CLOSE WINDOW

GT3230: stong pa nyid bdun cu pa'i tshig le'ur bya ba zhes bya ba
Wyliee-texts produced with BDRC’s OCR application

རབ་ཀྱིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཤཱུ་ནྱ་ཏ་སཔྟ་ཏི་ཀཱ་རི་ཀཱ་ནཱ་མ། ཐིང་སྐད་དུ། སྟོང་པ་ཉིད་བདུན་ཅུ་པའི་ཚིག་ལེའུར་བྱས་པ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལོ།། གནས་པ་འམ ་སྐྱེ་འཇིག་ཡོད་མེད་དམ། དམན་པ་འམ་མཉམ་དང་ཁྱད་པར་ཅན།། སངས་རྒྱས་འཇིག་རྟེན་སྙད་དབང་གིས།། གསུང་གི་ཡང་དགིས་མིན།། བདག་མེད་བདག་མེད་མིན་བདག་དང་།། བདག་མེད་མིན་པས་བརྗོད ་འགའ་འང་མེད།། བརྗོད་བྱ་མྱ་ངན་འདས་དང་མཚུངས།། དངོས་པོ་ཀུན་གྱི་རང་བཞིན་སྟོང་།། གང་ཕྱིར་དངོས་རྣམས་ཐམས་ཅད་ཀྱི།། རང་བཞིན་རྒྱུ་རྐྱེན་ཆགས་པ་འམ། སོ་སོའི་དངོས་པོ་ཐམས་ཅད་ལ།། ཡོད་མིན་དེ་ཕྱིར་སྟོང་པ་ཡིན།། ཡོད ་ཕྱིར་ཡོད་པ་སྐྱེ་མིནྡ་ཏེ།། མོང་ཕྱིར་མེད་པས་སྐྱེ་མ་ཡིན།། ཆོས་མི་མཐུན་ཕྱིར་ཡོད་མེད་མིན།། སྐྱེ་བ་མེད་པས་གནས་འགག་མེད།། གང་ཞིག་སྐྱེས་དྲི་བསྐྱེད་བྱ་མིན།། མ་སྐྱེས་པ་ཡང་བསྐྱེད་བྱ་མིན།། སྐྱེད་པ་དང་ནི་མ་སྐྱེད་པའི།། སྐྱེ་བཞིན ་པོ་ཡང་བསྐྱེད་བྱ་མིན།། འབྲས་བུ་ཡོད་པར་འབྲོས་ལྡན་རྒྱུ།། རྒྱུ་མིན་དང་མཚུངས་མེད་པ་དང་།། མཽ་དེ་ལའང་རྒྱུན་མིན་མཚུངས།། ཡོང་མིན་མེད་པོའང་མིན་ནི་འགལ།། དུས་གསུམ་རྣམསུ་འཐོང་མ་ཡིན།། གོ་ཅིག་མེད་པར་ནི་མང་པོ་དང་།། མང ་པོཔོ་མེད་པར་གཅིག་མི་འཇུག། དེ་ཕྱིར་རྟེན་ཅིང་འབྲེལ་འབྱུང་བའི།། དངོས་པོ་མཚན་མ་མེད་པ་ཡིན།། རྟེན་འབྱུང་ཡན་ལག་བཅུ་གཉིས་གང་།། སྡུག་བསྔལ་འབྲས་ཅན་དེ་མ་སྐྱེས།། སེམས་གཅིག་ལ་ཡང་མི་འཐད་ཅིང་།། དུ་མ་ལ་ཡང ་འཐང་མ་ཡིན།། རྟག་མིན་མི་རྟག་མིན་བདག་དང་།། བདག་མིན་གཙང་མིན་མི་གཙང་མིན།། བདེ་མིན་སྡུག་བསྔལ་མ་ཡིན་ཏེ།། དེ་ཕྱིར་ཕྱིན་ཅི་ལོ་གི་རྣམས་མེད།། དེ་མེད་ཕྱིན་ཅི་ལོག་བཞི་ལས།། སྐྱེས་པའི་མ་རིག་མི་སྲིད་ལ།། དེ་མེད་འདུ ་ཁྱོད་མོ་འབྱུང་ཞིང་།། ལྷག་མ་རྣམས་ཀྱང་དེ་བཞིན་ནོ།། མ་རིག་འདུ་བྱེད་མོད་མི་འབྱུང་།། དེ་མེད་འདུ་བྱེད་མི་འབྱུང་ཞིང་།། ཕན་ཚུན་རྒྱུ་ཕྱིར་དེ་ཉིད་ནི།། རང་བཞིན་གྱིས་ནི་མ་གྲུབ་ཡིན།། གང་ཞིག་བདག་ཉིད་རང་བཞིན་གྱིས།། མ་གྲུབ་དོ ་གཞན་ཇི་ལྟར་བསྐྱེད།། དེ་ཕྱིར་གཞན་ལྔས་གྲུབ་པ་ཡིས།། རྐྱེན་གཞན་དགྲ་ནི་སྐྱེང་བྱེད་མིན།། པ་ནི་བུ་མིན་བུ་ཕ་མིན།། དེ་གཉིས་ཕན་ཚུན་མེད་མིན་ལ།། དེ་གཉིས་ཅིག་ཅར་ཡང་མིན་ལྟར།། ཡན་ལག་བཅུ་གཉིས་དེ་བཞིན་ནོ།། ཇི་ལྟར་རྨི ་ལམ་ཡུལ་བརྟེན་པོའི།། བདེ་སྡུག་དེ་ཡི་ཡུལ་མེད་པ།། དེ་བཞིན་གང་ཞིག་ལོ་བརྟེན་ནས།། གང་ཞིག་རྟེན་འབྱུང་དང་འདི་མེད།། གལ་ཏེ་དངོས་རྣམས་རང་བཞིན་གྱིས།། མེད་ན་དམན་མཉམ་ཁྱད་འཕགས་དང་།། སྣ་ཚོགས་ཉིད ་ནི་མི་འགྲུབ་ཅིང་།། རྒྱུ་ལས་ཀྱང་ནི་མངོན་འགྲུབ་མིན།། རང་བཞིན་གྲུབ་ན་རྟེན་འབྱུང་གི། དངོས་པོ་མེད་འགྱུར་མ་བརྟེན་ན།། རང་བཞིན་མེད་པར་ག་ལ་འགྱུར།། དངོས་པོ་ཡོད་དང་དངོས་མེད་ཀྱང་།། མེད་ལ་རང་དངོས་གཞན་དངོས ་སམ།། དངོས་མེད་འགྱུར་བ་ག་ལ་ཞིག། དེས་ན་རང་དངོས་གཞན་དངོས་དང་།། དངོས་མེད་ཕྱིན་ཅི་ལོག་པ་ཡིན།། གལ་ཏེ་དངོས་པོ་སྟོང་ཡིན་ན།། འགྲག་པ་མེད་ཅིང་སྐྱེ་མི་འགྱུར།། ངོ་བོ་ཉིད་ཀྱིས་སྟོང་པ་ལ།། གང་ལ་འགག་ཅིང་གང་ལ ་སྐྱེ་དངོས་དང་ངོངོས་མེད་ཅིག་ཅར་མིན།། དངས་མེད་མེད་ནི་དངས་པ་མེད།། རྟག་ཏུ་ངོས་པོའང་དངས་མེད་འགྱུར།། དངོས་མེད་མེད་པར་དངོས་མི་སྲིང་།། དངོས་པོ་མེད་པར་དངོས་མེད་མིན།། རང་ལས་མིན་ཞིང་གཞན་ལས་མིན།། ་དེ་ལྟ་བས་ན་དེ་མེད་ན།། དངོས་པོ་མེད་ཅིང་དངོས་མེད་མེད།། ཡོད་པ་ཉིད་ན་རྟག་ཉིད་དང་།། མེད་ན་ངེས་པར་ཆད་ཉིད་ཡིན།། དངོས་པོ་ཡོད་ན་དེ་གཉིས་འགྱུར།། དེ་ཕྱིར་དངོས་པོ་ཁས་བླངས་མིན།། རྒྱུན་གྱི་ཕྱིར་ན་འདི་མེད ་དེ། རྒྱུ་བྱིན་ནས་ནི་དངོས་པོ་འགའ།། སྔར་བཞིན་འདི་ཡང་མ་གྲུབ་ཅིང་།། རྒྱན་ཆད་པར་ཡང་ཐལ་བར་འགྱུར།། སྐྱེ་འཇིག་བསྟན་ཕྱིར་སངས་རྒྱས་ཀྱི།། ལམ་བསྟན་མ་ཡིན་སྟོང་ཉིད་ཕྱིར།། འདི་དག་ཕན་ཚུན་བཟློག་པ་རུ།། མཐོང ་བ་ཕྱིན་ཅི་ལོག་ལས་ཡིན།། གལ་ཏེ་སྐྱེ་འགག་མེད་ཡིན་ན།། ཅི་ཞིག་འ་གགས་པས་མྱ་ངན་འདས།། རང་བཞོན་གྱིས་ནི་སྐྱེ་མེད་ཅིང་།། འགག་མེད་གང་དེ་ཐར་མིན་ནམ།། གལ་ཏེ་འགྲགས་ལས་མྱང་འདས་ཆད།། གལ་ཏེ་ཅིག ་ཤོས་ལྟར་ན་རྟག། དེ་ཕྱིར་དངོས་དང་དངོས་མེད་དག། མྱ་ངན་འདས་པར་རུང་མ་ཡིན།། གལ་ཏེ་འགོག་པ་འགའ་གནས་ནོ།། དངོས་པོ་ལས་གཞན་དེ་ཡོད་འགྱུར།། དངོས་པོ་མེད་ཕྱིར་འདི་མེད་ལ།། དངོས་པོ་མེད་ཕྱིར་དེ་ལས་མེད།། ། ་མཚན་གཞི་མཚན་གཞན་མཚན་ཉིད་ལས།། མཚན་གཞི་གྲུབ་པར་རང་མ་གྲུབ།། ཕན་ཚུན་ལས་ཀྱང་མ་གྲུབ་སྟེ།། མ་གྲུབ་མ་གྲུབ་སྒྲུབ་བྱེད་མིན།། འདྲི་ནི་རྒྱུ་དང་འབྲས་བུ་དང་།། ཚོར་དང་ཚེར་བ་པོ་སོགས་དང་།། ལྟ་པོ་ལྟ་བྱ་སོགས་ཅིག ་རུང་།། དེ་ཀུན་མ་ལུས་བཤད་པ་ཡིན།། གནས་མེད་ཕན་ཚུན་ལས་གྲུབ་དང་།། འཆོལ་ཕྱིར་རང་ཉིད་མ་གྲུབ་ཕྱིར།། དངོས་པོ་མེད་ཕྱིར་དུས་གསུམ་ནི།། ཡོད་པ་མ་ཡིན་རྟོག་པ་ཙམ།། གང་ཕྱིར་སྐྱེ་དང་གནས་དང་འཇིག། འདུས་བྱས ་མཚན་ཉིད་འདི་གསུམ་མེད།། དེ་ཕྱིར་འདུས་བྱས་ཉིད་མ་ཡིན།། འདུས་མ་བྱས་ལའང་ཅུང་ཟད་མེད།། མ་ཞིག་མི་འཇིག་ཞིག་པའང་མིན།། གནས་པ་གནས་པ་མ་ཡིན་ཏོ།། མི་གནས་པ་ལའང་གནས་མ་ཡིན།། སྐྱེས་པ་མི་སྐྱེ་མ་སྐྱེས།། ་མིནས་འདུས་བྱས་དང་ནི་འདུས་མ་བྱས།། དུ་མ་མ་ཡིན་གཅིག་མ་ཡིན།། ཡོད་མིན་མེད་མིན་ཡོད་མེད་མིན།། མཚན་འདིར་སྣ་ཚོགས་ཐམས་ཅད་འདུས།། བཅོམ་ལྡན་བླ་མས་ལས་གནས་དང་།། ལས་བདག་ལས་ཀྱི་འབྲས་བུ་དང་།། ་སེམས་ཅན་རང་གི་ལས་དང་ནི།། ལས་རྣམས་ཆུང་མི་ཟ་བར་གསུངས།། ལས་རྣམས་རླུང་བཞིན་མེད་གསུངས་ཏེ།། མ་སྐྱེས་གང་དེ་ཆུད་མི་ཟ།། དེ་ལས་ཀྱང་ནི་བདགེ་འཛིན་སྐྱེ།། དེ་བསྐྱེད་འཛིན་དེའང་རྣམ་རྟོག་ལས།། གལ་ཏེ་ལས ་ལ་རང་བཞིན་ཡོད།། དེ་བསྐྱེད་ལུས་ནི་རྟག་པར་འགྱུར།། ལས་ཀྱང་སྡུག་བསྔལ་རྣམ་སྨིན་ཅན།། མི་འགྱུར་དེ་ཕྱིར་བདག་ཏུ་འགྱུར།། ལས་ནི་རྐྱེན་སྐྱེས་ཡོད་མིན་ཞིང་།། རྐྱེན་མིན་ལསྣ་སྐྱེས་ཅུང་ཟད་མེད།། འདུ་བྱེད་རྣམས་ནི ་སྒྱུ་མ་དང་།། དྲི་ཟིའི་གྲོང་ཁྱེར་སྨིག་རྒྱུ་མཚུངས།། ལ་ས་ནི་ཉོན་མོངས་རྒྱུ་མཚན་ཅན།། ཉོན་མོངས་འདུ་བྱེད་ལ་ས་བདག་ཉིད།། ལུས་ནི་ལུས་ཀྱི་རྒྱུ་མཚོན་ཅན།། གསུམ་ཀ་འོང་ངོ་བོ་ཉིད་ཀྱིས་སྟོང་།། ལས་མེད་ན་ནི་བྱེད་པོ་མེད།། ། ་ངོགཉིས་མེད་པས་འབྲས་བུ་མོད།། དེ་མེད་ཉེ་བར་སྤྱོད་པོ་མེད།། དེ་བས་དངོས་པོ་དབེན་པ་ཡིན།། ལས་ནི་སྟོང་པར་ཡང་དག་པར།། ཤེས་ན་དེ་ཉིད་མཐོང་བའི་ཕྱིར།། ལས་མི་འབྱུང་སྟེ་དེ་མེད་ན།། ལས་ལས་འབྱུང་གང ་མི་འབྱུང་ངོ་།། ཇི་ལྟར་བཅོམ་ལྡན་དེ་བཞིན་གཤེགས།། རྫུ་འཕྲུལ་གྱིས་ནི་སྤྲུལ་པ་སྤྲུལ།། སྤྲུལ་པ་དེ་ཡིས་སླར་ཡང་ནི།། སྤྲུལ་པ་གཞན་ཞིག་སྤྲུལ་གྱུར་པ།། དེ་ལ་དེ་བཞིན་གཤེགས་སྤྲུལ་སྟོང་།། སྤྲུལ་པས་སྤྲུལ་པ ་སྨོས་ཅི་དགོས།། གཉིས་པོ་མིང་ཙམ་ཡོད་པ་ཡང་།། ཅི་ཡང་རུང་སྟེ་རྟོག་པ་ཙམ།། དེ་བཞིན་བྱེད་པོ་སྤྲུལ་དང་མཚུངས།། ལས་ནི་སྤྲུལ་པས་སྤྲུལ་དང་མཚུངས།། རང་བཞིན་གྱིས་ནི་གང་ཅུང་ཟད།། ཡོད་པ་དེ་དག་རྟོག་པ་ཙམ།། གལ་ཏེ་ལས ་ཀྱི་རང་བཞིན་ཡོད།། མྱང་འདྲས་བྱེད་པོ་ལས་ཀྱང་མེད།། གལ་ཏེ་མེད་ན་ལས་བསྐྱེད་པ།། འབྲས་བུ་སྡུག་དང་མི་སྡུག་མེད།། ཡོད་ཅེས་པ་དང་ཡོད་མེད་ཅེས།། ཡོད་དང་མེད་ཅེས་དེ་ཡང་ཡོད།། སངས་རྒྱས་རྣམས་ཀྱི་དགོངས་པ་ཡིས།། ་གསུངས་པ་རྟོག་པར་བླ་མ་ཡིན།། གལ་ཏེ་གཟུགས་ནི་རང་འབྱུང་བཞིན།། གཟུགས་དེ་འབྱུང་ལས་འ་བྱུང་མ་ཡིན།། རང་ལས་འབྱུང་མིན་མ་ཡིན་ནམ།། གཞན་ལས་ཀྱང་མིན་དེ་མེད་ཕྱིར།། གཅིག་ལ་བཞི་ཉིད་ཡོད་མིན་ཅིང་།། བཞི་ལ ་གཅིག་ཉིད་ཡོད་མིན་པས།། གཟུགས་ནི་འབྱུང་བ་ཆེན་པོ་བཞི།། རྒྱུར་བྱས་ནས་གྲུབ་ཇི་ལྟར་ཡོད།། ཤིན་ཏུ་མི་འཛིན་ཕྱིར་དེ་མེད།། རྟགས་ལས་ཞེན་ན་རྟག་དེའང་མེད།། རྒྱུ་དང་རྐྱེན་ལས་སྐྱེས་པའི་ཕྱིར།། རྟག་མེད་པར་ཡང་མི་རིགས་སོ།། ། ་གལ་ཏེ་བློ་དེས་གཟུགས་འཛིན་ན།། རང་གིས་རིང་བཞིན་ལ་འཛིན་འགྱུར།། རྐྱེན་ལས་སྐྱེས་པས་ཡོད་མིན་པས།། ཡང་དག་གཟུགས་མེད་ཇི་ལྟར་འཛིན།། ཇི་སྐད་བཤད་གཟུགས་སྐྱེས་པོ་བློའི།། སྐད་གཅིག་སྐད་ཅིག་གིས་མི་འཛིན།། ་འདས་དང་མ་འོངས་པ་གཟུགས་ཀྱང་།། དེ་ཡི་ཇི་ལྟར་རྟོགས་པར་འགྱུར།། གང་ཚེ་ནམ་ཡང་ཁ་དོག་དང་།། དབྱིབས་དག་ཐ་དད་ཉིད་མེད་པས།། དེ་དག་ཐ་དད་འཛིན་ཡོད་མིན།། གཟུགས་དེ་གཅིག་ཏུའང་གྲགས་པ་མིན།། མིག་བློ་མིག ་ལ་ཡོད་མིན་ཏེ།། གཟུགས་ལ་ཡོད་མིནྡྲ་བ་ན་མེད།། གཟུགས་དང་མིག་ལ་བརྟེན་ནས་དེ།། ཡོངས་སུ་རྟོག་པ་ལོག་པ་ཡིན།། གལ་ཏེ་མྱིག་བདག་མིག་མཐོང་ན།། དེས་གཟུགས་མཐོང་བར་ཇི་ལྟར་འགྱུར།། དེ་ཕྱིར་མིག་དང་གཟུགས ་བདག་མེད།། སྐྱེ་མཆེད་ལྷག་མའང་དེ་བཞིན་ནོ།། མིག་ནི་རང་བདག་ཉིད་ཀྱིས་སྟོང་།། དེ་ནི་གཞན་དག་གིས་ཀྱང་སྟོང་།། གཟུགས་ཀྱང་དེ་བཞིན་སྟོང་པ་སྟེ།། སྐྱེ་མེད་ལྕུག་མ་འདི་དེ་བཞིན་ནོ།། གང་ཚེ་གཅིག་རེག་ལྷན་ཅིག་འགྱུར།། ་གཞན་རྣམས་སྟོང་པ་ཉིད།། སྟོང་པ་འམ་མི་སྦྱོང་མི་བསྟེན་ལ།། མི་སྟོང་པ་ཡང་བརྟེན་མི་བིརྟེནྡ།། ངོ་བོ་མི་གནས་ཡང་མིན་པས།། གསུམ་འདུས་པ་ཡོད་མོ་ཡིན་ནོ།། དེ་དག་ཉིད་ཀྱི་རེག་མེད་པས།། དེ་ཚེ་ཚོར་བ་ཡོད་མ་ཡིན།། ་དང་ཕྱི་ཡི་སྐྱེ་མཆེད་ལ།། བརྟེན་ནས་རྣམ་པར་ཤེས་པ་འབྱུང་།། དེ་ལྟ་བས་ན་རྣམ་ཤེས་ནི།། སྨིག་རྒྱུ་སྒྱུ་མ་བཞིན་དུ་སྟོང་།། རྣམ་ཤེས་ཤེས་བྱ་ལ་བརྟེན་ན།། འབྱུང་ལ་ཤེས་བྱ་ཡོད་མ་ཡིན།། ཤེས་བྱ་ཤེས་པ་མེད་པའི་ཕྱིར།། དེ ་ཕྱིར་ཤེས་པོ་བོ་ཉིད་མེད།། ཐམས་ཅད་མི་རྟག་ཡང་ན་ནི།། མི་རྟག་པ་ཡང་རྟག་པ་མེད།། དངོས་པོ་རྟག་དང་མི་རྟག་ཉིད།། འགྱུར་ན་དེ་ལྟ་ག་ལ་ཡོད།། སྡུག་དང་མི་སྡུག་ཕྱིན་ཅི་ལོག། རྐྱེན་ལས་ཆགས་སྡང་གཏི་མུག་དངོས།། འབྱུང ་ཕྱིར་ཆགས་སྡང་གཏི་མུག་དང་།། རང་བཞིན་གྱིས་ནི་ཡོད་མ་ཡིན།། གང་ཕྱིར་དེ་ཉིད་ལ་ཆགས་ཤིང་།། དེ་ལ་ཞེ་སྡང་དེ་ལ་རྨོངས།། དེ་ཕྱིར་རྣམ་པར་རྟོག་པས་བསྐྱོད།། རྟོག་དེའང་སྲུང་དག་ཉིད་དུ་མོད།། བརྟག་བྱ ་གང་དེ་ཡོད་མ་ཡིན།། བརྟག་བྱ་མེད་རྟོག་ག་ལ་ཡོད།། དེ་ཕྱིར་བརྟག་བྱ་རྟོག་པ་དག། རྐྱེན་ལས་སྐྱེས་ཕྱིར་སྟོང་པ་ཉིད།། དེ་ཉིད་རྟོགས་པའི་ཕྱིན་ཅི་ལོག། བཞི་ལས་བྱུང་བའི་མ་རིག་མེད།། དེ་མེད་ན་ནི་འདུ་བྱེད་རྣམས།། མི་འབྱུང ་ལྷག་མའང་དེ་བཞིན་ནོ།། གང་གང་ལ་བརྟེན་སྐྱེ་བའི་དངོས།། དེ་དེ་མེད་པས་དེ་མི་སྐྱེ།། དངོས་དང་དངོས་མེད་འདུས་བྱས་དང་།། འདུས་མ་བྱས་འདི་མྱ་ངན་འདས།། རྒྱུ་རྐྱེན་ལས་སྐྱེས་དངོས་པོ་རྣམས།། ཡང་དག་ཉིད་དུ་རྟོག་པ་གང ་དེ་ནི་སྟོན་པས་མ་རིག་གསུངས།། དེ་ལས་ཡན་ལག་བཅུ་གཉིས་འབྱུང་།། དངོས་པོ་སྟོང་པར་དེ་རྟོགས་ན།། ཡང་དག་མཐོང་ཕྱིར་རྨོངས་མི་འགྱུར།། དེ་ནི་མ་རིག་འགྲོག་པ་ཡིན།། དེ་ལོས་ཡན་ལག་བཅུ་གཉིས་འགག། འདུ་བྱེད་དྲི་ཟའི ་གྲོང་ཁྱེར་དང་།། སྒྱུ་མ་སྨིག་རྒྱུ་སྐྲ་ཤད་དང་།། དབུ་བ་ཆུ་བུར་སྤྲུལ་པ་དང་།། རྨི་ལམ་མགལ་མེའི་འཁོར་ལོ་མཚུངས།། རང་བཞིན་གྱིས་ནི་འགའ་ཡང་མེད།། འདི་ལ་དངོས་པོ་མེད་པའང་མེད།། རྒྱུ་དང་རྐྱེན་ལས་སྐྱེས་པ་ཡི།། དངོས ་དང་དངོས་མེད་སྟོང་པོ་པ་ཡིན།། དངོས་ཀུན་རང་བཞིན་སྟོང་པས་ན།། དེ་བཞིན་གཤེགས་པ་མཚུངས་མེད་པས།། རྟེན་ཅིང་འབྲེལ་པར་འབྱུང་བ་འདི།། དངོས་པོ་རྣམས་ཉེ་བར་བསྟན།། དམ་པའི་དོན་ནི་དེར་ཟ།། འཇིག་རྟེན་དོར ་བྱས་ཐ་སྙད་དག། སྣ་ཚོགས་ཐམས་ཅད་རྫོགས་སངས་རྒྱས།། བཅོམ་ལྡན་འདས་ཀྱིས་བདེན་བརྟགས་མཛད།། འཇིག་རྟེན་པ་ཡི་ཆོས་བསྟན་མི་འཇིག་ཅིང་།། ཡང་དྲུག་ཉིད་དུ་ནམ་ཡང་ཆོས་བསྟན་མེད།། དེ་བཞིན་གཤེགས ་པོས་གསུངས་པ་མི་རིག་པས།། དེ་ལས་དྲི་མེད་བརྗོད་པ་འདི་ལས་སྐྲག། འདི་ལ་བརྟེན་ནས་འདི་འབྱུང་ཞེས།། འཇིག་རྟེན་ཚུལ་འདི་མི་འགོག་ཅིང་།། གང་བརྟེན་རང་བཞིན་མེད་པས་དེ།། ཇི་ལྟར་ཡོད་འགྱུར་དེ་ཉིད་དེས།། དད་ལྡན ་དེ་ཉིད་རྩོལ་ལ་བརྩོན།། ཚུལ་འདི་རིགས་པས་རྗེས་དཔོགས་གང་།། རྟེན་མེད་ཆོས་འགལ་བསྟན་པ་ཡི།། སྲིད་དང་སྲིད་མིན་སྤངས་ནས་ཞི།། འདྲི་དག་རྐྱེན་འདི་ལས་རིག་ནས།། ལྷ་ངན་དྲ་བ་ཀུན་ལྡོག་དེ།། ཆགས་རྨོངས་ཁོང་ཁྲོ ་སྤངས་པའི་ཕྱིར།། མགོས་མྱ་ངན་འདས་པ་ཐོབ།། སྟོང་ཉིད་བདུན་བཅུ་པ་ཚིག་ལེའུར་བྱས་པ་ཞེས་བྱ་བ། སློབ་དཔོན་འཕགས་པཀྵུ་སྒྲུབ་ཀྱི་མཛད་པ་རྫོགས་སོ།། ། ལོ་ཙཱ་བ་གཞོན་ནུ་མཆོག་དང་། ་གཏན་རྒྱ་གྲོགས་དང་། བྷུར་འགྱུར་དག་ལས། དོན་དང་ཚིག་བཅིང་དུ་བྲིས་པའོ།། །། རྒྱུརྒྱུ་མྦྷ་། ཀྵེ་ཀྵ་ཥྚ་བྱཱ་བནྡྷ་ནིཀྵཪྼ;ྀཀྵནཱམ། བོད་སྒྱུ ་