CLOSE WINDOW

GT3228: rigs pa drug cu pa'i tshig le'ur byas pa zhes bya ba
Wyliee-texts produced with BDRC’s OCR application

@རྒྱ་གར་སྐད་དུ། ཡུག་ཏི་ཥཥྚ་ཀཱ་ཀཱ་རི་ཀཱ་ནཱ་མ། བོད་སྐད་དུ། རིགས་པ་དྲུག་ཅུ་པའི་ཚིག་ལེའུར་བྱས་པ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། གང་གིས་སྐྱེ་དང་འཇིག་པ་དག། ཚུལ་འདི་ཡིས། ་ནི་སྤངས་གྱུར་པ།། རྟེན་ཅིང་འབྱུང་བ་གསུངས་པ་ཡི།། ཐུབ་དབང་དེ་ལ་ཕྱག་འཚལ་ལོ།། གང་དག་གི་བློ་ཡོད་མེད་ལས།། རྣམ་པར་འདས་ཤིང་མི་གནས་པ།། དེ་དག་གིས་ནི་རྐྱེན་གྱིས་དོན།། ཟབ་མོ་དམིགས་མེད་རྣམ་པར་རྟོགས།། རེ་ཤིག ་ཉེས་ཀུན་འབྱུང་བའི་གནས།། མེད་ཉིད་རྣམ་པར་བཟློག་ཟིན་གྱིས།། རིགས་པ་གང་གིས་ཡོད་ཉིད་དང་།། བཟློག་པར་འགྱུར་བ་མཉན་པར་གྱིས།། ཇི་ལྟར་བྱིས་པས་རྣམ་བརྟག་བཞིན།། དངོས་པོ་གལ་ཏེ་བདེན་གྱུར་ན།། དེ་དངོས་མེད་པས ་རྣམ་ཐར་དུ།། གང་གིས་མི་འདོད་རྒྱུ་ཅི་ཞིག། ཡོད་པས་རྣམ་པར་མི་གྲོལ་ཏེ།། མེད་པས་སྲིད་པ་འདི་ལས་མིན།། དངོས་དང་དངོས་མེད་ཡོངས་ཤེས་པས།། བདག་ཉིད་ཆེན་པོ་རྣམ་པར་གྲོལ།། དེ་ཉིད་མ་མཐོང་འཇིག་རྟེན་དང་།། མྱ་ངན་འདས་པར ་རློམ་སེམས་ཏེ།། དེ་ཉིད་གཟིགས་རྣམས་འཇིག་རྟེན་དང་།། མྱ་ངན་འདས་པར་རློམ་སེམས་མོད།། སྲིད་པ་དང་ནི་མྱ་ངན་འདས།། གཉིས་པོ་འདི་ནི་ཡོད་མ་ཡིན།། སྲིད་པ་ཡོངས་སུ་ཤེས་པ་ཉིད།། མྱ་ངན་འདས་ཞེས་བྱ་བར་བརྗོད།། དངོས་པོ་བྱུང་བ ་ཞིག་པ་ལ།། ཇི་ལྟར་འགོག་པར་བརྟགས་པ་བཞིན།། དེ་བཞིན་དམ་པ་རྣམས་ཀྱིས་ཀྱང་།། སྒྱུ་མ་བྱས་པའི་འགོག་པ་བཞེད།། རྣམ་པར་འཇིག་པས་འགོག་འགྱུར་གྱི།། འདུས་བྱས་ཡོངས་སུ་ཤེས་པས་མོ་ནི།། དེ་ནི་སུ་ལ་མངོན་སུམ ་འགྱུར།། ཞིག་ཤེས་པ་དེར་ཇི་ལྟར་འགྱུར།། གལ་ཏེ་ཕུང་པོ་མ་འགགས་ན།། ཉོན་མོངས་ཟད་ཀྱང་འདས་མི་འགྱུར།། གང་ཚེ་འདིར་ནི་འགགས་གྱུར་པ།། དེ་ཡི་ཚེ་ན་གྲོལ་བར་འགྱུར།། མ་རིག་རྐྱེན་གྱིས་བྱུང་བ་ལ།། ཡང ་དངག་ཡེ་ཤེས་ཀྱིས་གཟིགས་ན།། སྐྱེ་བ་དང་ནི་འགགས་པའང་རུང་།། འགའ་ཡང་དམིགས་པར་མི་འགྱུར་རོ།། དེ་ཉིད་མཐོང་ཆོས་མྱ་ངན་ལས།། འདས་ཤིང་བྱ་བ་བྱས་པའང་ཡིན།། གལ་ཏེ་ཆོས་ཤེས་མཇུག་ཐོགས་སུ།། འདི་ལ ་བྱེ་བྲག་ཡོད་ན་ནི།། དངོས་པོ་ཤིན་ཏུ་ཕྲ་བ་ལའང་།། གང་གིས་སྐྱེ་བར་རྣམ་བརྟགས་པ།། རྣམ་པར་མི་མཁས་དེ་ཡིས་ནི།། རྐྱེན་ལྔས་བྱུང་བའི་དོན་མ་མཐོང་།། ཉོན་མོངས་ཟད་པའི་དགེ་སློང་གིས།། གལ་ཏེ་འཁོར་བ་རྣམ་ལྡོག་ན།། ཅི་ཕྱིར། ་རྫོགས་སངས་རྒྱས་རྣམས་ཀྱིས།། དེ་ཡི་རྩོམ་པ་རྣམ་མི་བཤད།། རྩོམ་པ་ཡོད་ན་ངེས་པར་ཡང་།། ལྟ་བར་འགྱུར་བ་ཡོངས་སུ་འཛིན།། རྟེན་ཅིང་འབྲེལ་པར་འབྱུང་བ་གང་།། དེ་ལ་སྔོན་དང་ཐ་མ་ཅི།། སྔོན་སྐྱེས་པ་ནི་ཇི་ལྟར་ན།། ཕྱི་ནུས ་སླར་ཡང་ལྡོག་པར་འགྱུར།། སྔོན་དང་ཕྱི་མའི་མཐའ་བྲལ་བ།། གྲོལ་བ་སྒྱུ་མ་བཞིན་དུ་སྣང་།། གང་ཚེ་སྒྱུ་མ་འབྱུང་ཞེ་འམ།། གང་ཚེ་འཇིག་པར་འགྱུར་སྙམ་དུ།། སྒྱུ་མ་ཤེས་པ་དེར་མི་རྨོངས།། སྒྱུ་མ་མི་ཤེས་ཡོངས་སུ་སྲེད།། སྲིད ་པ་སྨིག་རྒྱུ་སྐྱེ་འདྲ་བར།། བློ་ཡིས་མཐོང་བར་གྱུར་པ་ནི།། སྔོན་གྱི་མཐའ་འམ་ཕྱི་མའི་མཐའ།། ལྟ་བས་ཡོངས་སུ་སླང་མི་འགྱུར།། གང་དག་གིས་ནི་འདུས་བྱས་ལ།། སྐྱེ་དང་འཇིག་པ་རྣམ་པ་རྟགས་པ།། དེ་དག་རྟེན་འབྱུང་འཁོ ་ལོ་ཡིས།། འགྲོ་བ་རྣམ་པར་མི་ཤེས་སོ།། དེ་དང་དེ་བརྟེན་གང་བྱུང་ངོ་དེ།། རང་གི་དངོས་པོར་སྐྱེས་མ་ཡིན།། རང་གི་དངོས་པོར་གང་མ་སྐྱེས།། དེ་ནི་སྐྱེ་ཞེས་ཇི་ལྟར་བྱ།། རྒྱུ་ཟད་ཉིད་ལས་ཞི་བ་ནི།། ཟད་ཅེས་བྱ་བར་རྟོགས་པ་སྟེ།། རང་བཞིན་གྱིས་ནི་གང ་མ་ཟད།། དེ་ལ་ཟད་ཅེས་ཇི་ལྟར་བརྗོད།། དེ་ལྟར་ཅི་ཡང་སྐྱེ་བ་མེད།། ཅི་ཡང་འགག་པར་མི་འགྱུར་རོ།། སྐྱེ་བ་དང་ནི་འཇིག་པའི་ལོས།། དགོས་པའི་དོན་དུ་བསྟན་པའོ།། སྐྱེ་བ་ཤེས་པས་འཇིག་པ་ཤེས།། འཇིག་པ་ཤེས་པས་མི་རྟག་ཤེས།། ་མི་རྟག་ཉིད་ལ་འཇུག་ཤེས་པས།། དམ་པའི་ཆོས་ཀྱང་རྟོགས་པར་འགྱུར།། གང་དག་རྟེན་ཅིང་འབྲེལ་འབྱུང་བ།། སྐྱེ་དང་འཇིག་པ་རྣམ་སྤངས་པར།། ཤེས་པར་གྱུར་པ་དེ་དག་ནི།། ལྟར་གྱུར་སྲིད་པའི་རྒྱ་མཚོ་བརྒལ།། སོ་སོ་སྐྱེ་བོ་དངོས ་བདག་ཅན།། ཡོད་དང་མེད་པར་ཕྱིན་ཅི་ལོག། ཉེས་པས་ཉོན་མོངས་དབང་གྱུར་རྣམས།། རང་གི་སེམས་ཀྱིས་བསླུས་པར་འགྱུར།། དངོས་ལ་མཁས་པ་རྣམས་ཀྱིས་ནི།། དངོས་པོ་མི་རྟག་བསླུ་བའི་ཆོས།། གསོག་དང་སྟོང་པ་བདག་མེད་པ།། ་རྣམ་པར་དབེན་ཞེས་བྱ་བར་མཐོང་།། གནས་མེད་དམིགས་པ་ཡོད་མ་ཡིན།། རྩ་བ་མེད་ཅིང་གནས་པ་མེད།། མ་རིག་རྒྱུ་ལས་ཤིན་ཏུ་བྱུང་།། ཐོག་མ་དབུས་མཐའ་རྣམ་པར་སྤངས།། ཆུ་ཤིང་བཞིན་དུ་སྙིང་པོ་མེད།། དྲི་ཟའི་གྲོང་ཁྱེར ་འདྲ་བ་སྟེ།། རྨོངས་པའི་གྲོང་ཁྱེར་མི་ཟད་པའི།། འགྲོ་བ་སྒྱུ་མ་བཞིན་དུ་སྣང་།། ཚངས་སོགས་འཇིག་རྟེན་འདི་ལ་ནི།། བདེན་པར་རབ་ཏུ་གང་སྣང་བ།། དེ་ནི་འཕགས་ལ་རྫུན་ཞེས་གསུངས།། འདི་ལས་གཞན་ལྟ་ཅི་ཞིག་ལས།། འཇིག ་@རྟེན་མ་རིག་ལྗོངས་གྱུར་པ།། སྲེད་པ་རྒྱན་གྱིས་རྗེས་འབྲངས་དང་།། མཁས་པ་སྲེད་པ་དང་བྲལ་བ།། དགེ་བ་རྣམས་ལྟ་ག་ལ་མཉམ།། དེ་ཉིད་ཚོལ་ལ་ཐོག་མར་ནི།། ཐམས་ཅད་ཡོད་ཅེས་བརྗོད་པར་བྱ།། དོན ་རྣམས་རྟོགས་ཤིང་ཆགས་མེད་ལ།། འོཕྱིས་ནི་རྣམ་པར་དབེན་པའོ།། རྣམ་པར་དབེན་དོན་མི་ཤེས་ལ།། ཐོས་པ་ཙམ་ལ་འཇུག་བྱེད་ཅིང་།། གང་དག་བསོད་ནམས་མི་བྱེད་པ།། སྐྱེས་བུ་ཐ་ཤལ་དེ་དག་བརླག། ལས་རྣམས་འབྲས ་བུ་བཅས་ཉིད་དང་།། འགྲོ་བ་དག་ཀྱང་ཡང་དག་བཤད།། དེ་ཡི་རང་བཞིན་ཡོངས་ཤེས་དང་།། སྐྱེ་བ་མེད་པ་དག་ཀྱང་བསྟན།། དགོས་པའི་དབང་གིས་རྒྱལ་བ་རྣམས།། ང་དང་ངོའོ་ཞེས་གསུངས་པ་ལྟར།། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམ། ་ཞིན་དགོས་པའི་དབང་གིས་གསུངས།། འབྱུང་བ་ཆེ་ལ་སོགས་བཤད་པ།། རྣམ་པར་ཤེས་སུ་ཡང་དག་འདུ།། དེ་ཤེས་པས་ནི་འབྲལ་འགྱུར་ན།། ལོག་པས་རྣམ་བརྟགས་མ་ཡིན་ནམ།། མྱ་ངན་འདས་པ་བདེན་ག་ཅིག་པུར།། ་རྒྱལ་བ་རྣམས་ཀྱིས་གསུངས་པ།། དེ་ཚེ་ལྷག་མ་ལོག་མིན་ཞེས།། མཁས་པ་སུ་ཞིག་རྟོག་པར་བྱེད།། ཇི་སྲིད་ཡིད་ཀྱི་རྣམ་གཡོ་བ།། དེ་སྲིད་བདུད་ཀྱི་སྤྱོད་ཡུལ་ཏེ།། དེ་ལྟ་ཡིན་ན་འདི་ལ་ནི།། ཉེས་པ་མེད་པར་ཅིས་མི་འཐད།། འཇིག་རྟེན་མ ་རིག་རྐྱེན་ཅན་དུ།། གང་ཕྱིར་སངས་རྒྱས་རྣམས་གསུངས་པ།། འདི་ཡི་ཕྱིར་ན་འཇིག་རྟེན་འདི།། རྣམ་རྟོག་ཡིན་ཞེས་ཅིས་མི་འཐད།། མ་རིག་འགགསོ་བར་གྱུར་པ་ན།། གང་ཞིག་འགག་པར་འགྱུར་བ་དེ།། མི་ཤེས་པ་ལ་ཀུན་བརྟགས ་པར། ཇི་ལྟ་བུ་ན་གསལ་མི་འགྱུར།། གང་ཞིག་རྒྱུ་དང་བཅས་འབྱུང་ཞིང་།། རྐྱེན་མེད་པར་ནི་གནས་པ་མེད།། རྐྱེན་མེད་ཕྱིར་ཡང་འཇོག་འགྱུར་བ།། དེ་ནི་ཡོད་ཅེས་ཇི་ལྟར་རྟོགས།། གལ་ཏེ་ཡོད་པར་སྨྲ་བ་རྣམས།། དངོས་མཆོག་ཞེན ་ནས་གནས་པ་ནི།། ལམ་དེ་ཉིད་ལ་གནས་པ་སྟེ།། དེ་ལ་ངོ་མཚར་ཅུང་ཟད་མེད།། སངས་རྒྱས་ལམ་ལ་བརྟེན་ནས་ནི།། ཀུན་ལ་མི་རྟག་སྨྲ་བ་རྣམས།། རྩོད་པས་དངོས་རྣམས་མཆོག་གཟུང་བས།། གནས་པ་གང་ཡིན་དེ་སླད་དོ།། ། ་འདི་འམ་དེའོ་ཞེས་གང་དུ།། རྣམ་པར་དཔྱད་ནས་མི་དམིགས་ན།། རྩོད་པ་འདི་འམ་དེ་བདེན་ཞེས།། མཁས་པ་སུ་ཞིག་སྨྲ་བར་འགྱུར།། དེ་དག་གིས་ནི་མ་བརྟེན་པར།། བདག་གམ་འཇིག་རྟེན་མངོན་ཞེན་པ།། དེ་དག་སྐྱེ་བ་རྟག་མི་རྟག ་ལ་སོགས་ལྟ་བས་འཕྲོགས་པ་སྨིན།། གང་དག་བརྟེན་ནས་དངོས་པོ་རྣམས།། དེ་ཉིད་དུ་ནི་གྲུབ་འདོད་པ།། དེ་དག་ལ་ཡང་རྟགས་སོགས་སྐྱོན།། དེ་དག་ཇི་ལྟར་འབྱུང་མི་འགྱུར།། གང་དག་བརྟེན་ནས་དངོས་པོ་རྣམས།། ཆུ་ཡི་ཟླ་བ་ལྟ ་བུར་ནི།། ཡང་དག་མ་ཡིན་ལོག་མིན་པར།། འདོད་པ་དེ་དག་བལྟས་མི་འཕྲོགས།། དངོས་པོར་ཁས་ལེན་ཡོད་ན་ནི།། འདོད་ཆགས་ཞེ་སྡང་འབྱུང་བ་ཡིན།། ལྟ་བ་མི་ཟད་མ་རུངས་འབྱུང་།། དེ་ལས་བྱུང་བའི་རྩོད་པར་འགྱུར།། དེ་ནི་ལྟ་བ ་ཀུན་གྱི་རྒྱུ།། དེ་མེད་ཉོན་མོངས་མི་སྐྱེ་སྟེ།། དེ་ཕྱིར་དེ་ནི་ཡོངས་ཤེས་ན།། ལྟ་དང་ཉོན་མོངས་ཡོངས་སུ་འབྱུང་།། གང་གིས་དེ་ཤེས་འགྱུར་སྙམ་ན།། བརྟེན་ནས་འབྱུང་བ་མཐོང་བ་དེ།། བརྟེན་ནས་སྐྱེ་བོ་མ་སྐྱེས་པར།། དེ་ཉིད་མཁྱེན་པ ་མཆོག་གིས་གསུངས།། ལོག་པའི་ཤེས་པ་ཟིལ་གནོན་པ།། བདེན་པ་མིན་ལ་བདེན་འཛིན་པའི།། ཡོངས་སུ་འཛིན་དང་རྩོད་སོགས་ཀྱི།། རིམ་པ་ཆགས་ལས་འབྱུང་བར་འགྱུར།། ཆེ་བའི་བདག་ཉིད་ཅན་དེ་དག། རྣམས་ལ ་ཕྱོགས་མེད་རྩོད་པ་མེད།། གང་རྣམས་ལ་ནི་ཕྱོགས་མེད་པ། དེ་ལ་གཞན་ཕྱོགས་ག་ལ་ཡོད།། གང་ཡང་རུང་བའི་གནས་རྙེད་ནས།། ཉོན་མོངས་སྦྲུལ་གདུག་གཡོ་ཅན་གྱིས།། ཟིན་པར་གྱུར་ཏེ་གང་གི་སེམས།། གནས་མེད་དེ་དག་ཟིན ་མི་འགྱུར།། གནས་བཅས་སེམས་དང་ལྡན་རྣམས་ལ།། ཉོན་མོངས་དུག་ཆེན་ཅིས་མི་འབྱུང་།། ཉོན་མོངས་སྦྲུལ་གྱིས་ཟིན་པར་འགྱུར།། བྱིས་པ་བདེན་པར་འདུ་ཤེས་པས།། གཟུགས་བརྙན་ལ་ནི་ཆགས་པ་བཞིན།། དེ་ལྟར་རྨོངས་པའི ་ཕྱིར། ཡུལ་གྱི་གཟེབ་ལ་ཐོགས་པར་འགྱུར།། བདག་ཉིད་ཆེ་རྣམས་དངོས་པོ་དག། གཟུགས་བརྙན་ལྟ་བུར་ཡེ་ཤེས་ཀྱིས།། མིག་གིས་མཐོང་ནས་ཡུལ་ཞེས་ནི།། བྱ་བའི་འདམ་ལ་མི་ཐོགས་སོ།། བྱིས་པ་རྣམས་ནི་གཟུགས་ལ ་ཚོགས།། བར་མ་དག་ནི་ཆགས་བྲལ་འགྱུར།། གཟུགས་ཀྱི་རང་བཞིན་ཤེས་པ་ཡི།། བློ་མཆོག་ལྡན་པ་རྣམ་པར་གྲོལ།། སྡུག་སྙམ་པ་ལས་ཆགས་པར་འགྱུར།། དེ་ལས་བཟློག་པས་འདོད་ཆགས་བྲལ།། སྒྱུ་མའི་སྐྱེས་བུ་ལྟར་དབེན ་པར། མཐོང་ནས་མྱ་ངན་འདའ་བར་འགྱུར།། ལོག་པའི་ཤེས་པས་མངོན་གདུང་བའི།། ཉོན་མོངས་སྐྱོན་རྣམས་གང་ཡིན་ཏེ།། དངོས་དང་དངོས་མེད་རྣམ་རྟོག་པ།། དོན་ཤེས་འགྱུར་ལ་མི་འབྱུང་ངོ་།། གཟི་ནས་ཡོད་ན་ནི་འདོད ་དྲང་།། འདོད་ཆགས་བྲལ་བར་འགྱུར་ཞིག་ན།། གནས་མེད་བདག་ཉིད་ཆེན་པོ་རྣམས།། ཆགས་པ་མེད་ཅིང་ཆགས་བྲལ་མིན།། གང་དག་རྣམ་པར་དབེན་སྙམ་དུ།། གཡོ་བའི་ཡིད་ཀྱང་མི་གཡོ་བ།། ཉོན་མོངས་སྦྲུལ་གྱིས་དཀྲུགས་གྱུར་པ།། ་མི་ཟད་སྲིད་པའི་རྒྱ་མཚོ་བརྒལ།། དགེ་བ་འདི་ཡིས་སྐྱེ་བོ་ཀུན།། བསོད་ནམས་ཡེ་ཤེས་ཚེགས་བསགས་ཏེ།། བསོད་ནམས་ཡིས་ལས་བྱུང་བའི།། དམ་པ་གཉིས་ནི་ཐོབ་པར་ཤོག། རིགས་པ་དྲུག་ཅུའི་ཚིག་ལེའུར་བྱས་པ་ཞེས་བྱ་བ་སློབ ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་མུ་ཏི་ཏ་ཤྲཱིའི་ཞལ་སྔ་ནས་དང་།། བོད་ཀྱི་ལོ་ཙཱ་བ་པ་ཚ་བ་ཉི་མ་གྲགས་ཀྱི་བཅོས་ཏེ་གཏན་ལ་ཕབ་པའོ།། ་