| Wylie | e-texts produced with BDRC’s OCR application |
བཞུགས་སོ།། ། རྒྱ་གར་སྐད་དུ། བྷ་ག་བ་ཏཽ་པྲཛྙཱ་པཱ་ར་མྲྀ་ཏཱ་ཧྲི་ད་ཡཱནྡ་པྲ་དཱི་པ་ནཱ་མ་ཊཱི་ཀཱ། བོད་སྐད་དུ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་འགྲེལ་པ་དོན་གྱི་སྒྲོན་མ་ཞེས་བྱ་བ། བཅོམ་ལྡན ་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལོ།། གཞི་དྲན་པ་མེད་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། ལམ་སྐྱེ་བ་མེད་པ་ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། འབྲས་བུ་བློ་ལས་འདས་པ་རྣམ་པ་ཐམས་ཅད་མཁྱེན་པ ་ཉིད་ལ་ཕྱག་འཚལ་ལོ།། གང་ཤོས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་བ་དེ་ནི་མཁྱེན་ཀུན་འཁྱེན་ཡེ་ཤེས་ལ་ཕྱག་འཚལ་བ་ཡིན་ནོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཨེ་བཾ་མཱཾ་ཡ། ཡི་གེ་བཞི་པོ་འདི་ནི ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་འབྱུང་གནས། ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་གཞིར་གྱུར་པ། སེམས་ཉིད་དང་ཆོས་ཉིད་ཀྱི་ངོ་བོ་གཅིག་ལ་དྲན་པ་དང་། དྲན་པ་མེད་པ་དང་། སྐྱེ་བ་མེད་པ་དང་། བློ་ལས་འདས ་པ་ཆོས་བཞི་པོ་དུས་གཅིག་པ་ལས་ཟབ་པ་དང་། སྣང་བའི་ཚུལ་རྣམ་པ་གཉིས་ཀྱིས་ཐོས་སོ།། དེ་ཡང་ཟབ་པ་ནི་ཐོས་པ་དང་བསམས་པ་དང་བསྒོམ་པ་ལས་འདས་པ་སྟེ། དུས་གསུམ་དུ་རྣམ་པར་བཞུགས་པའི ་སངས་རྒྱས་རྣམས་དང་། ཁམས་གསུམ་གྱི་སེམས་ཅན་མ་ལུས་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཐ་མི་དད་པའི་སྐད་ཅིག་མ་གཅིག་ལ་མཉམ་པ་ཉིད་ལ་གནས་པའི་ཚིག་བླ་དྭགས་སོ།། སྣང་བ་ནི་དྲན་པའི་རྣམ་པ་སེམས་ཅན ་རྣམས་ཀྱི་ལས་ལ་ཆགས་པའོ།། བཅོམ་ལྡན་འདས་ནི་ཉོན་མོངས་པ་དང་ཤེས་བྱོའི་སྒྲིབ་པ་མ་ལུས་པ་བཅོམ་ནས་ཆོས་ཀྱི་སྐུ་ལ་མྱ་ངན་ལས་འདས་པའོ།། རྒྱལ་པོའི་ཁྱབ་ནི་ཀུན་ནས་ཉོན་མོངས་པའི་གནས་རྣམས་ཀྱི ་ཁྱད་པར་དུ་འཕགས་ཏེ། ཆོས་མ་ལུས་པ་སྒྱུ་མ་དང་རྨི་ལམ་ལྟ་བུས་འཇིག་རྟེན་པའི་ཆོ་འཕྲུལ་སྣ་ཚོགས་བསྟན་པའི་ཕྱི་རོ།། བྱ་རྒོད་ཕུང་པོའི་རི་ནི་རྣམ་པར་བྱང་བའི་ཆོས་རྣམས་ཀྱི་གནས་ཁྱད་པར་དུ་འཕགས་ཤིང་སྟོང ་པ་ཉིད་ལ་གནས་པའི་སྐྱེས་བུའི་བྱ་རྣམས་ཟིལ་གྱིས་གནོན་པས་སྤུངས་པ་ཡིན་ནོ།། དགེ་སློང་གི་དགེ་འདུན་ཆེན་པོ་དོང་ནི་ཉོན་མོངས་པ་ལས་བྱོལ་ནས་རང་རང་གི་འདོད་པའི་སྐམཽ་སེར་གནས་པ་རྣམསོ།། ་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་ནི་ཤེས་རབ་དང་ཤེས་བྱ་ལ་སོགས་པ་མཉམ་པ་དང་བྲལ་ནས་ཐམས་ཅད་ཇི་ལྟ་བ་བཞིན་དུ་མཁྱེན་པ་རྣམསོ།། ཐབས་ཅིག་ཏུ་བཞུགས་ཏེ་ནི་དྲན་པ་སྣ་ཚོགས་ཐབས ་ཤེས་ཤིང་དྲན་པས་མི་གོས་པ་ཤེས་རབ་རྣམ་གསུམ་དང་མ་བྲལ་བ་ཟབ་མོའི་ཆོས་ཉིད་ཀྱིས་སྣོད་དུ་གྱུར་པ་རྣམས་དང་ཐབས་གཅིག་གོ།། དེའི་ཚེ་བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བ་ནི་ཟབ་པ་ནི་དྲན་པ་དང་རིག་པ་དང་བློ་ཡི ་རྣམ་པ་གང་གིས་ཀྱང་མ་གོས་པ། དཔེ་དང་བརྡས་མཚོན་དུ་མེད་པ་ཡིན་ཡང་ན་མཁའ་ལྟར་མཐིའི་དབུས་མེད་པའི་ཆོས་ཉིད་དོ།། སྣང་བ་ནི་དྲན་པ་བློ་བུར་ན་མཁའ་ལ་ནམྱ་གཞུག་ཚད་ཀོའི་སྦྲང་བུ་རྒྱུ་བ་ལྟར་མི་རྟག་པ་དང་འགྱུར་བ ་བ་ཅན་ཡང་དག་པ་མ་ཡིན་པ་ཐུགས་ལ་དགོངས་པའི་ཕྱིར་རོ།། ཆོས་ཀྱི་རྣམ་གྲངས་ནི་ཟབ་པ་དང་རྒྱ་ཆེ་བའོ།། ཟབ་པ་དང་རྒྱ་ཆེ་བྱི་ནི་གཅིག་ལ་མ་འདྲེས་པ་དཔེར་ན་མཚོ་དང་བ་ལ་ནམྦཁའི་གཟུགས་བརྙན་མཐོང་བ་ནི་དཀོན་ནོ།། ། ་ཉི་མ་དང་ཟླ་བ་དང་སྐ་མ་དད་ལ་སོགས་པའི་གཟུགས་བརྙན་མཐོང་བ་ནི་ཤིན་ཏུ་མང་ངོ་།། དེ་བཞིན་དུ་ཟབ་མྱོའི་ཆོས་དྲན་པ་མེད་པ་དང་། སྐྱེ་བ་མེད་པ་དང་། བློའི་སྤྱོད་ཡུལ་མ་ཡིན་པ་ལ་དྲིས་ཤིང་ཡིད་ཆེས་པའི་སྐྱེས་བུ་ནི ་ཤིན་ཏུ་དཀོན་ནོ།། རྒྱ་ཆེ་བའི་ཆོས་དྲན་པའི་རྣམ་གྲངས་མི་འདྲ་བ་ལ་ཆགས་ཤིང་ཡིད་ཆེས་པ་ཤིན་ཏུ་མང་ངོ་།། ཏིང་འཛིན་ལ་སྙོམས་པར་ཞུགས་སོ་ནི་ཟབ་པ་དང་རྒྱ་ཆེ་བ་ཆོས་ཀྱི་དབྱིངསུ་ཐ་མི་དད་པ་སྟེ། དཔེར་ན་མཚོ་དངས ་བཱ་ལ་ན་མཁའི་གཟུགས་བརྙན་ཤར་བ་ན་ཉི་མ་དང་ཟླ་བ་དང་སྐར་མ་ལ་སོགས་པའི་གཟུགས་བརྙན་ཤར་བ་ནི་ཆུ་བོའི་ངོ་བོར་གཅིག་པ་བཞིན་དུ། དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་རྣམས་ཀྱི་ཐུགས ་ཀྱི་དགོངས་པ་གཅིག་པ་ཡིན་ནོ།། ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་ཉིད་ཀྱིས་དགོངས་པའི་ཟབ་མོའི་ཆོས་ཉིད་ལ་དགོངས་ནས་སེམས་ཅན་རྣམས་ཀྱི་དོན་དུ་ཐབས་ཀྱི་སྣང་བ་ལ་གནས་པས་སོ།། སེམས ་དཔའ་ཆེན་པོ་ནི་དུས་གསུམ་གྱི་སངས་རྒྱས་ཀྱི་དགོངས་པ་ལ་གནས་ནས་སེམས་ཅན་གྱི་ཁམས་དཔག་ཏུ་མེད་པའི་དོན་མཛད་པསོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ནི་འཇིག་རྟེན་དྲང་འཇིག་རྟེན་ལས་འདས ་པཱ་ལས་འཕགས་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ཤིང་དམིགས་པ་མེད་པའི་ཐུགས་རྗེ་མྱངའ་བས་སོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ཕྱིན་ཅི་མ་ལོག་པའི་ཤེས་པའོ།། ཕ་རོལ་ཏུ ་ཕྱིན་པ་ནི་བློའི་སྤྱོད་ཡུལ་ལས་འདས་པའོ།། ཟབ་མོ་སྤྱོད་པ་ཉིད་ལ་ལྟ་ཞིང་ནི་དྲན་པའི་རྣམ་པས་མ་གོས་པ་ལས་སྣ་ཚོགས་ཤར་བས་སྤྱོད་པ་མ་ངེས་པ་ལཾ་བཱལྟོས་པས་སོ།། ཕུང་པོ་ལྔ་པོ་དེ་དག་ལ་ཡང་ནི་གཟུགས་ཀྱི ་ཕུང་པོ་ལ་སོགས་པའི་ཟག་པ་དང་བཅས་པ་དེ་དག་དང་། ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པ་ཟག་པ་མེད་པའི་ཕུང་པོ་ལྔ་པོ་དེ་དག་ལའོ།། རང་བཞིན་གྱིས་སྟོང་པར་རྣམ་པར་ལྟེའོ་ནི་ཟག་པ་དང་བཅས་པའི་ཕུང ་རྣམས་འདོར་བར་འདོད་པ་དང་། ཟག་པ་མེད་པའི་ཕུང་པོ་རྣམས་བླང་བར་འདོད་པ་རྣམས་ལ་རང་བཞིན་མ་གྲུབ་པར་བསྟན་པའི་ཕྱིར་རོ།། དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དྲང་ལྡན་པ་ཤཱ་རིའི་བུས་ནི་དུས ་གསུམ་གྱི་སངས་རྒྱས་ཀྱི་དགོངས་པ་ཟབ་མོས་ཁམས་གསུམ་གྱི་སེམས་ཅན་གྱི་དྲན་པའི་སྣང་བ་ལ་བྱིན་གྱིས་བརླབས་པས་སྤོབས་པ་མཐའ་ཡོཡས་པ་སྐྱེས་སོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས ་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ནི་དུས་གསུམ་གྱི་སངས་རྒྱས་གློ་སངས་རྒྱས་ཀྱི་དགོངས་པ་ཟབ་མོ་འབའ་ཞིག་ལ་མོས་པའི་གང་ཟག་རྣམས་ཀྱི་དོན་ལོ་དགོངས་ནས་དྲི་བར་བྱའོ་སྙམ་དུ་བསམ་པ་སྐྱེས་པའོ།། དེ་ལ ་དགོངས་ནས་འདི་སྐད་ཅེས་སྨོས་སོ།། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ནི་ཐེག་པ་ཆེན་པོ་པའི་རིགས་ཅན་རྣམས་སོ།། དེའི་ནང་ནས་ཟབ་མོའི་དོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མོས་ཤིང་དོན་དུ་གཉེར་བ་རྣམས་སོ།། དེ་ཡང ་སེམས་ཉིད་གཅིག་པ་ལ་རྨི་ལམ་ལྟར་ཐ་དད་དུ་སྣང་བ་ནི་སྐྱེས་པ་དང་བུད་མེད་དོང་།། གང་ལ་ལ་ནི་ཟབ་མོའི་དོན་ལ་མ་མོས་ཤིང་འཇིགས་པ་དངང་པ་དང་སྐྲག་པར་འགྱུར་བ་ཡང་ཡོད་དོ།། ལ་ལས་ནི་ཟབ་མོའི་ཆོས་ཐོས ་པ་ཙམ་གྱིས་དགའ་ཞིང་མགུ་ལ་སེམས་བསྐྱེད་པ་ཙམ་གྱིས་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་ཡང་ཡོད་དོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱོད་པ་སྤྱད་པར་འདོད་པ་དེས་ནི་བདག་དང་གཞན་མི་དམིགས་པ ་ཚུལ་གྱིས་ཇི་ལྟར་བསླབ་པར་བྱ་ཞེས་དྲིས་སོ།། དེ་སྐད་ཅེས་སྨྲས་པ་དང་ནི་དྲིས་པའི་ལན་གདབ་པར་བྱའོ་ཞེས་དགོངས་པའི་ཐ་ཚིག་གོ།། གང་གིས་དགོངས་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན ་རས་གཟིགས་དབང་ཕྱུག་གིས་ཟབ་མོའི་ཆོས་ལ་ཇི་ལྟར་བ་བཞིན་དུ་དགོངས་ནས་སེམས་ཅན་རྣམས་ཀྱི་དོན་དུ་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ།། ཤཱ་རིའི་བུ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལོ་ལྔ ་ནི་ཟབ་མོ་དོནྡ་དུ་གཉེར་བྱ་རྣམས་ཀྱི་དེད་དཔོན་དུ་གྱུར་པ་ཤཱ་རཱིའི་བུ་ལ་དམིགས་ནས་མདོ་གཞན་པ་རྣམས་ནི་སྙིང་པོ་མེད་པ་སྦྱིན་པའི་རྣམ་པ་ལྟ་བུ་སྟེ། གང་ལ་ལ་ནཱཾ་དྲང་བའི་དོན་གྱི་མདོ་ལ་མོས་པ་དང་། ལ་ལ་ནི ་ངེས་པའི་དོན་གྱི་མདོལ་མོས་པ་རྣམས་སོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དུས་གསུམ་གྱི་སངས་རྒྱས་ཀྱི་ཐུགས་ཀྱི་སྙིང་པོ་ཡིན་པ་དང་། དེ་བས་ཀྱང་ཟབ་མོའི་དོན་བློའི་སྤྱོད་ཡུལ་མ་ཡིན་པ་སྟེ། ཟབ་མོ་སྤྱད་པ་སྤྱོད ་པར་འདོད་པ་དེས་འདི་ལྟར་རྣམ་པར་བལྟ་བར་བྱ་སྟེ་ནི་དོན་ཟབ་མོའི་ཆོས་ཉིད་ལ་བློས་སྤྱད་པར་དཀའ་བས་སོ།། སྣང་བའི་ཆོས་ལ་སྤྱད་པས་ནི་སྙིང་པོའི་ཆོས་དང་མི་ཕྲད་དོ།། དེ་བས་ན་དྲན་པའི་སྣང་བ་འདི་རྣམས ་རྣམ་པར་མ་བྱང་གི་བར་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་དོན་རྟོགས་པར་དཀའ་བས་ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་ཡང་དག་པར་རྗེ་སུ་བལྟའོ།། འོ་ན་ཕྱིན་ཅི་མ་ལོག་པར་ཟབ་མོའི་ཆོས ་ཉིད་དང་མ་ཕྲད་པའི་ཕྱི་རོལ་པ་ནི་བདག་ཏུ་ལྟ་བ་དང་། བདག་མེད་པར་ལྟ་བ་རྣམ་སོ།། དེ་ཡང་བདག་ཏུ་ལྟ་བ་ནི་རིག་པ་ཡང་དག་པར་ཡོད་པར་ཁས་ལེན་པ་རྣམ་སོ།། བདག་མེད་པ་ལ་མོས་པ་ནི་རིག་པ ་སྤྱོད་པ་གཉིས་སུ་མེད་པར་སྨྲ་བ་རྣམས་སོ།། དེ་ཡང་གང་ཟག་དུང་ཆོ་སྣ་ལ་བདག་མེད་པར་ལྟ་བ་ལ་བློ་གོམས་པར་བྱ་བའི་དོན་དུ་ཕྱི་དང་ནང་ཐམས་ཅད་ལ་རྡུལ་ཕྲ་རབ་ཏུ་གཞིག་ཅིང་བལྟས་པས་བདག་མ་རྙེད་པ་ལ་བློ ་གོམས་པར་བྱས་ནས་མཉམ་པ་ཉིད་ལ་གཞག་པའི་དུས་སུ་ཅི་ཡང་མི་དམིགས་ཅི་ཡང་མི་རྟོག་པ་དེ་ལ་ཡུན་རིང་དུ་སེམས་གནས་པ་ཐོབ་པར་བྱ་བའི་ཡུལ་དུ་བྱས་པ་ན་སེམས་དྲངས་ཤིང་ཉམས་དགའ་བ་ལ་དམིགས། ་པ་ནི་མཉམ་པར་གཞག་པའོ།། རྗེས་ལ་ཐོབ་པའི་དུས་སུ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང་། རྨི་ལམ་ལྟ་བུ་དྲང་། སྨིག་རྒྱུ་ལྟ་བུ་དང་། སྒྲ་བརྙན་ལྟ་བུ་དང་། ཆུ་ཟླ་ལྟ་བུ་དང་འཇའ་ཚོན་ལྟ་བུ་དང་། དྲི་ཟའི་གྲོང་ཁྱེར་ལྟ ་པུ་དང་། མྱགལ་མེ་སྐོར་བ་ལྟ་བུ་དང་། སྐྲ་ཤད་འཛངས་པ་ལྟ་བུ་དང་། དབང་པོའི་དྲ་བ་ལྟ་བུ་དང་། སྤྲུལ་པའི་རྣམ་པ་ལ་དམྱིགས་ནས་ཡིད་བྱུང་ཞིང་སྣ་ཚོགས་སྟོང་པ་ཉྀད་དང་ཟུང་དུ་འཇུག་པ་ལ་མོས་པའི་གཽང་ཟག ་རྣམས་ཀྱི་དོན་དུ་འཇུག་ཟུགས་སྟོང་པའོ།། སྟོང་པ་ཉིད་གཟུགས་སོ།། གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ།། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིནོ་ཞེས་གསུངས།། གཟུགས་ཀྱི་ཕུང་པོ་ཇི་ལྟ ་བ་བཞིན་དུ་ཚོར་བྱ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་སྟོང་པའོ།། རྣམས་ཞེས་བྱ་བས་ནི་རྣམ་པར་ཤེས་པའི་ཚོགས་བརྒྱད་ཀྱང་སྟོང་པ་ཉིད་དོ།། དེའི་ནང་དུ་ན་ཀུན་གཞི་རྣམ་པར་ཤེས་པ ་ཟབ་ཅིང་ཕྲ་བ་དེ་དོན་དུ་གཉེ་པ་ཡོད་དེ་དེ་ནི་ལོགས་པ་མ་ཡིན་ནོ།། འདིས་ཅི་བསྟན་ཞེ་ན། སྣང་བ་སྣ་ཚོགས་དྲན་པས་ཡུལ་དུ་བྱས་པའི་སྒྱུ་མ་ལྟ་བུའི་ཏིང་འཛིན་དབང་པོའི་མངོན་སུམ་གྱིས་གཏན་ལ་ཕབ་པའི་ཆོས ་ཐམས་ཅད་ཟུང་དུ་འཇུག་པའི་དྲན་པ་ལ་བརྟེན་པ་སོ་སོའི་སྐྱེ་བོའི་ཆོས་བསྟན་ཟིན་ཏོ།། དྲ་ནི་ཟིབ་མོའི་ཆོས་ཉིད་ལ་བརྟེན་པ་སོ་སོའི་སྐྱེ་བོའི་སྤྱོད་ཡུལ་མ་ཡིན་པ་དྲན་པ་མེད་པ་དང་། སྐྱེ་བ་མེད་པ་དང་། བློའི་སྤྱོད ་ཡུལ་ལ་ལས་འདས་པ་དེ་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་གསུམ་པོ་ནི་ཡིད་ཀྱི་མངོན་སུམོ་དང་། རང་རིག་པའི་མངོན་སུམ་དང་། རྣལ་འབྱོར་གྱི་མངོན་སུམ་གྱིས་སྟོང ་དས་། 1མ་ས་ཚ་མ་། རྒྱུན་ཆད་རབ་ཏུ་མི་གནས་པ་དང་གསུམ་གྱིས་རྐྱེན་གསུམ་དང་བྲལ་བའི་ཤེས་རབ་རྣམ་གསུམ་གྱི་གདམས་དྲུག་ནི། ཤཱ་རིའི་བུ་དེ་ལྟ་བས་ན་ཆོས་ཐམས་ཅད་སྟོང་པ་ཉིད་དེ། དེ་ལ་ནི་གཟུགས ་མེད་དེཚོར་བ་མེད་པ་ནས་རྒ་ཤི་ཟད་པའི་བར་དུ་ཡང་མེད་དོ་ཞེས་པའི་བར་གྱིས་སྟོང་པ་ཉིད་ཀྱི་ཏིང་འཛིན་སྤྲུལ་པའི་སྐུ་བསྟན་ནོ།། མཚན་ཉིད་མེད་པ། མེ་སྐྱེས་པ། མ་འགགས་པ། སྡུག་བསྔལ་བ་དང་ཀུན་འབྱུང་བ་དང་། ་འགོག་པ་དང་། ལཱམ་མེད། དེས་ནི་མཚན་ཉིད་མ་མེད་པའི་ཏིང་འཛིན་ལོངས་སྤྱོད་རྫོགས་པའི་སྐུ་བསྟན་ནོ།། དྲི་མ་མེད་པ། དྲི་མ་དང་བྲལ་བ་མེད་པ། བྲི་བ་མེད་པ། གང་བ་མེད་པའོ།། ཡེ་ཤེས་མེད། ཐོབ་པ ་མྱེད་དམ་ཐོབ་པ་ཡང་མདོ།། དེས་ནི་སྨོན་པ་མེད་པའི་ཏིངེ་འཛིན་ཆོས་ཀྱི་སྐུ་བསྟན་ཏོ།། དེ་གསལ་བར་བྱེད་པ་ནི་དྲན་པས་མ་གོས་པ་ཡིད་ལ་མ་བྱས་པ་སྟོང་པ་ཉིད་དོ།། དེ་ཡང་ཡིད་ལ་མུ་བྱས་པའི་སྟོང་པ་ཉིད་ལ་གཟུགས་མེད། ་ཚོར་བ་མེད། འདུ་ཤེས་མེད། འདུ་བྱེད་མེད། རྣམ་པར་ཤེས་པ་མེདོ།། གང་ལ་རྣམ་པར་ཤེས་པ་མེད་པ་དེ་ལ་དྲན་པ་མེད་དོ།། གང་ལ་ཡིད་ལ་མ་བྱས་པའི་སྟོང་པ་ཉིད་ལ་མིག་མེད། རྣ་བ་མེད། སྣ་མྱེད། ལྕེ་མེད། ལུས་མེད། ་ཡིད་མེདདོ།། གང་ལ་ཡིད་མེད་པ་དྲི་ལ་ནཱི་ཡིད་ལ་བྱར་མེད་དོ།། གང་དྲན་པ་མེད་ཅིང་ཡིད་ལ་བྱུར་མེད་པ་དེ་ནི་སངས་རྒྱས་རྗེ་སུ་དྲན་པ་དང་། ཆོས་རྗེ་སུ་ངན་པ་དང་། དགེ་འདུན་རྟ་སུ་དྲན་པའོ།། གང་དཀོན་མཆོག་གསུམ་རྗེས་སུ ་དྲན་པ་དེ་ནི་རྗེས་སུ་དྲན་པ་རྣམས་ཀྱི་མཆོག་གོ། གོང་དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པ་དེ་ནི་གཏོང་བ་རྗེསུ་དྲན་པ་དང་། ཚུལ་ཁྲིམས་རྗེ་སུ་དྲན་པ་དང་། ལྷ་རྗེསུ་དྲན་པའོ།། གཟུང་བ་དང་འཛིན་པ་མི་དམིགས་པའི་ཚུལ ་གྱིས་གཏོང་བ་རྗེསུ་དྲན་པའོ།། སྐྱེ་བ་དང་འཇིག་པ་མི་དམིགས་པའི་ཚུལ་གྱིས་ཚུལ་ཁྲིམས་རྗེ་སུ་དྲན་པའོ།། སྐུ་གསུམ་མི་དམིགས་པའི་ཚུལ་གྱིས་ལྷ་རྗེསུ་དྲན་པའོ།། གང་དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པའི་སྟོང་པ ་ཉིད་དེ་ལ་ནི་གཟུགས་མེད། སྒྲ་མེད་དྲི་མེད། རོ་མེད། རེག་བྱ་མེད། ཆོས་མེད་དོ།། གླང་ལ་ཆོས་མེད་པ་དེ་ལ་ནི་འདས་བྱས་ཀྱི་ཆོས་དང་འདུས་མ་བྱས་ཀྱི་ཆོས་དྲང་། དགེ་བའི་ཆོས་དང་། མི་དགེ་བའི་ཆོས་དང་། ལུང་དུ་བསྟན ་པའི་ཆོས་དང་། ལུང་དུ་མ་བསྟན་པའི་ཆོས་རྣམས་མེད་དོ།། གྲོང་དྲན་པའི་མེད་ཅིང་ཡིད་ལ་བྱ་བ་མེད་པའི་གཟུགས་སྟོང་པ་ཉིད་དེ་ལ་ནི་མིག་གི་ཁོམས་མེད། མིག་གི་རྣམ་པར་ཤེས་པའི་ཁམས་མེད་པ་ནས། ཡིད་ཀྱི་རྣམ་པར། ་ཤེས་པའི་ཁམས་ཀྱི་བར་དུ་ཡང་མེད་དོ།། གང་དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པའི་སྟོང་པ་ཉིད་དེ་ལ་ནི་མ་རིག་པ་མེད། མ་རིག་པ་ཟད་པ་ཡང་མེད་པ་ནུས། རྒ་ཤི་མེད། རྒ་ཤི་ཟད་པའི་བར་དུ་ཡང་མེད་དོ།། གང་སྐྱེ་བ ་མེད་པ་དེ་ལ་ནི་རྒ་ཤི་མེད་དོ།། གང་འདུ་བ་མེད་པ་དེ་ལ་ནི་འབྲལ་བ་མེད་དོ།། གང་རྙེད་པ་མེད་པ་དེ་ལ་ནི་སྦྱོར་བ་མེད་དོ།། གང་བྱས་པ་མེད་པ་དེ་ལ་འཇིག་པ་མྱེད་དོ།། གང་དྲན་པ་མེད་པ་དེ་ལ་ནི་བརྗེད་པ་མེད་དོ།། གང་རྟོག་པ ་པ་མེད་པ་དེ་ལ་ཆད་པ་མེད་དོ།། འདིས་ནི་སྟོང་པ་ཉིད་རབ་ཏུ་མི་གནས་པ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཡིད་ཀྱི་མངོན་སུམྲ་གྱིས་གཱཏཱན་ལྔ་ཕབ་པ་བསྟན་ཏོ།། ད་ནི་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་དང་། རྣམ་པར ་བྱང་བའི་ཆོས་རྣམས་ཀྱི་བདེན་པ་བཞི་མི་གནས་པས་ན་གཏང་སྙོམས་རབ་ཏུ་མི་གནས་པའི་མི་གནས་མཚན་མ་མེད་པའི་ཏིང་འཛིན་རང་རིག་པའི་མངོན་སུམ་གྱིས་གཏན་ལ་དབབ་པར་བྱའོ།། དེ་ལ་བཏང་སྙོམས ་ནི་མཉམ་པ་ཉིད་།། མཉམ་པ་ཉིད་གང་ཡིན་པ་དེ་ལ་ནི་དུས་གསུམ་མཱི་དམིགས་པསོ།། དེ་ཡང་མཉམ་པ་ཉིད་ནི་དམིགས་པ་གང་གིས་ཀྱང་མ་གོས་པས་མིང་ཙ་མོ།། དེའི་ཕྱིར་མཚན་ཉིད་མེད་པ་ནི་ཀུན ་ནས་ཉོན་མོངས་པའི་མཚན་ཉིད་ནི་དྲན་པ་འདི་ཡིན་ནོ།། རྣམ་པར་བྱང་བའི་མཚན་ཉིད་ནི་དྲན་པ་མེད་པའི་དབྱིངས་ཡིན་ནོ།། དེ་གཉིས་མི་རྒྱུན་དྲན་པ་རྡུལ་ཙམ་ཡང་མེད་ན་དྲན་པ་མེད་པར་འགྱུར་བུ་ལྟ་གྲཝ་ལ་ཡོད། དྲན་པའི ་ཆོས་རྣམས་ཀྱང་མི་རྒྱུ་ལ་དྲན་པ་མེད་པའི་ཆོས་རྣམས་ཀྱང་མི་རྒྱུ་བོས་སྐྱེ་བ་མེད་ཅིང་འགག་པ་མེད་པའོ།། ངོ་ཡང་ཟབ་མོའི་ཆོས་ཉིད་མ་རིག་པ་ལས་དྲན་པའི་རྣམ་པ་ནི་ཀུན་འབྱུང་བའོ།། དེ་དག་མེད་བཞིན་དུ་ཡོད་པར ་མཐོང་བས་སྡུག་བསྔལ་བའོ།། ཡོད་པ་དང་མེད་པའི་ཆོས་གཉིས་ཀ་མེད་པར་མ་ཤེས་པས་ནི་སྦྱང་བྱ་དང་སྤྱོད་བྱེད་ལམ་གྱི་རྣམ་པའོ།། ལམ་གྱི་རྣམ་པ་གོམས་པ་ལས་འབྲས་བུ་ཆོས་ཀྱི་སྐུ་མངོན་དུ་འགྱུར་བའི་འགོག་པ ་ཐོབ་བྱེད་ཀྱི་ཡུལ་ལས་འདས་པ་ཡིན་པས་སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མེད་ཅེས་གསུངསོ།། དེའི་ཕྱིར་སྦྱང་བྱ་དང་སྦྱོང་བྱེད་མ་གྲུབ་པས་ནི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང་། རྨི་ལམ ་ལྟ་བུར་གསུང་སོ།། སྦྱང་བྱ་ནི་དྲན་པ་དྲན་པ་འདི་ཁོ་ནའོ།། དེ་ཡང་བཏོགས་པས་སྒྱུ་མ་དང་རྨི་ལམ་དང་འདྲ་ལ་རང་བྱུང་རང་ཞི་བ་ཡིན་ཡང་། བདེ་བ་དང་རིག་པ་དང་སྟོང་པ་ཉིད་སྙིང་རྗེའི་སྒྲོན་མ་སྦར་ནས་སྒོམ་པ་ནི་ཐབས ་ཀྱི་སྙིང་པོ་ལ་བརྡའི་མཚན་མ་ཙམ་དུ་ཤེས་བྱར་བྱའོ།། དེས་བརྡ་བྱས་ནས་དེ་ལས་གཞན་དྲན་པ་མི་རྒྱུ་བ་དེ་ལ་ནི་ཤེས་རབ་ཀྱི་རྣམ་པ་ཙམ་དུ་ཤེས་པར་བྱའོ།། དེ་གཉིས་ལས་གཞན་མ་སྐྱེས་པ་ནི་ཕ་རོལ་ཏུ་ཕྱིན་པ་ཙམ་དུ ་ཤེས་པར་བྱའོ།། དེ་དག་ལས་གཞན་གང་གི་བློ་ཡང་མ་ཤར་བ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ཞེས་བྱའོ།། དེའི་ཕྱིར་སྙིང་པོའི་དོན་གྱི་གདོམས་ངག་དྲན་པ་མཱ་ལུས་པ་སྒྱུ་མོ་ལྟ་བུའི་དོན་དང་། དྲན་པས་མ་གོས་པ ་སྟོང་པ་ཉིད་ཀྱི་དོན་དང་། དྲན་པ་དང་དྲན་པ་མེད་པས་མ་གོས་པ་མཚན་མ་མེད་པའི་དོན་དང་། སྐྱོ་བ་མེད་པས་མ་གོས་པ་བློན་པོ་མེད་པའི་དོན་ཡིན་པསོ།། གདམས་ངག་གི་རྒྱུན་མི་འཆད་པའི་བསམ་གཏན་བསྟན་པས་སོ།། དེ ་ལྟར་གནས་པའི་བསམ་གཏན་ངོ་ཤེས་པའི་སྐྱེས་བུ་རྣམས་དང་། དེ་ལྟར་ངོ་མ་ཤེས་པའི་སྐྱེས་བུ་རྣམསོ།། དཔེར་ན་ཆུ་ཁམས་གསརཱ་དང་ན་མཁའ་བཞིན་དུ་རང་བཞིན་གྱིས། རྣམ་པརུ་དག་པ་ལ་གློ་བུར་གྱི་དྲི་མས་མ་གོས ་པའོད་དེ་ལ་མཚོ་ཤིན་ཏུ་དྲང་བ་ལ་ཟླ་བ་ཉ་བིའི་ཚེ་སྤྲིན་དང་ཁུག་རྣས་མ་བསྒྲིབས་པའི་གཟུགས་བརྙན་ཤར་བ་མཐོང་ནས། ཁ་ཅིག་ནི་དགའ་ཞིང་མགུ་ནས་ཡིད་ཆགས་པ་སྐྱེསོ།། ཁྭ་ཅིག་ནི་ཅི་ཡང་སྙམ་པ་མེད་དོ།། དེ་བཞིན། ་དུ་སེམས་དངས་མ་རང་བཞིན་གྱིས་རྣམ་པར་དག་པ་ལ་སྒྱུ་མ་ལྟ་བུའི་ཏིང་འཛིན་གྱི་རྣམ་པ་མི་འདྲ་བ་བྱུང་བ་ལ་སེམས་དགའ་ཞིང་མགུ་བས་ཡིད་ཆགས་ཤིང་འདོད་ཆགས་སྐྱེས་སོ།། སེམས་དངས་མ་དང་ཕྲད་པའི་སྐྱེས་བུངས ་པ་རྣམས་ནི་སྒྱུ་མ་ལྟ་བུའི་ཏིང་འཛིན་ཉམ་སུ་མྱོང་ཡང་ཅི་ཡང་མི་སེམས་སོ།། དེ་ལ་གསེར་གྱི་རང་བཞིན་ཁ་དོག་སེར་པོ་དེ་ལ་ཁ་ཅིག་གི་ཡིད་དུ་འོང་ཞིང་རྒྱུན་དང་ནོར་ལ་སོགས་པ་བྱེད་དེ། དེ་ཡང་གཡའ ་གློ་བུར་དུ་ཆགས་པ་དེ་ལ་མི་སྡུག་པར་ལྟ་ཞིང་ཞེ་སྡང་སྐྱེད་དོ།། མཁས་པས་ལྟོས་པས་གཡའ་དེ་གློ་བུར་བ་ཡིན་པས་བསལ་དུ་བཏུབ་སྙམ་ཞིང་མི་སྡུག་པར་མི་ལྟའོ།། དེ་བཞིན་དུ་སེམས་དངས་མ་དང་མ་ཕྲད་པའི་སྐྱེས་བུ ་རྣམས་ནི་མཉམ་པར་བཞག་པོའི་སྙེམས་ལ་གཅེས་པར་བྱེད་ཅིང་། རྗེས་ཀྱི་ཤེས་པ་ལ་མི་སྡུག་པར་ལྟ་ཞིང་རེ་བ་དང་དོགས་པ་སྐྱེད་ངོ་།། སེམས་དངོས་མ་དང་ཕྲད་པའི་སྐྱེས་བུ་དམ་པ་རྣམས་ནི་མཉམ་པར་བཞག་པ་དང ་རྗེས་ལ་ཐོབ་བྱའི་སྒྱུ་མ་ལྟ་བུ་དང་རྨི་ལམ་ལྟ་བུར་ཤེས་ཤིང་བྱམས་པ་དང་ལྡན་སྡང་བར་མི་མཛད་དོ།། དཱ་ལ་ན་མཁའ་ནི་མིང་ཙམ་ཡོད་ལྔ་དངོས་པོར་མེད་པའོ།། དེ་ལོ་ཡང་རྐྱེན་གྱི་དབང་གིས་མུན་པ་དཀར་བ་དང ་གནག་པ་ལ་སོགས་པ་སྣ་ཚོགས་འབྱུང་བ་ལ། ཉིན་དང་མཚོན་དང་ཟླ་བ་དང་ལོ་དེང་བསྐལ་པ་བགྲང་ཞིང་ས་དང་ན་མཁའ་དང་ཤིན་ཏུ་རིང་ངོ་སྙམ་མོ།། མཁས་པས་བལྟས་པ་ས་དང་ན་མཁའི་བར་ན་སྐྲའི་རྩེ་མོ ་བརྒྱར་བཤ་གས་པའི་ཆ་ཤས་ཙམ་ཡང་ཡོད་པར་མི་གཟིགསོ།། དེ་བཞིན་དུ་སེམས་དངས་མ་དང་མ་ཕྲད་པའི་སྐྱེས་བུ་རྣམས་ཀྱིས་དཀའ་བ་རྣམ་པ་དུ་མ་བསྐལ་པ་གྲངས་མེད་པའི་བར་དུ་སྐྱེ་རྒ་ན་འཆིའི ་འདམ་ལས་མཐར་པར་རང་འདོད་པའི་འབྲས་བུ་ཐོབ་པར་འདོད་དེ་ཐོབ་པར་དཀའོ།། ཟབ་མོའི་ཆོས་ཉིད་སེམས་དངས་མ་དང་ཕྲད་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་ནི་རྟོགས་ན་སེམས་གྲོལ་བས་སེམས་ཅན་དང ་ཆོས་ཀྱི་སྐུའི་བར་ནི་ཅི་ཡང་ཡོད་པར་མ་གཟིགསོ།། དེ་བས་ན་ཟབ་མོའི་ཆོས་ཉིད་དྲུང་མ་ཕྲང་པའི་ཁམས་གསུམ་གྱི་སེམས་ཅན་རྣམས་ནི་གཞི་དྲན་པ་མེད་པ་དང་། ལམ་སྐྱེ་བ་མེད་པ་དང་། འབྲས་བུ་བློ་ལས་ད ་བ་མ་རིག་པ་ལ་སོགས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་བཅུ་གཉིས་ལས་གྱུར་པ་ནི་ཕུང་པོ་དང་ཁམས་ལ་སོགས་པའོ།། དེ་ལ་བདག་དང་བདག་གིར་བྱ་བ་ནི་ཉེ་བར་ལེན་པའི་ཕུང་པོའོ།། མ་རིག་པ་ལས་རིག་པ་གློ་བུར ་དུ་ཆགས་པསྲ་སྡུག་བསྔལ་ཀུན་གྱི་རྒྱུར་འགྱུར་རོ།། དེ་ཡང་སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་། འདུ་བྱེད་ཀྱི་སྡུག་བསྔལ་དུ་འགྱུར་རོ།། སྡུག་བསྔལ་དེ་དག་ལས་གྲོལ་བར་འདོད་པ་ལ་ལས་ནི ་འཕགས་པའི་ལམ་གྱི་རྣམ་པ་ལས་གོམས་པ་ལྔས་འབྲསྟེ་བུ་མྱེ་དནྣ་ལས་འདུས་པ་ཐོབ་པ་བྱ་བའི་དོན་དུ་འགོག་པ་མངོན་དུ་བྷཱ་བ་ལ་དོན་དུ་གཉེར་བ་ཡོད་དོ།། དེ་དག་མ་ལུས་པ་སྒྱུ་མུ་ལྟ་བུ་དང་རྨི་ལམ་ལྕུ ་བུར་ཇི་ལྟ་བ་བཞིན་དུ་རྟོགས་པས་ནི་གང་ཡང་མི་ལེན་མི་འདོར་བའི་ཚུལ་གྱིས་འཁོར་པོའི་མཚན་མ་ནི་སྡུག་བསྔལ་བ་དང་ཀུན་འབྱུང་བའོ།། མྱ་ངན་ལས་འདས་པའི་མཚན་མ་ནི་འགོག་པ་དང་ལམ་མོ།། དེ ་དྲག་ཐམས་ཅད་ཡང་དག་ཏུ་མི་འཛིན་པས་བཏུང་སྙོམས་མཚན་མ་མེད་པའི་ཏིང་འཛིན་གཏན་ལ་ཕབ་པའོ།། ད་ནི་རྒྱུན་ཆད་རབ་ཏུ་མི་གནས་པ་རྣལ་འབྱོར་གྱི་མངོན་སུམ་བློའི་སྤྱོད་ཡུལ་མ་ཡིན་པ ་སྨོན་པ་མེད་པ་མེད་པའི་ཏིང་འཛིན་བསྟན་པར་བྱའོ།། དེ་ཡང་ཤེས་པ་དང་ཤེས་བྱའི་དྲི་མ་གང་ཡང་མ་བྱུང་བས་དྷི་མ་མེད། དྷི་མ་དང་བྲལ་བ་ཡང་མེད་དོ།། ཆོས་ཀྱི་སྒྲ་ནི་བསམ་པ་དོང་བསྒོམ་པ་ལས་འདས་པོས་རྣམ་པ་ཐམས་ཅད ་མཁྱེན་པའི་ཡེ་ཤེས་ཀྱི་རློམ་སེམས་མེང་བ་ནི་ཡེ་ཤེས་མེད་དོ།། དེ་ཡང་ཡེ་ཤེས་མེད་ཅེས་བྱ་བ་ནི་ཡོད་ལ་བལྟོས་ནས་མེད་པ་མ་ཡིན་ཏེ། ཡོད་པ་དང་མེད་པ་ལ་སོགས་པ་ལས་གྲོལ་བ་མི་འགྱུར་བ་རྡོ་རྗེ་ལྟ་བུའི་ཏིང་འཛིན ་དང་ངོ་བོ་ཐ་མི་དད་པ་ནི་ངོ་བོ་ཉིད་ཀྱི་སྐུ་ཞེས་བྱའོ།། དེ་ཡང་དབྱེ་བ་ནི་སྐུ་གསུམ་ལྷུན་གྱིས་གྲུབ་པས་སོ།། དགོས་པ་ནི་ཟབ་མོའི་དོན་རྟོགས་ནས་སེམས་གྲོལ་བའོ།། དགོས་པའི་དགོས་པ་ནི་འབད་པ་མེད་པར་སེམས་ཅན་རྣམས ་ཀྱི་དོན་འབྱུང་བའོ།། ངེས་ཚིག་ནི་ཡེ་ཤེས་མེད་པ་ཆོས་ཀྱི་སྐུའོ།། ཆོས་སྐུ་དེ་ལ་ཡང་རྒྱུ་ལས་བྱུང་བའི་འབྲས་བུ་ཡང་མ་ཡིན་ལ། ལས་ལས་བྱུང་བའི་རྣམ་པར་སྨིན་པ་ཡང་མ་ཡིན་ནོ།། དེ་ལྟ་བུ་ཐོབ་པ་མེད་ཅེས་བྱ་བ་ནི་བློ་དང ་སེམས་དང་ཡིད་དང་རྣམ་པར་ཤེས་པའི་ཡུལ་མ་ཡིན་པས་སོ།། མ་ཐོབ་པ་ཡང་མེད་ཅེས་བྱ་བ་ནི་བློ་དང་སེམས་དང་ཡིད་དང་རྣམ་པར་ཤེས་པ་ལས་འདས་པས་མ་ཁྱབ་པ་མེད་པའི་ཕྱིར་རོ།། ཤཱ་རིའི་བུ་དེ་ལྟ་བོས་ན་ནི་དེ་ཙམ ་ཞིག་བརྗོད་པར་བྱའི།། མིང་གི་ཚོགས་དང་ཚིག་གི་ཚོགས་དང་ཡི་གེའི་ཚོགས་ལས་འདས་པའི་ཕྱིར་རོ།། བྱང་ཆུབ་སེམས་དཔའ་རྣམས་ནི་ཁམས་གསུམ་གྱི་སེམས་ཅན་གྱི་ཉོན་མོངས་པ་དང་ལས་ལས་གྱུར་པའི་བློ་དང་སེམས ་དང་ཡིད་དང་རྣམ་པར་ཤེས་པ་འམ། ཤེས་པ་དང་ཤེས་བྱ་ལས་གྱུར་པའི་ཡེ་ཤེས་བློ་བུར་བར་རྟོགས་ཤྲྀང་ཁོང་དུ་ཆུད་པའི་བྱང་ཆུབ་སེམས་དཔའ་རྣམས་སོ།། ཐོབ་པ་མེད་པའི་ཕྱིར་ནི་ས་དང་ལཱམ་མངོན་དུ་གྱུར་པ་རྣམས ་ཀྱིས་ཀྱང་མ་ཐོབ་པའི་ཕྱིར་རོ།། ཤེས་རབ་ནི་རྣམ་པ་གསོམ་མོ།། ཐོས་པའི་ཤེས་རབ་ནི་མིང་དང་ཚིག་དང་ཡི་གེ་ལས་བྱུང་བའོ།། བསམ་པའི་ཤེས་རབ་ནི་དེའི་དོན་མ་ནོར་བར་བསམ་པོའོ།། བསྒོམས་པའི་ཤེས་རབ་ནི་སེམས་རྩེ ་གཅིག་པའོ།། ཕ་རོལ་ཏུ་ཕྱིན་པ་ནི་དེ་དག་ལས་འདས་པའོ།། ཟབ་མོ་ལ་བརྟེན་ཅིང་གནས་ཏེ་ནི་ཐོས་པའི་ཕ་རོལ་ཏུ་ན་རྣམ་པར་རྟོག་པ་གང་ཡང་མེད་པའི་ནི་དྲན་པ་མེད་པའོ།། བསམ་པའི་ཕ་རོལ་ནི་རྣམ་པར་རྟོག་པ་གང་ཡང་མེད་པ་ནཱི ་སྐྱེ་བ་མེད་པའོ།། བསྒོམ་པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མེད་པ་ནི་བློའི་ཡུལ་ལས་འདས་པའོ།། དེ་ལྟ་བུ་ལ་རྟེན་མེད་པའི་ཚུལ་གྱིས་བརྟེན་ཅིང་གནས་པས་སེམས་ལ་སྒྲིབ་པ་མེད་པ་ནི་ཤིན་ཏུ་རྣམ་པར་དག་པའི་དངས་མའི ་སེམས་ལ་ལས་དང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པས་མ་གོས་པསོ།། སྐྲག་པ་མེད་དེ་ནི་ཟབ་མོའི་ཆོས་ཉིད་ཐོས་ནས་མི་འཇིགས་མི་དངང་སྐྲག་པར་མི་འགྱུར་བས་སོ།། ཕྱིན་ཅི་ལོག་ནི་ཟབ་མོའི་ཆོས་ཉིད་ལ་མ་མོས་ཤིང ་སྲིད་པ་གསུམ་གྱི་སེམས་ཅན་དོན་དམ་པར་ན་ཡོད་དུ་ཞེས་དྲན་པའི་ཆོས་ལ་ཡང་དག་ཏུ་མཐོང་བས་སོ།། ཕྱིན་ཅི་ལོག་ལ་འཁྲུལ་པ་ནི་སྲིད་པ་གསུམ་གྱི་སེམས་ཅན་རྣམས་དཔེར་ན་རྨི་ལམ་གྱི་དུས་སུ་སྒྱུ་མ་མཐོང་བ་འམ། ་རྨི་ལམ་ན་ཐག་པ་ལ་སྦྲུལ་དུ་མཐོང་བ་འམ། གཞོན་ནུ་མའི་རྨི་ལམ་ན་བུ་སྐྱེས་པ་དང་ཤི་བ་མཐོང་བ་དེ་བཞིན་དུ་ཁམོས་གསུམ་གྱི་སེམས་ཅན་རྣམས་ཀྱི་བདེ་སྡུག་ལ་སོགས་པ་དེ་འདྲའོ།། དེ་ཡང་ཕྱིན་ཅི་ལོག་ཅེས་བྱ་བ་ནི་མ་ནོར་བའི ་དོན་དམ་པའི་བདེན་པ་ལ་ནོར་བར་མཐོང་བ་རྣམས་སོ།། དཔེར་ན་གྲུ་བརྒལ་བའི་སྐྱེས་བུ་ཁ་ཅིག་གིས་རི་འམ་བྲག་གཡོ་ཞིང་འགུལ་བར་མཐོང་ངོ་།། དེ་བཞིན་དུ་དགེ་བའི་བཤེས་གཉེན་གྱིས་ཡོངསུ་མ་ཟིན་པའི་གང་ཟག་གིས་མ ་ནོར་བའི་ཆོས་ཉིད་ཟབ་མོ་ལ་ནོར་བར་མཐོང་བ་ཡོད་དོ།། དཔེར་ན་སེང་གེའི་འོ་མ་ནི་སེང་གེའི་ཕྲུག་གུས་བཏུང་བར་བྱའི།། གཞན་གྱིས་འཐུངས་ན་ལུས་པོ་གས་ཤིང་དུག་དུ་འགྱུར་རོ།། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན ་ཟབ་མོ་ནི་ཐེག་པ་ཆེན་པོའི་རིགས་ཅན་སེམས་ཤིན་ཏུ་རྣམ་པར་དག་པ་ལ་བསྟན་པར་བྱའོ།། ཐེག་པ་དམན་པའི་རིགས་ཅན་ལ་བསྟན་ན་འཇིགས་ཤིང་སྐྲག་ལ་དང་ངོ་བར་འགྱུར་རོ།། དཔེར་ན་བདེ་ཀན་ཅན་ལ་འོ་མ་འཐུངས་དུ་བཅུག ་ན་ནད་མེད་སེལ་བར་དུག་ཏུ་འགྱུར་རོ།། དཔེར་དེ་བཞིན་དུ་སྣོད་མ་ཡིན་པ་ལ་ཟབ་མོའི་ཆོས་ཉིད་བསྟན་པར་བྱའོ།། དེ་ཡང་འོ་ན་དེ་ཉིད་ཞོ་དང་དར་བར་བྱས་ནས་བད་ཀན་ཅན་འཐུང་དུ་བཅུག་ན་ཕན་པར་འགྱུར་རོ།། དེ་བཞིན་དུ་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་ཆོས་ཉིད་ལ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ལྔ་དང་བསྲེས་ནས་ན་ཐེག་པ་དམན་པ་རྣམས་ལ་བསྟན་ན་ཕན་པར་འགྱུར་རོ།། དཔེར་ན་དམུས་ལོང་མང་པོས་རང་རང་གི་གྲོང་དང་རང་རང ་གི་མ་དང་བྲལ་ནས། གྲོང་ཁྱེར་རམ་གྲོང་རྡལ་ལོ་སོགས་པར་འཁྱམས་ཏེ་སླར་ལོག་ནས་རང་རང་གི་གྲོང་དང་རང་རང་གི་མ་དང་ཕྲད་ཀྱང་ངོ་ཤེས་པར་མི་འགྱུར་རོ།། དེ་བཞིན་དུ་ཐེག་པ་དམན་པ་རྣམས་ཀྱིས་ཐེ་རྣམ་པ་ཐམས་ཅད ་མཁྱེན་པའི་གྲོང་དང་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མ་དང་བྲལ་ནས་འཁོར་བའི་གྲོང་ལས་འཁྱམས་ནས་ཚུར་ལོག་ནས་རྣམ་པ་ཐམས་ཅད་མཁྱེན་པའི་གྲོང་དང་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་དོན ་དང་ཕྲད་ཀྱང་ངོ་ཤེས་པར་མི་འགྱུར་རོ།། དེ་ཡང་ཐབས་དང་ཤེས་རབ་དང་ལྡན་པའི་དགེ་བའི་བཤེས་གཽཉེན་གྱིས་བསྟན་པའི་དཔེ་དང་དོན་གྱིས་དེ་དག་གིས་སྙིང་པོ་ཤེས་པར་འགྱུར་རོ།། དཔེར་ན་རིན་པོའི་འབྱུང ་གནས་ནས་རིན་པོ་ཆེ་བླང་བར་འདོད་པའི་སྐྱེས་བུ་རྣམས་ཕྱིན་ཅི་ལོག་གི་སྐྱེས་བུ་ཞིག་གིས་བ་ལང་གི་རྐང་རྗེས་ལ་རིན་པོ་ཆེའི་འབྱུང་གནས་འདི་ཡིན་ནོ་ཟེར་ཞིང་དེ་ལ་ཡིད་ཆེས་ཞིང་ཉན་ན་བར་དུ་ཆོད་པ་ཡིན་ནོ།། དེ ་བཞིན་དུ་ཐེག་པ་ཆེན་པོའི་རིགས་ཅན་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་དོན་བོར་ནས། མདོ་གཞན་དང་གཞན་ལ་ལྟ་ཞིང་ཡིད་ཆེས་ན་བར་དུ་ཆོད་པ་ཡིན་ནོ།། དེ་བས་ན་རྣམ་པ་ཐམས་ཅད་ནས ་ཐམས་ཅད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་དོན་གྱི་གདམས་ངག་ལྔ་བརྟེན་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་སྤྱོད་པ་དང་། བསྒོམ་པ་དང་ལྟ་བ་དང་འབྲས་བུའི་དོན་བཞི་ལ་བསྡུ་བར་བྱའོ།། དེ་ཡང ་སྤངས་རྒྱས་ཀྱི་བཀའ་མ་ནོ་རེ་བ་སྙིང་པོའི་དོན་ལ་ཡོད་དང་ཡང་དུ་བལྟ་ཞིང་དེ་ལ་སེམས་འདྲིས་པར་བྱས་པས་དྲན་པའི་རྣམ་པ་སྟོང་པོ་ཉིད་དབྱེར་མེད་པ་ནི་སྤྱོད་པའི་དོན་ཡིན་ནོ།། དེ་བས་ཀྱང་ཁྱད་པར་དུ་འཕགས་ཤིང ་ཡིད་ལྷ་མི་བྱེད་པའི་སྟོང་པ་ཉིད་རྒྱུན་དུ་གནས་པ་དངོས་བསྟན་པ་ནི་བསྒོམ་པའི་དོན་ཡིན་ནོ།། དེ་ཡང་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་དོང་རྣམ་པར་བྱུང་བའི་ཆོས་རྣམས་རྣམ་པར་བྱུང་བའོ་ཆོས་རྣམས་ལ་ཡང་དག ་པར་མི་མཐོང་བས་རང་རྒྱུད་ལས་གྲོལ་ནས་སྐྱེ་བ་མེད་ཅིང་འགག་པ་མེད་པ་ནི་ལྟ་བའི་དོན་ཡིན་ནོ།། དེ་ཡང་སངས་རྒྱས་རྣམས་ཀྱིས་ཀྱང་བསྒོམ་བྱ་མ་ཡིན་ལ་སེམས་ཅན་རྣམས་ཀྱིས་ཀྱང་བློས་ཡུལ་དུ་མ་གྱུར་པས། ་ཤེས་བྱའི་དྲི་མ་ལ་སོགས་མེད་ཅིང་རྣམ་པར་མི་རྟོག་པའི་ཡེ་ཤེས་མེད་པས་ཐོབ་ཤོར་མེད་པ་ནི་འབྲས་བུའི་དོན་ཡིན་ནོ།། དེ་དག་གིས་ཡོངསུ་བསྐོར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་དོན་འདི་ནི་ཤིན་ཏུ་གཅེས ་པར་བྱ་བའི་བར་འོས་པ་ཡིན་ནོ།། དེའི་ཡོན་ཏན་གྱིས་མྱ་ངན་ལས་འདས་པའི་མཐར་ཕྱིན་ཏོ།། མཐར་ཕྱིན་ཏོ་ཞེས་བྱ་བ་ནི་སྲིད་པ་གསུམ་གྱི་མཐའ་ནི་མྱ་ངན་ལས་འདས་པ་གསུམ་ཡིན་ལ། མྱ་ངན་ལས་འདས་པའི ་མཐའ་ནི་བརྗོད་པ་དང་བསམ་པ་དང་བསྒོམ་པ་ལས་འདས་པའོ།། དེའི་ཕྲིན་ལས་ནི་དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཞེས་བྱ་བ་ནི་འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་ཟབ ་མོའི་ཆོས་འདི་ལ་བརྟེན་ནས་སྣང་བ་སྒྱུ་མ་ལྟ་བུར་གཟིགས་ཤིང་སེམས་ཅན་རྣམས་མི་དམིགས་པའི་དོན་མཛད་དོ།། ད་ལྟར་བཞུགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་ཟབ་མོའི་ཆོས་ཉིད་ལ་བརྟེན་ནས་སེམས་ཅན་དུ ་སྣང་བ་འམ་དྲན་པ་སྒྱུ་མ་ལྟ་བུར་གཟིགས་ནས་དེ་ལས་གྲོལ་བའི་དོན་དུ་ཡོན་ཏནཱ་དང་ཕྲིན་ལས་རྫོགས་པར་བྱེད་ཅིང་རྣམ་པར་ཐར་པའི་སྒོ་གསུམ་བསྟན་པ་ཡིན་ནོ།། མ་བྱོན་པའི་སངས་རྒྱས་རྣམས་ཀྱིས་ཀྱང ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ནས་སེམས་ཅན་རྣམས་ཀྱི་དྲན་པའི་ཆོས་རྣམས་གློ་བུར་བར་གཟིགས་ཤིང་དེ་དག་ལས་གྲོལ་བའི་དོན་དུ་བསམ་དུ་མེད་པའི་ཏིང་འཛིན་སེམས་ཅན་རྣམས་ལ་སྟོན་པ ་འགྱུར་རོ།། བསམ་དུ་མེད་པའི་ཏིངེ་འཛིན་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། དེ་ལ་བརྟེན་པ་རྣམས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ།། མངོན ་པར་རྫོགས་པར་འཚང་རྒྱའོ།། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། འོ་ན་དབང་པོ་རྣོན་པོ་སྔགས་ཀྱི་ཐེག་པ་ཆེན་པོ་ལ་མོས་པ་རྣམས་ཀྱི་དོན་དུ་རྒྱུད་སྡེ་དུ་མ་ལ་བརྟེན་པ་ཕྱིའི་གསང་སྔགས་ཀྱིས་ནི་ཞི་བ ་དང་རྒྱས་པ་ལ་སོགས་པ་བསྟན་པ་དང་། ནང་གི་སྔགས་ཀྱིས་རྩཝ་དང་རླུང་ལ་སོགས་པ་ལ་བརྟེན་ནས་ལུས་དང་སེམས་བདེ་བ་བསྟན་པ་དང་། གསང་བའི་སྔགས་ཀྱིས་ཏིང་ངེ་འཛིན་ཡུན་རིང་དུ་གནས ་པར་བྱ་བ་བསྟན་ནས་སྐད་ཅིག་གིས་སམ་སྐྱེ་བ་གཅིག་གིས་སམ། བར་མ་དོ་ན་འམ། སྐྱེ་བ་བདུན་པའི་བར་ནས་སངས་རྒྱས་པ་ཡོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པའི་དོན་གྱི་གདམས་ངག་འདི་མཚན་ཉིད་ཀྱི ་ཐེག་པ་ཡིན་ནམ་སྔགས་ཀྱི་ཐེག་པ་ཡིན་ཞེས་ཐེ་ཚོམ་ཟན། སེམས་ཅན་རྣམས་ཀྱི་བློའི་སྣང་བ་ལ་ཐ་དད་དུ་སྣང་མོད་ཀྱི་ཟབ་མོའི་ཆོས་ཉིད་ཁ་ཐ་དད་མེད་དེ། དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་འདི་ནི་གསུ ་སྔགས་རྣམས་ཀྱི་དོན་གྱི་སྙིང་པོ་ཡིན་ནོ།། དེ་རྟོགས་པར་བྱེད་པ་རིག་པ་ཆེན་པོའི་སྔགས་ཞེས་བྱ་བ་ནི་རིག་པ་དྲན་པ་སྣང་བ་ཉམས་སུ་མྱོང་བའོ།། ཆེན་པོ་ནི་ན་མཁའ་དང་འདྲ་ལ། ཟབ་པ་ངོས་བཟུང་བ་ནི་སྒྱུ་མ་ལྟ་བུའི་ཏིང ་འཛིན་གྱི་སྔགསོ།། བླ་ན་མེད་པའི་སྔགས་ཞེས་བྱ་ནི་དྲན་པ་དང་། རིག་པ་དང་། སྣང་བ་དང་།། ཉམས་སུ་མྱོང་བས་མ་གོས་པ་གང་གིས་ཀྱང་མ་ནོན་པས་བླ་ན་མེད་པའི་སྔགས་ནི་སྟོང་པ་ཉིད་ཀྱི་ཏིང་འཛིན་གྱི་སྔགས ་མི་མཉམ་པ་དང་མཉམ་པའི་སྔགས་ཞེས་བྱ་བ་ནི་མ་དྲན་པ་ཡང་མ་བྱུང་བས་མ་སྐྱེས་པའོ།། མ་སྐྱེས་པའི་ཕྱིར་གང་དང་མཉམ་པ་མེད་པ་མི་མཉམ་པ་དང་མཉམ་པའི་སྔགས་ནི་མཚན་མ་མེད་པའི་ཏིང་ངེ ་འཛིན་གྱི་སྔགསོ།། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས་ནི་སངས་རྒྱས་ཀྱི་ཐུགས་ཀྱི་ཡེ་ཤེས་ཀྱིས་ཀྱང་བསྒོམ་པར་མི་མཛད། རྣམ་པར་རྟོག་པ་དང་མི་རྟོག་པར་ཡང་མཛད་པས་ན་སྡུག་བསྔལ ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས་ནི་སྨོན་པ་མེད་པའི་ཏིངངེ་འཛིན་གྱི་སྔགས་བཞིའི་དོན་ཏེ།། དེ་དག་བཀའ་དང་ལུང་ཐ་དད་པ་ལ་ལྟ་ཞིང་བསམས་པས་ཁམས་གསུམ་གྱི་སེམས་ཅན་རྣམས་ཀྱི་བདེ་སྡུག་ལ ་ལ་བལྟས་ཞིང་སྐྱེ་བ་སྐྱེ་བ་འམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚ་བའི་ཡོན་ཏན་གྱི་རྣམ་པ་ཐོས་ནས་སྤྲོ་བ་སྐྱེ་བ་ནི་ཀུན་རྫོབ་ཀྱི་བདེན་པ་སྒྱུ་མ་ལྟ་བུ་མ་བརྟགས་ཀྱི་བར་དུ་ཉམས་དགའ་བསྡུ་ནི་མི ་བརྫུན་པ་ཞེས་བྱའོ།། དེ་ལ་སྐྱོ་བ་ནི་ཞེ་སྦྱོང་བ་ཡོན་ལ། སྤྲོ་བ་ནི་འདོད་ཆགས་ཡིན་ཏེ། དེ་གཉིས་རང་གི་དྲན་པ་ཡིན་པར་ངོ་མ་ཤེས་པས་གཱཏི་མུག་ཡིནྟུ། དཔེར་ན་འདོད་ཆགས་ལ་མངོན་པར་དགའ་བོའི་སྐྱེས ་བུའི་དོན་དུ་རྨོ་ལོམ་ན་བུད་མིང་ཡིད་དུ་འང་བ་འམ། སྨན་གྱི་རྣམ་པས་བྱས་པའི་བུད་མེད་དམ། ཤིང་སྣ་ཚོགས་པས་བྱས་པའི་བུད་མེད་དེ་དག་གིས་སྐྱེས་བུའི་དོན་བྱེད་དེ། དེའི་རྗེས་ལ་བརྟགས་ཤིང་དཔྱང་པས་བུད ་མེད་དེ་དག་ཀྱང་མེད་ལ། དེ་ལས་བྱུང་བའི་ཉམ་སུ་མྱོང་བ་དེ་ཡང་མེད་དོ།། དེ་བཞིན་དུ་སྤྲོ་བའི་སེམས་ཀྱང་ཉམས་དགའོ་ཞིང་བདེ་བ་ལ་བརྟགས་པས་མི་བདེན་པའོ།། དཔེར་ན་རི་མོ་མཁན་མཁས་པ་ཞིག་གིས་རས ་ལ་སོགས་པའི་གཞི་མ་ཞིག་ལ་ཁྲོ་བོ་འཇིག་སུ་རུང་བ་ཞིག་བྲིས་པ་ལ་རང་གིས་བལྟས་པས་བྲེད་ཅིང་ཤིན་ཏུ་འཇིག་སོ།། སྐྱོ་བའི་སེམས་ཀྱང་དེ་བཞིན་ནོ།། དེ་བས་ན་སྐྱོ་བ་དང་སྤྲོ་བ་ལ་ཡིད་ཆེས་པའི་གང་ཟག ་རྣམས་ཀྱི་དོན་དུ་རྒྱུ་འབྲས་སམ། ལས་ཀྱི་རྣམ་པར་སྨིན་པ་མི་བརྫུན་པས་ནཱ་ཞེས་གསུངས་སོ།། བདེན་པ་མཐོང་བའི་སྐྱེས་བུ་དམ་པ་རྣམས་ཀྱི་དོན་དུ་ནི་དོན་དམ་པར་ན་ལས་ཀྱང་མོང་། ལས་ཀྱི་རྣམ་པར་སྨིན་པ་ཡང་མེད་དོ། ་ཞེས་བཀའ་ལས་གསུངསོ།། དེ་བས་ན་བརྒྱུད་པའི་གདམས་ངག་ལས་དྲན་པའི་ཆོས་རྣམས་ནི་སྒྱུ་མ་ལྟ་བུར་སྣང་ལ་རང་བཞིན་མེད་པའོ།། མ་དྲན་པའི་ཆོས་རྣམས་ནི་ཟབ་ཅིང་མི་སྣང་ལ་རང་བཞིན་ཡོད་པའི།། དེའི་ཕྱིར་དྲན ་པའི་ཆོས་སྒྱུ་མ་ཙམ་དུ་དོན་བྱེད་ནུས་ལ་མི་བརྫུན་པས་སོ།། དྲན་པས་མ་གོས་པ་ཟབ་མོའི་ཆོས་ཉིད་ཀྱིས་རྣམ་པར་ཐར་པའི་སྒོ་གསུམ་བསྟན་པས་ནི་བདེན་པར་ཤེས་པར་བྱ་སྟེ། དཔེ་ན་སྨིག་རྒྱུའི་ཆུ་བོ་ཆེན་པོ་ལས་བརྒལ་བར ་འདོད་པའི་གང་ཟག་གིས་མཉན་པ་བོས་ནས་གྲུ་དང་བཅས་ཏེ་སྨིག་རྒྱུའི་ཆུ་བོ་ཆེན་པོའི་འགྲམ་དུ་འོངས་ནས། ཀྱེ་སྐྱེས་བུ་ཁྱོད་ཀྱིས་ཆུ་བོ་ཆེན་པོ་འདི་ལས་ང་སྒྲོལ་ཅིག་ཁྱོད་ཙ་དབང་བའི་རྔན་པ་སྦྱིན་ནོ་ཞེས་སྨྲས་པས། མཉན ་པ་དེས་འོ་ན་ང་ལ་རྔན་པ་བླང་ཅིག་ཅེས་བྱས་པས་བྱིན་ནོ།། དེ་ནས་མཉན་པོ་དེས་སྐྱེས་བུ་དེའི་མིག་ཕྱིས་པས་སྨིག་རྒྱུའི་ཆུ་བོ་ཆེན་པོ་དེ་མེད་པར་གྱུར་ཏོ།། དེ་བཞིན་དུ་ལས་དང་ལས་ཀྱི་རྣམ་པར་སྨིན་པ་ལས་གྱུར་པའི་འཁོར ་བ་རྣམ་པ་གསུམ་གྱི་ཆུ་བོ་ཆེན་པོ་ལས་བརྒལ་བར་འདོད་པའི་སྐྱེས་བུ་རྣམས་ཀྱིས་ཐབས་དང་། ཤེས་རབ་དང་ལྡན་པའི་དགེ་བའི་བཤེས་གཉེན་གྱི་དྲུང་དུ་སོང་ནས་བདག་འཁོར་བའི་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ ་ལས་བསྒྲལ་བར་ཞུ། ཁྱེད་ཀྱིས་ཇི་ལྟར་བཀའ་སྩལ་པ་བཞིན་བགྱིད་དོ་ཞེས་བྱས་པ་དང་། དགེ་བའི་བཤེས་གཉེན་ངེས་ཀྱང་མདོའི་ལུང་དུ་མ་དྲངས་ཤིང་སྐྱེ་བ་དང་། སྤྲོ་བ་བསྐྱེད་པར་བྱེད་དོ།། དེ་ནས་སྐྱེ་བ་དང་སྤྲོ་བ ་དེ་ཡང་རང་གི་སེམས་དྲན་པ་འདི་ཡིན་ནོ།། དྲན་པ་འདི་ལས་བརྒལ་བར་བྱེད་པའི་ཐབས་ཇི་ལྟ་བུ་ཡོད་ཅེ་ན། དེ་ལ་དྲན་པའི་ཆོས་རྣམས་ཐབསུ་ཤེས་ཤིང་དྲན་པས་མ་གོས་པ་ཟབ་མོ་རྣམ་པ་གསུམ་ཡིན་པས་སོ།། དེ ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་ཆོས་ཉིད་མ་རྟོགས་པོར་དུ་སྨིག་རྒྱུའི་ཆུ་བོ་དང་འདྲ་སྟེ། དྲན་པའི་ཆོས་རྣམས་བདེན་ཏེ་མི་བརྫུན་པས་ནའོ།། ཟབ་མོའི་ཆོས་ཉིད་དང་ཕྲད་ན་སྨིག་རྒྱུའི་ཆུ་སྟོར་བ་དང ་འདྲ་སྟེ། དྷནྣ་པས་མ་གོས་པ་བདྨཱན་པར་ཤེས་པར་བྱ་སྟེའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་སྨྲས་པ། སྔགས་ནི་ཞི་བ་དང་། རྒྱུས་པོ་དང་། དབང་དང་། དྲག་པོའི་སྔགས་མ་ཡིན་ནོ།། འོ་ན་གང་ཡིན་ཞེ་ན། ་སྔགས་འདིའི་དོན་རྟོགས་པ་ཙམ་གྱིས་སེམས་གྲོལ་པོ་ཡིན་ནོ།། སྔགས་འདིའི་དང་པོའི་ཡི་གེ་བཞི་ལས་བྱུང་བ་དང་། བར་དུ་ཡི་གེ་བཞིའི་དོན་གསལ་བར་བསྟན་པ་དང་། ཐ་མ་སྔགས་ཀྱི་དོན་རྣམ་པ་བཞི་ལ་བསྡུས་པསོ།། ་དོན་བཞི་པོ་གང་ཞེ་ན། སྒྱུ་མ་ལྟ་བུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའོ།། ཏཱདྱ་ཐཱ་ཞེས་བྱ་བ་ནི་འདི་ལྟ་སྟེ། ག་ཏྭེ་ག་ཏེ་ནི་ཕྱིན་ཏོ་ཕྱིན་ཏོ་ཞེས་བྱ་བ་ནི་དྲན་པ་མ་ལུས་པ་སྒྱུ་མ་ལྟ ་བུ་ལ་ཕྱིན་ཏོ།། པཱ་ར་ག་ཏེ་ནི་ཕ་རོལ་ཕྱིན་ཏོ་ཞེས་བྱ་བ་ནི་དྲན་པའི་ཕ་རོལ་ན་སྟོང་པ་ཉིད་ལ་ཕ་རོལ་ཏུ་ཕྱིན་ཏོ།། པཱ་ར་སརྦྦ་ཏོ་ནི་ཕ་རོལ་ཏུ་ཡང་དག་པར་ཕྱིན་ཏོ་ཞེས་བྱ་བས་ནི་སྒྱུ་མ་ལྟ་བུ་དང་། སྟོང་པ་ཉིད་ཀྱི་ཕ་རོལ་ནི་མཚན ་མ་མེད་པ་ལ་ཕ་རོལ་ཏུ་ཡང་དག་པར་ཕྱིན་ཏོ།། བོ་དྷི་སྭཱ་ཧཱ་བྱང་ཆུབ་ཏུ་གྱུར་ཅིག་ཅེས་བྱ་བས་ནི་ཉོན་མོངས་པ་དང་ཤེས་བྱ་ཐམས་ཅད་བྱང་ཆུབ་ནས་བློ་ལས་འདས་པའོ།། དེ་དག་གིས་ནི་རབ་ཏུ་མི་གནས་པ་བཞི་དང་། མངོན་སུམ ་བཞི་དང་ཏིང་འཛིན་བཞི་གཏན་ལ་ཕབ་པའོ།། དེ་ལྟ་བུའི་གོདམས་དོག་ལ་ནན་ཏན་བྱེ་བའི་ཕྱིར། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་བསླབ་པར་བྱ ་ཞེས་བྱ་བ་ནི་ནན་ཏན་གྱིས་ཤིག་ཅེས་གསུངས་པའོ།། དེ་ནས་བཅོམ་ལྡན་འདས་ཏི་ངེ་འཛིན་དེ་ལས་བཞེངས་ཏེ་ཞེས་བྱ་བ་ནི་ཟབ་མོའི་ཏིངེ་འཛིན་ལ་བཞེངས་པ་དང་། སྙོམས་པར་བཞུགས་པ་མི་མངའ་ཡང་སེམས་ཅན ་རྣམས་ཀྱི་སྣང་བ་ལ་མཉམ་པར་བཞག་པ་དང་། རྗེས་ལས་ཐོབ་པ་བསྟན་པའི་ཕྱིར་རོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ནི། དུས་གསུམ་དུ་རྣམ་པར་བཅུ ་པའི་སངས་རྒྱས་ཀྱི་དགོངས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་དོན་ཇི་ལྟ་བ་བཞིན་དུ་དགོངས་པ་མ་ནོར་བ་བསྟན་པས་ཐུགས་དགྱེས་པས་སངས་རྒྱས་ཀྱི་སྤྱན་གྱིས་རྣམ་པར་གཟིགས་ཤིང་ལེག་སོ་ཞེས་བྱ་བ་བྱིན ་ཏེ། དེ་བས་ཀྱང་ཟབ་མོ་བྱུང་བ་ཞེས་བྱ་བའི་ཏིང་འཛིན་ལྷོ་དགོངས་པས་ལེག་སོ་ལེགསོ་ལྡན་གཉིསུ་གསུངསོ།། རིགས་ཀྱི་བུ་དེ་དེ་བཞིན་ཏེ་མི་ཐེག་པ་ཆེན་པོའི་རིགས་སྣང་བའི་ཆོས་ཉིད་ལ་མོས་པ་རྣམས་ཀྱི་དོན་དུ་གསུངས།། ་ཏེ་ཞེས་བྱ་བ་ནི་སྣང་བའི་ཆོས་ཀྱིས་རྣམས་ཀྱིས་སེམས་མི་གྲོལོ་ཞེས་པའི་བརྡའོ།། རིགས་ཀྱི་བུ་དེ་དེ་བཞིན་ནོ་ཞེས་བྱ་བ་ནི་ཟབ་མོའི་ཆོས་ཉིད་རྟོགས་ན་སེམས་གྲོལ་བའི་བརྡ་ཡིན་ནོ།། ཇི་ལྟར་ཁྱོད་ཀྱིས་བསྟན་པ་བཞིན་དུ་ནི ་འཇིག་ཙྪིནྡྲ་པ་ལི་ཇི་སྲིད་གནས་ཀྱི་བྱུརརྱ་དུ་བྱུང་བ་སྒྱུ་མ་ལྟ་བུ་ལ་བརྟེན་དགོས་པའི་ཕྱིར་རོ།། འཇིག་རྟེན་ལས་འདས་པ་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནཱས་སེམས་ཅན་རྣམས་ཀྱི་དོན་ལ་དགོངས་ནས་ཟབ ་མོའི་ཆོས་ཉིད་འབའ་ཞིག་ལ་བརྟེན་དགོས་པ་ཡིན་ནོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་སྤྱད་པར་བྱ་སྟེ་ནི་རྣམ་པར་གྲོལ་བའི་ལམཾ་ལ་དོན་དུ་གཉེར་པ་རྣམས་ཀྱིས་ཟབ་མོ་འབའི་ཞིག་ལ་བརྟེན་དགོས་པས་ཡང ་དང་ཡང་དུ་ལན་གྲངས་མང་དུ་གྲངས་གསུངས་སོ།། ཟབ་མོའི་དོན་ལ་མོས་པར་འགྱུར་པའི་དགེ་བའི་བཤེས་གཉེན་རྣམས་ལ་ནི་དུས་གསུམ་དུ་རྣམ་པར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱང་རྗེ་སུ་ཡི་རང ་ངོ་ན་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། ཐམས་ཅད་དང་ལྡན ་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་ངོ་ཞེས་བྱ་བ་ནི་གོ་སླབས་བཤད་པ་མ་བྱས་སོ།། བཅོམ་ལྡན ་འངས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་འགྲེལ་པ་དོན་གྱི་སྒྲོན་མ་ཞེས་པ་པ་རྫོགས་སྷོ།། །། བལ་ཡུལ་ཡེ་རང་གི་གྲོང་ཁྱེར་དུ་རྗེ་བཙུན་བླ་མ་ངམ་པ་ཕྱག་ན་རྡོ་རྗེའི་སྤྱན་སྔར་བོད་ཀྱི་དགེ་བའི་བཽ་ཤེས་གཉེན་རྣམས་ཀྱིས ་ཆོས་ཞུས་པའི་དུས་སུ། བླ་མ་ངོམ་པས་ཆོས་སྟོན་ཕམ་བབས་གནང་བའི་ཉན་པར་བོད་ཀྱི་དགེ་བའི་བཤོས་རྣམས་ཀྱིས་མདོ་བཏོན་པ་ལ། བླ་མོ་དྲམ་ཕྱིས་ལོ་ཙཱ་བ་ལ་ཁོང་འདོན་པ་དེ་ཅི་ཡིན་གསུངས་པས། ལོ་ཙ་བས་ཤེས་རབ་ཀྱི་ཕ་རོལ་ཏུ། ་ཕྱིན་པའི་སྙིང་པོ་ལེགས་ཞུས་པས། འོ་ན་བོད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་དར་ན་སངས་རྒྱས་ཀྱིས་ལུང་བསྟན་པ་དེ་བདེན་པ་ཡིན་ནོ།། སྙིང་པོའི་དོན་གྱི་གདམས་ངག་ཤེས་སམ་གསུངས་པ་ལ།། སྐྱེ་མེང་དད་ཆེན་བུང ་སྨྱོན་པའི་བཾ་ལ་སུ་ཞག་མཉན་དུ་ཡང་། གལ་ཏེ་སྨན་པའི་ཆག་ལ་བདོན་པ་ཡང་སྲང་ཐུགས་ལ་དགངས་ནས་སུ།། མཐུན་པའི་གྲགས་པ་རྣམས་ཀྱིས་མ་བདེན་ན་ཡང་ངན་འདི་དགོངས་པར་ཞུ། གལ་ཏེ་སྟང་པོ་ཐབས་ཡིན་ན།། དེ་ཚ ་ལོ་ཙ་བས་མཱ་འཚལ་ཞེས་ལན་བཏབ་པ་ལ། ན་ངས་ཁྱེད་རྣམས་ལ་གདམས་ངག་བསྟན་གྱིས་གསུངས་ནས། སྙིང་པོའི་དོན་གྱིས་གདམས་ངག་གནང་བ་ཟིན་རིས་བྱིས་ནས་ནན་ཏན་བྱས་པ་ཡིན་ནོ།། བླ་མ་དམ་པའི་ཞབས ་ཀྱི་པད་མའི་སྦྲང་རྩི་སྒྲོ་ཆུ་འཐུངས་ནསུ།། སྐྱེ་མེད་བདེ་ཚོན་བུང་བ་སྐྱོན་པའི་ཁ་ལ་སུ་ཞིག་མཉན་དུ་ཡོང་། གལ་ཏེ་སྨྱོན་པའི་ཚིག་ལ་བདེན་པ་ཡོད་སྲིད་ཐུགས་ལ་དགོངས་ནས་སུ། མཐུན་པའི་གྲོགས་པ་རྣམས་ཀྱིས་མི ་བདེན་ན་ཡང་དོན་འདི་དགོངས་པར་ཞུ། གལ་ཏེ་སྟོང་པ་ཐབས་ཡུནྡ་ན། དེ་ཚེ་སངས་རྒྱས་ཉིད་མྱི་འགྱུར། རྒྱུ་ལས་འབྲས་བུ་གཞན་མེད་ཕྱིར།། ཐབས་ནི་སྟོང་པ་ཉིད་མུ་ཡིན།། ལྟ་བ་རྣམས་ལས་ལེགས་རྣམས ་དང་བདག་ཏུ་ལྟ་བ་ཚུལ་རྣམས་ཀྱི། བདག་ཏུ་འཛིན་པ་བཟློག་པའི་ཕྱིར།། རྒྱལ་བ་རྣམས་ཀྱི་སྤྱོད་པ་བསྟན།། སྲིད་ནི་མཉམ་ཉིད་དུས་གསུམ་རྒྱལ་བའི་ཡུམྦྷེ།། འགྲོ་བའི་བདེ་སྒྲུབ་ཐབས་མཁས་སྟོན་པར་བྱེད། ་གཞུང་གི་བདག་ཉིད་རིནྡ་ཆེན་ལྟ་བུ་ལ།། དང་དང་གུས་པས་ཡང་ཡང་ཕྱོག་འཚལ་ལོ།། ཕན་སེམས་སྤྲོ་དགས་བྲིས་པའི་འགྲེལ་པ་འདི།། གང་ཟག་དམ་པ་རྣམས་ཀྱི་ཕྱག་ཏུ་བརྒྱུད་པ་དང་། བསྟན་པའི་བྱ་བ་མཛད་པ ་བདག་གི་སྨོན་ལམ་ཡིན།། ཆོས་ཉིད་བདེན་པས་དེ་ལྟར་གྲུབ་གྱུར་ཙོག།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་བའི་རྒྱ་ཆེར་བའིའགྲེལ་པ་བཞུག་སོ།། ་