CLOSE WINDOW

GT3227: dbu ma rtsa ba'i tshig le'ur byas pa shes rab ces bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། པྲཛྙཱ་རཱ་མ་མཱུ་ལ་མཱ་དྷྱ་མ ་ཀ་ཀཱ་རི་ཀཱ། བོད་སྐད་དུ། དབུ་མ་རྫོ་བའི་ཚིག་ལེའུར་བྱས ་@#།། པ་ཤེས་རབ་ཅེས་བྱ་བ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག ་འཚལ་ལོ།། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ལ་ཕྱག་འཚལ་ལོ།། གང་གིས་རྟེན་ཅིང་འབྲེལ་པར་འབྱུང་།། འགག་པ་མེད་པ་སྐྱེ ་མེད་པ། ཆད་པ་མེད་པ་རྟག་མེད་པ།། འོང་བ་མེད་པ་འགྲོ་མེད་པ།། ཐ་དད་དོན་མིན་དོན་གཅིག་མིན།། སྤྲོས་པ་ཉེ་བར་ཞི་ཞི་བསྟོན ་པ་རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི།། དམ་པ་དེ་ལ་ཕྱག་འཚལོ།། བདག་ལས་མ་ཡིན་གཞན་ལས་མིན།། གཉིས་ལས་མ་ཡིན་རྒྱུ་མེད་མིན།། དངོས་པོ་གང་དག་གང་ན་ཡང་།། ་སྐྱེ་བ་ནམ་ཡང་ཡོད་མ་ཡིན།། རྐྱེན་རྣམས་བཞི་སྟེ་རྒྱུ་དང་ནི།། དམིགས་པ་དང་ནི་དེ་མ་ཐག།། བདག་པོ་ཡང་ནི་དེ་བཞིན་ཏེ།། རྐྱེན་ལྔ་པ་ནི་ཡོད་མ་ཡིན།། དངོས་པོ་རྣམ་སྤྱི་རང་བཞིན་རྐྱེན ་ལ་སོཌ་ལ་ཡོད་མ་ཡིན།། བདག་དངོས་པོ་ཡོད་མིན་ནོ།། གཞན་དངོས་ཡོད་པ་མ་ཡིན།། བྱ་བ་རྐྱེན་དང་ལྡན་པ་མེད།། རྐྱེན་དང་མི་ལྡན་བྱ་བ་མེད།། བྱ་བ་མི་ལྡན་རྐྱེན་མ་ཡིན།། བྱ་བ་ལྡན་སྔོ། ་འོན་ཏེ་ན།། འདི་དག་ལ་བརྟེན་སྐྱེ་བས་ན།། དེ་ཕྱིར་འདི་དག་རྐྱེན་ཅེས་གྲག།། ཇི་སྲིད་མི་སྐྱེ་དེ་སྲིདདུ།། འདི་དག་རྐྱེན་མིན་ཇི་ལྟར་མིན།། མེད་དམ་ཡོད་པའི་དོན་ལ་ཡང་། རྐྱེ་ནི་རུང་བ་མ་ཡིནྟེ། རྗེན། ་@#རྐྱེན་དུ་འགྱུར།། ཡོད་ན་རྐྱེན་གྱིས་ཅི་ཞིག་བྱ།། གང་ཚེ་ཆོས་ནི་ཡོད་པ་དང་།། མེད་དང་ཡོད་མེད་མི་འགྲུབ་པས།། ཇི་ལྟར་སྒྲུབ་བྱེད་རྒྱུ་ཞེས་བྱ།། དེ་ལྟར་ཡིན་ན་མི་རིགསོ།། ཡོད་པའི་ཆོས་འདི་དམིགས་པ་ནི།། མེད་པ་ཁོ་ནར ་ཉེ་བར་བསྟན།། ཅི་སྟེ་ཆོས་ནི་དམིགས་མེད་ན།། དམིགས་པ་ཡོད་པར་ག་ལ་འགྱུར།། ཆོས་རྣམས་སྐྱེས་པ་མ་ཡིན་ན།། འགག་པ་འཐད་པར་མི་འགྱུར་རོ།། དེ་ཕྱིར་དེ་མ་ཐག་མི་རིགས།། འགགས་ནཱ་རྐྱེན་ཡང་གང་ཞིག་ཡིན།། དངོས་པོ་རང ་བཞིན་མེད་རྣམས་ཀྱི།། ཡོད་པ་གང་ཕྱིར་ཡོད་མིན་ན།། འདི་ཡོད་པས་ན་འདི་འབྱུང་ཞེས།། བྱ་བ་འདི་ནི་འཐད་མ་ཡིན།། རྐྱེན་རྣམས་སོ་སོར་འདུས་པ་ལྔ།། འབྲས་བུ་དེ་ནི་མེད་པ་ཉིད།། རྐྱེན་རྣམས་ལ་ནི་གང་མེད་པ།། དེ་ནི་རྐྱེན་ལས་ཇི་ལྟར་སྐྱེ། ་ཅི་སྟེ་འབྲས་བུ་དེ་མེད་ཀྱང་།། རྐྱེན་དེ་དག་ལས་སྐྱེ་འགྱུར་ན།། རྐྱེན་མ་ཡིན་པ་དག་ལས་ཀྱང་།། ཅི་ཡི་ཕྱིར་ན་སྐྱེ་མི་འགྱུར།། འབྲས་བུ་རྐྱེན་གྱི་རང་བཞིན་ན།། རྐྱེན་རྣམས་བདག་གི་རང་བཞིན་མིན།། བདག་དངོས་མིན་ལས་འབྲས་བུ་གང་།། ། ་དེ་ནི་ཇི་ལྟར་རྐྱེན་རང་བཞིན།། དེ་ཕྱིར་རྐྱེན་གྱི་རང་བཞིན་མིན།། རྐྱེན་མིན་རང་བཞིན་འབྲས་བུ་ནི།། ཡོད་མིན་འབྲས་བུ་མེད་པས་ན།། རྐྱེན་མིན་རྐྱེན་དུ་ག་ལ་འགྱུར།། རྐྱེན་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་དང་པོའོ།། །། རེ་ཞིག ་མི་ལ་མོ་འགྲོ་སྟེ།། མ་སོང་བ་ལ་འང་འགྲོ་བ་མིན།། སོང་དང་མི་སོང་མ་གཏོགས་པར།། བགོམ་པ་ཤེས་པར་མི་འགྱུར་རོ།། གང་ན་གལ་བ་དེ་ནི་འགྲོ།། དེ་ཡང་གང་ཕྱིར་བགོམ་པ་ལོ།། གཡོ་བ་སང་མིན་མ་སོང་མིན།། དེ་ཕྱིར་བགོས་པ་འགྲོ ་བ་ཡོད།། བགོམ་ལ་འགྲོ་བ་ཡིན་པར་ནི།། ཇི་ལྟ་བུར་ནཱ་འཐད་པར་འགྱུར།། གང་ཚེ་འགྲོ་བ་མེད་པ་ཡི།། བགོམ་པ་འཐད་པ་མེད་ཕྱིར་རོ།། གང་གི་བགོམ་པ་ལ་འགྲོ་བ།། དེ་ཡི་བགོམ་ལ་འགྲོ་མེད་པར།། ཐལ་བར་འགྱུར་ཏེ་གང་གི་ཕྱིར།། བགོམ ་ལ་འགྲོ་བ་ཡིན་ཕྱིར་རོ།། བགོམ་ལ་འགྲོ་བ་ཡོད་ན་ནི།། འགྲོ་བ་གཉིས་སུ་ཐལ་འགྱུར་ཏེ།། གང་གིས་དེ་བགོམ་གྱུར་པ་དང་།། དེ་ལ་འགྲོ་བ་གང་ཡིན་པའོ།། འགྲོ་བ་གཉིས་སུ་ཐལ་འགྱུར་ན།། འགྲོ་བ་པོ་ཡང་གཉིས་སུ་འགྱུར།། གང་ཕྱིར་འགྲོ། ་བ་མེད་པར་ནི།། འགྲོ་བ་འཐད་པར་མི་འགྱུར་ཕྱིར།། གལ་ཏེ་འགྲོ་པོ་མེད་འགྱུར་ན།། འགྲོ་བ་འཐད་པར་མི་འགྱུར་ཏེ།། འགྲོ་བ་མེད་ན་འགྲོ་བ་པོ།། ཡོད་པ་ཉིད་དུ་ག་ལ་འགྱུར།། རེ་ཞིག་འགྲོ་པོ་མི་འགྲོ་སྟེ།། འགྲོ་བ་པོ་མིན་འགྲོ་བ་མིན།། འགྲོ་པོ ་འགྲོ་པོ་མིན་ལས་གཞན།། གསུམ་པ་གང་ཞིག་འགྲོ་བར་འགྱུར།། གང་ཚེ་འགྲོ་བ་མེད་པར་ནི།། འགྲོ་པོ་འཐད་པར་མི་འགྱུར་ན།། རེ་ཞིག་འགྲོ་པོ་འགྲོའོ་ཞེས།། ཇི་ལྟར་འཐད་པ་ཉིད་དུ་འགྱུར།། གང་གི་ཕྱོགས་ལ་འགྲོ་བ་པོ།། འགྲོ་བ་དེ་ལ་འགྲོ ་མེད་པའི།། འགྲོ་པོ་ཡིན་པར་ཐལ་འགྱུར་ཏེ།། འགྲོ་པོ་འགྲོ་བར་འདོད་ཕྱིར་རོ།། གལ་ཏེ་འགྲོ་པོ་འགྲོ་འགྱུར་ན།། འགྲོ་བ་གཉིས་སུ་ཐལ་འགྱུར་ཏེ།། གང་གི་འགྲོ་པོར་མངོན་པ་དང་།། འགྲོ་པོར་གྱུར་ནས་གང་འགྲོ་བའོ།། སོད་ལ་འགྲོ་བའི་རྩོམ་མེད།། མ ་སོང་བ་ལའང་འགྲོ་རྩོམ་མེད།། བགོ་མ་ལ་བརྩོམ་པ་ཡོད་མིན་ན།། གང་དུ་འགྲོ་བ་རྩོམ་པར་བྱེད།། འགྲོ་བ་རྩོམ་པའི་སྔ་རོལ་ན།། གང་དུ་འགྲོ་བ་རྩོམ་འགྱུར་བ།། བགོམ་པ་མེད་ཅིང་སོང་བ་མེད།། མ་སོང་འགྲོ་བ་ག་ལ་ཡོད།། འགྲོ་རྩོམ་རྣམ་པ ་ཐམས་ཅད་དུ།། སྣང་བ་མེད་པ་ཉིད་ཡིན་ན།། སོང་བ་ཅི་ཞིག་བགོམ་པ་ཅི།། མ་སོང་ཅི་ཞིག་རྣམ་པར་བརྟག། རེ་ཞིག་འགྲོ་པོ་མི་སྡོད་དེ།། འགྲོ་བ་པོ་མིན་སྡོད་པ་མིན།། འགྲོ་པོ་འགྲོ་པོ་མིན་ལས་གཞན།། གསུམ་པ་གང་ཞིག་སྡོད་པར་འགྱུར།། ་གང་ཚེ་འགྲོ་བ་མེད་པར་ནི།། འགྲོ་པོ་འཐད་པར་མི་འགྱུར་ན།། རེ་ཞིག་འགྲོ་པོ་སྡོད་དོ་ཞེས།། ཇི་ལྟར་འཐུད་པ་ཉིད་དུ་འགྱུར།། བགོམ་ལས་ལྡོག་པར་མི་འགྱུར་ཏེ།། སིང་དང་མ་སོང་ལས་ཀྱང་མིན།། འགྲོ་བ་དང་ནི་འཇུག་པ་དང་།། ལྡོག་པ་ཡང་ནི་འགྲོ་ད། ་མཚུངས།། འགྲོ་བ་དེ་དང་འགྲོ་བ་པོ།། དེ་ཉིད་ཅེས་ཀྱང་བྱེར་མི་རུང་།། འགྲོ་བ་དང་ནི་འགྲོ་བ་པོ།། གཞན་ཉིད་ཅེས་ཀྱང་བྱར་མི་རུང་།། གལ་ཏེ་འགྲོ་བ་གང་ཡིན་པ།། དེ་ཉིད་འགྲོ་པོ་ཡིན་འགྱུར་ན།། བྱེད་པ་པོ་དང་ལས་ཉིད་ཀྱང་།། གཅིག་པ་ཉིད་དུ་ཐལ་བར་འགྱུར།། ། ་ཏེ་འགྲོ་བ་གང་ཡིན་པ།། དེ་ཉིད་འགྲོ་པོ་ཡིན་འགྱུར་ན།། བྱེད་པ་པོ་དང་ལས་ཉིད་ཀྱང་།། གཅིག་པ་ཉིད་དུ་ཐལ་བར་འགྱུར།། གལ་ཏེ་འགྲོ་དང་འགྲོ་བ་པོ།། གཞན་པ་ཉིད་དུ་རྣམས་བརྟགས་ན།། འགྲོ་པོ་མེད་པའི་འགྲོ་བ་དང་།། འགྲོ་བ་མེད་པའི་འགྲོ་བོར་འགྱུར།། ། ་གང་དག་དངོས་པོ་གཅིག་པ་དང་།། དངོས་པོ་གཞན་པ་ཉིད་དུ་ནི།། གྲུབ་པར་གྱུར་པ་ཡོད་མིནྡ་ན།། དེ་ཉིད་གྲུབ་པ་ཇི་ལྟར་ཡོད།། འགྲོ་བ་གང་གིས་འགྲོ་པོར་མངོན།། འགྲོ་བ་དེ་ནི་དེ་འགྲོ་མིན།། གང་ཕྱིར་འགྲོ་བའི་སྔ་རོལ་མེད།། གང་ཞིག་གང་དུ་འགྲོ་བར་འགྱུར། ་འགྲོ་བ་གང་གིས་འགྲོ་པོར་མངོན།། དེ་ལས་གཞན་པ་དེ་འགྲོ་མིན།། གང་ཕྱིར་འགྲོ་པོ་གཅིག་པུ་ལ།། འགྲོ་ལ་གཉིས་སུ་མི་འཐད་དོ།། འགྲོ་པོ་ཡིན་པར་གྱུར་པ་ནི།། འགྲོ་རྣམས་གསུམ་དུ་འགྲོ་མི་བྱེད།། མ་ཡིན་པར་ནི་གྱུར་དེ་ཡང་།། འགྲོ་རྣམ ་གསུམ་དུ་འགྲོ་མི་བྱེད།། ཡིན་དང་མ་ཡིན་གྱུར་པ་ཡང་།། འགྲོ་རྣམ་གསུམ་དུ་འགྲོ་མི་བྱེད།། དེ་ཕྱིར་འགྲོ་དང་འགྲོ་བ་དང་།། བགྲོད་པར་བྱ་བ་ཡོད་མ་ཡིན།། འགྲོ་བ་དང་འོང་བ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་གཉིས་པའོ།། །། ལྟ་དང ་ཉན་དང་སྣོམ་པ་ལ།། མྱང་བར་བྱེད་དང་རིག་བྱེད་ཡིད།། དབང་པོ་དྲུག་སྟེ་དེ་དག་གི། སྤྱོད་ཡུལ་བལྟ་བར་བྱེད་ལ་སོགས།། ལྟ་དེ་རང་གི་བརྟག་ཉིད་ནི།། དེ་ལྟ་ལྟ་བ་མ་ཡིན་ཉིད།། གང་ཞིག་དོག་ལ་མི་ལྟ་བོར།། དེ་གཞན་དག་ལ་ཇི་ལྟར་ལྟ།། ལྟ་བ་རཾ ་ཏུ་བསྒྲུབ་པའི་ཕྱིར།། མེ་ཡི་དཔེས་ནི་ནུས་མ་ཡིན།། སོང་དང་མ་སོང་བགོམ་པ་ཡིས།། དེ་ནི་ལྟར་བཅས་ལན་བཏབ་བོ།། གང་ཚེ་ཅུང་ཟད་མི་ལྟ་བ།། ལྟ་བར་བྱེད་པ་མ་ཡིནོ།། ལྟ་བས་ལྟ་བར་བྱེད་ཅེས་བྱར།། དེ་ནི་ཇི་ལྟར་རིགས་པར་འགྱུར།། ལྟེ་བ་སྟེ ་ཉིད་མ་ཡིན་ཏེ།། ལྟ་བ་མིན་པ་མི་ལྟ་ཉིད།། ལྟ་བ་ཉིད་ཀྱིས་ལྟ་པོ་ཡང་།། རྣམ་པར་བཤད་པར་ཤེས་པར་བྱ།། མ་སྤངས་ལྟ་བོ་ཡོད་མིན་ཏེ།། ལྟ་བ་སྤངས་པར་གྱུར་ཀྱང་ངོ་།། ལྔ་བོ་མེད་ན་ལྟ་བྱ་དང་།། ལྕི་བ་དེ་དག་ག་ལ་ཡོད།། ཇི་ལྟར་ཕ་དང་མུ ་ལ་བརྟེན་ནས་བུ་ནི་འབྱུང་བཤད་པ།། དེ་བཞིན་མིག་དང་གཟུགས་བརྟེན་ནས།། རྣམ་པར་ཤེས་པ་འབྱུང་བར་བཤད།། ལྟ་བྱ་བལྟ་བ་མེད་པའི་ཕྱིར།། རྣམ་པར་ཤེས་ལ་སོགས་པ་བཞི།། ཡོད་མིན་ཉེ་བར་ལེན་ལ་སོགས།། ཇི་ལྟ་བུར་ན་ཡོད ་པར་འགྱུར།། ལྟ་བས་ཉན་དང་སྡོམ་པ་དང་།། མྱང་བར་བྱེད་དང་རིག་བྱེད་ཡིད།། ཉན་པ་ཀོ་དང་མཉན་ལ་སོགས།། རྣམ་པར་བཤད་པར་ཤེས་པར་བྱ།། དབང་པོ་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་གསུམ་པའོ།། ། གཟུ ་ཀྱི་རྒྱུ་ནི་མ་གཏོགས་པར།། གཟུགས་ནི་དམིགས་པར་མི་འགྱུར་རོ།། གཟུགས་ཞེས་བྱ་བ་མ་གཏོགས་པར།། གཟུགས་ཀྱི་རྒྱུ་ཡང་མི་སྣང་ངོ་།། གཟུགས་ཀྱི་རྒྱུ་ནི་མ་གཏོགས་པར།། གཟུགས་ན་གཟུགས་ནི ་རྒྱུ་མེད་པར།། ཐལ་བར་འགྱུར་ཏེ་དོན་གང་ཡང་།། རྒྱུ་མེད་པ་ནི་གང་ནའང་མེད།། གལ་ཏེ་གཟུགས་ནི་མ་གཏོགས་པར།། གཟུགས་ཀྱི་རྒྱུ་ཞིག་ཡོད་ན་ནི།། འབྲས་བུ་མེད་པའི་རྒྱུར་འགྱུར་ཏེ།། འབྲས་བུ་མེད་པའི་རྒྱུ་མེདདོ།། གཟུགས ་ཡིད་ན་ཡང་གཟུགས་ཀྱི་ནི།། རྒྱུ་ཡང་འཐད་པར་མི་འགྱུར་ཉིད།། གཟུགས་མེད་ན་ཡང་གཟུགས་ཀྱི་ནི།། རྒྱུ་ཡང་འཐད་པར་མི་འགྱུར་ཉིད།། རྒྱུ་མེད་པ་ཡི་གཟུགས་དག་ནི།། འཐད་པར་མི་རུང་རུང་མིན་ཉིད།། དེ་ཕྱིར་གཟུགས་ཀྱི་རྣམ ་པར་རྟོགས།། འགའ་ཡང་རྣམ་པར་བརྟག་མི་བྱ།། འབྲས་བུ་རྒྱུ་དང་འདྲ་བ་ཞེས། བྱ་བ་འཐད་པ་མ་ཡིན་ཏེ།། འབྲས་བུ་རྒྱུ་དང་མི་འདྲ་ཞེས། བྱ་བ་འདི་འཐད་པ་མ་ཡིན་ནོ།། ཚོར་བ་དང་འདུ་ཤེས་འདུ་བྱེད་དང་།། སེམས་དང་དངོས་པོ་ཐམས་ཅད་ཀྱི ་རྣམ་པ་དག་ནི་ཐམས་ཅད་དུ།། གཟུགས་ཉིད་ཀྱི་ནི་རིམ་པ་མཚུངས།། སྟོང་པ་ཉིད་ཀྱིས་བརྩང་བྱས་ཚེ།། གང་ཞིག་ལན་འདེབས་སྨྲ་བྱེད་པ།། དེ་ཡི་ཐམས་ཅད་ལན་བཏབ་མིན།། བསྒྲུབ་པར་བྱ་དང་མཚུངས་པར་འགྱུར།། སྟོང་པ་ཉིད་ཀྱིས ་བཤད་བྱས་ཚེ།། གང་ཞིག་སྐྱོན་འདོགས་སྨྲ་བྱེད་པ།། དེ་ཡི་ཐམས་ཅད་སྐྱོན་བཏགས་མིན།། བསྒྲུབ་པར་བྱ་དང་མཚུངས་པར་འགྱུར།། ཕུང་པོ་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པོ་བཞི་པའོ།། །། ན་མཁའི་མཚན་ཉིད་སྔ་རོལ ་ནཿན་མཁའ་ཅུང་ཟད་ཡོད་མ་ཡིན།། གལ་ཏེ་མཚན་ལས་སྔར་གྱུར་ན།། མཚན་ཉིད་མེད་པར་ཐལ་བར་འགྱུར།། མཚན་ཉིད་མེད་པའི་དངོས་པོ་ནི།། འགའ་ཡང་གང་ནའང་ཡོད་མ་ཡིན།། མཚན་ཉིད་མེད་པའི་དངོས་མེད་ན།། མཚན་ཉིད ་གང་དུ་འཇུག་པར་འགྱུར།། མཚན་ཉིད་གང་དུ་འཇུག་པར་འགྱུར།། མཚན་ཉིད་མེད་ལ་མཚན་ཉིད་ནི།། མི་འཇུག་མཚན་ཉིད་བཅས་ལྔ་མིན།། མཚན་བཅས་མཚན་ཉིད་མེད་པ་ལས།། གཞན་ལའང་འཇུག་པར་མི་འགྱུར་རོ།། མཚན་ཉིད ་འཇུག་པ་མ་ཡིན་ན།། མཚན་གཞི་འཐད་པར་མི་འགྱུར་རོ།། མཚན་གཞི་འཐད་པ་མ་ཡིན་ན།། མཚན་ཉིད་ཀྱང་ནི་ཡོད་མ་ཡིན།། དེ་ཕྱིར་མཚན་གཞི་ཡོད་མིན་ཏེ།། མཚན་ཉིད་ཡོད་པ་ཉིད་མ་ཡིན།། མཚན་གཞི་མཚན་ཉིད་མ་གཏོགས་པ།། ་དངོས་པོ་ཡང་ནི་ཡོད་མ་ཡིན།། དངོས་པོ་ཡོད་པ་མ་ཡིན་ན།། དངོས་མེད་གང་གི་ཡིན་པར་འགྱུར།། དངོས་དང་དངོས་མེད་མི་མཐུན་ཆོས།། གང་གིས་དངོས་དང་དངོས་མེད་ཤེས།། དེ་ཕྱིར་ན་མཁའ་དངོས་པོ་མིན།། དངོས་མེད་མ་ཡིན་མཚན་གཞི ་མིན།། མཚན་ཉིད་མ་ཡིན་ཁམས་ལྔ་པོ།། གཞན་གང་དག་ཀྱང་ན་མཁའ་མཚུངས།། བློ་ཆུང་གང་དག་དངོས་རྣམས་ལ།། ཡོད་པ་ཉིད་དང་མེད་ཉིད་དུ།། ལྟ་བ་དེས་ནི་བལྟ་བྱ་བ།། ཉེ་བར་ཞི་བ་ཞི་མི་མཐོང་།། ཁམས་བརྟག་པ་ཞེས་བྱ་བ་སྟེ།། ་རབ་ཏུ་བྱེད་པ་ལྔ་པའོ།། ། གལ་ཏེ་འདོད་ཆགས་སྔ་རོལ་ན།། འདོད་ཆགས་མེད་པའི་ཆགས་ཡོད་ན།། དེ་ལ་བརྟེན་ནས་འདོད་ཆགས་ཡོད།། ཆགས་ཡོད་འདོད་ཆགས་ཡོད་པར་འགྱུར།། ཆགས་པ་ཡོད་པར་མ་གྱུར་ན།། འཇོ ་ཆ་ག་ཡོད་པར་ག་ལ་འགྱུར།། ཆགས་པ་ལ་ཡང་འདོད་ཆགས་ནི།། ཡོད་དམ་མེད་ཀྱང་རིམ་པ་མཚུངས།། འདོད་ཆགས་དང་ནི་ཆགས་པ་དག། ལྷན་ཅིག་ཉིད་དུ་སྐྱེ་མི་རིགས།། འདི་ལྟར་འདོད་ཆགས་ཆགས་པ་དག། ཕན ་ཚུན་བལྟོས་པ་མེད་པར་འགྱུར།། གཅིག་ཉིད་ལྷན་ཅིག་ཉིད་མིན་ཏེ།། དེ་ཉིད་དེ་དང་ལྷན་ཅིག་མིན།། ཅི་སྟེ་ཐ་དད་ཉིད་ཡིན་ན།། ལྷན་ཅིག་ཉིད་དུ་ཇི་ལྟར་འགྱུར།། གལ་ཏེ་གཅིག་པུ་ལྷན་གཅིག་ན།། གྲོགས་མེད་པར་ཡང་དེར་འགྱུར་རོ།། གལ་ཏེ། ་ཐ་དད་ལྷན་ཅིག་ན།། གྲོགས་མེད་པར་ཡང་དེར་འགྱུར་རོ།། གལ་ཏེ་ཐ་དད་ལྷན་ཅིག་ན།། ཅི་གོ་འདོད་ཆགས་ཆགས་པ་དག། ཐ་དད་ཉིད་དུ་གྲུབ་གྱུར་རམ།། དེས་ན་དེ་གཉིས་ལྷན་ཅིག་འགྱུར།། གལ་ཏེ་འདོད་ཆགས་ཆགས་པ་དག། ཐ་དད ་ཉིད་དུ་གྲུབ་འགྱུར་ན།། དེ་དག་ལྷན་ཅིག་ཉིད་དུ་ནི།། ཅི་ཡི་ཕྱིར་ན་ཡོངས་སུ་རྟོག། ཐ་དད་གྲུབ་པར་མ་གྱུར་པས།། དེ་ཕྱིར་ལྷན་ཅིག་འདོད་བྱེད་ན།། ལྷན་ཅིག་རབ་ཏུ་བསྒྲུབ་པའི་ཕྱིར།། ཐ་དད་ཉིད་དུ་ཡང་འདོད་དམ།། ཐ་དད་དངོས་པོ་མ་གྲུབ་པས།། ་ལྷན་ཅིག་དངོས་པོར་འགྲུབ་མི་འགྱུར།། ཐ་དད་དངོས་པོ་གང་ཡོད་ན།། ལྷན་ཅིག་དངོས་པོར་འདོད་པར་བྱེད།། དེ་ལྟར་འདོད་ཆགས་ཆགས་པ་དག། ལྷན་ཅིག་ལྷན་ཅིག་མིན་མི་འགྲུབ།། འདོད་ཆགས་དང་ཆགས་པ་བརྟག་པ་ཞེས་བྱ་བ་སྟེ། ར ་ཏུ་བྱེད་པ་དྲུག་པའོ།། །། གལ་ཏེ་སྐྱེ་བ་འདུས་བྱས་ན།། དེ་ལ་མཚན་ཉིད་གསུམ་ལྡན་འགྱུར།། ཇི་སྟེ་སྐྱེ་བ་འདུས་མ་བྱས།། ཇི་ལྟར་འདུས་བྱས་མཚན་ཉིད་ཡིན།། སྐྱེ་ལ་སོགས་སུ་སོ་སོ་ཡིས།། འདུས་བྱས་མཚན་ཉིད་བྱ་བར་ནི ་ནུས་མིན་གཅིག་ལ་དུས་གཅིག་ཏུ།། འདུས་པ་ཡང་ནི་ཇི་ལྟར་རུང་།། སྐྱེ་དང་གནས་དང་འཇིག་རྣམས་ལ།། འདུས་བྱས་མཚན་ཉིད་གཞན་ཞིག་ནི།། གལ་ཏེ་ཡོད་ན་ཐུག་པ་མེད།། མེད་ན་དེ་དག་འདུས་བྱས་མིན།། སྐྱེ་བའི་སྐྱེ་བས་རྩ་བ ་ཡིས་སྐྱེ་བ་འབའ་ཞིག་སྐྱེད་པར་བྱེད།། རྩ་བའི་སྐྱེ་བས་སྐྱེ་བ་ཡིས།། སྐྱེ་བའང་སྐྱེད་པར་བྱེད་པ་ཡིན།། གལ་ཏེ་ཁྱོད་ཀྱི་སྐྱེ་བའི་སྐྱེས།། རྩ་བའི་སྐྱེ་བ་སྐྱེད་བྱེད་ན།། ཁྱོད་ཀྱི་རྩ་བས་མ་བསྐྱེད་དེས།། དེ་ནི་ཇི་ལྟར་སྐྱེད་པར་བྱེད།། ག ་ཏེ་ཁྱོད་ཀྱི་རྩེ་བ་ཡིས།། བསྐྱེད་པ་དེ་ཡིས་རྩ་བསྐྱེད་ན།། དེས་མོ་བསྐྱེད་པའི་རྩ་བ་དེས།། དེ་ནི་ཇི་ལྟར་སྐྱེད་པར་བྱེད།། གལ་ཏེ་མ་སྐྱེས་པ་དེ་ཡིས།། དེ་སྐྱེད་པར་ནི་བྱེད་ནུས་ན།། ཁྱོད་ཀྱི་སྐྱེ་བཞིན་པོ་དེ་ཡིས།། དེ་བསྐྱེད་པ་ནི་འདོད་ལ་རག། ་ཇི་ལྟར་མར་མེས་རང་དང་གཞན།། སྣང་བར་བྱེད་པ་དེ་བཞིན་དུ།། སྐྱེ་བའང་རང་དང་གཞན་གྱི་དངོས།། གཉིས་ཀ་སྐྱེད་པར་བྱེད་པོ་ཡིན།། མར་མེ་དང་ནི་གང་དག་ན།། དེ་འདུག་པ་ནི་མུན་པ་མེད།། མར་མེས་ཅི་ཞིག་སྣང་བར་བྱེད།། ་མུན་པ་སེལ་བས་སྣང་བྱེད་ཡིན།། གང་ཚེ་མརརོ་མེ་སྐྱེ་བཞིན་པ།། མུན་པ་དང་ནི་ཕྲད་མེད་ན།། ཇི་ལྟར་མར་མེ་སྐྱེ་བཞིན་པསོ།། མུན་པ་སེལ་བར་བྱེད་པ་ཡིན།། མར་མེ་ཕྲད་པ་མེད་པར་ཡང་།། གལ་ཏེ་མུན་པ་སེལ་བྱེད་ན།། འཇིག ་རྟེན་ཀུན་ལ་གནས་བཱི་མུན།། འདི་ན་འདུག་པ་དེས་བསལ་འགྱུར།། མར་མི་རང་དང་གཞན་གྱི་དངོས།། གལ་ཏེ་སྣང་བར་བྱེད་འགྱུར་ན།། མུན་པའང་རང་དང་གཞན་གྱི་དངོས།། སྒྲིབ་པར་འགྱུར་བར་ཐེ་ཚོམ་མེད།། སྐྱེ་བ་འདི་ནི ་མ་སྐྱེས་པས།། རང་གི་བདག་ཉིད་ཇི་ལྟར་བསྐྱེད།། ཅི་སྟེ་སྐྱེས་པས་སྐྱེད་བྱེད་ན།། སྐྱེས་ན་ཅི་ཞིག་བསྐྱེད་དུ་ཡོད།། སྐྱེས་དང་མ་སྐྱེས་སྐྱེ་བཞིན་པ།། ཇི་ལྟ་བུར་ཡང་མི་བསྐྱེད་པ།། དེས་ནི་སོང་དང་མ་སོང་དང་།། བགོ། ་པས་རྣམ་པར་བཤད་པོ་ཡིན།། གང་ཚེ་སྐྱེ་བ་ཡོད་པ་ན།། སྐྱེ་བཞོན་འདི་འབྱུང་མེད་པའི་ཚེ།། ཇི་ལྟར་སྐྱོ་ལ་བརྟེན་ནས་ནི།། སྐྱེ་བཞིན་ཞེས་ནི་བརྗོད་པར་བྱ།། རྟེན་ཅིང་འབྱུང་བ་གང་ཡིན་པ།། དེ་ནི་ངོ་བོ་ཉིད་ཀྱིས་ཞི།། དེ་ཕྱིར་སྐྱེ་བཞིན་ཉིད་དང ་ནི་སྐྱེ་བ་ཡང་ནི་ཞི་བ་ཉིད།། གལ་ཏེ་དངོས་པོ་མ་སྐྱེས་པ།། འགའ་ཞིག་གང་ན་ཡོད་གྱུར་ན།། དེ་ནི་སྐྱེ་འགྱུར་དངོས་པོ་དེ།། མེདོ་ན་ཅི་ཞིག་སྐྱེ་བར་འགྱུར།། གལ་ཏེ་སྐྱེ་བ་དེ་ཡིས་ནི།། སྐྱེ་བཞིན་པ་ནི་སྐྱེད་བྱེད་ན།། སྐྱེ་བ་དེ་ནི་སྐྱེ་བ་ལྟ།། གལ་ཏེ། ་སྐྱེ་བ་གཞན་ཞིག་གིས།། དེས་བསྐྱེད་ཐུག་པ་མེད་པར་འགྱུར།། ཅི་སྟེ་སྐྱེ་བ་མེད་སྐྱེས་ན།། ཐམས་ཅད་དེ་བཞིན་སྐྱེ་བར་འགྱུར།། རེ་ཞིག་ཡོད་དང་མེད་པ་ཡང་།། སྐྱེ་བོར་རིག་པ་མ་ཡིན་ཞིང་།། ཡོད་མེད་ཉིད་ཀྱང་མ་ཡིན་ཞེས།། གོང་དུ་བསྟན ་པོ་ཉིད་ཡིན།། དངོས་པོ་འགག་བཞིན་ཉིད་ལ་ནི།། སྐྱེ་བ་འཐད་པར་མི་འགྱུར་རོ།། གང་ཞིག་འགག་བཞིན་མ་ཡིན་པ།། དེ་ནི་དངོས་པོར་མི་འཐད།། དངོས་པོ་གནས་པ་མི་གནས་ཏེ།། དངོས་པོ་མི་གནས་གནས་པ་མིན།། གནས་བཞིན ་པ་ཡང་མི་གནས་ཏེ།། མ་སྐྱེས་གང་ཞིག་གནས་པར་འགྱུར།། དངོས་པོ་འགག་བཞིན་ཉིད་ལ་ནི།། གནས་པ་འཐད་པར་མི་འགྱུར་རོ།། གང་ཞིག་འགག་བཞིན་མ་ཡིན་པ། དེ་ནི་དངོས་པོར་མི་འཐད་།། དངོས་པོ་ཐམས་ཅད་དུས་ཀུན་ཏུ ་རྒ་དང་འཆི་བའི་ཆོས་ཡིན་ན།། གང་དག་རྒྱུ་དང་འཆི་མེད་པའི།། གནས་པའི་དངོས་པོ་གང་ཞིག་ཡིན།། གནས་པ་གནས་པ་གཞན་དང་ནི།། དེ་ཉིད་ཀྱིས་ཀྱང་གནས་མི་རིགས།། ཇི་ལྟར་སྐྱེ་བ་རང་དང་ནི།། གཞན་གྱིས་བསྐྱེད་པ་མ་ཡིན་བཞིན།། ་འགགས་པ་འགགས་པར་མི་འགྱུར་ཏེ།། མ་འགགས་པ་ཡང་འགག་མི་འགྱུར།། འགྲག་བཞིན་པ་ཡང་དེ་བཞིན་མིན།། མ་སྐྱེས་གང་ཞིག་འགག་པར་འགྱུར།། རེ་ཞིག་དངོས་པོ་གནས་པ་ལ།། འགག་པ་འཐད་པར་མི་འགྱུརརོ།། དངོས་པོ་མི་གཿ། ་པ་ལ་ཡང་།། འགྲག་པ་འཐད་པར་མི་འགྱུར་རོ།། གནས་སྐབས་དེ་ཡི་གནས་སྐབས་ནི།། དེ་ཉིད་འགག་པ་ཉིད་མི་འགྱུརརོ།། གནས་སྐབས་གཞན་གྱིས་གནས་སྐབས་ནི།། གཞན་ཡང་འགག་པ་ཉིད་མི་འགྱུར། གང་ཚེ་ཆོས་རྣམས་ཐམས་ཅད་ཀྱི།། ་སྐྱེ་བ་འཐད་པར་མི་འགྱུར་བ།། དེ་ཚེ་ཆོས་རྣམས་ཐམས་ཅད་ཀྱི།། འགག་པ་འཐད་པ་མི་འགྱུར་རོ།། རེ་ཞིག་དངོས་པོ་ཡོད་པ་ལ།། འགག་པ་འཐད་པར་མི་འགྱུརརོ།། གཅིག་ཉིད་ན་ནི་དངོས་པོ་དང་།། དངོས་པོ་མེད་པ་འསྡད་པ་མེད།། དངོས་པོ་མེད་པ་།། ་གྱུར་པ་ལའང་།། འགག་བ་འཐད་པར་མི་འགྱུར་རོ།། མགོ་གཉིས་པ་ལ་ཇི་ལྟར་ནི།། བཅད་དུ་མེད་པ་དེ་བཞིན་ནོ།། འགག་པར་རང་གི་བདག་ཉིད་ཀྱིས།། ཡོ་མིན་འགག་པ་གཞན་གྱིས་མིན།། ཇི་ལྟར་སྐྱེ་བ་རང་དང་ནི།། གཞན་གྱིས་བསྐྱེད་པ་མ། ་ཡིན་བཞིན།། སྐྱེ་དང་གནས་དང་འཇིག་པ་དག། མ་གྲུབ་ཕྱིར་ན་འདུས་བྱས་མེད།། འདུས་བྱས་རབ་ཏུ་མ་གྲུབ་ན།། འདུས་མ་བྱས་ནི་ཇི་ལྟར་གྲུབ།། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན།། དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ།། དེ་བཞིན་སྐྱེ་དང་དེ་བཞིན་གནས།། ་དེ་བཞིན་དུ་ནི་འཇིག་པ་གསུངས།། སྐྱེ་བ་དང་ན་གནས་པ་དང་འཇིག་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བདུན་པའོ།། །། བྱེང་པོ་ཡིན་པར་གྱུར་པ་དེ།། ལས་སུ་གྱུར་པ་མི་བྱེད་དོ།། བྱེད་པོ་མ་ཡིན་གྱུར་པ ་ཡང་།། ལས་སུ་མ་གྱུར་མི་བྱེད་དོ།། ཡིན་པར་གྱུར་ལོ་བྱ་བ་མེད།། བྱེད་པོ་མེད་པའི་ལས་སུའང་འགྱུར།། མིན་པར་གྱུར་ལ་བྱ་བ་མེད།། ལས་མེད་བྱེད་པ་པོར་ཡང་འགྱུར།། གལ་ཏེ་བྱེད་བྱོར་མ་གྱུར་པས།། ལས་སུ་མ་གྱུར་བྱེད་ན་ནི།། ལས ་ལ་རྒྱུ་ནི་མེད་པར་འགྱུར།། བྱེད་པ་པོ་ཡང་རྒྱུ་མེད་འགྱུར།། རྒྱུ་མེད་ན་ནི་འབྲས་བུ་དང་།། རྒྱུ་ཡང་འབྲང་བར་མི་འགྱུར་རོ།། དེ་མེད་ན་ནི་བྱ་བ་དང་།། བྱེད་པ་པོ་དང་བྱེད་མི་རིགས།། བྱ་བ་ལ་སོགས་མི་རིགས་ནཱ།། ཆོས་དང་ཆོས་མིན་མེདུ་ནོ་ནི།། དེ་ལས་བྱ ་བའི་འབྲས་བུ་མེད།། འབྲས་བུ་མེད་ན་ཐར་པ་དང་།། མཐོ་རིས་གྱུར་པའི་ལམ་མི་འཐད།། བྱེ་བ་དག་ནི་ཐམས་ཅད་ཀྱང་།། དོན་མེད་ཉིད་དུ་ཐལ་བར་འགྱུར།། བྱེད་པ་པོར་གྱུར་མ་གྱུར་པས།། གྱུར་མ་གྱུར་དེ་མི་བྱེད་དོ།། ཡིན་དང་མ་ཡིན་གྱུར་ཅིག་ལ།། ། ་ཕན་ཚུན་འགལ་བས་ག་ལ་ཡོད།། བྱེད་པ་པར་ནི་གྱུར་པ་ཡི་ས།། མ་གྱུར་ལྷས་ནི་མི་བྱེད་དེ།། མ་གྱུར་ལས་ནི་མི་བྱེད་དེ།། མ་གྱུར་པས་ཀྱང་གྱུར་མི་བྱེད།། འདིར་ཡང་སྒྲོན་དྲི་ཐལ་བར་འགྱུར། བྱེད་པ་པོར་ནི་གྱུར་པ་དང་།། བཅས་པས་ལས ་ནི་མ་གྱུར་དང་།། གྱུར་མ་གྱུར་པ་མི་བྱེད་ངོ་།། གཏན་ཚིགས་གོང་དུ་བསྟེན་ཕྱིར།། བྱེད་པ་པོར་ནི་མ་གྱུར་པས།། ལས་ནི་གྱུར་དང་བཅས་པ་དང་།། གྱུར་མ་གྱུར་པ་མི་བྱེད་དེ།། གཏན་ཚིགས་གོང་དུ་བསྐྲུན་ཕྱིར་རོ།། བྱེད་པ་པོར་མ་གྱུར་མ་གྱུ ་ནིདུ་ལས་སུ་གྱུར་དང་མ་གྱུར་པ།། མི་བྱེད་འདིར་ཡང་གཏན་ཚུགས་ནི།། གོང་དུ་བསྟན་པར་ཤེས་པར་བྱ།། བྱེད་པོ་ལས་ལ་བརྟེན་བྱས་ཤིང་།། ལས་ཀྱང་བྱེད་པ་དེ་ཉིད་ལ།། བརྟེན་ནས་འབྱུང་བ་མ་གཏོགས་པར།། གྲུབ་པའི་རྒྱུ་ནི་མ་མཐའ།། ་དེ་བཞིན་ཉེར་ལེན་ཤེས་པར་བྱ།། ལས་དང་བྱེད་པོས་གསལ་ཕྱིར་རོ།། བྱེད་པོ་པོ་དང་ལས་དག་གིས།། དངོས་པོ་ལྷག་མ་འདུ་ཤེས་པར་བྱ།། བྱེད་པ་པོ་དོང་ལས་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བརྒྱད་པའོ།། །། ལྟ ་དང་ཉན་ལ་སོགས་པ་དང་།། ཚོར་སོགས་དང་ཡང་དབང་བྱས་པ།། གང་གི་ཡིན་པ་དེ་དག་གི། སྔ་རོལ་དེ་ཡོད་ཁ་ཅིག་སྨྲ།། དངོས་པོ་ཡོད་པ་མ་ཡིན་ན།། ལྟ་བ་ལ་སོགས་ཇི་ལྟར་འགྱུར།། དེ་ཕྱིར་དེ་དག་སྔ་རོལ་ན།། དངོས་པོ་གནས་པ་དེ ་ཡོད་དོ།། ལྷ་དང་ཉན་ལ་སོགས་པ་དང་།། ཚོར་བ་ལ་སོགས་ཉིད་ཀྱིས་ནི།། སྔ་རོལ་དངོས་པོ་གང་གནས་པ།། དེ་ནི་གང་གིས་གདགས་པར་བྱ།། ལྟ་བ་ལ་སོགས་མེད་པར་ཡང་།། གལ་ཏེ་དེ་ནི་གནས་གྱུར་ན།། དེ་མེད་པར་ཡང་དེ་དག་ནི།། ཡོད་པ། ་འགྱུར་བར་ཐེ་ཚོམ་མེད།། ཅི་ཡིས་གང་ཞིག་གསལ་བར་བྱེད།། གང་གིས་ཅི་ཞིག་བསལ་བར་བྱེད།། ཅི་མེད་གང་ཞིག་ག་ལ་ཡོད།། གང་མེད་ཅི་ཞིག་ག་ལ་ཡོད།། ལྷ་ལ་སོགས་པ་ཐམས་ཅད་ཀྱི།། སྔ་རོལ་གང་ཞིག་ཡོད་པ་མིན།། ལྷ་སྲོག ་ནང་ནས་གཞན་ཞིག་གིས།། གཞན་གྱི་ཚེ་ན་གསལ་བར་བྱེད།། ལྷ་ལ་སོགས་པ་ཐམས་ཅད་ཀྱི།། སྔ་རོལ་གལ་ཏེ་ཡོད་མིན་ན།། ལྷ་ལ་སོགས་པ་རེ་རེ་ཡི།། སྔ་རོལ་དོ་ནི་ཇི་ལྟར་ཡོད།། ལྟ་པོ་དེ་ཉིད་ཉན་པོ་དེ།། གལ་ཏེ་ཚོར་པོ་དེ་ཉིད་ན།། རེ་རེའི་སྡེ ་རོལ་ཡོད་གྱུར་ན།། དེ་ནི་དེ་ལྟར་མི་རིགས་སོ།། གལ་ཏེ་ལྟ་བོ་གཞན་ཉིད་ལ།། ཉན་པ་པོ་གཞན་ཚོར་གཞན་ན།། ལྔ་པོ་ཡོད་ཚེ་ཉན་པོར་འགྱུར།། བདག་ཀྱང་མང་པོ་ཉིད་དུ་འགྱུར།། ལྷ་དང་ཉན་ལ་སོགས་པ་དང་།། ཚོར་བ་དག་ལ་། ་པ་ཡང་།། གང་ལས་འགྱུར་བའི་འབྱུང་དེ་ལའང་།། དེ་ནི་ཡོད་པ་མ་ཡིན་ནོ།། ལྟ་དང་ཉན་ལ་སོགས་པ་དང་།། ཚོར་བ་དག་ལ་སོགས་པ་ཡང་།། གང་གི་ཡིན་པ་གལ་ཏེ་མེད།། དེ་དག་ཀྱང་ནི་ཡོད་མ་ཡིན།། གང་ཞིག་ལྟ་ལ་སོགས་པ་ཡི།། ། ་སྔ་རོལ་ད་ལྟ་ཕྱི་ན་མེད།། དེ་ལ་ཡོད་དོ་མེད་དོ་ཞེས།། རྟོག་པ་དག་ནི་ལྡོག་པར་འགྱུར།། སྔ་རོལ་ན་གནས་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་དགུ་པའོ།། །། བུད་ཤིང་གང་དེ་མེ་ཡིན་ན།། བྱེད་པ་པོ་དང་ལས་གཅིག་འགྱུས ་གྲལ་ཏེ་ཤིང་ལོས་མེ་གཞན་ན།། ཤིང་མེད་པར་ཡང་འབྱུང་བར་འགྱུར།། རྟག་ཏུ་འབར་བ་ཉིད་དུ་འགྱུར།། འབར་བྱེད་རྒྱུ་ལས་མི་འབྱུང་ཞིང་།། རྩོམ་པ་དོན་མེད་ཉིད་དུ་འགྱུར།། དེ་ལྟ་ཡིན་ན་ལས་ཀྱང་མེད།། གཞན་ལ་བལྟོས་པ་མེད་པའི ་ཕྱིར། རྭ་འབར་བར་བྱེད་རྒྱུ་ལས་མི་འབྱུང་།། རྟག་ཏུ་འབར་བ་ཉིད་ཡིན་ནུ།། རྩོམ་པ་དོན་མེད་ཉིད་དུ་འགྱུར།། དེ་ལ་གལ་ཏེ་འདི་སྙམ་དུ།། སྲེག་བཞིན་བུད་ཤིང་ཡིན་སེམས་ན།། གང་ཚེ་དེ་ཙམ་དེ་ཡིན་ན།། གང་གི་བུད་ཤིང་དེ་སྲེག་བྱེད།། གཞན། ་ཕྱིར་མི་ཕྲད་ཕྲད་མེདོ་ན།། སྲེག་པར་མི་འགྱུར་མི་སྲེག་ན།། འཆི་བར་མི་འགྱུར་མི་འཆི་ན།། རང་བ་རྟགས་དང་ཡང་ལྡན་པར་གནས།། ཇི་ལྟར་བུད་མེད་སྐྱེས་པ་དང་།། སྐྱེས་པའང་བུད་མེད་ཕྲད་པ་བཞིན།། གལ་ཏེ་ཤིང་ལས་མེ་གཞན་ན།། ་དང་ཕྲད་པར་རུང་བར་འགྱུར།། གལ་ཏེ་མེ་དང་ཤིང་དག་ནི།། གཅིག་གིས་གཅིག་ནི་བསལ་འགྱུར་ན།། ཤིང་ལས་མེ་གཞན་ཉིད་ཡིན་ཡང་།། ཤིང་དང་ཕྲད་པར་འདོད་ལ་རག། གལ་ཏེ་ཤིང་བལྟོས་མེ་ཡིན་ལ།། གལ་ཏེ་མེ་བལྟོས་ཤིང་ཡིན་ན།། གང ་ལྟོས་མེ་དང་ཤིང་འགྱུར་པ།། དང་པོ་གྲུབ་པ་གང་ཞིག་ཡིན།། གལ་ཏེ་ཤིང་བལྟོས་མེ་ཡིན་ན།། མེ་སྒྲུབ་པ་ལ་སྒྲུབ་པར་འགྱུར།། བུད་པར་བྱ་བའི་ཤིང་ལ་ཡང་།། མེ་མེད་པར་ཡང་འགྱུར་བ་ཡིན།། གལ་ཏེ་དངོས་པོ་གང་ལྟོས་གྲུབ།། དེ་ཉིད་ལ ་ཡང་བལྟོས་ནས་ནི།། བལྟོས་བྱ་གང་ཡིན་དེ་འགྲུབ་ན།། གང་ལ་བལྟོས་ནས་གང་ཞིག་འགྲུབ།། དངོས་པོ་བལྟོས་འགྲུབ་གང་ཡིན་པ།། དེ་མ་གྲུབ་ན་ཇི་ལྟར་བལྟོས།། ཅི་སྟེ་གྲུབ་པ་བལྟོས་ཤེ་ན།། དེ་ནི་གྲུབ་པ་བལྟོས་ཤེ་ན། དེ་ནི་བལྟོས ་པཱར་མི་རིགས་སོ།། ཤིང་ལ་བལྟོས་པའི་མི་མེད་དོ།། ཤྲིང་ལ་མ་བཱལྟོསྣ་མེ་ཡང་མེད།། མཽ་ལ་བལྟོས་པའི་ཤིང་མེད་དེ།། མེ་ལཱ་མཱ་བལྟོས་ཤིང་ཡང་མེད།། མེ་ནཱི་གཞན་ལས་མི་འོང་སྟེ།། ཤཱིང་ལཱའང་མེ་ནི་ཡོད་མ་ཡིན།། དེ་བཞིན་ཤིང ་གི་ལྷག་མ་ནི།། སོང་དང་མ་སོང་བསྒོམ་པས་བསྟན།། ཤིང་ཉིད་མེ་ནི་མ་ཡིན་ཏེ།། ཤིང་ལས་གཞན་ལའང་མེ་ཡང་མེད།། མེ་ནི་ཤིང་དང་ལྡན་མ་ཡིན།། མེ་ལ་ཤིང་མེད་དེར་དེ་མེད།། མི་དང་ཤིང་གིས་བཱདག་དང་ནི།། ཉེ་བར་བླང་བའི་རིམ ་པ་ཀུན།། བུམ་སྣུམ་སོགས་དང་ལྷན་ཅིག་ཏུ།། མ་ལུས་པར་ནི་རྣམ་པར་བཤད།། གང་དག་བདག་དང་དངོས་པོ་རྣམས།། དེ་ཉིད་ཅེས་དང་ཐ་དད་པར།། སྟོན་པ་དེ་དག་བསྟན་དོན་ལ།། མཁས་སོ་སྙམ་དུ་མི་སེམས་སོ།། མེ་དང་བུད་ཤིང ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་པའོ།། ། སྔོན་མཐའ་སྔོན་ནམ་ཞེས་ཞུས་ཚེ།། ཐུབ་པ་ཆེན་པོས་མིན་ཞེས་གསུངས།། འཁོར་བ་ཐོག་མ་ཐ་མ་མེད།། དེ་ལ་སྔོན་མེད་ཕྱི་མ་མེད།། གང་ལ་ཐོག ་མ་ཐ་མེད་པ།། དེ་ལ་དབུས་ནི་ག་ལ་ཡོད།། དེ་ཕྱིར་དེ་ལ་སྔ་ཕྱི་དང་།། ལྷན་ཅིག་རིམ་པ་མི་འཐད་དོ།། གལ་ཏེ་སྐྱེ་བ་སྔ་གྱུར་ལ།། རྒ་ཤི་འཕྱི་མ་ཡིན་ན་ནི།། སྐྱེ་བ་རྒ་ཤི་མེད་པ་དང་།། མ་ཤི་བར་ཡང་སྐྱེ་བར་འགྱུར།། གལ་ཏེ་སྐྱེ་བ ་འཕྱི་གྱུར་ལ།། རྒ་ཤི་སྔ་བ་ཡིན་ན་ནི།། སྐྱེ་བ་མེད་པའི་རྨ་ཤི་ནི།། རྒྱུ་མེད་པར་ནི་ཇི་ལྟར་འགྱུར།། སྐྱེ་བ་དང་ནི་རྒ་ཤི་དྭག། ལྷན་ཅིག་རུང་བ་མ་ཡིན་ཏེ།། སྐྱེ་བཞིན་པོ་ན་འཆི་འགྱུར་ཞིང་།། གཉི་ག་རྒྱུ་མེད་ཅན་དུ་འགྱུར།། གང་ལས་སྔ་ཕྱི་ལྷན ་ཅིག་གི། རིམ་པ་དེ་དག་མི་སྲིད་པའི།། སྐྱོ་བ་དེ་དང་རྒ་ཤ་དེ།། ཅི་ཡི་ཕྱིར་ན་སྤྲོ་བར་བྱེད།། འཁོར་བ་འབའ་ཞིག་སྔོན་གྱི་མཐའ།། ཡོད་མ་ཡིན་པར་མ་ཟད་དེ།། རྒྱུ་དང་འབྲས་བུ་ཉིད་དང་ནི།། མཚན་ཉིད་དང་ནི་མཚན་གཞི་ཉིད།། ཚེར་དང་ཚོར ་ཉིད་དང་ནི།། དོན་ཡོད་གང་དག་ཅི་ཡང་རུང་།། དངོས་རྣམས་ཐམས་ཅད་ཉིད་ལ་ཡང་།། སྔོན་གྱི་མཐའ་ནི་ཡོད་མ་ཡིན།། སྔོན་དང་ཕྱི་མའི་མཐའ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་གཅིག་པའོ།། །། ཁ་ཅིག་སྡུག་བསྔལ ་བདག་གིས་བྱས།། གཞན་གྱིས་བྱས་དང་གཉིས་ཀས་བྱས།། རྒྱུ་མེད་པ་ལས་བྱུང་བར་འདོད།། དེ་ནི་བྱ་བར་མི་རུང་ངོ་།། གལ་ཏེ་བདག་གིས་བྱས་གྱུར་ན།། དེ་ཕྱིར་བརྟེན་ནས་འབྱུང་མི་འགྱུར།། གང་ཕྱིར་ཕུང་པོ་དེ་དག་ལ།། བརྟེན ་ནས་ཕུང་པོ་དེ་དག་འབྱུང་།། གལ་ཏེ་འདི་ལས་དེ་གཞན་ཞིང་།། གལ་ཏེ་འདི་ལས་དེ་གཞན་ན།། སྡུག་བསྔལ་གཞན་གྱིས་བྱས་འགྱུར་ཞིང་།། གཞན་དེ་དག་གིས་དེ་བྱས་འགྱུར།། གལ་ཏེ་གང་ཟག་བདག་གིས་ནི།། སྡུག་བསྔལ་བྱས་ན་གླང ་བདག་གིས།། སྡུག་བསྔལ་བྱས་པའི་གང་ཟག་དེ།། སྡུག་བསྔལ་མ་གཏོགས་གང་ཞིག་ཡིན།། གལ་ཏེ་གང་ཟག་གཞན་ལས་ནི།། སྡུག་བསྔལ་འབྱུང་ན་གཞན་ཞིག་གིས།། སྡུག་བསྔལ་དེ་བྱས་གང་སྦྱིན་དེས།། སྡུག་བསྔལ་མ་གཏོས། ་ཇི་ལྟར་རུང་།། གལ་ཏེ་གང་ཟག་གཞན་སྡུག་བསྔལ།། འབྱུང་ན་གང་གིས་དེ་བྱས་ནས།། གཞན་ལ་སྟེར་བའི་གང་ཟག་གཞན།། སྡུག་བསྔལ་མ་གཏོགས་གང་ཞིག་ཡིན།། བདག་གིས་བྱས་པོར་མ་གྲུབ་པས།། སྡུག་བསྔལ ་གཞན་གྱིས་ག་ལ་བྱས།། གཞན་གྱིས་སྡུག་བསྔལ་གང་བྱེད་པ།། དེ་ནི་དེ་ཡི་བདག་བྱས་འགྱུར།། རེ་ཞིག་སྡུག་བསྔལ་བདག་བྱས་མིན།། དེ་ཉིད་ཀྱིས་ནི་དེ་མ་བྱས།། གལ་ཏེ་གཞན་བདག་མ་བྱས་ན།། སྡུག་བསྔལ་གཞན་བྱས་གལ ་འགྱུར།། གལྟེ་རེ་རེས་བྱས་འགྱུར་ན།། སྡུག་བསྔལ་གཉི་ཀཱི་བྱས་པ་འགྱུར།། བས་མ་བྱས་གཞན་མ་བྱས།། སྡུག་བསྔལ་རྒྱུ་མེད་ག་ལ་འགྱུར།། སྡུག་བསྔལ་འབའ་ཞིག་རྣམ་པ་བཞི།། ཡོད་མ་ཡིན་པ་མ་ཟད་ཀྱི།། ཕྱི་རོལ་དངོས་པོ་རྣམས་ལ་ཡང་།། རྣམ ་པ་བཞི་པོ་ཡོད་མ་ཡིན།། བདག་གིས་བྱས་པ་དང་གཞན་གྱིས་བྱོས་པ་བརྟག་པོ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་གཉིས་པའོ།། །། བཅོམ་ལྡན་འདས་ཀྱིས་ཆོས་གང་ཞིག། བསླུ་བ་དེ་ནི་རྫུན་ཞེས་གསུངས།། འདྲ ་བྱུང་ཐམས་ཅད་པདྨ་པཱའི་རྣཾས།། དེས་ན་དེ་དག་རྫུན་པ་ཡིན།། གལ་ཏུ་བསླུ་ཆོས་གང་ཡིན་པ།། དཱུ་ཛྙཱན་ད་ལ་ཅ་ཞུག་བསྡུ།། བཅོམ་ལྡན་འདས་ཀྱིས་དགསུ་སྣ་ཧཱ།། སྟོང་ཉིད་ཡོངས་སྒྲ་བསྟན་པ་ཡིན།། དངོས་རྣམ། ་ངོ་བོ་ཉིད་མེད།། གཞོན་དུ་འགྱུར་བ་སྣང་ཕྱིར་རོ།། དངོས་པོ་ངོ་བོ་ཉིད་མེད་མེད།། གང་ཕྱིར་དངོས་རྣམས་སྟོང་པ་ཉིད།། གལ་ཏེ་ངོ་བོ་ཉིད་མེད་ན།། གཞན་དུ་འགྱུར་བ་གང་གི་ཡིན།། གལ་ཏེ་ངོ་བོ་ཉིད་ཡོད་ན།། ཇི་ལྟ་ར ་གཞན་དུ་འགྱུར།། དེ་ཉིད་ལ་ནི་གཞན་འགྱུར་མེད།། གཞན་ཉིད་ལ་ཡང་ཡོད་མ་ཡིན།། གང་ཕྱིར་གཞོན་ནུ་མི་རྒ་སྟེ།། གང་ཕྱིར་རྒས་པའང་མི་རྒའོ།། གལྔ་ཏི་དེ་ཉིད་གཞན་གྱུར་ན།། འོ་མ་ཉིད་ནི་ཞོར་འགྱུར་རོ།། འོ་མ་ལས ་གཞན་གང་ཞིག་ནི།། ཞོ་ཡི་དངོས་པོ་ཡིན་པར་འགྱུར།། གལ་ཏེ་སྟོང་མིན་ཅུང་ཟད་ཡོད་།། སྟོང་པའང་ཅུང་ཟད་ཡོད་པར་འགྱུར།། མི་སྟོང་ཅུང་ཟད་ཡོད་མིན་ན།། སྟོང་པའང་ཡོད་པར་ག་ལ་འགྱུར།། རྒྱལ་བ་རྣམས་ཀྱི ་སྟོང་པ་ཉིད།། ལྟ་ཀུན་ངེས་པར་འབྱུང་བར་གསུངས།། གང་དག་སྟོང་པ་ཉིད་ལྟ་བ།། དེ་དག་བསྒྲུབ་ཏུ་མེད་པར་གསུངས།། འདུ་བྱེད་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་གསུམ་པའོ།། ། བལྟ་བྱེ་ལྟ་བ ་ལྟ་བ་པོ།། གསུམ་པོ་དེ་དག་གཉིས་གཉིས་དང་།། ཐམས་ཅད་ཀྱང་ནི་ཕན་ཚུན་དུ།། ཕྲང་པར་འགྱུར་བ་ཡོད་མ་ཡིན།། དེ་བཞིན་འདོད་ཆགས་ཆགས་པ་དང་།། ཆགས་པར་བྱ་བ་ཉོན་མོངས་པ།། ལྷག་མ་རྣམས ་དང་སྒྱུ་མནད་ཀྱི།། ལྷག་མའང་རྣམ་པ་གསུམ་གྱིས་སོ།། གཞན་དང་གཞན་དུ་ཕྱུང་འགྱུར་ན།། གང་ཕྱིར་བལྟ་བྱ་ལ་སོགས་ལ།། གཞན་དེ་ཡོད་པ་མ་ཡིན་པ།། དེ་ཕྱིར་ཕྲད་པར་མི་འགྱུརརོ།། དལྟ་བྱ་ལ་སོགས་འབའ་ཕྲོག་ལ།། ་གཞན་ཉིད་མེད་པར་མི་ཟད་ཀྱི།། གང་ཡང་གང་དང་ལྷན་ཅིག་ཏུ།། གཞན་པ་ཉིད་དུ་མི་འཐད་དོ།། གཞོན་ནི་གཞོན་ལ་བརྟེན་ཏེ་གཞན།། གཞན་མེད་པར་གཞན་གཞན་མི་འགྱུར།། གང་ལ་བརྟེན་ཏོ་གང་ཡིན་པ།། དེ་ནི་དེ་ལས ་གཞན་མི་འཐད།། གལ་ཏེ་གཞན་ནི་གཞན་ལས་གཞན།། དེ་ཚེ་གཞན་མེད་པར་གཞན་འགྱུར།། གཞན་མེད་པར་ནི་གཞན་འགྱུར་བ།། ཡོད་མིན་དེ་ཡི་ཕྱིར་ནཱ་མེད།། གཞན་ཉིད་གཞན་ལ་ཡོད་མ་ཡིན།། གཞན་མ ་ཉིད་ལའང་ཡོང་མ་ཡིན།། གཞན་ཉིད་ཡོད་པ་མ་ཡིན་ན།། གཞན་མ་དེ་ཉིད་ཡོད་མ་ཡིན།། དེ་ནི་དེ་དང་ཕྲད་པ་མེད།། གཞན་ནི་གཞན་དང་ཕྲད་མི་འགྱུར།། ཕྲོད་བཞིན་པ་དང་ཕྲད་པ་དང་།། ཕྲད་པ་པོ་ཡང་ཡོད་མ་ཡིན།། ་ཕྲད་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་བཞི་པའོ།། །། རང་བཞིན་རྒྱུ་དང་རྐྱེན་ལས་ནི།། འབྱུང་བ་རིགས་པ་མ་ཡིན།། རྒྱུ་དང་རྐྱེན་ལས་བྱུང་བ་ཡི།། རང་བཞིན་བྱས་པ་ཅན་དུ་འགྱུར།། རང་བཞིན ་བྱས་པ་ཅན་ཞེས་བྱར།། ཇི་ལྟ་བུར་ན་རུང་བར་འགྱུར།། རང་བཞིན་དག་ནི་བཅོས་མིན་དང་།། གཞན་ལ་བལྟོས་པ་མེད་པ་ཡིན།། རང་བཞིན་ཡོད་པ་མ་ཡིན་ན།། གཞན་གྱི་དངོས་པོ་ག་ལ་མོད།། གཞན་གྱི་དངོས་པོའི་རང ་བཞིན་ནི།། གཞན་གྱི་དངོས་པོ་ཡིན་ཞེས་བརྗོད།། རང་བཞིན་དང་ནི་གཞན་དངོས་དག། མ་གཏོགས་དངོས་པོ་ག་ལ་ཡོད།། རང་བཞིན་དང་ནི་གཞན་དངོས་དག། ཡོད་ན་དངོས་པོ་འགྲུབ་པར་འགྱུར།། གལ་ཏེ། ་དངོས་པོ་མ་གྲུབ་ན།། དངོས་མེད་འགྲུབ་པར་མི་འགྱུར་རོ།། དངོས་པོ་གཞན་དུ་གྱུར་པ་ནི།། དངོས་མེད་ཡིན་པར་སྐྱེ་བོ་སྨྲ།། གང་དག་རང་བཞིན་གཞན་དངོས་དང་།། དངོས་དང་དངོས་མེད་ཉིད་ལྟ་བ།། དེ་དག་སངས་རྒྱས་བསྟན ་པ་ལ།། དེ་ཉིད་མཐོང་བ་མ་ཡིན་ནོ།། བཅོམ་ལྡན་དངོས་དང་དངོས་མེད་པ།། མཁྱེན་པས་ཀཱ་ཏྱཱ་ཡ་ན་ཡི།། གདམས་དྲོག་ལས་ནི་ཡོད་པ་དང་།། མེད་པ་གཉིས་ཀ་དགག་པར་གསུངས།། གལ་ཏེ་རང་བཞིན་གྱིས་ཡོད་ན།། དེ་ནི ་མེད་ཉིད་མི་འགྱུར་རོ།། རང་བཞིན་གཞན་དུ་འགྱུར་བ་ནི།། ནམ་ཡང་འཐད་པར་མི་འགྱུར་རོ།། རང་བཞིན་ཡོད་པ་མ་ཡིན་ན།། གཞན་དུ་འགྱུར་བ་གང་གི་ཡིན།། རང་བཞིན་ཡོད་པ་མ་ཡིན་ན་ཡང་།། གཞན་དུ་འགྱུར་བ་ཇི་ལྟར ་རུང་།། ཡོད་ཅེས་བྱ་བ་རྟག་པར་འཛིན།། མེད་ཅེས་བྱ་བ་ཆད་པར་ལྟ།། དེ་ཕྱིར་ཡོད་དང་མེད་པ་ལ།། མཁས་པས་གནས་པར་མི་བྱའོ།། གང་ཞིག་རང་བཞིན་གྱིས་ཡོད་པ།། དེ་ནི་མེད་པ་མིན་པས་བརྟག། སྔོན་བྱུང་ད་ལྟར་མེད ་ཅེས་པ།། ངེས་ན་ཆད་པར་ཐལ་བར་འགྱུར།། རང་བཞིན་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅོ་ལྔ་པའོ།། །། གལ་ཏེ་འདུ་བྱེད་འཁོར་ཞེ་ན།། དེ་དག་རྟག་ན་མི་འཁོར་ཏེ།། མི་རྟག་ན་ཡང་འཁོར་མི་འགྱུར།། ་སེམས་ཅན་ལ་ཡང་རིམ་འདི་མཚུངས།། གུལ་ཏེ་གང་ཟག་འཁོར་ཞེ་ན།། ཕུང་པོ་སྐྱེ་མཆེད་ཁམས་རྣམས་ལ།། དེ་ནི་རྣམ་པ་ལྔས་བཙལ་ན།། མེད་ན་གང་ཞིག་འཁོར་བར་འགྱུར།། ཉེ་བར་ལེན་ནས་ཉེར་ལེན་པར།། འཁོར་ན ་སྲིད་པ་མེད་པར་འགྱུར།། སྲིད་མེད་ཉེ་བར་ལེན་མེད་ན།། དེ་གང་ཅི་ཞིག་འཁོར་བར་འགྱུར།། འདུ་བྱེད་མྱ་ངན་འདའ་བར་ནི།། ཇི་ལྟ་བུར་ཡང་མི་འཐད་དོ།། སེམས་ཅན་མྱ་ངན་འདའ་བར་ཡང་།། ཇི་ལྟ་བུར་ཡང་འཐང་མི་འགྱུར།། སྐྱེ ་འཇིག་ཆོས་ཅན་འདུ་བྱེད་རྣམས།། མི་འཆིང་གྲོལ་བར་མི་འགྱུར་ཏེ།། སྔ་མ་བཞིན་དུ་སེམས་ཅན་ཡང་།། མི་འཆིང་གྲོལ་བར་མི་འགྱུར་རོ།། གལ་ཏེ་ཉེ་བར་ལེན་འཚོང་ན།། ཉེ་བར་ལེན་བཅས་འཆིང་མི་འགྱུར།། ཉེ་བར་ལེན ་མེད་མི་འཆིང་སྟེ།། གནས་སྐབས་གང་ཞིག་འཆིང་བྱར་འགྱུར།། གལ་ཏེ་བཅིང་སྤྱིའི་སྔ་རོལ་ན།། འཆིང་བ་ཡོད་ན་འཆང་ལ་རག། དྲི་ཡང་མེད་དེ་ལྷག་མ་ནི།། སོང་དང་མ་སོང་བགོམ་པས་བསྟན།། རེ་ཞིག་བཅིང་བ་མི་གྲོལ་ཏེ། ་མ་བཅིངས་པ་ཡང་གྲོལ་མི་འགྱུར།། བཅིངས་པ་གྲོལ་བཞིན་ཡིན་འགྱུར་ན།། གཅིངས་དང་གྲོལ་བ་དུས་གཅིག་འགྱུར།། བདག་ནཱི་ལེནྡ་མེད་མྱ་ངན་འདའ།། མྱང་འདས་བདག་གིར་འགྱུར་རོ་ཞེས།། དེ་ལྟར་གང་དག་འཛིན་དེ ་ཡི་ཉར་ལེན་འཛིན་པ་ཆེན་པོ་ཡིན།། གང་ལ་མྱ་ངན་འདས་བསྐྱེད་མེད།། འཁོར་བ་བསལ་བའང་ཡོད་མིན་པ།། དེ་ལ་འཁོར་བ་ཅི་ཞིག་ཡིན།། མྱ་ངན་འདས་པའིང་ཅི་ཞིག་བརྟག། བཅིངས་པ་དང་ཐར་པ་བརྟག་པ་ཞེས ་པ་སྟེ་རབ་ཏུ་བྱེད་པ་བཅུ་དྲུག་པའོ།། །། བདག་ཉིད་ལེགས་པར་སྡོམ་པ་དང་།། གཞན་ལ་ཕན་འདོགས་བྱམས་སེམས་གང་།། དེ་ཆོས་དེ་ནི་འདི་གཞན་དུ།། འབྲས་བུ་དག་གི་ས་བོན་ཡིན།། དྲང་སྲོང་མཆོག་གིས ་ལས་རྣམས་ནི།། སེམས་པ་དང་ནི་བསམ་པར་གསུངས།། ལས་དེ་དག་གི་བྱེ་བྲག་ནི།། རྣམ་པ་དུ་མར་ཡོངས་སུ་བསྒྲགས།། དེ་ལ་ལོས་གང་སེམས་པ་ཞེས།། གསུངས་པ་དེ་ནི་ཡིད་ཀྱིར་འདོད།། བསམས་པ་ཞེས་ནི་གང་གསུངས་པ།། དེ་ནི ་ལུས་དང་ངགྲ་གི་ཡིན།། ངག་དང་སྤྱོད་དང་མི་སྤོང་བའི།། རྣམ་རིག་བྱེད་མིན་ཞེས་བྱ་གང་།། སྤོང་བའི་རྣམ་རིག་བྱེད་མིན་པ།། གཞན་དག་ཀྱང་ནི་དེ་བཞིན་འདོད།། ལོངས་སྤྱོད་ལས་བྱུང་བསོད་ནམས་དང་།། བསོད་ནམས་མ་ཡིན་ཚུལ ་དེ་བཞིན།། སེམས་པ་དང་ནི་ཆོས་དེ་བདུན།། ལས་སུ་མངོན་པར་འདོད་པ་ཡིན།། གལ་ཏེ་སྨིན་པའི་དུས་བར་དུ།། གནས་ན་ལས་དེ་རྟག་པར་འགྱུར།། གལ་ཏེ་འགགས་ནི་འགགས་གྱུར་པ།། ཇི་ལྟར་འབྲས་བུ་བསྐྱེད་པར་འགྱུར།། ་མྱུ་གུ་ལ་སོགས་རྒྱུན་གྲང་ནི།། ས་བོན་ལས་ནི་མངོན་པར་འབྱུང་།། དེ་ལྔས་འབྲས་བུ་ས་བོན་ན།། མེད་ན་དེ་ཡང་འབྱུང་མི་འགྱུར།། གང་ཕྱིར་ས་བོན་ལས་རྒྱུན་དང་།། རྒྱན་ལས་འབྲས་བུ་འབྱུང་འགྱུར་ཞིང་།། ས་བོན་འབྲས ་བུ་སྔོན་འགྲོ་བ།། དེ་ཕྱིར་ཆད་མིན་རྟག་མ་ཡིན།། སེམས་ཀྱི་རྒྱུན་ནི་གང་ཡིན་པ།། སེམས་ལས་མངོན་པར་འབྱུང་བར་འགྱུར།། དེ་ལས་འབྲུས་བུ་སེམས་ལྟ་ཞིག། མེད་ན་དེ་ཡང་འབྱུང་མི་འགྱུར།། གང་ཕྱིར་སེམས་ལས ་རྒྱུན་དང་ནི།། རྒྱུ་ལས་འབྲས་བུ་འབྱུང་འགྱུར་ཞིང་།། ལས་ནི་འབྲས་བུའི་སྔོན་འགྲོ་བ།། དེ་ཕྱིར་ཆད་མིན་རྟག་མ་ཡིན།། དཀར་པོའི་ལས་ཀྱི་ལམ་བཅུ་པོ།། ཆོས་སྒྲུབ་པ་ཡི་ཐབས་ཡིན་ཏེ།། ཆོས་ཀྱི་འབྲས་བུ་འདི་གཞན་དུ།། ་འདོད་པའི་ཡོན་ཏན་རྣམ་ལྔའོ།། གལ་ཏེ་རྟག་པ་དེར་གྱུར་ན། ཉེས་པ་ཆེན་པོ་མང་པོར་འགྱུར།། དེ་ལྟ་བས་ན་རྟག་པ་དེ།། འདིར་ནི་འཐད་པ་མ་ཡིན་ནོ།། སངས་རྒྱུས་རྣམས་དང་རང་རྒྱལ་དང་།། ཉན་ཐོས་རྣམས་ཀྱིས་གང་གསུངས་པའི ་བརྟག་པ་གང་ཞིག་འདིར་འཐད་པ།། དེ་ནི་རབ་ཏུ་བརྗོད་པར་བྱ།། དབང་རྒྱ་ཇི་ལྟར་དེ་བཞིན་ཆུད།། མི་ཟ་ལས་ནི་བུ་ལོན་བཞིན།། དེ་ནི་ཁམས་ལས་རྣམ་པ་བཞི།། དེ་ཡང་རང་བཞིན་ལུང་མ་བསྟན།། སྤོང་བས་སྤང་བ་མ་ཡིན་ཏེ།། བགོམ་པས་སྤང ་པ་ཉིད་ཀྱང་ཡིན།། དེ་ཕྱིར་ཆུད་མི་ཟ་བ་ཡིས།། ལས་ཀྱི་འབྲས་བུ་བསྐྱེད་པར་འགྱུར།། གྲུལ་ཏེ་སྤོང་བ་སྤང་བ་དང་།། ལས་འཕོས་པ་ཡིས་འཇིག་འགྱུར་ན།། དེ་ལ་ལས་འཇིག་ལ་སོགས་པའི།། སྐྱོན་རྣམསུ་ནི་ཐལ་བར་འགྱུར།། ཁམས་མཚུངས ་ལས་ནི་ཆ་མཚུངས་དང་།། ཚེ་མི་མཚུངས་པ་ཐམས་ཅད་ཀྱི།། དོན་ཉིང་མཚམས་སྦྱོར་བའི་ཚེ།། གཅིག་པུ་ཁོ་ན་སྐྱེ་བར་འགྱུར།། མཐོང་བའི་ཆོས་ལ་རྣམ་གཉིས་པོ།། ཐམས་ཅད་ལས་དང་ལས་ཀྱི་།། ཋ་དད་པར་ནི་སྐྱེ་འགྱུར་ཞིང་།། རྣམ་པར་སྨིན ་ཀྱང་གནས་པ་ཡིན།། དེ་ནི་འབྲས་བུ་འཕོ་བ་དང་།། ཤི་བར་གྱུར་ན་འགག་པར་འགྱུར།། དེ་ཡི་རྣམ་དབྱེ་ཟག་མེད་དང་།། ཟག་དང་བཅས་པར་ཤེས་པར་བྱ།། སྟོང་པ་ཉིད་དང་ཆད་མེད་དང་།། འཁོར་བ་དང་ནི་རྟག་པ་མིན།། ལས་རྣམས་ཆུད་མི་ཟ་བའི ་ཆོས་ཨ་ས་རྒྱས་ཀྱིས་ནི་བསྟན་པ་ས།། གང་ཕྱིར་ལས་ནྡུ་བ་མེང་།། འདི་ལྟར་རང་བཞིན་མང་དང་ཕྱུར།། གང་པྱོར་དོན་མ་སྨོས་པ།། དཔྱོར་རླུང་བ་གྲོ་འགྱུར།། གལ་ཏ་ལས་པ་འང་བཞོན་ཡོད།། ག་པ ་འགྱུར་བར་ཐེ་ཚོམ་མེད།། ལས་ནི་བྱས་པ་མ་ཡིན་འགྱུར།། རྟག་པར་བྱ་བ་མེད་ཕྱིར་རོ།། ཇི་སྟེ་ལས་ནི་མ་བྱས་ན།། མ་བྱས་པོ་དང་ཕྲད་འཛེགས་འགྱུར།། ཚངས་སྤྱོད་གནས་པ་མ་ཡིན་པའང་།། དེ་ལ་སྐྱོན་དུ་ཐལ་བར་འགྱུར།། ཐ་སྙད ་ཐམས་ཅད་ཉིད་དང་ཡང་།། འགལ་བར་འགྱུར་བར་ཐེ་ཚོམ་མེད།། བསོད་ནམས་དང་ནི་སྡིག་བྱེད་པའི།། རྣམ་པར་དབྱེ་བའང་འཐད་མི་འགྱུར།། དེ་ནི་རྣམ་སྨིན་སྨིན་གྱུར་པ།། ཡང་དང་ཡང་དུ་རྣམ་སྨིན་འགྱུར།། གལ་ཏེ་རང་བཞིན་ཡོད་ན་ནི།། ་གང་ཕྱིར་ལས་གནས་དེ་ཡི་ཕྱིར།། ལས་འདི་ཉོན་མོངས་བདག་ཉིད་ལ།། ཉོན་མོངས་དེ་དག་ཡང་དག་མིན།། གལ་ཏེ་ཉོན་མོངས་ཡང་དག་མིན།། ལས་ནི་ཡང་དག་ཇི་ལྟར་ཡིན།། ལས་དང་ཉོན་མོངས་པ་དག་ནི།། ལུས་རྣམས་ཀྱི་ནི་རྐྱེན་དུ ་བསྟན།། གལ་ཏེ་ལས་དང་ཉོན་མོངས་པ།། དེ་སྟོང་ལུས་ལ་ཇི་ལྟར་བརྗོད།། མ་རིག་སྒྲིབ་པའི་སྐྱེ་བོ་གང་།། སྲེད་ལྡན་དེ་ནི་ཟ་བ་པོ།། དེ་ཡང་བྱེད་ལས་གཞན་མིན་ཞིང་།། དེ་ཉིད་དེ་དང་མ་ཡིན་ནོ།། གང་གི་ཕྱིར་ན་ལས་འདི་ནི།། རྐྱེན་ལས་བྱུང་བ་མ་ཡི།། ་ཞིང་།། རྐྱེན་མིན་ལས་བྱུང་ཡོད་མིན་པ།། དེའི་ཕྱིར་བྱེད་པ་པོ་ཡང་མེད།། གལ་ཏེ་ལས་དང་བྱེད་མེད་ནོ།། ལས་བྱེད་འབྲས་བུ་ག་ལ་ཡོད།། ཇི་སྟེ་འབྲས་བུ་ཡོད་མིན་ན།། ཟ་བ་པོ་ལྟ་ག་ལ་ཡོད།། ཇི་ལྟར་སྟོན་པས་སྤྲུལ་པ་ནི།། རྫུ་འཕྲུལ་ཕུན་ཚོགས ་ཀྱིས་སྤྲུལ་ཞིང་།། སྤྲུལ་པ་དེ་ཡང་སྤྲུལ་པ་ནི།། སླར་ཡང་གཞན་ནི་སྤྲུལ་པ་ལྟར།། དེ་བཞིན་བྱེད་པོ་དེ་ལས་གང་།། བྱས་པའང་སྤྲུལ་པའི་རྣམ་པ་བཞིན།། དཔེར་ན་སྤྲུལ་པས་སྤྲུལ་གཞན་ཞིག། སྤྲུལ་པ་མཛད་པ་དེ་བཞིན་ནོ།། ཉོན་མོངས་ལས ་དང་ལུས་རྣམས་དང་།། བྱེད་པ་པོ་དང་འབྲས་བུ་དག། དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་།། སྨིག་རྒྱུ་རྨི་ལམ་འདྲ་བ་ཡིན།། ལས་དང་འབྲས་བུ་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་བཅུ་བདུན་པའོ།། །། གལ་ཏེ་ཕུང་པོ་བདག ་ཡིན་ན།། སྐྱེ་དང་འཇིག་པ་ཅན་དུ་འགྱུར།། གྲལ་ཏེ་ཕུང་པོ་རྣམས་ལས་གཞན།། ཕུང་པོའི་མཚན་ཉིད་མེད་པར་འགྱུར།། བདག་ཉིད་ཡོད་པ་མ་ཡིན་ན།། བདག་གི་ཡོད་པར་ག་ལ་འགྱུར།། བདག་དང་བདག་གི་ཞི་བའི་ཕྱིར།། དར་འཛིན་པ ་ཡིར་འཛིན་མིད་འགྱུར།། ང་འཛིན་ང་ཡིར་འཛིན་མེད་གང་།། དེ་ཡང་ཡོད་པ་མ་ཡིན་ཏེ།། ངར་འཛིན་ང་ཡིར་འཛིན་མེད་པར།། གང་གིས་མཐོང་བས་མི་མཐོང་ངོ་།། ནད་དང་ཕྱི་རོལ་ཉིད་དག་ལ།། བདག་དང་བདག་གི་སྙམ་ཟད་ན།། ཉེ་བར་ལེན ་པ་འགག་འགྱུར་ཞིང་།། དེ་ཟད་པས་ན་སྐྱེ་བ་ཟད།། ལས་དྲང་ཉོན་མོངས་ཟད་པས་ཐར།། ལས་དྲང་ཉོན་མོངས་རྣམ་རྟོག་ལས།། དེ་དག་སྤྲོས་ལས་སྤྲོས་པ་ནི།། སྟོང་པ་ཉིད་ཀྱིས་འགག་པར་འགྱུར།། བདག་གོ་ཞེས་ཀྱང་བརྟགས་གྱུར་ཅིང་།། ་བདག་མེད་ཅེས་ཀྱང་བསྟན་པར་གྱུར།། སངས་རྒྱས་རྣམས་ཀྱི་བདག་དང་ནི།། བདག་མེད་འགའ་མེད་ཅེས་ཀྱང་བསྟན།། བརྗོད་པར་བྱ་བ་ལྡོག་པ་སྟེ།། སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ།། མ་སྐྱེས་པ་དང་མ་འགགས་པ།། ཆོས་ཉིད་མྱ་ངན ་འདས་དང་མཚུངས།། ཐམས་ཅད་ཡང་དག་ཡང་དག་མིན།། ཡང་དག་ཡང་དག་མ་ཡིན་ཉིད།། ཡང་དག་མིན་མིན་ཡང་དག་མིན།། དེ་ན་བྱས་རྫས་བརྟན་།། ན་ལས་ཤེས་མེད་ཆེ་བ་དང་། ་མ་སྤྲོས་པ།། རྣམ་རྟོག་མེད་དོན་ཐ་དད་མིན།། དེ་ནི་དེ་ཉིད་མཚན་ཉིད་དོ།། གང་ལ་བརྟེན་ཏེ་གང་བྱུང་བ།། དེ་ནི་རེ་ཞིག་དེ་ཉིད་མིན།། དེ་ལས་གཞན་པ་མ་ཡིན་པ།། དེ་ཕྱིར་ཆད་མིན་རྟག་མ་ཡིན།། སངས་རྒྱས་འཇིག་རྟེན་མགོ།། ་བསྟན་པ་བདུད་རྩིར་གྱུར་པ་སྟེ།། དོན་གཅིག་མ་ཡིན་ཐ་དད་མིན།། ཆང་བ་མ་ཡིན་རྟག་མ་ཡིན།། རྫོགས་སངས་རྒྱས་རྣམས་མ་བྱུང་ཞིང་།། ཉན་ཐོས་རྣམས་ན་མང་བ་ན།། རང་སངས་རྒྱས་ཀྱི་ཡེ་ཤེས་ནི།། བརྟེན་པ་མེད་ལས ་བདག་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅོ་བརྒྱད་པའོ།། །། ད་ལྟར་བྱུང་དང་མ་འོངས་པ།། གལ་ཏེ་འདས་ལོ་བལྟོས་གྱུར་ན་ཡང་ལྟར་མ་འོངས་པ།། འདས་པའི་དུས་ན་ཡོད་པར་འགྱུར།། ད་ལྟར ་པ། གལ་ཏེ་དེ་ན་མེད་གྱུར་ན།། ད་ལྟར་བྱུང་དང་མ་འོངས་པ།། ཇི་ལྟར་དེ་ལ་བལྟོས་པར་འགྱུར།། འདས་པ་ལ་ནི་མ་བལྟོས་པར།། དེ་གཉིས་གྲུབ་པ་ང་མ་ཡི་ནི།། འཕྱིར་ད་ལྟར་བྱུང་བ་དང་།། མ་འོངས་དུས་ཀྱང་ཡོད་མ་ཡིན།། རིམ ་འདི་ཉིད་ཀྱིས།། ལྷག་མ་གཉི་པོ་བསྣོར་བ་དང་།། མཆོག་དང་ཐ་མ་འབྲིང་ལ་སོགས།། གཅིག་ལ་སོགས་པའང་ཤེས་པར་བྱ།། མི་གན་དུས་ནི་ན་མི་གེ་གཟུང་བར་བྱ་བའི་དུས།། གནས་པ་ཡོད་པ་མ་ཡིན་པས ་རྣ་རྔ་ལྟར་གདམས།། གལ་ཏེ་དུས་ནི་དངོས་བརྟེན་ཏེ།། དངོས་མེད་དུས་ནི་ག་ལ་ཡོད།། དངོས་པོ་འགའ་ཡང་ཡོད་མིན་ན།། དུས་ལྔ་ཡོད་པར་ག་ལ་འགྱུར།། དུས་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་དགུ་པའོ།། ་གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱིས།། ཚོགས་པ་ཉིད་ལས་སྐྱེ་འགྱུར་ཞིང་།། ཚོགས་ལ་འབྲས་བུ་ཡོད་ན་ནི།། ཇི་ལྟར་ཚོགས་པ་ཉིད་ལས་སྐྱེ།། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི།། ཚོགས་པ་ཉིད་ལས་སྐྱེ་འགྱུར་ཞིང་།། ཚོགས་ལ་འབྲས ་བུ་མེད་ན་ནོ།། ཇི་ལྟར་ཚེགས་པ་ཉིད་ལས་སྐྱེ།། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི།། ཚོགས་པ་འབྲས་བུ་ཡོད་ན་ནི།། ཚོགས་ལ་གཟུང་དུ་ཡོད་རིགས་ན།། ཚོགས་པ་ཉིད་ལ་གཟུང་དུ་མེད།། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི།། ཚོགས་ལ་འབྲས ་བུ་མེད་ན་ནི།། རྒྱུ་རྣམས་དང་ནི་རྐྱེན་དག་ཀྱང་།། རྒྱུ་རྐྱེན་མ་ཡིན་མཚུངས་པར་འགྱུར།། གལ་ཏེ་རྒྱུས་ནི་འབྲས་བུ་ལ།། རྒྱུ་བྱིན་ནས་ནི་འགག་འགྱུར་ན།། གང་བྱིན་པ་དང་གང་འགགས་པའི།། རྒྱུ་ཡི་བདག་ཉིད་གཉིས་སུ་འགྱུར།། གལ ་ཏེ་རྒྱས་ནི་འབྲས་བུ་ལ།། རྒྱུ་མ་བྱིན་པར་འགག་འགྱུར་ན།། རྒྱུ་འགགས་ནས་ནི་སྐྱེས་པ་ཡི།། འབྲས་བུ་དེ་དག་རྒྱུ་མེད་འགྱུར།། གལ་ཏེ་ཚོགས་དང་ལྷན་ཅིག་ཏུ།། འབྲས་བུ་ཡང་ནི་སྐྱེ་འགྱུར་ན།། བསྐྱེད་པར་བྱ་དང་བསྐྱེད་བྱ་གང ་དུས་གཅིག་པར་ནི་ཐལ་བར་འགྱུར།། གལ་ཏེ་ཚོགས་པའི་སྔ་རོལ་ཏུ།། འབྲས་བུ་སྐྱེས་པར་གྱུར་ན་ནི།། རྒྱུ་དང་རྐྱེན་རྣམས་མེད་པ་ཡི།། འབྲས་བུ་རྒྱུ་མེད་འབྱུང་བར་འགྱུར།། གལ་ཏེ་རྒྱུ་འགགས་འབྲས་བུ་ན། རྒྱུ་ནི་ཀུན་ཏུ་འཕོ ་པར་འགྱུར།། མར་སྐྱེས་པ་ཡི་རྒྱུ་ཡང་ནི།། སྣང་སྨྲ་བར་ནི་ཐལ་བར་འགྱུར།། འགུགས་པ་ནུབ་པར་གྱུར་པམས།། འབྲས་བུ་སྨྲས་པ་ཇི་ལྟར་བློ།། འབྲས་བུ་དང་ནི་འདྲལ་བ་དྷ།། གནས་པས་ཀྱང་ན་ཛ་ལྟར་རྨྱ། ་རྒྱུ་འབྲས་མ་འབྲེལ་ན།། འབྲས་བུ་ར། བསྐྱེད་པར་བྱེད།། རྒྱུས་ནི་མཐོང་དང་མ་ཐོང་བར།། འབྲས་བུ་སྐྱེད་པར་མི་བྱེད་དོ།། འབྲས་བུ་འདས་དང་རྒྱུ་འོངས་དང་།། མ་སྐྱེས་པ་དང་སྐྱེས་པ་དང་།། ལྷན་ཅིག་ཕྲད་པར་གྱུར་པ་ནི།། ནམ་ཡང་ཡོད་པ ་མ་ཡིན་ནོ།། འབྲས་བུ་སྐྱེས་པ་རྒྱུ་མ་སྐྱེས།། འདས་པ་དང་ནི་སྐྱེས་པ་དང་།། ལྷན་ཅིག་ཕྲད་པར་གྱུར་པ་ནི།། ནམ་ཡང་ཡོད་པ་མ་ཡིན།། འབྲས་བུ་མ་སྐྱེས་རྒྱ་སྐྱེས་དང་།། མ་སྐྱེས་པ་དང་འདས་པ་དང་།། ལྷན་ཅིག་ཕྲད་པར་གྱུར་པ་ནི།། ནམ་ཡང་ཡོང ་པ་མ་ཡིན་ནོ།། ཕྲད་པ་ཡོད་པ་མ་ཡིན་ན།། རྒྱུས་ནི་འབྲས་བུ་ཇི་ལྟར་སྐྱེད།། ཕྲད་པ་ཡོད་པ་ཡིན་ན་ཡང་།། རྒྱུས་ནི་འབྲས་བུ་ཇི་ལྟར་བསྐྱེད།། གལ་ཏེ་འབྲས་བུས་སྟོང་པའི་རྒྱུས།། ཇི་ལྟར་འབྲས་བུ་སྐྱེད་པར་བྱེད།། གལ་ཏེ་འབྲས་བུ་མི་སྟོང་རྒྱས།། ཇི ་ལྟར་འབྲས་བུ་སྐྱེས་པར་བྱེད།། འབྲས་བུ་མི་སྟོང་སྐྱེ་མི་འགྱུར།། མི་སྟོང་འགག་པར་མི་འགྱུརརོ།། མི་སྟོང་དེ་ནི་མ་འགགས་དང་།། མ་སྐྱེས་པར་ཡང་འགྱུར་བ་ཡིན།། སྟོང་པ་ཇི་ལྟར་སྐྱེ་འགྱུར་ཞིང་།། སྟོང་པ་ཇི་ལྟར་འགག་པར་འགྱུར།། སྟོང་པ ་དེ་ཡང་མ་འགགས་དང་།། མ་སྐྱེས་པར་ཡང་ཐལ་བར་འགྱུར།། རྒྱུ་དང་འབྲས་བུ་གཅིག་ཉིད་དུ།། ནམ་ཡང་འཐད་པར་མི་འགྱུར་རོ།། རྒྱུ་དང་འབྲས་བུ་གཞན་ཉིད་དུ།། ནམ་ཡང་འཐད་པར་མི་འགྱུར་རོ།། རྒྱུ་དང་འབྲས་བུ་གཅིག་ཉིད་ན།། བསྐྱེད་བྱ ་སྐྱོང་བྱེད་ཅིག་ཏུ་འགྱུར།། རྒྱུ་དང་འབྲས་བུ་གཞན་ཉིད་ན།། རྒྱུ་དང་རྒྱ་མིན་མཚུངས་པར་འགྱུར།། འབྲས་བུ་ངོ་བོ་ཉིད་ཡོད་ན།། རྒྱུས་ནི་ཅི་ཞིག་སྐྱེད་པར་འགྱུར།། འབྲས་བུ་ངོ་བོ་ཉིད་མེད་ན།། རྒྱུས་ནི་ཅི་ཞིག་སྐྱེད་པར་བྱེད།། སྐྱེད་པར་བྱེད་པ་མ་ཡིན་ན།། ་རྒྱུ་ཉིད་འཐད་བར་མི་འགྱུར་རོ།། རྒྱུ་ཉིད་འཐད་པ་ཡོད་མིན་ན།། འབྲས་བུ་གང་གི་ཡིན་པར་འགྱུར།། རྒྱུ་རྣམས་དང་ནི་རྐྱེན་དག་གི། ཚོགས་པ་གང་ཡིན་དེ་ཡིས་ནི།། བདག་གི་བདག་ཉིད་མི་བསྐྱེད་ན།། འབྲས་བུ་ཇི་ལྟར་སྐྱེད་པར་བྱེད།། དེ་ཕྱིར་ཆོག ་པོས་བྱས་པ་མེད།། ཚོགས་མིན་བྱས་པའི་འབྲས་བུ་མེད།། འབྲས་བུ་ཡོད་པ་མ་ཡིན་ན།། རྐྱེན་གྱིས་ཚོགས་པ་ག་ལ་ཡོད།། ཚོགས་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་པའོ།། །། འཇིག་པ་འབྱུང་བ་མེད་པར་རཿ།། ལྷན ་ཅིག་ཡོད་པ་ཉིད་མ་ཡིན།། འབྱུང་བ་འཇིག་པ་མེད་པར་རམ།། ལྷན་ཅིག་ཡོད་པ་ཉིད་མ་ཡིན།། འཇིག་པ་འབྱུང་བ་མེད་པར་ནི།། ཇི་ལྟ་བུར་ན་ཡོད་པར་འགྱུར།། སྐྱེ་བ་མེད་པར་འཆི་བར་འགྱུར།། འཇིག་པ་འབྱུང་བ་མེད་པར་མེད།། འཇིག་པ་འབྱུང། ་དང་ལྷན་ཅིག་ཏུ།། ཇི་ལྟར་ཡོད་པ་ཉིད་དུ་འགྱུར།། འཆི་བ་སྐྱེ་དང་དུས་ཅིག་ཏུ།། ཡོད་པ་ཉིད་ནི་མ་ཡིནོ།། འབྱུང་བ་འཇིག་པ་མེད་པར་ནི།། ཇི་ལྟ་བུར་ན་ཡོད་པར་འགྱུར།། དངོས་པོ་རྣམས་ལ་མི་རྟག་ཉིད།། ནམ་ཡང་མེད་པ་མ་ཡིན།། འབྱུང ་བ་འཇིག་དང་ལྷན་ཅིག་ཏུ།། ཇི་ལྟར་ཡོད་པ་ཉིད་དུ་འགྱུར།། སྐྱེ་བ་འཆི་དང་ལྷན་ཅིག་ཏུ།། ཡོད་པ་ཉིད་ནི་མ་ཡིནོ།། གང་དག་ཕན་ཚུན་ལྷན་ཅིག་གམ།། ཕན་ཚུན་ལྷན་ཅིག་མ་ཡིན་པར།། གྲུབ་པ་ཡོད་པ་མ་ཡིན་པ།། དེ་དག་གྲུབ་བ་ཇི་ལྟར་སོང ་ཟང་ལུས་འབྱུང་བ་སྤྱོང་མ་ཡིན།། མ་ཟང་པའང་འབྱུང་བ་མེད།། ཟང་ལ་འཇིག་པ་ཡངྒ་མ་ཡིན།། མ་ཟད་པའང་འཇིག་བླ་མེད།། དངས་པ་སྣོད་བླ་མ་སྦྱིན་པར།། འབྱུང་དང་འཇིག་བླ་ཡོད་མ་ཡིན།། འབྱུང་དང་འཇིག ་པ་མེད་པར་ནི།། དངོས་པོ་ཡོད་པ་མ་ཡིན་ནོ།། སྟོང་ལ་འབྱུང་དྲང་འཇིག་པ་དག། འཐད་པ་ཉིད་ནི་མ་ཡིན་ནོ།། མི་སྟོང་པ་ལ་འབྱུང་འཇིག་དག། འཐད་པ་ཉིད་ནི་མ་ཡིན་ནོ།། འབྱུང་བ་དང་ནི་འཇིག་པ་དག། གཅིག་པ་ཉིད་ནི ་མི་འཐད་དོ།། འབྱུང་བ་དང་ནི་འཇིག་པ་དག། གཞན་ཉིད་དུ་ཡང་མི་འཐད་དོ།། འབྱུང་བ་དང་ནི་འཇིག་པ་དག། མཐོང་ངོ་སྙམ་དུ་ཁྱོད་སེམས་ན།། འབྱུང་བ་དང་ནི་འཇིག་པ་དག། གཏི་མུག་ཉིད་ཀྱིས་མཐོང་བ་ཡིན།། དངོས་པོ་དངོས་ལས་མི་སྐྱེ ་སྟེ། དངོས་པོ་དངོས་མེད་ལས་མི་སྐྱེ།། དངོས་མེད་དངོས་མེད་མི་སྐྱེ་སྟེ།། དངོས་མེད་དངོས་ལྔས་མི་སྐྱེའོ།། དངོས་པོ་བདག་ལས་མི་སྐྱེ་སྟེ།། གཞན་ལས་སྐྱེ་བ་ཉིད་མ་ཡིན།། བདག་དང་གཞན་ལས་སྐྱེ་བ་ནི།། ཡོད་མིན་ཇི་ལྟར་སྐྱེ་བར་འགྱུར། ་དརྗེས་པོ་ཡོད་པར་ཁས་བླངས་ནས།། རྟག་དང་ཆད་པར་ལྟ་བ་ནི།། བལྕི་བར་འགྱུར་ཏེ་དངོས་དེ་ནི།། རྟག་དྲོང་མི་རྟག་འགྱུར་ཕྱིར་རོ།། དངོས་པོ་ཡོད་པར་ཁས་བླངས་ཀྱང་།། ཆད་པར་མྱི་འགྱུར་རྟག་མི་འགྱུར།། འབྲས་བུ་རྒྱུ་ཡིས་འབྱུང་འཇིག། ་གིས།། རྒྱུན་དེ་སྲིད་པ་ཡིན་ཕྱིར་རོ།། གལ་ཏེ་འབྲས་རྒྱུ་འབྱུང་འཇིག་གི། རྒྱུ་དེ་སྲིད་པ་ཡིན་གྱུར་ན།། འཇིག་ལ་ཡང་སྐྱེ་མེང་པའི་ཕྱིར།། རྒྱུ་ནི་ཆད་པར་ཐལ་བར་འགྱུར།། དངོས་པོ་ངོ་བོ་ཉིད་ཡོད་ན།། དེ་ངོས་མེད་འགྱུར་བར་མི་རིག་སོ།། མྱ ་ངན་འདས་པའི་དུས་ན་ཆད།། སྲིད་རྒྱུན་རབ་ཏུ་ཞི་ཕྱིར་རོ།། ཐ་མ་འགགས་པར་གྱུར་པ་ན།། སྲིད་པ་དང་པོ་རིགས་མི་འགྱུར།། ཐ་མ་འགགས་པར་མ་གྱུར་ཚེ།། སྲིད་པ་དང་པོ་རིགས་མི་འགྱུར།། གལ་ཏེ་ཐ་མ་འགགས་བཞིན་ན།། དང་པོ་སྐྱེ ་བར་འགྱུར་ན་ནི།། འགག་བཞིན་པ་ནི་གཅིག་འགྱུར་ཞིང་།། སྐྱེ་བཞིན་པ་དང་གཞན་དུ་འགྱུར།། གལ་ཏེ་འགགས་བཞིན་སྐྱེ་བཞིན་དག། ལྷན་ཅིག་ཏུ་ཡང་མི་རིགས་ན།། ཕུང་པོ་གང་ལ་འཆི་འགྱུར་བ།། དེ་ལ་སྐྱེ་བ་འམ་འབྱུང་འགྱུར་རམ།། ངོ ་ལྟར་དུས་གསུམ་དག་ཏུ་ཡང་།། སྲིད་པའི་རྒྱུ་ནི་མི་རིགས་ན།། དུས་གསུམ་དག་ཏུ་གང་མེད་པ།། དེ་ནི་ཇི་ལྟར་སྲིད་པའི་རྒྱུན།། འབྱུང་བ་དང་འཇིག་པ་རྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་གཅིག་པའོ།། །། ཕུང་མིན ་ཕུང་པོ་ལས་གཞན་མིན།། དེ་ལ་ཕུད་མེད་དེར་དེ་མེད།། དེ་བཞིན་གཤེགས་པ་ཕུལ་ལྡན་མིན།། དེ་བཞིན་གཤེགས་པ་གང་ཞིག་ཡིན།། གལ་ཏེ་སངས་རྒྱས་ཕུང་པོ་ལ།། བརྟེན་ནས་རང་བཞིན་ལས་ཡོད་མིན།། རང་བཞིན་ལས་ནི་གང་མེད། ་པ། དེ་གཞན་དངོས་ལས་གྲཝ་ལ་ཡོད།། གང་ཞིག་གཞན་གྱི་དངོས་བརྟེན་ནས།། དེ་དག་ཉིད་དུ་མི་འཐད།། གང་ཞིག་བདག་ཉིད་མེད་པ་དེ།། ཇི་ལྟར་དེ་བཞིན་གཤེགས་པར་འགྱུར།། གལ་ཏེ་རང་བཞིན་ཡོད་མིན་ན།། གཞན་དངོས་ཡོད ་པར་ཇི་ལྟར་འགྱུར།། རང་བཞིན་དང་ནི་གཞན་དངོས་དག། མ་རྟོགས་དེ་བཞིན་གཤེགས་པ་གང་།། གལ་ཏེ་ཕུང་པོ་མ་བརྟེན་པར།། དེ་བཞིན་གཤེགས་པ་འགའ་ཡོད་ན།། དེ་ནི་དེ་གདོད་བརྟེན་འགྱུར་ཞིང་།། བརྟེན་ནས་དེ་ནས་འགྱུར་ལ ་རེག། ཕུང་པོ་རྣམས་ལ་མ་བརྟེན་པར།། དེ་བཞིན་གཤེགས་པ་འགའ་ཡང་མེད།། གང་ཞིག་མ་བརྟེན་ཡོད་མིན་པ།། དེས་ནི་ཇི་ལྟར་ཉེར་ལེན་འགྱུར།། ཉེ་བར་བླངས་པ་མ་ཡིན་པ།། ཉེ་བར་ལེན་པ་ཅིས་མི་འགྱུར།། ཉེ་བ ་ལེན་པ་མེད་པ་ཡིས།། དེ་བཞིན་གཤེགས་པ་ཅི་ཡང་མེད།། རྣམ་པ་ལྔས་ནི་བཙལ་བྱས་ན།། གང་ཞིག་དེ་ཉིད་གཞན་ཉིད་དུ།། མེད་པའི་དེ་བཞིན་གཤེགས་པ་དེ།། ཉེ་བར་ལེན་པས་ཇི་ལྟར་གདགས།། གང་ཞིག་ཉེ་བར་བླངས་པ ་དེ།། དེ་ནི་རང་བཞིན་ལས་ཡོད་མིན།། བདག་གི་དངོས་ལས་གང་མེད་པ།། དེ་གཞན་དངོས་ལས་ཡོད་རེ་སྐན།། དེ་ལྟར་ཉེར་བླང་ཉེར་ལེན་པོ།། རྣམ་པ་ཀུན་གྱིས་སྟོང་པ་ཡིན།། སྟོང་པས་དེ་བཞིན་གཤེགས་སྟོང་པར།། ཇི་ལྟ་བུར་ནི ་འདོགས་པར་འགྱུར།། སྟོང་ངོ་ཞེས་ནི་མི་བརྗོད་དེ།། མི་སྟོང་ཞེས་ཀྱང་མི་བྱ་ཞིང་།། གཉིས་དང་གཉིས་མིར་མི་བྱ་སྟེ།། གདགས་པའི་དོན་དུ་བརྗོད་པར་བྱ།། རྟག་དང་མི་རྟག་ལ་སོགས་བཞི།། ཞི་བ་འདི་ལ་ག་ལྔ་ཡོད།། མཐའ་དང་མཐའ ་མེད་ལ་སོགས་བཞི།། ཞི་བ་འདི་ལ་ག་ལ་ཡོད།། གང་གིས་དེ་བཞིན་གཤེགས་ཡོད་ཅེས།། འཛིན་པ་སྟུ་གོ་བོ་གཟུང་གྱུར་པ།། དེ་ནི་མྱ་ངན་འདས་པོ་ལ།། མེད་ཅེས་རྣམ་རྟོག་རྟོག་པར་བྱེད།། རང་བཞིན་གྱིས་ནི་སྟོང་དེ་ལ། སངས་རྒྱས། ་མྱ་ངན་འདས་ནས་ནི།། ཡོད་དོ་ཞེའམ་མེད་དོ་ཞེས།། བསམ་པ་འཐད་པ་ཉིད་མི་འགྱུར།། གང་དག་སངས་རྒྱས་སྤྲོས་འདས་ཤིང་།། ཟད་པ་མེད་པར་སྤྲོས་བྱེད་པ།། སྤྲོས་པས་ཉམས་པ་དེ་ཀུན་གྱིས།། དེ་བཞིན་གཤེགས་པ་མཐོང ་མི་འགྱུར།། དེ་བཞིན་གཤེགས་པའི་རང་བཞིན་གང་།། དེ་ནི་འགྲོ་འདིའི་རང་བཞིན་ཡིན།། དེ་བཞིན་གཤེགས་པ་རང་བཞིན་མེད།། འགྲོ་བ་འདི་ཡི་རང་བཞིན་མེད།། དེ་བཞིན་གཤེགས་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད ་པ་ཉི་ཤུ་གཉིས་པའོ།། །། འདོད་ཆགས་ཞེ་སྡང་གཏི་མུག་རྣམས།། ཀུན་ཏུ་རྟོག་ལས་འབྱུང་བར་གསུངས།། སྡུག་དང་མི་སྡུག་ཕྱིན་ཅི་ལོག། བརྟེན་པ་ཉིད་ལས་ཀུན་ཏུ་འབྱུང་།། གང་དག་སྡུག་དང་མི་སྡུག་དང་།། ་ཕྱིན་ཅི་ལོག་ལས་བརྟེན་འབྱུང་བ།། དེ་དག་རང་བཞིན་ལས་མེད་དེ།། དེ་ཕྱིར་ཉོན་མོངས་ཡང་དག་མེད།། བདག་གི་ཡོད་ཉིད་མེད་ཉིད་ད་ནི།། ཇི་ལྟ་བུར་ཡང་གྲུབ་པ་མེད།། དེ་མེད་ཉོན་མོངས་རྣམས་ཀྱི་ནི།། ཡོད་ཉིད་མེད་ཉིད་ཇི་ལྟར་འགྲུབ ་ཉོན་མོངས་དེ་དག་གང་གི་ཡིན།། དེ་ཡང་གྲུབ་པ་ཡོད་མ་ཡིན།། གང་མེད་པར་ནི་གང་གི་ཡང་།། ཉོན་མོངས་པ་དག་ཡོད་མ་ཡིན།། རང་ལུས་ལྟ་བཞིནི་ཉོན་མོངས་རྣམས།། ཉོན་མོངས་ཅན་ལ་རྣམ་ལྟར་མེད།། རང་ལུས་ལྟ་བཞིན་ཉིན་མོངས ་ཅན་དང་ཉོན་མོངས་པ་ལ་རྣམ་ལྔར་མེད།། སྡུག་དང་མི་སྡུག་ཕྱིན་ཅི་ལོག། རང་བཞིན་ལས་ནི་ཡོད་མིན་ན།། སྡུག་དང་མི་སྡུག་ཕྱིན་ཅི་ལོག། བརྟེན་ནས་ཉོན་མོངས་གང་དག་ཡིན།། གཟུགས་སྒྲ་རོ་དང་རིག་པ་དང་།། དྲི་དང་ཆོས་དང་རྣམ ་དྲུག་ནི།། གཞི་སྟེ་འདོད་ཆགས་ཞེ་སྡང་དང་།། གཏི་མུག་གི་ནི་ཡིན་པར་བརྟགས།། གཟུགས་སྒྲ་རོ་དང་རེག་པ་དང་།། དྲི་དང་ཆོས་དང་འབའ་ཞིག་ཏེ།། དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་།། སྨིག་རྒྱུ་རྨི་ལམ་འདྲ་བ་ཡིན།། སྒྱུ་མའི་སྐྱེས་བུ་ལྟ་བུ་གས ་གཟུགས་བརྙན་འདྲ་བ་དེ་དག་ལ།། སྡུག་པ་དང་ནི་མི་སྡུག་པ།། འབྱུང་བར་ཡང་ནི་ག་ལ་འགྱུར།། གང་ལ་བརྟེན་ནས་སྡུག་པ་ཞེས།། གདགས་པར་བྱ་བ་མི་སྡུག་པ།། སྡུག་ལ་མ་བལྟོས་ཡོད་མིན་པས།། དེ་ཕྱིར ་སྡུག་པ་འཐད་མ་ཡིན།། གང་ལ་རྟེན་ནས་མི་སྡུག་པར།། གདགས་པར་བྱ་བ་སྡུག་པ་ནི།། མི་སྡུག་མ་བལྟོས་ཡོད་མིན་པས།། དེ་ཕྱིར་མི་སྡུག་འཐིང་མ་ཡིན།། སྡུག་པ་ཡོད་པ་མ་ཡིན་ན།། འདོད་ཆགས་ཡོད་པར་ག་ལ་འགྱུར།། མི་སྡུག་ཡོད་པ། ་མ་ཡིན་ན། ཞེ་སྡང་འབྱུང་བར་ག་ལ་འགྱུར།། གལ་ཏེ་མི་རྟག་རྟག་པ་ཞེས།། དེ་ལྟར་འཛིན་པ་ལོག་ཡིན་ན།། སྟོང་ལ་མི་རྟག་ཡོད་མིན་པས།། འཛིན་པ་ཇི་ལྟར་ལོག་མ་ཡིན།། གལ་ཏེ་མི་རྟག་རྟགོ་ཞེས།། དེ་ལྟར་འཛིན་པ་ལོག་ཡིན་ན།། ། ་སྟོང་ལ་མི་རྟག་པའོ་ཞེས།། འཛིན་པའང་ཇི་ལྟར་ལོག་མ་ཡིན།། གང་གིས་འཛིན་དང་འཛིན་གང་དང་།། འཛིན་པ་པོ་དང་གང་གཟུང་བ།། ཐམས་ཅད་ཉེ་བར་ཞི་བ་སྟེ།། དེ་ཕྱིར་འཛིན་པ་ཡོད་མ་ཡིན།། ལོག་པའང་ཡང་དག་ཉིད་དུ་ནི།། འཛིན་པ ་ཡོད་པ་མ་ཡིན་ན།། གང་ལ་ཕྱིན་ཅི་ལོག་ཡོད་ཅིང་།། གང་ལ་ཕྱིན་ཅི་ལྡོག་མ་ཡོད།། ཕྱིན་ཅི་ལོག་ཏུ་གྱུར་པ་ལ།། ཕྱིན་ཅི་ལོག་དག་མི་སྲིང་།། ཕྱིན་ཅི་ལོག་ཏུ་འགྱུར་བཞིན་ལ།། ཕྱིན་ཅི་ལོག་དག་མི་སྲིད་དོ།། ཕྱིན་ཅི་ལོག་ཏུ་གྱུར་བཞིན་ལ་འདས། ་ཕྱིན་ཅི་ལོག་དག་མི་སྲིད་དོ།། གང་ལ་ཕྱིན་ཅི་ལོག་སྲིད་པ།། བདག་ཉིད་ཀྱིས་ནི་རྣམ་པར་དཔྱོད།། ཕྱིན་ཅི་ལོག་རྣམས་མ་སྐྱེས་ན།། ཇི་ལྟ་བུར་ན་ཡོད་པར་འགྱུར།། ཕྱིན་ཅི་ལོག་རྣམས་སྐྱེ་མེད་ན།། ཕྱིན་ཅི་ལོག་ཅན་ག་ལ་ཡོད།། དངོས་པོ། ་བདག་ལས་མི་བསྐྱེད་དོདེ།། གཞན་ལས་སྐྱེ་བ་ཉིད་མ་ཡིན།། བདག་དང་གཞན་ལས་ཀྱང་མིན་ན།། ཕྱིན་ཅི་ལོག་ཅན་ག་ལ་ཡོད།། གལ་ཏེ་བདག་དང་གཙང་བ་དང་།། རྟག་དང་བདེ་བ་ཡོད་ན་ནི།། བདག་དང་གཙང་དང་རྟག་པ་དང་།། བད ་ཡིན་ཅི་ལོག་མ་ཡིན། གལ་ཏེ་བདག་དང་གཙང་བ་དང་།། རྟག་དང་བདེ་བ་མེད་ན་ནི།། བདོག་མེད་མི་གཙང་མི་རྟག་དང་།། སྡུག་བསྔལ་ཡོད་པ་མ་ཡིན་ནོ།། དེ་ལྟར་ཕྱིན་ཅི་ལོག་འགགས་པས།། མ་རིག་པ་ནི་འགགས་པར ་འགྱུར།། མ་རིག་འགགས་པར་འགྱུར་ན་ནི།། འདུ་བྱེད་ལ་སོགས་འགྲག་པར་འགྱུར།། གྲལ་ཏེ་ལ་ལའི་ཉོན་མོངས་པ།། གང་དག་ལ་ལའི་ཉོན་མོངས་པ།། གང་དག་རང་བཞིན་གྱིས་ཡོད་ན།། ཇི་ལྟ་བུར་ན་སྤོང་བར་འགྱུར།། ཡོད་པ་སུ ་ཞིག་སྤོང་བར་བྱེད།། གལ་ཏེ་ལ་ལིའི་ཉོན་མོངས་པོ།། གང་དག་རང་བཞིན་གྱིས་མེད་ན།། ཇི་ལྟ་བུར་ན་སྤོང་བར་འགྱུར།། མེད་པ་སུ་ཞིག་སྤོང་བར་བྱེད།། ཕྱིན་ཅི་ལོག་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་གསུམ་པོའོ།། ་གལ་ཏེ་འདི་དག་ཀུན་སྟོང་ན།། འབྱུང་བ་མྱེད་ཅིང་འཇིག་པ་མེད།། འཕགས་པའི་བདེན་པ་བཞི་པོ་རྣམས།། ཁྱོད་ལ་མེད་པར་ཐལ་བར་འགྱུར།། འཕགས་པའི་བདོན་པ་བཞི་མེད་པས།། ཡོངས་སུ་ཤེས་དང་སྤང་བ་དང་།། བསྒོམ་དང་མངོན་དུ་བྱ ་བ་དག། འཟང་བར་འགྱུར་བ་མ་ཡིན་ནོ།། དེ་དག་ཡོད་པ་མ་ཡིན་པས།། འབྲས་བུ་བཞི་ཡང་ཡོད་མ་ཡིན།། འབྲས་བུ་མེད་ན་འབྲས་གནས་མེད།། ཞུགས་པ་དག་ཀྱང་ཡོད་མ་ཡིན།། གལ་ཏེ་སྐྱེས་བུ་གང་ཟག་བརྒྱད།། དེ་དག་མེད་ན་དོན ་འདུན་མེད།། འཕགས་པའི་བདེན་རྣམས་མེད་པའི་ཕྱིར།། དམ་པའི་ཆོས་ཀྱང་ཡོད་མ་ཡིན།། ཆོས་དགེ་འདུན་ཡོད་མིན་ན།། སངས་རྒྱས་ཇི་ལྟར་ཡོད་པར་འགྱུར།། དེ་སྐད་སྟོང་པ་ཉིད་སྨྲ་ན།། དཀོན ་མཆོག་གསུམ་ལ་གནོད་པ་ནི།། བྱེད་ཅིང་འབྲས་བུ་ཡོད་པ་དང་།། ཆོས་མ་ཡིན་དང་ཆོས་ཉིད་དང་།། འཇིག་རྟེན་པ་ཡི་ཐ་སྙད་ནི།། ཀུན་ལའང་གནོད་པ་བྱེད་པ་ཡིན།། དེ་ལ་བཤད་པ་ཁྱོད་ཀྱིས་ནི།། སྟོང་ཉིད་དགོས་དང་སྟོང་ཉིད ་དང་། སྟོང་ཉིད་དོན་ནི་མ་རྟོགས་པས།། དེ་ཕྱིར་དེ་ལྟར་གནོད་པ་ཡིན།། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ།། བདེན་པ་གཉིས་ལ་ཡང་དག་བརྟེན།། འཇིག་རྟེན་ཀུན་རྫོབ་བདེན་པ་དང་།། དམ་པའི་དོན་གྱིས་བདེན་པའོ།། གང་དག ་བདེན་པ་དེ་ཉིད་ཀྱིས།། རྣམ་དབྱེ་རྣམ་པར་མི་ཤེས་པ།། དེ་དག་སངས་རྒྱས་བསྣུན་པ་ནི།། ཟབ་མོའི་དེ་དག་རྣམས་མི་ཤེས།། ཐ་སྙད་ལྔ་ནི་མ་བརྟེན་པར།། དམ་པའི་དོན་ནི་མ་རྟོགས་པར།། མྱ་ངན་འདས་པ་ཐོབ་མི་འགྱུར།། སྟོང་པ་ཉིད ་ལ་ལྟ་ཉེས་ན།། ཤེས་རབ་ཆུང་རྣམས་ཕུང་བར་བྱེད།། ཇི་ལྟར་སྦྲུལ་ལོ་བཟུང་ཉིས་དང་།། རིགས་སྔགས་ཉེས་པར་བསྒྲུབ་པ་བཞིན།། དེ་ཕྱིར་ཞན་པས་ཆོས་འདི་ཡི།། གཏིང་རྟོགས་དཀའ་བོར་མཁྱེན་གྱུར་ནས།། ཐུབ་པའི་ཐུགས་ནི ་ཆོས་བསྟན་ལས།། རབ་ཏུ་ལོག་པར་གྱུར་པ་ཡིན།། སྐྱོན་དུ་ཐལ་བར་འགྱུར་བ་ནི།། སྟོང་ལ་འཐད་པ་མ་ཡིན་པས།། ཁྱོད་ནི་སྟོང་ཉིད་སྤོང་བྱེད་ན།། གང་དེ་ང་ལ་མི་འཐད་དོ།། གང་ལ་སྟོང་པ་ཉིད་རུང་བ།། དེ་ལ་ཐམས་ཅད་རུང་བར་འགྱུར ་གང་ལ་སྟོང་ཉིད་མི་རུང་བ།། དེ་ལ་ཐམས་ཅད་མི་རུང་འགྱུར།། ཁྱོད་ཉིད་རང་གི་སྐྱོན་རྣམས་ནི།། ང་ལ་ཡོངས་སུ་སྦྱར་བྱེད་པ།། རྟ་ལ་མངོན་པར་ཞོན་བཞིན་དུ།། རྩཝ་ཉིད་བརྗེད་པར་གྱུར་པ་བཞིན།། གལ་ཏེ་དངོས་རྣམས་རང་བཞིན་ལས ་ཡོད་པར་རྗེས་སུ་བལྟ་བྱེད་ན།། དེ་ལྟ་ཡིན་ན་དངོས་པོ་རྣམས།། རྒྱུ་རྐྱེན་མེད་པར་ཁྱོད་བལྟའོ།། འབྲས་བུ་དང་ནི་རྒྱུ་ཉིད་དང་།། བྱེད་པ་པོ་དང་བྱེད་དང་བྱ།། སྐྱེ་བ་དང་ནི་འགག་པ་དང་།། འབྲས་བུ་ལ་ཡང་གནོད་པ་བྱེད།། རྟེན་ཅིང་འབྲེལ ་འབྱུང་གང་ཡིན་པ།། དེ་ནི་སྟོང་པ་ཉིད་དུ་བཤད།། དེ་ནི་བརྟེན་ནས་ག་དགས་པ་སྟེ།། དེ་ཉིད་དབུ་མའི་ལམ་ཡིན་ནོ།། གང་ཕྱིར་བརྟེན་འབྱུང་མ་ཡིན་པའི།། ཆོས་འགའ་ཡོད་པ་མ་ཡིན་པ།། དེ་ཕྱིར་སྟོང་པ་མ་ཡིན་པའོ།། ཆོས་འགའ་ཡོད་པ ་མ་ཡིན་ནོ།། གལ་ཏེ་འདི་ཀུན་མི་སྟོང་ན།། འབྱུང་བ་མེད་ཅིང་འཇིག་པ་མེད།། འཕགས་པའི་བདེན་པ་བཞི་པོ་རྣམས།། ཁྱོད་ལ་མེད་པར་ཐལ་བར་འགྱུར།། རྟེན་ཅིང་འབྲེལ་འབྱུང་མ་ཡིན་ན།། སྡུག་བསྔལ་ཡོད་པར་ག་ལ་འགྱུར།། མི་རྟག་སྡུག ་བསྔལ་གསུངས་པ་དེ།། རང་བཞིན་ཉིད་ལས་ཡོད་མ་ཡིན།། རང་བཞིན་ལས་ནི་ཡོད་ཡིན་ན།། ཅི་ཞིག་ཀུན་ཏུ་འབྱུང་བར་འགྱུར།། དེ་ཕྱིར་སྟོང་ཉིད་གནོད་བྱེད་ལ།། ཀུན་འབྱུང་ཡོད་པ་མ་ཡིན་ནོ།། སྡུག་བསྔལ་རང་བཞིན་གྱིས་ཡོད་ལ།། རིལས ་པ་ཡོང་པ་མ་ཡིན་ནོ།། རང་བཞིན་ཉིད་ནི་ཡོངས་གནས་ཕྱིར།། འགོག་པ་གནོད་པ་བྱེད་པ་ཡིན།། ལམ་ལ་རང་བཞིན་ཡོད་ན་ནི།། བསྒོམ་པ་འཐང་བར་མི་འགྱུ་རོ།། ཛ་སྟེ་ལམ་དེ་བསྒོམ་བྱ་ན།། ཁྱོད་ཀྱི་ཡང་བཞིནི་ཡོད་མ་ཡིན།། གང་ཚེ་སྡུག ་བསྔལ་ཀུན་འབྱུང་དང་།། འགོག་པ་ཡོད་པ་མ་ཡིན་ན།། ལམ་གྱིས་སྡུག་བསྔལ་འགོག་པ་ནི།། གང་ཞིག་འཐོབ་པར་འགྱུར་བར་འདོད།། གལ་ཏེ་རང་བཞིན་ཉིད་ཀྱིས་ནི།། ཡོངསུ་ཤེས་པ་མ་ཡིན་ན།། དེ་ནི་ཇི་ལྟར་ཡོངས ་ཤེས་འགྱུར།། རང་བཞིན་གནས་པ་མ་ཡིན་ནམ།། དེ་བཞིན་དུ་ནི་ཁྱོད་ཉིད་ཀྱིས།། སྤང་དང་མངོན་དུ་བྱ་བ་དང་།། བསྒོམ་དང་འབྲས་བུ་བཞི་དག་ཀྱང་།། ཡོངས་ཤེས་བཞིན་དུ་མི་རུང་ངོ་།། རང་བཞིན་ཡོངསུ་འཛིན་པ་ཡིས།། འབྲས་བུ་རང་བཞིན ་ཉིད་ཀྱིས་ནི།། ཐོབ་པ་མིན་པ་གང་ཡིན་ཏེ།། ཇི་ལྟར་ཐོབ་པར་ནུས་པར་འགྱུར།། འབྲས་བུ་མེད་ན་འབྲས་གནས་མེད།། ཞུགས་པ་དག་ཀྱང་ཡོད་མ་ཡིན།། གལ་ཏེ་སྐྱེས་བུ་གང་ཟག་བརྒྱད།། དེ་དག་མེད་ན་དགེ་འདུན་མེད།། འཕགས་པའི ་བདེན་རྣམས་མེད་པའི་ཕྱིར།། དམ་པའི་ཆོས་ཀྱང་ཡོད་མ་ཡིན།། ཆོས་དང་དགེ་འདུན་ཡོད་མིན་ན།། སངས་རྒྱས་ཇི་ལྟར་ཡོད་པར་འགྱུར།། ཁྱོད་ཀྱི་སངས་རྒྱས་བྱང་ཆུབ་ལ།། མ་བརྟེན་པར་ཡང་ཐལ་བར་འགྱུར།། ཁྱོད་ཀྱི་བྱང་ཆུབ་སངས ་རྒྱས་ལ།། མ་བརྟེན་པར་ཡང་ཐལ་བར་འགྱུར།། ཁྱོད་ཀྱི་རང་བཞིན་ཉིད་ཀྱིས་ནི།། སངས་རྒྱས་མིན་པ་གང་ཡིན་དེས།། བྱང་ཆུབ་སྤྱོད་ལ་བྱང་ཆུབ་ཕྱིར།། བཙལ་ཀྱང་བྱང་ཆུབ་ཐོབ་མི་འགྱུར།། འགའ་ཡང་ཆོས་དང་ཆོས་མིན་པ།། ནམ་ཡང་བྱེད་པར་མི། ་འགྱུར་རོ།། མི་སྟོང་པ་ལ་ཅི་ཞིག་བྱ།། རང་བཞིན་ལོ་ནི་བྱ་བ་མེད།། ཆོས་དང་ཆོས་མིན་མེད་པར་ཡང་།། འབྲས་བུ་ཁྱོད་ལོ་ཡོད་པར་འགྱུརརོ།། ཆོས་དང་ཆོས་མིན་རྒྱུས་བྱུང་བའི།། འབྲས་བུ་ཁྱོད་ལ་ཡོད་མ་ཡིན།། ཆོས་དང་ཆོས་མིན་རྒྱུས་བྱུང ་བའི་འབྲས་བུ་གལ་ཏེ་ཁྱོད་ལ་ཡོད།། ཆོས་དང་ཆོས་མིན་རྒྱུས་བྱུང་བའི།། འབྲས་བུ་ཅི་ཕྱིར་སྟོང་མ་ཡིན།། རྟེན་ཅིང་འབྲེལ་པར་འབྱུང་བ་ཡི།། སྟོང་པ་ཉིད་ལ་གནོད་བྱེད་གང་།། འཇིག་རྟེན་པ་ཡི་ཐ་སྙད་ནི།། ཀུན་ལའང་གནོད་པ་བྱེད་པ་ཡིན།། སྟོང ་པ་ཉིད་ལ་གནོད་བྱེད་ན།། བྱ་བ་ཅི་ཡང་མེད་འགྱུར་ཞིང་།། རྩོམ་པ་མེད་པར་བྱ་བར་འགྱུར།། མི་བྱེད་པ་ཡང་བྱེད་པོར་འགྱུར།། རང་བཞིན་ཡོད་ན་འགྲོ་བ་རྣམས།། མ་སྐྱེས་པ་དང་མ་འགགས་དང་།། ཐེར་ཟུག་དུ་ནི་གནས་འགྱུར་ཞིང་།། གནས ་སྐབས་སྣ་ཚོགས་བྲལ་བར་འགྱུར།། གལ་ཏེ་སྟོང་པ་ཡོད་མིན་ན།། མ་ཐོབ་ཐོབ་པར་བྱ་བ་དང་།། སྡུག་བསྔལ་མཐར་བྱེད་ལས་དང་ནི།། ཉོན་མོངས་ཐམས་ཅད་སྤོང་བའང་མེད།། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་།། མཐོང་བ་དེས་ནི། ་སྡུག་བསྔལ་དང་།། ཀུན་འབྱུང་དང་ནི་འགོག་པ་དང་།། ལམ་ཉིད་དེ་དག་མཐོང་བ་ཡིན།། འབོགས་པའི་བདེན་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་བཞི་པའོ།། །། གལ་ཏེ་འདི་དག་ཀུན་སྟོང་ན།། འབྱུང་བ་མེད་ཅིང ་འཇིག་པ་མེད།། གང་ཞིག་སྤོང་དང་འགག་པ་ལས།། མྱ་ངན་འདའ་བར་འགྱུར་བར་འདོད།། གལ་ཏེ་འདི་ཀུན་མི་སྟོང་ན།། འབྱུང་བ་མེད་ཅིང་འཇིག་པ་མེད།། གང་ཞིག་སྤོང་དང་འགག་པ་ལས།། མྱ་ངན་འདའ་བར་འགྱུར་བར་འདོད།། སྨྲས ་པ་མེད་པ་ཐོབ་མེད་པ།། ཆད་པ་མེད་པ་རྟག་མེད་པ།། འགོག་པ་མེད་པ་སྐྱེ་མེད་པ།། དེ་ནི་མྱ་ངན་འདས་པར་འདོད།། རེ་ཞིག་མྱ་ངན་འདས་དངོས་མིན།། རྒ་ཤིའི་མཚན་ཉིད་ཐལ་བར་འགྱུར།། རྒ་དང་འཆི་བ་མེད་པ་ཡི།། དངོས་པོ་ཡོད་པ་མ་ཡིན་ནོ།། ་གལ་ཏེ་མྱ་ངན་འདས་དངོས་ན།། མྱ་ངན་འདས་པ་འདུས་བྱས་འགྱུར།། དངོས་པོ་འདུས་བྱས་མ་ཡིན་པ།། འགའ་ཡང་གང་ན་ཡོད་མ་ཡིན།། གལ་ཏེ་མྱ་ངན་འདས་དངོས་ན།། ཇི་ལྟར་མྱ་ངན་འདས་བརྟེན་མིན།། དངོས་པོ་བརྟེན་ནས ་མ་ཡིན་པ།། འགའ་ཡང་ཡོད་པ་མ་ཡིན་ནོ།། གླལ་ཏེ་མྱ་ངན་འདས་དངོས་མིན།། དངོས་མེད་ཇི་ལྟར་རུང་བར་འགྱུར།། གང་ལས་མྱ་ངན་འདས་དངོས་མིན།། དེ་ལ་དངོས་མེད་ཡོད་མ་ཡིན།། གལ་ཏོ་མྱ་ངན་འདས་དངོས་མིན།། ཇི་ལྟར་མྱང་འདས། ་དེ་བརྟེན་མིན།། གང་ཞིག་བརྟེན་ནས་མ་ཡིན་པའི།། དངོས་མེད་ཡོད་པ་མ་ཡིན་ནོ།། འོང་བ་དང་ནི་འགྲོ་བའི་དངོས།། བརྟེན་ཏམ་རྒྱུར་བྱས་གང་ཡིན་པ།། དེ་ནི་བརྟེན་མིན་རྒྱུར་བྱས་མིན།། མྱ་ངན་འདས་པོ་ཡིན་པར་བསྟན།། འབྱུང་བ་དང་ནི་འཇིག ་པ་དག། སྤང་བར་སྟོན་པས་བཀའ་སྩལ་ཏོ།། དེ་ཕྱིར་མྱ་ངན་འདས་པ་ནི།། དངོས་མིན་དངོས་མེད་མིན་པར་རིགས།། གལ་ཏེ་མྱ་ངན་འདས་པ་ནི།། དངོས་དང་དངོས་མེད་གཉིས་ཡིན་ན།། དངོས་དང་དངོས་པོ་མེད་པ་དག། ཐར་པར་འགྱུར་ན་དེ་མི ་རིགས།། གལ་ཏེ་མྱ་ངན་འདས་པ་ནི།། དངོས་དང་དངོས་མེད་གཉིས་ཡིན་ན།། མྱ་ངན་འདས་པ་མ་བརྟེན་མིན།། དེ་གཉིས་བརྟེན་ནས་ཡིན་ཕྱིར་རོ།། ཇི་ལྟར་མྱ་ངན་འདས་པ་ན།། དངོས་དང་དངོས་མེད་གཉིས་ཡིན་ཏེ།། མྱ་ངན་འདས་པ་འདུས་མ ་བྱས། དངོས་དང་དངོས་མེད་འདུས་བྱས་ཡིན།། ཇི་ལྟར་མྱ་ངན་འདས་པ་ལ།། དངོས་དང་དངོས་མེད་གཉིས་ཡོད་དེ།། དེ་གཉིས་གཅིག་ལ་ཡོད་མིན་ཏེ།། སྣང་བ་དང་ནི་མུན་པ་བཞིན།། དངོས་མིན་དངོས་པོ་མེད་མིན་པ།། མྱ་ངན་འདས་པར་གང་སྟོང་པ།། ། ་དངོས་པོ་མེད་དང་དངོས་པོ་དག། གྲུབ་ན་དེ་ནི་འགྲུབ་པར་འགྱུར།། གལ་ཏེ་མྱ་ངན་འདས་པ་ནི།། དངོས་མིན་དངོས་པོ་མེད་མིན་ན།། དངོས་མིན་དངོས་པོ་མེད་མིན་ཞེས།། གང་ཞིག་གིས་ནི་དེ་མངོན་བྱེད།། བཅོམ་ལྡན་མྱ་ངན་འདས་གྱུར་ནས།། ཡོད་པར ་མི་འགྱུར་དེ་བཞིན་དུ།། མེད་དོ་ཞེ་འམ་གཉིས་ཀ་དང་།། གཉིས་མིན་ཞེས་ཀྱང་མི་མངོན་ནོ།། བཅོམ་ལྡན་བཞུགས་པར་གྱུར་ན་ཡང་།། ཡོད་པར་མི་མངོན་དེ་བཞིན་དུ།། མེད་དོ་ཞེའམ་གཉིས་ཀ་དང་།། གཉིས་མིན་ཞེས་ཀྱང་མི་མངོན་ནོ།། འཁོ ་བ་མྱ་ངན་འདས་པ་ལས།། ཁྱད་པར་ཅུང་ཟད་ཡོད་མ་ཡིན།། མྱ་ངན་འདས་པའང་འཁོར་བ་ལས།། ཁྱད་པར་ཅུང་ཟད་ཡོད་མ་ཡིན།། མྱ་ངན་འདས་མཐའ་གང་ཡིན་པ།། དེ་ནི་འཁོར་བའི་མཐའ་ཡིན་ཏེ།། དེ་གཉིས་ཁྱད་པར་ཅུང་ཟད ་ནིཔོ་ཤིན་ཏུ་ཕྲ་བའང་ཡོད་མ་ཡིན།། གང་འདས་ཕན་ཆད་མཐའོ་སོགས་དང་།། རྟག་ལ་སོགས་པ་རོ་ལྟ་བ་དག། མྱ་ངན་འདས་དང་ཕྱི་མོ་འ་དང་། མངོན་གྱིས་མཐའ་ལ་བརྟེན་པ་ཡིན།། དངོས་པོ་ཐམས་ཅད་སྟོང་པ་ལྔ།། མཐའ་ཡོད ་ཞིག་མཐའ་མེད་ཅི།། མཐའ་དང་མཐའ་མེད་ཅི་ཞིག་ཡིན།། མཐའ་དང་མཐའ་མེད་མིན་པ་ཅི།། དེ་ཉིད་ཅི་ཞིག་གཞན་ཅི་ཞིག།། རྟག་པ་ཅི་ཞིག་མི་རྟག་ཅི།། རྟག་དང་མི་རྟག་གཉིས་ཀ་ཙྱཻ།། གཉིས་ཀ་མིན་པའང་ཅི་ཞིག་ཡིན།། དམིགས་པ་ཐམས་ཅད ་ཉེར་ཞི་ཞིང་།། སྤྲོས་པ་ཉེར་ཞི་ཞི་བ་སྟེ།། སངས་རྒྱས་ཀྱིས་ནི་གང་དུ་ཡང་།། སུ་ལའང་ཆོས་འགའ་མ་བསྟན་ཏོ།། མྱ་ངན་འདས་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་ལྔ་པའོ།། །། མ་རིག་སྒྲིབས་པས་ཡང་སྲིད་ཕྱིར།། འབྲུ ་བྱེད་རྣམ་པ་གསུམ་པོ་དག། མངོན་པར་འདུ་བྱེད་གང་ཡིན་པའི།། ལས་དེ་དག་གིས་འགྲོ་བ་འགྲོ།། འདུ་བྱེད་རྐྱེན་ཅན་རྣམ་པར་ཤེས།། འགྲོ་བ་རྣམས་སུ་འཇུག་པར་འགྱུར།། རྣམ་པར་ཤེས་པ་ཞུགས་གྱུར་ནས།། མིང་དང ་གཟུགས་ནི་ཆགས་པར་འགྱུར།། མིང་དང་གཟུགས་ནི་ཆགས་གྱུར་ན།། སྐྱེ་མཆེད་དྲུག་ནི་འབྱུང་བར་འགྱུར།། སྐྱེ་མཆེད་དྲུག་ལ་རྟེན་ནས་ནི།། རེག་པ་ཡང་དག་འབྱུང་བར་འགྱུར།། མིང་དང་གཟུགས་དང་དྲན་བྱེད་ལ།། བརྟེན་ནས་སྐྱེ་བུ་ཁོ ་ནཱ་སྟེ། དེ་ལྟར་མིང་དང་གཟུགས་བརྟེན་ནས།། རྣམ་པར་ཤེས་པ་སྐྱེ་བར་འགྱུར།། མིག་དང་གཟུགས་དང་རྣམ་པོར་ཤེས།། གསུམ་པོ་འདུས་པ་གང་ཡིན་པ།། དེ་ནི་རེག་པའོ་རེག་དེ་ལས།། ཚོར་བ་ཀུན་ཏུ་འབྱུང་བར་འགྱུར།། ཚོར་པོའི་རྐྱེན ་གྱིས་སྲེད་པ་སྟེ།། ཚོར་བའི་དོན་དུ་སྐྱེད་པར་འགྱུར།། སྲེད་པར་གྱུར་ན་ཉེ་བར་ལེན།། རྣམ་པ་བཞི་པོ་ཉེར་ལེན་འགྱུར།། ཉེར་ལེན་ཡོད་ན་ལེན་པ་པོའི།། སྲིད་པ་རབ་ཏུ་འབྱུང་བར་འགྱུར།། གལ་ཏེ་ཉེ་བར་ལེན་མེད་ན།། གྲོལ་བར་འགྱུར་ཏེ་སྲིད་། ་མི་འགྱུར།། སྲིད་པ་དེ་ཡང་ཕུང་པོ་ལྔ།། སྲིད་པ་ལས་ནི་སྐྱེ་བ་འབྱུང་།། རྒ་ཤི་དང་ནི་མྱ་ངན་དང་།། སྨྲེ་སྔགས་འདོན་བཅས་སྡུག་བསྔལ་དང་།། ཡིད་མོ་བདེ་དང་འཁྲུག་པ་རྣམས།། དེ་དག་སྐྱེ་ལས་རབ་ཏུ་འབྱུང་།། དེ་ལྟར་སྡུག་བསྔལ་ཕུད།། ་པོ་ནི།། འབའ་ཞིག་པོ་འདི་འབྱུང་བར་འགྱུར།། འཁོར་བའི་རྩ་བ་འདུ་བྱེད་དེ།། དེ་ཕྱིར་མཁས་རྣམས་འདུ་མི་བྱེད།། དེ་ཕྱིར་མི་མཁས་བྱེད་པོ་ཡིན།། མཁས་པས་དེ་ཉིད་མཐོང་ཕྱིར་རོ།། མོ་རིག་འགགས་པར་གྱུར་ན་ནི།། འདུ་བྱེད་རྣམས ་ཀྱང་འབྱུང་མི་འགྱུར།། མ་རིག་འགག་པར་འགྱུར་བ་ནི།། ཤེས་པས་དེ་ཉིད་བསྒོམས་པས་སོ།། དེ་དང་དེ་ནི་འགགས་གྱུར་པས།། དེ་དང་ངན་སྔོན་མི་འབྱུང་།། སྡུག་བསྔལ་ཕུང་པོ་འབའ་ཞིག་བོ།། དེ་ནི་དེ་ལྟར་ཡང་དག་འགག། སྲིད ་པའི་ཡན་ལག་བཅུ་གཉིས་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་དྲུག་པའོ།། ། འདས་དུས་བྱུང་མ་བྱུང་ཞེས་པ་རྟེ་རྟོག་པ་ལ་སོགས་པར། ལྟ་བ་གང་ཡིན་དེ་དག་ནི།། སྔོན་གྱི་མཐའ་ལ་བརྟེན་པ་ཡིན།། མ་འོངས་དུས ་གཞན་འབྱུང་གྱུར་དང་།། མི་འབྱུང་འཇིག་རྟེན་མཐའ་སོགས་པར།། ལྟ་བ་གང་ཡིན་དེ་དག་ནི།། ཕྱི་མའི་མཐའ་ལ་བརྟེན་པ་ཡིན།། འདུས་ན་བྱུང་གྱུར་ཅེས།། བྱ་བ་དེ་ནི་མི་འཐད་དོ།། སྔོན་ཚེ་རྣམས་སུ་གང་བྱུང་བ།། དེ་ཉིད་འདི་ནི་མ་ཡིན་ནོ།། དེ་ཉིད ་བདག་ཏུ་འགྱུར་སྙམ་ནཱ།། ཉེ་བར་ལེན་པ་ཐ་དད་འགྱུར།། ཉེ་བར་ལེན་པ་མ་གཏོགས་པར།། ཁྱོད་ཀྱིས་བདག་ཉིད་གང་ཞིག་ཡིན།། ཉེ་བར་ལེན་པ་མ་གཏོགས་པའོ།། བདག་ཡོད་མ་ཡིན་བྱས་པའི་ཚེ།། ཉེ་བར་ལེན་ཉིད་བདག་ཡིན་ན།། ཁོང་ཀྱི་བདག་ནི་མེད ་པ་ཡིན།། ཉེ་བར་ལེན་ཉིད་བདག་མ་ཡིན།། དེ་འབྱུང་བ་དང་འཇིག་མ་ཡིན།། ཉེ་བར་བླང་བ་ཉིད་དུ་ལྟ།། ཀེ་བུར་ལེན་པོ་ཡིན་པར་འགྱུར།། བདག་ནི་ཉེ་བར་ལེན་པ་ལས།། གཞན་དུ་འཐད་པ་ཉིད་མ་ཡིན།། གལ་ཏེ་གཞ ་ཡོད་རིགས་ན་གཟུང་དུ་མེད།། དེ་ལྟར་ལེན་ལས་གཞན་མ་ཡིན།། དེ་ནི་ཉེར་ལེན་ཉིད་ཀྱང་མིན།། བདག་ནི་ཉེ་བར་ལེན་མེད་མིན།། མེད་པ་ཉིད་དུའང་དམ་ངེས།། འདས་པའི་རུང་ན་མ་བྱུང་ཞེས།། ་ལས་འདི་གཞན་མ་ཡིན་ནོ།། གལ་ཏེ་འདི་ནི་གཞན་གྱུར་ན།། དེ་མེད་པར་ཡང་འབྱུང་བར་འགྱུར།། དེ་བཞིན་དེ་ནི་གནས་འགྱུར་ཞིང་།། དེ་མ་ཤི་བར་སྐྱེ་བར་འགྱུར།། ཆད་དང་ལས་དང་ཆུད་ཟ་དང་།། གཞན་གྱིས་བྱས་པའི་ལས་རྣམས ་ནི་གཞན་གྱིས་སོ་སོར་མྱོང་བ་དང་།། དེ་ལ་སོགས་པར་ཐལ་བར་འགྱུར།། མ་བྱུང་བ་ལས་བྱུང་མིན་ཏེ།། འདི་ལ་སྐྱོན་དུ་ཐལ་བར་འགྱུར།། བདག་ནི་བྱས་པར་འགྱུར་བ་དང་།། འབྱུང་བའང་རྒྱུ་མེད་ཅན་དུ་འགྱུར།། དེ་ལྟར་བདག་བྱུང་བདག་མ་བྱུང་།། ་གཉིས་ཀ་གཉིས་ཀ་མ་ཡིན་པར།། འདས་ལ་ལྟ་བ་གང་ཡིན་པ།། དེ་དག་འབད་པ་མ་ཡིན་ནོ།། མཱ་འོངས་དུས་གཞན་འབྱུང་འགྱུར་དང་།། འབྱུང་བརླ་མི་འགྱུར་ཞེས་བྱ་བར།། ལྟ་བ་གླང་ཡིན་དེ་དག་ནི།། འདས་པའི་དུས་དང་མཚུངས་པ་ཡིན།། གལ་ཏེ། ་ལྷ་དེ་མི་དེ་ན།། དེ་ལྟ་ན་ནི་རྟག་པར་འགྱུར།། ལྷ་ནི་མ་སྐྱེས་ཉིད་འགྱུར་ཏེ།། རྟག་ལ་སྐྱེ་བ་མེད་ཕྱིར་རོ།། གལ་ཏེ་ལྷ་ལས་མི་གཞན་ན།། དེ་ལྟ་ན་ནི་མི་རྟག་འགྱུར།། གལ་ཏེ་ལྷ་མི་གཞན་ཡིན་ན།། རྒྱུད་ནི་འབད་པར་མི་འགྱུར་རོ།། གལ་ཏེ་ཕྱོགས ་གཅིག་ལྷ་ཡིན་ལ།། ཕྱོགས་གཅིག་མི་ནི་ཡིན་གྱུར་ནོ།། རྟག་དང་མི་རྟག་འགྱུར་བ་ཡིན།། དེ་ཡང་རིགས་པ་མ་ཡིན་ནོ།། གལ་ཏེ་རྟག་དང་མི་རྟག་པ།། གཉིས་ཀ་གྲུབ་པར་གྱུར་ན་ནི།། རྟག་པ་མ་ཡིན་མི་རྟག་མིན།། འགྲུབ་པར་འགྱུར་བ་འདོད།། ་ལ་རག། གལ་ཏེ་གང་ཞིག་གང་ནས་གང་།། འོང་ཞིང་གང་དུའང་འགྲོ་འགྱུར་ན།། དེ་ཕྱིར་འཁོར་བ་ཐོག་མེད་པར།། འགྱུར་ན་དེ་ནི་ཡོད་མ་ཡིན།། གལ་ཏེ་རྟག་པ་འགའ་མེད་ན།། མི་རྟག་གང་ཞིག་ཡིན་པར་འགྱུར།། རྟག་པ་དང་ནི་མི་རྟག་དང་།། དེ ་གཉིས་བསལ་བར་གྱུར་པའོ།། གལ་ཏེ་འཇིག་རྟེན་མངའ་ཡོད་ན།། འཇིག་རྟེན་ཕ་རོལ་ཇི་ལྟར་འགྱུར།། གལ་ཏེ་འཇིག་རྟེན་མཐའ་མེད་ན།། འཇིག་རྟེན་ཕ་རོལ་ཇི་ལྟར་འགྱུར།། གང་ཕྱིར་ཕུང་པོ་རྣམས་ཀྱི་རྒྱུན།། འདི་ནི་མར་མེའི་འོད་དང་མཚུངས།། ་དེ་ཕྱིར་མཐའ་ཡོད་ཉིད་དང་ནི།། མཐའ་མེད་ཉིད་ཀྱང་མི་རིགསོ།། གལ་ཏེ་སྔ་མ་མི་འཇིག་འགྱུར་ཞིང་།། ཕུང་པོ་འདི་ལ་བརྟེན་བྱས་ནས།། ཕུང་པོ་དེ་ནི་མི་འབྱུང་ན།། དེས་ན་འཇིག་རྟེན་མཐའ་ཡོད་འགྱུར།། གལ་ཏེ་སྔ་མ་མི་འཇིག་ཅིང་།། ཕུང ་ཟ་འདི་ལ་བརྟེན་བྱས་ནས།། ཕུང་པོ་དེ་ནི་མི་འབྱུང་ན།། དེས་ན་འཇིག་རྟེན་མཐའ་མེད་འགྱུར།། གལ་ཏེ་ཕྱོགས་གཅིག་མཐའ་ཡོད་ན།། ཕྱོགས་གཅིག་མཐའ་ནི་མེད་གྱུར་ན།། འཇིག་རྟེན་མཐའ་ཡོད་མཐའ་མེད་འགྱུར།། དེ་ཡང་རིགས་པ་མ ་ཡིན་ནོ།། ཇི་ལྟ་བུ་ནི་ཉིར་ཡིན་པ་འི།། ཕྱོག་ས་གཅིག་རྣམ་པར་འཇིག་འགྱུར་ལ།། ཕྱོགས་གཅིག་རྒྱུམོ་བཱར་འཇིག་མི་འགྱུར།། དེ་ལྟར་དེ་ནི་མི་རིགས་སོ།། ཇི་ལྟ་བུར་ནི་ཉེར་བྱུང་བ།། ཕྱོགས་གཅིག་རྣམ་པར་འཇིག་མི་འགྱུར།། དེ་ལྟར ་དེ་ཡང་མི་རིགས་སོ།། གླུལ་ཏྲེ་མཔའ་ཡོད་མཔའ་མེད་པ།། གཉིས་ཀ་གྲུབ་པར་གྱུར་ན་ནི།། མཐའ་ཡོད་མ་ཡིན་མཐའ་མེད་མིན།། འགྲུབ་པར་འགྱུར་བར་འདོད་ལ་རག། ཡང་ནཱ་དངོས་པོ་ཐམས་ཅད་དག། སྟོང་ཕྱིར་རྟག་ལ་སོགས་སྡུ་བ ་གང་དག་གང་དུ་གང་ལ་ནི།། ཅི་ལས་ཀུན་ཏུ་འབྱུང་བར་འགྱུར།། གང་གི་ཐུགས་རྩེའི་ཉེར་གཟུང་ནས།། ལྟ་བ་ཐམས་ཅད་སྤང་བའི་ཕྱིར།། དམ་པའི་ཆོས་ནི་སྟོན་མཛད་པ།། གོ་ཏ་མ་དེ་ལ་ཕྱག་འཚལ་ལོ།། ལྟ་བ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ ་བྱེད་པ་ཉི་ཤུ་བདུན་པའོ།། །། དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བ་ཐེག་པ་ཆེན་པོའི་ཆོས་མངོན་པ་རྣམ་པར་བཞག་པ།། དོན་དམ་པའི་དེ་ཁོ་ན་ཡང་དག་པར་སྟོན་པ།། ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པའི་ཚུསེལ་བར་བྱེད་པ།། སློབ་དཔོན་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེར་ལྡན་པ། དེ་བཞིན་གཤེགས་པའི་ཐེག་པ་བླ་ན་མེད་པའི་ཚུལ་གསལ་བར་བྱེད་པ།། རབ་ཏུ་དགའ་བའི་ས་བསྒྲུབས ་ནས། བདེ་བ་ཅན་གྱི་ཞིང་དུ་གཤེགས་པ། འཇིག་རྟེན་གྱི་ཁམས་དང་བའི་འོད་ཅེས་བྱ་བར། དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་བས་མཛད་པ་རྫོགས་སོ།། ། དབང་ཕྱུག་དག ་པའི་མངའ་བདག་རྒྱལ་པོ་ཆེན་པོ་དཔལ་ལྷ་བཙུན་པོའི་བཀའ་ལུང་གིས། རྒྱ་གར་གྱི་མཁན་པོ་ཐེག་པ་ཆེན་པོ་དབུ་མ་པ། ཛྙཱ་ན་གརྦྷ་དང་། ཞུ་ཆེན་གྱི་ལྷོ་ཙཱ་བ་དགེ་སློང་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ་འདི་ལ་རབ་ཏུ་བྱེད་པོ་ཉི་ཤུ་རྩ་བདུན། ཀྲོ་ཀྲྀ་བཞི་བརྒྱ་བཞི་བཅུ་རྩ་དག་ཡོད། བམ་པོ་ནི་བྱེད་དང་གཉིས་སུ་བྱས་སོ།། སྲད་ཀྱིས་ཁ་ཕྱེའི་གྲོང་ཁྱེར་དཔེ་མེད་ཀྱི་དཔུང་། གཙུག་ལག་ཁང་རིན་ཆེན་སྦས་པའི་དབུས་སུ། ཁ་རོའི་མཁན་པོ་ཧ་སུམ ་དང་། བོད་ཀྱི་སྒྲ་བསྒྱུར་གྱི་ལོ་ཙཱ་པ་བ་ཚ་བ་ཉི་མ་གྲགས་ཀྱིས་མིའི་བདག་པོ་འཕགས་པ་ལྔའི་སྐུ་རིང་ལ་འགྲེལ་པ་ཚིགསལ་བ་དང་བསྟུན་ནས་བཅོས་པའོ།། ། སརྦ་མངྒ་ལ~ཾ།། ་