CLOSE WINDOW

GT3240: rten cing 'brel par 'byung ba'i snying po'i rnam par bshad pa
Wyliee-texts produced with BDRC’s OCR application

ཀྱིས་མཛད་པ་རྫོགས་སོ།། ། རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོའི་རྣམ་པར་བཤད་པ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་བཞུགས་སོ།། ། རྒྱ་གར་སྐད་དུ། པྲ་ཏི་ཏྱ་ས་ཨུདྦྷ་ད་ཧྲ་ད་ཡ་བྱ་ཁྱ་ན། བོད་སྐད་དུ། རྟེན་ཅིང ་འབྲེལ་བར་འབྱུང་བའི་སྙིང་པོའི་རྣམ་པར་བཤད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། འདི་ལ་དགེ་སྦྱོང་ཉན་འདོད་པ།། མཉན་པ་དང་། གཟུང་བ་དང་། ཁོང་དུ་ཆུད་པར་བྱ་བ་དང་རྟོག་པ་དང་། སེལ ་ནུས་པ་དང་ལྡན་པའི་སློབ་མ་ཞིག་སློབ་དཔོན་གྱི་གམ་དུ་འོངས་ནས། དེ་བཞིན་གཤེགས་པོས་བསྟན་པ་ལ་བརྩམས་ཏེ་འདི་སྐད་འདྲིའོ།། བཅོམ་ལྡན་འདས་འདི་ལ། ཡན་ལག་བྱེ་བྲག་བཅུ་གཉིས་གང་།། ཐུབ་པ། ་རྟེན་འབྱུང་གསུངས་དེ་དག་གང་དུ་བསྡུ་བ་བལྟ་བ་ཐོས་པར་འཚལ་ལོ།། དེ་ཆོས་དེ་དག་གི་དེ་ཁོ་ན་ཉིད་འདྲ་བར་རིག་ནས། སློབ་དཔོན་གྱིས་འདི་སྐད་ཅེས་བུ།། ཉོན་མོངས་ལས་དང་སྡུག་བསྔལ་དང་།། གསུམ་པོ་དག་ཏུ་ཟད་པར ་འདུས།། ཞེས་གསལ་ཞིང་ཟུར་ཕྱིན་པའི་ཚིག་འདིས་སྨྲས་སོ།། དེ་ལ་བཅུ་དང་གཉྫི་ནི་བཅུ་གཉིས།། ལྕུག་རྣམས་ཉིད་བྱེ་བྲག་ཡིན་པ་ན་ལྕག་བྱེ་བྲག་སྟེ།། ཤིང་རྟའི་ཡན་ལག་བཞིན་དུ་ཡན་ལག་ཏུ་གྱུར་པ་བསྟན་ཏོ།། སྐུ་དང་གསུང་དང་ཐུགས་ཐུག ་པས་ན་ཐུབ་པའོ།། ཐུབ་པ་དེས་གསུངས་པ་ཞེས་བྱ་བ་ནི་བསྟན་པ་དང་བཤད་པ་ཞེས་བྱ་བའི་གྲངས་སུ་གཏོགས་པའོ།། དེ་ཡང་རང་བཞིན་དང་། ངེས་པ་དང་། སྐྱེས་བུ་དང་། གཞན་ལ་རག་ལས་པྲ་དང་། དབང་ཕྱུག་དང་། དུས་དང་། ངོ ་ཉིད་དང་། འདོད་རྒྱལ་དང་། གནས་ཀྱིས་བསྐོས་པ་དང་། གྱི་ན་ལ་སོགས་པའི་རྒྱུ་རྣམས་ལས་བྱུང་བ་ནི་མ་ཡིན་ཏེ། འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་པོའོ།། ཡན་ལག་བྱེ་བྲག་བཅུ་གཉིས་པོ་འདི་དག་ནི་ཉོན་མོངས་པ་དང་། ་ལས་དང་། སྡུག་བསྔལ་རྣམས་སུ་གཅིག་ལ་གཅིག་རྟེན་ཏེ་མདུང་ཁྱིམ་གྱི་ཚུལ་དུ་གསུམ་པོ་དག་ཏུ་ཟད་པར་འདུས་པར་འགྱུར་རོ།། ཟད་པར་ཞེས་བྱ་བ་ནི་མ་ལུས་པར་ཞེས་བྱ་བའི་ཐུ་ཚིགོ། དྲིས་པ། ཉོན་མོངས་པ་རྣམས་ནི ་གང་། ལས་དི་ག་ནི་གང་། སྡུག་བསྔལ་ནི་གང་། རྟེན་པའི་བྱེ་བྲག་འདི་དག་གང་དུ་ཇི་ལྟར་བསྡུ་བར་འགྱུར། སྨྲས་པ། དང་པོ་བརྒྱད་དང་དགུ་ཉོན་མོངས།། བྱེ་བྲག་བཅུ་གཉིས་ཀྱི་དང་པོ་ནི་མ་རིག་པ།། བརྒྱད་པ་ནི་སྲེད་པ། དགུ ་པ་ནི་ལེན་པ་སྟེ། འདི་གསུམ་ནི་ཉོན་མོངས་པ་རྣམས་སུ་ཤེས་པར་བྱའོ།། ལས་དེ་གང་ཞེ་ན། གཉིས་དང་བཅུ་པ་ལས་ཡིན་ཏེ། གཉིས་པ་ནི་འདུ་བྱེད། བཅུ་པ་ནི་སྲིད་པ་སྟེ། ཆོས་འདི་གཉིས་ནི་ལས་སུ་བསྡུ ་བར་ཤེས་པར་བྱའོ།། ལྷག་མ་བདུན་ཡང་སྡུག་བསྔལ་ཡིན།། ཉོན་མོངས་པ་དང་། ལས་སུ་བསྡུས་པའི་བྱེ་བྲག་དེ་དག་གི་ལྷག་མ་བྱེ་བྲག་བདུན་པོ་གང་ཡིན་པ་དེ་དགྲ་གི་སྡུག་བསྔལ་དུ་བསྡུ་བར་ཤེས་པར་བྱ ་སྟེ། འདི་ལྟ་སྟེ། རྣམ་པར་ཤེས་པ་དང་། མི་ང་དང་། གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྐྱེ་བ་དང་། རྒ་ཤི་རྣམསོ།། ཡང་ཞེས་བྱ་བའི་སྒྲ་ནི་བསྡུ་བ་སྟེ། སྡུག་པ་དྲང་བྲལ་བ་དང་། མི ་སྡུག་པ་དང་ཕྲད་པ་དང་། འདོད་པས་ཕོངས་པའི་སྡུག་བསྔལ་རྣམས་སྡུད་པའོ།། དེའི་ཕྱིར་ཆོས་བཅུ་གཉིས་པོ་དེ་དག་ནི་ལོས་དང་ཉོན་མོངས་པ་དང་།། སྡུག་བསྔལ་རྣམས་སུ་ཤཱི་ས་པར་བྱའོ།། ནི་ཞེས་བྱ་བའི་སྒྲ་ནི ་ལྷ་ག་མའི་ཚིག་བཅད་པའི་དོན་ཏེ། མདོ་ལས་བསྟིན་པའི་ཆོས་རྣམས་ནི་འདི་དག་ཏུ་ཟད་ཀྱི་དེ་ལས་གཞན་ཅི་ཡང་མེད་དོ་ཞེས་བཅད་པའོ།། དྲིས་པ་དེ་དག་ནི་འཚལ་ན་ཉོན་མོངས་པ་དང་། ལས་དང་། སྡུག་བསྔལ ་འདི་དག་ནི་གང་ལ་བྱུང་བ་བསྟན་དུ་གསོལ། སྨྲས་པ། གསུམ་པོ་དག་ལ་གཉིས་འབྱུང་སྟེ། ཉོན་མོངས་པ་གསུམ་པོ་དག་ལས་ལས་ཞེས་བྱ་བ་གཉིས་འབྱུང་ངོ་།། གཉིས་ལས་བདུན་འབྱུང་།། སྡུག་བསྔལ་ཞེས ་བྱ་བ་གོང་དུ་བསྟན་པ་རྣམ་སོ།། བདུན་ལས་ཀྱང་གསུམ་འབྱུང་།། ཉོན་མོངས་པ་ཞེས་བྱ་བ་རྣམ་སོ།། ཡང་ཉོན་མོངས་པ་ཞེས་བྱ་བ་གསུམ་པོ་དེ་དག་ལས། ལས་གཉིས་འབྱུང་སྟེ། སྲིད་པའི་འཁོར་ལོ་དེ། ཉིད་ནི་ཡང་དང་ཡང་། ་དུ་འཁོར།། སྲིད་པ་ནི་གསུམ་སྟེ། འདོད་པ་དང་། གཟུགས་དང་། གཟུགས་མེད་པ་ཞེས་བྱ་སྟེ། དེ་དག་ཏུ་མི་སྡོད་པར་འཁོར་བའི་འཁོར་ལོར་གྱུར་པ་སོ་སོའི་སྐྱེ་བོའི་འཇིག་རྟེན་འདི་ཉིད་བདག་ཉིད་ཀུན་ཏུ་འཕྱན། ནི་ཞེས ་བྱ་བའི་སྒྲ་ནི་ངེས་པ་མེད་པར་བསྟན་པའི་དོན་སྟེ། ཇི་ལྟར་འཁོར་ལོ་རིམ་གྱིས་འཁོར་བ་དེ་ལྟར་སྲིད་པ་རྣམས་སུ་འབྱུང་བ་ཡང་མ་ཡིན་གྱིས་ངེས་པ་མེད་པར་བསྟན་ཏོ།། དྲིས་པ། ཁོ་ན་ལུས་ཐམས་ཅད་ཀྱི་དབང ་ཕྱུག་སེམས་ཅན་ཞེས་བགྱི་བ་གང་ལགས། དེའི་བགྱིད་པ་ཇི་ལྟར་བུར། སྨྲས་པ། འགྲོ་བ་ཀུན་གྱི་རྒྱུ་དང་འབྲས་བུ་སྟེ། བཏགས་པ་མ་གཏོགས་པར། འདི་ལ་སེམས་ཅན་གཞན་ཅི་ཡང་མེད།། འདི་ནི་ཡང་དག་པ ་བཏགས་པ་སྟེ། བརྟགས་པ་ཙམ་གྱི་ཚུལ་དུ་ནི་མ་ཡིན་ནོ།། བརྟགས་པ་ཙམ་དུ་ཡོད་པ་དེ་ནི། རྫས་སུ་ཡོད་པར་མི་རུང་དྲོ།། དྲིས་པ། གལ་ཏེ་དེ་ལྟར་ན། འོ་ན་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་སུ་ལ་མཆི། ་སྨྲས་པའི་འཇིག་རྟེན་ཕ་རོལ་ཏུ་རྡུལ་ཕྲ་མོ་ཙམ་ཡང་མི་འཕོ་སྟེ། འོན་ཀྱང་། སྟོང་པ་ཁོ་ནའི་ཆོས་རྣམས་ལས། སྟོང་པའི་ཆོས་རྣམས་འབྱུང་བར་ཟད།། བདག་དང་བདག་གི་མེད་པའི་ཆོས།། ཉོན་མོངས་པ་དང་ལས ་ཞེས་བྱ་བ་རྒྱུར་གྱུར་པ་ལྔ་པོ་སྟོང་པ་རྣམས་ལས། བདག་དང་བདག་གི་མེད་པ་སྡུག་བསྔལ་དུ་བརྗོད་པ། འབྲས་བུར་བཏགས་པའི་ཆོས་སྟོང་པ་བདུན་པོ་དེ་དག་འབྱུང་བར་འགྱུར་རོ་ཞེས་བྱ་བའི་ཐ ་ཚིགོ། དེ་ནི་འདི་སྐད་དུ། བདག་དང་བདག་གི་མེད་ལ། དེ་དག་ཕན་ཚུན་དུ་ཡང་བདག་དྲུང་བདག་གི་མ་ཡིན་ཏེ། འོན་ཀྱང་རང་བཞིན་གྱིས་བདག་མེད་པའི་ཆོས་རྣམས་ལས་རང་བཞིན་གྱི་བདུག་མེད་པའི་ཆོས་རྣམས་འབྱུང ་པ་དེ་ལྟར་ཁོང་དུ་ཆུད་པར་བྱའོ།། ཞེས་བསྟན་པ་ཡིན་ནོ།། འདིར་དྲིས་པ། རང་བཞིན་གྱིས་བདག་མེད་པའི་ཆོས་དྲག་ལྔས་རང་བཞིན་གྱི་བདག་མེད་པའི་ཆོས་ཁོ་ན་དག་འབྱུང་བ་འདི་ལ་དཔེ་ཅི་མཆིས། འདིར་སྨྲས་པ། ་ཁ་ཏོན་མར་མེ་མེ་ལོང་བརྒྱ།། མ་ཤེལ་ས་བོན་སྒྱུར་དང་སྒྲས།། དཔེ་འདི་རྣམས་དང་བརྟགས་པས་ཀྱང་རང་བཞིན་གྱིས་བདག་མེད་པ་དང་འཇིག་རྟེན་ཕ་རོལ་ཤེས་པར་བྱའོ།། དཔེར་ན་བླ་མའི་ཁ་ནས་བརྗོརྗི་ད་པ ་རྣམས་སློབ་མ་ལྔ་འཕོ་བ་ནི་བླ་མསུ་བརྗོད་དུ་མེ་ད་པར་འགྱུར་བས་མི་འཕོའོ།། སློབ་མས་སྨྲ་བ་ཡང་གཞན་ལས་མ་ཡིན་ཏེ། རྒྱུ་མེད་པར་འགྱུར་བའི་ཕྱིར་རོ།། ཇི་ལྟར་བླ་མཱའི་ཁ་ནས་བརྗོད་པ་ལྟར་འཆི་ཁྭའི ་སེམས་ཀྱང་དེ་བཞིན་ཏེ། རྟག་པའི་སྐྱོན་དུ་འགྱུར་བས་འཇིག་རྟེན་ཕ་རོལ་ཏུ་མི་འགྲོའོ།། འཇིག་རྟེན་ཕ་རོལ་ཡང་གཞན་ལས་མི་འབྱུང་སྟེ། རྒྱུ་མེད་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ།། ཇི་ལྟར་བླ་མས་བརྗོད་པའི་རྒྱུ ་ལས་འབྱུང་བ་སློབ་མ་དེ་ཉིད་དང་དེ་དགྲ་གཞན་ནོ་ཞེས་པར་མི་ནུས་པ་ལྟར་འཆི་ཁའི་སེམས་ལ་བརྟེན་ནས་སྐྱེ་བར་གཏོགས་པའི་སེམས་ཀྱང་དེ་བཞིན་ཏེ། དེ་དག་ཉིད་དང་དེ་ལས་གཞན་ཞེས་བརྗོད་པར་མི་ནུསོ།། དེ་བཞིན ་དུ་ཇི་ལྟར་མེ་ལས་མར་མེ་དང་། བཞིན་ལས་མེ་ལོང་གི་གཟུགས་བརྙན་འབྱུང་བ་དང་། པཎྜ་ལས་རྒྱུའི་འབུར་དང་། མེ་ཤེལ་ལས་མེ་དང་། ས་བོན་ལས་མྱུ་གུ་དང་། ཤིང་ཐོག་སྐྱུར་པོའི་རྒྱུས་འགྲམ་ཆུ་ལྡང་བ་དང་། ་སྒྲ་ལས་བྲག་ཅ་འབྱུང་བར་འགྱུར་ཞིང་། དེ་དག་ཀྱང་དེ་ཉིད་དང་གཞན་ཤེས་པརེ་སླ་བ་མ་ཡིན་པ་པ་ལེན་དུ་ཕུང་པོ་ཉིད་མཚམས་སྦྱོར་བ་ཡང་། མི་འཕོ་བར་ཡང་མཁས་རྟོགས་རྗེ་བྱ། དེ་ལ་ཕུང་པོ་ནི་གཟུགས་དང་། ་ཆར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕུང་པོའོ།། དེ་དག་ཉིང་མཚམས་སྦྱོར་པ་ཞེས་བྱ་བ་ན་འགགས་ནས་རྒྱུ་དེ་ལས་འབྱུང་བ་གཞན་དྲག་འབྱུང་བ་སྟེ། འཇིག་རྟེན་འདི་ནས་ཕ་རོལ་ཏུ་དངོས ་པོ་རྡུལ་ཕྲ་མོ་ཙམ་ཡང་མི་འགྲོའོ།། དེ་ལྟར་ནི་པ་ར་བའི་འཁོར་ལོར་ནོར་པའི་རྣམ་པར་རྟོག་པའི་བ་ཆ་ཀོས་ཀྱིས་བསྐྱེད་པ་ལཱི་ནོ།། ཐ་མའི་ཡང་ཞེས་པའི་སྒྲ་ནི་ལྡོག་པ་སྟེ། དེ་ལས་བཟློག་པར་ཤེས་པར ་བྱའོ།། དངོས་པོ་རྣམས་ལ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་རྟོགས་ན་དངོས་པོ་ལ་རྨོངས་པར་མི་འགྱུར་རོ།། རྨོངས་པ་མེད་ནི་མི་ཆགསོ།། མ་ཆགས་ན་ཞེ་སྡང་བར་མི་འགྱུར་རོ།། ་ཞེ་སྡང་མེད་ན་ལས་མི་བྱེད་དོ།། ལས་མེད་ན་དངོས་པོ་མི་ལྡན་ནོ།། ལེན་པ་མེད་ན་སྲིད་པ་མངོན་པར་འདུ་མི་བྱེད་དོ།། སྲིད་པ་མེད་ན་མི་སྐྱེའོ།། མ་སྐྱེས་ན་ལུས་དང་། སེམས་ལ་སྡུག་བསྔལ་མི ་འབྱུང་ངོ་།། དེ་ལྟར་འདིར་རྒྱུ་ལྔ་པོ་དེ་དག་མ་བསགས་པས་གཞན་དུ་འབྲས་བུ་མི་འབྱུང་སྟེ། འདི་ནི་ཐར་པ་ཞེས་བྱའོ།། དེ་ལྟར་ན་རྟག་པ་དྲང་ཆད་པའི་མཐའ་ལོ་སོགས་པོ་ལྟ་བ་ངན་པ་རྣམས་བསལ་བ་ཡིནོ།། འདི་ལ ་ཚིགས་སུ་བཅད་པ་གཉིས་ཡོད་དེ། ཤིན་ཏུ་ཕྲ་བའི་དངོས་ལ་ཡང་།། གང་གིས་ཆུད་པར་རྣམ་བརྟགས་པ།། རྣམ་པར་མི་མཁས་དེ་ཡིས་ནི།། རྐྱེན་ལས་སྐྱེས་པའི་དོན་མ་མཐོང་།། འདི་ལཱ་བསལ་བྱ་གང་ཡང་མེད། ་བཞག་པར་བྱ་བ་ཅི་ལྕང་མེད།། ཡང་ངག་ཉིད་ལ་ཡང་དག་བལྟ།། ཡང་དག་མཐོང་ནས་རྣམ་པར་གྲོལ།། རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོའི་རྣམ་པར་བཤད་པ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགསོ།། ་རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དྷ་ན་ཤི་ལ་དང་། ཤི་ལེནྡྲ་བོ་བྷེ་དང་། བནྡེ་ཡེ་ཤེས་སྡེས་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ་