CLOSE WINDOW

GT3238: yi ge brgya pa zhes bya ba'i 'grel pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཨཀྵ་ར་ཤ་ཏ་ཀོ་ཏི་ནཱ་མ་བྲིཏྟི། བྲོད་སྐད་དུ། ཡི་གེ་བརྒྱ་པ་ཞེས་བྱ་བའི་འགྲེལ་པ།། འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ།། ཐམས་ཅད་ཐམས་ཅད་ཀྱི་བདག་ཉིད་དོ། ཞེས་དམ་བཅའ་བ་གང་ངམ། ་གང་དག་གྲམ། གང་རྣམས་འདོད་པ་དེ་དག་གི་གཏན་ཚིགས་ལས་གྲུབ་པར་མི་འགྱུར་གྱི། གཏན་ཚིགས་ཉིད་མེད་པར་འགྲུབ་པར་འགྱུར་རོ།། འདི་སྙམ་དུ་ཐམས་ཅད་ཐམས་ཅད་ཀྱི་བདག་ཉིད་ངོ་ཞེས་བྱ་བར་དམ ་བཅའ་བ་ནི། གཏན་ཚིགས་ཁོ་ན་ལས་དེ་ཡོད་པར་མཚུངས་པའི་ཕྱིར་རོ།། ཞེས་བྱ་བ་ནི་གཏན་ཚིགས་སོ།། དཔེ་གང་ཞེ་ན། བུམ་པ་དང་སྣམ་བུ་ལ་སོགས་པ་བཞིན་ནོ་ཇི་ལྟར་བུམ་པ་དང་སྣམ་བུ་ལ་སོགས་པ ་བཞིན་དུ་དངོས་པོ་ཐམས་ཅད་ཡོད་པ་ཉིད་དུ་མཚུངས་པར་འཇུག་སྟེ། དེ་ལྟ་བས་ན་དངོས་པོ་རྣམས་གཅིག་པར་གྲུབ་པར་འདོད་དོ་ཞེ་ན། སྨྲས་པ། དངོས་པོ་རྣམས་གཅིག་པ་མ་ཡིན་ནོ།། འདིར་གཏན་ཚིགས་གང ་ཡིན་པ་དེ་ཅི་གཅིག་པ་ཉིད་ཀྱི་མཚན་ཉིད་ཀྱི་མཚན་ཉིད་དུ་གྱུར་པ་ཞིག་གམ། འོན་ཏེ་མ་ཡིན། གཉི་ག་ལྟར་ཡང་སྐྱོན་ཡོད་དོ།། གལ་ཏེ་གཅིག་པ་ཉིད་ཀྱི་མཚན་ཉིད་དུ་གྱུར་ན་ནི།། དེའི་འདི་འི་གཏན་ཚིགས་སུ ་འགྱུར་པ་མ་ཡིན་ཏེ། དམ་བཅའ་བ་ལས་གཞན་མ་ཡིན་པའི་ཕྱིར་རོ།། འོན་ཏེ་འདི་ཐ་དད་པ་ཉིད་ཡིན་ན་དེ་ལྟ་ན་འདི་དམ་བཅུའ་བྱ་ཉམས་ཏེ་གཏན་ཚིགས་ལས་གཞན་ཡིན་པའི་ཕྱིར་རོ།། དེ་ལྟ་བས་ན་དངོས་པོ ་རྣམས་གཅིག་མ་ཡིན་ནོ།། འདིར་སྨྲས་པ། གཅིག་པ་ཉིད་དུ་འདོད་པ་དེ་ལ་སྐྱོན་དེ་ཡོད་ཀྱི་བདག་ཅག་ནི་གཞན་ཉིད་དུ་འདོད་པ་ཡིན་ནོ།། ཞེ་ན། སྨྲས་པ། གཞན་པ་ཉིད་ཀྱང་མེད་དོ།། འདིར་གཞན་པ་ཉིད་ལ་ཡང་སྐྱོན ་འདི་དག་འབྱུང་བར་འགྱུར་ཏེ། ཇི་ལྟར་ཞེ་ན། གལ་ཏེ་རེ་ཤིག་ཁྱེད་ཅག་གྲཏན་ཚོགས་མེད་པར་གཞན་ཉིད་དུ་འདོད་ན་ནི་དེའི་ཚེ་བའི་ཡང་གཏན་ཚིགས་མེད་པར་ཁོ་ནར་གཅིག་པ་ཉིད་དུ་འགྱུར་རོ།། འོན་ཏེ་གཏན་ཚིགས ་ཁོ་ན་ལས་དངོས་པོ་རྣམས་གཞན་པ་ཉིད་དུའོ་ཞེས་དམ་བཅས་པ་འདི་ལ་དེ་ནི་གཏན་ཚིགས་བརྗོད་པར་བྱའོ།། སྨྲས་པ། མཚན་ཉིད་ཐ་དད་པའི་ཕྱིར་རོ།། ཞེས་བྱ་བ་ནི་གཏན་ཚིགས།། དཔེ་ནི་རྟ་དང་གླང་པོ་ལ་སོགས ་པཱ་བཞིན་ཏེ། དཱི་ཝཱརཱ་དྷ་དང་གླང་པོ་ལ་སོགས་བྱ་དེ་དག་མཚན་ཉིད་ཐ་དད་པས་ཐ་དད་པ་བཞིན་དུ་དངོས་པོ་ཐམས་ཅད་ཀྱང་ཡིན་ཏེ། དེ་བས་ན་དངོས་པོ་རྣམས་གཞན་པ་ཉིད་དུ་སྒྲུབ་ན། སྨྲས་པ།། ་གལ་ཏེ་གཏན་ཚིགས་འདྲི་ལ་ཡང་མཚན་ཉིད་གཞན་དུ་གྱུར་ན་ནི་དེའི་ཚེ། གཏན་ཚིགས་དྲི་བསྒྲུབ་བྱ་དང་མཚུངས་པར་འགྱུར་རོ།། གང་བསྒྲུབ་བྱ་དང་མཚུངས་པ་དེ་ནི་གཏན་ཚིགས་མ་ཡིན་པར་འགྱུར་ཏེ། དཱིདམ ་བཅས་པ་ལས་གཞན་མ་ཡིན་པའི་ཕྱིར་རོ།། འོན་ཏེ་མཚན་ཉིད་གཞན་པ་ཉིད་དུ་གྱུར་པ་ཡིན་ནཱ་ན་དེའི་ཚོ་དམ་བཅའ་བ་ཉམས་པ་ཉིད་དུ་འགྱུར་རོ།། འདིར་སྨྲས་པ། གལ་ཏེ་དངོས་པོ་རྣམས་གཅིག་པ་ཉིད་དམ། གཞན་པ་ཉིད ་ཅེས་བྱ་བར་མ་གྲུབ་པ་དེ་ལྟ་ན་ཡང་ཡོད་པ་ཉིད་དུ་གྲུབ་སྟེ། དེ་གྲུབ་པ་ན་དངོས་པོ་རྣམས་གཅིག་པ་ཉིད་དམ་གཞན་པ་ཉིད་གདོན་མི་ཟ་བར་གྲུབ་པར་འ་གྱུར་རོ་ཞེ་ན། འདི་ལ་བརྗོད་པ། ཡོད་པ་ཉིད་སྒྲུབ་པར་བྱ་བ་ཡིན་ནོ།། ་འདིར་གལ་ཏེ་ཁྱེད་ཅག་གཏན་ཚིགས་མེད་པ་ལས་ཡོད་པ་ཉིད་ཡིན་ན་ནི་བདག་ཅག་གི་མེད་པ་ཉིད་ཀྱང་གཏན་ཚིགས་མེད་པ་ལས་འགྲུབ་པར་འགྱུར་ཏེ། གཏན་ཚིགས་མེད་པ་ཉིད་དུའོ།། འོན་ཏེ་རྗེ་གཏན་ཚིགས་ལས ་དངོས་པོ་རྣམས་ཡོད་པའོ་ཞེས་དམ་བཅས་པ་དེའི་ཚེ་འདིར་གཏན་ཚིགས་བརྗོད་པར་བྱ་དགོས་སོ།། སྨྲས་པ། མངོན་དུ་མིགས་པའི་ཕྱིར་རོ།། དེ་བ་ཅི་ཞེ་ན། སྨྲས་པ། ཆོས་མི་མཐུན་པ་ནི་ནམ་མཁའི་མེ་ཏོག་བཞིན་ཏེ། ་ཇི་ལྟར་ན་མཁའི་མེ་ཏོག་དངོས་པོ་མེད་པས་མི་དམིགས་ཏེ། གང་གི་ཕྱིར་དེ་དང་ཆོས་མི་མཐུན་པས་བུམ་པཱ་དང་སྣམ་བུ་དག་ལ་སོགས་པའི་དངོས་པོ་རྣམས་ཡང་དག་པར་དམིགས་པ་དེའི་ཕྱིར་དངོས་པོ་རྣམས་ཡོད་པ་མ ་ཡིན་ནོ་ཞེ་ན། སྨྲས་པ། འདིར་གཏན་ཚིགས་གང་ཡིན་པ་དེ་ཡོད་པ་ཉིད་ཀྱི་མཚན་ཉིད་དུ་འགྱུར་བ་ཞིག་གིམ། འོན་ཏེ་མ་ཡིན། དེས་ཅིར་འགྱུར་ཞེ་ན། གལ་ཏེ་ཡོད་པ་ཉིད་ཀྱི་མཚན་ཉིད་དུ་འགྱུར་ན་དེའི་བསྒྲུབ་པར ་བྱ་བ་དང་མཚུངས་པར་འགྱུར་རོ།། འོན་ཏེ་ཡོད་པ་ཉིད་ལས་གཞན་པ་ཁོ་ན་ཡིན་པ་དེའི་ཚེ་ཡང་དམ་བཅའ་བ་ཉམས་པར་འགྱུར་ཏེ། དེ་བསྡུ་ན་ཡོད་པ་ཉིད་མི་འགྲུབ་བོ།། འདིར་སྨྲས་པ། ཡོད་པ་ཉིད་ལ་བཀ་གུ་བ ་ཉིད་ཀྱིས་མེད་པ་ཉིད་ཁས་བླངས་པ་ཡིན་ཏེ། དཔེར་ན། སྨྲ་བ་པོ་བདག་གྲིས་དེ་རིང་ཟས་ཞིམ་པོ་མྱོང་ངོ་།། ཞེས་ཟེར་ན་དྲོན་གྱི་ཤུགས་ཀྱིས་སྔར་མི་ཞིམ་པར་རྟོགས་པ་བཞིན་ནོ་ཞེ་ན། སྨྲས་པ། མེད་པ་ཉིད ་དུ་བསྒྲུབ་པར་བྱ་བའོ།། གལ་ཏེ་ཁྱེད་ཅག་མེད་པ་ཉིད་གཏན་ཚཱ་གས་མེད་པ་ཉིད་དུ་འདོད་ན། བདྨག་ཅག་ཀྱང་གྲཏན་ཚིགས་མེད་པ་ཉིད་ཁོ་ནས་ཡོད་པ་ཉིད་དུ་འགྱུར་རོ།། འདི་སྙམ་དུ་དངོས་པོ་རྣམས་མེད་པ ་ཡིན་ཞེས་དམ་བཅས་པ་འདི་གཏན་ཚིགས་ཉིད་ལས་ཡིན་པར་འདོད་དོ།། འདིར་གཏན་ཚིགས་གང་ཡིན་ཞེ་ན། རང་བཞིན་མེད་པའི་ཕྱི་རོ་ཞེས་བྱ་བ་ནི་གཏན་ཚིགསོ།། དཔེ་ཅི་ཞེ་ན། དཔེ་ནི་སྨིག་རྒྱུ་སྟེ། ་ཇི་ལྟར་གླང་གི་ཕྱིར་སྨིག་རྒྱུ་རང་བཞིན་མེད་པའི་ཕྱིར་ཡོད་པ་ཡིན་པ་ལས་སྐད་ཅིག་ཙམ་ཡང་ཆུ་ཡོད་པ་མ་ཡིན་པ་དེ་ལྟར་སྣམ་བུ་ལ་སོགས་པ་རྣམས་ལ་ཡང་སཱལ་མ་ལ་སོགས་པའི་ཡན ་ལྕག་རྣམས་ཀྱིས་ཕྱེ་ཞིང་གཟིགས་རྣོ་ཡོད་པ་མ་དམིགས་ཏེ། དེའི་ཕྱིར་དངོས་པོ་རྣམས་མེད་པ་ཞེས་བྱའོ།། ཞེ་ན། འདྲིར་གཏན་ཚིགས་སུ་ཉེ་བར་བཀོད་པ་གཱང་ཡིན་པ་དེ་ནི་མེད་པ་ཉིད་ཀྱི་མཚན་ཉིད་དུ་མྱུར་པ་འམ ་འོན་ཏེ་མ་ཡིན། གལ་ཏེ་མེད་པ་ཉིད་ཀྱི་མཚན་ཉིད་དུ་གྱུར་ན་ནི། དེ་ལྟ་ནོ་བསྒྲུབ་པར་བྱ་བ་དང་མཚུངས་པོར་འགྱུར་རོ།། ཅི་སྟེ་མེད་པ་ལས་གཞན་ཁོ་ན་ཡིན་ནྱ་ནི་དེའི་ཚེ་དམ་བཅའ་བ་ཉམས་པར་འགྱུར། ཏེ། ་ཕྱིར་མེད་པ་ཉིད་ཀྱང་མ་གྲུབ་བོ།། འདིར་སྨྲས་པ། འདིར་འཇིམ་པ་དང་སྣལ་མུ་རུང་ཐོག་བཟང་ལ་སོགས་པ་དངོས་པོ་རྣམས་ཀྱི་སྒྱུ་མ་བཀླག་པ་དེ་བས་ན་དྲངོས་བློ་རྣམས་མེདོ།། སྨྲས་པ། རྒྱུ་ཡོད་པ་མ་ཡིན་ནོ།། ་འདི་ལ་འབྲས་བུ་ཡོད་པ་གང་དག་ཡིན་བླ་དེ་དག་གི་རྒྱུ་ནི་ཡོད་པ་མ་ཡིན་ནོ།། ཅིའི་ཕྱིར་ཞེ་ན། དངོས་པོ་སྨོད་པ་བུམ་པ་དང་སྣུམ་བུ་ལ་སོགས་པ་རྣམས་ཀྱི་རྒྱུ་འཇིམ་པ་དང་སྦྲུལ་མ་དང་། ཐུགས་བླཟང་ཐ་ག་མ ་ལ་སོགས་ལ་མ་ཡིན་ཏེ། ཡོད་པའི་ཕྱིར་རོ།། གང་དག་འབྲས་བུ་མེད་པ་དག་གིས་ཡང་རྒྱུ་ཡོད་པ་མ་ཡིན་ཏེ། མེད་པའི་ཕྱིར་རོ།། གང་དག་འབྲས་བུ་ཡོད་པ་དང་མེད་པ་དེ་དག་གང་ཡང་རྒྱུ་ཡོད་པར་མི་འགྱུར་ཏེ།། ་གཉི་གའི་སྐྱོན་དུ་ཐལ་བའི་ཕྱིར་རོ།། དེ་ལ་གང་ཡོད་པ་དེ་ནི་ཡོད་པའི་ཕྱིར་དང་།། གུང་མེད་པ་མེད་པ་ནི་དེ་ནི་མེད་པའི་ཕྱིར་རོ།། གཅིག་ལ་གཉི་ག་སྲིད་པ་ཡང་འགལ་བའི་ཕྱིར་རོ།། གང་གི་ཡོད་པ་དེའི་མཚན་ཉིད་འཛིན་བུ་དྲི ་ཡིས་མེད་པ་མ་ཡིན་ནོ།། གྲང་གིས་མེད་པ་དེའི་མཚན་ཉིད་འཛིན་པ་དེ་ཡིས་ཡོད་པ་མ་ཡིན་ནོ།། དེའི་ཕྱིར་དེ་རྣམས་ཀྱི་རྒྱུ་ཡང་ཡོད་པ་མ་ཡིན་ནོ།། གང་དག་རྒྱུ་མེད་པོ་ཉིད་ལས་ཡིན་པ་དེ་དག་གི་ཡང་རྒྱུ་ཡོད་པ་ཡིན་ཏེ།། ་རྒྱུ་མེད་པ་ཉིད་ལས་གྲུབ་པའི་ཕྱིར་རོ།། རྒྱུ་མེད་པ་ཉིད་ལས་གྲུབ་པ་ཡིན་ནོ་ཞེས་བྱ་བ་དེའི་ཚེ་ཡང་འདི་དག་གི་དམ་བཅའ་བ་ཉམས་པར་འགྱུར་ཏེ། རྒྱུ་དང་བྱེད་རྒྱུ་དྲང་རྒྱུ་མཚན་ཞེས་བྱ་བའི་དོན་གཞན་མ་ཡིན་ནོ།། དེ ་ལྟེ་བས་ན་རྒྱུ་ཡོད་པའི་ཕྱིར་དངོ་སྡེ་པོ་རྣམས་ཡོད་དོ་ཞེས་གང་བརྗོད་པ་དེ་ནི་མ་ཡིན་ནོ།། འདིར་སྨྲས་པ། འདི་ཡང་རྒྱུ་དགག་པ་བྱས་པ་ཉིད་ཀྱིས་འབྲས་བུ་བཀག་པའི་ཕྱིར་ཤུགས་ཀྱི་རྒྱུ་དྲང་འབྲས་བུ་གཉིས་ཀ་ཡང ་ཡང་ཁསྔ་བླངས་པ་འགྱུར་ཏེ། རབ་ཏུ་གྲུབ་པའི་ཕྱིར་དངོས་པོ་ཐམས་ཅད་གྲུབ་བོ་ཞེས་བྱ་ཞེ་ན། སྨྲས་པ། མ་ཡིན་ཏེ་བལྟོས་པའི་ཕྱིར་རོ།། འདིར་ཁྱེད་ཅག་རྣམས་ཀྱིས་གུ་ཉི་ག་གྲུབ་པོ་ཞེས་གང་བརྗོད ་པ་དེ་ནི་མ་ཡིན་ནོ་ཞེ་ན། ཅིའི་ཕྱིར་ཞེ་ན། བལྟོས་པའི་ཕྱིར་རོ།། རྒྱུ་ནི་རྒྱུ་ཉིད་དུ་འབྲས་བུ་ལ་བལྟོས་ནས་དང་། འབྲས་བུ་ཡང་འབྲས་བུ་ཉིད་དུ་རྒྱུ་ལ་བལྟོས་ནས་ཡོངས་སུ་བཏགས་ཏེ། དེ་ལྟར་ཕན་ཚུན་བལྟོས ་པ་ཡིན་པའི་ཕྱིར་གཉི་གའང་རྒྱུ་ཉིད་དུ་ཐལ་བར་འགྱུར་ལཱ། གཉི་ག་རྒྱུ་ཉིད་དུ་ཐལ་ན་ཡང་འབྲས་བུ་མེད་དོ།། དེ་མེད་པ་ལ་རྒྱུ་མེད་དོ།། དེ་བཞིན་དུ་རང་བཞིན་དང་། དབང་ཕྱུག་དང་། རྡུལ་ཕྲ ་རབ་དང་། ཕྱོགས་དང་དུས་ལ་སྔོགསོ་བ་ཐམས་ཅད་རྒྱུ་མ་ཡིན་ཏེ། བལྟས་པའི་ཕྱིར་རོ།། འདི་རྣམས་ནི་མི་རྟག་པ་ཉིད་དུ་ཡང་འགྱུར་ཏེ། བ་ལྟོས་ནས་གྲུབ་པ་ཉིད་ཀྱི་ཕྱིར་རོ།། བྱས་པ་ཉིད་དུ་ཡང་ཐལ་བར ་འགྱུར་ཏེ། དེ་བྱས་ན་མི་རྟག་པ་ཉིད་དང་། རྒྱུ་མེད་པ་ཉིད་དང་། བྱས་པ་ཉིད་དུ་ཐལ་བར་འགྱུར་ཏེ།། དེ་བས་ན་རང་བཞིན་དྲང་། དབང་ཕྱུག་དང་། རྡུལ་ཕྲ་རབ་དང་། ཕྱོགས་དང་དུས་ལ་སོགས་པ་རྣམས་མི ་འགྲུབ་སྟེ། རྒྱུ་ཉིད་ལ་བལྟོས་པའི་ཕྱིར་རོ།། འདིར་སྨྲས་པ། དེ་ལྟར་ན་ཇི་ལྟར་བདག་ཅག་རྣམས་ཀྱིས་བརྗོད་པ་མི་བསླུ་བའི་ཉེ་བར་གདགས་པ་ལས་གཞན་པ་ལ་ནཱི་མཱ་ཡིན་ནོ།། ཞེ་ན། སྨྲས་པ། འདོད་པས ་ཡོད་པ་མ་ཡིནྡ་ནོ།། འདིར་གལ་ཏེ་འདོད་པས་གྲུབ་པར་འགྱུར་ན་དེའི་རིགས་པ་སྤངས་པའི་ཕྱིར་དེའི་འདོད་པ་ལས་ཁྱོད་ཀྱིས་ཡང་ཡོད་པ་གང་ཡིན་པ་དེ་ངའི་མེད་པའོ།། ཅིའི་ཕྱིར་ཞེ་ན། འདོད་པ་ལས་གྲུབ་པའི་ཕྱིར ་ཅི་སྟེ་ཁྱེད་ཅག་གི་འདོད་པ་ལས་གྲུབ་ཀྱི། ངའི་ནི་མ་ཡིན་ན་དེ་འདིར་མི་འདྲ་བ་ཉིད་ལ་གཏན་ཚིགས་ཁྱད་པར་ཅན་མ་བརྗོད་པའི་ཕྱིར་ཏེ། དེ་བས་ན་འདོད་པ་གྲུབ་པ་མ་ཡིན་ནོ།། འདིར་སྨྲས་པ། འདི་ནི་བདག་ཅག་གིས་བརྡལས། ་སོ་ཞེ་ན། སྨྲས་པ། བརྡ་མ་གྲུབ་བོ།། འདི་ལྟར་གང་ཁྱེད་ཅག་གི་བརྡ་མ་གྲུབ་པ་སྟེ། མ་གྲུབ་པ་ལ་ཡང་ཇི་ལྟ་རུ་སྒྲུབ་བྱེད་དུ་འགྱུར་ཏེ། མ་གྲུབ་པ་ནི་རིགས་པ་དང་། རིག་པ་མ་ཡིན་པའི་སྒྲུབ་བྱེད་མ་ཡིན་ནོ།། དེའི་ཕྱིར་བརྡ་མ་གྲུབ ་པ་ཡིན་ནོ།། རིགས་པ་དང་བྲལ་བ་ཉིད་ཀྱིས་བསྟན་བཅོས་རྣམས་ལ་བརྗོད་པར་བྱ་བ་ཡོད་པར་སྨྲ་བ་པོ་ནི་མི་རྙེ་ད་དོ།། གཞན་ཡང་སྨྲས་པ། ཁ་ཅིག་ཏུ་རིགས་པ་ཡང་བརྗོད་པར་བྱ་སྟེ། ཇི་སྐད་དུ། མེད་པ་བྱ་བ་མ་ཡིན་པའི ་ཕྱིར་དང་། ཉེ་བར་ལེན་པ་བཟུང་བའི་ཕྱིར་དང་། ཐམས་ཅད་ལས་འབྱུང་བ་མེད་པའི་ཕྱིར་དང་། ནུས་པ་ཅན་མི་ནུས་པ་མེད་པའི་ཕྱིར་དང་། རྒྱུ་ནི་ངོ་བོ་ཡིན་པའི་ཕྱིར་འབྲས་བུ་ཡོད་པ་ཡིན།། ཞེས་བྱ་བ་ལ་སོགས་བུ་བཤད ་པ་ལྟ་བུའོ།། སྨྲས་པ། གཏན་ཚིགས་དག་དོན་མེད་དོ།། འདིར་ཁྱེད་ཅག་གཱི་གཏན་ཚིགས་གང་ཡིན་པ་དེ་གལ་ཏེ་བསྒྲུབ་པའི་མཚན་ཉིད་དུ་གྱུར་པ་དེའི་ཚེ། ངེད་ཀྱིས་ཕྱོགས་ཀྱང་གྲུབ་པར་འགྱུར་རོ།། ཙོ་སྟེ་སུན་འབྱིན་པའི་མཚན ་ཉིད་དུ་གྱུར་ན་ནི་དེའི་ཚེ་གཉི་ག་ལ་ཡང་སྐྱོན་དུ་འགྱུར་ཏེ། དཔེར་ནུ་མེ་ནི་གཉི་ག་ལ་སྲེག་པར་བྱེད་ཀྱི། གཅིག་ལནི་མ་ཡིན་ནོ།། གཞན་ཡང་གལ་ཏེ་གཏན་ཚིགས་ལས་གཞལ་བྱ་གྲུབ་ན་ནི་དེའི་ཚེ་ཕ་རོལ་པོས་ཀྱང་གཏན་ཚིགས ་བརྗོད་པར་བྱ་དགོས་ཏེ། གཉི་ག་འགྲུབ་པོར་ཡང་མི་འདོད་དེ། དཔེར་ན་ཁྱེད་ཅག་གི་དམ་བཅའ་བ་ནི་སྒྲ་རྟག་ཏེ། ལུས་ཅན་མ་ཡིན་པའི་ཕྱིར་ན་མཁའ་བཞི་ནོ།། ཇི་ལྟར་ནམཁའི་ལུས་ཅན་མ་ཡིན་པའི་ཕྱིར་རྟག་པ་དེ་བཞིན ་དུ་སྒྲ་ཡང་རྟག་ཏེ། དེ་བས་ནུ་སྒྲ་ནི་རྟག་པར་གྲུབ་བོ་ཞེས་བྱའོ།། དེ་བཞིན་དུ་གཞན་ཡང་བརྗོད་པར་བྱ་སྟེ། བདག་ཅག་གི་དམ་བཅའ་བ་འདི་ཡིན་ཏེ། སྒྲ་མི་རྟག་སྟེ་བྱས་པའི་ཕྱིར་བུམ་པ་བཞིན་ནོ།། ། ་ཇི་ལྟར་བུམ་པ་ནི་འཇིམ་གྲོང་ལ་སོགས་པ་དང་། སྐྱེས་བུའི་རྩོལ་བ་ལས་ཡང་དག་པརུ་སྐྱེ་བཞིན་པ་ནི་བྱས་པའོ།། དེ་བཞིན་དུ་སྒྲ་ཡང་རྐན་ལ་སོགས་པ་རྣམས་ལས་འབྱུང་བཞིན་པ་ལི་ནི་བྱསླུ་བ་ཞེས་བྱའོ།། དེ་བྱས་ན ་གཏན་ཚིགས་མིང་དུ་ཟད་དེ་གྲུབ་བུ་ནི་མེད་དོ།། འོན་ཀྱང་ཚད་མ་ལས་མིང་ཙམ་ལས་མ་ཡིན་ཏེ། མི་བསླུ་བའི་ཕྱིར་རོ།། འདིའི་ཕྱིར་ཡང་གཏན་ཚིགས་རྣམས་དོན་མེད་པ་ཡིན་ཏེ། དམ་བཅའ་བོའི་དུས་སུ་ན་གཏན་ཚོགས ་ཡོད་པ་མ་ཡིན་ཏེ། མ་སྐྱེས་པའི་ཕྱིར་རོ།། དེ་བཞིན་དུ་གཏན་ཚིགས་ཀྱི་དུས་སུ་དམ་བཅུའ་བ་ཡོད་པ་མ་ཡིན་ཏྲེ། འགགུ་པའི་ཆོས་ཡོད་པའི་ཕྱིར་རོ།། དེའི་ཕྱིར་དམ་བཅའ་བའི་དངོས་པོ་མེད་པ་ལ་འདི་གང་གི་གཏན་ཚིག ་སུ་འགྱུར།། དེ་བཞིན་དུ་ད་མ་བཅཝའ་བ་ལ་ཅིག་ཅར་མེད་པའི་ཆོས་ཅན་གྱི་ཕྱིར་ཏེ། གངྒ་གི་ཚེ་ཡི་གེ་པྲ་ཡོད་པ་དེའི་ཚེ་ཡི་གེ་ཏེ་དང་། ཡི་གེ་ཛཱ་ཡོད་པ་མ་ཡིན་ནོ།། དེ་བཞིན་དུ་དུས་གཅིག་དུ་པཱ་ཡིག་དང་། རཱ་ཡིག་དང་། སྣི་གེ ་ཨ་ལ་སོགས་པ་རྣམས་ཀྱང་ཅིག་ཅར་འབྱུང་བ་མ་ཡིན་ནོ།། གཏན་ཚིགས་ཀྱི་ཡང་ཡི་གེ་རྣམས་ཅིག་ཅར་འབྱུང་བ་མ་ཡིན་ནོ།། མ་སྐྱེས་པའི་བུ་འམ་མ་ནིང་པའི་བུ་ཡིས་བུའི་བྱ་བ་བྱེད་མི་ནུས་པ་དེ་བཞིན་དུ་གཏན་ཚིགས། ་རྣམས་ཀྱང་དོན་མེད་དོ།། འདིར་སྨྲས་པ། གལ་ཏེ་རྒྱུ་དང་འབྲས་བུ་ཞེས་བྱ་བ་མ་གྲུབ་མོད།། དེ་ལྟ་ན་ཡང་བདག་ནི་གྲུབ་སྟེ། དེ་འགྲུབ་པའི་རྒྱུ་དང་འབྲས་བུ་དག་ཀྱང་འགྲུབ་པར་འགྱུར་རོ་ཞེ་ན། སྨྲས་པ། རང་བཞིན་བརྗོད་པར ་བྱའོ།། འདིར་གལ་ཏེ་བདག་ཡོད་ན་དེའི་ཚེ་དེའི་རང་བཞིན་བརྗོད་དགོས་སོ།། ཅི་སྟེ་ཤེས་པའི་རང་བཞིན་ཡིན་པར་སྨྲ་ན་ནི་དེའི་ཚེ། རྟགྲ་པ་མ་ཡིན་པར་འགྱུར་ཏེ། ཤེས་པ་ནི་མི་རྟག་པ་ཡིན་པའི་ཕྱིར་རོ།། འདིར་བུམ་པའི ་ཤེས་པ་འགགས་ཏེ། སྣམ་བུའི་ཤེས་པ་སྐྱེས་སོ།། ཅི་སྟེ་ཤེས་པ་ལས་གཞན་ཡིན་པ་དེ་ལྟར་ན་ནི་མི་ཤེས་པར་འགྱུར་རོ།། མི་ཤེས་པ་ཡིན་ན་ཡང་སྡུག་བསྔལ་བ་དང་། བདེ་བ་མེད་པར་ཐོལ་བར་འགྱུར་རོ།། གཉི་ག ་སྨྲ་བ་རྣམས་ལ་ནི་གཉི་གའི་སྐྱོན་དུ་ཐལ་བར་འགྱུར་ཏེ། ཤེས་པ་སེམས་དང་ལྡན་པར་སྨྲ་བ་རྣམས་ཀྱི་བདག་མེད་པ་ཁོ་ན་ཡིན་ནོ།། གང་གི་ཚེ་བདག་སེམས་བཅན་དུ་སྐྱེ་བ་དེའི་ཚེ་སེམས་པ་དང་བཅས་པར་འགྱུར་རོ།། ་དེ་ལྟ་ན་ཡང་བདག་མེད་པར་ཡོད་འགྱུར་ཏེ། སེམས་པ་བདྲག་མེད་པའི་ཕྱིར་རོ།། གལ་ཏེ་ཡང་སེམས་པ་དེ་ཉིད་དང་ལྡན་པར་འགྱུར་ན་ནི་དེའི་ཚེ་བདག་མེད་པ་ཉིད་དུ་ཡང་འགྱུར་ཏེ། དེ་དང་ལྡན་པའི་ཕྱིར་རོ།། འདིར ་སྨྲས་པ། བདག་ཡོད་དེ་བདག་གི་བའི་དངོས་པོ་ཡོད་པའི་ཕྱིར་རོ།། འདི་ལྟར་བདག་གིས་བུམ་པ་དང་སྣམ་བུ་ལ་སོགས་པ་བཀག་པ་ཡིན་ཏེ། དེ་མ་བཀག་པའི་ཕྱིར་བདག་ཡོད་དོ་ཞེ་ན། སྨྲས་པ། གཅིག་ཉིད་ལ ་སྐྱོན་ཡོད་དོ།། འདིར་གལ་ཏེ་བུམ་པ་སོགས་པ་རྣམས་ཧསྟ་ཞིག་ན་ཀླར་ན་འཇིག་པ་བཞིན་དུ་གཅིག་ཉིད་ཡིན་ནུ་ནི་དེའི་ཚེ་ཐམས་ཅད་བུམ་པ་ཉིད་དུ་ཐལ་བར་འགྱུར་རོ།། གང་དང་གང་ཡོད་པ་དེ་ནི་མིང་བུམ་པ ་དང་གཅིག་ཡིནོ།། བུམ་པ་ཞིག་ན་ཐམས་ཅད་དུ་ཐམས་ཅད་འཇིག་པར་འགྱུར་ཏེ་ཧསྟ་ཞིག་ན་ཀར་ན་འཇིག་པ་བཞིན་ནོ།། ཕྱིན་ཅི་ལོག་པར་ཐལ་བར་འགྱུར་པ་དང་གཅིག་ཡིན་པའི་ཟློས་པའི་སྐྱོན་དུ་ཡང་འགྱུར་ཏེ། ཇི་ལྟར ་ཧ་སྟ་ཞེས་བརྗོད་ན། ཀཱར་ན་དད་པ་ན་ཉིད་བརྗོད་པར་འགྱུར་པ་དེ་བཞིན་དུ། ཡོད་པ་ཞེས་བརྗོད་པས་བུམ་པ་དང་གཅིག་ཉིད་བརྗོད་པར་འགྱུར་ཏེ། དེའི་ཕྱིར་དངོས་པོ་རྣམས་གཅིག་པ་མ་ཡིན་ཏེ། སྐྱོན་དང་བཅས་པའི་ཕྱིར་རོ།། ་གང་དག་གི་གཅིག་པ་ཉིད་དེ་དག་ལ་ནི་སྐྱོན་འདི་ཡོད་ཀྱི་བདག་ཅག་ནི་གཞན་པ་ཉིད་དུ་ཁས་ལེན་པའི་ཕྱིར་སྐྱོན་འདི་མེད་དོ།། གཞན་པ་ཉིད་ཡིན་ན་ཡོད་པ་དང་གཅིག་པ་དང་བུམ་པ་རྣམས་མ་འདྲེས་པ་ཡིན་ཏེ། རྫས་དང་། ་ཡོན་ཏན་དང་ལས་དྲང་སྤྱི་དང་ཁྱད་པར་དང་འདུ་བ་རྣམས་ཐ་དད་པའི་ཕྱིར་རོ།། དེ་ལ་བུམ་པ་ནི་རྫས་སོ།། གཅིག་པ་ནི་ཡོན་ཏན་ནོ།། ཡོད་པ་ཞེས་བྱ་བ་ནི་སྤྱིའོ་ཞེ་ན། སྨྲས་པ། གཞན་ཉིད་ན་དངོས་པོ་མེད་པ་ཡིན་ནོ།། ། ་འདིར་གཞན་པ་ཉིད་ཡིན་ན་ཡོད་པ་དང་། གཅིག་པ་དང་བུམ་པ་རྣམས་དངོས་པོ་མེད་པར་འགྱུར་རོ།། ཅིའི་ཕྱིར་ཞེ་ན། ཡོད་པ་ལས་གཞན་པ་གང་ཡིན་པ་དེ་ནི་མིད་པ་ཡིན་ལ། བུམ་པ་ཡང་ཡོད་པ་ལས་གཞན་པ་ཡིན་ཏེ། ་དེ་ལྟ་བས་ན་བུམ་པ་མེད་དོ།། དཔེར་ན་བྲམ་ཟེ་ལས་གཞན་པ་དེ་ནི་བྲམ་ཟེ་མ་ཡིན་པ་བཞིན་ནོ།། བུམ་པ་ལ་སོགས་པའི་ཐ་དད་པའི་ཡོད་པ་ཉིད་ནི་མ་དམིགས་ཏེ། ཤིང་ལ་སོགས་པ་བཞིན་ནོ།། དེ་ལྟར་ན་གཞན་པ་ཉིད་ཡིན ་ན་ཡོད་པ་དྲང་གཅིག་པ་དྲང་བུམ་པ་རྣམས་དངོས་པོ་མེད་པ་ཡིན་ནོ།། འདིར་སྨྲས་པ། གཅིག་པ་ཉིད་དང་གཞན་པ་ཉིད་མ་གྲུབ་ཀྱང་། བུམ་པ་ནི་ཡོད་པ་ཁོ་ན་ཡིན་ཏེ། མངོན་སུམ་དུ་དམིགས་པའི་ཕྱིར་རོ།། ན་མཁའི་མེ ་ཏོག་ལྟ་བུ་ནི་མ་ཡིན་ཏེ། ཇི་ལྟར་གང་གི་ཕྱིར་ན་མཁའི་མེ་ཏོག་དངོས་པོ་མེད་པས་མ་དམིགས་པ་དེ་ལྟ་བུར་བུམ་པཱ་ནི་མ་ཡིན་ཏེ། དེ་བྱས་ན་བུམ་པ་ཡོད་པ་ཡིནྡ་ནོ་ཞེ་ན། སྨྲས་པ། འཛིན་པར་མི་ནུསོ།། འདིར་དབང་པོ་དང་། ་དབང་པོ་དོན་ཡོད་པའི་ཕྱིར་ཟླུམ་པ་ཡོདདྲོ་པའོ།། ཞེས་གང་གསུངས་བྱ་དེ་ནི་མ་ཡིན་ནོ།། ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་འདི་དག་ལ་འཛིན་པའི་ནུས་པ་མེད་དེ།། ཡིད་ལ་ནི་མཐོང་བ་མེད་དོ།། གལ་ཏེ་ཡོད་ན་ནི་དེ་ལོང་བས ་ཀྱང་མཐོང་བར་འགྱུར་རོ།། མིག་ལ་ནི་སེམས་པ་ཡོད་པ་མ་ཡིན་ནོ།། གལ་ཏེ་ཡོད་ན་ནི་ཡིད་ལ་བྱེད་པ་གཞན་གྱིས་ཀྱང་དེ་མཐོང་བར་འགྱུར་རོ།། གཟུགས་ལ་ནི་མཐོང་བ་དང་སེམས་པ་གཉི་ག་མེད་དོ།། དེ་བས ་ན་གཟུང་བས་ཕྱིར་དབང་པོ་དང་དབང་པོའི་དོན་གྲུབ་པ་ལ་དགོས་པ་མེད་དོ།། འདིར་སྨྲས་པ། དབང་པོ་དང་དབང་པོའི་དངོས་པོ་མེད་ཀྱང་བུམ་པ་ནི་མཐོང་བ་ཁོ་ན་ཡིན་ཏེ། གཟུགསུ་བསྟན་པའི་ཕྱིར་རོ།། མ་མཐོང་བ་གཟུ ་སུ་བསྟན་པ་མེད་དོ།། དེ་བས་ན་གཟུགས་ནི་མཐོང་བ་དེའི་བུམ་པ་མཐོང་བ་བཞིན་ནོ་ཞེ་ན། འདི་ལ་བརྗོད་པར་བླ་སྟེ། དངོས་པོ་མཐོང་བ་མ་ཡིན་ནོ།། འདྲིར་བུམ་བླ་མཐོང་ཤེས་གང་བརྗོད་པ་དེ་ཅི་མཛང། ་བ་དེ་ཉིད་བུམ་པ་ལས་གཞན་ནམ། འོན་ཏེ་གཞན་མ་ཡིན། གལ་ཏེ་གཞན་ཡིན་ན་དེའི་ཚེ་མཐོང་བ་ལས་གཞན་གང་ཡིན་པ་དྲི་ནི་མི་མཐོང་བར་འགྱུར་ཏེ། གཞན་ཡིན་པའི་ཕྱིར་རོ།། ཇི་ལྟར་རྟ་ལས་གཞན་པ་གང ་ཡིན་པ་དེ་ནི་རྟ་མ་ཡིན་པ་དེ་བཞིན་ཏེ། དེ་ལྟ་ཡིན་དང་བུམ་པ་ནི་མི་མཐོང་བར་འགྱུར་རོ།། གཅིག་པ་ཉིད་ཡིན་ན་ཡང་མཐོང་བ་ཉིད་མེད་ན། བུམ་པ་མེད་པར་འགྱུར་ཏེ། རྩིག་པོ་ལ་སོགས་པ་རྣམས་ཀྱིས་བསྒྲིབས ་པའི་ཕྱིར་རོ།། དེའི་ཕྱིར་གལ་ཏེ་མཐོང་བ་ཉིད་མེད་ན་ཡང་བུམ་པ་མེདདྲ་པར་མི་འགྱུར་ན། དེའི་ཚེ་དེ་དག་གཅིག་མ་ཡིན་ནོ།། གཅིག་པ་ཉིད་མེད་པས་ཀྱང་བུམ་པ་མཐོང་བ་མ་ཡིན་ནོ་ཞེས་བྱ་བའོ།། མཐོང་བྷུ་ཞིག ་བསྐྱ་བུམ་པ་ཡང་འཇིག་པར་འགྱུར་ཏེ། དེ་ལ་བུམ་པ་དང་མཐོང་བ་ནི་གཅིག་པའོ་ཞེས་གང་བརྗོད་པ་དེ་ནི་མ་ཡིན་ནོ།། འདིར་སྨྲས་པ། བདག་ཅག་གི་ཡོད་པའི་ཕྱིར་ཅུང་ཟད་འཇིག་པ་འམ་སྐྱེ་བ་མེད་དོ།། དེ་ཕྱིར ་མཐོང་བ་ལས་འཇིག་པ་དང་སྐྱེ་བ་མེད་དོ།། ཞེས་བྱ་བའོ།། འོན་ཀྱང་གང་འདི་ལ་སྐྱེ་བ་ཞེས་ཡིན་པ་ནི་རྒྱུ་ལས་ཕྲ་བའི་བདག་ཉིད་དུ་ཡོད་པའི་ཕྱིར་བྱེད་པ་ཡིན་ནོ།། རྒྱུ་ཡོད་པའི་ཕྱིར་ཡང་འ་བྲས་བུ་ཡོང་པ་སོན།། ་ཡོད་པས་དེའི་ཕྱིར་མཐོང་བ་ལ་འཇིག་པ་དང་སྐྱེ་བ་མེད་པ་ཞེས་བྱའོ་ཞེ་ན། སྨྲས་པ། ཡོད་པ་ནི་བྱ་བ་མ་ཡིན་ནོ།། འདིར་གལ་ཏེ་སྐྱེ་བ་དང་འཇིག་པ་མེད་པ་ཡིན་ན་དེའི་ཚེ་ཐ་ག་པཱ་ལྔ་སོགས་པ་རྣམས་མེད་པར་འགྱུར་རོ།། ནོ།། ། ་ཏེ་སྣམ་བུ་ལ་སོགས་པ་ཡོད་པ་ཡིན་ན་དེའི་མ་འོངས་པ་མེད་པར་ཐལ་བར་འགྱུར་ཏེ། ཡོད་པའི་ཕྱིར་ན་ཡོད་པ་ཡང་མ་འོངས་པ་ཉིད་དུ་ཇི་ལྟར་འགྱུར། འཇིག་པ་མེད་པའི་ཕྱིར་ཡང་ཆོས་དང་ཆོས་མ་ཡིན་པ་དག་མེད། ་བར་འགྱུར་ཏེ། འདིར་ཆོས་མ་ཡིན་པ་ཞིག་པ་ནི་ཆོས་སུ་འགྱུར་ལ། ཆོས་མེད་པ་ཡང་ཆོས་མ་ཡིན་པ་ཡིན་ཞིང་བྱ་བ་ཡང་མེད་པར་འགྱུར་རོ།། དེ་མེད་ན་ཐམས་ཅད་མེད་པར་འགྱུར་ཏེ། དེའི་ཕྱིར་སྐྱེ་བ་དང་འཇིག་པ ་དགུ་གདོན་མི་ཟ་བར་ཁས་བླང་བར་བྱའོ།། དེ་ལྟར་ན་བྱ་བ་ཡང་ཡོད་དེ། དེའི་ཕྱིར་ཡོད་པ་བྱ་བ་མ་ཡིན་ནོ།། གཞན་ཡང་གལ་ཏེ་རྒྱུ་ལ་འབྲས་བུ་བྱ་བའི་བདག་ཉིད་དུ་ཡོད་པ་དེ་ཉིད་ཀྱི་ཕྱིར་འབྲས་བུ་མེད་པ་ཡིན་ཏེ། རག ་པ་ཉིད་མེད་པའི་ཕྱིར་རོ།། འདི་ལྟར་ཕྲ་བའི་གནས་སྐབས་ན་དེའི་ཕྲ་བ་ཉིད་ཀྱི་འདི་ལྟར་དེ་ལ་རེག་པ་ཉིད་མེད་དེ། དེའི་ཕྱིར་མེད་པ་སྐྱེ་བ་དང་། ཆོས་ཞིག་ན་ཡང་ཆོས་མ་ཡིན་པར་འབྱུང་བར་འགྱུར། གལ་ཏེ་སྐྱེ་བ་དང ་འཇིག་པ་ཉིད་མེད་ན། དེའི་ཚེ་འདས་པ་དང་མ་འོངས་པ་ཡང་མེད་པར་འགྱུར་ལ། དེ་དག་མེད་པའི་ཕྱིར་ད་ལྟར་བྱུང་བ་ཡང་མེད་དོ།། གལ་ཏེ་འདས་པ་དང་མ་འོངས་པ་མེད་ན་ད་ལྟར་བྱུང་བ་འདི་གང་གི་ཡིན། འོདས་པ་དང་། ་མ་འོངས་པ་དང་ད་ལྟར་བྱུང་བ་མེད་པའི་ཕྱིར་ཐམས་ཅད་མེད་པར་ཐལ་བར་འགྱུར་རོ།། འདིའི་ཕྱིར་ཡང་འབྲས་བུ་མེད་པར་སྨྲ་བ་ཡིན་ཏེ། གལ་ཏེ་འོ་མ་ཞེས་བྱ་བའི་རྒྱུ་ལ་ཞོ་ཞེས་བྱ་བའི་འབྲས་བུ་ཡོད ་པ་ཞེས་བྱ་བ་དེ་ལྟ་ན་ནི་དེ་སྐྱེ་བར་མི་འགྱུར་ཏོ་ཡོད་པའི་ཕྱིར་རོ།། དེ་བས་ན་ཞོ་ནི་མེད་པ་ཁོ་ན་སྐྱེ་བར་འགྱུར་ཏེ། དེ་ལྟ་ན་མེད་པ་འབྲས་བུར་ཐལ་བར་འགྱུར་པ་དེ་བས་ན་ཡོད་པ་ནི་བྱ་བ་མ་ཡིན།། འདིར་སྨྲས་པ། གང་ཡང་འབྲས ་བུ་ཡོད་པར་སྨྲས་པ། དེ་དག་ལ་སྐྱེ་འཇིག་མེད་པར་ཐལ་བས་ཉེས་པར་འགྱུར་མོད།། གང་ཡང་འབྲས་བུ་ཡོད་པ་དང་། མེད་པ་སྨྲ་བ་དེ་དག་ལ་སྐྱོན་མེད་ལ། འདི་ཁས་བླངས་པ་ལས་དོན་གཉི་ག་གྲུབ་ཅིང་། དེ་གྲུབ་པའི་ཕྱིར ་ཡང་འབྲས་བུ་ཡོད་པ་དང་མེད་པར་འགྱུར་རོ་ཞེ་ན། སྨྲས་པ་དེ་དག་ལ་སྐྱེ་བ་མ་ཡིན་ནོ།། འདིར་ཡོད་པ་ནི་སྐྱེ་བ་མ་ཡིན་ཏེ་ཡོད་པའི་ཕྱིར།། འདི་ལྟར་ཡོད་པའི་བུམ་པ་འཇིམ་གོང་ལ་སོགས་པ་རྣམས་ཀྱིས་བསྐྱེད་པར་བྱེད་པ ་མ་ཡིན་ནོ།། མེད་པ་ཡང་སྐྱེ་བར་བྱེད་པ་མ་ཡིན་ཏེ་མེད་པའི་ཕྱིར་རོ།། ཐ་ག་ལ་སོགས་པས་རུས་སྦྲུལ་གྱི་སྤྱིའི་གོས་བསྐྱེད་པར་བྱེད་པ་མ་ཡིན་ཏེ། མེད་པའི་ཕྱིར་རོ།། དེ་ལྟར་ཡོད་པ་དང་མེད་པ་སྐྱེ་བ་མཱ་ཡིན་ནོ།། སྐྱེས་པ་ནི་སྐྱེས ་པའི་ཕྱིར་མི་སྐྱེ་ལ།། མ་སྐྱེས་པ་ཡང་མ་སྐྱེས་པའི་ཕྱིར་མི་སྐྱེའོ།། གཞན་ཡང་སྐྱེ་བ་གང་ཡིན་པ་འདི་རང་ལས་སམ་གཞོན་ལས་འགྱུར་གྲང་ན། གཉི་ག་ཡང་སྐྱོན་ཡོད་དོ།། མ་སྐྱེས་པ་ལོ་རང་གི་བདག་ཉིད་མེད་ན་ཇི་ལྟར ་རང་ལས་སྐྱེ་བར་འགྱུར།། ཅི་སྟེ་ཡོད་པ་དེ་ལྟ་ན་ཡང་ཡོད་པ་ལ་ནི་སྐྱེ་བ་ཡོད་པ་མ་ཡིན་ནོ།། དེ་ལྟར་རེ་ཞིག་རང་ལ་སྐྱེ་བ་མ་ཡིན་ནོ།། གཞན་ལས་ཀྱང་སྐྱེ་བ་མ་ཡིན་ཏེ། སྐྱེས་པ་ལས་གཞན་དུ་གྱུར་ན། གང་ལས་གཞན་ལས ་སྐྱེ་བ་མེད་པ་ལས་ཅི་སྟེ་ཡོད་པ་ལས་གཞན་མི་སྐྱེའོ།། ཅི་སྟེ་ཡོད་མཽད་གཞན་ལས་མི་སྐྱེ་སྟེ། གཉི་གཱའི་སྐྱོན་དུ་ཐལ་བའི་ཕྱིར་རོ།། དེ་ལྟར་ཡོད་པ་དང་མེད་པ་དང་ཡོད་མེད་ནི་རང་ངམ། གཞན་ལས་སྐྱེ་བར་མི་འགྱུར་ཏེ། སྐྱེ་བ་མེད ་པོས་ཐམས་ཅད་མེདདོ།། འདིར་སྨྲས་པ། གལ་ཏེ་སྐྱེ་བར་མི་འགྱུར་ན་དེའི་ཚེ་འདུས་བྱས་ཀྱི་མཚན་ཉིད་མེད་པར་འགྱུར་ཏཽ། འདུས་བྱས་ནི་སྐྱེ་བ་དང་གནས་པ་དང་འཇིག་པ་རྣམས་ཀྱིས་མངོན་པར་གསལ་བར་བྱས་པའོ།། དེའི ་ཕྱིར་འདུས་བྱས་ནི་ཡོད་པ་སྟེ་དྲི་ཡོད་པའི་ཕྱིར་ཐམས་ཅད་འགྲུབ་པར་འགྱུར་རོ།། ཞོ་ན་སྨྲས་པ། འདུས་བྱས་མེད་དེ་འདིར་ཁྱོད་ཀྱིས་འདུས་བྱོས་སུ་མངོན་པར་བརྗོད་པ་གང་ཡིན་པ་དེའི་མཚན་ཉིད་སྐྱེ་བ་དང་གནས་པ་དང་འཇིག་པ ་རྣམས་ནི་རིམ་གྱིས་ཡོད་པ་མ་ཡིན་ཞིང་ཅིག་ཅར་ཡང་མ་ཡིན་ཏེ། འདི་ལྟར་གང་གི་ཚེ་སྐྱེ་བ་དོ་ཚེ་གནས་པ་དང་འཇིག་པ་མེད་པ། དེ་དག་མེད་ན་སྐྱེ་བ་གང་ཞིག་ཡིན། གང་གི་ཚེ་གནས་པ་མེད་པ་དེའི་ཚེ་སྐྱོ་བ་གང་གི་ཡིན་གང་གི་ཚེ་གཟླ་བ་ནི། ་པདེ་ཚེ་སྐྱེ་བར་འགྱུར་ཉེ་བྱ་བར་མི་རིག་ལ་སྐྱེ་བ་མེད་ན་གང་གན་པར་འགྱུར་བསྟེ་སྐྱེ་བ་མེད་པར་གནས་པར་འགྱུར་ན་དེའི་ཚེ་མོ་ཤམ་གྱི་བུ་ལ་སོགས་པ་རྣམས་ཀྱང་གནས་པར་འགྱུར་རོ།། རྩོད་པ་པོ་ལས་བརྗོད་པར་བྱ་སྟེ། མགོ་གཉིས ་པ་ལག་པ་གསུམ་པ་དག་མ་སྐྱེས་པ་ཡང་ཅིའི་ཕྱིར་གནས་པ་མེད། འདི་ནི་འདོད་པ་ཡང་མ་ཡིན་ཏེ་དེ་བས་ན་སྐྱེ་བ་དང་གནས་པ་དང་འཇིག་པ་རྣམས་རིམ་གྱིས་འབྱུང་བ་མ་ཡིན་ནོ།། ཅིག་རྔུར་ལྟུང་མ་ཡིན། ་ཏེ། འདི་ལྟར་སྐྱེ་བའི་དུས་ན་འཇིག་པ་དང་གནས་པ་མེད་ལ། འཇིག་པའི་དུས་ན་ཡང་སྐྱེ་བ་དྲང་གནས་པ་མེད་ཅིང་། གནས་པའི་དུས་ན་ཡང་སྐྱེ་བ་འཇིག་པ་དག་མེད་པ་དེ་བས་ན་ཅིག་ཅར་འབྱུང་བ་ནི་ཡོད་པ་མ་ཡིན་ནོ།། དུས ་གཅིག་པ་ཡིན་ན་སྐྱེ་བ་དང་འཆི་བ་དག་ཅིག་ཏུ་འགྱུར་ཏེ། འདི་ནི་འདོད་པ་ཡང་མ་ཡིན་མ་ཡིན་ནོ།། དེའི་ཕྱིར་འདི་དག་རིམ་པ་དང་ཅག་ཅེར་དུ་འབྱུང་བ་མེདདོ།། གཞན་ཡང་། གལ་ཏེ་འདུས་བྱས་ཀྱི་མཚན་ཉིད་གསུམ་ཡིན་པ་དེ ་ལྟ་ན་ཐུག་པ་མེད་པོར་ཐལ་བར་འགྱུར་ཏེ། དེ་ལ་ཡང་གཞན་དང་གཞན་ཡིན་པས་ཐམས་ཅད་དུ་གསུམ་ཉིད་འབྱུང་བར་འགྱུར་རོ།། དེའི་ཕྱིར་སྐྱེ་བ་ལ་སྐྱེ་བ་དང་གནས་པ་དང་འཇིག་པོ་གསུམ་དུ་འགྱུར་ལ། དེ་བཞིན་དུ ་གནས་པ་དང་འཇིག་པ་དག་ལ་ཡང་སྦྱར་བར་བྱའོ།། ཐུག་པ་མེད་པར་ཐལ་བར་འགྱུར་བ་ཡང་འཐོབ་སྟེ། དེ་རྣམས་ཀྱང་གཞན་ཡང་། གཞན་གྱིས་ནུས་པས་སྐྱེ་བ་དང་གནས་པ་དང་འཇིག་པར་ཐལླ་བར་འགྱུརརོ།། དེ་བས ་ན་སྐྱེ་བ་དང་གནས་པ་དང་། འཇིག་པ་རྣམས་ལ་རེ་རེ་ལ་གསུམ་གསུམ་དུ་འགྱུརརོ།། དེ་ལྟ་མ་ཡིན་ན་འདུས་བྱས་མ་ཡིན་པར་ཐལ་བར་འགྱུར་རོ།། དེ་ལས་མ་གཏོགས་པ་གཞན་འདུས་བྱས་ཉིད་ནི་ཡོད་པ་མི་ཡིན་ཏེ། ་བྱུང་ཀྱ་གསུས་པ་ནས་གང་ད་པ་ད་བ་བླུརྣམ་པ་ལ་གྱུད་འགྱུར། དབུས་ནྱ་ངས་སྨྲས་ནི་སྐྱེད་དུ། སྨྲ་སྨྲངྱ་སྱཱ་གཱ་རྒྱུ་བྱ་ས་སྨྲས་བྷྱ ་ལཱ་དེ་ཁས་བླངས་པའི་ཕྱིར་འདུས་བྱས་འགྲུབ་སྟེ། ཐམས་ཅད་ནི་ཡོད་པར་དམིགས་ཏེ། ཇི་ལྟར་སྡུག་བསྔལ་དང་བདེ་བ་ད་ཆོས་ཚོམ་ཡིན་པ་དང་གྲེང་གི་དང་དྲོ་བ་བཞིན་ཏེ། དེ་བཞིན་དུ་འོངས་བྱས་དང་འདུས་མ་བྱིས་གང ་ཡིན་པར་བྱ་སྟེ། དེ་བས་ན་འདུས་མ་བྱས་གྲུབ་པའི་ཕྱིར་གཉི་གུ་གྲུབ་བོ།། འདུས་མ་བྱས་ཐམས་ཙ་དྲ་དུ་འགྲོ་པཱ་དང་། རྟག་པ་དྲང་ཕྱོགས་དང་བྲལ་བཱ་རྣམསོ་ཞེ་ན། ཕྱོགས་གཅིག་ཙམ་མོ།། འདིར་གལ་ཏེ་བདགྷོ་དང་། ་རྡུལ་ཕྲ་རབ་དང་ན་མཁའ་དྲང་དུས་དང་ཕྱོགས་ལུ་སོགས་པ་དེ་དག་གི་ཐམས་ཅད་དུ་འགྲོ་བུ་ཉིད་དེའི་ཚེ་འདྲི་ལ་དྲི་བར་བྱ་སྟེ། ཅི་ཁྱེད་ཅག་གི་བདག་འདི་ལུས་ལ་ཕྱོགས་གཅིག་གིས་གནསྔ་མ་འོན་ཏེ་བདག་ཉིད་ཐམས ་ཅད་ཀྱིས་གལ་ཏེ་ཕྱོགས་གཅིག་གིསོ་ཞེ་ན། དེའི་ཚེ་ཕྱོགས་གཅིག་པས་རྣམ་པར་གནས་པའི་ཕྱིར་ཕྱོགས་གཅིག་པ་གཞོན་རྣམས་ཀྱིས་ཀྱང་འགྱུར་བར་བྱ་དགྲོས་སོ།། ཕྱོགས་དང་བཅས་པའི་ཕྱིར་ཡང་མི་རྟག་པ་ཉིད་དེ ་འདི་ལྟར་གང་ཕྱོགས་སུ་འཇུག་པ་དེ་དག་ནི་མི་རྟག་པ་སྟེ། དཔེར་ན་བུམ་པ་ལ་སོགས་པ་ལྟ་བུའོ།། ཅི་སྟེ་བདག་ཉིད་ཐམས་ཅད་ཀྱིས་ལུས་ལ་གནས་ན་ནི་དེའི་ཚེ་ཕྱོགས་ཐམས་ཅད་དུ་འགྲོ་བ་ཉིད་ཁོ་ནའི་ལུས་ལ་ཡོངས ་སྣ་རྫོགས་པས་དེར་ཕྱིར་ཕྱོགས་གཅིག་ཙམ་དུ་ཐལ་བར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བླ། གྲཝ་པསྣ་ཐམས་ཅད་དུ་འགྲོ་བ་དང་རྡུལ་པཱ་རཱ་། བ་ང ་མས་ཅད་དུ་འགྲོ་བ་དང་ཕྱོགས་དང་བྲལ་བ་རྣམ་ཕྱོཊ་གཅིག་དང་བཅས་པ་ཉིད་དུ་འགྱུར་ཏེ། ལུས་ཕྱོགས་དང་བཅས་པའི་ཕྱིར་འདི་རྣམས་ཀྱང་ཕྱོགས་དང་བཅས་པ་ཉིད་དུ་ཐཀཱ་རཱ་ར། རྣམས་རྒྱུ ་སམ། རྒྱུ་མེད་པ་ལྷས་འགྲུབ་པར་འགྱུར། དེས་ཅིར་འགྱུར་ཞེ་ན། གཉི་ག་ལ་ཡང་སྐྱོན་ཡོད་དེ། གལ་ཏེ་རྒྱུ་ལས་ཡིན་ན་དེའི་ཚེ་མི་རྟག་པ་ཉིད་དུ་ཐལ་བར་འགྱུར ་བྲ་པ་ལ་སོགས་པ་བཞིན་ནོ།། ཅི་སྟེ་རྒྱུ་མེད་པ་ལས་སོ་ཞེ་ན། དེ་ལྟ་ན་ཡང་ངེས་པ་མེད་པ་ཉིད་དུ་ཐལ་བར་འགྱུར་ཏེ། རྒྱུ་མེད་པ་དག་ནི་ཡུལ་དང་དུས་དང་བཞིན་ངེས་བྱེར་རོ།། ས ་མེད་པ་ཉིད་དུ་ཡང་ཐལ་བར་འགྱུར་ཏེ། མོཤམ་གྱི་བུ་ལ་སོགས་པ་བཞིན་ནོ།། ཅི་སྟེ་ཁྱེད་ཅག་གི་ཚི་གཽ་ཙམ་གྱིས་གྲིབ་ཀྱི་ཡོདག་པ་ནི་མ་ཡིན་ན།། འདྲེད་བྱེ་བླག་སྨྲ་གས་རྗོད་ས་སོ།། ཅི་སྟེ ་རྒྱུ་ནི་རྣམ་པ་གཉིས་ཏེ། བྱེད་པ་དང་། གསལ་བའོ།། དེ་ལ་གང་དག་བྱེད་པའི་རྒྱུས་བསྐྱེད་པ་དེ་དག་ནི་རྟག་པ་མ་ཡིན་ཏེ། ཇི་ལྟ་སོགས་པ་བཞིན།། ན ་གསལ་བར་བྱེད་ཀྱི་བསྐྱེད་པ་མ་ཡིན་པ་དེ་ནི་གསལ་བར་བྱེད་པའི་རྒྱུ་སྟེ། ཇི་ལྟར་སྒྲོན་མ་དང་ནོར་བུ་ལ་སོགས་པའི་འོད་ལྟ་བུའོ།། དེ་ལ་བྱེད་པའི་རྒྱུས་ནི་མི་རྟག་པ་ཉིད་དུ་འགྱུར་ལ། མ་བྱས་པ་རྣམས་མངོན་པར ་གླགསལ་བར་བྱེད་པ་དག་གིས་མངོན་པར་གསལ་བ་འབའ་ཞིག་དུ་ཟད་ཀྱི་བསྐྱོད་པ་ནི་མ་ཡིན་ནོ།། ཡང་གང་དག་སྐྱེ་བྱ་དེ་དག་ནི་རྟག་པ་མ་ཡིན་ཏེ། ཆོས་མི་མཐུན་པ་ནི་གང་དག་མི་སྐྱེ་བ་རྒྱས་མངོན་པར་གསྔལ་བ་འབ ་ཞིག་པ་དེ་དག་ནི་རྟག་པའོ།། དེ་བས་ན་ཆོས་མི་མཐུན་པའི་ཕྱིར་བྱས་པ་ནི་རྟོག་པ་མ་ཡིན་ནོ་ཞེས་སྨྲའོ།། དེ་ལྟ་ན་ནཱི་འོ་ན་བྱས་པ་ཡོད་པ་ཉིད་དུ་མཐོང་བས། ཆོས་མི་མཐུན་པས་མོ་བྱས་པ་རྣམས་མེད་པ་ཉིད་དུ་འགྱུར ་བྲས་རྟག་པ་རྣམས་དོན་མེད།། དེ་ལྟར་འདུས་བྱས་དང་འདུས་མོ་བྱས་ཡོངས་སུ་བཏང་བ་ལས་ངར་འཛིན་པ་དང་ང་ཡིར་འཛིན་པ་དུག་རབ་ཏུ་སྤང་བ་ཡིན་ལ་དེའི་ཕྱིར་མྱ་ངན་ལས་འདས་སོ།། དེ་གསུངས་པ། ཤེས་པ་རྟེན་མ ་མི་འཇུག་སྟེ།། རྣམ་ཤེས་འགགས་པར་གྱུར་བྱ་སྤྱིས།། སྲིང་པའོ་ས་བོན་འགགས་པར་འགྱུར།། འདུས་བྱས་དངོས་པོ་མེད་པའི་ཚེ། འདི་ལྟར་དངོས་པོ་འདི་རྣམས་དངོས་པོ་ཉིད་ཡིན་ཞེ་ན། སྨྲས་པ། རྨི་ལམ་དང་མཚུངས ་སོ་འདི་ནི་ཐ་སྙད་ལས་དངོས་པོ་རྣམས་ཀྱི་དངོས་པོ་ཉིད་རྨི་ལམ་དང་མཚུངསོ།། ཇི་ལྟར་རྨི་ལམ་ཡོད་པ་ཉིད་ཀྱི་མཚན་ཉིད་དུ་འགྱུར་བ་མ་ཡིན། མེད་པ་ཉིད་ཀྱི་མཚན་ཉིད་དུ་འགྱུར་བ་ཡང་མི་ཡིན་ལ། རྒྱུ་མེད་པ་ཡང ་ཡིན་ཏེ་དེ་བཞིན་དུ་ཐ་སྙད་ལས་ཁྱིམ་སོགས་པ་རྣམས་ཡོད་པ་ཉིད་དོ།། གལ་ཏེ་དོན་དམ་པར་ཁྱིམ་ལ་སོགས་པ་ཡོད་པའི་མཚན་ཉིད་དུ་འགྱུར་ན། རྩིག་དངོས་མེད་པ་ཡང་དམིགས་པར་འགྱུར་ཏེ་ཡོད ་པའི་ཕྱིར་རོ།། ཅི་སྟེ་མེད་པའི་མཚན་ཉིད་དུ་གྱུར་ན་དེའི་ཚེ་བྱས་པ་ན་ཡང་མི་དམིགས་པར་འགྱུར་རོ་མེད་པའི་ཕྱིར་རོ།། ཅི་སྟེ་གཉི་གའི་མཚན་ཉིད་དུ་གྱུར་ན། དེ་ལྟ་ན་བྱས་པ་དང་མ་བྱས་པ་གཉི་ག་ཡང་དམིགས ་པར་འགྱུར་བ་ཞིག་ན། གཉི་གར་དམིགས་པ་ཡང་མེད་དོ།། རྒྱུ་མེད་པ་ཡང་མ་ཡིན་ཏེ། རྩ་ལ་སོགས་པ་རྣམས་ཀྱིས་གྲུབ་པ་ཉིད་ཀྱི་ཕྱིར་རོ།། དེའི་ཕྱིར་ན་འབྲས་བུ་ཡོད་པ་མ་ཞིང་འབྲས་བུ་མེད་པ་མ་ཡིན་ལ།། ་འབྲས་བུ་ཡོད་པ་དང་མེད་པ་ཡང་མ་ཡིན་ལ། རྒྱུ་མེད་པ་ཡང་མ་ཡིན་ནོ།། འདིར་སྨྲས་པ། གལ་ཏེ་དངོས་པོ་རྣམས་རྨི་ལམ་དྲང་མཚུངས་པ་ནི་དེའི་མིང་བསྟན་པས་དངོས་པོ་རྣམས་ལས་འགའ་ཡང་རྟོགས་པར ་མི་བྱེད། འདི་ལྟར་བུམ་པ་འོན་ཅིག་ཅེས་བརྗོད་པ་ན།། བྱིས་པ་འམ། མཁས་པ་ཡང་རུང་བུམ་པ་ཞེས་བྱ་བའི་མིང་འདིས་མིང་ཅན་བུམ་པ་ལ་རྟོག་པར་བྱས་ནས་བུམ་པ་ཁྱེར་ནས་འོང་གི་སྣམ་བུ་ནི་མ་ཡིན་ཏེ། ་དེ་བས་ན་མིང་བསྟན་པ་ལས་དངོས་པོ་ཡོདདོ་ཞེ་ན། འདི་ལ་བརྗོད་པ། མིང་ནི་དངོས་པོ་མ་ཡིན་ནོ།། འདིར་མིང་དངོས་པོ་མ་ཡིན་ཏེ། གལ་ཏེ་མིང་དངོས་པོར་གྱུར་ན་དེའི་ཚེ། བུམ་པ་ཞེས་བརྗོད་པ་ནི་ཡི་གེ་གཉིས ་བོ་དེ་དག་ཉིད་ཀྱི་སྦྲང་རྩི་དང་ཆུ་ལ་སོགས་པ་འཛིན་པ་དང་། འཐུང་བར་བྱེད་པར་འགྱུར་ན། དེ་ལྟར་ཡང་མུ་ཡིན་ཏེ་དེའི་ཕྱིར་མིང་གཞན་ལ་དངོས་པོ་གཞན་ནོ།། གལ་ཏེ་མིང་དངོས་པོར་གྱུར་ན་ནི་མི་མཁས་པ་སུ་ཞིག་ཚིག ་ཙམ་གྱིས་ཡོད་པའི་བུམ་པ་རྫ་མཁན་ལས་རིན་གྱིས་ཉོ་བར་བྱེད།། གལ་ཏེ་མིང་དངོས་པོར་གྱུར་ནཱ་ནི་དེའི་ཚེ་གཅིག་ལ་རྟགས་གསུམ་མམ། བུད་མེད་དང་། སྐྱེས་པ་དང་། མ་ནིང་རྣམས་འདྲེས་པར་ཐལ་བར་འགྱུར་རོ།། ། ་ཅིའི་ཕྱིར་ཞེ་ན། འདི་ནི་དྷ་དྷ་ཞེས་བརྗོད་པ་ན་སྐྱེས་པ་དང་། ཏ་ནི་ཞེས་བརྗོད་པ་ན་བུད་མེད་དང་། ཤ་ཧེ་རཾ་ཞེས་བརྗོད་པ་ནཱ། མ་ནིང་ཞེས་བསྟན་ཏེ། རྟགས་གསུམ་པོ་འདི་ནི་སྲོག་ཆགས་དང་སྲོག་ཆགས་མ་ཡིན་པ ་ཐམས་ཅད་ལ་འཇུག་པར་འགྱུར་ཏེ། དེ་བས་ན་གལ་ཏེ་མིང་དངོས་པོར་གྱུར་ན། གཅིག་ལ་གསུམ་དུ་འགྱུར་ཏེ། དེའི་ཕྱིར་སྐྱེས་བུ་ལ་བུད་མེད་དང་སྐྱེས་པ་དང་། མ་ནིང་དུ་འགྱུར་ན་དེ་ཡང་མི་འདོད་དེ། དེའི་ཕྱིར ་མིང་དངོས་པོ་མ་ཡིན་ཏེ། གྲང་གི་ཕྱིར་མིང་ནི་རྣ་བས་དང་། བུམ་པ་ནི་མིག་ལ་སོགས་པ་རྣམས་ཀྱིས་འོ་ཛིན་པར་བྱེད་དོ།། གྲལ་ཏེ་ཡང་མིང་བུམ་པར་གྱུར་ན་དེའི་ཚེ་གྷ་ཊ་དང་ཀུམ་པ་དང་། ཀྲ་ལ་ཤྲ་ཞེས་བྱ་བ་ལ ་སོགས་པ་མིང་མང་བའི་ཕྱིར་དངོས་པོ་མང་བ་ཉིད་དུ་འགྱུར་ཏེ། དེ་ལྟར་ཐམས་ཅད་ཀྱིས་བསལ་ན་མིང་ནི་དངོས་པོ་མ་ཡིན་ནོ།། བཅོམ་ལྡན་འདས་ཀྱིས། འཇིག་རྟེན་ཞེས་བྱ་མིང་ཙམ་སྟེ། མིང་དང་སྨིག་རྒྱུ ་དང་མཚུངས་པའི།། ཚིགྲ་ཙམ་ཚིག་གིས་སྟོང་པ་སྟེ། རྒྱུད་མངས་རྫ་རྔ་སྒྱུ་བརྙན་མཚུངས།། ཞེས་གསུངས་སོ།། དེ་བས་ན་ཐ་སྙད་རྨི་ལམ་དང་མཚུངས་སོ།། དེའི་ཕྱིར་དངོས་པོ་མ་ཡིན་ནོ།། འདིར་སྨྲས ་པ། དྭེ་བཀུག་བཱ་གླང་ཡིན་པ་དེ་ཅི་རང་བཞིན་མེད་པ་ཞིག་གམ་འོནཱ་ཏེ་མྱ་ཡིནརྀ། འོན་ཏེ་རང་བཞིན་དང་བཅས་པ་ཡིན་ན། དེའི་ཚེ་དམ་བཅའ་བ་ཉམས་སོ།། ཅི་སྟེ་རང་བཞིན་མེད་ན་དྲེའི་ཚེ་དགྲག་པར་བྱ་བར་མི་ནུས ་རང་བཞིན་མེད་པའི་ཕྱིར་རོ་ཞེ་ན། སྨྲས་པ་བསྒྲུབ་པར་བྱ་བ་དང་མཚུངསོ།། འདིར་ཁྱེད་ཀྱིས་དགུག་པ་གང་ཡིན་པ་འདི་བརྗོད་པ། ཊཱི་ཡོད་པ་དང་མེད་པ་ཞེས་བྱ་བའི་དགག་པར་བྱེད་པའི་ཕྱིར་མི་སྲིད་དེ། དགག་པར་བྱ་བ ་མེད་པ་ལ་ནི་འདི་ཅི་ཞིག་འགེགས། དགག་རྫི་བར་བྱ་བ་དང་། དགག་པཱ་དང་། འགེགས་པ་པོ་རྣམས་རིམ་གྱིས་མི་སྲིད་ལྔ།། ཅིག་ཅར་ཡང་མ་ཡིན་ནོ།། འདི་ལྟར་གྲལ་ཏེ་དགག་པར་བྱ་བ་མེད་ན་གླང་གི་དགག་བླ ་ཡིན། དེ་བཞིན་དུ་གལ་ཏེ་དགག་པ་མེད་ན་ཇི་ལྟར་དགག་པར་བྱ་བ་ཡིན་པར་འགྱུར། དེ་དག་མེད་ན་འགྲེགས་པ་པོར་ཇི་ལྟར་འགྱུར། དེ་དག་མེད་པར་ཡང་དེ་ཇི་ལྟར་འགྱུར། དེ་ལྟར་རེ་ཞིག་རིམ་གྱིས་མ་ཡིན ་དགག་པར་བྱ་བ་དང་། དགག་པ་དང་། འགེགས་པ་པོ་ཅིག་ཅར་ཡང་ཡོད་པ་མ་ཡིན་ཏེ། ཅིག་ཅར་སྐྱེ་བའི་བ་ལང་གི་རྭ་དག་ལི་ནི་ཕན་ཚུན་དགག་པར་བྱ་བ་དང་། དགག་པ་དང་། འགེགས་པ་པོ་དག་མེད་དོ།། ། ་དེ་བས་ན་ཚིག་འདི་བསྒྲུབ་པར་བྱ་བ་དང་མཚུངས་སོ།། དེ་ལྟ་ཡཱིནྡྲ་དང་རྟེན་མེད་པའི་ཉོན་རྨོངས་པ་རྣམས་རུག་ཏུ་སྤྱོད་པ་ཡིན་ནོ།། ཡང་བདག་ཉིད་ཆེན་བློ་ཆགས་མིན།། རྒྱགས་བྲལ་མྱ་ཡིན་རྟེན་མེད་ཕྱིར།། རྟེན་ཡོད་ན་ནི་ཆགས ་པ་དང་།། ཆགས་བྲམ་ཉེ་བར་སྤྱོད་པར་བྱེད།། ཅེས་གསུངས་སོ།། ཡི་གེ་བརྒྱ་པ་ཞེས་བྱ་བའི་རབ་ཏུ་བྱིད་པྲའི་འགྲེལ་པ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལྔ་སྟུ་ནས་མཛད་པ་རྫོགས་སོ།། ། དཔལ་ཁ་ཚོ ་གྲོང་ཁྱེ་དཔེ་མེད་དུ་བྱིནྡྷེ་གཞོ་དྷྲྀ་ཤེས་རབ་ཀྱིས་བསྒྱུར་བའོ།། ། སྒྱུད་ཀྱིས་བིདྡྷི་ཏ། ཨ་ནནྟ་དང་། མོ་ཙྪ་བ་གྲགསཔ་ཤེས་རབ་ཀྱིས་བུ་ཆེན་ལེགས་པར་བྱའོ།། ། རྒྱུ་གར་སྐད ་