CLOSE WINDOW

GT3239: rten cing 'brel par 'byung ba'i snying po'i tshigs le'ur byas pa
Wyliee-texts produced with BDRC’s OCR application

གྲོང་ཁྱེ་དཔེ་མེད་དུ་བྱིནྡྷེ་གཞོ་དྷྲྀ་ཤེས་རབ་ཀྱིས་བསྒྱུར་བའོ།། ། སྒྱུད་ཀྱིས་བིདྡྷི་ཏ། ཨ་ནནྟ་དང་། མོ་ཙྪ་བ་གྲགསཔ་ཤེས་རབ་ཀྱིས་བུ་ཆེན་ལེགས་པར་བྱའོ།། ། རྒྱུ་གར་སྐད ་དུ། པྲྀ་ཏི་ཏྱ་ས་མཎྜ་དེ་ཧྲྀ་དི་ཡ་ཀཱ་རི་ཀཱ། བོད་སྐད་དུ། རྟེ་ན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོའི་ཚོགས་ལེའུར་བྱས་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལོ།། ཡན་ལག་བྱེ་བྲག་བཅུ་གཉིས་གང་།། ཐུབ་པས་རྟེན ་འབྱུང་གསུངས་དེ་དག། ཉོན་མོངས་ལས་དང་སྡུག་བསྔལ་དང་།། གསུམ་པོ་དག་ཏུ་ཟད་པར་འདུས།། དང་པོ་བརྒྱད་དང་དགུ་ཉོན་མོངས།། གཉིས་དང་བཅུ་པ་ལས་ཡིནྡ་ཏེ། ལྷག་མ་བདུན་ཡང་སྡུག་བསྔལ་ཡིན།། བཅུ ་གཉིས་ཆོས་ནི་གསུམ་དུ་འདུས།། གསུམ་པོ་དེ་ག་ལས་གཉིས་འབྱུང་སྟེ།། གཉིས་ལས་བདུན་འབྱུང་བདུན་ལས་ཀྱང་།། གསུམ་འབྱུང་སྲིད་པའི་འཁོར་ལོ་དེ།། ཉིད་ནི་ཡང་དང་ཡང་དུ་འཁོར།། འགྲོ་ཀུན་རྒྱུ་དང་འབྲས་བུ ་སྐྱེད་འདི་ལ་སེམས་ཅན་ཅི་ཡང་མེད།། སྟོང་པ་ཁོ་ནའི་ཆོས་རྣམས་ལས།། སྟོང་པའི་ཆོས་རྣམས་འབྱུང་བ་ཟད།། ཁཱ་ཏོན་མར་མེ་མེ་ལོང་བརྒྱ།། མེ་ཤེལ་ས་བོན་སྦྱར་དང་སྒྲས།། ཕུང་པོ་ཉིད ་མཚམས་སྦྱོར་བ་ཡང་།། མི་འཕོ་བར་ཡང་ཁས་རྟོགས་བྱ།། ཤིན་ཏུ་ཕྲ་བའི་དངོས་ལ་ཡང་།། གང་གིས་ཆད་པར་རྣམ་བརྟགས་པ།། རྣམ་པར་མི་མཁས་དེ་ཡཱིས་ནི། རྐྱེན་ལྔས་བྱུང་བའི་དོན་མ་མཐོང་།། འདི་ལ་བསལ ་བྱ་གང་ཡང་མེད།། བཞག་པར་བྱ་བ་ཅི་ཡང་མེད།། ཡང་དག་ཉིད་ལ་ཡང་དག་བལྟ།། ཡང་དག་མཐོང་ན་རྣམ་པར་གྲོལ།། རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་ཚིག་ལེའུར་བྱས་པ། སློབ་དཔོན་འཕགས་པ་ཀླུ་སྒྲུབ ་ཀྱིས་མཛད་པ་རྫོགས་སོ།། ། རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོའི་རྣམ་པར་བཤད་པ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་བཞུགས་སོ།། ། རྒྱ་གར་སྐད་དུ། པྲ་ཏི་ཏྱ་ས་ཨུདྦྷ་ད་ཧྲ་ད་ཡ་བྱ་ཁྱ་ན། བོད་སྐད་དུ། རྟེན་ཅིང ་