| Wylie | e-texts produced with BDRC’s OCR application |
བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཧསྟ་བ་ལ་ནཱ་མ་པྲ་ཀ་ར་ཎ། བོད་སྐད་དུ། ཆ་ཤས་ཀྱི་ཡན་ལག་ཅེས་བྱ་བའི་རབ་ཏུ་བྱེད་པ། བཅོམ་ལྡན་འདས་ངག་གི་དབང་པོ་ལ་ཕྱག་འཚལ་ལོ།། ཐག ་པ་ལ་ནི་སྦྲུལ་སྙམ་འཛིན།། ཐག་པར་མཐོང་ནས་དོན་མེད་དོ།། དེ་ཡི་ཆ་མཐོང་དེ་ལྔ་ནི།། སྦྲུལ་བཞིན་ཤེས་པ་འཁྲུལ་པ་ཡིན།། བརྟག་པའི་དངོས་པོ་ཐམས་ཅད་ལ།། རང་གི་ངོ་བོ་བརྟགས་པ་ན།། ་གཞན་གྱི་ཀུན་རྫོབ་ཤེས་པ་ཡིས།། སྤྱོད་ཡུལ་ཇི་སྙེད་བཏགས་པ་ཡིན།། ཆ་མེད་བརྟག་པར་བྱ་མིན་ཕྱིར།། ཐ་མར་ཡང་ནི་མེད་པར་མཚུངས།། དེ་ཕྱིར་མཁས་པས་འཁྲུལ་པ་ཙམ།། ཡང་དག་དོན་དུ་མིན་པར ་བརྟག། འཕྲུལ་ནད་ཡང་མ་དག་ཕྱིར།། ཇི་ལྟར་སྣང་བ་དེ་ལྟར་མེད།། དོན་ཡོད་མ་ཡིན་སྣང་བ་ནི།། ཇི་ལྟ་དྲྀ་ཡི་བདག་ཉིད་འགྱུར།། གང་ཞིག་ཞིབ་མོ་བློ་ཡིས་ནི།། ཐམས་ཅད་བརྟགས་པ་ཁོ་ནར་ཤེས།། བློ་ལྡན ་དེས་ནི་ཆགས་ལྔ་སོགས།། བདེ་བ་སྦྲུལ་གྱི་སྐྲ་གུ་བཞིན་སྤོང་།། འཇིག་རྟེན་པ་ཡི་དོན་རྟོགས་པས།། འཇིག་རྟེན་བཞིན་དུ་བསྒྲུབ་པར་བྱ།། ཀུན་ནས་ཉོན་མོངས་སྤོང་འདོད་པས།། དམ་པའི་དོན་གྱིས་བཙལ་བར་བྱ།། ་དེ་ལྟར་རང་བཞིན་ཡོངས་ཤེས་པའི།། རྣལ་འབྱོར་པ་ས་ནི་གཟུགས་སོགས་ལ།། ཉེ་བར་སྤྱོད་པས་ཐུབ་པ་ཡི།། བརྟུལ་ཞུགས་ཀྱིས་འབྲས་བུ་མྱུར་དུ་གྲུབ།། ཆ་ཤས་ཀྱི་ཡན་ལག་ཅེས་བྱ་བའི་རབ་ཏུ་བྱེད་པ།། སློབ ་དཔོན་འཕགས་པ་ལྷས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཤདྡྷ་ཀ་ར་ཝར་མ་དང་།། བོན་ཀྱི་ལོ་ཙཱ་བ་རིན་ཆེ་ན་བཟང་པོས་བསྒྱུར་བའོ།། ། རྒྱ་གོར་སྐད་དུ། ་ཧསྟ་བ་ལ་ནཱ་མ་པྲ་ཀཱ་ར་ཎ་བྲྀ་ཏྟི། བོད་སྐད་དུ། ཆུ་ཤས་ཀྱི་ཡན་ལྡག་ཅེས་བྱ་བའི་རབ་ཏུ་བྱེད་པའི་འགྲེལ་པ།། འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ།། ཁམས་གསུམ་པའི་ཐ་སྙད ་ཙམ་ལ་ཡང་དྲེག་པའི་དོན་དུ་ཀུན་ཏུ་རྟོགས་པའི་ཕྱིར།། དེ་ཁོ་ན་ཉིད་ཀྱི་དོན་ཁོང་དུ་མ་ཆུད་པའི་སེམས་ཅན་རྣམས་ལ་དངོས་པོའི་རང་བཞིན་རབ་ཏུ་དབྱེ་བྲའི་སྒོ་ནས། ཕྱིན་ཅི་མ་ལོག་པའི་ཤེས་པ་ཡང་དག་པར ་བསྒྲུབ་པའི་ཕྱིར་འདི་བརྩམས་སོ།། ཐག་པ་ལ་ནཱི་སྠུ་ལ་སྙམ་འཛིན།། ཐག་པ་མཐོང་ན་དོན་མེད་དོ།། འདི་ནི་ཡུལ་ཧ་ཅང་སྐལ་བ་མ་ཡིན་པ་འོད་ཙམ་ཞིག་སྣང་བ་ཞིག་ན། ཐག་པའི་གཟུགས ་སྤྱིའི་ཆོས་ཅན་ཞིག་དམིགས་པ་ལ་འཁྲུལ་ནས། འོདི་ནི་སྦྲུལ་ཁོ་ནུའོ།། ཞེས་ངེས་པར་འཛིན་པའི་ངོ་བོ་ཤེས་པ་སྐྱེ་སྟེ། ཁྱད་པར་རང་གི་ངོ་བོ་ཁོང་དུ་མ་ཆུད་པའི་ཕྱིར་རོ།། དེའི་ཁྱད་པར་ངེས་པར་འཛིན་པ་ན། ་དྲོན་ཇི་ལྟ་བ་མ་ཡིན་པར་ཀུན་ཏུ་རྟོག་པས་རབ་ཏུ་སྤྲོས་པ་ཉིད་ཀྱི་ཕྱིར། ཤེས་པ་དེ་ཡང་འཁྲུལ་པའི་ཤེས་པ་དྲན་མེད་པ་ཁོ་ནར་འགྱུར་རོ།། དེ་ཡི་ཆ་མཐོང་དེ་ལ་ཡོང་།། སྤྲུལ་བཞིན་ཤེས་པ་འཁྲུལ་པ ་ཡིན།། ཐག་པ་དེ་ལ་ཡང་ཆ་ཤས་སུ་ཕྱེ་ནས་བརྟགས་པ་ན།། ཐོག་པའི་རང་གི་ངོ་བོ་མི་དམིགས་ཏེ།། དེ་མ་དམིགས་ན་ཐག་པར་དམིགས་པ་ཡང་སྦྲུལ་ལོ་སྙམ་པའི་བློ་བཞིན་དུ་འཁྲུལ་པ་ཙམ་འབའ ་ཞིག་ཏུ་ཟད་དོ།། ཡང་ཇི་ལྟར་ཐག་པའི་ཤེས་པ་འཁྲུལྔ་པ་དེ་བཞིན་དུ། ཆ་ཤས་དེ་ཡང་དུམ་བུ་དང་། ཉག་མྱ་ལ་སོགས་པ་དེ་དག་ལ་བལྟོས་པ་ན་རང་གི་ངོ་བོ་ངེས་པར་མི་འཛིན་ཏོ།། དེ་ངེས ་པར་མ་ཟིན་པས་དེ་ལ་དམིགས་པའི་རྣམ་པ་ཅན་གྱི་བློ་ཡང་བའི་བློ་བཞིན་དུ་འཁྲུལ་པ་ཙམ་ཁོ་ནའོ།། བརྟགས་པའི་དངོས་པོ་ཐམས་ཅད་ལ།། རང་གི་ངོ་བོ་བརྟགས་པ་ན།། ཀུན་རྫོབ་ཏུན་ཤེས་པ་ཡི།། སྤྱོད ་ཡུལ་ཇི་སྙེད་བརྟགས་པ་ཡིན།། ཇི་ལྟར་ཆ་ཤས་ལ་སོགས་པའི་དབྱེ་བས་ཐ་དད་པའི་ཐག་པ་ལ་སོགས་པ་ལ་བརྟགས་པ་ན་རང་གི་ངོ་བོ་མི་དམིགས་ཏེ།། ཐག་པ་ལ་སོགས་པའི་བློ་ཡང་སྦྲུལ་ལོ་སྙམ་པས ་བློ་བཞིན་དུ་འཁྲུལ་པ་ཡིན་པ་དེ་བཞིན་དུ།། ངོས་ཆ་ལ་སོགས་པ་ལ་བལྟོས་ནས་ཡོད་པ་རྫ་མ་དང་ཕོར་བུ་ལ་སོགས་པ་ཐ་སྙད་པའི་ཤེས་པའི་སྤྱོད་ཡུལ་ཇི་སྙེད་པ་ཐམས་ཅད་བརྟག་པ་ཡོད་པ་ཁོ་ན ་ཡིན་ཏེ།། དེ་དག་མཐར་རབ་ཏུ་ཕྱེ་བ་ན།། རེ་ཤིག་བུམ?་པ་ལ་སོགས་པ་ནི་ཐ་སྙད་དུ་བཏགས་པ་ཁོ་ན་ཡིན་ནོ།། གཞན་དུ་ཞེས་བྱ་བ་ནི། དོན་དམ་པ་ཉིད་ལས་སོ།། ཆུ་མེད་བརྟག་པར་བྱ་མེད་ཕྱིར།། ཐ་མ ་ཡང་ན་མེད་པར་མཚུངས།། གོང་ཡང་བརྟགས་པའི་དངོས་པོ་ཐམས་ཅད་ཀྱི་ཐ་མ་རྡུལ་ཕྲ་རབ་ཀྱི་རྫས་ཚ་མེད་པ་གཅིག་པུ་དེ་ཡང་། བརྟག་པར་བྱ་བ་མ་ཡིན་པའི་རང་གི་ངོ་བོས་དམིགས་པར་མི་རུང་བའི ་ཕྱིར། ན་མཁའི་མེ་ཏོག་གི་ཕྲེང་བ་དང་། རི་བོ་གི་རཱ་ལ་སོགས་པ་དང་མཚུངས་པས།། དེ་ཡང་དངོས་པོ་མེད་པ་ཉིད་དུ་འགྲུབ་པོ།། ཅི་སྟེ་ཡང་ཇི་ལྟར་ན་བརྟག་པར་བྱ་བ་མ་ཡིན་པའི་མཚན་ཉིད་གཏན ་ཚིག་དེས། རྡུལ་ཕྲ་རབ་ཀྱི་རྫས་ཡོད་པ་ཉིད་གཅིག་པ་ཉིད་དུ་མེད་དོ།། ཞེས་ཤེས་པར་ནུས་ཤེ་ན། གླང་གི་ཕྱིར་ཡོད་ན་ནི་ཕྱོགས་ཆ་ཐ་དད་པའི་ཕྱིར། དཔེར་ན་ཡོད་པོ་བུམ་དང་སྣ་བུ་བ་དང་ཤིང་རྟ་ལྔ ་སོགས་པའི་རྫས་རྣམས་ནི། ཤར་དང་ནུབ་དང་སྟེང་དང་འོག་ལ་སོགས་པའི་ཕྱོགས་ཆ་ཐ་དད་པའི་ཕྱིར།། ཚོ་ཤས་ཐ་དད་པོ་དྲག་སྣང་བ་ལྟར་གལོ་ཏྲེ་རྡུལ་ཕྲ་རབ་ཀྱི་རྫས་ཀྱང་ཡོད་པར་གྱུར་ན། གདོན་མི་ཟླ ་བར་ཕྱོགས་ཆ་ཐ་དྲད་པའི་ཕྱིར་ཤར་དང་ནུབ་དང་བྱང་དང་སྟེང་ལ་སྲོགས་པའི་ཆ་ཤོས་ཁས་བླང་བར་བྱའོ།། ཆ་ཤས་ཐ་དད་པ་ཡིན་ནཱ་ནི་རྡུལ་ཕྲ་རབ་ཀྱི་རྫས་གཅིག་ཏུ་མི་འགྲུབ་བོ།། རྫས་ཀྱི་དབྱེ་བ་མང་པོ ་སྣང་པོའི་ཕྱིར་གཅིག་པ་ཉིད་ནི་ཡོད་པ་མ་ཡིན་ཏོ།། རྡུལ་ཕྲ་རབ་མི་དམིགས་པས་རྡུལ་ཕྲ་རབ་ཀྱི་རྫས་སུ་སྨྲ་བ་འདི་མཐོང་ཤིག། དེ་ཕྱིར་མཁས་པས་འཁྲུལྔ་པ་ཙམ།། ཡང་དག་དོན་དུ་མིན་པར་བརྟག། གང་གི ་ཕྱིར་དེ་ལྟར་ཁམས་གསུམ་པ་འཁྲུལ་པ་ཙམ་ཡིན་པ་དེའི་ཕྱིར།། མཁས་པ་ལེགས་པ་ཐོབ་པར་འདོད་པས་འདི་ལ་ཡང་དག་པའི་དོན་དུ་བརྟག་པར་མི་བྱའོ།། གལ་ཏེ་འདི་སྙམ་དུ་བུམ་པ་ལ་སོགས་པ ་ཕྱི་རོལ་གྱི་དངོས་པོ་དེ་དག་ནི། ངོ་བོ་ཉིད་མི་རྟོག་པའི་ཕྱིར་མེད་པ་ལས་ཀུན་བརྟགས་པ་ཡིན་པ་བདེ་ནོ།། དེ་དག་ལ་དམིགས་པའི་རྣམ་པ་ཅན་འཁྲུལ་བུའི་འདུ་ཤེས་འདི་ཡོད་དེ། དཔེར ་ནཱ་སྒྱུ་མ་དང་དྲི་ཟའི་གྲོང་ཁྱེཪྻ་ལ་སོགས་པ་མེད་ཀྱང་། དེ་དག་ལ་དམིགས་པའི་རྣམ་པ་ཅན་གྱི་ཤིས་པ་ལྟ་བུའོ།། ཞེས་བྱ་བར་འདོད་དོ་ཞེས།། འཁྲུལ་ན་དེ་ཡང་མ་དག་ཕྱིར།། ཇི་ལྟར་སྣང་བ་དེ་ལྟར་མེད།། དྲོན ་མི་དང་མ་ཡིན་སྣང་བ་ནི།། ཇི་ལྟར་དེའི་བདག་ཉིད་འགྱུར།། འཁྲུལ་པ་དེ་ཡང་རྗེས་ཀྱི་རང་གིས་ངོ་བོ་ཤེས་པ་ཡིན་ན།། རྗེས་དེ་ནི་ངོ་བོ་ཉིད་དེ་ལྟ་བུ་ཡོད་པ་མ་ཡིན་ཏེ།། དོན་དེ་མེ་དཾ་ན་ཡིད་རང་གི་ངོ་བོས་ན་ནུས ་བ་མེད་པས་མ་དག་པར་འགྱུར་རོ།། མ་དག་པའི་ཕྱིར་འཁྲུལ་པོའི་ངོ་བོ་ཉིད་དེ་ལྟ་བུར་ཡོད་དོ།། ཞེས་བྱ་བར་ཇི་ལྟ་བུར་ཤེས།། ཇི་ལྟར་འཇིག་རྟེན་ཡང་ས་བོནྡྷ་ལ་སོགས་པ་སྐྱེད་པར་བྱེད་པ་མེད་ན། ་བྱ་བ་མྱུ་གུ་ལ་སོགས་ཡོད་དོ།། ཞེས་བྱ་བའི་ཆོས་དེ་ལྟ་བུ་ཡང་མ་མཐོང་ངོ་།། དེ་ཉིད་ཀྱི་ཕྱིར་སྒྱུ་མཱ་ལྟ་བུ་འདོད་པ་ཡང་མ་གྲུབ་པར་ངས་བཤད་པ་ཡིན་ནོ།། གང་ཞིག་ཞིབ་མོའི་བློ་ཡིས་ནི།། ཐམས ་ཙ་བ་རྟགས་པ་ཁོ་ནར་ཤེས།། བློ་ལྡན་དེ་ཡིས་ཆགས་ལ་སོགས།། བདེ་བར་སྦྲུལ་གྱི་སྒྲོག་བཞི་སྤོང་།། ཇི་སྐད་བཤད་པའི་རྣམ་པས་བརྟགས་པ་ཙམ་དུ་ཡོད་པའི་ཁམས་གསུམ་པ་འདི་ལ་གང ་ཞིག་བུམ་པ་ལྔ་སོགས་པ་རགས་པའི་བློ་བསལ་ཏེ། ཞིབ་མོའི་བློས་རྫས་མེད་པ་ཐ་སྙད་ཙམ་ཡིན་པར་ངེས་པར་འཛིན་པ་དེ་ནི།། ཇི་ལྟར་ཐག་པ་ལ་སྦྲུལ་ལོ་སྣུམ་པའི་ཤེས་པས་ཀུན་ནས་བླང་བའི ་འཇིགས་པ་དེའི་ཁྱད་པར་རྣམ་པར་སྤྱད་ནས་ཐགས་པར་ངེས་པ་ན། དེའི་སྦྲུལ་གྱི་སྐྲག་པ་མེདདྲ་པ་དེ་བཞིན་དུ། འདོད་ཆགས་ལ་སོགས་པ་དེ་བསེང་པར་བྱེད་པའི་དངོས་པོ་དག་ལ་ཡོངས་སུ་བརྟག་པ་ངེས ་ཀྱང་། འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་དྲ་བ་རྣམས་བདེ་བར་དཀའ་བ་མེད་པར་རིང་པོར་མི་ཐོགས་པ་ཁོ་ནར་སྤོང་བར་འགྱུར་རོ།། འཇིག་རྟེན་པོ་ཡི་དོན་རྟོག་པས།། འཇིག་རྟེན་བཞིན་དུ་བསྒྲུབ་པ ་བྱ།། ཀུན་ནས་ཉོན་མོངས་སྤོང་འདོད་པས།། དམ་པའི་དོན་གྱིས་བཙལ་བར་བྱ།། ཇི་ལྟར་འཇིག་རྟེན་པ་དག་བུམ་པ་ལ་སོགས་པའི་དོན་ལ་དངོས་པོར་རྟོག་པས། འདི་བུམ་པའོ།། སྣམ་བུའོ།། ཤིང་རྟའོ།། ཞེས་ཐ ་སྙིང་འདོགས་པ་དེ་བཞིན་དུ་སྔོན་གྱི་སྒྲུབ་པས་ཐ་སྙད་དུ་བྱའོ།། དེའི་འོག་ཏུ་འདོད་ཚོགས་ལ་སོགས་པ་ཉོན་མོངས་པ་སྤོང་བར་འདོད་པ་རྣམས་ཀྱིས། ཇི་སྐད་བཤད་པའི་དོན་ད་པཱི་མཚན་ཉིད་ཀྱིས་དངོས་པོ་རྣམས ་ཡོངས་སུ་བཙ་ལ་བར་བྱ་སྟེ། དེ་ལྟར་དངོས་པོ་རྣམས་ཡོངས་སུ་ཚོལ་བ་ན། དེའི་འདོད་ཆགས་ལ་སོགས་པ།། ཉོན་མོངས་པའི་དྲ་བ་ཕྱིས་མི་སྐྱེ་བར་འགྱུར་རོ།། དེ་ལྟར་རང་བཞིན་ཡོངས་ཤེས་པའི།། རྣལ་འབྱོར ་པས་ནི་གཟུགས་སོགས་ལ།། ཉེ་བར་སྤྱོད་པས་ཐུབ་པ་ཡིས།། བརྟུལ་ཞུགས་ཀྱི་འབྲས་མྱུར་དུ་འགྲུབ།། ཇི་སྐད་བཤད་པའི་རིགས་པས།། དེ་ཁོ་ན་ཉིད་ཀྱི་རང་བཞིན་ཡོངསུ་རྟོགས་པའི་རྣལ་འབྱོར་པ་འདོད ་པའི་ཡོན་ཏན་རྣམས་ལ་མངོན་དུ་སྤྱོད་པ་རྡོ་རྗེ་འཛིན་གྱི་བརྟུལ་ཞུགས་ཀྱིས་ཟུང་དུ་འཇུག་པའི་སྒྲ་འགྲུབ་པ་ཡིན་ནོ།། ཆ་ཤས་ཀྱི་ཡན་ལག་ཅེས་བྱ་བའི་རབ་ཏུ་བྱེད་པའི་འགྲེལ་པ་སློབ་དཔོན ་འཕགས་པ་ལྷས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་མཏྟ་ཀར་ཐར་མ་དང་། ད་ཀྱི་མོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་བའོ།། ་