CLOSE WINDOW

GT3234: stong pa nyid bdun cu pa'i 'grel pa
Wyliee-texts produced with BDRC’s OCR application

@རྒྱ་གར་སྐད་དུ། ཤུ་ནྱཱ་ཏ་སྱ་སཔྟི་ཏ་བྲྀཏྟི། བོད་སྐད་དུ། སྟོང་པ་ཉིད་བདུན་ཅུ་པའི་འགྲེལ་པ། འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ།། གནས་པ་འམ་སྐྱེ་འཇིག ་ཡོད་མེད་དམ།། དམན་པ་འམ་མཉམ་པ་འམ་ཁྱད་པར་ཅན།། སངས་རྒྱས་འཇིག་རྟེན་བསྙང་དབང་གིས།། གསུང་གིས་ཡང་དག་དབང་གིས་མིན།། གནས་པ་བམ་སྐྱེ་བའམོ་འཇིག་པ་འམ།། ཡོད་པ་འམ་མེད་པ་འམ ་དམན་པའམ།། མཉམ་པའམ་ཁྱད་པར་ཅན་ཡང་རུང་སྟེ།། དེ་ཐམས་ཅད་ནི་འཇིག་རྟེན་གྱི་ཐ་སྙད་ཀྱིས་དབང་གིས་སངས་རྒྱས་གསུངས་ཀྱི་དེ་ཁོ་ནའི་དབང་གིས་ནི་མ་ཡིན་ནོ།། འདིར་སྨྲས་པ། བདག་ཅེས་བྱ་བ་དེ་ལྟ་བུ ་ལ་སོགས་པའི་མངོན་པར་བརྗོད་པ་གང་ཡིན་པ་འདི་ཅི་ནས་མེད་པ་ཞིག་ཡིན་ནམ་བདག་མེདོ་སྙམ་པའི་བློ་དག་ཀྱང་འཇུག་པས་བདག་ནི་གདོན་མི་ཟ་བ་ཁོ་ནར་ཡོད་དོ།། འདིར་བཤད་པ། བདག་མེད་བདག་མཽད་མིན་བདག ་དང་།། བདག་མེད་མིན་པས་བརྗོད་དགའང་མེད་ཅིའི་ཕྱིར་ཞེ་ན། བརྗོད་པར་བྱ་བའི་ཆོས་རྣམས་ཀུན།། མྱ་ངན་འདས་མཚུངས་རང་བཞིན་སྟོང་།། འདིར་སྨྲས་པ། དངོས་པོ་ཐམས་ཅད་ཀྱང་རང་བཞིན་གྱིས་སྟོང་ཞེས་བྱ་བ ་འདི་ནི། རྒྱལ་པོའི་བཀའི་ཚིག་གམ། འོན་ཏེ་གང་གིས་དངོས་པོ་ཐམས་ཅད་རང་བཞིན་གྱིས་སྟོ་ངོ་ཞེས་བྱ་བ་དེ་ལྟར་ཁོང་དུ་ཆུད་པར་བྱ་བའི་རིགས་པ་འབའ་ཞིག་ཡོད། འདིར་བཤད་པ། གང་ཕྱིར་དངོས་པོ་ཐམས ་ཅད་ཀྱི།། རང་བཞིན་རྒྱུ་རྐྱེན་ཚོགས་པ་འམ།། སོ་སོ་རྣམས་ལ་འམ་ཐམས་ཅད་ལ།། ཡོད་མིན་དེའི་ཕྱིར་སྟོང་པ་ཡིན།། གང་གི་ཕྱིར་དངོས་པོ་ཐམས་ཅད་ཀྱི་རང་བཞིན་རྒྱུ་འམ་རྐྱེན་རྣམས་སམ། རྒྱུ་རྐྱེན ་ཚོགས་པ་འམ། དངོས་པོ་ཐམས་ཅད་ལའང་རུང་སྟེ། ཐམས་ཅད་ལ་ཡོད་པ་མ་ཡིན་པ་དེའི་ཕྱིར་དངོས་པོ་ཐམས་ཅད་རང་བཞིན་གྱིས་སྟོང་ངོ་།། ཞེས་སྨྲའོ།། གཞན་ཡང་ཡོད་པ་ཡོད་ཕྱིར་སྐྱེ་མ་ཡིན།། མེད་པ་མེདདྲ་པའི་ཕྱིར ་མ་ཡིན།། ཆོས་མིན་མཐུན་ཕྱིར་ཡོད་མེད་མིན།། སྐྱེ་བ་མེད་ཕྱིར་གནས་འགོག་མེད།། དངོས་པོ་ཡོད་པའི་ཕྱིར་རྒྱུ་ལས་སྐྱེ་བར་མི་འགྱུར་ཏེ།། ཡོད་པ་ནི་ཡོད་བཞིན་པ་ཞེས་བཤད་པས་སོ།། མེད་པ་ནི་མེད་པའི་ཕྱིར་རྒྱུ་ལས ་སྐྱེ་བ་མེ་དོ།། ཡོད་མེད་ནི་མི་འདྲ་བའི་ཕྱིར་སྐྱེ་བ་མ་ཡིན་ཏེ་ཕན་ཚུན་འགལོ།། འདི་ལྟར་ཡོད་པ་དང་མེད་པ་དག་ནི་ཕན་ཚུན་འགལ་བའི་ཆོས་ཅན་ཡིན་པས་ཆོས་མི་མཐུན་པའི་ཕྱིར་ཡོད་པ་ཡང་ཡིན་མེད་པ་ཡང་ཡིན་པ་ག ་ལོ་སྐྱེ། སྐྱེ་བ་མེད་པའི་ཕྱིར་གན་པ་དང་འགོག་པ་ཡང་མེད་དོ།། འདིར་སྨྲས་པ། འདུས་བྱས་ཀྱི་མཚན་ཉིད་གསུམ་པོ་སྐྱེ་བ་དང་གནས་པ་དང་འཇིག་པ་དང་ལྡན་པར་གསུངས་ལ། སྐྱེ་བའི་ཚེ་སྐྱེ་བ་ཡང་སྟོན་ཏེ། དེ་ལྟ་བས་ན ་འགའོ་ཞིག་ལས་འདུས་བྱས་སྐྱེ་བོ་ཡོད་དོ།། འདིར་བཤད་པ། སྐྱེས་པ་བསྐྱེད་པར་བྱ་བ་མིན།། མ་སྐྱེས་པ་ཡང་བསྐྱེད་བྱ་མིན།། སྐྱེ་བའི་ཚེ་ཡང་བསྐྱེད་བྱ་མིན།། སྐྱེས་དང་མ་སྐྱེད་པ་ཡི་ཕྱིར།། རེ་ཞིག་སྐྱེས་པ་ནི་བསྐྱེད ་བར་བྱ་བ་མ་ཡིན་ནོ།། ཅིའི་ཕྱིར་ཞེ་ན། སྐྱེས་ཟིན་པའི་ཕྱིར་ཏེ། སྐྱེས་ཟིན་པ་ནི་བསྐྱེད་པར་བྱ་བ་མ་ཡིན་ནོ།། མ་སྐྱེས་པ་ཡང་བསྐྱེད་པར་བྱ་བ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། མྲ་སྐྱེས་པའི་ཕྱིར་རོ།། གང་མ་སྐྱེས་པ་དེ་ནི་བསྐྱེད ་པུར་བྱ་བ་མ་ཡིན་ཏེ། བྱ་བ་དང་བྲལ་བ་དང་། མཐུ་མེད་པ་དང་། ཡོད་པ་མ་ཡིན་པ་དེའི་ཕྱིར་བསྐྱེད་པར་བྱ་བ་མོ་ཡིནྡོ།། སྐྱེ་བིའི་ཚེ་ཡང་བསྐྱེད་པར་བྱ་བ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེ་ནི་སྐྱེས་པ་དང་མ་སྐྱེས་པར་ཟད་ལ། ་སྐྱེས་པ་དང་མ་སྐྱེས་པ་གང་ཡིན་པ་དེ་ཡངྐུ་སཨཱརྱ་བཤད་པའི་རིམ་པ་ཁྲོ་ནུས་བསྐྱེད་པར་བྱ་བུ་མྲ་ཡིན་ཏེ། དེ་ལ་རེ་ཞིག་སྐྱེས་ནི་སྐྱེས་ཟིན་པོའི་ཕྱིར་བསྐྱེད་པར་བྱ་བ་མ་ཡིན་ནོ།། མ་སྐྱེས་པ་གང་ཡིན་པ་དེ་ཡང་མ་སྐྱེས ་པའི་ཕྱིར་དང་། སྐྱེ་བའི་བྱ་བ་དང་བྲལ་བའི་ཕྱིར་དང་། མཐུ་མེད་པའི་ཕྱིར་དྲང་། མེད་པའི་ཕྱིར་བསྐྱེད་པར་བྱ་བ་མུ་ཡིན་ནོ།། དེ་ལྟ་བུས་ན་གྲང་གི་ཕྱིར་སྐྱེས་པ་དང་མ་སྐྱེས་པ་ལས་མ་གཏོགས་པ་གཞན་གསུམ ་པཱ་སྐྱེ་བའི་ཚེ་དེ་ནི་ཅི་ཡང་མེད་པ་དེའི་ཕྱིར་སྐྱེ་བོའི་ཚེ་ཡང་བསྐྱེད་པར་བྱ་བ་མ་ཡིན་ནོ།། གཞན་ཡང་། རྒྱུ་མི་འཐད་པའི་ཕྱིར་ཡང་སྐྱེ་བ་མེད་པ་ཡིན་ནོ།། ཅིའི་ཕྱིར་ཞེ་ན། འབྲས་ཡོད་འབྲས་དང་ལྡན་པའི་རྒྱུ།། དེ་མེད་ན་ནི ་རྒྱུ་མིན་མཚུངས།། ཡོད་མིན་མེད་པ་ཡིན་ན་འགལ།། དུས་གསུམ་རྣམས་སུ་འང་འཐད་མ་ཡིན།། འབྲས་བུ་ཡོད་ན་འབྲས་བུ་དང་ལྡན་པ་དེ་རྒྱུ་ཡིན་ནོ།། འབྲས་བུ་དེ་མེད་ན་ནི་རྒྱུ་མ་ཡིན་པ་དང་མཚུངས་པར་འགྱུར་རོ།། འབྲ ་བུ་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པ་ནི་འགལ་ཏེ། མེད་པ་དང་ཡོད་པ་དུས་གཅིག་ཁོ་ན་ཡོད་པ་ནི་མ་ཡིན་ནོ།། གཞན་ཡང་། དུས་གསུམ་དུ་ཡང་རྒྱུར་འཐད་པ་མ་ཡིན་ནོ།། ཇི་ལྟར་ཞེ་ན། ་ཞིག་གྲལ་ཏེ་རྒྱུ་སྔ་པར་བརྟག་ན་ནཱི་གང་གི་རྒྱུ་ཡིན། འོན་ཏེ་འཕྱི་བར་བརྟགཱ་ན་ནཱི་གྲུབ་ཟིན་པ་ལ་རྒྱུ་ཅི་དགོས།། འོན་ཏེ་རྒྱུ་དང་འབྲས་བུ་ཅིག་ཅར་ཡིན་པར་བརྟག་ན་ནི་རྒྱུ་དང་འབྲས་བུ་ཅིག་ཅར་སྐྱེས་པ་གཉིས་གྲང་གི་རྒྱུ་གང་ཡིན ་གླང་གི་འབྲས་བུ་ནི་གང་ཡིན། དེ་ལྟར་དུས་གསུམར་དུ་ཡང་རྒྱུརོ་མི་འཐད་དོ།། འདིར་སྨྲས་པ། གླ་ངས་འཐད་པའི་ཕྱིར་དངོས་པོ་ཐམས་ཅད་སྟོང་པ་མ་ཡིན་ཏཱཾ། གཅིག་དང་གཉིས་དང་མདོ་བོ་ཞེས་བྱ་བའི་གྲངས་གང་དགུ ་ཡིན་པ་འདི་ནི་ཡོད་དོ།། གྲངས་ཀྱང་དངོས་པོ་རྣམས་ཡོད་རིན་འཐད་པས་དེའི་ཕྱིར་དངོས་པོ་ཐམས་ཅད་སྟོང་པ་མ་ཡིན་ནོ།། འདིར་བཤད་པ། གཅིག་མེད་པར་ནི་མང་པོ་དང་།། མང་པོ་མེད་པར་གཅིག་མི་འཇུག། དེ ་ཕྱིར་བརྟེན་ནས་དངོས་བློ་རྣམས།། བྱུང་བ་མཚན་མ་མྱེད་པ་ཡིན།། གང་གི་ཕྱིར་གཅིག་མེད་ན་མང་པོ་མི་འཇུག་ལ་མང་པོ་མེད་ན་ཡང་གཅིག་མི་འཇུག་པ་དེའི་ཕྱིར་དངོས་པོ་རྣམས་བརྟེན་ནས་འབྱུང་བ་ཡིན་ལ། དེ་ཉིད་ཀྱི ་ཕྱིར་མཚན་མ་མེད་པ་ཡིན་ནོ།། འདིར་སྨྲས་པ། མདོ་སྡེ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་སྡུག་བསྔལ་གྱི་འབྲས་བུ་ཅན་ཡང་རྒྱས་པར་བསྟན་ཞིང་ལུང་འབོགས་པར་བྱེད་པའི་སློབ་དཔོན་རྣམས་ཀྱིས་ཀྱང་སེམས ་གཅིག་དང་སེམས་ཐ་དད་པ་ལ་བསྟན་ཏེ། དེ་ལྟ་བས་ན་དངོས་པོ་ཐམས་ཅད་སྟོང་པ་མ་ཡིན་ནོ།། འདིར་བཤད་པ། རྟེན་འབྱུང་ཡན་ལག་བཅུ་གཉིས་གང་།། སྡུག་བསྔལ་འབྲས་ཅན་དེ་མ་སྐྱེས།། སེམས་གཅིག་ལ་ཡང་མི ་འཐད་ལ།། དུ་མ་ལ་ཡང་མི་འཐད་དོ།། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ལ་སྡུག་བསྔལ་འབྲས་བུ་ཅན་གང་ཡིན་པ་དེ་མ་སྐྱེས་པའོ།། དེ་ནི་སེམས་གཅིག་ལ་ཡང་མི་འཐད་ལ། མང་པོ་ལ་ཡང ་མི་འཐད་དེ། གང་གི་ཝཱཪྵ་ན། སེམས་གཅིག་ཡིན་པ་དེའི་ལྟར་ན་འབྲས་བུ་རྒྱུ་དང་ལྷན་ཅིག་སྐྱེས་པར་འགྱུར་རོ།། གྲང་གི་ལྟར་ན་སེམས་ཐ་དད་པ་ཡིན་པ་དེའི་ལྟར་ན་ཡང་ཡན་ཁྲག་སྔ་མ་སྔ་མ་ཞིག་པ་ཕྱི་མ་ཕྱི་མའི་རྒྱུ་མ ་ཡིན་ནོ།། དེ་ལྟ་བས་ན་གིཉྩི་གཱ་ལྟར་ཡང་མི་འཐད་པ་དེའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་མཱ་སྐྱེས་པ་ཡིན་ནོ།། ཙྭིའི་ཕྱིར་མཱི་སྐྱེ་ཞེ་ན། འདི་ལྔ་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་མ་རིག་པའི་རྒྱུ་ལས་བྱུང་བར་བཏགས་ལ། ་མ་རིག་པ་དེའི་ཡང་རྐྱེན་ཕྱིན་ཅི་ལོག་ཡིན་པར་སྟོན་ཏེ། ཕྱིན་ནཱི་ལྕོག་དེ་དག་ཀྱང་རང་བཞིན་གྱིས་སྟོང་པ་ཡིན་པའི་ཕྱིར་རོ།། ཅིའི་ཕྱིར་ཞེ་ན། མི་རྟག་རྟག་མིན་བདག་མེད་པ།། བདག་མིན་མི་གཙང་གཙང་མ་ཡིན།། སྡུག ་བསྔལ་བདེ་བ་མ་ཡིན་ཏེ།། དེ་ཕྱིར་ཕྱིན་ཅི་ལོག་རྣམས་མེད།། མི་རྟག་པ་ནི་རྟག་པ་མེད་པའོ།། རྟག་པ་མེད་ན་དེའི་གཉེན་པོར་གྱུར་པ་མི་རྟག་པ་ཡང་མེདོ།། དེ་བཞིན་དུ་ལྷག་མ་རྣམས་ལ་ཡང་སྦྱར་རོ།། དེ་ལྟ་བས ་ཕྱིན་ཅི་ལོག་རྣམས་མེད་དོ།། དེ་མེད་ན་ནི་ཕྱིན་ཅི་ལོག། གཞི་ལུས་སྐྱེས་པའི་མ་རིག་མེད།། དེ་མེད་ན་ནི་འདུ་བྱེད་རྣམས།། མི་འབྱུང་ལྷག་མ་འང་དེ་བཞིན་ནོ།། ཕྱིན་ཅི་ལྡོག་དེ་དག་མེད་ན་དེ་ལས་སྐྱེས ་པའི་མ་རིག་པ་མེད་ལ། མ་རིག་པ་མེད་ནི་འདུ་བྱེད་རྣམས་མི་འབྱུང་སྟེ། ལྷག་མ་ཡང་དེ་དང་འདྲའོ།། གཞན་ཡང་། མ་རིག་འདུ་བྱེད་མེད་མི་འབྱུང་།། དེ་མེད་འདུ་བྱེད་མཱི་འབྱུང་བས།། དཱི་གཉིས་ཕན་ཚུན་རྒྱུ་ཕྱིར་ཡང་ཀཾ། ་རང་བཞིན་གྱིས་ནི་མ་གྲུབ་མིན།། གང་ཞིག་བདག་ཉིད་རང་བཞིན་གྱིས།། མ་གྲུབ་དེ་བཞིན་ཇི་ལྟར་བསྐྱེད།། དེ་ལྟ་བས་ན་ཕ་རོལ་པོ།། མ་གྲུབ་རྐྱེན་གཞན་བསྐྱེད་བྱེད་མིན།། རེ་ཞིག་མ་རིག་པ་ནི་འདུ་བྱེད་མེད་ན་མི ་འབྱུང་།། མ་རིག་པ་དེ་མེད་པར་ཡང་འདུ་བྱེད་རྣམས་མི་འབྱུང་སྟེ། དེ་གཉིས་ནི་ཕན་ཚུན་རྒྱ་ལས་བྱུང་བ་ཡིན་པའི་ཕྱིར་ཡང་རང་བཞིན་གྱིས་མ་གྲུབ་པ་ཡིནོ།། གང་ཞིག་བདག་ཉིད་རང་བཞིན་གྱིས་མ་གྲུབ་པ་དེས ་གཞན་ཇི་ལྟར་བསྐྱེད། དེ་ལྟ་བས་ན་ཕ་རོལ་མ་གྲུབ་པའི་རྐྱེན་རྣམས་ནི་གཞན་སྐྱེད་པར་བྱེད་པ་དག་མ་ཡིན་ནོ།། གཞན་ཡང་། ཕ་བུ་མ་ཡིན་བུ་ཕྲ་མིནྡ།། དེ་གཉིས་ཕན་ཚུན་མེད་མིན་ལ།། དེ་གཉིས་ཕན་ཚུན་མེད ་མིན་ལ།། དེ་གཉིས་ཅིག་ཅར་ཡང་མིན་ལྟར། ཡན་ལག་བཅུ་གཉིས་དེ་བཞིན་ནོ།། རེ་ཞིག་ཕ་ཡང་བུ་མ་ཡིན་ལ་བུ་ཡང་ཕ་མ་ཡིན་ནོ།། དེ་གཉིས་ནི་ཕན་ཚུན་མེད་པར་ཡང་མེད་ལ།། དེ་གཉིས་ཅིག་ཅར་ཡང་མ་ཡིན། ་ནོ།། ཇི་ལྟར་རིམ་པ་འདིས་ཕ་དང་བུ་དག་མ་གྲུབ་པ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་ཀྱང་དེ་དང་འདྲའོ།། གཞན་ཡང་། རྨི་ལྡུམ་ཡུལ་བརྟེན་བདེ་སྡུག་དང་།། ཡུལ་དེའང་མེད་ལྟར་བརྟེན་ནས་གང་།། བྱུང ་བ་དེ་ཡང་དེ་བཞིན་མེད།། བརྟེན་ནས་གང་ཡིན་དེ་ཡང་མེད།། དཔེར་ན་རྨི་ལམ་ན་ཡུལ་ལ་བརྟེན་པའི་བདེ་བ་དང་སྡུག་བསྔལ་མེད་པ་དང་། ཇི་ལྟར་ཡུལ་ཡང་ཡོད་པ་མ་ཡིན་པ་དེ་ལྟར་བརྟེན་ནུས་འབྱུང་བ་གང་ཡིན་པ ་དེ་དང་།། བརྟེན་ནས་གང་ཡིན་པ་དེ་ཡང་དེ་བཞིན་དུ་མེད་དོ།། འདིར་སྨྲས་པ། གལ་ཏེ་དངོས་རྣམས་རང་བཞིན་གྱིས།། མེད་ན་དམན་མཉམ་ཁྱད་འཕགས་ཉིད།། ཡོད་མིན་སྣ་ཚོགས་ཉིད་མི་འགྲུབ།། རྒྱུ་ལས་མངོན ་པར་གྲུབ་པ་འང་མེད།། དེ་ལྟ་བས་ན་དངོས་པོ་རྣམས་རང་བཞིན་གྱིས་མེད་དོ།། ཞེས་བྱ་བ་དོ་ནི་མི་རུང་ངོ་།། འདིར་བཤད་པ། རང་བཞིན་གྲུབ་རྟེན་དངོས་མི་འགྱུར།། མ་བརྟེན་པར་ཡང་ག་ལ་ཡོད།། རང་བཞིན་མེད ་ཉིད་མི་འགྱུར་ཞིང་།། རང་བཞིན་ཡོད་པ་མི་འཇིག་གོ། གལ་ཏེ་དངོས་པོ་རྣམས་རང་བཞིན་གྱིས་ཡོད་པར་གྱུར་ན། རྟེན་ནས་དངོས་པོར་མི་འགྱུརརོ།། དེ་ལ་འདི་སྙམ་དུ་མ་བརྟེན་པར་ཡང་དངོས་པོ་ཡིན་དུ་ཟུད་མོད་སྙམ་དུ ་སེམས་ན། འདིར་བཤད་པ། མ་བརྟེན་པར་ཡང་ག་ལ་ཡོད།། མ་བརྟེན་པར་ཡང་དངོས་པོར་མི་འགྱུར་རོ།། གལ་ཏེ་མ་བརྟེན་པར་ཡང་དངོས་པོ་ཞིག་ཏུ་འགྱུར་ནི་རང་བཞིན་མེད་པ་ཉིད་དུ་མི་འགྱུར་ཞིང་། རང་བཞིན ་ཡོད་པར་ནི་འཇིག་པར་ཡང་མི་འགྱུར་ཏེ། མེད་པར་མི་འགྱུར་རོ།། ཞེས་བཤད་པ་ཡིན་ནོ།། འདིར་སྨྲས་པ། རང་གི་དངོས་པོ་དང་། གཞན་གྱི་དངོས་པོ་དང་། དངོས་པོ་དང་དངོས་པོ་མྱེད་པ་ཞེས་བྱ ་བའི་བློ་དང་བརྟེན་མེད་པ་མ་ཡིན་ཏེ། དེ་ལྟ་བས་ན་དངོས་པོ་རྣམས་སྟོས་མ་ཡིན་ནོ།། འདིར་བཤད་པ། མེད་ལ་རང་གི་དྲི་ངོས་པོ་འམ།། གཞན་དངོས་འཇོག་པར་ག་ལ་འགྱུར།། དངོས་དང་རང་དངོས་ལོག་པ་ཡིན།། ། ་པ་ལ་ཞེས་བྱ་བ་ནི་ཡོད་པ་མ་ཡིན་པ་ལ་ཞེས་བཤད་པ་ཡིན་ཏེ། མེད་པ་དེ་ལ་རང་གི་དངོས་པོ་ཞེས་བྱ་བ་འམ། གཞན་གྱི་དངོས་པོ་ཞེས་བྱ་བ་འམ། འཇིག་པ་ཞེས་བྱ་བར་ལྟ་ག་ལ་འགྱུར། དེའི་ཕྱིར་གཞན་གྱིས ་དངོས་པོ་དང་། དངོས་པོ་མེད་པ་དང་། དངོས་པོ་རང་གི་དངོས་པོ་ནི་ལོག་པ་ཡིན་ནོ།། འདིར་སྨྲས་པ། གལ་ཏེ་དངོས་པོ་སྟོད་ཡིན་ན།། འགྲག་པར་མི་འགྱུར་སྐྱེ་མི་འགྱུར།། ངོ་བོ་ཉིད་ཀྱི་སྟོང་པ་ལ།། ག་ལ་འགག་ཅིང ་གང་ལ་སྐྱེ།། གལ་ཏེ་དངོས་པོ་རང་བཞིན་སྟོང་པ་ཡིན་དུ་ཟིན་ན་འགག་པར་མི་འགྱུར་ཞིང་། སྐྱེ་བར་ཡང་མི་འགྱུར་རོ།། ཅི་སྟེ་རང་བཞིན་གྱིས་སྟོང་པ་ལ་སྐྱེ་བ་དང་། འགག་པར་འདོད་ན་འདིར་ངོ་བོ་ཉིད་ཀྱིས་སྟོང་པ་ལ ་གང་ལ་འགག་ཅིང་གང་ལ་སྐྱེ་ཞེས་སྨྲའོ།། འདིར་བཤད་པ། ཆོས་ཐམས་ཅད་སྟོང་པ་ཁོ་ན་ཡིན་ནོ།། ཅིའི་ཕྱིར་ཞེ་ན། དངོས་དང་དངོས་མེད་ཅིག་ཅར་མེད།། དངོས་མེད་མེད་པར་དངོས་པོ་མེད།། རྟག་ཏུ་དངོས་དང་དངོ། ་མོ་འགྱུར།། དངོས་མེད་དངོས་པོ་མེད་མི་འབྱུང་།། དངོས་པོ་དང་དངོས་པོ་མེད་པ་དག་ཅིག་ཅར་བ་ཡང་མེད་དོ།། ཇི་སྐད་དུ་བཤད་པ་ཡིན་ཞེ་ན། དངོས་པོ་དང་དངོས་པོ་མེད་པ་གཉིས་དུས་གཅི་གུ་ན་མི་སྲིད་དོ་ཞེས་བཤད་པ་ཡིནོ།། ། ་དེ་ལ་འདི་སྙམ་དུ་དངོས་པོ་གཅིག་པུ་ཡིན་དུ་ཟད་མོད་སྙམ་དུ་སེམས་ན་འདིར་བཤད་པ། དངོས་མེད་མེད་པར་དངོ་སྡེ་པོ་མེད།། དངོས་པོ་མེད་པར་དངོསྡེ་པོ་མི་འཐད་དེ། མི་རྟག་པ་ཉིད་མེད་པར་དེ་མེདོ།། གཞན་ཡང ་རྟག་ཏུ་དངོས་དང་དངོས་མེད་འགྱུར། རྟག་ཏུ་དངོས་པོ་དྲང་མི་རྟག་པ་ཉིད་དུ་འགྱུར་རོ།། དེ་ལ་འདི་སྙམ་དུ་དེ་འདི་ལྟར་ཡིན་ཏེ། རྟག་ཏུ་དངོས་པོ་མི་རྟག་པ་ནི་རྟག་ཏུ་དངོས་པོའི་རྗེསུ་འབྲེལ་ལ། སྐྱེ་བའི་ཚེ་འམ་གནས་པའི་ཚེ་ནི། ་ལས་མི་བྱེད་ཀྱི་དངོས་པོ་འཇིག་པའི་ཚེ། དངོས་པོ་འཇིག་པར་བྱེད་དོ་སྙམྦྷ་དུ་སེམས་ན། འདིར་བཤད་པ། དྲངོས་མེད་དངོས་པོ་མེད་མི་འབྱུང་།། དངོས་པོ་མེད་པར་དངོས་པོ་མྱེད་པ་ཡོད་པ་མ་ཡིནོ།། གང་གི་ཕྱིར་འཇིག ་པ་མེད་པ་འཇིག་པའི་མཚན་ཉིད་མི་རྟག་པ་ཉིད་མི་རུང་སྟེ། མི་འཇིག་ནི་མི་རྟག་པ་ཉིད་ཅེས་བྱ་བ་མི་འཐད་པ་ཉིད་ཀྱི་ཕྱིར་རྟག་ཏུ་དངོས་པོ་དང་དངོས་པོ་མེད་པ་ཁོ་ནར་འགྱུར་རོ།། འདིར་སྨྲས་པ། དངོས་པོ་མྱེད་པོར་གཅིག ་པུ་ཡིན་དུ་ཟད་མོད། འདིར་བཤད་པ། དངོས་པོ་མེད་པར་དངོས་མེད་མེད།། བདག་ལས་མ་ཡིན་གཞན་ལས་མིན།། དེ་ལྟ་བས་ན་དངོས་པོ་མེད།། དེ་མེད་ན་ནི་དངོས་མེད་མེད།། དངོས་པོ་མེད་པར་ནི་དངོས་པོ་མེད་པ ་མེད་ལ། དངོས་པོ་དེ་ཡང་བདག་ལས་མ་ཡིན་གཞན་ལས་མ་ཡིན་ནོ།། དེ་ལྟ་བས་ན་གང་གི་ཕྱིར་རིགས་པ་འདིས་ཡོད་པ་མ་ཡིན་པ་དེའི་ཕྱིར་དངོས་པོ་མེད་པ་ནི་མྱ་སྐྱེས་པ་ཡིན་ནོ། ཞེས་བཤད ་པ་ཡིན་ནོ།། དེ་མེད་ན་ནི་དངོས་པོ་མེད། དངོས་པོ་དེ་མེད་ན་དངོས་པོ་དེ་མེད་པ་ཡང་མེད་དེ། དངོས་པོ་དེའི་དངོས་པོ་མེད་པའང་མི་སྲིད་དྲོ་ཞེས་བཤད་པ་ཡིན་ནོ།། གཞན་ཡང་། དངོས་པོ་ཡོད་པ་ཉིད་ན་རྟག། མེད ་ན་ངེས་པར་ཆད་པ་ཡིན།། དངོས་པོ་ཡོད་ན་དེ་གཉིས་མིན།། དེའི་ཕྱིར་དངོས་པོ་ཁས་བླངས་མིན།། གང་གི་ཕྱིར་དངོས་པོ་ཡོད་པ་ཉིད་ཡིན་ན་ནི་རྟག་པར་ཐལ་བར་འགྱུར་ལ། མྱེད་པ་ཉིད་ན་ནི་ངེས་པར་ཆད་པར་ཐལ ་པཱུར་འགྱུར་ཏེ། དངོས་པོ་ཡོདྲ་ན་དེ་གཉིས་སུ་ཐལ་བར་འགྱུར་བ་དེའི་ཕྱིར་དངོས་པོ་ཁས་བླང་བར་མི་བྱའོ།། འདིར་སྨྲས་པ། རྒྱན་གྱི་ཕྱིར་ན་དྲི་མེད་དེ།། རྒྱ་བྱིན་ནས་ནི་དངོས་པོ་འགག། སྐྱེ་བ་དང་འཇིག་པའི་རྒྱུན ་གྱི་ཕྱིར་རྟག་པ་དང་ཆད་པ་འདི་གཉིས་གར་མི་འགྱུར་ཏེ། རྒྱུ་བྱིན་ནས་དངོས་པོ་འགག་པར་འགྱུར་རོ།། འདིར་བཤ་པ། སྔ་མ་བཞིན་དུ་འདི་མི་གྲུབ།། རྒྱུན་ཆད་པ་ཡི་ཉེས་པའང་ཡོད། ཁོ་བོ་ཅག་ནི་སྔར་དུ་ངེས ་པོ་དང་དངོས་པོ་མེད་པར་གཉིས་ཅིག་ཅར་དུ་མི་སྲིད་དོ།། ཞེས་བརྟགས་ཟིན་ཏེ། དེའི་ཕྱིར་རྒྱུ་ཞེས་ཁས་ལེན་པ་གང་ཡིན་པ་དེ་ཡང་སྔ་མ་ཁོ་ན་བཞིན་དུ་མ་གྲུབ་པ་ཡིན་ནོ།། གཞན་ཡང་། རྒྱུན་ཆད་དེའི་ཉེས་པ ་འདྲ་ཡོད་པར་ཐལ་བྱར་འགྱུར་རོ།། འདིར་སྨྲས་པ། སྐྱེ་འཇིག་གཟིགས་པས་མྱ་ངན་འདས།། ལམ་བསྟནྡ་སྟོང་ཉིད་ཕྱིར་མ་ཡིན།། སྐྱེ་བྱ་དང་འཇིག་གཟིགས་ནས།། མྱ་ངན་ལས་འདས་པའི་ལམ་བསྐྲུན་གྱི་སྤྱོང་པ་ཉིད། ་ཀྱི་ཕྱིར་ནི་མ་ཡིན་ནོ།། འདིར་བཤད་པ། འདི་དག་ཕན་ཚུན་བཟློག་ཕྱིར་དང་།། ལོག་པའི་ཕྱིར་ན་མཐོང་བ་ཡིན།། རེ་ཞིག་བཤད་པ་འོདི་ནི་གང་མ་སྐྱེས་པ་ཤེས་པ་དེའི་མ་ཡིན་གྱི། གང་སྐྱེ་བ་དང་འཇིག་པ་མཐོང་གི ་སྐྱེ་བོ་ཡང་འཇིག་པ་ལས་བཟློག་པར་མཐོང་། འཇིག་པ་ཡང་སྐྱེ་བ་ལས་བཟློག་པར་མཐོང་བ་དེའི་སྐྱེ་བ་དང་། འཇིག་པ་འདི་གཉིས་ཕན་ཚུན་བཟློགྲོ་པ་ཡིན་པའི་ཕྱིར་དྲང་། ཤེས་པ་ཡང་བཟློག་པ་ཡིན་པའི་ཕྱིར་སྐྱེ་བ ་དང་འཇིག་པར་མཐོང་བ་ཡིན་ནོ།། གང་གི་ཕྱིར་སྐྱེ་བ་ལ་བརྟེན་ནས་འཇིག་པ་དང་། འཇིག་པ་ལ་བཽརྟེན་ནཱས་སྐྱེ་བ་ཡིན་པ་དེའི་ཕྱིར་ཡང་སྟོང་པ་ཉིད་ཁོ་ན་ཡིན་ནོ།། འདི་སྨྲས་པ། གལ་ཏེ་སྐྱེ་དང་འགག་མེང་ནོ།། ། ་གང་ཞིག་འགག་ཕྱིར་མྱ་ངན་འདས།། གལ་ཏེ་སྐྱེ་བ་ཡང་མེད་འགག་པ་ཡང་མེད་ན་གང་ཞིག་འགག་པའི་ཕྱིར་མྱ་ངན་ལས་འདས་པར་འགྱུར། འདིར་བཤད་པ། གླང་ཞིག་རང་བཞིན་སྐྱེ་མེད་ཅིང་།། འགག་མེད་དེ ་ཐར་མ་ཡིན་ནམ།། གང་རང་བཞིན་གྱིས་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དེ་ཐར་པ་མ་ཡིན་ནམ། གཞན་ཡོད་། གལ་ཏེ་མྱ་ངན་འདས་འགོག་ཆད།། གལ་ཏེ་ཅིག་ཤོས་ལྟར་ན་རྟག། དེ་ཕྱིར་དངོས་དང་དངོས ་མེད་མིན།། སྐྱེ་མེད་འགག་པའང་མེད་པ་ཡིན།། གལྤ་ཏེ་མྱ་ངན་ལས་འདས་པ་འགོག་པ་ཡིན་ནུ་ཆད་པར་ཐལ་བར་འགྱུར་རོ།། ཇི་ལྟར་འགོག་པ་མ་ཡིན་ན་ནི་རྟག་པར་ཐལ་བར་འགྱུར་རོ།། ་དེ་ལྟ་བས་ན་མྱ་ངན་ལས་འདས་པ་ནི་དངོས་པོ་དང་དངོས་པོ་མེད་པ་མ་ཡིན་གྱི། སྐྱེ་བ་མེད་ཅིང་འགག་པ་མེད་པ་དེ་ལྟ་བུ་ནི་མྱ་ངན་ལས་འདས་པ་ཡིན་ནོ།། འདིར་སྨྲས་པ། འགོག་པ་ནི་ཡོད་དེ་དེ་ཡང་རྟག་ཏུ་གནས ་པ་ཡིན་ནོ་ཞེ་ན། འདིར་བཤད་པ། གྲལ་ཏེ་འགོག་པ་འགའ་གནས་ཡོད།། དངོས་མེད་པར་ཡང་དེར་འགྱུར་རོ།། གལ་ཏེ་འགོག་པ་འགའ་ཞིག་གནས་པར་འགྱུར་ན་དེའི་ཚེ་དངོས་པོ་མེད་པར་ཡང་འགྱུར་ཏེ། མ་སྟེ། ་པར་ཡང་འགྱུར་རོ།། ཞེས་བཤད་པ་ཡིན་ནོ།། དེ་ཡང་རིགས་པ་མྱ་ཡིན་ཏེ། དངོས་མེད་པར་ཡང་དེ་མེད་དེ།། དངོས་མེད་མེད་པར་ཡང་དེ་མེད།། དངོས་པོ་མེད་པ་དང་དངོས་པོ་མེད་པ་གཅིག་ལྟར་ཡང་འགོག་པ ་མེད་དོ།། ཇི་སྐད་བཤད་པ་ཡིན་ཞེ་ན། དངོས་པོ་མེད་པར་ཡང་དངོས་པོ་མེད་པ་མེད་པར་ཡང་།། དངོས་པོ་ལ་སྐྱེ་བརྟེན་པར་ཡང་། ངས་མེད་པ་སྔམ་ན་པར་ཡཱ་རྠེ་ཤད་པ་ཡིན།། འདིར་སྨྲས་པ། མཚན་གཞི་དང་མཚན་ཉིད ་བའི་ཕྱིར་དངོས་པོ་རྣམས་ནི་ཡོད།། འདིར་བཤད་པ། མཚན་གཞི་ལས་མཚན་གྲུབ་མཚན་ལས།། མཚན་གཞི་གྲུབ་སྟེ་རང་མ་གྲུབ།། གཅིག་ལས་གཅིག་ཀྱང་མ་གྲུབ་སྟེ།། མ་གྲུབ་མ་གྲུབ་སྒྲུབ་བྱེད་མིན།། མཚན ་བང་རྫུནན་སྨྲ་གྲུབ་པ།། རྫུ་ཀྵན་ན་སྒྲུབ་པ་ལས་རང་ས་ས་ལྡན།། གས་སུས་ག་གྲུབ་སྟེ། ཐུན་ཚུན་སྲུང་མཱུ་རྦན་ཐགས་པ་ད་པ་ཡིན་ནོ།། གང་གྀ ་xxx ་xxx ་ནཱན་སྒྲུབ་ཕྱིར་དང། ཙྪིམྦུ་བྷཱི་བྱ་ཎྜི་མ་གྲཱ་བྷྱ།། བློས་པོ་མེད་ཕྱིར་ས་ཎྜི་ནཱ~ཾ།། ས་ས་ནི་མ་ཧཱུ~ཾ་ཤི་ན། མི་གནས་པའི་ཕྱིར་ཏེ།། དུས་ནི་མ་གནས་པ ་ར་པོ་མོ་པའི།། གང་མི་གནོས་པ་དེ་ནི་ཚོ་མ་ནུས་སོ།། གང་གཟོད་དུ་མེད་པ་དེ་རྗེ་མྱུར་གགས་པ9། དེ་མྦྷ་བསན་མེ་འོ།། གཞན་སོང་ཕན་རྒྱན་གྲིབ་ཕྱིར་བོན་ཚུན་ལམི་སྒྲུབ་པ ་xxx ་བརྟེན་ནས་གྲུབ་པ་ཡིན་པར་བརྟགས་པ་ཡིན་པ་དེའི་ཕྱིར་དུས་མུ་གྲུབ་བོ།། དེ་ཉིད་ད་ལྟར་ལ་བརྟགས་ནས་ད་ལྟར་ཞེས་བྱ།། དེ་ཉིད་མ་འོངས་པ་ལ་བརྟགས་ནས་འདས་པ་ཡིན་ལ།། དེ་ཉིད་འདས་པ ་ལ་བརྟགས་ནས་མ་འོངས་པ་ཡིན་ཏེ། གང་གི་ཕྱིར་དྲི་ལྟར་འཚོལ་བ་ཡིན་པ་དྲིའི་ཕྱིར་མ་གྲུབ་བོ།། གཞན་ཡང་། བདག་ཉིད་མ་གྲུབ་པའི་ཕྱིར་དུས་འདི་ནི་བདག་ཉིད་ཀྱིས་མུ་གྲུབ་པས་དེ་ལྟ་བུས་ནཱ་མ་གྲུབ་ཡིནོ།། ་གཞན་ཡང་དངོས་པོ་མེད་པའི་ཕྱིར་ཡོད་པ་ཡང་མ་ཡིན་ནོ།། དངོས་པོ་གྲུབ་ན་ན་དུས་ཀྱང་གྲུབ་པར་འགྱུར་བ་ཞིག་ན། དངོས་པོ་དེ་ནི་བཙལ་ན་རང་གི་ངོ་བོར་མེད་དོ།། དེའི་ཕྱིར་དུས་ནི་ངོ་བོའི་ཉིད་ཀྱིས་གྲུབ་པ་མེད ་པ་ཁོ་ན་སྟེ། རྣམ་པར་རྟོག་པ་ཙམ་འབའ་ཞིག་ཏུ་ཟད་དོ།། འདིར་སྨྲས་པ། འདུས་བྱས་ཐམས་ཅད་ནི་མཚན་ཉིད་གསུམ་པོ་སྐྱེ་བ་དང་གནས་པ་དང་འཇིག་པ་དང་ལྡན་པ་ཡིན་ལ། དེ་ལས་བཟློག་པ་ནི་འདུས་མ། ་བྱས་ཡིན་པར་གསུངས་ཏེ། དེ་ལྟ་བྱས་ན་འདུས་བྱས་དང་འདུས་མི་བྱས་ནི་ཡོད་དོ།། འདིར་བཤད་པ། གང་ཕྱིར་སྐྱེ་དང་གནས་དང་འཇིག། འདུས་བྱས་མཚན་ཉིད་འདི་གསུམ་མེད།། དེ་ཕྱིར་འདུས་བྱས་འདུས ་མ་བྱས།། ཅི་ཡང་ཡོད་པ་མ་ཡིན་ནོ།། སྐྱེ་བ་དང་གནས་པ་དང་འཇིག་པ་གང་དགེ་འདུས་བྱས་ཀྱི་མཚན་ཉིད་དུ་ག་སུངས་པ་དེ་དག་དཔྱད་ན་མི་འཐོད་པའི་ཕྱིར་མེདོ།། གང་གི་ཕྱིར་དེ་མེད་པ་དེའི་ཕྱིར་འདུས ་བྱས་སྣུམ་འདུས་མ་བྱས་ཅི་ཡང་ཡོད་པ་མ་ཡིན་ནོ།། གཞན་ཡང་འདུས་བྱས་ཁས་བླངས་སུ་ཟིན་ཡང་གང་གི་ཕྱིར་དཔྱད་ན་མི་འཐད་པ་དེའི་ཕྱིར་མེད་དེ། ཞེས་སྨྲའོ།། ཅིའི་ཕྱིར་ཞེ་ན། མ་ཞིག་མི་འཇིགས་ཞིག ་པོའང་མིན།། གྲནས་པོ་གྲནས་པ་མ་ཡིན་ཏེ།། མི་གནས་པ་ཡང་གནས་མ་ཡིན།། སྐྱེས་པ་མཱི་སྐྱེ་མ་སྐྱེས་མིན།། འདི་ལ་སྐྱེས་པ་ཞིགུ་སྐྱེ་བྱར་འགྱུར་རམ?།། མ་སྐྱེས་པ་ཞིག་སྐྱེ་བར་འགྱུར་གྲང་ན། དེ་ལྔ་རེ་ཞིག་སྐྱེས ་པ་ནི་སྐྱེ་བ་མ་ཡིན་ནོ།། ཅིའི་ཕྱིར་ཞེ་ན། སྐྱེས་ཟིན་པའི་ཕྱིར་རོ།། མ་སྐྱེས་པའང་སྐྱེ་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། མ་སྐྱེས་པའི་ཕྱི་རོ།། སྐྱེས་པ་དེ་ཉིད་གནས་པ་ཞིག་གནས་པ་འམ། མི་གནས་པ་ཞིག་གནས་པར ་འགྱུར་གྲང་ན། འདི་ལ་ཡང་གནས་པ་ནི་གནས་པ་མ་སྨིན་ཏེ། གནས་པ་ཟིན་པོའི་ཕྱིར་རོ།། མི་གནས་པ་ཡང་གནས་པོ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གནས་པར་མ་གྱུར་པའི་ཕྱིར་རོ།། དུ་ནི་ཞིག་པ་ཞིག་འཇིག་པར ་འགྱུར་བ་འམ་མ་ཞིག་འཇིག་པར་འགྱུར་གྲང་ན།། གཉི་ག་ལྟར་ཡང་མི་འཐད་དོ།། གྲང་གི་ཕྱིར་འདུས་བྱས་ཁས་བླངས་སུ་ཟིན་ཡང་རིམ་པ་འདི་གསུམ་གྱིས་བཙལ་ན་མི་འཐད་པ་དེའི་ཕྱིར་འདུས་བྱས་མདོ།། ་འདུས་བྱས་མེད་པའི་ཕྱིར་འདུས་མ་བྱས་ཀྱང་མི་སྲིད་དོ།། གཞན་ཡང་། འདུས་བྱས་དང་ནི་འདུས་མ་བྱས།། དུ་མ་མ་ཡིན་གཅིག་མ་ཡིན།། ཡོད་མིན་མེད་མིན་ཡོད་མེད་མིན།། མཚམས་འདིར་རྣམ་པ་འདི་ཀུན་འདུས ་དཔྱད་ན་འདུས་བྱས་དང་འདུས་མ་བྱས་འདི་ནི་དུ་མ་ཡང་མ་ཡིན། གཅིག་ཀྱང་མ་ཡིན། ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན།། ཡོད་མེད་ཀྱང་མ་ཡིན་ནོ།། མཚམས་འདིར་ཏེ་ངེས་པ ་གཟུང་བ་འདིར་ནི་འདི་ཀུན་འདུས་ཏེ་མ་ལུས་པ་ཐམས་ཅད་འབ་ཅེས་བཤད་པ་ཡིན་ནོ།། འདི་གཉིས་ཀྱི་རྣམ་པ་རྣམས་བསྡུས་པར་རིག་པར་བྱའོ།། འདིར་སྨྲས་པ། ལས་གནས་པ་ནི་བཅོམ་ལྡན་གསུངས།། བླ་མ་ལས ་བདག་འབྲས་བུ་དང་།། སེམས་ཅན་ལ་བདག་བྱ་བ་དང་། ལས་རྣམས་ཆུད་ཟ་མིན་པར་གསུངས།། བཅོམ་ལྡན་འདས་ཀྱིས་མདོ་སྡེ་དག་ལས་ལས་དང་ལས་ཀྱིས་འབྲས་བུ་ཡང་རྣམ་པ་དུ་མར་ཡོངས་སུ་བསྟན།། ལས ་རྣམས་འབྲས་བུ་མེད་པ་མ་ཡིན་པར་ཡང་གསུངས།། ལས་རྣམས་ཆུད་མི་ཟ་བུ་དང་། སེམས་ཅན་རྣམས་ནི་ལས་བདག་གིར་བྱ་བ་ཡིན་ནོ།། ཞེས་ཀྱང་གསུངས་ཏེ། དེ་ལྟ་བས་ན། ལུས་དང་ལས་ཀྱི་འབྲས ་བུ་ཡོད་དོ།། འདིར་བཤད་པ། གང་ཕྱིར་རུང་བཞིན་མེད་བསྟན་པ།། དེ་ཕྱིར་དེ་མ་སྐྱེས་པ་ལས།། མི་འཇིགས་བདགྲ་འཛིན་དེ་ལས་སྐྱེ།། དེ་སྐྱེད་འཛིན་དེའང་རྣམ་རྟོག་ལས།། གང་གི་ཕྱིར་ལས་རང་བཞིན་མེད ་པར་བསྟན་ཟིན་པ་དེའི་ཕྱིར་མ་སྐྱེས་པས་ནི་དེ་འཇིག་པ་མེདདོ།། གཞན་ཡང་བདག་འཛིན་དེ་ལས་སྐྱེས།། དེ་ཕྱིར་ལས་ནི་བདག་ཏུ་འཛིན་པས་བསྐྱེད་ལ། དེ་ཡང་རྣམ་པར་རྟོག་པ་ལས་བྱུང་ངོ་།། གཞན་ཡང་།། ་གལ་ཏེ་ལས་ནི་རང་བཞིན་འགྱུར།། དེ་ལས་སྐྱེས་ལུས་བརྟག་པར་འགྱུར།། སྡུག་བསྔལ་རྣམ་སྨིན་ཅན་མི་འགྱུར།། དེ་ཕྱིར་ལས་ཀྱང་བདག་ཏུ་འགྱུར།། གལ་ཏེ་ལས་རང་བཞིན་ཅན་དུ་འགྱུར་ན། དེ་ལྟ་ཡིན་ན་ནི ་ལས་དེ་ལས་སྐྱེས་པའི་ལུས་གང་ཡིན་པ་དེ་ཡང་རྟག་པར་འགྱུར་ཏེ། ཐེར་ཟུག་གི་རང་བཞིན་དུ་འགྱུར་ཏེ་ཞེས་བཤད་པ་ཡིན་ནོ།། གཞན་ཡང་། སྡུག་བསྔལ་རྣམ་སྨིན་ཅན་མི་འགྱུར།། ལཱ་དེ་སྡུག་བསྔལ་རྣར་སྨིན་པ ་ཅན་དུ་ཡང་མི་འགྱུརརོ།། གཞན་ཡང་། དེ་ཕྱིར་ལས་ཀྱང་བདག་ཏུ་འགྱུར།། གང་གི་ཕྱིར་ལྡ་རྟག་པ་དེའི་ཕྱི་ག་ཏུ་འགྱུར་ཏེ། གང་མི་རྟག་པ་དེ་སྡུག་བསྔལ་གླང་སྡུག་བསྔལ་བ་དེ་ནི་བདག་མེད་པའི་ཕྱིར་རོ།། དེ་ལྟ་བས་ན་ལས་རང་བཞིན་མེད་པའི། ་ཕྱིར་སྐྱེ་བླ་མེད་དོ།། མི་སྐྱེ་བའི་ཕྱིར་ཆུད་མི་ཟའོ།། གཞན་ཡང་། ལས་ནི་རྐྱེན་སྐྱེས་ཅི་ཡང་མྱེད།། རྐྱེན་མིན་སྐྱེས་པའང་ཡོད་མིན་ཏེ། ཅིའི་ཕྱིར་ཞེ་ན། འདུ་བྱེད་རྣམས་ནི་སྒྱུ་མུ་དང་། དྲི་ཟའི་གྲོང་ཁྱེར་སྨིག་རྒྱུ་འདྲ ་ལོས་ནི་རྐྱེན་ལས་སྐྱེས་པའང་མེད་ལ།། རྐྱེན་མ་ཡིན་པ་ལས་སྐྱེས་པ་ཙི་ཡང་མེད་དོ།། ཅིའི་ཕྱིར་ཞེ་ན། འདུ་བྱེད་རྣམས་ནི་སྒྱུ་མ་དང་། དྲི་ཟའི་གྲོང་ཁྱེར་སྨིག་རྒྱུ་འདྲ།། གང་སྡིགི་ཕྱིར་འདུ་བྱེད་རྣམས་ནི་དྲི་ཟའི་གྲོང ་ཁྱེར་དང་། སྒྱུ་མ་དང་སྨིག་རྒྱུ་དག་དང་འདྲ་བ་དེའི་ཕྱིར་ལས་རང་བཞིན་གྱིས་མེད་དོ།། གཞན་ཡང་། ལས་ནི་ཉོན་མོངས་རྒྱུ་མཚན་ཅན།། འདུ་བྱེད་ཉོན་མོངས་ལས་བདག་ཉིད།། ལུས་ནི་ལས་ཀྱི་རྒྱུ་མཚན་ཅན།། ། ་གསུམ་ཀའདུ་དྲོ་བོ་ཉིད་ཀྱིས་སྟོང་།། གང་གི་ཕྱིར་ལས་ནི་ཉོན་མོངས་པའི་རྒྱུ་ལས་བྱུང་བ་ཡིན་པ་དང་། གང་གི་ཕྱིར་འདུ་བྱེད་རྣམས་ལས་དང་ཉོན་མོངས་པའི་རྒྱུ་ལྔས་བྱུང་བ་ཡིན་པ་དང་། གང་གི ་ཕྱིར་ལུས་ལས་ཀྱི་རྒྱུ་ལས་བྱུང་བ་དེའི་ཕྱིར་དེ་གསུམ་ཆར་ཡང་རང་བཞིན་གྱི་སྟོང་ངོ་།། དེ་ལྟར་ཡིན་ན། ལས་མེད་ན་ནི་བྱེད་པ་མེད།། དེ་གཉིས་མེད་པར་འབྲས་བུ་མེད།། དེ་མེད་ཕྱིར་ན་ཟ་བ་པོ།། མེད་པ་ཡིན་པས ་དབེན་པ་ནི།། དེ་ལྟར་རིགས་པས་ཀྱང་དཔྱད་ན་འབྲས་བུ་རང་བཞིན་མྱེད་ན་ལས་མེད་པ་ཡིན་ནོ།། ལས་མེད་ནུ་བྱེད་པ་པོ་མེད་པ་ཡིནོ།། ལས་དང་བྱེད་པ་པོ་མེད་ན་འབྲས་བུ་མེད་དོ།། དེ་མེད་ན་ཟ་བ་པོ་མེད་པ་ཡིན་ཏེ། དེའི ་ཕྱིར་དབེན་པ་ཡིན་ནོ།། གཞན་ཡང་། ཡོང་དག་མཐོང་ཕྱིར་ལུས་སྟོང་པར།། ལེགས་པར་རྣམ་པར་ཤེས་ན་ནི།། ལྔས་མི་འབྱུང་སྟེ་ལས་མེད་ན།། ལ་ལས་གང་བྱུང་མི་འབྱུང་ངོ་།། དེ་ཁོ་ན་མཐོང་བའི་རྒྱུ་ལས་རང ་བཞིན་གྱིས་སྟོང་པར་ལེགས་པར་རྣམ་པར་ཤེས་ན་ལས་མྱི་འབྱུང་།། ལས་དེ་མེད་ན་ལས་དེ་ལས་བྱུང་བ་གང་ཡིན་པ་དེ་ཡང་མི་འབྱུང་ངོ་།། འདིར་སྨྲས་པ། དེ་ཅི་མེད་པ་ཁོ་ན་ཡིན་ནམ། འོན་ཏེ་འགའ་ཞིག་ཡོད ་འདིར་བཤད་པ་ཡོད་དོ།། གལ་ཏེ་ཇི་ལྟར་ཞེ་ན། ཇི་ལྟར་བཅོམ་ལྡན་དེ་བཞིན་གཤེགས།། དེ་ནི་རྫུ་འཕྲུལ་གྱིས་སྤྲུལ་པ།། སྤྲུལ་པ་མཛོད་ལ་སྤྲུལ་དེས་ཀྱང་།། སྤྲུལ་པ་གཞན་ཞིག་སྤྲུལ་པར་བྱེད།། དེ་ལས་དེ་བཞིན ་གཤེགས་སྤྲུལ་སྟོང་།། སྤྲུལ་པས་སྤྲུལ་པ་སྨོས་ཅི་དགོས།། རྟོག་པ་ཙམ་གང་ཅི་ཡང་རུང་།། དེ་དག་གཉི་ག་ཡོད་པ་ཡིན།། དེ་བཞིན་བྱེད་པོ་སྤྲུལ་པར་མཚུངས།། ལས་ནི་སྤྲུལ་པས་སྤྲུལ་དང་མཚུངས།། རང་བཞིན་གྱིས ་ནི་སྟོང་པ་ཡིན།། རྟོག་ཙམ་གང་ཅི་ཡང་རུང་བར་ཡོད། ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེ་རྫུ་འཕྲུལ་གྱིས་སྤྲུལ་པ་མཛད་ལ། སྤྲུལ་པ་དེས་ཀྱང་སྤྲུལ་པོ་གཞན་ཞིག་སྤྲུལ་པར་བྱེད་པ་དེ་བཞིན་དུ་ལས ་ཀྱང་ཁོང་དུ་ཆུད་པར་བྱའོ།། དེ་ལ་རེ་ཞིག་དེ་བཞིན་གཤེགས་པས་སྤྲུལ་པ་ཡང་རང་བཞིན་གྱིས་སྟོང་ན། སྤྲུལ་པས་སྤྲུལ་པ་ལྟ་སྨོས་ཀྱང་ཅི་དགོས།། ཅི་ལྟར་རྟོག་པ་ཙམ་གང་ཅི་ཡང་རུང་བ་གཉི་ག་ཡང་ཡོད་པ་ལྟར ་ལས་ཀྱང་དེ་དང་འདྲའོ།། གཞན་ཡང་། གལ་ཏེ་རང་བཞིན་གྱིས་ལས་ཡོད།། མྱ་ངན་འདས་ལས་བྱེད་པོ་མེད།། གལྕེ་མེད་ནི་ལྔས་བསྐྱེད་པའི།། འབྲས་བུ་སྡུག་དང་མི་སྡུག་མེད།། གལ་ཏེ་ལས་རང་བཞིན་ཡོད་ན་ལས་རང ་བཞིན་གྱིས་གྲུབ་ཕུན་ཆད་མྱ་ངན་ལས་འདས་པ་ཐོབ་པ་མེད་དོ།། གཞན་ཡང་། ལས་ཀྱི་བྱེད་པ་པོ་ཡང་མེདདོ།། ཅིའི་ཕྱིར་ཞེ་ན། བྱེད་པ་པོ་མེ་པར་ཡང་ལས་རབ་ཏུ་འགྲུབ་པའི་ཕྱིར་རོ།། གལ་ཏེ་ལས་རང ་བཞིན་གྱིས་མེད་ན་ནི་ལས་ཀྱིས་བསྐྱེད་པའི་འབྲས་བུ་སྡུག་པ་དང་མི་སྡུག་པ་གང་ཡིན་པ་དེ་ཡོང་མེད་དོ།། འདིར་སྨྲས་པ། མདོ་སྡེ་ལས་ཡོད་དོ་ཞེས་རྒྱ་ཆེར་གསུངས་ན་དེ་ཇི་ལྟར་མེདོ་ཞེས་བྱ་བར་འགྱུར། འདིར ་བཤད་པ། ཡོད་ཅེས་པ་ཡོད་མེད་ཅེས་པ་འང་།། ཡོད་དེ་ཡོད་མེད་ཅེས་དེའང་ཡོད།། སངས་རྒྱས་རྣམས་ཀྱིས་དགོངས་ནས་ནི།། གསུངས་པ་རྟོགས་པར་སླ་མ་ཡིན།། ཡོད་དོ་ཞེས་གསུང ་པ་གང་ཡིན་པ་དེ་ཡང་བརྟགས་པར་ཡོད་དོ།། མེད་དོ་ཞེས་གསུངས་པ་གང་ཡིན་པ་དེ་ཡང་བརྟགས་པར་ཡོད།། ཡོད་མེད་ཅེས་བྱ་བ་གང་ཡིན་པ་དེ་ཡང་རྟགས་པ་ཁོ་ནར་ཟད་དོ།། སངས་རྒྱས་རྣམས་ཀྱིས ་དགོངས་ཏེ་གསུངས་པ་རྣམས་ནི།། རྣམ་པ་ཐམས་ཅད་དུ་རྟོགས་པ་སླ་བ་མ་ཡིན་ནོ།། འདིར་སྨྲས་པ། འདི་ལ་གཟུགས་ནི་འབྱུང་བ་ལས་གྱུར་པ་ཡིན་པར་འདོད་དེ་ཡོད་ལ། ལྷག་མ་གཟུགས་ཅན་མ་ཡིན་པའི ་ཆོས་རྣམས་ཀྱང་ཅི་རིགས་པར་ཡོད་དོ།། འདིར་བཤད་པ། གལ་ཏེ་གཟུགས་འབྱུང་ལས་བྱུང་ན།། ཡང་དག་མིན་ལས་གཟུགས་འབྱུང་འགྱུར།། རང་གི་དྲོ་བོ་ལས་མ་ཡིན།། དེ་མེད་ཕྱིར་ནས་གཞན་ལ ་མིན། གལྔ་ཏེ་གཟུགས་འབྱུང་བ་ལས་བྱུང་བ་ཡིན་པར་འདོད་ན། དེ་ལྟ་ཡིན་ན་ནི་གཟུགས་ཡང་དག་པ་མ་ཡིན་པ་ལས་བྱུང་བ་ཡིན་ཏེ། ཡང་དག་པ་མ་ཡིན་པ་ལས་ཞེས་བྱ་བཱ་ནི་བདག་མ་ཡིན་པ་ལ ་བཤད་པ་ཡིན་ནོ།། དེ་ལྟར་གཟུགས་ནི་རང་གི་ངོ་བོ་ལས་མ་ཡིན་པའོ།། འདིར་སྨྲས་པ། དེ་དེ་བཞིན་ཏེ། རང་གི་ངོ་བོ་ལས་ནི་མ་ཡིན་ཏེ། གཞན་ལས་ཡིན་ཏེ་འབྱུང་བ་རྣམས་ནི་དེའི་གཞནོ།། འདིར ་བཤད་པ། དེ་མེད་ཕྱིར་ན་གཞན་ལས་མིན།། གཟུགས་དེ་གཞན་ལས་མ་ཡིན་ནོ།། ཅིའི་ཕྱིར་ཞེ་ན། དེ་མེད་པའི་ཕྱིར་གཞན་དེ་མེད་པའི་ཕྱིར་རོ།། ཇི་ལྟར་ཞེ་ན། འདི་ལྟ་རུ་རུང་གི་ངོ་བོ་ཉིད་མ་གྲུབ་པའི་ཕྱིར་གཞན་ལས ་ཞེས་བྱ་བ་མི་འཐད། མེད་པ་ནི་དེའི་གཞན་ལས་ཞེས་བྱ་བ་མི་འཐད། མེད་པ་དེའི་གཞན་ཞེས་བྱ་བ་མ་ཡིནོ།། གཞན་ཡང་འབྱུང་བ་བཞི་པོ་དེ་དག་ཉིད་མེད་པའི་ཕྱིར་ཏེ། འདི་ལ་མཚན་ཉིད་ལས་བྱུང་བ་རྣམས ་འགྲུབ་པར་འདོད་ན། མཚན་ཉིད་དེ་ཡང་འབྱུང་བ་རྣམས་ཀྱི་སྔོན་རོལ་དུ་འགྲུབ་པ་མི་འཐད་དོ།། དོ་མ་གྲུབ་པའི་ཕྱིར་མཚན་བཞི་འབྱུང་བ་རྣམས་ཀྱང་མ་གྲུབ་པོ།། གཅིག་ལའང་བཞི་ནི་ཡོད་མིན་ཞིང་།། བཞི ་ལ་འང་གཅིག་ནི་ཡོད་མིན་ན།། འབྱུང་བ་ཆེ་བཞི་མེད་བརྟེན་ནས།། གཟུགས་ནི་ཇི་ལྡན་འགྲུབ་པར་འགྱུར། དྲི་ལྟ་བས་ན། བཞི་ལའང་གཅིག་ཉིད་མེད་ལ།། གཅིག་ལའང་བཞི་ཉིད་མེད་པའི་ཕྱིར། འབྱུང ་བ་ཆེན་པོ་བཞི་མེད་པ་ལ་བསྟེན་ནས། གཟུགས་ཇི་ལྟར་འགྲུབ་པར་འགྱུར། མེད་པ་ཞེ་སྡ་བྱ་བ་ནི་ཡོད་པྲ་མ་ཡིན་པཱ་ཞེས་བཤད་པ་ཡིན་ནོ།། གཞན་ཡང?། ཤཱིནྣ་ཏུ་མྲི་འཛིན་ཕྱིར་གྷུལྨ་ཎྱེ།། རྡྷ་ག་སཱ་ལཱ་སཾ ་ཤེ་ན་རྟགས་དེ་མེད།། རྒྱུ་དང་རྐྱེན་ལས་སྐྱེས་ཕྱིར།། ཡོད་ནའང་རྟགས་མེད་རིགས་པ་ཡིན།། ཤིན་ཏུ་མི་འཛིན་པའི་ཕྱིར་གཟུགས་ནི་ཡོད་པ་མ་ཡིན་པ་ཉིད།། ཅིའི་ཕྱིར་ཞེ་ན། ཤིན་ཏུ་མི་འཛིན་པའི་ཕྱིར། ་གཟུགས་ནི་ཤིན་ཏུ་མི་འཛིན་པ་ཉིད་དེ། གང་ལྔ་འཛིན་པ་མི་སྲིད་པ་དེ་ཇི་ལྟར་ཡོད་དོ་ཞེས་བྱ་བར་འགྱུར། འདི་ལ་འདི་སྙམ་དུ་བཏགས་ལས་ཏེ། གལ་ཏེ་འདིའི་རྟགས་གཟུགསོ་སྙམ་པའི་བློ་གཟུགས ་ཅན་གྱི་བློ་ཡོད་ན་གཟུགས་ཞེས་བྱ་བ་འགྲུབ་པར་འགྱུར་ཏཱི། གང་གི་ཕྱིར་དོན་མེད་པ་ལྔ་བློ་མི་འཇུག་པ་དེའི་ཕྱིར་རྟགས་བློ་ལ་གཟུགས་ཡོད་དོ་སྙམ་དུ་སེམས་ན། འདིར་བཤད་པ། གལ་ཏེ་རྟགས་ལས་ཤེ་ན། རྟགས་དེ ་མེད། རྟགས་དེ་ནི་མེད་དེ་ཡོད་པ་མ་ཡིན་ནོ།། ཅིའི་ཕྱིར་ཞེ་ན། རྒྱུ་དང་རྐྱེན་ལས་སྐྱེས་ཕྱིར་རོ།། གྲང་གི་རྟགས་བློ་དེ་ནི་རྒྱུ་དང་རྐྱེན་རྣམས་ལྔས་སྐྱེས་པ་དེའི་ཕྱིར་དེ་མེདདོ།། གཞན་ཡང་། ཡོད་ནའང་རྟགས་མེད་རིགས་མ ་ཡིན། གཟུགས་དེ་ཡོད་དུ་ཟིན་ན་ཡང་། དེ་ལྟ་ན་ཡོད་། གཟུགས་ཡོད་པའི་རྟགས་མེད་པ་རིགས་མ་ཡིན་ཏེ། རྟ་གས་ཡོད་པ་མ་ཡིན་པ་ནི་མི་རིགས་སོ།། གཞན་ཡང་། གྲལ་ཏེ་གཟུགས་ནི་འཛིན་འགྱུར་ན།། ་བདག་གྲི་རང་བཞིན་ཉིད་འཛིན་འགྱུར།། མེད་པ་རྐྱེན་ལས་སྐྱེས་པའི་བློས།། གཟུགས་མེད་ཇི་ལྟར་འཛིན་པར་འགྱུར།། གལ་ཏེ་གཟུགས་འཛིན་བྱར་གྱུར་ན། དྲྀ་ལྟ་ཡཱིན་ན་ནི་བྲཱདགྡྷ་གཽ་རླུང་བཞིན་ཉིད་ཇི་ལྟ་བར ་འགྱུར་ཏེ། རང་གི་བདག་ཉིད་ལ་འཛིན་པར་འགྱུར་རོ།། ཞེས་བཤད་པ་ཡིན་ནོ།། དེ་ཡང་མི་མཐོང་སྟེ་དེ་ཉིད་ཀྱིས་དེ་ལ་འཛིན་པ་ནི་མ་ཡིན་ནོ།། གང་གི་ཕྱིར་བློ་དེ་རང་བཞིན་གྱིས་སྟོང་པ་དེའི་ཕྱིར་མེད་པ ་རྐྱེན་ལས་སྐྱེས་པའི་བློ་དེས་གཟུགས་མེད་པ་ཇི་ལྟར་འཛིན་པར་འགྱུར། འདིར་སྨྲས་པཱ། མཱདོ་སྡེ་ལས་གཟུགས་འདས་པ་དང་མ་འོངས་པའི་གཟུགས་འཛིན་པ་མང་དུ་གསུངས་ཏེ། དེ་ལྟ་བས་ན་གཟུགས་འཛིན་པ་ནི ་ཡོད་དོ།། འདིརཱི་བཤད་པ། གང་ཚེ་བློ་འབྱུང་སྐུད་ཅིག་པས།། གཟུགས་སྐྱེས་སྐད་ཅིག་མི་འཛིན་ན།། དེ་ཡི་འདས་དྲང་མ་འོངས་པའི།། གཟུགས་ནི་ཇི་ལྟར་རྟོག་པར་འགྱུར།། འདི་ལ་གཟུགས་དང་བློ་འདི་གཉི་ས ་ཡང་སྐད་ཅིག་ཡིན་པར་བསྡམས་ཏེ། གང་གི་ཚེ་བློ་བྱུང་བླ་སྐད་ཅིག་པ་ཡིན་པས་གཟུགས་སྐྱེས་པ་སྐད་ཅིག་པ་མི་འཛིན་ན་འདས་པ་དང་མ་འོངས་པའི་གཟུགས་ཇི་ལྟར་རྟོག་པར་འགྱུར་ཏེ། མི་སྲིད་པའི་ཕྱིར ་རྟོགས་པར་མི་འགྱུར་རོ།། ཇི་ལྟར་ཞེས་བྱ་བ་ནི་གསལ་བའི་དོན་ཡིན་པའི་ཕྱིར་རོ།། རིགས་པ་འདིས་ནི་གཟུགས་ཤིན་ཏུ་མི་འཛིན་ནོ།། གཞན་ཡང་ཁ་དྲོག་དང་དབྱིབས་སུ་ཁས་བླངས་སུ་ཟིན་ཡང་གཟུགས་འཛིན ་པར་མི་འཐད་པ་ཉིད་དོ།། ཙཱིའི་ཕྱིར་ཞེ་ན། གང་ཚེ་ནམྦ་ཡང་ཁ་དོག་དབྱིབས།། ཐ་དད་ཉིད་ནི་ཡོད་མ་ཡིན།། ཐཱ་དང་གཅིག་ཏུ་འཛིན་པ་མེད།། དེ་གཉིས་གཟུགས་སུ་གྲགས་ཕྱིར།། གལ་ཏེ་ཁ་དོག་དང་དབྱིངས ་ཐ་དད་པ་ཉིད་དུ་གྱུར་ན་ན་དེའི་ཕྱིར་དེ་གཉིས་པ་དང་དུ་འཛིན་པ་འཐད་པར་འགྱུར་ན་གང་གི་ཚེ། ཁ་དོག་དང་དབྱིབས་དེ་དག་གཟུགས་ཡིན་པར་འདོད་པ་དེའི་ཚེ་འཐད་པར་མི་འགྱུར་རོ།། གཞན་ཡང་། མིག་བློ ་མིག་ལ་ཡོད་མིན་ཏེ། གཟུགས་ལ་ཡོད་མིན་པར་ནའང་མེད། མིག་དང་གཟུགས་ལ་བརྟེན་ནུས་དེ།། ཡོངསུ་རྟོག་པ་ལོག་པ་ཡིན།། དེ་ནི་བརྟགས་ནི་མིག་གི་བློ་ནི་མིག་ལ་ཡད་མྱེད་གཟུགས་ལྔ ་ཡང་མེད་དེ་གཉི་གའི་བར་ན་ཡང་མེད་ན། དེ་ནི་མིག་དང་གཟུགས་ལ་བརྟེན་ནས་སྐྱེ་བར་ཡོངས་སུ་རྟོག་པ་དེ་ནི་ལྡོག་པ་ཡིནོ།། འདིར་སྨྲས་པ། མིག་ལ་སོགས་པའི་སྐྱེ་མཆེད་རྣམས་ནི་ཡོད་དེ། དེ་དག་གི ་སྤྱོད་ཡུལ་ལྟ་བར་བྱ་བ་ལ་སོགས་པ་ཡོད་པ་ཡིནོ།། དེ་ལ་མགུ་ནི་གཟུགས་ལ་ལྟ་ལ། རྣ་བ་ལ་སོགས་པ་ཡང་ཅི་རིགས་པར་དྲེ་དང་འདྲའོ།། འདིར་བཤད་པཱ། གླལ་ཏཱཾ་མིག་བདག་མི་མཐོང་ན། དེ་གཟུགས ་མ་ཐོང་བར་ཇི་ལྟར་འགྱུར།། དེ་ཕྱིར་མིག་དྲང་གཟུགས་བདག་མེད།། སྐྱེ་མཆེད་ལྷག་མའདི་དེ་དང་འདྲ།། མིག་དེ་རང་བདག་ཉིད་ཀྱིས་སྟོང་།། དེ་ནི་གཞན་བདག་ཉིད་ཀྱིས་སྟོང་།། གཟུགས་ཀྱང་དེ་བཞིན་སྟོང་པ་སྟེ།། ་སྐྱེ་མཆེད་ལྷག་མིའང་དེ་བཞིན་སྟོང་། དེ་བཞིན་ཞེས་བྱ་བ་ནི། ཇི་ལྟར་གཟུགས་རང་གི་བདག་ཉིད་རང་དང་གཞན་གྱི་བདག་ཉིད་ཀྱིསྔ་སྟོང་པ་དེ་བཞིན་དུ་སྐྱེ་མཆེད་ལྷག་མ་ཡང་རླུང་གི་བདག་ཉིད་དྲང་གཞན་གྱི་བདག ་ཉིད་ཀྱིས་སྟོང་ངོ་།། ཞེས་མཐུན་པར་བསྟན་པ་ཏེ། དེ་ལྟ་བས་ན་གཟུགས་ནི་རང་གི་བདག་ཉིད་དང་གཞན་གྱི་བདག་ཉིད་ཀྱིས་སྟོང་པ་ཡིན་ནོ།། གཞན་ཡང་། བརྟེན་ནས་བྱུང་བའི་ཕྱིར་ཡང་སྟོང་པ་ཡིན་ཏེ། འདི་ལ ་གཟུགས་ཉིད་ཀྱི་འབྱུང་བྱ་རྣམས་རྒྱུར་བྱས་ནས། གྲུབ་པ་དེ་ནི་བརྟེན་ནུས་གྲུབ་པུ་ཡིན་ལ། གྲང་ལ་བརྟེན་ནས་གྲུབ་པ་ཡིན་ལ། གང་ལྔ་བརྟེན་ནས་གྲུབ་པ་དེ་ནི་རང་གི་ངོ་བོ་མ་གྲུབ་སྟེ། དེ་ལྟ་བས་ན་གཟུགས་ནི་རང ་གི་ངོ་བོས་སྟོང་པ་ཡིན་ནོ།། གཞན་གྱི་བདག་ཉིད་ཀྱིས་ཀྱང་སྟོང་པ་ཡིན་ཏེ། དེའི་གཞན་ནི་མིག་དང་བློ་ཡིན་ནོ།། བློ་དྲང་བཅས་པའི་མིག་དེ་ནི་ཡུལ་ཅན་ཡིན་ལྔ། གཟུགས་ནཱ་ཡུལ་ཏེ་ཡུལ་གང་ཡིན་པ་དེ་ནི་ཡུལ ་ཅན་མ་ཡིན་ནོ།། དེ་ལྟ་བས་ན་གཞན་གྱི་བདག་ཉིད་ཀྱིས་ཀྱང་སྟོང་ངོ་དོ།། རྣམ་པ་གཅིག་ཏུ་ནུ་བློ་ནི་ནང་ཡིན་ལ་གཟུགས་ནི་སྤྱད་པར་བྱ་བ་དང་ཕྱི་རོལ་ཡིན་ཏེ། ནང་གི་མ་ཡིན་པ་དེའི་ཕྱིར་གཞན་གྱི་བདག་ཉིད་ཀྱིས་ཀྱང་སྟོང།། ། ་གླང་ལྔས་ཞེ་ན། བློ་ཉིད་གང་ལས་བརྟེན་ནས་བྱུང་བའི་ཕྱིར་ཏེ་ཇི་ལྟར་བརྟུནྡ་གྲུབ་པ་ཡུན་ཞེ་ན། བློ་ཉིད་ནི་རྟོགས་པར་བྱ་བོ་ཉིད་ལྔ་སོགས་པ་ལ་བརྟེན་ནས་གྲུབ་པ་ཡིན་ནོ།། གྲང་བྲིརྟེན་ནས་གྲུབ་བཱ་དེ་ནི་རང་གི་བདག ་ཉིད་ཀྱིས་མ་གྲུབ་སྟེ། དེ་ལྟ་བས་ན་བློ་དེ་ནི་རང་གྲི་བདག་ཉིད་མེད་དྲོ།། དེའི་ཕྱིར་བློ་ནི་དོན་ཕྲ་མོ་ལྔ་སོགས་པ་འཛིན་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་དེ་མི་རུངོ།། གཟུགས་ཀྱང་དེ་བཞིན་ཞེས་བྱ་བཱ་དེ་མཱི་རུ་ངོ་།། གཟུགས ་ཀྱང་དེ་བཞིན་ཞེས་བྱ་བ་ནི་དེ་དང་མཚུངས་པ་སྟེ།། ཇི་ལྟར་མིག་རང་གི་བདག་ཉིད་དང་། གཞན་གྱིས་བདག་ཉིད་ཀྱིས་སྟོང་པ་དེ་བཞིན་དུ་གཟུགས་ཀྱང་རང་གི་བདག་ཉིད་དང་གཞན་གྱིས་བདག་ཉིད་ཀྱིས་སྟོང་ངོ་།། གཟུག ་དྷེམྦཱར་ར་གི་བདག་ཉིད་དང་གླཞན་གྱི་བདག་ཉིད་ཀྱིས་བྱུང་།། ནཱནཱ་ཀྵངྒ་བྷིཪྵ་ས་པོ་བྱམས་ཀྱྀ།། རླུད་དུ་སྤྲིནྡ་ཀུན་ལ་ཡ་མྦྷ་སོ+ོ།། ས་དྡྷགྶ་སྱཨཱ་རྱཱ་བྱཱམྦྷ་ཧཱུ~ཾ། རྨྨ ་ནཱ་དངསུ་པོ་ཐམས་ཅད་ཡོང་མྱ་སྨིན་ཏེ། དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཧཱུ~ཾངྒེ་མེད་ཞེས་བྱེ་བའི་ཐ་ཚིག། སྤྱོད་ཞེས་བྱ་བཱ་ནཱི་མི་དམིགས་པ་ཞེས་བྱ་བྱ་འི་རྗེག། མིགོ་ནཱ་བརྟེན་ནསྟེ་བྱུང་བྱེ་ཕྱིར་སྣོང་སྟེ། མས ་ཉིད་ནི་བཱརྟེནྡ་ནཱས་གྲུབ་པའི་ཕྱིར་རོ།། གང་བརྟེན་ནས་གྲུབ་པ་དེ་ནི་རང་གི་པདྨམ་ཉིད་དུ་མ་གྲུབ་པའི་ཕྱིར། དེ་ལྟ་བྲིས་ནི་མིག་ནི་རང་གི་བདག་ཉིད་ཀྱིས་སྟོང་དོ།། ཅི་སྟེ་གཞན་གྱིས་བདག་ཉིད་དུ་སྤོད་པར་འདོ་ན་དུ་ཡང ་མྲི་རུ་སྟེ། འི་ཕྱིར་ཞེ་ན། གླེང་ལ་རང་གི་བདག་ཉིད་མྱེ་པ་དེ་ལྷ་གཞན་གྱི་དངོས་གྲཝ་ལ་ཡོད་གཞོན་གྱི་དངོས་པོ་ཡང་མེད་དོ།། དེ་ལྱ་བས་ན་གཞན་གྱིས་བདག་ཉིད་ཀྱི་སྟོང་།། རྣམ་པ་གཅིག་རྟེན་གཞན་མི་བདག ་ས་ང་ཞེས་བྱ་བ་ནི་དེ་སྤྱད་དེའི་གཙུན་གྱི་ཧཱུ~ཾ་ཧྲཱིཙྪི་ཏཱི། མིག་ཎྜཱི་ཐོས་ངྒེ་བྷྱོ་ས་བྱ་། ཎྜི་སྨྱེངྒེ་མྦུ་སྦྱི ་ཡོད་པའི་བདག་ཉིད་དུ་འགྱུར་བར་འོས་པ་མ་ཡིན་པ་དེའི་ཕྱིར་གཞན་གྱིས་བདག་ཉིད་ཀྱིས་ཀྱོང་སྟོང་ངོ་།། གཞན་ཡང་བློ་ཉིད་སྟོང་ན་ནོ།། འདིར་སྨྲས་པ། ནརྣམ་ན།། ་ཅིའི་ཕྱིར་ཞེ་ན། བློ་ནི་འཛིན་པར་བྱེད་པ་ཡཱིན་པའི་ཕྱིར་ཏེ། གང་གི་ཕྱིར་བློ་ནི་དྲོན་ཕྱཝ་མོ་ལ་སྩོགས་པ་འཛིན་པར་བྱེད་པ་དེའི་ཕྱིར་བློ་ཡིན་ལ། མིག་གིས་ནི་བདག་ཉིད་མཐོང་ངོ་།། འདི་ལྟ་སྟེ། མིག་ནི་འབྱུང་བ་དང་བའི ་བདག་ཉིད་ཡིན་ཏེ། དེ་ནི་མིག་གི་རང་བཞིན་ཡིན་ནོ།། དེ་འཛིན་པར་བྱེད་པའི་བློ་ཁོ་ན་ཡིན་ནོ།། དེ་བཞིན་དུ་ཁ་དོག་དང་དབྱིབས་ཀྱི་ཁྱད་པར་གཟུགས་རྣམས་འཛིན་པར་བྱེད་པ་ཡང་བློ་ཁོ་ན་ཡིན་ཏེ། དེ་ལྟ་བས་ན། གལ་ཏེ ་མིག་བདག་མི་མཐོང་ན།། དེ་གཟུགས་མཐོང་བར་ཇི་ལྟར་འགྱུར། ཞོས་ཁྱོད་ཀྱིས་གང་སྨྲས་པ། དེ་མི་འཐད་དོ།། འདིར་བཤད་པ། དེ་ནི་དེ་ལྟ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། མིག་དེ་རང་བདག་ཉིད་ཀྱིས་སྟོང་།། དེ་ནི་གཞན ་བདག་ཉིད་ཀྱིས་སྟོང་།། དེ་བཞིན་གཟུགས་ཀྱིས་སྟོང་པ་སྟེ།། སྐྱེ་མཆེད་ལྷག་མའང་དེ་བཞིན་སྟོང་།། འདི་ལྔ་མིག་ནི་རང་གི་བདག་ཉིད་ཀྱིས་སྟོང་ངོ་།། རང་གི་བདག་ཉིད་ཅེས་བྱ་བ་ནི་རང་ཉིད་ཡིན་ནོ།། གལ་ཏེ་མིག་གི་བདག ་ཉིད་མི་མཐོང་ན་དེས་ཀྵ་མཐོང་བར་ཇི་ལྟར་འགྱུར། གང་གི་ཕྱིར་བདག་ཉིད་ཀྱང་མི་མཐོང་ན་གཟུགས་ཀྱང་མི་མཐོང་བ་དེའི་ཕྱིར་མིག་ནི་བདགུ་མེད་དེ་རང་བཞིན་མེད་དོ་ཞེས་བཤད་པ་ཡིནོ།། གཞན་ཡང་གཟུགས་ནི་ག ་མེད་དོ།། མི་སྣང་བ་ནི་གཟུགས་མ་ཡིན་པ་ལྟར་སྐྱེ་མཆེད་ལྷག་མ་དེ་དང་འདྲ། རིམ་པ་དེ་ཉིད་ཀྱིས་སྐྱེ་མཆེད་ལྷག་མ་རྣམས་བདག་ཉིད་མི་དེ་རང་བཞིན་མེད་པ་ཡིན་ནོ།། གཞན་ཡང་གང་ཚེ་གཅིག་རིག་ལྷན་ཅིག་འགྱུར།། ་དེ་ཚེ་གཞན་རྣམས་སྟོང་པ་ཡིན།། སྟོང་པའང་མི་སྟོང་མི་སྟེན་ཏེ།། མི་སྟོང་པའང་སྟོང་པ་མིན།། གང་གི་སྐྱེ་མཆེད་གཅིག་རེག་པ་དང་ལྷན་ཅིག་གྱུར་པའི་ཚེ་གཞན་རྣམས་སྟོང་པ་ཡིན་ཏེ། སྟོང་པ་ཡིན་པའང ་མི་སྟོང་པ་མི་བསྟེན་ལ། མི་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་མི་བརྟེན་ཏོ།། གཞན་ཡང་། གསུམ་པོ་ཡོད་མིན་མི་གྲནས་པའི།། རང་བཞིན་འདྲ་བ་ཡོད་མིན་པས།། དེ་བདག་ཉིད་ཀྱིས་རེག་པ་མེད།། དེ་ཕྱིར་ཚོར་བ་ཡོད་ལྔ་ཡིན། ་གསུམ་པོ་ཡོད་པ་མ་ཡིན་པ་དེ་མེད་པ་མི་གནས་པའི་རང་བཞིན་རྣམས་ལ་འདུ་བ་མེདདོ།། འདུ་བ་མེད་པའི་ཕྱིར་དེའི་བདག་ཉིད་ཀྱི་རེག་པ་མེད་དེ་ལས་བྱུང་བའི་རེག་པ་མེད་དོ་ཞེས་བཤད་པ་ཡིན་ནོ།། རིག་པ་མེད་པའི་ཕྱིར་ཚོར ་མེད་དོ།། གཞན་ཡང་། ནང་དང་ཕྱི་ཡི་སྐྱེ་མཆེད་ལ།། བརྟེན་ནས་རྣམ་པར་ཤེས་པ་འབྱུང་།། དེ་ལྟ་བས་ན་རྣམ་ཤེས་མེད།། སྨིག་རྒྱུ་སྒྱུ་མ་བཞིན་དུ་སྟོང་།། གང་གི་ཕྱིར་ཕྱི་དང་ནང་གི་སྐྱེ་མཆེད་ལྔ་བརྟེན་ནས་རྣམ་པར་ཤེས ་པ་སྐྱེ་བ་དེའི་ཕྱིར་རྣམ་པར་ཤེས་པ་དེ་ཡང་མེད་དེ། སྨིག་རྒྱུ་སྒྱུ་མ་བཞིན་དུ་སྟོང་ངོ་།། དེ་ལ་འདི་སྙམ་དུ་རྣམ་པར་ཤེས་པར་བྱེད་པ་ཡོད་དོ་སྙམ་དུ་སེམས་ན། དེ་ཡང་མི་འཐང་ངོ་།། ཅིའི་ཕྱིར་ཞེ་ན། རྣམ་ཤེས་རྣམ་ཤེས ་བྱ་བརྟེན་ན།། འབྱུང་བས་ཡོད་མིན་ཤེས་པ་དང་།། རྣམ་ཤེསབྱ་མེད་ཕྱིར་དེའི་ཕྱིར།། རྣམ་ཤེས་བྱེད་པ་མེད་པ་ཉིད།། གང་གི་ཕྱིར་རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པར་བྱ་བ་ལ་བརྟེན་ནས་འབྱུང་བ་དེའི་ཕྱིར་མེད་དེ། རྣམ ་བར་ཤེས་པར་བྱ་བ་དང་། རྣམ་པར་ཤེས་པ་མེད་པའི་ཕྱིར་རྣམ་པར་ཤེས་པར་བྱེད་པ་ཡང་མེད་པ་ཉིད་དོ།། འདིར་སྨྲས་པ། ཐམས་ཅད་མྱི་རྟགོ་ཞེས་གསུངས་ཏེ་ཐམས་ཅད་མྱི་རྟག་པར་བསྟན་པས་མི་སྟོང་པ་ཉིད་ཀྱང་བསྟན ་པས་མཛད་པ་ཡིན་ནོ།། འི་དར་བཤད་པ། ཐམས་ཅདི་མྲྀ་རྟག་མི་རྟག་པ་འམ།། ཡང་ན་རྟག་པ་ཅི་ཡང་མེད།། ད་ངོས་ཡོད་རྟག་དང་མི་རྟག་ཉིད།། ཡིན་ན་དེ་ལྟར་ག་ལ་ཡོད།། ཐམས་ཅད་མི་རྟག་ཅེས་གསུངས་པ་ནི ་འདིར་བརྗོད་པར་བཞེད་པ་ཤེས་པར་བྱ་སྟེ། གང་གི་ཕྱིར་མི་རྟག་པ་འམ་རྟག་པ་ནི་ཅི་ཡང་མེདོ།། དངོས་པོ་ཡོད་ན་རྟག་པ་འམ་མི་རྟག་པ་ཉིད་ཡིན་ན། དངོས་པོ་དེ་དག་ག་ལ་ཡོད། མེདོ་ཞེས་བཤད་པ་ཡིནོ།། འདིར་སྨྲས་པ ་འདི་ལྟར་མདོ་ལས་རྒྱས་པར་བསྟན་པས་འདོད་ཆགས་དང་ཞེ་སྡང་དང་གཏི་མུགཱ་རྣམས་ནི་ཡོད་དོ།། འདིར་བཤད་པ། སྡུག་དང་མི་སྡུག་ཕྱིན་ཅི་ལོག། རྐྱེན་སྐྱེས་ཆགས་སྡང་གཏི་མུགུ་རྣམས།། འབྱུང་སྟེ་དེ་ཕྱིར་རང་བཞིན། ་གྱིས།། འདོད་ཆགས་ཞེ་སྡང་གཏི་མུག་མེད།། གང་གི་ཕྱིར་སྡུག་པའི་རྐྱེན་དང་། མི་སྡུག་པའི་རྐྱེན་དང་། ཕྱིན་ཅི་ལོག་གི་རྐྱེནི་ལས་འདོད་ཆགས་དང་ཞེ་སྡང་དང་གཽ་ཏི་མུག་རྣམས་འབྱུང་བ་དེའི་ཕྱིར་རང་བཞིན་གྱིས་འདྲོད་ཆགས ་དང་ཞེ་སྡང་དང་གཏི་མུག་རྣམས་མེདོ།། གཞན་ཡང་། གང་ཕྱིར་དེར་ཆགས་དེར་སྡིང་དེར། རྨོངས་པ་དེ་ཕྱིར་དེ་དག་ནི།། རྣམ་རྟོག་གིས་བསྐྱེད་རྣམ་རྟོག་ཀྱང་།། ཡང་དག་ཉིད་དུ་ཡོད་མ་ཡིན།། གང་གི་ཕྱིར་གཅིག་པོ་དེ ་ཉིད་ལ་ཆགས་དེ་ཉིད་ལ་སྡང་། དེ་ཉིད་ལ་རྨོངས་པ་དེའི་ཕྱིར་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་ནི་རྣམ་པར་རྟོག་པས་བསྐྱེད་པ་ཡིནོ།། གཞན་ཡང་། རྣམ་པར་རྟོག་པ་དག་ཀྱང ་ཡང་དག་པ་མ་ཡིན་ཏེ། རྣམ་པར་རྟོག་པ་གང་དག་གིས། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམ་པར་བསྐྱེད་པར་བྱེད་པ་དེ་དག་ཀྱང་ཡང་དག་པར་མེད་དོ།། ཇི་ལྟར་མེད་ཅེ་ན། དེ་བཤད་པ། ནམ ་བརྟག་བྱ་གང་དེ་ཡོད་མིན།། རྟག་བྱ་མེད་རྟོག་ག་ལ་ཡོད།། དེ་ཕྱིར་རྐྱེན་ལས་སྐྱེས་པའི་ཕྱིར།། བརྟག་བྱ་རྣམ་པར་རྟོག་པ་སྟོང་།། རྣམ་པར་བརྟག་པར་བྱ་བ་གང་ཡིན་པ་དེ་ནི་མེད་དོ།། རྣམ་པར་བརྟག་པར་བྱ ་བྱ་བ་མྱེད་ན་རྣམ་པར་རྟོག་པ་ཡོད་པར་ག་ལ་འགྱུར་ཏེ། རྐྱེན་ལས་སྐྱེས་པའི་ཕྱིར་རྣམ་པར་བརྟག་པར་བྱ་བ་ཡང་རང་བཞིན་གྱིས་སྟོང་ལ། རྣམ་པར་རྟོག་པ་ཡང་རང་བཞིན་གྱིས་སྟོང་ངོ་།། གཞན་ཡང་། ཡང ་དོག་མཐོང་ཕྱིར་ཕྱིན་ཅི་ལོག། གཞི་ལས་སྐྱེས་པའི་མ་རིག་མེད།། དེ་མོད་ཕྱིར་ན་འདུ་བྱེད་རྣམས།། མི་འབྱུང་ལྷག་མའང་དེ་བཞིནོ།། དེ་ལྟར་ཡང་དག་པར་རྟོགས་པས་ཕྱིན་ཅི་ལོག་བཞི་ལས་སྐྱེས་པའི་མ་རིག ་པ་མི་འབྱུང་ངོ་།། དེ་མེད་པའི་ཕྱིར་ན་མི་རིག་པ་དེ་མེད་པ་འདུ་བྱེད་རྣམས་མི་འབྱུང་སྟེ། དེ་བཞིན་དུ་ལྷག་མ་མི་འབྱུང་ངོ་།། གཞན་ཡང་། གང་བརྟེན་གང་སྐྱེས་དེ་དེ་ལས།། སྐྱེས་དེ་དེ་མེད་མི་འབྱུང་ངོ་།། དངོས ་དང་དངོས་མེད་འདུས་བྱས་དང་། འདུས་མ་བྱས་ཤིང་མྱ་ངན་འདས།། གང་ལ་བརྟེན་ནས་གང་སྐྱེས་པ།། དེ་ནི་དེ་ལས་སྐྱེས་པ་ཡིན་ཏེ།། དེ་མེད་ན་མི་འབྱུང་།། དངོས་དང་དངོས་པོ་མེད་པ་ཞི་བ་དང་།། འདུས་བྱས་དང་འདུས ་མ་བྱས་ཞི་བ་དང་།། མྱ་ངན་ལས་འདས་པ་ཡིན་ནོ།། གཞན་ཡང་། རྒྱུ་དང་རྐྱེན་ལས་སྐྱེས་དངོས་རྣམས།། ཡང་དག་པར་ནི་རྟོག་པ་གང་།། བརྟེན་པའི་དངོས་པོར་མངོན་པར་ཞེན་པ་དང་ལྟ་བ་དང་རྟོག་པ་དྲང་འཛིན ་པཱ། དེ་ནི་སྟོན་པས་མ་རིག་གསུངས།། དེ་ལས་ཡན་ལག་བཅུ་གཉིས་འབྱུང་།། གཞོ་ན་ཡང་། ཡང་དག་མཐོང་ཕྱིར་དངོས་སྟོང་པར།། ལེགས་ཤེས་མ་རིག་མི་འབྱུང་བ།། དེ་ནི་མ་རིགས་འགོག་པ་ཡིན།། དེ ་ཕྱིར་ཡན་ལག་བཅུ་གཉིས་འགག། དངོས་པོ་དེ་དག་རང་བཞིན་སྟོང་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལེགས་པར་ཤེས་ནས་མ་རིག་པ་མི་འབྱུང་བུ་དེ་ནི་མ་རིག་པ་འགོག་པ་ཡིན་ནོ།། དེའི་ཕྱིར་ཡན་ལག་བཅུ ་གཉིས་འགོག། ཅིའི་ཕྱིར་ཞེ་ན། འདུ་བྱེད་དྲི་ཟའི་གྲོང་ཁྱེར་དང་། སྒྱུ་མ་སྨིག་རྒྱ་ཆུ་བུར་དང་།། ཆུ་ཡི་དབུ་བ་མཚུངས་པ་སྟེ།། རྨི་ལམ་འགལ་མེའི་འཁོར་ལོ་འདྲ།། གང་གི་ཕྱིར་ཡོངས་སུ་བརྟགས་ནས་འདུ ་བྱེད་རྣམས་སྒྱུ་མ་དང་སྨིག་རྒྱུ་དང་དྲི་ཟའི་གྲོང་ཁྱེར་དང་འདྲ་བ་དེའི་ཕྱིརརང་བཞིན་གྱིས་སྟོང་པར་དེ་དག་ལེགས་པར་རྣམ་པར་ཤེས་ན་མ་རིག་པ་མི་འབྱུང་བ་དེ་ཉིད་མ་རིག་པ་འགོག་པ་ཡིན་ཏེ། དེའི་ཕྱིར་ཡན ་ལྷག་བཅུ་གཉིས་འགག་པར་འགྱུར་རོ།། རླུང་བཞིན་གྱིས་ནི་དངོས་འགགས་མེད།། འདི་ལ་དངོས་པོ་མེད་པའང་མེད།། འདི་ལ་དངོས་པོ་མེད་པའང་མེད།། རྒྱུ་དང་རྐྱེན་ལས་སྐྱེས་པ་ཡི།། དངོས ་དང་དངོས་མེད་སྟོང་པ་ཡིན།། བཙལ་ན་དོན་དམ་པར་རང་བཞིན་གྱིས་དངོས་པོ་འགྲའ་ཡང་མེད་ལ། འདི་ལ་དངོས་པོ་མེད་པ་འགའ་ཡང་མེད་དེ། རྒྱུ་དང་རྐྱེན་ལས་སྐྱེས་པའི་དངོས་པོ་དང་། དངོས ་པོ་མེད་པ་ནི་སྟོང་པ་ཡིན་ནོ།། དངོས་པོ་ཐམས་ཅད་རང་བཞིན་གྱིས།། སྟོང་པ་ཡིན་པས་དངོས་རྣམས་ཀྱིས།། རྟེན་འབྱུང་དེ་ནི་དེ་བཞིན་གཤེགས།། མཚུངས་པ་མེད་པས་ཉེ་བར་བསྟན།། དངོས ་པོ་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཡིན་པས།། དངོས་པོ་རྣམས་ཀྱིས་རྟེན་ནས་འབྱུང་བ་འདི་དེ་བཞིན་གཤེགས་པས་ཉེ་བར་བསྟན་ཏོ།། དམ་པའི་དོན་ནུ་དེར་ཟད་དོ།། སངས་རྒྱས་བཅོམ་ལྡན ་འདས་ཀྱིས་ནི།། འཇིག་རྟེན་ཐ་སྙད་བརྟེན་ནས་སུ།། སྣ་ཚོགས་ཐམས་ཅད་ཡང་དགེ་བརྟགས།། དོན་དམ་པར་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་དངོས་པོ་ཐམསཅ་དྲ་རང་བཞིན་གྱིས་སྟོང་ངོ་།། ་ཞེས་བྱ་བ་དེར་ཟད་དོ།། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ནི། འཇིག་རྟེན་པའི་ཐ་སྙད་ལ་བརྟེན་ནས། སྣ་ཚོགས་མ་ལུས་པ་ཐམས་ཅད་ཡང་དག་པ་དེ་བཞིན་ཉིད་དུ་བརྟགས་པར་མཛད ་དོའཇིག་རྟེན་པ་ཡི་བསྟན་མི་འཇིག། ཡང་དག་ཆོས་བསྟན་ཅི་ཡང་མེད།། དེ་བཞིན་གཤེགས་པ་བཤད་རྟོགས་ནས།། དེ་ཕྱིར་སྒྲུབ་རྟོག་མེད་འདྲིར་སྐྲག། འཇིག་རྟེན་པའི་ཆོས་བཤད ་པ་གང་ཡིན་པ་དེ་ཡང་མི་འཇིག་ལ།། ཡང་དག་པར་ན་ནམ་ཡང་ཆོས་བསྟན་པར་མཛད་པ་མ་ཡིན་ནོ།། དེ་ལྟར་བརྟེན་པའི་དོན་རྣམ་བར་མ་ཤེས་ཏེ། དེ་བཞིན་གཤེགས་པས་བཤད ་བཱ་མ་རྟོགས་ནས། དེའི་ཕྱིར་རྨོངས་པ་རྣམས་སྒྲུབ་པུ་རྟོགས་པ་མེད་པ། མཚན་ཉིད་མེད་པ་འདི་ལ་སྐྱུགས་པར་འགྱུར་རོ།། འདི་བརྟེན་འདི་འབྱུང་ཞེས་བྱ་བའི།། འཇིག་རྟེན་སྒྲུབ་འདི་འགོག ་མི་མཛད།། རྟེནྡ་འབྱུང་གུངྒེ་དེ་རང་བཞིན་མེད།། ཇི་ལྟར་དེ་ཡོད་ཡང་དྲག་དེས།། འདི་ལ་བརྟེནྡ་ནཱས་འདི་འབྱུང་ངོ་།། ཞེས་བྱ་བའི་འཇིག་རྟེ་ནུ་པའི་སྐྱོབ་པ་འདི་ནི་མི་འགོག་གོ།། བརྟེན ་ནས་སྐྱེས་པ་གང་ཡིན་པ་འདི་ནི་རང་བཞིན་གྱིས་མེད་ན། གང་མེད་པ་དེ་ནི་ཇི་ལྟར་ཡོད་ཅེས་བྱ་བ་འདི་ནི་དེའི་དེས་པ་ཡིན་ནོ།། དད་ལྡན་ཡང་དག་ཚུལ་ལྷུར་ལེན།། ཆོས་བསྟན ་གང་ལའང་མི་བརྟེན་གང་།། སྒྲུབ་འདི་རིགས་པས་རྗེས་གཉེར་ཏེ།། དངོས་དང་དངོས་མེད་སྤངས་ནས་ཞི།། དད་པ་དང་ལྡན་པ་ཡང་དག་ཚོལ་བ་ལྷུར་ལེན་པ། ཆོས་བསྟན ་བཀཱང་ལ་ཡང་མྦྷི་ན་པ་ཀླུང་ཞིག་བསླབ་པ་འདུ་དགས་པས་རྣས་སུ་གྱུཌཱུན་ཞིང་། ས་སྨྲ་འདུདུ་པ་ན་ངོས་སྨྲང། བ་སྨད་པ་སྨྲ་ས་ནས་ར་རྒྱ ་རོ། རྐྱེན་ཉིད་འདྲི་བ་འདི་ཤེས་ནས།། ལྟ་ངན་དྲ་བའི་རྟོག་པ་ལྡོགཆགས་རྨོངས་ཁོང་ཁྲོ་སྟེངས་ཕྱིར་ཏེ།། མ་གྱེས་མྱ་ངན་འདས་ཉེར་འགྲོ།། སྟོང་པ་ཉིད་བདུན་ཅུ་བའི་བླ་ཤང་བ། ་ཆེན་པོས་ཚོས་ཐམས་ཛའཆིང་བང་བནང་པ། སློབ་དཔོན་འཕགས་པ་ཀྲ་སྒྲུབ་ཀྱིས་མཛད་པ་རྫོགས་སོ། སརྦ་མ་། བཀྲིས། ངསོལ ་