CLOSE WINDOW

GT3221: 'phags pa shes rab kyi pha rol tu phyin pa'i snying po'i rnam par bshad pa
Wyliee-texts produced with BDRC’s OCR application

ཞུ་ཆེན་གྱི་ལོ་ཙ་པ་བནྡེ་ན་མཁའ་དང་ཡེ་ཤེས་སྙིང་པོ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་རྣམ་པར་བཤད་པ་ཛྙཱ་ན་མེ་ཏྲས་མཛད་པའོ།། ་རྒྱ་གར་སྐད་དུ། ཨཱརྱ་པྲཛྙཱ་པཱུ་ར་མི་ཏཱ་ཛཱི་ད་ཡཱ་བྱཱ་ཁྱཱ། བོངྒ་སྱཱད་དུ། འཕག་ས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་རྣམ་པར་བཤད་པ། བཅོམ་ལྡན་འདས་མ་ཤེས་རཱབ་ཀྵི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལོ།། ་དེ་ལ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའོ་ཞེས་བྱ་བ་ནི། མདོའི་མཚན་ཉིད་བརྗོད་པས་ན་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ཞེས་བྱའོ།། ཐོག་མ་ཁོ་ནར་མི་ང་མ ་བཏགས་ན་མདོ་གང་ཡིན་གཏོལ་མེད་པའི་ཕྱིར་མིང་སྨོས་སོ།། མིང་བཏགས་པ་འབའ་ཞིག་ཏུ་མ་ཟད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་འདིའི་མདོ་ཐམས་ཅད་ཀྱང་། འདིར་མ་འདུས་པ་མེད་པས་མདོའི་ཡང ་མདོ་ཞེས་བྱའོ།། དེ་ལ་བཅོམ་ལྡན་ཞེས་བྱ་བ་ནི་བདུད་ལ་བཅོམ་པ་སྟེ། ཕུང་པོའི་བདུད་ལ་སོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་དྲིའི་དོན་འདིས་བདུད་ཙལ་དུ་མི་རྙེད་ཅིང་། བདུད་ཐམས་ཅད་མཱི་གནས་པའི་ཕྱིར། བཅོམ ་པའོད་ལྡན་ཞེས་བྱ་བ་ནི་ལེགས་པར་དྲུག་དང་ལྡན་པ་སྟེ། མཁྱེན་པའི་ཡོན་ཏན་ཐམས་ཅད་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བྱིན་གྱི་བརླབས་ལས་བྱུང་བས་ན་ལྡན་པའོ།། འདས་ཞེས་བྱ་བ་ནི་མི་གནས་པའི་མྱ་ངན་ལ ་འདས་པའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་གྱིས་སེམས་དང་ཡིད་དང་། རྣམ་པར་ཤེས་པ་ཐམས་ཅད་བཟློག་སྟེ། བག་ཚོགས་ཐམས་ཅད་དང་བྲལ་བས་ན་འདས་ཞེས་བྱའོ།། མ་ཞེས་བྱ་བ་ནི་དུས་གསུམ་གྱི་སངས ་རྒྱས་ཐམས་ཅད་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་སྦྱང་བ་ལས་བྱུང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་གྱིས་བསྐྱེད་པས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སངས་རྒྱས་ཐམས་ཅད་ཀྱི་ཡུམ་དུ་གྱུར་པས་ན ་མ་ཞེས་བྱའོ།། ཤེས་རབ་ཅེས་བྱ་བ་ནི་ཐོས་པ་དང་། བསམས་པ་དང་། བསྒོམས་པའི་ཤེས་རབ་རྣམ་པ་གསུམ་གྱིས་ཡང་དག་པོ་ཇི་ལྟ་བ་བཞིན་དུ་ཤེས་པས་ན་ཤེས་རབ་ཅེས་བྱའོ།། ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་ཤེས་རབ ་ཀྱི་ཕ་རོལ་ཆོས་གང་ཡང་རྗེ་སུ་མ་མཐོང་བའི་ཕྱིར་མཚན་མ་དང་མཐའ་གཉིས་དང་། སྐྱེ་ཤི་ལས་འདས་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ།། སྙིང་པོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལ ་སོགས་པའི་ནང་ནས་ཟབ་མོ་མཆོག་ཐམས་ཅད་མདོ་ཉུང་ངོ་འདིའི་ནང་དུ་མ་འདུས་པ་མེད་པས་ན་སྙིང་པོ་ཞེས་བྱའོ།། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱིན་པ་ལ་ཕྱག་འཚལ་ཞེས་པ་ནི་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་འབུམ་པའི་མདོ་ལས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ན། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་བ་དང་འདྲའོ་ཞེས་འབྱུང་པོའི་ཕྱིར་བསོད་ནམས་ཀྱི་ཚོགས་བསགས་པ་དང་། ་མཆོད་པའི་ཕྱིར་ཕྱག་འཚལ་བའོ།། དཱ་ནི་གཞུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མགོ་འཇུག་ཏུ་དོན་རྣམ་པ་བདུན་གྱིས་གསལ་བར་བཤད་དེ། དེ་ཡང་གང་ཞེ་ན། གླེང་གི་ཞི་དང་། ཤེས་རབ་ལ་འཇུག་པ་དང་། སྟོང་པ ་ཉིད་ཀྱི་མཚན་ཉིད་དང་། ཤེས་རབ་ཀྱི་སྤྱོད་ཡུལ་དང་། ཤེས་རབ་ཀྱི་ཡོན་ཏྲོན་དང་། ཤེས་རབ་ཀྱི་འབྲས་བུ་དང་། ཤེས་རབ་ཀྱི་གཟུངསོ།། དེ་ལ་གླེང་གཞི་ནི་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ནས། ཐབས་ཅིག་ཏུ་བཞུགས ་ཏེ་ཞེས་བྱ་བའི་བར་དུའོ།། ཤེས་རབ་ཀྱི་ལ་འཇུག་པ་ནི་ཕུང་པོ་ལྔ་ཡང་རང་བཞིན་གྱིས་སྟོང་པར་བལྟའོ་ཞེས་བྱ་བའི་བར་དུའོ།། སྟོང་པ་ཉིད་ཀྱི་མཚན་ཉིད་ནི་ཐོབ་པ་ཡང་མ་ཡིན། མ་ཐོབ་པ་ཡང་མ་ཡིན་ཞེས་བྱ་བའི་བར་དུའོ།། ་ཤེས་རབ་ཀྱི་སྤྱོད་ཡུལ་ནི་ཐོབ་པ་མེད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སྤྱོད་དེ་ཞེས་བྱ་བའི་བར་དུའོ།། ཤེས་རབ་ཀྱི་ཡོན་ཏན་ནི་མྱ་ངན་ལས་འདས་པའི་མཐར་ཕྱིན་ཏོ་ཞེས་བྱ་བའི་བར་དུའོ།། ཤེས་རབ་ཀྱི་འབྲས ་བུ་ནི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བའི་བར་དུའོ།། ཤེས་རབ་ཀྱི་གཟུངས་ནི་མཇུག་གི་སྔགས་ཡན་ཆད་དོ།། ད་ནི་གླེང་གཞིའི་དོན་བཤད་དེ། འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི ་མདོ་སྡེ་ཐམས་ཅད་འཕགས་པ་འཇམ་དཔལ་གྱིས་གསན་ཏོ། བསྡུས་པས་ན་བདག་གིས་ཐོས་པ་ཞེས་བྱའོ།། དེ་ལ་འདི་སྐད་ཅེས་བྱ་བ་ནི་ཤེས་རབ་ཀྱི་སྙིང་པོའི་རྣམ་གྲངས་ཇི་སྙེད་བརྗོད་པ་ཉིད་དོ།། བདག་གིས་ཐོས་པ་ཞེས ་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ཞབྲས་དྲུང་ནས་མཉན་ཏེ། དཔལ་གྱི་མགུར་ནས་གསུངས་པ་མངོན་སུམ་དུ་རྣ་བའི་དབང་པོས་ཐོས་པའོ།། དུས་གཅིག་ན་ཞེས་བྱ་བ་ནི་ཤེས་རབ་ཀྱི་སྙིང་པོ་དུས་གཞན་ན་བཤད་པ་ལ་མི་བྱ ་བཅོམ་ལྡན་འདས་ཀྱིས་རྒྱལ་པོའི་ཁབ་ན་འཁོར་འདི་རྣམས་ལ་ལན་གཅིག་ཁོ་ན་ཞིག་བཤད་པའི་དུས་ལ་བྱའོ།། བཅོམ་ལྡན་འདས་ཞེས་བྱ་བ་ནི་དེ་ལ་སྨྱོན་པ་ནཱི་སུ་ཞིག་ཡིན། ཡུལ་ནི་གང་ཞིག་ན། འཁོར་ནི་ག ་གང་ཡིན། འདུས་ནས་དོན་ཅི་ཞིག་མཛད་དེ། སྟོན་པ་ནི་སངས་རྒྱས་བཅོམ་ལྡན་འདས། ཡུལ་ནི་རྒྱལ་པོའི་ཁབ་ཀྱི་བྱ་རྒོད་ཕུང་པོའི་རིའོ།། འཁོར་ནི་སློ་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་རྣམ་སོ།། འདུས་ནས་དོན་ཅི་ཞིག་མཛད་ཅེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་འདི་སྟོན་ཏོ།། དེ་ལ་ཚིག་གཱཉེར་བཤད་པ་ནི་གོང་མ་དང་འདྲ། རྒྱལ་པོའི་ཁྱབ་བྱ་རྒོད་ཀྱི་ཕུང་པོའི ་རི་ལ་ཞེས་བྱ་བ་ནི་རྒྱལ་པོའི་གཟུགས་ཅན་སྙིང་པོའི་ཡོན་ཏན་ལས་གྲགས་ཏེ། ཡུལ་ལྗོངས་ཀྱི་གྲོང་ཁྱེར་སྤྱིའི་མིང་དུ་བཏགས་པའོ།། བྱ་རྒོད་ཀྱི་ཕུང་པོའི་རི་ཞེས་བྱ་བ་ནི་ཡུལ་ལྗོངས་དེ་རྒྱ་ཆེ་བས་བྱ་རྒོད་ཕུང་པོའི་རི་སྟི་མཐོ ་བྱ་མང་པོ་འདུ་བའི་ཕྱིར་མིང་དུ་བཏགས་པའོ།། དགེ་སློང་གི་དགེ་འདུན་ཆེན་པོ་ཞེས་བྱ་བ་ནི་མཐུ་ཆེ་བ་དང་གྲངས་མང་བའོ།། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་ཞེས་པ་ནི་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པའི་དོན་ཕུན་སུམ་ཚོགས་པ་མངོན་སུམ་དུ་ཆུད་ཅིང་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འཇོག་པའི་བྱང་ཆུབ་སེམས་དཔའ་མང་པོའོ།། ཐབས་གཅིག་ཏུ་བཞུགས་ཏེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་འཁོར་མ ་བྱོས་བསྐོར་ཏཱཾ་བཞུགས་པའོ།། འདི་ཡན་ཆད་ནི་གླེང་གཞིའོ།། ད་ནི་ཤེས་རབ་ལ་འཇུག་པའི་དོན་གྱིས་བཤད་དེ། དེའི་ཚེ་བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་ཟབ་མོ་སྣང་བ་ཞེས་བྱ་བའི་ཏོ་ངེ་འཛིན་ལ་སྙོམས་པར་ཞུགས ་སོ་ཞེས་བྱ་བ་ནི། དེ་ལ་བཅོམ་ལྡན་འདས་འཁོར་དེ་དག་དང་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་ཞིང་བྱིན་གྱིས་བརླབ་པའི་ཕྱིར་སྙོམས་པར་ཞུགས་པའོ།། དེ་ལ་ཆོས་ཀྱི་རྣམ་གྲངས་ཟབ་མོ་སྣང་བ་ཞེས་བྱ་བ་ནི ་ཆོས་ཀྱི་གཞུང་འདིས་ཆོས་ཐམས་ཅད་དམིགས་པ་དང་མཐའ་ཐམས་ཅད་ལས་འདས་པར་སྟོན་ཅིང་མཁྱེན་པའི་ཕྱིར་ཟབ་མོ་སྣང་བ་ཞེས་བྱའོ།། ཏིངེ་འཛིན་ལ་སྙོམས་པར་ཞུགས་ཞེས་བྱ་བ་ནི་ཟབ་མོ་དེ་ཉིད་ལེ་མཉམ་པར་བཞག ་པའོ། ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱོད་པ་འདི་ཉིད་ལ་རྣམ་པར་རྟོག་ཅིང་། ཕུང་པོ་ལྔ་པོ་དེ་དག་ཉིད་ལ་ཡང་རང་བཞིན་གྱིས ་སྟོང་པར་ལྟའོ་ཞེས་པ་ལ། ཡང་དེའི་ཚེ་ཞེས་པ་ནི་འཁོར་འདུས་པ་དང་སྙོམས་པར་ཞུགས་པའི་དུས་ནའོ།། སྤྱན་རས་གཟིགས་ཀྱི་དབང་པོ་རང་བཞོན་གྱིས་སྟོང་པར་ལྟའོ་ཞེས་པའི་བར་དུ་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་དབང ་པོ་འཁོར་དེ་རྣམས་དང་། སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ཉིད་ལ་རྣམ་པར་རྟོག་ཅིང་ཕུང་པོ་ལྔ་པོ་དེ་དག་ཀྱང་མི་དམིགས་པའི་རང་བཞིན་གྱི་སྟོང་པ་སྟོང་པ་ཉིད་ལས ་གཞན་དུ་གྱུར་པ་གང་ཡང་མེད་དོ་ཞེས་བྱ་བར་དགོངས་པའོ།། ཕུང་པོ་ལྷོ་ཞེས་བྱ་བ་ནི་གཟུགས་ཀྱི་ཕུང་པོ་ནི་དབུ་བའི་གོང་བུ་ལྟ་བུའོ།། ཚོར་བ་ནི་ཆུ་བུར་ལྟ་བུའོ།། འདུ་ཤེས་ནི་སྨིག་རྒྱུ་ལྟ་བུའོ།། འདུ་བྱེད་ནི་ཆུ་ཤིང་ལྟ་བུའོ།། རྣམ ་པར་ཤེས་པ་ནི་སྒྱུ་མ་ལྟ་བུའོ།། རང་བཞིན་གྱིས་སྟོང་པ་ཞེས་པ་ནི་ཕུང་པོ་ལྔ་པོ་དེ་དག་རང་གི་རང་བཞིན་གྱི་མཚན་ཉིད་ཀྱིས་སྟོང་པའི་ཉིད་དེ། མཐའ་ཐམས་ཅད་ལས་འདས་ཤིང་མཚན་ཉིད་མེད་པའི་ཕྱིར་སྟོང་པ་ཉིད་དོ།། ་དེ་ནས་ཚྭ་དང་གྷྣཱནྡྲ་པནྡྷ་རིའི་བྷྱས་སྦྱངྱས་རྒྱུས་ཀྱི་མཱཐུས་བྱུང་ཆུབ་སེམས་དབུའ་སེམས་དཔའ་ཆེན་པོ་འཕགས་བྱ་སྤྱན་ནས་གཟིགས་ཀྱི་དབྱུང་བོ་ལ་འདི་སྐད་ཅེས་སྨྲས་སོ།། ཞེས་བྷཱ་ནཱིཉྫན ་ཐོས་ཚན་པོའི་ནང་ན་ཤེས་རབ་ཀྱི་མཆོག་ཏུ་གྱུར་པའི་ཤཱ་རིའི་བུས་དེ་བཞིན་ག་ཤཱཾགས་པའི་བྱིན་གྱི་རླབསུ་ཀྱིས་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོ་ལ་དྲིས་པའོ།། རིགས་ཀྱི་བུ་གང་ལ་ཡྀ་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་ཟབ་མོ་སྤྱོད་པ་སྤྱད་པར་འདོད་པ་དེས་ཇི་ལྟར་བསླབ་པར་བྱ་ཞེས་བྱ་བ་ལ། རིགས་ཀྱི་བུ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་གསུང་རབ་ལས་སྐྱེས་ཏེ། དེ་བཞིན་གཤེགས་པའི་སྲ་སུ་གྱུར་པའོ།། གང་ལ་ལ་ཞེས་པ ་ནི་ཐེག་པ་ཆེན་པོ་ལ་ཞུགས་པ་གང་སུ་ཡང་རུང་བའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཟབ་མོ་བརྗོད་དུ་མེད་པར་སྤྱོད་པ ་སྤྱད་པར་འདོད་པ་དེས་ཇི་ལྟར་བསླབ་པར་བྱ་ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་སྤྱད་པར་འདོད་པ་དེས་ཇི་ལྟ་བུ་ཞིག་ཏུ་ཤེས་པར་བྱ་ཞིང་། བསླབ་པར་བྱ་ཞེས་དྲིས་པའོ།། དེ་སྐད་ཅེས་སྐྱེས་པ་དང་། བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས།། ཞེས་པ་ནི་དྲིས་པའི་ལན་སྨྲས་པའོ།། ཤཱ་རིའི་བུ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང ་པཱུ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱད་པ་སྤྱོད་པར་འདོད་པ་དེས་འདི་ལྟར་བརྟག་པར་བྱ་སྟེ་ཞེས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་འདོད་པ་དེས་འོག་ཏུ་བཤད་པའི་དོན་བཞིན་དུ་བརྟག་པར་བྱའོ།། ཕུང ་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་ཡང་དག་པར་རྗེསུ་བལྟའོ་ཞེས་པ་ནི་ཕུང་པོ་ལྔ་པོ་དེ་དག་ནི་རང་བཞིན་གྱིས་སྟོང་ཉིད་དེ། མཚན་ཉིད་མེད་པས་སྔོན་གྱི་དུས་ནས་མཱ་སྐྱེས་ད་ལྟར་གྱི་དུས་ན་མི་གནས། མ་འོངས ་པའི་དུས་ན་མི་འགག་སྟེ། དུས་ཐམས་ཅད་དུ་སྐྱེ་བ་དང་། གནས་པ་དང་། འགག་པར་མ་གྱུར་པསྔ་མྱི་གནས་པའི་རང་བཞིན་བརྗོད་དུ་མེད་པས་ན་སྟོང་པ་ཉིད་དོ།། བལྟའོ་ཞེས་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་བལྟའི ་དེ་ལས་གཞན་པ་གང་དུ་ཡང་མི་བལྟའོ་ཞེས་པའོ།། འདི་ཡན་ཆད་ནི་ཤེས་རབ་ལ་འཇུག་པའོ།། ད་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱི་དོན་གྱིས་བཤད་དེ། གཟུགས་སྟོང་པའོ།། སྟོང་པ་ཉིད་ཀྱང་གཟུགསོ་ཞེས་པ་ལ། དེ་ལ ་གཟུགསོ་ཞེས་པ་ནི་སྟོང་པ་ཉིད་ཀྱི་རང་བཞིན་ཁོང་དུ་མ་ཆུད་པས་འཁྲུལ་པའི་སེམས་ཀྱིས་གཟུགས་སོ་མཐོང་ཞིང་རྟོག་པ་འམ། ཚིག་གིས་ཐ་སྙད་དུ་འདོགས་པའོ།། སྟོང་པའོ་ཞེས་བྱ་བ་ནི་གཟུགས་ཀྱི་རང་བཞིན ་སྟོང་པ་ཉིད་ཡིན་པས་སྔ་མ་འདས་པའི་དུས་ན་ཡང་མཚན་ཉིད་མེད་པས་དམིགས་སུ་མིང་། ད་ལྟར་དང་མ་འོངས་པའི་དུས་ན་ཡང་མཚན་ཉིད་མེད་དེ། དམིགས་སུ་མེད་པས་མཐའ་ཐམས་ཅད་དང་དངོས་པོ ་ཐམས་ཅད་མི་གནས་པའི་ཕྱིར་སྟོང་པ་ཉིད་ཅེས་བྱའོ།། སྟོང་པ་ཉིད་ཀྱང་གཟུགསོ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱང་དམིགསུ་མེད་པའི་རང་བཞིན་ལ་གཟུགསོ་ཞེས་ཚིག་གི་ཐ་སྙད་དུ་བཏགས་ལ ་དེ་གུད་ན་མི་གནས་པའི་ཕྱིར་སྟོང་པ་ཉིད་ཀྱང་གཟུགསོ།། གཟུགས་ལོས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ་ཞེས་པ་ནི་གཟུགས་གང་ཡིན་པ་དེ་ཉིད་བརྗོད་དུ་མེད་པའི་སྟོ ་པ་ཉིད་ཡིན་གྱི། གཟུགསོ་སྦྱངས་ཏེ་སྟོང་པ་ཉིད་བཙལ་དུ་མྱི་རྙེད་པས་ན་གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན་ཞེས་བྱའོ།། བརྗོད་དུ་མེད་པའི་སྟོང་པ་ཉིད་གང་ཡིན་པ་དེ་ཉིད་ལ་གཟུགསོ་ཞེས་ཚིག་གི ་སྙད་དུ་བཏགས་པ་གུད་ན་མི་འདུག་ཅིང་མི་རྙེད་པའི་ཕྱིར་སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིནྡ་ཞེས་བྱའོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་སྟོང་པའོ། ་ཞེས་པ་ནི་གཟུགས་ལ་ཇི་ལྟར་བཤད་པཱ་བཞིན་དུ་ཕུང་པོ་ལྷག་མ་རྣམས་ཀྱང་དེ་དང་འདྲ་བར་བལྟའོ།། ཤཱ་རིའི་བུ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་སྟོང་པ་ཉིད་དེ་ཞེས་བྱ་བ་ལ། ཤཱ་རིའི་བུ་ཞེས་པ་ནི་མ་ཡེངས་པར ་ལེགས་པར་ཉོན་ཅིག་ཅེས་བོད་པའི་ཚིག་གོ།། དེ་བཞིན་དུ་ཆོས་ཐམས་ཅད་སྟོང་པ་ནི་ཕུང་པོ་ལྔ་ལ་ཇི་ལྟར་བཤད་པ་ལྟར་གཞན་ཡང་སྐྱེ་མཆེ་དྲུག་ནས། རྣམ་པ་ཐམས་ཅད་མཁྱེན་པའི་བར་དུ་འཇིག་རྟེན ་ལས་འདས་པའི་ཆོས་ཐམས་ཅད་ཀྱང་སྟོང་པ་ཉིད་དུ་ཤེས་པར་གྱིས་ཤིག་པའོ།། མཚན་ཉིད་མེད་པ་ཞེས་པ་ནི་ན་མཁའ་ལ་མཚན་ཉིད་མྱེད་པ་ལྟར་ཉོན་མོངས་པའི་མཚན་ཉིད་ཀྱང་མེད་རྣམ་པར་བྱུང་བའི ་མཚན་ཉིད་དཾ་ཀྱང་མྱེད་པའོ།། མི་སྐྱེ་མི་འགག་པ་ཞེས་པ་ནི་ད་ལྟར་སྐྱེས་པ་ནི་སྔོན་མེད་པ་ལས་ཕྱིས་ཡོད་པར་གྱུར་པའོ།། འགག་པ་ནི་སྔོན་ཡོད་པ་ལས་ཕྱིས་མེད་པར་འགྱུར་པའོ།། མ་སྐྱེས་པས་ན་སྟོང་པོ་ཉིད་ནི། ་དམྱིགསུ་མེད་པས་སྔོན་ནས་མ་སྐྱེས་པའོ།། མ་སྐྱེས་པས་ན་ཕྱིས་མི་འགག་པའོ།། དྲི་མ་མེད་པ་དང་། དྲི་མ་དང་བྲལ་བ་མེད་པ་ཞེས་བྱ་བ་ལ། དྲི་མ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་རྣམས་ཀྱིས་གཟུང་འཛིན་དུ་སྤྱོད་པའོ།། ། ་སྟོང་པ་ཉིད་ནི་རྣམ་པར་ཤེས་པ་ལས་འདས་པས་དྲི་མ་མེད་པའོ།། དྲི་མ་དང་བྲལ་བ་མེད་པ་ནི་དྲི་མ་མེད་པས་བྲལ་བ་ཡང་མེད་པའོ།། བྲི་བ་མེད་པ་གང་པོ་མེད་པའོ་ཞེས་བྱ་བ་ལ། བྲི་བ་ཞེས་བྱ་བ་ནི་སེམས་ཅན་ནོ།། གང ་བཱ་ཞེས་བྱ་བ་ནི་སངས་རྒྱས་སོ།། མེད་པ་ཞེས་བྱ་བ་ནི་སེམས་ཅན་སངས་རྒྱས་བཙལ་དུ་ཡང་མི་རྙེད་པས་བྲི་བ་དང་གང་བ་མེད་པའོ།། དེ་ལྟར་ན་སྤྱོང་པ་ཉིད་ནི་གཟུགས་མ་ཡིན་ཞེས་བྱ་བ་ལ། གཟུགས་ནི་གཞིག་པར་བྱ ་བའི་མཚན་ཉིད་ཡིན་གྱི། སྟོང་པ་ཉིད་ལ་མཚོན་ཉིད་མེད་པའི་ཕྱིར་སྟོང་པ་ཉིད་ནི་གཟུགས་གོ་མ་ཡིན་ནོ།། ཚོར་བ་མ་ཡིན།། དེ་བཞིན་དུ་ཚོར་བ་ནི་མྱོང་བའི་མཚན་ཉིད། འདུ་ཤེས་མ་ཡིན། འདུ་ཤེས་ནི་འཛིན་པོའི ་པའི་མཚན་ཉིད། འདུ་བྱེད་མ་ཡིན། འདུ་བྱེད་ནི་མངོན་པར་འདུ་བྱེད་པའི་མཚན་ཉིད། རྣམ་པར་ཤེས་པ་མཱ་ཡིན། རྣམ་པར་ཤེས་པ་ནི་སོ་སོར་བྱེ་བྲག་འཛིན་པའི་མཚན་ཉིད་ཡིན་གྱི། སྟོང་པ་ཉིད་ནི་དམིགས ་སུ་མེད་པས་རྣམ་པར་ཤེསཱ་པ་མཱ་ཡན་རྣམས་མ་ཡིན་ནོ།། རྣམས་མ་ཡིན་ཞེས་པ་ནི་ཕུང་པོ་ལྔ་རྣམས་ནི་ཟག་པ་དང་བཅས་པའི་མཚན་ཉིད་ཡིནཱ་གྱི། སྟོང་པ་ཉིད་ནི་ཕུང་པོ་ལྔ་རྣམས་མ་ཡིན་ནོ།། མིག་མ་ཡིན། དེ་ལ་མིག ་ནི་མཐོང་བའི་མཚན་ཉིད་ཡིན་གྱི། སྟོང་པ་ཉིད་ལ་མཚན་ཉིད་མེད་པས་སྟོང་པ་ཉིད་མིག་མཱ་ཡིན་ནོ།། རྣ་བ་མ་ཡིན། དེ་བཞིན་དུ་རྣ་བ་ནི་ཐོས་པའི་མཚན་ཉིད་དོ།། སྣ་མ་ཡིན། སྣ་ནི་སྣོམ་པའི་མཚན་ཉིད། ལྕེ་མ་ཡིན། ལྕེ་ནི ་རོ་མྱོང་བའི་མཚན་ཉིད། ལུས་མ་ཡིན། ལུས་ནི་རེག་པའི་མཚན་ཉིད། ཡིད་མ་ཡིན། ཡིད་ནི་བྱེ་བྲག་གཅོད་པའི་བདག་ཉིད་ཡིན་གྱི། སྟོང་པ་ཉིད་ནི་མཚན་ཉིད་མེད་པས་ཡིད་མ་ཡིན་ནོ།། དེ་ལྟར་དབང་པོ་དྲུག་པོ་ནི་འཛིམ ་བིའོ་མཚན་ཉིད་ཡིན་གྱི། སྟོང་པ་ཉིད་ནི་མཚན་ཉིད་མེད་པས་དབང་པོ་དྲུག་རྣམས་མ་ཡིན་ནོ།། གཟུགས་མ་ཡིན། གཟུགས་ནི་ཁ་དོག་དང་དབྱིབས་ཀྱི་མཚན་ཉིད་ཡིན་གྱི། སྟོང་པ་ཉིད་ནི་མཚན་ཉིད་མཚན་ཉིད་མེད་པས ་གཟུགས་མ་ཡིན་ནོ།། སྒྲ་མ་ཡིན། དེ་བཞིན་དུ་སྒྲ་ནི་སྙན་མི་སྙན་གྱི་མཚན་ཉིད། དྲི་མ་ཡིན། དྲི་ནི་འཛིན་པའི་མཚན་ཉིད་སྣོམ་པའི་མཚན་ཉིད། རོ་མ་ཡིན། རོ་ནི་བྲི་བའི་མཚན་ཉིད། རེག་བྱ་མ་ཡིན། རེག་བྱ་ནི ་བྱ་རེག་པ་འཇམ་རྩུབ་ཀྱི་མཚན་ཉིད། ཆོས་མ་ཡིན། ཆོས་ནི་བྱེ་བྲག་གི་རྣམ་པའི་མཚན་ཉིད་ཡིན་གྱི། སྟོང་པ་ཉིད་མཚན་ཉིད་མེད་པས་ཆོས་མ་ཡིན་ནོ།། དེ་ལྟར་ན་ཡུལ་རྣམས་ནི་དམིགས་པར་བྱེད་པའི་རྐྱེན་གྱི་མཚན་ཉིད་ཡིན། ་གྱིས་སྟོང་པ་ཉིད་ནི་མཚན་ཉིད་མེད་པས་ཡུལ་རྣམས་མ་ཡིན་ནོ།། མིག་གི་ཁམས་མ་ཡིན་པ་ས་ནས། ཡིད་ཀྱི་ཁམས་མ་ཡིན། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་མཱ་ཡིན་ནོ།། དེ་ལོ་ཁམས་བཅཝོ་བརྒྱད་ནི་གདུག ་པོའི་མཚན་ཉིད་ཡིན་གྱི། སྟོང་པ་ཉིད་ནི་མཚན་ཉིད་མེད་པས་ཁམས་བཅཝོ་བརྒྱད་མ་ཡིན་ནོ།། མ་རིག་པ་མ་ཡིན་པས་ནས་རྒ་ཤྲཱི་མ་ཡིན། མ་རིག་པ་ཟད་པ་མ་ཡིན་པ་ནས། རྒ་ཤི་ཟད་པའི་བར་དུ་མ་ཡིན་ནོ།། མ་རིག་པ་ནས ་རྨཱ་ཤིའི་བར་དུ་རྟེན་འབྲེལ་བཅུ་གཉིས་ནི་འཁོར་བ་འཛིན་པའི་མཚན་ཉིད་ཡིན་གྱི། སྟོང་པ་ཉིད་ནི་མཚན་ཉིད་མ་ཡིན་པས་མ་རིག་པ་ནས་རྒ་ཤིའི་བར་དུ་མ་ཡིན་ནོ།། མ་རིག་པ་ཟད་པ་ནས། རྒ་ཤྲཱི་ཟད་པའི་བར་དུ་རྣམ་པར་བྱ ་བྱའི་མཚན་ཉིད་ཡིན་གྱི། སྟོང་པ་ཉིད་ནི་མཚན་ཉིད་མེད་པས་མ་རིག་པ་ཟད་པ་ནཱས་རྒྱུ་ཤི་ཟད་པའི་བར་དུ་མ་ཡིན་ནོ།། སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཡང་མ་ཡིན་ནོ།། སྡུག་བསྔལ་ནི་ཉོན ་མོངས་པའི་མཚན་ཉིད། ཀུན་འབྱུང་བ་ནི་ཉེ་བར་ལེན་པའི་མཚན་ཉིད། འགོག་པ་ནི་ཞི་བའི་མཚན་ཉིད། ལམོ་ནི་ཤེས་པའི་མཚན་ཉིད་ཡིན་གྱི། སྟོང་པ་ཉིད་ལ་མཚན་ཉིད་མེད་པའི་ཕྱིར་སྟོང་པ་ཉིད་བདེན་པ་བཞི་མ་ཡིན་ནོ།། ཡེ་ཤེས ་མ་ཡིན། ཡེ་ཤེས་ནི་ཆོས་ཐམས་ཅད་མངོན་སུམ་དུ་གྱུར་པའི་མཚན་ཉིད་ཡིན་གྱི། སྟོང་པ་ཉིད་ལ་མཚན་ཉིད་མེད་པས་ཡེ་ཤེས་མ་ཡིན་ནོ།། ཐོབ་པ་མ་ཡིན།། མ་ཐོབ་པ་ཡང་མ་ཡིན་ནོ།། ཐོབ་པ་ནི་བླ་ན་མེད་པ ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ།། མ་ཐོབ་པ་ནི་སེམས་ཅན་གྱིས་བླ་ན་མེད་པ་མ་ཐོབ་པའོ།། མ་ཡིན་ནོ་ཞེས་པ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་ལ་བླ་ན་མེད་པའི་བྱང་ཆུབ་ཀྱང་མེད། སེམས་ཅན་ཡང་མེད་པས་ཐོབ་པ་ཡང་མ་ཡིན། ་མ་ཐོབ་པ་ཡང་མ་ཡིན་ནོ།། རྣམ་གྲངས་དེས་ན་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་པ་ཉིད་དེ། སྟོང་པ་ཉིད་ནི་དེ་ལྟ་བུ་ཡི་ནོ་ཞེས་བསྟན་པའི་ཕྱིར་རོ།། འདི་ཡན་ཆོད་ནི་སྟོང་ཉིད་ཀྱི་མཚན་ཉིད་དོ།། དེ་ནི་ཤེས་རབ་ཀྱི་སྤྱད་ཡུལ་གྱི ་དོན་གྱིས་བཤད་དེ། ཤཱ་རིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་ཐོབ་པ་མེད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སྤྱོད་དེ་ཞེས་པ་ལ། མ་ཆུད་པ་ལ་ཆུང་ངོ་སྙམ་པ་འབྱུང་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་ཡུལ ་འདི་ཙམ་ཞིག་དང་ལྡན་ན་སྟོང་པ་ཉིད་དུ་སྤྱོད་པའི་མཚན་མར་བཤད་པ་དེ་ལྟར་ཞེས་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར་པོའི་ཕྱི་རོ།། བྱང་ཆུབ་སེམས་དཔའ་རྣམས་ཐོབ་པ་མེད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པོ་ལ་སྤྱོད་ཅེས་པ་ནི ་ཐེག་པ་ཆེན་པོ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕུང་པོ་ལྔ་ནས་ཐམས་ཅད་མཁྱེན་པའི་བར་དུ་ཅི་ཡང་ཐོབ་པ་མེད་པར་ཤེས་ཤིང་ཆོས་གང་ཡང་རྡུལ་ཙམ་རྗེས་སུ་མི་མཐོང་བར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་ལ་སྤྱོད་པར་བྱའོ།། ཆོས་ཐམས་ཅད་སྟོང་པ་སྟེ། མི་གནས་པའི་རང་བཞིན་ཡིན་ཡང་དེ་ལྟར་མི་ཤེས་པའི་མ་རིག་པའི་འཁྲུལ་པའི་སེམས་ཀྱིས་མུན་པར་གྱུར་པས་སྲིད་པའི་རྒྱ་མཚོར་འཁོར་ཞིང་འཁྱ་མོ།། འཁྲུལ་པའི་སེམས་དེ་ཉིད་ཅི་ཡིན་ཞེས ་ཤེས་རབ་ཀྱི་རྣམ་པ་གསུམ་གྱིས་བརྟགས་ན། སེམས་ནི་དམིགསུ་མེད་པས་ཉོན་མོངས་པ་ཡང་མི་མཐོང་། རྣམ་པར་བྱང་བར་ཡང་མི་མཐོང་། ཕུང་པོ་ལྔ་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་དུ་ཡང་མི་མཐོང་ངོ་།། སྟོང་པ་ཉིད་དང་། ་མཚན་ཉིད་མེད་པ་དང་། མི་སྐྱེ་བ་དང་། མི་འགག་པ་ལ་སོགས་པ་ཡང་མི་མཐོང་། ཤེས་རབ་ཉིད་ཀྱང་ཡང་དག་པར་རྗེསུ་མི་མཐོང་། ཅི་ཡང་མཐོང་བ་མེད་པ་དེ་ནི་སེམས་ཀྱི་ངོ་བོ་ཉིད་མཐོང་བའོ།། དེ་ལྟར་སེམས་ཀྱི་ངོ་བོ་ཉིད་མཐོང་བ ་དེ་ནི་བྱང་ཆུབ་མཐོང་བའོ།། གླེང་བྱང་ཆུབ་མཐོང་བ་དེ་ནི་ཆོས་ཉིད་ཀྱིས་སངས་རྒྱས་མཐོང་བའོ།། ཆོས་ཉིད་ཀྱིས་སངས་རྒྱས་མཐོང་བ་དེས་ནི་བདག་ཉིད་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱསོ།། སྐབས་འདིར་ནི་ཐེ། ་ཆོམ་པས་སྨྲས་པ། དེ་ལྟར་ཅི་ཡང་མེད་པ་ཤ་སྟག་ཏུ་བཤད་པས་མུ་སྟེགས་ཅན་ཆད་པར་ལྟ་བ་དང་། ཉན་ཐོས་ཞི་བའི་འགྲོག་པའི་ནང་དུ་ལྟུང་བར་མི་འགྱུར་རམ་ཞེ་ནི། ལེན་དུ་སྨྲས་པ། དེ་ལྟར་མི་འགྱུར་ཏེ་མི་དམིགས་པའི་ཚུལ་གྱིས། ་སེམས་ཅན་གྱི་དོན་བྱེད་ཅིང་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་མི་དམིགས་པའི་ཚུལ་གྱིས་སྤྱོད་པར་བྱེད་པས་དེ་ལྟར་སྐྱོན་དུ་མི་འགྱུར་རོ།། འདི་ཡན་ཆད་ནི་ཤེས་རབ་ཀྱི་སྤྱོད་ཡུལོ།། ་ད་ནི་ཤེས་རབ་ཀྱི་ཡོན་ཏན་གྱིས་བཤད་དེ། སེམས་ལ་སྐྱུག་པ་མེད་པས་སྒྲིབ་པ་མེད་དེ། ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་ནས་མྱ་ངན་ལས་འདས་པའི་མཐར་ཕྱིན་ཏོ་ཞེས་བྱ་བ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པའི་སྟོང་པ་ཉིད་དོན་ལ་ཐོས་པ་དང་། བསམས་པ་དང་། བསྒོམ་པའི་བར་དུ་མི་སྐྲག་པས། སེམས་པ་དང་། ཡོད་དང་། རྣམ་པར་ཤེས་པ་དང་། བགོ་ཆགས་ཐམས་ཅད་ཟློག་པར་བྱེད་པས་ན། སེམས་ཀྱི་སྒྲིབ་པ་མེད་ཅེས་བྱའོ།། བྱིས ་པ་ལྟ་བུའི་སྤྱོད་པ་མུ་སྟེགས་ཅན་དང་ཉན་ཐོས་དང་། རང་སངས་རྒྱས་ཀྱི་སྤྱོད་ཡུལ་ལས་ཤིན་ཏུ་འདས་ནས་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་ཐམས་ཅད་ཟད་དེ། མྱ་ངན་ལས་འདས་པ་ཆེན་པོར་ཕྱིན་ཏོ།། འདི་ཡིན ་ཆད་ནི་ཤེས་རབ་ཀྱི་ཡོན་ཏན་ནོ།། ད་ནི་ཤེས་རབ་ཀྱི་འབྲས་བུའི་དོན་གྱིས་བཤད་དེ། དུས་གསུམ་དུ་རྣམ་པར་གཤེགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། བློ་ན་མེད་པ་ཡང ་དག་པར་རྫོགས་པའི་སངས་རྒྱས་སུ་མངོན་པར་སངས་རྒྱསོ་ཞེས་པ་ལ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་དུས་གསུམ་དུ་གཤེགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཤོས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི ་འཛིན། ཀློག། ཁ་ཏོན་བྱེད། སྒོམ། གཞན་ལ་སྟོན་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་བླ་ན་མེད་པ་ཡང་དག་པར་བྱང་ཆུབ་ཏུ་མངོན་པར་སངས་རྒྱསོ།། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བསྐྱེད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སངས་རྒྱས་ཐམས་ཅད་ཀྱི་ཡུམ་དུ་གྱུར་པའོ།། འདི་ཡན་ཆད་ནི་ཤེས་རབ་ཀྱི་འབྲས་བུའོ།། ང་ནི ་ཤེས་རབ་ཀྱི་གཟུངས་ཀྱི་དོན་གྱིས་བཤད། དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་ནི་བདེན་དེ་མ་ནོར་པོའོ་ཞེས་པ་ལ། དེ་ལྟ་བས་ན་ཞེས་བྱ་བ་ནི། གོང་དུ་གསུངས་པ་ཡིན་པས་ན་དེ་ལྟ་བས་ན་ཞེས་བྱའོ།། ཤེས་རབ ་ཕ་རོལ་ཏུ་ཕྱིན་པའི་སྔགས་བདེན་ཏེ་མ་ནོར་བ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རིག་པར་སྤྱོད་པའི་ནི་སྔགས་ཞེས་བྱ་སྟེ། འཇིག་རྟེན་གྱི་ཆོས་ཐམས་ཅད་ཀྱང་། བླ་ན་མེད་པའི་བྱང་ཆུབ་ཀྱི་ཐེག་པ་ཆེན་པོར ་འགྱུར་ཞིང་། བདག་དང་གཞན་ཡང་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བས་ནཱ་བདེན་ཏེ་མ་ནོར་བ་ཞེས་བྱའོ།། རིག་པ་ཆེན་པོའི་སྔགས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རིག་པའི་སྔགས་ནི་འདོད་ཆགས། ་ནོསྡང་གཏི་མུག་དང་། འཁོར་བའི་སྡུག་བསྔལ་ཐོམས་ཅད་བརྗོད་པ་མེད་པའི་རང་བཞིན་མེད་པར་སྟོན་པས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རིག་པ་ཆེན་པོའི་སྔགས་སོ།། བླ་ན་མེད་པའི་སྔགས་སྐྱེས་པ་ནཱ~ཾ། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བླ་ནི་མེད་པའི་བྱང་ཆུབ་ཏུ་འགྲུབ་པར་བྱེད་པས་ན། བླ་ན་མེད་པའི་སྔགསོ།། མི་མཉམ་པ་དང་མཉམ་པའི་སྔགས་ཞེས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཇིག་རྟེན ་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སྤྱོད་པ་དང་མི་མཉམ་ཞིང་། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་དང་མཉམ་པར་བྱེད་པས་ན། མཱི་མཉམ་ཏོ།། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད ་པའི་སྔགསུ་ཤེས་པར་བྱ་སྟེ། ཞེས་བྱ་བ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཆང་། ཀློག་ཁ་ཏོན་བྱེད་པ་དང་ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་གཞན་ལ་འཆང་པ་ནི་མིག་ལྕེ་ནད་ལ་སོགས་པ་ནད་ཐམས་ཅད་མེད་པར་འགྱུར་ཞིང་། ་ཕྱོགས་བཅུའི་སངས་རྒྱས་དང་། ལྷ་ཀླུ་ལ་སོགས་པས་སྐྱོབ་པོས་སྐྱོབ་པར་བྱེད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པས་ངན་འགྲོ་དང་། འཁོར་བའི་རྒྱ་མཚོ་ཐམས་ཅད་ཟློག་པར་བྱེད་པས་ན་སྡུག་བསྔལ་ཐམས ་ཙོད་རབ་ཏུ་ཞི་བར་བྱེད་པའི་སྔགསོ།། ཤིས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགསཽ་སྨྲས་པ། ཏདྱ་ཐཱ། ག་ཏེ། གཽ་ཏེ། པོ་ར་ག་ཏེ། པ་ར་སཾ་གཱ་ཏྭེ། བོ་དྷི་སྭཱ་ཧཱ་ཞེས་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་འདི་ནི ་ཟབ་མོའི་མཆོག་ཐམས་ཅད་ཀྱི་དོན་བསྡུས་པ་རང་བཞིན་གྱིས་གྲུབ་པར་བྱེད་པས་བྱིན་གྱིས་བརླབས་པའི་སྔགསུ་གསུངས་པའོ།། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་བསླབ་པར་བྱའོ།། ཞེས་པ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྲད་པོ་ལས་སངས་རྒྱས་པས་ན་ཐེག་པ་ཆེན་པོ་ལ་འཇུག་པའི་བྱང་ཆུབ ་སེམས་དཔའ་རྣམས་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ།། དེ་ནས་བཅོམ་ལྡན་འངས་ན་དེ་ལས་བཞེངས་ཏེ་ཞེས་པ་ནི། བཅོམ་ལྡན་ལས་ཟླབ་མའི་ཏིང་འཛིན་ལ་བཞུགས་པའི་མཐུས ་རིའི་བུས་དྲིས་ཏེ། སྤྱན་རས་གཟིགས་ཀྱིས་བཤད་ནས་དེའི་དོན་རྫོགས་པ་དང་ཏིང་འཛིན་ལས་བཞརེསོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་ལ་ལེགསོ་ཞེས་བྱ་བ་བྱིན་ནས། ལེགསོ ་ལེགས་སོ།། ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་དོན་སྨྲས་པ། སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ་དང་མཐུན་ཏེ། མ་ནོར་བའི་ཕྱིར་ལེག་སོ་ཞེས་བསྟོད་པའོ།། རིགས་ཀྱི་བུ་དེ་དེ་བཞིན་ནོ།། རིགས་ཀྱི་བུ ་དེ་དེ་བཞིན་ཏེ། ཇི་ལྟར་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མི་བསྟན་པ་བཞིན་དུ་སྤྱད་པར་བྱ་སྟེ། ཞེས་པ་ནི་སྤྱན་རས་གཟིགས་ཀྱིས་ཇི་སྐད་སྨྲས་པ་དེ་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ་དང་མཐུན་པས ་ན་དེ་བཞིན་ནོ།། འཕགས་པ་སྤྱན་རས་གཟིགས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་དེ་བཞིན་དུ། ཐེག་པ་ཆེན་པོ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་སྤྱད་པར་བྱའོ།། དེ་བཞིན་གཤེགས་པ་ཡང ་རྗེ་སུ་ཡི་རང་ངོ་ཞེས་པ་ནི། སྤྱོན་རས་གཟིགས་ཀྱིས་བཤད་པ་ལ་དེ་བཞིན་གཤེགས་པ་རྗེ་སུ་ཡི་རང་བར་མཛད་ན། གཞན་གྱིས་ཐེ་ཚོམ་མི་ཟ་བ་ལྟ་ཅི་སྨོས་ཞེས་པའོ།། བཅོམོ་ལྡན་འོངས་དགྱེས་ཤིང་དེ་སྐད་ཅེས་བཀའ། ་སྤྲུལ་ནས་ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྨྲས་པ་དེས་འཁོར་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བཱི་ཧོ་རྟོགས་པར་གྱུར་ནས། ཐེག་པ་ཆེན་པོ་ལ་སྒྲིབ་པ་མེད་པའི་ཕྱིར་དགྱེས་ཤིང་དེ་སྐད་ཅེས ་བཀའ་སྩལ་པའོ།། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོ་དང་། ལྷ་དང་མི་ད་ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཁོར་ཐམས་ཅད་བཅོམ་ལྡན་འོངས་ཀྱིས་གསུངས་པ་ལ་མངོན ་པར་དགའོ།། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་འགྲེལ་པ་སློབ་དཔོན་ཛྙཱ་ན་མྲི་ཏྲས་མཛད་པ་རྫོགས་སྷོ།། ། ཤེས་ར་གྱི་ཕ་རོས་ཏུ་ཕྱིན་པའི་རྙིང་པོའི་འབྲེལ་པ་ད་ཀྱི་སྨོན་མ ་བཞུགས་སོ།། ། རྒྱ་གར་སྐད་དུ། བྷ་ག་བ་ཏཽ་པྲཛྙཱ་པཱ་ར་མྲྀ་ཏཱ་ཧྲི་ད་ཡཱནྡ་པྲ་དཱི་པ་ནཱ་མ་ཊཱི་ཀཱ། བོད་སྐད་དུ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་འགྲེལ་པ་དོན་གྱི་སྒྲོན་མ་ཞེས་བྱ་བ། བཅོམ་ལྡན ་