| Wylie | e-texts produced with BDRC’s OCR application |
པ་རྫོགས་སོ།། ། རྒྱ་གར་སྐད་དུ། བྷ་བ་སམ་ཀྲྀནྟི་ཊི་ཀ། བོད་སྐད་དུ། སྲིད་པ་འཕོ་བོའི་ཊི་ཀ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། དངོས་པོ་མེད་པ་སྐྱོ་བ་མེད་ཅེས་བྱ་བ་མི། ས་བོན་ལྔ ་ས་བོན་འབྱུང་བ།། བཞིན་དེ་ལྟར་ཡིན་ན་ནི་བུམ་པ་ལས་ཀྱང་བུམ་པ་འབྱུང་བར་རིགས།། རང་ཉིད་བྱ་བ་འགག་པས་ས་བོན་འབྱུང་མི་སྲིད།། འབྱུང་བ་རྣམ་པ་ལྔས་བསྒྱུར་བའི་ཆོས་ཉིད་ཡིན་པ་རྟེན་འབྲེལ་ཆོས་ཉིད་ཡིན།། ་དེ་ལྟ་ཡིན་ན་དགེ་སྡིག་སུས་ཁུར་ཆ་དྲ་ལྟར་འགྱུར།། སྐྱེ་བ་དེ་ནི་མཱ་ཡིན་ནོ།། བྱི་བས་སོ་བཏབ་པའི་དུག་འབྲུག་གྲག་ཙ་ན་ནི་བ་བཞོ་ནོ།། རྟེན་འབྲེལ་ལས་སྐྱེས་པའི་ཆོས་ཉིད་དོ།། དེས་ན་དངོས་པོ་ལས་སྐྱེས་བླ་ཆོས ་ཉིད་མ་ཡིན། དངོས་པྲོ་མེད་པ་དྲི་ལྔ་ནི།། སྐྱེ་བ་བླངས་པོ་སྲིད་པཱ་ཡིན།། ཞེས་པ། དེ་ལྟར་ཡིན་ན་དངོས་པོ་མེད་པཱ་ལས་བྱུང་ན་ནི།། མོ་གཤམ་བུ་ན་མཁའི་མེ་ཏོག་ཀྱང་རི་བོ་དཱི་གི་རཱ་ཡང་སྲིད།། དེ་ལྟར་མ་ཡིན་པ ་འབྱུང་བས་ན་འབྱུང་མི་སྲིད།། མེའི་ནང་དུ་ས་བོན་བཏབ་ན་སྐྱེ་མི་སྙིད།། དངོས་པོ་མེད་པ་དེ་ལ་ནི།། སྐྱེ་བ་བླངས་པ་སྲིད་པ་བསྟན་པ་ནི།། ཇི་ལྟཪྻ་ཆུ་དངས་པས་གྲང་བའི་མཚོ་ལ་ཟི་མ་དྲང་པདྨ་སྐྱེས་པ་བཞིན་ནོ།། གཙུང ་ཤིང་དང་ལྕགས་མིག་ལས་མི་འབྱུང་བ་བཞིན་ནོ།། བྱུང་མོད་སྐྱོན་ཅི་ཡོད།། རྟག་ཏུ་དངོས་པོ་ལས་བྱུང་བྱར་བདག་འདོད།། དེ་ལྟར་མ་ཡིན་འཁྲུལ་པ་ཡིན།། དབང་པོ་རྣམས་ཀྱིས་གླིང་རྙིད་པ།། དེ་ནི་དེ་དག་ཉིད། ་འགྱུར་ན།། དེ་ཉིད་མཁྱེན་པ་བྱིས་པར་འ་གྱུར།། དེ་ཉིད་ཡེ་ཤེས་བྱ་རྒྱུ་མེད།། ལང་ཀར་གཤེགས་པའི་མདོ་ལས་དངོས་པོ་ཐམས་ཅད་ཡོད་བསམ་པ་དེ་ལྟར་བྱིས་པས་བརྟགས་པ་བཞིན་གལ་ཏེ་དེ་ལྟར་མཐོང་།། ་གྱུར་ན།། ཐམས་ཅད་དེ་ཉིད་མཁྱེན་པ་འགྱུར།། གཞན་སྟོན་པ་ནི་མིག་གི་གཟུགས་མི་མཐོང་བ་བཞིན།། འཇིག་རྟེན་པས་ནརི་གཏི་མུག་གིས།། དབང་པོའི་ལམ་ལས་བྱུང་འགྱུར་བ།། དེའི་དཔེ་ནི ་འདི་ལྟར་ཡིན།། སྒྱུ་མ་ལྟར། སྨིག་རྒྱུ་དཱརྨི་ལམ། བྲག་ཅད་འཇའ་ཚོན།། ཆུ་ཟླའི་གཟུགས། སྤྲུལ་པའི།། སྒྱུ་མའི་གྲོང་ཁྱེར་རྣམ་རྟོག་བཞི་ནོ།། དཔའ་བོའི་ཞབས་ཀྱིས་ཀྱང་གསུངས་སོ།། ཡོད་དང་མེད་པ་སྐྱེ་དང་འཆི།། དེ་ནཱི་འག ་པ་གང་མེད་པ།། དངོས་པོ་སྟོང་པ་ཉིད་ཡིན་ནོ།། མཚན་མ་དངོས་པོ་མཐོང་བ་རྣམས།། དངོས་པོ་མཐོང་བས་འཁྲུལ་པ་ཡིན།། ཇི་ལྟར་ནམཁའི་མེ་ཏོག་བསམ་པ་འདྲ།། མཁའ་དང་མཉམ་པའི་ཆོས་ཉིད་ལ ་ཞེས་པ་ནི། ན་མཁའ་དང་མཉམ་པ་དངོས་པོ་སྟོང་ཉིད་ཡིན་པས་ན།། སྐྱེ་བ་དང་འཇིག་པའི་སྐྱོན་གྱི་དྲི་མས་མ་གྲོས་པས་ན། ཆོས་ཉིད་ཙམ་ལ་གཟུགས་དང་ཚོར་བ་ལ་སོགས་པ་དེ་རྣམས་ན་མཁའ་དང་མཉམ ་པའོ།། གཞན་སྐྱེ་བ་ན་རྟེན་འབྲེལ་འཛོམ་པས་སྐྱེའོ།། དེ་ཡང་ཀུན་རྫོབ་འཇིག་རྟེན་པ་ལ་ཡིན།། དོན་དམ་པ་ལ་མི་མཐུན་མེད།། བསམ་གྱིས་མི་ཁྱབ་སྒྱུ་མ་ཆོས་ཀྱི་མཚན་ཉིད་ཡིན།། ས་ལུ་ལྷུང་བའི་མདོ་ལས།། ་རྟེན་འབྲེལ་གྱིས་ནི་སྐྱེས་པ་གང་།། རྒྱུ་ལྔ་རྣམས་ཀྱིས་མཐོང་གྱུར་པ།། ཁྲོས་རང་ངེས་པ་ལ་ཡིན།། ཆད་པ་པོ་ཡང་མ་ཡིན།། འཕོ་བ་པོ་ཡང་མ་ཡིནོ།། རྒྱུས་རང་བྱུང་བ་ཡང་མ་ཡིན།། འབྲས་བུ་སྨིན་ནས་བྱུང་བ་ཡང ་མ་ཡིན།། དེ་རྣམས་ནི་མི་མཐུན་པར་འབྲེལ།། ཁོ་རང་ངེས་པས་ཡིན་པ་གང་ཞེ་ན། ཇི་ལྟར་ས་བོན་དང་མྱུ་གུ་མི་མཐུན་པ་བཞིན་ནོ།། མ་ཡིན་ཏེ་དེ་ལྟར་ཡིན་ན་ས་བོན་གང་ཡིན་པ་དེ་ཉིད་མྱུ་གུ།། དེ་ལྟར་ཡིན་ན་ས་བོན། ་འགག། མྱུ་གུ་སྐྱེས་པ་ན། ཆད་པ་ཡང་མ་ཡིན་པ་གང་ཞེ་ན། སྔ་མ་ས་བོན་བཀག་པས་མྱུ་གུ་སྐྱེ་བ་མ་ཡིན།། ས་བོན་བཀག་པ་ཙམ་ལས་དེའི་དུས་སུ་མྱུ་གུ་སྐྱེ་བས་ནཱ།། སྲང་ལ་འཇལ་བའི་མཐོ་དམན་བཞིན་ནོ།། ། ་འཕོ་བ་པོ་མ་ཡིན་པ་གང་ཞེ་ན། ས་བོན་ལྟར་མ་ཡིན་མྱུ་གུའོ།། རྒྱུ་རང་བྱུང་བ་མ་ཡིན་པ་གང་ཞེ་ན། དང་པོ་འབྲས་བུ་རང་མ་བྱུང་བསོ།། འབྲས་བུ་སྨིན་ན་ས་བྱུང་བ་མ་ཡིན་པ་གང་ཞེ་ན། འབྲས་བུའི་ངོ་བོར་གྲུབ་པ ་སྟེ། འབྲས་བུས་འབྲས་བུ་བསྐྱེད་པ་ནི་མ་ཡིན་ནོ།། མི་མཐུན་པར་འབྲེལ་པ་གུང་ཞེ་ན། དེ་ལྟར་དུ་རྟེན་འབྲེལ་གྱིས་འབྱུང་བ་སྟེ། དེ་རྣམས་ཀྱིས་བསྐྱེད་པའི་འབྲས་བུའོ།། ཕུང་པོ་བསྐྱེད་ལུགས་ཀྱང་། མ་རིག་བྱ ་འདུ་བྱེད་རྣམ་པར་ཤེས་པ། མིང་དང་གཟུགས། སྐྱེ་མཆེད་དྲུག་དང་ལྔ་ཡོས་ཕུང་པོ་འགྲུབ་བོ།། སྟོང་ཉིད་རྣམས་ཀྱིས་བྱུང་བ་གྲང་།། དེ་གཟུགས་རྣམས་ཀྱིས་ངོ་བོ་ནོ།། རྟོནྡ་འབྲེལླ་རྐྱེནི་གྱོས་བྱུང་བ་ཡིནྟ།། དེ་ལྟར་གྲུབ ་པས་རབ་ཏུ་གྲགས།། དེ་ལྟར་སྟོང་ཉིད་དེ་རང་ནི།། སྐྱེས་ནས་གཟུགས་ནི་མཐོང་འགྱུར་བ།། དངོས་པོ་ཐམས་ཅད་སྟོང་ཉིད་ཡིན།། དེ་ལྟར་སྙིང་ཉིད་རབ་ཏུ་སྐྱེས།། དེ་ལྟར་དུ་ཕྱི་ནང་གི་ཆོས་ཐམས་ཅད་སྟོང་པའོ།། ་བཞིན་དངོས་པོ་ནི་གང་གིས་རྒྱུས་བྱུང་བས། ཆོས་ཐམས་ཅད་ན་མཁའ་དང་མཉམ།། དེ་ལྟར་དངོས་པོ་མེད་པ་སྲིད་པ་ཡིན་ནོ།། རྒྱུ་མེད་འབྲས་བུ་མེད་པ་དང་།། ཞེས་པས་ན། འཇིག་རྟེན་འདི ་དང་ཕ་རོལ་དྲང་།། ཞེས་པའི་བར་ལཱ། རྒྱུ་དབང་ཕྱུག་གིས་བྱས་པར་འདོད་པ་དང་། ལས་ཀྱི་འབྱུང་བ་སེམས་ཙམ་པ་འདོད་པའམ། དེ་ལྟར་མི་འདོད་ན་དགེ་སྔོག་སུ་འཁུར།། མུ་སྟེགས་ཆད་པ་པོ་རུ་ཐལ། དེའི་ལན་ནི། ་དངོས་པོ་ལཱ་ནི་བདེན་པ་མེད།། ལས་ཀྱིས་འབྱུང་ཡང་རྨི་ལཱམ་བཞིན།། དངོས་པོ་འདྲི་ལྟར་མེད་པས་ན།། མ་སྐྱེས་མེད་པ་དེ་ལ་ནི།། ཡུན་རིང་རྟེན་འབྲེལ་འདོན་ཙམ་ན།། དྲི་དུས་ལས་ཀྱིས་འབྲས་བུ་མྱོང་།། འཕགས་པ། ་ཏིང་འཛིན་གྱི་རྒྱལ་པོའི་མདོ་ལས།། འཇིག་རྟེན་འདི་ལ་འཆི་བ་གང་ཡང་མེད།། འཇིག་རྟེན་ཕ་རོལ་ཏུ་འགྲོ་བྲྀ་གང་ཡང་མེད།། ལས་ཀྱིས་མེད་པ་མི་སྲིད་དོ།། བྱས་པའི་འབྲས་བུ་སྟེར་བར་བྱེད།། ཐོག་མ་མེད་པ་འཁོར ་བབཱ་ལ། ལང་ཀོར་གཤེགས་པའི་མུདྲོ་ལས་གང་གིས་རྟག་ཏུ་སྟོང་ཉིད་བཤད།། ཡོད་དང་ཆད་པ་སྤངས་པ་ཉིད།། འཁོར་བ་རྨི་ལམ་སྒྱུ་མ་མིང་།། ལས་མེད་པར་ནི་མི་འགྲོའོ།། འཕགས་པ་ནོ་མཁའ་དང་མཉམ་པ་ཏིང ་འཛིན་གྱི་མདོ་ལས།། སྔར་བྱས་དེ་ནི་མི་མཛད།། མི་མཛད་པ་དེ་དགེ་མི་དགེ། བདེ་བར་གཤེགས་ཀྱིས་སྔར་བགྱིས་པས།། དེ་ཡང་མ་ཛད་པར་མི་འགྱུར་རོ།། བྱང་ཆུབ་སེམས་དཔའི་བྱང་ཆུབ་སེམས།། དེ་ཡང ་མཛད་པར་མི་འགྱུར་རོ།། བརྟན་པ་ཐོབ་པར་བྱས་པ་ཡང་།། དེ་ཡང་མཛད་པར་མི་འགྱུར་རོ།། ལས་ཀྱང་མེད་པར་མི་འགྱུར་རོ།། བསྐལ་པ་བྱེ་བའི་བར་དུ་ཡང་།། རྟེན་འབྲེལ་འཛོམ་པའི་དུས་ལས་ནི།། ལུས་ཅན་རྣམས་ཀྱི་འབྲས ་བུ་མྱོང་།། སྐྱེ་བ་མེད་པའི་ངོ་བོ་ཉིད།། ཅེས་པ་ལ། དབང་ཕྱུག་གིས་ཇི་ལྟར་གལ་ཏེ་མཱ་སྤྲུལ་ན།། འཇིག་རྟེན་པ་ནི་ཇི་ལྟར་བྱུང་།། མོ་གཤམ་མོ་ཡི་བུ་ལ་ཡང་།། དེ་ལ་བུ་སྐྱེས་སྐྱེ་བར་མཛད།། འཇིག་རྟེན་པ་འདི་སྔར་མི ་སྐྱེསཤེས་པ་ལ་སོགས་པ་ལ་དང་པོར་རང་མ་སྐྱེས་པ་རྟེན་འབྲེལ་ལ་འབྱུང་བའི་དངོས་པོ་ཡིན།། དེ་ལ་དབང་ཕྱུག་ལ་སོགས་པ་སུས་ཀྱང་སྐྱེར་འཇུག་པ་མེད།། སེམས་ཅན་པ་དང་པོ་རང་སྐྱེས་པ་མེད་པས།། ་དབང་ཕྱུག་ཁོ་རུང་མུ་གྲུབ་པ་ལ། རྟེན་འབྲེལ་ལས་འབྱུང་བའི་དབང་ཕྱུག་གིསྣ་སྐྱེ་རུ་བཅུག་པ་མེད།། ལང་ཀར་གཤེགས་པའི་མདོ་ལྔས། སྐྱེ་དྲང་འཆི་བི་དེ་གཉིས་ནི།། བྱིས་པ་རྨོངས་པ་མཐོང་བ་ཡི་སྭ།། སྐྱེ་མེད ་འཆི་མེད་དེ་གཉིས་ནི། ཤེས་རབ་ཅན་གྱི་དེ་ལྟར་མཐོང་།། འཕགས་པ་ཏིང་འཛིན་གྱིས་རྒྱལ་པོའི་མདོ་ལས།། ཡོད་པ་མེད་པ་དེ་ལས་ནི།། ག་ཉི་ག་མཐའ་ནི་མེད་པ་ཡིན།། དོག་དང་མ་དག་དེ་ལ་ནི།། དེ་གཉིས་ལ ་ཡང་མཐའ་མེདོ།། དེ་གཉིས་སྤང་བ་དེ་ལ་ནི།། དབུས་སུ་གནས་པ་གང་ཡང་མེད།། དེ་ལྟར་མཁས་པས་རྟོག་པར་བྱ།། དབུ་མ་དར་བ་ནས།། རྟོག་པ་གང་གིས་རྟོག་ཙམ་ན།། དེ་རྟགས་འབྲས་བུ་མེད་པར་འདུག། དེ་ལྟར། ་དུ་ནི་མཁྱེན་པས་གསུངས།། རྣམ་རྟོགས་གིས་ནི་ཐ་མལ་བཅིངས།། བརྟག་པུ་བྱས་ན་གྲོལ་བར་བྱེད།། དེ་བྱེད་པས་ནི་འགྲོ་བ་ཡིན།། རྣལ་འབྱོར་པའི་ནི་སྟོང་པར་མཐོང་།། ཇི་ལྟར་རབ་རིབ་མཐོང ་འགྱུར་པ།། སྨན་གྱི་སྦྱོར་བས་མཐོང་བ་ལྟར།། རབ་རིབ་དེ་ཡང་གསལ་བར་འགྱུར།། མ་རིག་པ་ཡི་རབ་རིབ་ཀྱིས།། བསྒྲིབས་པའི་མིག་གིས་སྐྱེ་བ་དང་།། འཆི་བོ་བརྟན་པར་བཟུང་ནས་ཏེ།། བག་ཚགས་དབང་གིས་གྲོས ་མ་ནུས་པ་རྣམས་ལ་གསུངས།། དོན་མེ་འཁྱམས་པ་འཇིག་རྟེན་པ་ལ་སོགས་པའི་གསུངས་སོ།། བྱེད་པ་པོ་དང་། ཚོར་བ་པོ་ལ་སོགས་པོ་གང་ཡང་མེད་པ་ལ། གྲོལ་བའི་དོན་མི་བྱེད་པར་དོན་དམ་པར་འཁྱམས ་པའོ།། ཡང་ན་དོན་མེད་དུ་འཁྱམས་པ་སྲིང་པོའི་རྒྱ་མཚོ་ལ་སྒྱུ་མའི་གྲོང་ཁྱེར་ལྟར།། འཕགས་པ་ལྕིའི་ཞབས་ཀྱིས་གསུངས་པ་ནི།། ཡོད་དང་མེད་པ་གཉི་ག་མེད།། ཡོད་མེད་གཉིས་བསྐྱེས་དེ་ཡང་མེད།། དེ་མི། ་ལོག་སྱཱ་ན་དེ་ཡང་མེད།། བརྟོག་པཱ་ཡུན་རིང་བྱས་ཀྱང་ནི།། དེ་ལྭ་ཚིག་བརྗོད་ཤིན་ཏུ་དཀའ།། དངོས་པོ་ཡོངྒ་པ་དྲུང་མེདྦེ་པཱ་དང་སྐྱེ་བ་དང་འཆི་བ་གང་ཡངྒ་སྤངས་པའི་ཆོས་བདག་མེད་པཱར་བསྟན་པའི་ལེའུ་སྟེ། ་དང་པོའོ།། །། ད་ནི་ཕུང་པོ་བདག་མེད་དུ་སྟོན་པ་ནི་ཀུན་རྫོབ་ལ་བརྟེན་ནས་གསུངས་ཏེ། འཇིག་རྟེན་པའི་སྐྱེ་ལུ། ས་ནི།། རྣམ་རྟོག་ལས་ནི་འཇིག་རྟེན་འགྱུར།། ཞེས་པ་ནི། རྣམ་རྟོག་ནི་དགེ་བོ་དེ ་མི་དགེ་བའི་རྟོག་པའོ།། དེ་ལ་རྟེན་འབྲེལ་གྱིས་འབྱུང་བ་འཇིག་རྟེན་པའོ།། དགེ་བ་དང་མི་དགེ་བ་ཡིས་འགྲོ་བ་རིགསུ་དྲུག་ཏུ་ཕུང་པོ་བླངས་ཏེ། འཇིག་རྟེན་མི་དོ།། རྣམ་རྟོག་གིས་བསྐྱེད་པའོ།། ཆུ་འམ་འབྲས ་བུ་ལྔ་སོགས་པ་རྣམ་རྟོག་དང་རྟེན་འབྲེལ་གྱིས་བསླངས་པ་ཡིན།། སྐྱེ་བ་བླངས་པས་སེམས་བྱུང་།། སེམས་ལས་བདག་འཛིན་བྱུང་།། དེ་ལས་གཞན་ཡང་བྱུང་།། དེ་ཡང་རིན་པོ་ཆེ་ཕྲེང་བ་ནས་གསུང་སྐྱེ་བ།། ཕུང ་པོ་འཇིག་པའི་བྱར་དུ་ནི།། དེ་ལ་བདག་འཛིན་འབྱུང་བར་འགྱུར།། བདག་འཛིན་བྱས་པའི་དུས་སུ་ཡང་།། དེ་ལ་ལས་བྱས་ཡང་སྐྱེ་ལེན།། དུས་གསུམ་དུ་ནི་མཐའ་མེད་པར།། དབུས་སུ་འཁོར་བའི་འཁོར་ལོ་ནཱི།། ་འགལ་མེའི་འཁོར་ལོ་ལྟ་བུར་འཁོར།། རྟེན་འབྲེལ་འཛོམ་པས་འཁོར་བའོ།། སེམས་ལས་ལུས་ཀྱང་བྱུང་བ་ལ།། ཞེས་པ་ནི། བདོག་ཡོད་པ་ནི་གཞན་འབྱུང་ངོ་།། རང་གཞན་ཆ་ཡིས་ཞེ་སྡང་འབྱུང་།། དེ་གཉིས་ཀྱི ་ནརི་རབ་བཅིངས་པས་སྐྱོན་རྣམས་ཐམས་ཅད་རབ་ཏུ་སྐྱེས།། ལུས་ལས་བརྟགས་པར་གྱིས་ཙམ་ན།། སེམས་ཙམ་པ་ཡི་འདོད་ལུགས་ལ།། སྔར་བརྟགས་པ་བྱས་པ་བཞིན་ཤེས་པར་བྱའོ།། ཕྱིའི་ཕུང་པོ་བརྟགས་པ ་ནི།། གཟུགས་དང་ཚོར་བ་མིང་དང་ནི།། ཞེས་པ་སྟེ། གཟུགས་ནི་འབྱུང་བས་བྱུང་བའོ།། གཟུགས་དང་ཁ་དོག་ལ་སོགས་པ་བདག་ཉིད་ཡོད་པ་དང་མེད་པ་དང་། གཉིས་ཀ་དང་གཉིས་ཀཽ་མ་ཡིན་པའི་རྒྱུས་སྐྱེས་པ ་བརྟགས་པ་ཙམ་ནུ། མཱི་བདེན་པས་རྟག་མི་ནུས་པས་སྨྲ་བ་དང་འདྲ་སྟེ་སྟོང་ཉིད་དོ།། ཚོར་བ་ནི་བདེ་སྡུག་གིས་བདག་ཉིད་ཅན་དེ་ཡང་།། རྟེན་འབྲེལ་གྱི་སྐྱེས་པ་མེད་པའི་རྒྱ་ཆུ་བུར་དང་འདྲའོ།། ། ་འདུ་ཤེས་ནི་དངོས་པོ་ཡོད་པ་མ་ཡིན་ཏེ།། དེ་ནི་མཱིང་ཙམ་ཡིན་ནོ།། སྨིག་རྒྱུ་དང་འི་དྲ་བར་མེད་པའོ།། འདུ་བྱེད་ནི་དངོས་པོ་མེད་པ་སྟེ། བཟའ་བ་དང་བཏུདྲ་བ་དང་། སྐོམ་པ་བདེ་བ་སྐྱེས་པ། དེ་ཡང་ས་ལ་སོགས་པའི ་འབྱུང་བའི་རྐྱེན་གྱིསོ།། དེ་ཡང་རྣམ་རྟོག་མེད་པའི་དངོས་པོ་ཆུ་ཤིང་ལྟ་བུའོ།། སེམས་ཏེ་རྣམ་པར་ཤེས་པ་ནི་རང་དབྱུང་མེད་པར་འབྱུང་བྱའི་མཚན་ཉིད་དོ།། སེམས་ནི་རྣམ་པར་རྟོག་པ་ཙམ་སྟེ། སྒྱུ་མ་ལྟ་བུའོ།། ་དམ་པ་ལ་མེད་པདོ་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་གསུངས་པ།། སེམས་ཡོད་པ་དང་། མེད་པ་དང་། གཞན་ཡང་རང་བཞིན་མེད་པ་སྟོང་པའོ།། སེམས་ཀྱིས་སེམས་ལ་བལྟས་ཙམ་ན།། གང་ཡང་མ་མཐོང་བར ་སྟོང་པའོ།། དེ་ལྟར་ཡིན་ན་བདེ་གཤེགས་བེམ་པོར་འགྱུར་རོ་ཞེ་ན། དེ་ལྟར་མ་ཡིན་ཏེ། ནམ་སེམས་དང་རྣམ་པར་ཤེས་པ་དང་། རྣམ་རྟོག་ལོག་པའི་དུས་ཙམ་ན་ཆོས་ཀྱི་སྐུ་ཐོབ་པའོ།། སངས་རྒྱས་ཀྱི་གནས ་ཐོབ་སྟེ་ཡེ་ཤེས་སྐུའོ།། དེ་ཡང་འདི་ལྟར་དངོས་པོ་དེ་ཡང་མེད།། ཤེས་བྱ་དེ་ཡང་འདི་ལྟར་མེད།། གནས་པ་པོ་ཡང་མེད་གནས་པ་ཡང་མེད་པའོ།། རོ་དང་འདྲ་བའི་ཚད་མེ་མཁན་བྱིས་པ་རྣམས་ཀྱི་རྣམ ་རྟོག་ཡིན་ནོ།། བདེ་གྲཝ་ཤེགས་ནི་འདས་པ་དང་མ་འོངས་པ་དང་། ད་ལྟར་བ་མཁྱེན་པ་ཡིན་ནོ།། མངོན་པར་ཤེས་པའི་སྤྱན་གྱིས་ཐམས་ཅད་གཟིགས་པའོ།། སེམས་ལས་བྱུང་བ་ནི་སེམས་ཀྱི་རྣམ་རྟོག་གོ།། ་བརྟག་པ་ནི་སྔར་བཞིན་ནོ།། གཟུགས་ནི་སྨྲ་བ་བཞིན་ནོ།། ཚོར་བ་ཆུ་བུར་བཞིན་ནོ།། འདུ་ཤེས་སྨིག་རྒྱུ་བཞིན་ནོ།། འདྲ་བྱེད་ནི་མུ་ཤིང་བཞིན་ནོ།། རྣམ་པར་ཤེས་པ་སྒྱུ་མ་བཞིན་ནོ།། རྣམ་པར་རྟོག་པ་ནི་ཕུང་པོ་བདག་མེ། ་རྣམ་པར་ཤེས་པ་བདྲག་མེད་དངོས་པོ་གྲུབ་པ་འདི་ལྟར་མེད་མོ་གཤམ་མོའི་བུའི་དབེན་བཞིན་ནོ།། ཕུང་པོ་བདག་མེད་པ་བསྟན་པའི་ལེའུ་སྟེ་གཉིས་པའོ།། ། ད་ནི་ཤེས་རབ་འཕེལ་བར་བྱེད་པའི ་དོན་དུ་བདག་མེད་གཉིས་སུ་བསྡུས་ནས་བཤད་པ་སྟེ།། སེམས་མེད་པས་ན་ཆོས་ནད་མེད། ཅེས་པ་ལ་སོགས་པ་ལ། ཆོས་ནི་དངོས་པོ་སྟེ་བྱས་པ་དང་མ་བྱས་བུའི་དང་མེད་པའི་ཕུང་པོ། སའི་ཁམས་ལ ་སོགས་པ་ཡང་དེ་བཞིན་ནོ།། ཆོས་རྣམས་ཀྱི་རྩ་བ་ནི་སེམས་ཡིན་པས་ན་སེམས་འགོག་པའོ།། གོང་དུ་སེམས་བྱུང་ཆོས་ཉིད་ལ་སེམས་ལེགས་འཁྱོགསོ་པའི་ཚིགས་གསུངས་པ། གཞན་ཡང་སངས་རྒྱས ་ཀྱིས་གསུངས་པ་ནི།། ཡི་གེ་མེད་པའི་ཆོས་ཉིད་ལ།། ཐོས་པ་ཅི་ཡོད་བཤད་ཅི་ཡོད།། ཐོས་དང་བཤད་དང་དོན་ལ་ནི།། མཉམ་པ་ཉིད་དེ་ཡི་གེ་མེད།། གཞན་ཡང་སངས་རྒྱས་ཀྱིས་གསུངས་པ་ནི། ཀུན་རྫོབ་སྤྱོད ་ལ་མ་བརྟེན་པར།། དོན་དམ་པ་ལ་བཤད་པ་མེད།། དོན་དམ་པ་དེ་མ་ཤེས་པར།། མྱ་ངན་ལས་འདས་པ་མི་འབྱུང་ངོ་།། གཞན་ཡང་བསྟན་བཅོ་ས་ལས་གསུངས་པ་ནི།། རྟེན་འབྲེལ་བརྟེན་ནས་སྐྱེས་པ་གང་།། ་དེ་ནི་སྟོང་ཉིད་རབ་ཏུ་བཤད།། རྟེན་འབྲེལ་གྱིས་གང་སྐྱེས་པ་དང་།། དེ་ནི་སྐྱེ་མེད་ངོ་བོ་ཡིན།། རྟེན་འབྲེལ་ལ་བརྟེན་གང་བྱུང་བ།། སྟོང་པ་རུ་ནི་རབ་ཏུ་བཤུད།། སྟོང་ཉིད་ཤེས་པ་གང་ཡིན་པ།། བསྒོ་མེད་མཁྱེན་པ་དེ་ཡིན་ནོ།། མང་དུ ་བཤད་པ་དོན་མེད་ཡིན།། དེ་ལྟར་གཉིས་སུ་མེད་པའི་ལོམ་གྱིས་སངས་རྒྱས་གྲུབ་པ་ཐམས་ཅད་མཁྱེན་པའོ།། དེའི་ལམ་དེ་ངེས་པར་ཤེས་པར་བྱ་བའི་དོན་དུ་གཉིས་མེད་ཀྱི་ལམ་གང་ཡིན་པ་དེ་རང་ཉིད་གཉིས་མེད་དོ།། ཡང ་ན་སྐྱེ་བ་དང་འཆི་བ་མེད་པས་ན།། ཡོད་པ་དང་མེད་པ་དང་རྟག་པ་དང་མི་རྟག་པ་དང་། དངོས་པོ་ཡོད་པ་དང་མེད་པ་ལ་སོགས་པ་གཉིས་གཏོགས་པ་མེད་པས་གཉིས་སུ་མེད་པའི་ཡེ་ཤེས་སོ།། དེ་ལྟར་ན་གཉིས་མེད་དོ།། དེ་གཉིས ་ཐེ་ཚིམ་བརྗོད་དུ་མེད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་སོ།། དེ་ཤེས་ནས་དངོས་སུ་གང་བྱེད་པ་དེ་དེ་ཉིད་མཁྱེན་པས་སངས་རྒྱས་བཅོམ་ལྡན་འདས་སོ།། སངས་རྒྱས་ངེས་སྙིང་རྗེའི་སྟོབས་ཀྱིས་རབ་ཏུ་གསུངས་སོ།། ་མ་རིག་པ་ལ་སོགས་པ་ཡོད་ཀྱི་བར་ལ་སྐྱེ་བ་ལེན་ནོ།། མ་རིག་པ་ལ་སོགས་པ་ནས་འགགས་པ་ཤེས་པ་ཙམ་ན་དེ་ཉིད་མཁྱེན་པའོ།། འདི་དག་ཐམས་ཅད་བརྟེན་མེད་ཡིན།། ཞེས་པ་ནི་རྟེན་མེད་པའི་སྙིང་རྗེ་ཤེས་རབ་ཀྱི་སྤྱན ་གྱིས་བདག་མེད་པ། དངོས་པོ་སྟོང་པ་ཉིད་བྱེད་པ་པོ་དང་ཚོར་བ་པོ་བརྟེན་པ་མེད་པའི་སྙིང་རྗེ་ཤེས་རབ་ཀྱིས་བདག་མེད་པ། དངོས་པོ་སྟོང་པ་ཉིད་བྱེད་པ་པོ་དང་ཚོར་བ་པོ་བརྟེན་པ་མེད་པའོ།། འདི་ཐམས ་ཁམས་ཅད་ཁམས་གསུམ་མ་ལུས་པ་སྟེ་མེད་པ་སྟོང་པ་ཉིད་དོ།། དེ་ནི་དོན་དམ་པའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་གསུངས་ཏེ། གཟུགས་རབ་ཏུ་མི་མཐོང་ངོ་ཞེས་པ་ལ་སོགས་པ་རབ་འབྱོར ་ལ་གསུངས་སོ།། རྟེན་འབྲེལ་བཅུ་གཉིས་འགག་པའི་ཆོས་ཉིད་ལས། སངས་རྒྱས་ཀྱི་ཡོན་ཏན་གྱིས་ཚ་ངེས་པ་ཆོས་ཀྱི་སྐུ་སྟོང་པ་ཉིད་ཀྱི་དངོས་པོ་རབ་ཏུ་བཤད་དོ།། དེས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པོའོ།། ་ཤེས་རབ་བསྟན་པའི་ལེའུ་སྟེ་གསུམ་པའོ།། ། དེ་ལྟར་ཤེས་རབ་བསྟན་ནས་ང་ནི་ཐབས་བསྟན་ཏེ་ཀུན་རྫོབ་ལཾ། སྦྱིན་པ་ཚུལ་ཁྲིམས་བཟོད་པ་དང་། ཞེས་བྱ་བ་ལ་སོགས་པ་སྟེ། ཉི་མ་ཤར་ཙམ ་ན་གྲིབ་མ་འབྱུང་བ་ལྟར་ཐབས་བསྟན་ཏོ།། དང་པོ་སྦྱིན་པ་རྩ་བཱར་བཤད།། གཞན་ཡང་གསུངས་པ། འཇིག་རྟེན་པ་འདི་ཐམས་ཅང?་ནི། བདི་སྐྱིད་གཅིག་པུ་རེ་བ་ཡིན།། ལོངས་སྤྱོད་མེད་པའི་མི་རྣམས་ལ།། བདྲེ་བ ་རེ་ཡང་ག་ན་ཐོབ།། སྦྱིན་པ་བཏ་བས་ལོངས་སྤྱོད་འབྱུང་།། དེས་ན་སྦྱིན་པ་རྩ་བར་བཤད།། སྦྱིན་པ་ལ་ཡང་བཞི་སྟེ། ཆོས་ཟང་ཟིང་མི་འཇིགས་བྱམས་པའོ།། རྒྱལ་སྲིད་བདག་གིས་མ་གོ་མཐར་ཐུག་པ་ཚུན་མཆོད་སྦྱིན ་པའོ། ནོར། འབྲུཿགསེར་དཱངུ་ལྕར་རིན་པོ་ཆེ། མུ་ཏིཀྲ། བྷུ་རུ། ཤིང་རྟ། གླང་པོ་ཆེ། གྲཱ་ཡེག། ཁོལ་པོ། ཁྲོལ་མཽ། གྲོགས་ཆུང་མ། བུ་མྱོ་བུ་པྲོ། ཅེས་བྲའི་ནོར་མགོ། རྣ་བ་སྟུ། ལག་པ ་རྐང་པ། མིག། རང་གི་ཤ། ཁྲག། རུས་པྲ། རྐང་མར། ཚིལ་བུ། པགས་པ། སྙིང་བདག་གི་དངོས་པོ་ཐམས་ཅད་སྦྱིན་པའོ།། དེ་ལྟར་ཡིན་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་ཤིན་ཏུ་མི་དཀའ་འམ། བདེ་བའི་ཐབས་སངས ་རྒྱས་ཐོབ་པར་བྱེད་པ་ལ། སངས་རྒྱས་ཀྱི་བདེ་བ་དང་མི་མཉམ་པའི་བདེ་བའོ།། སྡུག་བསྔལ་བརྒྱ་ཕྲག་གིས་སྤྱོད་པ་ཡང་སྡུག་བསྔལ་དུ་མི་འགྱུར་རོ།། དཔེན་བུ་གཅིག་གསོད་པའི་དུས་སུ་ཕས་རྗེས་པ་ལྟ་རོ།། སེམས ་གོམས་ཙམ་ན་མི་ནུས་པ་གང་ཡང་མེད་དེ།། ལུས་པོའི་བྱེ་བྲག་གིས་སྦྲུལ་དང་དུག་རྨ་བྱིའི་བདུད་རྩིའོ།། དེ་གྲོམས་པྲས་དུག་ཀྱང་བཅུ་དྲ་ལེན་དུ་འགྱུར་རོ།། ཁྱད་པར་དུ་དགའ་བ་དང་བདེ་བ་སྐྱེའོ།། གོམས་པྲ་གང་ཡིན ་པ་གང་ཡིན་པ་དེ་བདུད་རྩིར་འགྱུར་བ་ཡིན་པས་ནི། སྡུག་བསྔལ་སེམ་ས་ཀྱི་རྣམ་རྟོག་ཡིན་ནོ།། ཚུལ་ཁྲིམས་ཀྱི་ཐབས་ནི། ཚུལ་ཁྲིམས་སྐྲད་པ་སྤྱོད་པ་ཡིན།། མི་དགེ་བ་བཅུ་སྤོང་བ་དང་།། སོ་སོ་ཐར་པའི་སྡོམ་པ ་བསྲུང་བ་དང་། སྲོག་ཆགས་ཐམས་ཅད་ལ་ཕན་འདོ་གས་བྱེད་པ་བྱམས་པའི་སེམས་དང་ལྡན་པ། རང་གི་ལོངས་སྤྱོད་ལ་ཆོག་ཤེས་པ། མི་ཚངས་པར་སྤྱོད་པ་སྤངས་པ་བདེན་པར་སྨྲ་བ། དེ་ལྟར་བྱེད་པའོ།། ཚིག ་རྩུབ་མི་སྨྲ་བ། གཞན་གཉིས་པར་བྱེད་པ། དུལ་བའི་སྤྱོད་པ་ཆོས་བཞིན་དུ་སྨྲ་བ་གུས་པར་སྨྲ་བ། གཞན་གྱིས་བདག་ཏུ་གཟུང་བ་ལ་འདོད་སྲེད་པ་མེད་པ་འདོད་པའི་སེམས་རྣམས་མི་སྐྱེ་བ་ལྟད་མོ་ལ་སོགས་པའོ། ་ཚར་སྤངས་པ། དྲང་བ་གྲཡོ་རྒྱུ་མེད་པ། སངས་རྒྱས་དང་ཆོས་དང་དགེ་འདུན་གསུམ་ལ་ཤིན་ཏུ་མོས་གུས་ཆེ་བའི་སེམས་དང་། སེམས་ཅན་རྣམས་སངས་རྒྱས་པར་བྱེད་པ་ལ་སྤྲོ་བ་ཆེ་བ། སྦྱིན་པ་དྲང་ཚུལ་ཁྲིམས ་ལ་སོགས་ཀྱིས།། ཡུན་རིངས་བསོད་ནམས་བསགས་པ་ཡང་།། གལ་ཏེ་བཟོད་པ་མེད་ན་ནི།། མདོ་ལ་བསོད་ནམས་མེད་པར་འགྱུར་ཏེ། ཞི་བ་ལྷས་ཀྱང་གསུངས་པ། བསྐལ་པ་སྟོང་དུ་བསགས་པ་ཡི།། སྤྱན་དང་བདེ ་གཤེགས་མཆོད་ལ་སོགས།། ལེགས་སྤྱད་གང་ཡིན་དེ་ཀུན་ཡང་།། ཁོང་ཁྲོ་གཅིག་གིས་འཇོམ་པར་བྱེད།། ཞེ་སྡང་ལྟ་བུའི་སྡིག་པ་མེད།། བཟོད་པ་ལྟ་བུའི་དཀའ་ཐུབ་མེད།། དེ་བས་བཟེད་ལ་ནན་ཏན་དུ་སྣ་ཚོགས་ཚུལ ་གྱིས་བསྒོམ་པར་བྱའོ།། ཞེས་གསུངས་སོ།། བཟོད་པ་ལྔ་གསུམ་ཏེ། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང་། བརྙས་པ་ལ་ཛི་མི་སྙམ་པའི་བཟོད་པ་དང་། ཆོས་ལ་ངེས་པར་སེམས་པའི་བཟོད་པའོ།། དེ་ལ་དང་པོ་ནི་སུ་དག ་གི་སྐད་སྨྲ་ན། འདི་ལྟར་དུ་བདག་གིས་ཁྱེད་ལ་ཆོས་ཀྱི་བླ་ན་མེད་པ་ཡིད་དག་པར་རྫོགས་པའི་སངས་རྒྱས་ཐོབ་པར་བྱེད་པ་ལ། བྱང་ཆུབ་སེམས་དཔའི་སྤྱོད་པ་དག་པར་བྱེད་པ་ལ། བདག་གིས་སྨྲས་པ་ཉོན་ཅིག། མི་ཉན་ན། ་@མེ་ཆེན་པོ་འབཱཥྚི་ནང་དུ་ཆུག་ལ་སྲེགས་ཤིག། ཤིན་ཏུ་སྡུག་བསྔལ་འབྱུང་བཱར་ལུས་པོས་ཁུར་ཅིག། དེའི་ལན་ནི་འདི་སྐད་སྨྲའོ།། དེ་ལྟར་བྱུང་མོད་ཤིནྡྲ་སྤྲོ།། བདག་ཅག་ཆོས་ཀྱི་བླ་ན་མེད་པའི་རྫོགས་བྲི ་སངས་རྒྱས།། བྱང་ཆུབ་སེམས་དཔའི་སྤྱོད་པ་དག་པར་བྱེད་པའི་དོན་དུ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་། ཁམས་སུ་མེ་འབར་བ་ཡོད་པ་ལ་ཚངས་པའི་གནས་རང་ལྷུང་ནས་འཚེད། ཁྱེད་གསུངས་པའི་མེ་ལྟ་བུ ་སྨོས་ཀྱང་ཅི་འཚལ། གཞན་གྱིས་བརྙས་པ་ལ་ཇི་མི་སྙམ་པའི་བཟོད་པ་ནི། བརྟགས་པས་ཁྲོ་བ་མ་མཐོང་བར་མཚོན་ནས་ཤ་བཅད་ཅིང་ཡོད་པ་ལ་བླ་ལྷག་བཟོད་པ་བསྐྱེད་ལ། བདག་གིས་ལག་བརྒྱ་ཕྲག་གཅོད་པ་པོ་ཡང་སྤྱི ་འཁུར་རོ།། དེའི་ཐོག་ཏུ་ཡང་བྱམས་པའི་སེམས་དང་ལྡན་ནོ།། ཆོས་ལ་ངེས་པར་སེམས་དཔའི་བཟོད་པ་ནི། ཤིན་ཏུ་ཟབ་པའི་ཐེག་པ་ལ་ཤིན་ཏུ་ལེགས་པའི་ཐུབ་པོའི་ཆོས་ལ་ཐོག་མ་ནས་རྙེད་པ་ལ་སྐད་ཅིག་ཀྱང་སེམས ་ཚོམ་མི་ཟ་བར་ཁ་ཅིག་ནི་ཆོས་ལ་ངེས་པར་སེམས་པའི་བཟོད་པའི་འདོད་ལུགས་ནི་གཞན་གྱིས་བརྙས་པ་ལ་དྷི་མི་སྙམ་པའི་བཟོད་པ་བཞིན་དུ། དེ་ལ་ཁྱད་ནི་ཆོས་ཀྱི་དངོས་པོ་རང་ལ་བརྟེན་པསོ།། བརྩོན་འགྲུས་ནི་ཞི་བ ་ལྷས་གསུངས་པ།། འདི་ལྟར་བརྩོན་ལ་བྱང་ཆུབ་གནས།། རླུང་མེད་འགྲོ་བ་མེད་པ་བཞིན།། བསོད་ནམས་བརྩོན་འགྲུས་མེད་མི་འབྱུང་།། བརྩོན་གང་དགེ་ལ་སྤྲོ་བ་ཡིན། ཞེས་གསུངས་པས་སོ།། བརྩོན་འགྲུས་བྱེད ་པའི་དོན་ལྟ་བ་ནི།། ཅིས་ཀྱང་མཛའ་བ་དང་བྲལ་བ།། མི་མཛའ་བ་དང་འགྲོགས་པ་དང་།། ནང་དང་རྒས་དང་འཆི་བ་དང་། མྱ་ངན་ལ་སོགས་པའི་སྡུག་བསྔལ་ངན་སོང་ལ་སོགས་པར་ལྷུང་ནས་རྟག་ཏུ་བདེ་བ་སྐད་ཅིག་བདེ་བར་ལྟ ་བ། མི་ཁོམ་པའི་གནས་བརྒྱད་ལས་གྲོལ་བའི་དུས་སུ་བྱང་ཆུབ་ཀྱི་སྤྱོད་པ་ལ་ཡང་དག་པར་བལྟས་ནས་ལེ་ལོ་སྤངས་ཏེ་བསྟན་པར་བྱས་ནས་ཐེ་ཚོམ་མེད་པར་སྡུག་བསྔལ་སྤངས་པའི་དོན་དུ་བརྩོན་འགྲུས་བརྩམ་པར་བྱའོ།། ་བསམ?་གཏན་ནི་ཤེས་རབ་དང་ཐབས་གཉིས་སུ་བྱས་ནས། སེམས་རྩེ་གཅིག་ཏུ་བྱེད་པ་ནི་བསམ་གྲཏ་ནོ།། ཤེས་རཱབ་ན་སྦྱར་བསྟན་པ་བཞི་ནོ།། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སྟེར་བ་པོ་དང་ལེན་པ་པོ་གོང ་ཡང་མི་དམིགས་པར་སྟོང་པ་ཉིད་དུ་རྟོག་པའོ།། ཉི་མ་ཇི་ལྟར་གླིང་རྣམས་ལ་བསྐོར་ནས་བཟློག་པ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལ་ཁྱབ་པའོ།། དེ་ལྟར་ཁྱབ་པའོ།། ་ཕ་རོལ་ཏུ་ཕྱིན་པ་བསྡུས་པ་ནི།། རང་གི་དོན་རྣམས་སྤངས་པ་ནི་སྦྱིན་པའོ།། གཞན་ལ་ཕན་འདོགས་པ་ནི་ཚུལ་ཁྲིམསོ།། འགྲོ་བ་སྤངས་པ་ནི་བཟོད་པའོ།། དགེ་བ་ལོ་བརྩོན་པ་ནི་བརྩོན་འགྲུསོ།། སྡིག་པས་མ་གོས་པ ་ཅིག་པུ་ན་བསམ་གཏིན་ནོ།། བདེན་པ་དོན་དམ་པ་བསྟན་པ་ནི་ཤེས་རབ་བོ།། སེམས་ཅན་རྣམས་ལ་སྙིང་རྗེས་ཁྱབ་པར་བྱེད་པ་ནི་ཤེས་རབ་བོ།། སངས་རྒྱས་སྒྲུབ་པར་བྱེད་པ་ནི་ཕ་དང་མ་དང་བུ་མོ་དང་གཉེན་དང་འཁོར ་ངང་ཆུང་མ་ལྔ་སོག་པ་རྒྱལ་ས་དང་ཕྱུག་པ་དང་སྐྱིད་པ་ལ་སོགས་པ་ཟན་ལྷག་བཞིན་དུ་སྤངས་ནས་གྲོལ་བའི་དོན་དུ་ནགས་གསེབ་དུ་འགྲོ་བར་བྱའོ།། སྦྱིན་པ་ལ་སོགས་པ་སྡུག་བསྔལ་མ་ཡིན་ཞིང་།། ་སངས་རྒྱས་ཐོབ་པའི་བདེ་བ་དང་མི་མཉམོ།། ཐབས་བསྟན་པའི་ལེའུ་སྟེ་བཞི་པའོ།། ། ཐབས་དང་ཤེས་རབ་གནས་པ་ལ། ཞེས་པ་ནི། ཤེས་རཱ་བ་ནི་སྔར་གསུངས་པ་བཞིན་ནོ།། ཇི་ལྟར་རྟེན་འབྲེལ་གྱི ་སྐྱེས་པས་དངོས་པོར་བརྟགས་པའི་མཚན་ཉིད་དོ།། ཐབས་ནི་སྔར་བཤད་པ་བཞིན་སྦྱིན་པ་ལ་སོགས་པ་བྱེད་དོ།། དེ་གཉིས་གཅིག་ཏུ་བྱས་ཏེ་བསྟན་པར་བྱེད་པ་ནི་བླ་མ་མེད་ན་རྨི་ལམ་ན་ཡང་འབྱུང་ངོ་།། དེ་ལྟར་ཡིན་ན ་ཐོབས་དང་ཤེས་རབ་གཉིས་སུ་དེ་ཕྱེ་ནུས་གཉིས་སུ་བྱུང་ཡང་སྦྱིན་པ་ལ་སོགས་པ་དབྱེ་ན་མང་དུ་འགྱུར་པོའི་སྐྱོན་བྱུང་ཝཱ་ན། འདི་དག་ཐམས་ཅད་མིང་ཙམ་སྟེ་ཐབས་དང་ཤེས་རབ་དཔེ་ཀུན་རྫོབ་ཙམ་ལ་བརྟེན་ནས་གྲུབ་བོ།། ་ཕ་རོལ་ཏུ་ཕྱིན་པ་ནས་ཀྱང་གསུངས་སོ།། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་མིང་ཙ་མོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མིང་ཙ་མོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མིང་ཙམ་མོ།། ཁམས་གསུམ་ཡང་མིང་ཙམོ།། དེ ་གཉིས་གསལ་བར་གསུངས་པས། གང་ལས་གང་བྱུང་མིང་དེ་ནི། ཞེས་པ་ལ་སོགས་གསུངས་ཏེ། སྔར་བརྟགས་པ་བཞིན། ཆོས་མིང་ཙམ་དུ་བསྟན་ཏེ།། དོན་དམ་པར་དངོས་པོ་མེད་པའོ་ཆོས་དེ་མེད་པས་ཆོས་ཉིད ་ནི། ཞེས་པ་ནི། མིང་ཙམ་དུ་གྲུབ་པ་སྟེ་དངོས་པོ་སྟོང་པ་ཉིད་ཡིན།། རྟེན་འབྲེལ་ལས་བྱུང་བ་ཀུན་རྫོབ་ཙམ་མོ།། མ་བྱུང་མིང་ནི་སྟོང་ཉིད་ཡིན།། ཞེས་པ་ལ་སོགས་པ་ནི། ཀུན་རྫོབ་ཏུ་མིང་རྟགས་པ་ཙམ་ཡིནོ།། སྒྲ་མཁན ་པ་ནཱ་རཱི་སྒྲ་ལས་ཐམས་ཅད་བྱུང་ཟེར་བ་ལ། དེ་རང་ཡང་ཀུན་རྫོབ་ལ་མིང་ཙམ་དུ་གྲུབ་བོའོ།། དེ་ལྟར་རྣམ་རྟོག་གང་བྱུང་བ་ཞེས་པ་ལ་སོགས་པ་ནི་མིང་ཙམ་དུ་ཡིན། སྟོང་ཉིད་དུ་བརྟག་པ་སྔར་བཞིན་དུ་གོ་སླའོ།། མིག་གི ་མཐོང་བའི་གཟུགས་དེ་ནི། ཞེས་པ་ལ་སོགས་པ་ནི། མིགས་གཟུགས་མཐོང་བ་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ་ནི་ཀུན་རྫོབ་པ་ལ་བསྟན་པའོ།། རྫུན་གྱི་ང་རྒྱལ་འཇིག་རྟེན་པ།། ཞེས་པ་ལྔ་སོགས ་པ་ལ། ང་རྒྱལ་གྱིས་སེམས་ཅནྡ་བརྟེན་ནམ།། ཡུལ་དང་དུས་ཚོདྲ་ལ་བརྟེན་ནས། བཅོམ་ལྡན་འདས་ཀྱིས་བརྫུན་ཅན་ལྟ་བུར་གསུངསོ།། དོན་དམ་པཱ་ལ་བཤད་མིདོ།། དོན་དམ་པ་གཏན་ལ་འབེབས་པའི་ཐབ་སུ ་རྫུན་དུ་བཤད་དོ།། འཕགས་པའི་བདེན་པ་བཞི་ནི། སྡུག་བསྔལ་གྱི་བདེན་པ་དང་། ཀུན་འབྱུང་གི་བདེན་པ་དང་། འགོག་པའི་བདེན་པ་དང་། ལམ་གྱི་བདེན་པ་ལ་སོགས་པ་ཀུན་རྫོབ་པ་ལ་བསྟན་ཏོ།། རྟེན་འབྲེལ ་འཇོམ་པས་མཐོང་བ་གང་། ཞེས་པ་ལ་སོགས་པ་ནི། འདྲེན་པ་བཅོམ་ལྡན་འདས་ཀྱིས་གསུང་སོ།། གཟུགས་སྒྲ་ལ་སོགས་པ་འཇོམ་པར་འདོད་པའི་སེམས་ཅན་རྣམས་ལ་སྣང་བར་སྟན་ཏོ།། གང་གིས་གང་ལ ་ཐབས་སྣ་ཚོགས་ཀྱི་སྒོ་ནས་སེམས་ཅན་གདུལ་བྱར་བཏུལ་ནས་དེ་རྣམས་གྲོལ་བར་བྱས་ནས་འདྲེན་པས་ན་བཅོམ་ལྡན་འདས་སོ།། འཛིན་པ་སྤྱོད་པའི་ས་ཡོད་པ་ཞེས་པ་ལ་སོགས་པ་ལ། ཀུན་རྫོབ ་ལྔ་བརྟེན་ནས་ས་དང་པོ་ལ་སོགས་པ་བསྟན་པའོ།། དོན་དམ་པའི་ས་ནི་བློ་ཤིན་ཏུ་ཕྲ་བ་མཐར་ཐུག་མེད་པ། རྟོག་པ་དང་བྲལ་བ་སྟོང་ཉིད་དུ་མཁྱེན་པའི་ཤེས་རབ་ཅན་གྲང་ལྔ་ཡོད་པ་དེ་བློ་ལྡན་ཡིན་ཏེ། དེ་ནི་བཅོམ་ལྡན་འདས་སོ།། མག ་གིས་གཟུགས་ཀྱང་མཐོང་མི་འགྱུར། ལ་སོགས་པ་ནི། རབ་རི་བོ་ཅན་ལྟ་བུ་མིག་རང་གིས་མིག་དང་གཟུགས་མི་མཐོང་ངོ་།། སེམས་ཆོས་དེ་ཡང་སེམས་ཀྱིས་སེམས་ལ་བལྟས་ཙམ་ན་སེམས་མི་མཐོང་ངོ་།། དེས་ན་ཡོད་པར ་མི་འགྱུར་རོ།། ཏིང་འཛིན་གྱི་རྒྱལ་པོའི་མདོ་ལས་ཀྱང་གསུངས་ཏེ། མིག་དང་། རྣ་བ་དང་། སྣ་དང་། ལྕི་དང་། ལུས་དང་། ཡིད་དང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་མེད། ཅེས་གསུངས་སོ།། ་ད་ནི་འཇུག་བསྡུ་བ་གསུངས་པ་ནི།། གང་སྣང་ཐམས་ཅད་ལ་སོགས་པ་སྟེ། སྔར་བཤད་པའི་ཐབས་དང་ཤེས་རབ་གཉིས་གཅིག་ཏུ་བྱས་པའི་ཡེ་ཤེས་ལ་སོགས་པ་རྫུན་དུ་བཤད་བའོ།། འཇིག་རྟེན་པས་ནི་གང་སྤངས་པ། ་ཞེས་པ་ནི། ཕྱི་ན་ཅི་མ་ལོག་པ་དེ་དེ་ཉིད། འཇིག་རྟེན་པ་ཐ་མལ་པ། གང་ལ་མ་རྟོན་པ་གང་ཡིད་ཀྱི་བས་པས་གྱུར་ཡིད་ཀྱི་བསམ་གྱིས་མི་ཁྱབ་པོ། དབང་པོ་ཡུལ་དུ་མ་གྱུར་པ། མི་རིག་པའི་ལིང་ཐོག་གི་མུན་པས་བཀབ་པས་མ་མཐོང ་བ་སྤངས་པ། དབང་པོ་ཤིན་ཏུ་རྣོན་པོ་འཕགས་པའི་ཡེ་ཤེས་ཀྱིས་མཐོང་བའི་ཡུལ་དྲོན་དམ་པའོ།། ། འཕགས་པ་གྷ་ན་བྷཱུ་ཧའི་མདོ་ལས།། དེ་ཉིད་ཤིན་ཏུ་ངོ་མཚར་ཅན།། ཟབ་པ་དེ་ནི་མཐའ་མེད་པ།། དེ་ནི ་རྙེད་པར་དཀའ་བས་ན།། འཇིག་རྟེན་པ་ཡི་བློ་ཡིས་ནི།། དེ་ཡི་སྤྱོད་ཡུལ་ཡེ་ཤེས་མེད།། ཀུན་རྫོབ་དང་དོན་དམ་པའི་བདྲེན་པའི་ལེའུ་སྟེ་ལྔ་པའོ།། །། འགྲོ་བ་རིགས་དྲུག་ལས་སྲིད་པ་འཕྱོ་བའི་ཐབས ་སངས་རྒྱས་ཐོབ་པར་བྱེད་པའི་ཐབས་རྫོགས་སོ།། ། པཎྜི་ཏ་བྱམས་པ་མགོན་པོས་མཛད་པའོ།། པཎྜི་ཏ་ཟླ་བ་གཞོན་ནུ་ལ། གྲུ་སྟོན་ཆུང་གིས་ཞུས་ནས་རང་འགྱུར་དུ་མཛད་པ་རྫོགས་སོ།། ་