CLOSE WINDOW

GT3241: ma rtogs pa rtogs par byed pa zhes bya ba'i rab tu byed pa
Wyliee-texts produced with BDRC’s OCR application

@རྒྱ་གར་སྐད་དུ། ཨ་བུདྡྷ་བོ་དྷ་ཀ་ནཱ་མ་པྲ་ཀྵ་ར་ན། བོད་སྐད་དུ། མཱ་རྟོགས་པ་རྟོགས་པར་བྱེད་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚ་ལོ།། སྐྱོན་མེད་ཡོན་ཏན ་རྒྱ་མཚོ་ཡི།། འཇམ་པའི་དཔལ་ལ་ཕྱག་འཚལ་ཏེ། དེ་ཉིད་མ་རྟོགས་རྟོགས་བྱེད་པ།། བདག་གི་བརྩེ་བས་བྲི་བར་བྱ།། དེ་ནས་གཞན་གྱི་བརྒལ་བ་དང་། དགག་པ་དང་། ངོའི་རྟོགས་པ་དང་། ཆོས་ཀྱི་དེ་ཁོ་ན་ཉིང་ངོ་།། གཞན་གྱི ་བརྒལ་བ་ནི་གང་ཞེ་ན། སྨྲས་པ། བདག་ཡོད་དོ།། དེ་ཡང་རྟགས་པ་དང་། ཁྱབ་པ་དང་། གཅིག་པུ་དང་། བྱེད་པ་པོ་དང་། ཟ་བ་པོ་ཡིན་ནོ།། འདིར་ཡང་དགག་པ་ནི་བདག་འདི་གང་ཡིན། རེ་ཞིག་ཕུང་པོ་ནི་བདག་མ་ཡིན་ཏེ། ་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར་རོ།། ཕུང་པོ་བདག་ལས་གཞན་ཡང་མ་ཡིན་ཏེ། འདི་ལྟར་བུམ་པ་ལས་སྣམ་བུ་བཞིན་དུ་ཐ་དད་པ་མི་དམིགས་པའི་ཕྱིར་རོ།། བུམ་པ་ལ་ཆུ་འམ་ཆུ་ལ་སྣམ་བུ་བཞིན་དུ་རྟེན ་དང་རྟེན་པ་ཡང་མ་ཡིན་ནོ།། འབྲས་དང་ཤུན་པ་བཞིན་དུ་ཕུང་པོའི་གནས་ལུགས་ཀྱང་མ་ཡིན་ནོ།། ཕུང་པོ་ལ་འདུ་བ་ཡིང་མ་ཡིན་ཏེ། ཕུང་པོ་རྣམས་ནི་མང་བ་ཉིད་ཀྱི་ཕྱིར་རོ།། ལྷས་བྱིན་པ་ལང་དྲིང་ལྡན་པ་བཞིན་དུ ་ཕུང་པོ་དང་ལྡན་པ་ཡང་མ་ཡིན་ནོ།། དེ་ནས་ཕ་རོལ་རྒོལ་བས་འདི་སྐད་སྨྲས་ཏེ། བདག་མེད་ན་དེའི་ཚེ་སྦྱིན་པ་ལ་སོགས་པའི་ལས་དང་འབྲས་བུ་འབྲེལ་པ་དོན་མེད་པར་འགྱུར་ཏེ། ཇི་ལྟར་བ་ལང་ཤི་ན་རཱི་དང་མཇུག ་མུ་དང་། རྨིག་པ་ལ་སོགས་པ་འགྲུབ་པར་འགྱུར་པ་བཞིན་ནོ།། ཞེ་ན། བརྗོད་པ་དཔེའི་ཁྱད་པར་ཉོན་ཅིག། དཔེ་ན་ཟླ་བའི་འོད་ལ་ཐག་པ་ལ་སྦྲུལ་དུ་ཤེས་ནས་སྐྲག་པ་དེ་ལྟ་བུ་ལ་ཀང་ཀི་ཚེ་མར་མེ ་ཐོགས་ནས་བལྟ་བ་དེའི་ཚེ་འདི་ནི་ཐག་པ་ཡིན་ལ། འདི་ནི་སྦྲུལ་མ་ཡིན་གྱི་འོན་ཀྱང་སྒྲོ་བཏགས་པ་ཉིད་བསལ་བ་ཡིན་ནོ་ཞེས་བྱ་ལྟ་བུའོ།། གང་ཟག་ལ་བདུག་མེད་པ་བསྡུས་པའོ།། ཡང་སྨྲས་པ། རེ་ཤེས་ཐག་པ་ནི། ་ཡོད་དོ་ཞེ་ན། སྨྲས་པ། འདི་ནི་ཐུག་པ་མ་ཡིན་གྱི་རྐྱང་པ་ག་ཉིས་ཡིནོ།། རྐྱང་པ་ཡང་མེད་དེ་རྡུལ་ཕྲ་རབ་འདུས་པའི་ཕྱིར་རོ།། རྡུལ་ཕྲ་རབ་ཀྱང་ཡོད་པ་མ་ཡིན་ཏེ། ཕྱོགས་ཆེའི་བྱེ་བྲགས་ཏེ། ཕྱོགས་ཀྱི་དབྱེ་བ་པཱ་འ་ཕྲན་ཡ ་དབྱེ་བ་མཐོང་།། གང་ལ་ཆ་ཤས་ཀྱིས་བརྟགས་ན།། དེ་ཡི་རྡུལ་ཕྲན་ཇི་ལྟར་ཡོད།། འོ་ན་མེད་པ་ཡིན་ལ་རག་མོད་ཅེ་ན།། དངོས་པོ་ཡོད་པ་མ་ཡིན་ན།། དངོས་མེད་གང་གི་ཡིན་པར་འགྱུར།། གང་གི་དངོས་དང་དངོས་པ ་ཞེས་བྱ་བ་ནི་ཆོས་ལ་བདག་མེད་པའོ།། འདི་སྨྲས་པ། སྐྱེ་བ་དང་གནས་པ་དང་། འཇིག་པ་ཇི་ལྟར་ལྟ་བར་བྱ་ཞེ་ན། བརྗོད་པ་ཇི་ཞིག་ཡོད་པར་སྲིད་སྨྲས་པ། སྐྱེ་བའོ།། གནས་པ་དང་འཇིག་པ་མེད་པར་སྐྱེ་བ་འདོད་ད་དེ ་རི་བོང་གི་རྭ་ལ་སོགས་པ་དག་གི་སྐྱེ་བ་གང་གི་ས་བཟློག་པར་བྱེད། སྨྲས་པ། ཡོད་དུ་ཆུག་མོང་ཅེ་ན། སྐྱོ་བ་དང་འཇིག་པ་མེད་ན་འོ་ན་གང་གིས་གནས་པ་ཡིན་ཞེ་ན། སྨྲས་པ། འཇིགས་པ་ཡང་ཡིན་མེད་ཅེ་ན། དེ་ནི་མི ་རིགས་ཏེ་ཇི་ལྟར་གང་ལ་སྐྱེ་བ་དང་འཇིག་པ་མེད་པ་དེ་ལ་འཇིག་པར་འགྱུར་རོ་ཞེ་ན། འོན་ཏེ་ཅིག་ཅར་འབྱུང་བར་འགྱུར་རོ་ཞེ་ན། མ་ཡིན་ཏེ་ཕན་ཚུན་འགལ་བའི་ཕྱིར་སྣང་བ་དང་མུན་པ་བཞིན་ནོ།། ཡང་རྣམ་པར་ཤེས ་པ་སྨྲ་བས་འདི་སྐད་དུ། སྨྲས་པ། རྣམ་པར་ཤེས་པ་ཡོད་དོ།། བརྗོད་པ། གལ་ཏེ་རྣམ་པར་ཤེས་པ་ཡོད་ན་དེའི་ཚེ་དེའི་རང་གི་ངོ་བོ་སྟོན་ཅིག་ཅི་ངོ་བོ་གཅིག་པ་ཞིགྲྀ་གམི་ཡང་ན་ངོ་བོ་དུ་མ་ཞིག་ཡིན། རེ་ཞིག་ངོ་བོ་དུ་མ ་ཞིག་ཡིན་ཏེ། ཡུལ་དུ་མིའི་བྱེ་བྲག་གིས་ཐ་དད་པའི་ཕྱིར་རོ།། གཅིག་གི་ངོ་བོ་མེད་པནདུ་མིའི་ངོ་བོ་མེད་དོ།། གཅིག་གི་ངོ་བོར་ཡང་མ་དམིགས་ལ། དོན་འགའ་ཞིག་ཀྱང་མི་རུང་སྟེ། རང་ངམ་གཞན་ནམ་གཉི་ག་འམ། ་རྒྱུ་མེད་པ་ལས་སྐྱེ་བ་མི་འཐད་པའི་ཕྱིར་རོ།། ཡང་སྨྲས་པ། གལ་ཏེ་འདི་དག་ཐམས་ཅད་མེད་ན་ཅི་ཞིག་ཡོད་ཅེ་ན། འགལ་མེའི་འཁོར་ལོ་སྤྲུལ་པ་དང་།། རྨི་ལམ་སྒྱུ་མྱ་ཆུ་ཟླ་དང་།། རླངས་པ་ཕུག་གི་བྲག་ན་དང་ཀཱ། སྨིག ་རྒྱུ་སྤྲིན་དང་མཚུངས་པ་ཡིན།། འདི་ལོ་བས་ལ་བྱ་ཅི་ཡིང་མེད།། བསྣུན་པར་བྱ་བ་ཅུང་ཟད་མེད།། ཡང་དག་ཉིད་ལ་ཡང་དག་བལྟ།། ཡང་དག་མཐོང་ནས་རྣམ་པར་གྲོལྔ།། འདི་ལ་ཐམས་ཅད་དམིགས་མེད། དམིགས ་པ་མེད་པར་རབ་ཏུ་གསལ།། བློ་ནི་དམིགས་པོ་མེད་བྱས་ནས།། དམིགས་པ་མེད་པ་འབྱུང་བར་འགྱུར།། མ་རྟོགས་པ་རྟོགས་པར་བྱེད་པ། ཞེས་བྱ་བའི་རབ་ཏུ་བྱེད་པ། གཉི་ག་བདག་མེད་པར་རབ་ཏུ་གསལ་བར་བྱེད་པ། ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། ། པཎྜི་ཏཱ་ཨ་ནནྟ་དྲང་། ལོ་ཙཱ་བ་གྲགས་འབྱོར་ཤེས་རབ་ཀྱིས་བསྒྱུར་བའོ།། ། སྒྲ་མེད་རིམ་པོ་ཆེའི་མཛ ་