CLOSE WINDOW

GT3220: 'phags pa shes rab kyi pha rol tu phyin pa'i snying po'i rgya cher bshad pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཨཱརྱ་པྲཛྙཱ་པཱ་ར་མི་ཏ་ཧྲྀ་ད་ཡ་ཊཱི་ཀ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་རྒྱ་ཆེར་བཤད་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐུགས་རྗེ་ཆེན་པོ་དང ་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།། དུས་གསུམ་རྒྱལ་བ་བྱང་ཆུབ་སེམས་དཔར་བཅས།། འགྲོ་བའི་གཉེན་གཅིག་ཀུན་ལ་ཕྱག་འཚལ་ནས།། འབུམ་ལ་སོགས་པ་དོན་གྱི་གཙོ་བོ་མཆོག། ་རྒྱལ་བའི་ཡུམ་གྱི་སྙིང་པོ་བཤད་པར་བྱ།། གླེང་སློང་པོ་དང་སྐབས་དང་ནི།། བསྟན་པར་གཏོགས་པ་འདུས་པ་དང་།། གླིང་གཞི་དྲིས་དང་ལན་བཏབ་པ།། དེ་ནི་རྣམ་པ་བཅུ་གཅིག་དང་།། མཐུན་འགྱུར་རྗེ་སུ་ཡི་རང་དང་།། རྣམ ་བ་བརྒྱད་དུ་བསྡུས་པ་ཡིན།། དེ་ལ་འཁོར་གྱིས་བསྐུལ་བ་དང་།། ཡང་དག་པར་སྡུད་པར་བྱེད་པས། སྟན་བྱ་བའི་དངོས་པོ་མདོར་བསྡུས་ནས། འདི་སྐད་ཅེས་བྱ་འབྱུང་བ་ལ་སོགས་པ་དྲང་པོའི་ཚོགས་གསུམ་གྱི ་གླེང་སློང་བར་བྱེད་ངོ་།། གང་བདག་གིས་ཐོས་པ་དེ་ནི་འདི་སྐད་ཡིན་ཏེ་གཞན་དུ་མ་ཡིན་ནོ།། འོངས་ནི་ཕྲ་བ་དང་བསྐྱོད་པ་སྤངས་པའི་ཕྱིར་ཐོས་པ་ཡང་དགྲ་པ་ཉིད་དུ་དོམ་འཆིའོ།། དེས་ནི་ལན་ཅིག་ཐོས་ནས་ལེན་ཅིང་འཛིམ ་པ་ཡང་དག་པརོ་རབ་ཏུ་སྟོན་པར་བྱེད་པར་བརྗོད་དོ།། དེས་ན་ཡང་དག་པར་སྡུད་པར་བྱེད་པ་ནི་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་ཡོངསུ་སྨིན་པ་དགེ་བའི་བཤེས་གཉེན་གྱི་མགོན་དང་བཅས་པར་གྱུར་པ། སངས་རྒྱས ་ལ་བསྙེན་བཀུར་བྱས་ཤིང་ཡང་དག་པར་ཞུས་པ་དང་། སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་སྤྱད་པ་ཡིན་པར་ཤེས་པར་བྱའོ།། གཞན་དུ་ན་རྣམ་པ་འདི་ལྟ་བུའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་གྱི་གཙོ་བོ་ཉན ་པ་ལ་སོགས་པ་མི་སྲིད་དོ།། དེ་སྟོང་དུ་མགོན་པོ་བྱམས་པས། སངས་རྒྱས་རྣམས་ལ་ལྷག་པར་བྱས།། དེ་ལ་དགེ་བའི་རྩ་བ་བསྐྱེད།། དགེ་བཤེས་མགོན་དང་བཅས་རྣམས་ཀྱི།། འདི་ཉན་པ་ཡི་སྣོང་དུ་འགྱུར།། སངས་རྒྱས་བསྙེན ་བཀུར་ཡང་དག་ཞུས།། སྤྱན་དང་ཚུལ་ཁྲིམས་སོགས་སྤྱད་པས།། ལེན་དང་འཛིན་པ་ལ་སོགས་པའི།། སྣོད་ཉིད་དུ་ནི་མཁས་པོས་ཤེས་ཞེས་གསུངས་སོ།། དེ་དག་ཀྱང་གདུལ་བྱ་རྣམས་ཀྱི་དང་བི་དང་། མི་གཡེང་བ་དང་། གུས ་པ་ལ་སོགས་པ་བསྐྱེད་པའི་ཕྱིར་རོ།། བདག་གིས་ཞེས་འོ་བྱུང་བ་རྣམ་པར་དབྱེ་བ་གསུམ་པ་ནི་ཡི་གེའི་སྒྲ་ཇི་ལྟ་བ་བཞིན་ཐོས་པ་ཉིད་སྟོན་ཏེ། དེས་ན་ཐོས་པ་ལས་བྱུང་བའི་ཤེས་པ་རང་གི་རྟོགས་པའི་བདག་ཉིད་ཡོངསུ་སྤང་ངོ་། ་དེ་ལྟ་མ་ཡིན་ནི་བདག་གིས་ཐོས་པ་ཞེས་བྱ་བ་རྣམ་པར་དབྱེ་བ་དྲུག་པར་འགྱུར་ཏེ། ཤེས་པའི་དོན་ཡིན་པའི་ཕྱིར་རོ།། ད་ནི་ཐོས་པའི་རང་གི་ངོ་བོ་བསྟན་པའི་ཕྱིར། དུས་གཅིག་ན་ཞེས་འབྱུང་བ་ལ་སོགས་པ་སྐབས་རྩོམ ་པབར་བྱེད་དེ། དུས་ནི་སྟོན་ལ་སོགས་པའི་དུསོ།། གཅིག་ན་ཞེས་འབྱུང་བ་འདིས་ན་དུས་ཞེས་འབྱུང་བ་འདིས་ནི་དུས་ཞེས་འབྱུང་བ་འདི་བྱེ་བྲག་ཏུ་བྱེད་དོ།། དེ་ཡང་བཞུགས་ཏེ་ཞེས་འབྱུང་བ་དེ་ཉིད་དང་སྦྱར་རོ།། བདུད་བཞི་བཅོམ ་པར་གྱུར་པའི་ཕྱིར་བཅོམ་ལྡན་འདས་ཏེ། ཡོན་ཏན་དང་ཕྲིན་ལས་མཐའ་ཡས་ཤིང་མཆོག་ཏུ་གྱུར་པ་འགྲོ་བའི་བླ་མ་མཛད་པ་དང་། ཡོན་ཏན་གྱི་སྒོ་ནས་མཚན་མཐའ་ཡས་པ་ཞིག་མངར་ཟིན་ཀྱང་། འོན་ཀྱང་འཁོར་ཐེག་པ་གསུ ་པ་བདག་དང་གཞན་གྱི་དོན་ལ་ཞུགས་པ་རྣམས་ཀྱི་ཅིག་ཅར་སྐྱབསུ་འོས་པ་ཉིད་དུ་བསྟན་པིའ་ཕྱིར། བཅོམ་ལྡན་འདས་ཀྱི་སྒྲ་འཇུག་པའི་རྒྱུ་མཚན་དུ་འཇིགས་པའི་རྒྱུ་ཚར་གཅོད་པར་བྱེད་པ་ཉིད་དུ་སྟོན་ཏོ།། དེ་བས་ན་བཤད་པའི ་སྐབས་ཐམས་ཅད་དུ་བཅོམ་ལྡན་འདས་ཀྱི་ཚིག་ཏུ་བརྗོད་དོ།། རྒྱལ་པོའི་ཁབ་ཅེས་འབྱུང་བ་ནི་ཡུལ་མ་ག་དྷའི་གྲོང་ཁྱེར་གྱི་བྱེ་བྲག་གོ། དེའི་ཕྱོགས་གཅིག་ན་བྱ་རྒོད་ཕུང་པོ་ཞེས་བྱ་བའི་རི་རྟག་ཏུ་སངས་རྒྱས་ཀྱི་བཞུགས་གནས ་ཡོད་དེ་ན་བཞུགས་སོ།། བླ་རྒོད་ཕུང་པོའི་རི་ནི་བཅོམ་ལྡན་འདས་བཞུགས་པས་མཆོད་རྟེན་ཉིད་དུ་གྱུར་པ་དང་མེ་ལ་སོགས་པའི་འཇིག་པ་རྣམས་ཀྱིས་ཀྱང་གཞོག་ཏུ་མིང་བྱ་ཉིད་ཤེས་པར་བྱ་སྟེ། བྱང་ཆུབ་སེམས་དཔའི་སྡེ་སྣོད ་ལས་དེ་སྐད་དུ་གསུངས་པའི་ཕྱིར་རོ།། དེ་བཞིན་དུ་འཕགས་པ་ཟླ་བ་སྒྲོན་མ་ལ་སོགས་པ་ལྔས་ཀྱང་། རྒྱལ་པོའི་ཁབ་ཀྱི་ཤར་ཕྱོགས་འདི་ཉིད་དུ།། སངས་རྒྱས་བྱེ་བ་སྟོང་རྣམས་མཐོང་གྱུར་ཅིག། རྒྱལ་བ་ཀུན་གྱི་དྲུང་དུ་འང་ཡི ་ནིས་ཏིང་འཛིན་ཞི་བའི་མཆོག་འདི་ཞུ་བ་བྱས།། ཞེས་འབྱུང་བ་ལ་སོགས་པ་དང་མཐུན་པ་ཡིན་ཏེ། རྟོག་པ་དང་དཔྱོད་པ་ལ་སོགས་པའི་སྐྱོན་ཐམས་ཅད་ལས་རྣམ་པར་གྲོལ་བའི་དེ་བཞིན་གཤེགས་པ་སྤྱོད་ལམ་བཞི་གང་ཡང ་རུང་བས་བཞུགས་པའི་ཕྱོགས་དེ་བཞིན་གཤེགས་པའི་དབང་གིས་བྱུང་བ་འཇིག་པ་རྣམས་ཀྱིས་འཇིག་པར་ཇི་ལྟར་འགྱུར། ལྷ་དང་འཕགས་པ་དང་ཚངས་པའི་བཞུགས་པ་དམ་པ་བསམ་གཏན་བཞི་པ་དང་། སྟོང་པ ་ཉིད་དང་། སྙིང་རྗེ་ཆེན་པོའི་མཚན་ཉིད་གཙོ་བོ་ཡིན་པའི་ཕྱིར་བཞུགས་པ་གསུམ་པོ་དེ་དག་གིས་བཞུགས་པར་གྱུར་ཏེ། དེའི་སྒྲ་ནི་བཞུགས་ཟིན་པའི་དོན་ཏོ།། དེ་ན་བཅོམ་ལྡན་འདས་བཞུགས་པ་ནི་ཆོས་ཡང་དག་པར་སྡུད་པའི་དུས་ན ་འདས་པ་ཡིན་ནོ།། དུས་གཅིག་ན་ཞེས་འབྱུང་བའི་བྱེ་བྲག་གིས་ནི་ཐུགས་རྗེ་ཆེན་པོ་ལ་གཞོལ་བ་འགྲོ་བའི་བླ་མ་དུས་གཞན་ན་ནི་ཡུལ་གཞན་ན་བཞུགས་པར་སྟོན་ཏོ།། དེའི་ཕྱིར་བཅོམ་ལྡན་འདས་ཀྱི་རྗེསུ་སློབ་པ་གཞན་རྣམས་ཀྱིས་ཀྱང ་དམ་པ་གསུམ་གྱིས་གནས་པར་བྱའི། བྱེད་པ་གང་ཡང་རུང་བ་དག་གིས་ནི་མ་ཡིན་ནོ།། དགེ་སློང་གི་དགེ་འདུན་ཆེན་པོ་དང་ཞེས་འབྱུང་བ་ལ་སོགས་པ་ནི་བསྟན་པར་གཏོགསོ་པ་འདུས་པར་སྟོན་ཏོ།། དེ་ལ་ཉོན་མོངས་པ་བཅོམ་པའི་ཕྱིར ་དགེ་སློང་།། ། དེ་དག་མང་པོ་ཚོགས་པས་དབྱེར་མེད་པའི་ཕྱིར་དགེ་འདུན་ནོ།། ཆེན་པོ་ཞེས་འབྱུང་བ་ནི་ཕལ་ཆེ་བ་ཉིད་ཀྱིས་མ། ཤེས་རབ་དང་རྫུ་འཕྲུལ་ལ་སོགས་པས་སོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ ་འདུན་དང་ཡང་སྟེ། འདི་ལ་ཡང་ཆེ་བ་ཉིད་གསུམ་གྱིས་སྟོན་ཏེ། སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་སེམས་ཆེ་བ་ཉིད་དང་། སྤོང་བ་ཆེ་བ་ཉིད་དང་། རྟོག་པ་ཆེ་བ་ཉིད་ཀྱིས་སོ།། དེ་དག་དང་ཐབས་ཅིག་སྟེ། ལྷན་ཅིག་ཏུ་ཞེས ་བྱ་བའི་ཐ་ཚིག་གོ།། བཞུགས་པའི་བྱ་བ་ལ་ལྷན་ཅིག་པ་ཉིད་ཡིན་པའི་ཕྱིར་ལྷན་ཅིག་གི་དོན་གྱི་མཚན་ཉིད་ཀྱིས་རྣམ་པར་དབྱེ་བ་གསུམ་པ་ཡིན་ནོ།། གཏོགས་པ་འདུས་པ་ཞེས་བྱ་བ་འདི་ལ་གཏོགས་པ་སུ་ཡིན་ཞེ་ན། རྣམ་པ་དེ་ལྟ་བུའི ་ཆོས་ཉན་པ་ལ་སོགས་པར་སྣང་བ་འགྲུབ་པར་འགྱུར་བའི་དགེ་བའི་རྩ་བ་སྔོན་བསྐྱེད་པ་ཡོངསུ་སྨིན་པ་ནི་གཏོགས་པོ་ཡིན་ཏེ། ཆོས་ཉན་པ་ལ་སོགས་པ་ལ་སྐལ་པ་ཡོད་དོ་ཞེས་བྱ་བའི་ཐ་ཚིག་གོ།། རང་ཚད་མར་གྲུབ་པར ་བྱ་བའི་ཕྱིར་ཡུལ་དང་དུས་དང་འཁོར་དཔང་དུ་བྱེད་ཅིང་དབང་དང་བཅས་པར་སྨྲས་ན། སྨྲ་བ་པོ་ཚད་མ་ཡིན་པར་ཁོང་དུ་ཆུད་པར་འགྱུར་རོ་ཞེས་ཆེ་བ་གང་དག་སྨྲ་བ་དེ་ནི་བདག་གིས་ཁོང་དུ་མ་ཆུང་དེ། འདི་ལྟར་ཡུལ ་དེ་དག་ཏུ་སོང་ཞིང་དཔྱང་རྣམས་ལ་འདྲི་ན་ནི་དེ་ནུས་པ་མེད་པ་རྣམས་ཀྱིས་མདོའི་དོན་གཏན་ལ་དབབ་པ་ཐག་རིང་བར་འགྱུར་རོ།། ཡང་ཇི་ལྟར་མདོ་སྡེ་འདི་བཞིན་དུ་གང་དུ་འཁོར་གྱི་མིང་མ་བསྟན་པ་དེར་ཇི་ལྟར་དབང ་ཞེས་བརྗོད་པར་བྱ། འོག་མ་ཡིན་པའི་ཕྱིར་དགེ་སློང་གི་འཁོར་སྡེར་བསྟན་ལ། གྲོང་མ་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའི་འཁོར་ཕྱིས་བསྟན་ཏེ། ཇི་ལྟར་གང་ཡང་ཕྱོགས་བཅུའི་འགྲོ་བ་རྣམས་དང་། སློབ་པ་དང ་རང་རྒྱལ་བ་རྣམས་ཀྱི་བསོད་ནམས་ལོ་ཞེས་བྱ་བ་ལ་སོགས་པ་ལྟ་བུ་སྟེ། ཁ་ཅིག་ཏུ་ནི་འོག་མ་ནོས་གོ་རིམ་བཞིན་དུ་བཀོད་དོ།། ཁ་ཅིག་ཏུ་ནི་གོང་མ་ནས་གོ་རིམ་བཞོན་དུ་བཀོད་དེ། ཇི་ལྟར་སངས་རྒྱས་དང་བྱང་ཆུབ ་སེམས་དཔའ་ཞེས་བྱ་བ་ལྟ་བུའོ།། གཞན་དག་ནི་འཁོར་རྟག་པ་ཡིན་པའི་ཕྱིར་དགེ་སློང་གྲི་འཁོར་སྔར་སྨོ་སོ།། རྟག་པ་མ་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའི་འཁོར་ཕྱེས་སྨོས་སོ་ཞེས་པའོ།། རྟག་པ་ནི་སྔར ་བརྗོད་པར་བྱ་བ་ཡིན་ལ་དེ་ལས་གཞན་ནི་ཕྱིས་ཡིན་ནོ་ཞེས་བྱ་བ་དེ་ནི་རིགས་པ་ཡོད་པ་མ་ཡིན་ནོ།། གླིང་གཞི་གང་གིས་བསྟན་པ་འདི་འཇུག་པའི་གླེང་གློ་ནི་དྲྀ་བཤད་པའི་ཕྱིར། དེའི་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁོར ་རྣམས་ཀྱི་དོག་བའི་རྩ་བ་ཡོངསུ་སྨིན་པར་བསྟན་པ་དེའི་ཚེ། བཅོམ་ལྡན་འདས་ཏིང་འཛིན་ལ་སྙོམས་པར་འཇུག་པར་མཛད་པའི་དུས་དེ་ཡིན་པའི་ཕྱིར་དེའི་ཚེ་ཞེས་བྱ་སྟེ། བཅོམ་ལྡན་འདས་ནི་དུས་མཁྱེན་པའི་ཕྱིར་རོ།། ཆོས་ནི ་ཕུང་པོ་ལ་སོགས་པ་ཡིན་ཏེ་རང་གི་མཚན་ཉིད་པ་ཉིད་དུ་འདོད་དོ།། ཡོངསུ་ཀུན་ཏུ་ཐམས་ཅད་དུ་འདི་ལ་འམ་འདིས་ཁོང་དུ་ཆུད་རྟོགས་རིག་པས་ན་ཆོས་ཀྱི་རྣམ་གྲངས་ཞེས་བྱའོ།། ཟབ་མོ་ནི་སྟོང་པ་ཉིད་ལོ་སོགས་པ་སྟེ། གང་དུ ་འམ་གང་གིས་སྣང་བ་གོ་རིམ་བཞིན་རང་དང་གཞན་གྱི་རྒྱུད་ལ་བལྟོས་པ་དེ་ནི་ཟབ་མོ་སྣང་བ་ཡིན་ནོ།། དེ་སྐད་དུ། ཟབ་མི་སྟོང་པ་ཉིད་ལ་སོགས།། སྒྲོ་འདོགས་པ་དང་སྐུ་རོ་འདེབས་མཐའ།། བྲལ་བ་དེ་ནི་ཟབ་མོ་ཉིད་ཅེས་བསྟན ་ཏེ། སྒྲོ་འདོགས་པ་དང་སྐུར་འཔ་འདོགས་པའི་མཐའ་དང་བྲལ་བ་ཡང་ཡོད་པ་དང་མེད་པ་ལས་འདས་པ་ཡིན་ནོ།། དེ་བས་ན་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། གང་བློ་ཡོད་དང་མེད་པ་ལས།། རྣམ་པར་འདས་ཤིང་མི ་གནས་པ།། དེ་དག་ཟབ་མོ་དམིགས་མེད་པའི།། རྐྱེན་གྱི་དོན་ལ་རྣམ་པར་བསྒོམ་ཞེས་བསྟན་ཏོ།། ཏི་ངེ་འཛིན་ནི་སེམས་རྩེ་གཅིག་པ་ཉིད་ཀྱི་མཚན་ཉིད་དོ།། ཡང་དག་པར་འཇོག་པའི་ཕྱིར་དེའི་བདག་ཉིད་དུ་ཞུགས་པ་ནི་སྙོམས་པར ་ཞུགས་པའོ།། འདི་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཛད་པ་ཐམས་ཅད་ནི་གཞན་གྱི་དོན་གཙོ་བོ་ཡིན་ནོ།། དེས་ན་བཅོམ་ལྡན་འདས་ཏི་ངེ་འཛིན་འདི་ལ་སྙོམོས་པར་ཞུགས་པ་ནི་འཁོར་ཐམས་ཅད་ཀྱི་སེམ ་ཀྱི་རྒྱུད་ཏིང་ངེ་འཛིན་གྱི་དོན་བསྟན་པ་དང་མཐུན་པར་ཇི་ལྟར་རང་རང་གི་རྒྱུད་ཡོངསུ་སྨིན་པར་རུང་བ་སྐྱེས་པ་ཡིན་ཏེ། དེ་ནི་དེ་བཞིན་དུ་རིག་པར་བྱའོ།། བཅོམ་ལྡན་འདས་ཀྱི་ཉོན་མོངས་པ་མེད་པར་མཁྱེན་པ་ཡང་འདིར། བུངས་སུ ་གཞོག་སྟེ། ཉན་ཐོས་རྣམས་ཀྱི་ཉོན་མོངས་པ་མེད་པ་ནི་བདག་མཐོང་ནི་མཐོང་ན་མི་རྣམས་ཀྱི་ཉོན་མོངས་པ་ཡོངསུ་སྦྱང་ངོ་།། རྒྱལ་བ་རྣམས་ཀྱི་ཉོན་མོངས་པ་མེད་པ་ནི་གྲོང་ལ་སོགས་པར་དེ་དག་གི་ཉོན་མོངས་པ་རྒྱུན ་གཅོད་དོ།། དོན་འདི་ཉིད་འག་ནས་བསྟན་པའི་ཕྱིར། ཡང་དེའི་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས།། དེའི་ཚེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དེའི་ཚེའོ།། ཡང་གི་སྒྲ་ནི་ངེས་པར་གཟུང་བའི་དོན་ཏེ། ་དེས་ན་དེ་ཁོ་ན་ཉིད་ན་ཞེས་བྱ་བའི་དོན་ཏོ།། ཡོང་ན་ཡང་ཞེས་བྱ་བ་ནི་བསྡུ་བའི་ཕྱིར་ཏེ། སྙོམས་པར་འཇུག་པའི་བྱ་བ་བསྟན་པ་དང་། འོག་ནས་འབྱུང་བའི་རྣམ་པར་ལྟ་བའི་བྱ་བ་སྡུད་པར་བྱེད་དོ།། བཤད་པ་འདི་ལ་ནི་འཁོར ་གྱི་དགེ་བའི་རྩ་བ་ཡོངསུ་སྨིན་པའི་དུས་ཁོ་ན་ཡོངསུ་གཟུང་བར་བྱ་སྟེ། དེ་ལྟར་ན་ནི་བསྡུ་བ་འཐད་པར་འགྱུར་གྱི་གཞན་དུ་མ་ཡིན་ནོ།། འདིའི་སེམས་པ་ནི་བྱང་ཆུབ་ཀྱི་ཆེད་དུ་འམ། བྱང་ཆུབ་སེམས ་ཉིད་ཡིན་པས་བྱང་ཆུབ་སེམས་དཔའོ།། སངས་རྒྱས་ཉིད་དུ་ཞུགས་པ་ཡིན་པའི་ཕྱིར་དབང་བསྐུར་བ་ཐོབ་པ་རྣམ་ལངས་པའི་ཚིག་ཕྱི་མ་ཉིད་དུ་རིགས་ན། བྱང་ཆུབ་འདི་ཡང་གང་ཞེ་ན། བྱང་ཆུབ་ནི་ན་མཁོའི་མཚན་ཉིད་ཡིན། ་ཏི་རྟོག་པ་ཐམས་ཅད་སྤངས་པའི་ཕྱིར།། དེ་སྐད་དུ་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་ང་ཆུབ་ན་མཁའི་མཚན་ཉིད་དེ།། རྟོག་པ་ཐམས་ཅད་སྤངས་པ་ཡིན་ཞེས་གསུངསོ།། གང་ཞིག་དུ་རྟོག ་པར་འདོད་པ་དེ་ནི། བྱང་ཆུབ་སེམས་དཔའ་སྟེ། དེ་ལ་དེ་སྐད་ཅེས་བྱའོ།། སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་སེམས་ཆེ་བ་ཉིད་ལ་སོགས་པ་གསུམ་བསྟན་པ་དང་། ས་ཆེན་པོར་ཞུགས་པའི་ཕ་རོལ་ཏུ་ཕྱིན་པ་ཆེ་བ ་ཉིད་ཀྱིས་ཀྱང་འདིའི་སྙོམས་དཔའ་ཆེ་བས་ནུ་སེམས་དཔའ་ཆེན་པོའོ།། དེ་སྐད་དུ་སྡུད་པ་ཚིགསུ་བཅད་པ་ལས།། གཏོང་བ་ཆེ་དང་བློ་ཆེ་བ་དང་མཐུ་ཆེ་དང་།། རྒྱལ་བ་རྣམས་ཀྱི་ཐེག་ཆེན་མཆོག་ལ་ཞུགས་པ་དང་།། གློ་ཆ་ཆེན ་པོ་བགོས་ཤིང་བདུད་ཀྱི་སྒྱུ་འདུལ་བ།། དེ་ཡི་ཕྱིར་ན་སེམས་དཔའ་ཆེ་ཞེས་རབ་ཏུ་བརྗོད་ཅེས་གསུངས།། སྡིག་པ་མེ་ང་བའི་ཆོས་རྣམས་ལས་རིང་དུ་བསྲིངས་ཏེ་སོང་བས་ན་འཕགས་པའོ།། གང་གིས་སྤྱན་རེས་ཀྱིས ་གཟིགས་ན་སེམས་ཅན་རྣམས་དབང་ཕྱུག་སྟེ། འཇིགས་པ་དང་བསྡུག་བསྔལ་གྱི་རྒྱུ་ལ་མི་བརྟེན་པར་དབང་དུ་གྱུར་པའི་དབང་ཕྱུག་དེ་ལ་དེ་སྐད་ཅེས་བྱའོ།། འདི་འཕགས་པ་ཡང་ཡིན་ལ་སྤྱན་རས་གཟིགས་དབང་ཕྱུག ་ཀྱང་ཡིན་པས་འཕགས་པ་རས་སྤྱན་རས་གཟིགས་དབང་ཕྱུག་གོ།། རྣམ་པ་སྣ་ཚོགས་ཤེས་པའམ། ཤེས་པའི་མཆོག་ཡིན་པས་ཤེས་རབ་བོ།། དམ་པའི་དངོས་པོ་ནི་དམ་པ་ཉིད་དེ་དམ་པ་ཁོ་ན་ཡིན་ནོ།། འཇིག་རྟེན་ན་གང་ལས ་མཆོག་གཞན་མེད་པ་ནི་དམ་པར་བཤད་དེ། ཤེས་རབ་ཀྱི་དམ་པ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ།། དེས་ན་འདི་སྐད་དུ། རང་གི་ངོ་བོ་སྟོང་པ་ལ་སོགས་པའི་རྣམ་པར་ཤེས་པ་དམ་པར་འགྱུར་ཏེ། ཤིན་ཏུ་མཆོག་དང་། ་ལྡན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ།། དེ་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས། ཀུན་དགའ་བོ་ཤེས་རབ་གང་གིས་དགེ་བའི་རྩ་བ་རྣམས་བསྔོ་བ་བླ་ན་མེད་པ་ཡང་དག ་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངསུ་བསྔོས་ན་ངོ་དམ་པ་ཡིན་ནམ། ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འོངས་དམ་པ་ལགསོ།། བདེ་བར་གཤེགས་པ་དམ་པ་ལགས་སོ།། བཅོམ་ལྡན་ཀྱིས་བཀའ་སྩལ་པ། དེ་བས ་ན་དམ་པ་ཡིན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་འཐོབ་པར་འགྱུར་རོ་ཞེས་གསུངས་སོ།། དེ་ལས་གཞན་པ་ལས་ནི་ངེས་པའི་ཚིག་རིགས་པ་མ་ཡིན་ཞིང་སྒྲ་སྦྱར་བ་ཡང་དཀའ་ལ་བཅོམ་ལྡན་འདས་ཀྱི་དེས ་ངེས་པའི་ཚིག་དང་ཡང་འགལ་བར་འགྱུར་རོ།། དོན་དམ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་ཐམས་ཅད་རྣམ་པར་དག་པའི་མཚན་ཉིད་ཆོས་ཀྱི་སྐུ་ཡིན་ནོ།། དེ་ལས་གཞན་པ་ནི་སེམས་བསྐྱོད་པ་དང་། ་གོ་ཚྭ་དང་། འཇུག་པ་དང་། ཚོགས་དང་། ངེས་པར་འབྱུང་བའི་སྒྲུབ་པའི་མཚན་ཉིད་རྒྱུའི་བདག་ཉིད་དོ།། ཟབ་མོའི་དོན་ནི་སྔར་བཤིད་ཟིན་ཏོ།། ང་ལ་གང་གིས་ཚེ་རྒྱུའི་ཤྲཱིས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བྱ་ན་ནི་ཡུལ་གྱི་བདུན ་པ་ཡིན་ནོ།། གང་གི་ཚེ་འབྲས་བུའི་ལ་བྱ་ན་ནི་དེའི་ཚེ་རྒྱུ་མཚན་གྱི་བདུན་པ་ཡིན་ནོ།། དེ་ལ་སྤྱད་པ་ནི་རྣམ་པ་མང་སྟེ། སོ་སོའི་སྐྱེ་བོའི་སུ་སྦྱོར་བའི་ལམ་ལཱ་ནི་མོས་པའི་སྤྱད་པའོ།། ས་གཉིས་པ་ལ་སྩོགས་པ་དྲུག་ལ་ནི་སྒྲུབ ་པའི་སྤྱད་པའོ།། ས་བརྒྱད་བྱ་ལ་ནི་ངེས་པའི་སྤྱད་པའོ།། དེ་ལ་མོས་པའི་སྤྱད་པ་ནི་རྣམ་པ་གསུམ་སྟེ། རང་གི་དོན་དང་། རང་རང་གཞན་གྱི་དོན་དང་། གཞན་གྱི་དོན་ཏེ། རེ་རེ་ལྀ་ཡང་སོ་སོར་ཆུང་ངུ་ལ་སོགས་པའི་དབྱེ་བས་རྣམ ་པ་དགུ་དགུའོ།། དེ་ལྟར་ན་མོས་པ་རྣམ་པ་ཉི་ཤུ་རྩ་བདུན་ནོ།། སྒྲུབ་པའི་སྤྱོད་པ་ནི་ལྷག་པའི་ཚུལ་ཁྲིམས་ལ་སོགས་པ་བསླབ་པ་གསུམ་རྣམ་པར་དག་པའི་ངོ་བོ་ཡིན་ཏེ། དེ་ལ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་རྣམ་པར ་དག་པས་ནི་ས་གཉིས་པའོ།། ལྷག་པའི་སེམས་ཀྱི་བསླབ་པ་རྣམ་པར་དག་པས་ནི་ས་གསུམ་པའོ།། ལྷག་པའི་ཤེས་རབ་ཀྱི་བསླབ་པ་རྣམ་པར་དག་པས་ནི་རྣམ་པ་བརྒྱད་དེ། ངེས་ནས་ལྷག་མ་བརྒྱད་བསྡུས་པ་ཡིན་ནོ ་དེ་ལ་བྱང་ཆུབ་ཀྱི་ཕྱོགས་དང་། འཕགས་པའི་བདེན་པ་བཞི་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། རྩོལྔ་བ་དང་བཅས་ཤིང་མཚན་མ་མེད་པར་གནས་པ་དང་རབ་ཏུ་ལྡན་པའི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་རྣམ་པར་དག་པས ་ནི་འོད་འཕྲོ་བ་ཅན་ལ་སོགས་པ་ས་བཞི་སྟེ། དེ་ལྟར་ན་རྣམ་པ་དྲུག་ནི་སྒྲུབ་པའི་སྤྱད་པ་ཡིན་ནོ།། ངེས་པའི་སྤྱད་པ་ནི་ལྷུན་གྱིས་གྲུབ་ཅིང་མཚན་མཱ་མང་པའི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་རྣམ་པར་དག་པས་ས་བརྒྱད་པ ་སྟེ་ཇི་ལྟར་འདོད་པར་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་ལ་སྤྱོད་པ་ངེས་པས་ན་ངེས་པའི་སྤྱད་པ་ཞེས་བརྗོད་དོ།། འདིར་ནི་བྱེ་བྲག་མ་བཟུང་བའི་ཕྱིར་སྤྱད་པ་ཐམས་ཅད་གཟུང་ངོ་།། སྤྱད་པ་ནི་སྤྱོད་པ་སྟེ། རྗེསུ་སྒྲུབ་པའོ།། ཡང ་ན་མོས་པ་ཉིད་སྤྱད་པ་ཡིན་ཏེ། འདི་རྩོམ་པའི་ས་ཡིན་པའི་ཕྱིར་རོ།། འདི་ཉིད་ཀྱི་རབ་ཏུ་དགའ་བ་ལ་སོགས་པ་ས་བཅུ་གཅིག་པོ་བརྩམས་པའི་ཕྱིར་རོ།། ཐོབ་པ་དང་། ཡོངསུ་གྲུབ་པ་དང་། རྣམ་པོར་དག་པ་ནི་དེ་ལས་གཞན་པས ་ལྷག་མ་རྣམས་ཀྱིས་རྣམ་པར་གཞག་གོ།། ཡུལ་དེ་ལ་འམ་དྲོའི་ཆེད་དུ་སྤྱོད་པ་ཉིད་ལ་རྣམ་པར་ལྟ་སྟེ། བཅོམ་ལྡན་འདས་མཛད་པའི་རྗེ་སུ་མཐུན་པ་ཉིད་དུ་ཞུགས་པ་ཡིན་གྱི། ལས་གཞན་བྱེད་པ་མེད་དོ་ཞེས་བྱ་བའི་དོན་ཏོ།། ་འཁོར་གཞན་ཡང་དེ་བཞིན་གཤེགས་པའི་མཛད་པའི་རྗེ་སུ་ཞུགས་པ་ཡིན་མོད་ཀྱི། འོན་ཀྱང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འཆད་པ་པི་ཡོན་པའི་ཕྱིར་དེ་ལྟར་ཞུགསོ་ཞེས་བསྟན་ཏོ།། ཤཱ་རིའི་བུ་ཡང་འདྲི་བ ་བཱ་པོ་ཡིན་པའི་ཕྱིར་རོ།། རྣམ་པར་ལྟ་སྟེ་ཞེས་འབྱུང་བ་ནི་རང་གི་ངོ་བོ་སྟོང་པ་ལ་སོགས་པའི་རྣམ་པ་སྣ་ཚོགས་སུ་ལྟ་བ་སྟེ། སོ་སོར་རྟོག་པའོ།། ཡི་གེ་ཁ་ཅིག་ལས་འདི་ལྟར་ཞེས་འབྱུང་བ་དེའི་ཚེ་ནི ་འདི་ལྟར་ཞེས་བྱ་བ་འདིས་རང་གི་དངོས་པོ་སྟོང་པ་དང་། མཚན་ཉིད་མྱེད་པ་དང་། མ་སྐྱེས་པ་ལ་སོགས་པ་འོག་ནས་འབྱུང་བའི་རྣམ་པ་རྣམས་ཀྱིས་ལྟ་བ་ཁྱད་པར་ཅན་དུ་བཞེད་དོ།། དེ་ཉིད་ཀྱིས་ཕྱིར་སྣ་ཚོགས་ཀྱི་དོན་བརྗོད ་པ་རྣམ་པར་གྱི་སྒྲར་སྦྱར་རོ།། རྣམ་པར་བལྟ་བར་བྱ་བ་ཇི་སྙེད་ཡོད་པའི་དོན་བསྟན་པའི་ཕྱིར་ཕུང་པོ་ལྔ་པོ་ཞེས་གསུངསོ།། ཕུང་པོའི་སྒྲས་སྐྱེ་མཚད་དང་ཁམས་ཀྱང་མཚོན་པ་ཡན་ཏེ། མཇུག་སྡུད་པ་ན་དེ་དག་ཀྱང་བརྗོ ་པའི་ཕྱིར་རོ།། ཡང་ན་ཀྱང་གི་སྒྲས་སྐྱེ་མཆེད་དང་། ཁམས་རྣམས་ལ་ཡང་རྣམ་པར་ལྟའོ།། དེ་དག་ཀྱང་ངོ་བོ་ཉིད་ཀྱིས་སྟོང་པ་ཞེས་འབྱུང་བ་འོངས་ནི་ཇི་ལྟ་བ་བཞིན་དུ་ཡོད་པར་བསྟན་ཏེ། ངོ་བོ་ཉིད་ཀྱིས་སྟོང་པ་དང་། བྲལ ་བཱ་དང་། བདག་མེད་པ་ཞེས་བྱ་བའི་དོན་ཏོ།། འདི་ཡང་མཚན་ཉིད་མེད་པ་དང་། མ་སྐྱེས་པ་ལ་སོགས་པ་མཚོན་པ་ཡིན་ནོ།། དེ་ནས་ཞེས་འབྱུང་བ་ནི་སྐབས་འདིར་དེ་མ་ཐག་ཏུའོ།། སངས་རྒྱས་ཀྱི་མཛད་པའི་མཐུ ་ནི་སངས་རྒྱས་ཀྱི་མཐུས་ཏེ། བཅོམ་ལྡན་འདས་ཀྱིས་མཛད་པའི་བྱིན་གྱི་རླབས་དང་མཐུས་ཞེས་བྱ་བའི་ཐ་ཚིག་སྟེ་དོན་འདི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་དྲི་བའི་སྤོབས་པོ་བཅོམ་ལྡན་འདས་ཀྱིས ་ཉེ་བར་སྒྲུབས་པ་ཡིན་ནོ།། དེ་ལྟ་མ་ཡིན་ནུ་ནི་འདི་ཤཱ་རི་རི་བུའི་ཡུལ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ།། ཉོན་མོངས་པ་སྤངས་པས་བསྔགས་པར་འོས་པའི་སྒོ་ནས་ཚེ་དང་ལྡན་པའི་ཕྱིར་ཚེ་དང་ལྡན་པའོ།། ཤཱ་རིའི་བུ་ཞེས་བྱ་བ། ་ནི་ཤྭ་རདྭ་ཏཾ་ཀྱི་རིགསུ་སྐྱེས་པའི་བུད་མེད་དེ། དེའི་བུ་ཡིན་པས་ཤཱ་རིའི་བུའོ།། འདི་སྐད་ཅེས་འབྱུང་བ་ནི་འོག་ནས་སྨོས་པའོ།། སྨྲསོ་ཞེས་འབྱུང་བ་ནི་སྨྲས་པར་གྱུར་པའོ།། བསྡིགས་པར་བྱ་བའི་དོན་དུ་རིགས་ཀྱི་བུ་ཞེས་འབྱུང་བ ་ཡིན་ཏེ། དབང་བསྐུར་བ་ཐོབ་པ་ཉིད་ཀྱིས་སངས་རྒྱས་རྣམས་ཀྱི་སྲས་ཁྱད་པར་དུ་གྱུར་པའི་ཕྱིར་འདི་ནི་བོད་པ་ཡིན་ནོ།། གང་ལ་ལ་ཞེས་འབྱུང་བ་ནི་བྱེ་བྲག་མ་བསྟན་པའོ།། སྤྱོད་པར་ཞེས་འབྱུང་བ་ནི་སྤྱོད་པར་བྱེད་པ་དང་། ནཱན། ་ཏན་གྱིས་ཡང་དག་ཕྱིར་སྒྲུབ་པ་རོ།། འདོད་པ་ནི་འདིའི་འདུན་པ་ཡིན་ཏེ། དེ་ལ་དེ་སྐད་ཅེས་བྱའོ།། ཡི་གེ་ཁ་ཅིག་ལས་སྤྱད་པར་བྱེད་པར་འདོད་པ་ངོས་ཞེས་འབྱུང་སྟེ། བྱེད་པོ་དང་སྒྲུབ་པར་ཞེས་བྱ་བ་ཁྱད་པོར་བ་ཉིད་ཀྱི་དོན། ་ཏྭོཿ་བསམ་པ་དང་། སྦྱོར་བ་དང་། མངོན་དུ་བྱ་བ་དང་། སྒྲུབ་པ་དང་། རྟོགས་པའི་རྣམ་པ་གང་གིས་ཇི་ལྟར་བསླབ་པར་བྱ། གོ་མོས་པར་བྱ། དེ་སྐད་ཅེས་ཞེས་འབྱུང་བ་ནི་རྣམ་པ་ལྷ་མ་ལ་བྱའོ།། སྨྲས་པ་དང་ཞེས་འབྱུང་བ། ་ནི་བརྗོད་པ་དང་ཞེས་བྱ་བའོ།། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཞེས་འབྱུང་བ་ནི་འདི་འཕགས་པ་རྣམས་ཀྱི་བརྗོད་པར་འོས་པ་ཡིན་ནོ།། འམ་ཞེས་འབྱུང་བའི་སྒྲ་ནི་ཕན་ཚུན་བལྟོས་པ་སྟོ་གཉི་གེ་ཡང་ཡིན་པར་བྱའོ།། ་ཞེས་འབྱུང་བ་ནི་སྤྱད་པ་སྤྱོད་པར་འདོད་པ་སོ།། འདི་ལྟར་ཞེས་འབྱུང་བ་ནི་འོག་ནས་འབྱུང་བའི་ཚུལ་གྱིསོ།། རྣམ་པར་བལྟ་བར་བྱཱ་སྟེ་ཞེས་འབྱུང་བ་ནི་རྣམ་པ་སྣ་ཚོགསསུ་སོ་སོར་བརྟག་པར་བྱའོ།། འདིས་ནི་རྣམ་པར ་རྟོག་པ་དང་བཅས་པའི་གཟུགས་བརྩོན་ལྷག་མཐོང་གིས་དམིགས་པར་བརྗོད་དོ།། སེམས་ངོ་བཱར་མཱ་ཆད་པ་ཉིད་དུ་གཅིག་ཏུ་རྣམ་པར་མི་རྟོག་པའི་གཟུགས་བརྙན་ནི་གནས་ཀྱི་དམིགས་པ་ཡང་བལྟ་བོར་བྱའོ།། ཡང་དག་པར ་རྗེསུ་བལྟའོ་ཞེས་འབྱུང་བ་ནི་ཕྱིན་ཅི་མ་ལོག་པའི་ཕྱིར་ཡང་དག་པར་རམ། མཚན་ཉིད་མེད་པ་ཉིད་ཀྱིས་དབྱེར་མེད་པའི་ཕྱིར་མཉམ་པར་རམ། ཆོས་ཐམས་ཅད་ཀྱི་ཕྱིར་ཀུན་ཏུ་རྣམ་པར་ལྟ་བ་ནི་རྣམ་པར་ལྟ་བ་ནི་ཡང་དག ་པར་རྗེསུ་ལྟ་བ་སྟེ། དངོས་པོའི་མཐའི་དམིགས་པ་ཞི་གནས་དང་ལྷག་མཐོང་གིས་མངོན་དུ་བྱེད་ཅེས་བྱ་བའི་ཐ་ཚིག་གོ།། འདིས་ནི་དངོས་པོའི་མཐའི་དམིགས་པ་མཐོང་བའི་ལམ་གྱིས་བསྡུས་པ་ས་དང་པོ་བསྟན་ཏོ།། དེ ་ནས་གོང་དུ་དངོས་པོའི་མཐའ་དང་། སྔར་བསྟན་པ་རྣམ་པ་གཉིས་ཏེ། ས་གཉིས་པ་ལ་སོགས་པ་ལ་ནི་དམིགས་པ་གསུམ་པོ་དེ་དག་ཡིན་པར་ལྟ་བར་བྱའོ།། ས་མཐར་ཕྱིན་པ་བཅུ་པ་དང་། དེ་བཞིན་གཤེགས་པའི ་ས་ལ་ནི་ཆོས་ཀྱི་སྐུ་ཐོབ་པའི་ཕྱིར་དགོས་པ་ཡོངསུ་གྲུབ་པ་དེ་ཉིད་དམིགས་པ་ཡིན་ནོ།། དེ་སྐད་དུ་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས། དེ་སྔོར་ཞི་གནས་དང་ལྷག་མཐོང་ཐོབ་པའི་ཕྱིར་རྣམ་པར་རྟོག་པ ་དང་བཅས་པ་དང་། རྣམ་པར་མི་རྟོག་པའི་གཟུགས་བརྙན་གྱི་དམིགས་པ་ཐོབ་པ་ཡིན་ནོ།། ད་ལྟར་ནི་མཐོང་བའི་ལམ་ཐོབ་པའི་ཕྱིར་དངོས་པོའི་མཐའི་དམིགས་པ་འཐོབ་པ་ཡིན་ནོ།། དེས་གོང་ནས་གོང་དུ་བསྒོམ་པའི་ལམ ་དང་རབ་ཏུ་ལྡན་པ་དམིགས་པ་གསུམ་པོ་དེ་དག་ཉིད་ཡིད་ལ་བྱེད་ན་མཚན་མ་དང་གནས་ངན་ལེན་ཐམས་ཅད་བཅོམ་པའི་ཕྱིར་མཐར་གྱིས་ས་གོང་ནས་གོང་དུ་གསེར་ལྟ་བུར་སེམས་རྣམ་པར་སྦྱོང་ཞིང་བླ་ན་མེད་པ ་ཡང་དག་པར་རྫོགས་པའི་བྱང་ཆུ་བོ་མངོན་པར་རྫོགས་པར་འཚོང་རྒྱ་བའི་བར་དུ་དགོས་པ་ཡོངསུ་གྲུབ་པའི་དམིགས་པ་ཡང་འཐོབ་པོ་ཞེས་གསུངས་ཏེ། རྒྱས་པར་ནི་དེ་ཉིད་ལས་རིག་པར་བྱའི། འདིར་ནི་དཔེ་ཉེ་བར ་སྒྱུར་བ་ཙམ་ཞིག་སྨྱོས་པ་ཡོན་ནོ།། ཇི་ལྟར་ན་རང་གི་དངོས་པོ་སྟོང་པ་ལ་སོགས་པའི་རྣམ་པའི་སྒོ་ནས་ཕུང་པོ་ལ་སོགས་པ་རྣམ་པར་ལྟ་བ་ནི་ཕྱིན་ཅི་མ་ལོག་པའི་ཕྱིར་ཡང་དག་པ་དང་། མཚན་ཉིད་མེད་པ་ཉིད་ཀྱིས ་མཚན་ཉིད་གཅིག་པའི་ཕྱིར་མཉམ་པ་དང་། ཆོས་ཐམས་ཅད་ཡང་དག་པར་རྗེ་སུ་མཐོང་བ་ཡིན་ཞེ་ན། གཟུགས་སྟོང་པའོ་ཞེས་བཀའ་སྩལ་ཏེ། སྐབས་ཡིན་པོའི་ཕྱིར་རང་གི་ངོ་བོ་ཉིད་ཀྱིས་ཞེས་འབྱུང་བ་དང ་སྦྱར་རོ།། འདི་ལྟར་གཟུགས་ལ་སོགས་པར་སྣང་བ་ལ་དངོས་པོ་ཡིན་པ་དང་། བཏགས་པ་ཡིན་པར་སྣང་བ་རྣམས་རྣམ་པ་དེ་གཉི་སུ་རྟོག་པར་བྱེད་དོ།། དེ་ལ་གཟུགས་ལ་སོགས་པ་སྣང་བ་དངོས་པོ་ཡིན་པར ་སྨྲ་བ་ནི་བྱེ་བྲག་ཏུ་སྨྲ་བ་དང་། སྤྱོད་པ་པཱ་ལ་སོགས་པའོ།། དོན་སྣང་བ་བཏགས་པ་ཡིན་པར་སྨྲ་བ་ནི་མདོ་སྟེ་བ་སྟེ། དེ་དག་འདི་སྐད་དུ་དོན་ནི་སྔོན་པོ་ལ་སོགས་པའི་ཕྱི་རོལ་ན་ཡོད་པ་ཡིན་ལ། མྱོང་བ་ནི། ་རྣམ་པར་ཤེས་པ་འདི་ལ་རྣམ་པ་གང་བསྒོས་པ་ཡིན་ནོ།། སྔོན་པོ་ལ་སོགས་པ་ལ་རང་གི་ངོ་བོར་རྣམ་པར་རྟོག་པ་མང་པོ་རྡུལ་ཕྲ་རབ་དང་། དེས་བརྩམས་པ་ཆ་ཤས་ཅན་དང་། རྣམ་པར་ཤེས་པ་དང་། གཙོ་བོ་དང ་སྒྲའི་ཚངས་པ་ལ་སོགས་པ་ཡོངསུ་གྱུར་པ་ཐ་དད་པར་རྟོག་པའི་དྲ་བ་ངན་པ་དེ་དག་ཐམས་ཅད་ནི་རང་གི་ངོ་བོ་བཀག་པ་ཉིད་ཀྱིས་བཅོམ་པར་འགྱུར་པས་དེ་ཉིད་བརྗོད་པར་བྱའོ།། གང་དེ་དག་ལ་བ་ལང་རྫི་དང་བུད་མེད ་ཡན་ཆད་ལ་གྲགས་པ་དངོས་སུ་གསལ་བར་སྣང་བའི་གཟུགས་དེ་ཉིད་དྲི་ཟའི་གྲོང་ཁྱེར་ལྟར་ངོ་བོ་ཉིད་ཀྱིས་སྟོང་པ་ཡིན་ཏེ། གཟུགས་སྣང་བ་འདི་ལ་རང་གི་ངོ་བོ་འགའ་ཡང་མེད་དོ།། དེ་བས་ན་རང་གི་ངོ་བོ་སྟོང་པ ་ཉིད་འདི་ལ་གཟུགསོ་ཞེས་བྱ་སྟེ། འདིས་ནི་བྱེ་བྲག་ཏུ་སྨྲ་བ་དང་། སྤྱོད་པ་པཱ་ལ་སོགས་པ་འདོད་པའི་གཟུགས་རང་གི་ངོ་བོ་སྟོང་པ་ཉིད་དུ་བསྟན་པ་ཡིན་ནོ།། མདོ་སྡེ་པ་རྣམས་སྣང་བ་རྣམ་པར་ཤེས་པའི་ངོ་བོ་ཡིན ་པའི་ཕྱིར་སྔོན་པོ་ལ་སོགས་པར་སྣང་བ་ནི་དོན་གྱི་རང་གི་ངོ་བོས་སྟོང་པ་ཡིན་ནོ།། ཕྱི་རོལ་གྱི་དོན་ནི་ཡོད་པ་ཁོ་ན་ཡིན་པས་སྟོང་པ་ཉིད་ལས་གཟུགས་གཞན་ཡིན་ནོ་སྙམ་དུ་སེམས་ན། དེ་དག་ཀྱང་གཟུགས ་ལས་སྟོང་པ་ཉིད་གཞན་མ་ཡིན་ནོ།། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ།། ཞེས་འབྱུང་བ་འདིས་འགོག་པར་བྱེད་དོ།། ཡང་ན་འདི་སྐད་དུ་ཕུང་པོ་ལ་སོགས་པའི་རང་གི་ངོ་བོ་མེད་པར་གང་ལས་ཤེས་པར་བྱ་ཞེ་ན།། ་འདིར་སྨྲས་པ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་རྒྱུ་མེད་པ་ཉིད་དང་། རྟག་པ་ཉིད་ཀྱི་ཕྱོགས་བསལ་བ་ཡིན་ནོ།། རྒྱུ་ལས་བྱུང་བའི་ཕྱོགས་ལ་ཡང་བརྟག་པ་གཉིས་ཏེ། ་དངོས་པོ་སྐྱེ་བ་ན་རྒྱུ་དང་དུས་མཉམ་པོ་ཉིད་དུ་སྐྱེ་འམ། དུས་ཐ་དད་པ་ཡིན། དེ་ལ་ཕྱོགས་དང་པོ་ལྟར་ན་ནི་རྒྱུ་དང་འབྲས་བུ་སྔ་ཕྱིའི་ཚོགས་ཐམས་ཅད་དུས་གཅིག་ཏུ་དམིགས་པར་འགྱུར་བའི་ཕྱིར་དང་། རྒྱུ་དང་འབྲས ་བུ་གཉིས་དབྱེར་མེད་པ་དང་། བསྐལ་པ་ཡང་ལོ་གཅིག་ཙམ་དུ་འགྱུར་པའི་ཕྱིར་རོ།། ཕྱོགས་གཉིས་པ་ཡང་རྒྱུ་དྲུང་འབྲས་བུ་གཉིས་དུས་གཅིག་ཏུ་ཚོགས་པ་མེད་པའི་ཕྱིར་ནུས་པ་མེད་ང། དེ་བས་ན་རྒྱུ་མེད་པ་ཉིད་དུ ་ཐལ་བར་འགྱུར་རོ།། རྒྱུ་མེད་ན་ནི་རྟག་ཏུ་ཡོད་པ་འམ་མེད་པ་ཉིད་དུ་ཐལ་བར་འགྱུར་ཏོ། བལྟོས་པར་བྱ་བ་གཞན་མེད་པའི་ཕྱིར་རོ།། བལྟོས་ན་ནི་དངོས་པོ་རེས་འགའ་བ་ཉིད་དུ་འགྱུར་རོ།། གསུམ་པའི་ཕྱོགས་ནི་མི་སྐྱེད ་དེ། དུས་གཅིག་པ་དང་དུས་ཐ་དད་པ་གཉིས་ཕན་ཚུན་སྤངས་ཏེ་གནས་པའི་ཕྱིར་རོ།། དེ་བས་ན་གཟུགས་ལ་སོགས་པའི་སྣང་བ་གང་ཡིན་པ་དེ་དག་སྨིག་རྒྱུའི་ཆུ་ལ་སོགས་པ་བཞིན་དུ་རང་གི་ངོ་བོ་སྟོང་པ་ཡིན་ནོ།། ་དེ་དག་ལ་ཡང་དེ་དང་དེ་ལ་བརྟེན་ནས་འབྱུང་བ་ཞེས་རྟོག་པ་གང་ཡིན་པ་དེ་ནི་ཀུན་རྫོབ་ཡིན་ནོ།། དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་འཕགས་པ་རྒྱ་ཆེར་རོལ་པ་ལས། ཤཱཀྱའི་སྲས་པོ་རྟེན་ཅིང་འབྲེལ་པར ་འབྱུང་བའི་ཆོས།། རང་གི་ངོ་བོ་མེད་པར་མཐོང་ནས་ནི།། ན་མཁའ་ལྟ་བུའི་སེམས་དང་རབ་ལྡན་པས།། གཡོན་ཅན་དཔུང་བཅས་མཐོང་བས་གཡོ་བ་མེད་ཅེས་འབྱུང་བ་དང་། དཀོན་མཆོག་ཏ་ལ་ལ་ལས་ཀྱང་།། རྐྱེན་ལས ་སྐྱེས་པ་རང་གི་དངོས་མ་སྐྱེས།། ཆོས་ཀྱི་ལུས་ནི་རྒྱལ་བ་རྣམས་ཀྱི་སྐུ།། ཆོས་ཉིད་རྟག་ཏུ་གནས་པ་ན་མཁའ་བཞིན། བསྟན་ན་ཆོས་རྣམས་སྦྱོང་བ་ཐོབ་པར་འགྱུར་ཞེས་གསུངསོ།། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག ་པ་ཡེ་ཤེས་སྣང་བའི་རྒྱན་ལས་ཀྱང་། ཆོས་ཀྱི་རང་བཞིན་ལས་གཡོ་བ་མེད་དོ།། ཆོས་ཀྱི་རང་བཞིན་ལས་མ་གཡོས་པ་ནི་ཆོས་ཀྱི་རང་བཞིན་ཐོབ་པར་འགྱུར་རོ།། ཆོས་ཀྱི་རང་བཞིན་ཐོབ་པ་ནི་ཅུང་ཟད་ཀྱང་སྤྲོས་པར་མི ་བྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། རྒྱུ་དང་རྐྱེན་གྱིས་བསྐྱེད་པའི་ཕྱིར་རོ།། གང་རྒྱུ་དང་རྐྱེན་གྱིས་བསྐྱེད་པ་དེ་ནི་ཤིན་ཏུ་མ་སྐྱེས་པའོ།། གང་ཤིན་ཏུ་མ་སྐྱེས་པ་དེ་ནི་ངེས་པར་ཐོབ་པ་ཡིན་ནོ།། གང་ངེས་པར་ཐོབ་པ་དེ་ནི་ཆོས་ཐ ་ཡིད་ལ་བྱེད་པ་དང་ལྷན་ཅིག་གནས་བྱེད་པ་མ་ཡིན་ནོ་ཞེས་འབྱུང་བ་ལ་སོགས་པ་གསུངས་པ་ཡིན་ནོ།། དེ་ཉིད་ཀྱི་ཕྱིར་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང་། རྟེན་ཅིང་འབྲེལ་པར་གང་འབྱུང་བ།། རང་བཞིན་གྱིས ་ནི་དེ་མ་སྐྱེས།། རང་བཞིན་གྱིས་ནི་གང་མ་སྐྱེས།། དེ་ལ་སྐྱེ་ཞེ།། ཇི་སྐད་བྱ།། ཤིན་ཏུ་ཕྲ་བའི་དངོས་ལ་ཡང་།། གང་གིས་སྐྱེ་བར་རྣམ་བརྟགས་པ།། རྣམ་པར་མི་མཁས་དེ་ཡིས་ནི།། རྐྱེན་ལས་བྱུང་བའི་དོན་མ་མཐོང ་ཞེས་གསུང་སོ།། རྣམ་གྲངས་གཞན་ཡང་རྣམ་པར་བརྟགས་པའི་གཟུགས་གཞན་གྱི་དབང་གི་མཚན་ཉིད་ནི་ཀུན་ཏུ་བརྟགས་པའི་ངོ་བོ་གཟུང་བ་དང་འཛིན་པའི་མཚན་ཉིད་གཉིས་ཀྱིས་རྟག་པ་རྟག་པའི་དུས་དང ་ཐེར་ཟུག་ཐོར་ཟུག་གི་དུས་སུ་བྲལ་བ་སྟོང་པ་དེ་ནི་ཆོས་ཉིད་ཀྱི་གཟུགས་ཏེ། ཡོངསུ་གྲུབ་པའི་མཚན་ཉིད་དོ།། གཞན་གྱི་དབང་དང་ཡོངསུ་གྲུབ་པ་དེ་གཉིས་ཀ་ཡང་སྟོང་པ་ཉིད་གཟུགས་སོ་ཞེས་འབྱུང་བ་འདིས ་གཅིག་པ་ཉིད་དུ་སྟོན་ཏེ།། སྟོང་པ་ཉིད་ཡོངསུ་གྲུབ་པའི་ངོ་བོ་དང་། གཟུགས་གཞན་གྱི་དབང་གི་མཚན་ཉིད་གཅིག་པ་ཉིད་དུ་ངེས་པར་གཟུང་བའི་ཕྱིར། སྟོང་པ་ཉིད་གཟུགསོ་ཞེས་བྱ་བ་ཉིད་སྨོས་པ་ཡིན་ནོ།། དེ་ལྟར་གཅིག ་པ་ཉིད་སྒྲུབ་པའི་སྒོ་ནས་བརྗོད་ནས་དགག་པའི་སྒོ་ནས་ཀྱང་། གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན་ནོ་ཞེས་འབྱུང་བ་ལ་སོགས་པས་ཐ་དང་པོ་ཉིད་འགོག་པར་བྱེད་དོ།། དེ་ཡང་མི་འགྱུར་བ་དང་ཕྱིན་ཅི་མ་ལོག་པར་ཡོད ་སུ་གྲུབ་པས་ཡོངསུ་གྲུབ་པ་སྟེ། རྒྱུ་དང་རྐྱེན་འདུས་ནས་ནུས་པར་གྱུར་པས་མ་བྱས་པའི་ཕྱིར་འདུས་མ་བྱས་པའོ།། དེ་ལས་གཞན་པ་གཉིས་ནི་མ་གྲུབ་པའོ།། རྒྱུན་ཆད་པ་འམོ་ཡིན་པའི་ཕྱིར་རྟག་པ་སྟེ། དེ་ནི་ཐུབ་པ་ཆེན་པོའི་ཆོས ་ཀྱི་སྐུ་དོན་དམ་པར་ཡོད་པ་མ་ཡིན་ནོ།། དེ་ཉིད་གཅིག་ཁོ་ན་དམ་པ་བདེན་པ་སྟེ། འདི་ལྟ་སྟེ། མ་རྨོངས་པའི་ཆོས་ཅན་མྱ་ངན་ལས་འདས་པ་ཞེས་བྱའོ།། དེ་ལྟ་མ་ཡིན་ན་རྩོམ་པ་ཐམས་ཅད་དོན་མེད་པར་འགྱུར།། ་ཞེས་ཟེར་བ་གྲག་སྟེ། དེ་ལ་བཤད་པ་ཇི་ལྟར་བཤད་པའི་ཆོས་ཀྱི་སྐུའི་མཚན་ཉིད་འདོད་ལ་ནི་རག་ནི་དོན་དམ་པར་ཡོད་བྱ་བ་དེ་གོ་ཇི་ལྟ་བུ། འདི་ལྟར་དེ་མུ་སྟེགས་ཅན་གྱིས་ཡོངསུ་བརྟགས་པའི་བདག་ལ་སོགས་པ་བཞིན་དུ་རྟག ་པ་ཡིན་མ། སྐད་ཅིག་མ་ཡིན། ཅི་སྟེ་ཕྱོགས་དང་པོ་ཡིན་ན་ནི་མུ་སྟེགས་ཅན་རིག་བྱེད་ཀྱི་མཐའ་སྨྲ་བ་ལ་སོགས་པའི་གྲུབ་མཐའ་ལ་འད་བྱེ་བྲག་ཅི་ཡོད། ཟླ་བ་སྒྲོན་མའི་ཏིང་ངེ་འཛིན་ལས་ཀྱང་། ཆོས་ཀུན་རྟག་ཏུ་རང་གི་ངོ་བོས ་སྟོང་དང་རྒྱལ་བའི་སྲས་རྣམས་དངོས་པོ་རྣམ་པར་འཇིག། སྲིད་པ་ཐམས་ཅད་ཡོད་ཡོ་སྟོང་པ་སྟེ།། ཉི་ཚེའི་སྟོང་ཉིད་མུ་སྟེགས་ཅན་རྣམས་ཀྱི།། ཞེས་པ་ཡང་ཇི་ལྟར་རྟོགས་པར་བྱ། མུ་སྟེགས་ཅན་རྣམས་ལ་ཡང་ཇི་ལྟར་སྐྱོན ་གདགས། འོན་ཏེ་ཕྱོགས་གཉིས་པ་ལྟར་ན་དེའི་ཚེ་སྐད་ཅིག་སྔ་མ་ནི་སྐད་ཅིག་མ་ཕྱི་མའི་རྒྱུ་ཡིན་ལ། དེ་ལ་ཡང་དུས་མཉམ་པ་དང་། དུས་ཐ་དད་པའི་སྐྱོན་སྔར་བསྟན་ཟིན་པས་ཡོང་མི་བརྗོད་དོ།། གང་ཡང་གཅིག་ཁོ་ནི་དམ ་པ་བདེན་པའོ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་འདི་ཡང་མྱ་ངན་ལས་འདས་པ་མངོན་པར་འདོད་པ་དེ་དག་གཞུགས་པ་ལ་ལྡེམ་པོར་དགོངས་པ་ཡིན་ཏེ། འདི་ལྟར་བློ་གྲོས་མི་ཟད་པ་ལས། ཅི་སྟེ་འདུས་བྱས་མེད་ན། ་གང་འགོག་ན་མྱ་ངན་ལས་འདས་པ་བདེན་པར་འགྱུར་ཞེས་བྱ་བས་དེ་དག་ཐམས་ཅད་བསལ་བ་ཡིན་ནོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉི་ཁྲི་ལྔ་སྟོང་པ་ལ་སོགས་པ་ལས་ཀྱང་། ཡང་དག་པར་རྫོགས་པའི་སངས་རྒྱས ་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ།། མྱ་ངན་ལས་འདས་པ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ།། ཅི་སྟེ་མྱ་ངན་ལས་འདས་པ་ལས་ཆོས་ལྷག་པའི་ཆོས་འགའ་ཞིག་ཡོད་ན་དེ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ་ཞེས་ང་སྨྲའོ་ཞེས ་གསུང་སོ།། རྩོམ་པ་དོན་ཡོད་པར་འགྱུར་བ་ནི་འོག་ནས་བསྟན་པོར་བྱའོ།། ཅི་སྟེ་གཟུང་བ་དང་འཛིན་པ་དང་། རྣམ་པར་བྲལ་བ་གཉིས་སུ་མེད་པའི་ཡེ་ཤེས་དོན་དམ་པར་ཡོད་པར་ཁས་མི་ལེན་ན་ཇི་ལྟར་མེད་པར་མི་འགྱུར ་ཞེ་ན། མི་འགྱུར་ཏེ། ཀུན་རྫོབ་ཏུ་རྟེན་ཅིང་འབྲེལ་པར་འབྱུང་བ་ཁོས་ལེན་པའི་ཕྱིར་དང་། དོན་དམ་པར་ཡང་ཡོད་པ་དང་མེད་པ་ལས་འདས་པར་ཡང་ཡོད་པའི་ཕྱིར་རོ།། ཡོད་པ་ཉིད་ལས་བཟློག་སྟེ། མེད་པ་ཉིད་དུ་འཛིན ་པ་ནི་འདི་ལྟར་མེད་པར་ལྟ་བ་ཆང་པའི་མཐའ་ཡིན་ཏེ། ཕ་མེད་དོ།། མ་མེད་དོ། འཇིག་རྟེན་འདི་མེད་དོ།། འཇིག་རྟེན་ཕ་རོལ་མེད་དོ།། ལེགས་པར་བྱས་དང་ཉེས་པར་བྱས་པའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ ་མེད་དོ་ཞེས་བྱ་བ་དང་། བདེན་པ་དང་། དཀོན་མཆོག་ལ་སོགས་པ་ལ་སྐུར་པ་འདེགས་པའི་མཚན་ཉིད་རྣམ་པ་དེ་ལྟ་བུའི་སྡིག་པ་ཅན་ཡིན་ན། ཤིན་ཏུ་རྣམ་པར་དགོ་པའི་དབུ་མའི་ལུགས་ལ་ལྟ་སྐབས་ག་ལ་ཡོད། ་རིན་པོ་ཆེའི་ཕྲེང་བ་ལས་ཀྱང་། སྨིག་རྒྱུ་ལས་ནི་ཆུའོ་ཞེས།། ཆུ་ཡི་བློ་ཡིས་དེ་སོང་ནས། ཅི་སྟེ་ཆུ་དེ་མེད་དོ་ཞེས།། འཛིན་པ་དེ་ནི་རྨོངས་པ་ཉིད།། ཅེས་གསུངས་པ་དང་། གང་ལ་མེད་པར་འདོད་པ་ལ།། བྱང་ཆུབ་རྟེན་ཕྱིར། ་སེམས་མེད་ཅིང་།། ཁས་ལེན་མེད་དང་སྤྱོད་མེད་དང་།། དེ་ལ་ཇི་ལྟར་མེད་པར་ཤེས་ཞེས་བྱ་བས་ཀྱང་ལན་བཏབ་བོ།། ཇི་སྟེ་ཡོད་པ་ཉིད་བཀུག་པའི་ཕྱིར་མེད་པ་ཉིད་དུ་འགྱུར་རོ་ཞེ་ན། མེད་པ་ཉིད་དུ་བཀག་པའི་ཕྱིར་ཡོད་པ་ཉིད་དུ་ཡང ་ཅིའི་ཕྱིར་མི་འགྱུར། གཉིས་སུ་མེད་པའི་ཤེས་པ་དོན་དམ་པར་ཡོད་པར་ཁས་ལེན་པ་ཡོད་རྒྱུ་ཐ་དད་པར་འཇུག་པ་རྣམས་ལ་དེ་དག་གི་ཤེས་པ་རྣམས་འཛིན་ན་ནི་ཇི་ལྟར་གཉིསུ་མེད་པ་ཉིད་ཡིན།། འོན་ཏེ་དོན་དམ་པར་ཡོད་པ ་ལ་མོ་འཛིན་ན་ནི་ཇི་ལྟར་ཐམས་ཅད་མཁྱེན་པ་ཉིད་ཡིན། ཁྱེད་ལ་སྐྱོན་འདི་མཚུངས་པར་འགྱུརརོ་ཞེ་ན། མི་འགྱུར་ཏེ། དོན་དམ་པ་ཡོད་པ་མི་མཐོང་བ་ཉིད་དེ་ཁོ་ན་མཐོང་བ་ཡིན་ལ། སྨིག་རྒྱུ་ལ་ཆུར་མི་མཐོང་བ་མི་ཞེས ་པ་དང་ལྡན་པ་ནི་མ་ཡིན་ནོ།། དེ་སྐད་དུ་གཟུགས་མ་མཐོང་བ་ཉིད་གཟུགས་མཐོང་བ་ཉིད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དང་། ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང་གང་ཡང་མ་མཐོང་བ་ནི། ཆོས་ཐམས་ཅད་མཐོང་བྱ ་ཡིན་ནོ་ཞེས་གསུངས་སོ།། དེ་བཞིན་དུ་གཟུགས་དང་འདྲ་བར་ཚོར་བ་ལ་སོགས་པ་ནས་ཐ་མ་རྣམོ་པར་ཤེས་པ་ལ་ཐུག་པ་ཕུང་པོ་དག་མདོར་ན་རང་གི་ངོ་བོས་སྟོང་པ་ཉིད་དུ་བསྟན་ཏོ།། དེས་ན་འདི་ལྟར་རིག་པར་བ་སྟེ། ཚོར ་ཚོར་བ་སྟོང་པའོ།། སྟོང་པ་ཉིད་ཚོར་བའོ།། ཚོར་བ་ལས་སྟོང་པ་ཉིད་གཞན་མ་ཡིན་ནོ།། སྟོང་པ་ཉིད་ལས་ཚོར་བ་གཞན་མ་ཡིན་ནོ།། དེ་བཞིན་དུ་འདུ་ཤེས་ལ་སོགས་པ་ཡང་སྦྱར་བར་བྱའོ།། ཕུང་པོ་རྣམས་རང་གི་ངོ་བོ་སྟོང་པ ་ཉིད་དུ་བསྟན་ནས་སྐྱེ་མཆེད་དང་ཁམས་རྣམས་ལ་ཡང་བསྟན་པའི་ཕྱིར། ཤཱ་རིའི་བུ་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་གསུང་སོ།། དེ་ལྟར་ནི་ཞེས་འབྱུང་བ་ནི་ཕུང་པོ་བཞིན་དུའོ།། ཆོས་ཐམས་ཅད་ནི་སྐྱེ་མཆེད་དང་ཁམས ་རྣམས་ཏེ། རང་གི་ངོ་བོ་སྟོང་པ་ཉིད་དེ་འབྱུང་བ་དང་སྦྱརོ།། རང་གི་ངོ་བོ་སྟོང་པ་ཉིད་ལ་རྣམ་པར་ལྟ་བའི་རྣམ་པ་བསྟན་ནས་མཚན་ཉིད་མེད་པ་ལ་རྣམ་པར་ལྟ་བའི་རྣམ་པ་བསྟན་པའི་ཕྱིར། མཚན་ཉིད་མེད་པ་ཞེས་བྱ་བ་གསུང ་སོ་འདིས་སམ་དེ་མཚོན་པར་བྱ་བ་ཡིན་པས་མཚན་ཉིད་དེ། འདི་ལྟ་སྟེ་གཟུགས་ཀྱི་ཕུང་པོའི་སྤྱིའི་མཚན་ཉིད་ནི་གཟུགས་སུ་རུང་བས་གཟུགསོ།། ཚོར་བའི་ཕུང་པོའི་སྤྱིའི་མཚན་ཉིད་ནི་མྱོང་བས་ན་ཚོར་བའོ།། རང་གི་ངོ ་ལས་འདི་བྱེ་བྲག་ཅི་ཡོད་ཅེ་ན། རང་དང་སྤྱིའི་མཚན་ཉིད་ཀྱིས་བྱས་པའི་བྱེ་བྲག་ཡོད་དོ།། རང་གི་མཚན་ཉིད་ནི་རང་གི་ངོ་བོ་སྟེ། སྔོན་པོ་ལ་སོགས་པ་གང་ཐུན་མོང་མ་ཡིན་པའི་ངོ་བོའོ།། ཕུང་པོ་དང་ཁམས་སཾ་དང་སྐྱེ་མཆེད ་ཀྱི་ཆོས་གོང་ཡིན་པ་ཐམས་ཅད་ལ་སྤྱིའི་མཚན་ཉིད་དེ་དག་མེད་པོས་དེ་མཚོན་ཉིད་མེད་པས་སོ།། མཚན་ཉིད་མེད་པ་ཉིད་ལ་སོགས་པ་དེ་དག་ཀྱང་རང་གི་ངོ་བོས་བཀག་པས་བསྒྲིམ་མི་དགོས་པར་གྲུབ་པ་ཡིན་ནོ།། ། ་ཙཾ་བྷྲཱུཾ་ས་ཐམས་ཅད་སྟོང་པ་དང་མཚན་ཉིད་མེད་པ་ཡིན་ནུ་དེ་ཇི་ལྟར་རང་གི་རྐྱེན་ཇི་ལྟ་བ་བཞིན་ལས་སྐྱེ་ཞིང་རང་གི་རྒྱན་ཇི་ལྟ་བ་བཞིན་འགགས་པས་འགག་ཅེ་ན། འདི་ལྟར་མ་རིག་པའི་རྒྱུན་གྱིས། ་འདུ་བྱེད། འདུ་བྱེད་ཀྱི་ཆེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་སྲིད་དེའི་ཡན་ལག་རྣམས་སྐྱེ་བ་དང་། མ་རིག་པོ་འགགས་པས་འདུ་བྱེད་འགག། འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག་ཅེས་བྱ་བ་ལ ་སོགས་པ་སྲིད་པའི་ཡན་ལག་རྣམས་འགགས་པ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མེད་དོ་ཞེས་བསྟན་པའི་ཕྱིར། མ་སྐྱེས་པ་མོ་འགགས་པ་ཞེས་གསུངསོ།། གལ་ཏེ་དེ་ལྟར་ན་ཇི་ལྟར་རྒྱུ་དང་འབྲས་བུར ་བཅས་པའི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་འཕགས་པའི་བདེན་པ་བཞི་པོ་འདི་ཇི་ལྟར་རུང་ཞེ་ན། དྲི་མ་མེད་པ་དྲི་མོ་དང་བྲལ་པོ་ཞེས་གསུངས་ཏེ། ཉོན་མོངས་པའི་དྲི་མའི་རང་གི་ངོ་བོ་མེད་པོའི་ཕྱིར་ཆོས་ཐམས། ་ཅད་དྲི་མ་མེད་པའོ།། དྲི་མ་བསལ་བའི་སྒོ་ནས་རྣམ་པར་བྱང་བ་མེད་པའི་ཕྱིར་རང་བཞིན་གྱིས་དྲི་མ་དང་བྲལ་བ་ཞེས་གསུངས་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བའི་ཕྱིར་རོ།། གལ་ཏེ་དེ་ལྟར་ན་མི ་གཡོ་བའི་ས་ལ་མཚན་མའི་ཉེས་པ་སྤངས་པའི་ཕྱིར་ལྷུན་གྱིས་གྲུབ་པོར་མཚན་མ་མེད་པར་གནས་པས་སྐྱོན་བྲི་བ་དང་། སྔར་ཇི་ལྟར་རིགས་པར་ངན་སོང་བའི་ཉོན་མོངས་པོ་ཀུན་ཏུ་རྨོངས་པ་ལ་སོགས ་པཱ་སྦྱངས་པར་ཇི་ལྟར་འགྱུར་ཞེ་ན། བྲི་བ་མེད་པ་ཞེས་བྱ་བ་གསུངས་ཏེ། འདིར་སྐྱོན་ཞེས་བལྟ་བར་བྱའོ།། དེ་བཞིན་དུ་སྱ་དགུ་པ་ལ་སོགས་པ་གསུམ་ལ་གོ་རིམ་བཞིན་སོ་སོ་ཡང་དག་པ་རིག་པ་དང་། མངོན་པར ་ཤེས་པ་ཆེན་པོ་དང་། སྒྲིབ་པ་མེད་པའི་ཡེ་ཤེས་ཐོབ་པའི་ཕྱིར་ཡོན་ཏན་རྣམས་ཀྱིས་རྒྱས་པ་ཉིད་མེདོ་བར་བསྟན་པའི་དོན་དུ་གང་བ་མེད་པའོ་ཞེས་བྱ་བ་གསུང་སོ།། འདྲར་ཡང་ཡོན་ཏན་གྱིས་ཞེས་བྱ་བ་ཁོ་ན་སྦྱར ་བར་བྱ་སྟེ། དཀོན་མཆོག་ཟ་མ་གཏོག་གི་མདོ་ལས་ཀྱང་། དེ་སྐད་དུ་གསུངས་པའི་ཕྱིར་རོ།། ཅིའི་ཕྱིར་རྣམ་པ་བརྒྱད་ཁོ་ན་དང་གོ་མ་རིམ་ཀྱང་འདི་ལྟར་གསུངས་ཞེ་ན། འདིར་བཤད་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པའི་སྙིང་པོ་ཡིན་ལ་སྙིང་པོ་ཡང་གཞན་ཡན་ལག་ཐམས་ཅད་ལས་དམ་པ་གཙོ་བོ་ཡིན་ནོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཙོ་བོའི་དོན་ནི་སྟོང་པ་ཉིད་ལ་སོགས་པ་རྣམ་པར་ཐར་པའི་སྒོ་གསུམ ་ཡིན་ནོ།། དེ་ནི་རྣམ་པ་བརྒྱད་པོ་དེ་དག་གིས་བསྡུས་པ་ཡིན་ལ། རྣམ་པ་དེ་དག་ཉིད་འདིར་གོ་རིམས་ཏེ། འདི་ལྟར་སྟོང་པ་ཉི་དྲོ་དང་། མཚན་མ་མེད་པ་གཉིས་ཀྱིས་ནི་སྟོང་པ་ཉིད་ཀྱི་ཏིངངེ་འཛིན་ཏོ།། བར་མ་བཞིས། ་ནི་སྐྱེ་བ་དང་འགག་པ་དང་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་བཞི་བཀག་པས་མཚན་མ་མེད་པའི་ཏིང་འཛིན་ཡིན་ནོ།། ཐ་མ་གཉིས་ཀྱིས་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་ཏེ། འདི་ལྟར་སྐྱོན་སྤངས་པའི།། ་ཕྱིར་རམ། ཡོན་ཏན་ཐོབ་པར་བྱ་བའི་ཆེད་དུ་སྨོན་པར་བྱེད་ལ་དེ་གཉི་ག་བཀག་པས་སྨོན་པ་མེད་པ་ཉིད་ཡིན་ནོ།། དུ་ནི་བསྟན་པའི་རྣམ་པས་རྣམ་པར་བལྟས་པའི་འབྲས་བུ་བསྟེན་པའི་ཕྱིར། དེ་ལྟ ་བས་ན་དེའི་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།། དེ་ལྟ་བས་ན་ཞེས་བྱ་བ་ནི་གསུངས་པའི་རྣམ་པས་རྣམ་པར་ལྟ་བས་ནའོ།། དེའི་ཚེ་དེའི་དུས་ནའོ།། སྟོང་པ་ཉིད་ཡང་དག་པར་རྗེསུ་མཐོང་བ་ལ་གཟུགསོ་ཡང་དག ་པར་རྗེསུ་བལྟར་མེད་ཅེས་བྱུང་བར་སྦྱར་ཏེ། ཆོས་ཐམས་ཅད་མི་མཐོང་པོ་ཉིད་ནི་སྟོང་པ་ཉིད་མཐོང་བ་ཡིན་ནོ།། གཟུགས་མེད་ཅེས་འབྱུང་བ་ལ་སོགས་པ་ནི་ཕུང་པོ་དང་སྐྱེ་མཆེད་དང་ཁམས་དགག་པ་འདི་དག་སྟོན ་ཏེ། དེ་ལ་གཟུགས་མེད་ཅེས་འབྱུང་བ་ནས་ཐ་མ་རྣམ་པར་ཤེས་པ་མེད་ཅེས་བྱ་འབྱུང་བའི་བར་གྱིས་ནི་ཕུང་པོ་འགོག་པའོ།། མིག་མེད་ཅེས་གྱུས་ནས་བརྩམས་ཏེ་ཆོས་མེད་ཅེས་འབྱུང་བ་འདིས་ནི་སྐྱེ་མཆེད་འགོག་གོ། ་མིག་གི་ཁམས་མེད་པ་ནུས་བར་གྱི་སྒྲས་གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་ལ་སོགས་པ་བཅོ་ལྔ་ཤུགས་ཀྱིས་སྟོན་ཏོ།། ཐ་མ་ཡིན་པའི་ཕྱིར་ཡིད་ཀྱི་ཁམས་དང་ཡིད་ཀྱི་རྣམ་པར ་ཤེས་པའི་ཁམས་ཏེ། འདི་ལྟར་མཚན་ཉིད་མེང་པ་དང་། མ་སྐྱེས་པ་དང་མ་འགགས་པ་ལ་སོགས་པ་ལ་ཡང་གཟུགས་མེད་ཅེས་བྱ་བ་ལ་སོགས་པ་ཐམས་ཅད་ལ་སྦྱོར་བར་བྱའོ།། ཅི་སྟེ་སྟོང་པ་ཉིད་དང་མཚན ་མ་མེད་པ་ལ་སོགས་པ་ལ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་མི་སྲིད་ན། འོ་ན་ཇི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་དེ་རྣམས་འབྱུང་བ་དང་། མ་རིག་པ་འགགས་པས་འདུ་བྱེད་རྣམས་འགག་པར་འགྱུར། དེ ་བཞིན་དུ་ཡན་ལག་བཅུ་གཉིས་རང་གི་རྐྱེན་ཇི་ལྟ་བ་བཞིན་ལས་སྐྱེས་པ་དང་རྐྱེན་འགགས་པས་ཀྱང་འགོག་གོ་ཞེས་རྣམ་པར་གཞག་ཅེ་ན། བདེན་ཏེ། ཀུན་རྫོབ་ཏུ་ཡོད་པ་ཉིད་ཡིན་གྱི། སྟོང་པ་ཉིད་དང་མཚན་མ་མེད་བ་ལ ་སོགས་པ་ལ་ནི་མ་ཡིན་པའི་ཕྱིར། མ་རིག་པ་མེད། མ་རིག་པ་ཟད་པ་མེད་ཅེས་གསུངསོ།། བར་དུ་ཞེས་བྱ་བའི་སྒྲས་འདུ་བྱེད་ལ་སོགས་པ་ཤུགས་ཀྱིས་བསྟན་ཏོ།། རྒ་ཤི་མེད་དོ།། དེ་མེད་པས་ཟད་པ་མེད་དོ།། ཅི་སྟེ་དོན་དམ། ་པར་སྲིད་པའི་ཡན་ལག་དང་། དེ་ཟད་པ་མེད་ན་འོ་ན་ཇི་ལྟར་འཕགས་པ་རྣམས་ཀྱིས་སྡུག་བསྔལ་ལ་སོགས་པ་བདེན་པ་ཉིད་དུ་མཐོང་། འཕགས་པ་རྣམས་ཀྱིས་གང་བདེན་པ་ཉིད་དུ་མཐོང་བ་དེ་ནི་ལོག་པ་ཉིད་དུ་འོས་པ ་མ་ཡིན་ནོ།། དེ་དག་བདེན་པ་ཉིད་ཡིན་ན་ནི་ཇི་ལྟར་སྲིད་པའི་ཡན་ལག་དང་དྲི་ཟད་པ་མེད་པ་ཡིན་ཞེ་ན། དེའི་ཕྱིར་རང་གི་ངོ་བོ་སྟོང་པ་ཉིད་ལ་སོགས་པ་ལ། སྡུག་བསྔལ་བ་དང་ཞེས་བྱ་བ་ལ་སོགས་པ་གསུངསོ།། གང་གི ་ཚེ་སྡུག་བསྔལ་གྱི་རང་གི་ངོ་བོ་མཐོང་བ་ངན་ལ་མ་སྐྱེས་པའི་ཕྱིར་མེད་པ་དེའི་ཚེ་དེའི་རྒྱུ་ཀུན་འབྱུང་བ་ཡང་གི་ལ་ཡོད་དེ། དེ་བས་ན་དེ་འགོག་པ་ཞེས་བྱ་བ་དང་། དེ་འགོག་པའི་ཐབས་སུ་འགྱུར་བ་ལམ་ཡང་ཅི་ཡང་མེད། ་མེད་དོ། མཚན་མའི་བདག་ཉིད་ཀྱི་སྐྱོན་སྦྱངས་པའི་ཕྱིར་ཡེ་ཤེས་ཀྱང་རང་གི་ངོ་བོ་དོན་དམ་པར་གྲུབ་པ་མེད་དོ་ཞེས་བསྟན་པའི་ཕྱིར། ཡེ་ཤེས་མེད་དོ་ཞེས་གསུང་སོ།། ཡི་གེ་ཁ་ཅིག་ལས་མི་ཤེས ་པ་མེད་དོ་ཞེས་ཀྱང་འབྱུང་སྟེ་དེའི་དོན་ནི་འདི་ཡིན་ཏེ། གལ་ཏེ་སྟོང་པ་ཉིད་ལ་མཚན་མའི་ཀུན་ནས་ཉོན་མོངས་པའི་སྐྱོན་དང་བྲལ་བའི་ཕྱིར་ཡེ་ཤེས་མེད་ན། འོ་ན་མི་ཤེས་པ་རྨོངས་པའི་མཚན་ཉིད་ཡོད་དོ་སྙམ་ན། ་མི་ཤེས་པ་མེད་དོ་ཞེས་གསུངས་ཏེ། རང་གི་ངོ་བོ་སྟོང་པ་ཉིད་ཤེས་པ་ལ་འདི་ག་ལ་སྲིད། དེ་བཞིན་དུ་སོ་སོ་ཡང་དག་པར་རིག་པ་དང་། སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་རྣམས་དང་། དེ་ཐོབ་པར་བྱེད ་པའི་རང་གི་ངོ་བོ་མེད་ན་ཐོབ་པ་ཞེས་བྱ་བ་འཐད་པ་མ་ཡིན་པའི་བསྟན་པའི་ཕྱིར། ཐོབ་པ་མེད་དོ་ཞེས་བྱ་བ་གསུང་སོ།། དེ་ལྟར་ཐོབ་པའི་རྣམ་པར་རྟོག་པ་བཀག་ནས་དེ་ལས་བཟློག་པ་མ་ཐོབ་པབྱའི་རྣམ་པར་རྟོག་པ ་པའི་ཕྱིར་མ་ཐོབ་པ་མེད་དོ།། ཞེས་གསུང་སོ།། འདིས་ནི་ཡེ་ཤེས་དང་མི་ཤེས་པ་དང་། ཐོབ་པ་དང་མ་ཐོབ་པོ་ལས་འདས་སྒྲོ་འདོགས་པ་དང་། སྐུར་པ་འདེབས་པའི་མཐའ་དང་བྲལ་བའི་དོན་ཟབ་མོ་བསྟེན་པར་རིག་པར་བྱའོ།། ། ་དེ་ལྟར་གོང་དུ་བསྟན་པའི་རྣམ་པས་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆོས་གང་ཡང་ཐོབ་པ་མེད་པ་དེའི་ཕྱིར་བྱང་ཆུབ་ཀྱི་ཆེད་དུ་སེམས་པ་དང་། ལྷག་པར་ཆགས་པ་དང་། བསམ་པ་གང་ཡིན་པ་ང། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་སྐད་དུ་བསྟན་པའི་མཚན་ཉིད་བསྒོམ་པའི་ལམ་དང་རབ་ཏུ་ལྡན་པ་ལ་རྟེན་ཅིང་ཤིན་ཏུ་བརྟེན་ནས་བརྩོན་འགྲུས་ཁྱད་པར་ཅན་གྱིས་ཞུགས་ཤིང་གནས་ཏེའོ།། བྱང་ཆུབ་ལ་ཡང་ཆོས ་གང་ཡང་ཡོངསུ་གྲུབ་པོ་མེད་དོ།། དེ་སྐད་དུ་ཟླ་བ་སྒྲོན་མའི་ཏིང་འཛིན་ལ་སོགས་པ་ལས། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཀྱི་རང་གི་ངོ་བོ་བསྟན་པ། ཤིན་ཏུ་ཕྲ་བའི་ཆོས་ཀྱང་ཡོད་མ་ཡིན། ཤིན་ཏུ་ཕྲ་ཞེས་བྱ ་བའང་ཡོད་པ་མིན་ཞེས་བྱ་བ་ལ་སོགས་པ་དང་། རྣམ་པར་སྣང་མཛད་མངོན་པར་རྫོགས་པ་བྱང་ཆུབ་པ་ལས་ཀྱང་། གསང་བ་པའི་བདག་པོ་དེ་ནི་ཤིན་ཏུ་ཕྲ་བའི་ཆོས་ཀྱང་ཡོད་པ་མ་ཡིན་ཞིང་དམིགསུ་མེད་དེ། དེས ་ནཱ་བླ་ན་མེད་པ་ཡང་དྲག་པོར་རྫོགས་པའི་བྱ་བ་ཆུབ་ཅེས་བྱའོ་ཞེས་གསུངསོ།། ཅི་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཆོས་འགའ་ཡང་མེད་ན་སྐྱོན་གྱི་མཚན་ཉིད ་ཀྱི་ཆོས་བསལ་ནས་ཡེ་ཤེ་སུ་གྱུར་པ་ཡང་གོང་མོད། ཡོན་ཏན་གྱི་མཚན་ཉིད་འདོང་བ་ཐོབ་པ་ཡང་མེད་ནི་ཙོའི་ཕྱིར་བྱང་ཆུབ་ལས་བརྩམས་ཏེ་ཤེ་སཱ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡ་བརྟེན་ན་གནས་འདི་སྙམ་དུ་སེམས ་ཏེ། ཇི་ཙམ་དུ་ཁ་ཅིག་གིས་ར་བ་སྔོན་དུ་བཏང་བ་ནི་འགའ་ཞིག་ལ་འཇུག་པར་བྱེད་དེ། དེ་ཐམས་ཅད་ནི་མི་འདོད་པའི་སྐྱོན་སྤངས་པའི་ཕྱིར་དང་། འདོད་པོའི་ཡོན་ཏན་ཐོབ་པར་བྱ་བའི་ཕྱིར་འཛུད།། ་གང་དུ་ཡང་རང་གི་ངོ་བོ་སྟོང་པ་ཡིན་པའི་ཕྱིར་ཆོས་ཐམས་ཅད་མི་དམིགས་ན་དེ་ལ་སུ་ཞིག་འཇུག། ཅིའི་ཕྱིར་འཇུག་འཇུག་པའི་འབྲས་བུ་ཅི་ཡིན་ཞེ་ན། སེམས་ཀྱི་སྒྲིབ་པ་མེད་པས་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། ཡང་དག་པའི་དོན་ཇི་ལྟ་བ་བཞིན་དུ་ཡོངསུ་ཤེས་པ་ལ་བགེགས་བྱེད་པའི་ཕྱིར་སེམས་ལ་སྒྲིབ་པར་བྱེད་ཀུན་ནས་ཁེབས་པར་བྱེད་པའི་ཕྱིར་སེམས་ཀྱི་སྒྲིབ་པའོ།། དེ་དག་ཀྱང་གང་ཟག་དང་ཆོས་ལ་མངོན ་བར་ཞེན་པ་ལ་སོགས་པ་ཤིན་ཏུ་རྨོངས་པ་ཉི་ཤུ་རྩ་གཉི་ས་དང་དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་བཅུ་གཅིག་གོ། གང་དག་སྤང་བའི་ཕྱིརརོ་འཇོམས་པའི་དོན་གྱིས་གཉེན་པོ་ནི་གོ་རིམ་བཞིན་དུ་རབ་ཏུ་དགའ ་བ་ལ་སོགས་པ་ས་བཅུ་གཅིག་སྟེ། ས་ལ་འཇུག་པ་ལྔས་ཇི་སྐད་དུ། ཡན་ལག་བཅུ་གཅིག་རྫོགས་པ་ཡིས།། རབ་དགའ་ལ་སོགས་བཅུ་གཅི་གོ་སྟེ།། རྨོངས་གཉིས་གནས་ངན་ལེན་གཅིག་སྟེ། མི་མཐུན་ཕྱོགས་ནི ་ཐ་དད་དོ་ཞེས་འབྱུང་བ་དང་། དེ་བཞིན་དུ་དགོངས་པ་ངེས་པར་འགྲེལ་པ་ལས་ཀྱང་། དེ་ལ་ས་དང་པོ་ལ་གང་ཟག་དང་ཆོས་ལ་མངོན་པར་ཞེན་པའི་ཤིན་ཏུ་རྨོངས་པ་དང་། ངན་སོང་བའི་ཉོན་མོངས་པའི་ཤིན་ཏུ་རྨོངས ་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ།། གཉིས་པ་ལ་ནི་ལྟུང་བ་ཕྲ་མོའི་འཁྲུལ་པའི་ཤིན་ཏུ་རྨོངས་པ་དང་། ལས་ཀྱི་འགྲོ་བ་རྣམ་པ་སྣ་ཚོགས་ལ་ཤིན་ཏུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན ་པའི་ཕྱོག་སོ།། གསུམ་པ་ལྔ་ནཱི་འདོད་པའི་འདོད་ཆགས་ཀྱི་ཤིན་ཏུ་རྨོངས་པ་དང་། ཐོས་པའི་གཟུགས་ཡོངསུ་རྫོགས་པའི་ཤིན་ཏུ་རྨོངས་པ་དང་། དེའི་གནས་དྲན་ལེན་མི་མཐུན་པའི་ཕྱོགས་སོ།། བཞི་པ་ལ་ནི་སྙོམས ་པར་འཇུག་པ་ལ་སྙིང་པའི་ཤིན་ཏུ་རྨོངས་པ་དང་། ཆོས་ལ་སྲིད་པའི་ཤིན་ཏུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགསོ།། ལྔ་པ་ལ་ནི་འཁོར་བ་ལས་ཤིན་ཏུ་ཕྱིར་ཕྱོགས་པ་དང་མངོན་དུ་ཕྱོགས་པ ་ཡིད་ལ་བྱེད་པའི་ཤིན་ཏུ་རྨོངས་པ་དང་། མྱ་ངན་ལས་འདས་པ་ལས་ཕྱིར་ཕྱོགས་པ་དང་། མངོན་དུ་ཕྱོགས་པ་ཡིད་ལ་བྱེད་པའི་ཤིན་ཏུ་མོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ།། དྲུག་པ་ལ་ནི་འཇུ ་བྱེད་བྱུང་བ་མངོན་དུ་གྱུར་པའི་ཤིན་ཏུ་རྨོངས་པ་དང་། མཚན་མ་མང་དུ་འབྱུང་བའི་ཤིན་ཏུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ།། བདུན་པ་ལ་ནི་མཚན་མ་ཕྲ་མོ་འབྱུང་བའི་ཤིན་ཏུ་རྨོངས། ་པོ་དང་། རབ་ཏུ་མཚན་མ་མེད་པ་ཡིད་ལ་བྱེད་པའི་ཐབས་ལ་ཤིན་ཏུ་རྨོངས་པ་དང་། དེའི་གནས་ངན་ལེནཱ་མྱི་མཐུན་པའི་ཕྱོགས་སོ།། བརྒྱད་པ་ལོ་ནཱི་མཚན་མ་མེད་པ་ལ་སྒྲིམ་པའི་ཤིན་ཏུ་རྨོངས་པ་དང་། མཚན ་མ་དག་ལ་དབང་བའི་ཤིན་ཏུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས།། དགུ་པ་ལ་ནི་ཆོས་བསྟན་པོ་ཚད་མེད་པ་དང་། ཆོས་ཀྱི་ཚིག་དང་ཡི་གེ་ཚད་མེད་པ་དང་། གོང་ནས་གོང་དུ་ཤེས་རབ ་དང་སྤོབས་པ་ལ་གཟུངས་ཀྱི་དབང་གི་ཤིན་ཏུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོག་སོ།། བཅུ་པ་ལ་ནི་མངོན་པར་ཤེས་པ་ཆེན་པོའི་ཤིན་ཏུ་རྨོངས་པ་དང་། གསང་བ་ཕྲ་མོ་ལ་འཇུག ་པའི་ཤིན་ཏུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ།། སངས་རྒྱས་ཀྱི་ས་ལ་ནི་ཤེས་བྱ་ཐམས་ཅད་ལ་རབ་ཏུ་ཕྲ་བྱའི་ཆགས་པའི་ཤིན་ཏུ་རྨོངས་པ་དང་། ཐོགས་པའི་ཤིན་ཏུ་རྨོངས་པ་དང་། དེའི་གནས ་ངན་ལེན་མི་མཐུན་པའི་ཕྱོགསོ་ཞེས་གསུངས་ཏེ། དེ་དག་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མེད་དེ་མི་སྒེག་གོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གཞན་དུ་གནས་པ་ལ་ནི་ཕྱིན་ཅི་ལོག་ངེས ་འཇིགས་ཏེ་ཕྱིན་ཅི་ལོག་འཇིགས་པ་ཡིན་ནོ།། ཞེས་བསྟན་ཏོ།། འདི་སྐད་བསྟན་ཏེ། སེམས་ཕྱིན་ཅི་ལོག་པ་ནི་འཇུག་པ་ཡིན་ནོ་ཞེས་བྱའོ།། དེ་སྐད་དུ་ཚང་མ་རྣམོ་འགྲེལ་ལས། ལོག་པར་སྒྲོ་འདོགས་སྤང་བའི་ཕྱིར། ་གྲོལ་བ་པོ་ནི་མེད་ཀྱང་བརྩོན་ཞེས་བསྟན་ཏོ།། ཕྱིན་ཅི་ལོག་མེད་པ་ནི་འཇུག་པ་མེད་དེ། ས་བཅུ་པ་ལས་དེ་སྐད་དུ་ས་བརྒྱད་པ་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ན་རྨི་ལམ་ན་ཆུས་ཁྱེར་བ་རྨིས་པའི་སྐྱེས་བུ་སད ་པའི་ཚེ་ཆུ་ལས་ཐར་བར་བྱ་བའི་འབད་པ་ཆེན་པོ་ལོག་པའི་དཔེ་དང་དེ་ཉིད་དེའི་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ།། འདིར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ནི་ཕྱིན་ཅི ་ལོག་རང་གི་ཚངས་པ་ཇི་ལྟ་བ་ལས་འདས་པ་སྟེ། ཤིན་ཏུ་སོང་བ་ནི་ཕྱིན་ཅི་ལྡོག་ལུས་འདས་པའོ།། མྱ་ངན་ལས་འདས་པ་ནི་རྣམ་པར་རྟོག་པ་འགགས་པའོ།། མཐར་ཕྱིན་པ་ནི་མཐར་ཐུག་པ་ལས་ཏེ། ཇི་སྐད་དུ་ས ་བཅུ་པ་ལས། བསྒོམ་པས་སྤངས་པའི་རྣམ་པར་རྟོག་པ་རྣམ་པར་སྤོངས་པའི་ཕྱིར་རྣམ་པར་དག་པའོ་མཐར་ཕྱིན་པ་ཡིན་ཏེ་ངའི་གོང་ནས་སྤང་བར་བྱ་བའི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ་ཞེས་གསུང་སོ།། མཐར ་ཕྱིན་པས་སམ་མཐར་ཕྱིན་པའི་བདག་ཉིད་མྱ་ངན་ལས་འདས་པ་འདི་ཡིན་པས་དེ་ལ་དེ་སྐད་ཅེས་གསུངས་སོ།། དེ་ཕྱིན་ཅི་ལོག་ལས་འདས་པ་ཡང་ཡིན་མྱ་ངན་ལས་འདས་པའི་མཐར་ཕྱིན་པ་ཡང་ཡིན་པས ་ཕྱིན་ཅི་ལོག་ལས་འདས་པས་མྱ་ངན་ལས་འདས་པའི་མཐར་ཕྱིན་པ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཅིང་གནས་པར་འགྱུར་བས་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་འཇུག་གོ།། སྤང་བ་ཆེ་བ ་འདིས་ནི་དེའི་ཆེད་དུ་འཇུག་པའི་བསྟན་རྒྱུ་བསྟན་པ་ཡིན་ཏེ། དེའི་ཆེད་དུ་འཇུག་པའི་ཕྱིར་རོ།། དུས་གསུམ་དུ་ཞེས་འབྱུང་བ་ལ་སོགས་པས་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པས་སེམས་ཆེ་བ་ཉིད་དང ་རྟོགས་པ་ཆེ་བ་ཉིད་གཉིས་ཀྱི་ཆེད་དུ་བསྟན་ཏོ།། དུས་གསུམ་ཞེས་བྱ་བ་ནི་འདས་པོ་དང་མ་འོངས་པ་དང་དེ་ལྟར་བྱུང་བའོ།། དེ་དག་ན་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་དེ། བློ་ཁྱད་པར་དང་ལྡན ་བའི་ཕྱིར་སངས་རྒྱས་སོ།། དེ་ཐམས་ཅད་ཀྱང་ཡིན་ལ་སངས་རྒྱས་ཀྱང་ཡིན་པས་སངས་རྒྱས་ཐམས་ཅད་ངོ་།། རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་ལས་ཇི་སྐད་དུ། ས་བཅུ་དག་ནི་རབ་བསྒྲུབས ་ནས།། དབང་གི་རྣམ་པ་ཐོབ་པ་ཡིན།། སྟོང་པ་སྒྱུ་མ་ལྟ་བུའི་ཆོས།། གང་གིས་འདིར་ནི་ཀུན་མཁྱེན་ཅིང་།། སེམས་ཅན་ཀུན་གྱི་རྣམ་མཁྱེན་པ།། སངས་རྒྱས་ཞེས་ནི་བརྗོད་པ་ཡིན་ཞེས་གསུངས།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས། ་ཞེས་འབྱུང་པ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀུན་འབྱུང་བ་བདེན་པའི་བདག་ཉིད་ལ་ཡིན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བརྗོད་པ་གང་ཡིན་པ་ལ་བྱའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་ཞེས་འབྱུང ་པ་ནི་འའི་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་དུས་ལྔ་པའི་ཕྱིར་རོ།། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འདི་ནི་བར་ཆད་མེད་པའི་ཏིང་འཛིན་ཡིན་པར་བལྟ་བར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉི་ཁྲི་ལྔ་སྟོང་པ ་དང་ང་མངོན་པར་རྟོགས་པ་རྒྱུན་ལས་ཇི་སྨཱ་དུ། སོངས་རྒྱས་ཉིད་འཐོབ་པར་ཆད་མེང་།། ར་རྙེད་མེད་པའི་ཏིང་འཛིན་ཏེ།། རྣམ་པ་ཐམས་ཅད་མི་བྱིན་པ་ཡོནྡྲ། དེ་ཡྀ་དམིགས་པ་ངོས་མྱེ་དོ།། ན་པ ་རི་དག་པ་པ་འང་། རྣམ་པ་འཛིམཉིད།། མཚན་ཉིད་མིང་བ་མཚན་ཉིད་ཡིན།། ས་གསུངས།། བླན་མེང་བ་ཞེས་འབྱུང་བ་ནི་ཐོབ་པ་དང་དམིགས་པ་དང་སྒྲུབ་པ་རྣམས་འདི་ལས་གོང་ན་མེད་པའི་ཕྱིར་རོ།། ཡེང་རིན་པར། ་ཞེས་འབྱུང་བ་ནི་ཕྱིན་ཅི་མ་ལོག་པར་རོ།། མཉམ་པར་འབྱུང་བ་ནི་མཚན་ཉིད་མེད་ཀྱིས་མཚན་ཉིད་གཅིག་པའི་ཕྱིར་རོ།། བྱང་ཆུབ་ནི་རྟོགས་པའོ།། མངོན་པར་ནི་མངོན་སུམ་མོ།། མཉམ་པར་སངས་རྒྱས་པ་ནི་རྫོགས ་པར་སངས་རྒྱསོ།། དེ་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉི་ཁྲི་ལྔ་སྟོང་པ་ལས། བཅོམ་ལྡན་འདས་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཐང ་ཀྱི་དེ་བཞིན་ཉིད་ཇི་ལྟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་དེ་བཞིན་ནོ།། རབ་འཁོར་གྱིས་གསལ་པ། བཅོམ་ལྡན་འདས་ཇི་ལྟར་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་ལགས། རབ་འབྱོར་གཟུགས་ཀྱི་དེ་བཞིན་ཉིད་ནས་མྱ་ངན་ལས་འདས་པའི་བར་གྱི་དེ་བཞིན་ཉིད་ཇི་ལྟར་བར་བླ་ན་མེད་པ་ཡིད་དག་པར་རྫོགས་པའི་བྱང་ཆུབ་ཀྱང་དེ་བཞིན་ནོ་ཞེས་གསུངས་སོ།། དེ་ལ་བླ་ན་མེད་པའི་ཚིག་གིས། ་ནི་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པས་སེམས་ཆེ་བ་ཉིད་ཡིན་ནོ།། དེའི་ལྷག་མ་ནི་རྟོགས་པ་ཆེ་བ་ཉིད་ཡིན་ནོ།། སྔོན་བྱང་ཆུབ་སེམས་དཔའི་གནས་སྐབས་ན་ཐུགས་ལ་བཞག་སྟེ་ཆེན་པོ་ཉིད་རྣམ་པ་དེ་གསུམ་གྱི་ཆེད་དུ ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་པས། གསུམ་གྱི་ཆེད་དུ་ཞེས་བརྗོད་དོ།། རྫོགས་པའི་ཚེ་ན་ནི་སྔ་མས་འབྲས་བུ་སྤངས་པ་ཕུན་སུམ་ཚོགས་པ་དང་། ཕྱི་མ་གཉིས་ཀྱིས་ནི་འབྲས་བུ་རྟོགས་པ་ཕུན་སུམ་ཚོགས་པ་བསྟན་ཏེ། ་། སྒྱུ་དས་ངས་སུ་ཤྩ་དུ་མ་ཐུན་ནུ་རྫུན་བྲུ་བྱུང། ས་གྱུ་ཐུས་སྨིན་པ་བཞན་དུ། ས་སྦྱིན་གྱུས་ན་ན་ག་ང་རྒྱུ་དྷ་དུན ་དང་རྟགས་པ་སྒྲུབ་པར་བྱོ་ར། རབ་ཀྱི་རློམ་ཀྱི་སྟོན་པ་ཉིད་པས་སྟེགས་སོའི་སྱཱ་བགྷྣཱན་བྷྲྀ་བྷཻ་། ཧླཱ་དྷིཙྪ་བཾས་ནཱ་ས་གཱའི་སིགས་པ་གས་སོ།། ས་ཙྪོ་མྦྷ་ནལ་ཏུ་ཧྲཱི་མ་ད ་གསང་སྔགས་ནི་ཤེས་པོ་ཡིན་པའི་ཕྱིར་དང་། སྐྱོབ་པ་ཡིན་པའི་ཕྱིར་རོ།། དོན་གཉིས་པོ་དེ་ཉིད་ཚག་ཕྱི་མ་རྣམས་ཀྱིས་གསལ་བར་བྱེད་དོ།། ཆེན་མོ་ནི་ཁྱབ་པ་དང་ལྡན་པའི་ཕྱིར་རོ།། ཁྱབ་པོ་ཡང་དུས་ལ་ཁྱབ་པ་དང་ཡུལ་ལ ་ཁྱབ་པ་དང་སྟེ། འདི་ལྟར་ན་འདི་ནི་ཆོས་ཐམས་ཅད་དང་དུས་ཐམས་ཅད་ལས་མ་ལོག་པར་འཇུག་པ་ཡིན་ནོ།། འདིས་ནི་དབང་ཕྱུག་ས་བྱོས་པའི་སྔགས་ལས་འདི་བྱེ་བྲག་ཏུ་བསྟོན་པ་ཡིན་ནོ།། རྣམ་པར་མ་སྣོང་མཛད་མངོན་པར ་རྫོགས་པར་བྱང་ཆུབ་པ་ལས་ཇི་སྐད་དུ། དུས་གསུམ་དག་ལས་ཤིན་ཏུ་འདས།། རྟེན་ནས་འབྱུང་བ་སྲིད་པ་ཡིན།། མཐོང་དང་མ་མཐོང་འབྲས་བུ་སྐྱེ།། ཡིད་དང་ངག་དང་ལུས་ལ་སྲིད།། འབྲས་བུ་བསྐལ་པ་གཅིག་གི་གྲངས།། ་འཇིག་རྟེན་རྣམས་ཀྱིས་ཡིན་པར་བཤད།། གསང་སྔགས་འབྲས་བུ་བསྐལ་པ་ལས། འདས་པར་རྫོགས་སངས་རྒྱས་ཀྱིས་བཤད།། སངས་རྒྱས་དྲང་སྲོང་ཆེན་པོ་དང་།། རྒྱལ་སྲས་རྣམས་ཀྱི་ཏིང་འཛིན།། མཚན་མ་རྣམས་སྤངས ་དག་པ་ཡིན།། འཇིག་རྟེན་རྣམས་ཀྱི་མཚན་མར་བཅས།། རྣམ་སྨིན་པའང་འདིར་སྨིན་པ།། ལས་རྣམས་ཀྱིས་ནི་འབྲས་བུ་འཐོབ།། གུང་གི་ཚེ་ན་གྲུབ་པ་ཐོ་བྱ།། དེ་ཡི་ཚེ་ན་ལས་རྣམས་བཟློག། སེམས་ནི་རང་དངོས་མེད་ཕྱིརརྱ་དང་།། འབྲས ་བུ་རྒྱུན་རྣམས་སྤངས་ཕྱིར་རོ།། ལས་ཀྱི་སྐྱེ་བ་རྣམས་ལས་ཐར།། སྐྱེ་བ་ནི་མཁའ་ལྟ་བུ་ཡིན་ཞེས་གསུངས།། འདིས་ནི་རིག་ཅིང་ཤེས་པ་འམ་འདོད་པ་འགྲུབ་པ་ཐོབ་པས་རིག་པའོ།། དེ་རེག་པ་ཡང་ཡིན་ལ་ཆེན་མོ་ཡང་ཡིན། ་བྱས་རིག་པ་ཆེན་མོའོ།། རིག་པ་ཆེན་མོ་ཉིད་གསུང་སྔོགས་ཡིན་པས་རིག་པ་ཆེན་མོའི་གསང་སྔགསོ།། དེས་ན་བླ་ན་ཤིན་ཏུ་མཆོག་ཏུ་གྱུར་པ་འདི་ལས་གཞན་མེད་པའི་ཕྱིར་བླ་ན་མེང་བའི་གསང་སྔག་སོ།། འདི་དང་མཉམ་པའམ་འདྲ་བ ་ཡོད་པ་མ་ཡིན་པསྡུ་མི་མཉམ་པ་དེ་ནི་ནམ་མཁའོ།། དེ་དང་མཉམ་པའི་ཕྱིར་མི་མཉམ་པ་དང་མཉམ་པའོ།། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང་། མི་མཉམ་པ་དང་མཉམ་པའི་ཚིག་བཅོམ་ལྡན་འདས་ཀྱིས་གསུངས་སོ།། དེ ་བཞིན་གཤེགས་པའི་གསང་བསམ་གྱིས་མི་ཁྱབ་པ་བསྟན་པ་ལས་ཀྱང་། ཇི་ཙམ་དུ་ནི་དཔེ་འགའ་ཞིག། སངས་རྒྱས་ཆོས་ལ་བྱེད་ན་ནི།། དེ་ནི་སངས་རྒྱས་རྗེས་མཐུན་མིན།། དེས་ནི་རྒྱལ་བ་སྨད་པ་ཡིན།། སངས་རྒྱུས་ཆོས ་དང་མཉམ་པ་གང་།། དཔེ་ནི་དེ་ལ་གཅིག་ཡོད་པ།། ནམ་མཁའི་ཁམས་སུ་བསྟན་པ་ཡིན།། གང་གི་ཚད་ནི་འགའ་ཡང་མེད་ཅེས་བྱ་བ་ལ་སོགས་པ་གསུངསོ།། ནམ་མཁའ་དང་མཉམ་པ་འདིས་ནི་ཁྱིབ་པ་དང་། ཐོགས་པ་མེད་པ་ད ་རྒྱུན་མྱ་ཆད་པ་ལ་སོགས་པ་བལྟ་བར་བྱའོ།། དེ་དག་གིས་ནི་ཤེས་པའི་དོན་བསྣུན་ཏོ།། སྐྱོབ་པའི་དོན་བསྟན་པའི་ཕྱིར།། སྡུག་བསྔལ་ཐམས་ཅད་ཅེས་པ་ལ་སོགས་པ་གསུངས་ཏེ། འདུ་བྱེད་དྲང་འགྱུར་བྱ་དང་། སྡུག་བསྔར། ་ཀྱི་སྡུག་བསྔལ་ཉིད་ལ་སོགས་པ་མཚན་ཉིད་སྡུག་བསྔལོ་ཐམས་ཅད་རབ་ཏུ་ནི་བར་བྱེད་དེ་རྒྱུན་གཙུད་པར་བྱེད་པ་ནི་སྡུག་བསྔལ་ཐོམས་ཙྪེང་རབ་ཏུ་ཧཱུ~ཾ་བཱརརྱ་བྱེད་པའི་གསང་སྔགས་སོ།། དེ་ལྟརརྱ་གསུང་སྔ་གས་ནི་ངེས་པའི་ཚིག་གི་ཛྙཱན་བསྠཱན ་ནས་གསང་སྟེ་བརྗོད་པར་བྱ་བ་ཉིད་ཀྱི་ངེས་པའི་ཚིག་གི་དོན་བསྟན་པའི་ཕྱིར། བདེན་མ་ལོག་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུང་སོ།། བདེན་པ་ནི་དེ་ཁོ་ན་ཉིད་ཡང་དག་པོ་ཇི་ལྟ་བ་བཞིན་ཡིན་པའི་ཕྱིར་རོ།། ཡང་དག་པ་ཇི་ལྟ་འི ་བཞིན་གང་ཡིན་པ་དེ་ནི་མ་ལྡོག་པ་ཉིད་དོ།། དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགསུ་རིགས་སོ།། འདིས་ནི་འདི་སྐད་དུ་བསྟན་ཏེ། དབང་པོ་རྟུལ་པོའི་གང་ཟག་གང་རྣམ་པ་བསྟན་པས་རྣམ་པརོ་ལྟ་བར་མི་ནུས་པ་གསང་སྟེ་བསྟན ་པ་བཞིན་དེ་དག་གིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གསང་སྔགས་ཇི་ལྟ་བ་བཞིན་དུ་གཟུང་པར་བྱ་བ་ཡིན་ནོ།། གསྲང་སྐྱུགས་ནི་གསང་སྟེ་བཤད་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་ངེས་པའི་ཚིག་ནི་འདི་སྐད་དུ་ཀྱི་བྱིངས ་བལྟོས་པར་བྱ་བ་ཡིན་ནོ།། ཡང་ན་ཡིད་ལ་གནས་པ་ནི་སྐྱོབ་པར་བྱེད་པ་ཡིན་པས་ན་གསང་སྔག་སོ།། འོངས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ནུས་པས་རྒྱུན་མི་འཆད་པར་ཡོད་ལ་བྱེ་བ་ཡིན་ནོ།། རིགས་པས་འཐོང་པོའི་ཕྱིར ་རིགས་པ་ཡིན་པར་ཤེས་པར་བྱ་བ་ནི་ངེས་པར་གཟུང་བར་བྱའོ།། དེ་ལྟར་ཞེས་འབྱུང་བ་ནི་གསུངས་པའི་རྣམ་པའི་ཚུལ་གྱིས་བསླབ་པར་བྱ་བ་ཡིན་ནོ།། དེ་བ་ནི་གསུངས་པའི་ཚུལ་གྱིས་དེ་ནས་ཞེས་འབྱུང་བ་ནི་སྐབས་འདིར ་བར་མ་ཆད་པར་རོ།། ཏིང་འཛིན་དེ་ལས་འབྱུང་བ་ནི་སྔར་བསྟན་པ་ལས་སོ།། བཞེངས་ནས་ཞེས་འབྱུང་བ་ནི་སེམས་ཀྱིས་བཏངས་ནས་སོ།། སྟོན་པ་པོ་ལ་ལེགས་སོ་ཞེས་བྱ་བ་བྱིན་པ་དང་བཤད་པ་ལ་ཡང་རྗེས་སུ་མཐུན ་པར་བྱེད་དེ། ལེགས་སོ་ཞེས་བྱ་བ་བྱིན་པའི་རང་གི་དྲོ་བོ་ནི་རིགས་ཀྱི་བུ་ལེགས་ལེགསོ་ཞེས་འབྱུང་བ་ཡིན་ཏེ། དེ་ལ་ལན་གཉིས་སུ་བཟླས་པ་ནི་དགའ་བའི་དོན་ནམ་དགའ་ཆེས་པའི་ཕྱིར་རོ།། དེ་དེ་བཞིན་ནོ་ཞེས་འབྱུང ་བ་ལོ་སོགས་པས་ནི་བཤད་པ་ལ་རྗེསུ་མཐུན་པར་བྱེད་དོ།། དེ་དེ་བཞིན་ཡིན་གྱི་གཞན་དུ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཅི་འདྲ་བ ་ཞིག་ཅེ་ན། ཁྱོད་ཀྱིས་ཇི་སྐད་བསྟན་པ་དེ་བཞིན་ཞེས་བྱ་བ་གསུངས་ཏེ། ཁྱོད་ཀྱིས་བསྟན་པ་ལས་མི་འགུལ་བར་བསྒྲུབ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ལྟར་བཅོམ་ལྡན་འདས་ཀྱིས་འཕགས་པ་སྤྱན་རས་གཟིགས ་དབང་ཕྱུག་གོས་བསྟན་པ་ལས་རང་གི་རྗེས་སུ་མཐུན་པ་བསྟན་ནས། དེ་བཞིན་གཤེགས་པ་གཞན་གྱིས་ཀྱང་འདི་ཁྱོད་ཀྱིས་བསྟན་པ་གང་ཡིན་པ་དེ་ལ་མངོན་པར་དགྱེས་སོ་ཞེས་བསྟན་པའི་ཕྱིར། དེ་བཞིན ་གཤེགས་པ་རྣམས་ཀྱང་རྗེ་སུ་ཡི་རང་ངོ་ཞེས་གསུང་སོ།། རྗེ་སུ་ཡི་རང་ངོ་ཞེས་བྱ་གཱ་གདོན་མི་ཟ་བར་བྱ་དགོས་པའི་དོན་ལ་ངེས་པར་བྱ་བ་ཡིན་ཏེ། དེ་བཞིན་གཤེགས་པ་རྣམས་ནི་བཤད་པ་པ་འདི་འདྲ་བ་ལ་རྗེསུ་དགྱེས ་གདོན་མི་ཟ་བར་མཛད་པ་ཡིན་ནོ།། རྗེ་སུ་མཐུན་པ་དང་རྗེསུ་དགྱེས་པ་འདི་གཉིས་ཀྱིས་དེ་བཞིན་གཤེགས་པ་འདི་བཤད་པ་ལ་མངོན་པར་དགྱེས་པོར་འོས་པ་ཡང་བསྟན་ཏོ།། དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ ་རྩལ་ནས་ཞེས་གསུངས་སོ།། དེ་སྐད་ཅེས་འབྱུང་བ་ནི་ཤཱ་རིའི་བུས་དྲིས་པ་ནས་བརྩམས་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱང་རྗེ་སུ་ཡཱི་རིང་ངོ་ཞེས་བྱ་བའི་བར་དུའོ།། བཀ་སྟུ་ལ་ནཱས་ཞེས་འབྱུང་བ་ནི་བཅོམ་ལྡན་འདས་ཀྱིས་བཀའ ་སྤྲུལ་ནས་སོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འདིར་འཆད་པར་མཛད་པ་ཉིད་ཡིན་མོད་ཀྱི་འོན་ཀྱང་དེ་བཞིན་གཤེགས་པ་ཉིད་ཀྱི་བཀའ་ཡིན་ཏེ། འདི་ལྟར་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་ཏེ། ཉན་ཐོས་ལ ་སོགས་པ་གང་འཆང་པར་བྱེད་པ་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་བཀའ་ཡིན་ན། སངས་རྒྱས་ཉིད་དུ་ཡང་དག་པར་ཞུགས་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། ཀུན་ཏུ་བཟང་པོ་དང་། འཇམ་དཔལ ་ལ་སོགས་པས་བཤད་པ་ལྟ་སྨོས་ཀྱང་ཅི་དགོས། འདིའི་དོན་ནི་བདག་གིས་སྔར་བསྟན་ཟིན་ཏོ།། ཡི་རངས་ཏེ་ཞེས་འབྱུང་བ་ནི་སྟོང་ཕྲག་བརྒྱ་པའི་བརྗོད་པར་བྱ་བའི་དོན་ལས་གཙོ་བོ་ཉིད་ཀྱིས་དམ་པར་གྱུར་པ་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པའི་སྙིང་པོའི་དོན་བྱེ་བྲག་ཏུ་ཇི་ལྟར་རིགས་པར་ཐོས་པ་དང་། བཤད་པ་གང་གིས་ཡི་རང་བ་དང་དགའ་བ་ལ་དེ་སྐད་ཅེས་བྱའོ།། དེ་ཡང་ཤཱ་རིའི་བུ་དང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་སོགས་པ་ཡིན་པར ་སྦྱར་རོ།། ཁ་ཅིག་གིས་བཅོམ་ལྡན་འདས་ལ་ཡང་སྦྱར་ཏེ། དེའི་ཚེ་ནི་གདུལ་བྱ་རྣམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དོན་གྱི་གཙོ་བོ་ལྟ་བ་བཞིན་དུ་བཟུང་བ་ནི་དགྱེས་པའི་རྒྱུར་བལྟ་བོར་བྱའོ།། ཐམས་ཅད་བསྡུ་བའི་ཕྱིར་དང་ཞེས་སྨོས་སོ།། ་འའོདས་ནི་ཡི་རང་བ་དང་མངོན་པར་བསྟོད་པ་ཡང་བསྡུ་བར་བྱའོ།། བྱང་ཆུབ་སེམས་དཔའ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ཐམས་ཅད་འདི་ན་འཁོད་པས་ན་ཐམས་ཅད་དང་ལྡན་པའི ་འཁོར་ཞེས་བྱའོ།། ལཱུ་ནི་རྒྱལ་ཆེན་རིས་བཞི་ལ་སོགས་པའོ།། མི་ནརྀ་གྲགས་པར་ཟད་དོ།། ལྷ་མ་ཡིན་ནི་འོ་མའི་འཚོ་བསྲུབས་པ་ལས་ཆང་བྱུང་བ་སྤངས་པའི་ཕྱིར་རོ།། དེ་ཡང་སྦྱིན་བྱེད་མའི་བུ་དང་། སྦྱིན་ལྡན་མའི་བུ་རྣམས ་ཡིན་ནོ།། དྲི་ཟོ་ནི་ལྷའི་གླུ་ལོན་པ་སྟེ་ཡུལ་འཁོར་སྲུང་ལ་སོགས་པའོ།། ལྷ་ལ་སོགས་པ་དང་ལྷན་ཅིག་ཏུ་འཁོད་པའི་ཕྱིར་ལྷོ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་ནོ།། ལྷ་གཙོ་བོ་ཡིན་པོའི་ཕྱིར་ཐོག་མར་སྨྲོས། ་འཇིག་པས་ན་འཇིག་རྟོན་ཏེ། ཕུང་པོ་ལྔའི་བདག་ཉིད་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་གསུངས་པ་ནི་བཤད་པ་རང་གི་ངོ་བོའོ།། མངོན་པར་བསྟོད་པ་ནི་མངོན་པར་དགའ་བ་དང་ལྡན་ཞིང་དགའ་བ་དང་ལྡན་པས་བཟུང་ཞེས ་བྱ་བའི་ཐ་ཚིག་གོ།། ཤེས་རབ་ཀྱི་ཕྱ་རོལ་ཏུ་ཕྱིན་པ་ཡི།། སྙིང་པོ་རྣམ་ཕྱེའི་བསོད་ནམས་གང་།། བདག་གིས་ཐོབ་དེས་འཇིག་རྟེན་རྣམས།། ཤེས་རབ་ཀྱི་ཕ་རོལ་ཕྱིན་བདག་ཤོག། ཚངས་པའི ་འབྱུང་གནས་གཙུག་ལག་ཁང་གནས་པའི།། དགེ་སློང་དགེ་འདུན་རྣམས་ཀྱི་ཞལ་དོར་ནི།། ཤེས་རབ་ཕ་རོལ་ཕྱིན་པའི་སྙིང་པོ་ཡི།། རྒྱ་ཆེར་བཤད་པ་དྲི་མ་མེད་པས་བྱས།། འཕགས་པ་ཤོས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་བའི་སྙིང་པོའི་རྒྱ་ཆེར་བཤད་པ་རྒྱ་གར་གྱི་མཁན་པོ་ཇི་མ་མེད་པའི་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། །། རྒྱ་གར་གྱི་སོ་མཁན་པོ་བི་མཱ་ལ་མི་ཏྲ་ཉིད་དང་། ཐ ་ཞུ་ཆེན་གྱི་ལོ་ཙ་པ་བནྡེ་ན་མཁའ་དང་ཡེ་ཤེས་སྙིང་པོ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་རྣམ་པར་བཤད་པ་ཛྙཱ་ན་མེ་ཏྲས་མཛད་པའོ།། ་