་པ་དང་གང་དུ་སྡོམ་པ་དང་ཡང་དག་པོར་སྡོམ་པའོ།། དེ་ལ་མང་བ་ལ་ཉུང་བར་སྡོམ་པ་ནི་ཐབས་དང་ཤེས་རབ་ལ་སྡོམ་པ་དང་། ལུས་ངག་ཡིད ་གསུམ་སྡོམ་པའོ།། ཕྱི་རོལ་ལུས་ལ་སྡོམ་པ་ནི་འཁོར་ལོ་བཞི་ལ་སྡོམ་པའོ།། བདེ་བ་མཆོག་ཏུ་སྡོམ་པ་ནི་དགའ་བ་དང་སྐད་ཅིག་གི། བཤད་ཚུལ་དབྱེ་བ་ལ་གཉིས་ཏེ། བསྐྱེད་པ་ལྷར་སྦྱར་བ་དང་རྫོགས་རིམ་མོ།། བསྐྱེད་པ་ལྷ་ལ ་གཉིས་ཏེ། ལམ་ཆོ་གོ་དང་འབྲས་བུའི།། དེ་ལ་ལམ་ནི་ཨཱ་ལི་ཀཱ་ལི་ཡོངས་སུ་གྱུར་པ་ལས་ཟླ་བ་དང་ཉི་མའོ།། ཤེས་རབ་དང་ཐབས་སོ།། དེས་ནི་ཆོ་ག་ཀུན་བསྡུས་ཤིང་དབྱེ་བོས་སྡོམ་པའི་དབྱེ་བའོ།། འབྲས་བུ་ཡང་སྐུ་གསུམ་དང ་རྡོ་རྗེ་གསུམ་མོ།། དེ་ལྷ་ཀུན་གྱི་འབྲས་བུ་འདུས་པས་སྡོམ་པའི་དབྱེ་བའོ།། རྫོགས་པའི་རིམ་པ་ལ་གསུམ་སྟེ། གཞན་ལུས་ཤེས་རབ་ལ་བརྟེན་པ་དང་རང་ལུས་ཐབས་དང་ལྡན་པ་དང་དེ་ཁོ་ན་ཉིད་དང་སྦྱར་བའོ།། ་དེ་ཡང་གཞན་ལུས་ཤེས་རབ་ལ་སྦྱར་བ་ནི་ཨེ་བཾ་མཱ་ཡ་ལྷ་མོ་བཞི་སྟེ། དེ་ཉིད་ཕྱག་རྒྱ་བཞི་འམ་ལྷན་སྐྱེས་ལ་སོགས་པའི་རྣལ་འབྱོར་མ་བཞིའོ།། དེས་ན་བརྟེན་ཐམས་ཅད་དེར་འདུས་པུས་བསྒོམ་པའི་དབྱེ་བའོ།། རང་ལུས་ཐོབས ་དང་ལྡན་པ་འཁོར་ལོ་བཞིའི་འདབ་མའི་གྲངས་དྲང་རྣམ་པ་སྟེ། དེར་ལུས་ཀུན་འདུས་པས་སྡོམ་པའི་དབྱེ་བའོ།། དེ་ཁོ་ན་ཉིད་དང་སྦྱར་བ་ལ་ཡང་ཐུན་མོང་དང་ཁྱད་པར་རོ།། ཐུན་མོང་ནི་བདེན་པ་བཞི་དང་སྡེ་པ་བཞི་སྟེ་སྡེ་པ ་མཆོག་ཏུ་སྡོམ་པའོ།། ཁྱད་པར་ནི་མཆོག་མཱ་ཡིན་པ་སྟེ། དེ་ཡུང་མཆོག་ནི་སྐད་ཅིག་དང་དགེའ་བ་བཞིའི་བདེ་བ་མཆོག་ཏུ་སྡོམ་པའོ།། མཆོག་མ་ཡིན་པའི་ནི་དེ་ཁོ་ན་ཉིད་བཞི་བདེ་བ་མཆོག་ཏུ་སྡོམ་པས་སྡོམ་པའི་དབྱེ་བའོ།། ་རྟག་པ་ཕྱི་མེའི་ཚུལ་དུ་མཚོན་བསྟན་པ་ལ་གཉིས་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། སངས་རྒྱས་སོ།། དེ་ལ་ཡང་དགེ་བར་རྫོགས་པའི་སངས་རྒྱས་ནི་འཁོར་ལོ་བཞི་སྐུ་བཞིར་གྲུབ་པ་སྟེ། འབྲས་བུ་བཞི་དང་སྡེ་པོ་བཞི ་དང་། རྣམ་པར་བཞག་པའི་རྒྱུ་མཚན་གྱིས་སྡེ་པ་མཆོག་ཏུ་སྡོམ་པ་དང་། སངས་རྒྱས་ནི་ས་བཅུའི་བྱང་ཆུབ་སེམས་དཔའ་སྟེ། མིར་སྐྱེ་བ་དག་པའི་ཚུལ་གདོད་མ་ནས་སངས་རྒྱས་ཡིན་པས་བདེ་བ་མཆོག་ཏུ་སྡོམ་པས་སྡོམ་པའི ་དབྱེ་བའོ།། མངོན་པར་རྟོག་པ་ལ་གཉིས་ཏེ། རྣམ་པར་རྟོག་པའི་གཉེན་པོ་སྟེང་སྒྲོ་རླུང་ལ་བསླབ་པ་དང་། ཉོན་མོངས་པའི་གཉེན་པོར་བྱང་ཆུབ་སེམས་ལ་བསླབ་པའོ།། རླུང་ལ་གཉིས་ཏེ། ཤེས་པ་དང་གྲངས་ལྔ་བསླབ་པའོ།། ་དེ་ལ་ཤེས་པ་ནི་ཕྱི་དག་པར་ཤེས་པ་དང་ནང་དག་པར་ཤེས་པའོ།། དེ་ལ་ཕྱི་ནི་ནི་རྒྱལ་པོའི་ཕོ་བྲང་དང་དགེ་འདུན་གྱིས་གནས་དག་ན་དབྱུ་གུ་དང་ཆུ་ཚོད་ལ་སོགས་ཏེ་རླུང་དུ་སྦྱར་བའོ།། ནང་གི་ལྟེ་བ་སྤྲུལ་པའི་འཁོར་ལོ་ལ ་སོགས་པ་འདབ་མོའི་གྲངས་སྦྱར་བྱའོ།། དེ་དག་རྣམ་པར་དག་པའི་རང་བཞིན་དུ་ཤེས་ནས་རླུང་ཡ་བསྒོམ་པ་སྟེ། ཟླ་བ་ཉི་མ་ཨཱ་ལི་ཀཱ་ལི་ཉིན་མཚན་གཉིས་ལ་ཐུན་བཞི་བཞི་བརྒྱད་དུ་འབྱུང་ངོ་།། རེ་མོས་འབྱུང་བའི་འཕོ་བ ་ནི་ཐུན་ཕྱེད་ཕྱེད་ནས་ཏེ་བཅུ་དྲུག་གོ། དེ་རེ་རེ་ལ་ཡང་ཐབས་དང་ཤེས་རབ་ཀྱི་ཆུས་ཆུ་ཚོད་སུམ་ཅུ་རྩ་གཉིས་སོ།། ཡང་ཟླ་ཉི་གང་ཡང་རུང་བ་གཅིག་ལས་བྱུང་བ་བཞི་རིམ་གྱིས་འབྱུང་བས་དབྱུ་གུ་དྲུག་ཅུ་རྩ་བཞིའོ།། དེ་ལྟར ་རླུང་ལས་སུ་རུང་ནས་གྲངས་ཀྱི་རྩིས་ནི་གཞན་དུ་ཤེས་པར་བྱའོ།། བསླབ་པ་ནི་གྲངས་ལ་བཅུ་དང་བརྒྱའི་བར་དུ་བསླབ་པ་དང་། རླུང་ལྷན་ཅིག་སྐྱེས་པར་སྦྱོར་བའོ།། བྱང་ཆུབ་སེམས་ལ་བསླབ་པ་གཉིས་ཏེ། སྒྲའི་དབྱེ་བ ་དང་བཤད་ཚུལ་སྦྱར་བའོ།། དེ་ལ་སྒྲའི་དབྱེ་བ་གང་དུ་འཇོག་ན་ལྟེ་བར་སྟེ་གཉིས་པའི་དོན་ཏོ།། གང་འཛག་ན་རི་བོང་ཅན་ཏེ་དང་པོའི་དོན་ཏོ།། གང་ལས་འཇིག་ན་ཧཾ་ལས་ཏེ་ལྔ་པའི་དོན་ཏོ།། གང་གི་འཛག་ན་གཏུམ ་མོ་སྦར་བ་སྟེ། གསུམ་པའི་དོན་ཏོ།། གང་གི་ཕྱིར་འཛག་ན་དེ་བཞིན་གཤེགས་པ་ལ་སོགས་པ་བསྲེས་པའི་དོན་ཏེ་བཞི་པའི་དོན་ཏོ།། བཤད་པའི་ཚུལ་སྦྱར་བ་ལ་ཡང་གཉིས་ཏེ། བསྐྱེད་པའི་རིམ་པ་དང ་རྫོགས་པའི་རིམ་པའོ།། དེ་ལ་བསྐྱེད་པ་ལ་ཡང་ལྟེ་བར་ནི་སྣ་ཚོགས་པདྨོའོ།། གཏུམ་མོ་ནི་རང་གི་རིག་མའོ།། ཨཱ་ལཱི་ཟླ་བ་ཅན་རྡོ་རྗེ་སེམས་དཔའོ།། འབར་བ་ནི་དེ་གཉིས་རྗེས་སུ་ཆགས་པའོ།། དེ་བཞིན་གཤེགས་པ་ནི ་ཕུང་པོ་ལྔ་སྟེ། རྡོ་རྗེ་སེམས་དཔའ་ལ་ཡོད་པའོ།། སྤྱན་ལ་སོགས་པ་ནི་འབྱུང་བ་ལྔ་སྟེ་རིག་མ་ལ་ཡོད་པའོ།། བསྲེགས་པ་ནི་ཆགས་པས་ཞུ་བའོ།། རི་བོང་ཅན་ནི་ཁུ་བའི་མིང་གྲི་རྣམ་གྲངས་སོ།། འཛག་པ་ནི་ཐིག་ལེ་བཞི ་ཆད་པའོ།། ཧཾ་ནི་བསྒྱེལ་བའི་གླུའོ།། རྫོགས་པའི་རིམ་པ་ལ་གསུམ་སྟེ། གཞན་ལུས་ཤེས་རབ་ལ་བརྟེན་པ་དང་རུང་ལུས་ཐབས་དང་ལྡན་པ་དང་གཉིས་མེད་ཕྱག་རྒྱ་ཆེན་པོའོ།། དེ་ལ་ཤེས་རབུ་ལ་བརྟེན་པ་ལ་ཡང་ཙནྡྲ་ཡཱི ་ཉི་མ་ཨཱ་ལི་ནི་ཟླ་བའོ།། ལྟེ་བ་ནི་རིན་པོ་ཆེའི་ཟེ་འབྲུ་དང་བྱ་རོག་གི་གདོང་ཅན་ནོ།། འབར་བ་ནི་ཆགས་པས་བསྐྱེད་པའོ།། དེ་བཞིན་གཤེགས་པ་ལྔ་ནི་ལུས་ཅན་གྱི་བསྔོས་པས་བཅུད་ཀྱི་འཇིག་རྟེན་ནོ།། སྤྱན་ལ་སོགས་པ་ནི ་འབྱུང་བས་བསྡུས་པ་སྣོད་ཀྱི་འཇིག་རྟེན་ནོ།། བསྲེགས་པ་ནི་ཐ་མལ་བ་མི་དམིགས་པར་འཇུ་བར་བྱེད་པའོ།། རི་བོང་ཅན་ནི་ཞུ་བའོ།། ཧེ་ནི་བདེ་བ་ཆེན་པོའི་གནས་ལ་ཡོད་པའོ།། འཛག་པ་ནི་དེ་ལ་རྒྱུ་བའོ།། རང་ལུས་ཐབས་ཀྱི ་བསྒོམ་བུརྩ་དང་འཁོར་ལོར་གནས་པ་དེ་ཡང་ལྟེ་བར་ཨེ་ལུས་རླུང་དང་མེ་སྦར་འོད་ཟེར་ལངས་པས་དེ་བཞིན་གཤེགས་པ་ལྔ་བསྲེགས་ཏེ། རྣམ་པ་དང་དོན་དང་མིང་རྣམས་ཀྱང་བསྲེགས་པའོ།། མགྲིམ་པར་སྤྱན་ལ་སོགས་པ་ཡང་རྣམ་པཱ ་དང་། དོན་དང་མིང་རྣམས་བསྲེགས་ནས་སྨིན་ཕྱག་ནས་དེ་བཞིན་གཤེགས་པ་རྣམས་འོད་ཟེར་དུ་བཀུག་སྟེ་ཧཾ་ལས་ཐིམ་པས་ཆ་དང་ཆ་མད་དུ་སོང་ནས་སུམ་ཅུ་རྩ་གཉིས་མཐའ་བདེ་བ་འབྱུང་བ་དང་ཧཾ་ཞུ་ནས་རྐན་ལ་སོགས་པར་ཁྱད་པར་དེ་དྲིལ ་ཆེན་བུ་ག་ནས་བྱུང་ནས། དེ་ནས་མགྲིན་པར་སོང་སྟེ་ངལ་བསོས་རང་གི་ཡི་གེ་རྣམས་བསོས། སྙིང་གར་དབུགས་ཕྱུང་སྟེ་སྔ་མ་བཞིན་བྱས། ལྟེ་བའི་ཨི་དེ་སོས་ཀྱི་གླང་པོ་ཆད་པས་གདུངས་པ་ལ་བུམ་པཱ་བརྒྱ་ཡིས་ཁྲུས་གསོལ་བ་འམ། ་བཙུན་མོ་ཛྙཱནཱ་པོས་བརྒྱན་པ་འདོད་པས་གདུངས་པ་ལ་ཚིམ་པར་བྱས་པ་ལྟར་བདེ་བ་དང་དགའ་བར་འགྱུར་རོ།། གཉིས་མིང་ཕྱག་རྒྱ་ཆེན་པོ་ཡང་ཙ~ཾཎྜལཱི་ནི་སྨྱོས་པའི་རང་བཞིན་ལ་གཏུམ་པའོ།། ཨཱ་ན་ལི་ནི་མྱོ་རྟགས་ཏཱི་ཤེས་རབ་ལྟ་མ ་བླ་ནི་མེད་པའོ།། ལྟེ་བ་ནཱི་སའི་དཀྱིལ་འཁོར་སྤྲུལ་པའི་འཁོར་ལོ་དང་ནམཐའི་དཀྱིལ་བདེ་ཆེན་གྱི་འཁོར་ལོ་ལྟེ་བར་ཟུང་ཅིང་གནས་པའོ།། འབར་བ་ནི་མཆོག་དབང་པོ་དང་བ་འམ། ཡེ་ཤེས་རང་འབར་བའོ།། དེ་བཞིན་གཤེགས་པ ་ལྡེ་བསྲེགས་ནི་སེམས་ཡོངས་སུ་རྫོགས་པ་ཡེ་ཤེས་ལྔའི་རང་བཞིན་ཡང་དབྱེར་མེད་པས་བསྲེགས་ཏེ་བདེ་ཆེན་རྡོ་རྗེ་སེམས་དཔར་གྱུར་པའོ།། སྤྱན་ལ་སོགས་པ་ནི་ལུས་རྫོགས་པ་འབྱུང་བ་ལྔའོ།། བསྲེགས་པ་ནི་ཞུ་བའི་ཐིག་ལེར་དབྱེར་མེད ་པས་རྡོ་རྗེ་སེམས་དཔར་གྱུར་པའོ།། རི་བོང་ཅན་ནི་རྡོ་རྗེ་སེམས་དཔའ་ཉིད་ཀྱི་མིང་གི་རྣམ་གྲངས་སོ།། ཧཾ་ནི་བདེ་བ་ལྷན་ཅིག་སྐྱེས་པའི་རླུང་དང་བཅས་པའོ།། འཛག་པུ་ནཱི་ནུང་དུ་འབར་སྟེ་བདེ་གསལ་མྱི་རྟོག་པའོ།། ལེའུའི ་མཚན་ཡང་ཕྱོགས་རེ་རེ་ནས་རྟག་པ་ཕལ་ཆེར་ཡིན་འདིར་ནི་ཀུན་ལ་སྦྱར་ཏེ་དང་པོ་གླེང་གཞི་ཡང་པ་རི་ཝ་ཏ་ཞེས་བྱ་སྟེ། བརྗེ་བ་འམ་རྣམ་པར་འཕྲོག་པའོ།། དེས་ན་རྡོ་རྗེ་ནི་དགྱེས་པའི་རྡོ་རྗེའོ།། རིགས་ནི་འཁོར་ལ་སོགས་པའི་ཡན་ལག་གོ ་ལེའུ་ནི་སྟོན་པ་ལ་འཁོར་དུ་འཕྲོ་ཞིང་བརྗེ་བ་འམ། སྟོན་པ་ལ་སོགས་པ་རྣམས་པ་ཕྱེ་བའོ།། ཡང་ཞུས་པ་དང་ལན་གྱིས་ནི་རྡོ་རྗེ་སྟེ་སྙིང་རྗེ་རིགས་རྡོ་རྗེ་སྙིང་པོ་སྟེ་དེས་ན་རིགས་སོ།། ལེའུ་ནཱི་པ་ར་ཙྪེ་དུ་སྟེ་ཡོངས་སུ་གཅོད་ཅིང་བཏུབས་ནས་ཞུས ་ཏེ། བཅད་ཅིང་བཏུབས་ནས་ཏེ་ལན་བཏབ་ཕྱེ་སྟེ་བསྟན་པའོ།། ཡང་རྒྱུད་ཀྱི་ཚུལ་ཡང་དམིགས་པའི་ཡུལ་ལྟ་སྟངས་ལ་སོགས་པ་དངོས་གྲུབ་ཡིན་པས་རྡོ་རྗེའོ།། དེ་བསྒྲུབ་པའི་རྣལ་འབྱོར་པ་ནི་རིགས་སོ།། ལེའུ་ནི་པ་ཏ་ལ་སྟེ་སྐྱེ་བ་དང་། སྐྱོབ ་པས་གོས་དང་འདྲ་བར་འཚེ་བ་དང་ངོ་ཚ་སྐྱོབ་ཅིང་སྲུན་པས་དངོས་གྲུབ་ཀྱང་དེ་ལྟ་བུར་ཤེས་པར་བྱའོ།། ཡང་ཉམས་སུ་བླང་བའི་ཐབས་ཀྱང་རྡོ་རྗེ་རྫོགས་རིམ་མོ། རིགས་ནི་སྐྱེད་རིམ་མོ།། ལེའུ་ནི་རྣམ་པར་ཕྱེ་སྟེ་བསྟན་པའོ།། དང་པོ་ནི ་གཞན་ལ་ལྟོས་པ་འམ། པྲ་མ་ཐ་སྟེ་རབ་མཆོག་གི། ལེའུ་དང་པོའི་དོན་ཡི་གེར་བྲིས་པ་རྫོགས་སོ།། དེ་ནས་ཉམས་བླང་བའི་ཐབས་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་དང་གཉིས་སྡོམས་ཏེ་ལེའུ་ས་སོར ་སྟོན་ཏོ།། དེ་ལ་ལེའུ་གཉིས་པ་ནི་བསྐྱེད་པའི་རིམ་པའི་རྒྱུའོ།། གསུམ་པ་ནི་ངོ་བོའོ།། བཞི་པ་ནི་འབྲས་བུ་རྫོགས་པའོ།། ལྔ་པ་ནི་རྫོགས་པའི་རིམ་པའི་ལྷ་བསྒོམ་མོ།། དྲུག་པ་ནི་སྤྱོད་པའོ།། བདུན་པ་ནི་འབྲས་བུའི་ཡོན་ཏན་ན་མུ་དེའི་ཡན ་ལག་གོ།། བརྒྱད་པ་ནི་རིམ་པ་གཉིས་ཀའི་གཞི་ལམ་རྟེན་ནོ།། དགུ་པ་ནི་རིམ་པ་གཉིས་དག་པའི་ཚུལ་ལོ།། བཅུ་པ་ནི་རིམ་པ་གཉིས་དབང་ལམ་དུ་བྱེད་པས་རྒྱུད་ལ་སྐྱེ་བའོ།། དེ་དག་ནི་ལམ་ཉམས་བླང་བའི་ཐབས་སོ།། བཅུ ་གཅིག་པ་ནི་ཉམས་སུ་བླང་བའི་འབྲས་བུར་ཤེས་པར་བྱའོ།། དེ་ལ་སྔགས་ཀྱི་ལེའུ་བཤད་པར་བྱའོ་ཞེས་སྡུད་པས་མཚམས་སྦྱར་བ་ཡང་། སྔགས་ནཽ་མནྟ་སྟེ་མཾ་ཡིད་སྟེ། ཡིད་ཅན་འགྲོ་བ་ཀུནྡྷ་སྟེ་སྐྱོབ་པའོ།། ཇི་སྐད་དུ་མ་ནི ་ཡིད་ཅེས་བརྗོད་པ་སྟེ།། ཏྲ་དང་སྐྱོབ་པ་ཞེས་གསུངས་ཞེས་པའོ།། ཡང་ནེ་མཱ་མ་ནི་སྙིང་པོ་འམ་དེ་ཁོ་ན་ཉིད་ཏྲ་ཏ་སྟེ། བསྲུང་བ་འམོ་མི་འབྲལ་བའོ།། ཡང་ཨཱཾ་ཀཱ་རོའི་དོན་ལ་མོས་པར་བྱའོ་ཞེས་གསུངས་པའོ།། ནི་མ་མནྟ་སྟེ་སྤྱན ་འདྲེན་པར་བྱེད་པའོ།། ཡང་སྔགས་ནི་སྤྱན་འདྲེན་པར་གསུངས་པ་སྟེ། དཔེར་ན་སྐྱེས་ཆེན་འགལ་ཞིག་ལ།། ཚེ་ལ་མྱུར་བའི་སྒྲས་བོས་ནས།། ཐོས་པ་ཙམ་གྱིས་འོངས་པ་བཞིན།། མཁའ་འགྲོ་མ་དང་བཙུན་མོ་བཟང་། དེ ་རྣམས་སྔོན་དུ་ཕྱོགས་ཕྱིར་རོ།། ལེའུ་ནི་སྔ་མ་ལྟར་རོ།། འདིར་བསྐྱེད་པའི་རིམ་པའི་རྒྱུར་ཇི་ལྟར་འགྱུར་ཞེ་ན། དེ་ཡང་སྙིང་པོ་དང་ལྷའི་སྔགས་སོ།། དེ་ལ་སྙིང་པོ་ནི་བསྐྱེད་པའི་རིམ་པའི་རྒྱུའོ།། ལྷའི་སྔགས་ནི་གསལ་བར་བྱེད ་པའི་རྒྱུའོ།། ལས་ཀྱི་སྔགས་ནི་ནུས་པ་ཐོབ་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་སོམ་ཉི་མི་བྱའོ།། དང་ལ་གཏོར་མའི་སྔགས་བསྟན་པ་ཡང་གཏོར་མ་ནི་ལས་རྣམས་སྒྲུབ་པའི་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་རོ།། དེ ་ལ་ཨཽ་ཨཱ་ཀཱ་རོ་ནི་ཨ་ཥཱནྡྷ་སྭ་ཀ། ཨཽརྠ་ནི་དོན།། ཨུ་ཧ་བི་ག་ཏ་དོན་བྲལ་བའོ།། མ་མ~ཾ་ནི་སེམས་ཙཽམྱ། ཨ་ཨ་ཀཱར་ཎ་རྣམ་པ།། སུ་ཧ་བེ་ཀེ་ཏ་རྣམ་པ་དང་བྲལ་བ། མ་མ་ནུ་སེམས་ཙམཾ་སྟེ་རྣམ་པས་སྟོང་པའི་སེམས་ཙ་མོ་མོ།། ཡང ་ཨོཾ་ནི་ཨཾ་སྟི་བརྗོད་བྱའི་ཆོས་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་བརྗོད་བྱེད་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཐམས་ཅད་མ་སྐྱེས་པར་སྟོན་ཏོ།། དེ་ལྟར་ན་དེ་ཡང་ཨོཾ་ནི་ཁས་ལེན་པའོ།། སརྦ་དྷརྨཱ་ནཱི་ཆོས་ཅན་ནོ།། ཨ་ཀཱ ་རོ་མུ་ཁམ་ནི་ཨཱའོ་སྒྲོ་ཅན་དུ་དམ་བཅའ་བའོ།། ཨཱ་དྱ་ནཱཏྤ་ནྱཱ་ཏྱཱ་ཏ་ནི་ཐོག་མ་ཉིད་ནས་མ་སྐྱེས་པནྟི་ཕྱིར་ཏེ། གཏན་ཚིགས་སོ།། ཨོཾ་ཨཱཿཧཱུཾ་ནི་བྱིན་གྱིས་རློབ་པའོ།། ཕཊ་ནི་མྱི་མཐུན་པའི་གེགས་ཞི་བར་བྱེད་པའི་ཕྱིར་རོ།། སྭཱ་ཧཱ་ནི ་ཤེས་པར་གཞི་འཛུམས་པའོ།། འབྱུང་པོ་ཐམས་ཅད་ནི་འགྲོ་བ་ཀུན་ནོ།། གཏོར་མ་ནི་བ་ལི་སྟེ། ཚོགས་གཉིས་དང་ལྡན་པས་སྟོབས་སུ་འགྱུར་བའོ།། དེའི་སྔགས་སོ།། དེ་བཞིན་གཤེགས་པོ་རྣམས་ནི་རྣམ་པར་སྣང་མཛུད ་དང་སྣང་བ་མཐའ་ཡས་དང་རིན་ཆེན་འབྱུང་ལྡན་དང་། དོན་ཡོད་གྲུབ་པ་དང་མི་བསྐྱོད་པ་སྟེ་ས་བོན་གོ་རིམ་བཞིན་ནོ།། དེ་དག་ཀྱང་ཅི་ལ་དགོངས་ཤེ་ན། གཏུམ་མོ་སྦར་བས་ས་བོན་དང་དབང་བསྐུར་བའི་རིགས་ཀྱི་བདག་པོ་མཚན ་པ་འམ། ཧཱུཾ་གཅིག་བསྣན་ཏེ་ཧཱུཾ་གཉིས་ཀྱིས་རིགས་དྲུག་དུ་རྒྱལ་གྱིས་དུས་སུ་དགོས་པ་དང་། ཡི་གེ་དྲུག་གི་ཕྲ་མའི་རྣལ་འབྱོར་བསྟན་པ་དང་། བདུད་རྩི་མྱང་བའི་ས་བོན་དང་། འབུམ་ཚེ་ལྔ་བསྡུས་པའི་དོན་ཁོ་ནའོ།། དེ་ཝ་པཱི་ཙྱཻ ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱུ~ཾ། ཀྱེའི་རྡོ་རྗེའི་སྙིང་པོའོ།། ཉོན་མོངས་པ་དང་རྣམ་པར་རྟོག་པའི་ཟུང་རྔུ་ཞི་བས་དེ་པའོ།། རས་བལླ་ལྟར་འཇམ་པས་ན་པི་ཙྱཻའོ།། སྐུ་གསུང་ཐུགས་ཧཱུཾ་གྷ་སུམྦ་མོ།། ཐུགས་སྐུལ་བར་བྱེད་པས་ན་སྙིང་པོའོ།། ་ལྷན་ཅིག་སྐྱེས་པའི་རྟེན་ན་ཅན། འབྲས་བུ་བདེ་བ་ཆེན་པོའི་སྐུ་བསྐྱེད་པའོ།། སྔགས་ཐམས་ཅད་ཀྱི་རྐང་པ་ནི་ཞེས་བྱ་བ་ལ་སོགས་པ་དང་ནི་དགྱེས་པའི་རྡོ་རྗེའི་སྔགས་རྣམས་ལ་ཨཾ་ནི་དང་པོའོ།། ཧཱུཾ་ཕཊ་བར་དུའོ།། སྭཱ་ཧཱ་ཐ་མར ་བཞི་ཀཽ་གདུལ་བྱ་རྣམ་པ་གསུམ་དུ་ངེས་སྟེ། ཨོཾ་གྱིས་ནི་གདུལ་བྱ་ཞི་བའི་རྗེས་སུ་འཛིན་པའོ།། ཧཱུཾ་ཕཊ་ཀྱིས་ནི་མ་རུང་བ་ཚར་གཅོད་པའོ།། སྭཱ་ཧཱ་ནི་བར་པ་རྗེས་སུ་འཛིན་པའོ།། ཨ་ཀ་ཙ་ཊ་ཞེས་པ་ནི་གྲོང་ཁྱེར་དཀྲུག་པ ་སྟེ་ཕྱི་དང་ནང་གིའོ།། ཕྱིའི་ལུས་ཀྱི་གཙོ་བྱི་སྟེ། སྔོན་དུ་དགྱེས་པའི་རྡོ་རྗེའི་བསྙེན་པ་རྫོགས་ནས་ལས་ཀྱི་བསྟན་པ་བྱ་སྟེ། སྙིང་ག་པུདྨ་འདབ་མ་བརྒྱད་པའི་སྟེང་དུ་ཡིག་འབྲུ་བརྒྱད་པོ་བཀོད་ལ། འོད་ཟེར་སྤྲོ་བསྡུ་དང་བཅས་པས ་བཟློས་པར་བྱའོ།། སྒྲུབ་པོ་ནི་འོད་ཟེར་དེས་རྡོ་ཁབ་ལེན་གྱི་ཚུལ་དུ་གྲོང་ཁྱེར་བའི་ལུས་ངག་ཡིད་གསུམ་རྡོ་ཁའི་ལིན་གྱི་བླངས་པ་བཞིན་དུ་འདུས་པར་བསམ་ནིང་ཕུར་ཁྲོད་པ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་བཏགས་སོ།། ཊོ་བི་བ་ལྟ་བུའོ།། ན ་གི་སྙིང་གར་ཐིག་ལ་བརྒྱད་བསྒོམས་ལ། དེ་ལ་སེམས་ཟིན་པ་དང་ཕྱིའི་དབང་པོ་དྲུག་གི་གྲོང་ཁྱེར་རྣམས་འདུས་པའོ།། གཞན་གྱི་སྔགས་ཀྱིས་མི་གྲུབ་པོ་ཞེ་ན། དེའི་རྣལ་འབྱོར་མ་རྣམས་ཀྱིས་ཀྱང་ངོ་།། དེ་ལ ་གཉིས་ཏེ། རིམས་དང་ཅིག་ཅར་བཟླས་པའོ།། རིམས་ཀྱིས་པ་ནི། ཨོཾ་ཨཱ་ཨོཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་བདག་མེད་ལ་འབུམྦྷ་མོ།། དེ་བཞིན་དུ་དེ་ཉིད་གསུམ་གྱི་སྨེལ་ལ་ལྷ་མོ་ཀུན་ལ་ཁྲི་ཁྲིར་སྦྱར་རོ།། ཅིག་ཙཨཱརྱ་བ་ནི་ཨོཾ་ཨ་ནཱས་སྔགས་ཀུན ་ལ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་གཙོ་མོ་དང་འཁོར་ལ་གྲངས་སྔ་མ་བཞིན་ནོ།། ས་བོན་སྦྱོར་བ་ནི་འོག་ནས་འཆད་པའོ།། ཏྲཻ་ལོ་ཀྱཱ་ཀྵེ་པ་ནི་འཇིག་རྟེན་གསུམ་གཡོས་ཤིག་པའོ།། ཕྱག་གཉིས་པའི་དགའ་བའི་རྟེན་ཅན་ཆོས་ཀྱི་སྐུའོ།། གཞན ་སྔ་མ་བཞིན་ནོ།། ཛྭ་ལ་ཛྭ་ལ་ནི་དོན་དམ་པར་རྟོགས་པ་ལ་འབར་བའོ།། བྷྱོ་ནི་ཚིམ་པའོ།། ཕྱག་བཞི་པའི་ནི་མཆོག་དགེའི་རྟེན་ཅན་ལ་ལོངས་སྤྱོད་རྫོགས་པའི་སྐུའོ།། ཀི་ཊི་ཀཱི་ཊཾ་ཞེས་བྱ་བ་སྟེ་མི་མཐུན་པ་ཆོད་ཅིག་པའོ།། ཕྱག་དྲུག་པའི ་ནི་དགའ་བྲལ་གྱི་རྟེན་ཅན་སྤྲུལ་པའི་སྐུའོ།། ཨོཾ་ནི་ཨ་ཡིག་ཨུ་ཡིག་དང་ཧཾ་ཡིག་སྟེ་སྟོང་པ་ཉིད་དོ།། ཨ་ནི་མཚན་མ་མེད་པའོ།། ཧཱུཾ་ནི་སྣོད་པོ་མེད་པའོ།། བསྙེན་སྒྲུབ་ཀྱི་ལྷ་བསྐྱེད་པའི་དུས་སུ་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ ་དང་བཟའ་བཏུང་དང་བདུད་རྩི་བྱིན་གྱི་བརླབ་པའི་སྔགས་སོ།། ཨོཾ་རཀྵ་ཞེས་པ་ནི་ས་སྦྱང་བའི་དུས་ཏེ་གནས་སྐབས་རྣམ་པ་གསུམ་དུ་འགྱུར་ཏེ། བསྙེན་པའི་ས་བསྲུང་བ་དང་རྣལ་འབྱོར་གྱིས་ས་བསྲུང་བ་དང་། སྒྲུབ་པའི་ས་བསྲུང ་བའོ། ཨོཾ་ཧཱུཾ་སྭཱ་ཧཱ་རེངས་པ་སྔར་དགྱེས་པའི་རྡོ་རྗེ་དཔའ་བོ་གཅིག་པ་འམ་དཀྱིལ་འཁོར་གྱིས་བསྟེན་པ་ཡང་ན་འདི་རང་གི་བསྙེན་པ་སྔོན་དུ་སོང་བས་སྒྲུབ་པ་ནི་ཚེགས་བསགས་ནས་ར་བ་དང་། གུར་གྱི་ནང་དུ་རྡོ་རྗེ་ནམ་བཞི་འམ་ས་བོན་ཕྱག ་མཚན་ལས་རྡོ་རྗེ་རྣལ་འབྱོར་མ་བསྐྱེད་ལ། ཡེ་ཤེས་སེམས་དཔའ་དགུག་བྱིན་གྱིས་བརླབ།། དབང་བསྐུར་མཆོད་བསྟོད་བདུད་རྩི་མྱང་བ་བྱས་ལ་ཨོཾ་ཧཱུཾ་སྭཱ་ཧཱ་ཁྲི་བཟླས་ལ་སྒྲུབ་པ་ལས་སྦྱོར་ནི་ཆེ་གེ་མོ་སྟམ་བྷ་ཡ་ཀུ་རུ་མཾ་ཞེས་བཏགས ་ཤིང་ཏིང་ངེ་འཛིན་གྱིས་དོག་གམ་ལུས་རྡོ་རྗེ་འམ་དབང་ཆེན་ལ་སོགས་པས་མནནུ་པར་བསམ་མོ།། དེ་བཞིན་ཏེ་རྣལ་འབྱོར་མ་རེ་རྀ་དང་སྔགས་རྣམས་སྦྱར་རོ།། ཨ་ཕུཿཞེ་པ་ནས་མར་ཆར་དབབ་པ་སྟེ། འདིའི་དོན ་བསྙེན་པ་དང་ཉེ་བའི་བསྙེན་པ་དང་། སྒྲུབ་པ་དང་སྒྲུབ་པ་ཆེན་པོ་སྟེ། བསྙེན་པ་ནི་ཧེ་བཛྲའི་དཀྱིལ་འཁོར་གྱི་བསྙེན་པ་སྟེ་སློབ་དཔོན་གྱིས་ཞེས་སྦྱར་རོ།། ཉེ་བར་བསྙེན་པ་ནི་ཨོཾ་གུ་རུ་ཞེས་པ་ནས་ཧཱུཾ་ཕཊ་སྭཱ་ཧཱ་གོང་མ་ཆོ་སྦྱོར ་རོ། དེ་ལ་མཚན་མ་ཐོབ་པས་སྒྲུབ་པ་བྱ་སྟེ། རླུང་གི་ཕྱོགས་སུ་རྫིང་བུ་བྱས་ཞེས་པར་སྦྱར་ཏེ་དང་ལས་སྟ་གོན་བྱས་ཏེ་རྡུལ་ཆེན་བྲིས་ལ་ཙ་ཀ་ལྀ་དགོད་པ་དང་ཡང་བསྒོམ་པ་ཡང་ལྷ་མོ་ཚེ་སྦྲུལ་མནན་པ་གཙོ་བོས་མཐའ་ཡོས ་མནན་པ་དེ་ལ་དཀྱིལ་འཁོར་སྒྲུབས་པ་ལ་མཆོད་བསྟོད་བདུད་རྩི་མྱང་བ་བྱས་ནི་ཨ་ཕུའི་རྣམ་པོ་ཞེས་བྱ་བ་སྟ་གོན་དུས་སུ་གཟུགས་བརྙན་བྱས་པ་ཡང་མཐའ་ཡས་སུ་བསྐྱེད་ལ་རང་བཞིན་པ་བཀུག་པ་དེ་ལ་བསྟོད་པ་བྱས་བཟླས་པ་བྱས ་ལ་སྒྲུབ་པ་ཆེན་པོ་ནི་མཐའ་ཡས་དེར་བཞག་ཅེས་བྱ་སྟེ་མནན་པ་བྱས་ལ། ཨ་ནནྟ་ཁྲོ་བོ་ཞེས་སྔགས་དེདྲིས་གཟིར་རོ།། སྤོགས་པ་ནི་སྔགས་བཟློག་སྟེ་ཞེས་པ་ཡི་གེ་བཟློག་སྟེ་ཕཊ་ཅོས་མས་བཟློག་པའོ།། དེ ་བཞིན་དུ་བསྙེན་པ་དང་སྒྲུབ་པ་དང་སྒྲུབ་པ་ལསཱ་ལ་སྦྱར་བ་གོ་སླའོ།། ལྷ་དགྲས་པ་ལ་གཉིས་ཏེ་ཕྱི་དང་ནང་ངོ་།། ཚངས་པའི་ས་བྱོན་ནི་པ་ལ་ཤྲ་རྒྱ་སྐྱེགས་སོ།། རྒྱལ་ལ་སྒྲུབ་པ་ནི་སྐར་མ་རྒྱལ་གྱི་ཉིན་པར་རོ།། ཀུ་ཐཱ་རནྣིནྣ་ནི ་ཙ་སྟ་རིས་གཅོད་པའོ།། ཉི་མ་གཟས་ཟིན་པ་ནི་ཟླ་བོ་བདུན་བདུན་ལ་གླིང་འདི་འམ། གཞན་དུ་བཟའ་ཡིས་ཟིན་པའོ།། མི་བསྐྱོད་པ་བརྟག་ཅིང་བྱ་བ་ནི། དེའི་སྦྲུལ་ལ་ནི། དགྲ་སྟའི་གཟུགས་གཅིག་བྱས་ལ།། བཛྲི་ཀུཊྚི་རེ ་སྒྲུབ་པའི་དོན་དུ་ཁྲི་བཟླས་ཤིང་སྒྲུབ་པ་ལས་སྦྱར་གྱི་དུས་སུ་དེ་བདར་ལ་དཔྲལ་བར་ཐིག་ལེ་གཅིག་བྱས་ལ། ལྷ་གང་ལ་ཕྱག་བྱས་པ་དེ་འགས་ཞེས་པ་ནི་དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྷ་རྟེན་སྟ་རེ་དམིགས་ལ་ཕྱག་བཙལ་ལོ།། ་བསྙེན་པ་ནི་སྔ་མ་བཞིན་ནོ།། ནང་ནི་ཚངས་པའི་ས་བོན་ནི་བྱང་ཆུབ་ཀྱི་སེམས་སོ།། རྒྱལ་ལ་སྒྲིབ་པ་ནི་ལྷན་ཅིག་པའི་དུས་སོ།། ཀུ་ཐཱ་རིཙྪིནྡ་ནི་བྱང་ཆུབ་སེམས་ཀྱི་རིམ་འགྲོའོ།། མི་བསྐྱོད་པ་བརྟག་པ་ནི་བརྡུངས་པའོ།། ་ཉི་མ་གཟས་ཟིན་པ་ནི་རང་བྱུང་གི་མེ་ཏོག་གོ།། དགྲ་སྟ་ནི་གཅོད་པས་ན་དགྲ་སྟ་སྟེ་རྐང་པས་མནན་པ་དང་འདྲ་བ་སྟེ། འོག་ཏུ་འཇོམས་པའོ།། བཟླས་པ་ནི་ཡང་དང་ཡང་དུ་བསྒོམ་པ་སྟེ། ལྷ་གང་ལ་ཕྱག་བྱས་པ་ནི་དངོས་པོ ་གཟུགས་ལ་སོགས་པ་དངོས་པོ་ལ་ཞེན་པ་གང་ཡང་རུང་བ་ལ་འཇོམས་པའོ།། རྡོ་རྗེ་མ་དང་ཞེས་བྱ་བ་ལ་སོགས་པ་གོང་གི་རེངས་པ་ལ་སོགས་པའི་རྣལ་འབྱོར་རཱི་རེ་དང་ལྷ་དེ་སྦྱར་རོ།། བརྟུལ་ཞུགས་ཅན་ཞེས་པ་སྟེ་བསྐྱེད་པའི་རིམ་པ་ལ ་མཚན་མ་ཐོབ་པར་བྱའོ།། རྫོགས་པའི་རིམ་པ་ལ་རང་གི་ཉམས་ཐོབ་ནས་བགུ་ཚ་བ་མེད་པས་བྱའོ།། ལེའུ་གཉིས་པ་སྟེ། སྔ་མ་བཤད་པ་པ་ལྟར་ཅི་རིགས་པར་སྦྱར་རོ།། དེ་ནས་ལྷའི་ལེའུ་བཤད་པར་བྱ་ཞེས་པ་ནི་ལྷ་སྟེ། ལུས ་ལུས་ལས་བྱུང་བ་དང་། བདེ་བ་ལ་རོལ་པ་སྟེ་ལྷའོ་རྒྱུད་ཞི་བའི་དོན་གྱིས་ན་ལྷའོ།། དེའི་རིམ་པ་ཡང་གཉིས་ཏེ་ཕྱག་གཉིས་པ་ལྔ་བཤད་པ་དང་གཞན་ལ་སྦྱར་བའོ།། བཤད་པ་ལ་ཡང་གཉིས་ཏེ། དཔའ་བོ་གཅིག་པ་བསྐྱེད་པ ་དང་། དཀྱིལ་འཁོར་གྱི་འཁོར་ལོའོ།། དེ་ལྔ་དཔའ་བོ་གཅིག་པ་ནི། དེ་ལ་སྒྲུབ་པོ་ཕུན་སུམ་ཚོགས་པ་དང་ལྡན་པས་རང་གྲི་སྙིང་ག་ལ་སོགས་པ་ཚིགསུ་བཅད་པ་གཅིག་གིས་ས་བོན་གྱི་འོད་ཟེར་ལས་ཞེས་པ་ལ་སོགས་པ ་གནས་བསྲུང་བ་ནས་བརྩམས་ཏེ། བྱ་བའི་རིམ་པ་རྣམས་མཆོད་པ་བྱིན་གྱིས་བརླབ་པ་ཡན་ཆུད་སྔ་མ་ལྟར་བྱས་ལ་ན་མཁར་རྗེ་བཙུན་ལ་སོགས་པ་ཚིགས་སུ་བཅད་པ་ཕྱེད་དང་བཞིས་མཆོད་ནས་བཤགས་པ་ལ་སོགས་པ་ཡང་བྱ ་སྟེ། ཅིའི་ཕྱིར་ཚོགས་མ་བསགས་པར་ལྷ་མི་བསྒོམ་ཞེ་ན། རྒྱུ་དང་རྐྱེན་སྔོན་དུ་མ་སོང་བར་མི་འབྱུང་སྟེ། དཔེར་ན་མྱུ་གུ་བསྐྱེད་པ་ལ་ཉེར་ལེན་གྱི་རྒྱུ་ས་བོན་མྱུ་གུ་ལྷན་ཅིག་བྱེད་པའི་རྐྱེན་ཆུ་ལུང་དང་དྲོང་ཚད་མེད་པར་མི་འབྱུང་བ ་ལྟར།། རྒྱུ་བསོད་ནམས་ཀྱི་ཚོགས་དང་རྐྱེན་ཡེ་ཤེས་ཀྱི་ཚོགས་གཉིས་བསགས་དགོས་ཏེ། བསོད་ནམས་ཀྱི་ཚོགས་བསག་པ་ལ་ཡང་ཞིང་སྦྲུལ་དགོས་པས་དེ་ཡང་ལྤགས་བཞི་སྟེ། སྙིང་ག་ནས་སྤྲུལ ་བླ་ད་། བཀོད་པ་གསལ་པཱ་དང་། རང་བཞིན་དུ་གནས་པ་དང་། སྤྱན་དྲངས་པ་ལས་འདིར་སྤྱན་དྲང་བ་སྟེ། ཧེ་རུ་ཀ་ཕྱག་བཅུ་དྲུག་པ་ལ་ལྷ་མོ་བརྒྱད་ཀྱིས་བསྐོར་བ་གཅིག་གོ། དེ་ལ་མཆོད་པ་ཕྱི་ནང་གསུང་བཱ་དི་ཁ~ཾ་ནཱ ་ཉིད་ཀྱིས་མཆོད་དོ།། ཕྱི་ནི་སྤོས་དང་མེ་ཏོག་ལ་སོགས་པའོ།། ནང་གི་ལྷ་མོ་བརྒྱད་པོ་རྣམས་ཀྱིས་མཆེད།། དཀར་མོ་རི་དགས་མཚན་མ་འཛིན་ཅེས་པ་ནི་བྱང་ཆུབ་ཀྱི་སེམས་ཀྱིས་གང་བའི་ཐོད་པ་ལོག་པར་འཛིན་ཅེས་པ་ནི ་རྦད་ཀྱི་ཚིག་ཟོར་ཡང་དུ་བྱས་པའོ།། ལག་པ་ཞེས་བྱ་དང་། སྣོད་ཅེས་པ་དང་འཛིན་ཅེས་གྲོང་འོག་ཀུན་ལ་སྦྱར་རོ།། བདུད་ལས་རྒྱལ་བ་ནི་རང་བྱུང་གཱི་རཀྵ་ཚཱ་ནི་དྲི་ཆུའོ།། སྤྱན་ནི་དྲི་ཆེན་ནོ།། རྡོ་རྗེ་ཤྱ་ཆེན་ནོ།། རོ་ནི་སྦྲང ་མཚོན་པས་ཆང་ངོ་།། ཅང་ཏེ་ནཱི་ཕྱིའི་མཆོད་པའོ།། འདོད་ཆགས་ཆེན་པོ་རྗེས་ཆགས་ཞེས་པ་ནི་གསང་བའི་མཆོད་པ་སྟེ། འདོད་ཆགས་ཆེན་པོ་ནི་གཙོ་བོ་འམ། རྗེས་ཆགས་གཡུང་མོ་སྟེ། གཡུང་མོ་མགུལ་ནས་འཁྱུད་པ་ཉིད ་ཅེས་པ་ནི་མཆོད་བྱའི་ལྷ་མོ་རྣམས་གཙོ་བོ་ལ་བསྡུ། མཆོད་བྱེད་ཀྱི་ལྷ་མོ་རྣམས་གཡུང་མོ་ལ་བསྡུ་ལ། ཀུནྡུ་རུའི་རྗེས་སུ་ཆགས་པ་འམ་ཡང་ན་མཆོད་བྱེད་ཀྱི་ལྷ་མོ་རྣམས་རང་ལ་བསྡུ་ཞིང་གཡུང་མོས་རླུང་སེམས་མཚམས་ནས ་འབྱུང་བའི་ཚུལ་གྱིས་མཆོད་པའོ།། དེའི་དུས་སུ་བདེ་བའི་རོ་ཉམས་སུ་མྱོང་བ་ནི་དེ་ཁོ་ན་ཉིད་ཀྱི་མཆོད་པའོ།། དེའི་མདུན་དུ་བདུན་རྣམ་དག་བྱ་སྟེ། དེ་སྐད་དུ་བླ་མ་རྡོ་རྗེ་འཆང་མཆོད་ཅིང་།། བདུན་པ་ཡོངས་སུ་དག་པར་བྱ་ཞེས་གསུངས ་སོ།། དེ་ནས་དང་པོར་བྱམས་པ་ལ་སྩོགས་པ་ཚིགས་བཅད་པ་གཅིག་གིས་ཚོགས་བརྒྱུད་འདེབས་ཏེ། ཚིགས་གཉིས་ཀྱིས་བསྐྱེད་ནམས་ཀྱི་ཚོགས་ནུས་པ་དང་ལྡན་པར་བྱེད།། ཚིག་གཉིས་ཀྱིས་ཡེ་ཤེས་ཀྱི་ཚོགས་ནོས་པ་དང་ལྗོན ་པར་བྱེད་པའི་དགོས་པའོ།། ངེས་པའི་ཚིག་ནི་དམིགས་པ་ཚད་མེད་པས་སམ། འབྲས་བུ་ཚད་མེད་ཐོབ་པས་སོ།། དབྱེ་བ་གོ་རིམས་ངེས་པ་ནི་སྐྱེ་བའི་གོ་རིམས་སྟེ། བྱམས་པ་ནི་བརྩེ་བ་དང་ལྡན་པ་སྙིང་རྗེ་སྐྱེས་པས་དེ་བཞིན་དུ ་སྦྱར་རོ།། དམིགས་པའི་ཡུལ་ནི་བདེ་འགྲོ་དང་ངན་འགྲོ་དང་། ཉན་ཐོས་དང་རང་སངས་རྒྱས་དང་། སེམས་ཅན་ནས་སངས་རྒྱས་ཀྱི་བར་དུ་རིམ་པར་སྦྱོར་རོ།། བསྒོམ་པའི་ཐོབས་ནི་ཆེ་འབྲིང་རྣམ་པ་དགུ་རུ་ཕྱི་སྟེ། དང་པོ་བྱམས་པ ་སྐྱེས་པ་བཤེས་འབྲེལ་ལྟ་བུ་སྟེ། རང་གི་སྙིང་དུ་བཅུག་པ་གཅིག་པ་ལ་བྱམས་པ་སྐྱེ། དེ་བཞིན་དུ་གཉེན་རབ་འབྲིང་གསུམ་ལ་སྦྱར་རོ།། ཐ་མལ་པོ་རབ་འབྲིང་གསུམ་དང་དགྲ་རབ་འབྲིང་གསུམ་དུ་སེམས་ཅན་ཐམས་ཅད་ལ་བསྒོམ ་མོ། ཡང་དེ་བཞིན་དུ་སྡུག་བསྔལ་ཆེ་འབྲིང་དགུ་དང་ཟག་པ་མེད་པ་བླ་ན་མོང་པའི་བདེ་བར་རབ་འབྲིང་དགུ་རུ་གོང་མ་རྣམས་ལ་བསྒོམ་མོ།། བཏང་སྙོམས་ནི་དགའ་བའི་སྣོད་དུ་བསྒོམ་པ་འམ་ཡང་ན་དམིགས་པ་མེད་པར་བསྒོམ་མོ།། སྟོང ་པ་ཉིད་སྔགས་དང་བཅས་པ་ཡེ་ཤེས་ཀྱིས་ཚོགས་བསགས་ལ་དེ་ཡང་སྟོང་པའི་བྱང་ཆུབ་ཅེས་པས་གཟུང་ངོ་།། ཡེ་ཤེས་ཚོགས་ཀྱི་རྗེས་ལ་རང་མདུན་མེད་སྟོང་པ་ཞིག་ཅེ་ན། རང་གི་བློས་ཆོས་སྟོང་པར་བྱས ་པས་རུང་གི་ལུས་ཐ་མལ་པ་ལྟར་སྣང་བ་དེའི་འོ།། མདུན་དུ་རེ་ཕ་ཉི་མ་ལ་སོགས་པ་ཚིགསུ་བཅད་པ་གཉིས་ཀྱིས་རྟེན་བསྒྲུབ་སྟེ། རིམ་ལས་ཉི་མའི་དཀྱིལ་འཁོར་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ལ་ཛྙཱ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས ་པས་ཕྱོགས་སུ་ར་བ་སྟེང་དུ་གུར་བཅིང་བ་ཞེས་བྱ་སྟེ། འོག་ཀྱང་རྡོ་རྗེའི་ས་གཞིའོ།། ཆོས་ཀྱི་འབྱུང་གནས་ནི་སྒོམ་ན་ཡང་སྒོམ།། མ་བསྒོམ་ཀྱང་འགལ་བ་མེད་དོ།། དེའི་ནང་དུ་རེ་ཁཱ་བསྒོམ་མོ།། ད་ནི་རྟེན་ལྷ་བསྒོམ་པ་ནི་རྡོ་རྗེ ་རྣམ་བཞིས་བསྐྱེད། ཡང་ནི་སྐྱེ་ཡེ་ཤེས་ཀྱི་ཚོགས་ལ་བལྟོས་པའོ།། སྟོང་པ་སྟེ་ཆོས་ཉིད་དང་བྱང་ཆུབ་སྟེ་ཡེ་ཤེས་སོ།། དེ་ནས་གཉིས་པ་ལ་ས་བོན་བསྡུ་བ་ནི་ཧཱུཾ་ལས་བྱུང་བའོ།། གསུམ་པ་ལ་གཟུགས་བརྙན་རྫོགས་པ་ནི། རྡོ་རྗེ་ནི ་ཁ་དོག་ནག་པོ་འཇིགས་པ་ཆེན་པོ། བཞི་པ་ལ་ནི་ཡིག་འབྲུ་དགོད་པ་ནི་རྡོ་རྗེའི་ལྟེ་བའི་དབུས་གནས་པར། ཡང་ནི་ཧཱུཾ་གི་དེ་ཉིད་བསྒོམ།། དེ་ལས་ཅིར་འགྱུར་ཞེ་ན། ཧཱུཾ་གི་རྣམ་པར་གྱུར་པ་ལ་སོགས་པ་ཚིགསུ་བཅད་པ་ཕྱེད་དང ་གཉིས་སོ།། སེམས་དཔའ་སུམ་རྩེགས་བསྒོམ། རང་འདྲ་བའི་ཡེ་ཤེས་པ་དགུག། སྐྱེ་བོ་བྱིན་གྱིས་བརླབས་པ་མོས་ཚུལ་ལམ་བསྐྱེད་པའི་ཚུལ་གང་རུང་བྱའོ།། དབང་བསྐུར་བ་ནས་མཆོད་བསྟོད་བདུད་རྩི་མྱང་བ་བྱས་ལོ།། རྫོགས་པའི ་རིམ་པ་ཅུང་ཟད་བསྒོམ། སྔགས་ཀྱི་བཟླས་པ་བྱ། གཏོར་མ་དང་ཡེ་ཤེས་པ་གཤེགས་སུ་གསོལ།། དམ་ཚིག་པ་བསྡུས་ལ་སྤྱོད་ལམ་བྱའོ།། དེ་བཞིན་དུ་ཐུན་བཞིའི་རིམ་པ་བསྒོམ་མོ།། དཀྱིལ་འཁོར་གྱི་འཁོར་ལོ་སྣ་ཚོགས་དང་རྟེན ་བསྒྲུབ་པ་ནི་སྔ་མ་ལྟར་རོ།། རྟེན་ལ་ཁྱད་པར་འདི་ཡོད་དེ།། གུར་བཅིང་བ་ཡང་རྣམ་པར་བསྒོམ་གྱི་ཚོགས་སུ་བཅད་པ་དང་པོས་ནང་ཆོས་འབྱུང་ལེའུ་བརྒྱད་པ་འཁོར་ལོ་སྔོན་དུ་ཅི་རིགས་པ་ལ་སོགས་པས་གཞལ་ཡས་ཁང ་བསྒྲིམས་ལ། དེ་ཡང་ཁྱད་པར་འདྲི་ཡིན་ཏེ། འཕར་མ་གཅིག་པའོ།། དེ་ནས་ཨཱ་ལི་ཟླ་བ་ཀཱ་ལི་ཉི་མ་ལ་སོགས་པ་ཚིག་སུ་བཅད་པ་གཉིས་ཀྱིས་ཆོ་ག་བསྟན་པ་ནི། ཨཱ་ལི་ལས་ཟླ་བུ་བསྒོམ་པ་ནི་མཱ་ལོང་ལྟ་བུའི་ཡེ་ཤེས་ལས ་མངོན་པར་བྱང་ཆུབ་པའོ།། ཀཱ་ལི་ལས་ཉི་མ་བསྒོམ་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ལས་མངོན་པར་བྱང་ཆུབ་པའོ།། ས་བྱོན་ནང་དུ་སོན་གྱུར་པ།། དེ་ཉིད་སེམས་དཔའ་ཞེས་བྱར་བརྗོད། ཅེས་པ་ནི་ཧཱུཾ་ལུས་རྡོ་རྗེར་གྱུར་པ་ནི་སོ་སོར ་རྟོག་པའི་ཡེ་ཤེས་ལས་མངོན་པར་བྱང་ཆུབ་པའོ།། ན་མཁའི་དཀྱིལ་འཁོར་ཁྱབ་པར་ནི།། རང་གི་ལུས་མཚུངས་རྣམ་པར་སྤྲོ།། བསྡུས་ནས་སྙིང་གྲཝར་བཀུགས་པ་ན།། བྱཱ་བ་ནཱ་ན~ཾ་ཏན་གྱི་ཡེ་ཤེས་ལས་མངོན་པར་བྱང་ཆུབ་པའོ།། ་རང་གི་ལུས་མཚུངས་རྣམ་པར་སྤྲོ་བ་ནི་དོན་དེ་བཞིན་གཤེགས་པ་ཡིན་ཡང་རྣམ་པ་ལྷ་མོར་སྤྲོས་སྟེ། སྙིང་གར་བཀུག་ཅེས་པ་ནི་ཧྲྀ་ད་ཡ་སྙིང་པོ་ནི། རྡོ་རྗེའི་ལྟེ་བ་ལ་བསྔོ་བའོ།། དེ་རྣམས་ཡོངས་སུ་གྱུར་པ་ནི་བྱ་བོ་ནན་ཏན་གྱི་ཡེ ་ཤེས་ལས་མངོན་པར་བྱང་ཆུབ་པའོ།། ཡོ་གའི་ཞེ་སྡང་བདག་ཉིད་གྱུར་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས་མངོན་པར་བྱང་ཆུབ་པའོ།། འདིར་ནི་ལུགས་གཉིས་ཏེ། སྔོ་དང་ཉི་མ་མཚུངས་པ་ལ་སོགས ་པ་གཙོ་བོ་བསྟན་པ་འམ། ཡང་ན་རྒྱུའི་རྡོ་རྗེ་འཆང་དཀར་པོར་བསྐྱེད་དེ། དེ་ནས་ཤིང་འབྲས་འཆོས་པའི་ཚུལ་དུ་ནག་པོར་གྱུར་པའོ།། རྣལ་འབྱོར་མ་ལ་སོགས་པས་འཁོར་བསྟན་ཏེ། དེ་དགེ་གང་གིས་བསྐྱེད་ཅེ་ན་ཧཱུཾ་གི་ཡི་གེ ་འདོན་པའི་བདག་ཅེས་སྨོས་ཏེ། དེ་ལ་ཡང་ཚུལ་གཉིས་ཏེ། ཡུམ་ཡོད་པ་དང་མེད་པའོ།། ཡུམ་མེད་ན་སྙིང་གའི་ཧཱུཾ་ལས་ཡི་གེ་འབྲུ་སྨོས་ཏེ། འཁོར་རྣམས་རྗེ་སུ་མཐུན་པའི་མངོན་པར་བྱང་ཆུབ་པ་ལྔས་སེམས་བསྐྱེད་དེ ་ཡུམ་ཡོད་ན་རྗེས་སུ་ཆགས་པ་ཞུ་བ་ལས་རྒྱུའི་རྡོ་རྗེ་འཆང་བཞེངས་ནས་བསྲུབ་དང་བསྲུབ་པའི་སྦྱོར་བ་ལས་འཁོར་མངལ་སྐྱེས་ཀྱི་ཚུལ་དུ་རྗེས་སུ་མཐུན་པའི་མངོན་པར་བྱང་ཆུབ་པ་ལྔས་བསྐྱེད་དེ། སྡེ་མ་ལྟར་ན་ཧཱུཾ་གིགྲི་ཡི ་གེ་ལས་འདོན་པའི་བདག་ཅེས་བརྗོད་དོ།། ཕྱི་མ་ལྟར་ན་ཧཱུཾ་གི་ཡི་གེ་སྒྲོག་པའི་བདག་ཅེས་བརྗོད་དོ།། ཡུམ་ནི་མན་ངག་གི་བདུག་མེད་ལ་བཞེད་དོ།། དེ་ལ་སེམས་དཔའ་སུམ་བརྩེགསྡེ་བསྒོམ། ཡེ་ཤེས་ཀྱི་འཁོར་ལོ ་དགུག་གཞུག་བྱ། སྐྱེ་མཆེད་བྱིན་གྱིས་བརླབ་པ་དང་སྐུ་གསུང་ཐུགས་ཀྱི་བྱིན་གྱི་བརླབ་དང་། དབང་བསྐུར་བ་དང་མཆོད་པ་དང་སྟོང་པ་དང་བདུད་རྩི་མྱང་བའི་བར་དུ་བྱའོ།། རྫོགས་པའི་རིམ་པ་ཡང་ཅུང་ཟད་བསྒོམ་སྟེ། དག་པ ་རྗེས་སུ་དྲན་པ་བྱ། སྡུག་བཟླས་གཏོར་མ་གཏང་། ཡེ་ཤེས་པ་གཤེགས་སུ་གསོལ། དམུ་ཚིག་པ་རང་ལ་བསྡུ་སྤྱོད་ལམ་བྱ། ཐུན་བཞིའི་རིམ་པས་དེ་བཞིན་དུ་བསྒོམ། དུརརྱ་ཁྲོད་དུ་ནི་མགོན་པོ་རོལ་ཞེས་པ་ནི། གང་གི་ཕྱིར་དུར་ཁྲོད ་བྱ་ཞེ་ན། དབུགས་རྒྱུ་ཞེས་པའི་རིམ་པ་ཡིས། རོ་ཞེས་མངོན་པར་བརྗོད་པར་བྱའོ།། རོ་གནས་པའི་རིགས་པ་སྟེ། སྔོར་གྱི་རོ་ཆོས་ཀྱི་དབྱིངས་ལ་གནས་པ་དེ་དུར་ཁྲོད་དོ།། འདྲིས་ནི་ཁམས་གསུམ་པ་བདག་མེ་པ་ཡང ་མཚོན་ཏོ།། སྤྱིར་མགོན་པོ་རོལ་པ་ནི་གསུམ་སྟེ། ཐབས་ཀྱིས་རོལ་པ་དང་ཤེས་རབ་ཀྱིས་རོལ་པ་དང་དབྱེར་མེད་པའི་རོལ་པའོ།། ཐོབས་ནི་ཆོས་ཀྱི་འབྱུང་གནས་སོ།། ཤེས་རབ་ནི་ཏཱར་ཁྲོད་དེ་རོའོ།། དབྱེར་མེད་ནི ་རྟེན་དང་རྟེན་པའི་དཀྱིལ་འཁོར་རོ།། གཞན་ལ་སྦྱར་བ་ནི་ཕྱག་བཞི་པ་དང་དྲུག་པ་སྟེ། དེ་ལ་ཡང་གཉིས་ཏེ། དཔའ་བོ་གཅིག་པ་དང་དཀྱིལ་འཁོར་གྱི་འཁོར་ལོའོ།། དཔའ་བོ་གཅིག་པ་ནི་རྡོ་རྗེ་རྣམ་བཞིས་བསྐྱེད་དོ།། ་ཕྱག་བཞི་པ་ནི་བདུད་བཞི་ལས་རྒྱལ་བ་ཞེས་སྦྱར་ཏོ། གཞོན་ཐམས་ཅད་སྔ་མ་དང་འདྲའོ་དཀྱིལ་འཁོར་གྱི་འཁོར་ལོ་ནི་མངོན་པར་བྱང་ཆུབ་པ་ལྔ་ཡིས་རྡོ་རྗེ་འཆང་བསྐྱེད།། རྗེས་སུ་ཆགས་པས་ཞུ་འཁོར་བསྐྱེད་པ་སྔ་མ ་དོངོང་འདྲའོ།། ཕྱག་དྲུག་པ་ཡང་དེ་དང་འདྲའོ།། ཁམས་གསུམ་གྱིས་རོ་མནན་པ་ཞེས་པ་ནི་ཁམས་གསུམ་ཀུན་ཏུ་བརྟགས་པ་སྟེ། མ་གྲུབ་པ་མཚོན། དཀྱིལ་འཁོར་གྱི་འཁོར་ལོ་ནི་གཞན་གྱི་དབང་སྟེ། ཀུན་བརྟགས་སྤོང ་བའོ།། འདིས་ནི་ཆོས་ཀྱི་དབྱིངས་དང་དུར་ཁྲོད་ཀྱི་གོང་གི་ཡང་མཚོན་པ་དེ་སྔ་མ་བཞིན་ནོ།། ལེའུ་གསུམ་པའོ།། ། ལྷ་དབང་བསྐུར་བའི་ལེའུ་བཤད་པར་བྱ་ཞེས་པ་ནི། དང་པོ་ཡིན ་ཡང་གཉིས་པར་ཤེས་པར་བྱ་སྟེ་ལྷ་རྣམས་ལ་ཞེས་བདུན་པར་སྦྱར་བ་དང་། ལྷ་རྣམས་ཀྱི་ཕྱིར་བཞི་པ་སྦྱར་བ་དང་། ལྷ་རྣམས་ཀྱིས་ཞེས་གསུངས་པར་ཡང་སྦྱར་རོ།། དཔུང་བསྐུར་བ་ནི་ཨུ་བྷི་ཥོཉྩ་ཨུ་བི་ཥེ་ཀ་ཏེ། དྲི་མ ་འཁྲུད་པ་འམ་ནུས་པ་འཇོག་པོས་ན་དབང་ངོ་།། རང་གི་སྙིང་གར་ཞེས་པ་ནི་ཕྱག་གཉིས་པ་ལ་སོགས་པ་སྔ་མོ་ལྟར་བསྐྱེད་པ་ལ་ཡེ་ཤེས་ཀྱི་འཁོར་ལོ་དང་དེ་གཅིག་ཏུ་བྱས་ནས་གཙོ་བོའི་སྙིང་གར་རོ།། ས་བོན་བསམ་ཞེས་པ་ནི ་ཧཱུཾ་ངམ་ཨཾ་ངོ་།། དེའི་འོད་ཟེར་ལྕགས་ཀྱུའི་རྣམ་པའི་གཟུགས་ཤེས་པ་ནི་ཁོ་དོག་དང་དབྱིབས་ཀྱི་རྣམ་པའོ།། དགོག་པའི་ཡོན་ཏན་དང་ལྡན་པས་སོ།། དེས་ཙོ་བྱེད་ཅེ་ན་ཁམས་གསུམ་དུ་ཞུགས་པ་ལ་སོགས་པ་སྨོས ་ཏིསྤྱན་དྲང་བ་ལ་རང་གི་སྙིང་གྲཝ་ནས་ལྷ་མོ་བརྒྱད་བསྐྱོན་ནས་མཆོད་པ་བྱ་སྟེ་གསོལ་བ་གདོབ་པར་བྱའོ།། དེ་ནས་དེ་རྣམས་ཡོངས་སུ་གྱུར་ནས་དབང་བསྐུར་རོ།། དེས་ཙོར་གྱུར་ཞེ་ན། ཧེ་རུ་ཀ་ཡོངས་སུ་རྫོགས་པ་ཉིད་ཅེས་སྷོ། ་དེ་ཡང་རྣམ་པར་བསྒོམ་པ་དང་བྱིན་གྱིས་བརླབ་པ་བསྒོམ་ཞེས་པ་ནི་སྒྲུབ་ཐབས་དག་ལས་འབྱུང་བ་བཞིན་དུ་ཡན་ལག་དྲུག་དང་། ཏིང་ངེ་འཛིན་གསུམ་འམ། ཡང་ན་རྣམ་པར་བསྒོམ་པ་ནི་སྐྱེད་པ་དང་སྐྱེས་པའི་རིམ ་པནྡ་ལ།། བྱིན་གྱིས་བརླབ་པའི་བསྒོམ་པ་ནི་རྫོགས་པ་དང་ཡོངས་སུ་རྫོགས་པའི་རིམ་པའོ།། ཐུན་གསུམ་ཞེས་པ་ནི་ཉིན་གཅིག་ལའོ།། ལངས་ཏེ་ཞེས་པ་ནི་གཙོ་བོའི་ང་རྒྱུ་བ་གྱིས་སོ།། ལའི་གཟུགས་སྐྱེ་གནས་སོ་ཞེས་བྱ་བ་ཡིས་ནི་རྫོགས ་པའི་རིམ་པའི་སྤྱོད་ལམ་ཡང་བཟུང་སྟེ། དྲི་གཉིས་ཀ་ཡང་འོག་ནིས་འཆང་ངོ་།། ལེའུ་བཞི་པ་སྟེ་སྔ་མ་བཞིན་ནོ།། ། དེ་ནས་ནུས་པ་ནི་བསྐྱོད་པའི་རིམ་པའི་རྗེས་ཐོགས་ལའོ།། དེ་ཁོ་ན་ཉིད་ཀྱི་ལེའུ་རྫོགས་པའི ་མ་པ་བཤད་ཕྱིར་འདོད་ནས་བཤད་པར་བྱའོ་ཞེས་མཚམས་སྦྱར་བའོ།། དེ་ཁོ་ན་ཉིད་ཏཏྟྭ་སྟེ། དེ་བཞིན་དུ་རོ་གཅིག་པུའམ། རང་བཞིན་ཇི་ལྟ་བ་ཉིད་དུ་བསྟན་པ་འམ། ཤིན་ཏུ་རོ་གཅིག་པ་འམ། བསྡུས་ཤིང་སྙིང་བུ་ལྟ་བུའི ་དོན་བྱེད་པས་སོ།། ངོ་བོས་གཟུགས་མོད་ཅེས་བྱ་བ་ལ་སོགས་པས་ནི་ལྟ་བ་ཤེས་རབ་གཙོ་བོར་སྟོན་ཏེ། དེ་ཡང་ཕ་རོལ་ཏུ་ཕྱིན་པ་དང་ཐུན་མོང་རྟེན་ཅིང་འབྲེལ་བར་འབྱུང་བ་ནི། བདག་ལས་མཱ་ཡིན་གཞན་ལས་མིན། གཉིས ་ཀ་ལོས་མིན་རྒྱུ་མེད་མིན། ཞེས་བྱ་བ་ལ་སོགས་པས་ངོ་བོ་ཉིད་ཀྱི་སྐྱེ་བ་བཀག་པ་དང་རང་ལས་རང་སྐྱེ་བར་མི་ཐད་དེ་རང་གྲུབ་ནོ་དགོས་པ་མྱེད། མ་གྲུབ་ན་ནུས་པ་མེད་པས་སོ།། རྒྱུ་མེད་པ་ལས་མི་འཐད་དེ་རེ་བོང་གི་རྭ་དང་འདྲ ་བས་གཏན་མེད་པས་སོ།། གཉིས་ཀ་ལས་ཀྱང་མི་འཐད་དེ།། སྒྲུབ་པོའི་ཕུང་པོ་གསུམ་པ་དང་དགག་པོའི་ཕུང་པོ་གསུམ་པ་གཉི་ག་མི་སྲིད་དོ།། གཞན་ལས་སྐྱེ་ན་འདས་པ་ལས་སམ། མ་འོངས་པ་ལས་སམ་ད་ལྟར་འཡས་ཏེ། ་ད་ལྟར་མི་འཐུད་དུས་མཉམ་པ་ལས་རྒྱུ་འབྲས་མི་སྲིད་དོ།། མ་འོང་བས་ཀྱང་མི་འཐད་དེ་ཕྱིས་འབྱུང་བའི་ཕྱིར་ན་རྒྱུ་ཉིད་མིན་ནོ།། འོ་ན་འདས་པ་ལས་སྐྱེའོ་ཞེས་ན། ཞིག་པ་ལས་སམ་མ་ཞིག་པ་ལས་སྐྱེ་ཞེ་ན ་ཞིག་པ་ལས་མ་ཡིན་ཏེ། མེད་པའི་ཕྱིར་རི་བོང་གི་རྭ་དང་འདྲའོ།། མ་ཞིག་པ་ལལུས་སྐྱེ་ན་དུས་མཉམ་པར་ཐལ་ལོ་ཞེས་སུན་འདོན་པ་ལ་ཕྱོགས་སྔ་མ་རྒྱུའི་དུས་ནམ་ཞིག་པ་འབྲས་བུའི་དུས་ན་ཞིག་གོ་ཞེ་ན། དེ་ཡང་སྐད་ཅིག་མ་གཞན་ཞིག་གིས ་ཚོང་ངམ་མཆོད། ཆོད་ན་སྔ་མ་ཞིག་པ་དེ་སྐྱེད་པར་བྱེད་པའི་རྒྱུ་ཡིན། མཆོད་ནོ་དུས་མཉམ་དུ་འགྱུར་རོ།། བྱས་པས་དེ་རང་གི་དུས་ཀྱིས་ཚོད་ཀྱི་གཞན་གྱི་དུས་ཀྱིས་མཆོད་དེ། སྔ་མ་ལས་སྐྱེ་བ་དུས་མི་མཉམ་པར་མི་འགྱུར་རམ་ཞེས་ན། ་རྒྱུ་འབྲས་གཉིས་ལ་ཡང་སྐད་ཅིག་མ་གསུམ་གྱིས་བསྡུས་ཏེ། སྐྱེ་བ་དང་གནས་པ་དང་འཇིག་ཆ་གསུམ་ཡོད་པས་གཞན་དུས་ཀྱི་ཚེད་པ་ཁོ་ནའོ།། གང་དེ་སྐད་ཅིག་མ་མ་ཡིན་ན་དངོས་པོ་དེ་གཏན་མེད་པར་ཐལ་ཏེ་རི་བོང་གི་རྭ་བཞིན་ནོ།། ངོ་བོས ་གཟུགས་ནི་བུམ་པ་ལྟ་བུར་ཆོས་ཅན་དུ་བཞག་སྟེ། གཅིག་དང་དུ་མ་དང་བྲལ་བའི་ཕྱིར་གྱི་ཡང་དག་པར་མེད་དེ་རྒྱུ་མ་ལ་སོགས་པ་བཞིན་ནོ།། གཞན་དག་གཏན་ཚིགས་མྱ་གྲུབ་སྟེ། བུམ་པ་ནི་ཆ་ཤས་དང་བཅས་པའི་དུས་ཡིན་ལ་ཆ་མེད ་པ་གཅིག་ཡིན་ནོ་ཞེ་ན། དང་པོ་ལྟར་ཡོད་པ་མ་ཡིན་ཏེ། གཅིག་མ་ཡིན་ཏེ་ཆ་ཤས་དུ་མ་ཡོད་པའི་ཕྱིར་ཏེ་ཆ་ཤས་དུ་མ་ཡོད་པའོ།། ཆ་ཤས་དུ་མ་ཡང་མ་གྲུབ་སྟེ་ཕྱོགས་གཅིག་རང་ལ་ཡང་ཆ་དྲུག་ཡོད་པས་སོ།། ཕྱོགས་གཅིག་མེད ་པས་ཆ་ཤས་ཀྱི་དུ་མ་མེད་དོ།། ཡང་ཁ་གཅིག་རྡུལ་ཕྲ་རབ་ཡོད་དོ་ཞེས་ཟེར་ན་ཡང་ཆུ་ཤས་ཡོད་དམ་མེད་བརྟག་སྟེ། ཡོད་ན་སྔ་མ་དང་འདྲའོ།། ཆ་ཤས་མེད་ན་ནི་ཚྭ་ཤས་མེད་པའི་ཕྱིར་དངོས་པོ་གཟུགས་མེད་དུ་ཐུལ་ཏེ་སེམས་དང་ལས ་བྱུང་བ་བཞིན་ནོ།། དེ་བཞིན་དུ་ལྟ་བ་པོའི་གང་ཟག་ཀྱང་མེད་དོ།། དེ་བཞིན་དུ་སྒྲ་ལ་སོགས་པ་ཡང་སྦྱར་རོ།། འགའ་ཞིག་སེམས་ཡང་དག་ཏུ་འདོད་དོ་ཞེ་ན། སེམས་མེད་སེམས་ལས་བྱུང་བ་མེད་ཅེས་སྔ་མ་དང་འདྲའི་རིག་པ་མ་གྲུབ་པོ།། ་དེ་སྐད་དུ་གཟུགས་ཁམས་ཞེས་བྱ་སྟོང་པ་སྟེ། དེ་ཉིད་དུ་ནི་སྒྲ་ཡང་བྱ་ཞེས་པ་ནས། དམིགས་ཞེས་བྱ་བ་སྟོང་པ་སྟེ།། དབུས་སུ་རྣམ་ཤེས་ཇི་ལྟར་འགྱུར། རྣ་བ་ཞེས་བྱ་སྟོང་པ་ཡིན། བར་ན་རྣམ་ཤེས་ཇི་ལྟར་མཆིས་ཞེས་པ་རྒྱ་ཆེར ་གསུངས་སོ།། ཐུན་མོང་ཤེས་རབ་ཀྱི་ལྟ་བ་དབུ་མ་དང་ཆ་མཐུན་པར་གཏན་ལ་འབེབས། རང་རིག་སེམས་ཙམ་དང་ཆ་མཐུན་པར་སྟོན་ཏེ། ལེའུ་བརྒྱད་པར་འཆད་པར་འགྱུར་རོ།། ལྟ་བ་ཐུན་མོང་མ་ཡིན་པ་ཐབས་གཙོར་བྱས་པ ་བདེ་བ་ཆེན་པོ་ཤེས་པ་སྟེ། སྐྱེད་བྱེད་མ་དང་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ།། སྐྱེད་བྱེད་མ་དང་ཞེས་བྱ་བ་ལ་སོགས་པས་ནི་བསྒོམ་པ་དང་སྤྱོད་པ་ཡིན་ནོ་ཞེ་ན། བདེན་ཏེ་འོན་ཀྱང་ཐུན་མྱོང་མ་ཡིན་བྱའི་སྐབས་སུ་ཐབས་གཙོ་བོར ་བྱས་ཏེ། ལྟ་བ་ཤེས་རབ་བསྐྱེད་པའི་ཕྱིར་དང་ཡང་ན་བསྒོམ་པའི་ཐབས་ཡིན་ཡང་། ལྟ་བ་ཉམས་སུ་ལེན་པའི་ཐབས་གཙོ་བོར་བྱས་ཏེ། ཡིད་སོ་སོར་རྟོག་པའི་ཤེས་རབ་བསྐྱེད་པའི་ཕྱིར་སོམ་ཉི་མི་བྱའོ།། དེ་ཡང་གསུམ་སྟེ་གཞན ་ལུས་ཤེས་རབ་སྟེ་འོག་སྒྲོ་ལ་བརྟེན་པ་དང་། རང་ལུས་ཐབས་ཏེ་སྟེང་སྒྲོ་ལ་བརྟེན་པ་དང་། དེ་ཁོ་ན་ཉིད་ཤེས་རབ་མི་དམིགས་པ་དང་སྦྱར་བའོ།། དེ་ལ་ཤེས་རབ་ལ་བརྟེན་པ་ཡང་གཉིས་ཏེ། ལས ་དང་པོ་པ་དང་ལས་སྨིན་པའོ།། ལས་དང་པོ་པས་ནཱི་མ་ཤེས་པས་ནཱི་རང་གིས་དེ་ལ་དབང་ནོས་པའོ།། སྲིང་མོ་ནི་དབང་ལྷན་ཅིག་ནོས་པའོ།། བུ་མོ་ནི་རང་གིས་དབང་བསྐུར་བའོ།། རྟག་ཏུ་ཆོས་ཅེས་པ་ནི་དབང་གིས་དུས་སུ་ཇི ་ལྟ་བར་རྒྱུན་མི་འཆད་པར་རོ།། རྣལ་འབྱོར་རིག་པ་ཞེས་པ་ནི་བླ་མའི་མན་ངག་བརྗོད་པའོ།། གར་མ་ནི་ཤེས་རབ་ཆེ་བའོ།། ཆོས་མ་ནི་དད་པ་ཆེ་བས་བསྒྱུར་སླ་བའོ།། རྡོ་རྗེ་མ་ནི་བསམ་གཏན་གྱིས་བསྟན་པའོ།། གདོལ་པ ་མྦོ་ནི་བརྩོན་འགྲུས་ཀྱི་ཕྱག་རྒྱ་སྟེ་དཔའ་བའོ།། བྲམ་ཟེ་མ་ནི་ངང་ཚུལ་བཟང་བས་བཟོད་པ་ཅན་ཏེ། ཆོས་དེ་རྣམས་གང་ཡང་རུང་བ་དང་ལྡན་པའི་ལས་ཀྱི་ཕྱག་རྒྱ་བདག་མེད་པར་བསྒོམ་པ་ནི་ཤེས་རབ་ཀྱི་ཆོ་ག་ཡིན་ལ་ཐབས ་ཀྱི་ཆོ་ག་རང་ཉིད་དགོས་པའི་རྡོ་རྗེ་བསྒོམ་མོ།། དེ་ཉིད་རིག་པས་རྟག་ཏུ་མཆོད་ཅེས་པ་ནི་ཟླ་བ་བཟུང་བ་དང་ལྡན་པའོ།། ཇི་ལྟར་དབྱེ་བར་མི་འགྱུར་བ་ནི་གསང་བའི་ཚུལ་ལོ།། རབ་ཏུ་འབད་པ་ནི་དམ་པ་ལ་དམིགས་པའི་མན་ངག ་དང་ལྡན་པའོ།། བསྟེན་པ་ཉིད་ཅེས་པ་ནི་འདོད་པའི་ཡོན་ཏན་ནམ།། བཟའ་བ་ལ་སོགས་པའི་དམ་ཚིག་གོ། མ་གསང་ཞེས་པ་ནི་མཚོན་པ་སྟེ། མ་འབད་ཅིང་མ་བསྟེན་པར་འགྱུར་ནའོ།། སྦྲུལ་དང་ཆོམ་རྐུན་ཞེས་པ་ནི་ཚེ ་འདིའི་ཉེས་པའོ།། ས་སྤྱོད་མྱེའི་སྡུག་བསྔལ་ཞེས་པ་ནི་ཤི་ནས་དམྱལ་བ་སྟེ་སྐྱེ་བ་གཞན་གྱི་ཉེས་པའོ།། ལས་སྨིན་ཅིང་རྫོགས་པས་ནི་སྐྱེད་བྱེད་མ་ལ་སོགས་པ་ནི་བགྲོད་དང་བགྲོད་མིན་དུ་ཤེས་པར་བྱའི་ཕྱིར། ལས་ཀྱི་ཕྱག་རྒྱ་དང་ཐ ་མལ་པ་ཉིད་ལ་བྱའོ།། ཐུབསྟེ་དང་ཤེས་རབ་ཆོ་ག་ལ་སོགས་པ་ནི་ལས་དང་པོ་དང་མཐུན་ནོ།། རང་ལུས་ཐབས་ཀྱི་སྟེང་སྒོ་ལ་བརྟེན་པས་ནི་སྐྱེད་བྱེད་མ་སྟེ། གཡོན་གྱི་རྐྱང་མ་ནས་རྒྱུ་བའི་རླུང་ངོ་།། སྲིང་མོ་ཉིད་གཡས་ཀྱི ་རོ་མ་ནས་རྒྱུ་བའི་རླུང་ངོ་།། རྣལ་འབྱོར་རིགས་པས་རྟག་ཏུ་མཆོད་ཅེས་པ་ནི་དབུས་ཨ་བ་དྷཱུ་ཏཱི་རུ་ལྷན་ཅིག་སྐྱེས་པའི་ལྷ་རླུང་དུ་སྦྱོར་བའོ།། གར་མ་ནི་མཽག་དང་འབྲེལ་བ་མྱུར་བའི་རླུང་ངོ་།། ཆོས་མ་ནི་རྣོ་བ་དང་འབྲེལ་པ་བསྒྱུར་བའི ་རླུང་ངོ་།། རྡོ་རྗེ་མ་ནི་སྣ་དང་འབྲེལ་བརྟན་པའི་རླུང་ངོ་།། གདོལ་པ་མོ་ནི་ལྕེ་དང་འབྲེལ་བ་བག་ཚ་བ་མེད་པའི་རླུང་ངོ་།། བྲམ་ཟེ་མ་ནི་ལུས་དང་འབྲེལ་པ་ཉེས་པ་དག་པའི་རླུང་ངོ་།། ཐབས་ཀྱི་ཆོ་ག་ནི་རླུང་དེ་རྣམས་ཀྱིས་མི་གཡོ ་མི་འགོག་པར་ཡུལ་རྣམས་ལ་བདེ་བར་སྦྱོར་བའོ།། ཤེས་རབ་ཀྱི་གོ་ཚྭ་ནི་འདི་རྣམས་ཀྱིས་བསྡུས་ཏེ་རང་བཞིན་མེད་པར་བྱ་སྟེ། ཨ་བ་དྷཱུ་ཏཱིར་ལྷན་ཅིག་སྐྱེས་པའི་རླུང་དུ་སྦྱོར་བའོ།། དེ་ཉིད་རིག་པར་རྟག་ཏུ་མཆོད་ནི་ཆོ་ག་དེ་རྣམས ་དང་ལྡན་པ་རྒྱུན་དུ་རྣལ་འབྱོར་དུ་བྱེད་པའོ།། ཇི་ལྟར་དབྱེ་བར་མི་འགྱུར་ཞེས་པ་ནི་ཐབས་དང་ཤེས་རབ་སྦྱོར་བའོ།། རབ་ཏུ་འབད་ཅེས་པ་ནི་ལུས་ངག་ཡོད་གསུམ་གྱི་བརྩོན་འགྲུས་སོ།། བརྟེན་པ་ཉིད་ནི་ཤེས་པར་བྱའོ།། མ ་གསང་ཞེས་པ་ནི་རང་ཀ་མའི་རྟོག་པའོ།། སྦྲུལ་དང་ཆོམ་རྐུན་ལ་སོགས་པ་ནི་རྣམ་རྟོག་ལས་སྤྲུལ་པའི་ཉེས་པ་སྟེ། རྨི་ལམ་གྱི་སྡུག་བསྔལ་བཞིན་ནོ།། དེ་ཁོ་ན་ཉིད་ཤེས་རབ་དང་སྦྱར་བ་ནི། སྐྱེད་བྱེད་མ་ནི་སེམས ་སོ། སྲིང་མོ་ཉིད་ནི་སེམས་ལུས་བྱུང་བའོ།། རྣལ་འབྱོར་རིགས་པ་ཞེས་པ་ནི་སེམས་དང་སེམས་ལས་བྱུང་བ་དེ་དག་མེ་ད་ཅིང་འགོག་པ་མ་ཡིན་ཏེ། མ་བརྟེན་ཐེབས་དང་ཤེས་རབ་ལ་མ་བརྟེན་གཞན་ལ་འགོག་པ་སྦྱར་བ་དེ་ཉིད་ཆགས ་བྲལ་ལྟ་བུ་གཉུག་མའི་དབང་པོར་བདེ་བ་ཆེན་པོ་འབྱུང་བའོ།། རྟག་ཏུ་མཆོད་ཅེས་པ་ནི་དབང་པོ་རང་སྣང་རྒྱུན་མི་འཆད་པའི་མན་ངག་གོ། གར་མ་ནི་གཟུགས་དང་ཚིག་གི་དབང་པོའོ།། ཆོས་མ་ནཱི་སྒྲ་དང་རྣ་བའི་དབང་པོའོ།། རྡོ་རྗེ ་མྱ་ནི་དྲྀ་དང་སྣའི་བའི་དབང་པོའོ།། གདོལ་པ་ནི་རོ་དང་ལྕེའི་དབང་པོའོ།། བྲམ་ཟེ་མ་ནི་རེག་བྱ་དང་ལུས་ཀྱི་དབང་པོའོ།། ཐབས་དང་ཤེས་རབ་གོ་ཆ་ཡིས་ཞེས་པ་ནི་ཕྱག་རྒྱ་ཆེན་པོའོ།། དེ་ཡང་དེ་ཉིད་རིག་པས་ཞེས་པ་ནི་གཉུག་མའི་དབང ་པོ་དེར་བདེ་པོ་ཆེན་པོ་རང་གསལ་བའོ།། རྟག་ཏུ་མཆོད་ཅེས་པ་ནི་དབང་པོ་རང་སྣང་གྲི་མུན་ངག་གོ། ཇི་ལྟར་དབྱེ་བར་མི་འགྱུར་བར་ཞེས་པ་ནི་ལྷན་ཅིག་སྐྱེས་པའི་ཕྱིར་རོ།། རབ་ཏུ་འབད་པའི་ཞེས་པ་ནི་དེ་ཡང་བླ་མའི་མན་ངག ་གིས་ཐོབ་པས་སོ།། བརྟེན་པ་ཉིད་ཅེས་པ་ནི་ཤེས་རབ་ལྷ་མོ་བླ་ན་མེད་པ་དང་འདོད་པའི་ཡོན་ཏན་ནོ།། མ་གསང་ཞེས་པ་ནི་མཚོན་པ་སྟེ། མ་འབད་ནའམ་མ་བརྟེན་པོའོ།། དེ་ཡང་མུ་ཏྲ་ཆེན་པོ་དང་དབང་པོ་རང་སྣང་གི་མན་ངག་མི ་ལྡན་པར་སྤྱོད་པ་ལ་འཇུག་པའོ།། དེས་ན་སྦྲུལ་དང་ཆོམ་རྐུན་ལ་སོགས་པ་ནི་ལོག་པའི་བརྟུལ་ཞུགས་སྤྱད་པའི་ཉེས་དམིགས་སོ།། ལས་ཀྱི་ཕྱག་རྒྱ་དེ་དག་ཐ་མ་ལ་སྤང་བའི་ཕྱིར་ཕྱག་རྒྱས་གང་གི་ཕྱིར་ཞེ་ན། ཐུར་པའི་རྒྱུར་ནི་བརྗོད་པར ་བྱ་ཞེས་པའོ།། གང་དག་གིས་ཞེ་ན། རིགས་ལྔའི་ཞེས་པ་སྟེ། རྡོ་རྗེ་པདྨ་ལ་སོགས་པ་ཚིགས་སུ་བཅད་པ་སྟེ། གང་ལྟར་ཞེ་ན། རྡོ་རྗེ་འདིས་ནི་ཞེས་པ་སྟེ། ཚིགས་རྐང་གཉིས་ཀྱིས་སོ།། དེ་ཡང་རྡོ་རྗེ་ལ་སོགས་པ་གང་ལ ་གྲོང་གིས་རྒྱུས་བཏབ་པས། དེ་དེའི་རང་བཞིན་དུ་གྱུར་པས་ཐ་མལ་པ་སྤངས་ནས་ཐར་པའི་རྒྱུར་འགྱུར་བའོ།། དེ་ལ་སློབ་དཔོན་ཁ་ཅིག་ནི་གསང་བའི་གནས་ཀྱི་རྒྱས་བཏབ་པ་ལ་འདོད་དེ།། འདིར་མཐུན་པ་མ་ཡིན་ནོ།། གང་ལ ་ཞེ་ན་རྡོ་རྗེའི་ཕྱག་རྒྱས་གཡུང་མོ་ཉིད་ལ་སོགས་པའི་ཚིགསུ་བཅད་པ་གཅིག་སྟེ། དེ་རྣམས་ཀྱང་གཉིས་པའི་དོན་གྱིས་དང་པོར་ཤེས་པར་བྱའོ།། གར་མཱ་ལ་སོགས་པ་ནི་དེ་ལྟར་ཡིན་ན། སྐྱེད་བྱེད་མ་ལ་སོགས་པ་ཇི་ལྟ་བུ་ཞེ་ན། ་འདི་རྣམས་ཟློས་བྱ་བ་ལ་སོགས་པ་གསུངས་སོ།། དེར་ཡང་ནི་འདིར་བསྡུས་པར་ནི་བརྗོད་པར་བྱ་ཞེས་པས་ནི་རྡོ་རྗེ་འཆང་རིགས་དྲུག་པའོ།། འདི་རྣམས་ཞེས་བྱ་བ་ནི་སྔར་གྱིའོ།། དེ་བཞིན་གཽ་ཤེགས་པའི་རིགས་ཤེས་པ་ནི་རྡོ ་རྗེ་འཆང་ཡིན་ཡང་སྐུ་གསུང་ཐུགས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ།། དེ་བཤད་པའི་ཕྱིར་དཔལ་ལྡན་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་ཡང་དཔལ་ལྡན་རྡོ་རྗེ་འཆང་བདེ་ཆེན་གྱི་སྐུའོ།། དེ་བཞིན་ཉིད་གཤེགས ་ཞིང་ཞེས་པ་ནི་ཆོས་ཀྱི་སྐུར་ཏེ། སྐྱེད་བྱེད་མ་ལ་རྒྱས་གདབ་པའོ།། དེ་བཞིན་སྦྱར་ཡུང་གཤེགས་པ་ཉིད་ཅེས་པ་ནི་གཟུགས་སླར་བྱུང་བྱ་སྟེ། ལོངས་སྒྱུས་སྲིང་མོ་ལ་རྒྱས་གདབ་པའོ།། སྦྲུལ་སྒྱུས་བུ ་མོ་ལའོ།། ཤེས་རབ་རིགས་པ་འདི་ཡིས་ནི་ཆོས་ཀྱི་སྐུ་ཐབས་ཀྱི་རིགས་པས་གཟུགས་སྐུ་ལོངས་སྐུས་མཚོན་ནོ།། དབྱེར་མེད་རིགས་པ་འདི་ཡིས་ནི་སྤྲུལ་སྐུ་མཚོན་ནོ།། དེ་བཞིན་གཤེགས་པ་ཞེས་བརྗོད་པར་བྱ་ཞེས་པ་ནི་རྡོ་རྗེ ་འཆང་བདེ་ཆེན་གྱི་སྐུ་ཡིན་ཡང་དེའི་ཆོས་སྐུ་གསུམ་སྐུ་གསུམ་གྱི་རིགས་པས་དེ་བཞིན་གཤེགས་པའི་རིགས་བརྟགས་སོ།། འོ་ན་རིགས་རྣམས་དུ་ཡོད་ཅེ་ན། རིགས་ནི་ཞེས་བྱ་བ་ལ་སོགས་པ་ཚིགསུ་བཅད་པ་གཅིག་གིས ་དབྱེ་བ་དང་བསྡུ་བས་གཅིག་ཉིད་དྲུབ་དང་ལྔ་དང་གསུམ་དུ་བསྟན་ཏོ།། དེ་ཡང་དག་པའི་གནས་སྐབས་ན་རྣམ་པར་རྟོག་པ་རིགས་སུ་དབྱེ་བ་མེད་དེ་བཞིན་དུ་དབྱེ་བ་ཇི་ལྟ་བུ་ཞེ་ན། བདེན་ཏེ་མ་དག་བྱའི་གནས་སྐབས་ཀྱི་དབྱེ་བས ་རྣམ་པར་དག་པའི་ཕྱིར། རིགས་དང་འབྱུང་བ་ལ་སོགས་པའི་ཚིག་སུ་བཅད་པ་གསུངས་སོ།། སྤྱིར་རིག་གྱུར་ཐ་དད་པར་འཇོག་པ་ཀུན་རྫོབ། རིགས་གཅིག་པ་དོན་དམ་པ་ཡིན་ཏེ། ཐར་པ་དང་ནི་ཆུ་བོ་བཞིན་དུ་མ་ཉིད་དུ་བརྗོད་པར ་མི་བྱ་ཞེས་སོ།། ལོ་ལ་དག་ནི་ཇི་སྲིད་དུ་ཁས་ལེན་པ་དེ་སྲིད་དུ་གཞན་སེལ་བར་གནས་ཏེ། དཔེར་ན་རྒྱུའི་ཚོགས་པ་ཐ་དད་པ་ལས་འབྲས་བུ་ཐ་དད་པར་སྣང་སྟེ། དཔེར་ན་མར་མེ་ཐ་དད་པའི་སེལ་བའི་མུན་པ་གཅིག་ལས་མེད་ཀྱང་མར ་མེ་ནི་གཅིག་ཏུ་གྱུར་པ་མ་ཡིན་ནོ།། དེ་ཡང་ཚོགས་དང་ཆོས་ཀྱི་སྐུ་དག་དང་འགྲོ་བའི་དོན་རྣམས་སྤྱོད་པ་ནི། སངས་རྒྱས་ཐམས་ཅད་མཚུངས་པ་ཡིན་ཞེས་གསུངས་སོ།། རིགས་པས་དཔྱད་ན་ནི་ཡིད་ཀྱི་སྤྱོད་ཡུལ་དུ་ཤིན་ཏུ་དགའ་བས་ཆོག་གོ། ་ད་ནི་བསྒོམ་པའི་ཉམས་བསྟན་པའི་བསྒོམ་པ་མེད་ཅེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་ཡང་ལྟ་བ་ཤེས་རབ་ཀྱི་སྐབས་སུ་མིག་གི་དབང་པོ་ལ་སོགས་པ་གཅིག་དང་དུ་བྲལ་རིགས་པོས་རང་བཞིན་མེད་པའི་ཕྱིར་སྒོམ་པ་པོ་མེད་ཅེས་པའོ།། ། ་ཡང་ལྟ་བའི་སྐབས་གཟུགས་ལ་སོགས་པ་མེད་པའི་ཕྱིར་བསྒོམ་པ་ཡང་མེད་ཅེས་ལྷག་མའོ།། བསྒོམ་བྱ་མེད་ཅེས་བྱ་བ་ནི་འོང་སྟེ། སྔ་མ་གཉིས་ལྟ་བུའོ།། དེ་ཡང་ལྟ་བའི་སྐབས་སུ་སེམས་དང་སེམས་ལས་བྱུང་བ་རང་བཞིན་མེད ་པའི་ཕྱིར་རོ།། འོན་ཏེ་བསྒོམ་པ་ནི་ལམ་གྱི་གཙོ་བོ་ཡིན་ན།། དེ་མེད་ན་འབྲས་བུ་དང་ལམ་གཞན་དག་ཇི་ལྟར་ཡོད་པར་འགྱུར་ཞེ་ན། དེའི་ཕྱིར་ལྷ་དང་སྔགས་ཀྱང་ཡོད་མ་ཡིན་ཞེས་གསུངས་སོ།། དེ་ཡང་འབྲས་བུ་གཞན་དག་ཉེ་བར ་མཚོན་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱང་ཡོད་པ་མ་ཡིན་ནོ།། ལམ་ཡང་གཞན་དག་ཉེ་བར་མཚོན་པ་སྟེ། ཕྱག་རྒྱ་དང་དཀྱིལ་འཁོར་དང་སྒྲུབ་པ་དང་ཕྲིན་ལས་ཀྱང་ཡོད་པ་མ་ཡིན་ནོ།། རྡོ་རྗེ་ཁུ་ཚུར་ལ་སོགས་པའི་བཏགས་པའི ་ཕྱག་རྒྱ་ཡོད་པ་མ་ཡིན།། མེ་ལ་མར་ལྡུགས་པའི་སྦྱིན་སྲེག་ཀྱང་། རུ་རུ་སྥུ་རུ་ལ་སོགས་པ་སྙིང་པོ་དང་ཕྲེང་བའི་སྔགས་བཏགས་པར་ཡོད་པ་མ་ཡིན། ཁ་དོག་དང་དབྱིབས་སུ་བཏགས་པ་དང་རྩིག་པ་ལ་སོགས་པའི་དཀྱིལ་འཁོར་དེ་ཡང ་ཡོད་པ་མ་ཡིན་ནོ།། དེ་ལྟ་བུའི་སྒོམ་པའི་ཉམས་དེ་ཡང་རང་བཞིན་མེད་པ་ཙམ་དུ་བྱ་བའི་ཕྱིར་ཕུན་སུམ་ཚོགས་པའི་གཞིར་ཇི་ལྟར་འགྱུར་ཞེ་ན། ཡང་དག་གནས་ཞེས་བྱ་བ་ལ་སོགས་པས་གསུངས་སོ།། དེ་ཡང་ལྟ ་བ་ལ་སོགས་པའི་སྐབས་སུ་སྐྱེད་བྱེད་མ་ལ་སོགས་པའི་ཐབས་ཐུན་མོང་མ་ཡིན་པའི་ཡིད་སོ་སོར་རྟོག་པའི་བདེ་བ་ཉམས་སུ་བླངས་པས། འདིར་སྒོམ་པའི་ཉམས་མཆོག་ཏུ་བདེ་བ་ཆེན་པོ་ཁོ་ན་རོ་རང་སྐྱེ་བར་འགྱུར་ཏེ། དེ་ཡང་མི་རྟོག་པས ་རང་རྣལ་དུ་འཇུག་པས་སྤྲོས་པ་མེད་པའི་ཤེས་པའོ།། རང་བཞིན་ལས་ཞེས་པ་ནི་བདེ་བ་ཆེན་པོ་གཉུག་མ་ལས་སོ།། ལུས་ཞེས་པ་ནི་ཐམས་ཅད་ཀྱི་འབྱུང་ཁུངས་སྦྱར་བ་འམ། ཡང་ན་ལས་ཞེས་འགེར་བྱེད་ཀྱི་ལྔ་པར་སྦྱར་ཏེ། སྤྲོས་པ་མེད་པས ་ཐམས་ཅད་བཀག་ནས་སྣང་བའི་ཡེ་ཤེས་ཆེན་པོ་ཉིད་ཡང་དག་གནས་ཞེས་པ་ནི་གཉིས་མེད་འོད་གསལ་བའི་བདག་ཉིད་དོ།། སྔགས་དང་ལྷ་ནི་ཉེ་བར་མཚོན་པའི་འབྲས་བུ་ནི།། སྔགས་ནི་དེ་ཉིད་ཡིད་ཅན་ཐམས་ཅད་སྐྱོབ་པར་བྱེད་པས་ནཱ ་སྔགས་སོ།། སྣང་བ་ཐམས་ཅད་རྒྱས་འདེབས་པར་བྱེད་པས་ན་ཕྱག་རྒྱའོ།། རྣམ་པར་རྟོག་པ་ཐམས་ཅད་སྲེག་པར་བྱེད་པས་སྦྱིན་སྲེག་གོ།། ཁ་དོག་སྣ་ཚོགས་པར་སྣང་བས་ན་རྟེན་གྱི་དཀྱིལ་འཁོར་རོ།། དེ་ནས་ཕུན་སུམ་ཚོགས་པའི ་བདག་ཉིད་གདོང་མ་ནས་གྲུབ་པའི་ཕྱིར་ལྷན་ཅིག་སྐྱེས་པའོ།། དོ་ནི་འབྲས་བུ་ཕུན་སུམ་ཚོགས་པ་དེ་བཤད་པའི་ཕྱིར་རྣམ་སྣང་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་ལ་ཡང་བདེ་བའི་ཡེ་ཤེས་དེ་ཉིད་འོད་ཟེར་ཐར་ཐུག་པ་མེད་པར ་ཁྱབ་པས་རྣམ་སྣང་ངོ་།། མི་བསྐྱོད་ཅེས་པ་ནི་མི་མཐུན་པས་སོ།། དོན་ཡོད་གྲུབ་ཅེས་པ་ནི་སངས་རྒྱས་ཀུན་གྱི་ལས་སོ།། རིན་ཆེན་ཞེས་པ་ནི་རྟོག་བྱ་དཀོན་པས་སོ།། དཔག་མེད་ཅེས་པ་ནི་བདེ་ཆེན་གྱི་ཆེ་བའོ།། སེམས་དཔའ་ཞེས་པ ་ནི་རྡོ་རྗེ་སེམས་དཔའ་སྟེ།། མཆོག་ཏུ་བདེ་བ་ཉིད་དོ།། དེ་དག་ནི་འཇིག་རྟེན་ལས་འདས་པའི་ལྷ་ཡིན་ན། འཇིག་རྟེན་པའི་འབྲས་བུ་ཕུན་སུམ་ཚོགས་པ་མེད་དམ་ཞེ་ན། དེའི་ཕྱིར་ཚུངས་པ་ལ་སོགས་པ་བསྟན་ནོ།། དེ་བཤད་པ་ཡང ་ཚིགས་གསུམ་གྱིས་བསྟན་ཏེ། ཡང་བདེ་བ་ཆེན་པོ་དེ་ཉིད་མི་རྟོག་པ་ལ་ཁྱབ་པ་དང་། བདེ་བ་དང་གསལ་བར་བསྟན་པའི་ཕྱིར། ཐམས་ཅད་སངས་རྒྱས་དེ་ཉིད་བརྗོད་ཅེས་པའོ།། ཐུམས་ཅད་ཅེས་པ་ནི་བཤད་པའི་སྐབས་སུ ་ཐམས་ཅད་ཀུན་གྱི་བདག་ཉིད་གནས་ཞེས་པ་ནི། མི་རྟོག་པས་ཁྱབ་པའོ།། དེ་ཉིད་བརྗོད་ཅེས་པ་ནི་བཤད་པའི་སྐབས་དམ་པའི་བདེ་བས་དེ་ཉིད་ཅེས་པ་སྟེ། བདེ་བ་རོ་གཅིག་ཏུ་བསྡུས་པའོ།། སངས་རྒྱས་ཞེས་པ་ནི་བཤད་པའི ་སྐབསུ་བདེ་བ་རྟོག་ཕྱིར་རྣམ་སངས་རྒྱས་ཞེས་པ་སྟེ། གཉིས་མེད་རང་རིག་འོད་གསལ་བའོ།། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་དེ་ལ་ལྷ་ཞེས་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ ་གསུངས་སོ།། དེ་ཡོང་ཧ་ནི་ལུས་སོ།། བྷ་ག་ནི་འབྱུང་བ་སྟེ་དེའི་ལུས་ལས་འབྱུང་བས་ལྷའོ།། དེ་ཡང་ལྷན་ཅིག་སྐྱེས་པའི་དོན་ཡིན་ཏེ། ཚངས་པ་ལ་སོགས་པ་ནི་ཀུན་རྫོབ་ལྷོན་ཅིག་སྐྱེས་པས་བསྡུས། རྣམ་སྣང་ལ་སོགས་པ ་དོན་དམ་ལྡན་ཅིག་སྐྱེས་པས་བསྡུས་པ་ཚོགས་ཀྱི་དོན་ནོ།། ཡ་ན་ཕུན་སམ་ཚོགས་པའི་བྷ་ག་བཱན་ཛི་ཝཱ་དྷཊྚེ་ན། བྱཱདྡྷ་འདུ་ལ་ཞེསྭཱ་པ་སྟེ། གོང་གི་འོད་གསལ་དུའོ། ཐཱ་ག་དྷཱན་ཞེས་པ་བྷཱུ་བཱནཱ་ཛཱ་བ་རྟོགཔ ་སོགས་པ་རང་ཤུགས་ཀྱིས་འཇོམས་པས་གང་ལ་ཡོད་པ་དེ་ལ་བཅོམ་ལྡན་འདས་ཞེས་བྱའོ།། ཡང་བྷ་ག་ནི་སྐལ་པ་དེ་དབང་ཕྱུག་ལ་སོགས་པའོ།། དེས་ན་ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཀྱི་བསྟན་ཏོ།། འོན་ཏེ་ཆོས་ཐམས་ཅད་ལ་ལྟ་བ ་ཤེས་རབ་དང་ཐབས་དབྱེར་མེད་དུ་གཏན་ལ་དབབ་པ་དང་། སྒོམ་པའི་ཉམས་རང་སྐྱེས་པའི་དེ་ཁོ་ན་ཉིད་དེ་ལྟ་བུ་ཡིན་ན་རྗེ་ནི་ལས་ཀྱི་ཕྱག་རྒྱ་མ་དང་སྲིང་མོ་ལ་སོགས་པའི་དེ་ཁོ་ན་ཉིད་ཇི་ལྟ་བུ་ཞེ་ན། དེ་རྣམས་ཐབས་དང་ཤེས་རབ་དབྱེར ་མྱེམེད་དུ་ཤེས་པར་བྱའི་ཕྱིར། གང་གིས་ཕྱིར་ཞེས་བྱ་བྱ་ལ་སོགས་པས་སྟོན་ཏོ།། ཤེས་རབ་ཅེས་བརྗོད་པར་བྱ་བ་ས་པ་ནི་ཤེས་རབ་ཀྱི་དེ་ཁོ་ན་ཉིད་སྟོང་པ་ཉིད་དོ།། གུང་ཕྱིར་སྱེ་འགྷྲྀ་སྐྱེད་པ་ཞེས་པ་ནི་སྟོང་པ་ཉིད་ཀྱི་མནྟནཱ་མ ་ཅིར་སྣང་ཡང་། མི་འགོག་པར་སུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའོ།། ཤེས་རབ་སྲིང་མོ་ཞེས་བྱ་བ་ཉིད་ཅེས་བྱ་བའི་ནི། བྷ་ག་བཱན་ནི་དེ་སྐལ་བ་དང་ལྡན་པའོ།། དེའི་ཕྱིར་གོང་གི་ཕྱིར་སྐལ་བ་སྟོན་ཞེས་པ་སྟེ། སྐལ་བ་ནི་ཐབས ་ཏེ་ཤེས་རབ་སྟོང་ཉིད་དང་བཅས་པའི་ཕྱིར་རོ།། དེ་བཞིན་དུ་བཻ་ཙི་བླག་མ་བུ་མོ་དང་གར་མ་ལ་ཡང་ཐོབས་དང་ཤེས་རབ་གོ་རིམས་བཞིན་ནོ།། གཡུང་མོ་ཡང་ཐབས་སུ་བསྟན་པ་སྟེ། དེ་བཞིན་དུ་གདོལ་པ་མོ་དང་། བྲམ་ཟེ་མོ་ལ་ཡང ་ཐབས་སུ་ཤེས་པ་ཤུགས་ཀྱིས་བསྟན་ནོ།། དེ་དག་ནི་ལྟ་བ་དང་བསྒོམ་པ་དེ་ཤེས་བྱའི་དོན་ཁོ་ན་ཉིད་དོ།། སྒོ་གསུམ་ནུས་པ་ཅན་དུ་བྱེད་པ་སྒྲུབ་པ་པོ་དེ་ཁོ་ན་ཉིད་ནི། ཨཱ་ལི་ཀཱ་ལི་ལ་སོགས་པའོ།། དེ་ཡང་ཨཱ་ལི་ཀཱ་ལི་རབ ་བརྟགས་པས་ཞེས་པ་ནི་བརྗོད་པ་ནི་ཐམས་ཅད་རླུང་ལ་རགས་ལས་པ་སྟེ་གཡོན་དང་གཡས་ནས་རྒྱུ་བའོ།། བརྗོད་པ་ཐམས་ཅད་བཟླས་པར་བཤད་ཅེས་པ་ནི་རླུང་ལས་གྲུབ་པ་འིམ། ཡང་ན་ཨཱ་ལི་ཀཱ་ལི་སྟེ། དབྱངས་དང་གསལ ་བྱེད་ཀྱི་ཡི་གེ་ལུས་གྲུབ་པའི་ཕྱིར་བཟླས་པ་རླུང་འབྱུང་བ་དང་འཇུག་པ་ཨཾ་ཧཾ་ཟློས་པ་འམ། ཡང་ན་རང་གི་ལྷན་ཅིག་སྐྱེས་པའི་ཉམས་ཀྱིས་རྣམ་དགུ་སྔགས་ཀྱིས་གླུ་ལེན་ཅེས་བྱའོ།། རྐང་པའི་རྗེས་ནི་རྒྱུ་བྲིས་པ་ལྟོ་བུར་བྱུང་བ ་སྟི་དཀྱིལ་འཁོར་ཡིན་ཞེས་པ་ནི་གཟུགས་བརྙན་དུ་སྣང་བའི་ཕྱིར་རོ།། དེས་ན་རང་གི་ཉིད་ཕྱིར་དཀྱིལ་འཁོར་བརྗོད་པར་བྱ་ཞེས་པའོ།། དཀྱིལ་འཁོར་ནི་མཱཎྜལ་བྲིས་པས་ན་དཀྱིལ་འཁོར། མ་ཊྚ་ན་ཉེད་པས་སམ་བྲིས་པས་ཞེས ་སྒྲ་མཐུན་པ་དང་། ཡང་ཡེ་ཤེས་དེ་ཉིད་རྟེན་དང་བརྟེན་པ་སྟེ་བརྟག་པར་ཕྱི་མར་འཆད་དོ།། ལག་པ་བསྒྱུར་བ་ཞེས་པ་ནི་གར་ལ་སོགས་པའོ།། ཕྱག་རྒྱ་ཡིན་ཞེས་པ་ནི་བདེ་བའི་བརྟག་ཡིན་པས་སོ།། སོར་མོ་ཉེད་པ་ཡང་དེ་བཞིན ་ནོནི་ཞེས་པ་ནི་དེ་ཁོ་ན་ཉིད་ཀྱི་མཚན་མ་དང་རྟགས་སོ།། གང་སེམས་དཔའ་བསམ་གཏན་དུ་བསྟན་པ་ཡང་ཚིག་གཉིས་ཏེ། དེའི་རྒྱུ་མཚན་ཡང་ཇི་ལྟར་ཞེས་པ་ཚིག་སུ་བཅད་པ་གཅིག་གིས་སོ།། ཇི་ལྟར་ཕ་ལས་དེ་ཐོབ་པ་ཞེས་པ ་ནཱི་སློབ་དཔོན་ལ་ལ་དགུ་བླ་མ་དང་རྡོ་རྗེ་འཛིན་པ་ལ་འདོད་དོ།། དེར་ནི་འདིར་མཐུན་པ་མ་ཡིན་ནོ།། དཔེར་ན་ཕ་ལུས་ཐོབ་པ་ནི་རང་གི་ནོར་ཏེ། གཞན་ལྷག་མ་ནི་འཆོལ་བའི་དྲོན་ནོ།། དེའི་བདེ་བ ་རང་གི་བཟུའ་ཞེས་པ་ནི་བོ་ཀི་ནི་བཟའ་བའམ་ལོངས་སྤྱོད་པའོ།། དེས་ན་ལྷན་ཅིག་སྐྱེས་པ་ལ་ལོངས་སྤྱོད་པ་དེའི་བདེ་བ་བསམ་གཏན་བརྗོད་ཅེས་པའོ།། བདེ་བ་གང་ཕྱིར་འཆི་བ་འདིར་ཞེས་པ་ནི་སློབ་དཔོན་ལ་ལ་དག ་འཆི་བའི་ཆོས་སུ་འདོད་པ་དང་། ལ་ལ་དག་སྤྱོད་ལམ་དུ་འདོད་དེ། དེ་དགུ་འདིར་མཐུན་པ་མ་ཡིན་ནོ།། ཇི་ལྟ་བུ་ཞེ་ན། དེ་ཡང་འཆི་བ་སྡུག་བསྔལ་གཙོ་བོ་སྟེ། དེ་བསམ་གཏན་དུ་ཇི་ལྟར་འགྱུར་ཞེ་ན། བདེན ་ཏེ་འོན་ཀྱང་བཟའ་བ་ལོངས་སྤྱོད་ཀྱི་སྐབས་སུ་རང་གི་བདེ་བ་ལས་ལྷག་པ་མི་འཚལ་ཞིང་། འཆི་བའི་ཚེ་ཡང་རང་གི་བདེ་བ་དང་། མི་འབྲལ་བའི་དེ་ལྷན་ཅིག་སྐྱེས་པའི་ཕྱིར།། དེས་ན་རྒྱུན་དུ་རྩེ་གཅིག་པུས་བསམ ་གཏན་ཀྱང་བསམ་གཏན་ཁོ་ནའོ།། སྤྱིར་སྔགས་ཀྱི་ལུགས་ཀྱིས་ཚེ་འདི་ལ་འབྲས་བུ་ཐོབ་པ་དང་། བར་དྲོ་ལ་འབྲས་བུ་ཐོབས་པའོ།། ཚེ་འདི་ལ་ཐོབ་པ་ལ་གཉིས་རྣམ་སྨིན་འབོར་བ་དང་མི་འབོར་བའོ།། དེ་ལ ་སྐྱེད་རིམས་གཙོ་བོར་བསྒོམ་པས། མཁའ་སྤྱོད་སྒྲུབ་ལ་དེ་ནས་ཕྱག་རྒྱ་ཆེན་པོ་སྒྲུབ་པ་སྟེ། བུདྡྷའོ།། རྫོགས་རིམ་ལུས་འཇའ་ཚོན་ལྟར་སྦྱར། སེམས་ཕྱག་རྒྱ་ཆེན་པོར་འགྱུར་ཏེ་ཐལ་བྱུང་དུ་སངས་རྒྱས་སོ།། རྣམ ་སྤྲིསྨིན་འདོར་བ་ནི་ལུས་ལྷུར་གསལ་ཙམ་ལས་མེད་ཀྱང་སེམས་ཕྱག་རྒྱ་ཆེན་པོར་སྦྱོར་ཏེ་སྤྱོད་པས་མཐར་ཕྱིན་ནས། འཆི་བའི་སྤྱོད་ལམ་དུ་ཤེས་པས་འགྲོ་ཞིང་འཚང་རྒྱའོ།། དེ་ལྟར་མ་ནུས་ན་བར་དེའི་གདམས་ངག་གིས་སྤངས ་རྒྱསྱ་ཏེ། དེ་རྩ་བའི་རྒྱུད་ལྷུར་བྱ་བ་དང་། བཤད་པའི་རྒྱུད་སམྦི་ཊ་ལྟར་གོང་དུ་འཕོ་བ་དང་གྲོང་དུ་འཇུག་པ་ལ་སོགས་པའི་གཞན་དང་བླ་མའི་ཞལ་ལས་ཤེས་པར་བྱའོ།། དེ་ལྟར་མུ་ནུས་ན་སྐྱོན་ལམ་བཏཱབ་ལ་སྐྱེ་བ་གཞན་ལ ་འཁོར་ལོས་སྒྱུར་བ་ལ་སོགས་པར་སྐྱེ་སྟེ་སྐྱེ་བ་བདུན་ཚུན་ཆད་ཀྱི་འགྲུབ་ཅེས་བྱའོ།། ལེའུ་སྔ་མ་བཞིན་ཏེ་ཡས་བགྲངས་པའི་ལྔ་པའོ།། དེ་ནས་ཡང་དག་བཤད་པར་བྱ་ཞེས་པ་ནི་ལྟ་བ་དང་སྒོམ་པའི་རྗེས་སུ་འབྲས་བུ་སྤྱོད ་པས་མཐར་ཕྱིན་པ་བཤད་པའོ།། དེ་ཡང་སྤྱོད་པ་ནི་ཙཨཱརྱ་སྟེ་ཙ་ར་ནི་རྒྱུ་བྱའོ།། ཡ་ཡོ་གི་ནི་རྣལ་འབྱོར་མ་སྦྱོར་བ་འམ། དེསེ་ཅིར་འགྱུར་ཞེ་ན། གནས་དག་ཏུ་རྒྱུ་ཞིང་སྦྱོར་བའོ།། རྣལ་འབྱོར་གྱིས་རྣམ་པར་རྒྱུ་བའོ།། སྤྱོད ་པ་འདི་ཡང་བསྐྱེད་པའི་རིམ་པས་བརྟག་པ་ཕྱི་མར་སྟོན་ལ། འདི་རྫོགས་པའི་རིམ་པ་སྟེ་དེ་ཡང་གཞན་ལུས་ཤེས་རབ་ལ་བརྟེན་པ་གསང་བའི་སྤྱོད་པ་དང་། རང་ལུས་ཐབས་ལ་བརྟེན་པ་ཅུང་ཟད་སྨྱོན་པ་བརྟུལ་ཞུགས ་ཀྱི་སྤྱོད་པ་དང་། ཕྱག་རྒྱ་ཆེན་པོ་ལ་བརྟེན་པ་སྨྱོན་པའི་བརྟུལ་ཞུགས་མཆོག་ཏུ་གསང་བའི་སྤྱོད་པའོ།། དེ་དག་གིས་དགོས་པ་ནི་སྤྱོད་མཆོག་ཕ་རོལ་ཕྱིན་པ་སྟེ། ཕ་རོལ་ཕྱིན་པའི་ཐུན་མོང་ངོ་།། མཆོག་ནི་ཐུན་མོང་མ ་ཡིན་པ་སྟེ། དེ་ན་དངོས་གྲུབ་མཐར་འགྲོ་བ་སྟེ། ཕ་རོལ་ཏུ་ཕྱིན་པ་ལས་གྲུབ་པའི་མཐའ་སྟེ། སྣང་བ་སྟོང་པ་དབྱེར་མེད་པར་རྟོག་པའོ།། དགྱེས་པའི་རྡོ་རྗེའི་དངོས་གྲུབ་ཀྱི་རྒྱུར་རོ།། གྲུབ་པའི་མཐར་འགྲོ་བའི་ཕ་རོལ་ཏུ ་ཕྱིན་པ་དང་བསྐྱེད་པའི་རིམ་པ་ལས་སོ་ཞེས་ཐུན་མོང་མ་ཡིན་ཞེ་ན། དགྱེས་པའི་རྡོ་རྗེའི་དངོས་གྲུབ་ཀྱི་རྒྱུས་ཏེ། མཆོག་ཀྱི་དངོས་གྲུབ་མཐར་ཐུག་པ་ཐོབ་པའོ།། དེ་ནི་གསང་བ་ལ་སོགས་པའི་ཐུན་མོང་ངོ་།། སྒོམ་པ་པོ་ལ་སོགས་པ ་ཚིགས་བཅུད་གཉིས་དང་། ཚིགས་རྐང་པ་གཅིག་གིས་གསང་བའི་སྤྱོད་པའི་ཆ་ལུག་ཙམ་སྟེ། རུས་པའི་རྒྱུན་ཆ་རྣམས་ཀྱིས་བཟང་བྱའོ།། དེའི་དགོས་པ་དང་རྣམ་པར་དག་པ་ནི་གོ་སླའོ།། ཧེ་རུ་ཀ་སྦྱོར་སྐྱེས་བུ་ཉིད་ནི་རྫོགས་པའི ་པའི་ཉམས་ཀྱིས་སྤྱོད་པ་བྱེད་ཀྱང་བསྐྱེད་པའི་རིམ་པ་ཉུང་ལྡན་གྱི་ང་རྒྱལ་གྱིས་གནས་པ་སྟེ། དེའི་ཡོན་ཏན་ནི་རིགས་ལྔ་དག་གིས་ལ་སོགས་པ་སྟེ་གོ་སླའོ།། དེ་ཡང་གསང་བུ་ལ་སོགས་པའི་ཐུན་མོང་ཤིང་གཅིག་ལ་སོགས་པ་སྟེ། ཤིང ་གཅིག་ནི་ཤིང་གཞོན་གྱི་གྲིབ་མས་མཱ་ཕོག་པའོ།། དུར་ཁྲོད་ནི་རོ་མང་པོ་གནས་བྱའོ།། མཱ་མོའི་ཁྱིམ་ནི་འཇིག་རྟེན་ན་གྲགས་པ་མ་མོ་བདུན་གྱིས་གནས་སོ།། མཚན་མོ་ནི་དུས་མཚན་མོ་རྒྱུ་བའི་གནས་སོ།། དབེན་པ་ནི་སྐྱེ་བོ ་རུང་བའོ།། བས་མཐའ་ནི་དགོན་པའི་ཚད་དེ། རྒྱང་གྲགས་གཅིག་གམ་མཚོའི་ཀློང་ངམ་གྲིབ་གཡོགས་ཀྱིས་ཆོད་པའོ།། དེ་ནི་ཕྱེ་སྟེ་བསྐྱེད་པའི་རིམ་པ་དང་ཐུན་མོང་ངོ་།། འདིར་བསྐྱེད་པའི་རིམ་པ་ལ་བརྟེན་ནས་གནས་དང་སྤྱོད་པ ་སྟོན་པ་ཡིན་ནུ་ཕྱག་རྒྱ་མོ་དང་རྦ་རླུང་དང་རྫོགས་རིམ་ལ་འབྲེལ་པ་ཡོད་དོ་ཞེ་ན། དེ་བདེན་དེ་སྔར་ནི་མ་སྨིན་པའི་དབང་དུ་བྱས་ལ་དེ་ཡང་གང་གིས་དངོས་གྲུབ་མཐར་འགྲོ་བ་ནས་ཚིག་རྐང་གསུམ་བརྗོད་པ་དང་། ཧེ་རུ་ཀ་སྦྱོར་ནས་ཁ་དོག་ལྔ་ལ་རྣམ ་པར་གནས་ཞེས་ཟེར་བས་སོ།། འདིར་ནི་དཔེར་ན་ཨ་མྲའི་འབྲས་བུ་དང་འདྲ་སྟེ་ཕྱི་ནང་གཉིས་ཀ་མ་སྨིན་པའི་རྡོ་གི་ལ་ཐབས་གཙོ་བོར་བྱས་ཏེ། ལས་ཀྱི་ཕྱག་རྒྱ་ལ་བསྟེན་པ་དང་། ཕྱི་སྨིན་ཅིང་ནང་མུ་སྨིན་པའི་ཛེ་ག་ལ་ཐབས་ཤེས ་རབ་ཟུང་འབྲེལ་གྱི་སྒོ་ནས་རྩ་རླུང་ལ་བརྟེན་པ་དང་ཕྱི་ནང་གཉིས་ཀ་སྨིན་པའི་རྣལ་འབྱོར་པ་ལ་ཤེས་རབ་གཙོ་བོར་བྱས་ཏེ། ནུ་མཁའ་ལམ་ཁྱེར་ཏེ་མན་ངག་ལ་བརྟེན་པའོ།། དེ་ཡང་འོག་ནས་ཆོས་འབྱུང་ལས་སྐྱེས་ཡེ་ཤེས་ནི ་ན་མཁའ་མཉམ་ལྷན་ཅིག་ཐབས་དང་བཅས་ཞེས་པ་དང་། གང་ཕྱིར་ཡིད་ཀྱིས་མི་བསྒོམ་པར།། འགྲོ་བ་ཐམས་ཅད་བསྒོམ་པར་ཞེས་དོང་། གཞན་གྱིས་བརྗོད་མེད་ལྷན་ཅིག་སྐྱེས་པ་ནས་བླ་མའི་དུས་ཐབས་ཞེས་པའོ།། དེས ་ན་འབྲེལ་པ་ཡོད་པའོ།། ལུས་ཤེས་རབ་ལ་བརྟེན་པ་ལུས་ཀྱི་ཕྱག་རྒྱའི་ཁྱད་པར་ལ་སྟེ། ཤིང་གཅིག་ནི་གཏུམ་མོའོ།། དུར་ཁྲོད་ནི་གཡུང་མོའོ།། མ་མོའི་ཁྱིམ་ནི་གར་མའོ།། མཚན་མོ་ནི་ཆོས་མའོ།། དབེན་པ་དང་བས་མཐའ ་ནི་བྲམ་ཟེ་མའོ།། དེ་དག་ཅིའི་ཕྱིར་ཞེ་ན། རྣམ་པར་རྟོག་པ་འཇོམས་པ་ལ་དཔའ་བ་དང་སྨེ་ཞིང་རིག་ཏུ་མི་རུང་བ་དང་མང་པོ་དག་ཏུ་འགྱུར་ཞིང་སྤྱོད་པ་དང་། ཐ་མལ་པའི་རྣམ་པ་སྒྱུར་བ་དང་། ཉོན་མོངས་པ་དང་རྣམ་པར་རྟོག་པའི ་སྐྱོན་དང་བྲལ་བའི་ཕྱིར་རོ།། རང་ལུས་ཐུབས་ལ་བརྟེན་པ་ནི་ཤིང་གཅིག་ཨ་བ་དྷཱུ་ཏཱིའོ།། དུར་ཁྲོད་ནི་བྱ་རོག་གི་གདོང་ཅན་ནོ།། མ་མོའི་ཁྱིམ་ན་རྩ་གཞན་དྲུག་གོ།། དུས་མཚན་མ་ནི་འཁོར་ལོ་གསུམ་མོ།། ་དབེན་པ་འམ་པས་མཐའ་ནི་བདེ་བ་ཆེན་པོའི་འཁོར་ལོའོ།། དེ་དག་ཅིའི་ཕྱིར་ཞེ་ན། དེ་ཉིད་དུ་འདུ་ཞིང་དེ་ལས་བྱེང་བ་དང་རང་གིས་བསྐུལ་བ་གཡོ་བ་དང་བྲལ་བ་དང་དེ་དག་ཏུ་བྱང་ཆུབ་སེམས་འཆར་བ་དང་གནས་གསུམ་དུ་ངལ་སོ་ཞིང ་ནུབ་པ་དང་ཆགས་པ་དང་ཆགས་བྲལ་གྱི་སྐྱོན་དང་བྲལ་བའི་ཕྱིར་རོ།། གཉིས་སུ་མེད་པ་ཕྱག་རྒྱ་ཆེན་པོ་ནི་ཤིང་གཅིག་ནི་ཤེས་རབ་ལྷ་མོ་བླ་ན་མེད་པའོ།། དུར་ཁྲོད་ནི་ལུས་སོ།། མ་མོའི་ཁྱིམ་ནི་དབང་པོ་ལྔའི་གྲོང་ཁྱེར་རོ།། ་མཚན་མོ་ནི་ཡིད་དོ།། དབེན་པ་འམ། བས་མཐའ་ནི་དེ་དག་གིས་ཐབས་སོ།། དེ་དག་ཅིའི་ཕྱིར་ཞེ་ན། ཀུན་ཕྱག་རྒྱ་ཆེན་པོ་ལས་སྐྱེས་པ་དང་། འདི་དག་གི་ཁོང་ན་མི་གསལ་གཟུགས་སུ་གནས་པ་དང་། འདི་དང་མི་བྲལ་བ ་བཞིན་དུ་རྗེས་སུ་འབྲང་བ་དང་སྤྱིའི་རྣམ་པ་མི་གསལ་བར་འབའ་ཞིག་ལྷ་དམིགས་པ་དང་ཡིད་དང་བས་དབང་པོ་དང་ལྀ་དེས་ཡེ་ཤེས་རང་འབར་བའི་ཕྱིར་རོ།། བསྒོམ་པ་བཟང་བར་བརྗོད་པར་བྱ་ཞེས་པ་ནི་དེ་ལྟ་བུ་དག་གིས་ནི་ལྷན་ཅིག་སྐྱེས ་པའི་དོན་མི་བཟའ་བར་སྐྱེ་བའི་ཕྱིར་རོ།། དེ་ཡང་བསྐྱེད་རིམ་དང་ཐུན་མོང་དུ་ཤིང་གཅིག་ལ་སོགས་པའི་ཕྱི་རོལ་གྱི་གནས་སུ་བཤད་པའི་ཚེ་གསང་བའི་སྤྱོད་པའི་ཐུན་མོང་མ་ཡིན་པ་ལ་བཤད་ཚུལ་སོ་སོར་སྦྱར་བ་ཐུན་མོང་དག་ཏུ་ཡང ་གནས་སོ།། འདི་རྣམས་ཀྱི་ཆོ་ག་ཁ་བསྐུང་བ་ནི་སྔ་མ་དང་འདྲའོ།། ད་ནི་དུས་བསྟན་པའི་ཕྱིར། ཅུང་ཟད་དྲོད་ནི་ཐོད་པ་ན་ཞེས་པ་ནི། དེ་ཡང་ཕྱག་རྒྱ་ཆེན་པོའི་མུན་ངག་ཉམས་སུ་ལེན་པས་ནི། གསང་བའི་སྤྱོད་པའི་དྲོད་དོ།། དབང་པོ ་རང་སྣང་གི་མནྟྲ་རཱག་ཀྱི་ཅུང་ཟད་སྟོན་པའི་རྗོད་དོ།། སྤྱོད་ལམ་དང་བསྐྱེ་བའི་མུནྱ་ངག་ནི་ཕྱི་རོལ་གྱི་དངོས་པོས་མི་འགྱུར་བ་ནི་སྨྱོན་པའི་བརྟུལ་ཞུགས་ཆེན་པོའི་དྲོད་དོ།། དེ་དག་ནི་ནུས་པའི་ཚད་ཀྱི་དུས་ཡིན་ལ། ད་ནི་རྒྱུ་མཚན་གྱི ་དུས་བསྟན་པའི་ཕྱིར། གང་ཚེ་སྤྱོད་པ་བྱེད་འདོད་ནོ་ཞེས་བྱ་སྟེ། གཞན་གྱི་དོན་དུའོ།། གུང་ཚེ་འགྲུབ་འགྱུར་འདོད་ཡོད་ན་ཞེས་པ་ནི་རང་གི་དོན་དུའོ།། གང་འགྲུབ་འགྱུར་འདིས་ནི་སྤྱོད་པ་སྤྱད་པ་ཉིད་ཅེས་པ་ནི་དེ་གསུམ་གྱི་ཚེ་སྤྱོད ་པ་བྱ་བ་ཁོ་ནའོ།། དེ་ནི་གསང་བ་ལ་སོགས་པའི་ཐུན་མོང་ངོ་།། ཤིན་ཏུ་བཞིན་བཟང་ལ་སོགས་པ་ཚོགསུ་བཅད་པ་གཉིས་ཀྱིས་གྲོགས་བསྟན་ཏོ།། གསང་བའི་སྤྱོད་པ་ཐུན་མོང་མ་ཡིན་པའོ།། ཤིང་གཅིག་པ་ལ་སོགས་པ་ཡང ་གྲོགས་བསྟེན་པ་ལ་མི་འགལ་ལམ་ཞེ་ན། མ་ཡིན་ཏེ་དེ་ནི་བཤད་པའི་ཚུལ་སྒྱུར་བ་ཡིན་ལ། འདིར་ནི་དངོས་སུ་བསྟན་པའི་ཕྱིར་རོ།། གང་ཚེ་དགའ་བ་ལ་སོགས་པ་ནི་གླུ་དང་གར་ལ་སོགས་པ་ནི་སྤྱོད་པའི་ངོ་བོས་བསྟན་ཏེ། ་གོ་སླའོ།། དེ་ལ་ཕྱག་རྒྱའི་རྣམ་དག་དང་བཟའ་བཏུང་གི་ཡོན་ཏན་ནི་རང་དང་འབྲེལ་པར་ཤེས་པར་བྱའོ།། ད་ནི་ཅུང་ཟད་སྐྱོན་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་བསྟན་པའི་ཕྱིར། རྐུན་མའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིའི ་ཆ་བྱད་གཞན་ནི་སྨད་གཡོགས་ཁ་དོག་སྣ་ཚོགས་དང་ཞེས་པ་ལ་སོགས་བརྟགས་པ་ཕྱི་མར་བསྟན། འདི་ནི་ཚིགས་བཅད་པ་ཕྱེད་དང་གསུམ་གྱིས་ཆ་བྱུད་བསྟན་ཏེ་གོ་སླའོ།། རང་ལུས་ཐབས་དང་། ་ལྡན་པ་དེས་གླུ་དང་གར་གྱི་སྙོམས་པར་འཇུག་པ་དེས་སྤྱོད་པ་མ་ཡིན་ཏེ། དེས་ན་ཅང་ཏེ་སྒྲ་ནི་བླངས་པ་སྟེ། ཞེས་པ་ནི་གླུ་དང་འདྲུ་བའི་སྤྱོད་པའོ།། ཁ་ཊྭཱཾ་ག་བསྒོམ་ཤེས་རབ་ནི་གར་དང་འདྲའོ།། རྡོ་རྗེ་ཐོད་པའི་སྤྱོད་པ ་ཡིས་ཞེས་པ་ནི་སྙོམས་པར་འཇུག་པ་ལྟ་བུའོ།། འདི་དག་ཟླས་པ་དང་བསྒོམ་པ་ཡིན་ཞེས་པ་ནི་ཆེ་བའི་བདག་ཉིད་དེ། བཟླས་བསྒོམ་དང་ལྡན་པའི་སྙོམས་འཇུག་གི་སྤྱོད་པའོ།། བརྐམ་དང་རྨོངས་ལ་སོགས་པའི་ཚོགས ་བཅད་གཅིག་གིས་ནི་བསམ་པའི་ཁྱད་པར་ནི་གོ་སླའོ།། སྤྱིར་སྤྱོད་པ་མ་བྱས་པས་སངས་མི་རྒྱ་འམ་ཞེ་ན། མི་རྒྱུ་སྟེ་སྤྱོད་པ་བྱེད་པ་ཁོ་ནུ་སྟེ། དཔེར་ན་མི་འགའ་ཞིག་སྦས་པས་འཇིགས་པ་འམ། འདི་ལ་ཅིའི་ཕྱིར ་འཇིགས་གནོད་པའི་རྩལ་ཀྱང་མེད་ནི། འབུགས་པའི་མཆུ་ཡང་མེད་ལའོ། སྤྱོད་པའི་སོ་ཡང་མེད་པའི་ཕྱིར་འཇིགས་པར་མི་བྱའོ།། ཞེས་བརྗོད་ཀྱང་། ད་དུང་དུ་བག་ཚ་བ་དང་ལྡན་ཏེ། དེས་རེག་པ་དང་གནོད་པའི ་སྦྱོར་བ་བྱེད་པས། དེས་སྔ་མའི་དོན་དེ་ཁོང་དུ་ཆུད་ནས་འཇིགས་པ་མེད་པ་ཐོབ་བོ།། དེ་བཞིན་དུ་དངོས་པོ་ལ་མངོན་པར་ཞེན་པོ་ལྟ་བས་རང་བཞིན་མེད་པར་རྟོགས། སྒོམ་པས་ཀྱང་དེ་ལྟར་བསྒོམ་ཀྱང་དངོས་པོ་ལ ་མངོན་པར་ཞེན་པ་ད་དུང་སྐྱེ་བས། སྤྱོད་པ་བྱ་དགོས་ཏེ་གཙང་བ་དང་མི་གཙང་བ་དང་། སྡུག་པ་དང་མི་སྡུག་པ་དང་ཞེ་སྡང་བ་དང་མི་སྡང་བ་དང་། བསྟོད་པ་དང་སྨད་པ་ལ་སོགས་པ་དངོས་པོ་ལ་མངོན་པར་ཞེན་པས ་སྐྱེ་བས་རོ་མཉམ་པའི་སྤྱོད་པ་བྱ་དགོས་སོ།། ཡང་སྤྱོད་པ་འདི་གསུམ་མཐུར་ཆགས་བྱ་དགོས་སམ་མི་དགོས་ཞེ་ན། ཎྜ་ལ་ལ་དག་ནི་མཐར་ཆགསུ་ཡང་བྱ། ལ་ལ་དག་ནི་ཐོད་རྒལ་དུ་ཡང་སྤྱོད་དེ། སྤྱོད་པ་སྤྱོད་ལྡུམ ་དུ་བྱ། སྤྱོད་ལམ་དབང་པོ་རང་སྣང་དུ། དབང་པོ་རང་སྣང་ཕྱག་རྒྱ་ཆེན་པོར་སྦྱར་ལ། དེ་ནས་རྟགས་གསུམ་པོ་ལས་བྱར་པ་ལས་བྱེད་པ་ཡང་སྲིད་ཐ་མ་ལ་བྱེད་པ་ཡང་སྲིད་དོ།། བཤད་པའི་རྒྱུད་ནས་ནི་སྤྱོད་པོ་བཞི་རུ ་བརྟོགས་ཏེ།། རྒྱལ་ཚབ་ཀྱི་སྤྱོད་པ་དང་། རིགས་པ་བརྟུལ་ཞུགས་ཀྱི་སྤྱོད་པ་དང་། ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་དང་། ཨ་བ་དྷཱུ་ཏཱཾ་སྤྱོད་པའོ།། དེ་དག་དྲང་འདི་དག་ཅི་རིགས་སུ་གསུང་ཕན་ཚུན་དགོངས་པ ་ཤེས་པར་བྱའོ།། དེ་ནི་སྐྱོན་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་བསྐྲུན་པའི་ཕྱིར་ཚིགསུ་བཙོད་པ་གསུམ་གསུངས་ཏེ། འདི་རྣམ་པ་གཞན་བསྟན་པའི་ཕྱིར། བརྟག་པ་ཕྱི་མ་ལས་བཟའ་བཏུང་ཇི་ལྟར་རྙེད་པ་ལྟར་བཟའ ་ཞེས་པ་ལ་སོགས་པ་བསྟན་ཏོ།། ལུས་ཀྱི་སྦྱིན་པ་བྱིན་ནས་ནི་ཞེས་པ་ནི་ལུས་དང་སྲོག་ལ་མི་ལྟའོ།། ཕྱི་ནས་སྤྱོད་པ་ཡང་དག་སྤྱད་ཅེས་པ་ནི་དེ་ལྟ་བུ་དང་ལྡན་པའོ།། ལུས་ཀྱི་སྦྱོར་བ་ཇི་ལྟ་བུ་ཞེ་ན། དེ་བསྟན་པའི ་ཕྱིར་སྐལ་དང་སྒྲལ་མེད་རྣམ་དཔྱང་ནུས་ཞེས་པ་སྟེ། སྦྱིན་པའི་གནས་ཡིན་པ་དང་མ་ཡིན་པ་སྐྱེ་སྦྱིན་པ་བྱེད་པ་དང་མི་བྱེད་པར་རོ།། དེའི་ཕྱིར་སྦྱིན་པ་སྦྱིན་མི་བྱ་ཞེས་པ་ནི་དེ་ལྟར་བརྟགས་ཤིང་དཔྱང ་ནས་སྦྱིན་པར་བྱ་བ་མ་ཡིན་པའོ།། སྤྱོད་པ་ནི་གླུ་དང་ལྡན་པའི་སྒོམ་པར་འཇུག་པ་ཙཽརྱཱ་པ་ཡིན་ན། འདིར་ཇི་ལྟར་བྱེད་ཅེ་ནོ།། འདིར་ནི་ཕྱག་རྒྱ་ཆེན་པོ་རང་སྣང་བའི་མོན་ངག་གླུ་གཽར་དང་སྙོམས་འཇུག་ཡོངས་སུ་རྫོགས་པ་དེ། ་དེ་ཡང་བཟའ་བཅའ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱི་བསྟན་ཏེ། བླ་མ་དམ་པའི་ཞལ་ལས་ཤེས་པར་བྱའོ།། དཱ་ནི་སྤྱོད་པ་ལོ་འཇུག་པའི་ཚུལ་སྤྱིར་ཤེས་པར་བྱའི་ཚུལ། དངོས་གྲུབ་རྙེད་པའི་སློབ་མི་གང་ཤེས ་པ་ནི་སྐྱོབ་མ་གང་གིས་དངོས་གྲུབ་ཐོབ་པའོ།། ཡང་དེ་དང་ངོ་། ཡང་དག་ཡེ་ཤེས་སྣང་བ་པོ་ཞེས་པ་ནི་དེ་ཉིད་དངོས་གྲུབ་ཡིན་པའོ།། ཡང་ནཱ་དེ་ཡིས་ཀྱང་ངོ་།། མནར་མིང་སྤངས་པའི་རྒྱུ་ཡི་ཕྱིར་ཞེས་པ་ནི་ཡོན་ཏན་དེ་ཡིས ་མི་བསྐྱེད་པ་སྟེ་བླ་མ་ལས་བྱུང་བ་གཙོ་བོ་ཡིན་པའི་ཕྱིར། འོ་ན་ཇི་ལྟར་བྱ་ཞེ་ན་གོང་མ་ལྟ་བུ་གྲུབ་པས་ཀྱང་བླ་མ་ལ་ཕྱག་བཙལ་བའོ།། ད་ནི་སྤྱོད་པའི་རང་བཞིན་དམ་ཚིག་དང་སྡོམ་པ་བསྟན་པའི་ཕྱིར་ཚིགསུ་བཅད་པ ་གཉིས་སྟོན་ཏོ།། དེ་ཡང་གོ་རིམས་བཟློག་ཏེ་བསྟན་པ་དང་བཤད་པར་གནས་པའོ།། དེ་ཡང་ཞབས་ཀྱི་ཚིག་རྐང་གཉིས་དང་དམ་ཚིག་སྡོམ་པ་རྣམ་པར་གྲོལ་ཞེས་པ་ནི་དམ་ཚིག་གི་བྱ་བའི་ཚུལ་ལོ།། སྡོམ་པ་ནི་བསྲུང་བའི ་ཚུལ་ནས་སོ།། རྣལ་འབྱོར་ལྡན་པས་སྤྱོད་པ་བྱེད་ཅེས་པ་ནི་མི་བྱེད་པ་དང་། སྤྱོད་པ་གཉིས་ཀ་དོན་གཅིག་སྟེ་མཉམ་པའི་དོན་དང་ལྡན་པས་སོ།། དེ་དག་གི་བཤད་པ་ནི་བསླབ་དང་ཆོ་ག་རྣམ་པར་གྲོལ་ཞེས་བྱ་བ་ལ་སོགས་པ་སྟེ ་སྲོག་གཅོད་པ་སྤྱོང་པ་དང་། གོས་གསུམ་རྗེ་བ་དང་ཁྲུས་བཞི་ལ་སོགས་པ་སྡོམ་པ་མི་བྱེད་པ་དང་སྦྱིན་སྒེག་མཆོད་སྦྱིན་ཞེས་དཀྱིལ་འཁོར་བ་དང་བསམ་གཏན་དང་སྔགས་དང་ཕྱག་རྒྱ་དང་འཕྲིན་ལས་ལོ་སོགས་པ་བྱ་བ ་ཐམས་ཅད་ཀྱང་མི་བྱེད་དེ། དེ་དག་ཐམས་ཅད་ཀྱང་རོ་མཉམ་པའི་ཕྱིར་གཉིས་ཀ་མཚུངས་སོ།། དེ་ནི་སྤྱོད་པའི་རྣམ་པོའི་ཚུལ་སྤྱིར་བསྟན་པའི་ཕྱིར་ངེས་པར་སྔོན་དུ་ཞེས་པ་ལ་སོགས་པའི་ཚིགསུ་བཅད་པ་གཅིག་གིས་བསྟན་ཏེ། ་གོ་སླའོ།། དེ་ཡང་བླ་མ་ཕུ་ལ་ཧ་རི་བའི་ལུགས་ཀྱིས་སྨྱོན་པའི་བརྟུལ་ཞུགས་ཆེན་པོའི་རྣམ་པ་ཡིན་པར་འཆད་དོ།། ད་ནི་སྤྱོད་པའི་རྒྱུ་སྤྱིར་བསྟན་པའི་ཕྱིར་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། རྟག་ཏུ་སྙིང་རྗེ་ཞེས་པ་སྟེ་གཞན་གྱི ་དོན་དུའོ།། བཏུང་བར་བྱ་རྣལ་འབྱོར་བཏུང་དགའ་ཞེས་པ་ནི་བདག་གི་དོན་དུ་སྟེ། དེ་ཡང་སམྦ་ལའི་སྒྲས་རྒྱགས་ཞེས་བྱའོ།། ས་མ་ནི་མཉམ་པ་འམ་ཡོང་དག་པའོ།། བ་ལ་ནི་སྟོབས་ཏེ་བདེ་བའོ།། རྣལ་འབྱོར་བཏུང་གཞན ་གྱི་བཟི་བ་མེད་ཅེས་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་རྒྱགས་མ་ཡིན་པས་ཚིམ་པ་མེད་པའི་ཕྱིར་རོ།། སྤྱོད་པ་འོག་མོ་གཉིས་ཀ་ལ་གོང་དུ་བསྟན་པའི་དངོས་པོར་བཤད་པ་སྤྱིར་འགྲོ་བ་ནི་གཉིས་ཀ་ལ་སྦྱར་རོ།། སྤྱོང ་པའི་ལེའུ་སྟེ་དྲུག་པའོ།། ། དེ་ནས་ཞེས་པ་ནི་རྗེས་ལ་སྟེ་སྤྱོད་པའི་ཡན་ལག་དུའོ།། བཛྲ་ནི་ཌྷོ་མ་སྟེ། སྡུས་པའི་དོན་སྟོན་པ་འམ། སམྦྷི་ཏ་སྟེ་དོནྡ་ཟུར་གྱིས་སྟོན་པས་ནུ་ལུས་ཀྱི ་རྔའོ།། ངག་གི་སཱཾ་བཱི་ཏ་འམྱ། སམྦྷཱ་པ་ཤྭ་སྟེ་དགོས་པའི་སྐད་དམ་ཚིག་གི་བརྡའོ།། མི་ལ་ཙ་ཀླ་ཀྵོའི་སྐད་དུ་ཞེས་བྱ་སྟེ། འཇིག་རྟེན་པོ་ལ་གསང་བའི་དགོངས་པའོ།། དེ་ཡང་བརྟག་པ་ཕྱི་མཾ་ལས་སྟོན་ཏེ། ལེའུ་བཤད ་བྱར་བྱའོ།། ཞེས་པ་ནི་སྦྲིད་པ་པོ་ཁྲུས་ལེན་པ་སྟེ། བརྡ་དང་དེའི་ཡན་ལག་གནས་ལ་སོགས་པ་ཡང་སྟོན་ཏོ།། ད་ནི་བཛྲེའི་དགོས་པ་བསྟན་པའི་ཕྱིར། གང་གིས་སྤུན་དང་སྲིང་མོར་ཡང་ཞེས་པོ་ནི་རྣལ་འབྱོར་ཕ་དང་མའོ།། ཐེ ་ཚེམ་མེདུ་པ་བཤེས་པར་བྱ་བ་ཚོགས་ཀྱི་སྤྱོད་པའི་སྐལ་བྱ་དང་ལྡན་པར་རོ།། ད་ནི་དབང་གི་བརྡ་ཤེས་པར་བྱ་བའི་ཕྱིར་ཅུང་ཟད་གོ་བསྣུར་ཏེ། གཡོན་གྱི་མཐེ་བོང་བཅངས་པ་ལས་ཞེས་པ་ནི་ཕྲལ་པ་ལས་ཁྱད་པར ་དུ་བྱ་བྱའི་ཕྱིར་གཉིས་ཀས་ཀྱང་ལག་པ་གཡོན་པ་གིས་བྱའོ།། མཐེ་བོང་བཅངས་པས་ཕྱག་ཅེས་དྲིས་པ་དང་ཕྱག་རྒྱའི་ལོན་དུ་གཡོན་གྱི་མཐེ་བོང་བཅངས་པ་ལས། བསྙུན་གྱི་ཕྱག་རྒྱར་རྣམ་པར་ཤེས་ཞེས་བྱའོ།། གྲང་གི ་སོ་རི་མོ་གཙོག་གི་སྟོན་པ་ཞེས་པ་ནི་སོར་མོ་ཚོགས་པ་གཅིག་པ་སྟེ། བུམ་པའི་དབང་དྲི་བོའི་ཕྱག་རྒྱའོ།། གཉིས་ཀྱིས་ལེགས་པར་འོངས་པ་ཡིན་ཞེས་པ་ནི་དེ་ལྟ་མོད་ཀྱི་གསང་བའི་དབང་ལ་ཡང་རེག་པ་ཡིན་ཞེས་པའི ་ཕྱག་རྒྱའི་ལན་ནོ།། ཡང་ཅུང་ཟད་གོ་བསྒྱུར་ཏེ་གང་གི་སྲིན་ལག་སྟོན་པ་ལ་ཞེས་པ་ནི་མཐེ་བོ་དང་བཅས་པ་སྟེ། གསང་བའི་དབང་དྲིས་པའོ།། དེའི་འདྲེན་པ་རབ་ཏུ་བསྟན་ཞེས་པ་ནི་ལོངས་སྤྱོད་པ་སྟེ། བསང་བའི་དབང་ཐོབ་པའི་ལན་ནོ།། ་གྲོང་ཞིག་སྦྱིན་ལག་སྟེར་བ་ལྔ་ཞེས་པ་ནྀ་ཤེས་རབ་ཡེ་ཤེས་དྲིས་པའོ།། སོར་མོ་གསུམ་པས། དབང་གསུམ་བརྡ་ཡིས་བསྟན་པའོ།། དེའི་མཐེའུ་ཆུང་རྣམ་པར་སྨིནྡ་ཞེས་པ་ནི་དེ་ལྟ་མོད་ཀྱི་བཞི་པ་ལ་རེག་གོ་ཞེས་བྱ་བའི་དོན་ནོ།། གང ་གྲི་གུང་མོ་སྟོན་པ་ལ་ཞེས་པ་ནི་བཞི་པའི་དོན་དབུ་མ་དྲིས་པའོ།། དེའི་མཛུབ་མོ་རྣམ་པར་སྦྱིན་ཞེས་པ་ཚིག་དབང་རིན་པོ་ཆེ་ཉེ་བར་གྲོལ་ལོ་ཞེས་པའི་ལན་ནོ།། ད་ནི་རྩིའི་མན་ངག་བསྟན་པའི་ཕྱིར་གང་གི་སོ་ནི་སྟོན་པོ་ལ་ཞེས་པ་ནི་བདེ་བ ་ཆེན་པོའི་འཁོར་ལོའི་རྩའི་དབྱིབས་པ་ཏི་སྭ་ཏེ། ཐོད་ལྟ་བུར་གནས་པ་དྲིས་པའོ།། དེ་ཡིས་རྩེ་གསུམ་རྣམ་པར་བསྟན་ཞེས་པ་ནི་དེ་ཡང་རྩ་གསུམ་ལས་གྱུར་པ་དང་རྩ་གསུམ་ལས་འབེབས་པའི་ལྡན་ནོ།། རྩ་ལ་བརྟེན་པའི་བྱང་ཆུབ ་སེམས་ཇི་ལྟ་བུ་ཞེས་པ་ནི་ཀུན་རྫོབ་ལྷན་ཅིག་སྐྱེས་པའི་མན་ངག་བསྟན་པའི་ཕྱིར། གང་ཞིག་ནུ་མ་སྟོན་པ་ལ་ཞེས་པ་ནི་ཀུན་ད་ལྟ་བུ་གང་ན་གནས་ཞེས་དྲིས་པ་ལ། དེའི་མཚམས་ནི་རབ་ཏུ་བསྟན་ཞེས་པ་སྟེ། མཚམས་ནི་སོ་མ་སྟེ་སཱིར ་ཞེས་པས་འཚོགས་མ་ན་གནས་ཞེས་པའི་དོན་ཏོ།། གང་ཞིག་ས་ནི་སྟོན་པ་ལོ་ཞེས་པ་ནི་ཀུན་ད་སྐྱེས་པའི་ཤེས་རབ་མ་དྲིས་པའོ།། དེ་ཡི་ཁ་ནི་རབ་ཏུ་བསྟན་ཞེས་པ་ནི་ཉེ་བར་ལོངས་སྤྱོད་ཅེས་པའོ།། གླེགས་བམ་ལ་ལར་འཁོར་ལོ་བསྟན་པ་ནི ་ཤེས་རབ་མ་ལ་སྤྱི་བོས་བཏུང་བའོ།། གང་གིས་ཁྲོ་གཉེར་བསྟན་པ་ལ་ཞེས་པ་ནི་འདོད་ཆགས་ཀྱིས་འཆིང་བར་མི་འགྱུར་རམ་ཞེ་ན་དྲིས་པའོ།། གཙུག་པུད་དགྲོལ་བར་བརྗོད་པར་བྱ་ཞེས་པས་ནི་ལྷན་ཅིག་སྐྱེས་པའི་རོ་ལ ་ལོངས་སྤྱོད་པའོ།། ཀུན་རྫོབ་དེ་ལ་བརྟེན་པའི་སེམས་ཇི་ལྟ་བུ་ཞེ་ན། ད་ནི་དོན་དམ་ལྷན་ཅིག་སྐྱེས་པ་བསྟན་པའི་ཕྱིར། གང་ཞིག་དཔྲལ་བ་སྟོན་པ་ལ་ཞེས་པ་ཡེ་ཤེས་གང་སྔོན་དུ་བྱས་པ་དྲིས་པའོ།། དེ་ཡི་རྒྱབ་ནི་རབ་ཏུ་བསྟན་ཞེས་པ་ནི་སྐྱོན་དུ ་བྱས་པ་སྤོང་བའི་ལན་ནོ།། གང་ཞིག་རྐང་མཐིལ་སྟོན་པ་ལ་ཞུས་པ་ནི་མངོན་དུ་རྟོག་པ་མེད་ནི་ལྟུང་བ་མི་འགྱུར་ཞེས་དྲིས་པའོ།། དགའ་བར་རྣམ་པར་རོལ་པར་བྱ་ཞེས་པས་ལྷན་ཅིག་སྐྱེས་པོའི་རོ་ལ་ལོངས་སྤྱོད་པའོ།། ཡང་གླེགས་བམ་ལ་ལར་ལྷོ་ཡིས ་རྣམ་པར་སྐྱེ་བར་བྱ་ཞེས་པ་ནི་དཔེས་སྟོན་སྟེ་ཅི་དགའ་བར་ཉོན་མོངས་པས་མ་གོས་པར་ཞེན་པ་མེད་པའི་ཐ་ཚིག་གོ།། ཕྱག་རྒྱ་ཕྱག་རྒྱའི་ལན་གྱིས་ནཱི་ཞེས་པ་ནི་དྲིས་པོ་དང་ལན་ནོ།། དམ་ཚིག་ཅན་གྱི་རྣམ་པར་དབྱེ་ཞེས་པ་ནི་དེ་ལྟར་བྱའོ།། མཐུ་མཇུག ་བསྡུས་པའོ།། ད་ནི་སྤྱོད་པའི་བརྡ་བསྟན་པའི་ཕྱིར། དེ་ལ་རྣལ་འབྱོར་མས་སྨྲས་ཞེས་པ་སྔོན་འབྱུང་དུ་བདག་མེད་པ་ལ་སོགས་པ་ཟབ་པའི་ཁྱད་པར་བསྟན་པའོ།། ཨེ་མ་བུ་ནི་སྙིང་རྗེ་ཆེ་ཞེས་པ་ནི་རྡོ་རྗེ་སྙིང་པོ་སྤྱི་ཞུར་བོས་པའོ།། གལ་ཏེ་ཕྲེང ་བའི་ལག་སྟོན་ན་ཞེས་པ་ནི་མ་འོངས་པའི་དུས་སུ་རྣལ་འབྱོར་མ་རྣམས་ཕྲེང་བ་སྟོན་པ་ན་ཞེས་པའོ།། འདུ་བར་བྱ་ཞེས་སྨྲ་བ་ཡིན་ཞེས་པ་ནི་སྙོམས་འཇུག་ལ་མངོན་པར་ཕྱོགས་པ་འམ། ཕྲེང་བ་མངོན་པར་གཏོར་བྱེད་ན་ཞེས་པ་ནི་མ་འོངས ་པའི་དུས་སུ་སྟེར་བའོ།། འདིའི་དོན་ནི་སྔོན་བྱུང་དང་རྗེས་འཇུག་རྣམ་པ་གཉིས་ཏེ། སྔོན་བྱུང་ནི་རྡོ་རྗེ་འཆང་གི་འཁོར་ན་བྱང་ཆུབ་སེམས་དཔའ་རྣམས་དང་རྡོ་རྗེ་མཁའ་འགྲོ་མ་རྣམས་འདུ་བའི་དུས་སྐུ་ལུས་ཀྱི་བརྡ་རྣམས་འོག་ནས་འབྱུང ་བའི་ངག་གི་བརྡ་རྣམས་བརྡ་དང་བརྡའི་ལན་དུ་བསྟན་ཏེ། རྡོ་རྗེ་སྙིང་པོ་ལ་སོགས་པ་མ་འོངས་པའི་དུས་སུ་ལུས་ཀྱི་བརྡ་དང་ངག་གི་བརྡ་རྣམས་ཀྱིས། རྣལ་འབྱོར་པ་དང་རྣལ་འབྱོར་མ་རྣམས་སོ་སོར་འདུ་བའི་བརྡ་དང་མཱན་དགུ ་མཚོན་པའི་བཛྲ་སྟེ། འཇིག་རྟེན་པ་ལས་བཟློག། བས་ནཱ་དྲི་བ་ཡང་གཡོན་པས་བྱ་ལ། ལན་ཀྱང་གཡོན་པས་གདབ་བོ།། སྔར་གྱི་ཚེ་ལ་བརྡ་རྒྱང་པོའི་ལན་དུ་ཀུན་ལོ་སྦྱར་བར་བྱའོ།། བརྟུལ་ཞུགས་དམ་ཚིག་ཤིན་ཏུ ་ནོས་ཤེས་པ་ནི་སྙོམས་འཇུག་གི་སྤྱོད་པ་ལ་གནས་པའོ།། དུ་ནི་དེ་བཞིན་དུ་གཞན་ལ་ཡོང་གདམས་པའི་ཕྱིར་རོ།། ཕྱི་རོལ་དེར་ནི་འདུས་པ་ལ་ཞེས་པ་ནི་ཕྱི་འམ་ནང་གིས་འདུས་པ་ཀུན་ལའོ།། བཟང་པོའི་སྤྱོད་ཡུལ་ལ་གནས ་ཞེས་པ་ནི་གནས་ས་ལ་སོགས་པ་བཟང་པོར་འདུ་བའོ།། དེ་ཡང་ཕྱི་འདུ་བ་ཡིན་ལ་ནང་ནི་བཟང་པོ་ནི་རྣོལ་འབྱོར་པའོ།། སྤྱོད་ཡུལ་ནི་མའོ།། འདུ་བར་ཞེས་པ་ནི་རིག་པའི་བརྟུལ་ཞུགས་ཀྱི་ཐབས་སོ།། ཡོང་བཟང་མོ་ནི་ཉོན ་མོ་ལ་འཚོགས་པའི་དུས་སོ།། སྤྱོད་ཡུལ་ཏེ་མཚན་མོ་ལ་སྤྱོད་པའི་དུས་སོ།། རྣལ་འབྱོར་མས་སྤྲས་དེ་ནི་བྱ་བ་ཐམས་ཅད་ཅེས་པ་ནི་ཕྲེང་བ་སྟོན་པ་སྟེར་བ་སྟེ། རྡོ་རྗེ་སྙིང་པོ་ལ་གདམས་པ་ལ་དེ་ལྟར་བྱའོ།། ད་ནི་གདམས ་པ་ལ་སོགས་པ་བསྟུན་པ་ལ་ཡང་དབང་དང་མཱན་དྲག་གིས་རྣལ་འབྱོར་མ་མཚོན་པ་ཡིན་ལ། བརྟུལ་ཞུགས་འདྲ་བའི་གནས་ནི་གང་དག་ཏུ་སྤྱོད་པ་བྱ་ཞེ་ན། དེའི་ཡན་ལག་དུ་དྲིས་པ་དང་ལན་བསྟན་པ་ནི ་གནས་དང་ཉེ་བའི་གནས་དང་ནི། ཞིང་དང་ཉེ་བའི་ཞིང་ཉིད་དང་།། ཚན་དོ་ཉེ་བའི་ཚན་དོ་དང་།། དེ་བཞིན་འདུ་བ་ཉེ་འདུ་བ།། འཐུང་གཅོད་ཉིད།། དུར་ཁྲོད་ཉེ་བའི་དུར་ཁྲོད་ཉིད།། འདི་རྣམས་ནི་བཅུ་གཉིས་ཏེ།། ས་བཅུའི་དབང་ཕྱུག ་མགོན་པོ་ཉིད།། འདིས་ནི་གཞན་གྱིས་བརྗོད་མིན་བྱ་ཞེས་པ་ནི་རྟག་ཏུ་གནས་ཤིང་སྤྱོད་པས་ན་གནས་ཞེས་བྱའོ།། ཡང་རྣལ་འབྱོར་པ་བཞུགས་པས་ན་ཡང་གནས་ཞེས་བྱའོ།། དེ་དང་ཉེ་བས་ན་ཉེ་བའི་གནས་ཞེས་བྱའོ།། ཡོན་ཏན་སྐྱེད་པར ་བྱེད་པས་ན་ཞིང་ཡང་མ་རྣམས་གནས་པས་ན་ཞིང་ཞེས་བྱའོ།། དེ་དང་ཉེ་བས་ན་ཉེ་བའི་ཞིང་ངོ་།། འདོད་ཅིང་འདུན་པས་ན་ཚན་དོ།། དེ་དང་ཉེ་བས་ན་ཉེ་བའི་ཚན་དོ།། མཻ་ག་དྷ་དང་ཨང་ག་མ་ག་དྷཱ་ནི་གནས་ཀྱི་གཞི་པོ་ཡིན་ཏེ་འདུག་ཞེས ་བྱོའོ།། དེ་དང་ཉེ་བའི་འདུ་བའོ།། འདི་ནས་བྲོས་པས་གནས་གཞན་ཐམས་ཅད་འཆང་དེ་འདི་ལ་རྒྱས་པར་བཤད་པ་མེད་དོ།། བར་ཆད་མེད་པས་ན་འཐུང་གཅོད། དེ་དང་ཉེ་བ་ནི་ཉེ་བའི་འཐུང་གཅོད་རྣམ་པར་རྟོག་པ་མི་འབྱུང་བ་དང་རོ ་མང་པོ་གནས་པས་དུར་ཁྲོད་དོ།། དེ་དང་ཉེ་བ་ཉེ་བའི་དུར་ཁྲོད་དོ།། འདི་རྣམས་ནི་ས་བཅུ་གཉིས་ཏེ། ཞེས་པ་ནི་རབ་ཏུ་དགའ་བ་ནས་དཔེ་བསྐྲུན་དུ་མེད་པའི་བར་དུའོ།། ས་བཅུ་དབང་ཕྱུག་ཅེས་པ་ནི་རྣལ་འབྱོར་གྱི་དབང་ཕྱུག་དང་། རྣལ ་འབྱོར་མ་རྣམས་སོ།། དེ་དག་ནི་བགྲོད་པའི་སྣའོ།། མགོན་པོ་ཉིད་ཅེས་པ་ནི། བུདྡྷའི་ས་གསུམ་སྟེ། བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་དང་། བཅུ་གཉིས་པ་དཔེ་བསྐྲུན་དུ་མེད་པའི་ས་དྲང་བཅུ་གསུམ་པ་རྡོ་རྗེ་འཛིན་པའི་སྔ་སྟེ་མགོན་པོའི ་སོ་གསུམ་མོ།། འདིས་ནི་གཞན་གྱི་བརྗོད་མིན་ཞེས་པ་ནི་རབ་ཏུ་དགའ་བ་ལ་སཽ་ལེགས་པའི་མིང་གིས་མི་གདགས་ཀྱིས་གནས་ལ་སོགས་པའི་མིང་གིས་བཏགས་པའོ།། བྱང་ཆུབ་སེམས་དཔའི་མྱིང་གིས་མི་གདགས་ཀྱི་རྣལ་འབྱོར་གྱི ་དབང་ཕྱུག་གི་མིང་བཏགས་སོ།། འདི་ཡང་བཤད་ཚུལ་རྣམ་པར་སྦྱར་ཏེ། ཕྱི་ལྟར་བཤད་པ་ནི་གོང་གི་བཅུ་གཉིས་པོ་དེ་འཛམ་བུའི་གླིང་གི་ཡུལ་སུམ་ཅུ་རྩ་གཉིས་སུ་འོག་ན་རྒྱས་པར་འཆང་ངོ་དོ།། ནང་ལྟར་བཤད་པ་ནི་ལུས་ཀྱི ་གནས་ཉི་ཤུ་རྩ་བཞི་ལ་སྦྱར་བ་དང་རྩ་སུམ་ཅུ་རྩ་གཉིས་སུ་སྦྱར་ཏེ་གནས་དུང་ལས་དྲང་བྱ་བ་རྣམས་བྱེད་དོ།། དེ་སྐད་དུ་སྤྱི་གཙུག་ཛཱ་ལནྡ་རར་བཤད་ཅེས་བྱ་བ་ལ་སོགས་པ་གསུངས་སོ།། གསུང་བ་ལྟར་བཤད་པ་ནི་གསང་བའི ་གནས་ཀྱི་ཁྱད་པར་ཏེ། རྩེ་གནས་བརྒྱ་པའི་བྱེ་བྲག་ལ་ཙི་རིགས་པར་སྦྱར་རོ།། དེ་ཁོ་ན་ཉིད་ལྟར་བཤད་པའི་གནས་ནི་རབ་ཏུ་དགའ་བ་རུ་བརྗོད། ཉེས་གནས་དྲི་མ་མེད་ཅེས་བྱ།། ཞིང་ནི་འོད་བྱེད་པ་ཡིན་ཏེ།། ཉེ་བའི་ཞིང་ནི ་འོད་འཕྲོ་ཅན།། ཚན་དོ་ལྔ་པ་སྦྱང་དཀའ་བོ།། ཉེ་བའི་མཚན་དོ་མངོན་དུ་གྱུར།། དེ་བཞིན་འདུ་བ་རིང་དུ་སོང་།། ཉེ་བའི་འདུ་བ་མི་གཡོ་བ།། འཐུང་གཅོད་ལེགས་པའི་བློ་གྲོས་ཏེ།། ཉེ་བའི་འཐུང་གཅོད་ཆོས་ཀྱི་སྤྲིན།། དུར་ཁྲོད ་ཀུན་ཏུ་འོད་ཀྱི་ས།། ཉེ་བའི་འཐུང་གཅོད་སྒྲུབ་དུ་མེད།། འདི་རྣམས་ས་ནི་བཅུ་གཉིས་སོ།། རྡོ་རྗེ་འཛིན་ས་བཅུ་གསུམ་པ་ནི་མཐར་ཐུག་སྟེ། ཕ་རོལ་ཏུ་ཕྱིན་པ་བས་ནི་མ་ཐོབ་བོ།། དེ་ཅིའི་ཕྱིར་ཞེ་ན། རྒྱུའི་ཁྱད་པར ་ལས་འབྲས་བུའི་ཁྱད་པར་འབྱུང་བའི་ཕྱིར་རོ།། སློབ་དཔོན་ལ་ལ་ནི་ཕ་རོལ་ཏུ་ཕྱིན་པ་དང་། གསང་སྔགས་ཀྱི་སྤྱོད་པ་གཉིས་ཀ་ལ་བརྟེན་ནས་ལམ་སོ་སོར་ཐོབ་པར་འདོད་དོ།། སློབ་དཔོན་ལ་ལ་དག་ནི་ཕ་རོལ་ཏུ་ཕྱིན་པས་ནི་ངེས་པར ་འབྱུང་བ་ཐོབ་ཀྱི་མཐར་ཐུག་པ་ནི་ཐོབ་པར་མི་འདོད་དེ། ལུང་ལས་ཀྱང་རིགས་ཀྱི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་ཁོ་ན་ཉིད་མ་རྟོགས་པར་དགའ་བ་རྣམ་པ་སྣ་ཚོགས་པ་སྤྱད་ཅིང་ཇི་ལྟར་ན་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ ་སྙམ་ཞེས་གསུངས་པ་དང་སློབ་དཔོན་ལྔ་ལ་དག་གིས་ཀྱང་འདིས་ནི་མཐར་ཐུག་མི་ཐོབ་སྟེ་ཞེས་གསུངས་པ་དང་། རྡོ་རྗེ་འཛིན་པའི་ས་དགེ་བ་བཅུ་གསུམ་པར་ཡང་གསུངས་པ་ཡིན་ཞེ་ན་གསུངས་པ། མཐར་ཐུག་པ་མི་ཐོབ་པར་བསྟན་པ་དང ་ཡང་ལུང་ལས། ཐེག་པ་གསུམ་གྱིས་ངེས་འབྱུང་ལ།། ཐེག་པ་གཅིག་གི་འབྲས་བུར་གནས་ཞེས་གསུངསོ།། ཕ་རོལ་ཏུ་ཕྱིན་པའི་ཐེག་པས་ནི་ས་བཅུ་གསུམ་པ་བཤད་པ་མེད་དོ།། རིག་པ་ནི་རྒྱུའི་ཁྱད་པར་ལས་འབྲས་བུའི་ཁྱད་པར་ཡོད་དེ། ་ཇི་སྲིད་དུ་ཕྱག་རྒྱ་ཆེན་པོ་དོན་རང་གི་མཚན་ཉིད་ཉམསུ་མ་མྱོང་བར་དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་མི་རྟོགས་ཏེ། དེའི་ཕྱིར་ན་ཡང་མཐར་ཐུག་པ་མི་ཐོབ་བོ།། ཕ་རོལ་ཏུ་ཕྱིན་པར་ནི་རྗེས་སུ་དཔག་པས་གཏན་ལ་འབེབས་པར་བྱེད་པས་ལྟ་བ་ཡང ་སྤྱི་ཙམ་གཏན་ལ་འབེབས། སྒོམ་པ་ཡང་ཡིད་ཨུ་ལི་ཀ་སྙམ་དུ་སེམས་པ་སྤྱིའི་སྒོམ་པ་ཙམ་སྟེ། དེའི་ཕྱིར་མཐར་ཐུག་པ་མི་ཐོབ་པའོ།། དེ་དག་གི་གཟུང་གིས་ཀྱང་ཐབས་རྟེན་ཅིང་འབྲེལ་བར་འབྱུང་བའི་ནུས་པའི་མཐུ་ནི་དགུག་པར་མི་ནུས ་ལོ་མངོན་སུམ་དང་རྗེས་སུ་དཔག་པར་ནི་ཐུན་མོང་དུ་མཚུངས་པས་རྒྱུའི་ཁམས་ཀྱི་ཁྱད་པར་ནི་དེ་ཙམ་མོ།། རིགས་པ་མང་དུ་ཡོད་ཀྱང་འདིར་མ་སྤྲོས་སོ།། གོང་གི་ཕྱིའི་གནས་རྒྱས་པར་བཤད་པ་འདོད་ནས། ཀྱེ་བཅོམ་ལྡན་འདས ་གནས་ལ་སོགས་པ་གྲང་ལགས་ཞེས་བྱ་སྟེ། རྡོ་རྗེ་སྙིང་པོས་གསོལ་བ་ཞེས་པ་ཁ་སྐོང་ངོ་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ལ་སོགས་ཡུལ་སུམུ་ཙུ་རྣོ་གཉིས་ལ་སོགས་པ་གོ་སླའོ།། ཡང་དུས་བསྟན་པའི་ཕྱིར་ཅུང ་ཟུང་གོ་རིམས་བཟློག་སྟེ། ཀྱེ་བཅོམ་ལྡན་འདས་ཉི་མ་གང་ལགས་ཞེས་དྲིས་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནི་ལན་སྟོན་མཁན་སྡུད་པ་པོས་བརྗོད་པའོ།། སེམས་ཅན་གྱི་ལྔ་སོགས་པ་ཚིགས་སུ་བཅུད་པ་གཅིག ་གིས་ནི་ཞལ་གྱིས་བཞེས་པ་སྟེ། ཀྱང་ཞེས་པ་ནི་ཉིན་མོ་འཆོག་ཅིང་འཇུག་པའི་དུས་སྔོ།། མཚན་མོ་ལྔ་སྤྱོད་པའི་དུས་ཀྱང་མཚོན་ནོ།། དུས་དེ་ཉིད་ནི་ཡི་དགས་ཟླ་ཕྱེད་དྲི་ཚིག་རྐང་གཉིས་སོ།། ཡི་དགས་ཟླ་ཕྱེད་ནི་མར་ངོའོ།། བཅུ ་བཞི་ནི་ཉི་ཤུ་དགུ་པའོ།། བརྒྱད་པ་ནི་ཉི་ཤུ་གསུམ་མོ།། ད་ནི་སྤྱོད་པ་འམ་ཚོགས་ཀྱི་རྫས་བསྟན་པའི་ཕྱིར། རྒྱལ་མཚན་ལ་སོགས་པ་ཚིགསུ་བཅད་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་རྗེས་སུ་བཤད་པའི་ཚེ་ནི་ཟ་སུ་ཉེ་བར ་ལོངས་སྤྱོད་པ་ནི་གཉུག་མ་དང་སྒྲུབ་པའི་རྫས་དེ་རྒྱལ་མཚན་ནི་དབྱངས་ཏེ་ཤི་བའོ།། མཚོན་བསྣུན་པ་ནི་དཔའ་བོ་གཅིག་ཡུལ་ངོར་ཤྲཱི་བའི་ཤའོ།། ལན་བདུན་པ་ནི་སྐྱེ་བ་བདུན་པའི་ཤ་སྟེ་འོག་ནས་དེ་ཉིད་བརྟག་པའི ་ཐབས་འཆུད་དོ།། བསྒྲུབས་པ་ནི་ཡུལ་དང་བསམ་པ་སྦྱོར་བས་གནང་བ་སྟེ། དེ་བསད་པའི་ཤ་སྟེ་བརྟག་པ་ཕྱི་མར་འཆད་དོ།། ལྷན་ཅིག་སྐྱེས་པ་གྲུབ་པ་དེའི་ཚེ་རྒྱལ་མཚན་ནི་ཁམས་དང་བཅས་པ་སྟེ་བྱ་རོག་གི་གདོང་ཅན་ནོ།། མཚོན ་བསྣུན་ནི་རིན་ཆེན་ཟེ་འབྲུ་དང་བྱ་རོག་གི་གདོང་ཕྲད་པའོ།། ལན་བདུན་པ་ཡང་བཟའ་བར་བྱ་ཞེས་པ་ནི་ཟླ་བ་དང་མི་འབྲལ་བར་ཉི་མ་ཡང་ལོངས་སྤྱོད་པའོ།། འབད་པས་སྙིང་རྗེ་བསྐྱེད་པ་ཡིས་ཞེས་པ་ནི་བླ་མ་ལ་འབད་པའི་ངག་གིས་སོ།། བསྲད་པར ་བྱ་བི་བརྗོད་པ་ཉིད་ཅེས་པ་ཉོན་མོངས་པ་དང་རྟོག་པའི་ཚོགས་བཀག་ནས་བདེ་བར་སྤོང་བྱའོ།། སྙིང་རྗེ་མེད་པས་མི་འགྲུབ་པས་ཞེས་པ་ནི་མན་ངག་དང་མི་ལྡན་ནའོ།། དེ་ཕྱིར་སྙིང་རྗེ་བསྐྱེད་པ་ཉིད་ཅེས་པ་ནི་མན་ངག་ཉིད་དོ།། ཆོ་གའི་གཙོ་བོ་ནི་ལས ་ཀྱི་ཕྱག་རྒྱ་ལུས་འཁྲུལ་འཁོར་དང་། རྩའི་འཁྲུལ་འཁོར་དང་རླུང་གི་འཁྲུལ་འཁོར་ཏེ་མཱན་ངག་གི་འགེགས་པ་ནི་དེས་རྟོག་པ་འགེགས་བྱའོ།། རང་ལུས་ནི་རྒྱལ་མཚན་གྱི་སྤྱི་བོ།། མཚོན་བསྣུན་ནི་ལྟེ་བ་ནས་འོད་ཟེར་གྱིས་བསྲེགས་པས ་ལ་ནི་བདུན་པ་ནི་མཚོན་པ་ཡང་དང་ཡང་རྩ་གཉིས་ནས་ལམ་མཚོན་པའོ།། འབད་པ་ནི་ལུས་ངག་གིས་སོ།། སྙིང་རྗེ་ནི་ནང་གི་སྒོམ་པའོ།། བསད་པ་ནི་རྟོག་པའོ།། སྙིང་རྗེ་མེད་ནི་ནང་གི་ཉམས་མེད་པའོ།། གདུག་པ་ནི་རྟོག་པའོ།། ཆོ་གའི ་གཙོ་བོ་ནི་གཏུམ་མོ་སྦྱར་བའོ།། དབྱེར་མེད་ཕྱག་རྒྱ་ཆེན་པོ་ནི་བརྟེན་པ་ཆོས་ནས་འཇུག་པའི་རྒྱལ་མཚན་ནི་སྣང་བའོ་མཚོན་བསྣན་ནི་ཤེས་རབ་ཀྱིས་བདག་མེད་པའོ།། ལན་བདུན་པ་ནི་ཡང་སྣང་བ་སྟོང་པ་དབྱེར་མེད་ཡང་དང་ཡང་དུ་བསྒོམ་པ ་བ་རང་གི་རྡོལ་བསྡུ་སོ།། སྙིང་རྗེན་ཐབས་ཏེ་སེམས་ཅན་ལ་བསྐྱེད་པའོ།། གདག་པ་གཞུག་ནི་དངོས་པོ་ནི་ནཱཾ་བཱར་སྣང་བའོ།། ཆོ་གའི་གཙོ་བོ་ནཱི་མནྟ་དག་གི་སྟོབས་ཀྱི་དངོས་པོའི་ཆོས་ལ་བརྟེན་ནས་རང་ལ་ཆིས་ཉིད་འཆར་བའོ།། རྟེན་དང ་ནང་ནས་འཇུག་པ་ནི། རྡུལ་མཚན་ནི་ཤེས་རབ་ལྷ་མོ་བླ་ན་མྱེད་པ་གོ་ཞུག་མའི་དབང་པོའི། མཚོན་བསྣུན་ནི་ཡཱ་ཤེས་རིང་འབར་བུ་སྟེ་དེས་བསྟོད་པའི་ཡེ་ཤེས་ཀྱིས་དངོས་པ་མཚན་མ་འཇོམས་པ་བྷྲཱུཾ། གཉིས་པོ་དག་ནི་རྣམ་སྣད་ན།། གཉིས་མེད་མི ་ཤེས་རང་འབར་འགྱུར་ཞེས་པའོ།། ལན་བདུན་པ་དབང་པོ་རང་སྣང་ངོ་།། ཐམས་ཅད་དགུག་པ་གན་ག་པཱ་ནི་ཡིད་ཀྱི་རྒྱུ་བ་ཀུན་ནོ།། ཆོ་གའི་གཙོ་བོ་ནི་ཕྱག་རྒྱ་ཆེན་པོའོ།། དགག་པར་བྱ་བ་ནི་ཡིད་དང་བའི་ཐུབས་སོ།། གླེགས་བམ་ལཱ་ལར ་བསྒྲུབ་པར་བྱ་ཞེས་པ་ནི་གཉུག་མའི་དབང་པོ་དང་བའི་ཐབས་སོ།། དུ་ནི་ཡོངས་སུ་རྫོགས་པའི་རིམ་པ་སྤྱི་དོན་དུ་ཤེས་པར་བྱ་བའི་ཕྱིར་རོ།། དེ་ལ་འདི་ལྟར་ལྟ་བ་ཉིད་ཅེས་པ་ནི་ཚིག་རྐང་གཉིས་ཀྱི་ལྟ་བ་སྟོན་པར་ཁས་ལེན་པའོ།། ཉིན་མོ ་ཅོམ་ལྡན་རྡོ་རྗེ་ཅན་ཞེས་བྱ་བ་ནི་ཆོས་ཀུན་ཏུ་སྣང་བ་བདེ་བ་ཆེན་པོ་ནི་རྡོ་རྗེ་སེམས་དཔའ་ལྔའོ།། མཚན་མོ་ཤེས་རབ་བརྟག་པར་བྱ་ཞེས་པ་ནི་ཆོས་ཀུན་སྤྱོང་པར་བདག་མེད་པའོ།། ཉིན་མོས་མཚན་མོ་མཚན་ཏེ། དེའི་མཚམས་ཞེས་པ་ནི་སྣང ་བ་དང་སྟོང་པ་དབྱེར་མེད་པ་སྐྱེ་བའོ།། ཡང་ཉིན་མོ་ཡིས་འཆར་བ་སྟེ་དགའ་བ་དང་མཆོག་དགའོ།། མཚན་མོ་སྟེ་དགའ་བྲལ་གྱིས་མཚོན་ནས་མཚམསུ་ལྷན་ཅིག་སྐྱེས་པ་སྐྱེ་ཞེས་བྱའོ།། ད་ནི་སྤྱོད་པ་བསྟན་པའི་ཕྱིར ་མི་བྱ་ཅུང་ཟད་ཡོད་མ་ཡིན་ཞེས་པ་ནི་བདག་མེད་པས་ནའོ།། རྟག་ཏུ་མི་བཟའ་ཡོད་མ་ཡིན་ཞེས་པ་བཟའ་བ་ནི་སྤྱོད་པ་སྟེ། དགའ་བ་དེའི་རྣམ་པ་ཡིན་པས་སོ།། འདི་ལྔ་མི་བསམ་ཡོད་མ་ཡིན་ཞེས་པ་ནི་ལྷན་ཅིག་སྐྱེས་པ་ལ་སོགས་ན་མེད་པའི་ཕྱིར ་རོ། བཟང་ངན་མི་སྨྲ་གང་ཡང་མེད་ཅེས་པ་ནི་དོན་གྱིས་སྟོང་ཞིང་བརྫུན་པའི་ཕྱིར་རོ།། ཇི་ལྟར་བདག་ཉིད་ནི་རང་སྤྱོད་པའི་ཉམས་སོ།། དེ་ལྟར་གཞན་ནི་ཡུལ་རང་ཤུགས་ཀྱིས་བཀག་པའི་ཕྱིར་བྱ་རེག་སྟེངས་ཅན་ལྟ་བུའོ།། དེ་བཞིན་གཞན་ནི་ཅི་ཞེས ་དྲིས་པ་དང་། མཆོག་གི་ཉིད་དེ་ལྷན་ཅིག་སྐྱེས་པའི་རོའོ།། དེ་ཡང་བཞིན་ཤེས་པས་བསྒྱུར་ན་ང་དང་གཞན་གཉིས་ཀ་ཡང་བདག་དང་འདྲ་བ་དེ་བཞིན་ནོ།། དེ་ནི་སྤྱོད་པའི་ཕན་ཡོན་སྔོགས་དང་ཕྱག་རྒྱ་བསྟན་པའི་ཕྱིར་ཚིགས་བཅད་པ་ཕྱེད་དང ་གཉིས་ཏེ་གོ་སླའོ།། ད་ནི་བསྒོམ་པ་བསྟན་པའི་ཕྱིར་ཤྲཱི་ནི་གཉིས་མེད་ལ་སོགས་པ་ཚིག་སུ་བཅད་པ་གཅིག་སྟེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྣམ་པར་ཐར་པའི་སྒོ་གསུམ་དང་ལྡན་པ་སྟེ། ཧེ་ནི་རྒྱུ་སོགས་སྟོང་པ་ཉིད་ཀྱི་སྒོའོ།། རུ་ནི་ཚོགས ་སྤུ་བཅད་པ་ཉིད་མཚན་མ་མེད་པའི་སྒོའོ།། ཀ་ནི་གང་དུ་མི་གནས་པ་སྨོན་པ་མེད་པའི་སྒོའོ།། བདེ་བ་དང་སྟོང་པ་དབྱེར་མེད་པར་བསྒོམ་ཞེས་བྱ་བའི་དོན་ཏོ།། ད་ནི་འབྲས་བུ་བསྟན་པའི་ཕྱིར། རྡོ་རྗེ་ཐོད་པའི་སྦྱོར་བ་ཡིས་ཞེས་པ་ནི་ད ་པའི་རྡོ་རྗེ་དང་བདག་མེད་མའི་རྣལ་འབྱོར་རོ།། སྐྱེ་བོ་གང་དང་གང་རྣམས་ཀྱིས་ཞེས་པ་ནི་སེམས་ཅན་གང་ཡང་རུང་བ་སྟེ། དུག་ལྔ་གོ་ཀུ་ད་ཧ་ན་ལ་སོགས་སོ།། མཁས་པས་ཤ་ནི་བཟའ་བར་བྱ་བ་ནི་སྦྱང་བ་དང་སྦྱར་བ་རྟོགས་པ་ལ་མཁས ་པའོ།། སེམས་ཅན་དེ་དེ་དབང་དུ་འགྱུར་ཞེས་པ་ནི་གང་འདོད་པ་དབང་དུ་གྱུར་པ་དངོས་ཀྱི་ཡོན་ཏན་ནོ།། བསྐྱེད་པའི་རིམ་པ་ལྷུར་བཤད་པའོ།། ཡང་རྡོ་རྗེ་ནི་ཐབས་ཀྱི་གསང་བའི་གནས་སོ།། ཐོང་པོ་ནི་ལས་ཀྱི་ཕྱག་རྒྱའི་གསུང་བའི ་གནས་སོ།། སྦྱོར་བ་ནི་སྙོམས་འཇུག་གོ། སྐྱེ་བོ་ནཱི་པི་ཏ་ག་དྷྭཾ་ན་སྟེ། སོ་སོ་སྐྱེས་པས་ཞེས་པ་དུའོ།། ཤ་ནི་བ་ལ་སྟེ་སྟོབས་སམ་ནུས་པ་བདེན་པར་བརྟགས་པའོ།། མཁས་པ་ནི་བླ་མའི་མན་ངག་ལའོ།། བཟའ་བ་ནི་ལྷན་ཅིག ་སྐྱེས་པའི་རོའོ།། སེམས་ཅན་དབང་དུ་འགྱུར་བཽ་ནཱི་སེམས་རང་རིག་བྱས་ཆོས་ཀུནྱ་དབང་ཐོབ་པའོ།། དེ་དག་གཞན་ལུས་ཤེས་རབ་ལ་བརྟེན་པའོ།། ཡང་རྡོ་རྗེ་ནི་སྐྱེ་གནས་སྟོང་པའི་ཆའོ།། ཐོད་པ་ནི་སྤྱི་བོའོ།། སྦྱོར་བ་ནི་འོག་དང་། ་སྟོང་དུ་ཐིག་ལེ་འོད་ཟེར་གྱི་ཚུལ་དུའོ།། སྔོ་སོ་སྐྱེ་བོ་ནི་རྩཝ་རྣམས་སོ།། ཤ་ནི་རྟོག་པར་སྨིན་པའོ།། མཁས་པ་ནི་བསད་པ་དང་གསོ་བའི་མན་ངག་ལའོ།། བཟའ་བ་ནི་བདེ་བྱར་ལོངས་སྤྱོད་པའོ།། སེམས་ཅན་དེ་དེ་ནི་ཡུལ་ལ་སྣང ་བའི་ཤེས་པ་ཐ་དད་དོ།། དབང་དུ་འགྱུར་བ་ནི་དེ་རྣམས་བདེ་བར་འདུ་བའོ།། དེ་ནི་རང་ལུས་ཐབས་ལ་བརྟེན་པའོ།། རྡོ་རྗེ་ནི་སྟོང་པ་ཉིད་དོ།། སྲ་ཞིང་བརྟན་ལ་ཁོང་སྟོང་མིན།། སྟོང་ཉིད་རྡོ་རྗེ་ཞེས་སུ་བརྗོད། ཅེས་གསུངས་སོ།། ཐོད་པ་ནི ་སྣང་བའོ།། སྙོམས་འཇུག་ནི་དབྱེར་མེད་པའོ།། སྐྱེ་བོ་གང་དང་གང་རྣམས་ལ་སྣང་བ་སྣ་ཚོགས་པའོ།། ཤ་ནི་མཁས་པས་བཟའ་བར་བྱ་བ་ནི་གཉིསུ་མེད་པར་མྱོང་བའོ།། སེམས་ཅན་དེ་དེ་དབྱུང་དུ་འགྱུར་བ་ནི།། ་སྣང་བ་ཐམས་ཅད་དེར་སྦྱོར་བའོ།། དེ་ནི་བརྟེན་པ་ཆེས་ནས་འཇུག་པའོ།། ཡང་ན་རྡོ་རྗེ་ནི་ཤེས་རབ་ལྷ་མེ་བླ་ནི་མེད་པའོ།། ཐོད་པ་ནི་དེ་བསྟེན་པ་སྟེ་བདེ་བ་སྦྱོང་བ་དང་ལྡན་པའོ།། སྦྱོར་བ་ནི་བསྟེན་པའི་ཐབས་འདོད་པའི་ཡོན་ཏན་ལ་སོགས ་པའོ།། སོ་སོའི་སྐྱེ་བོ་ནི་ཡིད་མདུན་ན་གནས་པའོ།། ཤ་ནི་རྟོག་པ་དང་བརྟགས་པའོ།། མཁས་པ་ནི་གཟུང་འཛིན་གྱི་སྟོང་པའི་ཤེས་རབ་ལའོ།། བཟའ་བ་ནི་བདེ་བ་ལ་སྤྱོད་པའི་ཐབས་སོ།། སེམས་ཅན་དེ་དེ་ནི་དབང་པོ་རང་སྣང་གི་མན་ངག་གོ།། ་དབང་དུ་འགྱུར་བ་ནི་སྤྱོད་ལམ་དང་བསྲེ་བྱའི་ངག་གོ། དེ་ནི་གཉིས་མེད་ཕྱག་རྒྱ་ཆེན་པོ་ལ་བརྟེན་པའོ།། ལེའུ་བདུན་པའོ།། ། དེ་ནས་ཞེས་པ་རྫོགས་པའི་རིམ་པ་བསྟན་ནས། དེའི་རྗེས་ལ་བསྐྱེད་རིམ་རྫོགས་རིམ ་གཉིས་ཀའི་ལེའུ་བསྟོན་པར་འདོད་པའོ།། རྣལ་འབྱོར་མ་ནི་ལམ་གཉིས་ཀྱི་དབང་དུ་བྱས་པའི་བདག་མེད་མ་ལ་སོགས་པའི་འོ།། འཁོར་ལོ་ནི་དེ་དགྲ་འདུ་བའི་གནས་ཏེ། གཞལ་ཡས་ཁང་དང་བཅས་ལྷན་ཅིག་སྐྱེས་པར་རོ།། འདིར་ཡང ་སྒྲུབ་པ་པོ་ནས་ཚོགས་བསགས་པ་ཡན་ཆད་ལྷའི་ལེའུ་དང་འདྲ་བ་ལས། ཁྱད་པར་ནི་བདག་མེད་པའི་ང་རྒྱལ་གྱིས་ཐམས་ཅད་བྱས་ལ་ཚོགས་ཀྱི་ཞིང་ཡང་ཧེ་རུ་ཀ་ཕྱག་བཅུ་དྲུག་པ་ལ་ལྷ་མོ་བརྒྱད་ཀྱིས་བསྐོར་བ་ལ་ཚོགས་བསགས་པར ་བྱའོ།། བསྲུང་བ་མཚམས་ཀྱི་འཁོར་ལོའི་ནང་དུ་ནམ་མཁའི་དབུས་བྷ་ག་ཞེས་པའི་སྡོམ། རྩ་བའི་ཚིག་སྦྱར་ལ། ན་མཁའ་ལ་དབྱིབས་མེད་ཀྱང་ཁྲོ་བ་དང་ཆགས་པ་ཅན་འདུལ་བའི་དོན་དུ་གྲུ་གསུམ་དུ་བསྟན་པ་དང་། སྐྱེ་གནས་དང་སྒོ་བསྐྲུན ་པོའི་ཕྱིར་གླུ་གསུམ་དཀར་པོ་ནང་ཁོང་སྐྱོང་སྤྲིང་ཡངས་པར་བསྒོམ་མོ།། ཟུར་གསུམ་ནི་ཁམས་གསུམ་འམ་རྣམ་པར་ཐར་པའི་སྒོ་གསུམ་འམ་ལུས་ངག་སྲིད་རྣམ་པར་དག་པའོ།། ཁ་དོག་དཀར་པོ་ཉོན་མོངས་པའི་སྐྱོན་གྱིས་མ་གོས ་པའོ།། ནང་ཁྱོད་སྟོང་ནི་ཆོས་ཀྱི་དབྱིངས་སྟོང་པ་ཉིད་མཚོན་ནོ།། སྟེང་ཡངས་པ་ནི་སའི་རིམ་པ་གོང་ནས་གོང་དུ་ཡོན་ཏན་འཕེལ་བར་མཚོན་པའོ།། དེ་ནི་ཕྱིའི་གཞི་དང་ནང་གི་གཞི་བསྟན་ནས་རྟེན་གཞལ་ཡས་ཁང་བསྟོན་པ་ནི་འཁོར་ལོ ་སྤུ་དང་ལ་སོགས་གསུངས་སོ།། སྤྱིར་གཞལ་ཡས་ཁང་སྒྲུབ་ལྕགས་གཉིས་ཏེ། འབྱུང་བ་རིམ་རྩེག་ནི་ལྷའི་རྒྱལ་པོའི་ཁང་བཟུངས་སྒྲུབ་ལུགས་དང་། འབྱུང་བ་ཡོངས་བསྒྱུར་མིའི་རྒྱལ་པོའི་ཁང་བཟངས་སྒྲུབ་པའི་ལུགས་སོ།། འདིར ་མིའི་རྒྱལ་པོའི་ཁང་བཟངས་སྒྲུབ་པའོ་ལུགས་སོ།། དེ་གཉིས་གོ་རིམས་ངེས་པ་ཡང་བསྟན་ཏོ།། འདི་ཡང་རྒྱུད་དུ་བསྟན་པའི་ཕྱིར། སའི་འཁོར་ལོ་བཞིན་དུ་ཆུ་ལ་སོགས་པ་ཡང་མཚོན་ཏེ་ཤེས་པར་བྱའོ།། སྔོན་འགྲོ་ནི་འདོད་ཁམས ་སུ་ཁང་བཟངས་ལ་སོགས་པར་ཆོས་མཐུན་པར་ཆུའི་སྔོན་དུ་ས་ཏེ། གཞན་དག་ལ་ཡང་དེ་བཞིན་ནོ།། ཇི་ལྟར་རིགས་པ་མེ་ལོ་བསྟན་ཀྱང་དེ་བཞིན་དུས་ནི་ལམ་ལས་བྱུང་བ་སེར་པོ་གྲུ་བཞི་པ་རྡོ་རྗེས་མཚོན་པའོ།། ཆུ་ནི་བམ་ལས ་གྱུར་པས་དཀར་པོ་ཟླུམ་པོ་བུམ་པས་མཚན་པ་སྟེ། ལྷ་ནི་རླུང་ལ་བཤད་ཀྱང་སྔ་མ་བཞིན་ཏེ་སངས་རྒྱས་སྤྱན་ལ་སོགས་པའོ།། གཞི་འབྱུང་བ་ན་མཁའ་རྐྱེན་གྱིས་འབྱུང་བ་བཞི་བསྟན་ནས་རྣམ་པར་ཤེས ་པའི་ཁམས་རྒྱུར་བསྟན་པའི་ཕྱིར་ཇི་ལྟར་ནི་གཞི་དང་རྐྱེན་དེ་ལྟར་ཡིན་ན། རྒྱུ་ཇི་ལྟར་ཞེས་དྲིས་པའོ།། སྒོམ་པ་པོ་ནི་ཚོགས་གཉིས་ཀྱིས་སྦྱངས་པའི་རྣལ་འབྱོར་པའི་སེམས་སོ།། འབྱུང་བ་ནི་བར་དོར་འཇུག་པའི་རང་བཞིན ་ཏེ་ཁྱབ་པའོ།། དེ་ནི་བཞིན་ན་མཁའ་བསྟན་པའི་ཕྱིར་ཟོར་ཡང་དུ་བསྟན་པ་འདོད་ནས་ཐོག་མ་དང་ཐ་མར་སྦྱར་ཏེ། ཆོས་འབྱུང་ལས་སྐྱེས་ཞེས་པ་ཆོས་འབྱུང་ནི་ན་མཁའ་སྟེ། འཛམ་བུའི་གླིང་དང་སྐྱེ་གནས་དང་མཐུན་པའོ།། ལུས ་སྐྱེས་ནི་ལྔ་པ་ཡིན་ཡང་བདུན་པར་སྦྱར་དེ་དེ་ལ་གནས་སོ།། ཡང་སྐྱེ་གནས་སུ་བྱ་བའི་ཚེ་ནཱ་ལྔ་པའི་དོན་ཉིད་དོ།། འཁོར་ལོ་ཉིད་ནི་བསྐྱེད་པའི་ཁང་པ་ཉིད་དོ།། འཕར་མ་གཉིས་དག་ནི་རིམ་པ་སྟེ་ཁྱད་པར་གྱི་མཚན་ཉིད་དོ།། སྐྱོན ་མེད་པ་ནི་གྲུ་བཞི་པ་ལ་སོགས་པོ་སྟེ་སྤྱིའི་མཚན་ཉིད་བསྟན་པའོ།། དྭེ་ནི་བཻཤུད་པའི་ཕྱིར་ཟེ་འབྲུ་ལཱས་ནི་གཅིག་འགྱུར་ཏེ་ཞེས་པོ་ནཱི་ལྟེ་བ་ནས་ཟླ་འབྲུ་དང་བརྙས་པ་ནི་པདྨའི་ནང་གཱི་གནྡ་ཏོ་ལྀ་སྟེ་གཙང་ཁང་ནི་ནང་གི་འཕར ་མའོ།། གྲུ་གསུམ་གྱིས་ནི་ཕྱི་ནས་བརྗོད་ཅེས་པ་ནི་གྲུ་གསུམ་ནས་ཚུར་མཚོན་པའི་རྩིག་པ་སྟེ་བསྐོར་བའི་ལྷའི་སྣམ་བུས་སོ།། གནས་ཀྱི་ཁྱད་པར་ནི་ཚགས་རྐང་གཉིས་ཏེ་གད་ནི་རོ་དང་ཉི་མའི་གདན་བཅོ་ལྔའོ།། ད་ནི་བརྟེན་པ་ལྷའི ་རྣལ་འབྱོར་བསྟན་པའི་ཕྱིར། དེའི་སྟེང་དུ་ཟླ་བ་ཡིན་ཞེས་པ་ནི་ཡེ་ཤེས་ཀྱིས་ཚོ་གས་བསྔགས་པའི་སེམས་སྣང་བའོ།། ཟླ་བའི་སྟེང་དུ་ས་བོན་ཉིད་ཅེས་པ་ནི་སྒོམ་པ་པོའི་སེམས་ཉིད་དོ།། ཕྱི་ནས་བདུད་ལས་རྒྱལ་བས་མནན་ཞེས་པ་ནི ་བསོད་ནམས་ཀྱི་ཚོགས་ཀྱིའོ།། དེ་དགུ་གཅིག་ནི་རྒྱུ་ས་བོན་ཧཱུཾ་ཡིག་གཉིས་ཀྱི་རྐྱེན་གྱི་ཉི་ཟླ་ཡིན་ནོ།། དེ་གཉིས་འདུས་པ་ལ་དེའི་ཕྱིར་འབྲས་བུ་བདེ་བ་ཆེན་པོ་སྟེ་རྒྱུའི་རྡོ་རྗེ་འཆང་གི་རང་བཞིན་བདག་མེད་པའོ།། གཉིས་ནི་རྐྱེན་གཉིས ་སོ། འདུས་པ་ནི་རྒྱུ་ས་བོན་བསྐུལ་བའོ།། དེ་དྲག་ནི་གཙོ་མོ་བསྐྱེད་པ་མདོར་བསྟན་པའོ།། ད་ནི་འཁོར་བསྟན་པའི་ཕྱིར་ཚིག་སྤྲོ་བཅད་པ་གཅིག་སྟེ་འཁོར་རྣམས་ཀྱང་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་ཡིས་རྐང་ཐོན་དུ་བསྐྱེད ་པར་བྱའོ།། སྤྱིར་འཁོར་བསྐྱེད་ལུགས་ལ་གཉིས་ཏེ་བྱང་ཆུབ་སེམས་ཀྱི་ཆུ་ལས་བསྐྱེད་པ་དང་། བྱང་ཆུབ་སེམས་ཀྱི་སྣང་བའི་ཚུལ་དུ་བསྐྱེད་པའོ།། འོ་ན་གཙོ་མོ་དང་འབྱོར་དུ་མཱི་འོང་ངོ་ཞེ་ན། རྣམ་པར་དག་པ་བཙན་པར ་བྱས་པའི་ཕྱིར་གཙོ་བོ་འཁོར་དུ་བསྟན་ཏེ། འོག་ནས། རྣམ་ཤེས་ཕུང་པོའི་རང་བཞིན་གྱིས།། དེས་ན་བདག་མེད་མ་དབུས་སྐྱེས། ཞེས་གསུངས་པས་རྣམ་པར་ཤེས་པ་གཙོ་བོ་ཡིན་ནོ།། ད་ནི་གཙོ་མོ་རྒྱས་པར་བསྟན་པའི་ཕྱིར། ་ཟླ་བ་མེ་ལོང་ལ་སོགས་པ་གསུངས་ཏེ། ཚིགས་སུ་བཅད་པ་གཉིས་ཏེ་དབུས་མའི་སྟེང་དུ་གཙོ་བོ་མངོན་པར་བྱང་ཆུབ་པ་རྣམ་པ་ལྔས་བསྐྱེད་དེ། ཟླ་བ་མེ་ལོང་ཡེ་ཤེས་ལྡན་ཞེས་པ་ནི་ཨཱ་ལི་བཅུ་དྲུག་གཉིས་འགྱུར་ལས་བྱུང་བའི ་ཟླ་བཱ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལས་མངོན་པར་བྱང་ཆུབ་པའོ།། བདུན་གྱི་བདུན་པ་མཉམ་ཉིད་ནི་ཀཱ་ལི་ཡི་གེ་སུམ་ཅུ་རྩ་བཞིའི་སྟེང་དུ་དྷཱ་ཧཱ་ཡ་རུ་ལུ་ཝ་བསྟན་པས་བཞི་བཅུ་ཐམ་པ་ཉིས་འགྱུར ་ལལུལས་བྱུང་བ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ལས་མངོན་པར་བྱང་ཆུབ་པ་སྟེ། གསང་སྔགས་ལས་ཉི་མ་ལ་རྟ་བདུན་པའོ་ཞེས་གྲགས་སོ།། རང་ལྷའི་ས་བོན་ཕྱག་མཚན་ནི། སོ་སོར་རྟོག་པར་བརྗོད་པར་བྱ་བ་ནི་ཟླ་བ་ཉི་མ་གཉིས ་ཀྱི་བར་དུ་ས་བོན་ཧཱུཾ་ཆུད་དེ་དེ་ཞུ་ནས། ཟླ་ཉིའི་སྟེང་དུ་མཚོན་མ་རྡོ་རྗེ་ཧཱུཾ་གིས་མཚན་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ལས་མངོན་པར་བྱང་ཆུབ་པའོ།། ཐམས་ཅད་གཅིག་གྱུར་ནན་ཏན་ནི། ཧཱུཾ་ལས་ལྷ་མོའི་རྣམ་པར་སྤྲོས ་བསྡུས་ནས་ས་བོན་དང་མཚན་མ་དང་ཉི་མ་དང་ཟླ་བ་ཞུ་བ་ནི་བྱ་བ་ནན་ཏན་གྱི་ཡཾ་ཤེས་ལས་མངོན་པར་བྱང་ཆུབ་པའོ།། རྫོགས་པ་ཆོས་དབྱིངས་དག་པ་སྟྭ~ཾ་ནཱི་རྒྱུའི་རྡོ་རྗེ་འཆང་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པར་བསྐྱེད་པ་ནི་ཆོས་ཀྱི ་དབྱིངས་ཀྱི་ཡེ་ཤེས་ལས་མངོན་པར་བྱང་ཆུབ་པའོ།། དེ་རྣམས་ལ་རྒྱུ་དང་རྐྱེན་དང་རྣམ་པ་དང་ངོ་བོ་དང་འབྲོས་བུ་རྣམས་ཅི་རིགས་པར་སྦྱར་རོ།། མཁས་པས་ཆོ་ག་གསུངས་པ་ཡིས།། རྣམ་པ་ལྔ་པོ་བསྒོམ་པ་ཉིད་ཅེས་པ་ནི་སྔར་གྱི་མཇུག་སྡུད་དོ།། སྐབས ་ཁ་ཅིག་ཏུ་ཧེ་རུ་ཀ་རྣམས་ལ་སྦྱར་ཞེས་གསུངས་སོ།། ང་ནི་གཞན་སེལ་པོ་བསྟན་པའི་ཕྱིར། ཨཱ་ལི་ཀཱ་ལི་ལ་སོགས་པ་གསུངས་ཏེ། ཨཱ་ལི་ཀཱ་ལི་ནི་སྔར་གྱི་རྐྱེན་གཉིས་སོ།། མཉམ་སྦྱོར་བ་ནི་རྒྱུ་ས་བོན་བསྐུལ་བའོ།། རྡོ་རྗེ་སེམས་ནི་འབྲས་བུ ་བདེ་བ་ཆེན་པོའི་རྒྱུའི་རྡོ་རྗེ་འཆང་བདག་མེད་མའི་རང་བཞིན་དུ་བསྟན་པའོ།། གདན་ཞེས་པ་ནི་རྐྱེན་ཇི་ལྟར་བྱ་ཞེ་ན། ལ་ལ་དག་མ་རྫོགས་པའི་རྡོ་རྗེ་སེམས་དཔའ་འདོད་དེ། རྡོ་རྗེ་ནི་མཚན་མའི་སེམས་དཔའ་ནི་ས་བོན་ཏེ་གདན་ནི་ཉི་མ་དང་ཟླ་བའོ།། ཁ་ཅིག་ནི ་ཟླ་བ་ཉ་མ་ཆུ་ཕྲུགས་གཉིས་སུ་བྱ་སྟེ། ཆ་གཅིག་ཞུ་ནས་རྡོ་རྗེ་སེམས་དཔར་གྱུར། ཆ་གཅིག་རྡོ་རྗེ་སེམས་དཔའི་གདན་གྱི་སྦྱོར་བ་བྱས་པ་ལ་འདོད་དོ།། ཁ་ཅིག་ནི་བཏགས་བསྟན་པ་ཡིན་ཏེ། རྡོ་རྗེ་འཆང་བ་བསྐྱེད་པའི་དུས་སུ། ཉི་ཟླ་གཉིས་ཀྱིས ་གདན་གྱི་སྦྱོར་བ་བྱས་པས། རྡོ་རྗེ་སེམས་དཔའ་རྫོགས་པ་ལ་ཡང་འབྲས་བུ་ལ་ཡང་རྒྱུའི་མིང་བཏགས་ཏེ། གདན་ཅན་ཞེས་བསྟེན་ཏེ་དཔེར་ན་ནུས་རྒྱུའི་དུས་ན་རྐྱེན་ལུང་མང་པོ་དང་ལྡན་པར་བྱས་པ་ལ་འབྲས་བུ་སྨིན་པའི་དུས་སུ་འདི་ལུང་ཆེན་པོ་དང་ལྡན ་པའོ་ཞེས་ཟེར་བ་ལྟ་བུའོ།། གཞུང་སྔ་མ་གཉིས་པོ་ནི་མཛེས་པ་མུ་ཡིན་ནོ།། ཕྱི་མ་འདོད་པའོ།། ཡི་གེ་ལས་བྱུང་ཞེས་པ་ནི་བསྐུལ་པའི་རྒྱ་ཉིད་དོ།། གོང་བུ་ནཾ་པི་སྟེ་འདུས་པ་འབྲས་བུའི་ཚུལ་རྡོ་རྗེ་སེམས་དཔའི་གཟུགས་སོ།། ཧཱུཾ་ཕཊ་ཡི་གེ་འདོད་མི་བྱེ་ཞེས ་པ་ནི་རྒྱུའི་རྡོ་རྗེ་འཆང་རྗེས་སུ་ཆགས་པའི་ཞུ་བ་ལས་མི་བསྐྱེད་པའོ།། སེམས་དཔའི་གཟུགས་བརྙནྱ་ལས་བྱུང་བ་ཞེས་པ་ནི་རྒྱུའི་རྡོ་རྗེ་འཆང་འགྱུར་བའོ།། ཧཱུཾ་ཧཱུཾ་ཕཊ་ཕཊ་དྲག་པོ་ཡང་མི་འདོད་པའོ།། ཤིང་འབྲས་ཆོས་པ་ལྟ་བུར་རྡོ་རྗེ་འཆང་དཀར་པོ ་རྡོ་རྗེ་བདག་མ་ནག་མོ་གཅིག་ཏུ་གྱུར་ཏོ།། དེ་ཉིད་བཤད་པ་དཀྱིལ་འཁོར་བདག་མོ་རྣམ་པར་བསྒོམ་ཞེས་པ་ནི་འབྲས་བུའི་ཧེ་རུ་ཀ་ལྟ་བུར་གྱུར་པའོ།། དེའི་མཚན་ཉིད་ཅི་འདྲ་སྙམ་པ་ལ། ཕྱག་མཚན་ཞལ་སོགས་གོང་མ་བཞིན་ཞེས་པ་ནི་རྡོ་རྗེ ་ལུ་གུ་བརྒྱུད་མ་དང་ཕག་མོ་ལྟ་བུའོ།། ཟླ་བ་ཆུ་ཤེལ་ནོར་བུའི་འོད་ཅེས་པ་ནི་སློབ་དཔོན་དག་གིས་གཞན་དག་དུ་མར་བཤད་ཀྱིས་ཀྱང་། འདིར་ནི་བདག་མེད་མའི་རང་བཞིན་གྱིས་དཔེ་སྟོན་ཏེ། དེ་ཡང་ཤེས་རབ་ཀྱི་དཔེ་ནི་ཟླ ་བ་དང་ཆུ་ཤེལ་ལྟར་དང་ཞིང་གསལ་བའོ།། ཐབས་ཀྱི་དཔེ་ནི་འོད་ཟེར་ལྟ་བུར་སྣང་བ་ལོ།། དེ་དག་གི་དོན་ནི་ཐབས་ཤེས་རབ་རང་བཞིན་ཏེ། དེ་ཡང་བདག་མེད་མའི་རང་བཞིན་ནི་ཤེས་རབ་ཡིན་ལ། ཐབས་ནི་གནས་སྐབས་ཏེ། རང་བཞིན་ནམ ་ཐ་མ་ལོ།། དེའི་ཕྱིར་གོང་གི་དཔེ་བསྟུན་པའོ།། དུ་ནི་འཁོར་རྒྱས་པར་བསྟན་པའི་ཕྱིར་འདི་ལྟར་ཐམས་ཅད་རྫོགས་པ་ཉིད་ཅེས་བྱ་བ་ནི་བསྟན་པའོ།། ད་ནི་བཤད་པ་སྟེ། ཟླ་བ་ཉི་མའི་རབ་དབྱེ་བས་ཞེས་པ་ནི་རྐྱེན་གཉིས་སོ།། ཨཱ་ལི་ཤེས་རབ་ཀཱ་ལི ་ཐབས། ཞེས་པ་ནི་རྐྱེན་གྱི་རང་བཞིན་ནོ།། ཡི་གེ་དབྱེ་བ་སོ་སོ་ཡིན་ཞེས་པ་ནི་ས་བོན་ནོ།། ཟླ་བ་དང་ཉི་མ་དང་ས་བོན་སོ་སོ་ལོས་མཚན་མ་གྲི་གུག། ལྟེ་བ་ལ་ས་བོན་གྱིས་མཚན་པ་དོ་ལས་སྤྲོས་པ་དང་བསྡུས་ནས་གཅིག་ཏུ་ཞུ་བ་དང་། དྲི་ནས ་སོ་སོའི་སྐུར་བསྐྱེད་པ་མངོན་པར་བྱང་ཆུབ་པ་ལྔ་སྔ་མོ་བཞིན་སྦྱར་རོ།། དཀར་མོ་ལ་སོགས་པ་རྡོ་རྗེ་རྣལ་འབྱོར་མ་སྔོན་དུ་ཡོད་ཀྱང་། དཀར་མེ་ལ་སྔོན་ལ་སྨོས་པ་ནི་ཚེར་བའི་ཕུང་པོ་གཙོ་བོ་འམ་ཕྱིའི་དཀར་མོ་དང་གཉིས་སུ་བཟུང་བའི་དོན་དུ ་སྨོས་པའོ།། འབྲས་བུའི་ལྷ་རྣམས་སོ་སོར་གྲུབ་པའོ།། རེ་ཞིག་ནང་གི་རིམ་པ་ལ་སོགས་པའི་ཚིགས་སུ་བཅད་པ་བཞི་དང་ཡང་ཚིག་སུ་བཅད་པ་བཞི་དང་གཉིས་དང་རྐང་པ་གཉིས་དང་ཚིག་སུ་བཅད་པ་གཉིས་ཀྱིས་ནི་བསྐྱེད་པ་ལྷ་རྣམས་ཀྱི ་གནས་དང་ཆ་བྱད་དང་དེ་ཁོ་ན་ཉིད་དང་ཡོན་ཏན་དང་རྣམ་པར་དག་པས་བཤད་པ་སྟེ་གོ་སླའོ།། བསྐྱེད་རིམ་ནི་ཞེན་པ་སྤང་བའི་ཕྱིར་རྫོགས་རིམ་ལ་འཇུག་པའི་ཡན་ལག་དྲུག་གི་རྣལ་འབྱོར་བསྟན་པ་སྟེ། འདིས་ནི་འཁོར་ལོ་རྣམས་བསྒོམས ་ནས། དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར་ཞེས་པ་ནི་སེམས་དཔའ་སུམ་རྩེག་དང་། ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་དང་སྐུ་གསུང་ཐུགས་དང་སྐྱེ་མཆེད་བྱིན་གྱིས་བརླབ་པ་དང་། དབང་བསྐུར་བ་དང་མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱང་བ ་སྟེ། རིགས་པའི་རྣལ་འབྱོར་བསྟན་ཏེ། དེ་ལ་སེམས་གཟུང་བ་ནཱི་གྲངས་ལ་བསླབ་པ་དང་། དེ་ལ་སེམས་གཟུང་བ་ནི། དབྱིབས་ལ་བསླབ་པ་དང་། ཁ་དོག་ལ་བསླབ་པ་དང་ཕྱག་མཚན་དང་རྒྱན་དང་ཆ་ལུགས་ཀྱི་བར་དུ་སེམས་གཟུང་ངོ་།། ཕྲ་མོ་ལ ་བསླབ་པཱ་ནི་དང་པོ་ནག་པོར་རབ་ཏུ་བསྒོམ་ཞེས་པ་ལ་སོགས་པ་ནི་སྙིང་གར་ཧཱུཾ་ནག་པོ་ཅིག། དམར་པོ་ནི་མགྲིན་པར་ཨོཾ་ངོ་།། སེར་པོ་ནི་དཔྲལ་བར་ཛྲྀ་ངོ་།། ལྗང་ཁུ་ནི་ལྟེ་བར་ཁ~ཾ་ངོ་།། སྔོན་མོ་ནི་ནཱམ་ཚོངསུ་ཧཱུཾ་ངོ་།། དཀར་པོ་ནི་སྤྱི་བོར་བུཾ་ངོ་།། དེ་རྣམས ་