| Wylie | e-texts produced with BDRC’s OCR application |
རྒྱུ་གར་སྐད་དུ། ཙཻ་ཏུ་ཤ་ཏ་ཀ་ཤཱསྟ་ཀཱ་རི ་ཀྵནྟྲ་མ། བ་སྐད་དུ། བསྟེན་བཅོས་བཞི་པ་རྒྱ་བ་ནས ་བྱ་བའི་ཚིག་ལེའུར་བྱས་པ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ།། གང་ལ་འཇིག་རྟེན་གསུམ ་མངའ་བདག། རང་ཉིད་འཆི་བདག་བྱེད་པོ་མེད།། ཡོད་དེས་རྣལ་བཞིན་གཉིད་ལོག་ན།། དེ་ལས་མ་རུངས་གཞན་ཅི་ཡོད།། ་འཆི་བར་བྱ་ཕྱིར་སྐྱེས་གྱུར་ཅིང་།། གཞན་དབང་འགྲོ་བའི་ངང་ཅན་ལ།། འཆི་བ་བྱ་བ་ལྟར་སྣང་སྟེ།། གསོན་པ་བྱ་བ་མིན ་ཁྱོད་ཀྱིས་འདས་དུས་ཐུང་ངུ་ལྟར།། མཐོང་ཞིང་མ་འོངས་གཞན་དུ་ན།། ཁྱོད་མཉམ་མི་མཉམ་ལྟར་སེམས་ཏེ།། གསལ་བར་འཇིགས་པའི་འོ་དོད་འདྲ།། གཞན་དག་ལ ་ཡོང་སྤྱི་ཐུན་ཕྱིར།། ཁྱེད་ལ་འཆི་བའི་འཇིགས་མེད་ན།། གཅིག་ལ་གནོད་གང་དེ་ཕྲག་དོག། སྒོ་ནས་སྡུག་བསྔལ་བསྐྱེད་འགྱུར་རམ།། ནད་བཅོས་རྒ་བ་གསོ་བྱ་དེས།། དེ ་དག་ལོ་ཁྱོད་མི་འཇིགས་མོད།། ཆད་པ་ཕྱི་མ་བཅོར་མེད་པས།། ཁྱོད་ཆེས་གསལ་བར་དེ་ལ་འཇིགས།། གསདོ་པར་བྱ་བའི་ཕྱུགས་རྣམས་ལྟར།། འཆི་བ་ཀུན་གྱི་ཐུན ་མོང་ཞིང་།། གཞན་ཡང་འཆི་བར་སྣང་འགྱུར་ནོ།། ཁྱོད་ལ་འཆི་བདག་འཇིགས་ཅིས་མེད།། དུས་ལ་ངེས་པ་མེད་པའི་ཕྱིར།། བདག་རྟག་སྟེ་དུ་སེམྦན་ནི།། ནི་ཞིག་དུས་ན་འཆི་བདག་གིས། ་བདག་གིས།། ཁྱོད་ལ་གནོད་པ་བྱེད་པར་འགྱུར།། མ་འོངས་པ་ཡི་དོན་ལྟ་ཞིང་།། གསོན་པ་ཟད་པ་མ་ཡིན་ན།། བདག་ཉིད་འཚོང་ལ་བདག་ཉིད་ནི།། བྱམས་ལྡན་མཁས་པ་སུ་ཞིག་སྨྲ།། བདག་ཉིད་གཏའ་མར་བཞག་བྱས་ཏོ།། སྡིག ་ལས་ཅི་ཡི་ཕྱིར་ན་བྱེད།། ངེས་པར་ཁྱོད་ནི་མཁས་རྣམས་ལྟར།། བདག་ལ་འདོད་ཆགས་བྲལ་བར་ཟད།། སུ་ལའང་གསོན་པ་ཞེས་བྱ་བ།། སེམས་ཀྱི་སྐད་ཅིག་ལས་གཞན་མེད།། སྐྱེ་བོས་དེ་ངེས་མི་རིག་པ།། དེས་ན་བདག་ཉིད་ཤེས་པ་དཀོན།། ཁྱོད་རིང་གཡོན ་པ་ལ་དགའ་ཞིང་།། རྒན་ཉིད་ལ་ཁྱོད་མི་དགའ་ན།། ཨེ་མ་ཁྱོད་སྤྱོང་སྐྱེ་བོ་ནི།། འདྲ་ལ་དམ་པ་ལྟ་བུར་འགྱུར།། ཁྱོད་རང་འཆི་ལ་མྱ་ངན་ན།། བུ་སོགས་རྣམས་ཕྱིར་ཅི་སྟེ་ཡིན།། ངོང་ཉིད་སྤྱོ་བྱ་སྨྲ་པོ་ནི།། ཅི་ལྟ་བུར་ན་སྨད་མི་འགྱུར།། གང་ཚེ་འགའ་ཞིག་མ་བཅོལ ་བར།། རང་ཉིད་བུར་གྱུར་དེ་ཡི་ཚེ།། མ་དྲིས་ཉིད་དུ་དེ་འགྲོ་བ།། རིག་པོར་མི་འགྱུར་མ་ཡིན་ནོ།། གཏི་མུག་ཕྱིར་ན་བུ་ཡི་ནི།། རྣམ་པ་རྟོག་པ་མེད་བཟང།། འདི་ཡི་འགྲོ་བར་སྤྲོ་བ་ཉིད།། རྒ་བས་སྟོན་པར་བྱེད་པར་འགྱུར།། ཇི་ལྟར་ཕ་ལ་བུསྐྲག་པ།། དེ་ལྟར་དེ་ལ་སྐྱེ ་མ་ཡིན།། འཇིག་རྟེན་འདི་ནི་འོག་ཏུ་འགྲོ།། དེ་ཕྱིར་མཐོ་རིས་ཀྱང་རྙེད་དཀའ།། གང་ཚེ་རྗེས་སུ་མི་མཐུན་པ།། འགའ་ཡང་སྡུག་ཅེས་བྱ་ཡོད་མིན།། དེ་ཚེ་ཆགས་པ་ཚོང་དང་ནི།། འདྲ་བ་འབའ་ཞིག་སྐྱེ་བར་ཟད།། བྲལ་བས་བསྐྱེད་པའི་སྡུག་བསྔལ་ནི།། མི་རྣམས་སྙིང ་ལས་མྱུར་ལྡོག་སྟེ།། ཆགས་ལའང་སྡུག་བསྔལ་བྲལ་བ་ཡིས།། མཚོན་པའི་མི་བརྟན་པ་ཉིད་ལྟོས།། གནོད་པས་གཟིར་བར་བྱས་ཟིན་ཀྱང་།། ཡོན་ཏན་མེད་སྙམ་ཤེས་བཞིན་དུ།། ཁྱོད་བདག་ཉིད་ལ་ཕྱི་ཆོས་འགྱུར།། དེ་ཡང་བདག་ལ་མི་རིགས་སོ།། སྡུག ་བསྔལ་རྣམ་པར་འགྲེད་ལྟ་བུ།། འཇིག་རྟེན་འདི་ནི་ཡོངསུ་ལབྱམ།། སྡུག་བསྔལ་གྱུར་པའི་སྐྱེ་བོ་ལ།། སྡུག་བསྔལ་འགེད་པས་ཅི་ཞིག་བྱ།། གང་གི་འདུ་བ་དགའ་ཡིན་དེའི།། འབྲལ་བ་ཅི་ལྟར་དགའ་མ་ཡིན།། འདུ་བ་དང་ནི་འབྲལ་བ་དག། ལྷན་ཅིག་རྒྱུ་བར་སྣང་མིན་ནམ།། ་འདས་ལ་ཐོག་མ་ཡོད་མིན་ལ།། མ་འོངས་ཐ་མ་ཡོད་མིན་ན།། ཅིས་ན་ཁྱོད་ཀྱི་འདུ་མཐོང་ཞིང་།། རིང་པོར་གྱུར་ཀྱང་འབྲལ་བ་མིན།། སྐད་ཅིག་ལ་སོགས་དུས་དེ་རྣམས།། ངེས་པར་དགྲ་དང་འདྲར་འགྱུར་ཏེ།། དེས་ན་དགྲར་གྱུར་དེ་དག་ལ།། རྣམ་ཀུན་ཁྱོད་འདོད ་ཆགས་མི་བྱ།། བློ་ངན་བྲལ་བའི་འཇིགས་པ་ཡིས།། ཁྱིམ་ནས་ངེས་པར་མི་འབྱུང་ན།། མཁས་པ་སུ་ཞིག་ངེས་པར་ནི།། བྱ་དགོས་ཆད་པས་བྱེད་པར་འགྱུར།། ཁྱོད་འདི་བྱས་ནས་གསལ་བར་ནི།། ནག་སུ་འགྲོ་བྱ་སྙམ་སེམས་ན།། གང་ཞིག་བྱས་ཀྱང་གཏང་བྱ་བ།། ་དེ་བྱས་ཡོན་ཏན་ཅི་ཞིག་ཡོད།། བདག་ནི་འཆིའོ་སྙམ་སེམས་པ།། གང་ལ་ངེས་པར་ཡོད་གྱུར་པ།། དེ་ནི་ཆགས་པ་ཡོངས་བཏང་ཕྱིར།། འཆི་བདག་ལ་ཡང་ག་ལ་འཇིགས།། བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས་རྟག་པར་འཛིན་པ་སྤང་བའི ་ཐབས་བསྟན་པ་སྟེ། རབ་ཏུ་བྱེད་པ་དང་པོའོ།། །། ལུས་ནི་དགྲ་ལྟར་མཐོང་མོད་ཀྱི།། དེ་ལྟ་ན་ཡང་དེ་ཡང་བསྲུང་།། ཁྲིམས་ལྡན་ཡུན་རིང་འཚོ་བ་ནི།། དེ་ལས་བསོད་ནམས་ཆེན་པོ་བྱེད།། མི་རྣམས་སྡུག་བསྔལ་ལུས་ཉིད་ལས།། སྐྱེ་ཞིང་བདེ་བ་གཞན ་ལས་ན།། སྡུག་བསྔལ་ཀུན་གྱི་སྣོད་གྱུར་པ།། ཁོག་པ་ལ་ཁྱོད་ཅི་སྟེ་གུས།། གང་ཚེ་བདེ་བ་སྡུག་བསྔལ་ལྟར།། ཤས་ཆེར་མི་ལ་མི་འབྱུང་ན།། དེ་ལྟར་སྡུག་བསྔལ་ཆེན་པོ་དེ།། ཆུང་ངོ་སྙམ་དུ་སེམས་བྱེད་དམ།། འཇིག་རྟེན་བདེ་ལ་མངོན་ཕྱོགས་ཤིང་།། བདེ ་@གྱུར་དག་ཀྱང་རྙེད་དཀའ་སྟེ།། དེས་ན་སྐྱེ་བོ་འཇིག་འདི་ལ།། སྡུག་བསྔལ་རྗེ་སུ་སྙེགས་པ་འདྲ།། སྡུག་བསྔལ་འདོད་པས་རྙེད་འགྱུར་གྱི།། འདོད་པས་བདེ་བ་ག་ལ་ཡིན།། ཁྱོད་ཅེས་དཀོན་པ་ལ་གུས་ཤིང་།། མོད་ལ་ཅི་སྟེ་ཁྱོད་མི་འཇིགས།། བདེ་བར ་གྱུར་པའི་ལུས་པོ་ནི།། སྡུག་བསྔལ་སྣོད་དུ་གྱུར་ཏེ་དེས།། ལུས་ལ་གུས་དང་དགྲ་ལ་གུས།། དེ་དག་གཉིས་ནི་མཚུངས་པར་སྣང་།། ལུས་ནི་ཤིན་ཏུ་འགོར་བས་ཀྱང་།། བདེ་བའི་བདག་ཏུ་མི་འགྱུར་ཏེ།། རང་བཞིན་གཞན་གྱིས་ཟིལ་གནོན་ཅེས།། བྱ་བར ་རིགས་པ་མ་ཡིན་ནོ།། མཆོག་ལ་ཡིད་ཀྱི་སྡུག་བསྔལ་ཏེ།། ཐ་མལ་རྣམས་ལ་ལུས་སྐྱེས་སོ།། སྡུག་བསྔལ་གཉིས་ཀྱིས་འཇིག་རྟེན་འདི།། ཉིན་རེ་ཉིན་རེ་འཇོམས་པར་བྱེད།། བདེ་བ་རྟོགས་པའི་དབང་གྱུར་ཅིང་།། རྟོག་པ་སྡུག་བསྔལ་དབང་གྱུར ་དེ་ཕྱིར་ཀུན་ན་སྡུག་བསྔལ་ལས།། ཤིན་ཏུ་སྟོབས་ལྡན་ཅི་ཡང་མེད།། ཇི་ལྟ་ཇི་ལྟར་དུས་འགྲོ་བ།། དེ་ལྟ་དེ་ལྟར་སྡུག་བསྔལ་འཕེལ།། དེ་ཕྱིར་བདེ་བ་ལུས་འདི་ཡི།། གཞན་པོ་ལྟ་བུར་སྣང་བར་འགྱུར།། སྡུག་བསྔལ་གྱི་ནི་རྒྱུ་མང་པོ།། ནང ་རྣམས་དང་གཞན་སྣང་གྱུར་པ།། དེ་སྙེད་དུ་ནི་མི་རྣམས་ལ།། བདེ་བའི་རྒྱུ་དག་སྣང་མ་ཡིན།། འཕེལ་བཞིན་པ་ཡི་བདེ་བ་ལ།། ཇི་ལྟར་བཟློག་པ་མཐོང་འགྱུར་བ།། ད་ལྟར་སྡུག་བསྔལ་འཕེལ་བཞིན་ལ།། བཟློག་པ་ཡོད་པ་མ་ཡིན་ནོ།། རྐྱེན་དང་ལྷན་ཅིག ་བདེ་བ་ལ།། བཟློག་པ་མཐོང་བ་སྡུག་བསྔལ་ལ།། རྐྱེན་རྣམས་ཉིད་དང་ལྷན་ཅིག་ཏུ།། བཟློག་པ་ཡོད་པ་མ་ཡིནོ།། ཁྱོད་འཆི་བཞིན་ལ་དུས་སོང་ཞིང་།། འགྲོ་བ་དང་ནི་འགྲོར་འགྱུར་ན།། འཆི་བཞིན་པ་ནི་བདི་འགྱུར་ཞེས།། རྣམ་པ་ཀུན་ཏུའང་རིགས་མ ་ཡིན།། ལུས་ཅན་རྣམས་ལ་བཀྲེས་སོགས་ཀྱིས།། གནོད་པ་རྟག་ཏུ་ཡོད་འགྱུར་ན།། གནོད་བཞིན་པ་ནི་བདའོ་ཞེས།། རྣམ་པ་ཀུན་ཏུ་འང་རིགས་མ་ཡིན།། ནུས་པ་མེད་པས་འབྱུང་ཀུན་ལ།། ཚོགས་པ་ཞེས་བྱ་སྐྱེ་འགྱུར་ཏེ།། འགལ་བ་རྣམས་ལ་བདེའོ་ཞེས།། རྣམ ་པ་ཀུན་ཏུ་མི་རིགསོ།། གྲངས་སོགས་རྣམས་ལ་ཕྱིར་འཚོ་ག།། རྟག་ཏུ་ཡོད་པ་མ་ཡིན་ན།། བརླག་བཞིན་པ་ནི་བདེའོ་ཞེས།། རྣམ་པ་ཀུན་ཏུའང་རིགས་མ་ཡིན།། འབད་རྩོལ་མེད་པར་སྤྱོད་པ་ཞེས།། བྱ་འགའ་སོ་སྟེང་ཡོད་མིན་ན།། ལས་བྱེད་བདེ་བ་ཡིནོ་ཞེས།། ་རྣམ་པ་ཀུན་ཏུའང་མི་རིགསོ།། འདི་དང་གཞན་ཏུ་བདག་ཉིད་ནི།། རྟག་ཏུ་སྡིག་ལས་བསྲུང་བར་བྱ།། ངན་འགྲོ་ཡོད་ན་བདེ་བ་ཞེས།། རྣམ་པ་ཀུན་ཏུ་རིགས་མ་ཡིན།། བཞོན་པ་སོགས་ལ་མི་རྣམས་ཀྱི།། བདེ་བ་རྟག་ཏུ་ཡོད་མིན་ཏེ།། དང་པོར་གང་ལ་རྩོམ་མེད ་པ།། དེ་ལ་མཐར་འཕེལ་ག་ལ་ཡོད། གསེར་གྱི་སྣོད་དུ་སྤྱུག་པ་ན།། ཇི་ལྟར་འགའ་ཞིག་དགའ་འགྱུར་བ།། དེ་བཞིན་སྡུག་བསྔལ་ཕྱིར་འཆོས་དེ།། བདེའོ་སྙམ་དུ་སེམས་པར་བྱེད།། རྩོམ་པས་སྐྱེས་པ་ལྡོག་འགྱུར་ན།། སྡུག་བསྔལ་རྩོམ་ལའང་བདེ་ཅི་ཡོད།། དེ་ཕྱིར། ་ཐུབ་པས་སྐྱེ་འཇིག་དག། སྡུག་བསྔལ་ཡིན་ཞེས་གསུངས་པ་སྙམ།། སོ་སོའི་སྐྱེ་བོས་སྡུག་བསྔལ་ནི།། བདེ་བས་གཡོགས་ལྟར་མི་མཐོང་ན།། གང་གིས་སྡུག་བསྔལ་སྒྲིབ་འགྱུར་བ།། བདེ་བ་ཞེས་བྱ་ཅི་ཡང་མང་།། ཁྱོད་སྡུག་ཆགས་བྲལ་མེདོ་ཞེས།། སོ་སོའི་སྐྱེ ་པོ་བསྟན་བྱ་དེས།། ངེས་པར་དེ་བཞིན་གཤེགས་རྣམས་ཀྱིས།། གཏི་མུག་ཀུན་གྱི་ཐ་མར་གསུངས།། མི་རྟག་པ་ལ་ངེས་པར་གནོད།། གང་ལ་གནོད་ཡོད་དེ་བདེ་མིན།། དེ་ཕྱིར་མི་རྟག་གང་ཡིན་པོ།། ཐམས་ཅད་སྡུག་བསྔལ་ཞེས་བྱར་འགྱུར།། རྣལ་འབྱོར ་སྤྱོད་པ་བཞི་བརྒྱ་པ་ལས་བདེ་བར་འཛིན་པ་སྤང་བའི་ཐབས་བསྟན་པ་སྟེ། རབ་ཏུ་བྱེད་པ་གཉིས་པའོ།། །། ཡུན་ནི་ཤིན་ཏུ་རིང་པོས་ཀྱང་།། ཡུལ་ལ་མུར་ཐུག་ཡོད་མིན་ཏེ།། སྨན་པ་ངན་ལྟར་ཁྱོད་ལུས་ལ།། ངལ་བ་འབྲས་བུ་མེད་པ ་འབྱུང་།། བསྟེན་པར་བྱེད་པ་འགའ་ཞིག་ལ།། ས་སྲེང་ལྡོག་པ་མེ་ཇི་བཞིན།། བསྟན་བཞིན་པ་ཡི་མི་རྣམས་ལོ།། འདོད་རེ་འཕེལ་བ་དེ་བཞིན་ནོ།། བུད་མེད་ཀུན་ལ་འཁྲིག་པ་ལ།། ཐ་དད་ཅུང་ཟད་ཡོད་མིན་ཞིག། གཟུགས་གཞན་གྱི་ཡང་ལོངས་སྤྱོད་ན།། ཁྱོད་ལ་མོ་མཆོག་གིས་ཅི ་བྱེད།། གང་ལ་གང་ཡིད་འོང་གྱུར་པ།། དེ་ནི་དེ་ཡིས་འཚེངས་པར་རློམ།། ཁྱི་སོགས་ལའང་ཐུན་མོང་བས།། བློ་གྲོས་ངན་པ་ཁྱོད་ཅི་ཆགས།། ཁྱོད་ལ་ཡན་ལག་ཀུན་མཛེས་མོ།། གང་དེར་སྔར་ཀུན་ཐུན་མོང་ན།། དེ་རྙེད་ཁྱོད་ལ་ངོ་མཚར་ལྟར།། ཇི་ལྟར་ཡང་ནི་འགྱུར་བ། ་མིན།། ཡོན་ཏན་ལྡན་པ་སྡུག་པ་དང་།། བཟློག་པ་ལ་ནི་བཟློག་མཐོང་ན།། རྣམ་པར་གནས་མེད་སྔ་མ་འམ།། ཅིག་ཤོས་ལས་ནི་གང་ཞིག་བདེན།། བླུན་པོའི་འདོད་ཆགས་ཡོན་ཏན་དང་།། ལྡན་པ་འབའ་ཞིག་ལ་མི་སྐྱེ།། རྒྱུ་མེད་པ་ལ་འཇུག་རྣམས་ཀྱི།། ལྡོག་པ་རྒྱུ་ལས་ག་ལ ་ཡིན།། ཇི་སྲིད་གཞན་བཤིས་མ་གྱུར་པ།། དེ་སྲིད་དེ་ནི་ཁྱོད་ལ་འདུག། ནད་ངན་དང་མཚུངས་བུད་མེད་ནི།། རྟག་ཏུ་རྐྱེན་ལས་བསྲུང་བར་བྱ།། དར་མར་རང་གིས་བྱས་པ་གང་།། དེ་ནི་རྒན་པོ་མི་འདོད་ན།། ཇི་ལྟ་བུར་ན་གྲོལ་བ་རྣམས།། དེ་ལ་ཤིན་ཏུ་གདུང་མི་འགྱུར།། མ་ཆགས་པ་ལ ་བདེ་མེད་ཅིང་།། དེ་ཡང་བླུན་མིན་ལ་མེད་ན།། གང་ཡིད་རྟག་ཏུ་ཕྱིར་ཕྱོགས་པ།། དེ་ཡི་བདེ་བ་ཅི་འདྲ་ཞིག། ཁྱོད་ལ་གུས་བཞིན་རྟག་པར་ནི།། མོ་དང་ལྷན་ཅིག་ཕྲད་པ་མེད།། འདི་ངའི་གཞན་གྱི་མ་ཡིན་ཞེས།། ཡོངས་འཛིན་འདི་གོ་ཅི་ཞིག་ཡིན།། གལ་ཏེ་འདོད་ཆགས་བདེ་ཡིན། ་ན།། བུད་མེད་དག་གིས་དགོས་མེད་འགྱུར།། བདེ་བ་དོར་བྱ་ཞེས་བྱ་བར།། ཇི་ལྟར་ཡང་ནི་མི་མཐོང་ངོ་།། བུད་མེད་ལྷན་ཅིག་སྦྱོར་བ་ནའང་།། བདེ་བ་གཞན་ལས་སྐྱེ་འགྱུར་ན།། དེ་རྒྱུ་མཛའ་མོ་ཉིད་ཡིན་ཞེས།། བླུན་པོ་མིན་པ་སུ་ཞིག་འཛིན།། མཛེ་བོ་འཕྲུག་བཞིན་འདོད་ཆགས་ཀྱི།། ་ལྡོངས་པས་འདོད་པའི་སྐྱོན་མི་མཐོང་།། ཆགས་བྲལ་རྣམས་ལ་མཛེ་བོ་ལྟར།། ཆགས་ཅན་སྡུག་བསྔལ་ལྡན་པར་སྣང་།། མགོར་མེད་བཀྲེས་པས་ཉེན་རྣམས་ལ།། མུ་གེར་བྱ་བ་གང་བྱུང་བ།། དེ་ནི་བུད་མེད་ཕྲད་པའི་ཚེ།། ཆགས་ཅན་ཀུན་གྱིས་གཡོ་བ་ཡིན།། དྲེགས་པ ་ཡིས་ནི་ཁ་ཅིག་ལ།། བཤང་ཁང་ལ་ཡང་ཆགས་སྐྱེ་ཞིང་།། བུད་མེད་ལ་ལ་ལ་ཆགས་པ།། འགའ་ཞིག་འགའ་ལ་ཕྲག་དོག་བྱེད།། མི་གཙང་བ་ལ་གཏི་མུག་ནི།། འབྱུང་ཞིང་ཁྲོ་བ་འབྱུང་རིགས་ཀྱི།། རྣམ་པ་ཀུན་ཏུ་འདོད་ཆགས་ནི།། འབྱུང་བར་རིགས་པ་མ་ཡིནོ།། མི་རྣམས ་མ་གཏོགས་མི་གཙང་བའི།། སྣོད་ནི་སྨད་པར་འབྱུང་འགྱུར་ན།། གང་ལས་མི་གཙང་འབྱུང་འགྱུར་བ།། དེ་ནི་སྨད་པར་ཅིས་མི་སེམས།། དངོས་པོ་གཙུབ་ཐམས་ཅད་ཀྱི།། ཐ་མ་གང་དུ་དམིགས་འགྱུར་བ།། དེ་ལ་གཙང་བ་ཡོད་དོ་ཞེས།། བློ་ལྡན་མི་ནི་གང་ཞིག་སྨྲ།། ་གང་ཞིག་བཤང་ཁང་ནང་འདུག་ཅིང་།། དེ་མེད་པར་ནི་མི་གནས་པ།། མི་གཙང་བ་ཡི་སྲིན་དེ་ལ།། རྨོངས་ལས་དྲེགས་པ་སྐྱེ་བར་ཟད།། ཐབས་གང་གིས་ཀྱང་ལུས་ཀྱི་ནི།། ནང་ཕྱུགས་གཙང་མར་མི་འགྱུར་ན།། ཁྱོད་ནི་ནང་ལ་འབད་བྱེད་པ།། དེ་ལྟར་ཕྱི་རོལ་ལ་མ། ་ཡིན།། གལ་ཏེ་མཛེ་ཅན་བཞིན་དེ་ལྟར།། གཅིན་ཅན་ཀུན་ལ་མཚུངས་མིན་ན།། མཛེ་ཅན་ཇི་བཞིན་གཅིན་ཅན་དེ།། དེ་ལྟར་མི་ཀུན་གྱིས་སྤོང་འགྱུར།། ཡན་ལག་ཉམས་པ་འགའ་ཞིག་ནི།། སྣ་ཡི་ཚབ་མས་དགར་འགྱུར་ལྟར།། མི་གཙང་ཕྱིར་འཚོ་མེ་ཏོག་ལོ།། སོགས ་ལས་འདོད་ཆགས་དེ་བཞིན་འདོད།། གང་དུ་འདོད་ཆགས་བྲལ་སྐྱེ་བ།། དེ་གཙང་ཞེས་བྱར་མི་རིགས་ལ།། དེ་བར་འདོད་ཆགས་རྒྱུར་གྱུར་པའི།། དངོས་དེ་གང་ན་ཡོད་མ་ཡིན།། མདོར་ན་མི་རྟག་མི་གཙང་དང་།། སྡུག་བསྔལ་བ་དང་བདག ་མེད་ཅེས།། བྱ་བ་བཞི་པོ་ཐམས་ཅད་ནི།། གཅིག་ཉིད་ལ་ནི་སྲིད་པར་འགྱུར།། རྣལ་འབྱོར་སྤྱོད་པ་བཞི་བརྒྱ་བ་ལས་གཙང་བར་འཛིན་པ་སྤང་བའི་ཐབས་བསྟན་པ་སྟེ་རབ་ཏུ་བྱེད་པ་གསུམ་པའོ།། ། བདག་གམ་བདག་གི་སྙམ་དྲེགས་པ།། ་སྲིད་པར་དམ་པ་སུ་ལ་འགྱུར།། གང་ཕྱིར་ལུས་ཅན་ཐམས་ཅད་ལ།། ཡུལ་རྣམས་ཐམས་ཅད་མཚུངས་ཕྱིརརོ།། ཚོགས་བྲན་དྲུག་ཆས་བསྟབས་གྱུར་པ།། ཁྱོད་ཀྱི་དྲེགས་པ་ཅི་ཞིག་ཡིན།། གང་ངམ་དེ་རུ་བྱ་བ་ནི།། དབང་དུ་བྱས་ལ་རག་ལས ་འགྱུར།། ཇི་ལྟར་གསོ་བྱ་འཐོབ་ཐོབ་པ།། རྗེ་བོ་གཏོང་བར་སེམས་དེ་བཞིན།། རྗེ་བོ་སྦྱིན་བྱ་བྱིན་བྱས་ནས།། བདག་ནི་གཏོང་བ་པོ་སྙམ་རློམ།། གཞན་རྣམས་ཀྱིས་ན་སྡུག་བསྔལ་གནས།། ཁྱོད་ལ་ཕྱིན་ཅི་ལོག་ཏུ་དྲན།། གཞན་གྱིས་ལས་ཀྱིས་འཚོ་ཁྱོད་ཀྱི།། ་དགའ་བ་གང་གིས་བསྐྱོད་པར་འགྱུར།། འཇིག་རྟེན་གྱི་ནི་བསྲུང་པོ་དང་།། བསྲུང་བྱར་ས་བདག་སྣང་གྱུར་ན།། ཅི་སྟེ་གཅིག་གིས་དྲེགས་ཡོད་ཅིང་།། ཅི་སྟེ་གཞན་གྱི་དྲེགས་བྲལ་མིན།། རི་གོས་ཀུན་ནང་ནས་རང་ལས་ལ།། དགའ་བས་འཚོ་རྣམས་རྙེད ་པ་དཀའ།། གལ་ཏེ་ཁྱོད་ལ་མི་དགར་འགྱུར།། དེས་ན་ཁྱོད་ལ་འགྲོ་བཟང་དཀོན།། གཞན་གྱིས་སྐུལ་ཏེ་བྱེད་པ་གང་།། དེ་ནི་ས་སྟེང་བླུན་ཞེས་བྱ།། ཁྱོད་དང་མཚུངས་པའི་གཞན་དབང་གཞན།། འགའ་ཡང་ཡོད་པ་མ་ཡིན།། བསྲུང་བ་ང་ལ་རག་ལས ་ཞེས།། འཇིག་རྟེན་ལས་ནི་གླུ་ལེན་ཞིང་།། རང་ཉིད་ཀྱིས་ཀྱང་སྡིག་བྱེད་ན།། དེ་མཚུངས་བརྩེ་མེད་སུ་ཞིག་ཡོད།། སྐྱེ་བོ་སྡིག་ཏོ་བྱེད་རྣམས་ལ།། གལ་ཏེ་བརྩེ་བ་བྱ་མིན་ན།། བྱིས་པ་སོ་སོའི་སྐྱེ་བོ་ནི།། ཐམས་ཅད་བསྲུང་བྱར་མི་འགྱུརརོ།། བདག་ཉིད་དགའ ་བབསྐྱེད་པ་ཡི།། རྒྱུ་ནི་གང་དུ་ཡོད་མི་འགྱུར།། ལུང་ལ་སོགས་པའི་རྒྱུ་རྣམས་ཀྱི།། བསོད་ནམས་མིན་པ་འཇིག་ཡོད་མིན།། ཡང་དག་བསྲུང་བྱེད་ཅེས་བྱ་བ།། གལ་ཏེ་ས་བདག་ཆོས་ཡིན་ན།། ཉོན་མོངས་གཟོ་མཁན་རྣམས་ལ་ཡང་།། ཅི་སྟེ་ཆོས ་འགྱུར་མ་ཡིན།། འཇིག་རྟེན་ས་བདག་རག་ལས་ཀྱི།། ས་བདག་དེ་ནི་སྨད་དེ་དཔེར།། དམ་པས་འཇིག་རྟེན་ཀུན་གྱི་མ།། སྲིད་པ་ཡི་ནི་སྲེད་པ་བཞིན།། བླུན་མིན་རྒྱལ་སྲིད་མི་ཐོབ་ལ།། བླུན་ལ་བརྩེ་བ་ཡོད་མིན་ན།། བསྲུང་པོ་ཡིན་ཡང་མི ་ཡི་དད་ན།། བརྩེ་བ་མེད་པར་ཆོས་མི་གནས།། དྲང་སྲོང་རྣམས་ཀྱི་སྤྱོད་པ་ཀུན།། མཁས་པས་བྱེད་པ་མ་ཡིན་ཏེ།། གང་གི་ཕྱིར་ན་དེ་དག་ལ།། དམན་འབྲིང་ཁྱད་འཕགས་ཡོད་ཕྱིརརོ།། སྔར་གྱིབདག་དགེ་རྣམས་ཀྱི།། འཇིག་རྟེན་བུ་རྣམས་བསྐྱངས ་བ་དེ།། རྩོད་དུས་ཆོས་ལ་བརྟེན་རྣམས་ཀྱི།། དེང་སང་རི་དགས་དགོན་པར་བྱས།། གླགསུ་སྣུན་པོའི་རྒྱལ་པོ་ལ།། གལ་ཏེ་སྡིག་པ་ཡོད་མིན་ན།། རྐུན་པོ་གཞོན་རྣམས་ལ་ཡང་དེ།། དང་པོ་ཉིད་དུ་ཡོད་མ་ཡིན།། ཆང་སོགས་དག་ལ་བདོག་པ་ཀུན།། ་ཡོངས་གཏོང་མཆོད་པ་མ་ཡིན་ན།། གཡུལ་ངོར་བདག་ཀྱང་ཡོངས་གཏོང་བས།། མཆོད་པ་སྙམ་དུ་སེམས་སམ་ཅི།། རྒྱལ་པོ་འཇིག་རྟེན་མགོན་ཁྱོད་ལ།། མགོན་དགའ་ཡོད་པ་མ་ཡིན་ན།། མགོན་ཉིད་དེ་ཡི་བདག་ཉིད་ན།། མ་བཏང་སུ་ཞིག ་དགའ་བར་འགྱུར།། རྒྱལ་པོ་ཤི་བར་གྱུར་པ་ལའང་།། གྲགས་པས་ཡོན་ཏན་འགའ་མི་འབྱུང་།། ཁྱོད་ཡོན་མེད་དང་ཁྱི་འཚེད་ལ།། གྲགས་པ་ཆེན་པོ་ཅི་སྟེ་མེད།། གང་ཚེ་ཀུན་གྱི་དབང་ཕྱུག་ཉིད།། བསོད་ནམས་ཀྱིས་བསྐྱེད་དེ་ཡི་ཚེ།། ་འདི་ནི་དབང་ཕྱུག་རྟེན་མིན་ཞེས།། བརྗོད་པར་རྙེད་པ་མ་ཡིན།། འཚོ་བའི་ཐབ་སོ་ཅོག་ལ་ཡང་།། འཇིག་རྟེན་ན་ནི་རིགས་ཞེས་བརྙད།། དེས་ན་སེམས་ཅན་ཐམས་ཅད་ལ།། རིགས་ལ་དབྱེ་བ་ཡོད་མ་ཡིན།། འདས་དུས་ཤིན་དུ་རིང་བ་དང་།། མི་མོ་རྣམས ་ཡིད་གཡོ་བ་སྟེ།། དེའི་ཕྱིར་རྒྱལ་རི་ཌ་ཌཱི་བྱ་བ། རི་ལྔ་འགའ་ཡང་ཡོད་མ་ཡིན།། གལ་ཏེ་ལས་ཀྱིས་དམངས་རིགས་ཀྱང་།། རྒྱལ་རིགས་ཞེས་བྱར་འགྱུར་ན་ནི།། ལས་ཀྱིས་དམངས་ཀྱང་བྲམ་ཟེར་ནི།། གང་གིས་འགྱུར་བ་མིན་པར་སེམས།། རྒྱལ་པོའི ་སྡིག་ལ་དབང་ཕྱུག་ལྟའོ།། འགེད་པ་ཡོད་པ་མ་ཡིན་ན།། གཞན་གྱི་དོན་དུ་མཁས་པ་ནི།། སུ་ཞིག་ཕྱི་མར་འཇོམས་པར་བྱེད།། དབང་ཕྱུག་གིས་བསྐྱེད་ང་རྒྱལ་ནི།། མཉམ་དང་ཁྱད་པར་འཕགས་པ་ཡི།། ཕ་རོལ་ནུས་ལྡན་བལྟ་བྱ་སྟེ།། ་དམ་པའི་སྙིང་ལ་མི་གནསོ།། རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས་བདག་ཏུ་འཛིན་པ་སྤང་བའི་ཐབས་བསྟན་པ་སྟེ། རབ་ཏུ་བྱེད་པ་བཞི་པའོ།། ། སངས་རྒྱས་རྣམས་ཀྱི་གཡོ་བ་ནི།། རྒྱུ་མེད་དགའ་ཡང་ཡོད་མིན་ཏེ།། དབུགས ་ཀྱང་སེམས་ཅན་རྣམས་ལ་ནི།། སྨན་སླང་ཁོ་ནར་ཡང་དག་འབྱུང་།། འཇིག་རྟེན་ཀུན་ལ་འཆི་བདག་སྨྲ།། ཇི་ལྟར་འཇིགས་པ་སྐྱེ་འགྱུར་བ།། དེ་བཞིན་ཀུན་མཁྱེན་སྨྲ་འདི་ནི།། འཆི་བདག་ལ་ཡང་འཇིགས་པ་བསྐྱེད།། ཐུབ་པ་མཛད་དང་མཛད ་མིན་དང་།། གསུང་བྱ་གསུང་བྱ་མིན་མངའ་བ།། དེས་ན་ཀུན་མཁྱེན་ཀུན་མཁྱེན་ནི།། མིན་ཞེས་བྱ་བ་ལ་རྒྱུ་ཅི་ཡོད།། སེམས་མ་རྟོགས་པར་འགྲོ་སོགས་ལ།། གང་ཕྱིར་བསོད་ནམས་ལ་སོགས་ལ།། མ་མཐོང་དེ་ཕྱིར་ལས་ཀུན་ལ།། ་ཡིད་ནི་དོན་པོར་བསྒྲུབ་པར་བྱ།། བསམ་པས་བྱང་ཆུབ་སེམས་དཔའ་ལ།། དགེ་བ་འམ་འོན་ཏེ་མི་དགེའང་རུང་།། ཐམས་ཅད་དགེ་ལེགས་ཉིད་འགྱུར་ཏེ།། གང་ཕྱིར་ཡོད་དེའི་དབང་གྱུར་ཕྱིར།། བྱང་ཆུབ་སེམས་དཔའ་སེམས་དང་པོ།། ས ་སྟེང་སྐྱེ་བོ་ཐམས་ཅད་ནི།། འཁོར་ལོས་སྒྱུར་བ་ཉིད་འགྱུར་བ།། དེ་དག་བསོད་ནམས་ལས་ཁྱད་འཕགས།། རིན་ཆེན་རང་བཞིན་མཆོད་རྟེན་ནི།། འཇིག་རྟེན་རྙེད་མཐོ་འགས་བྱས་པ།། དེ་བས་སེམས་ཅན་གཅིག་འདུལ་པོ།། མཆོག་ཏུ་བཀྲབས ་པར་བརྗོད་པ་ཡིན།། དེ་ལ་ཕན་འདོད་བླ་མ་ཡིས།། སློབ་མ་ལ་ནི་སྲིད་ཞུ་བྱ།། གང་ཕྱིར་དེས་ཕན་མི་ཤེས་པ།། དེ་ཕྱིར་སློབ་མ་ཞེས་བྱའོ།། ཁྲོ་ཡང་འབྱུང་པོས་བཟུང་བ་ལ།། སྨན་པ་འཁྲུག་པ་མིན་པ་ལྟར།། ཐུབ་པ་ཉོན་མོངས་དགྲར་གཟིགས་ཀྱི།། ་ཉོན་མོངས་དང་འབྲེལ་གང་ཟག་མིན།། གང་ཞིག་གང་གང་ལ་དགའ་བ།། དེ་ཡི་དེ་དོ་སྔར་སྤྱད་བྱ།། ཉམས་པར་གྱུར་པ་དམ་ཆོས་ཀྱི།། སྣོད་ནི་ཅིས་ཀྱང་སྔ་ཡི་ནོ།། ཇི་ལྟར་མ་ནི་ཁྱད་པར་དུ།། ནད་ཐེབས་བུ་ལ་གདུང་གྱུར་པ།། དེ་བཞིན་བྱང་ཆུབ་སེམས་དཔའི ་བརྩེ།། དམ་པ་མིན་ལ་ཁྱད་པར་དུའོ།། ལ་ལའི་སློབ་མར་གྱུར་པ་སྟེ།། ལ་ལ་ཡི་ནི་བླ་མར་འགྱུར།། ཐབས་རིག་སྣ་ཚོགས་ཐབས་ཀྱིས་ནི།། མ་རྟོག་སེམས་ཅན་རྟོགས་པར་བྱེད།། ཇི་ལྟར་སྨན་པ་མཁས་གྱུར་པས།། ནད་པ་བསྒྲུབ་མེད་དཀོན་དེ་བཞིན།། ་བྱང་ཆུབ་སེམས་དཔའ་སྟོབས་རྙེད་ནས།། གདུལ་བྱ་མ་ཡིན་ཤིན་ཏུ་དཀོན།། བྱང་ཆུབ་སེམས་དཔའི་ཡུལ་དུ་ནི།། གལ་ཏེ་འགའ་ཞིག་མ་བསྐུལ་བར།། ངན་སོང་འགྲོ་བར་འགྱུར་ན་དེ།། བློ་ལྡན་གཞན་གྱིས་སྤང་བྱར་འགྱུར།། གང་ཞིག ་ཉེན་པ་གཞན་དག་ལོ།། སྙིང་བརྩེ་ལེགས་ཞེས་མི་འདོད་པ།། དེ་རྗེས་བརྩི་བས་མགོན་མེད་པ།། དགོ་ལ་ཇི་ལྟར་སྦྱིན་པ་གཏོང་།། འགྲོ་ལ་ཕན་ཕྱིར་གང་ཞིག་ལ།། འཇིག་རྟེན་སྲིད་དུ་གནས་ཡོད་པ།། དེ་ལ་སོར་གནས་དག་ཕུང་ན།། སྡང་ལ་བསམ་དག་ཅི་ཞིག ་ཡོད།། གང་ལ་སྐྱེ་བ་ཐམས་ཅད་དུ།། མངོན་ཤེས་ལྔ་ཆར་ཡང་ཡོད་པ།། དེ་ཡི་དམན་པར་དམན་ལྷའི་དངོས། འདི་ནི་ཤིན་ཏུ་བྱ་དཀའ་བའོ།། ཐབས་ཀྱིས་ཀུན་ཚེ་བསོད་ནམས་གང་།། ཤིན་ཏུ་ཡུན་རིང་བསགས་པ་དེ།། ཐམས་ཅད་མཁྱེན་པའི་གཞལ་བྱད་ཡང་།། མིན ་ཞེས་དེ་བཞིན་གཤེགས་པས་གསུངས།། འཆི་དང་ཆོས་དང་སྲིད་པ་གཞན།། སྦྱིན་པའི་སྒྲ་ཡིས་གསལ་བྱེད་པ།། དེ་ཕྱིར་བྱང་ཆུབ་སེམས་དཔའ་ལ།། སྦྱིན་པའི་སྒྲ་ནི་རྟག་ཏུ་སྤྱན།། འདིར་བྱིན་པ་ཡི་སྦྱིན་པ་ལས།། འབྲས་བུ་ཆེན་པོ་འབྱུང་འགྱུར་ཞེས།། ལེན་དང ་ཡོངསུ་གཏོང་བ་ནི།། ཚོང་སོགས་བཞིན་དུ་སྨད་པར་འགྱུར།། གང་ལ་སྔར་བྱས་སྡིག་པ་ཡང་།། ཡོད་ཉིད་ཡོད་པ་མ་ཡིན་པ།། དགེ་བའི་ལས་ཅན་དེ་ལ་ནི།། བསྒྲུབ་མིན་ཞེས་བྱ་ཡོད་མ་ཡིན།། རླབས་ཆེན་ཡིད་ཅན་དེ་ལ་ནི།། འདི་ནའང་གནོད་པ་ཡོད་མིན་ཏེ།། དེས་ན་དེ ་ལ་སྲིད་པ་དང་།། མྱ་ངན་འདས་ལ་ཁྱད་པར་མེད།། གང་ལ་ཀུན་ཚེ་སེམས་དབང་ནི།། ཉིད་ལས་སྐྱེ་བ་ཡོད་གྱུར་པ།། དེ་ཀོ་རྒྱུ་ཅིས་འཇིག་རྟེན་ནི།། ཀུན་གྱི་མངའ་བདག་འགྱུར་མ་ཡིན།། ཕུལ་འགྲོ་ལས་ཆེས་ཕུལ་འགྲོ་བ།། འགའ་ཞིག་འཇིག་རྟེན་འདིར་ཡང་སྣང་།། ་དེདེན་བསམ་མི་ཁྱབ་མཐུ་ཡང་།། ངེས་པར་ཡོད་ཅེས་རྟོགས་པར་གྱིས།། ཐུན་ལ་ཤིན་ཏུ་ཟབ་ཆོས་ལ།། སྐྲག་པ་སྐྱེ་བ་ཇི་ལྟ་བ།། དེ་བཞིན་གཞན་ལ་ཤིན་ཏུ་ནི།། རྨད་བྱུང་ཆོས་ལ་སྐྲག་པ་སྐྱེ།། རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། བྱང་ཆུབ་སེམས་དཔའི ་སྤྱོད་པ་བསྟན་པོ་སྟེ། རབ་ཏུ་བྱེད་པ་ལྔ་པའོ།། །། བདེ་བས་འདོད་ཆགས་འཕེལ་འགྱུར་ཞིང་།། སྡུག་པས་ཁྲོ་བ་འཕེལ་འགྱུར་ན།། ཅིས་བདེ་དཀའ་ཐུབ་ཅན་མིན་ཞིང་།། སྡུག་པ་དཀའ་ཐུབ་ཅན་ཅིས་ཡིན།། འདོད་ཆགས་ལས་ནི་སྡུད་པ་སྟེ།། ཁྲོ་བའི་ལས ་ནི་རྩོད་པའོ།། འབྱུང་བ་ཀུན་ལོ་རླུང་བཞིན་དུ།། གཏི་མུག་ལས་ནི་གསོས་འདེབས་པའོ།། མ་འཕྲད་པ་ལ་འདོད་ཆགས་ནི།། སྡུག་བསྔལ་སྦྱངས་མེད་ལས་ཁྲོ་སྡུག། ཡོངས་མི་ཤིས་ལས་གཏི་མུག་སྟེ།། དེ་དག་གིས་དེ་དག་མི་རྟོག། ཇི་ལྟར་བད་ཀན་ལ་མཁྲིས ་དང་།། ལྷན་ཅིག་ཕྲང་བ་མེད་མཐོང་བ། དེ་བཞིན་ཁྲོ་ལ་འདོད་ཆགས་དང་།། ལྷན་ཅིག་ཕྲད་པ་མེད་པར་མཐོང་།། འདོད་ཆགས་བྲན་བཞིན་དཀོ་ལ་བྱ་སྟེ།། གང་ཕྱིར་མི་ཕངས་དེའི་སྨན་ཕྱིར།། ཁྲོ་ལ་རྗེ་བོ་བཞིན་ལྟ་སྟེ།། དེ་སྨན་ཕངས་པ་ཡོན་ཕྱིརོ།། དང་པོར ་གཱཏི་མུག་ཡང་དག་འབྱུང་།། བར་དུ་ཁྲོ་བ་འབྱུང་གྱུར་ཞིང་།། ཕྱིས་ནི་འདོད་ཆགས་འབྱུང་བ་སྟེ།། ཉིན་ལ་རིམ་པ་གསུམ་དུའོ།། འདོད་ཆ་མཛའ་མིན་མཛའ་འདྲ་ག་དེ་ལ་ཁྱོད་མི་འཛེགས་ཏེ།། མི་ཕན་མཛའ་བོ་ཁྱད་པར་དུ།། སྐྱེས་བུསོ་སྤང་བར་བྱ ་མིན་ནམ།། འདོད་ཆགས་རྒྱུ་ལས་སྐྱེ་འགྱུར་ཞིང་།། རྐྱེན་ལས་ཀྱང་ནི་སྐྱེ་བ་སྟེ།། འདོད་ཆགས་རྐྱེན་ལས་སྐྱེ་བ་གང་།། དེ་ནི་སྒྲུབ་སླ་ཅིག་ཤོས་མིན།། ཁྲོ་བ་བསྟན་ཞིང་ངེས་པར་ནི།། མི་དགེ་ཉེས་ཆེན་བྱེད་པ་སྟེ།། དེ་ལྟར་རྣམ་ཀུན་དབྱེ་ཤེས་པས།། ་ཉོན་མོངས་རྣམས་མཐར་བྱེད་པར་འགྱུར།། ལུས་ལ་ལུས་དབང་ཇི་བཞིན་དུ།། གཏི་མུག་ཀུན་ལ་གནས་འགྱུར་ཏེ།། དེ་ཕྱིར་ཉོན་མོངས་ཐམས་ཅད་ཀྱང་།། གཏི་མུག་བཅོམ་པས་བཅོམ་པར་འགྱུར།། རྟེན་ཅིང་འབྲེལ་བར་འབྱུང་བ་ནི།། མཐོང་ན ་གཏི་མུག་འབྱུང་མི་འགྱུར།། དེ་ཕྱིར་འབད་པ་ཀུན་གྱིས་འདིར།། གཏམ་དེ་ཁོ་ན་བསྙད་པར་བྱ།། རྟག་ཏུ་ས་འཛིན་སོགས་དགའ་ལ།། གཏོང་པོ་ཟ་བོ་གཙང་ཞིང་འགྱུར།། དེ་འདྲ་ལ་སོགས་མཚན་ཉིད་རྣམས།། འདོད་ཆགས་ཅན་གྱི་མི་ལ་སྣང་།། སངས་རྒྱས་རྣམས ་ཀྱིས་ཆགས་ཅན་ལ།། ཟས་དང་ཆོས་གོས་གཙུག་ལག་ཁང་།། དགེ་ལེགས་ཡངས་པ་ཐམས་ཅད།། རྟག་ཏུ་བླ་མའི་ཐད་ནས་གསུངས།། ནུས་མེད་ལ་ཁྲོས་བདག་ཉིད་ལ།། མདོག་མི་སྡུག་པ་འབའ་ཞིག་བྱེད།། ནུས་པ་གང་ལའང་བརྩེ་མེད་ལ།། དེ་ནི་ཐ ་ཆད་ཅེས་བྱར་བརྗོད།། ཡིད་དུ་མི་འོང་བ་ཡི་སྒྲ།། སྔར་བྱས་སྡིག་མཐར་བྱེད་པར་བརྗོད།། རྨོངས་ཤིངས་དམ་པ་མ་ཡིན་པ། བདག་ཉིད་རྣམ་པར་དག་མི་འདོད།། སྙན་པ་ཡིད་དུ་མི་འོང་བའང་།། ངོ་བོ་ཉིད་ཀྱིས་གནོད་མི་བྱེད།། དེ་ཕྱིར་རྣམ་རྟོག་ལས་བྱུང་བ།། ་གཞན་ལས་ཡིནོ་སྙམ་དུ་རློམ།། ཇི་ལྟར་གཤེ་པ་པོ་ལ་ནི།། ཆད་པར་བྱ་བ་མངོན་བརྗོད་པ།། དེ་བཞིན་སྙན་པར་སྨྲ་བོ་ལ།། མཆོད་པར་བྱ་བར་ཅིས་མི་འགྱུར།། ཁྱོད་ཀྱིས་སྨད་བྱ་མ་སྨྲས་ཀྱང་།། གལ་ཏེ་གཞན་གྱིས་ཤེས་ནས་ནི།། སྨྲ་བོ་ལ ་ཁྲོ་མོ་རིགས་ནས།། ཡང་དག་མིན་སྨྲ་ལ་ཅི་སྨོས།། དམན་ལས་མི་སྙན་ཞེས་བྱ་བ།། ངེས་པར་འབྱུང་བ་མ་ཡིན་ཏེ།། དེ་ཕྱིར་དམན་འབྱུང་མི་སྙན་པ།། ཡན་གར་ཉུང་ཟད་ལྟ་བུར་སྣང་།། གཞན་གནོད་བྱས་པས་བདག་ལ་ནི།། ཡོན་ཏན་ཅུང་ཟད་ཀྱང་མེད་ན།། ་ཁྱོད་ཁྲོ་ཡོན་ཏན་མེད་པ་ལ།། གུས་པ་ཞེན་བརྐྱང་བར་ཟད།། གལ་ཏེ་བཟོད་པས་འབྲད་མེད་པར།། བསོད་ནམས་ཆེན་པོ་ཐོབ་འགྱུར་ན།། གང་ཞིག་དེ་ལ་ལེགས་བྱེད་པ།། དེ་མཚུངས་བླུན་པོ་སུ་ཞིག་ཡོད།། ཁྲོ་བ་ཞེས་བྱ་ཁྱད་པར་དུ།། སྟོབས་ལྡན་དག་ལ ་སྤྱི་མི་འགྱུར།། དེས་ན་གཞན་འཇོམས་ཁྲོ་བ་ལ།། ཅི་ནས་ཁྱོད་གུས་གྱུར་ཏ་རེ།། གང་ཞིག་ཁྲོ་གནས་ལ་བཟོད་པ།། དེ་ལ་བསྒོམ་པ་སྐྱེ་བར་འགྱུར།། ཡོན་ཏན་གོནས་ལ་འཇིགས་ཤེས་པ།། ཁྱོད་ཀྱི་བླུན་པ་འབའ་ཞིག་ཡིན།། སུ་ཞིག་ཁྱད་བསད་མཐར ་བྱས་ནས།། འཇིག་རྟེན་ཕ་རོལ་འགྲོ་བ་ཡོད།། དེ་ཕྱིར་བདག་ཉིད་སྡིག་པ་བས།། བརྙས་པ་ལེགསོ་སྙམ་དུ་སེམས།། གང་གིས་རྣམ་ཤེས་གནས་ལ་སོགས།། ཡང་དག་དུ་ན་རྣམ་ཤེས་པ།། དེ་ཡོད་ན་ནི་ཉོན་མོངས་རྣམས།། རྣམ་ཡོད་བློ་གྲོས་ལ་མི ་གོནས།། རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས་ཉོན་མོངས་སྤང་བའི་ཐབས་བསྟན་པ་སྟེ། རབ་ཏུ་བྱེད་པ་དྲུག་པའོ།། ། སྡུག་བསྔལ་རྒྱ་མཚོ་འདི་ལ་མཐའ།། རྣམ་པ་ཀུན་ཏུ་ཡོད་མིན་ན།། བྱིས་ཁྱོད་འདིར་ནི་བྱིང་བ་ལ།། འཇིགས་པ ་ཅིས་ན་སྐྱེ་མི་འགྱུར།། ལང་ཚོ་རྒྱབ་ཏུ་བྱུང་གྱུར་ནས།། སླར་ཡང་མདུན་ཏུ་འབྱུང་བར་འགྱུར།། གནས་ཀྱང་འཇིག་རྟེན་འདི་ལ་ནི།། འགྲོས་ཀྱི་འདྲེན་པ་ལྟ་བུར་མངོན།། སྲིད་པར་ཁྱོད་ལ་རང་འདོད་ཀྱི།། འགྲོ་བ་གཞན་ཡང་ཡོད་མིན་ན།། གཞན་གྱི ་དབང་དང་འཇིགས་མེད་པར།། བློ་དང་ལྡན་པ་སུ་ཞིག་འགྱུར།། མ་འོངས་ཐ་མ་ཡོད་མིན་ཞིང་།། ཀུན་ཚེའང་སོ་སོའི་སྐྱེ་བོ་སྟེ།། ཁྱོད་འདས་ཇི་ལྟ་དེ་བཞིན་ཏུ།། དེ་ཡང་མི་འགྱུར་དེ་ལྟར་བྱོས།། ཉན་པོ་མཉན་བྱ་འཆང་པོ་རྣམས།། འབྱུང་བ་ཤིན་ཏུ་རྙེད་དཀའ་སྟེ།། ་།། དེས་ན་མདོར་ན་འཁོར་བ་ནི།། མམའ་མེད་མ་ཡིན་མཿར་བཅས་མིན།། ཕལ་མོ་ཆར་ནི་མི་རྣམས་ནི།། དམ་པ་མ་ཡིན་ཐུགས་ཡོངས་འཛིན།། དེ་ནས་ས་སྐྱེ་བོ་རྣམས།། ཁལ་ཚྭར་ངེས་པར་ངན་འགྲོར་།། ལྟེ་སྡིག་པའི་རྣམ་སྨིན་ན། ་ཙོ་འདྲི་ཁོ་ན་ཡིན་པར་མཐོང་།། དེས་ན་སྲིད་པ་མཐོང་།། དེས་ན་སྲིད་པ་བསོད་གནས་དང་།། མཚུངས་པར་དམ་པ་རྣམས་ལ་སྣང་།། རྣམ་ཤེས་གནས་པ་མེད་པ་ལས།། གལ་ཏེ་སྨྱོན་པར་འགྱུར་ན་ནི།། སྲིད་གནས་སྨྱོན་པ་མ་ཡིན་ཞེས།། མེཁས་པ་སུ་ཞིག་སྨྲ་བར ་འགྱུར།། འགྲོ་ལ་སོགས་པའི་སྡུག་བསྔལ་ལས།། བཟློག་ལ་ཉམས་པ་མཐོང་འགྱུར་ཏེ།། དེས་ནཱ་ལས་ཀུན་ཟད་པ་ལ།། བློ་གྲོས་ལྡན་པ་བློ་བསྐྱེད་དོ།། གང་ཚེ་འབྲས་བུ་གཅིག་གིས་ཡང་།། ཐོག་མའི་རྒྱུ་ནི་སྣང་མིན་པ།། དེ་ཚེ་གཅིག་ལ་ཡང་རྒྱས་པར།། མཐོང ་ནས་གང་ལ་འཇིགས་མི་འབྱུང་།། འབྲས་བུ་ཐམས་ཅད་ངེས་པར་ནི།། འགྲུབ་པར་འགྱུར་བ་མ་ཡིན་ཞིང་།། གྲུབ་ལ་ངེས་པར་མཐར་འགྱུར་ན།། དེ་ཡི་དོན་དུ་ཅི་སྟེ་འཇོམས།། ལས་ནི་འབད་པས་བྱེད་འགྱུར་ཞིང་།། བྱས་ཟིན་འབད་པ་མེད་པར་འཇིག། དེ་ལྟར། ་གྱུར་ཀྱང་ཁྱོད་ལ་གོ།། ལས་ལ་ཆགས་བྲལ་འགའ་ཡོད་མིན།། འདས་ལ་དེ་ལ་ཡོད་མིན་ཞིང་།། མ་འོངས་པ་ལའང་ཡོད་མིན་ལ།། ད་ལྟར་བྱུང་བའང་འགྲོ་ཉིད་དེ།། ཁྱོད་ཀྱི་ལས་འདི་གང་ཕྱིར་ཡིན།། མཁས་པ་རྣམས་ལ་མཐོ་རིས་ཀྱང་།། དམྱལ་དང་མཚུང ་པེའཇིགས་སྐྱེ་འགྱུར།། རྣམ་པ་ཀུན་ཏུ་དེ་རྣམས་ལ།། སྲིད་གང་འཇིགས་པ་མི་བྱེད་དཀོན།། གལ་ཏེ་བྱིས་པའང་རྣམ་ཀུན་དུ།། འཁོར་བའི་སྡུག་བསྔལ་ཤེས་གྱུར་ན།། སྐད་ཅིག་དེ་ལ་སེམས་དང་ནི།། ལྷན་ཅིག་གཏན་དུ་འཇིག་པར་འགྱུར།། སེམས་ཅ ་རློམ་པ་ཅན་མིན་དཀོན།། རློམ་ཅན་སྙིང་རྗེ་ལྡན་པ་མེད།། དེས་ན་སྣང་ནས་སྣང་བར་ནི།། འགྲོ་བ་ཤིན་ཏུ་རྙེད་དཀར་གསུངས།། འདི་ན་ཡུལ་ལོགས་གྱུར་པ་ལ།། ཡུལ་ནི་དམིགས་པར་གྲགས་གྱུར་ཏེ།། ཕྱིན་ཅི་ལོག་ཏུ་གྱུར་པའི་ཆོས།། རྒྱུ་ཅི་ཞིག་གིས་ཡང་དག ་འདོད།། བསོད་ནམས་འབྲས་བུ་ཕྱུག་པ་སྟེ།། དེ་གཞན་ལས་ཡོངས་བསྲུང་བྱ་ན།། རྟག་ཏུ་གཞན་ལས་བསྲུང་བྱ་གང་།། དེ་ནི་ཇི་ལྟར་བདག་གིར་འགྱུར།། འཇིག་རྟེན་ཚུལ་ལུགས་གང་དང་གང་།། དེ་དང་དེ་ལ་ཆོས་རྗེས་འཇུག། དེ་ཡི་ཕྱིར་ན་ཆོས་པས་ཀྱང་།། འཇིག ་རྟེན་སྟོབས་ལྡན་ལྟ་བུར་སྣང་།། ཡུལ་ནི་དགེ་བ་ཡིད་འོང་ན།། ཡུལ་དེའང་དྲན་པར་བརྩི་བ་ཡིན།། གང་ཞིག་བཏང་བས་ཤིས་འགྱུར་བ།། དེ་གྲུབ་པ་ཡི་ཅི་ཞིག་དགོས།། གང་ལ་བཀའ་ལུང་ལུང་དགོས་མེད་པ།། དེ་ལ་ཆོས་དེ་ལ་ཚོས་དོན་མེད་པར་འགྱུར།། གང ་ཡང་བཀའ་ལུང་དོན་གཉེར་ཉིད།། དེ་ནི་སྐྱེ་ནང་བླུན་ཞེས་བྱ།། མ་འོངས་པ་ཡི་འབྲས་མཐོང་ནས། ཆོས་འདོད་ཆ་ཁས་ཁྱོད་ཆ་། མ་འོངས་མཐའ་ཉིད་མཐོང་གྱུར་ནས།། འཇིགས་པ་མེད་དམ་ཅི་ཞིག་བྱེད།། གླ་བ་ལྟ་བུ་བསོད་ནམས་ནི།། རྣམ་ཀུན་རྟེན་པ་དང་མཚུངས ་པ།། གང་དག་དགེ་བ་གང་འདོད་པ།། དེ་དག་མི་དག་ཇི་ལྟར་བྱེད།། གང་གིས་འགྲོ་བ་འཁྲུལ་འཁོར་གྱི།། ཚོ་གས་འདྲ་སྒྱུ་མའི་སྐྱེས་བུ་ལྟར།། མཐོང་བར་གྱུར་པ་དེ་དག་ཆེས།། གསལ་བོར་གོ་འཕངས་དམ་པར་འགྲོ།། གང་དག་ལ་ནི་འཁོར་བ་ན། ་ཡུལ་རྣམས་ཀྱིས་ཀྱང་དགའ་མེད་པ།། དེ་དག་ལ་དར་རྣམ་ཀུན་ཏུ།། དགའ་བ་འཐད་པ་མ་ཡིན་ཉིད།། རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས་མི་ཉིད་ཀྱིས་འདོད་པ་ལོངས་སྤྱོད་ལ་ཞེན་པ་སྤང་བའི་ཐབས་བསྟན།། རབ་ཏུ་བྱེད་པ་བདུན་པའོ།། ་ཇི་ལྟར་མི་མཐུན་མི་རྣམས་ལ།། མཛར་བ་ཡུན་རིང་མི་གནས་པ།། དེ་བཞིན་ཀུན་ལ་སྐྱོན་ཤེས་ལ།། འདོད་ཆགས་ཡུན་རིང་མི་གནས་སོ།། ལ་ལ་དེ་ཉིད་ལ་ཆགས་ཏེ།། ལ་ལ་དེ་ཉིད་ལ་སྡང་ཞིང་།། ལ་ལ་དེ་ཉིད་ལ་རྨོངས་པ། ་དེ་ཕྱིར་འདོད་པ་དོན་མེད་པའོ།། རྟོག་པ་མེད་པར་འདོད་ཆགས་ལ།། སོགས་ལ་ཡོད་ཉིད་ཡོད་མིན་ནུ།། ལོང་དག་དོན་དེ་རྟོག་པ་ཞེས།། བློ་དང་ལྡན་པ་སུ་ཞིག་འཛིན།། འགའ་ལ་འགང་དང་ལྷན་ཅིག་ཏུ།། བཙངས་པ་ཞེས་བྱ་ཡོད་མིན་ཏེ།། གཞན ་དང་ལྷན་ཅིག་བཅིངས་པ་ལ།། བྲལ་བར་རིགས་པ་མ་ཡིནོ།། བསོད་ནམས་ཆུང་ངུ་ཆོས་འདི་ལ།། ཐེ་ཚོམ་ཟ་བར་ཡང་མི་འགྱུར།། ཐེ་ཚོམ་ཟ་བ་ཙམ་ཞིག་གིས།། སྐྱིད་པ་ཧྲུལ་པོར་བྱས་པར་འགྱུར།། ཆོས་གང་ཞིག་ལ་ཐོབ་པ་ཡིས།། ཐར་པའི ་བར་དུ་འཕེལ་བ་ཉིད།། གསུངས་དེར་གང་ལ་གུས་མེད་པ།། དེ་ནི་གསལ་བྱར་བློ་ལྡན་མིན།། བདག་ནི་མྱ་ངན་འདའ་འགྱུར་ཞེས།། སྟོང་ཉིད་སྟོང་ལྟར་མཐོང་མིན་ཏེ།། ལོག་ལྟས་མྱ་ངན་མི་འདའ་བར།། དེ་བཞིན་གཤེགས་པ་རྣམས་གསུང་།། གང་ལྷ ་འཇིག་རྟེན་བསྟན་བྱུང་བ།། དེ་ལས་འཇུག་པ་གསུངས་པ་སྟེ།། གང་ལས་དོན་དམ་བསྙད་འབྱུང་བ།། དེ་ལས་ལྡོག་པ་གསུངས་པའོ།། ཀུན་ཡོད་མ་ཡིན་ཅི་བྱ་ཞེས།། ཁྱོད་ལ་འཛེགས་པ་སྐྱེ་འགྱུར་གྲང་།། གལ་ཏེ་བྱ་བ་ཡོད་ན་ནི།། ཆོས་འདི་ཟློག་བྱེད་མི ་འགྱུར་རོ།། ཁྱོད་ལ་རང་ཕྱོགས་ཆགས་ཡོད་ཅིང་།། གཞན་གྱི་ཕྱོགས་ལ་མི་དགའ་ན།། མྱ་ངན་འདས་པར་མི་འགྲོ་སྟེ།། གཉིས་སྤྱོད་ཞི་བར་ཡོངས་མི་འགྱུར།། བྱེད་མེད་མྱ་ངན་འདའ་འགྱུར་ཞིང་།། བྱེད་པས་ཡང་སྲིད་འགྱུར་ཏེ་དེས།། བསམ་བྲལ་མེད་པས ་མྱ་ངན་ལས།། འདས་པ་ཐོབ་སྤ་ཅིག་ཤོས་མིན།། གང་ལ་འདྲིར་སྐྱོ་ཡོད་མིན་པ།། དེ་ལ་ཞི་གུས་ག་ལ་ཡོད།། རང་ཁྱིམ་ལས་བཞིན་སྲིད་པ་ནི།། འདི་ནས་འབྱུང་བའང་བྱ་བར་དཀའ།། ལ་ལ་སྡུག་བསྔལ་ཟིལ་མནན་ཅིང་།། འཆི་བར་འདོད་པ་དག་སྣང་སྟེ།། དེ་ཆ་དེ ་ངག་གཏི་མུག་ཕྱིར།། གོ་འཕངས་དམ་པར་མི་འགྲོར་ཟད།། སྦྱིན་པོ་དམན་པ་ལ་གསུངས་ཤིང་།། འབྲིང་ལ་ཚུལ་ཁྲིམས་གསུངས་པ་སྟེ།། མཆོག་ལ་ཞི་བ་གསུངས་གྱུར་པ།། དེས་ན་རྟག་ཏུ་མཆོག་ཏུ་བྱོས།། བསོད་ནམས་མིན་པ་དང་པོར་ཟློག། བར་དུ་བདག ་ནི་ཟློག་པ་དང་།། ཕྱི་ནས་ལྟ་ཞི་ཀུན་བཟློག་པ།། གང་གིས་ཤེས་དེ་མཁས་པ་ཡིན།། དངོས་པོ་གཅིག་གི་ལྟེ་པོ་གྲང་།། དེ་ནི་ཀུན་གྱི་ལྟ་བོར་བཤད།། གཅིག་གི་སྟོང་ཉིད་གང་ཡིན་པ།། དེ་ཉིད་ཀུན་གྱི་སྟོང་པ་ཉིད།། ཆོས་ཆགས་དེ་བཞིན་གཤེགས་རྣམས ་ཀྱི།། མཐོ་རིས་འདོད་པ་རྣམས་ལ་གསུངས།། ཐར་པ་འདོད་རྣམས་ལ་དེ་ཉིད།། སླང་གྱུར་གཞན་དུ་སྒོ་ཅི་དགོས།། བསོད་ནམས་འདོད་པས་སྟོང་པ་ཉིད།། ཀུན་ཚེ་བརྗོད་པར་བྱ་མིན་ཏེ།། གནས་མ་ཡིན་པར་སྦྱར་བའི་སྨན།། དུག་ཏུ་འགྱུར་བ་མ་ཡིན་ནམ།། ཇི ་ལྟར་ཀླ་ཀློ་སྐད་གཞན་གྱིས།། གཟུང་བར་མི་ནུས་དེ་བཞིན་དུ།། འཇིག་རྟེན་པ་ཡི་མ་གཏོགས་བྱར།། འཇིག་རྟེན་གཟུང་བར་ནུས་མ་ཡིན།། ཡོད་དང་མེད་དང་ཡོད་མེད་དང་།། གཉིས་ཀ་མིན་ཞེས་ཀྱང་བསྟན་ཏེ།། ནད་ཀྱི་དབང་གིས་ཐམས་ཅད་ཀྱང་།། སྨན་ཞེས ་བྱ་བར་འགྱུར་མིན་ནམ།། ཡང་དག་མཐོང་ན་གནས་མཆོག་ལ།། ཅུང་ཟད་མཐོང་ན་བཟང་འགྲོ་སྟེ།། དེ་ཕྱིར་ནང་བདག་བསམ་པ་ལ།། མཁས་པ་རྟག་ཏུ་བློ་གྲོས་བསྐྱེད།། དེ་ཉིད་ཤེས་པས་གལ་ཏེ་འདི་དེ།། མྱ་ངན་འདས་པ་མ་ཐོབ་ཀྱང་།། སྐྱེ་བ་ཕྱི་མར་འབང ་མེད་པར།། ངེས་པར་རྫོབ་འགྱུར་ལས་བཞིནོ།། བསམ་བཞིན་པ་ནི་བྱ་བ་ན།། ཀུན་ལ་གྲུབ་པ་ཤིན་ཏུ་དགོན།། འདི་ནཱའང་མྱ་ངན་འདས་མེད་མིན།། སྦྱོར་དང་གྲོལ་རྣམས་རྙེད་པར་དཀའ།། ལུས་ལ་ཡོན་ཏན་མེད་ཐོབ་ནས།། འདོད ་ཆགས་ཡུན་རིང་མི་གནས་ཏེ།། ལམ་དེ་ཉིད་ཀྱིས་ཐམས་ཅད་ཀྱང་།། ཟད་པར་འགྱུར་བ་མ་ཡིན་ནམ།། ཇི་ལྟར་ས་བོན་མཐའ་མཐོང་ཞིང་།། དེ་ལ་ཐོག་མ་ཡོད་མིན་ལྟར།། དེ་བཞིན་རྒྱུ་ནི་མ་ཚད་ཕྱིར།། སྐྱེ་བའང་འབྱུང་བར་མི་འགྱུར་རོ།། རྣལ་འབྱོར་སྤྱོད ་པ་བཞི་བརྒྱ་པ་ལས་སློབ་མ་སྦྱོང་བ་སྟེ། རབ་ཏུ་བྱེད་པ་བརྒྱད་པའོ།། །། ཐམས་ཅད་འབྲས་བུའི་དོན་སྐྱེ་བ།། དེས་ན་རྟག་ཡོད་མིན་དེའི་ཕྱིར།། ཐུབ་པ་མ་གཏོགས་ཇི་ལྟའི་དངོ་སོ།། དེ་བཞིན་གཤེགས་པ་ཡོད་མ་ཡིན།། གང་ཞིག་གང་ན་ནོམ ་དུ་ཡང་།། མ་བརྟེན་པར་ནི་ཡོད་ཉིད་མེད།། དེས་ན་ནམ་ཡང་གང་ཞིག་དུ།། རྟག་པ་འགའ་ཡང་ཡོད་མ་ཡིན།། རྒྱུ་མེད་པར་ནི་དངོས་པོ་མེད།། རྒྱུ་ལྡན་རྟོག་པ་ཡོད་མིན་པ།། དེ་ན་རྒྱུ་མེད་ལས་གྲུབ་ནི།། དེ་ཉིད་མཁྱེན་པས་གྲུབ་མིན་གསུངས།། མི་རྟག་བྱས་པར ་མཐོང་གྱུར་ནས།། མ་བྱས་གལ་ཏེ་རྟག་ན་ནི།། བྱས་པ་ཡོད་པ་ཉིད་མཐོང་ནས།། རྟག་པ་ཡོད་ཉིད་མིན་པར་འགྱུར།། མཁའ་ལ་སོགས་རྣམས་རྟག་ཅེས།། སོ་སོའི་སྐྱེ་བོ་དག་གིས་རྟོགས།། མ་བྱས་པ་རྣམས་ཀྱིས་དེ་དག་ལ།། འཇིག་རྟེན་པས་ཀྱོང་དོན་མི ་ཐོ།། ཕྱོགས་ཞེས་བྱ་བ་ཕྱོགས་ཅན་ནི།། ཀུན་ལོ་གནས་པ་མ་ཡིན་ཏེ།། དེའི་ཕྱིར་ཕྱོགས་ཅན་ལ་ཕྱོགས་ནི།། གཞན་ཡང་ཤིན་ཏུ་གསལ་བར་ཡོད།། གང་ཞིག་ཡོད་ནི་དངོས་པོ་ལ།། འཇུག་དང་ལྡོག་པའང་དམིགས་པར་འགྱུར།། དེ་ནི་གཞན་གྱི་དབང་གྱུར་ཏེ།། ་དེས་ན་འབྲས་བུར་ཡང་འགྱུརརོ།། འབྲས་བུ་མེད་པར་རྒྱུ་ལ་ནི།། རྒྱུ་ཉིད་ཡོད་པ་མ་སྨིན་ཏེ།། དེ་ཡི་ཕྱིར་ན་རྒྱུ་རྣམས་ཀུན།། འབྲས་བུ་ཉིད་དུ་ཐལ་བར་འགྱུར།། རྒྱུ་ནི་རྣམ་པར་འགྱུར་བ་ན།། གཞན་གྱི་རྒྱུ་རུ་འགྱུར་བ་སྟེ།། གང་ལ་རྣམ་པར་འགྱུར་ཡོད་པ།། དེ་ནི་རྟག་ཅེས ་བྱར་ཡོད་མིན།། རྟག་པ་གང་གི་རྒྱུ་ཡིན་པའི།། དངོསྡེ་དེ་མ་བྱུང་བ་ལས་སྐྱེ།། རང་ཉིད་འབྱུང་བར་གྱུར་དེ་ལ།། རྒྱུ་ནི་ལྡོག་པར་འགྱུར་བ་སྟེ།། དངོས་པོ་རྟག་པ་ལས་སྐྱེས་པ།། ཅི་ལྟ་བུར་ན་མི་རྟག་འགྱུར།། ནམ་ཡང་རྒྱུ་དང་འབྲས་བུ་གཉིས།། མཚན་ཉིད་མི་མཐུན ་མཐོང་མ་ཡིན།། གང་གི་ཕྱོགས་འགའ་རྒྱུ་ཡིན་ཞིང་།། ཕྱོགས་འགའ་རྒྱུ་མ་ཡིན་དེས་ན།། དེ་ནི་སྣ་ཚོགས་འགྱུར་ན་གོ། སྣ་ཚོགས་རྟག་པར་ག་ལ་རིགས།། རྒྱུ་ནི་ཟླུམ་པོ་གང་ཡིན་པ།། དེ་ནི་འབྲས་བུ་ལ་ཡོད་མིན།། དེས་ན་བདག་ཉིད་ཀུན་སྦྱོར་བ།། རྡུལ ་ཕྲན་རྣམས་ལ་མི་འཐད།། རྡུལ་ཕྲན་གཅིག་གི་གནས་ཁོང་ཡིན།། དེ་ནི་གཞན་གྱིར་ཡང་མི་འདོད།། དེ་ཕྱིར་རྒྱུ་དང་འབྲས་བུ་གཉིས།། བོང་ཆོད་མཉམ་པར་འདོད་མ་ཡིན།། གང་ལ་ཤར་གྱི་ཕྱོགས་ཡོད་པ།། དེ་ལ་ཤར་གྱི་ཆུ་ཡང་ཡོད།། གང་གི་རྡུལ་ལ ་ཕྱོགས་ཡོད་པ།། དེས་རྡུལ་རྡུལ་ཕྲན་མིན་པར་བསྙད།། མདུན་གྱིས་ལེན་ཅིང་རྒྱུབ་ཀྱིས་ནི།། གཏོང་བར་གྱུར་ན་དེ་དག་གཉིས།། གང་ལ་ཡོད་པ་མ་ཡིན་པ།། དེ་ནི་འགྲོ་བོར་ཡང་མི་འགྱུར།། གང་ལོ་དང་པོ་ཡོད་མིན་ཞིང་།། གང་ཞིག་ལ་དཀྱིལ་ཡོད་མིན་ལ། ་གོང་ལ་ཐ་མ་ཡོད་མིན་པ།། མངོན་མེད་དེ་ནི་གང་གིས་མཐོང་།། འབྲས་བུ་ཡི་ནི་རྒྱུ་བ་ཤིག་པ།། དེས་ན་རྒྱུ་ནི་རྟག་མ་ཡིན།། ཡང་ན་གང་ན་རྒྱུ་ཡོད་པ།། དེ་ན་འབྲས་བུ་རྒྱུ་ཡོད་པ།། ཐོགས་ལྡན་དངོས་པོ་རྟག་པ་ནི།། གང་དུའང་སྣང་བ་མ་ཡིན་ཏེ།། དེས་ན་ནམ ་ཡང་སངས་རྒྱས་རྣམས།། རྡུལ་ཕྲན་རྟག་པ་ཉིད་མི་གསུང་།། འཧྲཱི་ད་བཅིངས་དང་ཐབས་ལས་གཞན།། ཐར་པ་གལ་ཏེ་ཡོད་ན་ནི།། དེ་ལས་ཅི་འང་མི་སྐྱེ་སྟེ།། དེས་ན་དེ་ཐར་ཞེས་མི་བརྗོད།། མྱ་ངན་འདས་ལ་ཕུང་པོ་རྣམས།། ཡོད་མིན་གང ་ཟག་སྲིད་མ་ཡིན།། གང་དུ་མྱ་ངན་འདས་གྱུར་པ།། མ་མཐོང་དེར་མྱང་འདས་གང་ཞིག། སྲེད་དང་བྲལ་ལ་ཐར་པའི་ཚེ།། ཤེས་ཡོད་ཡོན་ཏན་ཅི་ཞིག་ཡོད།། ཤེས་མེད་པ་ཡི་ཡོད་པ་ཡང་།། གསལ་བར་ཡོད་པ་མིན་དེ་མཚུངས།། ཐར་པ་བདག་ཅིག ་ཡོད་ན་ནི།། ཤེས་ཡོང་ས་བོན་སྲིད་པ་ཡོད།། དེ་མེད་ན་ནི་སྲིད་པ་ལ།། བསམ་པའང་ཡོད་པ་མ་ཡིན།། སྡུག་བསྔལ་ལས་ཐར་མི་རྣམས་ལ།། གཞན་ནི་ཡོད་པ་མིན་པར་ངེས།། དེ་ཕྱིར་རྣམ་པ་ཀུན་ཏུའང་བདག། ཟད་པ་ལེགས་ཞེས་བྱ་བར་བརྗོད།། འཇིག ་རྟེན་པ་འདི་ཉིད་ཟླ་ཡི།། དོན་དམ་རྣམ་ཀུན་མ་ཡིན་ཏེ།། འཇིག་རྟེན་པ་ལ་ཅུང་ཟད་ཡོད།། དམ་པའི་དོན་ལ་ཡོད་མ་ཡིན།། རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས་དངོས་པོ་རྟག་པ་དགག་པ་བསྒོམ་པ་བསྟན་པ་སྟེ། རབ་ཏུ་བྱེད་པ་དགུ་པའོ།། ་གང་ཆེན་བདག་བུད་མེད་མིན།། སྐྱེས་མིན་མ་ནིང་མ་ཡིན་པ།། དེ་ཚེ་མི་ཤེས་འབའ་ཞིག་ལས།། ཁྱོད་བདག་པོའོ་སྙམ་དུ་སེམས།། གང་ཚེ་འབྱུང་བ་ཐམས་ཅད་ལ།། ཕོ་མོ་མ་ནིང་ཡོད་མིན་པ།། དེ་ཚེ་ཅི་སྟེ་དེ་དག་ཉིད།། བསྟེན་ནོས་ཕོ་མི་མ་ནིང་ཡིན།། ཁྱོད་ཀྱི ་བདག་གང་བའི་བདག་མིན།། དེས་དེ་དག་མིན་མ་ངེས་ཕྱིར།། དངོས་པོ་མི་རྟག་པ་རྣམས་ལ།། རྟོག་པོ་སྐྱེ་བར་འགྱུར་མིན་ནམ།། སྐྱེ་དང་སྐྱེ་བར་སྐྱེས་བུ་ནི།། ལུས་བཞིན་རྣམ་པར་འགྱུར་བར་འགྱུར།། ཁྱོད་ཀྱི་དེ་ལ་ལུས་ལས་གཞན།། ཉིད་དང་རྟག་ཉིད་མི ་རིགསོ།། རེག་དང་མི་ལྡན་དངོས་པོ་ལ།། བསྐུལ་བ་ཞེས་བྱ་མི་སྐྱེ་སྟེ།། དེ་ཕྱིར་ལུས་ཀྱི་གཡོ་པཱ་ལ།། སྲོག་ནི་བྱེད་པ་པོར་མི་འགྱུར།། མི་འཚོ་བ་དང་བདག་རྟག་པ།། འདི་ལ་རྒྱུ་ནི་ཅི་ཡོད་སྒྱུམ།། རྣམ་པ་ཀུན་ཏུ་ཤིང་སྲིན་ལས།། རྡོ་རྗེ་བསྲུང་བྱར་མི་འགྱུརརོ།། སྐྱེ་བ་དྲན་པ ་ཡོད་པའི་ཕྱིར།། གལ་ཏེ་ཁྱོད་ཀྱི་བདག་རྟག་ན།། སྔོན་བྱས་པ་ཡི་རྨ་མཐོང་ནས།། ཁྱོད་ཀྱི་བདག་ཀོ་ཅིས་མི་རྟག། སེམས་པ་ཅན་དང་ལྡན་བདག་ཀྱང་།། གལ་ཏེ་ཤེས་པོ་ཉིད་ཡིན་ན།། དེ་ཡི་སེམས་པ་ཅན་སེམས་པ།། མིན་ཞེས་སྐྱེ་བུའང་རྟག་མི་འགྱུར།། ་བདེ་བ་ལ་སོགས་དང་ལྡན་སྲོག། བདེ་སོགས་བཞིན་དུ་སྣ་ཚོགས་མཐོང་།། དེ་ཕྱིར་བདེ་ལ་སོགས་བཞིན་ཏོ།། རྟག་པ་ཉིད་དུའང་མི་རུང་།། གལ་ཏེ་ཤེས་པ་ཡོད་རྟག་ན།། བྱེད་པ་ལོག་པར་འགྱུར་བ་སྟེ།། གལ་ཏེ་མེ་ནི་རྟག་འགྱུར་ན།། བུད་ཤིང་གིས་དོན ་ཡོད་མི་འགྱུར།། རྫས་ནི་བྱ་བ་ཇི་བཞིན་དུ།། འཇིག་པའི་བར་དུ་གཡོ་བ་མེད།། དེས་ན་སྐྱེས་བུ་ཡོད་ཤེས་པ།། ཡོད་པ་མེད་ཅེས་བྱུང་མི་རིགས།། གཞན་དུ་ཤེས་པ་ཡོད་པའི་ཁམས།། མཐོང་ཞིང་གཞན་དུ་ཤེས་ཡོད་དེ།། ལྕགས་ཀྱི་ཞུ་ཉིད་བཞིན་དེའི ་ཕྱིར།། སྐྱེས་བུ་རྣམ་པར་འགྱུར་བར་འགྱུར།། ཤེས་ཡོད་ཡིད་ཙམ་ཞིག་ལ་སྟེ།། སྐྱེས་བུ་ན་མཁའ་བཞིན་དུ་ཆེ།། དེ་ཕྱིར་དེ་ཡི་ངོ་བོ་ནི།། ཤེས་པ་ཡོད་ཉིད་མིན་ལྟར་མཐོང་།། གལ་ཏེ་ཀུན་ལ་བདག་ཡོད་ན།། གཞན་གྱིས་དེ་ཅིས་ངར་མི་རྟོག། དེ་ཉིད་ཀྱིས་ན་དེ་ཉིད་ལ། ་སྒྲིབ་ཅེས་བྱ་བར་མི་འཐོ་།། གང་གི་ཡོན་ཏན་བྱེད་པོ་དང་།། རྣམ་ཀུན་ཤེས་ཡོད་མ་ཡིན་པ།། དེ་དག་དང་ནི་སྨྱོན་པ་འོ།། ཁྱད་པར་ཅི་ཡང་ཡོད་མ་ཡིན།། ཡོན་ཏན་རྣམས་ཀྱིས་རྣམ་ཀུན་དུ།། ཁྱིམ་ལ་སོགས་དག་བྱེད་ཤེས་ཀྱི།། ཟབ་རྣམ་པར་མི་ཤེས་པ། ་འདི་ལས་མི་རིགས་གཞན་ཅི་ཡོད།། བྱ་བ་དང་ལྡན་རྟག་པ་མེད།། ཀུན་ཏུ་སོང་ལ་བྱ་བ་མེད།། བྱུབ་མེབ་མེདང་མ་ཚུངས།། བདག་མྱེད་ལ་ཁྱད་ཅེས་མི་དགའ།། ལཱ་ལྟར་ཀུན་ཏུ་སོང་བར་མཐོང་།། ལ་ལྟར་སྐྱེས་བུ་ལུས་ཙམ་ཞིག། ལཱ་ལར། ་སྐྱེས་བུ་རྡུལ་ཙམ་ཞིག། ཤེས་རབ་ཅན་གྱིས་མེད་པར་མཐོང་།། རྟག་ལ་གནོད་པ་ག་ལ་ཡོད།། གནོད་མེད་ཐོར་པ་ག་ལ་ཡོད།། དེས་ན་གང་གི་བདག་རྟོག་པ།། དེ་ཡི་ཐར་པ་མི་རིག་སོ།། གལ་ཏེ་བདག་ཅེས་བྱ་ཡོད་ན།། བདག་མེད་སྙམ་པ་མི་རིགས ་ཤིང་།། དེ་ཉིད་རིགས་པ་ངེས་པ་ལས།། མྱ་ངན་འདས་གྱུར་ཞེས་བྱའང་བརྫུན།། གལ་ཏེ་གྲོལ་བ་མེད་ཉིད་ན།། དེ་ནི་སྔར་ཡང་མེད་པ་ཉིད།། མི་ལྡན་པ་ལ་གང་མཐོང་བ།། དེ་ནི་རང་བཞིན་ཞེས་བྱར་བཤད།། གལ་ཏེ་མི་རྟག་ཆད་ན་ནི།། ད་དུང་རྩཝ་སོགས ་ཅི་སྟེ་ཡོད།། འདི་ནི་གལ་ཏེ་བདེན་འགྱུར་ན།། སུ་ལའང་གཏི་མུག་ཀྱང་མི་འབྱུང་།། བདག་ནི་ཡོད་པར་གྱུར་ནའང་གཟུགས།། གཞན་ལས་འབྱུང་བར་སྣང་གྱུར་ལ།། གཞན་ལས་གནས་པར་སྣང་གྱུར་ཞིང་།། གཞན་ལས་འཇིགས་པ་སྣང་གྱུར་སྣང་།། ་ཇི་ལྟར་ས་བོན་བྱས་པ་ལས།། མྱུ་གུ་བྱས་པ་སྐྱེ་འགྱུར་བ།། དེ་བཞིན་མི་རྟག་ཐམས་ཅད་ནི།། མི་རྟག་དག་ལས་འབྱུང་བར་འགྱུར།། གང་ཕྱིར་དངོས་པོ་འཇུག་འགྱུར་བ།། དེས་ན་ཆད་པར་མི་འགྱུར་ཞིང་།། གང་ཕྱིར་དངོས་པོ་ལྡོག་འགྱུར་བ།། དེས་ནི ་རྟག་པར་མི་འགྱུར།། རྣལ་འབྱོར་སྤྱོད་པོ་བཞི་བརྒྱ་པ་ལས། བདག་དགག་པ་བསྒོམ་པ་བསྟན་པ་སྟེ། རབ་ཏུ་བྱེད་པ་བཅུ་པའོ།། །། མ་འོངས་བུམ་ལ་ད་ལྟར་བའི།། བུམ་ཡོད་མ་ཡིན་འདས་པ་མེད།། གང་ཕྱིར་དེ་གཉིས་མ་འོངས་པ། ་དེ་ཕྱིར་མ་འོངས་ཡོད་མ་ཡིན།། གལ་ཏེ་ཞིག་པ་མ་འོངས་པའི།། ངོ་བོར་མ་འོངས་པ་ལ་ཡོད་ན།། མ་འོངས་བདག་ཉིད་དུ་ཡོད་གང་།། དེ་ནི་ཇི་ལྟར་འདས་པར་འགྱུར།། གང་གི་ཕྱིར་ནམ་འོངས་དངོས།། མ་འོངས་བདག་ཏུ་གནས་འགྱུར་བ།། དེ་ཡི་ཕྱིར་ན་ད་ལྟར་བར།། འགྱུར། ་ཏེ་མི་འོངས་ཉིད་མི་སྲིད།། མ་འོངས་པ་ཡོད་འདས་པ་ཡོད།། ད་ལྟར་བ་ཡོད་ཅི་ཞིག་མེད།། གང་གི་དུས་ཀུན་ཡོད་ཉིད་པ།། དེ་ཡི་མི་རྟག་ཉིད་ག་ལས།། འདས་པ་ལས་ནི་འདས་གྱུར་པ།། ཅི་ཡི་ཕྱིར་ན་འདས་པར་འགྱུར།། འདས་པ་ལས་ནི་མ་འདས་པ།། ཅི་ཡི་ཕྱིར་ན ་འདས་པར་འགྱུར།། གལ་ཏེ་མ་འོངས་སྐྱེས་ཡོད་ན།། ཇི་ལྟར་ད་ལྟར་བར་མི་འགྱུར།། ཅི་སྟེ་དེ་ལ་སྐྱེས་མེད་ན།། མ་འོངས་རྟག་པར་འགྱུར་རམ་ཅི།། སྐྱེ་བ་མེད་ཀྱང་འཇིག་པ་ལས།། གལ་ཏེ་མ་འོངས་མི་རྟག་ན།། འདས་པ་འཇིག་པ་ཡོད་མིན་ཏེ།། དེ་ནི་རྟག་པར་ཅིས ་མི་རྟོག། འདས་པ་དང་ནི་ད་ལྟར་བ།། འདི་ནི་མི་རྟག་འགྱུར་མིན་ལ།། དེ་དག་ལས་གཞན་རྣམ་པ་ནི།། གསུམ་པའང་དེ་ལ་ཡོད་མ་ཡིན།། དངོས་པོ་གང་ཞིག་ཕྱིས་སྐྱེ་བ།། དེ་ནི་གལ་ཏེ་སྔར་ཡོད་ན།། དེ་ཡི་ཕྱིར་ན་ཕྱ་སྨྲ་བ།། རྣམས་ཀྱིས་ཕྱོགས་ནི་ལོག་མི་འགྱུར།། ་གང་ཞིག་འབྱུང་བར་བྱེད་པ་དེ།། སྔར་ཡོད་ཅེས་བྱར་མི་རིགས་ཏེ།། གལ་ཏེ་ཡོད་པ་སྐྱེ་འགྱུར་ན།། སྐྱེས་ཟིན་པ་ཡང་འབྱུང་བར་འགྱུར།། མ་འོངས་པ་ཡི་དངོས་མཐོང་ན།། དངོས་པོ་མེད་པ་ཅིས་མི་མཐོང་།། གང་ལོ་མི་འོངས་ཡོད་གྱུར་པ།། དེ་ལ་རིང་བ་ཡོད་མ ་ཡིན།། གལ་ཏེ་བྱས་པ་མེད་ཀྱང་ཆོས།། ཡོད་ན་ངོས་སྡོམ་དོན་མེད་འགྱུར།། ཅི་སྟེ་ཅུང་ཟད་བྱེད་ན་ཡང་།། འབྲས་བུ་ཡོད་པ་མི་སྲིད།། མི་རྟག་ཡིན་ན་ཅི་ལྟ་བུར།། འབྲས་བུ་ཡོད་ཅེས་བྱ་བར་འགྱུར།། གང་ལ་ཐོག་མ་མཐའ་ཡོད་པ།། དེ་ནི་འཇིག་རྟེན་མི་རྟག་བརྗོད།། ་བསྒྲིམ་པ་མེད་པར་ཐར་འགྱུར་ཏེ།། གྲོལ་ལ་མ་འོངས་ཡོད་མ་ཡིན།། དེ་ལྟར་ཡིན་ན་ཆགས་མེད་པར།། འདོད་ཆགས་ཀྱང་ནི་འབྱུང་བར་འགྱུར།། འབྲས་བུ་ཡང་ཉིད་གང་འདོད་དང་།། འབྲས་བུ་མེད་ཉིད་གང་འདོད་ལ།། ཁྱིམ་གྱི་དོན་དུ་ཀ་བ ་ལ།། སོགས་པའི་རྒྱན་ནི་དོན་མེད་འགྱུར།། དངོས་རྣམས་ཡོངསུ་འགྱུར་བ་ཡང་།། ཡིད་ཀྱིས་ཀྱང་ནི་འཛིན་མི་འགྱུར།། དེ་ལྟ་ན་ཡང་ད་ལྟར་བ།། ཡོད་པར་མི་མཁས་རྣམས་ཀྱིས་རྟོག། གནས་མེད་དངོས་པོ་ག་ལ་ཞིག། མི་རྟག་པསོ་གནས་གྲ་ལ་ཡོད། ་གལ་ཏེ་དང་པོ་གནས་གྱུར་ན།། ཐ་མར་སྙིང་པོར་མི་འགྱུར་རོ།། ཇི་ལྟར་རྣམ་ཤེས་གཅིག་གིས་ནི།། དོན་གཉིས་རྣམ་པར་མི་ཤེས་པ།། དེ་བཞིན་རྣམ་ཤེས་གཉིས་ཀྱིས་ནི།། དོན་གཅིག་རྣམ་པར་མི་ཤེས།། གལ་ཏེ་དུས་ལ་གནས་ཡོད་ན།། ་གནས་པ་དུསུ་མི་འགྱུརརོ།། ཅི་སྟེ་གནས་མེད་ན་གནས་པ།། མེད་པར་མཐའ་ཡང་ཡོད་མ་ཡིན།། གལ་ཏེ་མི་རྟག་དཔོ་གཞན་ན། ས་མི་རྟག་པར་མི་འགྱུར།། གཅིག་ནི་མི་རྟག་ཉིད་གང་ཡིན།། དེ་ཉིད་དངོས་ཏེ་ག་ལ་གནས།། མི་རྟག་ཉིད་གར་སྟོབས ་ཆུང་དེག།། གོནྡོ་པ་སྟོངས་རྒྱུང་མ་ཡིན་ན།། ཕྱི་ནས་དེ་དག་ངེས་པར་གོ།། བཟློག་པར་ཅི་ཡིས་མཐོང་བར་འགྱུར།། གལ་ཏེ་མི་རྟག་སྟོབས་ཆུང་མིན།། དངོས་པོ་ཀུན་ལ་ཡོད་ན་ནི།། ཀུན་ལ་སྙནས་པ་མེད་པ་དང་།། ཡང་ན་ཐམས་ཅད་མི་རྟག་མིན།། གས ་ཏིརྟག་ཏུ་མི་རྟག་ཉིད།། ཡོད་ན་རྟག་ཏུ་གནས་ཡོད་མིན།། ཡང་ན་རྟག་པར་གྱུར་ཟིན་ནག།། ཕྱི་ནས་མི་རྟག་པར་འགྱུ་རོ།། གལ་ཏེ་གནས་པ་མི་དྷག་དང་།། ལྷན་ཅིག་དངོས་པོ་ལ་ཡོད་ན།། མི་རྟག་ལོག་པར་འགྱུར་བའམ།། ཡང་ན་གནས་པ་བརྫུན་པ ་འགྱུར།། མཐོང་ཟིན་དངོས་པོ་མི་སྣང་ཞིང་།། སྦྱར་ཡང་སེམས་ཀྱི་མིན་དོས་མ།། དྲན་པ་ཞེས་བྱ་ལོག་པ་མོས།། དོན་ལ་ལོག་ག་དོན་འབྱུང་།། རྣལ་འབྱོར་སྤྱོད་པ་བཅཝོ་བརྒྱ་པ་ལ་། དུས་དགག་པ་བསྒོ་ཀུན་པ་སྒྲུརབ་ཏུ་བྱེད་པ་བཅུ་གཅིག་པའོ།། ་གཟུར་གནས་བློ་ལྡན་དོན་གཉེར་བའི།། ཉན་པོ་སྣོད་ཅེས་བྱ་བར་བཤད།། སྤྱི་བོར་ཡོན་ཏན་རྣམ་གཞན་དུ།། སྤྱི་བོར་ཡོན་ཏན་རྣམ་གཞན་དུ།། མི་འགྱུར་ཉན་པོ་ལྔ་ཡང་མིན།། སྨན་དང་སྲིད་དང་སྲིད་ཐབས་ཞི་བོ་ཡི།། ཐབས་དང་དེ་བཞིན་ཞི་གསུངས ་འཇིག་རྟེན་ཡོངསུ་མི་ཤེས་གང་།། ད་ནི་ཐུབ་པའི་ལྟ་བུར་མངོན།། ཐམས་ཅད་བཏང་བས་མྱ་ངན་ལས།། འདའ་བར་ཡ་མཚན་ཅན་ཀུན་འདོད།། ཀུན་སུན་འབྱིན་ལ་དེ་དག་ནི།། མི་དགར་འགྱུར་བ་རྒྱུ་ཅི་ཞིག། གང་ཞིག་གཏོང་ཐབས་མི་ཤེས་དེ།། ཅི་ཞིགས ་གཏོང་བར་བྱེད་བར་འགྱུར།། དེས་ན་དེས་པོར་ཐུབ་པ་ཡིས།། གཞན་དུ་ཞི་བ་མེད་ཅེས་གསུངས།། སངས་རྒྱས་ཀྱིས་གསུངས་ལྐོག་གྱུར་ལ།། གང་ཞིག་ཐེ་ཚོམ་སྐྱེ་འགྱུར་བ།། དེ་ཡི་སྟོང་པ་ཉིད་བསྟེན་ཏེ།། འདི་ཉིད་ཁོ་མར་ཡིད་ཆོས་བྱ།། གང་གིས་འཇིག་རྟེན་འདི ་མཐོང་དཀྱུའོ།། དེ་ནི་གཞན་མ་བླུན་པ་ཉིད།། གང་དག་དེ་རྗེས་འགྲོ་དེ་དག། ཤིན་ཏུ་སྤྱན་རིངས་བསླུས་པར་འགྱུར།། མྱ་ངན་འདས་པར་རང་འགྲོ་གང་།། དེ་ནི་ཤིན་ཏུ་བྱ་དཀའ་བྱེད།། འདྲེན་པའི་སྐད་བཞིན་དམ་པ་ནི།། མ་ཡིན་ཡིད་འགྲོ་སྒྲོམ་ཡིན།། མ་མཐོང ་སྡུག་པ་རྒྱ་ཧཱུ~ཾ། གྲོ་རྗེས་སུན་དྲི་སྦྱིན་འགྱུར། སྲིན་པོ་ཁོང་སུ་རྫོག། ཤེས་མི་སྒྲུན་བྱ། ཁྱིས་རྣམས་ངས་ན་། ཀྱིས་ཆོས་མི་གོམས་པ་སྟེ། དེ་དག་གོམས་པ་མེད་པ་མི། རྒྱུ་རྣམ་པ ་བྷྱ། རྒྱུགག་ནག་ག་ག་འནའནན་ན་ད། ན་ད་དུགས་སྤྱོད་། མྱ་ངན་ལ་བྲག་ཐོབ་སྡུང་།། མད་དུ་དུས་དགོས།། ཚུལ་ཁྲིམས་ལས་ནོཉམས་པ་སོ།། མས་ཆོས་ཀྱང་མ་སྟོན་། མྱུ་ག་ཟུ ་ཀྱིས་ནི་མནྟོ་རིས་འགྲོ། སྟ~ཾ་བས་གོབ་དང་མཆོག་ཏུ་འགྱུར།། དམ་བ་མིནྡྲ་ལཱི་བདྲུག་འཛིན་མཆོག། ཁོདག་མེད་སྟོན་པ་མཱ་ཡིན་ཏེ།། གཅིག་ནི་ང་ལ་ཨོཾ་གན་མྱུ་པ་ཡིན་ནོ་ཉིད་དུའོ།། ཧྲཱི་བློ་གཉིས་པ་མེད་པ་དང་།། ལྟ་བ་ངན་རྣམས་འཇིག་བྱེད་ཅིང་།། སངས ་རྒྱས་ཀུན་གྱི་ཡུལ་འགྱུར་ལ།། བདག་མེད་ཅེས་ནི་བྱཱ་བ་ར་བརྗོད།། ཆོས་འདི་ཡི་ནི་མིང་ལས་ཀྱང་།། དམ་པ་མིན་པ་འཇོག་པ་སྐྱེ།། ཞན་ལ་འཇིགས་པ་མི་བསྐྱེད་པའི།། སྟོབས་ལྡན་ཞེས་བྱ་གང་ཞིག་མཐོང་།། ཆོས་འདི་དེ་བཞིན་གཤེགས་རྣམས་ཀྱི།། རྩོད་པའི་ཆེད་དུ ་མ་གསུངས་ཏེ།། དེ་ལྟའང་འདི་ནི་གཞན་སྒྲ་རྣམས།། བསྲེགས་ཏེ་མེ་ཡི་བུད་ཤིང་བཞིན།། ཆོས་འདི་གང་གིས་ཤེས་གྱུར་པ།། དེ་ནི་གཞན་ལ་མི་དགའ་སྟེ།། དེས་ན་བདག་ལ་ཆོས་འདི་ནི།། འཇིག་པའི་སྒོ་དང་འདྲ་བར་སྣང་།། དེ་ཉིད་དུ་བདག་མེད་སྙམ་དུ།། དེ་ལྟར་གང་ལ ་དགོངས་གནས་པ།། དེ་ནི་ཡོད་པས་གང་ལ་དགའ།། མེད་པས་འཇིགས་པར་ག་ལ་འགྱུར།། དོན་མིན་ས་བོན་གྱུར་པ་ཡི།། མུ་སྟེགས་ཅན་མང་མཐོང་ནས་ནི།། ཆོས་འདོད་པ་ཡི་སྐྱེ་བོ་ལ།། སུ་ཞིག་སྙིང་བརྩེ་སྐྱེ་མི་འགྱུར།། ཤཱཀྱ་གོས་མེད་བྲམ་ཟེ་སྟེ།། གསུམ་རྣམས ་ཀྱི་ཡང་ཆོས་ཡིད་དང་།། མིག་དང་རྣ་བ་ཡིས་འཛིན་པ།། དེ་ཕྱིར་ཐུབ་པའི་གཞུང་ལུགས་སྟེ།། ཇི་ལྟར་བྲམ་ཟེ་རྣམས་ལ་ཆོས།། ཕལ་ཆེར་ཕྱི་འཆོས་བརྗོད་པ་ལྟར།། དེ་བཞིན་གཅེར་བུ་རྣམས་ལ་ཆོས།། ཕལ་ཆེར་ཐུན་པ་བརྗོད་པ་ཡིན།། ཇི་ལྟར་རིག་པ་ཐུངས ་ལཀ། སྒྱུ། ག་དྷཱ་རྒྱུན་ས། སྩ་བ་རྒྱུན་རྒྱུན་མ་སྨྲས་སོ་སྣུན་རྒྱུ་། ན་།། མ་མན། ས་ནམད་པ་མ ་བ།། དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས།། སྟོང་ཉིད་མྱ་ངན་འདས་པར་སྟེ།། དྲིར་ནི་དེ་གཉིས་འདི་ཧྲཱི་གོ།། ང་ཕྱོགས་འཇིག་རྟེན་ཐམས་ཅད་ལ།། སྒྱུས་མ་བཞིན་དུ་སྡུག་འབྱོར་ན།། དེ་ཡི་ལྡོག་པར་བྱེད་པའི་རྒྱུ།། ཁྱོད་ལ་གང་གིས་སྡུག་བསྔལ་འགྱུར།། ་རིགས་པའི་དོན་ནི་གཞན་ལས་ཀྱང་།། བློ་ལྡན་ལེགས་པ་འདོད་པས་བླང་།། ཉི་མ་སྱ་སྟེང་མིག་ལྡན་ལ།། ཀུན་བྷྲཱུཾ་ཌྱན་མ་ཡིན་ནམ།། རྣལ་འབྱོར་སྤྱོད་པ་བ་ནཱི་བཙྪ་བ་ལས།། ལྕི་བི་དགག་པ་བསྒོམ་པ་བསྟན་པ་སྟེ།། རབ་ཏུ་བྱེད་པ་བཅུ་གཉིས་པའོ།། ་གཟུགས་མཐོང་ཚེན་བུམ་པ་ནི།། ཐམས་ཅད་ཁོ་ན་མཐོང་མི་འགྱུར།། བུམ་པ་མངོན་སུམ་ཞེས་བྱ་བའང་།། དེ་ཉིད་རོག་པ་སུ་ཞིག་སྨྲ།། རྣམ་པརརོ་དཔྱད་པ་འདི་ཉིད་ཀྱིས།། བློ་མཆོག་ལྡན་པས་དྲི་ཞིམ་དང་།། མངར་དང་འཇམ་པ་ཐམས་ཅད་དག། སོ་སོར་དགག་པར ་བྱ་བ་ཡིན།། གལ་ཏེ་གཟུགས་མཐོང་བ་ཡིས་དེ།། ཐམས་ཅད་མཐོང་བར་འགྱུར་ན་ནི།། མ་མཐོང་བ་ཡི་གཟུགས་མཐོང་བ།། མཐོང་བ་མིན་པོར་ཅིས་མི་འགྱུར།། གཟུགས་ནི་འབའ་ཞིག་ཁོ་ན་ལ།། མངོན་སུམ་ཉིད་ནི་ཡོད་མ་ཡིན།། གང་ཕྱིར་དེ་ལ་ཕ་རོལ་གྱི།། ་ཚེ་དང་ཚུ་རོལ་དབུས་མོདདོ་ཕྱིར།། རྡུལ་ལ་ཆ་ཤས་ཡོད་མེད་ཅེས།། དཔྱད་པ་དེར་ཡང་འཇུག་པར་འགྱུར།། དེ་ཕྱིར་བསྒྲུབ་པར་བྱ་བ་ཡིས།། བསྒྲུབ་པར་བྱ་འགྲུབ་པ་མི་འཐོད།། ཀུན་ཀྱང་ཡན་ལག་ཏུ་གྱུར་ནས།། སླར་ཡང་ཡན་ལག་ཅན་དུ་འགྱུར།། དེ་ཕྱིར་ཡི་གེ ་བ་སུག་འདིན་མྱོད་པཱ་མ་ཡིན།། གལ་ཏེ་མདོག་ལས་དབྱིབས་གཞན་ན།། ཇི་ལྟ་བུར་ན་དབྱིབ་པ་འཛིན་འགྱུར།། འོན་ཏེ་གཞན་མིན་ན་ལུས་ཀྱིས།། མངོས་ཀྱ་ཅིསྟེ་འཛིན་མི་འགྱུར།། གཟུགས་ནི་ལྔ་ཞིག་མ་གཏོགས་པར།། གཟུགས་ཀྱི་རྒྱ་ནི་མེ་སྣ་།། ག་ལ། ་ཏེ་དེ་ལྟར་འགྱུར་ན་ནི།། གཉི་ག་ཡང་ནཱི་མིག་ཉིད་ཀྱིས།། འཛིན་པར་ཅི་ཡི་ཕྱིར་མི་འགྱུར།། ས་ནི་བསྟན་ཞེས་བྱ་བར་མ་ཐོང་།། དེ་ཡང་ལུས་ཀྱིས་འཛིན་པར་འགྱུར།། དེས་ན་རེག་པ་འབའ་ཞིག་ནི།། སའོ་ཞེས་ནི་བྱ་བར་བརྗོད།། ལྟ་བྱ་སྐྱེས་པས་བུམ་པ་ནི།། འདི་ལ་ཡོན་ཏན་འགར་མི་འགྱུ ་དེས་ན་བལྟ་བྱ་ཉིད་སྐྱེ་ལྟར།། ཡོང་བའི་ངོ་བའང་ཡོད་མ་ཡིན།། མིག་ནི་འབྱུང་འགྱུར་སྣ་དེ་བཞིན།། མིག་གིས་མཐོང་ཡིས་གཞན་གྱིས་མིན།། ངས་ན་ངེས་པར་ལས་རྣམ་སྨིན།། ཐུབ་པས་བསམ་མི་ཁྱབ་པར་གསུངས།། རྐྱེན་མ་ཚང་ཕྱིར་ཤེས་པ་ནི།། བལྟ་བའི་སྔ་རོལ་ཡོང ་མ་ཡིན།། འོན་ཏེ་ཕྱིས་ན་ཤེས་དོན་མེད།། གསུམ་པ་བྱེད་པ་དོན་མེད་འགྱུར།། མིག་དེ་འགྲེས་དང་ལྡན་འགྱུར་ན།། ཐག་རི་ཡུན་རིང་གིས་མཐོང་འགྱུར།། གང་ལ་འགྲ་འགྱུར།། ཧ་ཅང་ཉེ་དང་ཆེས་རིང་དུ།། གཟུགས་དེ་གསལ་བར་ཅི་སྟེ་མི།། རྣལ་ཏེ་གཟུགས་མང་མིགས ་འགྲོ་ན།། སོང་བསོ་ཡོན་འགའ་ཡང་མེད།། ཡང་ན་པོ་ལྔ་བྱར་འདོད་པ་ནི།། དེས་ཞེས་བྱ་བ་བརྗོད་པར་འགྱུར།། མིག་མ་སོང་བར་འཛིན་ན་ནི།། འགྲོ་བ་འདི་ཀུན་མཐོང་འགྱུར་ཏེ།། གང་ལ་འགྲོ་བ་ཡོད་མིན་པ།། དེ་ལ་རིང་མེད་བསྒྲིབ་པའང་མེད།། དངོས་པོ་ཀུན་གྱི་རང་བཞིན་ནི། ་དང་པོར་བདག་ལ་སྣང་འགྱུར་ན། མིག་ནི་མིག་ཉིད་ཀྱིས་འཛིན་པཱ། ཅི་ཡི་ཕྱིར་ན་འགྱུར་མ་ཡིན།། མིག་ལ་རྣམ་ཤེས་ཡོད་མིན་ཞིང་།། རྣམ་ཤེས་ལ་ཡང་བལྟ་མེད་ལ།། གཞི་ག་གཟུགས་ལ་ཡོད་མིན་ན།། དེ་དག་གིས་གཟུགས་ཅི་ལྟར་མཐོང་།། གལ་ཏེ་སྨྲ་ཞིང་སྒྲ ་འགྲོ་མ།། གང་གོས་སྒྲུབ་བོར་མོ་འགྱུར།། འོན་ཏ་མོ་སྨྲ་བར་འགྲོན་འག།། གང་གོས་དོ་ལ་ཤོས་པ་བསྐྱོད།། གལ་ཏོ་བྱུང་ངོ་སྒྲ་འཛིན་ན།། སྒྲ་ཡི་དང་པོ་གང་གིས་འཛིན།། སྒྲ་ནི་རྐྱང་བར་མི་འོང་མ། རེང་དུ་ཇི་ལྟར་འཛིན་པར་འགྱུར།། ཇི་སྲིད་སྒྲ་ཐོས་མ་གྱུར་པ།། དེ་ཡི་བར་དུ་སྦྱར་མི་འགྱུར།། ་སྒྲ་མེད་པ་ཡང་མཐར་སྒྲ་ཉིད།། འགྱུར་ན་དེ་ནི་མི་རིགསོ།། དབང་པོ་རྣམས་ཀྱང་བྲལ་སེམས་ཀྱི་སོང་སྟེའང་ཅི་ཞིག་བྱེད་པར་འགྱུར།། དེ་ལྟ་ཡིན་དང་སྲོག་འདི་ནི།། རྟག་ཏུ་ཡིད་མེད་ཅི་སྟེ་མིན།། སྔར་མཐོང་བ་ཡི་དོན་གང་ཞིག། ཡིད་ཀྱིས་སྨིག་རྒྱུ་ལྟར་འཛིན་པ།། དེ་ནི་ཆོས ་ཀུན་རྣམ་གཞག་ལ།། འདུ་ཤེས་ཕུང་པོ་ཞེས་བྱའོ།། མིག་དང་གཟུགས་ལ་བརྟེན་ནས་ཡིད།། སྒྱུ་མ་བཞིན་དུ་སྐྱེ་བར་འགྱུར།། གབ་པ་ཡོང་ཉིད་ཡོད།། སྒྱུ་མ་ཞེས་བྱར་མི་རིག་སོ།། གང་ཚེ་མཁས་ལ་སེ་སྟེང་ན།། ངོ་མཚར་ཅན་མིན་ཅང་མེད་པ།། དེ་ཚེ་དབང་རྟོགས་དེ་འདྲ་ལ།། 5 ་མཚན་ཞེས་བྱ་ཅི་ཞིག་ཡོད།། མགལ་མེའི་འཁོར་ལོ་སྤྲུལ་པ་དང་།། རྨི་ལམ་སྒྱུ་མ་ཆུ་ཟླ་དང་།། ཁུག་སྣ་ནང་གི་བྲག་ཅ་དང་།། སྨིག་རྒྱུ་སྤྲིན་དང་སྲིད་པ་མཚུངས།། རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། དབང་པོ་དང་དོན་དགག་པ་བསྒོམ་པ་བསྟན་པ་སྟེ། རབ་ཏུ་བྱེད་པ ་བཅུ་གསུམ་པོའོ།། ། དངོས་པོ་གང་ཞིག་གཞན་འགའ་ལ་འདྲ།། རག་ལས་པར་ནི་མི་འགྱུར་ན།། དེ་ཡི་བདག་ཉིད་འགྲུབ་འགྱུར་ན།། དེ་ནི་གང་ནའང་ཡོད་མོ་ཡིན།། གཟུགས་ཉིད་བུམ་ཞེས་གཅིག་མ་ཡིན།། གཟུགས་ལྡན་བུམ་གཞན་ཡོད་མིན་ལ།། ་བུམ་པ་ལ་གཟུགས་ཡོང་མིན་ཞིང་།། གཟུགས་ལ་བུམ་པ་ཡོང་མ་ཡིན།། གཉིས་མཚན་མི་མཐུན་མཐོང་ནས་ནི།། གལ་ཏེ་དངོས་ལས་བུམ་གཞན་ན།། མ་ཡིན་དེ་ལྟར་དངོས་པོ་ཡང་།། བུམ་པ་ལས་གཞན་ཅིས་མི་འགྱུར།། གལ་ཏེ་གཅིག་བུམ་མི་འདོད་ན།། བུམ ་པའང་གཅིག་ཏུ་མི་འགྱུར་རོ།། ལྡན་འདི་མཚུངས་པའང་མ་ཡིན་པ།། དེས་ཀྱང་གཅིག་ཏུ་མི་འགྱུརརོ།། གང་ཚེ་རྫས་ཅི་ཙམ་གཟུགས་ན།། དེ་ཚེ་བཟུགས་ཆེན་ཅི་སྟེ་མིན།། གལ་ཏེ་ཕྱིར་རྒོལ་གཞན་མིན་ན།། གཞུང་ལུགས་བསྙད་པར་བྱ་བར ་འགྱུར།། མཚན་ཉིད་ཀྱིས་ཀྱང་མཚན་གཞི་ནི།། གང་དུ་གྲུབ་པ་ཡོད་མིན་པ།། དེར་ནི་གྲངས་སོགས་ཐ་དད་པར། དངོས་པོ་ཡོད་པ་མ་ཡིནོ།། མཚན་ཉིད་རྣམས་དང་སོ་སོ་ནི།། མིན་ཕྱིར་བུམ་པ་གཅིག་མོ་ཡིན།། རེ་རིའི་བུམ་པ་མེད་ན་ནོ།། མང་ཉིད་འཐད་པར་མི ་འགྱུར་རོ།། རེག་ལྡན་རེག་དང་མི་ལྡན་དང་།། ལྷན་ཅིག་སྦྱོར་བ་ཞེས་བྱ་མེད།། དེ་ཕྱིར་གཟུགས་རྣམས་སྦྱོར་བ་ནི།། རྣམ་པ་ཀུན་ཏུ་རིགས་མ་ཡིན།། གཟུགས་ནི་བུམ་པའི་ཡན་ལག་སྟེ།། དེས་ན་རེ་ཞིག་དེ་བུམ་མིན།། གང་ཕྱིར་ཡན་ལག་ཅན་མེད་པ།། དེས་ན་ཡན་ལག་ཀྱང ་ཡོད་མིམ།། གཟུགས་རྣམས་ཀུན་ལ་གཟུགས་ཉིད་ནི།། མཚན་ཉིད་མི་མཐུན་མ་ཡིན་ན།། གཅིག་ལ་བུམ་པ་ཡོད་འགྱུར་ཞིང་།། གཞན་དག་ལ་མིན་རྒྱུ་ཅི་ཞིག། རོ་སོགས་ངག་ལས་གཟུགས་གཞན་ཞིང་།། བུ་མོ་ལས་མིན་ཞེས་ཁྱོད་འདོད་ན།། དེ་རྣམས་མ་གཏོག ་རང་མེད་གང་།། དེ་གཟུགས་ལས་གཞན་ཅི་ལྟར་མིན།། བུམ་པ་ལ་ནི་རྒྱུ་ཡོད་མིན།། རང་ཉིད་འབྲས་བུར་མི་འགྱུར་ཏེ།། དེ་ཕྱིར་གཟུགས་སོགས་ལས་གཞན་དུ།། བུམ་པ་འགའ་ཡང་ཡོད་མ་ཡིན།། བུམ་པ་རྒྱུ་ལས་འགྲུབ་འགྱུར་ཞིང་།། རྒྱུ་ནི་གཞན་ལས་གྲུབ ་གྱུར་མ། གང་ལ་རང་ལས་གྲུབ་མེད་པ།། དེ་ཡིས་གཞན་པོ་ཇི་ལྟར་བསྐྱེད།། འཕྲོད་པ་འདུས་པར་གྱུར་ཀྱང་གཟུགས།། དྲི་ཉིད་དུ་ནི་མི་འཐོང་ངོ་།། དེས་ན་བུམ་པ་བཞིན་ཚོགས་པ།། གཅིག་ཉིད་དུ་ནི་མི་རིལ་པོ།། ཇི་ལྟར་གཟུག་མི་སོགས་མ་གཏོགས་པར།། བུམ་པོ ་ཡོད་པ་མ་ཡིན་པ།། དེ་བཞིན་རླུང་ལ་སོགས་པ་ནི།། མ་གཏོགས་གཟུགས་ཀྱང་ཡོད་མ་ཡིན།། ཚ་བ་མེ་ཉིད་དུ་འགྱུར་ཏེ།། ཚ་བ་མིན་པ་ཇི་ལྟར་བསྲེག། དེས་ན་བུད་ཤིང་ཞེས་བྱ་བ།། ཡོད་མིན་དེ་མེད་མེ་ཡོད་མིན།། གལ་ཏེ་ཟིལ་མནན་ཚ་བ་ཡང་།། དེ་ཡང་ཅི་སྟེ་མེར་མི་འགྱུར།། འོན ་ཏེ་མི་ཚན་དངོས་གཞན།། མེ་ལ་ཡོད་ཅེས་བྱར་མི་རུང་།། གལ་ཏེ་རྡུལ་ལ་ཤིང་མེད་ན།། དེས་ན་ཤིང་མེད་མེ་ཡོད་དོ།། གལ་ཏེ་དེ་ལའང་ཤིང་ཡོད་ན།། གཅིག་གི་བདག་ཅན་རྡོལ་ཡོད་མིན།། དངོས་པོ་གང་གང་ཡོངས་བརྟག་པ།། དེ་དང་དེ་ལ་གཅིག་ཉིད་མེད།། གང་གིས་གཅིག་ཀྱང ་ཡོད་མིན་པ།། དེས་ན་དུ་མ་དག་ཀྱང་མེད།། གལ་ཏེ་གང་ལ་དངོས་དེ་རྣམས།། མེད་དེར་གཅིག་འདོད་ཅེས་འདོད་ན།། གང་གིས་ཀུན་ལ་གསུམ་ཉིད་ཡོད།། དེས་ན་གཅིག་ཉིད་ཡོད་མ་ཡིན།། ཡོད་དང་མེད་དང་ཡོད་མེད་དང་།། ཡོང་མེད་མིན་ཞེས་བྱ་བའི་ཚུལ།། འདི་ནི་མཁས་པས་གཅིག ་ཉིད་སོགས།། དག་ལ་རྟག་ཏུ་སྦྱར་བར་བྱ།། ཇི་ལྟར་རྒྱུན་ལ་ལྟ་ཉེས་ན།། རྟག་པ་ཡོད་ཅེས་བྱར་འགྱུར་ན།། དེ་བཞིན་ཚོགས་ལ་ལྟ་ཉེས་ན།། དངོས་པོ་ཡོད་ཅེས་བྱ་བར་འགྱུར།། གང་ལ་བརྟེན་ནས་འབྱུང་ཡོད་པ།། དེ་ནི་རང་དབང་མི་འགྱུརརོ།། འོད་ཀུན་རང་དབང་མེད་པ་སྟེ།། དེས་ན་བདག ་ནི་ཡོད་མ་ཡིན།། འབྲས་བུ་མེད་པར་དངོས་པོ་ནི།། ཀུན་ལ་འདུ་བ་ཡང་མ་ཡོད་མ་ཡིན།། འབྲས་བུའི་དོན་དུ་འདུ་བ་གང་།། དེ་ནི་འཕགས་ལ་མ་འདུས་པའོ།། སྲིང་པོའི་ས་བོན་རྣམ་ཤེས་ཏེ།། ཡུལ་རྣམས་དེ་ཡི་སྤྱོང་ཡུལོ།། ཡུལ་ལ་བདག་མེད་མཐོང་ན་ནི།། སྲིང་བའི་ས ་བོན་འགག་པར་འགྱུར།། རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས།། མཐར་འཛིན་པ་དགག་པ་བསྒོམ་པ་བསྟེན་པ་སྟེ། རབ་ཏུ་བྱེད་པ་བཅུ་བཞི་པའོ།། ཐ་མར་མེད་པ་སྐྱེ་བར་འགྱུར།། དེས་ན་མེད་པ་ག་ལ་སྐྱེ།། ཡོད་པ་འདོད་ནས་སྐྱེས་འགྱུར་བ།། དེས་ན ་ཡོད་པ་ག་ལ་སྐྱེ།། འབྲས་བུ་ཡིས་ནི་རྒྱུ་བ་ཤིག་པ།། དེས་ན་མེད་པ་སྐྱེ་མི་འགྱུར།། གྲུབ་པ་ལས་གྲུབ་ཡོད་མ་ཡིན།། དེ་ཕྱིར་འོང་བ.རང་མི་སྐྱེའོ།། དེ་ཚེ་སྐྱེ་བ་ཡོང་མིན་མིས་གཞན་ཚེ་སྐྱེ་བ་ཡོང་མ་ཡིན།། དེ་ཚེ་གཞན་ཚེ་མི་སྐྱེ་མ། ནམ་ཞི་བ་སྐྱེ་བ་ཡོད ་པར་འགྱུར།། དེ་ལ་དེ་ཡི་དངོས་པོ་རུ།། ཇི་ལྟར་སྐྱེ་བ་ཡོད་མིན་ལྟར།། དེ་བཞིན་གཞན་གྱི་དངོས་པོར་ཡང་།། དེ་ལ་སྐྱེ་བ་ཡོང་མ་ཡིན།། ཐོག་མ་བར་དང་ཐ་མ་རྣམས།། སྐྱེ་བའི་སྔ་རོལ་སྲིད་མ་ཡིན།། གཉིས་གཉིས་དག་ནི་མེད་པ་རུ།། ཇི་ལྟར་རེ་རེ་རྩོམ་པར་འགྱུར།། གཞན་གྱི ་དངོས་པོ་མེད་པར་ནི།། བདག་གི་དངོས་པོ་འབྱུང་བ་མེད།། དེ་ཡི་ཕྱིར་ན་བདལ་གཞན་ནི།། གཉིས་ཀ་ལས་འབྱུང་ཡོད་མ་ཡིན།། སྔོན་དང་ཕྱིས་དང་ཅིག་ཅར་ཞེས།། བརྗོད་པ་ཉིད་དུ་མི་ནུས་པ།། དེ་ཕྱིར་སྐྱེ་དང་བུམ་པ་ལ།། ཅིག་ཅར་འབྱུང་བ་ཡོད་མ་ཡིན།། སྔར་སྐྱེས་པ་ཡི་ཕྱིར་ན་ནི།། ་སྔར་སྐྱེས་རྙིང་པར་མི་འགྱུར་ཞིང་།། ཕྱི་ནས་ཀུན་ཏུ་སྐྱེས་པ་ཡང་།། ཕྱི་ནས་སྐྱེས་པར་མི་འགྱུརརོ།། ལྟར་བ་ཡི་དངོས་པོ་ནི།། ཉིད་ལས་འབྱུང་མ་ཡིན་ཞིང་།། མ་འོངས་ལས་འབྱུང་ཡོད་མིན་ལ།། འདས་པ་ལས་ཀྱང་ཡོང་མ་ཡིན།། སྐྱེས་པ་ལ་ནི་འོང་བ་དང་།། དེ་བཞིན ་འགག་ལ་འགྲོ་བ་མེད།། དེ་ལྟ་ཡིན་ན་ཅི་ལྟ་བུར།། སྲིད་པ་སྒྱུ་མ་འདྲ་མ་ཡིན།། སྐྱེ་དང་གནས་དང་འཇིག་པ་རྣམས།། ཅིག་ཆར་འབྱུང་བ་ཡོད་མིན་ཞིང་།། རིམ་གྱིས་འབྱུང་བའང་ཡོད་མིན་ན།། ནམ་ཞིག་འབྱུང་བ་ཡོད་པར་འགྱུར།། སྐྱེ་བ། ལ་སོགས་ཐམས་ཅད་ལ། སླར་ཡང ་ཐམས་ཅད་འབྱུང་བ་སྟེ།། དེ་ཕྱིར་འཇིག་པ་སྐྱེ་འདྲ་ཞིང་།། གནས་པ་འཇིག་དང་འདྲ་བར་སྣང་།། མཚན་དང་མཚན་མེད་གཞན་ཞེ་ན།། མཚན་གཞི་མི་རྟག་ཉིད་ག་ལས།། ཡང་ན་བཞི་གའང་ཡོད་པ་ཡི།། ངོ་བོར་གསལ་བར་ཡོད་མ་ཡིན།། དངོས་པོ་དངོས་ལས་མི་སྐྱེ ་སྨྱེ། པ་དངས་མེད་ལས་མི་གྷ། ད་མང་པོ་སྣང་མ་ནྟུ་དྷྭེ།། དངས་མེད་ངངས་ལས་མ་ནྟའོ།། བ་མ་པར་མི་འགྱུར་ཏེ།། ངོས་མདུ་རྣས་པར་མི་འགྱུར།། རྗེས་མེང་རློམ་མེད་མ་འགྱུར་ཏེ།། ངས་པ་དངས་མེད་མ་འགྱུན། བཞིན་པན་བྱེད་སྐྱེས་།། དྷ ་བ་ནི་སྐྱེ་མི་འགྱུར།། ཡང་ན་ཐམས་ཅད་སྐྱེ་བཞིན་ག། ཉིད་ནི་ཡོན་པར་བྲལ་བར་འགྱུར།། སྐྱེ་བཞིན་པ་ཡི་བདག་ཉིད་དུ།། བྱ་བ་སྐྱེ་བཞིན་པར་མི་འགྱུར།། སྐྱེ་བཞིན་པ་ཡི་བདག་ཉིད་དུ།། མི་བྱའང་སྐྱེ་བཞིན་པར་མི་འགྱུར།། གང་གི་གཉིས་པོ་བར་མིང་པོར།། སྲིང་པ་ཡོང ་མ་ཡིན་པ།། དེ་ལ་སྐྱེ་བཞིན་པ་མེད་དེ།། གང་ཕྱིར་དེ་ལའང་བར་ཡོད་ཕྱིར།། གང་གི་ཕྱིར་ན་སྨྲེ་བཞིན་པ།། འགགས་པ་སྐྱེས་པ་སྐྱེ་འགྱུར་བ།། དེ་ཡི་ཕྱིར་ན་སྐྱེ་བཞིན་པ།། གཞན་ཡང་ཡོད་པའི་ངོ་བར་སྣང་།། གང་ཚེ་སྐྱེས་པ་དེ་ཡི་ཆེ།། སྐྱེ་བཞིན་པ་ལ་སྲིད་པ་མེད།། གང་ཚེ ་སྐྱེས་པ་སྐྱེ་བཞིན་ནོ།། དེ་ཚེ་ཚེ་ཕྱིར་སྐྱེ་བར་འབྱོར།། སྐྱེ་བཞིན་པ་ནི་མཱ་སྦྱིས་པ།། འོན་སྟེ་ཞེས་པར་གྲགས།། ཁྱད་པར་མེད་པར་དེ་ཡི་ཆེ།། བུམ་བུ་མ་ཅིས་མི་རྟོག། སྐྱེ་བཞིན་པ་ནི་མརྫོགས་ཀྱི་། མ་སྐྱེས་པ་ལས་ཕྱིརོལ་གྱི། དེ་ང་གང་ཕྱིར་སྐྱེས་པ ་ཕྱི་རོལ་གྱུར་ཕྱིར་མ་སྐྱེས་སྐྱེ།། སྐྱེ་བཞིན་པ་ནི་སྔར་མ་བྱུང་ཡང་།། ཕྱི་ནོས་ཡོད་པ་མིན་པར་གྲག། དེས་ཀྱང་མོ་སྐྱེས་པ་སྐྱེ་སྟེ།། མ་བྱུང་ཞེས་བྱ་སྐྱེ་མ་ཡིན།། རྫོགས་པ་ཡོད་ཅེས་བྱར་འགྱུར་ལ།། མ་བྱས་པ་ནི་མེད་ཅེས་བརྗོད།། གང་གོ་ཚེ་ན་སྐྱེ་བཞིན་པ།། མེད་པ ་ངོ་ཆོ་ག་ང་དེར་བརྗོད།། གང་རྒྱུ་ན་མ་གཏོགས་པར།། འབྲས་བུ་ཡོད་པ་མ་ཡིན་པ།། དེ་ཡི་ཚོན་འཇུག་པ་དང་།། ལྡོག་པོ་འཐེང་པོ་ཉིད་མི་འགྱུར།། རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པོ་ལས།། འདུས་བྱས་དོན་དམ་དུ་དགག་པ་བསྒོམ་པ་བསྟན་པ་སྟེ། རབ་ཏུ་བྱེད་པ ་བཅོ་ལྔ་པའོ།། ། རྒྱུ་འགའ་ཞིག་གིས་སྟོང་པ་ཡང་།། སྟོང་པ་མིན་པ་ལྟ་བུར་སྣང་།། རབ་ཏུ་བྱེད་པ་ཐམས་ཅད་ཀྱི།། དེ་ནི་སོ་སོར་འགོག་པར་བྱེད།། གང་ཚེ་སྣ་པོ་བརྗོད་པ་ནའང་།། སྟོང་པ་ཞེས་བྱར་མི་རུང་།། གང་ཞིག་བརྟེན་ནས་ཀུན ་འབྱུང་བ།། དེ་ནི་གསུམ་ལའང་ཡོད་མ་ཡིན།། གལ་ཏེ་སྟོང་པའི་ཉེས་པ་ཡིས།། སྟོང་པ་མ་ཡིན་འགྲུབ་འགྱུར་ན།། མི་སྟོང་ཉེས་པས་སྟོང་པ་ཉིད།། ཅི་སྟེ་འགྲུབ་པར་འགྱུར་མ་ཡིན།། གཞན་གྱི་ཕྱོགས་ནི་བཟློག་པ་དང་།། རང་གི་ཕྱོགས་ནི་བསྒྲུབ་པ་སྟེ།། གལ་ཏེ་སུན་འབྱིན ་བྱེད་ཕྱོགས་ཅིག། གང་ན་སྒྲུབ་བྱེད་ལ་ཅིས་མིན།། གལ་ཏེ་ཡོངསུ་བརྟགས་པ་ན།། མེང་གང་དེ་ཕྱོགས་མི་འགྱུར་ན།། དེས་ན་གཅིག་ཉིད་ལ་སོགས་གསུམ།། ཀུན་ཀྱང་ཕྱོགས་མ་ཡིན་པར་འགྱུར།། གང་དུ་མངོན་སུམ་གྱིས་བུམ་དེར།། སྟོང་པའི་གཏན་ཚིགས་དོན་མེད་འགྱུར།། ་འདི་ནི་གཞན་ལུག་ལས་བྱུང་པོའི།། གཏན་ཚིགས་ཡོང་མིན་གཞན་དུ་ཡོད།། མི་སྟོང་མེད་པརརོ་སྟོང་པ་ནི།། གང་ལས་བྱུང་བ་ཉིད་དུ་འགྱུར།། ཇི་ལྟ་བུར་ན་ཅིག་ཤོས་ནི།། མེད་པར་གཉེན་པོ་འབྱུང་བར་འགྱུར།། གལ་ཏེ་ཕྱོགས་ཉིད་དུ་འགྱུར་ན།། ཕྱོགས་མེད་ཕྱོགས་ཀྱི་ངོ ་བོར་འགྱུར།། དེ་ལྟར་ཕྱོགས་མེད་ཉིད་མེད་ན།། གང་ཞིག་མི་ཐུན་ཕྱོགསུ་འགྱུར།། གལ་ཏེ་དངོས་པོ་ཡོད་མིན་ན།། མེ་ནི་ཆེ་བར་ཇི་ལྟར་འགྱུར།། ཚ་བ་མེ་ཡང་ཡོང་མིན་ཞེས།། གོང་ཉིད་དུ་ནི་བཟློག་པར་བྱས།། དངོས་པོ་མཐོང་ནས་དངོས་པོ་ནི།། མེད་པ་ཞེས་བྱ་བ་ཟློག་འགྱུར ་ན།། དེ་ལྟར་ཕྱོགས་ནི་བཞི་ཆར་ལ།། ཉེས་པ་སྤངས་པ་གང་ཞིག་མཐོང་།། རྡུལ་ཕྲན་ལ་ཡང་ཡོད་པའི་དངོས།། གང་དུ་མེད་དེར་ཇི་ལྟར་འབྱུང་།། སངས་རྒྱས་རྣམས་ལ་མེད་ཉིད་ཀྱང་།། དེ་ཉིད་ཕྱིར་ན་མོ་འབྲེལ་པའོ།། གལ་ཏེ་ཀུན་ལ་གཉིས་མིན་མ། གཞན་གང་ཞིག ་ཡོད་དངོས་ཡོད།། གལ་ཏེ་ཁྱོད་ལའང་དེ་རིགས་ན།། བརྒལ་བ་གཞན་པོ་ཅི་སྟེ་བྱེད།། དངོས་པོ་ཀུན་གྱི་དངོས་མེད་ལ།། རྣམ་པར་དབྱེ་བ་མི་རིགས་ཏེ།། རྫས་རྣམས་ཀུན་ལ་གང་མཐོང་བ།། དེ་ནི་རྣམ་དབྱེར་མི་འགྱུ་རོ།། མེད་ཕྱིར་གཞན་གྱི་ཕྱོགས་ལ་ལན།། བརྗོད་པ་མིན་པར་གྲགས ་ན་ནི།། གཏན་ཚིག་ཀྱི་བཟློག་རིང་ཕྱོགས་ཀྱང་ཀཅི་ཡི་ཕྱིར་ན་སྒྲུབ་མི་འགྱུར།། སུན་འབྱིན་བྱེད་པའི་གཏན་ཚིགས་རྙེད།། བླ་ཞེས་འཇིག་རྟེན་བརྗོད་ན་ཡང་།། གཞན་གྱི་ཕྱོགས་ལ་སྐྱོན་བརྗོད་པ།། ཉིད་དུ་ཅི་ཡ་བྱ་མི་ནུས།། ཡོད་ཅེས་བྱ་བ་ཅོམ་ཞིག་གིས།། གལ་ཏེ་དེ་ཉིད་དངོས་ཡོད་ན། ་མེད་ཅེས་བྱ་བ་ཙམ་ཞིག་གིས།། མེད་པར་ཡང་ནི་ཅིསོ་མི་འགྱུར།། གང་ཕྱིར་ཡོང་བདོག་ཅེས་མི་བཏག། དེ་ཕྱིར་མེད་པར་མི་འགྱུར་ན།། གང་ཕྱིར་ཡོད་ཅེས་མི་བྱས་པ།། དེ་ཕྱིར་ཡོད་པར་མི་འགྱུརརོ།། གལ་ཏེ་ཐམས་ཅད་འཇིག་རྟེན་པས།། བརྗོད་པས་འཇིག་རྟེན་པ་ཡོད་ན།། ་དངོས་གང་དེ་ཉིད་དུ་ཡོད་པ།། དེ་ནི་འཇིག་རྟེན་པར་ཅིས་འགྱུར།། གལ་ཏེ་དངོས་ཀུན་མེད་པའི་ཕྱིར།། མེད་པ་ཉི་གྱུར་ན་ནི།། དེ་ལྟ་ན་ཡིན་དང་ཕྱོགས་རྣམས་ཀུན།། དངོས་པོ་མེད་པར་མི་རིག་སོ།། དངོས་པོ་མེད་ཕྱིར་དངོས་མེད་ལ།། སྲིད་པ་ཡོད་པར་མི་འགྱུར་རོ།། དངོས་པོ་མེད་པར་དངོས་པོ ་ནི།། མེད་པར་གང་ལས་འགྲུབ་པར་འགྱུར།། སྟོང་པ་གཏན་ཚིགས་ལས་གྱུར་པ།། དེ་ཕྱིར་སྟོང་པར་མི་འགྱུར་རོ།། དམ་བཅའ་གཏན་ཚིགས་ལས་གཞན་ནི།། མ་ཡིན་དེས་ན་གཏན་ཚིགས་མེད།། གང་ཕྱིར་སྟོང་པའི་དཔེ་ཡོད་དགདེས་ན་སྟོང་པར་མི་འགྱུར་ན།། བྱ་རོག་ཇི་ལྟ་དེ ་བཞིན་དུ།། བདག་ཀྱང་ནག་ཅེས་བརྗོད་ནུས་སམ།། གལ་ཏེ་རང་བཞིན་གྱིས་དངོས་ཡོད།། སྟོང་མཐོང་ཡོན་ཏན་ཅི་ཞིག་ཡོད།། རྟོགས་པས་མཐོང་བ་འཆིང་བ་སྟེ།། དེ་ནི་འདི་རུ་དགག་པར་བྱ།། གཅིག་ཡོད་གཅིག་མེད་ཅེས་བྱ་བ།། དེ་ཉིད་མིན་འཇིག་རྟེན་པའང་མིན།། དེས་ན་འདི ་ཡོད་འདི་མེད་ཅེས།། བརྗོད་པ་ཉིད་དུ་ནུ་མ་ཡིན།། ཡོད་དང་མེད་དང་ཡོད་མེད་ཅེམ།། གང་ལ་ཕྱོགས་ནི་ཡོད་མིན་པ། དེ་ལ་ཡུན་ནི་རིང་པོ་ན་རང་། སྨན་ཀ་བརྗོད་པེར་རྣམ་པ་ཡིན།། རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས།། སློབ་དཔོན་དང་། སློང་མ་རྣམ་པར ་གཏན་ལ་དཔ་པ་བསྟན་པ་སྟེ། རབ་ཏུ་བྱེད་པ་བཅུ་དྲུག་པའོ།། བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བསྟན་བཅོས་བཞི་བརྒྱ་པའི་ཚིག་ལེ་རུར་བྱས་པ་ཞེས་བྱ་བ། དྭེ་ལའི་གླིང་དུ་པདྨའི་སྦུབས་ལས་བརྫུས་ཏེ་འཁྲུངས་ཤིང་། རང་རང་གཞན་གྱི ་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་ཡང་དག་པ་དང་ཡང་དག་པ་མ་ཡིན་པའི་ལྟ་བ་རྣམ་པར་འབྱེད་པས་དབུ་མོའི་ལམ་རབ་ཏུ་གསལ་བར་མཛད་པ། འཕགས་པཀླུའི་ཞབས་ཀྱི་སྲས་སུ་གྱུར་པའི་སློབ་དཔོན་འཕགས་པ་ལྔའི་ཞལ་སྔ་ནས་ཀྱིས་མཛད་པ ་རྫོགས་སོ།། ། ཁ་ཆེའི་ཕྲེང་ཁྱེར་དཔེ་མེད་ཀྱི་དབུས། རིན་ཆེན་སྤྲས་པོའི་ཀུན་དགའ་ར་བར། རྒྱ་གར་གྱི་མཁན་པ་སུ་སྨ་ཛྙཱ་ན་དང་། བོད་ཀྱི་ལོ་ཙཱ་བ་པ་ཚང་ཉི་མ་གྲགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ་འདིས་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག། ་