| Wylie | e-texts produced with BDRC’s OCR application |
བྱ་བ་འཕགས་པ་ཀྵ་སྒྲུབ་ཀྱིས་མཛད་པ་བཞུས་སོ།། ། རྒྱ་གར་སྐད་དུ། རཏྣ་སུ་ཀོ་ཥ་ནྟྲ་མཱ། བོད་སྐད་དུ། སྐྱེ་མོད་རིན་པོ་ཆེའི་མཛོད་ཅེས་བྱ་བ། རྨ་བྱ་ཆེན་མོ་རྨ་བྱ་ལྟར་མཱ་ཛེ་སུ་བདེ་གཤེགས་ཡུམ།། བཅོམ་ལྡན་མ་ལ ་བདག་འདུད་གུས་པས་ཕྱག་འཚལ་འདུད།། གང་གི་དྲིན་གྱིས་མཱ་རྟོགས་རྟོགས་བྱེད་སྟོང་པ་ཡིས།། དོན་མཐོང་ཡེ་ཤེས་ཉི་མ་བྱང་ཆུབ་ལམ་གྱི་སྒྲོན།། སྐྱེ་མེད་སྤྲོས་བྲལ་གཉིས་མེད་གཉིས་མེད་གཉིས་སུ་མེད་པ་ཡི།། ཡང་དག ་ལམ་མཁན་བདེ་འབྱུང་ཆོས་ཉིད་ཆོས་སྐུའི་སྤྱན།། གཟུང་འཛིན་ཆགས་བྲལ་རྒྱ་མཚོའི་གླིང་།། སྙིང་རྗེའི་བློ་ཅན་དེད་དཔོན་མཆོག། མུ་ཏིགྲ་ལྟར་དཀར་རིན་ཆེན་བརྒྱན།། གཞུང་ལམ་འབྲས་བུ་བྱང་ཆུབ་མཛོད།། ཤེས་སྤངས ་རྟེན་ཐོབ་འཁོར་འདས་སྟོང་།། སྟོང་ཉིད་འཁོར་འོངས་སྙིང་པོ་ཅན།། གཞི་ལམ་འབྲས་བུ་སྨྲེ་མེད་ཀྱི།། གཞི་རྩ་དྲན་མེད་བློ་ལས་འདས།། སེམས་མེད་སེམས་ལས་བྱུང་བའང་མེད།། བྱ་བྲལ་རེ་ངོགས་རྒྱུན་ཐག་ཆད།། ཤིང་ལས ་མི་སྐྱེ་ཤིང་ལས་སྤྲུལ།། ཚུལ་མི་འབྱུང་ངེས་མེད་སྟོང་།། སྣོད་བཅུད་ཆུ་སྦུར་སྙིང་པོ་མེདོ།། ཆུ་ཤིང་གར་མཁན་ལྟར་འགྱུར་ཏེ།། སངས་རྒྱས་སེམས་ཅན་རིགས་དྲུག་ནི།། དངོས་ཡོང་བ་དང་སྡང་དང་བྲལ།། མཚན་གནི ་བཤམ་མཚན་ཉིད་ནི།། ཡི་གེ་སྤྲོས་དང་བྲལ་བ་ཉིད།། ཅིར་ཡང་མི་རྟོག་སྟོང་པ་སྟེ།། ཡིད་ལ་མི་བྱེད་སྐྱེ་འཆི་མེད།། སྣང་བ་སྒྱུ་མ་དགེ་སྡིག་བྲལ།། སྟོང་དང་སྙིང་རྗེ་འཁོར་འདས་སྟོང་།། སྒྱུ་མ་བསལ་སྟོད་བརྗོད་མེད་ཀྱི།། ཆོས་ཉིད ་གསལ་ངོས་རྟོག་པ་མེད།། གྲུབ་པ་མེད་པའི་ཆོས་རྣམས་ལ།། གཉིས་དང་གསུམ་སོགས་ག་ལ་སྲིད།། སྣང་སེམས་ཁས་ལེནི་སྤྲོས་དང་བྲལ།། ཆོས་ཉིད་བློ་འདས་བསྒོམ་དུ་མེད།། དངོས་རྣམས་སྣང་ཙམ་ཉིད་ན་ནི།། སྣང ་བ་ཉིད་ཀྱིས་སྟོང་པའི་ཕྱིར།། ཆོས་རྣམས་སྣང་སེམས་སྟོང་པ་ཉིད།། སྟོང་ཉིད་ཅིར་ཡང་མི་རྟོག་སྟོང་།། སྣང་བ་སྒྱུ་མ་སྨིག་རྒྱུ་བདེན་དང་བྲལ།། བཏགས་པ་ན་བུན་ཆུ་སྦུར་སྙིང་པོ་མེད།། བྲག་ཅ་གྲག་སྙིང་བདེན་བྲལ་སྒྲ་ཡིས ་སྟོང་དྲར་མི་རྟག་མི་བརྟེན་བསླུ་བྱེད་སྒྱུ་མིའི་གཟུགས།། རྒྱུ་བྱུང་རྒྱལ་སྲིད་རྐྱེན་གྱིས་མི་རྟག་ཅིང་།། ཡིད་འོང་ལྷ་གནས་དཔལ་ལྡན་འཇིགས་དང་བཅས།། མཚན་མོ་གཡེང་མེད་སྐམ་ས་ཤིང་བྲལ་ཀྱང་།། མེ་བདུན་ཆུ་ལྔ ་རླུང་གིས་གཏོར་མི་རྟག། ག་ཡང་མེ་རྟག་བསླུ་ཕྱིར་སྙིང་པོ་མེད།། འདོད་ཆགས་ཆུ་ལྟར་དགྲ་བུ་ལན་ཆགས་རྙེག། སྒེག་མོ་གཟུགས་འཚོང་བྱས་པ་དྲན་མི་བཟོ།། འདོད་པ་ལན་ཚྭའི་ཆུ་འཐུང་སྲེད་མི་ལྡོག། རྔོན་པའི་ཀླུ ་དབྱངས་རི་དྭགས་སྲོག་དང་འབྲེལ།། གཤིན་རྗེ་འོ་གཤེད་མ་རྒྱ་མཚོའི་གླིང་།། ཆུ་སྲིན་ཁར་ཆུད་བདེ་དང་བྲལ།། བདག་གཞན་སྣོད་བཅུང་ཕྱི་ནང་མི་རྟག་འགྱུར།། ཚེ་འདི་བསླུ་བྱེད་ཕྱི་མ་བདེན་དང་བཅས།། སྨན་པའི་ང ་བཞིན་བླ་མ་སངས་རྒྱས་གསུང་།། ཉམས་ལེན་མི་རྟག་དྲོན་མཐོང་སྒྱུ་མའི་འགྲོས།། སྒྱུ་མ་བདེན་བྲལ་མི་རྟག་སྒྱུ་མ་ཡིས།། སྟོང་གི་སྒྱུ་མ་སྟོང་ཕྱིར་དོན་མཐོང་མཛོད།། སྐྱེ་མེད་དོན་མཐོང་ཆོས་ཉིད་སྤྲོས་བྲལ་གྱི།། ་སྒྲོན་མ་སངས་རྒྱས་ཉི་མ་བྱང་ཆུབ་ལམ།། དཔལ་ལྡན་བདེ་ཆེན་ཡོན་ཏན་རིན་ཆེན་མཛོད།། བདག་གཞན་དོན་བསྒྲུབ་རྟོག་མེད་དོ་ན་མཐོང་ཤོག། སྐྱེ་མེད་རིན་པོ་ཆེའི་མཛོད་ཅེས་བྱ་བ་འཕགས་པ་ཀླུ་སྒྲུབ་སྙིང་པོས་མཛད་པ ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཀ་ན་ག་བར་མ་དང་། ལོ་ཙཱ་བྱ་སུརྱ་ཀིརྟི་ས་ལྷ་ས་ར་མོ་ཆེ་རེ་བསྒྱུར་བའོ།། ཛ་ད་མ་སྲིད་པ་འཇོ་བ་ཞེས་བྱ་བ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་བཞུག་སོ།། རྒྱ་གར་སྐད་དུ། བྷ་བ་སཾ ་