CLOSE WINDOW

GT3219: 'phags pa shes rab kyi pha rol tu phyin pa rdo rje gcod pa'i rgya cher 'grel pa
Wyliee-texts produced with BDRC’s OCR application

རྒ་གར་སྐད་དུ། ཨཱརྱ་པྲཛྙཱ་པཱ་ར་མི་ཏཱ་བཛྲེ་ཙྪེ་ད་ཀ་ཊཱི་ཀཱ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པའི་རྒྱ་ཆེར་འགྲེལ་པ། འཇམ་དཔལ་གཞོན་ནུར་གྱུར ་པ་ལ་ཕྱག་འཚུལ་ལོ།། གང་ལ་སྐྱེ་བོ་ཀུན་ལ་གྲ་གས་ལུས་མདུན་ན་གསལ་བར་སྣང་བ་ཡང་།། དངོས་པོའི་ངོ་བོའི་འབྱོར་པ་མི་རྙེད་རབ་སྟོན་རྒྱལ་བ་ཐམས་ཅད་ཀྱིས།། ཡང་དྲུག་དམ་པ་རྟག་པ་མཆོག ་གི་འབྲོས་བུ་ཐོབ་པའི་གནས་བསྟན་པ།། དུས་གསུམ་བཞུགས་པའི་སངས་རྒྱས་ཀུནི་སྐྱེད་དེ་ལ་རབ་གུས་བདག་ཕྱག་འཚལ།། གང་ལ་ཅུང་ཟད་གོམས་བྱས་སྐད་ཅིག་ཏུ་ཡང་དགེ་བ་རྒྱ་ཆེན་སོགས།། གང ་ཕྱིར་སྡིག་པ་རབ་ཏུ་ཆེ་བ་མཐའ་དག་རྩ་ནས་ཟད་བྱེད་པ།། དེ་བས་དེ་ནི་གོམས་པར་བྱ་ཕྱིར་བླ་མ་རྣམས་ཀྱིས་བསྟན་པ་ཡི།། ལམ་ལས་བརྟགས་ཏེ་བདག་བློས་ཇི་ལྟར་ལྕོགས་པ་བདག་གིས་འདི་བགྱིའོ།། དེ་ལ་མདོ ་སྡེ་འཆེད་པར་འདོད་པས་ཉན་པ་དག་ནན་ཏན་གྱིས་ལེན་པ་ལ་སོགས་པ་ལ་གཟུང་པོའི་ཕྱིར་དང་པོར་དགོས་པུ་ད་བརྗོད་པར་བྱའོ།། དགོས་པ་མ་རྟོགས་པར་ནི་རྟོག་པ་དང་ལྡན་པ་དག་གང་ལ་ཡང་འཇུག་པརཱ་མི་འགྱུརརོ།། ། ་དེའི་འོག་ཏུ་མདོ་སྡེའི་དགོས་པའི་ཐབས་བསྟན་པའི་ཕྱིར་བརྗོད་པར་བྱ་བ་བསྙད་པར་བྱ་སྟེ། བརྗོད་པར་བྱ་བ་བས་སྟོང་པའི་མདོ་ནི་སེའུ་བཅུ་ཞེས་བྱ་བ་ལ་སོགས་པའི་ཚིག་བཞིན་དུ་དགོས་པ་འདོད་པ་སྒྲུབ་པར་མི་བྱེད་དོ།། ་དེའི་འོག་ཏུ་བརྗོད་པར་བྱ་བ་དེ་གཟུང་སླ་བའི་ཕྱིར་བསྡུས་པའི་དོན་བརྗོད་པར་བྱའོ།། དེའི་འོག་ཏུ་བསྡུས་པའི་དོན་རྟོགས་པར་བྱ་བའི་ཕྱིར་ཚིག་གི་དོན་བརྗོད་པར་བྱའོ།། དེའི་འོག་ཏུ་གྲོ་རིམ་མི་འགལ ་བར་བསྟན་པའི་ཕྱིར་ཚིག་རྣམས་ཀྱི་མཚམས་སྦྱར་བ་བསྟན་པར་བྱའོ།། དེའི་འོག་ཏུ་སྔ་ཕྱིའི་རིགས་པ་དང་འགལ་བ་བསལ་བའི་ཕྱིར་རྒོལ་བའི་ལྡན་བརྗོད་པར་བྱ་སྟེ་ཚུལ་ནི་དེ་ལྟ་བུའོ།། དེ་ལ་མདྨོ་སྡེ་འདིའི་མིང་རྡོ་རྗེ་གཅོད ་པ་ཞེས་བྱ་བ་དེ་ཉིད་ཀྱིས་བརྗོད་པར་བྱ་བ་དང་དགོས་པ་བསྟན་ཏོ།། འདི་ལྟར་རྣམ་པ་གཉིས་ཀྱིས་རྡོ་རྗེ་གཅོད་པ་ཡིན་ཏེ། ཉོན་མོངས་པ་དྲོང་ཤེས་བྱའི་སྒྲིབ་པ་ཕྲ་བ་རྡོ་རྗེ་ལྟར་གཞིག་དཀའ་བ་དེ་གཅོད་པའི་ཕྱིར་ཏེ། འདིས་ནི་སྒྲིབ ་པ་གཉིས་སྤོང་བ་འདིའི་དགོས་པར་བསྟན་པ་ཡིན་ནོ།། ཡང་ན་གཅོད་པ་ནི་རྡོ་རྗེའི་དབྱིབས་དང་འདྲ་བས་རྡོ་རྗེ་ལྟ་བུ་ཞེས་བྱ་སྟེ། རྡོ་རྗེ་ནི་རྩེ་མོ་གཉིས་སྦོམ་ལ་དབུས་ཕྲ་མོར་བྱེད་དོ།། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་འདི་ཡང་ཐོག་མུ་དང་ཐ་མ་མོས་པས་སྤྱོད་པའི་ས་དང་། སངས་རྒྱས་ཀྱིས་རྒྱ་ཆེ་བར་ཡོངསུ་བསྟན་ཏོ།། དབུས་ཕྲ་མོས་ནི་ལྷག་པའི་བསམ་པ་དག་པའི་ས་བསྟན་ཏོ།། དེ་བས་ན་འདི་ནི་རྡོ་རྗེའི་རྣམ་པ་ལྟ་བུ་ཡིན་ཏེ། འདིས་ནི་སྭ ་གསུམ་པོ་འདིའི་བརྗོད་པར་བྱ་བ་ཡིན་པར་བསྟན་ཏོ།། བསྡུས་པའི་དོན་ནི་མདོར་བསྡུས་ན་རྣམ་པ་ལྔ་སྟེ། འདི་ལྟ་སྟེ། གླེང་གཞི་དང་། གླེང་བསླང་བ་དང་། སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པར་བྱ་བ་དང་། སྒྲུབ་པའི་མཚན་ཉིད ་དང་། དེའི་གནས་སོ།། དེ་ལ་གླེང་གཞི་ནི་མདོ་སྡེ་འབྱུང་བའི་རྒྱུ་སྟེ། དེ་ཡང་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ནས་བརྩམས་ཏེ། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཅེས་བྱ་བའི་བར་འདིས་བསྟན་ཏོ།། དེ་ནི་ཡང་དག་པར ་སྡུད་པར་བྱེད་པས་བདག་ལ་ཡིད་ཆེས་པར་བྱ་བ་བརྗོད་པའི་ཕྱིར་ཏེ། མདོ་སྡེ་ཐམས་ཅད་ལ་ཡང་རྗོད་པར་བྱའོ།། གླེང་བསླང་བ་ནི་མདོ་སྡེའི་དོན་བཤུང་བར་བྱ་བའི་ཕྱིར་སྐབས་དང་སྦྱར་བ་སྟེ། སྐབསུ་མ་བབ་པར་སྨྲས ་ནུན་ཐམས་ཅད་འཆལ་བར་འགྱུར་བས་འཚལྀ་པ་བསལ་བའི་ཕྱིར་ཐམས་ཅད་དུ་ཡང་སྐབས་དང་སྦྱར་པོར་བྱའོ།། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་སྟན་ལས་ལོངས་ཏེ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ།། སངས་རྒྱས ་ཀྱི་གདུང་རྒྱུན་མི་འཆད་པར་བྱ་བ་ཡང་དེ་ཉིད་ཀྱིས་བསྟན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པར་བྱེད་པ་ཡིན་པར་འཕགས་པ་རབ་འབྱོར་གྱིས་རིག་ནས། ཇི་ལྟར་སངས ་རྒྱས་ཀྱི་གདུང་རྒྱུན་མི་འཆད་པར་འགྱུར་བ་དེ་ཉིད་གནས་བརྟན་རབ་འབྱོར་གྱིས་ཐོག་མར་བཀོད་དོ།། སྒྲུབ་པའི་མཚན་ཉིད་ནི་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པས་ཇི་ལྟར་གནས་པར་བགྱི ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ།། སྒྲུབ་པའི་མཚན་ཉིད་དེའི་གནས་ནི་ཡུལ་གང་ལ་བྱང་ཆུབ་སེམས་དཔས་གནས་པར་བྱ་བ་དང་། བསྒྲུབ་པར་བྱ་བ་དང་། སེམས་རབ་ཏུ་གཟུང་བར་བྱ་བ་གང་ཡིན་པ་སྟེ། དེ་ནི ་དེའི་གནས་ཞེས་བྱའོ།། དེ་ཡང་རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའི་ཐེགས་པ་ལ་ཡང་དག་པར་ཞུགས་པས་འདི་སྙམ་དུ་བདག་གིས་ཞེས་བྱ་བ་ནས་བརྩམས་ཏེ། སྐར་མ་རབ་རིབ ་ཅེས་བྱ་བ་ལ་སོགས་པ་ཐ་མའི་ཚིགསུ་བཅད་པའི་བར་གྱིས་བསྟན་ཏོ།། སྒྲུབ་པའི་མཚན་ཉིད་དང་དེའི་གནས་འདི་གཉིས་ཀྱིས་ནི་བྱང་ཆུབ་སེམས་དཔའི་བྱ་བ་མཐའ་དག་ཡོངསུ་རྫོགས་པར་བསྟན་ཏེ་འདི་ནི ་རེ་ཞིག་བསྡུས་པའི་དོན་ཏོ།། ཚིག་གི་དོན་ལ་སོགས་པ་ཡང་བརྗོད་པར་བྱ་སྟེ། དེ་དག་ང་བརྗོད་དོ།། དེ་ལ་འདི་སྐད་ཅེས་བྱ་བའི་སྒྲ་འདི་ཁས་ལེན་པ་ལ་སོགས་པ་དོན་མང་མོ་ཞིག་ཏུ་ཡང་སྣང་མོད་ཀྱི། འདིར་ནི་སྐས ་ལ་སྩོགས་པའི་སྟོབས་ཀྱིས་ན་འཇོག་པ་ཡིན་པར་གཟུང་།། འདི་ནི་མདོ་སྡེའི་དོན་འོག་ནས་འབྱུང་བ་མཐའ་དག་འཇོག་པར་བྱེད་དོ།། བདག་གིས་ཞེས་བྱ་བ་ནི་གཞན་རྣམ་པར་གཅོད་པར་བྱེད་ཅིང་དོན་མངོན་སུམ ་དུ་ཐོས་པར་སྟོན་ཏོ།། བདག་ཉིད་ཀྱིས་ཐོས་ཀྱིས་ཐོས་པ་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོངས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། ཐོས་པ་ཞེས་བྱ་བས་ནི་རྟོགས་པ་དགག་པར་བྱེད་དེ། སངས་རྒྱས་མ་གཏོགས་པར ་ཆོས་འདི་ལྟ་བུ་དག་རང་གིས་རྟོགས་པ་གཞན་མེད་པའི་ཕྱིར་རོ།། འདིས་ནི་ཡིད་མི་ཆིས་པ་སེལ་བར་བྱེད་དོ།། དུས་གཅིག་ཅེས་བྱ་བ་ནི་དུས་གཅིག་གི་ཚེ་སྟེ། དུས་ཐམས་ཅད་དུ་ཆོས་དཀོན་མཆོག་འདི་ལྟ་བུ་དག་ཐོས ་དཀའ་བར་བསྟན་པ་ཡིན་ནོ།། ཡང་ན་བདག་ཉིད་མང་དུ་ཐོས་པ་སྟོན་ཏོ།། དུས་གཅིཀྲ་ན་འདི་ཐོས་ཀྱི་གཞན་དག་ཀྱང་ཐོས་སོ་ཞེས་སྟོན་ཏོ།། ཡང་ན་དུས་གཅིག་ནཱ་བཅོམ་ལྡན་འདས་བཞུགསོ་ཞེས་འོག་མ ་སྦྱར་ཏེ། གདུལ་བ་དཔག་ཏུ་མེད་པ་དེ་དག་ལ་ཕན་གདགས་པའི་དོན་དུ་གཞན་ན་ནི་གཞན་བཞུགསོ་ཞེས་གཞག་པ་ཡིནོ།། གཅོམ་ལྡན་འདས་ཞེས་བྱ་བ་ནི་ཉོན་མོངས་པ་དང་། ཕུང་པོ་དང་། འཆི་བདག ་དང་། ལྷའི་བུའི་མཚན་ཉིད་ཀྱི་བདུད་དང་བཞི་བཅོམ་པ་དང་ལྡན་པས་ངེས་པའི་ཚིག་གི་ཚུལ་གྱིས་བཅོམ་ལྡན་འངས་ཞེས་བྱའོ།། ཡང་ན་དབང་ལ་སོགས་པ་དང་ལྡན་པས་ལེགས་ལྡན་ཞེས་བྱ་སྟེ། ཇི་སྐད་དུ ་དབང་དང་རླབ་ཏུ་ལྡན་པ་དང་།། གཟུགས་དང་དཔལ་དང་གྲགས་པ་དང་།། ཡེ་ཤེས་དང་ནཱི་ནན་ཏན་དང་།། དྲུག་པོ་དེ་ལ་ལེགས་ཞེས་བྱ་ཞེས་བཤད་པ་ལྟ་བུའོ།། མཉན་ཡོད་ཅེས་བྱ་བ་ནི་དྲང་སྲོང་མཉན་ཡོང ་ཅེས་བྱ་བའི་པ་སྟི་གནས་ཡིན་པའི་ཕྱིར་གྲོང་ཁྱེར་མཉན་ཡང་དེ། དེས་མཚོན་པའི་ཡུལ་གྱི་བྱེ་བྲག་ཀྱང་ལྷ་ནི་པ་ཡེ་འབྲེལ་པའི་ཕྱིར་མཉན་ཡོད་ཅེས་བྱའོ།། ཡུལ་སྨོས་པ་དེ་ཡང་ཡུལོ་དེ་མཆོད་རྟེན་དུ་གྱུར་པར ་བརྗོད་པའི་ཕྱིར་ཏེ། འདི་ལྟར་འདི་ཉིད་ལས་ཀྱང་ས་ཕྱོགས་དེ་མཆོད་རྟེན་དུ་གྱུར་པ་ཡིན་ཞེས་འབྱུང་ངོ་།། ཡང་ན་ཡང་དག་པར་སྡུད་པར་བྱེད་པས་བདོག་གི་ཚིག་གཟུང་བར་འོས་པར་བསྒྲུབ་པའི་ཕྱིར་ཐམས་ཅད ་སྨོས་ཏེ། འདི་ལྟར་འཇིག་རྟེན་ཡིད་ཆེས་པར་བྱ་བའི་དོན་ནི་ས་ཕྱོགས་དང་བཅས་རྣམ་པ་དང་བཅས། དབང་དང་བཅས་པར་སྨྲས་ན། གཞན་དག་གིས་ཚིག་གཟུང་བར་འགྱུར་གྱི། གཞན་དུ ་ན་ཚིག་གཟུང་བར་འོས་པར་མི་འགྱུར་རོ།། ཡུལ་མཉན་ཡོད་ཧ་ཅང་རྒྱ་ཆེས་ཏེ་གང་ན་བཞུགས་གཏོལྔ་མེད་པས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཞེས་བྱ་བ་སྨོས་ཏེ། དེ་རྒྱལ་བུ་རྒྱལ་བྱེད་ཅེས་བྱ་བ་དེའི་ཚལ་ཡིན་པས ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚུལ་ལོ།། དེ་ཡང་ཇི་སྟེན་སུ་ལ་ཡང་མ་གྲགས་ཀྱང་སྲིད་པས་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་ཞེས་བྱ་བ་སྨོས་ཏེ། ཁྱིམ་བདག་མགོན་མེད་ཟས་སྦྱིན་ཞེས་བྱ་བ་མགོན་མེད་པ་རྣམས ་ལྔ་སྙིང་བརྩེ་སྟེ་ཟས་སྦྱིན་པས་དེ་ལྟར་གྲགས་པ་དེས་བཅོམ་ལྡན་འདས་ཀྱི་ཕྱིར་རིན་པོ་ཆེ་བཀྲམ་པ་བཻཤབྲིས་པས་རྒྱལ་བུ་རྒྱལ་བྱེད་ལས་ཀུན་དག་བཱི་ར་བ་ཉོས་པ་དང་། རྒྱལ་བུ་རྒྱལོ་བྱེད་ཀྱིས་ཀྱང་དེ་ལས་ཆུང ་ཞིག་བཅོམ་ལྡན་འངས་ཀྱི་ཕྱིར་ཁང་པ་ལ་སོགས་པ་རྒྱན་དུ་བཅུག་པས་དེ་གཉིས་ཀྱིས་ཚལ་དེ་གླགས་སོ།། གང་ཡང་རུང་བ་ཞིགོ་སྨོས་ན་ནི་ཡུལ་གྱི་བྱེ་བྲག་བརྗོད་པར་འདོད་པ་རྟོགས་པར་མི་འགྱུར་བས་ཚོག ་སུམ་ཆར་སྨོས་སོ།། ཡང་ན་མཉན་ཡོད་ཅེས་བྱ་བ་འདིས་ནི་མང་པོའི་ནང་ན་བཞུགས་པས་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྟོན་ཏོ།། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ཞེས་བྱ་བ ་འདིས་ནི་དབེན་པ་ན་བཞུགས་བྲས་རང་གི་དོན་ཕུན་སུམ་ཚོགས་པའོ།། འདི་ལ་དབང་སུ་ཡོད་སྙམ་པ་ལ། དགེ་སློང་གི་དགེ་འདུན་ཆེན་པོ་ཞེས་བྱ་བ་སྨོས་ཏེ། ཉོན་མོངས་པ་དང་བྲལ་བས་དགེ་སློང་དག་གོ།། བདུད ་ལ་སོགས་ཕྱིར་རྒོལ་བ་དག་གིས་མི་ཕྱེད་པས་མང་པོ་དེ་དག་ལ་དགེ་འདུན་ཞེས་བྱའོ།། དགེ་སློང་གི་དགེ་འདུན་ཆེན་པོ་ནི་ཕལ་ཆེ་བ་དང་མཐུ་གཉིས་ཏེ། དེས་ནི་མཐུ་ཆེ་བ་བསྟན་ཏོ།། ཕུལ་ཆེ་བ་ཇི་ལྟ་བུ་སྙམ་པ ་ལཱ། སྟོང་ཉིས་བརྒྱ་ལྔ་བཅུ་ཞེས་བྱ་བ་ལྀ་སོགས་པ་སྨོས་ཏེ། དེའི་ཚེ་ན་དེ་སྙེད་ཅིག་ཡོད་པའི་ཕྱིར་རོ།། དགེ་སློང་གི་དགེ་འདུན་པས་བྱང་ཆུབ་སེམས་དཔའ་རབ་ཏུ་མང་བ་ནི་དེ་དག་གི་ཆེད་དུ་མདོ་སྡེ་འཆད་པའི ་ཕྱིར་རོ།། དེ་དག་ནི་བྱང་ཆུབ་ཏུ་སྙིང་སྟོབས་ཆེ་བའི་བསམ་པ་དང་ལྡན་པས་བྱང་ཆུབ་སེམས་དཔའ་དག་གོ།། ཉན་ཐོས་རྣམས་ལ་ཡང་བྱང་ཆུབ་ལ་སྙིང་སྟོབས་ཡོད་པས་དེ་རྣམ་པར་བཅད་པའི་ཕྱིར། སེམས་དཔའ ་ཆེན་པོ་ཞེས་བྱ་བ་སྨོས་ཏེ། ཆོས་དང་སེམས་བསྐྱེད་པ་དང་། མོས་པ་དང་། བསམ་པ་དང་། ཚོགས་དང་། དུས་དང་། ཡང་དག་པར་འགྲུབ་པའི་མཚན་ཉིད་ཆེན་པོ་རྣམ་པ་བདུན་དང་ལྡན་པས་སེམས་དཔའ་ཆེན་པོ ་དག་གོ།། དེ་ལ་ཆོས་ཆེན་པོ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལ་སོགས་པ་ཆོས་བསྟན་པ་རྒྱ་ཆེ་བའི་ཕྱིར་རོ།། སེམས་བསྐྱེད་པ་ཆེན་པོ་ནི་བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕྱིར་རོ།། མོས་པ་ཆེན་པོ་ནི་དེ་དགྲ་ཉིད་ཆོས་ཟབ་ཅིང་རྒྱ་ཆེ་བུ་ལཱ་མྱོས་པའི་ཕྱིར་རོ།། བསམ་པ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང ་བདེ་བ་བསྐྱེད་པའི་བསམ་པ་དང་ལྡན་པའི་ཕྱིར་རོ།། ཆོག་ཆོས་ཆེན་པོ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པའི་ཕྱིར་རོ།། དུས་ཆེན་པོ་ནི་བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་གྱིས་བྱང་ཆུབ་འཐོབ ་པའི་ཕྱིར་རོ།། ཡང་དག་པར་འགྲུབ་པ་ཆེན་པོ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འགྲུབྱེ་པའིའོ་ཕྱིར་རོ།། བཞུགས་ཞེས་བྱ་བ་ནི་སྤྱོད་ལམ་བཞི་པོ་དག་གིས་སམ། ཡང་ནི་ཚུངས་པ ་དང་། ལྷའི་དང་། འཕགས་པའི་བཞུགས་པ་བླ་ནཱ་མེང་པ་དག་གིས་བཞུགས་པའོ།། ཏེ་ཞེས་བྱ་བ་ནི་བཞུགས་ཟིན་པདྨ་སྣརོན་བྱའོ།། དེ་ལ་དགེ་སྦྱོང་གི་དགྲ་འདུན་ནི་བྱ་བ་བྱས་པ་དང་། སྙིང་རྗེ་ཆུང་བའི་པཱུརྱེ་དུས ་ཐམས་ཅད་དུ་དེ་བཞིན་གཤེགས་པའི་ཞབས་ཀྱི་དྲུང་ཉིད་ན་འདུག་པར་རིག་ནས་རྟགས་པར་བསྟན་པའི་ཕྱིར་གོང་དུ་སྨྲས་སོ།། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་དཔག་ཏུ་མེད་པའི་དོན་དུསྒྲི་བྷྲཱུཾ་པ་ཡོངསུ་རྫོགས ་པས་བྱ་བ་མ་བྱས་ལ་སྙིང་བརྩེ་བ་ཆེ་བས་འགྲོ་བའི་དོན་བསྒྲུབ་པའི་ཕྱིར་འཇིག་རྟེན་གྱི་ཁམས་རྣམསུ་རྒྱུ་བས་དུས་ཐམས་ཅད་དུ་བཅོམ་ལྡན་འདས་ཞབས་ཀྱི་དྲུང་ན་མི་འདུག་པས་འོག་ཏུ་སྨོས་སོ།། དེ་བས་ན་ཉན ་ཐོས་ཀྱི་མདོ་སྡེ་ལས་བྱང་ཆུབ་སེམས་དཔའ་མི་སྨོས་ཏེ། དེ་ནི་དེ་དག་གི་ཆེད་དུ་མ་ཡིན་པ་དང་། མི་རྟག་པའི་ཕྱིར་རོ།། དེ་ནས་ཞེས་བྱ་བ་ནི་དེའི་འོག་ཏུའོ།། ཚེ་ཞེས་བྱ་བ་ནི་ངེས་པ་སྟེ། འདིས་ནི་ཟླས་ཀྱི་དུས་ངེས་པའོ། ་དུས་ངེས་པ་ནི་དུས་འདི་ན་ངེས་པར་བཟའ་བར་བྱའོ་ཞེས་དུས་ངེས་པའོ།། དེ་ཡང་གང་ཡིན་པ་མི་ཤེས་ནས་དེའི་ཕྱིར་སྔ་དྲོ་ཞེས་སྨོས་བྱས་འཆད་པར་བྱ་བ་ཡིན་ཏེ། དེ་ནི་སྔ་དྲོ་ཡང་ཡིན་ལ་རུས་ཀྱི་ཚེ་ཡང་ཡིན་ནོ་ཞེ ་བྱ་བར་བསྡུའོ།། སྔ་དྲོའི་མཚན་ཉིད་ནི་བསྙེན་གནས་པ་དང་། རབ་ཏུ་བྱུང་བ་རྣམས་ཀྱི་ཟས་ཀྱི་དུས་སྤྱིར་འཐོབ་པར་འགྱུར་པས་བཅོམ་ལྡན་འདས་ཀྱི་གཅིག་ཏུ་ཆད་པར་མཛད་པར་རྟོགས་པར་བྱ་བའི་ཕྱིར་དུས་ཀྱི་ཚེ ་ཞེས་བྱ་བ་སྨོས་སོ།། གཞན་དུ་ན་སྔ་དྲོ་ཞེས་བྱ་བ་སྨོས་པ་ནི་དེ་གཅིག་ཏུ་ཆད་པར་མི་རྟོགས་ཏེ། བཅོམ་ལྡན་འདས་ཀྱི་དྲི་གྱི་ན་མཛད་ཀྱང་སྲིད་པས་དེའི་ཕྱིར་ཚིགསུམ་ཆར་སྨོས་སོ།། ཤམ་ཐབས་ཞེས་བྱ་བ་ནི་ཁྱིམ་དུ ་འཇུག་པ་དང་མཐུན་པའི་གོས་མན་བྲེས་པ་སྟེ། དེ་ཡང་ཉན་ཐོས་རྣམས་བསླབ་པ་དག་ལ་གུས་པར་བྱ་བ་བསྒྲུབ་པའི་ཕྱིར་མཛད་དོ།། གཞན་ན་ནི་བདག་མ་དུལ་བས་གཞན་འདུལ་བར་ཇི་ལྟར་འགྱུར། ཆོསུ་གོས་མནགས ་ཞེས་བྱ་བ་ལ་ཆོས་གོས་མནབས་པ་ནི་བགོ་བའི་མཚན་ཉིད་དུ་བལྟ་བར་བྱ་སྟེ། གཞན་ནི་སྐབས་མ་ཡིན་ནོ།། གྲོང་ཁྱེར་ཆེན་པོ་ཞེས་བྱ་བ་ནི་ཡུལ་གྱི་བྱེ་བྲག་སྟེ། མཉན་ཡོད་རྣམ་པར་བཅད་པའི་དོན་ཏོ།། ཅིའི་ཕྱིར་བཅོམ ་ལྡན་འདས་བསོད་སྙོམས་ཀྱི་ཕྱིར་ཞུགས་ཞེ་ན། ཉན་ཐོས་རྣམས་ལོད་པ་ཆུང་བ་ལ་གཟུད་པ་དང་། ཁྱིམ་གྱི་བུད་མེད་དང་དབུལ་པོ་དང་། ནད་པ་དང་། རྒན་པོ་ལ་སྩོགས་པ་ལ་ཕན་གདགས་པ་དང ་ལོང་བ་ལ་སོགས་པ་མིག་ལེ་སོགས་པ་ཐོབ་པར་བྱ་བ་དོང་ངོ་མཚར་རྣམ་པ་སྣ་ཚོགས་ནར་མ་བསྟན་པས་གཞན་དགྲ་བཅོམ་ལྡན་འདས་ལ་དད་པ་བསྐྱེད་པའི་ཕྱིར་ཏེ། དེ་ལྟར་དགོས་པ་དཔག་ཏུ་མེད་པར་ཁོང་དུ ་ཆུང་བར་བྱའོ།། ཟས་ཀྱི་བྱ་བ་བྱས་ཞེས་བྱ་བ་ནི་གླང་གི་སྒོ་ཟས་ལ་སོགས་པ་ཟས་ཀྱི་བྱ་བ་བྱས་ཤིང་བསྒྲུབས་པ་དེ་ལྔ་དེ་སྐད་ཅེས་བརྗོད་དོ།། ཚངས་པ་ལ་སོགས་པ་དགེ་བུའི་རྩ་བ་ཆུང་ངུ་ལས་སྐྱེས་པ་དག་ཀྱང་ཟས་ཁམ ་གྱིས་ཟ་བའི་འདོད་ཆགས་དང་བྲལ་བས་ཟས་ཀྱི་བྱ་བ་མི་བྱེད་ན། བཅོམ་ལྡན་འདས་དགེ་བའི་རྩ་བ་བསམ་གྱིས་མི་ཁྱབ་པ་ལས་འཁྲུངས་པ་ཇི་ག་མཛད་པར་རམ། འདི་ལྟར་ཡང་འཕགས་པོ་ཆོས་ཡང་དག་པར་སྡུད་པ ་ལས་ཀྱང་དེ་བཞིན་གཤེགས་པ་ནི་སྐྱེས་པ་དང་སྐྱེམས་པ་མ་མངར་བཤང་གཅི་མི་མཛད། སྐུ་ཉམ་ཆུང་བ་མ་ཡིན་ནོ་ཞེས་བཤད་དོ།། དེ་བདེན་མོད་ཀྱི་འོན་ཀྱང་གྲུལ་ཏེ་བཅོམ་ལྡན་འདས་ཀྱི་སྐུ་འདི་དོན་དམ་པ ་ཡིན་ན་ནི། དེའི་ཚེ་ཀླན་ཀ་ཐམས་ཅད་ཀྱི་སྐབས་སུ་ཡང་འགྱུར་པ་ཞིག་ན། གང་གི་ཚེ་འདི་ནི་བཅོམ་ལྡན་འདས་ཀྱི་སྤྲུལ་པའི་སྐུ་སྟེ། སྤྱོད་པ་རྣམ་པ་འདི་ལྟ་བུ་ལྗོན་ཅིང་གདུལ་བའི་སེམས་ཅན་གྱི་བསམ་པ་དང ་ཆུམ་པར་འཇུག་པ་དེའི་ཚེ་ཀླན་ཀའི་སྐབསུ་གྲ་ལ་འགྱུར། མིར་འགྱུར་བས་བརྩོན་འགྲུས་བརྩམས་ན་ཡང་བླ་ན་མེད་པའི་གོ་འཕངས་འདི་ལྟ་བུ་འཐོབ་པོ་ཞེས་གཟེང་བསྟོད་པའི་ཕྱིར་འདུལ་བླ་རྣམས་ལ ་མཱིའི་ལུས་སྟོན་པས་དེ་ལྟར་ཞལ་ཟས་ཀྱི་ཚུལ་སྟོན་ཏོ།། སྦྱིན་པ་པོ་དང་། སྦྱིན་བདག་གླང་ལ་བསོད་སྙོམས་ཡོངས་སུ་སྦྱོང་བ་བསྟན་པས་དེ་དག་དགའ་བ་བསྐྱེད་པ་དང་གང་དག་སྐལ་བ་ཡོད་ཀྱང་ལས་ཀྱི་སྒྲིབ་པ་འགའ ་ཞིག་གིས་ཡི་དྭགས་ལ་སོགས་པའི་ནང་དུ་སྐྱེས་པཱ་དག་བཅོམ་ལྡན་འདས་ཀྱི་ཕྱག་གི་སེན་མོ་བདུད་རྩི་ཅན་གྱི་ས་རེག་ན་ལྷའི་རོ་བྲོ་བ་མཆོག་ཏུ་འགྱུར་ཞིང་ཟད་མི་ཤེས་པ་གནོད་སྦྱིན་གཟི་སྟོབས་ཅན་ལ ་སོགས་པས་ཁྱེར་བ་ཟོས་ན། དེ་དག་བདེ་བ་མ་ཆོག་གིས་སེམས་ཚིམ་པར་འགྱུར་བ་དང་། ཏིང་ངེ་འཛིན་མཆོག་ཀྱང་འཐོབ་པས་བཅོམ་ལྡན་འདས་ཀྱི་ཟས་ཀྱི་བྱ་བ་ནི་དཔག་ཏུ་མེད་དོ།། རྣམ་པ་ཅི་འདྲ་བས་ཟས་ཀྱི་བྱ ་བ་བྱས་ཞེ་ན། དེའི་ཕྱིར་མཇུག་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐམས་ཅད་བླངས་ནས་མཇུག་ཏུ་ཞལ་ཟས་གང་གསོལ་བ་དེ་ནི་བསོད་སྙོམས་ཀྱི་ཞལ་ཟས་མཇུག་ཏུ་གསོལ་བ་སྟེ། དེ་ནི་ཉན་ཐོས་སྦྱངས་པའི་ཡོན་ཏན་ལ ་གཟུད་པའི་ཕྱིར་ཡང་དག་པར་ལེན་པ་སྔོན་དུ་བཏང་བ་ཡིན་ནོ།། གསོལ་ཅེས་བྱ་བ་ནི་གསོལ་ཟིན་ཅེས་བྱ་བའི་ཐ་ཚིག་གོ།། ཡང་ན་མཇུག་ཏུ་ཞེས་བྱ་བ་ནི་ལན་གཉིས་པ་ལ་བླངས་པ་གང་ཡིན་པ་དེ་ལ་ཟས་ཕྱི་མ་ཞེས་བྱ་སྟེ། ་ཟས་ཕྱི་མ་དེ་ནི་ཟས་མཇུག་ཀྱང་ཡིན་ལྔ་བསོད་སྙོམས་ཀྱང་ཡིན་ནོ།། ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ།། ཡང་ན་ཕྱི་དྨོའི་ཟས་དེ་ཟླ་བ་གང་ཡིན་པའི་བསོད་སྙོམས་དེ་ལ་དེ་སྐད་ཅེས་བྱའོ།། དེ་ལྟ ་བྱས་ན་སྦྱངས་པའི་ཡོན་ཏན་ཅན་ཡིན་པ་དང་། དུས་མ་ཡིན་པའི་ཟས་སྤངས་པའི་ཕྱིར་གསོལ་ཅེས་བྱ་བ་ནི་དེ་གཉིས་དང་བྲལ་ལོ་ཞེས་བྱ་བའི་ཐ་ཚིག་གོ། བཞུག་ནས་ཞེས་བྱ་བ་ནི་བཞག་སྟེའོ།། དེ་ཡང་བོརྒྱུ་བྱིན་ལཾ ་སོགས་པ་བཅོམ་ལྡན་འདས་ཀྱི་དྲུང་ན་བཀའ་ནོད་པ་ལ་བརྩོན་པ་དག་ཀྱང་རྟག་ཏུ་གནས་མོད་ཀྱི་རབ་ཏུ་བྱུང་བ་ནི་བདག་ཉིད་བྱེད་པའོ་ཞེས་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཉིད་ཀྱིས་ལྷུང་བཟེད་དང་ཆོས་གོས་བཞག ་པ་མཛད་དོ།། སྐལ་བ་ཆུང་ངུ་གཡོག་མི་འབྱོར་པ་རྣམས་ཀྱི་ཡིད་མི་བྲེདེ་བ་སྤོང་བའི་ཕྱིར་ཡང་ངོ་།། མི་གཙང་བར་སྣང་བ་རྟག་ཏུརིང་དུ་སྤངས་པ་དང་། ཞབས་པདྨ་ལ་འཇིག་མོད་ཀྱི། བྱ་བའི་རྒྱུད་ལ་སོགས་པར་མོང་པའི ་སེམས་ཅན་གྱི་བསམ་པ་དང་མཐུན་པ་འོ་མ། རྐང་པ་རྡུལ་ཅན་གྱིས་མལ་ཆ་དང་སྟན་ལ་མི་བརྫིའོ་ཞེས་བསླབ་པ་དག་ལ་གུས་པར་བྱ་བ་བསྟན་པའི་ཕྱིར་ཞབས་འཁྲུ་བརླ་བལྟའོ།། གདན་བཤམས་པ་ལ་ཞེས ་བྱ་བ་ནི་ལྷ་ལ་སོགས་པས་བཤམས་པ་ལའོ།། སྐུ་དྲང་པོ་བསྲང་སྟེ་ཞེས་བྱ་བ་ནི་ཧ་ཅང་ཡང་མི་དགུ། ཧ་ཅང་ཡང་མི་དགྱེ་བར་མཛད་ཅེས་བྱ་བའི་ཐ་ཚིག་གོ།། ཆོས་སྟོན་པའི་དུས་ན་བཅོམ་ལྡན་འདས་སྤོང་བའི ་སྤྱོད་ལམ་གྱིས་ཅིའི་ཕྱིར་བཞུགས་ཞེ་ན། སྤོང་བ་དག་ཁོ་ནས་ཆོས་འདྲི་བསྟན་པ་དང་ཤེས་པ་དང་ཉན་པར་ནུས་ཀྱི་གཞན་དག་གིས་ནི་མ་ཡིན་ནོ་ཞེས་སྤོང་བ་ལ་འཇིག་རྟེན་ན་ན་བསྐྱེད་དུ་གཟུང་བའི་ཕྱིར་རོ།། ་དྲན་པ་སྔོན་དུ་བཞག་ཅེས་བྱ་བ་ནི་སྔོན་བྱང་ཆུབ་སེམས་དཔའི་གྱུར་པའི་ཚེ། བླ་ན་མེད་པའི་གོ་འཕང་ཐོབ་ནས་ཇི་ལྟར་སངས་རྒྱས་ཀྱི་གདུང་མི་འཆད་པར་འགྱུར་བ་དེ་ལྟར་བདག་གིས་བྱའོ་ཞེས་སྨོས་ལམ ་བཏབ་པའི་སྨོན་ལམ་དེ་དྲན་པས་མེངོན་དུ་མཛད་ཅེས་བྱ་བའི་ཐ་ཚིག་གོ།། སངས་རྒྱས་བཅོམ་ལྡན་འདས་དག་ནི་རྟག་ཏུ་མཉམ་པར་གཞག་པས་ཐམས་ཅད་དུ་ཡང་དྲན་པ་ལ་གནས་མོད་ཀྱི། དུས་མི་ཡིན་པར ་དྲན་པ་དེས་ནི་ཅིར་ཡང་མི་འགྱུར་གྱི། དུས་སུ་སྨོན་ལམ་དྲན་པ་ནི་འབྲས་བུ་དང་བནུས་པར་འགྱུར་རོ།། དུས་སུ་དྲན་པས་ཀྱང་བཅོམ་ལྡན་འདས་རྟག་ཏུ་མཉམ་པར་བཞག་པ་ཉིད་དུ་སྟོན་པས་འགལ་བ་མེད།། ། ་དེ་ནས་དགེ་སློང་མང་པོ་ཞེས་བྱ་བ་ཅིའི་ཕྱིར་སྨོས་ཞེ་ན། བཅོམ་ལྡན་འདས་མཉན་ཡོད་ན་དགེ་སློང་གི་དགེ་འདུན་ཚད་ཇི་སྙེད་དང་བཞུགས་པ་དེ་དག་ཐམས་ཅད་ཆོས་སྟོན་པའི་དུས་ནཱི་དེར་མ་འདུས་ཀྱི། མ་པོ ་གསུམ་ཡན་ཆད་དེར་འདུས་ཞེས་བསྟན་པའི་ཕྱིར་རོ།། དེ་ཡང་ཡང་དག་པར་སྡུད་པར་བྱེད་པས་གཞན་དག་ཡིད་ཆེས་པ་བསྐྱེད་པའི་ཕྱིར་སྨོས་སོ།། འདུས་ཞེས་བྱ་བ་ནི་ཉེ་བ་ཙམ་དུ་ཟད་དོ།། འདུག་ཅེས་བྱ་བ་ནི་སྔན ་ལ་འདུག་པའོ།། འཇིག་རྟེན་ནི་ཕལ་ཆེརཱ་སྦྱིར་གྲུ་ཞག་བུ་སྔོན་དུ་འགྲོ་བ་ཅན་གྱི་བྱེ་བྲག་འཇོག་པས་འཇིག་རྟེན་གྱི་གྲགས་པ་དྲུང་མཐུན་པར་གཉིས་ཀ་སྨོས་སོ།། གཞན་དུ་ན་ནི་འདུག ་གོ་ཞེས་བྱ་བ་དེ་ཙམ་ཁོ་ནས་གཉིས་ཀ་སྨོས་པར་འགྱུར་རོ།། གླེང་གིཞིའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། དེ་ནཱི་གླེང་བསླང་བ་དང་སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པར་བྱ་བ་བརྗོད་པར་བྱའོ།། ཤིན་ཏུ ་ངོ་མཚར་ཆེ་བར་བསྟན་པའི་ཕྱིར་ལན་གཉིས་སུ་སྨོས་སོ།། བདེ་བར་གཤེགས་པ་ཞེས་བྱ་བ་ནི་བློད་པའོ།། བདག་མེད་པ་གཉིས་ཀྱི་ལམ་ནས་ཡང་དག་པར་གཤེགས་ཏེ། ལེགས་པར་གཤེགས་བུས་བདེ་བར ་གཤེགས་པ་སྟེ། ལེགས་པར་བསྟོད་ཅེས་བྱ་བ་བཞིནོ།། ཡང་ན་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པཱ་བག་ཆགས་དང་བཅས་པ་མ་ལུས་པར་སྤངས་ཏེ་གཤེགས་པས་བདེ་བ.རརླ་གཤེགས་པ་སྟེ། བུམ་པ་ཤིན ་ཏུ་གང་བ་བཞིན་ནོ།། ཡང་ན་ཕྱིར་མི་ལྡོག་པར་གཤེགས་པས་བདེ་བར་གཤེགས་པ་སྟེ། རི་མོས་ནད་ཤིན་ཏུ་བྱང་བ་བཞིན་ནོ།། ཇི་སྙེད་པསྲ་ཞེས་བྱ་བ་ནི་ཕན་གདུགས་པར་བྱ་བའི་བྱེ་བྲག་སྟེ། ཕན་གདགས་པ ་གང་ཇི་སྙེད་པ་དེ་སྙེད་ཀྱིས་ཕན་བཏགས་པ་ཞེས་བྱ་བའི་ཐ་ཚིག་གོ།། རྒྱལ་པོ་ལ་སོགས་པ་དག་ཀྱང་འབངས་ལ་སོགས་པ་རྟོན་པ་དག་ལ་ཅི་ནུས་ཀྱིས་རྗེས་སུ་འཛིན་ན། བཅོམ་ལྡན་འོངས་ཀྱིས་དེ་འདིར་ངོ་མཚར ་ཅི་ཆེ་སྙམ་དུ་དོགས་པ་ལ་ངོ་མཚར་གྱི་རྒྱུར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཞེས་བྱ་བ་སྨོས་སོ།། དངོས་པོའི་དེ་ཁོ་ན་ཇི་ལྟ་བ་དེ་བཞིན་དུ་གསུང་བས་དེ ་བཞིན་གཤེགས་པའོ།། ཡང་ན་སྔ་མ་ངག་ཇི་ལྟར་བདག་མེད་པ་རྣམ་པ་གཉིས་ཀྱི་ལམ་ནུས་གཤེགས་ཏེ། ཉོན་མོངས་པ་དང་ཤེས་བྱིའི་སྒྲིབ་པ་སྤངས་པ་བརྙེས་པ་དེ་ལྟར། འདི་ཡང་གཤེགས་པས ་དེ་བཞིན་གཤེགས་པའོ།། འཇིག་རྟེན་མཐའ་དག་གིས་མཆོད་པར་འོས་པའི་ཕྱིར་རམ། དགྲ་ཉོན་མོངས་པ་དག་བཅོམ་པར་གྱུར་པས་དགྲ་བཅོམ་པའོ།། ཤེས་བྱ་མཐའ་དག་ཡང་དག་པར་ཀུན་ནས་ཐུགསུ ་ཆུད་པས་ཡང་དག་པར་རྫོགས་པའི་སངས་རྒྱསོ།། ཚིག་དེ་དག་གིས་ནི་བཅོམ་ལྡན་འདས་ཀྱི་རུང་གི་དོན་མཐའ་དག་ཕུན་སུམ་ཚོགས་པ་ཡེ་ཤེས་དང་སྤངས་པ་ཡོངས་སུ་བསྟན་ཏོ།། དེས་འདི་སྐད་བསྟན་པར ་འགྱུར་ཏེ། རྒྱལ་པོ་ལ་སོགས་པ་འབངས་ལ་སོགས་པ་ལ་ཕན་འདོགས་པ་དེ་འདིར་ངོ་མཚར་མི་ཆེ་སྟེ། དེ་དག་ནི་རྙེད་པ་དང་བཀུར་སྟི་ལ་སོགས་པ་རང་གི་དོན་འདོད་པས་གཞན་ལྔ་ཕན་འདོགས་ཀྱི། བཅོམ་ལྡན་འདས ་ནི་དེ་བཞིན་གཤེགས་ཏེ། དགྲ་བཅོམ་ཞིང་ཡང་དག་པར་རྫོགས་པར་སངས་རྒྱས་ནས་ཕུན་སུམ་ཚོགས་པ་མཐའ་དག་བརྙེས་པས་གང་ཕན་འདོགས་པ་དེ་ནི་འདིར་ངོ་མཚར་ཡིན་པར་བསྟན་ཏོ།། བཅོམ་ལྡན་འདས ་ཀྱི་ཕཕུན་འདོགས་པ་འདི་ལ་ནི་ཐུགས་བརྩེ་བ་ཆེན་པོ་མུ་གཏོགས་པར་ཕན་འདོགས་པའི་རྒྱུ་གཞན་ཅི་ཡང་མེད་བྱས་རྣམ་པ་འདིས་ནི་བཅོམ་ལྡན་འདས་ཐུགས་བརྩེ་བ་ཆེ་བ་ཁོ ་ནར་སྟོན་ཏོ།། ཕན་བཏགས་ཞེས་བྱ་བ་ནི་མངོན་པར་རྫོགས་པར་བྱང་ཆུབ་སྟེ། ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་ན་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་ཡོངསུ་སྨིན་པ་དག་སར་ཆུད་པར་མཛད་པ་ཡིན་ཏེ། ་བྱུབྱང་ཆུབ་སེམས་དཔའི་ཆོས་ཉིད་ལྔ་རབ་ཏུ་འཇོག་པའི་ཕྱིར་རོ།། ཡོངས་སུ་གཏད་པ་ནི་དགེ་བའི་རྩ་བ་ཡོངས་སུ་མ་སྨིན་པ་ལས་དང་པོ་པ་དག་ཕན་བཏགས་པ་དེ་དག་ཉིད་ལ་གཏད་པ་སྟེ། བྱང་ཆུབ་སེམས་དཔའ ་ཆོས་ཉིད་ལ་རབ་ཏུ་འཇོག་ཏུ་གཞུག་པའི་ཕྱིར་རོ།། ང་ཡོངས་སུ་མྱ་ངན་ལས་འདས་པར་བསྟན་པ་ན་ཁྱེད་ཀྱིས་ཅི་ནས་དེ་དག་ཡོན་ཏན་མ་ཐོབ་པ་ཐོབ་པར་འགྱུར་བ་དང་། ཐོབ་པ་དག་ལས་ཡོང་སུ་ཉམས་པར་མི ་འགྱུར་བ་དེ་ལྟར་གྱིས་ཤིག་ཅེས་བྱ་བའོ།། དེ་ལྟར་ཕན་བཏགས་པ་དང་། ཡོངས་སུ་གཏད་པ་གཉིས་ཀྱིས་སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པར་ཡོང་སུ་བསྟན་ཏོ།། བྱང་ཆུབ་སེམས་དཔའ་རྣམས་ལ་ཕན་འདོགས ་བ་ནི་རྣམ་པ་ལྔས་དམ་པར་རིག་པར་བྱ་སྟེ། དུས་དང་ཁྱད་པར་དང་། རྒྱ་ཆེ་བ་དང་། བསྟན་པ་དང་། ཁྱབ་པའོ།། དེ་ལ་དུས་ནི་ཚེ་རབས་གཞན་པ་ཡིན་པའི་ཕྱིར་རོ།། ཁྱད་པར་ནི་ཕྱི་རོལ་པ་དང་ཉན་ཐོས་དང་། རང་སངས་རྒྱས ་ཀྱིས་ཕན་འདོགས་པ་དགྲ་པས་ཁྱུད་བར་དུ་འཕགས་པའི་ཕྱིར་རོ།། རྒྱ་ཆེ་བ་ནི་ཕན་འདོགས་པ་དེ་དག་བླ་ན་མེད་པའི་ཕྱིར་རོ།། བརྟན་པ་ནི་གཏན་དུ་བའི་ཕྱིར་རོ།། ཁྱབ་པ་ནི་ཕན་འདོགས་པ་དེ་བདག་དང་གཞན་གྱི་རྒྱུད་ལ་ཕན ་འདོགས་པར་བྱེད་པའི་ཕྱིར་རོ།། ཡོངས་སུ་གཏད་པ་ཡང་རྣམ་པ་གསུམ་གྱིས་དམ་པར་བལྟ་སྟེ། གནས་དང་ཆོས་ཉིད་རབ་ཏུ་འཐོབ་པར་བྱ་བ་དང་། བཀར་གདགས་པའོ།། གནས་ཇི་ལྟ་བུ་ཞེ་ན། གང་གིས་དེ་དག་ཆུད་ཟ་བར་མི ་འགྱུར་པའི་དགེ་པའི་བཤེས་གཉེན་དག་ལ་ཡོངསུ་གཏད་པའི་ཕྱིར་རོ།། ཆོས་ཉིད་རབ་ཏུ་འཐོབ་པར་བྱ་བ་ཇི་ལྟ་བུ་ཞེ་ན། བྱང་ཆུབ་སེམས་དཔའ་ཕན་བཏགས་པ་དག་གཞན་ལ་ཆོས་ཉིད་ཀྱིས་ཕན་འདོགས་པ་བྱེད་དུ་བཅུག་པའི ་ཕྱིར་རོ།། བཀར་གདགས་པ་ཇི་ལྟ་བུ་ཞེ་ན། ཁྱེད་ཀྱིས་བྱང་ཆུབ་སེམས་དཔའ་གཞན་དག་ལ་ཕན་གདགས་པར་བྱའོ་ཞེས་བཀས་གཏང་བའི་ཕྱིར་ཏེ། མ་གུས་པར་ནི་མ་ཡིན་ནོ།། གླེང་བསླང་བ་དང་། སངས་རྒྱས་ཀྱི ་གདུང་རྒྱུན་མི་འཆད་པར་བྱ་བའི་ཚིག་གི་དོན་ལ་སོགས་པ་བཤུད་ཟིན་ཏོ།། སྒྲུབ་པའི་མཚན་ཉིད་བརྗོད་པར་བྱ་སྟེ། དེའི་དབང་དུ་བྱས་ནས། ཇི་ལྟར་ཞེས་བྱ་བ་སྨོས་སོ།། འཕགས་པ་རབ་འབྱོར་གྱིས་རྣམ་པ་དྲུག་གི ་ཕྱིར་ཞུས་ཏེ། དོགས་པ་བཅད་པ་དང་། མོས་པ་བསྐྱེད་པ་དང་། དོན་ཟབ་མོ་ལ་འཇུག་པར་བྱ་བ་དང་། མི་ལྡོག་པར་བྱ་བ་དང་། མཆོག་ཏུ་དགའ་བ་བསྐྱེད་པ་དང་། དམི་པའི་ཆོས་ཡུན་རིང་དུ་གནས་པར་བྱའོ།། དེ་ལ་ཤེས ་པ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཇི་ལྟར་སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པ་ཡིན་སྙམ་དུ་དོགས་པ་རྣམས་ཀྱི་དོགས་པ་བཅད་པའི་ཕྱིར་རོ།། བྱང་ཆུབ་སེམས་དཔའ་རྒྱུད་ཡོངས་སུ་མ ་སྨིན་པ་བསོད་ནམས་འདོད་པ་རྣམས་ལ་བསོད་ནམས་མང་བར་བསྒྲགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མོས་པ་བསྐྱེད་པའི་ཕྱིར་རོ།། རྒྱུད་ཡོངས་སུ་སྨིན་པ་རྣམས་དོན་ཟབ་མོ་ལ་འཇུག་པར་བྱ་བའི ་ཕྱིར་རོ།། ཡང་དག་པ་མ་ཡིན་པ་བསྒྲུབས་པས་མནར་བ་དེ་ལེན་པ་དང་འཛིན་པ་ལ་རྩོམ་པ་རྣམས་བསོད་ནམས་མང་པོ་འདོད་པས་མཽ་ལྡོག་པར་བྱ་བའི་ཕྱིར་རོ།། ཕན་བཏགས་པ་ལྷག་པའི་བསམ་པ་དག་པ་རྣམ ་བདག་གིས་ཆོས་དེ་རྟོགས་པར་མཐོང་ནས་མཆོག་ཏུ་དགའ་བ་བསྐྱེད་པའི་ཕྱིརརོ།། མ་འོངས་པའི་དུས་ན་ཐེག་པ་ཆེན་པོའི་ཆོས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་རོ།། མདོར་བསྡུ་ན་དོག་པ་རྣམས་ལ་ཡང་དག་པར་བསྟན། ་པར་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཡོངསུ་མ་སྨིན་པ་བསོད་ནམས་འདོད་པ་རྣམས་ཡང་དག་པར་འཛིན་དུ་གཞུག་པ་དང་། ལོག་པར་བསྒྲུབས་པས་མནར་བ་རྣམས་ཡང་དག་པར་གཟེངས་བསྟོད་པ་དང་། བསམ ་པ་དག་པ་རྣམས་རབ་ཏུ་དགའ་བར་བྱ་བའི་ཕྱིར་རོ།། དེ་ལ་གནས་པར་བྱ་བ་ནི་འདུན་པ་དང་སྨོན་ལམ་གཉིས་ཀྱིས་སོ།། བསྒྲུབ་པར་བྱ་བ་ནི་རྣལ་འབྱོར་ལ་སྙོམས་པར་འཇུག་པསོ།། སེམས་རབ་ཏུ་གཟུང་བར་བྱ་བ་ནི་རྣམ་པར ་གཡེང་བ་ཚར་བཅད་ནས་སོ།། དེ་ལ་འདུན་པ་ནི་མངོན་པར་འདོད་པའོ།། སྨོན་ལམ་ནི་མངོན་པར་འདོད་པའི་དོན་ལ་སེམས་མངོན་པར་འདུ་བྱེད་པའི་མཚན་ཉིད་ཀྱི་སེམས་པ་གང་ཡིན་པའོ།། རྣལ་འབྱོར་ལ་སྙོམས ་པཱར་འཇུག་པ་ནི་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གང་ཡིན་པའོ།། རྣམ་པར་གཡེང་བ་ཚར་གཅོད་པ་ནི་ཏིང་ངེ་འཛིན་ལས་རྣམ་པར་གཡེངས་པ་ལས་སེམས་གླན་ཏེ་དེ་ཉིད་ལ་འཇོག་པའོ།། དང་པོས་ནི་སྦྱོར ་བྱའི་ལམ་གཉིས་པས་ནི་གྲུབ་པའི་ལ་གསུམ་པས་ནི་ཆུད་མི་ཟ་བའི་ལམ་ཡོངས་སུ་བསྟན་ཏོ།། གནས་སུ་ཞུས་པས། བཅོམ་ལྡན་འདས་ཀྱིས་འཕགས་པ་རབ་འབྱོར་ལ་ལེགསོ་ཞེས་བྱ་བ་བྱིན།། ཉོ་པ་ས ་ནིན་བབླགས་ཏེ་ཉན་དུ་གཞུག་པའོ།། ལེན་པར་འ་བྱ་བ་ནི་ཕྱིན་མིམ་ལོག་ས་འཛིན་དུ་གཞུག་པའོ།། རབ་ཏུ་ཡིད་ལ་ཟུང་ཤིག་ཅེས་བྱ་བ་ནི་ལགས་པར་འཛིན་དུ་གཞུག་པའོ།། དེ་དག་ཀྱང་ཉན་པའི་སྐྱེ་བོ་སྣོད་པ་སྦུབ་པ་དང་། མི་གཙང་བ་དང་། རྡོ་པ་ལྟ་བུ་རྣམ ་པ་གསུམ་སྤང་བའི་ཕྱིར་གསུངས་ཏ་གོ་རིམ་བཞིན་ནོ།། བཤད་དོ་ཞེས་བྱ་བ་ནི་དེ་དག་ན་བཤད་ཀྱིས་གཞན་དུ་ནཱ་ནི་མ་ཡིན་ཞེས་བྱ་བ་སྟེ། གཞན་དུ་ན་སྣོད་ཁ་སྒྲུབ་པ་དང་། མི་གཙང་བ་དང་། རྡོལ་བ་དག་གི་ནཱང ་དུ་ཆར་བབ་པ་བཞིན་དུ། ཆོས་ཀྱི་ཆར་འདི་དོན་མེད་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚི་གོ། ཡང་ན་ང་ནི་འཆད་པར་ཟད་ཀྱི་ཁྱེད་ཀྱིས་ནི་ནན་ཏན་དུ་སྒྲུབས་ཤོག་ཅེས་བྱ་བའི་ཐ་ཚིག་གོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི ་ཐེག་པ་ནི་བྱང་ཆུབ་སེམས་དཔའི་ཐེག་པ་སྟེ། གང་གིས་བྱང་ཆུབ་སེམས་དཔའ་ངེས་པར་འབྱུང་བར་བྱེད་པའོ།། དེ་ཡང་ཕ་རོལ་ཏུ་ཕྱིན་པ་བཅུ་དང་ས་བཅུས་བསྡུས་པ་སྟེ། དེ་ལ་ཡང་དག ་པར་ཞུགས་པ་ནི་སྨོན་པ་དང་འཇུག་པའི་སེམས་ཀྱིས་ཞུགས་པའོ།། བྱེ་བྲག་དེ་ནི་ཉན་ཐོས་ལ་སྩོགས་པའི་བྱང་ཆུབ་བསལ་བའི་ཕྱིར་ཏེ། བྱང་ཆུབ་ལ་ཡང་དག་པར་ཞུགས་པས་ཞེས་སྨོས་ནི་ནི་བྱང་ཆུབ་གསུམ་ཡོང ་པས་བྱང་ཆུབ་གཞིན་དུ་ཡང་གོ་བར་འགྱུར་རོ།། ཉན་ཅེས་བྱ་བ་ནི་ཁྭ་སོ་བླངསོ་ཞེས་བྱ་བའི་ཐ་ཚིག་གོ།། སྒྲུབ་པའི་མཚན་ཉིད་གི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། ད་ནི་དེའི་གནས་བརྗོད་པདེ་བྱ་སྟེ། དེའི་བནྡྷ ་དེ་ཡང་མདོར་བསྡུ་ན་རྣམ་པ་བཅོ་བརྒྱ་། འདི་ལྟ་སྟེ། སེམས་བསྐྱེད་པ་དང་། ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་དང་། གཟུགས་ཀྱི་སྐུ་ཐོབ་པར་འདུན་པ་དང་། ཆོས་ཀྱི་སྐུ་ཐོབ་པར་འདུན་པ་དང་། བསྒོམས་པའི་ཁྱད་པར ་པ་ལ་མངོན་པར་ང་རྒྱལ་མེད་པ་དང་། སངས་རྒྱས་འཐུང་བ་མཉེས་པར་བྱ་བ་དང་། ཞིང་རྣམ་པར་དག་པར་སྨོན་པ་དང་། སེམས་ཅན་ཡོངསུ་སྨིན་པར་བྱ་བ་དང་། ཕྱིའི་བསྟན་བཅོས་ལ་རྗེ་སུ་ཆགས་པ་དང་དབུལ་བ ་དང་། སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་ལ་རིལ་པོར་འཛིན་པ་གཞིག་པར་སྦྱོར་བ་དང་། དེ་བཞིན་གཤེགས་པ་ལ་མཆོད་པ་དང་རིམ་གྲོ་བྱ་བ་དང་། ལུས་དང་སེམས་དུབ་ནས་བརྩོན་འགྲུས་ལས་ལོག་པ་དང་མི་རྩོམ ་པ་དང་རྙེད་པ་དང་། བཀུར་སྟི་དག་དང་། བྲལ་བ་སྟེ། ལུས་དང་སེམས་རབ་ཏུ་དུབ་པས་བརྩོན་འགྲུས་བརྩམས་པ་ལས་ནི་ལྡོག། མ་བརྩམས་པ་ནི་མི་རྩོམ་ལ། བདག་ལ་གཞན་དག་གིས་འདི་ནི་བརྩོན་འགྲུས ་དང་ལྡན་པ་ཡིན་ནོ་སྙམ་དུ་ཤེས་པར་གྱུར་ཀྱང་ཇི་མྱུ་རུང་ཞེས་དད་པའི་དབང་དུ་བྱས་ནས་རྙེད་པ་དང་བཀུར་སྟི་འདོད་པ་ཡིན་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་ཐམས་ཅད་དང་བྲལ་ཏེ་སྤང་བར་བྱ་བ་དང་། ་སྡུགུ་བསྔལ་ལ་ཇི་མི་སྙན་པ་དང་བསམ་གཏན་གྱི་རི་མྱང་བ་དང་དབྲལ་བ་དང་། མངོན་པར་རྟོགས་པའི་དུས་ན་བདག་གྲོ་སྙམ་པའི་རྣམ་པར་རྟོག་པ་དང་དཔྲལ་བ་དང་། གདམས་ངག་ཡོང་སུ་བཙལ་བ་དང་། ་མངོན་པར་རྟོགས་པ་དང་། སངས་རྒྱས་ཀྱི་ས་ཡོངསུ་བཙལ་བ་སྟེ། གནས་རྣམ་པ་བཅོ་བརྒྱད་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་གང་ལ་གནས་པར་བྱ་བ་དང་། བསྒྲུབ་པར་བྱ་བ་དང་། སེམས་རབ་ཏུ་གཟུང ་བར་བྱ་བའོ།། གནས་དེ་དག་གིས་ས་གསུམ་བསྡུས་ཏེ། འདི་ལྟ་སྟེ། གནས་རྣམ་པ་བཅུ་དྲུག་གིས་མོས་པསོ་སྤྱོད་པའི་སའོ།། མངོན་པར་རྟོགས་པའི་གནས་གཅིག་པུས་ནི་ལྷག་པའི་བསམ་པ་དག་པའི ་སའོ།། སངས་རྒྱས་ཀྱིས་ཡོངས་སུ་བཙལ་བས་ནི་སངས་རྒྱས་ཀྱི་སའོ།། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་སེམས་བསྐྱེད་ནས། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་རབ་ཏུ་བརྩོན་པ་ནི ་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་དང་། ཆོས་ཀྱི་སྒྱུ་འཐོབ་པར་འདུན་པ་བསྐྱེད་དོ།། དེ་ནས་མངོན་པའི་ང་རྒྱལ་ལ་སོགས་པ་དང་། ཐ་མ་བདག་གོ་སྙམ་དུ་རྣམ་པར་རྟོག་པ ་ལ་ཐུག་པའི་བར་མངོན་པར་རྟོགས་པའི་བགེགས་རྣམས་དང་སེམས་བྲེལ་བར་བྱེད་དོ།། དེ་ནུས་མངོན་པར་རྟོགས་པར་བྱ་བའི་ཕྱིར་གདམས་དྲུག་ཡོངསུ་ཚོལ་ལོ།། དེ་ནས་མངོན་པར་རྟོགས་པར་བྱེད་དོ།། དེ་ནས་གོང ་དུ་སངས་རྒྱས་ཀྱིས་ཡོངས་སུ་ཚོལ་ཏེ། དེའི་ཕྱིར་དེ་དག་གི་གོ་རིམ་ནི་དེ་ལྟའོ་དེ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དབང་དུ་བྱས་ནསོ་སེམས་ཅན་ཇི་ཙམ་ཞེས་བྱ་བ་གསུངསོ།། ཇི་ཙམ་ཞེས་བྱ་བ་ནི་ཚད་དོ།། ཅི་དེ་དག་ལ ་ཚད་ཡོད་དམ་སྒྱུམ་པ་ལ་སེམས་ཅན་དུ་བསྡུ་བར་ཞེས་བྱ་བ་གསུངསོ།། སེམས་ཅན་གྱི་ཁམས་ཚད་མེད་མོད་ཀྱི། འོན་ཀྱང་སེམས་ཅན་སེམས་ཅན་ཞེས་བྱ་བ་ནི་གང་དེའི་ངོ་བོ་སྙམ་པ་ལས་ལོག་པའི་སྒྲའི་དོན་ལས ་བརྟགས་པའི་ངོ་བོ་སྐལ་བ་འདྲ་བ་ཞེས་གླགས་པ་གང་ཡིན་པ་དེ་ནི་སེམས་ཅན་དུ་བསྡུའོ།། དེས་ནི་མཐོང་བ་དང་། རྣམ་པར་བརྟགས་པའི་དོན་གཅིག་ཏུ་བསྔོས་ནས་དེའི་ངོ་བོར་སྒྲོ་བཏགས་ཀྱི་ཧྲཱི་གཟུགས་ལྔ་སོགས་པའི ་ཕུང་པོའི་བྱེ་བྲག་གིས་བསྡུས་པ་དག་སྟེ། དེའི་ཕྱིར་དེ་དག་ཚད་དང་ལྡན་པ་འདྲ་བར་སྣང་།། དེ་ལྟར་སྤྱིར་བསྟན་ནས། བྱེ་བྲག་ཏུ་བསྟན་པའི་ཕྱིར། སྒོ་ང་ལས་སྐྱེས་པ་ཞེས་བྱ་བ་ལ་སོགས་པ་གསུང་སོ།། བྱེ་བྲག་གི་མཚན་ཉིད ་དེ་ཡང་རབ་ཏུ་དབྱེ་བས་གསུམ་གྱིས་གསུངས་ཏེ། སྐྱེ་གནས་ཀྱི་དབྱེ་བ་ལས་ནི་སྒྲོ་ང་ལས་སྐྱེས་བུ་ལ་སོགས་པ་རྣམ་པ་བཞིའོ།། གནས་ཀྱི་དབྱེ་བ་ལས་ནི་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་གནས ་ཐ་དད་པའི་ཕྱིར་ཏེ། གཟུགས་ཅན་ནི་འདོད་པ་དང་གཟུགས་ན་སྤྱོང་པོ་རྣམསོ།། གཟུགས་ཅན་མ་ཡིན་པ་ནི་གཟུགས་མེད་པ་རྣམསོ།། གཟུགས་ཅན་མ་ཡན་པ་ན་གཟུགས་མེད་པ་རྣམས།། མཚན་མར་འཛིན ་པའི་དབྱེ་བ་ལས་ནི། འདུ་ཤེས་ཅན་ཞེས་བྱ་བཱ་ལ་སོགས་པ་སྟེ། འབྲས་བུ་ཆེ་བའི་ཕྱོགས་གཅིག་དང་།། སྲིད་པའི་རྩེ་མོར་སྐྱེས་པའི་སེམས་ཙནྡ་རྣམས་མ་གྲཏོགས་པར་ཐམས་ཅད་ནི་འདུ་ཤེས་ཅནོ།། འབྲས་བུ ་ཆེ་བའི་ཕྱོགས་གཅིག་འདུ་ཤེས་མེད་པའོ།། འདི་ཡང་མཚན་མ་རེ་འཛིན་པའི་དབྱེ་བཱ་བྷྱས་པ་ཉིད་དེ། ད་མེད་པས་རབ་ཏུ་ཕྱེ་བས་ངས་མཚོན་པའི་ཕྱིར་རོ།། སྲིད་པའི་རྩེ་མོར་སྐྱེས་པ་རྣམས་ནི་འདུ་ཤེས་མེད་འདུན ་མེད་མིན་ནོ།། རབ་ཏུ་དབྱེ་བ་འདི་ནི་བློ་ཞན་པ་རྣམས་ལ་ཕན་གདགས་པའི་ཕྱིར་བྱོས་ཀྱི་གཞན་དག་འཕྱ་བུ་སྤང་བའི་ཕྱིར་རབ་ཏུ་མ་སྨོས་སོ།། ཆོས་ཐམས་ཅད་སེམས་ཅན་མེད་དོ་ཞེས་བྱ་བ་དང་། བཤད་པ་འདི་མི ་འགལ་བར་བསྟན་པར་སེམས་ཅན་གྱི་ཁམས་ཀུན་རྫོབ་ཀྱི་བདེན་པར་སེམས་ཅན་གྱི་ཁམས་བསྟན་པའི་ཕྱིར། ཇི་ཙམ་ཞེས་བྱ་བ་ལ་སོགས་པ་གསུང་སོ།། གདགས་པས་ཞེས་བྱ་བ་ནི་ཕུང་པོ་ལྔའི་བྱེ་བྲག་གི་བདག ་ཉིད་དུ་ཤེས་པ་སྟེ། མུ་སྐྱེགས་ཅན་གྱིས་ཡོངསུ་བརྟགས་པར་ཤེས་པ་ནི་མཱ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ།། འདིས་ནི་སྐུར་པའི་མཐའ་སྤངས་པ་ཡིན་ཏེ། བཏགས་པར་ཡོད་ན་སྐུར་པ་མི ་འདེབས་པའི་ཕྱིར་རོ།། མི་གནས་པའི་མྱ་ངནྡ་ལས་འདས་པའི་དབྱིངས་གང་ལ་ཟག་པ་དང་བཅས་པའི་ཕུང་པོའི་ལྷག་མ་མེད་པ་དེ་ལ་དེ་སྐད་ཅེས་བྱ་བའི་ཉན་ཐོས་ཀྱི་ཡོངསུ་མྱ་ངན་ལས་འདས་པ་ནི་འདིར་མྱ་ངན་ལས ་འདས་པའི་དབྱིངས་མ་ཡིན་ཏེ། དེ་ནི་དམན་པའི་ཕྱིར་རོ།། འབྲས་བུ་གྱ་ནོམ་པ་ཡོད་བཞིན་དུ་སྙིང་བརྩེ་བདག་ཉིད་ཅན་རྣམས་འབྲས་བུ་དམན་པ་དོན་དུ་གཉེར་བ་ནི་རིགས་པ་དང་ལྡན་པ་མ་ཡིན་ནོ།། གལྤ་ཏེ་འབྲས་བུ་གྱུ ་ནོམ་པ་ཡོད་ཀྱང་ཐོབ་པར་བྱེད་མི་ནུས་པས་དེ་ལྟར་དོན་དུ་གཉེར་རོ་ཞེ་ན། ཁྱོད་ཀྱི་ལུགས་ལྟར་ན་རིགས་གསུམ་དང་རིགས་མེད་པ་ཡང་ཡོད་པས་འབྲས་བུ་དམ་པ་ཡང་ཐམས་ཅད་ཀྱིས་ཐོབ་པར་བྱེད་མི་ནུས་པ་ཉིད་དོ།། ། ་འོན་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིགས་ཉིད་འདྲི་འདུ་སྟེ། གང་གི་དབང་གིས་ན་ཐུགས་རྗེ་ཆེན་པོའི་ཤུགས་ཀྱིས་ནོན་པ་དག་ནི་འདི་ཅི་ནུས་སམ་སྙམ་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གཞན་གྱི་དོན ་མཛད་པོ་གཞན་དག་ཀྱང་བཞུགས་བཞིན་དུ་འདིར་བདག་གིས་དོན་མེད་པའི་སྨོན་ལམ་བཏབ་པས་ཅི་ཞིག་བྱ་སྙམ་པ་དེ་ལྟ་བུའི་རྣམ་པར་དཔྱོད་པ་རྣམས་སྤངས་ཏེ། གཞན་ལ་བལྟོས་པ་རྒྱང་བསྲིངས་ཤིང་། སྙིང་བརྩེ་བ་ཆེན་པོས ་ཟིན་པ་རྣམས་འགྲོ་བྱ་སྡུག་བསྔལ་གྱི་མེ་འབར་བས་ཉེན་པར་མཐོང་ནས་འདི་སྙམ་དུ་བདག་ཁོ་ནས་བསྒྲུབ་བོ་ཞེས་སྨོན་ལམ་འདེབས་ཏེ། ཇི་སྐད་དུ་དཀའ་འམ་མི་དཀའ་སྙམ་པཱ་ཡི།། རྣམ་པར་རྟོག་པ་རྣམས་སྦྱངས ་ནུས་འགྲོ་བ་འདི་ནི་ཉམས་ཐུག་ཅེས། ཁྱོད་བདག་ཉིད་ཀྱིས་ཞལ་གྱིས་བཞི་ཞེས་བཤད་པ་ལྟ་བུའོ་ཞེ་ནུ། གལ་ཏེ་དེ་ལྟ་ན་ཡང་བུ་སྡུག་པ་རྒྱལ་པོར་སྨོན་པ་ལྟར་འཐོབ་པར་བྱ་མི་ནུས་པའི་གྱ་ནོམ་པ་ཉིད་ལ་ཅིའི་ཕྱིར ་སྨོན་ལམ་མི་གདབ། གང་གི་ཕྱིར་ནུ་དམན་པ་ཁོ་ན་དོན་དུ་གཉེར་བར་བྱེད། དེ་ལྟ་བས་ན་མི་གནས་པའི་མྱ་ངན་ལས་འདས་པ་ཉིད་འདིར་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངསུ་རིགས་ཏེ། ་དེ་ལ་ཟག་པ་དང་བཅས་པའི་ཕུད་པའི་ལྷག་མ་མེད་པའི་ཕྱིར་རོ།། ཅིའི་ཕྱིར་མྱ་ངན་ལས་བཟླ་བུར་བྱའོ་ཞེས་དེ་སྐད་གསུངས་ཞེ་ན། བསམ་གཏན་དང་པོ་ལ་སོགས་པ་བསལ་བའི་ཕྱིར་ཏེ། དེ་ནི་བཅོམ་ལྡན་འདས་ཀྱིས ་སྐྱེ་འོག་མའི་ཉོན་མོངས་པ་མེད་པའི་ཕྱིར་མྱ་ངན་ལས་འདས་པར་རྣམ་གྲངས་སུ་གསུང་སོ།། ཅིའི་ཕྱིར་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངསུ་ཞེས་མ་གསུངས་ཞེ་ན། དེ་ནི་སྡུག་བསྔལ ་གྱི་ཕུང་པོའི་ལྷག་མ་མ་སྤངས་པའི་ཕྱིར་རོ།། བྱང་ཆུབ་སེམས་དཔར་རྣམས་ཀྱི་སེམས་ཅན་ཐམས་ཅད་ཡོངསུ་མྱ་ངན་ལས་བཟླ་བའི་བསམ་པ་ནི་རྒྱུ་གསུམ་གྱིས་བལྟ་བར་བྱ་སྟེ། མི་ཁམ་པར་སྐྱེས་པ་རྣམས་ལ་དུས ་གཞན་དུ་སྡོད་པ་དང་། མི་ཁོམ་པའི་གནས་སྐབས་ནི་ཉེ་བར་མཚོན་པའི་ཕྱིར་སྨོས་པར་ཟད་ཀྱི་དེར་ཟད་པ་ནི་མ་ཡིན་ཏེ། དེ་ན་གནས་པ་ལ་ཡོངསུ་མྱ་ངན་ལས་འདའ་བ་མི་སྲིད་པའི ་ཕྱིར་རོ།། ཡོངས་སུ་མ་སྨིན་པ་རྣམས་ཡོངས་སུ་སྨིན་པར་བྱ་བ་དང་། ཡོངས་སུ་སྨིན་པ་རྣམས་རྣམ་པར་གྲོལ་བར་བྱ་བ་སྟེ། དེས་ན་དོན་དུ་གཉེར་མི་ནུས་པ་མ་ཡིན་ནོ།། སེམས་ཅན་མུ་ལུས་པ་ཡོངསུ་མྱ་ངན་ལས ་བཟླ་བའི་བསམ་པ་འདིས་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱ་ཆེ་བ་བསྟན་ཏོ།། འདིར་ཇི་ལྟར་འདུན་པ། སྨོན་ལམ་གཉིས་ཀྱིས་གནས་པར་བྱ་བ་དེ་ཡང་བསྟན་ཏོ།། ད་ནི་ཇི་ལྟར་རྣལ་འབྱོར་སྙོམས་པར་འཇུག་པས ་ཇི་ལྟར་བསྒྲུབ་པར་བྱ་བ་དེ་བསྟན་པའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངསོ།། དེ་ལྟར་ཀུན་རྫོབ་ཏུ་སེམས་ཅན་ཐམས་ཅད་ཡོངསུ་མྱ་ངན་ལས་འདས་ཀྱང་བྱང་ཆུབ་སེམས་དཔའ་ཇི་ལྟར་དོན་དམ་པར ་སེམས་ཅན་གང་ཡང་དམིགས་པར་མི་འགྱུར་ཏེ། དེ་མེད་པའི་ཕྱིར་རོ་ཞེས་དེ་ལྟར་རྣལ་འབྱོར་ལ་སྙོམས་པར་འཇུག་པས་སོ་སོར་བཏེག་པར་བྱའོ།། ལངས་ནས་འདི་སྙམ་དུ་དོན་དམ་པར་བདག་གིས་སེམས་ཅན ་གང་ཡང་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་མེད་དོ་སྙམ་དུ་སེམས་བསྐྱེད་པ་གང་ཡིན་པ་འདིས་ནི་ཟབ་པ་བསྟན་ལ། དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱང་བསྟན་ཏོ།། སྔ་མས་ནི་ཀུན་རྫོབ་བོ།། ད་ནི་གཡེང་བ ་ཚར་གཅོད་པས་འདིར་ཇི་ལྟར་སེམས་རབ་ཏུ་གཟུང་བར་བྱ་བ་དེ་བསྟན་པའི་ཕྱིར། དེ་ཅིའི་སླད་དུ་ཞེས་བྱ་བ་སྨོས་སོ།། གལ་ཏེ་ཞེས་བྱ་བ་ནི་ཛི་སྟེ་ཞེས་བྱ་བའི་དོན་དང་སྦྱར་རོ།། འོ་ན་སྨྲ་གངྒཱ་ཟག་ལ་སོགས་པརྨྨ ་འདུ་ཤེས་འཇུག་པ་དེ་བྱང་ཆུབ་སེམས་དམྱལ་ཞེས་བྱའོམ་ནཱི་ན། གང་གི་ཕྱིར་སེམས་ཅན་སྨྲས་པ་དེ་ཁོ་ན་མཛད་སྒྱུམ་དུ་སེམས་ཤིང་། ཡང་ནཱིའི་སླད་དུ་ཞེས་ཞུས་པ་དང་། ཅིག་ཤོས་ཀྱིས་ཀྱང་མི་བྱའོ་ཞེས ་གསུངསོ།། དགོངས་པ་ནི་འདི་ཡིན་ཏེ། བློ་གྲོས་ངན་པ་དག་གིས་ཕུང་པོ་ལྕེས་གཞན་པ་ནང་ན། བྱ་བ་དང་ལོངས་སྤྱོད་གཞི་པོ་བྱེད་པའི་སྐྱེས་བུ་ཞིག་ཡོད་པར་ཡོངསུ་བརྟགས་ནས་སེམས་ཅན་དང་སྲོག་ལ ་སྲོག་ལ་སོགས་པའི་སྒྲར་ཐ་སྙད་འདོགས་པ་དང་། གང་དག་ཡང་གང་ཟག་བརྗོད་དུ་མི་རུང་བར་འདོད་པ་དེ་དག་གི་ཡང་དོ་ནི་ཕུང་པོར་གཏོགས་པའི་ཆོས་དང་མཚན་ཉིད་མི་འདྲ་བར་ཁས་བླངས་པའི་ཕྱིར་ཤུགས་ཀྱིས ་དོན་གཞན་པ་ཁོ་ནར་ཁས་བླངས་པ་ཡིན་ཏེ། ཐམས་ཅད་ཀྱང་བརྗོད་དུ་མི་རུང་བར་ཐུལ་བར་འགྱུར་བའི་ཕྱིར་དངོས་པོ་ནཱི་ནམ་ཡང་བརྗོད་དུ་མི་རུང་བ་མི་སྲིད་དོ།། དེ་ནི་སྒྲུབ་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་དང་། ་གནོད་པ་ཅན་ཡང་ཡོད་པའི་ཕྱིར་དེར་ལྟ་བའི་བྱང་ཆུབ་སེམས་དཔའ་ནི་ཕྱིན་ཅི་ལོག་ལ་མངོན་པར་ཞེན་པས་ཕྱིན་ཅི་ལོག་ཁོ་ནར་འགྱུར་རོ།། གང་ཕྱིན་ཅི་ལོག་ཏུ་གྱུར་པ་དེ་དོན་དམ་པའི་བྱང་ཆུབ་སེམས་དཔར ་ཇི་ལྟར་འགྱུར། གཞན་ན་རེ་བདག་སྒྲུབ་པར་བྱེད་པའི་ཚད་མ་ཡོད་པ་ཁོ་ན་མ་ཡིན་ནཱམ། འདི་ལྟར་བཅིངས་པ་དང་། ཐར་པ་དྲང་། འབྲས་བུ་འབྲེལ་པ་དང་། དྲན་པ་དང་། ངོ་ཤེས་པ་ལ ་སོགས་པ་ནི་གཞི་གཅིག་པར་གྲགས་པ་དག་ཡིན་ན། བདྲག་མེད་པར་སྨྲ་བ་ཁྱེད་ཀྱི་ལུགས་ལྟར་ན་དེ་དག་གི་གཞིར་འགྲུབ་པར་འགྱུར་བྱ་གང་ཡིན་པ་གཅིག་པུ་ནི་འགའ་ཡང་མེད་ན་གཞུར་འགྱུར་པ་གང་ཞིག ་ཡིན། རྣམ་པར་ཤེས་པའི་སྐད་ཅིག་མ་རྣམས་ཀྱི་སྐད་ཅིག་སོ་སོ་ནི་ཐ་དད་པའི་ཕྱིར་རོ།། ལྷས་བྱིན་བཅིངས་ལ་ཕྱིས་མཆོད་སྦྱི་ན་གྲོལ་བ.རརླ་རྣམ་པར་གཞུག་པ་ནི་མེད་དོ།། གཞན་གྱིས་བྱས་པའི་ལུས་ཀྱི ་འབྲས་བུ་གཞན་གྱིས་མྱོང་བ་ཡང་མེད་དེ། ཧཱ་ཅང་ཐལ་བར་འགྱུར་བ་དང་། བྱས་པ་ཆུང་ཟ་ཞིང་མི་བྱས་པ་དང་ཕྲད་པར་ཐལ་བར་འགྱུར་པའི་ཕྱིར་ཏེ། འདི་ལྟར་བྱེད་པ་པོར་བརྟགས་པའི་རྣམ་པར་ཤེས་པའི ་སྐད་ཅིག་མ་གང་ཡིན་པ་དེ་དང་། འབྲས་བུ་འབྲེལ་པ་མེད་པའི་ཕྱིར་བྱས་པ་ཚོད་ཟ་བའི་སྐྱོན་དང་། བྱེད་པ་པོ་མ་ཡིན་པ་ཁོ་ནུ་དང་འབྲས་བུ་འབྲེལ་པའི་ཕྱིར་མ་བྱས་པ་དང་ཕྲད་པའི་སྐྱོན་དུ་ཡང་འགྱུར་རོ།། དྲན ་པ་ལ་སོགས་པ་ཡང་འཇིག་རྟེན་ན་གནས་ཐ་དད་པར་མ་གྲགས་ཏེ།། འོ་ནི་ཇི་ལྟ་ཞེ་ན། གནས་གཅིག་པ་ཁོ་ན་སྟེ། ལྷས་བྱིན་གྱི་སེམས་ཀྱིས་མྱོང་བ་ནི་མཆོད་སྦྱིན་གྱི་སེམས་ཀྱིས་དྲན་པ་འམ། ངོ་ཤེས་པ་མེད་ཀྱི། ་གླང་གིས་མྱོང་བ་དེ་ཉིད་ཀྱིས་དྲན་ཞིང་ངོ་ཤེ་སོ་ཞེས་གྲགས་སྷོ།། དེ་བྱས་ན་སྐྱེས་བུ་གཅིག་གླནས་སྐབས་ཐམས་ཅད་ཀྱི་རྗེ་སུ་འགྲོ་བ་ཞིག་ཡོད་དོ།། སྦྱོར་བ་ནི་བཅིངས་པ་དང་ཐར་པ་གང་དུག་ཡིན་པ་དེ་དག ་ནཱི་གཞི་གཙོག་པ་ཡིན་ཏེ། དཔེར་ན་ལྷས་བྱིན་ལྕགས་སྒྲོག་གིས་བཅིངས་པོ་དྲང་ཐར་པ་བཞིན་ལ། རྩོད་པའི་གཞིར་གྱུར་པ་བཅིངས་པ་དང་ཐར་པ་གཉིས་ཀྱང་བཅིངས་པ་དང་ཐར་པ་ཡིན་པས་ཞེས་བྱ་བ ་ནི་རང་བཞིན་གྱི་གཏན་ཆགསོ།། དེ་བཞིན་དུ་བྱེད་པ་པོ་ལྔ་སོགས་པ་གཞི་གཅིག་པ་ཉིད་དུ་བསྒྲུབ་པ་ལ་ཡང་སྦྱོར་བ་བརྟག་པར་བྱའོ།། ཞེས་ཟེར་རོ་དེ་ལ་གལ་ཏེ་འདིར་སྐྱེས་བུ་རང་དབང་ཅན་དོན་དམྲ་པྲྀ ་རྟག་པ་གཅིག་པུ་ཞིག་གཞིར་སྒྲུབ་ནུ་ནི་དེའི་ཚེ་དེ་ལྟ་བུའི་སྐྱེས་བུ་དང་གཏན་ཚིགས་ལྷ་ནི་ཅིག་འབྲེལ་པར་གང་དུ་ཡང་མ་གྲུབ་པས་མ་ངེས་པ་ཡིན་ནོ།། འདུ་བྱེད་ཐམས་ཅད་སྐད་ཅིག་མ་ཡིན་པའི་ཕྱིར ་ལྷ་སྦྱིན་ལ་སོགས་པཱ་རྟག་པྲ་གཅིག་པུའི་ངོ་བྲོརཱི་མ་གྲུབ་པས་དཔེ་ཡང་བསྒྲུབ་པར་བྱ་བ་མ་ཚང་བ་ཡིན་ནོ།། དེ་ཉིད་ཀྱི་ཕྱིར་གཏན་ཚིགས་འགལ་བ་ཡིན་ཏེ། དེ་ལས་བཟློག་པ་དང་འབྲེལ་བའི་ཕྱིར་རོ།། ་འོན་ཏེ་སྤྱིར་གཞི་གཅིག་པ་ཉིད་ཙམ་དུ་སྒྲུབ་ན་ནི་དེའི་ཚེ་གྲུབ་པ་སྒྲུབས་པ་ཡིན་ཏེ། ངེད་ཀྱང་རྒྱུད་གཅིག་ལ་ཡོད་པས་བཅིངས་པ་ལ་སོགས་པ་གནས་གཅིག་པར་འདོད་པ་ཉིད་དོ།། འདི་ལྟར་གང་གི་ཚེ་རྒྱུད ་གང་ལ་མ་རིག་པ་ལ་སྩོགས་པ་རྒྱུ་དང་འབྲས་བུར་གྱུར་པ་དག་རྒྱུན་མི་འཆད་པར་རྒྱུན་དུ་འབྱུང་བ་དེའི་ཚེ་ན་ནི་དེ་ལ་བཅིངས་པ་ཞེས་འདོགྲོས། ཡང་དེ་ཉིད་ལ་ཐོས་པ་ལ་སོགས་པའི་རིམ ་གྱིས་འཕགས་པའི་ལམ་སྐྱེས་ན་མ་རིག་པ་ལ་སོགས་པ་འགྲགས་པས་གནས་གྱུར་པ་ལ་ཐར་པ་ཞེས་འདོགས་ཀྱི། དེ་གཉིས་དོན་དམ་པ་རྟག་པ་གཅིག་པུའི་དངོས་པོའི་ཡུལ་ཅན་དུ་གྲུབ་པ་ནི་མེད་དེ།། ་འཇིག་རྟེན་པའི་བཅིངས་པ་དང་ཐར་པ་ཡང་དེ་དང་འདྲ་བའི་ཕྱིར་རོ།། རྒྱུད་གང་ལ་དགེ་བ་དང་མི་དགེ་བའི་སེམས་དང་ཉམས་སུ་མྱོང་བ་སྐྱེས་པ་དེ་ཉིད་ལ་དུས་གཞན་ན་རྒྱུད་ཡོངསུ་སྨིན་པ་ལ་བརྟེན་ནུས་མ ་ཏུ་ལུང་ག་ལ་སོགས་པ་རྒྱ་སྐྱེགས་ལ་སོགས་པའི་ཁུ་བས་བསྒོས་པའི་རྒྱུད་ཡོངས་སུ་སྨིན་པ་ལ་སོགས་པ་བཞིན་དུ་བདེ་བ་དང་། སྡུག་བསྔལ་དང་། དྲན་པ་ལ་སོགས་པ་འབྲས་བུ་འབྱུང་བ་སྣང་བའི་ཕྱིར་དགེ ་བ་ལ་སོགས་པ་གནས་གླཅིག་ཏུ་གྲགས་ཀྱི་བྱེད་པ་པོ་དང་། ཟ་བ་པོ་དང་། དྲན་པ་པོ་གཅིག་པུ་ནི་གང་ཡང་མེད་དོ།། ཐ་སྙད་བརྟགས་པ་འདི་ཐམས་ཅད་ནི་རྒྱུ་དང་འབྲས་བུ་ཙམ་གྱིས་རབ་ཏུ་ཕྱེ་བའི་ཕྱིར་རོ།། ་ཧ་ཅང་ཐལ་བ་ཡང་མ་ཡིན་ཏེ། ས་བོན་ལ་སོགས་པའི་ནུས་པ་ངེས་པ་བཞིན་དུ་རྒྱུའི་ནུས་པ་སོ་སོར་ངེས་པའི་ཕྱིར་རོ།། དེ་ལ་ཡང་གང་གིས་ན་རྒྱུ་དང་འབྲས་བུའི་དངོས་པོ་སོ་སོར་ངེས་པར་འགྱུར་བ་དེ་ལ་ནི ་གཅིག་པུ་རྗེས་སུ་འགྲོ་བ་ནི་གང་ཡང་མེད་དེ། གནས་སྐབས་གཞན་དུ་སྣང་བའི་ཕྱིར་རོ།། སེམས་ཅན་གྱི་རྒྱུ་འདི་ལ་ཡང་དེ་དང་འདྲ་བར་འགྱུར་ན། བདག་ཏུ་ཡོངསུ་བརྟགས་པ་འདིས་ཅི་ཞིག་བྱ། བདག་ལ ་ཡང་བརྟགས་ཏེ་བྱེད་པ་པོ་ལ་སོགས་པའི་གནས་སྐབས་གང་ཡིན་པ་དེ་ནི་རྒྱུའོ།། ཟབ་མོ་ལ་སོགས་པའི་གནས་སྐབས་གང་ཡིན་པ་དེ་ནི་འབྲས་བུའོ།། ཞེས་རྒྱུ་དང་འབྲས་བུའི་དངོས་པོ་གདོན་མི་ཟ་བར ་ཁས་བླང་བར་བྱའོ།། དེ་ལྟ་མ་ཡིན་ཏེ་གནས་སྐབས་དེ་གཉིས་སུ་སྐྱེ་བ་མེད་པའམ། གཅིག་ལ་གཅིག་ཕན་འདོགས་པ་མེད་ན་ནི་ན་མཁའ་དང་འདྲ་བར་གྱུར་པས་ཟ་བ་པོ་ལ་སོགས་པ་འགྲུབ་པར་ཡང་ཇི་ལྟར ་འགྱུར། ནུས་པོ་སོ་སོར་ངེས་པར་ཁྭས་བླང་བར་བྱ་སྟེ། འདི་ལྟར་སོ་སོར་ངེས་པའི་བདག་ཉིད་དང་འབྲེལ་པས་བདེ་བ་ལ་སོགས་པ་འབྱུང་བར་འགྱུར་གྱི་ཐམས་ཅད་ལ་ནི་མ་ཡིན་ནོ།། དེ་བས་ན་དགེ་བ་ལ ་སོགས་པ་རྒྱུ་དང་འབྲས་བུར་གྱུར་པ་ཇི་ལྟར་ཡོངསུ་སྣང་བ་དྲག་ཁོ་ན་བྱེད་པ་པོ་དང་ཟ་བ་པོ་ཡིན་ན་བལྟར་མི་སྣང་བའི་ངོ་བོ་བདག་ཡོངས་སུ་བརྟགས་པས་ཅི་ཞིག་བྱ། རྗེས་སུ་དཔག་པས་བདག་དྲི་མ་གྲུབ་ཏུ ་ཆུག་ཀྱང་། འོན་ཀྱང་ངར་ཤེས་པའི་མངོན་སུམ་གྱི་ཡུལ་ཡིན་པའི་ཕྱིར་མངོན་སུམ་གྱིས་བདག་གྲུབ་པ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ། དེར་འཁྲུལ་པའི་ཕྱིར་དང་། རྣམ་པར་རྟོག་པ་དང་བཅས་པའི་ཕྱིར་ངར ་ཤེས་པ་མངོན་སུམ་ཉིད་དུ་མི་འགྲུབ་པའི་ཕྱིར་རོ།། ངར་ཤེས་བྷ་ལ་སྣང་བན་གང་གིས་ན་མངོན་སུམ་དུ་འགྱུར་བུ་ཇི་ལྟར་དང་རང་གི་གྲུབ་པའི་མཐའ་ལས་བརྟགས་པ་ལྟ་བུ་བདག ་ཅིག་པུ་རྟག་པ་ཁྱབ་པ་ནི་མི་དམིགས་སོ།། གདོན་མི་ཟ་བར་དེ་ལྟར་ཤེས་པར་བྱའོ།། དེ་ལྟར་མ་ཡིན་ཏེ་གི་ལྱཱ་ཏེ་ངང་ཤེས་པ་མངོན་སུམ་དུ་གྷུ་རྱཱ་ནཱ་ནཱི་དྭེཥྚི་ཚེ་བདག་ཡུལླ་དུ་གྱུར་པ་ལ་རབ་ཏུ་སྨྲ་བ་རྣམས་རྩོད་པར་མི ་འགྱུར་ཏེ། རྣམ་པར་རྟོག་པ་དང་བཅས་པས་ངར་འཛིན་པ་ངེས་པའི་བདག་ཉིད་ཅན་དུ་གྱུར་པའི་ཕྱིར་རོ།། ངེས་པས་ཡུལ་དུ་བྱས་པ་ལ་ནི་སྒྲོ་འདོགས་བྱ་མེད་པའི་ཕྱིར་རོ།། དེ་ལྟ་བས་ན་འདྲ་བ་གཞན་དང་གཞན ་འབྱུང་བས་བསླུས་པ་དང་། ཐོག་མ་མེད་པའི་དུས་ནས་གོམས་པའི་དབང་གིས་གཟུགས་ལ་སོགས་པ་ཕུང་པོ་སོ་སོར་ངེས་པ་ཉིད་ལ་གཅིག་པུར་སྒྲོ་བཏགས་ནོས་ཕ་རོལ་རྣམ་པར་བཅད་པའི་ཕྱིར་དུའོ་སྙམ ་དུ་ཤེས་ཏེ། ཤེས་པ་དེ་ལ་གཟུགས་ལ་སོགས་པ་དེ་དག་ཉིད་སྣང་བའི་ཕྱིར་རོ།། གལ་ཏེ་ངར་འཛིན་པ་འདི་ལུས་ཀྱི་ཡུལ་ཅན་ཞིག་ཡིན་ན་ཇི་ལྟར་དྲིའི་ལུས་ཞེས་ཐ་དད་པར་འཛིན་པར་འགྱུར་ཞེ་ན། དེ་ནི་བདག ་གི་དམིགས་པ་ཅན་ལ་ཡང་མཚུངས་ཏེ། གལ་ཏེ་ངར་འཛིན་པ་འདི་དག་གི་ཡུལ་ཅན་ཉིག་ལ་ན་དེའི་ཚེ་ཇི་ལྟར་དེའི་བདག་ཅེས་སེམས་པར་འགྱུར། ཇི་སྟེ་དངོས་པོ་ཉིད་དུ་ཐ་དད་པ་མེད་ཀྱང་ཐ་དད་པ་གཞན་སྤང་བས ་དེ་ཙམ་ཤེས་པར་འདོད་པའི་ཕྱིར་མཆི་གུའི་ལུས་ཞེས་བྱ་བ་བཞིན་དུ་ཐ་དད་པར་བརྟགས་པས་འཛིན་པས་འགལ་བ་མེད་དོ་ཞེ་ན། དེ་ནི་ལུས་ཀྱི་དམགྲེས་པ་ཅན་ལ་ཡང་མཚུང་སོ།། བདག་གི་ཡུལ་ཅན ་ཡང་རིམ་གྱིས་འབྱུང་བ་དང་འགལ་ཏེ་འོག་ནས་བཤད་དོ།། ངར་འཛིན་པ་ཁོ་ན་ཡང་བདག་མ་ཡིན་ལ་དེའི་ཡུལ་གཟུགས་ལ་སོགས་པ་བདག་ཡིན་ནོ་ཞེས་བརྗོད་པར་ཡང་མི་ནུས་ཏེ། དེ་དག་དེ་དང ་མཚན་ཉིད་མི་འདྲ་བའི་ཕྱིར་རོ།། དེ་དག་ནི་རིམ་ཉིད་དུ་དམིགས་པའི་ཕྱིར་གཅིག་པུའི་ངོ་བོ་འམ་རང་དབང་ཅན་དུ་མེད་དོ།། དེ་ཉིད་ཀྱི་ཕྱིར། བདག་ལྟ་ཉིད་ནི་བདག་གི་མཚན་ཉིད་མིན།། ཉེས་གནས་མི་འདྲ་བས ་ན་མ་ཡིན་ནོ།། ཞེས་བྲ་ཤོད་དོ།། མིང་དུ་འདོགས་ན་ནི་འདོད་པས་འདི་ལ་བཅད་པ་ཊཱི་ཡང་མེད་དོ།། དེ་ལྟ་བས་ནྱ་བདག་སྒྲུབ་པར་བྱེད་པའི་ཚད་མ་ཆུང་ཟད་ཙམ་ཡང་མེད་དོ།། མངོན་སུམ་དྲང་རྗེ་སུ་དཔག་པ་ལས་མ ་གཏོགས་པའི་ཚད་མ་ནི་མེད་དོ་ཞེས་ཕྱོགས་གཞན་དུ་དཔྱད་ཟིན་ཏོ།། གནོད་པ་ཅན་གྱི་ཚད་མ་ཡང་གསལ་བུ་ཁོ་ནརཱ་དོམཱ་གས་ཏེ། འདི་ལྟར་གལ་ཏེ་བདག་ཕུང་པོ་དག་ལས་གཞན་མ་ཡིན་ན་ནི་དེའི་ཚེ་ཕུང་པོ ་བཞིན་དུ་སྐད་ཅིག་པར་འགྱུར་བ་འམ། ཡང་ན་བདག་བཞིན་དུ་ཕུང་པོ་རྟག་པ་དག་ཏུ་འགྱུར་ཏེ། དེ་དང་ཐ་མི་དད་པའི་ཕྱིར་རོ།། ཕུང་པོ་བཞིན་དུ་དུ་མ་ཉིད་དུ་ཐལ་བར་འགྱུར་བ་ཡང་བཟློག་དཀའ་བར་འགྱུར་རོ།། དེ ་བསནྡྷ་བྱུང་པོ་རྣམས་ཁོ་ན་ལྟ་བྱུདྲུག་རྔུས་མྱེང་འདོགས་པ་ཡན་ཏེ། མིང་ལ་ན་བཟད་པ་མེད་དོ།། འོན་ཏེ་ཐུང་པོ་བདག་དང་ཐཱ་དང་པདྨ་འདོད་ན་ན་རྗེའི་ཆ་བུ་ན་ལ་སྔགས་པ་དང་འབྲལ་བམྦྷ། ་བབ་ཟླ་བ་བློ་ལ་སོགས་པར་མི་འགྲུབ་པར་འགྱུར་རོ།། སྦྱོར་བ་ནི་གང་ཞིག་བྱ་བ་དང་བང་བ་དང་སྡུག་བསྔལ་ལ་སོགས་པ་དང་འབྲེལ་པ་མེད་པ་དེ་ནི་བྱུང་བ་པོའམ་ཕྲ་བ་བློ་མ་ཡིན་པ།། གྲོལ་བར་བྱེད་པའམ་ལ ་བར་བྱེད་པ་ཡིན་པར་ཡང་མི་རིགས་ཏེ། དཔེར་ན་མོ་ཤམ་གྱི་བུ་བཞིན་ལ། བདག་ཀྱང་བྱ་བ་ལ་སོགས་པ་དང་འབྲེལ་པ་གང་ཡང་མེད་པས་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པ་ཡི་ནོ།། གཏན་ཚིགས་མ་གྲུབ་པ་ཉིད ་ཀྱང་མ་ཡིན་ཏེ། འདི་ལྟར་དེ་བདེ་བུ་ལ་སོགས་པ་དང་འབྲེལ་པ་ཞིག་ཡིན་ན་གཞི་དང་གནས་བྱའི་མཚན་ཉིད་དམ། ལྡན་པའི་མཚན་ཉིད་དམ། རྒྱུ་དང་འབྲས་བུའི་མཚན་ཉིད་དམ་ཕྱོགས་གསུམ་དུ་འགྱུར་གྲང་ན། ་རོ་ཞིག་ཕྱོགས་དང་པི་ནི་མྱཱ་ཡཱནྡི་ཏེ། ཙི་ཡང་མི་བྱེད་པཱའི་ཕྱིར་རོ།། འདི་ལྟར་འོག་ཏུ་འགྲོ་བའི་ཆོས་ཆུ་ལ་སོགས་པ་ལེ་འོག་ཏུ་འགྲོ་བའི་བགེགས་བྱེད་པས་གཞི་རྣམ་པར་གཞག་ན། བདེ་བ་ལ་སོགས་པ་ལ་ནི ་ལུས་མེད་པས་འོག་ཏུ་འགྲོ་མི་སྲིད་པའི་ཕྱིར་བདོག་ཅི་ཞིག་བྱེད་ན་གཞིར་འགྱུར། གནས་པར་བྱེད་པས་ཀྱང་གཞི་མ་ཡིན་ཏེ། གནས་པ་དང་གནས་པོ་བོ་ཐ་མ་དད་པའི་ཕྱིར་དེ་ཉིད་བྱེད་པར་འགྱུར་ཏེ། དེ་ཡང་དགག་པར ་བྱའོདང་གནས་པ་དང་ཐ་དད་ན་ཡང་དེ་གནས་པ་པོ་དེ་ལ་ཕན་འདོགས་པར་བྱེད་པ་མ་ཡིན་པ་ཉིད་དེ། གནས་པ་དོན་གཞན་དུ་གྱུར་པ་བྱེད་པའི་ཕྱིར་རོ།། དེ་ལ་ནི་གནས་པ་བསྐྱེད་པའི་མཐུ་ཡང་མེད་དེ། ཐམས་ཅད་ལ་མཐུ ་མེད་པར་གསལ་བར་བྱ་བའི་ཕྱིར་རོ།། བདག་ཉིད་ཀྱིས་འགྱུར་བའི་ངོ་བོ་ཉིད་ལ་མི་གནས་པར་བྱེད་པ་གླང་ཡང་མེད་དེ། དྲི་མི་གནས་པའི་ཕྱིར་རོ།། དེ་ལྟ་མ་ཡིན་ན་དེས་དེ་བོ་ཤིག་པ་ཁོ་ནར་འགྱུར་ཏེ། གནས་པར་བྱས ་པ་ནི་མ་ཡིན་ནོ།། མི་འགྱུར་པའི་ངོ་བོ་ཉིད་ལ་ཡང་གནས་པར་བྱེད་པས་ཅི་ཞིག་བྱ་སྟེ། བདག་ཉིད་ཀྱིས་བསྟན་པའི་ངོ་བོ་ཉིད་དུ་གནས་པའི་ཕྱིར་རོ།། དེ་ལྟ་བས་ན་ཅི་ཡང་མི་བྱེད་པའི་ཕྱིར་ལྡན་པའི་འབྲེལ་པ་ཡང་མི ་རུང་སྟེ། ཧ་ཙཱང་ཐལ་བར་འགྱུར་བར་འགྱུར་བའི་ཕྱིར་རོ།། དེ་ལྟ་ན་ནི་ཐམས་ཅད་ཀྱང་ཐམས་ཅད་ཀྱི་ལྡན་པ་ཅན་གྱི་རྒྱུར་འགྱུ་རོ།། དོན་གཞན་དང་དོན་གཞན་དུ་ལྡན་པར་ནི་མི་རིགས་ཏེ། ལྕགས་ཀྱི་ཐུར་མ་བཞིན་དུ་ཐམས ་ཅད་བདག་ཉིད་གནས་པའི་ཕྱིར་རོ།། གཞན་ཡང་གལ་ཏེ་ལྡན་པའི་སྟོབས་ཀྱིས་བདག་བདེ་བ་འམ་སྡུག་བསྔལ་བར་འགྱུར་ན་ནི་དེའི་ཚེ་ལྡན་པ་དེ་གཅིག་པུ་སྟེ། བྱེ་བྲག་མེད་པའི་ཕྱིར་བདེ་བ་ལ་སོགས་པ་སོ་སོར ་ངེས་པའི་བདག་དང་འབྲེལ་པ་ཅན་དུ་མི་འགྱུར་ཏེ། དེའི་ཕྱིར་བདག་གཅིག་པུ་བདེ་བ་ལ་སོགས་པས་ཀྱང་ཐམས་ཅད་བདེ་བ་ཉིད་དམ་སྡུག་བསྔལ་བ་ཉིད་དུ་འགྱུར་རོ།། མི་མཐོང་བའི་སྟོབས་ཀྱིས་ངེས་པར་ཁས་ལེན་ན་ནི། ་དེ་ཁོ་ནས་ངེས་པ་ཡིན་ན་ལྡན་པ་ཡོངས་སུ་བརྟགས་པས་ཅི་ཞིག་བྱ་སྟེ། དེ་ནཱི་གང་དུ་ཡང་མཐུ་མེད་པའི་ཕྱིར་རོ།། འབྲེལ་པ་ཅན་ཐ་དད་པས་ཐ་དད་པར་འདོགས་པ་ལ་ཡང་དོན ་དམ་བྱར་ནི་དངོས་པོ་རྣམས་ཀྱི་རང་བཞིན་ཐ་དད་པ་མེད་ནི། གང་གིས་རང་བཞིན་ཐ་དད་པ་ལ་རག་ལུས་པའི་དོན་བྱུང་བ་ཐ་དད་པར་འགྱུར། དེ་ལྟ་བས་ན་འབྲེལ་པ་འདི་ནི་བློ་གྲོས་ངན་པས་ཡོངསུ་རྟོགས་པ ་ཁྲོ་ནའོ།། རྒྱུ་དང་འབྲས་བུས་འབྲེལ་པ་ཡང་མ་ཡིན་ཏེ། བདེ་བ་ལ་སོགས་པ་རིམ་གྱིས་འབྱུང་བར་སྣང་བའི་ཕྱིར་རོ།། རྒྱུ་མ་ཚང་བ་མེད་པ་ཅན་གྱི་འབྲས་བུ་ནི་རེས་འགའ་འབྱུང་བའམ་མི་འབྱུང་བར་མི ་རིགས་ཏེ། བྱེ་བྲག་མེད་པའི་ཕྱིར་རོ།། གཞན་དག་གིས་བྱེ་བྲག་ཏུ་བྱར་མི་རུང་བ་འམ། མཐུ་རག་མཱ་ལུས་བླ་ཅན་གྱི་བདག་ནི་གང་གིས་ན་ལྷན་ཅིག་བྱེད་པའི་རྒྱུ་ལ་ལྟོས་ནས་རིམ་གྱིས་སྐྱེ་བར་འགྱུར་བ་ལྡན ་ཅིག་བྱེད་པ་ལ་བལྟོས་པ་ནི་མེད་དོ།། དེས་ན་གལ་ཏེ་སྡུག་བསྔལ་སྐྱེད་པའི་རྒྱུ་ཡིན་པས་དེ་བཅིངས་པ་ཡིན་ན་ནི་དེའི་ཚེ་ཐམས་ཅད་དུ་བཅིངས་ནས་རྣམ་པར་གྲོལ་བྱར་མི་འགྱུར་ཏེ། རང་བཞིན་རྣམ་པ་དེ་ལྟ ་བུ་ཡོངས་སུ་མི་གཏོང་ན་ནི་ཕྱིར་རོ།། ཡོངས་སུ་གཏོང་བའི་རྟག་པ་ཉིད་དུ་ག་ལ་འགྱུར། ཅི་སྟེ་སྡུག་བསྔལ་མེད་པའི་གནས་སྐབས་སྐྱེད་པའི་རྒྱུ་ཡིན་པས་གྲོལ་བ་ཡིན་ན་ནི་དེའི་ཚེ་གྲོལ་བ་ཉིད་དུ ་འགྱུར་ཏེ། ནམ་ཡུང་བཅིངས་པར་མི་འགྱུར་ན་དེའི་གཞི་ཅན་གྱི་བཅིངས་པ་དང་གྲོལ་བ་དག་ཏུ་ཇི་ལྟར་རབ་ཏུ་བརྟག། དེ་བཞིན་དུ་གལ་ཏེ་སེམས་པ་ལ་སོགས་པའི་མཚན་ཉིད་བྱེད་པ་འམ་སྐྱེད་ནུས་པ ་བྱེད་པ་པོ་ཡིན་ནུ་ནི་དེའི་ཚེ་ཐམས་ཅད་དུ་བྱེད་པ་པོར་འགྱུར་གྱི་ཟ་བ་པོར་ཇི་ལྟར་འགྱུར་འོན་ཏེ་བདེ་བ་ལ་སོགས་པ་སྐྱེད་པའི་རྒྱུས་ཟབ་པོ་ཡིན་ནུ་ནི་དེའི་ཚེ་ཟ་བ་པོ་ཉིད་དུ་འགྱུར་གྱི་བྱེད་པ་པོར་ཇི་ལྟར་འགྱུར།། ་སླར་སྐྱ་བས་ཡོངས་སུ་བརྟགས་པའི་བདག་བདེ་བ་ལ་སོགས་པས་འགྱུར་བ་མེད་པ་ན་མཁའ་ལྟ་བུ་ཡང་ཟླ་བ་པོར་རིགས་པ་དང་ལྡན་པ་མ་ཡིན་ཏེ་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ།། འགྱུར་ན་ནི་རྟག་པ ་ཉིད་ཉམ་སོ།། རྒྱུ་ཙམ་གྱིས་ནི་བྱེད་པ་པོ་དང་ཟ་བ་པོར་མི་འགྱུར་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ།། དེ་བཞིན་དུ་དྲན་པ་པོ་ལ་སོགས་པ་ཡང་དེའི་གཞི་ཅན་དུ་མི་རུང་ཞེས་སྦྱར་བར་བྱའོ།། དེ་ལྟ་བས་ན་བདག ་མེད་པར་སྨྲ་བའི་ཕྱོགས་ཁོ་ན་ལ་ཐར་པ་དང་བཅིངས་པ་ལ་སོགས་པ་རྣམ་པར་གཞག་པ་རིགས་པ་དང་ལྡན་ཏེ། རྣམ་པར་གཞག་པ་དེ་རྒྱུ་དང་འབྲས་བུའི་བྱེ་བྲག་ཙམ་གྱིས་རབ་ཏུ་ཕྱེ་བའི་ཕྱིར་རོ།། རྒྱུ་དང་འབྲས་བུའི ་དངོས་པོ་དེ་ཡང་མི་རྟག་པ་ཁོ་ན་ལ་སྲིད་ཀྱི་རྟག་པ་རྣམས་ལ་ནི་མ་ཡིན་ཏེ། དེ་དག་ལ་འབྲས་བུ་གང་ལ་ཡང་རིམ་གྱིས་བསྐྱེད་པའི་མཐུ་མེད་དེ། སྔར་ཇི་སྐད་བཤད་པ་བཞིན་ནོ།། ཅིག་ཆར་ཡང་མ་ཡིན་ཏེ། ཡང ་རྣམ་པ་དེ་ལྟ་བུའི་འབྲས་བུ་བསྐྱེད་པའི་མཐུའི་ངོ་བོ་ཉིད་རྗེས་སུ་འབྲང་སྟེ། སྔ་མ་བཞིན་དུ་འབྲས་བུ་བསྐྱེད་པ་དང་འབྲལ་བར་མི་རིགས་པའི་ཕྱིར་རོ།། རྗེས་སུ་མི་འབྲང་ན་ནི་ངོ་བོ་ཉིད ་སྔ་མ་ཉམས་པར་འགྱུར་རོ།། རིམ་དང་ཅིག་ཅར་དག་ལས་མ་གཏོགས་པ་གང་གིས་དོན་བྱེད་པར་འགྱུར་བའི་རྣམ་པ་གཞན་ནི་མེད་དེ། དེ་གཉིས་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པའི་ཕྱིར། ་དེ་ཉིད་ཀྱི་ཕྱིར་སྐད་ཅིག་མ་ཡིན་པ་གང་ཇི་སྙེད་པ་ན་མཁའ་ལ་སོགས་པའི་དངོས་པོ་གཞན་གྱིས་ཡོངས་སུ་བརྟགས་པ་གང་ཡིན་པ་དེ་དག་ཐམས་རང་ནི་དོན་བྱེད་པའི་ནུས་པ་མེད་པའི་ཕྱིར་མེད་པར་ཐ་སྙེད ་གདགས་པའི་ཡུལ་ཡིན་ནོ་ཞེས་མཁས་པ་ཆེན་པོ་སངས་རྒྱས་པ་དག་སྨྲའོ།། རི་བོང་གི་རྭ་ལ་སོགས་པ་ལ་མེད་པར་ཐ་སྙད་འདོགས་པ་ཡང་དོན་བྱེད་པའི་ནུས་པ་མེད་པ་ཙམ་གྱི་རྒྱུའི་ཕྱིར་རོ།། ཤུགས་ཀྱིས་ན ་ཡོད་པར་ཐ་སྙད་གདགས་པ་ནི་དོན་བྱེད་ནུས་པའི་ཡུལ་ཉིད་དེ། ཡོད་པ་དང་མེད་པ་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ།། རྣམ་པ་དེ་ལྟ་བུ་ནུས་པ་ཐམས་ཅད་ཀྱིས་སྟོང་བ་རི་བོང་གི་རྭ་ལ ་སོགས་པ་དང་བྱེ་བྲག་མེད་པ་ལ་ཡང་དངོས་པོ་ཞེས་མིང་དུ་འདོགས་ན་ནི་མིང་ལ་ནི་བརྩད་པ་མེད་དོ།། འོན་ཀྱང་དོན་བྱེད་པར་འདོད་པ་རྟོག་པ་དང་ལྡན་པ་དག་ནི་རྣམ་པ་དེ་ལྟ་བུ་མི་དམིགས་པའི་ངོ་བོ་ཉིད་མོ་ཤམ ་གྱི་བུ་ལ་སོགས་པ་དང་བྱེ་བྲག་མེད་པ་ལ་དངོས་པོར་ཐ་སྙད་འདོགས་པ་རིགས་པ་མ་ཡིན་ནོ་ཞེས་སྨྲའོ།། དེ་ལྟ་བས་ན་གཏན་ཚིགས་མ་གྲུབ་པ་མ་ཡིན་ནོ།། ན་མཁའ་ལ་སོགས་པ་ཡང་བྱེད་པ་པོར་ཐལ་བར ་འགྱུར་བས་མ་ངེས་པ་ཡང་མ་ཡིན་ནོ།། ཕྱོགས་དང་མཐུན་པ་ལ་ཡོད་པས་འགལ་བ་ཡང་མ་ཡིན་ནོ།། བདག་གི་མཚན་ཉིད་གཞན་ཡང་མེད་པས་དེ་ལྟ་བས་ན་མོ་ཤམ་གྱི་བུ་དང་འདྲའོ།། གང་ཟག་དག་ཀྱང ་གལ་ཏེ་འཇིག་ན་ནི་ཕུང་པོ་རྣམས་ཁོ་ནའི་ནང་དུ་འདུས་པར་ཐལ་བར་འགྱུར་ཏེ། ཕུང་པོ་རྣམས་ཀྱིས་འདུས་བྱས་མཐའ་དག་བསྡུས་པའི་ཕྱིར་རོ།། འོན་ཏེ་མི་འཇིག་ན་ནི་དེའི་ཚེ་ཕུང་པོར་གཏོགས་པའི་ཆོས ་རྣམས་དང་མི་འདྲ་བས་དེ་ལས་དོན་གཞན་པ་ཁོ་ནར་འགྱུར་ཏེ། དེའི་ཉེས་པ་ནི་བརྗོད་ཟིན་ཏོ།། དེ་ལྟ་བས་ན་བརྗོད་དུ་མི་རུང་བ་ཞེས་བྱ་བ་དངོས་པོ་ཆུང་ཟད་ཀྱང་མེད་དེ། དེས་ན་ཆོས་ཐམས་ཅད་བདག་མེད་དོ།། ཞེས ་བྱ་བ་བཅོམ་ལྡན་འདས་ཀྱི་སེང་གེའི་སྒྲ་ནི་མུ་སྟེགས་བྱེད་གླང་པོ་ཆེའི་ཁྱུ་མཐའ་དགྲ་སྐྲག་པར་མཛད་ཅིང་རྫི་བ་མེད་པ་ཡིན་པས་མང་དུ་མི་དགོསོ།། ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བའི་དབང་དུ་མཛད་ནས། ཡང་ཞེས ་བྱ་བ་ལ་སོགས་པ་གསུངས་སོ།། དེ་ཡང་སྤྱིར་བཏང་བ་དང་དམིགས་ཀྱིས་བསལ་བའི་རང་བཞིན་ཚིག་གཉིས་ཀྱི་རང་བཞིན་དུ་བལྟ་བར་བྱ་སྟེ། བྱང་ཆུབ་སེམས་དཔའ་སྦྱིན་པ་སྦྱིན་པར་ནི་བྱ་མོད་ཀྱི་དངོས་པོ་ལ ་གནས་པར་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། སྦྱིན་པ་ཞེས་བྱ་བ་འདིས་ནི་སྦྱིན་པ་རྣམ་པ་གསུམ་གྷི་དབང་དུ་མཛད་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ཆུར་བསྟན་གྱི་སྦྱིན་པ་འབའ་ཞིག་ནི ་མ་ཡིན་ནོ།། དེ་ལ་ཟང་ཟིང་སྦྱིན་པས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ།། མི་འ་ཇིགས་པ་སྦྱིན་པས་ནི་ཚུལ་ཁྲིམས་དང་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ།། ཆོས་སྦྱིན་པས་ནི་བརྩོན་འགྲུས་དང་། བསམ་གཏན་དང་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ཏེ། བརྩོན་འགྲུས་མེད་ན་ཆོས་གཟུང་བ་དང་བསྟན་པ་ལ་ཡོངས་སུ་བསྟན་པ་ལ་ཡོངས་སུ་སྐྱོ་སྟེ་ཆོས་མི་སྟོན་པར་འགྱུར་རོ།། བསམ་གཏན་མེད་ན་དད་པ་ལས་ལྷག་པར་བྱ་བ་འདོད་པས ་ཉོན་མོངས་པ་ཅན་གྱིས་སྟོན་པར་འགྱུར་རོ།། ཤེས་རབ་མེད་ན་ཕྱིན་ཅི་ལོག་ཏུ་སྟོན་པར་འགྱུ་རོ།། དྲེ་བས་ན་སུམ་ཆར་མེད་ནི་ཆོས་སྦྱིན་པ་འགྲུབ་པར་མི་འགྱུར་རོ།། གཞན་དག་ནི་བརྩོན་འགྲུས་ཀུན་དུ་འགྲོའོ་ཞེས་འཆད་དོ།། ། ་སྦྱིན་པ་སྦྱིན་པར་བྱའོ་ཞེས་བྱ་བ་འདིས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ལ་འདུན་པ་དང་སྨོན་ལམ་གྱིས་ཇི་ལྟར་གནས་པར་བྱ་བ་དེ་བསྟན་ཏོ།། དངོས་པོ་ལ་མི་གནས་པར་ཞེས་བྱ་བ་ལ་སོགས་པས་ནི་འདི་ལ་རྣལ་འབྱོར་ལ ་སྙོམས་པར་འཇུག་པས་ཇི་ལྟར་བསྒྲུབ་པར་བྱ་བ་དེ་བསྟན་ཏོ།། བྱང་ཆུབ་སེམས་དཔས་དེ་ལྟར་སྦྱིན་པ་སྦྱིན་པར་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པར་གཡེང་བ་ཚར་གཅད་ནས་ཇི་ལྟར་སེམས་རབ་ཏུ་གཟུང་བར་བྱ་བ་དེ ་བསྟན་ཏོ།། དེ་ལ་དངོས་པོ་ལ་མི་གནས་པས་ནི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བའི་ཇི་ལྟ་བ་བཞིན་དུ་ཡོད་པ་སྟོན་ཏོ།། སྦྱིན་པར་བྱ་བ་དང་། སྦྱིན་པ་པོ་དང་། ལེན་པ་པོ་ལ་སོགས་པའི་དངོས་པོ་ལ་དེ་ཁོ་ནར་མངོན་པར་ཞེན་པ ་དེ་ནི་གནས་པའོ་ཞེས་བྱང་ཆུབ་སེམས་དཔའ་དངོས་པོ་ལ་མངོན་པར་ཞེན་ནས་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་ན་ལོག་པར་སྦྱོར་བར་འགྱུར་ཏེ། དོན་དམ་པར་ན་གང་ལ་མངོན་པར་ཞེན་པ་བདེན་པར་འགྱུར་བའི་དངོས་པོ་ཅི ་ཡང་མེད་པས་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པའི་ཕྱིར་རོ།། དེ་སྒྲུབ་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་ད་།། གནོད་པ་ཅན་ཡོད་པའི་ཡང་ཕྱིར་ཏེ། འདི་ལྟར་གཞན་དག་གིས་དོན་གྱི་དངོས་པོ་གང་རྣམ་པར་ཤེས་པ་དང་ཐཱ་དང ་བཔ་དོན་དམ་པ་པར་འདོད་པ་དེ་ནི་རེ་ཞིག་མངོན་སུམ་དུ་མི་འགྲུབ་སྟེ། དོན་གཞན་ལྔ་ཤེས་པས་འཛིན་པ་མི་རིགས་པའི་ཕྱིར་རོ།། དོན་ལ་ཤེས་པས་འཛིན་ན་རྣམ་པ་དང་བཅས་པའམ། རྣམ་པ་མེད་པ་འམ། གཞན་གྱི་རྣམ ་པ་འམ་ཕྱོགས་གསུམ་ཞིག་ཏུ་འགྱུར་གྲང་ན། རེ་ཞིག་རྣམ་པ་དང་བཅས་པས་ནི་མ་ཡིན་ཏེ། རི་མོའི་གདིང་བ་ལ་སོགས་པ་མཐོང་བའི་ཚེ་ཤེས་པ་གཅིག་པ་དང་ཐ་མི་དྲད་པས་རྣམ་པ་རྣམས་ཀྱང་གཅིགུ་པུའི་ངོ་བོར་ཐལ ་བར་འགྱུར་བ་འམ། ཤེས་པ་ཡང་རྣམ་པ་རྣམས་དང་ཐ་མི་དད་པས་རྣམ་པའི་ངོ་བོ་བཞིན་དུ་དུ་མའི་བདག་ཉིད་དུ་ཐལ་བར་འགྱུར་རོ།། དུ་མ་ཉིད་དུ་ཡང་རིགས་པ་མ་ཡིན་ཏེ་རྡུལ་ཕྲ་རབ་གཅིག་ཙམ་འཛིན་པའི་ཤེས་པ ་ཉམས་སུ་མྱོང་བ་མེད་པའི་ཕྱིར་ཤེས་པ་གཅིག་མི་འགྲུབ་བོ།། དེ་མ་གྲུབ་ན་དུ་མ་ཡང་མི་འགྲུབ་སྟེ། དུ་མ་ནི་གཅིག་འདུས་པའི་ངོ་བོ་ཡིན་པའི་ཕྱིར་རོ།། ཤེས་པ་རྣམས་ནི་ལུས་མེད་པའི་ཕྱིར་གང ་གིས་ན་རི་མོའི་རྣམ་པ་ཉིད་གཞུང་གཟུགས་པའི་དོན་དུ་ཤེས་པ་དུ་མ་སྐྱེ་བར་རྟོག་པ་ལེགས་པར་འགྱུར་བ་ཤེས་པ་ཡུལ་ལ་ཁེབས་པར་གནས་པས་ཡོངས་སུ་འཛིན་པར་སྐྱེ་བ་ཡང་མི་སྲིད་དོ།། གཞན་ཡང་བདག་ཉིད་ཐམས་ཅད ་དུམ་ཕྱོགས་གཅིག་འདྲ་བར་འགྱུར་གླང་ན། རེ་ཞིག་བདག་ཉིད་ཐམས་ཅད་དུ་ནི་མ་ཡིན་ཏེ། དོན་བཞིན་དུ་ཤེས་པ་བེམས་པོའི་ངོ་བོར་འགྱུར་བའི་ཕྱིར་རོ།། ཆུ་ཤས་ཀྱིས་ཀྱང་མ་ཡིན་ཏེ། གཅིག་པུ་ལ་ཆ་ཤས་མེད་པའི་ཕྱིར་རོ།། ། ་ལྡོག་པའི་བྱེ་བྲག་གི་ཆ་ཤས་སུ་ཡོངསུ་བརྟག་ན་ཡང་དངོས་པོ་ལ་སོགས་པ་ཆོས་འདྲ་བ་ཐམས་ཅད་ལ་ཡོད་པས་ཐམས་ཅད་ཀྱིས་ཐམས་ཅད་ལ་རླིག་པར་འགྱུར་རོ།། དོན་ཏེ་དེ་ལས་སྐྱེས་པ་དང་འདྲ་བ་གཉིས་ཀྱིས་རིག ་པར་འཇོག་ན་ནི་དེ་མ་ཐག་པའི་རྐྱེན་དོན་མཐུན་པ་ཡང་འཛིན་པར་ཐལ་བར་འགྱུར་རོ།། འདྲ་བ་ཡོད་དུ་ཆུག་ཀྱང་དྲོན་དམ་པར་ཕྱི་རོལ་གྱི་དོན་མངོན་སུམ་དུ་མི་འགྲུབ་སྟེ། ཤེས་པས་སྔོན་པོ་ལ་སོགས་པའི་རྣམ་པ་བདག་ལ་ཡོད ་པ་རིག་པའི་ཕྱིར་རོ།། གང་གིས་དོན་ཡང་མངོན་སུམ་དུ་འགྱུར་བ་སྔོན་པོ་ལ་སོགས་པའི་རྣམ་པར་རིག་པ་གཉིས་པ་ནི་མེད་དོ།། གལ་ཏེ་གང་དེའི་རྣམ་པར་ཤེས་པ་དེ་ཉིད་དོན་འཛིན་པ་ཡིན་ནོ་ཞེ་ན། བརྟགས་པའི་སྒོ་ནས་ནི་ཡིན ་གྱི་དོན་དམ་པར་དེ་རིག་པ་ནི་མེད། བདག་ལ་ཡོད་པའི་རྣམ་པ་ཉིད་རིག་པའི་ཕྱིར་རོ།། དོན་ཤིན་ཏུ་ལྐོག་ཏུ་གྱུར་པའི་ཤེས་པ་དེའི་རྣམ་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ག་ལ་ཡོད། རྒྱུ་ནི་ངེས་པར་བདག་གི་ངོ་བོ་བསྐྲུན་པ་ཁོ ་ནས་སྐྱེད་པར་བྱེད་པ་ཉིད་དུ་གྲུབ་པ་མེད་དེ་འཁྲུལ་པ་སྣང་བའི་ཕྱིར་རོ།། རྡུལ་ཕྲ་རབ་རྣམས་ནི་རགས་པར་སྣང་བའི་ཤེས་པའི་ཡུལ་མ་ཡིན་ཏེ། དེ་དག་ཕྲ་བོའི་ཕྱིར་རོ།། དེ་དགྲ་འདུས་པ་ཡང་མ་ཡིན་ཏེ། དེ་དག་ལས་དོན ་གཞན་མ་ཡིན་པའི་ཕྱིརརོ།། རྣམ་པར་རྟོག་པའི་ཡུལ་ཡང་དངོས་པོ་མེད་པའི་ཕྱིར་རོ།། འདུས་པ་དོན་གཞན་ན་ནི་ཕྱོགས་ཐ་དད་པར་སྣང་བའི་ཕྱིར་དང་། བསྒྲིབས་པ་དང་མ་བསྒྲིབས་པ་ཆོས་མི་མཐུན་པ་དང་ལྡན་པའི་ཕྱིར ་གཅིག་པུར་མི་རིགས་སོ།། འདུས་པ་དུ་མ་ཡིན་ན་ཡང་རྡུལ་ཕྲ་རབ་དེ་དག་ཉིད་ཡིན་པར་འགྱུར་གྱི། དེ་དོན་གཞན་པ་ནི་མ་ཡིན་ནི།། རྣམ་པ་མེད་པ་ཞེས་བྱ་བའི་ཕྱོགས་ཀྱང་མ་ཡིན་ཏེ། དེ་སྔོན་པོ་ལ་སོགས་པ་ལ་ཅི ་ཡང་མི་བྱེད་པའི་ཕྱིར་རོ།། ཡིད་པ་ཙམ་གྱིས་རིག་ན་ནི་ཤེས་པ་ཐམས་ཅད་ཀྱིས་ཐམས་ཅད་རླིག་པར་འགྱུར་ཏེ། ཐམས་ཅད་ལ་བྱེ་བྲག་མེད་པའི་ཕྱིར་རོ།། དེ་བས་ན་འདི་ནི་སྔོན་པོ་རིག་པ་ཡིན་གྱི་སེར་པོ་ནི་མ་ཡིན། ་ཞེས་རྣམ་པར་བཞག་པར་མི་འགྱུར་ཏེ། རྣམ་པར་བཞག་པའི་རྒྱུའི་བྱེ་བྲག་གང་ཡང་མེད་པའི་ཕྱིར་རོ།། བྱེ་བྲག་གཅིག་ཁས་ལེན་ན་ནི་དེ་ཉིད་རྣམ་པ་དང་བཅས་པར་ཁས་བླངས་པར་འགྱུར་ཏེ། རྟོགས་པའི་ངོ་བོ་ཙམ་དུ ་བྱེ་བྲག་མེད་པའི་ཤེས་པའི་བདག་ཉིད་ལ་ནི་རྣམ་པ་མ་གཏོགས་པར་ཐ་དད་པ་གཞན་མེད་དོ།། གཞན་གྱི་རྣམ་པ་ཞེས་བྱ་བའི་ཕྱོགས་ཀྱང་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་པའི ་ཕྱིར་རོ།། དེ་ལྟ་ན་ནི་རྣམ་པའི་རྣམ་པར་ཤེས་པ་ཡང་གཟུགས་ཀྱི་ཡུལ་ཅན་དུ་བརྟག་པར་བྱ་བར་འགྱུར་རོ།། དེ་ལྟ་བས་ན་དོན་མངོན་སུམ་དུ་འགྲུའོ།། རྗེསུ་དཔོག་པས་ཀྱང་མ་ཡིན་ཏེ། མངོན་སུམ་དུ་མ་གྱུར་པའི ་དོན་དེ་དང་ཤེས་པ་ལ་སོགས་པ་རྟགས་གང་དང་ཡང་ལྷན་ཅིག་འབྲེལ་པར་མ་གྲུབ་པའི་ཕྱིར་རོ།། ཤེས་པ་འབྲས་བུ་དང་ཐ་དད་པ་ཞིག་སྤྱིར་རྒྱུ་ཙམ་དུ་རྗེས་སུ་དཔོག་ན་ནི་འདྲོད་པ་མི་འགྲུབ་སྟེ། རྒྱུ་གཞན་དེ་མ་ཐག ་པའི་རྐྱེན་གཞན་ཡང་ཡོད་པའི་ཕྱིར་རོ།། ཚད་མ་གཞན་ཡང་མེད་དོ།། དེ་བྱས་ན་རེ་ཞིག་ཕྱི་རོལ་གྱི་དོནི་མི་འགྲུབ་བོ།། ཤེས་པའི་བདག་ཉིད་དོན་དམ་པ་ཡང་མངོན་སུམ་དུ་མི་འགྲུབ་སྟེ་གཉི་སུ་མེད་པའི་བདག་ཉིད་སོ།། ་སོར་རིག་པ་མེད་པའི་ཕྱིར་རོ།། དེ་ལ་མ་ཡིན་ན་ནི་ཐམས་ཅད་དེ་ཁོ་ན་མཐོང་བར་མི་འགྱུར་རོ།། རྗེས་སུ་དཔག་པས་ཀྱང་མ་ཡིན་ཏེ། རྣམ་པ་དེ་ལྟ་བུ་དང་རྟགས་གྲང་ཡང་ལྷན་ཅིག་འབྲེལ་པར་མ་གྲུབ་པའི་ཕྱིར་རོ།། ་གལ་ཏེ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་ཇི་ལྟར་འགྱུར་ཞེ་ན། མ་ཡིན་ཏེ། ཁྱོད་ཀྱི་ལྟར་ན་དེ་གཉིས་དང་དེ་གང་དུ་ཡང་འབྲེལ་པར་མ་གྲུབ་པའི་ཕྱིར་རོ།། དེ་གཉིས་ནི་དོན་དམ་པ་པའི་དངོས་པོ་དང ་གྲང་དུ་ཡང་འབྲེལ་པར་མ་གྲུབ་པའི་ཕྱིར་རོ།། དེ་ལུས་སྐྱེས་པའི་མཚན་ཉིད་ཀྱིས་འབྲེལ་པར་མ་གྲུབ་སྟེ། དེ་ནི་ཐམས་ཅད་དུ་ལྐོག་ཏུ་གྱུར་པའི་ཕྱིར་རོ།། ལྐོག་ཏུ་གྱུར་པ་དང་། འབྲེལ་པ་ནི་ཚུ་རོལ་མཐོང་བ་གུང ་གིས་ཀྱང་གཟུང་བར་མི་ནུས་སོ།། གངྒ་གི་ཚེ་མ་རིག་པ་ལྔ་སོགས་ཕྲ་མ་བརྟགས་ན་དགའ་བ་ཡང་ཀུན་ནས་ཉོན་མོངས་པའི་རྩཝ་བྱར་འགལ་བ་མེད་ལ། མ་རིག་པ་ལ་སོགས་པ་བརྟགས་ན་དགའ་བ་ལ་ལོག ་ན་རྣམ་པར་བྱང་བ་དེ་དང་མི་མཐུན་པའི་གནས་འབྱུང་བའི་མཚན་ཉིད་མ་བརྟགས་གཅིག་པུ་ན་དགལ་བ་ཡང་འཐད་པ་དེའི་ཚེ་དོན་དམ་པར་དངོས་པོ་མེད་བྱས་དེ་གཉིས་ཀྱང་མེད་པར་ཇི་ལྟར་ཐལ་བར་འགྱུར། ་གང་ཞིག་དེ་གཉིས་གཅིག་ཏུ་ངེས་པ་རྒྱུ་མེད་པར་ཁས་ལེན་པ་དེ་ལ་ཐལ་བ་འདི་འབྱུང་གི། ཀུན་རྫོབ་ཏུ་རྟེན་ཅིང་འབྲེལ་པར་འབྱུང་བར་སྨྲ་བ་ལ་ནི་མ་ཡིན་ནོ།། དེ་ལྟ་བས་ན་དོན་དམ་པའི་དངོས་པོའི་རང་བཞིན ་སྒྲུབ་པར་བྱེད་པའི་ཚད་མུ་ནི་ཅུང་ཟད་ཀྱང་མེདོ།། གནོད་པ་ཅན་ནི་ཡོད་པ་ཉིད་དེ་འདི་ལྟར་གང་གཅིག་དང་དུ་མུའི་ངོ་བོ་ཉིད་དང་བྲལྔ་བ་དེ་ནི་དོན་དམ་པར་ངོ་བོ་ཉིད་མེད་དེ། དཔེར་ན་ན་མཁའི་པདྨ་ཇི་ལྟ་བ་བཞིན་ལ།། ་གཞན་དག་གིས་འདོད་པ་ཤེས་པ་དང་ཤེས་བྱའི་བདག་ཉིད་དངོས་པོའི་རྣམ་པ་ཐམས་ཅད་ཀྱང་གཅིག་དང་དུ་མའི་རང་བཞིན་གྱིས་སྟོང་པ་ཞེས་བྱ་བ་ནི་དོན་གྱིས་ན་ཁྱབ་པར་བྱེད་པ་མི་དམིགས་པ་ཡིན་ཏེ། ་གཅིག་དང་དུ་མ་དྲུག་གིས་ནི་ངོ་བོ་ཉིད་ལ་ཁྱབ་པའི་ཕྱིར་རོ།། དེ་གཉིས་ཀྱང་དེ་ལ་མེད་དེ། འདི་ལྟར་རེ་ཞིག་གང་གཟུགས་ལ་སོགས་པའི་སྐྱེ་མཆེད་ཕྱི་རོལ་གྱི་དངོས་པོ་དེ་ནི ་གཅིག་པུ་མ་ཡིན་ཏེ། བསྒྲིབས་པ་དང་མ་བསྒྲིབས་པ་ལ་སོགས་པ་ཆོས་འགལོ་བཱ་དམིགས་པའི་ཕྱིར་རོ།། ཆོས་འགལ་བ་དང་ལྡན་པ་བཞིན་དུ་ཡང་གཅིག་པ་ཉིད་ཡིན་ན་ནི་ཐམས་ཅད་ཀྱང་རྫས་གཅིག ་ཏུ་འགྱུར་ཏེ། དེའི་ཕྱིར་ལྷན་ཅིག་འབྱུང་བ་དང་འཇིག་པར་འགྱུར་རོ།། དུ་མ་ཡང་མ་ཡིན་ཏེ། འདི་ལྟར་དུ་མར་བཤིག་ན་རྡུལ་ཕྲ་རབ་ཏུ་ཐ་དད་པར་འགྱུར་ལ། རྡུལ་ཕྲ་རབ་རྣམས་ཀྱང་ཆ་ཤས་མེད་པའི་ཕྱིར་ཕ ་རོལ་དང་ཆུ་རོལ་ནོ་གནས་པ་ནི་མེད་དེ་སེམས་དང་སེམས་ལས་བྱུང་བ་བཞིན་ནོ།། དེའི་ཕྱོགས་ལ་ཁྱབ་པར་གྲནས་པར་སྣང་བར་ཡང་མི་འགྱུར་བྱ་ཞིག་ནི་འགྱུར་ཏེ། དེ་བསྨཱ་ན་ཕྱོགས་ཆ་ཐ་ད་པར་ཁྲུས ་བླང་བྷུརྱཱ་བྷེའོ།། དེ་ཁས་ལེན་ན་ནི་གཅིག་པཱར་ཇི་ལྟར་འགྱུར། དཱི་ལཱ་བསྠཱ་ན་དེ་ལྟར་རེ་ཞིག་ཕྱི་རོལ་གྱི་དོན་གཅིག་དང་དུ་མའི་རང་བཞིན་དྲང་བྲལ་བ་ཉིད་དུ་གྲུ་བོ།། སྔོན་པོ་ལ་སོགསོ་པར་སྣང་བའི་ཤེས་པ ་ཡིང་རི་མོའི་རྣམ་པ་འཛིན་པར་སྣང་བའི་ཕྱིར་གཅིག་པུའི་ངོ་བོ་ཉིད་མ་ཡིན་ཏེ། ཐ་དད་པའི་རྒྱུད་ལ་ཡོད་པའི་རྣམ་པར་ཤེས་པའི་སྐད་ཅིག་མེ་དུ་མ་བཞིན་ནོ།། དུ་མ་རྣམ་གྲངས་བཞིན་དུ་རྣམ་པར་ཤེས་པ ་ཅིག་ཅར་འབྱུང་ངོ་ཞེས་བརྗོད་དུ་ཡང་མི་རུང་སྟེ། ཆ་ཤས་མེད་པ་དང་ལུས་མེད་པ་རྣམས་ལ་ནི་ཚུ་རོལ་དང་ཕ་རོལ་ན་གནས་པ་མི་རིགས་པའི་ཕྱིར་རོ།། དེ་ལྟར་གནས་པ་མེད་ན་ནི། དེ་ལྟར་སྣང་བར་མི་འགྱུར ་རོ།། འོན་ཏེ་རྣམ་པར་ཤེས་པ་ནི་གཅིག་བུ་ཁོ་ན་ཡིན་ལ། རྣམ་པ་བརྫུན་པ་རྣམས་དེ་ལ་སྣང་བྲས་སྣ་ཚོགས་ཀྱི་སྐྱོན་དུ་མི་འགྱུར་རོ་ཞེ་ན། གལ་ཏེ་དེ་ལྟ་ན་གོ་བརྫུན་པ་དེ་དག་ཇི་ལྟར་དེ་ལ་སྣང་བར་འགྱུར། ་སྣང་ཞེས་བྱ་བ་ནི་གསལ་བའི་བདག་ཉིད་ལ་བྱ་སྟེ། དེ་ནི་ཤེས་པའི་བདག་ཉིད་དུ་གཏོགས་པའི་ཆོས་ཡིན་ན་བརྫུན་པ་རི་བོང་གི་རྭ་ལ་སོགས་པ་དང་འདྲ་བར་ཤིན་ཏུ་མེད་ན་གོ་སྣང་བར་ཇི་ལྟར་འགྱུར། དེ་ལྟ ་བཱས་ན་གསལ་བའི་བདག་ཉིད་ཀྱི་རྣམ་པ་རྣམས་བརྫུན་པ་ཉིད་དུ་ཁས་ལེན་ན་ཁྱོད་ཀྱི་བདེན་པར་འགྱུར་པ་གང་ཡིན་པཱ་ཤེས་པའི་ངོ་བོ་གཞན་ཅི་ཞིག་ལུས་ཏེ། རྣམ་པར་ཤེས་པ་ཡང་གསལ་བའི་བདག ་ཉིད་ཀྱི་མཚན་ཉིད་ཡིན་པའི་ཕྱིར་ལ། སྔོན་པོ་ལ་སོགསྡུ་པ་ཡང་བདག་ཉིད་ཀྱིས་སྣང་བས་གསལ་བའི་བདག་ཉིད་ཡིན་པའི་ཕྱིར་རོ།། སྔོན་པོ་ལ་སོགས་པའི་རང་གི་ངོ་བོ་དང་ཐ་ད་བུ་གཞན་བདེན་པར ་འགྱུར་བ་གང་ཡིན་པ་གསལ་བའི་བདག་ཉིད་ཅེས་བྱ་བ་ཅི་ཡང་ཡོད་པ་མ་ཡིན་ཏེ། གཞན་རྣམ་པར་བཅད་པ་ལ་བལྟོས་ནས་བྱེ་བྲག་རྣམས་ཁོ་ན་ལ་སྤྱིར་ཐ་སྙད་འདོགས་པའི་ཕྱིར་རོ།། བྱེ་བྲག་རྣམས ་བརྫུན་ནཱ་ནི་ཐམས་ཅད་ཀྱང་བརྫུན་པར་ཤིན་ཏུ་གསལ་བར་འགྱུར་ཏེ། རྣམ་པར་ཡོད་པ་མ་ཡིན་པ་རྣམས་ནི་བདེན་པའི་ངོ་བོའི་ཤེས་པའི་བདག་ཉིད་དེ་ལ་གླང་གིས་ན་དེ་ལ་ངེས་པར ་སྣང་བར་འགྱུར་བ་དེའི་བདག་ཉིད་ཀྱི་མཚན་ཉིད་དམ། དེ་ལས་བྱུང་བའི་མཚན་ཉིད་ཀྱིས་འབྲེལ་པ་ཡང་མེད་དོ།། འབྲེལ་པ་མེད་ན་ནི་སྣང་བར་མི་རིགས་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིརརོ།། དེ་བས་ན་གཏན ་ཚིགས་མ་གྲུབ་པ་ཡང་མ་ཡིན་ནོ།། དངོས་པོའི་རྣམ་པ་གཞན་མེད་པའི་ཕྱིར་མ་ངེས་པ་ཡང་མ་ཡིན་ནོ།། མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་འགྲལ་བ་ཡང་མ་ཡིན་ནོ།། དེ་ལྟ་བྱས་ན་དངོས་པོ་རྣམས་ཇི་ལྟར ་ཇི་ལྟར་རྣམ་པར་བརྟགས་པ་དྲ་ལྟ་དེ་ལྟར་འབྲེལ་ལོ།། དེ་ཉིད་ཀྱི་ཕྱིར། དངོས་རྣམས་ཇི་ལྟར་རྣམ་བརྟགས་ན།། བདེན་པར་དེ་ཡི་ངོ་བོ་མེད།། འདི་ལྟར་དེ་དག་གཅིག་པུ་དང་།། དུ་མའི་ངོ་བོར་ཡོད་མ་ཡིན།། ཞེས ་བཤད་དོ།། བཅོམ་ལྡན་འདས་ཀྱིས་ཀྱང་འཕགས་པ་ལུང་ཀུཪྵ་གཤེགས་པ་ལས། ཇི་ལྟར་གཟུགས་རྣམས་མེ་ལོང་ལ།། གཅིག་དང་གཞན་ཡང་རྣམ་སྤངས་པར།། སྣང་ཡང་མེདྲེ་ན་ཡོད་མུ་ཡིན།། དེ་ལྟར་དངོས ་པོའི་ངོ་བོ་ཉིད།། བློ་ཡིས་རྣམ་པར་གཞིགས་ན་གོ།། ངོ་བོ་ཉིད་ནི་གཟུང་དུ་མེད།། དེ་ཕྱིར་དེ་དག་བརྗིད་མེད་ཅིང་།། ངོ་བོ་ཉིད་ཀྱང་མེད་པར་བཤད་ཅེས་གསུང་སོ།། དེ་བཞིན་དུ་འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས ་ཀྱང་། དཔེར་ན་ཆུ་ཤིང་རློན་པའི་སྡོང་པོ་ལ།། སྙིང་པོ་འདོད་མིས་རིམ་པར་བཤིག་བྱས་ཀྱང་།། ཕྱི་དང་ནང་ན་སྙིང་པོ་ཡོད་མིན་པ།། དེ་ལྟར་ཆོས་རྣམས་ཐད་ཤེས་པར་གྱིས་ཞེས་གསུངསོ།། དེ་ལྟ་བས་ན་དངོས་པོ ་ཐམས་ཅད་སྒྱུ་མ་བཞིན་དུ་མ་བརྟགས་ན་དགའ་བ་ཡིན་པས་དེ་ལྟར་མངོན་པར་མ་ཞེན་པར་སྦྱིན་པ་སྦྱིན་པར་བྱའོ།། དངོས་པོ་ལ་གནས་པས་ནི་མ་ཡིནོ་ཞེས་བྱ་བའི་དོན་འདི་འདིར་རིགས་པ་དང་ལྡན་ཡིན་ནོ།། ་དེ་ལྟར་ན་སྦྱིན་པ་ལ་སོགས་པ་ལ་སྦྱོར་བ་ཇི་ལྟ་བ་བཞིན་དུ་ཡོད་པ་ཡོངས་སུ་བསྟན་པ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ།། གལ་ཏེ་དོན་དམ་པར་དངོས་པོ་ཅི་ཡང་མེད་པས་དངོས་པོ་ལ་གནས་པས་སྦྱིན་པ་སྦྱིན་པར ་མི་བྱ་ན་དངོས་པོ་མེད་པ་ལ་མངོན་པ་རོ་ཞེན་པས་སྦྱིན་པར་བྱ་བྱ་ལྟ་ཞིག་སྙམ་པ་ལས། ཅི་ལ་ཡང་མ་གནས་པར་ཞེས་བྱ་བ་གསུངསོ།། བྱང་ཆུབ་སེམས་དཔས་དངོས་པོ་མེད་པར་རྣམ་པར་རྣམ་པར་རྟོག་པ་ཡོད་སྤང ་བར་བྱ་སྟེ། དེ་ནི་དངོས་པོར་འཛིན་པ་མེད་ན་མེད་པའི་ཕྱིར་རོ།། ཀུན་རྫོབ་ཏུ་ནི་སྦྱིན་པར་བྱ་བ་དང་། སྦྱིན་པ་པོ་ལྔ་སོགས་པ་ཡོད་དེ། དེའི་ཕྱིར་དངོས་པོ་མེད་པ་ལ་མངོན་པར་ཞེན་པ་ཡང་མི་རིགས་པར་དགོངས་པའོ།། གཟུགས ་ལ་མི་གནས་པར་ཞེས་བྱ་བ་ལ་སོགས་པས་ནི་བྱང་ཆུབ་སེམས་དཔས་གང་ལ་མི་གནས་པར་སྦྱིན་པ་སྦྱིན་པར་བྱ་བ་དེ་ཉིད་རྒྱས་པར་སྟོན་ཏོ།། ཆོས་ཞེས་བྱ་བའི་སྒྲས་ནི་ཆོས་ཀྱི་སྐྱེ་མཆེད་ཡོངསུ་གཟུང་ངོ་།། སྐྱེ་མཆེད ་འདིས་ནི་སྤྲོས་ཏེ་མཚོན་པ་ཡིན་པས་ངེས་ན་མིག་ལ་སོགས་པ་ནང་གྱི་སྐྱེ་མཆེད་རྣམས་མ་སྨོས་སོ།། མི་སྐྱེ་བ་ལ་སོགས་པར་རྣམ་པར་རྟོག་པ་ཡང་མི་བྱའོ།། ཞེས་བསྟུན་པའི ་ཕྱིར་རབ་འབྱོར་ཅི་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཚན་མ་ནི་དངོས་པོའི་རང་གི་མཚོན་པ་སྟེ་རྟག་སོ།། དེ་ཡང་མ་སྐྱེས་པ་ལ་སོགས་པའོ།། དེ་ལ་རྟོག་པ་ནི་འདུ་ཤེས་སོ།། དེ་ལ་རྣམ་པར་མི་རྟོག་པ་ནི ་དོ་ལ་མི་གནས་པའོ།། དེས་ནི་ཙི་ལྔ་ཡང་མི་གནས་པར་ཞེས་བྱ་བ་དེ་བསྟན་ཏོ།། ཡང་ན་འདི་མཐའ་དག་གིས་འདིའི་ཟབ་པ་ཡང་བསྟན་ལ། སྒྲོ་བཏགས་པ་དང་སྐུར་པ་འདེབས་པའི་མཐའ་དགག་པ་ཡང་བསྟན་ཏོ།། ་དམིགས་པ་ཅན་རྣམས་ལྟ་བ་འདི་ལ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱ་བར་རུང་བ་དཀའ་སྟེ། འདི་ལྟར་མཆོད་པ་དྲང་ཕན་གདགས་པར་འདོད་པས་གང་བྱིན་པ་དེ་ཤིན་ཏུ་དང་བ ་སྐྱེད་ཀྱི། སྦྱིན་པར་བྱ་བ་དང་། སྦྱིན་པ་པོ་དང་། ལེན་པ་པོ་མི་དམིགས་པ་ལ་གནས་པས་ནི་མ་ཡིན་ནོ།། འདི་ལྟར་མེད་པའི་ཕྱིར་སྦྱིན་པར་བྱ་བ་ལ་སོགས་པ་མི་དེ་མིགས་སམ་འོན་ཏེ་ཡུལ་མེད་པའི་ཕྱིར ་ཕྱོགས་དང་པོ་ནི་སུས་ཅི་ཡང་བྱིན་པ་མེད་པས་བསོད་ནམས་མེད་པར་ཐལ་བར་འགྱུར་རོ།། སེམས་ཅན་དག་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་གྱི་དོན་གྱི་ཕྱིར་ཡོངས་སུ་ངལ་བར་བྱས་པ་དེ ་ཡང་དོན་མེད་པར་འགྱུར་ཏེ། དེ་ལྟ་བས་ན་མེད་པ་ཁྲོ་ན་མ་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་སྦྱིན་པར་བྱ་བ་ལ་སོགས་པའི་དངོས་པོ་གཟིགས་པས་ཡུལ་མ་ཡིན་པ་ཡང་མ་ཡིན་ནོ།། དེ་ལྟ་མ་ཡིན་ན་འདོད་པ་རྣམས ་ལ་བཅོམ་ལྡན་འདས་ཀྱིས་སྲས་ལ་སོགས་པ་ཇི་ལྟར་ཡོངས་སུ་བཏང་བར་འགྱུར་ཞེས་རྒོལ་བར་བྱེད་པ་དེ་མཐའ་དག་སེམས་ལ་གཞུག་ནས། དེ་ཅིའི་སླད་དུ་ཞེས་ཞུས་པ་དང་ལན་དུ། རབ་འབྱོར་བྱང་ཆུབ་སེམས ་དཔའ་གང་ཞེས་བྱ་བ་ལ་སོགས་པ་གསུངསོ།། དགོངས་པ་ནི་འདི་ཡིན་ཏེ། ཡང་དག་པའི་ལྟ་བ་ལས་བྱུང་བའི་སྦྱིན་པ་ལ་སོགས་པ་ནི་ཡོངས་སུ་དག་པའི་ཕྱིར་འབྲས་བུ་ཡིད་དུ་འོང་བ་འང་བ་ཁྱད་པར་དུ་འཕགས ་པྲ་མངོན་པར་འགྲུབ་པར་བྱེད་པ་ཡིན་གྱི། ཕྱིན་ཅི་ལོག་ལས་བྱུང་བས་ནཱི་མྲ་ཡིན་ཏེ། ལྡོག་པར་ལྟ་བ་ལས་བྱུང་བའི་ཚུལ་ཁྲིམས་ཀྱི་ཡན་ལག་ལ་སོགས་པ་བཞིན་ནོ།། སྦྱིན་པར་བྱ་བ་ལ་སོགས་པའི་དངོས་པོ ་ནི་ཇི་སྐད་སྨོས་པའི་ཚུལ་གྱིས་ན་གང་ཡང་མེད་པས་དེར་དམིགས་པ་ནི་ཕྱིན་ཅི་ལོག་ཁོ་ན་སྟེ། སྨིག་རྒྱུ་ལ་ཆུར་དམིགས་པ་བཞིན་ནོ།། དྲེ་བས་ན་དེ་ལས་བྱུང་བ་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཐམས་ཅད་ནི་བདག་དང ་བདག་གིར་ཕྱིན་ཅི་ལོག་ལས་བྱུང་བའི་སྦྱིན་པ་ལ་སོགས་པ་བཞིན་དུ་རྒྱུ་རྣམ་པར་དག་པ་མ་ཡིན་པ་ལས་བྱུང་བས་སྟོབས་ཆུང་བའོ།། སྦྱིན་པར་བྱ་བ་ལ་སོགས་པ་དམིགས་པའི་རིག་བྱར་གྱུར་པ་མི་དམིགས་པ ་ནི་ཡང་དག་པའི་དོན་གྱི་ཡུལ་ཡིན་པས་ཕྱིན་ནཱི་མ་ལོག་པ་སྟེ། སྨིག་རྒྱུ་ལ་ཆུར་མི་དམིགས་པ་བཞིན་ནོ།། དེ་བས་ན་རྒྱས་པའི་རྒྱུ་ལས་བྱུང་བའི་ཕྱིར་དེ་ལས་བྱུང་བའི་སྦྱིན་པ་ལ། ་སོགས་པ་འབྲས་བུ་ཆེ་བ་ཡིན་ཏེ། ས་བོན་གྲུང་པོ་ལས་མངོན་པར་གྲུབ་པའི་མྱུ་གུ་ལ་སོགས་པ་བཞིན་ནོ།། དེ་བས་ན་མི་དམིགས་པ་ལ་གནས་པའི་སྦྱིན་པ་ལ་སོགས་པ་དོན་ཡང་དག་པའི་ལྟ་ལོས་བྱུང ་བས་མཁས་པ་རྣམས་ལ་ཤིན་ཏུ་དང་བ་སྐྱེད་པ་ཡིན་གཞན་ནི་མ་ཡིན་ནོ།། གང་གིས་ན་སྦྱིན་པ་ལ་སོགས་པ་ལ་མི་འཇུག་པའི་ཕྱིར་བསོད་ནམས་མེད་པོར་འགྱུར་བ་སྦྱིན་པར་བྱ་བ་ལ་སོགས་པ་གཅིག་ཏུ་མེད ་པཔཱརརུ་འདོད་པ་ཡང་མ་ཡིན་ཏེ། ཀུན་རྫོབ་ཏུ་ཡོད་པར་ཁས་བླངས་པའི་ཕྱིར་རོ།། མཉམ་པར་མ་བཞག་པའི་གནས་སྐབས་ན་སྒྱུ་མ་ལྟ་བུར་དམིགས་པའི་ཕྱིར་ཐམས་ཅད་དུ་དམིགས་པ་མེད་པ་ཡང་མ་ཡིན་ནོ།། ་དེའི་ཚེ་ན་ཡང་མོས་པ་ལས་བྱུང་བའི་མི་དམིགས་པར་ནི་རྣམ་པར་གཞགོ།། མཉམ་པར་བཞག་པའི་གནས་སྐབས་ན་ནཱི་ཤཱིན་ཏུ་དམིགས་པ་མེད་པ་ཁོ་ན་སྟེ། དེའི་ཚེ་ན་ནི་སྦྱིན་པ་ལ་སོགས་པར་འཇུག་པར་ཁྲུས ་མི་ལེན་གྱི། དང་པོ་སྦྱོར་བའི་གནས་སྐབས་སམ། ལངས་པ་རྣམས་ལ་བྱ་བས་ཀླན་ཀར་མི་རུང་ངོ་།། འདིས་ནི་འབྲས་བུ་ཆེ་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བའི་རྒྱ་ཆེ་བ་བརྗོད་དོ།། ཀུན་རྫོབ་ཏུ་རྒྱུ་དང་འབྲས་བུའི་དངོས་པོ ་ཉེ་བར་སྟོན་པས་སྐུར་པ་འདེབས་པའི་མཐའ་བཀག་པར་ཡང་གྱུར་ཏོ།། རྣམ་པ་གསུམ་གྱིས་ན་བསོད་ནམས་ན་མཁའ་དང་མཚུངས་པ་ཡིན་ཏེ། ཐམས་ཅད་དུ་སོང་བ་དང་། རྒྱ་ཆེ་བ་དང་། མི་ཟད་པས་སོ།། འཇིག ་རྟེན་པ་དང་འཇིག་རྟེན་ལས་འདས་པའི་བསོད་ནམས་སྐྱེད་པས་ཐམས་ཅད་དུ་སོང་བ་སྟེ། འཇིག་རྟེན་པའི་བསོད་ནམས་ནི་མཉམ་པར་མ་གཞག་པའི་གནས་སྐབས་ན་སྐྱེད་དོ།། འཇིག་རྟེན་ལས་འདས ་པཱ་ནི་མཉམ་པར་གཞུག་པའི་གནས་སྐབས་ནའོ།། ཁྱད་ཞུགས་པར་ཁྱད་པར་དུ་འགྲོ་བས་རྒྱ་ཆེ་བའོ།། འཁོར་བ་ཇི་སྲིད་ཀྱི་བར་དུ་ཡོངསུ་གཏུགས་པར་མི་འགྱུར་བས་མི་ཟད་པའོ།། གལ་ཏེ་དེ་མེད་པའི ་ཕྱིར་གཟུགས་ལ་མི་གནས་པར་སྦྱིནྡ་པཱ་སྦྱིན་པར་བྱ་ན་དེའི་ཚེ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་ཐོབ་པར་འདོད་པས་སྦྱིན་པ་ལ་སོགས་པ་ལ་ཇི་ལྟར་འཇུག་པར་བྱ་ཞེས ་བརྒལ་དུ་དོགས་ནས། རབ་འབྱོར་འདི་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པས་གཟུགས་ཀྱི་སྐུ་ཐོབ་པར་འདུན་པའི་གནས་སྟོན་ཏེ། འདིར་དོན་གྱིས་ན་གཟུགས་ཀྱི་སྐུ་ལ་དེ་བཞིན་གཤེགས་པར ་མངོན་པའི་ང་རྒྱལ་གྱི་མཚན་ཉིད་མི་མཐུན་པའི་ཕྱོགས་སེལ་ཏོ།། མཚན་ཕུན་སུམ་ཚོགས་པ་ཞེས་མཚན་མ་ཙམ་ཞིག་ཡོངས་སུ་བརྗོད་པས་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་མཚན་དང་། ་དཔེ་བྱད་བཟུང་པོས་བརྒྱན་པ་མཐའ་དྲུག་ཡོངས་སུ་སྟོན་ཏོ།། དེ་ལ་མཚན་རྣམས་ནི་ཕྱག་དང་ཞབས་ལ་འཁོར་ལོ་མངར་བ་ལ་སོགས་པ་སུམ་ཅུ་རྩ་གཉིས་ཏེ། ཚིགས ་མངས་ཀྱིས་དོགས་པསུ་མ་བྲིས་ཀྱི་མདོ་ལས་ཇི་སྐྱོད་འབྱུང་བ་བཞིན་དུ་ཁོང་དུ་ཆུད་པར་གྱིས་ཤིག། དེ་དྲག་ཀྱང་ཡུལ་ན་གནས་པ་དང་། གསལ་བ་དང་། རྫོགས་པས་ཕུན་སུམ་ཚོགས་པའོ།། དཔེ ་བྱང་བཟང་པོ་བརྒྱད་ཅུ་པོ་དག་ནི་སེན་མོ་ཟངས་ཀྱི་མདོག་འདྲ་བ་ལ་སོགས་པ་སྟེ། མདོ་ལས་འབྱུང་བ་བཞིན་དུ་ཤེས་པར་གྱིས་ཤིག། མཚན་ལ་སོགས་པ་དེ་དག་ཀྱང་སྒྱུ་མས་སྤྲུལ་པའི་སངས ་རྒྱུ་སུ་ཀྱི་མཚན་བཞིན་དུ་བརྫུན་པའི་ཕྱིར་རོ།། དེ་བས་ནཱ་གཟུགས་ཀྱི་སྐུ་རྣམ་པ་དེ་ལྟ་བུ་ལ་འདུན་པ་དང་སྨོན་ལམ་གྱིས་གནས་པར་བྱའོ་ཞེས་སྟོན་ཏོ།། འདི་མཚན་དེ་དག་ཀྱང་རྡུལ་ཕྲ་རབ་བསྔགས ་པོའི་ངོ་བོ་ཉིད་དམ། དེས་བརྩམས། པ་ཡན་ལག་ཅན་གྱི་གཟུགས་ཞིག་ཏུ་གྱུར་གྲང་ན། རེ་ཞིག་ཕྱོགས་དང་པོ་ནི་མ་ཡིན་ཏེ། རྡུལ་ཕྲ་རབ་རྣམས་སྔར་བཤིག་ཟིན་པའི་ཕྱིར་རོ།། གཉིས་པ་ཡང་མ་ཡིན་ཏེ། ་རྩོམ་པར་བྱེད་པ་མེད་ན་ངེས་བརྩམས་པ་ཡན་ལག་ཅན་ཡང་མེད་པའི་ཕྱིར་དང་། བསྒྲིབས་པ་ལ་སོགས་པ་འགལ་བའི་ཆོས་སྔར་བཤད་པ་དག་དམིགས་པའི་ཕྱིར་རོ།། དེའི་ཕྱིར་སྨྲས་པ་ལས་དགོངས ་པ་བཟུང་སྟེ། དེ་ལ་བརྟགས་ནས་རབ་འབྱོར་གྱིས། དེ་ནི་མ་ལགས་ཏེ་ཞེས་གསོལ་ལོ།། གལ་ཏེ་མཚན་རྣམས་བརྫུན་པ་ཉིད་ཡིན་ན་འོ་ན་བཅོམ་ལྡན་འདས་ཀྱིས་མདོ་སྡེ་དེ་དང་དེ་དག་ལས་མཚན ་རྣམས་གསུངས་སྙམ་དུ་བསམས་ཤིང་། དེ་ཅིའི་སླད་དུ་ཞེས་དྲིས་པ་དང་། དེ་ཉིད་མཚན་ཕུན་སུམ་ཚོགས་པ་མེད་པའི་ཕྱི་རོ་ཞེས་བྱ་བ་སྨྲས་ཏེ། མཚན་ཕུན་སུམ་ཚོགས་པ་དེ་དོན་དམ་པར་གསུངས་པ ་ནི་མྲ་ཡིན་གྱི། སྒྱུ་མས་སྤྲུལ་པའི་སངས་རྒྱས་བཞིན་དུ་དེ་བརྫུན་པའི་ངོ་བོ་ཁོ་ནར་གསུངས་ཞེས་བྱ་བའི་ཐ་ཚིག་གོ།། འཕགས་པ་རོབ་འབྱོར་གྱིས་སྨྲས་པའི་དོན་དེ་ཉིད་བཅོམ་ལྡན་འདས་ཀྱིས་བསྐང ་བྱའི་ཕྱིར་ཇི་ཙམདུ་ཞེས་སྡེ་བྱ་བྱ་ལ་སོགསྲྀ་པ་གསུངས་སོ།། ཇི་ཙམ་དུ་མཚན་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་དོན་དམ་པར་ན་ཇི་ཙམ་དུ་མཚན་ཕུནུ་སུམ་ཚོགས་པར་མངོན་པར་ཞེན་པ་དེ་ཙམ་དུ ་ལྗོགློ་པར་མངོན་པར་ཞེན་པ་ཡི་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། སྔར་ཇི་སྐད་བསྟན་པ་བཞིན་ནོ།། ཇི་ཙམྦ་དུ་མཚན་ཕུན་སུམ་ཚོགས་པ་མེད་པ་ཞེས་བྱ་བ་ནི་བཟློག་སྟེ་བཤད་པར་ཁོང་དུ་ཆུད་པར་བྱའོ།། འདིས ་ནི་འདི་ལ་རྣལ་འབྱོར་ལ་སྙོམས་པར་འཇུག་པས་ཇི་ལྟར་བསྒྲུབ་པར་བྱ་བ་དེ་བསྟན་ཏོ།། འདི་ལ་ཇི་ལྟར་མཐའ་གཉིས་སྦྱངས་ནས་སེམས་རབ་ཏུ་གཟུང་བར་བྱ་བ་དེ་སྟོན་ཏེ། དེ་ལྟར་ཞེས་བྱ་བ་ནི་སྒྱུ་མས ་སྤྲུལ་པའི་སངས་རྒྱས་བཞིན་དུ་མཚན་གྱིས་དེ་བཞིན་གཤེགས་པར་བལྟ་བར་བྱའོ།། འདྲིས་ནི་སྐུར་པྲ་འདེབས་པའི་མཐའ་སེལ་སྟེ། ཀུན་རྫོབ་ཏུ་བཅོམ་ལྡན་འདས་ཀྱི་གཟུགས ་ཀྱི་སྐུ་ལྱ་སྐུར་པ་མི་འདེབས་པའི་ཕྱིར་རོ།། མཚན་མེད་པ་ནི་དོན་དམ་པར་བལྟ་བར་བྱ་སྟེ། མཚན་གང་ཡང་གྲུབ་པ་མེད་པའི་ཕྱིརརོ།། འདིས་ནི་སྒྲོ་བཏགས་པའི་མཐའ་བསལ་ཏྲཾ།། དྲི་བཞིན་གཤེགས་པའི་གཟུགས ་ཀྱི་སྐུ་ཐོབ་པར་བྱ་བའི་ཕྱིར་སྨོན་ལམ་འདེབས་པས་ནི་རྒྱ་ཆེ་བ་བརྗོད་དོ།། དེ་མི་དམིགོས་པས་ནི་ཟབ་པའོ།། གཟུགས་ཀྱི་སྐུ་ཐོབ་པར་འདུན་པའི་གནས་བཤད་ཟིན་ཏོ།། ཆོས་ཀྱི་སྐུ་ནི་རྣམ་པ་གཉིས་ཏེ། བཤད ་པའི་ཆོས་ཀྱི་སྐུ་དང་། རྟོགས་པའི་ཆོས་ཀྱི་སྐུའོ།། རྟོགས་པའི་ཆོས་སྐུ་ཡང་རྣམ་པ་གཉིས་ཏེ། ཡེ་ཤེས་ཀྱི་རྒྱུ་ཅན་དང་། བསོད་ནམས་ཀྱི་རྒྱུ་ཅནོ།། དེ་ལ་མ་འོངས་པའི་སྐྱེ་བོ་སྙིགས་མ་ལྔ་ཤྭས་ཆུ་བའི་ཕྱིར་དང་། ཆོས ་དཀོན་མཆོག་འདི་འདྲ་བ་ཡང་འབྲས་བུ་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བའི་ཕྱིར་བཤད་པའི་ཆོས་ཀྱི་སྐུ་ལ་ཡིད་མི་ཆེས་སུ་དོགས་ནས་མཆིས་ལགས་སམ་ཞེས་ཞུས་ཏེ། མཆིས་ལགས་སམ་ཞེས་བྱ་བའི་ཚིག་ནི་ཅི་སེམས་ཅན་གང ་ལ་ལ་དག་འདི་ལྟ་བུའི་མདོ་སྡེའི་ཆོས་བཤད་པ་ལ་ཡང་དག་པར་འདུ་ཤེས་སྐྱེད་པར་འགྱུར་བ་འབྱུང་བ་དག་ཅེས་བྱ་བའི་ཚིག་གི་དོན་དེ་ཡང་སྦྱར་རོ།། ལྔ་བརྒྱ་ཐ་མ་ཞེས་བྱ་བ་ལ་བརྒྱ་ཕྲག་ལྔའི་ཚོགས་ནི་ལྔ་བརྒྱ་སྟེ། ་བཅོམ་ལྡན་འདས་ཀྱི་བསྟན་པ་ལྔ་བརྒྱ་ཕྲག་ལྔའི་བར་དུ་གནས་ཞེས་གྲགས་པས་དེའི་ཕྱིར་ཐ་མ་ཞེས་བྱེ་བྲག་ཏུ་མཛད་དེ། དེའི་ཚེ་སྙིགསྔ་མ་ལྔ་པོ་དག་གི་ཤུས་ཆེ་བའི་ཕྱིར་རོ།། དམ་པའི་ཆོས་རབ་ཏུ་རྣམ་པར་འཇིག་པ་ནི ་མོས་པ་དང་། ཀློག་པ་དང་། ཁ་ཏོན་བྱེད་པ་དང་། ལུང་ནོད་པ་དང་། འཆད་པ་དང་། ཉན་པ་དང་། སེམས་པ་ལ་སོགས་པ་ཉམས་པའོ།། འདི་ལྟ་བུ་ཞེས་བྱ་བ་ནི་དོན་ཟབ་ཅིང་རྒྱ་ཆེ་བའོ།། མདོ་སྡེའི་ཚིག་ཅེས་བྱ་བ་ནི་མདོ་སྡེ་བསྟན་པའི ་ག་རྣམས་ཏེ། འདི་དག་གིས་དོན་རྟོགས་པར་བྱེད། ཤེས་པར་བྱེད་པའི་ཕྱིར་རོ།། མཚན་མ་ཙམ་ཡོངས་བརྗོད་པ་འདིས་བཤད་པའི་ཆོས་ཀྱི་མཐའ་དག་ཡོངསུ་སྟོན་ཏོ།། ཡང་ན་མདོ་སྡེའི་ཚིག་ངག་ནི་བརྗོད་པར་བྱ་བ་དག་སྟེ་བརྗོད ་པར་བྱ་བའི་ཐ་ཚིག་གོ། བཤད་པ་འདིར་ནི་འདི་ལྟ་བུ་ཞེས་བྱ་བ་ནི་ཟབ་ཅིང་རྒྱ་ཆེ་བ་ཞེས་བྱ་བར་སྦྱར་རོ།། བཤད་པ་དག་ལ་ཞེས་བྱ་བ་ནི་དང་པོ་ལྟར་ནི་བརྗོད་པ་རྣམས་ལ་ཞེས་བྱའོ།། གཉིས་པ་ལ་ནི་དོན་སྔོན་པོ་རྣམས་ལ་ཞེས ་བྱ་བའི་ཐ་ཚིག་གོ། དོན་ལ་ཕྱིན་ཅི་ལོག་པར་འདུ་ཤེས་པ་ནི་འདིར་ཡང་དག་པར་འདུ་ཤེས་པ་ཡིན་གྱི། སྒྲ་ཇི་བཞིན་དུ་མངོན་པར་ཞེན་ནས་འདི་ཡང་དག་པའོ་སྙམ་དུ་འདུ་ཤེས་པ་ལ་མི་བྱའོ།། འདིས་ནི་དོན་གྱིས་ན་ཡང ་དག་པ་མ་ཡིན་པའི་འདུ་ཤེས་སེལ་བར་བྱེད་དོ།། ཐམས་ཅད་དུ་ཐོགས་པ་མེད་པར་མཁྱེན་པའི་ཕྱིར་འབྱུང་བར་འགྱུར་བ་དེ་དག་བཅོམ་ལྡན་འདས་ཀྱིས་མངོན་སུམ་དང་འདྲ་བར་གཟིགས་ནས་རབ་འབྱོར་གྱི་དོགས་པ་དེ་བསལ ་བའི་ཕྱིར་འབྱུང་སྟེ་ཞེས་གསུང་སོ།། སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་དེ་དག་གི་བྱང་ཆུབ་སེམས་དཔའི་ཡོན་ཏན་ཡང་དག་པར་བསྟན་པའི་ཕྱིར་གསུང་སོ།། དེ་དག་ཀྱང་བསྒྲུབ་པ་ཇི་ལྟ་བུ་དང་།། ་རྒྱུ་ཇི་ལྟ་བུས་ཡང་དག་པར་འགྲུབ་པ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངསུ་ཟིན་པ་ཇི་ལྟ་བུ་དང་ལྡན་པ་དང་། ཡང་དག་པར་འདུ་ཤེས་པ་ཇི་ལྟ་བུས་འདུ་ཤེས་སུ་འགྱུར་བ་དེ་བཅོམ་ལྡན་འདས་ཀྱིས་ཡོངསུ་སྟོན ་ཏེ། ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་ཤེས་རབ་དང་ལྡན་པ་ཞེས་བྱ་བ་འདིས་ནི་ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་དང་གོ་རིམ་བཞིན་ཏི། བསླབ་པ་གསུམ་བསྒྲུབ ་པ་དང་ལྡན་པར་སྟོན་ཏོ།། ཚུལ་ཁྲིམས་དང་ཤེས་རབ་ལ་སོགས་པ་ཤིན་ཏུ་སྨོས་པ་ཡོན་ཏན་ནི་འདིར་བསམ་གཏན་ལས་བྱུང་བ་བཟུང་སྟེ། བ་ལང་དང་གླང་ཞེས་བྱ་བའི་ཚུལ་དུའོ།། ཕྱི་མའི་དུས་ཉོན་མོངས་པ་ཅན ་དེ་ལྟ་བུ་ན་ཚུལ་ཁྲིམས་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཇི་ལྟར་འབྱུང་སྙིམ་པ་ལ། རབ་འབྱོར་ཅེས་བྱ་བ་ལ་སོགས་པ་གསུངསོ།། བསྙེན་བཀུར་བྱས་པ་ནི་ན་བཟའ་དང་ཞལ་ཟས་ལ་སོགས་པས་བསྙེན ་བཀུར་བྱས་པ་དང་། གདུགས་དང་རྒྱལ་མཚན་པ་ངན་ལ་སོགས་པས་མཆོད་པའོ།། དགེ་བའི་རྩ་བ་བསྐྱེད་པ་ནི་གདམས་ངག་དང་རྗེསུ་བསྟན་པ་སྤྱི་བོས་བླངས་ནས་ཚུལ་ཁྲིམས་ལ་སོགས་པ་ཡོན་ཏན་ཕུན་སུམ ་ཚོགས་པ་ལ་ནན་ཏན་བྱེད་པའི་སྒོ་ནས་བལྟ་བར་བྱའོ།། དེ་བས་ཀྱང་དེ་དག་ཆེས་དགེ་བ་མང་དུ་སོགས་པས་བརྗོད་པའི་ཕྱིར། སངས་རྒྱས་འབུམ་ཕྲག་དང་ཞེས་བྱ་བ་སྨོས་ཏེ། འདིས་ནི་དེ་དག་གི་རྒྱུས་ཡང་། ་དགུ་པར་འགྲུབ་པ་བསྟན་ཏོ།། དེ་དག་ནི་དེ་བཞིན་གཤེགས་པས་མཁྱེན་ཏོ།། ཞེས་བྱ་བ་ནི་བསམ་པ་དང་མིང་ངོ་།། དེ་དག་ནི་དེ་བཞིན་ག་ཤེགས་པས་གཟིགས་ཞེས་བྱ་བླ་ནི་ལུས།། འདིས་ནི་དགེ་བའི་བཤེས ་གཉེན་གྱིས་ཡོངསུ་ཟིན་པ་སྟོན་ཏོ།། དེ་ཡང་ཡང་དག་པར་ཞུགས་པ་རྣམས་སྤྲོ་བར་བྱ་བ་དང་། ལོག་པར་ཞུགས་པ་རྣམས་ངོ་ཚ་བསྐྱེད་པའི་ཕྱིར་གསུངསོ།། དེ་ལྟ་མ་ཡིན་ན་བཅོམ་ལྡན་འདས་ཐམས་ཅད ་མཁྱེན་པའི་ཕྱིར་ཐམས་ཅད་མཁྱེན་ཏོ་ཞེས་བསྟན་པ་དང་བྱེ་བྲག་ཅི་ཞིག་ཡོད་པར་བསྟན་པར་འགྱུར། ཡང་ན་དེ་ནི་དེ་དག་སྐལ་བ་ཡོད་པར་བསྟན་པ་གཙོ་བོར་མཛད་པར་བལྟ་སྟེ། སྐལ་བ་ཡོད་པར་མཁྱེན་ཞེས ་བྱ་བའི་ཐ་ཚིག་གོ།། དེའི་ཕྱིར་དེ་དག་གིས་བསོད་ནམས་ཀྱི་ཕུང་པོ་ཡོངས་སུ་སྡུད་པར་བསྟན་པའི་ཕྱིར་སེམས་ཅན་དེ་དག་ཐམས་ཅད་ནི་ཞེས་བྱ་བ་གསུང་སོ།། སྐྱེད་ཅེས་བྱ་བ་ནི་བསོད་ནམས་འབྱུང་བའི་དུསོ།། ཡོངསུ ་སྡོད་ཅེས་བྱ་བ་ནི་འགག་པའི་དུས་ན་དེའི་བག་ཆགས་ཡོངས་སུ་འཛིན་པའོ།། འདི་མཐའ་དག་གིས་ནི་ཡང་དག་པ་མ་ཡིན་པའི་འདུ་ཤེས་བསལ་ནས་ཡང་དགོ་བའི་འདུ་ཤེས་བསྐྱེད་པ་ལ་འདུན་པ་དང་སྨོན་ལམ ་གཉིས་ཀྱིས་གནས་པར་བྱ་བར་བསྟན་ལ། གྲནས་འདིའི་རྒྱ་ཆེ་བ་ཡོངསུ་བསྟན་ཏོ།། དེ་ཅིའི་སླད་དུ་ཞེས་བྱ་བ་དེ་དག་སངས་རྒྱས་འབུམ་ཕྲག་དུ་མ་ལ་བསྙེན་བཀུར་བྱས་པར་འགྱུར་བ་ཇི་ལྟར ་ཤེས་ཞེས་ཤེས་པར་བྱེད་པའི་གཏན་ཚོགས་ཡོངསུ་ཞུས་པ་དང་། འདིར་བྱང་ཆུབ་སེམས་དཔའི་སེམས་དཔའ་ཆེན་པོ་དེ་དག་ཅེས་བྱ་བ་ལ་སོགས་པ་གསུངསོ།། འདིས་ནི་རྣལ་འབྱོར་ལ་སྙོམས་པར་འཇུག་པར ་ཇི་ལྟར་འདིར་བསྒྲུབ་པོར་བྱ་བ་དེ་ཡོངསུ་བསྟན་ཏོ།། ཐུབ་པ་ཡང་བརྗོད་དོ།། ངའོ་སྙམ་དུ་བདག་ཡོད་པར་འཛིན་པ་ནི་བདག་ཏུ་འདུ་ཤེས་པའོ།། བདག་གི་ཡོད་པར་འཛིན་པ་ནི་སེམས་ཅན་དུ་འདུ་ཤེས་པའོ།། བདག ་དེ་ཉིད་ཀྱི་ཚེ་ཇི་སྲིད་གནས་པར་ཡོངསུ་འཛིན་པ་ནི་སྲོག་ཏུ་འདུ་ཤེས་པའོ།། ཡང་དང་ཡང་འགྲོ་བ་དག་ཏུ་འགྲོ་བར་འཛིན་པ་ནི་གང་ཟག་ཏུ་འདུ་ཤེས་པའོ།། གལ་ཏེ་བདག་ལ་སོགས་པཱ་འདུ་ཤེས་མེད་ན་ཉན་ཐོས ་ལ་སོགས་པ་བཞིན་དུ་གཟུགས་ལ་སོགས་པ་ཆེ་སུ་འདུ་ཤེས་ཡོད་དམ་སྙམ་པ་ལ་ཆོས་སུ་འདུ་ཤེས་བུ་མ་ཡིན་ཞེས་བྱ་བ་གསུངས་ཏེ། དོན་དམ་པར་ཆོས་གང་ཡང་མེད་པའི་ཕྱིར་རོ་སྙམ་དུ་དགོངས་པའོ།། ། ་འོ་ན་མེད་པར་འདུ་ཤེས་ཏེ་ཅི་ཆད་པར་སྨྲ་བ་རྣམས་ཀྱི་ལྟ་བུ་ཞིག་ཡོད་དམ་སྙམ་པ་ལ་ཆོས་མེད་པར་ཡང་འདུ་ཤེས་མི་འཇུག་ཅེས་བྱ་བ་གསུངསོ།། ཀུན་རྫོབ་ཏུ་མ་བརྟགས་ན་དགའ་བར་ཆོས་རྣམས་ཡོད་པའི་ཕྱིར་རེ ་ཞིག་ཀུན་རྫོབ་ཀྱི་ལམ་ལ་གནས་པ་རྣམས་ལ་ཆོས་མེད་པར་འདུ་ཤེས་པ་རིག་པ་དྲུང་ལྡན་པ་མ་ཡིནྡ་ནོ།། དྲོན་དམ་པའི་ཡེ་ཤེས་ལ་གནས་པ་རྣམས་ལ་ཡང་མ་ཡིན་ཏེ། དེའི་ཚེ་ན་གང་ཞིག་བཀག་པུས་ཆོས ་མེད་པར་འདུ་ཤེས་འཇུག་པར་འགྱུར་བ་ཆོས་གང་ཡང་མི་དམིགས་པའི་ཕྱིར་རོ།། དེ་ནི་ཆོ་སུ་འཛིན་པ་མེད་ན་མེད་པའི་ཕྱིར་རོ།། ཡུལ་མེད་པ་དགག་པ་ནི་གང་ན་ཡང་མི་སྲེད་དོ།། དེ་ལ་དཔེར་ན་རྣམ་པར་རིག་པ་ཙམ ་དུ་བདེན་ཀྱང་འདི་རྣམ་པར་རིག་པ་ཙམ་ཉིད་དོ་སྙམ་དུ་རྣམ་པར་རྟོག་ནུ་རྣམ་པར་རིག་ཙམ་ཉིད་ལ་གནས་པ་མ་ཡིན་པ་དེ་བཞིན་དུ་ཆོས་མེད་པ་བདེན་ཡང་ཆོས་མེད་པར་རྟོག་ན་དེ་ལ་གནས་མི་སྲིད་པས་ཐམས ་ཅད་མཚུངསོ།། གལ་ཏེ་བདག་ལ་སོགས་པ་མེད་པས་དེ་དག་དེར་འདུ་ཤེས་མི་འཇུག་ཀྱང་འདི་ནི་བདག་དང་གཟུགས་ཞེས་བྱ་བ་ལ་སོགས་པའི་མིང་ཙམ་དུ་ཟད་དོ་སྙམ་དུ་དེ་དག་མིང་ལྔ་མངོན་པར་ཞེན་པའི ་འདུ་ཤེསུ་འགྱུར་སྙམ་པ་ལ་འདུ་ཤེས་དང་ཞེས་བྱ་བ་གསུངས་ཏེ། མིང་ནི་གཟུགས་ཀྱི་ཕུང་པོར་གཏོགས་པའི་ཕྱིར་གཟུགས་ལ་སོགས་པ་བཞིན་དུ་བརྫུན་པ་ཁོ་ན་ཡིན་ལ་ལྡན་པ་མ་ཡིན་པ་ཡང་བཏགས་པར ་ཡོད་པའི་ཕྱིར་རོ།། དེའི་ཕྱིར་དེར་འདུ་ཤེས་པ་ཡང་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པ་ཉིད་དོ་ཞེས་དགོངས་པའོ།། གལ་ཏེ་དེ་ལྟ་ན་དེའི་གནས་སྐབས་ན་འདུ་ཤེས་ཐམས་ཅད་དང་བྲེལ་བས་ཤི་བ་དང་། འགོག་པའི ་སྙོམས་པར་ཞུགས་པའི་མི་བཞིན་དུ་རྣལ་འབྱོར་པ་མེད་པ་ཉིད་དུ་འགྱུ་རོ་སྙམ་པ་ལ། འདུ་ཤེས་མེད་པ་ཡང་འཇུག་པར་མཱི་འགྱུར་ཞེས་བྱ་བ་གསུངསོ།། དེའི་ཚེ་ན་གླང་གིས་དེ་དག ་རྣལ་འབྱོར་པར་འགྱུར་བའི་རྣལ་འབྱོར་པའི་ཡེ་ཤེས་ཡང་དག་པའི་ཀུན་རྫོབ་ཀྱི་ངོ་བོ་ཉིད་ནི་ཡོདདོ།། དེ་ལས་ལངས་པ་ན་དེ་ལས་དག་པ་འཇིག་རྟེན་པའི་ཡེ་ཤེས་འབྱུང་ངོ་།། དེ་ལྟ་མ་ཡིན་ན་ནི་ང་རྒྱུ་མེད་པ་ཁོ་ནར ་འགྱུར་རོ།། གལ་ཏེ་རྣལ་འབྱོར་པའི་ཡེ་ཤེས་ཀུན་རྫོབ་ཀྱི་ངོ་བོ་ཉིད་དེ་སུས་ཁོང་དུ་ཆུད་ཅེ་ན་གཏན་ཚིགས་དེ་ཉིད་ཀྱིས་ཏེ། ཇི་ལྟར་གང་ཟག་ལ་བདག་མེད་པར་རྟོགས་པ་རང་རིག་པས་རང་ལ་ཡོད་གང་ཟུག་ལ་བདག ་མེད་པ་རྟོགས་པ་དེ་བཞིན་དུ་འདིར་ཡང་མཚུངས་སོ།། ཡེ་ཤེས་དང་རིག་པ་ཀུན་རྫོབ་ཏུ་ཡང་ཁས་མི་སླང་བ་ཡངང?་མ་ཡིནོ།། རྣལ་འབྱོར་པས་རླུང་གི་མཚན་ཉིད་སོ་སོར་མངོན་དུ་བྱས་ནས་དེ་ལ་ཡོད་པའི་བདག་མེད ་པཔ་ལ་དམིགས་པ་ནི་མ་ཡིན་ཏེ། དེའི་ཚེ་འདས་པ་ལ་སོགས་པ་ནི་མི་ཉེ་བ་དང་མཐའ་ཡས་པའི་ཕྱིར་རོ།། འོ་ན་ཇི་ལྟ་བུ་ཞེ་ན། རང་བཞིན་མ་ཡིན་པ་རྣམ་པར་དཔྱད་པས་ཡུལ་དུ་གྱུར་པའི་ཆོས་ཐུམས་ཅད་སྤྱིར ་བདག་མེད་པར་བསྡུས་ཏེ་རྣམ་པར་གཞག་པ་གང་ཡིན་པ་དེ་ལ། ཅིག་ཅར་དམིག་སོ།། དེ་དག་གི་ཡེ་ཤེས་དེ་ཡང་དོན་དམ་པར་ཡུལ་མེད་པ་ཡིན་མོད་ཀྱི་བདེན་པའི་རྨི་ལམ་གྱི་ཤེས་པ་བཞིན་དུ་མི་བསྲུ་བས་ཚད ་མར་རྣམ་པར་གཞོག་གོ།། སྤྱིར་དེར་དེའི་བདག་ཉིད་ཀྱི་ངོ་བོ་ཡང་འདུས་པ་ཉིད་དེ་དེ་ལ་དེའི་དམིགས་པར་བྱེད་པ་གུད་ན་མེད་དོ།། དེའི་ཕྱིར་བདག་མེད་པ་གཉི་ག་རྟོགས་པ་ལས་ན་དེ་དག་སངས་རྒྱས་འབུམ ་ཕྲག་དུ་མ་ལ་བསྙེན་བཀུར་བྱས་པར་མངོན་ནོ།། སངས་རྒྱས་རྣམས་ལ་བསྙེན་བཀུར་མ་བྱས་པས་ནི་མུ་སྟེགས་ཅན་རྣམས་བཞིན་དུ་དེ་རྟོགས་མི་སྲིད་དེ། དེ་ནི་འཁོར་བ་ན་འདྲིས་པ་མ་ཡིནི་ནོ་སྙམ ་དུ་དགོངས་པའོ།། འདིས་ནི་རྣལ་འབྱོར་དུ་སྙོམས་པར་འཇུག་པས་འདི་ལ་ཇི་ལྟར་བསྒྲུབ་པར་བྱ་བ་དང་། ཡང་དག་པར་འདུ་ཤེས་པ་ནི་འདྲ་བས་དེའི་འདུ་ཤེས་སུ་འགྱུར་བ་དེ་ཡོངས་སུ་བསྟན་ལ་ཟབ ་པ་ཡང་ཡོངས་སུ་བསྟན་ཏོ།། བདགྲོ་ལ་སོགས་པ་མེད་ཕྱིའི་ཕྱིར་དེ་དག་བདག་ལ་སོགས་པར་མ་གྱུར་དུ་ཟིན་ཀྱང་ཚིག་གི་ཚོགས་ལ་སོགས་པའི་བདག་ཉིད་ལེགས་པར་གསུངས་པ་དང་། ཉེས་པར་བཤུད ་པའི་མཚན་ཉིད་ཆོས་དང་ཆོས་མ་ཡིན་པར་འདུ་ཤེས་པ་གོ་དེ་དག་ལ་ངེས་པར་འབྱུང་བ་ཡིན་ནམ། དེ་ལྟ་མ་ཡིན་ཏེ། གལ་ཏེ་བྱང་ཆུབ་སེམས་དཔའ་དག་དེར་འདུ་ཤེས་པར་མི་འགྱུར་ན་མི་རིགས་པས་བསྐྱེད ་པ་མུ་སྟེགས་ཅན་གྱི་ཆོས་རྣམས་སྤངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་རྣམས་ཆུབ་པར་བྱ་བར་ཇི་ལྟར་འདུན་པ་བསྐྱེད་པར་བྱ་སྙམ་དུ་དོགས་པ་ལ། དེ་ཅིའི་སླད་དུ་ཞེས་ཞུས་པ་དང་། ལན་དུ ་རབ་འབྱོར་གལ་ཏེ་ཞེས་བྱ་བ་གསུངསོ།། དགོངས་པ་ནི་འདི་ཡིན་ཏེ། གཅིག་དང་དུ་མའི་རང་བཞིན་དུ་སོ་སོར་བརྟགས་ན་གཟུགས་ལ་སོགས་པའི་མཚན་ཉིད་ཀྱི་ཆོས་རྣམས་མེད ་པ་ཇི་ལྟ་བུ་བཞིན་དུ་བཤད་པའི་ཆོས་ཀྱང་དེ་བཞིན།། གང་ལྔ་ཆོས་སུ་འདུ་ཤེས་པ་ཡོད་པ་དེ་ནི་བདག་ལ་སོགས་པར་འདུ་ཤེས་པ་ཡང་ངེས་པར་མ་སྤངས་པ་ཡིན་ཏེ། དེའི་རྩ་བ་ཆོ་སུ་མཚན་མར་འཛིན་པ ་ཡིན་པའི་ཕྱིར་རོ།། ཆོས་སུ་མཚན་མར་འཛིན་པ་དང་ལྡན་པའི་ཡིད་ལ་བྱེད་པ་ནི་དེ་ཁོ་ན་ཡིད་ལ་བྱེད་པ་ཡིན་པའི་ཕྱིར་བྱམས་པ་ལ་སོགས་པ་དེ་ཁོ་ན་ཡིད་ལ་བྱེད་པ་མ་ཡིན་པས་ནི་བདག་ཏུ་ལྟ་བ ་སྤོང་བ་མ། ཡིན་ནོ།། དེ་ཉིད་ཀྱི་ཕྱིར་ཐེག་པ་ནི་གཅིག་པུ་སྟེ། འདི་ལྟ་སྟེ་ཐེག་པ་ཆེན་པོའོ་ཞེས་གསུངསོ།། གཞན་ཡང་བྱང་ཆུབ་སེམས་དཔའ་ཆོ་སུ་འདུ་ཤེས་པ་དེ་ནི་ངེས་པར་མཐོང་བའི་ལམ་མ་སྐྱེས ་པ་ཡིན་ན་དེ་ལྟ་བུ་གང་ཡིན་པ་དེས་ཇི་ལྟར་བདུག་ལཱ་སོགས་པར་འདུ་ཤེ་པ་སྤོང་བར་འགྱུར་ཏེ། དེ་ནི་མཐོང་བའི་ལམ་གྱིས་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ།། དེའི་ཕྱིར་དེ་མཐའ་དག་ལ་བརྟགས་ནས། དེ་ཉིད་དེ་དག ་གི་བདག་ཏུ་འཛིན་པར་འགྱུར་ཞེས་གསུངསོ།། དེ་ནི་དེའི་རྒྱུ་ཡིན་པའི་ཕྱིར་དང་། དེའི་བག་ལ་ཉལ་མ་སྤངས་པའི་ཕྱིར་རོ་སྙམ་དུ་དགོངས་པའོ།། དེ་ལྟ་མ་ཡིན་ན་དེ་གཉིས་རྣམ་པ་ཐ་དད་པའི་ཕྱིར་ཇི་ལྟར་ཆོསུ ་འདུ་ཤེས་པ་ཉིད་བདུག་ཏུ་འཛིན་པར་འགྱུར། ཆོས་རྣམས་ནི་འདིར་རིགས་པས་བསྐྱེད་པའི་ལུང་གི་མཚན་ཉིད་དུ་འདོད་དོ།། དེ་ལས་བཟློག་པ་ནི་ཆོས་མ་ཡིན་པ་དག་གོ།། གལ་ཏེ་དེ་ལྟར་ན་མདོ་དེ་དང་དེ་ལས ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་དམ་པའི་ཆོས་ཡོངས་སུ་གཟུང་བར་བསྟན་པར་ཇི་ལྟར་འགྱུར་སྙམ་པ་ལ་བརྟགས་ནས་དེ་ཅིའི་སླད་དུ་ཞེས་ཞུས་པ་དང་ལན་དུ། རབ་འབྱོར་ཞེས ་བྱ་བ་ལ་སོགས་པ་གསུངསསོ།། ལོག་པར་གཟུང་བར་མི་བྱ་སྟེ་ཞེས་བྱ་བ་ནི་ལམ་ལོག་པས་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པའི་མཚན་ཉིད་ཀྱིས་གཟུང་བར་མི་བྱ་སྟེ། བདེན་ནོ་སྙམ་དུ་མངོན་པར་ཞེན་པར ་མི་བྱའོ་ཞེས་བྱ་བའི་ཐ་ཚིག་སྟེ། དགོངས་པ་བསྒྲུབ་པའི་དོན་དུ་གཟིངས་ལྟ་བུར་གསུངས་པའི་མཚན་ཉིད་གཟུང་བ་དགག་པ་ནི་མ་ཡིན་ནོ་སྙམ་དུ་དགོངས་པའོ།། དེ་བས་ན་ཞེས་བྱ་བ་ལ་སོགས་པས ་ནི་དོན་དེ་ཉིད་ཚིག་གཞན་དང་སྦྱར་ཏེ། གང་གི་ཕྱིར་ཆོས་དང་ཆོས་མ་ཡིན་པ་ཐམས་ཅད་ལ་བདེན་ནོ་སྙམ་དུ་མངོན་པར་ཞེན་པ་དེ་ལོག་པར་མངོན་པར་ཞེན་པ་ཡིན་པ་དེའི་ཕྱིར་རིགས་པས་བསྐྱེད ་པ་ལུང་གི་ཚོགས་གང་དག་འཁོར་བའི་རྒྱ་མཚོ་ལསཽ་བསྒྲལ་བའི་ཕྱིར་གསུངས་པ་གཟིངས་ལྟ་བུ་དེ་དག་ཀྱང་ཕ་རོལ་ཏུ་ཕྱིན་ནས་མི་དགོས་པའི་ཕྱིར་སྤང་བར་བྱ་ན། མུ་སྟེགས་ཅན་རྣམས་ཀྱི་ལྟ་བུ་ཆོས ་མ་ཡིན་པ་མི་རིགས་པས་བསྐྱེད་པ་དེ་དག་ལྦུ་སྨོས་ཀྱང་ཅི་དགོས་པ། དེ་དག་ལ་ནི་དགོས་པའི་ཕྱིར་རྟེན་པར་ཡང་ངས་མཱ་གནང་ངོ་ཞེས་དེ་བཞིན་གཤེགས་པ་དེ་སྐད་གསུང་ངོ་།། དེ་ལ་མ་ཡིན ་ཏེ། གལ་ཏེ་ཆོས་དང་ཆོས་མ་ཡིན་པ་ལ་སོགས་པ་བདེན་པའི་ངོ་བོར་གྱུར་ན་དེའི་ཚེ་དེ་ལ་མངོན་པར་ཞེན་པ་དོན་དམ་པར་ཡུལ་ཡིན་པའི་ཕྱིར་འཁོར་བའི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཡང་རིགས་པའི་ངོ ་བོཔོ་ཁོ་ནར་འགྱུར་ན། ཅིའི་ཕྱིར་དེ་བཞིན་གཤེགས་པ་དག་དེ་འགོག་པར་མཛད་ཅེས་བྱ་བ་ནི་བསྡུས་པའི་དོན་ཡིན་ནོ།། དེ་སྐད་དུ་འཕགས་པ་དཀོན་མཆོག་ཟ་མ་ཏོག་གི་མདོ་ལས་ཀྱང་། བཙུན་པ་རབ་འབྱོར་ཆོས་ཀྱི ་རྣམ་གྲངས་གཟིངས་ལྟ་བུར་ཤེས་པ་རྣམས་ཀྱིས་ཆོས་ཉིད་ཀྱང་སྤང་བར་བྱ་ན། ཆོས་མ་ཡིན་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཆོས་གང་སྤང་བར་བྱ་བ་དེ་ནི་ཆོས་ཀྱང་མ་ཡིན་པ་ཆོས་ཡིན་པ་ཡང་མ ་ཡིན་ནོ།། ཞེས་བཅོམ་ལྡན་འདས་ཀྱིས་གསུངསོ་ཞེས་བཤད་དོ།། མདོ་ལ་སོགས་པའི་ཆོས་ཀྱི་རྣམ་གྲངས་གང་ལ་གཟིངས་ལྟ་བུ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། ཆོས་རྣམས་ཀྱང་ཞེས་བྱ་བ་ནི་མཚོན་པ་སྟེ། ་དེས་ན་གཟུགས་ལ་སོགས་པ་དང་ལམ་གྱི་མཚན་ཉིད་ཀྱི་ཆོས་རྣམས་གཟུང་ངོ་།། ཆོས་མ་ཡིན་པ་རྣམས་ཞེས་བྱ་བ་ཡང་མཚོན་པ་ཁོ་ན་སྟེ། དེས་ནི་གང་དག་གྲོགས་པ་དང་འགལ་བར་སྟོན་པ་ཆོས་མ་ཡིན་པའི ་ངོ་བོ་བདག་ལ་སོགས་པ་གཞན་དག་གིས་ཡོངསུ་བརྟགས་པ་དེ་དག་ཀྱང་གཟུང་ངོ་།། ཡང་ན་གང་བརྗོད་པར་བྱ་བ་དང་བཅས་པ་ཆོས་དང་ཆོས་མ་ཡིན་པ་དག་སྨོས་པའི་ཕྱིར་ཐམས་དང་བསྡུས་པ་ཉིད་དེ་ཉེས ་པ་མེད་དོ།། འདིས་ནི་གཡེང་བ་ཚར་བཅུད་ནས་འདི་རི་ཇི་ལྟར་སེམས་རབ་ཏུ་གཟུང་བར་བྱ་བ་དེ་བསྟན་ཏོ།། གལ་ཏེ་ཆོས་ལ་སོགས་པ་ཐུམས་ཅད་དོན་དམ་པར་བརྫུན་པོའི་རང་བཞིན་ཡིན་ན་དེའི་ཚེ་མངོན ་པར་རྫོགས་པར་སངས་རྒྱས་ནས་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་བསྟན་ཏོ་ཞེས་བྱ་བ་དེ་ཡང་བརྫུན་པ་ཉིད་དུ་འགྱུར་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི ་རྒྱུ་ཅན་རྟོགས་པའི་ཆོས་ཀྱི་སྐུ་ཐོབ་པར་བྱ་བའི་ཕྱིར་འདུན་པར་མི་བྱའོ་སྙམ་པ་དེ་ལ་བརྟགས་ནས་ཡེ་ཤེས་ཀྱི་རྒྱུ་ཅན་གྱི་ཆོས་ཀྱི་སྐུ་ཐོབ་པོར་འདུན་པ་བསྐྱེད་པའི་ཕྱིར་རབ་འབྱོར་འདི་ཇི་སྙམ་དུ་སེམས ་ཞེས་བྱ་བུ་གསུངསོ།། འདིས་ནི་དྲོན་གྱིས་ནི་དོན་དུམ་པར་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་པར་འཛིན་པ་ཡང་མྱི་མཐུན་པའི་ཕྱོགས་སུ་ཡོངས་སུ་སྟོན་ལ་ཡང་དག་པའི་ཀུན་རྫོབ་ཀྱི་ངོ་བོར ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཆོས་ཀྱི་སྐུ་ཡེ་ཤེས་ཀྱི་རྒྱུ་ཅན་ཐོབ་པར་བྱ་བར་འདུན་པ་དང་སྨོན་ལམ་གདབ་པ་ཡང་སྟོན་ཏོ།། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱ་བ་མཚན་མ ་ཟླུམ་ཡོངས་སུ་བརྗོད་པས་ཉན་ཐོས་དང་རླུང་ས་ས་རྒྱུས་ལྷ་སྩོགས་པའི་རྙོག་པའི་བྱེ་བྲག་གིས་བྷཱ་དང་བྱཱ་སྱེ་ཤེས་ཀྱི་གྷུནྡ་ན་རྟོགས་པའི་སྐུ་ཡང་ཡཱ་སྱཱ་སྨྲ་སྦྱིན་པར་བྱེད་དུ། ་ཥྚཱན་བྷྱས་ལ་སྩོགས་པའི་མིན་ཏནྟེ་དག་ཀྱེ+ེ་བྷྲི་བ་སེམས་དཔ་ས་རྟོགས་པ་དབ་བ་ཉིད་དོ།། དེ་ལྟ་མ་ཡིནན་ཐམས་ཅད་མཁྱེན་པའི་གོ་འབྲིངའི་བྷྲྀ་བྷྲི་དུ་ལྟར་འགྱུར། བཱནྡྷ་ཛུ་བ་ནི ་མས་པ་དྡྷདྡྷ་རྨྨཟླ་དང་། རིགས་པངས་སྟེ་སྟེ་བྱེ་ཤཱ་ད་། བསྟན་པར་བྷ་བ་དང་། བསྦྱིན་དུ་ལི་སོགས་པ་ནུམ་གྲངས་སུ་ཐམས་ཅད་མོད་དང་།། བཱན་མཱུ་ཝཱ་ནཱི་འདས་ཀྱིས་དགེངས་པ་གང ་དོན་ངེམ་པ་ལ་དགོངས་ཏེ། ཐམས་ཅད་བདུན་པ་ཁོ་ནནྟི་ནས་གསུངས་པ་དེས་ནཱ། རྨས་པ་ལས་དགོངས་པ་གཟུང་ནས་གནས་བརྒྱན་འཕགས་པ་རབ་འབྱོར་གྱིས། བདག་གིས་བཅོམ་ལྡན་འདས་ཀྱིས ་གསུངས་པའི་དོན་འཚལ་བ་ལྟར་ན་ཞེས་བྱ་བ་གསོལ་ཏོ།། བདག་གིས་འཆ་ལྟ་བ་ལྟར་ན་ཞེས་བྱ་བླ་ནི་དགོངས་པ་རྣམ་པར་འགྱེལ་པའོ།། ཙྪིཥྚི་བྷིརརྱ་མཱ་ངོན་པ་ཛཱགསྨྲ་པར་སངས་རྒྱས་པཱ་ཡཱང་སྭེངྒཉྫ། ་ཆོས་བསྟན་པ་ཡང་མེད་སྙམ་པོ་ལ། ཇི་ཅོའི་སླད་དུ་ཞེ་ན།། ཞེས་བྱ་བ་གསོལ་ཏོ།། གཟུང་དུ་མ་མཆིས་ཞེས་བྱ་བ་ནི་ངན་དམ་པར་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་ཡོང་མ་ཡིན་པའི་ཕྱིར། ་སྔར་ཇི་སྐད་བཤད་པ་བཞིན་ནོ།། བརྗོད་དུ་མ་མཆིས་ཞེས་བྱ་བ་ནི་སྒྲའི་ཡུལ་ཡང་མ་ཡིན་པའི་ཕྱིར་ཏེ། སྒྲ་ཐམས་ཅད་ཀྱི་སྤྱོད་ཡུལ་ནི་སྒྲོ་བཏགས་པྲ་སྠི་ཙམ་ཡིན་པའི་ཕྱིར་ལ། སྤྱི་ཡང་དངོས་པོ ་མེད་པའི་ཕྱིར་རོ།། འདྲི་གཉིས་ནི་མངོན་པར་རྫོགས་པར་སངས་རྒྱས་པ་མེད་པ་དང་། ཆོས་བསྟན་པ་མེད་པའི་གཏན་ཚིགསུ་གསུང་བ་སྟེ་གོ་རི་མི་བཞིན་ནོ།། གལ་ཏེ་དངོས་པོ་ཐམས་ཅང་གཟུང་དུ་མེད ་ཅིང་བརྗོད་དུ་མེད་པ་ཡིན་དུ་ཟིན་ཀྱང་། འོན་ཀྱང་རང་གི་མཚན་ཉིད་འཛིན་པའི་དོན་དམ་པར་ཆོས་ཀྱིས་ངོ་བོ་ཉིད་གནས་པ་ཁོ་ནའོ།། སྙམ་པ་ལ། དེ་ནི་ཆོས་ཀྱང་མ་ལགས་ཞེས་བྱ་བ་གསོལ་ཏོ།། དངོས ་བོཔོ་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་མྱ་ངན་ལས་འདས་པ་རུང་གི་མཚན་ཉིད་འཛིན་མི་སྲིད་པའི་ཕྱིར་རོ།། གལཱ་ཏེ་དེ་ལྟ་ན་གོ་བཅོམ་ལྡན་འདས་ཀྱིས་མེད་པ་མངོན་པར་རྫོགས་པར་སངས་རྒྱས ་པ་ལྟ་སྙམ་པ་ལ། ཆོས་མ་མཆིས་པ་ཡང་མ་ལགས་ཞེས་བྱ་བ་གསོལ་ཏོ།། དེ་ནི་མེད་པ་དགག་པའི་ངོ་བོ་ཡིནོ།། འདིས་ནི་རྣལ་འབྱོར་དུ་སྙོམས་པར་འཇུག་པ་དེ་བསྟན་ཏེ། སྒྲོ་བཏགས་པ་དང་། སྐྱོར ་པའི་མཐའ་ཡང་བཀག་གོ།། དེ་ཅིའི་སླད་དུ་ཞེས་འདིར་འཐང་པོ་ཡོངས་སུ་ཞུས་པ་དང་། འདིར་ལན་དུ་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར་རོ་ཞེས་བྱ་བ་སྨྲསོ།། འདུས་མ་བྱས་ནི་ཆོས་རྣམས་ཀྱི་དོན ་དམ་པའི་རང་བཞིན་ནོ།། དེ་ཡང་རིགས་པས་དཔྱད་ན་སྐྱེ་བྲ་མེད་པའི་མཚན་ཉིད་ཁོ་ན་ལ་གནས་ཏེ། སྔར་ཇི་སྐད་དཔྱད་པ་བཞིན་ནོ།། བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི ་ཡང་དག་པར་སྡུད་པ་ལས་བཤད་པ། ཀུན་དགའ་བོ་ཆོས་ཀྱི་སྐྱེ་བ་མེད་པ་དང་། འཇིག་པ་མེད་པ་དང་། གནས་པ་མེད་པ་དང་། གཞན་དུ་གྱུར་པ་མེད་པ་གང་ཡིན་པ་དེ་ནི་འཕགས་པའི་བདེན་པ་ཞེས ་བྱའོ། ཀུན་དགའ་བོ་དེ་བཞིན་གཤེགས་པས་འདི་ལ་དགོངས་ནས་འཕགས་པ་ཉན་ཐོས་རྣམསེ་ན་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའོ་ཞེས་སྟོན་ཏོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ།། འདི་ནི་དེ་བཞིན ་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་རྟག་པར་དྲི་བཞིན་དུ་ཡོད་པ་དང་། འགྱུར་བ་མེད་པའི་ཕྱིར་འདུས་མ་བྱསོ།། དེ་རྟོགས་པའི་ཕྱིར་འཕགས་པའི་གང་ཟག་རྣམས་དེས་རབ་ཏུ་ཕྱེ་བ་སྟེ། ་འཕྲུགས་པ་རྣམས་ནི་ཆོས་ཀྱི་དེ་ཁོ་ན་རྟོགས་པས་རབ་ཏུ་ཕྱེ་བའི་ཕྱིར་རོ།། གཞན་ནི་དེ་ཁོ་ནའི་ངོ་བོར་མི་རིག་པའི་ཕྱིར་རོ།། འདུས་མ་བྱས་དེ་ནི་མེད་པར་དགག་པའི་ངོ་བོར་མེད་པ་མྱ་ཡིན་ཏེ། དེ་ནི་དངོས ་པོའི་རང་བཞིན་གྱི་ངོ་བོ་ཡིན་པའི་ཕྱིར་རོ།། དེ་ལྟ་མ་ཡིན་ན་ནི་འཕགས་པ་དག་གིས་དངོས་པོའི་རང་བཞིན་མ་རྟོགས་པར་འགྱུར་ཏེ། དེ་མ་ཡིན་པའི་ངོ་བོ་གཞན་རྟོགས་པའི་ཕྱིར་རོ།། དེ་ནི་དངོས་པོར ་འཛིན་པ་མེད་ན་མེད་པའི་ཕྱིར་དངོས་པོར་འཛིན་པ་ཁོ་ནར་ཐལ་བར་འགྱུར་རོ།། དེའི་ཕྱིར་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལ་སོགས་པའི་མདོ་ལས་དེ་ཁོ་ན་ནི་དངོས་པོ་ལས་དོན་གཞན་མ ་ཡིན་ནོ་ཞེས་གསུངས་ཏེ། ཇི་སྐད་ཉེས་པ་བརྗོད་པར་ཐལ་བར་འགྱུར་རོ།། དེ་ནི་དོན་དམ་པར་དངོས་པོའི་ངོ་བོར་ཡོད་པ་མ་ཡིན་ཏེ། དངོས་པོའི་ངོ་བོ་ཉིད་གང་ཡང་མ་གྲུབ་པའི་ཕྱིར་རོ།། དངོས་པོའི་ངོ་བོ ་ཉིད་ལྟར་དེ་ཡང་འདུས་བྱས་ཉིད་དུ་ཐལ་བར་འགྱུར་རོ།། དེའི་ཕྱིར་དེ་ནི་མེད་པ་ལས་ཆོས་རྣམས་ལ་ཡོད་པའི་ཕྱིར་དེ་ཁྱོ་ན་མ་ཡིན་པཱའི་ངོ་བོར་འགྱུར་རོ།། དེ་ནི་དངོས་པོའི་རང་གི་ངོ་བོ་བཞིན་དུ་ཐ~ཾད ་ཀྱིས་ཀྱང་རྟོགས་པར་ཐལ་བར་འགྱུར་རོ།། ཀུན་ནས་ཉོན་མོངས་པའི་རྒྱུ་ཉིད་དུ་ཐལ་བར་འགྱུར་བ་ཡང་བཟློག་པོར་དཀའོ།། དེ་ཉིད་ཀྱི་ཕྱིར་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལ་སོགས་པ་དེ ་དྲག་ཉིད་ལྔས་དེ་ཁོ་ན་ནི་དངོས་པོ་ལས་དོན་གཞན་མ་ཡིན་ནོ་ཞེས་གསུངས་སོ།། དེ་ལྟ་བས་ན་དོན་དམ་པར་ཆོས་ཀྱང་མ་ལགས་ཆོས་མ་མཆིས་པ་ཡང་མ་ལགས་ཞེས་གསོལ་ཏོ།། འདིས ་ནི་དངོས་པོ་དང་། དངོས་པོ་མེད་པ་དང་། ཡོད་པ་དང་། མེད་པ་ལ་སོགས་པ་དག་པའི་ངོ་བོ་བསྟན་ཏོ།། འདིས་ནི་གཡེང་བ་ཚར་གཅོད་པ་དེ་ཡང་བསྟན་ཏོ།། འདི་ཐམས་ཅད་ཀྱིས་ནི་གནས་པ་འདིའི་ཟབ་པ ་ཉིད་ཀྱང་བསྟན་ཏོ།། གལ་ཏེ་བཅོམ་ལྡན་འདས་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པ་འམ། ཆོས་བསྟན་པའི་ཆོས་གང་ཡང་མེད་ན་བྱང་ཆུབ་སེམས་དཔའི ་བསོད་ནམས་ཀྱི་རྒྱུ་ཅན་གྱི་ཆོས་ཀྱི་སྐུ་ཐོབ་པར་འདོད་པས་དམ་པའི་ཆོས་ཡོངས་སུ་གཟུང་བ་ལ་ཇི་ལྟར་འཇུག་པར་བྱ་སྙམ་པ་ལ་བརྟགས་ནས་བསོད་ནམས་ཀྱི་རྒྱུ་ཅན་གྱི་ཆོས་ཀྱི་སྐུ་ཐོབ་པར ་འདུན་པ་བསྐྱེད་པའི་ཕྱིར། རབ་འབྱོར་འདི་ཇི་སྙམ་དུ་སེམས། ཞེས་བྱ་བ་གསུངསོ།། དེ་ལ་རིན་པོ་ཆེ་སྟེ་བདུན་ནི་གསེར་དང་། དལཱ་དང་ཤེལླ་དང་བཻ་ཌཱུཪྻ་དང་། རྡོའི་སྙིང་པོ་དྲུང་། སྨུག་དང་། མུ་ཏིག ་དམར་པོའོ།། འཕགས་པ་དྲུམ་པའི་ཆོས་པདྨ་དཀར་པོ་ལས་འབྱུང་བ་རྣམས་སོ།། གླིང་བཞི་ལ་སོགས་པ་སྟོང་ལ་སྟོང་གི་འཇིག་རྟེན་གྱི་ཁམ་སོ།། དེ་སྟོང་ལ་སྟོང་གཉིས་སོ།། དེ་སྟོང་ལ་སྟོང ་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སོ།། གཞི་དྲི་ལས་ཞེས་བྱ་བ་ནི་རིན་པོ་ཆེ་སྦྱིན་པའི་གཞི་དེ་ལས་བསདྲོ་རྣམས་འདི་འབྱུང་བ་སྟེ། དེའི་རྒྱུ་ལས་བྱུང་ཞེས་བྱ་བའི་ཐ་ཚིག་གོ། བསོད ་ནམས་ནི་སེམས་པ་དགེ་བ་ཐམས་ཅད་དང་། དེས་བསྐྱེད་པའི་བག་ཆགས་ཏེ། དེའི་ཕུང་པོ་ནི་ཚོགསོ།། འབྲས་བུ་མང་བའི་ཕྱིར་དེ་ཡང་མང་ངོ་།། མང་དུ་ཞེས་བྱ་བ་ནི་བྱེད་པའི་བྱེ་བྲག་གོ།། མང་ཞེས་ལན ་གཉིས་བརྗོད་པ་ནི་རབ་ཏུ་མང་པོ་ཞེས་བསྙད་པའོ།། གལ་ཏེ་དོན་དམ་པར་ཐམས་ཅད་མ་སྐྱེས་ན། ཇི་ལྟར་གཞི་དེ་ལས་བསོད་ནམས་ཀྱི་ཕུང་པོ་སྐྱེད་སྒྱུམ་དུ་སེམས་པ་ལྷ་དེ་ཅིའི་སླད་དུ་ཞེ་ན་ཞེས ་གསོལ་ནས། བདག་ཉིད་ཀྱིས་དགོངས་པ་རི་ག་སྟེ། ལན་དུ་ཕུང་པོ་མ་མཆིས་པའི་སླད་དུ་སྟྭ~ཾ་ཞེས་བྱ་བ་གསོལ་ཏོ།། དོན་དམ་པར་ན་ཞེས་བྱ་བ་ལྷག་མའོ།། ཕུང་པོ་རྣམས་ནི་བཏགས་པར་ཡོད་པའི ་ཕྱིར་བསོད་ནམས་ཀྱི་ཕུང་པོ་དངོས་པོར་གྱུར་པ་མེད་དོ།། བསོད་ནམས་ཀྱང་བག་ཆགས་ཀྱི་ངོ་བོ་གནས་སྐབས་ཀྱི་བྱེ་བྲག་ལ་ལ་བཏགས་པའོ།། སེམས་པ་ཡང་དངོས་པོ་རྣམས་ནི་གཡོ་བ་མེད་པས ་མངོན་པར་འདུ་བྱེད་པའི་རྣམ་པས་མི་འཇུག་པའི་ཕྱིར་བརྟགས་པའི་ཡོད་པ་ཁོ་ནའོ།། གཅིག་དྲུང་དུ་མའི་ངོ་བོས་སོ་སོར་བརྟགས་ན་ཡང་བརྫུན་པའི་ངོ་བོ་ཁོ་ནའོ།། དེ་ལྟ་བས་ན་དོན་དྲམ་པར་ནི་བསོད ་ནམས་ཀྱི་ཕུང་པོ་མེད་དོ།། འདིས་ནི་རྣལ་འབྱོར་ལ་སྙོམས་པར་འཇུག་པ་ཡོངསུ་བསྟན་ཏོ།། སྒྲོ་བཏེགས་པའི་མཐའ་ཡང་བཀག་གོ། ཀུན་རྫོབ་ཏུ་ནི་བསོད་ནམས་ཀྱི་ཕུང་པོ་གནས་པ་ཉིད་དེ། དེ་ལྟ་བས ་ན། དེ་བཞིན་གཤེགས་པས་བསོད་ནམས་ཀྱི་ཕུང་པོ་བསོད་ནམས་ཀྱི་ཕུང་པོ་ཞེས་བྱའོ་ཞེས་གསུངསོ།། དེ་ལྟ་མ་ཡིན་ཏེ། གལ་ཏེ་བསོད་ནམས་ཀྱི་ཕུང་པོ་དེ་དོན་དམ་པར་ཡོད་པར་གྱུར་ན་དོན་དམ ་པ་ནི་ཚིག་གི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་དེ་བརྗོད་པར་ད་མི་འགྱུར་རོ།། མ་གསུངས་ཀྱང་དེ་ལྟར་ཤེས་པས་བརྗོད་པ་དོན་མེད་པ་ཉིད་དུ་འགྱུར་བ་ཞིག་ན་གང་གི་ཕྱིར་གསུང ་པ་དེའི་ཕྱིར་ཀུན་རྫོབ་ཁོ་ན་ཞེས་བྱ་བར་ཤེས།། འདིས་ནི་སྐུར་པ་འདེབས་པའི་མཐའ་བཀག་པ་བསྟན་ཏོ།། དེ་ལྟར་འཕགས་པ་རབ་འབྱོར་གྱིས་མཐའ་གཉིས་བཀག་སྟེ། དེའི་འོག་ཏུ་འཁོར་རྣམས་ཆོས ་རྒྱ་ཆེན་པོ་ཉན་པའི་འོས་སུ་གྱུར་པ་དང་། དེ་བས་ཀྱང་བསྐྱོད་ནམས་ཆེས་མང་བར་བརྗོད་པའི་ཕྱིར་བཅོམ་ལྡན་འདས་ཀྱིས། རབ་འབྱོར་གང་གིས་ཞེས་བྱ་ལ་སོགས་པ་བཀའ་སྩལ་ཏོ།། འདིས་ནི་དེ་བཞིན ་གཤེགས་པ་རྣམས་ཀྱིས་རྟོགས་པའི་ཆོས་ཀྱི་སྐུ་བསོད་ནམས་ཀྱི་རྒྱུ་ཅན་དེ་བཤད་པའི་ཆོས་ཀྱི་སྐུ་ལས་ངེས་པར་འབྱུང་བས་རེ་ཞིག་དེ་ལས། ཚིག་བཞི་པའི་ཚིགསུ་བཅད་པ་ཙ་མོ་བསྟན་ན་ཡང་དེ་ལྟར ་བསོད་ནམས་ཀྱི་སྐྱེ་མཆེད་དུ་གྱུར་པ་ཡིན་ན་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་བསོད་ནམས་ཀྱི་རྒྱུ་ཅན་དེ་ལྟ་སྨོས་ཀྱང་ཅི་དགོས་ཞེས་དེ་སྐད་སྟོན་ཏོ།། འདི་ནི་ཚིག་གི་དོན་མ་ཡིན་མོད་ཀྱི་ཤུགས་ཀྱིས ་རྟོགས་པས་དོན་འདི་ཉེས་པ་མེད་དོ།། དེས་ན་དོན་དམ་པར་ཆོས་བསྟན་པ་འམ། མངོན་པར་རྫོགས་པར་སངས་རྒྱས་པ་གང་ཡང་མེད་དུ་ཟིན་ཀྱང་ཀུན་རྫོབ་ཏུ་བསོད་ནམས་ཀྱི་སྐུ་བསྟན་པ་ཡོད་པའི་ཕྱིར་བྱང ་ཆུབ་སེམས་དཔའ་བསོད་ནམས་ཐོབ་པར་བྱ་བའི་ཕྱིར་འཇུག་པར་བྱའོ་སྙམ་དུ་དགོངས་པའོ།། བསོད་ནམས་ཁྱད་ཞུགས་པར་བསྟན་པ་འདིས་ནི་འདིའི་རྒྱ་ཆེ་བ་བསྟན་ཏོ།། དེ་བསྐྱེད་པར་འདུན་པ་དང་། ་སྨོན་ལམ་གདབ་པ་ཡང་བསྟན་ཏོ།། ཚིགསུཾ་བཅད་པ་རྩ་བ་དྲུག་པ་ཡང་ཡོད་པས་ཚིག་བཞི་པ་ཞེས་བྱེ་བྲག་ཏུ་མཛད་དོ།། ཚིགསུ་བཅད་པ་ཞེས་བྱ་བ་འདི་བཙན་པ་མྱ་ཡིན་གྱི་ཚིག་རྐྱང་པ་ལས་རྩ་བ ་བཞིའི་ཚིགསུ་བཅད་པའི་ཚད་ཙམ་ཡང་གཟུང་ངོ་།། བཟུང་ནས་ཞེས་བྱ་བ་ནི་ཁ་ཏོན་དུ་བྱས་པའོ།། འཆད་ཅེས་བྱ་བ་ནི་ཚིགོ། ཡང་དག་པར་སྟོན་ཅེས་བྱ་བ་ནི་དོན་ཏོ།། གྲངས་མོད་ཅེས་བྱ་བ་ནི ་རབ་ཏུ་མང་བའི་ཕྱིར་རོ།། དཔག་ཏུ་མེད་ཅེས་བྱ་བ་ནི་དཔེའི་ཡུལ་མ་ཡིན་པའི་ཕྱིརརུ་རོ།། འདིས་ནི་དོན་གྱི་སུ་ན་བསོད་ནམས་མི་སྐྱེད་པ་མི་མཐུན་པའི་ཕྱོགས་རབ་ཏུ་སེལ་ཏོ།། བསོད་ནམས་ཞེས ་མཚན་མ་ཙམ་ཞིག་བརྗོད་པས་ནི་དེ་བཞིན་གཤེགས་པའི་བསོད་ནམས་གྱི་ཚོགས་མཐའ་དག་སྟོན་ཏོ།། འདི་ཅི་ཡིད་ཆེས་པར་བྱ་བར་ཟད་དམ། འོན་ཏེ་རིགས་པས་ཤེས་པར་བྱ་བ་ཡང་ཡིན ་སྙམ་དུ་སེམས་ཤིང་། དེ་ཅིའི་སླད་དུ་ཞེས་ཞུས་པ་དང་། འདིར་རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་ནི་འདི་ལས་བྱུང་སྟེ་ཞེས་རིགས་པ་བཀའ་སྩལ་ཏོ།། འདི་སྙམ་དུ་བསྐྱོད་ནམས་ཆེ་ཞེས་བྱ་བ་དེ་ཡང་འབྲས་བུ་ཆེ་བའི་ཕྱིར་བསོད་ནམས་ཆེ་བ་ཡིན་གྱི། དེ་ལ ་ལུས་མེད་པའི་ཕྱིར་རང་གི་ངོ་བྲོས་ནི་མ་ཡིན་ནོ།། རིན་པོ་ཆེ་ལུས་བྱུང་བའི་བསོད་ནམས་དེ་ནི་ལོངས་སྤྱོད་ཆེན་པོ་ལ་སོགས་པ་འཁོརརོ་བའི་འབྲས་བུ་ཕལ་པ་འཐོབ་སྟེ། ཤེས་རབ་ཀྱིས་ཟིན་ན་སྦྱིན་པ ་ལ་སོགས་པ་བྱང་ཆུབ་ཆེན་པོའི་འབྲས་བུ་འཐོབ་ཀྱི་དེ་དག་ཉི་ཚེས་ནི་མ་ཡིན་ནོ།། ཆོས་ཀྱི་སྦྱིན་པས་ནི་དེ་བཞིན་གཤེགས་པའི་གྲོ་འཕང་དཔེ་མེད་ཅིང་ཟད་མི་ཤེས་པ་འཐོབ་པས་ཅིའི་ཕྱིར་ཆེན་པོ་ཉིད ་དུ་མི་མངོན། ཇི་ལྟར་ཆོས་ཀྱིས་ཕན་འདོགས་པར་འགྱུར་བ་ལྟར་རིན་པོ་ཆེ་རྣམས་ཀྱིས་ནི་གཞན་ལ་ཤིན་ཏུ་ཕན་འདོགས་པར་མི་འགྱུར་ཏེ། འདི་ལྟར་གཞན་དག་ལ་རབ་ཏུ་བསྟན་པའི་རིམ་གྱིས་ཆོས ་འདི་ལས་མྱུར་བ་ཁོ་ནར་སངས་རྒྱས་ཉིད་ཀྱི་གློ་འཕང་འཐོབ་པར་འགྱུར་གྱི་རིན་པོ་ཆེ་རྣམས་ལས་ནི་མ་ཡིན་ནོ།། དེ་ལྟ་བས་ན་གཞན་དག་ལ་ཕན་འདོགས་པའི་མཆོག་ཏུ་གྱུར་བུས་རིན་པོ་ཆེ་སྦྱིན་པ ་ལས་ཆོས་ཀྱི་སྦྱིན་པ་ཁྱད་པར་དུ་འཕགསོ་སྙམ་དུ་དགོངས་པ་ཡིན་ནོ།། འདི་ལས་བྱུང་ཞེས་བྱ་བ་ནི་ཡང་དག་པར་གྲུབ་པ་སྟེ། སྤྱད་པ་བཅུ་རྣམས་ལ་བརྟེན་ནས་དེའི་འོག་ཏུ་གཅིག་ནས་གཅིག་ཏུ་རྒྱུ་དེ ་ཐོབ་ཅེས་བྱ་བའི་ཐ་ཚིག་གོ།། སྤྱད་པ་བཅུ་པོ་དེ་དག་ནཱི་ཡི་གེར་འདྲི་བ་དང་། མཆོད་པ་དང་། སྦྱིན་པ་དང་། ཀླག་པ་དང་། མཉན་པ་དང་། གཟུང་བ་དང་ལུང་འབྲོག་པ་དང་། ཁ་ཏོནྟ་དུ་བྱས་པ་དང་། བསམ་པ་དང་། ་བསྒོམ་པའོ།། སངས་རྒྱས་བཙམ་ལྡན་འདས་རྣམས་ཀྱང་འདི་ལ་སྐྱེསོ།། ཞེས་བྱ་བ་ནི་ཀུན་རྫོབ་ཏུ་སངས་རྒྱས་རྣམས་དེ་ལ་བརྟེན་ནས་བརྟགས་སོ་ཞེས་བྱ་བའི་ཐ་ཚིག་གོ།། དོན་དམ་པར་ནི་བྱང ་ཆུབ་དང་། སངས་རྒྱས་ཐམས་ཅད་ཐ་དད་པ་མེད་དོ།། བསོད་ནམས་ཁྱད་པར་དུ་འཕགས་པར་བསྟན་པ་འདས་ནི་དེ་བསྐྱེད་པར་འདུན་པ་དང་། སྨོན་ལམ་གྱིས་གནས་པར་བྱ་བ་བསྟན་པ་ཡིན་ནོ།། ་གལ་ཏེ་དོན་དམ་པར་ཆོས་ཐམས་ཅད་མ་སྐྱེས་པ་ཁོ་ན་ཡིན་ན་དེའི་ཚེ་སངས་རྒྱས་ཀྱི་ཆོས་ཐམས་ཅད་མ་སྐྱེས་པ་ཁོ་ནུར་འགྱུར་ན་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ལ ་འབྱུང་། སངས་རྒྱས་རྣམས་ནི་བྱང་ཆུབ་པ་དང་ཐ་དད་པ་མེད་དོ་སྙམ་དུ་སེམས་ཤིང་། དེ་ཅིའི་སླད་དུ་ཞེས་ཞུས་པ་དང་། འདིར་ལནྡ་དུ་སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱ་བ་གསུངསོ།། སངས་རྒྱས ་སུ་གདགས་པའི་རྒྱུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སོགས་པའི་མཚན་ཉིད་ཀྱི་ཆོས་རྣམས་ནི་སངས་རྒྱས་ཀྱི་ཆོས་རྣམ་སོ།། དེའི་ཕྱིར་སངས་རྒྱས་རྣམས་ནི་དོན་དམ་པར་བྱང་ཆུབ ་དང་ཐ་དད་པ་མེད་མོད་ཀྱི། དེ་གདགས་པའི་རྒྱུར་གྱུར་པས་སངས་རྒྱས་རྣམས་ནི་འདི་ལ་སྐྱེས་པར་གསུངསོ་ཞེས་དགོངས་པའོ།། དེ་དག་ཀྱང་དོན་དམ་པར་མ་སྐྱེས་པའི་ཕྱིར ་སངས་རྒྱས་ཀྱི་ཆོས་རྣམས་མེད་ཀྱང་ཀུན་རྫོབ་ལ་བརྟེན་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་འདི་ལས་བྱུང་ཞེས་བྱ་བ་ལ་སོགས་པ་དྲོ་བཞིན་གོ ་པས་གསུངས་ཏེ། དོན་དམ་པར་ནི་མུ་ཡིན་ནོ།། དེ་ཉིད་ཀྱི་ཕྱིར་ཕྱོགས་གཞན་དེ་དང་དེ་ལས་སངས་རྒྱས་ཀྱི་ཆོས་རྣམས་ཤེས་བྱའི་དོན་དམ་པ་ནི་བརྗོད་པར་མི་ནུས་ཏེ། དེ་སོ་སོར་རང་གིས་རིག་པར ་བྱ་བ་ཡིན་པས་བརྗོད་དུ་མེད་པའི་ཕྱིར་རོ་སྙམ་དུ་དགོངས་པའོ།། འདིས་ནི་རྣལ་འབྱོར་དུ་སྙོམས་པར་འཇུག་པ་དང་། རྣམ་པར་གཡེང་བ་ཚར་གཅད་པ་བསྟན་ཏེ། ཟབ་པ་ཡང་བསྟན་ཏོ།། འདིར་ལྟ ་ལ་དག་ནུ་རེ་ཆོས་ཀྱི་སྐུ་ཐ་དད་པ་མེད་པའི་ཕྱིར་སྐུ་ཐ་དྲད་པ་རྣམ་པ་གསུམ་པོ་འདི་ཇི་ལྟར་འགྱུར་འོན་ཏེ་ཆོས་ཀྱི་སྐུ་ཐོབ་པར་འགྱུར་པ་དང་། ཆོས་ཀྱི་སྐུའི་རྒྱུ་མཐུན་པ་ཡིན་པས་བསོད་ནམས་ཀྱི ་རང་བཞིན་དང་། བཤད་པའི་རང་བཞིན་ནི་བཏགས་པའི་སྒོ་ནས་ཆོས་ཀྱི་སྐུ་ཞེས་བྱའོ་ཞེ་ན། དེ་ལྟ་ན་ནི་གཟུགས་ཀྱི་སྐུ་ཡང་དེ་འཐོབ་པའི་རྒྱུ་མཐུན་པའི་ཕྱིར་དང་དེ་འཐོབ་པའི་རྒྱུ་ཡིན་པའི་ཕྱིར་ཆོས ་ཀྱི་སྐུར་འགྱུར་རོ་ཞེས་ཟེར་རོ།། དེ་ནི་བདེན་པ་མ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཀྱི་སྐུ་ནི་ཡོངས་སུ་དག་པའི་ཡེ་ཤེས་ཀྱི་རང་བཞིན་དང་། དེའི་སྤྱིའི་ཆོས་ཉིད་གང་ཡིན་པ་དེ་ལ ་རྣམ་པར་གཞག། འདི་ནི་དེའི་རྣམ་པར་དབྱེ་བ་ཡུང་མ་ཡན་ལ་བྲ་ཤངྒ་པ་དང་བསོད་ནམས་དྲག་ལ་བཏགས་ནས་འདིར་ཆོས་ཞེས་བསྟན་པ་ཡང་མ་ཡིན་ནོ།། འོ་ནརྀ་ཇི་ལྟ་བུ་ཞེ་ན། དངོས་པོ་ཁོ་ན་སྟེ། ་ཆོས་སྟོན་ཏོ།། ཆོས་སོགས་སོ་ཞེས་བྱ་བོ་ལུ་སོགས་པ་བདག་ཉིད་ཀྱིས་དེ་ལྟར་གྲགས་པའི་ཕྱིར་རོ།། གང་ཡང་རང་དང་སྤྱིའི་མཚན་ཉིད་འཛིན་པས་ཆོས་རྣམསོ་ཞེས་བསྟན་པ་དེ་ནི་དངོས་པོ་ཐམ ་ཅད་དང་ཐུན་མོང་ཡིན་པས་གཟུགས་ཀྱི་སྐུ་ནི་དེ་བཞིན་གཤེགས་པར་མ་བསྟན་ཏེ། ཤེས་པར་བྱེད་པ་མ་ཡིན་པའི་ཕྱི་རོ།། བཏགས་ནས་བསྣུན་དུ་ཟིན་ཀྱང་གཟུགས་ཀྱི་སྐུ་ནི་ཆོས་ཀྱི་སྐུར་ཐུལ་བར ་མྱི་འགྱུར་ཏེ། དེ་ནི་བསོད་ནམས་ཀྱི་རྒྱུ་མཐུན་པ་ཡིན་པའི་ཕྱིར་རོ།། དེ་སྐད་དུ་མདོར་ནཱ་རྒྱལ་པོ་ཚོས་སྒྱུ་ནི།། ཡེ་ཤེས་ཚིགས་ལུས་བྱུང་བ་སྟེ།། སངས་རྒྱུ་སྣ་རྣམས་ཀྱི་གཟུགས་སྒྱུ་ནི།། བསོད་ནམས ་ཚོགས་ལས་བྱུང་བའོ།། ཞེས་བཤད།། དེའི་ཕྱིར་ཡེ་ཤེས་ཀྱི་ཚོགས་ཁོ་ན་དེ་འཐོབ་པའི་རྒྱུ་ཡིན་པའི་ཕྱིར་གཟུགས་ཀྱི་སྐུས་ནི་དེ་འཐོབ་པར་འགྱུར་བ་མི་སྲིད་དེ། དེའི་གདགས་པའི་རྒྱུ་མེད་པས ་གཟུགས་ཀྱི་སྐུ་ལ་ཆོས་ཀྱི་སྐུ་ཞེས་མི་བྱའོ།། བཤད་པའི་སྐུ་ནི་ཡང་དག་པའི་ཡེ་ཤེས་ཀྱི་འབྲས་བུ་ཡིན་ལ། བསོད་ནམས་ཀྱི་སྐུ་ཚོགས་ཀྱི་མཚན་ཉིད་ཀྱང་དེ་འཐོབ་པའི་རྒྱུ ་ཡིན་པས་བཏགས་ནས་ཆོས་ཀྱི་ཚུགས་ཤེས་བསྣུན་པར་རིགས་པ་ཉིད་དེ་མང་དུ་ནི་མི་དྭགོས་སོ།། ཀླན་ཀ་ངན་པ་གཞན་ནི་ཤེས་རབ་ཅན་དག་གིས་རླིག་སམ་མི་རིགས་འབྱེད་པར་འགྱུར་གྲང་སྙམ་སྟེ་ཚིག ་མངས་ཀྱིས་དོགས་ནས་མ་བྲིས་སོ།། ཆོས་ཀྱི་སྐུ་ཐོབ་པར་འདུན་པའི་གནས་བཤད་ཟིན་ཏོ།། ། བམ་པོ་གསུམ་པ། འདྲི་མན་ཆད་གནས་བཅུ་གཉིས་ནི་མ་མཐུན་པ་རྣམ་པ་བཅུ ་གཉིས་ཀྱི་གཉེན་པོར་གོ་རི་མུ་བཞིན་དུ་རིག་པར་བྱའོ།། མི་མཐུན་པ་རྣམ་པ་བཅུ་གཉིས་པོ་དེ་དག་ནི་མངོན་པའི་ང་རྒྱལ་དང་། མངོན་པའི་ང་རྒྱལ་མེད་ཀྱང་ཐོས་པ་ཉུ་བ་དང་། ཐོས་པ་མང་བ་ཡང་དམིགས ་པ་ཆུང་ངུ་ཡིད་ལ་བྱེད་པ་བསྒོམ་པ་དང་། དམིགས་པ་ཆུང་ངུ་མ་ཡིན་པ་ཡིད་ལ་བྱེད་པ་སྒོམ་ཡང་སེམས་ཅན་ཡལ་བར་འདོར་བ་དང་། དེ་ཡལ་བུར་མི་འདོར་ཡང་ཕྱིའི་བསྟེན་བཅོས་ལ་རྗེསུ་ཆགས་ཏེ་འཇུག ་པ་དང་། དེར་མི་འཇུག་ཀྱང་དངོས་པོའི་མཚན་མ་ཟིལ་གྱིས་མོ་ནན་པ་ལ་ཐབས་མི་མཁས་པ་དང་། དེ་ལ་ཐབས་མཁས་ཀྱང་བསོད་ནམས་ཀྱི་ཚོགས་མ་བསགས་པ་དང་། བསོད་ནམས་གྱི་ཚོགས་བསགས ་ཀྱང་ལེ་ལོ་དང་རྙེད་པ་དང་།། བཀུར་སྟིས་བསོད་སྙོམས་ཉམས་སུ་མྱོང་བར་བྱེད་པ་དང་། དེ་ཉམ་སུ་མྱོང་བར་མི་བྱེད་ཀྱང་སྡུག་བསྔལ་མི་བཟོད་པ་དང་། སྡུག་བསྔལ་ལཱ་ཇི་མི་སྙམ་ཡང་ཡེ་ཤེས་ཀྱི་ཆོག། ་མ་བསགས་པ་དང་། ཡེ་ཤེས་ཀྱི་ཚོགས་བསྩགས་ཀྱང་བདག་ཏུ་རབ་ཏུ་འཛིན་པ་དང་། བདག་ཏུ་རབ་ཏུ་འཛིན་པ་མེད་ཀྱང་གདམས་ངག་དེ་ང་མི་ལྡན་པའོ།། དེ་ལ་བཅོམ་ལྡན་འདས་ཀྱིས་གང་ཟག་དང་ཆོས་རྣམས ་ལ་བདག་མེད་པ་རྒྱ་ཆེར་བསྟན་ཀྱང་། གང་ཐོག་མ་མེད་པའི་དུས་ནས་བདག་ཏུ་མངོན་པར་ཞེན་པ་བསྟན་པོར་བསགས་པའི་སྟོབས་ཀྱིས་འདི་སྙམ་དུ་གལ་ཏེ་སུ་སེམས་ལྡན་ལ་སོགས་པར་འདུ་ཤེས་འཇུག་པ ་དེ་བྱང་ཆུབ་སེམས་དཔའ་ཞེས་མི་བྱ་ན། དེ་ལྟ་ན་གོ་ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་དུ་དེའི་ཚེ་དེའི་དུས་ན་རྒྱལ་པོ་དཔའ་བས་བྱིན་ཞེས་བྱ་བར་གྱུར་ཏོ།། ངས་ཁྱེད་རྣམས་ལ་ཆོས་བསྟན་པར་བྱའོ་ཞེས ་བྱ་བ་ལ་སོགས་པར་འགྱུར། སེམས་ཅན་ལ་སོགས་པར་འདུ་ཤེས་པ་མེད་པར་ནི་དེ་སྙམ་དུ་དགོངས་པར་མི་འགྱུརརོ་སྙམ་པ་དེ་མངོན་པའི་ང་རྒྱལ་གདགས་སུ་གྱུར་པ་དང་དབྲལ་བའི་ཕྱིར་གནས་ལྔ་པོའི་དབ ་དུ་མཛད་ནས།། རབ་འབྱོར་འདི་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་གསུང་སོ།། འདི་ལ་སྤྱིའི་དོན་ནི་འདི་ཡིན་ཏེ། ངའི་ཉན་ཐོས་ཐ་མ་རྒྱུན་ཞུགས་ལ་སོགས་པ་ཆོས་ལ་བདག་མེད་པ་རྟོགས་པའི་རོ་མྱང་བ་མ ་ཐོབ་པ་གང་དག་ཡིན་པ་དེ་དག་ཀྱང་ང་དང་ང་ཡིར་མངོན་པར་ཞེན་པ་མེད་ན་བདག་མེད་པ་གཉི་ག་ཐུགས་སུ་ཆུད་པ་སྒྲིབ་པ་མ་ལུས་པར་སྤངས་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའོ།། ་ང་དེའི་ཚེ་ཞེས་བྱ་བཱ་ལ་སོགས་པ་གང་ཡིན་པ་དེ་ནི་འཇིག་རྟེན་གྱི་ཐ་སྙད་གདགས་པའི་དོན་དུ་ཤེས་པར་འདོད་པ་ལ་གཞན་གྱི་རྒྱུད་རྣམ་པར་བཅད་པ་ཙམ་སྟེ། དམག་དྲང་ནགས་ཚལ་ལ་སོགས་པའི་ཐ་སྙད ་དང་མཚུངས་ཀྱི་གཅིག་པུ་དང་རྟག་པར་མངོན་པར་ཞེན་པས་ནི་མ་ཡིན་ནོ།། དེ་ཁོ་ནའི་ཡེ་ཤེས་ལ་གནས་པ་རྣམས་ཀྱིས་ནི་འཇིག་རྟེན་དང་ལྷན་ཅིག་ཐ་སྙད་བརྗོད་པར་མི་ནུས།། དེ་བས་མངོན་པའི་དུ་རྒྱལ ་བླགླེ་གས་གྱུར་པ་དང་དཔྲལ་བའི་ཕྱིར་ཁྱེད་ཀྱང་བདག་ཏུ་མངོན་པར་ཞེན་པར་མི་བྱའོ་ཞེས་ཡང་དག་པར་འཛིན་དུ་གཞུག་པའོ།། དེ་ལ་མྱ་ངན་ལས་འདས་པའི་གྲོང་ཁྱེར་ཆེན་པོར་འགྲོ་བ་མཐོང་བའི་ལམ་གྱི་མཚན ་ཉིད་ནི་རྒྱུནེ་ཏཱཾ།། ཞུགས་ནི་ཐོབ་སྟྭ~ཾ། མཐོང་བས་སྤང་བཱར་བྱ་བའི་ཉོན་མོངས་པ་མཐུརུ་དགུ་སྤུངས་པ་ནི་རྒྱུན་ཏུ་ཞུགས་པ་ཞེས་བྱའོ།། དེ་ཡང་བྱེད་པ་པོ་དང་ལུས་དང་བྱེད་པ་ལ་མངོན་པར་ཞེན་བྱ་སྤངས་པ་འདིས ་རྐྱེན་ཉིད་འདི་པ་ཙམ་ཉིད་རྟོགས་པའི་ཕྱིར་བདག་མེད་པ་རྟོགས་པར་སྟོན་ཏོ།། བདག་གིས་ཞེས་བྱ་བ་ནི་བྱེད་པ་པོ་ལ་མངོན་པར་ཞོན་པའོ།། འབྲས་བུ་ཞེས་བྱ་བ་ནི་ལས་ལ་མངོན་པར་ཞེན་པའོ།། ཐོབ་ཅེས་བྱ་བ་ནི་བྱེད ་བ་ལ་མངོན་པར་ཞེན་པའོ།། འདིས་ནི་དོན་གྱིས་ན་བདག་གིས་ཐོབ་བོ་སྙམ་པ་མི་མཐུན་པའི་ཕྱོགསུ་ཡོངས་སུ་སྟོན་ཏོ།། རྒྱུན་ཏུ་ཞུགས་པ་འདི་སྙམ་དུ་བདག་གིས་ཐོབ་བོ་སྙམ་དུ་མི་སེམས་ཞེས་བྱ་བ་མཚན་མ ་ཙམ་ཞིག་ཡོངས་སུ་བརྗོད་པས་མངོན་པའི་ང་རྒྱལ་ཐམས་ཅད་དོར་བུར་ཡོངས་སུ་སྟོན་ཏོ།། དེ་ལ་འདུན་པ་དྲང་སྨོན་ལ་གདབ་པ་ཡང་སྟོན་ཏོ།། འཕགས་པ་རབ་འབྱོར་གྱིས་ཀྱང་བཅོམ་ལྡན་འདས་ཀྱིས་དགོངས་པ ་ཉེ་བར་བརྗོད་པས་དོན་དམ་པར་གཞུག་པ་དང་། དེ་ལ་རྣལ་འབྱོར་དུ་སྙོམས་པར་འཇུག་པ་ལ་གཟུད་པའི་ཕྱིར་བཅོམ་ལྡན་འདས་དེ་ནི་ཅི་ལ་ཡང་ཞུགས་པ་མ་མཆིས་ཞེས་གསོལ་ཏོ།། ཅིའི་ཕྱིར་སྙམ་པ་ལ། གཟུགས ་ལ་ཡང་མ་ཞུགས་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ།། འདིས་ནི་དོན་དམ་པར་འབྲས་བུ་རྣམ་པ་གཉིས་ཀ་ཡུང་ཐོབ་པར་བྱ་བ་མེད་པར་སྟོན་ཏེ། འདི་ལྟརུ་ཐོབ་པར་བྱ་བའི་ངོ་བོ་འབྲས་བུ་ཞིག་ཏུ་འགྱུར་ན་འདུས་བྱས ་སྙམ་འདུས་མ་བྱས་སུ་འགྱུརརཱ་གྲང་ན། དེ་ལ་རེ་ཤིག་འདུས་མ་བྱས་ནི་མུ་སྐྱེས་པ་ཁོ་ན་སྟེ། མེད་པའི་ཕྱིར་རི་བོང་གི་རུ་དང་འདྲ་བྱས་ཐོབ་པར་བྱ་བརྱ་མི་རིགས་ཏེ་མི་ཐོབ་པའི་གྲཝནས་སྐབས་དང་བྱེ་བྲག་མེད་པའི ་ཕྱིར་རོ།། འདུས་བྱས་ནི་སྐད་ཅིག་པ་ཡིན་པས་སྐྱེས་མ་ཐག་ཏུ་འཇིག་སྟེ། གནས་པ་མེད་པའི་ཕྱིར་གང་གིས་ཀྱང་ཇི་ལྟར་ཡང་ཐོབ་པར་མི་འགྱུར་རོ།། རྒྱུད་གང་ལ་བདག་མེད་པའི་ལམ་གྱི་མཚན་ཉིད་ཀྱི་བྱེད་རྒྱུ་ཉེ ་བར་གྱུར་པས་ཉོན་མོངས་པ་འབྱུང་བ་དང་ཤིན་ཏུ་མི་མཐུན་པའི་གནས་ཀྱི་མཚན་ཉིད་འབྲས་བུ་བྱུང་བར་གྱུར་པ་ལ་དེས་འབྲས་བུ་འཐོབ་བོ་ཞེས་སྟོན་པ་འབའ་ཞིག་ཏུ་ཟད་ཀྱི་དོན ་དམ་པར་ནི་མ་ཡིན་ནོ།། འདི་ལྟར་ཐོབ་པར་བྱ་བ་དང་ཐོབ་པར་བྱེད་པའི་དངོས་པོ་དུས་ཐམས་ཅད་པ་འམ། དུས་མཉམ་པ་ཞིག་ལས་འགྱུར་གྲང་ན། རེ་ཤིག་ཕྱོགས་དང་པོ་ནི་མ་ཡིན་ཏེ། གཉི་ག་གནས་དགོས་པས ་དུས་ཐ་དད་པ་ནི་གཅིག་ཉེ་བར་གྱུར་པའི་དུས་ན་ཅིག་ཤོས་མེད་པས་དེ་གཉི་ག་གནས་པརླ་ཇི་ལྟར་འགྱུར། དུས་མཉམ་པ་ལས་ཀྱང་མ་ཡིན་ཏེ། དེ་གཉི་གྲོ་གྲུབ་ནས་གཅིག་ལ་གཅིག་ཕན་འདོགས་པ་མེད་པའི ་ཕྱིར་རོ།། ཕན་འདོགས་པ་མེད་ན་ནི་ཐོབ་པར་བྱ་བ་དང་ཐོབ་པར་བྱེད་པའི་དངོས་པོ་ངེས་པར་རིགས་པ་མ་ཡ་ནི་ནོ།། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ།། གཅིག་ལ་གཅིག་ཀུན་ནས་ལྡན་པ་སྐྱེད་པའི་མཚན་ཉིད ་ཀྱིས་ཐོབ་པར་བྱ་བ་དང་ཐོབ་པར་བྱེད་པའི་མཚན་ཉིད་དུས་མཉམ་པར་འབྲེལ་པར་ཡང་མི་རིགས་ཏེ། འདི་ལྟར་རེ་ཞིག་གང་དག་མེད་པའི་དངོས་པོ་དེ་དག་ནི་ཡུལ་ན་མི་གནས་པ་ཉིད་ཡིན་པས་ཀུན་ནས ་ལྡན་པ་མེད་དོ།། དེ་དག་དུས་མཉམ་པ་ཙམ་གྱིས་ཀྱང་ཐོབ་པར་བྱ་བ་དང་། ཐོབ་པར་བྱེད་པའི་དངོས་པོར་འགྱུར་བ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ།། རྒྱུ་གཅིག་གི་ཁ་ན་ལས་པས་ཀྱང་མ་ཡིན་ཏེ། ་དེ་ནི་གཉི་གའི་ཐུན་མོང་ཡིན་བྱས། འདི་ནི་ཐོབ་པར་བྱ་བ་འདི་ནི་ཐོབ་པར་བྱེད་པ་ཞེས་བྱ་བར་ངེས་པ་མྱེད་པར་འགྱུར་རོ།། གང་དག་ལུས་ཡོད་པ་དེ་དག་ཀྱང་བདག་ཉིད་ཐམས་ཅད་ཀྱིས་ཀུན་ནས་འབྱར་ན་ནི ་གཅིག་ཏུ་ཐལ་བར་འགྱུར་རོ།། ཕྱོགས་གཅིག་ན་ནི་ཡན་ལག་དང་བཅས་པར་ཐལ་བར་འགྱུར་རོ།། བར་མེད་པར་གནས་པ་ལས་ཀྱང་ཐོབ་པ་མ་ཡིན་ཏེ། དེ་གཉི་གུ་དང་ཐུན་མོང་སྟེ་བྱེ་བྲགུ་མྱེད་པས་ངེས ་པ་མེདདོ།། དེ་ལྟ་བས་ན་འདི་ནི་རྟོག་པས་སྒྲོ་བཏགས་པ་ཉིད་དོ།། འདིས་ནི་བྱེད་པ་པོ་དང་ལས་ལ་སོགས་པའི་ཐ་སྙད་མཐའ་དག་གསལ་བར་ཁོང་དུ་ཆུད་པར་བྱའོ།། ཆོས་རྣམས་ཞེས་བྱ་བ་ནི་ཆོས་ཀྱི་སྐྱེ་མཆེད། ་འདིས་ནི་འདུས་མ་བྱས་ཀྱང་བསྡུས་ཏེ། ཆོས་ཀྱི་སྐྱེ་མཆེད་ནི་རྫས་བདུན་གྱི་བདག་ཉིད་ཡིན་པའི་ཕྱིར་རོ།། ལྷག་མ་གཟུགས་ལ་སོགས་པ་དང་། ཆོས་ཀྱི་སྐྱེ་མཆེད་ཀྱི་ཕྱོགས་གཅིག་གིས་ནི་འདུས་བྱས ་བསྟན་ཏོ།། འདི་ནྀ་མཚོན་པ་སྟེ།། དེས་ན་མིག་ལ་སོགས་པ་ཡང་གཟུང་བར་བྱའོ།། གང་གི་ཕྱིར་འོད་ལྟར་དོན་དུམ་པར་དྲི་ཅི་ལ་ཡང་ཞུགས་པ་མེད་ལ། དེ་འདི་སྙམ་དུ་བདག་གིས་ཐོབ་བོ་སྙམ་དུ་ཡང་མི ་སེམས་པ་དེའི་ཕྱིར་ཡང་དག་པའི་ལམ་ལ་གནས་པས་དེས་ན་རྒྱུན་ཏུ་ཞུགས་པ་ཞེས་བྱའོ།། གལ་ཏེ་དག་གིས་ཐོབ་བོ་སྙམ་དུ་དེ་ལྟར་མངོན་པར་ཞེན་པར་གྱུར་ན་དེའི་ཚེ་ཅིའི་ཕྱིར་རྒྱུན་ཏུ་ཞུགས་པ་ཞེས་མི ་བྱ་སྙམ་པ་ལ། བཅོམ་ལྡན་འདས་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ།། སུ་ཞིག་བདག་གིས་ཞེས་བྱའོ་སྙམ་དུ་མངོན་པར་ཞེན་པར་གྱུར་ན་དེ་བདག་ཏུ་ལྟ་བ་སྤངས་པ་མ ་ཡིན་ནོ།། གང་བདག་ཏུ་ལྟ་བ་མ་སྤངས་པ་དེ་འཕགས་པའི་ལམ་མ་སྐྱེས་པའོ།། གང་འཕགས་པའི་ལམ་མ་སྐྱེས་པ་དེ་སོ་སོའི་སྐྱེ་བོའི་ཡིན་པས་རྒྱུན་ཏུ་ཞུགས་པར་ཇི་ལྟར་འགྱུར་སྙམ་དུ་དགོངས་པའོ།། ་འདི་ལྟར་གང་ཞིག་དྲི་བདག་གིས་ཞེས་མངོན་པ་རུ་ཞེན་པ་དེ་ནི་བདག་ཏུ་ལྟ་བ་ཀུན་ཏུ་འབྱུང་།། འདིས་ནི་སེམས་རབ་ཏུ་གཟུང་བ་བསྟན་ཏོ།། འདི་ཐམས་ཅད་ཀྱིས་ནི་གནས་འདིའི་ཟབ་པ་བརྗོད་དོ།། དཔེ་སྤྲོས ་ཏེ་བསྟེན་པས་དོན་འདི་ཉིད་བསྟན་པར་བྱ་བའི་ཕྱིར། ལན་ཅིག་ཕྱིར་འོང་བ་ཞེས་བྱ་བ་ལ་སོགས་པ་བཀའ་སྩལ་ཏོ།། འདིར་ཡང་ཚིག་གི་དོན་དང་མཚམས་སྦྱར་བ་ལ་སོགས་པ་ཐམས་ཅད་སྔ་མ ་བཞིན་དུ་སྦྱར་བར་བྱའོ།། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་བསྒོམྲྀ་པས་སྤང་བར་བྱ་བ་རྣམ་པ་དྲུག་སྤངས་པ་དི་ཉིད་འཕགས་པྲ་ལན་ཅིག་བྱིར་འོང་བ་སྟེ། ལ་མ་སུ་ཅན་གྱི་འི་ཕྱི། སྟན་མྱོད་པའི་ཉོན་མོངས་པ ་བསྒོམ་པས་སྤང་བར་བྱ་བ་མཐའ་ང་གི་སྤངས་པ་དེ་ཉིད་ཕྱིར་མི་འོང་བ་ཞེས་བྱ་སྟེ། འདོད་པའི་ཁམས་སུ་ཡང་མི་འོང་བའི་ཕྱིར་རོ།། གང་གི་ཚེ་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པའི་དྲི་མ་མཐའ ་ངག་སྤངས་པར་གྱུར་པ་དེའི་ཚེ་དྲི་ཉིད་འཇིག་རྟེན་མཐའ་དག་གིས་མཆོད་པར་འོས་པས་དགྲ་བཅོམ་པ་ཞེས་བྱའོ།། དགྲ་བཅོམ་པ་ཞེས་བགྱི་བའི་ཆོས་དེ་གང་ཡང་མ་མཆིས་ཞེས་བྱ་བ་ནི་ཉོན་མོངས་པའི་སྒྲིབ ་པ་རྣམ་པ་དེ་ལྟ་བུ་སྤངས་བླའི་ཡེ་ཤེས་ཀྱི་རྒྱུད་ལ་དེ་བཏགས་པའི་ཕྱིར་ལྔ། རྒྱུད་ཀྱང་བཏགས་པར་ཡོད་པའི་ཕྱིར་དོན་དམ་པར་དེ་གང་ཡང་མེད་དེ། དེ་ནི་སྒྲོ་བཏགས་པའི་ཕྱིར་སྙམ་དུ་དགོངས་པའོ།། དེ ་ནི་འཕགས་བྱ་རབ་འབྱོར་གྱིས་བདག་ཉིད་དབང་མིན་པས་བདག་གི་ཚིག་གཟུང་བར་འོས་པར་བྱ་བའི་ཕྱིར་ཡོན་ཏན་ཁྱད་པར་ཅན་ཉོན་མོངས་པ་མེད་པར་གནས་པ་དང་། ཡོན་ཏན་ཐུན་མོང་བ་དགྲ ་བཅོམ་པའི་སྒོ་ནས་བདོག་ཉིད་བརྗོད་པར་བྱེད་ཅིང་། སེམས་རབ་ཏུ་གཟུང་བ་ཉིད་བསྟན་པའི་ཕྱིར། བདག་ཅེས་བྱ་བ་ལ་སོགས་པ་གསོལ་ཏོ།། ཉོན་མོངས་པ་མེད་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་བྱེ་བྲག་གོ།། ་དེ་ཡང་གཉི་གའི་ཆ་ལས་རྣམ་པར་གྲོལ་བའི་དགྲ་བཅོམ་པ་ཁོ་ན་བདག་ལ་དམིགས་ནས་གཞན་དག་ཉོན་མོངས་པ་སྐྱེ་བར་མི་རུང་ངོ་སྙམ་ནས་རྣལ་འབྱོར་ལ་སྙོམས་པར་འཇུག་ཅིང་། དེ་ལས་ལྡངས ་པ་དེ་དག་ལ་དམིགས་ནས་གཞན་དག་ཉོན་མོངས་པ་སྐྱེ་བར་མི་འགྱུར་བ་སྟེ། ཉོན་མོངས་པ་མེད་པ་དེས་གནས་པའི་ངང་ཚུལ་ཅན་གང་ཡིན་པ་དེ་དག་ལ་དེ་སྐད་ཅེས་བྱའོ།། རྣམ་པར་དབྱེ་བ་འདི་ནི། ་དགར་བྱའོ།། བདག་ལ་ལུང་མི་བསྟན་ལགས་སོ་ཞེས་བྱ་བ་ནི་དེའི་ཚེ་བདག་ཏུ་ལྟ་བ་མ་སྤངས་པའི་ཕྱིར་བདག་གིས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡང་རྙེད་པར་དཀའ་ན། གང ་གཉི་གའི་ཆ་ལུས་རྣམ་པར་གྲོལ་བའི་དགྲ་བཅོམ་བྱས་ཐོབ་པར་བྱ་བ་ཉོན་མོངས་པ་མེད་པར་གནས་པ་ཉིད་ལྟ་སྨོས་ཀྱང་ཅི་དགོས། སྙམ་དུ་དགོངོས་པོའོ།། ཇི་ལྟར་ཉོན་མོངས་པ་མེད་པར་གནས་པར་བྱ། ་སྙམ་པ་ལ་ཅི་ལ་ཡང་མི་གནས་པ་ཞེས་བྱ་བ་གསོལ་ཏོ།། བདག་གིས་འབྲས་བུ་འདུས་བྱས་སམ་འདུས་མ་བྱས་འགྲའ་ཞིག་ཐོབ་བོ་སྙམ་པ་དེ་ལྟར་མངོན་པར་ཞེན་པས་སུ་ཞིག་མི་གནས་པ་དེ་ཉིད ་ཉོན་མོངས་པ་མེད་པར་གནས་པ་ཞེས་བྱུགས་དག་ཏུ་གསུངས་ཏེ། གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་ཐེ་ཚིག་གོ།། ད་ནི་བདག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས ་རྒྱས་ཀྱིས་ཉོན་མོངས་པ་མ་མཆིས་པར་གནས་པ་རྣམས་ཀྱི་མཆོག་ཏུ་ལུང་བསྟན་ཏེ། བཅོམ་ལྡན་འདས་བདག་འདོད་ཆགས་དང་བྲལ་བ་དགྲ་བཅོམ་པ་ལེགས་ཀྱང་ཞེས་བྱ་བ་ནི་བདག་ཏུ་མངོན་པར ་ཞན་པས་མ་ཡིན་གྱི། འོ་ན་ཇི་ལྟ་ཞེ་ན། ཐ་སྙད་ཙམ་ལ་མངོན་པར་ཞེན་པས་ཡིན་ཏེ། དེ་ནི་བདག་གིས་སྔར་བཤད་ཟིན་ཏོ།། གལ་ཏེ་དོན་དམ་པར་ཐོབ་པར་བྱ་བ་དང་། ཐོབ་པར་བྱེད་པ་ཅི་ཡང་མེད་ན་བཅོ ་ལྡན་འདས་བྱང་ཆུབ་སེམས་དཔར་གྱུར་པས་དེ་བཞིན་གཤེགས་པ་མར་མེ་མཛད་ལྷས་ཆོས་ཇི་ལྟར་བླངས། འོན་ཏེ་མ་བླངས་ན་ནི་དེའི་ཚེ་བདག་ཅག་ཆོས་ལྡན་པར་འདོད་པ་རྣམས་ཀྱིས་དེ་བཞིན་གཤེགས ་པ་བྱུང་བ་ལ་ཅིའི་ཕྱིར་མཉེས་པར་བྱ་སྙམ་དུ་གང་དག་དེ་ལྟར་རྟོག་པར་གྱུར་པ་དེ་དག་གི་ཐོས་པ་ཉུང་བ་བགེག་སུ་གྱུར་པ་དང་དཔྲལ་བའི་ཕྱིར་གནས་དྲུག་པའི་དབང་དུ་མཛད་ནས། དེ་བཞིན་གཤེགས་པས། ་དེ་བཞིན་གཤེགས་པ་དགྲ་བཅོམ་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མི་མཛད་ལས་གང་བླངས་པའི་ཆོས་དེ་གང་ཡང་ཡོད་སྙམ་མམ་ཞེས་བྱ་བ་གསུང་སོ།། རབ་འབྱོར་གྱིས་ཀྱང་དགོངས་པ་སྟེ ་མེ་ཉིད་བཟུང་ནས། དྭེ་ནི་མ་མཆིས་ཞེས་གསོལ་ཏོ།། དོན་དམ་པར་ཐོབ་པར་བྱ་བ་དང་ཐོབ་པར་བྱེད་པའི་དངོས་བྱོས་ཆོས་གང་ཡང་བླངས་པ་མེད་དེ་ཇི་ལྟར་སྔར་བཤད་པ་བཞིན་ནོ།། ཆོས་ཐམས་ཅད ་རང་བཞིན་གྱིས་ཞི་བའི་ཡང་ཕྱིར་རོ།། དེ་ལྟ་མོད་ཀྱི་དེ་བཞིན་གཤེགས་པའི་དབང་གིས་ཚིག་གི་ཚོགས་སྐུ་ཚོགས་པ་ལ་སྩོགས་པ་སྣང་བའི་ཤེས་པ་བྱུང་བ་ཙམ་ལ་བླངས་པ་ཞེས་གདགས་ཏེ། དེས་ན ་ཐོས་པ་ཡོངས་སུ་བཙལ་བ་འབྲས་བུ་དང་བཅས་པ་ཡིན་ནོ།། འདིས་ནི་དོན་གྱིས་ན་བྱང་ཆུབ་སེམས་དཔའ་ཐོས་པ་ཡོངས་སུ་ཚོལ་བའི་དུས་ན་སངས་རྒྱས་བྱུང་བ་མཉེས་པར་བྱའོ།། དེའི་འོག་ཏུ་སངས་རྒྱས ་ཀྱི་ཆོས་རྣམས་བླང་བར་བྱའོ་སྙམ་དུ་མངོན་པར་ཞེན་པ་མི་མཐུན་པའི་ཕྱོགས་སུ་ཡོངསུ་སྟོན་ཏེ། དེ་སྤང་བ་ལ་འདུན་པ་དང་། སྨོན་ལམ་གྱིས་གནས་པར་བྱ་བ་ཡང་སྟོན་ཏོ།། མར་མེ ་མཛོད་ལས་ཆོས་གྲང་ཡང་བླངས་མ་ཞེས་བྱ་བ་ཕྱོགས་ཙམ་ཞིག་བརྗོད་པས་ཆོས་བླང་བའི་མཚན་མ་ཐམས་ཅད་ཟློག་པར་བྱེད་དོ།། བླངས་པའི་ཆོས་དྲི་གྲང་ཡང་མ་མཆིས་ཞེས་བྱ་བ་འདིས་ནི་ཆོས་རྣམས་ཀྱི་དོན ་དམུ་པ་གཟུང་དུ་མེད་པར་རྣམ་པར་འཇོག་པར་བྱེད་ཅིང་། དེ་ལ་རྣལ་འབྱོར་དུ་སྙོམས་པར་འཇུག་པ་དང་གཡེང་བ་ཚར་གཅོད་པ་ཡང་སྟོན་ཏོ།། གནས་འདིའི་ཟབ་པ་ཡང་བརྗོད་དོ།། གལ་ཏེ་ལས་དང་བྱེད་པ་པོ་ལ་སོགས ་པ་དོན་དམ་པར་མེད་པ་ཉིད་ཡིན་ན་དེའི་ཚེ་བྱང་ཆུབ་སེམས་དཔའ་དག་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་བསྒྲུབ་པའི་ཕྱིར། ཇི་ལྟར་སྨོན་ལམ་གང་བ་སྙམ་དུ་སེམས་པ་དེ་དག་དམིགས་པ་ཆུང་ངུ་ཡིད་ལ་བྱེད་པ ་སྒོམ་པ་བགེ་གསུ་གྱུར་པ་དང་དཔྲལ་བའི་ཕྱིར་གནས་འདུན་པའི་དབང་དུ་མཛད་ནས་བྱང་ཆུབ་སེམས་དཔའ་གངལ་ལ་ཞེས་བྱ་བ་ལ་སོགས་པ་གསུངསོ།། མི་བདེན་པ་ཞེས་བྱ་བ་ནི་བརྫུན་པའོ།། གལ་ཏེ་དེ་ལྟ་ན ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞིང་ཡོངསུ་དག་པ་ཕུན་སུམ་ཚོགས་པ་དེ་དང་དེར་ཇི་ལྟར་གསུངས་སྙམ་དུ་སེམས་ཤིང་དེ་ཅིའི་སླད་དུ་ཞེས་ཞུས་པ་དང་ལན་དུ། ཞིང་བཀོད་པ ་རྣམས་ཞེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་གསུང་སོ།། ཞིང་མང་པོ་དག་ནི་ཞིང་བཀོད་པ་རྣམས་སོ།། བཀོད་པ་དེ་དག་མྱེད་པར་ཞེས་བྱ་བ་ནི་དོན་དམ་པར་ཡན་ལག་ཅན་གྱི་ངོ་བོ་འམ། རྡུལ་ཕྲ་རབ་བསགས་པར ་བཀོད་པ་གང་ཡང་མེད་པའི་ཕྱིར་རོ།། བཀོད་པ་དེ་དག་ནི་མེད་པ་ཁོ་ན་མོད་ཀྱི། འོན་ཀྱང་རྨི་ལམ་ན་དམིགས་པའི་ཞིང་བཀོད་པ་བཞིན་དུ་མ་བརྟགས་ན་དགའ་བ་ཙམ་དུ་ཀུན་རྫོབ་ཏུ་ཡོད་པར་གསུངས་ཏེ། དེ་ཉིད་ཀྱི་ཕྱིར། ་ཞིང་བཀོད་པ་རྣམས་ཞེས་བྱའོ།། དེ་ལྟ་མ་ཡིན་ན་དོན་དམ་པའི་རང་བཞིན་ནི་བརྗོད་པར་མི་ནུས་པས་བརྗོད་པར་མི་འགྱུར་རོ་སྙམ་དུ་དགོངས་པའོ།། མི་གནས་པ་གྲོང་དུ་ཡང་བཤད་མོད་ཀྱི། བརྗེད་དྲས་པའི ་ངས་པའི་ཚུལ་ཅན་དག་ལོ་ཕན་གདགས་པའི་དོན་དུ། མཇུག་བསྡུ་བའི་ཐབས་ཀྱིས་དྲན་པར་བྱ་བའི་ཕྱིར། དེ་ལྟ་བྱས་ན་ཞེས་བྱ་བ་ལ་སྔོགས་པ་གསུངསོ།། འདི་ལྟར་ཞེས་བྱ་བ་ནི་ཇི་སྐད་སྨོས་པའི་རྣམ ་བྱས་དངོས་པོ་གང་ཡང་གྲུབ་པ་མེད་པའི་ཕྱིར་དེ་ལ་མི་གནས་པར་སེམས་བསྐྱེད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ།། ལྷག་མ་ནརྀ་སྔ་མ་བཞིན་ནོ།། དེ་ལ་མི་བདེན་པར་སྨྲ་བའོ་ཞེས་བྱ་བ་འདིས་ནི་དོན་གྱིས་ན ་དོན་དམ་པར་བདག་གིས་ཞིང་བཀོད་པ་བསྒྲུབ་བོ་སྙམ་དུ་མངོན་པར་ཞེན་པ་མི་མཐུན་པའི་ཕྱོགས་སུ་ཡོངས་སུ་སྟོན་ཏེ། ཞིང་བཀོད་པ་རྣམས་ཞེས་མཚན་མ་ཙམ་ཞིག་བརྗོད་པས་དམིགས་པ་ཆུང་ངུ ་ཡིད་ལ་བྱེད་པ་སྒོམ་པ་ཐམས་ཅད་དང་དཔྲལ་བར་ཡོངས་སུ་སྟོན་ཏོ།། དམྱིགས་བྱ་ཆུང་ངུ་ཡིད་ལ་བྱེད་པ་བསྒོམ་པ་ལ། འདུན་བྱ་དང་། སྐྱོན་ལྡུམ་གདབ་པ་ཡང་སྟོན་ཏོ།། བཀོད ་པ་དེ་དག་མེད་པར་དེ་བཞིན་གཤེགས་པས་གསུངས་ཞེས་བྱ་བ་འདིས་ནི་དོན་དམ་པར་མཇོག་པས་རྣལ་འབྱོར་དུ་སྙོམས་པར་འཇུག་པ་ལ་འཇུད་དེ་ཟབ་པ་ཡང་སྟོན་ཏོ།། དྲོས་ན་ཞིང་བཀོད་པ་རྣམས་ཞེས་བྱའོ།། ་ཞེས་བྱ་བུ་འདིས་ནི་སྐུར་པ་འདེབས་པའི་མཐའ་བཀག་ནས་རྣམ་པར་གཡེང་བ་ཚར་གཅོད་པ་སྟོན་ཏེ། གནས་འདིའི་རྒྱ་ཆེ་བ་ཡོངས་སུ་སྟོན་ཏེ།། ཕུང་པོ་རྣམས་ལུས་སེམས་ཅན་གུད་ན་མྱེད་དུ་ཟིན་ཀྱང་ཐ་མི ་ད་པ་ཞིག་ཡོད་པ་ཁོ་ན་མ་ཡིནྡ་ནམ་གཞན་དུ་ན་བྱང་ཆུབ་སེམས་དཔའ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཇི་ལྟར་འཇུག་སྙམ་དུ་གང་སེམས་པ་དེ་སེམས་ཅན་ཡལ་བར་འདོར་བའི་མཚན་ཉིད ་གགས་སུ་གྱུར་པ་དཔྲལ་བའི་ཕྱིར་གནས་བརྒྱད་པའི་དབང་དུ་མཛད་ནས་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་གསུངས་སོ།། སྐྱེས་བུ་ཞིག་ཅེས་བྱ་བ་ནི་ལྷ་མུ་ཡིན་གྱི་དབང་པོ་སྒྲ་གཙུན་ཟིན་ཏེ། དེའི་ལུས་ནི་འདོད་པའི ་ཁམས་ན་རི་རབ་ཀྱི་ཚད་ཙམ་མོ།། དེ་ཆེར་ཟིན་ཀྱང་དོན་མེད་པར་དེའི་ཆེན་པོ་སྟེ། བཅོམ་ལྡན་འདས་ཀྱིས་ཅིའི་ཕྱིར་བསྟན་པའི་དགོངས་པ་བརྗོད་པར་འདོད་པས། དེ་ཅིའི་སླད་དུ་ཞེས་དྲིས་པ་དང་། དགོངས་པ་དེ་ཉིད ་རྗོད་པའི་ཕྱིར། དངོས་པོ་མ་མཆིས་པར་ཞེས་བྱ་བ་སྨོས་སོ།། དོན་དམ་པར་གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར་ངོ་བོ་ཉིད་མེད་པ་ཁོ་ན་སྟེ། དྲིལམ་ངག་ན་དྲིས་པའི་ལུས་བཞིན་དུ་དེ་ནི་ཀུན་རྫོབ ་ཉིད་དུ་དེ་བཞིནི་གཤེགས་པས་གསུངས་ཀྱི་དོན་དྲུམ་བཱིར་ནི་མ་ཡིན་ནོ།། དེས་ན་ལུསྱ་ཞེས་བགྱིའོ་ཞེས་བྱ་བ་ནི་འདིར་འཐོད་པ་སྨྲས་པའོ།། འདི་ལྟར་འདི་ནི་ཀུན་རྫོབ་ཉིད་དེ་དེའི་ཕྱིར་དེ་སྐད་ཅེས་བྱའོ་དེ་ལྕེ་མ ་ཡིན་ནི་དོན་དམ་པར་ཆོས་གང་ཡང་གྲུབ་པ་མེད་པའི་ཕྱིར་དེ་སྐད་མི་བརྗོད་དོ་ཞེས་དགོངས་པའོ།། རྒྱལ་དབོག་པ་ལྔ་སོགས་པ་གང་དག་མེད་པ་ལ་དངོས་པོར་ཁས་ལེན་པ་དེ་དག་དགག་པའི་ཕྱིར། དེ་དངོས་བློ།། ་མ་མཆིས་པས་ཞེས་བྱ་བ་སྨོས་སོ།། དངོས་པོ་མེད་པ་ནི་དངོས་པོ་སྨྱུངས་ཏེ་གྷནྟས་པའི་མཚན་ཉྩིདྲི་ཡིན་པས་ཇི་ལྟར་དེ་དང་མྲི་མཐུན་པའི་ངོ་བོར་མི་འགྱུར། དེའི་ཕྱིར་ལུས་ཞེས་བྱའོ།། དེ་མ་ཡིན་ན་དོན། ་དམ་པར་ལུས་གང་ཡང་གྲུབ་པ་མེད་པས་ལུས་ཞེས་བྱ་བ་འདྲིར་ཅི་ཞིག་བརྗོད་དོ་དེའི་ཕྱིར་དངོས་པོ་མེད་པར་བསྟན་པ་འདིས་ནི་འདི་ཡོངས་སུ་བསྟན་པ་ཡིན་ཏེ། ལུས་ཀྱི་ཚད་རི་རབ་ཙམ་གང་ཡིན་པ་ཡང་གང་གི། ་ཚེ། དོན་དམ་པར་ངོ་བོ་ཉིད་མེད་པས་བདག་ཉིད་ཀྱི་ལུས་མ་ཡིན་པ་དེའི་ཚེ་ཇི་ལྟར་གཞན་དག་གིས་ལུས་ངོ་བོ་ཉིད་དང་བཅས་པ་འམ་བདག་དང་བཅས་པར་འགྱུར། འདི་ལ་དོན་གྱིས་ན་བྱང་ཆུབ་སེམས་དཔའ ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་བརྩོན་པ་དོན་དམ་པར་སེམས་ཅན་དུ་མངོན་པར་ཞེན་པ་མི་མཐུན་པའི་ཕྱོགས་སུ་སྟོན་ཏེ། དེ་སྤངས་པར་བྱ་བའི་འདུན་པ་དང་།། ། ་སྨོན་ལམ་གདབ་པ་ཡང་བསྟན་ཏོ།། སྐྱེས་བུ་ཞིག་ཅེས་བྱ་བ་མཚུན་མ་ཙམ་ཞིག་བརྗོད་པས་སྒོ་ང་ལས་སྐྱེས་པ་ལ་སོགས་པ་ལུས་སོ་སོ་ཐ་དད་པ་ཐམས་ཅད་གཟུང་བར་བརྗོདདོ།། དེ་བཞིན་གཤེགས ་པིས་དེ་དངོས་པོ་མ་མཆིས་པར་གསུངསོ།། ཞེས་བྱ་བ་འདིས་ནི་དོན་དུམ་པར་རྣམ་པར་འཇོག་ཅིང་དེ་ལ་རྣལ་འབྱོར་དུ་སྙོམས་པར་འཇུག་པའི་གནས་ཡོངསུ་སྟོན་ཏོ།། ཟབ་པ་ཡང་བརྗོད་དོ།། དེ་དངོས ་བོ་མ་མཆིས་པས་ཞེས་བྱ་བ་འདིས་ནི་གཡེང་བ་ཚོར་གཅོད་པ་སྟོན་ཏོ།། ད་ནི་ཆོས་ཀྱི་རྣམ་གྲངས་འདྲི་ཤིན་ཏུ་དོན་ཆེ་བར་བརྗོད་པས་ཕྱི་བསྟན་བཅོས་ལ་མངོན་པར་ཞེན་པ་རྣམས་དེ་ལ་རྗེསུ་ཆགས་པ ་རྣམ་པར་གཡེང་བ་དང་དཔྲལ་བའི་ཕྱིར་གནས་དགུ་པའི་ངང་དུ་མཛད་ནས་རབ་འབྱོར་འདི་ཇི་སྙམ་དུ་སེམས་ཞེས་བྱ་བ་གསུངསོ།། འདིས་རྣམ་པ་བཞིས་ཆོས་ཀྱི་རྣམ་གྲངས་འདིའི་ཁྱད་པར་ཡོངསུ་སྟོན ་ཏེ། བསོད་ནམས་ཡོངས་སུ་སྡུད་པ་དང་། ལྷ་ལ་སོགས་པ་རིམ་གྲོ་བྱེད་པ་དང་། བྱ་དཀའ་བ་བྱེད་པ་དང་། དེ་བཞིན་གཤེགས་པ་ལ་སོགས་པ་དང་མཚུངས་པར་བྱེད་པའོ།། དེ་ལ་བསོད་ནམས་ཡོངསུ་སྡུད ་བ་ནི་གཞི་དེ་ལས་བསོད་ནམས་མང་དུ་བསྐྱེད་ཅེས་གང་གསུངས་པའོ།། ལྷ་ལ་སྩོགས་པས་རིམ་གྲོ་བྱེད་པ་ནི། ས་ཕྱོགས་དེ་མཆོད་རྟེན་དུ་གྱུར་པ་ཡིན་ཞེས་གང་གསུངས་པའོ།། བྱ་དཀའ་བ་བྱེད་པ་ནི ་དེ་དག་ངོ་མཚར་རབ་དང་ལྡན་པར་འགྱུར་རོ་ཞེས་གང་གསུངས་པའོ།། དེ་བཞིན་གཤོགས་པ་ལྔ་སོགས་པ་དང་མཚུངསོ་བར་བྱེད་པ་ནི། ས་ཕྱོགས་དེ་ན་སྟོན་པ་འམ་བླ་མ་ལྟ་བུ་གང་ཡང་རུང་བ་གནསོ་ཞེས ་གང་གསུངས་པའོ།། དེ་ལ་རིན་པོ་ཆེའི་སྦྱིན་པའི་བསོད་ནམས་བརྗོད་པ་ཁྱད་པར་རྣམ་པ་གཉིས་ཀྱིས་ཁྱད་པར་དུ་འཕགས་པར་ཡོངསུ་བསྟནྡ་ཏེ། དངོས་པོའི་ཁྱད་པར་དང་། ཞིང་གི་ཁྱད་པར་རོ།། དངོས་པོའི་ཁྱད ་པར་དུ་འཕགས་པ་ཡང་རྒྱ་ཆེ་བ་དང་། གླུ་ནོམ་པའོ།། དེ་ལ་རྒྱ་ཆེ་བ་ནི་གཞིའི་བྱེ་བྲག་གིསྒྲ་རབ་ཏུ་མྱོང་བ་སྟེ། འཇིག་རྟེན་གྱི་ཁམས་དེ་སྙེད་ཅེས་གང་གསུངས་པའོ།། གྱ་ནམ་པ་ནི་འཇིག་རྟེན་ན་ཤིན་དུ་དཀོན ་པར་གྲགས་པ་སྟེ། རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་གང་བར་བྱས་ཏེ་ཞེས་གསུངས་པའོ།། ཞིང་ནི་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་ལྡན་པས་ཁྱད་པར་དུ་འཕགས་པའོ།། དེ་ལ་གཞནྡ་གྱི་ཕུན ་སུམ་ཚོགས་པ་ནི་སྤང་བར་བྱ་བ་དང་། བླང་བར་བྱ་བའི་དེ་ཁོ་ན་གཞན་ངག་ལ་ཕྱིན་ཅི་མ་ལོག་པར་སྟོན་པའི་ཕྱིར་ཏེ། དེ་བཞིན་གཤེགས་པས་ཞེས་གསུངས་པའོ།། དེ་དངོས་པོའི་དེ་ཁོ་ན་དེ་ཇི་ལྟ་བ ་དེ་བཞིན་དུ་གསུངས་པས་ངེས་པའི་ཚིག་ཏུ་ན་དེ་བཞིན་དུ་གསུང་བ་ཞེས་བྱའོ།། བདག་གི་དྲོན་ཕུན་སུམ་ཚོགས་པ་ནི་ཡེ་ཤེས་དང་སྤངས་པ་ཕུན་སུམ་ཚོགས་པ་ཐ་དད ་བྱས་རྣམ་པ་གཉིས་ཏེ། དེ་ལ་དགྲ་བཅོམ་པ་ཞེས་བྱ་བ་འདིས་ནི་སྤངས་པ་ཕུན་སུམ་ཚོགས་པ་བསྟན་ཏེ། ཉོན་མོངས་པའི་དགྲ་བཅོམ་པས་ངེས་པའི་ཚིག་ཏུ་ན་དགྲ་བཅོམ་པ་ཞེས་བྱའོ།། ཡང་དགྲ་པར ་རྫོགས་པའི་སངས་རྒྱས་ཞེས་བྱ་བ་འདིས་ནི་ཡེ་ཤེས་ཕུན་སུམ་ཚོགས་པ་བསྟན་ཏོ།། དེའི་ཕྱིར་ཚིག་གསུམ་སྨོས་པ་འབྲས་བུ་དང་བཅས་པ་ཡིནོ་ཞེས་སྤྱིར་བསྡུ་བའི་དོན་ཏོ།། མོས་པར་བྱ་ཞེས་བྱ་བ་ནི་འདོད ་པ་སྟེ། མོས་པ་བསྐྱེད་པར་བྱའོ་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བ་ནི་རྟོགས་པར་བྱ་བ་སྟེ། ཤེས་རབ་ཀྱི་བསྐྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། འདི་ལ་སྔ་མ་ནི་ཕྱི་མའི་འབྲས་བུའོ།། ཡང་ན་ཕྱི་མ་ནི་སྔ་མའི་བཤད་པའོ།། ། ་བཤད་ཅེས་བྱ་བ་ནི་སྒྲའོ།། ཡང་དག་པར་བསྟན་ཅེས་བྱ་བྱ་ནི་འདོད་པ་སྟེ་མོས་པྲ་བསྐྱེད་པའི་དོན་ཏོ།། གྲོངས་མེད་ཅེས་བྱ་བ་ནི་གྲངས་ཀྱིས་ཡོངས་སུ་བཅད་པར་མི་ནུས་པའི་ཕྱིར་རོ།། དཔག་ཏུ་མེད་ཅེས་བྱ་བ་ནི ་མཐུ་དཔག་པོར་མི་ནུས་པ་འམ་དཔེ་མེད་པའི་ཕྱིར་རོ།། འདོན་ཅེས་བྱ་བ་ནི་བདག་ཉིད་ཡི་གེ་ཁ་ཏོན་དུ་བྱེད་པའོ།། སྟོན་ཅེས་བྱ་བ་ནི་གཞན་དག་ལ་ཚིག་གི་དོན་ཡང་དག་པར་སྟོན་པའོ།། ཡང་ན་འདོན་པ་ནི་ཚིག། ་སྟོན་པ་ནི་དོན་ཏོ།། མཆོད་རྟེན་དུ་གྱུར་ཅེས་བྱ་བ་ནི་ཕྱག་བྱ་བར་འོས་པའོ།། མཆོད་རྟེན་ཉིད་མཆོད་རྟེན་དུ་གྱུར་པ་སྟེ། དཔེར་ན་དབང་དུ་གྱུར་ཅེས་བྱ་བ་བཞིན་ནོ།། འདི་ལྟར་གང་ཟག་ལ་བདག་མེད་པྲ་ཙམ་གྱི ་ཚིགས་སུ་བཅད་པ་བསྟན་པས་ཀྱང་མཆོད་རྟེན་དུ་གྱུར་པ་ཡིན་ན་བདག་མེད་པ་གཉི་ག་བསྟན་པ་ལྟ་སྨོས་ཀྱང་ཅི་དགོས་སྙམ་དུ་དགོངས་པའོ།། ལོན་པ་ཞེས་བྱ་བ་ནི་ཚིག་གོ།། འཛིན་པ་ཞེས་བྱ་བ་ནི་མི་བརྗེད་པ ་ཀློག་ཅེས་བྱ་བ་ནི་གླེགས་བམ་དུ་བྱས་པའོ།། ཀུན་ཆུབ་པར་བྱེད་ཅེས་བྱ་བ་ནི་དོན་ཏེ། འདིས་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་འཛིན་པར་བསྟན་ཏོ།། བསམ་པ་དང་བསྒོམ་པའི་ཤེས་རབ་ཀྱིས ་ཀྱང་འཛིན་པའི་ཕྱིར་ཚུལ་བཞིན་ཞེས་བྱ་བ་གསུངས་ཏེ། དོན་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་ཅེས་བྱ་བའི་ཐ་ཚིག་གོ།། ཁ་ཅིག་ལས་ནི་འཛིན་ཅེས་བྱ་བའི་ཆུག་གཅིག་པུ་འབྱུང་སྟེ། དེ་ལ་འཛིན་པ་ནི་ཚིག ་དུདང་དོན་གཉིས་གཽར་བལྟ་བར་བྱའོ།། ངོ་མཚར་རབ་ཅེས་བྱ་བ་ནི་ཆོས་ཟབ་ཅིང་རྒྱ་ཆེ་བླ་རྣམ་པ་འདི་ལྟ་བུ་ཁོང་དུ་ཆུད་པའི་ཕྱིར་རོ།། སྟོན་པ་གནས་ཞེས་བྱ་བ་ནི་ཆོས་སྨྲ་བ་སྟེ། སྟོན་པའི་མཛད་པ་མཛད་པའི་ཕྱིར། ་ཏེ། དེ་ཉིད་སངས་རྒྱས་བཅོམ་ལྡན་འདས་མངོན་སུམ་དུ་བཞུགས་པ་དང་འདྲའོ་ཞེས་བྱ་བའི་ཐ་ཚིག་གོ། བླ་མ་ལྟ་བུ་གང་ཡང་རུང་པོ་ཞེས་བྱ་བ་ནི་འཕགས་པ་འཛོམ་པའི་དབྱངས་ལ་སོགས་པ་གང་ཡང་རུང་བ་སྟེ། ་དེའི་མཛད་བྱ་བསྒྲུབ་པའི་ཕྱིར་ཆོས་སྨྲ་བུ་དེ་གནས་པར་བལྟའོ།། ཁཱ་ནྟིགཱ་ལས་ནི་གཞན་དྲུང་གཞན་དག་ཅེས་ཚིག་གཉིས་འབྱུང་སྟེ། དེ་ནི་བླ་མ་ལྟ་བུ་ཐམས་ཅད་ཀྱི་རྣམ་གྲངས ་ཏེ། དོན་གནས་ཞེས་བསྟན་པའི་ཕྱིར་རོ།། འདི་ཐམས་ཅད་ཀྱིས་ནི་གནས་འདིའི་རྒྱ་ཆེ་བྱི་བསྟན་ཏོ།། དོན་གྱིས་ན་དམ་པའི་ཆོས་ཡོངསུ་བཟུང་བ་བཏང་ནས་ཕྱིའི་བསྟན་བཅྡོཾས་ལ་ཇི་སུ་ཆགས་པ་མི་མཐུན་པའི ་ཕྱོགས་ཡོངས་སུ་བསྟན་ཏེ། དེ་ལ་རྗེས་སུ་ཆགས་པ་ཡོངས་སུ་བཏང་ལ་ཆོས་ལ་བརྩོན་པར་བྱ་བ་ལ་འདུན་པ་དང་། སྨོན་ལམ་བཏབ་པ་སྟོན་ཏོ།། ཆོས་ཀྱི་རྣམ་གྲངས་འདི་ལས་ཞེས་བྱ་བ་མཚན་མ་ཙམ ་ཞིག་སྨོས་པས་ཕྱིའི་བསྟན་བཅོས་ལ་རྗེ་སུ་ཆགས་པ་སྤངས་ཏེ། དམ་པའི་ཆོས་ཐམས་ཅད་ལ་བརྩོན་པར་བྱའོ་ཞེས་ཡོངསུ་སྟོན་ཏོ།། ཆོས་ཀྱི་རྣམ་གྲངས་འདི་ནུས་པ་བསམ་གྱིས་མི་ཁྱབ་པ་དང་ལྡན ་པས་གཞིན་ལ་ཕན་གདགས་པའི་དོན་དུ་མིང་ཐོས་པ་ཙམ་གྱིས་ཀྱང་སེམས་ཅན་རྣམས་ཀྱི་བསོད་ནམས་ཀྱི་བསོད་ནམས་སྐྱེ་བར་བརྗོད་པའི་ཕྱིར་འཕགས་པ་རབ་འབྱོར་གྱིས་འདིའི་མིང་ཅི་ལྗགས་ཞེས ་ཞུས་སོ།། འདི་ཇི་ལྟར་བཟུང་བར་བགྱི་ཞེས་བྱ་བ་ནི་འདི་བཟུང་བས་ཀྱང་བསོད་ནམས་དཔག་ཏུ་མེད་པར་འགྱུར་བར་ཡོངསུ་སྟོན་ཏོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་གང་གི་མིང་དེ་ཡིན་པ་དེ་ལ ་དེ་སྐད་ཅེས་བྱའོ།། འདིས་ཤེས་བྱའི་ཕ་རོལྟ་རྟོགས་ཤིང་ཡོངས་སུ་གཅོད་པས་ཕ་རོལ་ཏུ་ཕྱིན་པའོ།། དེ་ནི་ཤེསྣ་རབ་ཀྱང་ཡིན་ལ་ཕ་རོལ་ཏུ་ཕྱིན་པ་ཡང་ཡིན་ནོ་ཞེས་བསྡུ་བའོ།། ཡང་ན་ཤེས་རབ་ཀྱི་ཕ་རོལ་ནི ་ཤེས་རབ་ཀྱི་ཕ་རོལ་ཏེ་དེ་འདི་རྟོགས་ཤིང་ཡོངས་སུ་གཅོད་པསྭཱ་ན་དྲི་སྐད་ཅེས་བྱའོ།། དེ་ལ་ཤུགས་ཀྱིས་ནཱ་དུ་བཞིན་གཤེགས་པའི་ཤེས་རབ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་སྟེ། ཤེས་རབ་གཞན ་གྱིས་ནི་ཕ་རོལ་གཞལ་བར་མི་ནུས་སྷོ།། ཡང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སོན་ཏོ་ཞེས་བྱ་བའི་ཚིག་འདི་ཉིད་དོ།། དེ་ནི་དྷཱི་སྐད་སྨོས་པའི་ཤེས་རབ་ཁོ་ན་སྟེ། གཞན་ནི་དེའི་ཕ་རོལ་ཏུ་འགྲོ་མི་སྲིད་པའི ་ཕྱིར་རོ།། འདིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཡང་བ་ཤཱངྒ་པཾ་ཡི་ནོ།། དེ་བརྗོད་པཪྵ་འགྱུར་བས་ཆོས་ཀྱི་རྣམ་གྲངས་འདི་ལ་ཡིད་དེ་སྐད་ཅེས་བྱའོ།། རོ་ལ་རྙེད་མཱ་ཕྲོགས་པ་ལ་སོགས་པ་སྙན ་དྲིངགས་སྒྱུར་བ་བཞིན་ནོ།། དེ་ནི་བཅོམ་ལྡན་འདས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ་ཉིད་ཡིན་པས་ཐུན་མོང་མ་ཡིན་པའི་ཕྱིར་དང་། དེ་དོན་དྲིམ་པར་ཡང་མ་སྐྱེས་པའི་ཕྱིར་དེ་སྒྲས་བརྗོད་མི་སྲིད་དོ་སྙམ་དུ ་སེམས་པའི་བསམ་པ་ལས་བརྟགས་ནས་དེ་ཅིའི་སླད་ཞེས་ཞུས་པ་དང་། ལན་དུ་རབ་འབྱོར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་གསུངས་པ་དེ་ཞེས་བྱ་བ་བཀའ་སྩལ་ཏོ།། དེ་དོན་དམ ་པར་སོ་སོ་རང་གྲིས་རིག་པར་བྱ་བ་ཡིན་པས་ཐུན་མོང་མ་ཡིན་པའི་ཕྱིར་དང་། དོན་དམ་པར་ཆོས་ཐམས་ཅད་ཤིན་ཏུ་མ་སྐྱེས་པའི་ཕྱིར་སྒྲས་བརྗོད་དུ་མི་རུང་མོད་ཀྱི། འོན་ཀྱང ་རྣམ་པར་རྟོག་པའི་གཟུགས་བརྙན་གྱི་རང་གི་ངོ་བོ་ལ་ཕྱི་རོལ་ཏུ་སྒྲོ་བཏགས་ཏེ། རྣམ་པར་རྟོག་པ་དེ་ཡང་རང་བཞིན་གྱིས་འཁྲུལ་པ་ཡིན་པས་དེས་སྒྲོ་བཏགས་པའི་རྣམ་པ་དེ་ཡང་བརྫུན་པ་ཉིད་དོ།། ་དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་རྟོག་པའི་གཟུགས་བརྙན་དུ་གྱུར་པ་གང་དེ་བཞིན་གཤེགས་པས་གསུངས་ཤིང་སྒྲོས་གོ་བར་བྱས་པ་དེ་ཉིད་ཕ་རོལ་ཏུ་ཕྱིན་པ་མེད་པ་ཡིན་གྱི་དེ་བཞིན ་གཤེགས་པའི་ཤེས་རབ་ནི་མ་ཡིནྡ་ཏེ། དེ་ནི་བདེན་པའི་ཀུནི་རྫོབ་ཏུ་ཤེས་བྱའི་ཕ་རོལ་ཏུ་སོན་པའི་ཕྱིར་རོ།། དེ་ལྟ་མ་ཡིན་ནེ་པཅོམ་ལྡན་འདས་ཐམས་ཅད་མཁྱེན་པར་ཇི་ལྟར་འགྱུར། རྟོགས་པར་བྱེད་པ ་འཁྲུལ་པས་དེ་དང་རྣམ་པར་རྟོག་པའི་གཟུགས་བརྙན་དུ་གྱུར་པ་ཐ་དད་པོར་ཁོང་དུ་མི་ཆུད་པའི་ཕྱིར་རོ།། དེས་ཤེས་པའི་ངོ་བོར་དོན་དམ་པའི་ཤེས་རབ་དེ་ཉིད་དྲི་བཞིན་གཤེགས་པས་གསུངས་ཞེས་བྱའོ།། ། ་དེས་ན་དེ་ལྟར་བསྟན་པ་ལ་འགལ་བ་མེདདོ་སྙམ་དུ་དགོངས་པའོ།། ཡང་ན་དེ་བཞིན་གཤེགས་པའི་ཤེས་རབ་གང་ཡིན་པ་རྟོགས་པར་བྱེད་པའི་ངོར་དེ་བཞིན་གཤེགས་པས་གསུངས་པ་དེ་ཉིད་དོན་དམ་པར ་མེད་པ་ཁོ་ན་སྟེ། དེ་དོན་དམ་པར་ན་ཕ་རོལ་ཏུ་འགྲོ་བ་མེད་པའི་ཕྱིར་རོ།། ཉིད་ཅེས་བྱ་བའི་སྒྲ་ནི་ཕ་རོལ་ཏུ་ཕྱིན་པ་མེད་ཅེས་བྱ་བའི་འོག་ཏུ་གཞག་པར་བལྟའོ།། འདིས་ནི་དོན་དམ་པ་རྣམ་པར་འཇོག་ཅིང་དེ་ལ ་རྣལ་འབྱོར་དུ་སྙོམས་པར་འཇུག་པས་ཇི་ལྟར་བསྒྲུབ་པར་བྱ་བ་ཡོངསུ་བསྟན་ཏོ།། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་རྟོགས་པའི་གཟུགས་བརྙན་གྱི་རང་གི་ངོ་བོ་ཁོ་ན་ལ་ཕྱི་རོལ་ཏུ་སྒྲོ་བཏགས ་ནས་བཅོམ་ལྡན་འདས་ཀྱིས་གསུངས་ཀྱི། གཞན་དུ་མ་ཡིན་པ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱང་དེ་བཞིན་གཤེགས་པས་གསུངས་པར་བསྟན་པའི་ཕྱིར་རབ་འབྱོར་འདི་དྷི་སུམ་དུ་སྐེམས་ཞེས་བྱ་བ་གསུང ་ཏེ། དོན་དམ་པར་ཆོས་ཐམས་ཅད་གྲུབ་པ་མེད་པའི་ཕྱིར་རོ།། གྲུབ་ཏུ་ཆུག་ན་ཡང་རང་གི་མཚན་ཉིད་རྣམས་ནི། ཐུན་མོང་མ་ཡིན་པས་བཛྲ་གངགིས་མི་ནུས་པའི་ཕྱིར་རོ།། སྤྱིའི་མཚན་ཉིད་ནི་བཏགས་པའི་ཕྱིར ་རོ།། རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་ལས་མ་གཏོགས་པ་བརྗོད་པར་བྱ་བ་གཞན་ནི་མེད་དེ། དེ་གཉིས་ཕན་ཚུན་སྤངས་ཏེ་གནས་ཕའི་མཚན་ཉིད་ཡིན་པའི་ཕྱིར་རོ།། དེ་ལྟ་བས་ན་དོན་དམ་པར་གང་དེ ་བཞིན་གཤེགས་པས་གསུངས་པའི་ཆོས་དེ་གང་ཡང་མེད་པར་དགོངས་པའི་གནས་རབ་འབྱོར་གྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་གསུངས་པའི་ཆོས་དེ་གང་ཡང་མ་མཆིསོ་ཞེས་གསོལ་ཏོ།། ། ་འདིས་ནི་རྣམ་པར་གཡེང་བ་ཚར་གཅད་པ་དང་ཟབ་པ་བསྟན་ཏོ།། དེ་ལྟར་ཆོས་ཐམས་ཅད་ལ་བདག་མེད་པར་རྒྱ་ཆེར་བསྣུན་དུ་ཟིན་ཀྱང་། ལས་དང་པོ་པ་གང་དག་འདི་སྙམ་དུ་རྫོ ་ལྟར་ཆོས་ཐམས་ཅད་བདག་མེད་པར་བསྒོམ་སྙམ་སེམས་པ་དེ་དག་དངོས་པོའི་མཚན་མུ་ཟིལ་གྱིས་གནོན་པ་ལ་ཐབས་མི་མཁས་པ་དང་དབྲལ་བའི་ཕྱིར་གནས་བཅུ་པའི་དབང་དུ་མཛད་ནས། རབྱ་འབྱེར ་འདི་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་གསུངསོ།། འདི་ལ་ཐབས་རྣམ་པ་གཉིས་ཀྱིས་གཅིག་དང་དུ་མའི་རང་བཞིན་དང་བྲལ་བར་ཁོང་དུ་ཆུད་པས་ཆོས་ཐམས་ཅད་བདག་མེད་པར་བསྒོམ་པོར ་བྱའོ་ཞེས་སྟོན་ཏོ།། དེ་ལ་ཐབས་རྣམ་པ་གཉིས་ནི་བསྲབཱ་པཱར་བྱ་བའི་ཐབས་དང་། སྣང་བླ་མེད་པར་བྱ་བའི་ཐབས་སོ།། དེ་ལ་སའི་རྡུལ་ཇི་སྙེད་ཡོད་པ་ཞེས་བྱ་བ་འདིས་ནི་གཅིག་པུའི་རང་བཞིན་དང་བྲལ ་བློར་ཁྱོད་དུ་ཆུང་ན་བསྲབ་པར་བྱ་བའི་ཐབས་ཡིན་པར་སྟོན་ཏོ།། འཇིག་རྟེན་གྱི་ཁཱམྦ་སི་དེ་ནི་གཅིག་པུ་རིགས་པ་མ་ཡིན་ཏེ། བསྒྲིབས་པ་དང་མྲ་བསྒྲིབས་པ་ལ་སོགས་པ་འགལ་བའི་ཆོས་དང་ལྡན་པའི ་ཕྱིར་རོ།། དེས་ན་དུ་མར་བཤིག་ན་རྡུལ་ཕྲ་རབ་བཤིག་པར་ཁས་བླང་བར་བྱའོ།། དེའི་ཕྱིར་རྡུལ་ཕྲ་རབ་ཏུ་བསྒོམ་ན་གཅིག་པུ་ཉ་དུ་སྤོང་བར་འགྱུ་རོ་ཞེས་སྟོན་ཏོ།། བྱང་ཆུབ་སེམས་དཔའ་ཕལ་ཆེར་དམིགས་པ ་ཆུང་ངུ་མ་ཡིན་པ་ཡིད་ལ་བྱེད་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལ་དམིགས་པའི་ཕྱིར་སྟོང་གསུམ་གྱི་སྟོང་ཆེན་པོ་ཞེས་སྨོས་སོ།། འདིས་ནི་རྒྱ་ཆེ་བ་ཡོངས་སུ་བསྟན་ཏེ། རྡུལ་ཕྲ། ་རབ་དེ་དག་ཀྱང་ཕྱོགས་ཆའི་བྱེ་བྲག་གིས་ཐ་དད་པའི་ཕྱིར་གྲུབ་པ་མེད་པ་ཁོ་ན་ཡིན་ན། ཇི་ལྟར་རྡུལ་དེ་མང་པོར་འགྱུར་ཞེས་རྒོལ་བའི་བསམ་པ་ལ་བརྟགས་ནས་ཅིའི་སླད་དུ་ཞེས་གསོལ་ནས། འདིར་ལན ་དུ་སའི་རྡུལ་གང་ལྤགས་པ་དེ་ཞེས་བྱ་བ་དེ་གསོལ་ཏོ།། སུའི་རྡུལ་གཅིག་པ་ཉིད་དུ་འཛིན་པ་བསེལྔ་བའི་ཕྱིར་རྡུལ་ཕྲ་རབ་ཀྱི་ངོ་བོར་གསུངས་པ་གང་ཡིན་པ་དེ་ནི་རྡུལ་མེད་པ་ཁོ་ན་སྟེ། དོན་དམ་པར་ན་མྱུ་མུ ་སྤྲུལ་པའི་ངོ་བོ་བཞིན་དུ་རྡུལ་ཕྲ་རབ་མེད་པ་ཁྲོ་ན་ལས་བློས་རབ་ཏུ་བརྟགས་པའི་བདག་ཉིད་ཡིན་པའི་ཕྱིར་རོ།། འདི་ནི་གཅིག་པུར་འཛིན་པའི་ཐབས་ཙམ་དུ་གསུངས་པར་ཟད་ཀྱི། དོན་དམ་པར་ནི་མི་ཡིན། ་དེས་ནུ་སའི་རྡུལ་ཞེས་བགྱིའོ་ཞེས་བྱ་བ་ནི་དེ་རིགས་པའི་ཀུན་རྫོབ་ཏུ་ཡོད་པའི་ཕྱིརརོ།། དེ་ལྟ་མ་ཡིན་ན་དྲོན་དམོ་པར་དེ་མེད་པའི་ཕྱིར་དང་། རང་གི་མཚན་ཉིད་ནི་བརྗོད་དུ་མི་རུང་བའི་ཕྱིར་བརྗོད་པར་མཱི་འགྱུར་རོ་སྙམ ་པ་ཁོ་ནར་དགོངས་པའོ།། བརྗོད་པའི་ཀུན་རྫོབ་ཏུ་དེ་བསྟན་པར་ཡང་མི་རིགས་ཏེ། དེའི་རིང་གི་ངོ་བོ་ནི་གཞན་ཡང་མི་སྣང་བའི་ཕྱིར་རོ།། འདིས་ནི་དུ་མའི་རང་བཞིན་དང་བྲལ་བར་ཁོང་དུ་ཆུད་པའི་ཐབས་ནི ་སྣང་བ་མེད་པར་བྱ་བ་ཡིན་པར་སྟོན་ཏོ།། འདི་ལྟར་མཇུག་ཏུ་ཕྲ་རབ་རྣམས་ཀྱང་རིགས་པས་སོ་སོར་བརྟགས་ནས་སྣང་བ.རརླ་བྱེད་པ་ན། འཇིག་རྟེན་གྱི་ཁམས་རྣམས་དུ་མའི་རང ་བཞིན་དང་བྲལ་བར་རྟོགས་པར་འགྱུར་ཞིང་དེའི་འོག་ཏུ་རླུང་བཞིན་མེད་པར་ཁོང་དུ་ཆུད་དོ།། དེ་ལྟརེ་རེ་ཞིག་སྣོད་ཀྱི་འཇིག་རྟེན་གཅིག་དང་དུ་མའི་རང་བཞིན་དང་བྲལ་བས་རང་བཞིན་མེད་པ་ཁོ་ནར་བརྗོད ་ནས་སེམས་ཅན་གྱི་འཇིག་རྟེན་ཡང་བརྗོད་པའི་ཕྱིར། འཇིག་རྟེན་གྱི་ཁམས་གང་ལགས་པ་དྲི་ཞེས་བྱ་བ་གསོལ་ཏོ།། འཇིག་རྟེན་གྱི་ཁམས་ནི་འདིར་སེམས་ཅན་གྱི་འཇིག་རྟེན་ལ་དགོངས་པ་སྟེ། གཞན་ནི་སྔར ་བཤད་ཟིན་པའི་ཕྱིར་རོ།། དེ་ཁམས་མ་མཆིས་པོར་ཞེས་བྱ་བ་ནི་དེ་གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར་སྙམ་དུ་དགོངས་པ་སྟེ། འདི་ལྟར་རེ་ཞིག་དེ་ལས་གཟུགས་ཀྱི་ཕུང་པོ་གང་ཡིན་པ་དེ་ནི ་སྣོད་ཀྱི་འཇིག་རྟེན་ཉིད་ཀྱིས་བཤད་དོ།། ཕུང་པོ་ལྕུག་མ་བཞི་ནི་ཇི་ལྟར་གཅིག་དང་དུ་མའི་རང་བཞིན་དང་མི་ལྡན་པར་སྔར་དཔྱད་པ་ཉིད་དོ།། དེ་ལྟ་བས་ན་ཆོས་ཐམས་ཅད་སྒྱུ་མ་པཱ་བཞིན་དུ་དོན་དམ་པུཪྵ་རང ་བཞིན་མེད་པར་རྣལ་འབྱོར་པ་རྣམས་ཀྱིས་མཐོང་ངོ་།། འདིས་ནི་ཟབ་པ་ཡང་བརྗོད་དོ།། དོན་གྱིས་ན་དོན་དམ་པར་སྣོད་དང་སེམས་ཅན་གྱི་འཇིག་རྟེན་ལ་དངོས་པོར་མངོན་ཐོ་པར་ཞེན་པ་མི་མཐུན་པའི་ཕྱོགསུ ་ཡོངས་སུ་བསྟན་ཏོ།། དེ་སྤང་བར་བྱ་བའི་ཕྱིར་འདུན་པ་དང་། སྨོན་ལམ་གདབ་པ་ཡང་བསྟན་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་མཚན་མ་ཙམ་ཞིག་ཡོངས་སུ་བརྗོད་པས ་དངོས་པོ་མཐའ་དག་རང་བཞིན་མེད་པར་བསྒོམ་པར་ཡོངསུ་བསྟན་ཏོ།། དེ་རྡུལ་མ་མཆིས་པར་ཞེས་བྱ་བ་དང་། ཁམས་མ་མཆིས་པར་ཞེས་བྱ་བ་འདིས་ནི་དྲོན་དམ་པར་རྣམ་པར་འཇོག་པས་རྣལ ་འབྱོར་དུ་སྙོམས་པར་འཇུག་པས་ཇི་ལྟར་བསྒྲུབ་པར་བྱ་བ་དེ་ཡོངསུ་བསྟན་ཏོ།། དེས་ན་འཇིག་རྟེན་གྱི་ཁམས་ཞེས་བགྱིའོ་ཞེས་བྱ་བ་འདིས་ནི་སྐུར་པ་འདེབས་པའི་མཐའ་བཀག་ནས་གཡེང་བ་ཚར་གཅོད་པ ་བསྟན་ཏོ།། དེ་ནི་བྱང་ཆུབ་སེམས་དཔའ་གང་དགེ་བསོད་ནམས་ཀྱི་ཚོགས་བསྒྲུབ་པའི་ཤིན་ཏུ་ཕུན་འདོགས་པས་བཅོམ་ལྡན་འདས་ལ་མཆོད་པ་ན་དེའི་སྐུ་རྣམ་པར་མི་འཇིག་པ་དེ་དག་བསོད་ནམས་ཀྱི་ཚོགས ་ཡོངས་སུ་རྫོགས་པར་མི་འགྱུར་ཏེ། ཡང་དག་པ་ཡིད་ལྟ་བྱེད་པ་ལཱ་མ་ཞུགས་བྱའི་ཕྱིར་རོ།། དེ་བས་ན་དེ་དག་ཚོགས་མ་བསགས་པ་དང་བྲལ་བའི་ཕྱིར་གནས་བཅུ་གཅིག་པའི་དབང་དུ་མཛད་ནས། རབ་འབྱོར ་འདི་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། འདིར་སྤྱིར་བསྡུ་བའི་དོན་ནི་འོད་ཡིན་ཏེ། དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲི་བྱེད་པ་ན་མཚན་ཕུན་སུམ་ཚོགས་པས་དེ་བཞིན་གཤེགས ་པྲཱར་མི་ལྟའི། འོ་ན་ཇི་ལྟ་བུ་ཞེ་ན། དོན་དམ་པ་ཆོས་ཉིད་ངུ་ཞེས་བྱ་བའོ།། ལྷག་མའི་བཤད་པ་ནི་གཟུགས་ཀྱི་སྐུ་ཐོབ་པར་འདུན་པའི་གནས་དང་འདིར་མཐུན་ནོ།། འདི་ལ་ཚིག་ཟློས་པ ་སྙམ་དུ་དོགས་པར་ཡང་མི་བྱ་སྟེ། སྔར་ནི་གཟུགས་ཀྱི་སྐུ་ཐོབ་པར་འདུན་པའི་དུས་ན་དེ་རྣམ་པར་གཞིག་པར་བསྟན། ད་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་དང་རིམ་གྲོ་བྱ་བའི་དུས་ན་བསྟན་པས་ཐ་དད་དོ།། ་འདིར་དོན་གྱིས་ན་གཟུགས་ཀྱི་སྐུ་ལ་དེ་བཞིན་གཤེགས་པར་མངོན་པར་ཞེན་པར་མི་མཐུན་པའི་ཕྱོགས་སུ་བསྟན་ཏེ། དེ་སྤང་བར་བྱ་བའི་ཕྱིར་འདུན་པ་དང་སྨོན་ལམ་གདབ་པར་ཡང་བསྟན་ཏོ།། མཚན་ཕུན་སུམ ་ཚོགས་པ་ཞིས་མཚན་མ་ཙམ་ཞིག་བརྗོད་པས་གཟུགས་ཀྱི་སྐུ་མཐའ་དག་ཡོངསུ་བསྟན་ཏོ།། མཚོན་མ་མཆིས་པར་ཞེས་བྱ་བ་ནི་དོན་དམ་པ་རྣམ་པར་འཇོག་པའོ།། དེས་ན་ཞེས་བྱ་བ་ལ་སོགས་པས་ནི་གཡེང་བ་ཚར ་གཅོད་པ་བསྟན་ཏོ།། དེ་ལྟར་ཆོས་ཐམས་ཅད་ལ་བདག་མེད་པར་རྟོགས་པར་བྱ་བའི་ཐབས་བསྟན་དུ་ཟིན་ཀྱང་ལུས་དང་སྲོག་ལ་ཆགས་ཤིང་རྙེད་པ་དང་བཀུར་སྟི་ལ་བསྡུ་བ་གང་དག་ལེ་ལོ་དང་རྙེད་པ་དང་བཀུར ་སྟི་དང་བསོད་སྙོམས་ལ་ཆགས་པར་གྱུར་པ་དེ་དག་དེ་ལ་ཆགས་པ་དང་དབྲལ་བའི་ཕྱིར་གནས་བཅུ་གཉིས་པའི་དབང་དུ་མཛད་ནས། རབ་འབྱོར་སྐྱེས་པ་འམ་བུད་མེད་གིང་གིས་ཞེས་བྱ་བ་ལ་སོགས་པ་གསུངས ་འདིས་ནི་སྙིང་པོ་མེད་པ་སྡུག་བསྔལ་བརྒྱ་སྟོང་དུ་མའི་གནས་ལུས་གཅིག་གི་ཕྱིར་ཁྱེད་ལ་ཆགས་ནུས་ལུས་འདི་སྐྱེད་ཡོངས་སུ་བཏང་བས་ཀྱང་མི་རྙེད་པའི་བསོད་ནམས་གང་ཡིན་པ་དེའི་བར་ཆད་བྱེད་ཀྱིས།། ་ལུས་དང་སྲོག་ལ་མི་ལྟ་བུའི་སེམས་ཀྱིས་བདག་ཉིད་ཐམས་ཅད་ཀྱིས་འདི་ལ་བརྩོན་པར་བྱ་བའི་རིགསོ་ཞེས་ཡོངསུ་བསྟན་ཏོ།། འདིས་ནི་དོན་གྱིས་ན་ལེ་ལོ་ལྔ་སོགས་པ་མི་མཐུན་པའི་ཕྱོགསུ་ཡོངསུ ་བསྟན་ཏེ། དེ་སྤང་བའི་ཕྱིར་དམ་པའི་ཆོས་ཡོངས་སུ་གཟུང་བ་ལ་སོགས་པའི་དོན་དུ་འདུན་པ་དང་སྨོན་ལམ་གདུབ་པ་ཡིང་སྟོན་ཏོ།། ཆོས་ཀྱི་རྣམ་གྲངས་འདི་ལས་ཞེས་མཚན་མ་ཙམ་ཞིག་བརྗོད་པས ་ནི་ཐིག་པ་ཆེན་པོ་མཐུའ་དག་ལ་ཉན་པ་ལ་སོགས་པར་མཛད་པའོ།། བསོད་ནམས་ཆེས་མུང་དུ་ཞེས་བྱ་བ་འདིས་ནི་རྒྱ་ཆེ་བ་བརྗོད་དོ།། ཆོས་ཀྱི་ཤུགས་ཀྱིས་ཞེས་བྱ་བ་ནི་ཆོས་ལ་དད་པའི་ཤུགས་ཀྱིས ་ཞེས་བྱ་བའི་ཐ་ཚིག་གོ།། འཕགས་པ་རབ་འབྱོར་མཆི་མ་བྱུང་བ་དེ་ཡང་བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཀྱིསི་ལེ་ལོ་ཅན་གཞན་དག་ཐེག་པ་ཆེན་པོའི་ཆོས་རྨད་དུ་བྱུང་བ་བརྗོད་པས་ཤིན་ཏུ་དད་པ་བསྐྱེད ་པའི་དོན་དུ་བལྟ་བར་བྱའོ།། དེའི་ཕྱིར་ལག་པ་མཆི་མ་ཕྱིས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཆོས་ཀྱི་རྣམ་གྲངས་འདི་དེ་བཞིན་གཤེགས་པས་ཇི་སྙེད་པས་གསུངས་པ་ནི་བཅོམ ་ལྡན་འདས་ངོ་མཚར་ལུག་སོ།། ཞེས་བྱ་བ་གསོལ་ཏོ།། ཇི་སྙེད་པས་ཞེས་བྱ་བ་ནི་བྱེད་པའི་བྱེ་བྲག་སྟེ། བཤད་པར་བྱ་བར་འོས་པའི་ཆོས་རྣམ་པ་ཇི་སྙེད་ཀྱིས་བྱང་ཆུབ་སེམས་དཔའ ་རྣམས་ལ་གསུངས་ཞེས་བྱེ་བའི་ཐ་ཚིག་གོ།། ཅིའི་སྙམ་པ་ལ། བདག་གི་ཡེ་ཤེས་སྐྱེས་ཚུན་ཆད་ཅེས་བྱ་བ་གསོལ་ཏེ། ཚུན་ཆད་ཅེས་བྱ་བ་ནི་འཕགས་པའི་བདེན་པའི་སྤྱོད་ཡུལ་བའི་ཡེ་ཤེས་སྐྱེས་པ་ནས ་བཟུང་སྟེ། དེའི་བུར་གྱི་ཆོས་ཀྱི་རྣམ་གྲངས་བསོད་ནམས་ཀྱི་འབྲས་བུ་མཆོག་ཏུ་ཇི་སྐད་བསྟན་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྤྱོད་ཡུལ་མ་ཡིན་པ་འདི་ལྟ་བུ་སྔོན་ཆད་མ་ཐོས་སོ་ཞེས་བྱ་བའི་ཐ ་ཚིག་གོ།། འདིས་ནི་རྙེད་དཀའ་བར་བརྗོད་དོ།། དེ་ལྟར་བསོད་ནམས་ཁྱེད་ཞུགས་པ་དེ་ཐོས་ནས་བརྩོན་འགྲུས་བརྩམས་ཏེ་འཇུག་པ་གང་དག་ཆོས་འདི་ལ་སྒྲ་ཇི་བཞིན་དུ་འདུ་ཤེས་པར་འགྱུར་པ་དེ་དག་གི ་ཉེས་པ་དེ་ཡོངས་སུ་སྤང་བའི་ཕྱིར་ངོ་མཚར་རབ་ཅེས་བྱ་བ་འདི་གསོལ་ཏེ། བསོད་ནམས་རྒྱ་ཆེན་པོ་སྐྱེད་པ་སྐྱེ་བོ་མ་ར་བྱས་ཀྱིས་དད་པར་དཀའ་བ་དེ་ལྟ་བུ་ལ་མོས་པའི་ཕྱིར་དང་། གང་ཟག་དང་ཆོས་ལ ་བདག་མེད་པ་ཤིན་ཏུ་ཟབ་པ་ལ་མོས་པའི་ཕྱིར་བདག་ལྟ་བུ་གང་ཟག་ལ་བདག་མེད་པ་ཙམ་རྟོགས་པ་དག་པས་དེ་དག་ངོ་མཚར་རབ་དང་ལྡན་པར་འགྱུར་རོ།། ཡང་དག་པར་འདུ་ཤེས་ཞེས་བྱ་བ་ནི། དོན ་ཕྱིན་ཅི་མ་ལོག་པར་འདུ་ཤེས་པ་ལ་བྱའི། སྒྲ་ཇི་བཞིན་དུ་མངོན་པར་ཞེན་ནས་འདི་ནི་ཡང་དག་པའོ་སྙམ་དུ་འདུ་ཤེས་པ་ལ་ནི་མི་བྱའོ།། འདི་ལྟར་འདིར་ཆོས་ཐམས་ཅད་རང་བཞིན་མེད་པ་དོན་དམ་པ ་ལྷོ་དགོངས་ནས་བསྟན་གྱི་ཀུན་རྫོབ་ཏྀ་ནཱི་རང་བཞིན་མེད་པ་མ་ཡིན་པའི་ཕྱིར་རོ།། དེས་ན་མཐོང་བ་ལ་སོགས་པ་དང་འགལ་བ་མ་ཡིནོ་སྙམ་དུ་དགྲོངས་པའོ།། གྲལ་ཏེ་ཡང་དག་པར་འདུ་ཤེས་པ ་ཡོད་ན་འདུ་ཤེས་ཡོད་པར་བྱ་བ་ཡིང་དོན་དམ་པར་ཡོད་པར་འགྱུར་ཏེ། འདུ་ཤེས་པར་བྱ་བ་མེད་ན་འདུ་ཤེས་ཀྱང་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ།། དེའི་ཕྱིར་ཆོས་ཐམས་ཅད་དོན་དམ་པར་རང ་བཞིན་མེད་པར་ཇི་ལྟར་འགྲུབ་སྙམ་དུ་སེམས་པའི་ཀླན་ཀ་ལ་བརྡེགས་ནས། དེ་ཅིའི་སླད་དུ་ཞེས་བྱ་བ་གསོལ་ཏེ། ལན་དུ་བཅོམ་ལྡན་འདས་ཡང་དག་པར་འདུ་ཤེས་པ་གང་ལགས་པ་ཞེས་བྱ་བ ་གསོལ་ཏོ།། འདུ་ཤེས་པར་བྱ་བ་དང་། གང་ཡང་མེད་པ་དང་རྩཝ་གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར་དོན་དམ་པར་དེ་ཉིད་འདུ་ཤེས་མེད་པ་སྟེ། དེའི་ཕྱིར་ཡང་དག་པར་འདུ་ཤེས་པ་དེ་ལ ་ཡང་དག་པར་འདུ་ཤེས་པར་མི་བྱའོ་ཞེས་བསྟན་ཏོ།། གང་གི་ཕྱིར་མ་བརྟགས་ན་དགའ་བ་ཙམ་དུ་ཡོད་པ་དེའི་ཕྱིར་དེ་ཡང་དག་པར་འདུ་ཤེས་ཞེས་དེ་བཞིན་གཤེགས་པ་གསུང་ངོ་།། དེ་ལྟ་མ ་མ་ཡིན་ན་རྣམ་པ་ཐམས་ཅད་དུ་མེད་པའི་ཕྱིར་གསུང་བར་མི་འགྱུར་རོ།། འདིས་ནི་དོན་དམ་པར་འཇོག་ཅིང་ཇི་ལྟར་རྣལ་འབྱོར་དུ་སྙོམས་པར་འཇུག་པས་བསྒྲུབ་པར་བྱ་བ་དྲང་། ་ཇི་ལྟར་རྣམ་པར་གཡེང་བ་ཚར་གཅད་པར་བྱ་བྱ་དེ་གྲཉི་ག་བསྟན་ཏོ།། ཟབ་པོ་ཡང་བརྗོད་དོ།། སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་ཡང་སྤང་སོ།། ལེ་ལོ་ཅན་དེ་དག་ཉིད་ངོ་མཚར་བ་བསྐྱེད་པོའི་ཕྱིར ་བླབྲདག་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ལོ་རྟོག་ཅིང་མོས་པ་ནི་བདག་ལ་ངོ་མཚར་མ་ལགས་ཀྱི། བཅོམ་ལྡན་འོངས་སླང་མའི་ཚེ་སླང་མའི་དུས་ལྔ་བརྒྱ་པུ་ཐ་མཱ་ལྔ་སེམས་ཅན་གང་དག་ཆོས་ཀྱི་རྣམྱ་གྲངས ་འདི་ལེན་པ་དང་། འཛིན་པ་དང་། ཀུན་ཆུབ་པར་བགྱིད་པ་དེ་དག་ནི་ངོ་མཚར་རབ་དང་ལྡན་པར་འགྱུར་བ་ལགསོ་ཞེས་བྱ་བ་གསོལ་ཏོ།། འདིར་སྤྱིར་བསྡུ་བའི་དོན་ནི་འདི་ཡིན་ཏེ་མ་འོངས་པ་ན་དམ་པའི་ཆོས་རབ ་ཏུ་རྣམ་པར་འཇིག་པར་འགྱུར་བའི་དུས་ན་བྱང་ཆུབ་སེམས་དཔའ་གང་དག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པར་འགྱུར་ལོ། དེ་དག་གང་ཟག་ལ་སོགས་པར་འཛིན་པར་མི་འགྱུར་བ་དེ་ལྟ་བུ་དག་ཀྱང་འབྱུང་བར ་འགྱུར་ན། ཁྱེད་ཅག་དམ་པའི་ཆོས་ཀྱི་དགའ་སྔོན་དང་བཅས་པའི་དུས་ན་ཡང་སྒྲུབ་པ་དེ་འདྲ་བ་མེད་པས་ན་འདི་ནི་ཁྱེད་ཀྱི་ཤིན་ཏུ་ངོ་ཚ་བའི་གནས་ཡིན་ནོ་ཞེས་བྱ་བའོ།། དེ་ལ་བདག་ཅེས་བྱ་བ་ནི་གང་ཟག་ལ་བདག ་མེད་པར་རྟོགས་པའོ།། འདི་ཞེས་བྱ་བ་ནི་གང་ཟུག་དང་ཆོས་ལ་བདག་མེད་པར་ཡོངས་སུ་སྟོན་པའོ་བཤད་པ་ལ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་མངོན་སུམ་དུ་གསལ་བར་མཛད་པ་ལའོ།། རྟོག ་པ་ཞེས་བྱ་བ་ནི་དང་བའི་རྣམ་པ་སྟི་དད་པར་སྟོན་ཏོ།། མྱོས་པ་ཞེས་བྱ་བ་ནི་ཡིད་ཆེས་པའི་རྣམ་པའོ།། སེམས་ཅན་དེ་དག་ཅེས་བྱ་བ་ནི་བཅོམ་ལྡན་འདས་དང་བསྐལ་པ་མ་འོངས་པའི་དུས་ན་འབྱུང་བ་དག ་གོ། འདིར་ལེན་པ་ལ་སོགས་པའི་ཚིག་སྨོས་པ་གང་ཡིན་པ་དེ་ནི་སྔོར་བ་ཤད་པར་ཟད།། དེ་ནི་འདྲི་སྐད་དུ་བསྟན་པར་འགྱུར་ཏེ། གོང་ཟག་ལ་བདག་མེད་པ་ཙམ་རྟོགས་པ་བདག་བཅོམ་ལྡན་འདས་ལ ་མངོན་སུམ་དུ་ཐོས་པའི་སྟོབས་ཀྱིས་བདག་མེད་པ་གཉིས་ཀྱི་ཚུལ་སྟོན་པར་བྱེད་པའི་ཆོས་འདི་ལྟ་བུ་ལ་དད་ཅིང་ཡིད་ཆེས་པ་ཙམ་དུ་གྱུར་བྱ་གང་ཡིན་པ་དེ་ངོ་མཚར་མ་ཡིན་གྱི། གང་བཅོམ་ལྡན ་འདས་དང་བསྐལ་པ་ན་འདྲ་ལ་འཛིན་པ་ལ་སོགས་པའི་རིམ་གྱིས་ཆོས་ཀྱི་རྣམོ་གྲངས་འདི་ལྟ་བུ་རྟོགས་ནས་ཀུན་ཆུབ་པར་བྱེད་པ་དེ་དག་ངོ་མཚར་རབ་དང་ལྡན་པར་འགྱུར་ཏེ། བཅོམ་ལྡན་འདས་དང ་བསྐལ་པ་ཐེག་པ་ཆེན་པོ་སྤོང་བ་མང་བ་ན་དེ་ལ་དད་པ་སྐྱེས་པ་ནི་ཤིན་ཏུ་དཀོན་པའི་ཕྱིར་རོ་སྙམ་དུ་དགོངས་པའོ།། འོདིས་ནི་ལེ་ལོ་སྤངས་ཏེ་དམ་པའི་ཆོས་བཟུང་བ་ལ་སོགས་པ་ལ་འདུན་པ་དང་། སྨོན ་ལམ་གྱིས་གནས་པར་བྱ་བ་བསྟན་པ་ཡིན་ནོ།། དེ་དགུ་ལུང་འབའ་ཞིག་དང་ལྡན་པར་འགྱུར་བར་མ་ཟད་ཀྱི་རྟོགས་པ་ཕུན་སུམ་ཚོགས་པར་ཡང་བསྟན་པའི་ཕྱིར་ཡང་བཅོམ ་ལྡན་འདས་ཞེས་བྱ་བ་གསོལ་ཏོ།། བྱདག་ནྱེསྣ་བྱ་བ་ལ་སོགས་པ་སྨོས་པ་ནི་མཚོན་པ་སྟེ། དེས་ན་དེ་དག་ཆོས་འདུ་ཤྲཱྀ་ས་འཇུག་པར་མི་འགྱུརྱཱ་ཏེ། བདག་མེད་པ་གཉི་ག་ཅིག་ཅར་རྟོགས་པའི་ཕྱིར་རོ།། གལྱཱ ་ཏཱིཏི་བྲྀ་དག་མེད་པ་ལོ་སྩོགས་པ་ཡོད་ན་ནཱི་དེའི་ཚེ་དེས་པཪྻཱ་དེཪྵ་འདུ་ཤེས་པ་ཡང་འཇུག་སྙམ་དུ་སེམས་པ་ལ། དཱི་ཅིའི་སླད་དུ་ཞེ་ན་ཞེས་གསོལ་ནས། ལནཱ་དུ་བདག་ཏུ་འདུ་ཤེས་པ་ཞེས་བྱ་བོ་གསོལ་ཏོ།། ་འདིས་ནི་བདག་ལ་སོགས་པ་ཇི་སྐད་སྨོས་པ་ལྟར་རེ་ཞིག་གི་གང་འདི་ནི་ངའོ་སྙམས་དུ་བདག་ཏུ་འདུ་ཤེས་པ་སྐྱེ་བྲོ་ཐམས་ཅད་ལ་གྲགས་པ་དེ་ཡང་བརྟགས་པའི་ཁུར་མི་བཟོད་པས་ཅི་ཡང་མ་ཡིན ་ན་བདག་ལ་སོགས་པ་མྱོང་བ་མེད་པ་དངོས་པོ་ཡོད་པར་མི་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས་ཞེས་དྲི་སྐད་སྟོན་ཏེ། འདིས་ནི་རྣལ་འབྱོར་དུ་སྙོམས་པར་འཇུག་པ་བསྟན་ཏོ།། གལ་ཏེ་བདག་ལ་སོགས་པ་མེད་དུ ་ཟིན་ཀྱང་དེ་དག་ཏུ་ཕྱིན་ཅི་ལོག་ཏུ་གྱུར་ནས། བདག་ལ་སོགས་པར་འདུ་ཤོས་འཇུག་པར་མི་འགྱུར་རོ་ཞེས་བྱ་བ་ཅི་མངོན་སྙམ་དུ་སེམས་པའི་དྲི་བ་ནང་དུ་བརྗོད་པ་བཞག་པ་ལ་བརྟགས་ནས། དེ་ཅིའི་སླད་དུ་ཞེས ་གསོལ་ཏེ། ལན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འདུ་ཤེས་ཐམས་ཅད་དང་བྲལ་བའི་སླད་དུའོ་ཞེས་བྱ་བ་གསོལ་ཏོ།། འདི་ལ་དོན་ནི་འདི་ཡིན་ཏེ། དངོས་པོ་མ་ལུས་པར་དེ་ཁྲོ་ན་ཇི་ལྟ་བ ་བཞིན་དུ་ཐུགསུ་ཆུད་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཞེས་བྱའོ།། དོན་དམ་པར་འདུ་ཤེས་པར་བྱ་བ་གྲང་ཡང་མེད་པས་དེ་དག་གང་དུ་ཡང་འདུ་ཤེས་མི་འཇུག་གོ།། དེ་ལྟ་མ་ཡིན་ན་ཕྱིན་ཅི། ་ལོག་ཏུ་འགྱུར་རོ།། བྱང་ཆུབ་སེམས་དཔའ་རྣམས་ནི་སངས་རྒྱས་ཀྱི་རྗེསུ་སློབ་པས་འཇུག་པ་ཡིན་ནོ།། དེ་ལྟ་མ་ཡིན་ནཱ་དེའི་གོ་འཕང་ཐོབ་པར་ཇི་ལྟར་འགྱུར། དེས་ན་སངས་རྒྱས་བཅོམ་ལྡན་འདས ་རྣམས་ཀྱིས་འདུ་ཤེས་ཐམས་ཅད་དང་བྲལ་བ་ལ་ཇི་ལྟར་བོ་སླབས་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་བྱ་སྒྲུབ་པར་བྱའོ།། དེའི་ཕྱིར་བྱང་ཆུབ་སེམས་དཔའ་གླང་དག་དེའི་རྗེས་སུ ་སློབ་པ་དེ་དྲུག་བྱདག་ལ་སོགས་པར་འདུ་ཤེས་མི་འཇུག་པར་ངསོ།། དེ་དེ་བཞིན། ཞེས་བྱ་བ་ནི་གདུལ་བ་རྣམས་ངེས་པའི་ཕྱིར་བཅོམ་ལྡན་འོངས་ཀྱིས་ཞོལ་གྱིས་བཞེས་ནས་ལན་གྲཉི་སུ་གསུངསོ།། འདི ་ཡིན་ཆད་ནི་བརྩོན་འགྲུས་ལས་ལྡོག་པའི་དབང་དུ་མཛད་དེ་གསུངསོ།། ད་ནི་གང་ཟག་ཆོས་ཐོབ་མོ་འདི་ཐོས་ནས་ཡིད་སྐྲག་སྟེ། ཐོག་མ་ཁོ་ནར་བརྩོན་འགྲུས་མི་རྩོམ་པ་དེ་དག་བརྩོན་འགྲུས་མི་རྩོམ་པ་དེ་དང་དཔྲལ ་བའི་ཕྱིར་སེམས་ཅན་གང་དག་ཅེས་བྱ་བུ་ལ་སོགས་པ་གསུང་སོ།། སྐྲག་ན་བརྩོན་འགྲུས་མི་རྩོམ་སྟེ། ཉན་ཐོས་ཀྱི་ཐེག་པར་ནི་བཅོམ་ལྡན་འདས་ཀྱིས་འདི་ནི་ཆོས་ཙམ་དུ་ཟུད་དེ་འདི་ལ ་གང་ཟག་ནི་མེད་པ་ཁོ་ནའོ་ཞེས་བསྟན་ལ། ཐེག་པ་ཆེན་པོརོ་ནི་ཆོས་ཙམ་པོ་དེ་ཡང་བརྫུན་པའོ་ཞེས་བསྟན་པས་དེ་ལ་ཐོག་མ་ཐོས་པའི་དུས་ན་ལྷན་ཅིག་སྐྱེས་པའི་བདག་ཏུ་ལྟ་བ་དང་འབྲེལ་པོའི་སྙིང་ཅན ་ལུས་མ་བསྒོམས་པ་ངག་གང་ཟག་ལྔ་བདག་མེད་པ་ཐོས་ནས་ང་མེད་དོ་ཞེས་སྐྲག་པར་འགྱུར་ཏེ། དེ་དགག་པའི་ཕྱིར་མི་སྐྲག་པ་ཞེས་བྱ་བ་གསུངསོ།། གོང་དག་ཆོས་ཙམ་ལ་མངོན་པར་ཞེན་པ་དེ་དག་ཆོས ་ལ་བདག་མེ་ད་པ་བསྟན་པ་ཐོས་པའི་དུས་ན་ཀུན་ཏུ་སྐྲག་པར་འགྱུར་ཏེ། ཆོས་ཙམ་པོ་གང་ཡིན་པ་དེ་ཡུང་མེད་པསུ་ཀྱོ་མའོ་བདག་ནི་མུ་རུང་ངོ་སྙམ་དུ་སེམས་ཏེ། ཕྱོགས་བཅུར་བལྟས་ཀྱང་སྐྱབས་མེད ་པས་ཀུན་ཏུ་སྐྲག་པར་འགྱུར། བྱས་དེ་དགུག་པའི་ཕྱིར་ཀུན་ཏུ་མི་དངང་ཞེས་བྱ་བ་གསུངསོ།། སེམས་པའི་དུས་ན་གྲཉི་ག་མེད་པར་སྦྱོར་མི་ནུས་བྱས་ཀུན་ཏུ་དེ་ངང་བར་འགྱུར་ཏེ། བདག་ཅག་གིས་ཇི་ལྟར་བདག་མེད ་པ་གཉི་ག་ཁོང་དུ་ཆུད་པར་བྱ་ཞེས་ཐོག་མ་ཁོ་ནར་ཀུན་ཏུ་སྐྲག་པར་འགྱུར་བས་དེ་དགག་པའི་ཕྱིར་ཀུན་ཏུ་དངང་བར་མི་འགྱུར་ཞེས་བྱ་བ་གསུངསོ།། གཞན་དག་ན་རེ་བདག་མེད་པ་རྣམ་གཉིས་ཁོང་དུ་མ་ཆུད ་པས་སྐྲག་པ་གང་ཡིན་པ་དེའི་ཆུང་ངུ་དང་འབྲིང་དང་ཆེན་པོ་རྣམས་ཚིགས་གསུམ་པོ་དྲག་གིས་གོ་རིམ་བཞིན་དུ་བསྟན་ཏོ་ཞེའོ།། གཞན་དག་ན་རེ་སྐྲག་པ་རྣམ་པ་གསུམ་ནི་ཐོས་པ་དང་། སེམས་པ་དང ་བསྒོམ་པའི་དུས་ནའོ་ཞེའོ།། ད་ནི་རྙེ་དུ་བུ་དང་བཀུར་སྟི་ལ་ཆགས་པ་དང་དཔྲལ་བའི་ཕྱིར་ཅིའི་ཕྱིར་དེ་དག་དྲོ་མཚར་རབ་དང་ལྡན་པར་འགྱུར་ཞེས་ཐོས་པར་འདོད་པ་ལ་ཕན་གྲཝ་དགུས་པའི་ཕྱིར་བདག ་ཉིད་ཀྱིས་དྲི་པྲ་སྔོན་དུ་བཏང་ནས་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བྲ་གསུངསོ།། ཕ་རོལ་ཏུ་ཕྱིན་པ་དམ་པ་འདི་ནི་ཞེས་བྱ་བ་སྨོས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་དང་ཉེ་བའི་རྒྱུ་ཡིན་པ་དང ་འདི་དང་བྲལ་བའི་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་མེད་པའི་ཕྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་མཆོག་ཡིན་ནོ།། དེ་ཉག་གཅིག་གིས་འདི་དམ་པར་གསུངས་པ་མ་ཡིན་གྱི། སང་ས་རྒྱས་ཐམས ་ཅད་ཀྱིས་ཀྱང་འདི་དམ་པར་གསུངསོ་ཞེས་བསྟན་པོའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དམ་པོ་གང་ཞེས་བྱ་བ་གསུངསོ།། འདིས་ནི་སངས་རྒྱས་གཅིག་གིས་གསུངས་པ་ཡང་དོན་ཕྱིན་ཅི་མ་ལོག་པས་དེ་བཞིན་ཉིད་དུ ་གཟུང་ན་གང་སངས་རྒྱས་ཐམས་ཅད་ཀྱིས་གཅིག་ཏུ་དགོངས་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་དེ་སྐད་སྟོན་ཏོ།། དེས་ན་དམ་པ་ལ་བདག་ཉིད་ཐམས་ཅད་ཀྱིས་སྒྲུབ་ན་ཇི་ལྟར་ངོ་མཚར་དང་ལྡན་པར་མི་འགྱུར། ་དམ་པར་བསྟན་པ་འདིས་ནི་ངོ་ཚ་བའི་གནས་གཉིས་པ་བསྟན་པ་ཡིན་ཏེ། དེ་ལྟར་ཆོས་འདྲི་མཆོག་ཡིན་ན་ཁྱེད་འདི་ལྟར་རྙེད་པ་དང་བཀུར་སྟི་ལ་ཆགས་ཏེ་བག་མྱེད་པར་གནས་པ་དེ་ནི ་ཤིན་ཏུ་ངོ་ཚ་བར་བྱེད་པའོ་ཞེས་བྱའོ།། འདིས་ནི་སེམས་རབ་ཏུ་བཟུང་བ་བསྟན་ཏོ།། དེ་ལྟར་ངོ་ཚ་བའི་གནས་བཤད་དུ་ཟིན་ཀྱང་གང་དག་སྡུག་བསྔལ་མི་བཟོད་པས་ཤིན་ཏུ་བརྩོན་འགྲུས་བརྩོན་པར་མི་སྐྱོ་བ་དེ་དག ་སྡུག་བསྔལ་མི་བཟོད་པ་དང་དཔྲལ་བའི་ཕྱིར་གནས་བཅུ་གསུམ་པའི་དབང་དུ་མཛད་ནས་ཡང་རབ་འབྱོར་ཅེས་བྱ་བ་ལ་སོགས་པ་གསུངསོ།། འདི་ལ་ཇི་ལྟར་བཟོད་པ་དང་། བཟོད་པ་དེ་རྟགས་གང་གོས་ཤེས་པ ་དང་། རྣམ་པ་གླང་ཡིན་པ་དང་། དེ་རྣམ་པ་ཇི་ལྟ་བུ་དང་། མི་བཟོད་པའི་གཞིའི་གཉེན་པོ་གང་ཡིན་པ་དེ་གནས་འདྲིས་སྟོན་ཏོ།། ཇི་ལྟར་བཟོད་ཅེ་ན། ཆོས་ཐམས་ཅད་ཀྱི་རང་བཞིན་མི་དམིགས་པ་སྟེ། དེ་བཞིན ་གཤེགས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ཉིད་ཕ་རོལ་ཏུ་ཕྱིན་པ་མེད་དོ།། ཞེས་གསུངས་པ་གང་ཡིན་པ་སྟེ། དོན་དམ་པར་སུ་བཟོད་པ་དང་། གང་གིས་བཟོད་པ་དང་། གང་ལ་བཟོད་པ་དང་། གང ་བཟོད་པར་བྱ་བ་དང་། བཟོད་པ་གང་ཡིན་པ་དེ་ཐམས་ཅད་མི་དམིགས་པས་དེ་ཕ་རོལ་ཏུ་ཕྱིན་པ་མེད་པ་ཉིད་དོ།། དོན་དམ་པར་དེ་ལྟར་མ་སྐྱེས་པའི་ཕྱིར་དེ་ཕ་རོལ་ཏུ་འགྲོ་བ་མེད་དོ་སྙམ་དུ་དགོངས་པའོ།། འདིས་ནི ་བཟོད་པ་དེ་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པར་བསྟན་ཏེ། ཟབ་པ་ཡང་བརྗོད་དོ།། དེ་ལྟར་ཆོས་ཐམས་ཅད་མི་དམིགས་པར་ཡིད་ལྟ་བྱེད་པར་བྱང་ཆུབ་སེམས་དཔའ་རྣམས་བཟོད་པར་ནི་མངོན་སྙམ་དུ་སེམས་ཤིང་། དེ་ཅིའི ་སླད་དུ་ཞེས་ཤེས་པར་བྱེད་པའི་གཏན་ཚིགས་ཞུས་པ་དང་། ལྡན་དུ་རབ་འབྱོར་གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་གསུང་སོ།། ཡན་ལོག་རྣམས་ནི་རྐང་པ་ལ་སོགས་པ་དགོ། ཉིང་ལག་རྣམས་ནི་སོར་མོ་ལ་སོགས ་བུ་དག་གོ།། ངུ་ལ་འདུ་ཤོས་ཅི་ཡང་མེད་ཅེས་བྱ་བླ་ནི་གཞན་གྱི་ལུས་སུ་འདུ་ཤེས་པ་དང་། མཚན་ཆར་འདུ་ཤེས་པ་དང་། གཅོད་པར་འདུ་ཤེས་པ་དང་། གཞན་དུ་འདུ་ཤེས་པ་དང་། བཟོད་པར་འདུ་ཤེས་པ་ལ ་སོགས་པ་སྟེ། འདིས་ནི་ཆོས་ཐམས་ཅད་མི་དམིགས་པར་བརྗོད་དོ།། གལ་ཏེ་འདུ་ཤེས་ཅི་ཡང་མེད་ན་བརྒྱལ་བའི་གནས་སྐབས་བཞིན་དུ་སེམས་པ་མེད་པར་འགྱུར་སྙམ་པ་ལ་འདུ་ཤེས་མེད་པར་གྱུར ་པ་ཡང་མ་ཡིན་ཞེས་བྱ་བ་གསུང་སོ།། དེའི་དུས་ནཱ་རྣལྔ་འབྱོར་པའི་ཤེས་པ་ཆོས་ཐམས་ཅད་བདག་མེད་པར་རྟོགས་པ་ཡང་དག་པའི་ཀུན་རྫོབ་ཀྱི་ངོ་བོ་ཡོད་པར་དགོངས་པའོ།། དེའི་ཡང་ཅི་མངོན་སྙམ་དུ་སེམས ་པའི་འདྲི་བ་ལ་བརྟགས་ནས་བདག་ཉིད་ཀྱིས་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་བཀའ་སྩལ་ནས། ལེན་དུ་རབ་འབྱོར་གལ་ཏེ་ཞེས་བྱ་བ་གསུངསོ།། གནོད་སེམས་ཀྱི་འདུ་ཤེས་ཀྱང་ཞེས་བྱ་བའི་དགོངས་པ་ནི་འདི་ཡིན་ཏེ། ་གང་ལ་བདག་ཏུ་འདུ་ཤེས་ཡོད་པ་དེ་ལ་དེ་ཙམ་གྱིས་ན་ངེས་པར་བདག་ལ་ཆགས་པ་འབྱུང་ངོ་།། དེ་ལྟར་བདག་ལ་ཆགས་པ་དང་ལྡན་ན། གླདྲོན་མི་ཟ་བར་བདག་གི་དང་གཞན་དུ ་རྟོགས་པ་འབྱུང་སྟེ། འདི་ལྟར་དེས་གང་ཞིག་བདག་ལ་ཕན་འདོགས་པར་བསྡུས་པ་དེ་ལ་ནི་བདག་གིར་རྣམ་པར་རྟོག་ལ། གཞན་ལ་ནི་ཕ་རོལ་ཏུ་རྣམ་པར་རྟོག་གོ། དེའི་ཕྱིར་བདག་གྲི་དང་མཐུན་པར་འཇུག ་དེའི་ཕྱིར་བདག་དང་བདག་གི་དང་མཐུན་པར་འཇུག་པ་ལ་རྗེསུ་ཆགས་པ་དང་དེ་དང་འགལ་བ་ལ་ཞེ་སྡང་སྟེ། དེ་དང་འབྲེལ་པ་ཉེས་པའི་ཚོགས་མཐའ་དག་ཀྱང་འབྱུང་ངོ་།། དེ་ཉིད་ཀྱི་ཕྱིར་བདག་ཡོད་གཞན་དུ ་འདུ་ཤེས་ཏེ། བདག་གཞན་འབྱེད་པས་ཡོངས་འཛིན་སྡང་།། འདི་དག་དང་ནི་འབྲེལ་བ་ཡིས།། ཉེ་ས་པ་ཐམས་ཅད་རབ་ཏུ་འཕེལ།། ཞེས་བཤད་དོ།། གང་ལ་གནོད་སེམས་ལ་སྩོགས་པ་ཉེས་པའི་ཚོགས་བྱུང ་བ་དེ་ལ་ང་ཇི་ལྟར་བཟོད་པ་སྨྲ་བར་གྲགས་པར་གྱུར་ཏེ། གང་གིས་ན་བཟོད་པའི་མཐུས་ཀ་ལིངྒའི་རྒྱལ་པོ་དེའི་ཚེ་དེ་ཁོ་ན་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་སྙམ་དུ་དགོངས་པའོ།། འདིས་ནི་གནོད་པ ་བྱས་པ་ན་འགྱུར་བ་མེད་པས་གནོད་སེམས་ལ་སོགས་པ་ངེས་པར་འབྱུང་བ་རྣམས་མེད་པའི་ཕྱིར་བདག་ལ་སོགས་པའི་འདུ་ཤེས་དང་བྲལ་བའི་རྟགས་ཀྱིས་བཟོད་པ་དེ་འདྲ་བ་དེ་ཤེས་པར་བསྟན་པ ་ཡི་ནོ།། འདི་ཉིད་ཀྱིས་བཟོད་པ་རྣམ་པ་གསུམྲ་ཡང་བསྟན་ཏེ། འདིར་ཀ་ལིངྒའི་རྒྱལ་པོ་ཞེས་བྱ་བ་འདྲིས་ནི་གནོད་པ་བྱེད་པ་ལ་མི་མཇེད་པའི་བཟོད་པ་ཡོངས་སུ་བསྟན་ཏོ།། ཡན་ལག་དང་ཉིང་ལག་ཅེས ་བྱ་བ་འདིས་ནི་སྡུག་བསྔལ་དང་དུ་ལེན་པོའི་བཟོད་པའོ།། དེའི་ཚེ་ང་ལ་ཞེས་བྱ་བ་ལ་སོགས་པྲས་ནི་ཆོས་ལ་ངེས་པར་རྟོག་པའི་བཟོད་པའོ།། འདིས་ནི་དོན་གྱིས་ན་ཆོས་དང་གང་ཟག་ཏུ་རྣམ་པར་རྟོག་པ ་མི་མཐུན་པའི་ཕྱོགསུ་ཡོངས་སུ་སྟོན་ཅིང་། འདུལ་བ་རྣམས་དེ་སྤངས་པ་དང་། ཇི་སྐད་སྨོས་པའི་བཟོད་པ་བསྐྱེད་པར་ཡང་དག་པུརྱ་འཛིན་དུ་འཇུག་པ་ཡིན་ཏེ། འདི་ལྟར་འདིས་ནི་གདུལ་བའི་སྐྱེ་བོ་དག་འདི ་སྙམ་དུ་གང་གི་ཚེ་བཅོམ་ལྡན་འདས་ཉིད་བྱང་ཆུབ་ཀྱི་ཕྱིར་བཟོད་པ་མཆོག་འདི་ལྟ་བུ་བསྒོམས་པ་དེའི་ཚེ་བདོག་ཅག་གིས་འདི་ཅིའི་ཕྱིར་མི་བསྒོམ་སྟེ། བྱཱ་དཀའ་བའི་ལས་མ་བྱས་ན་རྙེད་དཀའ་བའི་གོ ་འཕང་མི་འཐོབ་བོ་སྙམ་དུ་སེམསོ།། དྲིའི་ཕྱིར་གདུལ་བ་དེ་དག་དེ་ལ་སྤྲོ་བ་བསྐྱེད་པ་ཡིན་ནོ།། ཡན་ལག་དང་ཉིང་ལག་རྣམས་ཞེས་མཚན་མ་ཙམ་ཞིག་བརྗོད་པས་སྡུག་བསྔལ་དང་དུ་ལེན་པའི་བཟོད ་པ་ཐམས་ཅད་ཡོངསུ་བསྟན་ཏོ།། ད་ནི་བཟོད་པ་དེ་རྣམ་པ་ཇི་ལྟ་བུ་ཡིན་པ་དེ་བཞིན་དུ་བསྟན་པའི་ཕྱིར་རབ་འབྱོར་ངས་མངོན་པར་ཤེས་ཏེ་ཞེས་བྱ་བ་གསུངསོ།། དེ་ཡང་ཀེ་ལིངྒའི་རྒྱལ་པོས་ངའི་ཡན་ལག ་དང་ཉིང་ལག་བཅད་པར་གྱུར་པ་ཞེས་བྱ་བའི་སྐབས་ཡིན་ཏེ། མངོན་པས་མ་གསུངསོ།། བཟོད་པ་དེ་ཡང་རྣམ་པ་གཉིསུ་ཡོངསུ་བསྟན་ཏེ། གཞན་གནོད་པ་བྱེད་པ་རྒྱུན་ཏུ་སྡུག ་བསྣོལ་བའི་ཡུལླ་ཙཱ་ནུ་དང་། གཞན་གནོད་པ་བྱེད་པ་མི་བཟད་པའི་སྡུག་བསྔལ་གྱི་ཡུལ་ཅནྡ་ནོ།། དེ་ལ་རྒྱུན་ཏུ་སྡུག་བསྔལ་ལ་སོགས་པའི་ཡུལ་ནི་ཚེ་རླབས་ལྔ་བརྒྱར་ཞེས་བྱ་བ་གསུང་ས་པཾ་གིང ་ཡིན་པ་སྟེ། འདིས་ནི་འདིའི་རྒྱུ་ཆེ་བ་བརྗོད་དོ།། མི་བཟང་བའི་སྡུག་བསྔལ་ལ་སོགས་ཡུལ་ནི་ཡན་ལག་དང་ཉིད་ལུག་རྣམས་ཞེས་གླང་གསུངས་པ་ཡིནོ།། མི་བཟོད་པའི་གཞུ་ནི་སྡུག་བསྔལ་རྣམ ་པ་གསུམི་སྟེ། འདི་ལྟ་སྟེ་འཁོར་བའི་སྡུག་བསྔལ་དང་སེམས་ཅན་ལོག་པར་འཇུག་པའི་སྡུག་བསྔལ་དང་། ལོངས་སྤྱོད་དང་མི་ལྡན་པའི་སྡུག་བསྔལ་ལོ།། དེ་ལྔ་མི་བཟོད་པའི་གཞི་དང་པོའི་གྲེཉེན་པོར ་དེ་ལྟ་བས་ན་ཞེས་བྱ་བ་གསུངསོ།། འདི་མཐའ་དགེ་གིས་ནི་མི་བཟོད་པ་སྤངས་ཏེ། བྱང་ཆུབ་ལ་འདུན་པ་དང་སྨོན་ལམ་གྱིས་གན་སེ་པར་བྱའོ་ཞེས་བསྟན་པ་ཡིན་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་ན་སུ ་ཡང་འཁོར་བའི་སྡུག་བསྔལ་གྱིས་རེག་པར་མི་འགྱུརརོ་སྙམ་དུ་དགོངས་པའོ།། བརྒྱ་ལ་བྱང་ཆུབ་ཀྱི་སེམས་ལ་ནི་འགའ་ཞིག་བསྐྱེད་དུ་ཟིན་ཀྱང་བདག་ཏུ་མངོན་པར་ཞེན་པའི་སྒོ་ནས་སྡུག་བསྔལ་རྣམ་པ་གསུམ ་གྷི་འདུ་ཤེས་ཀྱིས་སྐྱུག་ནས་ཡང་སྐྱེད་པར་མི་བྱེད་པས་འདུ་ཤེས་ཐམས་ཅད་རྣམ་པར་སྤངས་ཏེ་ཞེས་བྱ་བ་གསུངས་ཏེ། བདག་ལ་སོགས་པར་འདུ་ཤེས་པ་དང་། སྡུག་བསྔལ་རྣམ་གསུམ་གྱི་འདུ ་ཤེས་ནོ་འདི་འདུ་ཤེས་ཐམས་ཅད་དོ།། གཟུགས་ལ་སོགས་པ་མངོན་པར་ཞེན་པ་ནི་ཉན་ཐོས་ལ་སོགས་པ་བཞིན་དུ་འཁོར་བ་ཡོངསུ་བརྟགས་ནས་སྡུག་བསྔལ་དེས་ཡིད་གདུངས་ནས་བརྒྱ་ལམ ་ན་ཡང་བྱང་ཆུབ་ཀྱི་སེམས་མི་བསྐྱེད་པས་གཟུགས་ལ་མི་གནས་པརཱ་ཞེས་བྱ་བ་ལ་སོགས་པ་གསུངསོ།། གཟུགས་ལ་སོགས་པ་ལ་ཡོད་པར་མངོན་པར་ཞེན་པ་ནི་དེ་ལ་གནས་པ་སྟེ། འདིར་ཡང་སྔ་མ ་བཞིན་དུ་བཤད་དོ།། འདིར་ཚིག་ཟློས་བར་ཡང་མི་འགྱུར་ཏེ། འདིས་ནི་མི་བཟོད་པའི་གཞིའི་གཉེན་པོ་བརྗོད་དོ།། སྔ་མས་ནི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བའོ།། འདིར་གདུལ་བ་རྣམས་ཆོས་མེད་པ་ལ་ཡིད ་མི་གནས་པར་ཞེས་བྱ་བ་ལྷག་མ་ཡིན་ཏེ། འདིས་ནི་མེད་པ་ལ་མངོན་པར་ཞེན་པ་དག་གོ།། ཅི་ལ་ཡང་མྱི་གནས་པར་ཞེས་བྱ་བ་འདིས་ནི་གཟུགས་ལ་སོགས་པ་དག་ལ་མིང་ཙམ་དུ་ཡོད་པར་མངོན་པར་ཞེན་པ ་དགག་སྟེ། འདིས་ནི་རྣལ་འབྱོར་དུ་སྙོམས་པར་འཇུག་པ་བསྟན་ཏོ།། ཅི་གཟུགས་ལ་སོགས་པ་ཡོད་བཞིན་དུ་དེ་ལ་གནས་པ་ལ་ཞེ་སྡང་བའི་ཕྱིར་རམ། འོན་ཏེ་མེད་པ་ཁོ་ན་ལ་ལོག་པར་མངོན་པར་ཞེན ་པ་ཡོངས་སུ་སྤང་བའི་དོན་དུ་དགག་སྙམ་དུ་སེམས་པའི་འདྲི་བ་ལ་བརྟགས་ནས་དེ་ཅིའི་སླད་དུ་ཞེ་ན་ཞེས་ཞུས་པ་དང་། ལན་དུ་གནས་པ་གང་ཡིན་པ་དེ་ཉིད་མི་གནས་པའི་ཕྱིར་ཏེ་ཞེས་བྱ ་བ་གསུང་སོ།། འདི་ལ་དོན་ནི་འདི་ཡིན་ཏེ། ཁྱོད་ཀྱི་སེམས་ཐོག་མ་མེད་པའི་དུས་ནས་གཟུགས་ལ་སོགས་པ་ལ་དངོས་པོར་མངོན་པར་ཞེན་པའི་སྟོབས་ཀྱིས་གཟུགས་ལ་སོགས་པ་ལ་གནས་ཏེ། བདེན་པར ་མངོན་པར་ཞེན་པ་གང་ཡིན་པ་དེ་གཟུགས་ལ་སོགས་པ་དངོས་པོ་གང་ཡིན་པ་མེད་པའི་ཕྱིར་དོན་དམ་པར་མི་གནས་པའོ།། དེ་བས་ན་ཞེས་བྱ་བ་མཇུག་བསྡུ་བ་འདས་ནི་འདིར་ཕྱོགས་གཉིས་པ་ལ་གནས་པ་སྟོན་ཏེ། ་སྦྱིན་པའི་སྒྲས་སྔ་མ་བཞིན་དུ་འདིར་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ཅར་དུ་བཞེད་དོ།། མི་བཟོད་པའི་གཞི་གཉིས་པའི་གཉེན་པོར་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངསོ།། འདི་མཐའ་དག་གིས་ནི་གལ ་ཏོ་བྱང་ཆུབ་སེམས་དཔའ་སུའི་དོན་དུ་ཕ་རོལ་ཏུ་ཕྱིན་པ་བྱ་དཀའ་བ་ལ་སྦྱོར་བུ་རྩོམ་པར་སྤྲོ་ཡང་སེམས་ཅན་དེ་དག་ཀྱང་དོན་དམ་པར་མེད་ལཱཾ། སེམས་ཅན་དུ་འདུ་ཤེས་པ་ཡང་དོན་དམ་པར་མེད་ན་དེ་དག་ཇི་ལྟར ་སེམས་ཅན་དེ་ལྟ་བུ་དག་ལོག་པར་འཇུག་པས་སྐྱོ་བར་འགྱུར་ཞེས་དེ་སྐད་ཡོངསུ་སྟོན་ཏོ།། སེམས་ཅན་དང་དེར་འདུ་ཤེས་པ་བཀག་པས་ནི་བདག་མེད་པ་གཉི་ག་བརྗོད་དོ།། སེམས་ཅན་ཐམས་ཅད་ཀྱི་དོན་གྱི ་ཕྱིར་ཞེས་བྱ་བ་འདིས་ནི་འདི་རྒྱ་ཆེ་བ་བསྟན་ཏོ།། ལྷག་མ་མཐའ་དག་གིས་ཟབ་པ་བསྟན་ཏོ།། དེ་ལྟར་རེ་ཞིག་རིགས་པས་བཟོད་པར་རིག་སོ་ཞེས་བསྟན་ནས། ད་ནི་དེ་བཞིན་གཤེགས་པ་ལྔ་ཡིད་ཆེས་པས ་ཀྱོང་རིགསོ་ཞེས་བསྟན་པའི་ཕྱིར་ཡང་དག་པར་གསུངས་པ་ཞེས་བྱ་བ་ལ་སོགས་པ་གསུངསོ།། དང་པོ་ནི་བསྟན་པའོ།། ལྷག་མ་ནི་བཤད་པའོ།། ཡང་ན་བདེན་པ་བཞི་བསྟན་པ་སྟེ། གོ་རིམ་བཞིན་དུ་སྦྱརོ།། ་ཡང་ན་ཡང་དག་པ་གསུང་བ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་བསྟན་ཏོ།། དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་གཏན་ཚིགས་བསྟན་པ་སྟེ། འདིར་སངས་རྒྱས་བཅོམ་ལྡན་འདས་གཞན་དྲག་ཉོན་མོངས་པ་དང ་ཤེས་བྱའི་སྒྲིབ་པ་སྤངས་ཏེ། དེ་བཞིན་གཤེགས་པ་དེ་བཞིན་དུ་འདི་ཡང་གཤེགས་ཏེ་བྱོན་པས་དེ་བཞིན་གཤེགས་པའོ།། དྲ་བས་ན་ཡང་དག་པ་ཕྱིན་ཅི་མ་ལོག་པར་གསུང་བ་སྟེ། ཕྱིན་ཅི་ལོག་ཏུ་སྟོན་པའི ་རྒྱུ་སྒྲིབ་པ་མི་མངའ་བྲས་རྒྱུ་མི་དམིགས་པར་སྒྲུབ་བོ།། འདི་དེ་བཞིན་གཤེགས་པ་ཁོ་ན་ཡིན་པར་ཇི་ལྟར་འགྲུབ་སྙམ་པ་དང་། བདྲེན་པ་གསུང་བ་ཞེས་བྱ་བ་གསུངསོ།། བདེན་པ་སྟེ་འཕགས་པའི་བདེན་པ་བཞིའི ་མཚན་ཉིད་གསུང་བའི་ངང་ཚུལ་ཅན་གང་ཡིན་པ་སྟེ། དེས་ན་དེ་དེ་བཞིན་གཤེགས་པ་ཞེས་བྱ་བར་ངེསོ།། ཤིན་ཏུ་སྐོལ་བའི་དོན་ནི་རྣམ་པ་ཐམས་ཅད་དུ་ཡང་དག་པར་སྟོན་མི་སྲིད་དོ།། ཇི་སྐད་དུ་ཐབས་ལས ་བྱུང་དང་དེ་ཡཱི་རྒྱུ།། ལྐོག་གྱུར་དེ་བ་ཤཱངྒ་ཤིན་ཏུ་དཀའ་ཞེས་བཤད་པ་ལྟ་བུའོ།། འདི་བདེན་པརུ་ཇི་ལྟར་ཤེས་སྙམ་པ་ལ་དེ་བཞིན་ཉིད་གསུང་བ་ཞེས་བྱ་བ་གསུངསོ།། དེ་དངོས ་པོའི་ངོ་ཁོ་ན་ཕྱིན་ཅི་མ་ལོག་པར་ཇི་ལྟ་བ་བཞིན་དུ་གསུང་བས་དེ་བཞིན་ཉིད་གསུང་བའོ།། དེ་སྤང་བར་བྱ་བ་དང་བླང་བར་བྱ་བའི་དེ་ཁོ་ན་ཐབས་བཅས་པར་ཇི་ལྟར་གནས་པ་བཞིན་དུ་གསུང་བ་སྟེ། དེ་ཇི་ལྟར་བདེན ་པ་གསུང་བར་མི་འགྱུར། དེ་ལྟར་དུ་ཟིན་ཀྱང་དེས་བསྟན་པའི་བདེན་པ་བཞི་པོ་དེ་བཞིན་དུ་གནས་པར་ཅི་མངོན་སྙམ་པ་ལྔ། ལོག་པར་གསུང་བ་མ་ཡིན་ནོ་ཞེས་བྱ་བ་གསུངསོ།། གང་གི་ཕྱིར་མ་ལོག་པ་ཚད་མ ་དུདྲུང་ལྡན་པར་གསུང་གི་ཚད་མས་གནོད་པ་མི་གསུང་བ་དེའི་ཕྱིར་བདེན་པའོ་ཞེས་བྱ་བའི་ཐ་ཚིག་གོ།། འདི་མཐའ་དག་གིས་ནི་འབྲས་བུའི་གཏན་ཚིགས་ཀྱིས་བཅོམ་ལྡན་འདས་ཚད་མར་བསྒྲུབསོ།། དེ་ཉིད་ཀྱི་ཕྱིར། ་སྐྱོབ་ལུས་ཡང་དག་བརྟན་མ་ལུས།། ཁྱད་པར་ཅན་གྱི་མཁྱེན་པ་བསྒྲུབ་ཅེས་བཤད་དོ།། དོན་དམ་པར་དངོས་པོའི་རང་བཞིན་གཅིག་ཀྱང་གྲུབ་པ་མེད་པས། བདེན་པ་གཅིག་ཀྱང་སྒྲུབ་པར་དཀའ་ན་བདེན ་པོ་བཞིར་ལྟ་ག་ལ་འགྱུར་ཏེ། བདེན་པ་བཞི་བརྗོད་པས་ཡང་དག་པར་གསུང་བར་འགྱུར། འདི་ལྟར་བཅོམ་ལྡན་འདས་ཀྱིས་ཕུང་པོ་ལྔ་ནི་སྒྱུ་མ་ལྟ་བུའོ་ཞེས་གསུངས་ན་དེའི་བདག་ཉིད་སྡུག་བསྔལ་གྱི་བདེན ་པར་ཇི་ལྟར་འགྱུར། སྡུག་བསྔལ་ཡང་དོན་དམ་པར་བརྫུན་པའི་ཕྱིར་དེ་ཀུན་འབྱུང་བ་དང་འགོག་པ་དག་ཀྱང་མེད་པ་ཁོ་ན་སྟེ། རི་བོང་གི་རཱ་ལ་སོགས་པ་ཤིན་ཏུ་མེད་པ་ལ་ནི་དེ་གཉིས་མི་སྲིད་དོ།། ་འགོག་པ་མེད་པས་དེར་འགྲོ་བའི་ལམ་ཡང་དོ་ན་དམ་པར་མེད་པོ་ཉིད་དེ། བགྲོད་པར་བྱ་བ་མེད་ན་འགྲོ་བ་ཡང་མེད་དོ།། འདི་སྐད་དུ། བྱང་ཆུབ་བཞུགས་ནས་བདེན་པ་གཅིག་གྲུབ་པར།། གཟིགས་པ ་མེད་ན་བཞིར་ལྟ་ག་ལ་འགྱུར།། ཞེས་བསྟན་པ་ལྟ་བུའོ།། དེ་ལ་བརྟགས་ནས་གདུ་དག་ཡང་དག་པར་གསུང་བ་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པ་དེ་དག་གི་སྒྲོ་འདོགས་པའི་མཐའ་སྤང་བའི་ཕྱིར ་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངསོ།། བདེན་པ་ཡང་མེད་ཅེས་བྱ་བ་ནི་དོན་དམ་པར་རང་བཞིན་གང་ཡང་གྲུབ་པ་མེད་པའི་ཕྱིར་རོ།། བརྫུན་པ་ཡང་མེ་དུ་ཅེས་བྱ་བ་ལ། བརྫུན་པ་ནི་བདྲེན་པ ་རྣམ་པར་གཅོང་པར་གནས་པས་རྣམ་པར་བཅད་པར་བྱ་བ་དེ་མེད་པའི་ཕྱིར་གང་གིས་དེ་བརྫུན་པར་འགྱུར། ཡང་ན་བདེན་པ་ཡང་མེད་ཅེས་བྱ་བྲ་ནི་ཇི་ལྟར་ཤེས་པའི་ངོ་བྷོ་སྒྱུ་མོ་བཞིན་དུ་བརྫུན་པའི་ཕྱིར་རོ།། ་བརྫུན་པ་ཡང་མེད་ཅེས་བྱ་བ་ནི་མ་བརྟགས་ན་དགའ་བོ་ཙམ་དུ་གནས་པོའི་ཕྱིར་རོ།། མཐའི་གཉིས་བཀག་པ་འདིས་ནི་དབུ་མའི་ལམ་ཉིད་དུ་སྟོན་ཏོ།། ཉན་ཐོས་རྣམས་ཀྱི་བདག་ཏུ་མངོན་པར་ཞེན་པ་སྤང ་བའི་ཕྱིར་གང་ཟག་ལ་བདག་མེད་པ་ཙམ་གྱི་རྒ་ཤས་ཀྱིས་བདེན་པ་བཞི་པོ་དག་བསྟན་གྱི། ཐམས་ཅད་ཀྱི་ཆེད་དུ་ནཱ་མ་ཡིན་པས་འགལ་བ་མེད་དོ།། ། ་བམ་པོ་བཞི་པ། ཡང་གུང་ལུས་ལ་སོགས་པར་དམིགསྲ་ཤིང་དེ་དོན་དུ་གཉེར་བའི་ཕྱིར་སྦྱིན་པ་སྦྱིན་པར་བྱེད་པ་དང་། གང་ཡང་མི་དམིགས་པས་དོན་དུ་མི་གཉེར་བ་དེ་གཉིས་ཀྱི་ཁྱད་པར་ཅི་འདྲ་སྙམ ་དུ་སེམས་པ་གང་ཡིན་པ་དེའི་མི་བཟོད་པའི་གཞི་གསུམ་པའི་གཉེན་པོ་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངསོ།། གངྒཱ་ལུསྭཱ་དང་སྲིད་པ་དང་ལྕངས་སྤྱོད་ཀྱི་བདག་ཉིད་ཀྱི་དངོས་པོ་ལ་བདེ་ནི ་པ་ཁོ་ནར་མངོན་པརྱཱ་ཞེན་ཏེ། དེ་དོནྟ་དུ་གྷཉེརྱ་བ་དྭེར་ལྟུང་བའི་སྦྱིན་པ་སྦྱིན་པར་བྱེད་པ་དེ་ནི་སྐྱེས་བུ་མུན་པར་ཞུགས་པ་བཞིན་ཏེ། མིག་ཡོད་དུ་ཟིན་ཀྱང་དངོས་པོའི་དོན་མི་དམིགས་པས་སྤང་བར་བྱ་བ་དང ་བླང་བར་བྱ་བའི་དོན་མི་ཤེས་པས་ཕྱིན་ཅི་ལོག་གི་དང་ས་པོ་སྟེ་ག་བསྡུ་ལ་མཐའ་དག་གི་གནསུ་ལྟུང་།། དེས་ན་བྱང་ཆུབ་སེམས་དཔའ་ལོངས་སྤྱོད་ཆེན་པོའི་བདེ་བ་ལས་ཡོངསུ་ཉམས་པར་འགྱུར་རོ།། ་དེ་དང་མི་ལྡན་པས་ཉན་ཐོས་ལ་སོགས་པ་བཞིན་དུ་སྡུག་བསྔལ་གྱིས་ཉེན་པས་བྱང་ཆུབ་ལས་ལོག་གོ།། གང་དངོས་པོར་མ་ལྷུང་བར་སྦྱིན་པོ་སྦྱིན་པར་བྱེད།། ལུས་ལ་སོགས་པའི་དངོས་པོ་ལ་མི ་དམིགས་ཤིང་དེ་དོན་དུ་མི་གཉེར་བར་སྦྱིན་པར་བྱེད་པ་དེ་ནི་དཔེར་ན་སྐྱེས་བུ་མིག་དང་ལྡན་པས་གཟུགས་སྣ་ཚོགས་དག་ཡོད་པའི་ཕྱིར་མཐོང་ལ། མཐོང་ནས་ཀྱང་སྤང་བར་བྱ་བ་ནི་ཡོངསུ་སྤོང་། བླང་བར་བྱ ་བཔབ་ནི་ལེན་པ་བཞིནོ།། དེ་ཡང་ཉི་མ་མ་ཤོར་ན་བརྒྱ་ལམི་མཐོང་བར་འགྱུ་རོ་སྙམ་པ་ལ་ཉི་མ་ཤར་ནས་ཞེས་བྱ་བ་གསུངསོ།། ཉི་མ་ཤར་དུ་ཟིན་ཀྱང་གལ་ཏེ་ན་ཁྱིམ་ལ་སོགས་པོ་ཀུན་མུན་པ་ཅན་དག་ན་མི། ་མཐོང་ངོ་སྙམ་པ་ལ་ནམ་ལངས་ཏེ་ཞེས་བྱ་བ་གསུངསོ།། ནམཱ་ནངས་ཞེས་བྱ་བའི་སྒྲ་ནི་མུན་པར་བསྟན་ཏེ། དེས་ན་མུན་པ་མེད་པའི་ཕྱོགས་ན་ཞེས་བྱ་བའི་ཐ་ཚིགོ། དེ་དག་ཚོགས་ཟིན་ཀྱང་ལྡོང་བ་གང ་ཡིན་པ་དེས་བརྒྱ་ལམ་ན་ཡང་མི་མཐོང་། སྙམ་དུ་དོགས་ནས་མིག་དང་ལྡན་པོ་ཞེས་བྱ་བ་གསུངས་ཏེ། དེ་ལྟ་བུར་ནི་བྱང་ཆུབ་སེམས་དཔའ་དངོས་པོར་མ་ལྷུང་བར་བལྟ་བར་བྱའོ།། དེ་ནི་མ་རིག་པའི་མུན་པ ་ནམ་ནངས་ཤིང་། ཡེ་ཤེས་ཀྱི་ཉི་མུ་ཤར་ནས་ཤེས་བྱ་རྣམ་པ་སྣ་ཚོགས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་སྟེ། ཕྱིན་ནཱི་ལོག་གི་དངོས་པོ་སྡུག་བསྔལ་མཐའ་དག་གི་གནས་སྡུག་བསྔལ་སྤང་བར་བྱ་བྱ ་ཡང་བརྫུན་པ་ཡིན་པས་ཡོངསུ་སྤོང་། བདེ་བ་མཐའ་དག་གི་གནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཚན་ཉིད་ཡང་དག་པའི་གོ་འཕང་བླང་བར་བྱ་བ་ཡང་འདོད་དོ་དེ་ལ་འཇུག་པར་རྩོ་མོ།། ། ་དེས་ན་བྱང་ཆུབ་སེམས་དཔའ་རྣམས་ལོངས་སྤྱོད་ཆེ་བ་ཕུན་སུམ་ཚོགས་པ་རྙེད་ནས་བླ་ན་མེད་པའི་བདེ་བྱས་ལུས་བརྟན་ཏེ་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་དགྲོངས་པའོ།། ་དེ་ཉིད་ཀྱི་ཕྱིར་ཟློས་པར་མི་འགྱུར་ཏོ། སྔར་ནི་དམིགས་པ་ཙམ་གྱིས་དེ་ལ་གནས་པ་ཞེས་བསྟན། འདིར་ནི་དམིགས་པ་སྔོན་དུ་གཏོང་བས་དེ་ལ་ཆགས་པའི་མཚན་ཉིད་དུ་ལྷུང་བའོ།། དེའི་ཕྱིར་འདིར་ནི ་ལྷུང་བ་སྨོསོ།། སྔ་མར་ནི་གནས་པ་སྨོས་སོ།། འདི་མཐའ་དྲག་གིས་ནི་སེམས་རབ་ཏུ་གཟུང་བ་བསྟན་ཏོ།། དེ་ལྟར་རྣམ་པ་འདིས་བཟོད་པཱ་ལ་བཙུད་ཀྱང་གང་དགྲ་བསམ་གཏན་གྱི་རོ་མྱང་བར་བྱེད་ཅིང་། ་དེ་ཉིད་ལ་ཆགས་ནས་ཡེ་ཤེས་ཀྱི་ཚོགས་ཡོངསུ་བསྐང་བའི་རྒྱུ་ཐེག་པ་ཆེན་པོའི་ཆོས་ལ་མི་བརྩོན་པ་དེ་དག་ཡེ་ཤེས་ཀྱི་ཚོགས་དང་མི་ལྡན་པ་དང་བྲལ་བའི་ཕྱིར་གནས་བཅུ་བཞི་པའི་དབང་དུ་མཛད ་ནས་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། གནས་འདིས་ནི་བསམ་གཏན་གྱི་རོ་མྱང་བ་དང་དཔྲལ་བའི་ཕྱིར་རྣམ་པ་ལྔས་དམ་པའི་ཆོས་ལ་བརྩོན་པར་བྱ་བའི་ཡོན་ཏན་གྱི་ཁྱད་པར་ཡོངསུ་སྟོན་ཏེ། ་དེ་བཞིན་གཤེགས་པས་དགོངས་པ་དང་བསོད་ནམས་ཁྱད་པར་དུ་འཕགས་པ་ཡོངསུ་སྡུད་པ་དང་། ཆོས་དང་། དེ་སྒྲུབ་པར་བྱེད་པ་ལ་བསྟོད་པ་དང་། ལྷ་ལ་སོགས་པ་རིམ་གྲོ་བྱེད་པ་དང་། སྡིག་པ་ཡོངསུ ་བྱང་བར་འགྱུར་བའོ།། དེ་ལ་དེ་བཞིན་གཤེགས་པས་དགོངས་པ་ནི་དེ་དག་དེ་བཞིན་གཤེགས་པས་མཁྱེན་ཞེས་བྱ་བ་ལ་སོགས་པ་གསུངས་པ་གང་ཡིན་པའོ།། ལེན་ཞེས་བྱ་བ་ལ་སོགས་པའི་ཚིག ་རྣམས་ཀྱི་བཤད་པ་ནི་སྔ་མ་བཞི་ནོ།། བཅྡོཾས་ནི་ཐད་མཁྱེན་པའི་ཕྱིར་ཐམས་ཅད་མཁྱེན་པ་དང་གཟིགས་པ་ཡིན། དེ་ལ་དེ་དག་ལ་ཡ་མཚན་ཆེ་བ་ཅི་ཡོད་སྙམ་པ་ལ་བརྟགས་ནས་བསོད་ནམས་ཡོངསུ་སྡུད་པའི་ཁྱད ་པར་བསྟན་པའི་ཕྱིར་སེམས་ཅན་དེ་དགྲ་ཐམས་ཅད་ཅེས་བྱ་བ་གསུངསོ།། བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་སྐྱེད་པས་དེ་དག་སྐལ་བ་ཡོད་པར་མཁྱེན་ཏོ་ཞེས་བྱ་བའི་ཐ་ཚིག་གོ།། དེའི་བསོད་ནམས་ཀྱི ་ཕུང་པོའི་ཁྱད་པར་ཅི་ཞིག་ཡོད་ན་གང་གིསྔ་ན་ཚད་མེད་པར་འགྱུར་སྙམ་པ་ལ་བརྟགས་ནས་བསོད་ནམས་ཁྱད་པར་དུ་འཕགས་པ་ཡོངསུ་སྡུད་པར་བསྟན་པའི་ཕྱིར་ཡང་རབ་འབྱོར་སྐྱེས་པ་འམ་བུད་མེད་གང ་ཞིག་ཅེས་བྱ་བ་ལ་སོགས་པ་གསུངསོ།། ཉི་མ་དང་འོད་དྲང་ས་དང་ཆུ་ལ་སོགས་པའི་གནས་སྐབས་ཀྱི་བྱེ་བྲག་ནི་སྔ་དྲོ་སྟེ། དེ་ལྟར་གྱུར་པའི་གནས་སྐབས་ཀྱི་བྱེ་བྲག་ཁོ་ན་ལ་དུས་ཞེས་བཏགས་ཀྱི་བྱེ་བྲག ་ཅན་ལ་སོགས་པས་ཡོངསུ་བརྟགས་པ་ལྟ་བུ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དུས་ཀྱི་སྒྲ་དང་དེ་ནི་གཞི་མཐུན་པས་བྱེ་བྲག་ཏུ་བྱསོ།། དེ་ལྟ་མ་ཡིན་ན་དེ་གཅིག་པུའི་ངོ་བོ་ཡིན་པས་འདི་ནི་སྔ་དྲོ་ཞེས་བྱ་བ ་ལ་སོགས་པ་རྣམ་པར་དབྱེ་བ་མེད་པར་འགྱུར་རོ།། གཞན་གྱི་བྱེ་བྲག་གིས་རྣམ་པར་དབྱེ་བར་ཁས་ལེན་ན་ཡང་བྱེ་བྲག་དེ་ཉིད་ཉི་མ་ལ་སོགས་པའི་གནས་ཀྱི་བྱེ་བྲག་སྔ་དྲོ་ལ་སོགས་པར་ཐ ་སྤྱད་གདགས་པའི་རྒྱུ་ཡིན་ན་ཅུང་ཟད་ཀྱང་མི་བྱེད་ལ་མཐུ་མ་མཐོང་བའི་དུས་བརྟགས་ཏེ་ཅི་ཞིག་བྱ་སྙམ་དུ་དགོངས་པའོ།། དེ་བློ་བུལ་བ་དང་། མྱུར་བ་ལྔ་སོགས་པའི་རྟག་སྣ་ཅན་དུ་ཡང་རིགས་པ་མ་ཡིན་ཏེ། ་བློ་བུལ་བྱ་ལ་སོགས་པ་དེ་དག་དེའི་རྒྱུ་ལས་བྱུང་དུ་རིམ་གྱིས་འབྱུང་བ་དང་འགལ་བའི་ཕྱིར་རོ།། དེ་ནི་སྔར་བསྟན་པ་ཉིད་དོ།། གནོད་པ་ཅན་གྱི་ཚད་མ་ནི་བདག་སུན་དབྱུང་བའི་སྐབསུ་སྔར་བསྟན་པས་མང་དུ་མི ་དགོས་སོ།། དེ་ལ་རང་དགའ་བས་བསྐྱེད་པའི་བརྡའི་དབང་གིས་སྲོག་ཆགས་ལ་སོགས་པའི་གནས་སྐབས་ཀྱི་བྱེ་བྲག་རྣམ་པ་དེ་ལྟ་བུ་ལ་དུས་ཞེས་ཐ་སྙད་གཏགས་ཀྱི་སྒྲ་དང་དོན་དུ་འབྲེལ་པ་རྟག་པའི་དབང་གིས་ནི ་མ་ཡིནོ་ཞེས་བསྟན་པའི་ཕྱིར་ཚེ་ཞེས་བྱ་བའི་སྒྲས་བྱེ་བྲག་ཏུ་བྱས།། གང་ཡང་རུང་བ་ཞིག་སྨོས་ནི་ཇི་སྐད་བསྟན་པའི་འདོད་པ་བསྟན་པར་མི་འགྱུར་པས་ཚིག་གསུམ་ཅར་སྨོས་སོ།། བརྡའི་ཡུལ་ཡིན་པའི་ཕྱིར ་བརྡའི་སྒྲར་སྒྲོ་བཏགས་ནས་གཞི་མཐུན་པར་བྱསོ།། འདིར་ནི་བསམ་གཏན་གྱི་རོ་མྱང་བ་དང་དཔྲལ་བའི་ཕྱིར་འདི་བརྗོད་ལ། སྔ་མ་ལ་ནི་སྦྱིན་པར་བྱ་བ་དང་དུས་ཀྱི་རྣམ་པ་འདི་ལྟ་བུ་མི་བསྟན་པའི་ཕྱིར་ཟློས་པར་མི་འགྱུར་རོ།། ་དེ་ཉིད་གཞི་དེ་ལས་བསོད་ནམས་ཆེས་མང་དུ་གྲངས་མེད་དཔག་ཏུ་མེད་པ་བསྐྱེད་ཅེས་བྱ་བ་འདིས་ནི་རྒྱ་ཆེ་བ་ཡོངསུ་སྟོན་ཏོ།། གྲངས་དང་རྫས་དང་དུས་ཀྱི་བྱེ་བྲག་གིས་ཁྱད་པར་དུ་འཕགས་པའི་སྦྱིན་པ་ལས་བྱུང ་བའི་བསོད་ནམས་ཟིལ་གྱིས་གྲནོན་བྲིའི་ཕྱིརོ།། འདི་ལྟར་གངྒཱའི་ཀླུང་གི་བྱེ་མ་སྙེད་ཅེས་བྱ་བ་ནི་གྲངས་ཀྱི་བྱེ་བྲག་བསྟན་པའོ།། ལུས་ཞེས་བྱ་བ་ནི་གཏིང་དཔག་དཀའ་བྱ་སྟེ། རྫས་ཀྱི་བྱེ་བྲགོ། བ་སྐལྔ་པ་བྱེ་བ་ཁྲག ་ཁྲིག་འབུམ་ཕྲག་ཅེས་བྱ་བ་ནི་དུས་ཀྱི་བྱེ་བྲག། བསྐལ་པ་བྱེ་བ་དེ་ཡང་ཁྲག་ཁྲིག།། དེ་ཡང་འབུམ་ཞེས་ཚིག་སྦྱརོ།། དེ་ཇི་ལྟར་ཤེས་པར་བྱ་སྙམ་པ་ལ། ཆོས་ལ་བསྟོད་པའི་ཁྱད་པར་བསྟན་པའི་ཕྱིར་ཡོང་རབ ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཆོས་ཀྱི་རྣམ་གྲངས་འདི་ནི་བསམ་གྱིས་མི་ཁྱབ་ཅེས་བྱ་བ་ནི་ཤྲཱི་ནཱི་ཏུ་ཟབ་པ་ཆོས་ཐམས་ཅད་རང་བཞིན་མེད་པའི་མཚན་ཉིད་དེ་བཞིན་གཤེགས་པ་རྣམས་ཀྱི་སོ ་སོ་རང་གིས་རིག་པར་བྱ་བ་ཉན་ཐོས་ལ་སོགས་པ་གཞན་དྲུག་གིས་བསམ་པར་མི་ནུས་པ་འདྲིར་བསྟན་པའི་ཕྱིར་རོ།། མཚུངས་པ་མེད་ཅེས་བྱ་བ་ནི་གཞན་དུ་ནི་རྣམ་པ་འདི་ལྟ་བུ་མ་བསྟན་པས། འདི་དང ་མཚུངས་པ་འམ་ཁྱད་པར་དུ་འཕགས་པ་མེད་པའི་ཕྱིརརོ།། འདིས་ནི་མཉམ་པ་དང་ལྷག་པ་མེད་པའི་ཕྱིར་རྒྱུ་བསམཽ་གྱིས་མི་ཁྱབ་པ་ལས་འབྲས་བུ་བསམ་གྱིས་མི་ཁྱབ་པ་ཉིད་འབྱུང་ངོ་ཞེས་དེ་སྐད་སྟོན་ཏོ།། ་ཇི་ལྟར་མཚུངས་པ་མེད་སྙམ་པ་ལ་ཐེག་པ་ཕུལ་དུ་ཕྱིན་པ་ལ་ཡང་དག་པ་ཞུགས་པ་ཞེས་བྱ་བ་གསུངས་སོ།། ཤིན་ཏུ་རབ་ཏུ་ཕྱིན་པ་ནི་ཕུལ་དུ་ཕྱིན་པ་ཞེས་བྱ་སྟེ། ཉན་ཐོས་ལ་སོགས། ་པའི་ཆོས་ཀྱི་རྣམ་གྲངས་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངསོ།། ཐེག་པ་མཆོག་ཅེས་བྱ་བུ་ནི་མཆོག་རྣམས་ཀྱི་ཐེག་པ་ཡིན་པའམ། དེ་ཐེག་པ་ཡང་ཡིན་ལ་མཆོག་ཀྱང་ཡིནོ་ཞེས་ཚིག་རྣམ་པར་སྦྱར་ཏེ། གང ་ངག་དེར་ཡང་དག་པར་ཞུགས་པ་དེ་དགྲ་ལ་དེ་སྐད་ཅེས་བྱ་བའོ།། དེ་བཞིན་དུ་ཐེག་པ་ཕུལ་དུ་ཕྱིན་པ་ལ་ཡང་དག་པར་ཞུགས་པ་ཞེས་བྱ་བ་ཡང་དོན་མཐུན་ཏེ། དེ་གཉིས་ནི་རྣམ་གྲངསུ་གཏོགས་པའོ།། རྣམ་གྲངས ་བསྟན་པའི་དགོངས་པ་ནི་གདུལ་བའི་སྐྱེ་བོ་ལ་པ་ན་གདགྲོས་པ་སྟེ། ལ་ལ་གང་གིས་འགྱུར་བའི་ཕྱིརརོ།། གཞན་དག་ན་རཱྀ་འདི་ལས་གཞན་པའི་ཐེག་པ་ལ་བལྟོས་ནས་མཆོགོ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ ་རྣམ་པར་དག་པས་ཕུལ་དུ་ཕྱིན་པའོ་ཞེའོ།། ཡང་ན་མཆོག་ནི་དམ་པའོ།། རང་སངས་རྒྱས་ཀྱི་ཐེག་པ་ཡང་ཉན་ཐོས་ཀྱི་ཐེག་པ་ལ་བལྟོས་ནས་དམ་པ་ཡོད་སྙམ་པ་ལ་ཐེག་པ་ཕུལ་དུ་ཕྱིན་པ་ལ་ཡང་དོག་པར་ཞུ། ་པ་ཞེས་བྱ་བ་གསུངས་སོ།། ཤིན་ཏུ་རབ་ཏུ་ཕྱིན་པ་ནི་ཕུལ་དུ་ཕྱིན་པ་ཞེས་བྱ་སྟེ། ཉན་ཐོས་ལ་སོགས་པའི་ཐེག་པ་མང་པོ་དག་གི་ནང་ན་འདི་ཤིན་ཏུ་རབ་ཏུ་ཕྱིན་པས་འདིར་ཕུལ་དུ་ཕྱིན་པ་ཞེས་བྱ་བའི་སྒྲ་སྨོས ་ཏེ། དེ་ནི་ཐེག་པ་ཆེན་པོ་ཉིད་དོ།། ཉན་ཐོས་ལ་སོགས་པ་རྣམས་ནི་ཆོས་བསྟན་པ་འདི་ལྟ་བུའི་སྣོད་མ་ཡིན་པ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྙེད་དུ་གསུང་ལོ།། དེས་ན་ཆོས་ཀྱི་རྣམ་གྲངས་འདི་ལྟ ་མཚུངས་པ་མེད་ཅེས་བསྒྲུབས་པ་ཡིནོ།། དེ་བཞིན་གཤེགས་པས་གསུངས་ཞེས་བྱ་བ་ནི་གཞན་གྱི་ཡུལ་མ་ཡིན་པའི་ཕྱིར་རོ།། ཆོས་ཀྱི་རྣམ་གྲངས་འདི་ཞེས་བྱ་བ་ལ་སོགས་པས་ནི་ཇི་སྐད་བཤད་པའི་དོན ་རྣམས་རབ་ཏུ་བསྒྲུབས་ན་ས་མཇུག་བསྡུ་བར་བྱེད་ཅིང་དེ་སྒྲུབ་པར་བྱེད་པ་ལ་བསྟོད་པའི་ཁྱད་པར་སྟོན་ཏེ། གང་གི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་བསམ་གྱིས་མཽ་ཁྱབ་ཅིང་གཞལ་དུ་མེད་པ་དེའི་ཕྱིར། དེའི ་རྣམ་པར་སྨིན་པ་ཡང་བསམ་གྱིས་མི་ཁྱབ་སྟེ། དེས་ན་གང་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་ཞེས་བྱ་བ་ལ་སོགོས་པ་གྲུབ་པ་ཡིནོ་ཞེས་བྱ་བའི་ཐ་ཚིག་གོ།། དཔག་ཏུ་མེད་པ་ཞེས་བྱ་བ་ནི་བསྟན་པའོ།། ལྷག ་མིམེ་ནི་བཤད་པའོ།། དེ་ལ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ནི་བསུམ་པའི་ཡུལ་ལས་འདས་པའི་ཕྱིར་རྗེསུ་དཔག་པ་མེད་པའི་ཕྱིར་སྟོན་ཏོ།། མཚུངས་པ་མེད་ཅེས་བྱ་བ་ནི་ཟླ་མེད་པའོ།། གཞལ་དུ་མེད་ཅེས་བྱ ་པབ་ནི་སེམས་ཅན་ཐམས་ཅད་བསྐོས་ཀྱང་གཞལ་དུ་མི་ནུས་པའི་ཕྱིརརོ།། ཚད་མེད་ཅེས་བྱ་བ་ནི་ཡུལ་ཆེན་པོ་ལ་སོགས་པས་ཀྱང་ཚད་དུ་མི་རུང་བས་ན་མཁའ་བས་ཀྱང་ལྡོག་པའི་ཕྱིར་རོ།། ཡང་ན་འདི་དང་ཐམས ་ཅདུ་ནི་རྣམ་གྲངས་སུ་གཏོགས་པའོ།། སེམས་ཅནྱ་དེ་དག་ཐམས་ཅད་ངའི་བྱང་ཆུབ་ཕྲག་པར་ཐོགས་པར་འགྱུ་རོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཁུར་ཁྱེར་བྱས་ཕྲག་ལ་ཁྱེར་བ ་དདུང་འདྲའོ་ཞེས་བྱ་བའི་ཐ་ཚིགོ།། འདི་མཐའ་དག་གིས་ནརྀ་བས་མུ་གཏན་གྱི་བདེ་བའི་རོ་མྱང་བ་ཡོངསུ་བཏང་སྟེ། ཡེ་ཤེས་ཀྱི་ཚོགས་བསྐང་བའི་རྒྱུ་ཆོས་ཡོངསུ་གཟུང་བ་ལ་སོགས་པ་འདི་ཉིད་ལྔ་འདུན་པ་དང་། ་སྨོན་ལམ་གྱིས་གནས་པར་བྱའོ་ཞེས་བསྟན་པ་ཡིན་ནོ།། ཅིའི་ཕྱིར་ཐེག་པ་མཆོག་ལ་ཡང་དག་པར་ཞུགས་པ་རྣམས་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་ཀྱི་གཞན་ངག་ལ་མ་ཡིན། ཅི་བཅོམ ་ལྡན་འདས་ལ་ཡང་ཞེ་སྡང་དང་འདོད་པ་མངའ་འམ་སྙམ་དུ་སེམས་ཤིང་དྲེ་ཙྭིའི་སླད་དུ་ཞེས་ཞུས་པ་དང་། ལན་དུ་རབ་འབྱོར་དམན་པ་ལེ་མོས་པ་ཞེས་བྱ་བ་ལ་སོགས་པ་གསུངསོ།། འདིས་ནི་བཅོམ ་ལྡན་འདས་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་བཞིན་དུ་བྱམས་པའི་ཕྱིར་ཞེ་སྡང་བ་དང་འདོད་པ་མི་མངའ་མོད་ཀྱི་འོན་ཀྱང་གང་དགྲ་གང་གི་ཚེ་སྣོད་དུ་གྱུར་པ་དེ་དག་ལ་དྲིའི་དེ་ཚེ་སྟོན་ཏེ་གཞན་དུ་ནི ་མེ་ཡིན་ནོ།། དེ་ལྟར་མ་ཡིན་ན་ཐབས་མི་མཁྱེན་པས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་མ་ཡིན་པ་ཉིད་དུ་འགྱུར་རོ་ཞེས་དེ་སྐད་སྟོན་ཏོ།། དམན་པ་ལ་མོས་པ་རྣམས་ཀྱིས་ཞེས་བྱ་བ་ནི་ཉན་ཐོས ་དང་རང་སངས་རྒྱས་རྣམས་ཀྱིསོ།། བདག་ལ་སོགས་པཱུརྱཱ་ལྟ་བུ་རྣམས་ཀྱིས་ཞེས་བྱ་བ་ནི་ཕྱི་རོལ་པ་རྣམས་ཀྱིས་སོ།། དེ་ནི་གནས་མེད་ཅེས་བྱ་བ་ནི་དེ་གོ་སྐབས་མེད་ཅེས་བྱ་བའོ།། གླང་ཉན་ཐོས་དང་རླུང ་སངས་རྒྱས་རྣམས་ཀྱིས་ཀྱང་མཉན་པར་མི་ནུས་པ་དེ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ནུས་པར་ཇི་ལྟར་འགྱུར། གང་དེ་དག་གིས་མཉན་པར་མི་ནུས་པ་དེ་བླང་བ་དང་ཀུན་ཆུབ་པར་བྱ་བར་ཇི་ལྟར་ནུས་ཏེ་མི་སྲིད ་ཞེས་བྱ་བའི་ཐ་ཚིགོ། འདིས་ནི་རྣལ་འབྱོར་དུ་སྙོམས་པར་འཇུག་པ་ལ་འཛུད།། གལ་ཏེ་དེ་ལྟ་ན་འཕགས་པ་རབ་འབྱོར་གྱིས་ཆོས་ཀྱི་རྣམ་གྲངས་འདི་ཇི་ལྟར་མཉན་པར་ནུས་ཞེ་ན། བཅོམ་ལྡན་འདས་ཀྱིས ་བྱིན་གྱི་རླབས་ཀྱིས་ཏེ་ཉེས་པ་མེདོ།། སཽ་ཐམས་ཅད་ལས་གྲང་དུ་མདོ་འདི་བཤད་པའི་ས་ཕྱོགས་གཅིག་ཏུ་བསྔགས་པར་འགྱུར་རོ་ཞེས་བསྟན་པས་ལྷ་ལ་སོགས་པ་རིམ་གྲོ་བྱེད་པའི་ཁྱད་པར་བསྟེན་པའི ་ཕྱིར་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངསོ།། སྔར་ནི་ཕྱིའི་བསྟན་བཅོས་ལ་རྗེ་སུ་ཚོགས་པ་དང་དཔྲལ་བའི་ཕྱིར་གསུངས་ལ། ད་ནི་བསམ་གཏན་གྱི་རོ་མྱང་བ་དང་དབྲལ་བའི་ཕྱིར་གསུངས་པས་ཚིག ་ཟློས་པར་མི་འགྱུར་ཏེ། ཐམས་ཅད་དུ་བསྡུས་པའི་དོན་བརྗོད་པ་ཁོ་ནས་སྐབས་ཐ་དད་པར་བརྗོད་པའི་ཕྱིར་ཟློས་པར་མི་འགྱུར་བར་ཤེས་པར་བྱའོ།། མཆོད་པར་འོས་པར་འགྱུར་ཞེས་བྱ་བ་ནི་གདུགས་དང་། ་རྒྱུ་ལ་མཚན་དང་བ་དུན་ལ་སོགས་པས་སོ།། ཕྱག་བྱ་བར་འོས་པ་ནི་འདུད་པར་བྱ་བའོ།། བསྐོར་བར་བྱ་བར་འོས་པ་ནི་བསྐོར་བར་བྱ་བའོ།། དེའི་ཕྱིར་མཆོད་པར་འོས་པ་ལ་སོགས ་པའི་ཆོས་དང་ལྡན་པས་མཆོད་རྟེན་ནོ།། གལ་ཏེ་ཆོས་ཀྱི་རྣམ་གྲངས་འདི་འདྲ་བ་འདི་ལ་རབ་ཏུ་བརྩོན་པ་དག་ལས་ཀྱང་ལ་ལ་མནར་བར་འགྱུར་བར་ཇི་ལྟར་སྣང་སྙམ་དུ་སེམས་པ་ལ་སྡིག་པ་ཡོངསུ་འབྱང་བའི། ་ཁྱད་པར་བསྟན་པའི་ཕྱིར་རབ་འབྱོར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དག་ཅེས་བྱ་བ་ལ་སོགས་པ་གསུངསོ།། མནར་པར་འགྱུར་ཞེས་བྱ་བ་ནི་སྤྲོ་བ་དང་། འཚང་འབྲུ་བ་ལ་སོགས་པས་གནོད་པར་བྱེད་པའོ།། ་ཡོངས་སུ་མནར་བར་འགྱུར་ཞེས་བྱ་བ་ནི་གསང་བ་དང་བཅིང་བ་ལ་སོགས་པས་གནོད་པར་བྱེད་པའོ།། བདག་ཉིད་ཆེན་པོ་དེ་ལྟ་བུ་དག་ལ་ཇི་ལྟར་མོ་ནར་བར་འགྱུར་སྙམ་དུ་སེམས་པ་ལ་དེ་ཅིའི་སླད་དུ་ཞེས ་ཞུས་པ་དང་། ལན་དུ་འདི་ལྟར་སེམས་ཅན་དེ་དག་གི་ཞེས་བྱ་བ་ལ་སྩོགས་པ་གསུངསོ།། ཚེ་རབས་སྔ་མའི་ཞེས་བྱ་བ་ནི་ཚེ་རབས་སྔ་མ་ལི་བྱས་པ་དག་གོ། ཚེ་འདི་ཉིད་ལ་ཞེས་བྱ་བ་ནི་དེ་ལྟར་བྱུང་བྱའི་ཚེ ་ལའོ།། སངས་རྒྱས་ཀྱི་བྱང་ཆུབ་ཀྱང་ཐོབ་པར་འགྱུརརོ་ཞེས་བྱ་བ་ནི་སྡིག་པ་ཡོངསསུ་བྱང་ནས་དུས་གཞན་ན་བསྒོམ་པ་ལ་བརྩོན་པ་དག་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར ་རྫོགས་པར་འཚང་རྒྱ་བར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ།། དེ་ཉིད་གཞི་དེ་ལས་བསོད་རྣམས་ཆེས་མང་དུ་གྲངས་མེད་དཔག་ཏུ་མེད་པ་སྐྱེད་དོ་ཞེས་གང་གསུངས་པ་དེ་ལ། རྣམ་པ་གང་གིས་གྲངས ་མེད་དཔག་ཏུ་མེད་པར་ཁོང་དུ་ཆུད་པར་བྱ་སྙམ་པ་ལ་རབ་འབྱོར་ངས་མངོན་པར་ཤེས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངསོ།། འདིར་མ་ཐུ་དང་མང་བས་གྲོངས་མེད་དཔག་ཏུ་མེད་པར་བསྟན་ཏེ།། དེ ་ལཱ་རབ་འབྱོར་མངོན་པར་ཤེས་ཏེ་འདས་པའི་དུས་བསྐལ་པ་གློངས་མེད་པའི་ཡང་ཆེས་གྲངས་མེད་པ་ན་ཞེས་བྱ་བ་ལ་སོགས་པས་ནི་མཐུ་ཡོངསུ་བསྟན་ཏོ།། འདི་ནི་བསོད་ནམས་ཀྱི་ཆུང་པོ་དེ་ཡན་སྟེ། བས་ནམ ་ཀྱི་ཕུང་པོ་ཆུས་ཁྱད་པར་དུ་འཕགས་པ་མཆོགཏུགྱུར་པ་འདི་སྙེད་ཀྱང་ཟིལ་གྱིས་གནོན་པའི་ཕྱིརརོ།། མར་མེ་མཛད་ནས་གཟུང་སྟེ་བསྐལ་པ་གྲངས་མེད་པའི་བར་དུ་སྟེ། བསྐལ་པ་གྲངས་མེད་པ་ནི་གྲངས་ཟད་པའི། ་པའི་ཕྱིརརོ།། མར་མེ་མཛད་ཀྱི་སྔ་རོལ་གྱི་ཡང་ཆེས་སྔ་རོལ་ན་སངས་རྒྱུ་སུ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱད་ཅུ་རྩེ་བཞི་གང་དག་བྱུང་བཱ་དཱས་མཱཉེས་པར་བྱས་ཏེ་ཞེས་བྱ་བ་ནི་སྒྲུབ་པའི་མཆོད་པས་མཆོད་པའོ། ་ཐུགས་བྱུང་བར་མ་བྱས་ཞེས་བྱ་བ་ནི་བར་སྐབསུ་ཡང་སྒྲུབ་པ་དེ་མ་བཏང་བའི་ཕྱིར་རོ།། གང་ཡིན་པ་ཞེས་བྱ་བ་ནི་བྱེད་པའི་བྱེ་བྲག་གོ།། དེས་ན་དོན་ནི་འདི་ཡིན་ཏེ། མཉེས་པར་བྱེད་པ་ལ་སོགས་པ་གང་ཡིན་པ་དང་། ལེན་པ། ་ལ་སོགས་པ་གྲང་ཡིན་པའི་བསྐྱོད་ནམས་ཀྱི་ཕུང་པོ་ལ་སོགས་པ་དང་དེས་བསྐྱེད་པའི་བག་ཆགས་ཀྱི་ངོ་བོའི་ཕུང་པོ་འདི་གཉིས་ལས་བསོད་ནམས་ཀྱི་ཕུང་པོ་སྔ་མས་བསོད་ནམས ་ཀྱི་ཕུང་པོ་ཕྱི་མ་འདིའི་བརྒྱའི་ཆར་ཡང་མི་ཕོད་ཅེས་བྱ་བའོ།། འདི་སྙེད་པས་ཀྱང་ཉུང་བར་བསྟན་པའི་ཕྱིར་སྟོང་གི་ཆ་ཞེས་བྱ་བ་གསུངསོ།། གྲངས་ཞེས་བྱ་བཱ་ནི་མཚུངས་པ་དག་ཁྲོ་ནཱ་ལ་རཱགྲོ་སྟེ། དཔེར་ན་གྲངས་ཅན ་དང་། གཉིས་པ་ནི་འབིགས་བྱེད་དོ་ཞེས་བྱའི་ཡུངས་ཀར་ནི་མ་ཡིན་པ་བཞི་ནོ།། ཆ་ཞེས་བྱ་བ་ནི་ཆ་ཤྭ་སོ།། དེ་ཡང་རིགས་འདྲ་བའི་ངོ་བོ་ཡིན་ཏེ། དཔེར་ན་རི་རབ་རྣམས་ཀྱི་ཆུ་ནི་རིའི་རྩེ་མོ་ཡིན་གྱི་རྩའི་རྩེ་མོ་ནི་མ་ཡིན ་བ་བཞིན་ནོ།། བགྲང་བ་ཞེས་བྱ་བ་ནི་དེ་ཡང་མཚུངས་པ་དག་ཁོ་ན་ལ་ཡིན་ཏེ། དཔེར་ན་ལྷུན་པོ་ཡང་རྭ་ཡིན་ལ་གངས་ཅན་ཡང་རི་ཡིནོ་ཞེས་བྱའི་ཡུངས་ཀུར་ཡིན་ཞེས་མི་བྱ་བ་བཞིན་ནོ།། དཔེ་ཞེས་བྱ་བ་ནི་དཔེ་ཡང་། ་འདྲ་བ་ཁོ་ནུ་ལེན་ཏེ། དཔེར་ན་བཱ་མྱེན་ལ་བེ་ལང་དང་འདྲའོ་ཞེས་བྱཱའི་སྦྲང་མཱཾ་ལ་ནརྀ་མི་བྱཱ་བ་བཞིནོ།། ཆུ་ཡང་ཡོངསུ་སྦྱང་བ་བྱས་པའི་དབང་གིས་ན་དེའུ་བྱ་བ་བྱེད་པར་འགྱུར་ཏེ། དཔེར་ནུ་ཟོར་བུ་རྣོན་པོར ་བྱས་ན་རལ་གྲི་ལ་བྱ་བ་བྱེད་པ་བཞིནོ་སྙམ་པ་ལ། ཟླ་ཞེས་བྱ་བ་གསུངས་ཏེ། གླེབ་ཅིང་ཞེང་ཆེར་བྱ་བའི་ཐབས་རྙེད་དེ་རྣོན་པོར་བྱོས་ཀྱང་ཧ་ཅང་ཆུང་བས་མི་བཟོད་དོ་ཞེས་བྱ་བའི་ཐ་ཚིག། དེ་ཉིད་ཀྱི་ཕྱིར་རྒྱུར་ཡང ་ཞེས་བྱ་བ་སྨོས་ཏེ། དེའི་རྒྱུའི་དངོས་པོར་ཡང་མི་བཟོད་པའོ།། འདི་དག་ནི་ཐམས་ཅད་མཁྱེན་པའི་བཀའ་ཁོ་ན་ལས་ཤེས་པར་བྱ་སྟེ། དབང་པོའི་ཡུལ་ལས་འངས་པའི་དོན་རྣམ་པ་འདི་ལྟ་བུ་ལ་ནི་ཐམས་ཅད ་མཁྱེན་པའི་བཀྲའ་ཁོ་ན་ཚད་མ་ཡིན་པའི་ཕྱིརརོ།། གཞན་ཡང་ཡོངས་སུ་དག་པའི་དུས་ན་ནི་དེའི་ཚེ་སེམས་ཅན་ཐུམས་ཅད་ཀྱང་ཡོངསུ་དག་པ་ཡིན་པས་ངོ་མཚུར་མི་ཚེའི་ཡོངསུ་མ་དག་པའི་དུས་ན་སེམས ་ཅན་དག་སྐད་ཅིག་ཙམ་བསམ་པ་ཡོངསུ་དག་པར་གྱུར་པ་གང་ཡིན་པ་དེ་ངོ་མཚར་ཏོ།། དེ་ལྟར་རེ་ཞིག་མཐུའི་སྒོ་ནས་དཔག་ཏུ་མེད་པར་བསྟན་ཏོ།། གྲངས་ཀྱིས་ཇི་ལྟར་གྲངས་མེད་སྙེམ་པ་ལ་རབ་འབྱོར་གལ ་ཏེ་དེའི་ཚེ་ཞེས་བྱ་བ་ལ་སོགས་པ་གསུངསོ།། དེས་ནི་རབ་ཏུ་མྱང་བར་ཡོངས་སུ་སྟོན་ཏེ། བསོད་ནམས་དེ་བགྲང་བས་ཀྱང་སྐྱེད་ལུག་ནས་མགོ་རྨོངས་པར་འགྱུར་བའི་སེམས་ཀྱིས་ནད་ཀྱི་བྱེ་བྲག་མྱོ་མྱོ་པོར་འགྱུར། ་རོ། དེའི་འོག་ཏུ་སྐྱོ་བ་ལས་བྱུང་བ་སེམས་འཁྲུགས་པར་འགྱུར་རོ།། འདིས་ནི་ཟབ་པ་དང་རྒྱ་ཆེ་བ་བསྟན་ཏོ།། འདི་ལྟར་ཆོས་ཀྱི་རྣམ་གྲངས་འདི་ལྔས་གྲངས་དང་མཐུར་ལྡན་པའི་འབྲས་བུ་འདི་ལྟ་བུ་རོ་འགྱུར་པ་ཇི ་ལྟར་ཤེས་སྙམ་པ་ལ་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་དུ་ཡང་འབྲས་བུ་ནི་རྒྱུ་དང་མཐུན་པ་ཁོ་ནར་འགྱུརརོ།། ཤིང་ནྱ་གྲོ་དྷ་ལ་སོགས་པ་ཆུང་ཡང་ཤིན་ཏུ་སྙིང་པོ་དང་ལྡན་པས ་ཡལ་གྲཝ་དང་ལོ་མ་དང་ཤིང་ཞེས་བྱ་བའི་འབྲས་བུ་ཆེན་པོར་འགྱུར་བ་ཡང་མི་དམིག་སོ།། ཆོས་ཀྱི་རྣམ་གྲངས་འདི་ཡང་ལེའུ་ཉུང་ངུ་ཟིན་ཀྱང་ཤིན་ཏུ་ཟབ་སྟེ་བསམ་གྱིས་མི་ཁྱབ་པའི ་ཆོས་བསྟན་པའི་ཕྱིར་བསམ་གྱིས་མི་ཁྱབ་བོ།། དེས་ན་བསྒོམ་གྱིས་མི་ཁྱབ་པ་འདི་ལས་རྒྱུ་དང་མཐུན་པའི་འབྲས་བུ་བསམ་གྱིས་མི་ཁྱབ་པར་འགྱུར་ཏེ། རྒྱུ་རྐྱེན་རྣམས་ཀྱི་མཐུ་ནི་ཐམས་ཅད་མཁྱེན་པ་ཡིན། ་པས་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ།། འདིར་རྣམ་པར་སྨིན་པའི་སྒྲ་ནི་འབྲས་བུ་ཙམ་ལ་བྱ་སྟེ། དེས་ན་རྒྱུ་མཐུན་པའི་འབྲས་བུ་ལ་སོགས་པ་ཡང་བསྡུ་བར་འགྱུརརོ།། འདི་མཐུའ་དག་གིས་ནི་སེམས་རབ་ཏུ ་གཟུང་བར་བསྟན་ཏོ།། དེ་ལྟར་བསམ་གཏན་གྱི་རོ་མྱང་བ་བསལ་དུ་ཟིན་ཀྱང་མངོན་པར་རྟོགས་པའི་དང་ཉེ་བ་ན་བྱང་ཆུབ་སྙོམས་དཔའ་གང་དག་བདག་ཉིད་ཁྱད་པར་ཐོབ་པར་མཐོང་ནས་བདག་ནི་ཡང་དག་པར ་རྫོགས་པའི་བྱང་ཆུབ་ཀྱི་ལམ་ཡང་དག་པར་ཞུགས་ཀྱིས་བདག་གིས་སེམས་ཅན་རྣམས་ཡོངསུ་མྱ་དྲན་ལས་བཟླ་བར་བྱའོ་སྙམ་དུ་སེམས་པ་དེ་དག་བདག་ཏུ་འཛིན་པ་དང་དབྲལ་ཞིང་མངོན་པར་རྟོགས་པའི་དུས་། ་ནི་ཇི་ལྟར་གནོས་པར་བྱ་བ་དང་། བསྒྲུབ་པར་བྱ་བ་དང་། སེམས་རབ་ཏུ་གཟུང་བར་བྱ་བ་དེ་བསྟན་པའི་ཕྱིར་གནས་བཅོ་ལྔ་པའི་དབང་དུ་མཛད་ནས། འཕགས་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་བྱང་ཆུབ་སེམས ་དྲདཔའི་ཐེག་པ་ལུ་ཡང་དག་པར་ཞུགས་པས་ཇི་ལྟར་ཞེས་བྱ་བྲ་ལ་སོགས་པ་གསོལ་ཏོ།། གནས་པ་ལ་སོགས་པ་གསུམ་བསྟན་བུ་ནི་བཅོམ་ལྡན་འདས་ཀྱིས་སྔར་གསུངས་པ་ཉིད་དོ།། རབ་འབྱོར་གང་བྱང་ཆུབ ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་ཞེས་བྱ་བའི་ཆོས་དེ་གང་ཡང་མེད་པའི་ཕྱིརརོ།། ཞེས་བྱ་བ་འདིར་ལྷག་པ་འདིས་ནི་ཕདག་ཏུ་འཛིན་པ་དང་བྲལ་བར་བྱེད་དོ།། ལྷག་མ་རྣམས་ཀྱི་བཤད་པ་ནི་སླ ་མ་བཞི་ནོ།། ཇི་སྐད་དུ་གང་ཟག་དང་ཆོས་ལ་བདག་མེད་པ་འདི་བཅོམ་ལྡན་འདས་ཀྱིསྐུ་སྔོར་ཡང་དག་བར་རབ་ཏུ་བཤད་ན། དེ་བཤད་ཟིན་དུ་ཡང་ཕྱིས་མངོན་པར་རྟོགས་པའི་དུས་ན་བྱང་ཆུབ་སེམས་དཔའི ་བདག་ཏུ་འཛིན་པ་འབྱུང་བར་ཇི་ལྟར་འགྱུར། གང་གི་ཕྱིར་དེ་བསལ་བའི་ཕྱིར་བསྟན་ཟིན་པ་ཡང་སྟོན་པར་བྱེད། འོན་ཏེ་དེ་ལྟར་བསྟན་ཀྱང་ཀུན་ཏུ་རྨོངས་པར་འགྱུར་ན་ནི་དེ་ལྟ་ན་གློ་བཤད་པ་ཐུག་པ་མེད ་པར་འགྱུརརོ་ཞེ་ན་སྨྲས་པ། དེ་ལྟར་བསྟན་དུ་ཟིན་ཀྱང་ཐོག་མ་མེད་པའི་དུས་ནས་ཤིན་ཏུ་བརྟན་པོར་བདག་ཏུ་མངོན་པར་ཞེན་པའི་སྟོབས་ཀྱིས་ཁ་ཅིག་གི་ཀུན་ཏུ་རྨོངས་པ་འཕྲལ་དུ་མི་ཟློས་པས་བསྟན་ཟིན ་པའི་དོན་ཀྱང་ཡང་སྟོན་ཏོ།། ཡང་བསྟན་པ་ཉིད་ཀྱིས། དེའི་དུས་ན་འཁོར་རྣམས་ཀྱི་ཀུན་ཏུ་རྨོངས་པ་ལྡོག་པའི་ཕྱིར་ཐུགས་པའི་ཕྱིར་ཐུག་པ་མེད་པར་མི་འགྱུར་རོ།། བཅོམ་ལྡན་འདས་སྟོན་པར་མཛད་པའི ་འབྲས་བུ་ནི་གདུལ་བུའི་སྐྱེ་བོ་ཀུན་ཏུ་རྨོངས་པ་ལས་བཟློག་པ་སྟེ། འབྲས་བུ་མེད་པ་མ་ཡི་ནོ།། དེས་ན་ཀུན་ཏུ་རྨོངས་པ་ལྡོག་ནཱ་འབྲས་བུ་མེད་པའི་ཕྱིར་ཡང་མི་འཇུག་པས ་འོའདི་ནི་གྱི་ནའོ།། གལ་ཏེ་བྱང་ཆུབ་སེམས་དཔའི་ཐེག་པུ་ལ་ཡང་དག་པར་ཞུགས་ཞེས་བྱ་བའི་ཆོས་དེ་གང་ཡང་མེད་དུ་ཟིན་ན་བཅོམ་ལྡན་འདས་ཀྱིས་ཇི་ལྟར་སྟོན་པ་མར་མོ་མཛད་ལས་གདམས ་ངག་བརྙེས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས། འོན་ཏེ་མངོན་པར་རྫོགས་པར་སངས་རྒྱས་པ་མེད་ན་ནི་མངོན་པར་རྟོགས་པར་འདོད་པས ་གྲདམས་ངག་ཡོངསུ་བཙལ་བར་བྱ་མི་དགོསོ་སྙམ་དུ་གོང་དགྲ་སེམས་པ་དེ་དག་གི་ཆེད་དུ་གདམས་ངག་དང་མི་ལྡན་པ་དང་དཔྲལ་བའི་ཕྱིར་གནས་བཅུ་དྲུག་པའི་དཔུང་དུ་མཛད་ནས། རབ་འབྱོར་འདི ་ཇི་སྙམ་དུ་སེམས། ཞེས་བྱ་བ་ལ་སོགས་པུ་གསུངསོ།། སྔར་ནི་ཆོས་ཀྱི་སྐུ་ཐོབ་པར་འདུན་པའི་དུས་ན་བཤད་པའི་ཆོས་འཛིན་པ་བཀག། ད་ནི་མངོན་པར་རྟོགས་པའི་དུས་ན་མངོན་པར་རྫོགས་པར ་སངས་རྒྱས་པ་བཀག་སྟེ། ཟློས་པ་མ་ཡིནོ།། དོན་དམ་པར་ཤེས་པ་དང་ཤེས་བྱའི་བདག་ཉིད་ཀྱི་ཆོས་དེ་གང་ཡང་མེད་དེ་ཇི་ལྟར་སྔར་དཔྱད་པ་བཞིན་ནོ།། དེའི་དབང་གིས་མ་བརྟགས་ན་དགའ་བ་ཅི ་དུ་ཐོས་པ་ལས་བྱུང་བ་ལ་སོགས་པ་ལ་ཤེས་རབ་སྐྱེ་བའི་རིམ་གྱིས། བཅོམ་ལྡན་འདས་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་རང་བྱུང་ཡང་དག་པའི་ཀུན་རྫོབ་ཀྱིས་བསྡུས་པ་བདག་ཉིད་ཀྱིས ་འབྱུང་བར་ཟད།། དེ་ལ་ཡང་གལ་ཏེ་བཅོམ་ལྡན་འདས་མཱུཪྵ་མེ་མཛད་ཀྱི་དབང་ཙམ་ཡིན་པར་ཟད་དམ་ཞེ་ན། དེ་ལྟ་ཡིན་ནུ་ཡང་བླ་མེད་ཀྱི་འོན་ཀྱང་དེ་ལ་ནི་སངས་རྒྱས་ཐམས་ཅད་ཀྱི་དབང་ཐུན ་མོང་སྟེ། བཅོམ་ལྡན་འདས་མར་མེ་མཛད་འབའ་ཞིག་གི་ནི་མ་ཡིན་ནོ།། གལ་ཏེ་མངོན་པར་རྫོགས་པར་སངས་རྒྱས་པ་མེད་ན་ངེས་ཇི་ལྟར་བཅོམ་ལྡན་འདས་མངོན་པར་རྫོགས་པའི་བྱང་ཆུབ་ཏུ་ལུང ་བསྟན་སྙམ་པ་ལ། རབ་འབྱོར་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངསོ།། དགོངས་བུ་ནི་འདི་ཡིན་ཏེ། གལ་ཏེ་དོན་ངོམ་པར་བཅོམ་ལྡན་འདས་ཀྱི་སོ་སོ་རང་གི་རིག་པའི་ཆོས་ཇི་ལྟ་བ་དེ་ཁོ་ན་བཞིན་དུ་དེའི ་ཚེ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུརྱཱ་ཏམ?། གལཱ་ཏེ་ཡང་བདག་གིས་ཆོས་མངོན་པར་རྫོགས་པར་སངས་རྒྱས་པ་སྙམ་དུ་མངོན་པའི་ང་རྒྱལ་དུ་གྱུར་ནི་དེའི་ཚེ་མངོན་པར་རྫོགས་པར་སངས་རྒྱས ་ཟིན་པ་དང་། ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པའི་ཕྱིར་དེ་བཞིན་གཤེགས་པས་ང་ལུང་བསྟན་པར་མི་འགྱུར་བ་ཞིག་ན། གང་གི་ཕྱིར་དེའི་ཚེ་ངས་མངོན་པར་རྫོགས་པར་སངས་རྒྱས་པ་མེད་ལ། ཆོས་ལ ་སོགས་པ་ལ་ཡང་མངོན་པར་ཞེན་པ་མེད་པ་དེ་ཉིད་ཀྱི་ཕྱིར། ང་ཕྱིན་ཅི་ལོག་ཏུ་མ་གྱུར་པའི་ཕྱིར་ཡང་དག་པའི་ཡེ་ཤེས་ཀྱི་ལམ་ལ་གནས་པར་ལུང་བསྟན་ཏོ།། མངོན་པར་རྫོགས ་པར་སངས་རྒྱས་པའི་ཆོས་དེ་གང་ཡང་མེད་ཅེས་བྱ་བ་འདིས་ནི་དོན་གྱིས་ན་མར་མེ་མཛད་ལས་གདམས་ངག་བླངས་པར་རྣམ་པར་རྟོག་པ་མི་མཐུན་པའི་ཕྱོགསུ་ཡོངསུ་སྟོན་ཅིང་། རྣམ་པར་རྟོག་པ་དེ་སྤང་བའི ་ཕྱིར། འདུན་པ་དང་སྨོནྡ་ལམ་གདབ་པཱ་ཡང་སྟོན་ཏོ།། མར་མེ་མཛད་ཅེས་བྱ་བ་མཚན་མ་ཙམ་ཞིག་བརྗོད་པས་ཆོས་ལེན་པར་རྣམ་པར་རྟོག་པ་ཐམས་ཅད་ཟློག་གོ།། མེད་དོ་ཞེས་བྱ་བ་འདིས་ནི་དེའི་ཟབ་པ་བརྗོད།། ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་གདམས་ངག་ཡོངསུ་བཙལ་བར་བསྟན་པས་ནི་འདིའི་རྒྱ་ཆེ་བ་བརྗོད་དོ།། ཉན་ཐོས་དང་རང་སངས་རྒྱས་ཀྱི་གདམས་དྲག་ལས་ཤིན་ཏུ་ཁྱད་པར་དུ་འཕགས་པའི་ཕྱིར།། ་གླལ་ཏེ་དེ་བཞིན་གཤེགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་གང་ཡིན་པ་དེ་མེད་ན་དེའི་ཚེ་ཇི་ལྟར་དེ་བཞིན་གཤེགས་པར་འགྱུར། འདི་ལྟར ་ཇི་ལྟར་སངས་རྒྱས་སྔ་མ་དག་མངོན་པར་རློན་བར་བྱང་ཆུབ་ཏུ་གཤེགས་པ་དེ་བཞིན་དུ་འདི་ཡང་གཤེགས་ཤིང་མངོན་པར་རྫོགས་པར་སངས་རྒྱས་པར་དེ་བཞིན་གཤེགས་པ་ཞེས་བྱ་ན། མངོན་པར་རྫོགས་པར ་སངས་རྒྱས་པར་བྱ་བའི་ཆོས་གང་ཡང་མེད་པས་དེ་ལ་ཇི་ལྟར་འགྱུར་སྙམ་དུ་སེམས་པ་ལྔ་དེ་ཅིའི་སླད་དུ་ཞེས་ཞུས་པ་དང་། ལན་དུ་རབ་འབྱོར་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་གསུང་སོ།། ། ་དེ་བཞིན་ཉིད་ཅེས་བྱ་བ་ནི་ཆོས་རྣམས་ཀྱི་རང་བཞིན་མ་ནོར་བ་ལ་བྱ་སྟེ། དེ་ནི་བཟོད་མ་ནས་ཞི་བ་ལ་སོགས་པའི་ངོ་བོ་ཡིནོ།། དེ་ཡང་ཆེས་ཐམས་ཅད་ཀྱི་ཐུན་མོང་ཡིན་པས་ཡང་དག་པ་ཞེས་བྱ་བ་སྨོས་པས ་བྱེ་བྲག་ཏུ་བྱས་ཏེ། ཡང་དག་པ་ནི་མ་ནོར་པའི་དོན་གྱིས་ན་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་བྱའོ།། དེའི་དེ་བཞིན་ཉིད་དོན་དམ་པར་སྐྱེ་བ་མེད་པའི་ཆོས་ཉིད་གང་ཡིན་པ་དེ་དེ་བཞིན་གཤེགས་པ་ཞེས་བྱ་སྟེ། ཇི་སྐད་དུ ་རྟག་ཏུ་སྐྱེ་མོད་ཆོས་ནི་དེ་བཞིན་གཤེགས། ཞེས་གསུངས་པ་ལྟ་བུ་སྟེ། ཆོས་ཉིད་ཀྱང་དོན་དམ་པར་ན་ཆོས་ཅན་ལས་གཞན་མ་ཡིན་པའོ་ཕྱིར་ཆོས་ཐམས་ཅད་དོན་དམ་པར་སྐྱེ་བ་མེད་པའི་ཆོས་ཉིད་རྟོགས་པའི་ངོ་བ ་མྱ་བརྟགས་གཅིག་པུ་ན་དགའ་བ་དོན་དམ་པར་མ་སྐྱེས་པ་ཡང་དག་པའི་ཀུན་རྫོབ་ཏུ་རབ་ཏུ་བརྟགས་ཏེ་བརྟགས་ཏེ་ཡོད་པའི་ཡེ་ཤེས་ཁྱད་པར་དུ་འཕགས་པ་ཉིད་ལ་དེ་བཞིན་གོཤེགས་བྱ་ཞེས་བྱའོ་ཞེས་བྱ་བའི་ཐ་ཚིག ་གོ།། དེ་ཡང་དོན་དམ་པར་མ་སྐྱེས་པའི་ཕྱིར་གཟུང་བ་འམ་འཛིན་པ་ཅི་ཡང་མེད་པས་དོན་དམ་པར་དེས་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་ཀྱང་ཅི་ཡང་མེད་ཀྱི། ཡང་དག་པའི་ཀུན་རྫོབ་ལ་བརྟེན་ནས་ཡེ་ཤེས་ཁྱད ་པཱར་ཅན་དེས་ཇི་ལྟར་མངོན་པར་རྫོགས་པར་སངས་རྒྱས་པས་དེ་བཞིན་གཤེགས་པ་ཞེས་བྱ་བར་ཟདོ་སྙམ་དུ་དགོངས་པའོ།། དོན་དམ་པ་ལ་བརྟེན་ནས་དེ་མངོན་པར་རྫོགས་པར་སངས ་རྒྱུ་སོ་ཞེས་དེ་སྐད་ཅིའི་ཕྱིར་མི་བྱ་སྙམ་པ་ལ། རབ་འབྱོར་གང་ལ་ལ་ཞིག་ཅེས་བྱ་བ་ལ་སོགས་པ་གསུང་སོ།། དེའི་ཕྱིར་ཞེ་ན། ཞེས་བྱ་བ་ནི་མི་བདེན་པ་ཞེས་བྱ་བ་དང་སྦྱར་རོ།། ལྷག་མ་ནི་གོ་སླ་བསེ་མ་བཤད་དོ།། ་འོ་ན་གྲང་ཀུན་རྫོབ་ཏུ་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་རྣམ་པར་བཞག་པ་དེའི་དེ་ཁོ་ན་ཅི་འདྲ་བ་ཞིག་རྣམ་པར་བཞག་སྙམ་པ་ལ། ཆོས་གང་ཞེས་བྱ་བ་གསུངས་ཏེ། གང་ཞེས ་བྱ་བ་ནི་གཟུགས་ལ་སོགས་པའི་མཚན་ཉིད་ཀྱི་ཆོས་དེ་ལ་བདེན་པ་ཡང་མེད་ཅེས་བྱ་བ་ནི་ཇི་ལྟར་སྣང་བའི་རྣམ་པ་སྒྱུ་མ་དང་འདྲ་བར་བརྟགས་ན་ཤིན་ཏུ་སྟོང་པས་མ་སྐྱེས་པའི་ཕྱིརརོ།། རི་བོང་གི་རྭ་བཞིན་དུ་ཤིན་ཏུ ་མེད་པའི་ཕྱིར། བརྫུན་པ་ཡང་མེད་དེ་མ་བརྟགས་པའི་ངོ་བོར་སྒྱུ་མ་བཞིན་དུ་སྣང་བའི་ཕྱིར་རོ།། ཡང་ན་དོན་དམ་པར་ཆོས་གང་ཡང་མི་འགྲུབ་པས་བདེན་པ་ཡང་མེད་དོ།། རྣམ་པར་བཅད་པར་བྱ་བ་བདེན་པ་གང ་ཡང་མ་གྲུབ་པ་དང་། ཆོས་ཐམས་ཅད་མ་སྐྱེས་པའི་ཕྱིར་བརྫུན་པ་ཡང་མེད།། འདིས་ནི་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་བཀག་ནས་དབུ་མའི་ལམ་དུ་རྣམ་པར་འཇོག་ཅིང་། དེ་ལ་རྣལ་འབྱོར་དུ ་སྙོམས་པར་འཇུག་པ་ལ་འཛུད་དོ།། དེ་བས་ན་ཞེས་བྱ་བ་ནི་འདི་ལྟར་དོན་དམ་པར་ཆོས་ཐམས་ཅད་མ་སྐྱེས་པའི་ཕྱིར་བདེན་པ་ཡང་མེད་བརྫུན་པ་ཡང་མེད་པས་ནའོ།། དེ་བཞིན་གཤེགས་པ་ཡང་སྐྱེ་བ ་མེད་པའི་ཆོས་ཉིད་ཡོངསུ་དགྲ་པས་རབ་ཏུ་ཕྱེ་བྲ་སྟེ། དེས་ན་སྐྱེ་བ་མེད་པའི་ཆོས་ཉིད་ཐུན་མོང་བའི་ཕྱིར། རྟག་ཏུ་སྐྱེ་མེད་ཆོས་ནི་དེ་བཞིན་གཤེགས།། ཆོས་རྣམས་ཀུན་ཀྱང་བདེ་བར་གཤེགས་དང་འདྲ།། བྱིས། ་པའི་བློ་ཅན་མཚན་མར་འཛིན་པ་ཡིས།། འཇིག་རྟེན་དག་ནི་མེད་པའི་ཆོས་ལ་སྤྱོང་།། ཅེས་བྱ་བ་ལོ་སོགས་པ་ཆོས་ཐམས་ཅད་ནི་སངས་རྒྱས་ཀྱེ་ཆོས་ཞེས་བྱ་བ་དེ་བཞིན་གཤེགས་པས་གསུངས་སོ།། གོལ ་ཏེ་ཆོས་འདི་དག་མུ་སྐྱེས་པ་ཁྲོ་ན་ཡིན་ན། འོ་ན་ཇི་ལྟར་ཚེ་ས་ཐམས་ཅད་ཅེས་སྙམ་པ་ལ་རབ་འབྱོར་ཆོས་ཐམས་ཅད་ཅེས་བྱ་བ་ནཱི་ཞེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་གསུངསོ།། འདི་ལ་དོན་ནི་འདི་ཡིན་ཏེ། ་འདི་དོན་དམ་པར་ཡོད་པའི་ཕྱིར་ཐ་སྙད་བཏགས་པ་ནི་མ་ཡིན་གྱི། གཟུགས་ལྔ་སོགས་པ་དག་དོན་དམ་པར་ཆོས་མེད་མོད་ཀྱི། དོན་དམ་པར་མ་ཡིན་པ་མ་བརྟགས་པ་ལ་བརྟེན་ནས་གང་གི་ཕྱིར་རང་དང་སྤྱིའི ་མཚན་ཉིད་འཛིན་པ་དེའི་ཕྱིར་ཆོས་ཆོས་ཐམས་ཅད་ཅེས་བྱའོ།། དོན་དམ་པར་ནི་མ་ཡིན་ཏེ། དེ་ལ་གནས་པ་ཐམས་ཅད་མེད་པའི་ཕྱིར་རོ།། འདིས་ནི་རྣམ་པར་གཡེང་བ་ཚར་བཅད་པ་བསྟན་ཏོ།། གལ་ཏེ་བཅོམ ་ལྡན་འདས་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་དེ་གང་ཡང་མེད་ན། བྱང་ཆུབ་སེམས་དཔའ་དག་ཇི་ལྟར་གདམས་ངག་བླང་བ་མངོན་དུ་བྱས་ཏེ་ཆོས་དང་གང་ཟག་ལ ་བདག་མེད་པ་དེ་རྟོགས་པར་འགྱུར་སྙམ་པ་ལ་བརྟགས་ནས་མངོན་པར་རྟོགས་པ་བསྟན་པའི་ཕྱིར་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུང་སོ།། འདིས་ནི་ཡེ་ཤེས་ཐོབ་པ་དང་། མངོན་པའི་ང་རྒྱལ ་མེད་བྱས་མངོན་པར་རྟོགས་པ་སྟོན་ཏེ། ཡེ་ཤེས་ཐོབ་པས་ཇི་ལྟ་བུ་ཞེ་ན། ཡེ་ཤེས་རྣམ་པ་གཉིས་ལ་བརྟེན་ཏེ་རིགས་ཡོངསུ་འཛིན་པའི་ཡེ་ཤེས་དང་། མཉམ་པ་ཐམས་ཅད་ཀྱི་ཡེ་ཤེས་སོ།། དེ་ལ་ཡེ་ཤེས ་གང་ཐོབ་ནས་དེ་བཞིན་གཤེགས་པའི་རིགསུ་སྐྱེས་པ་ཡིན་ཞིང་། སངས་རྒྱས་ཀྱི་རིགསུ་ངེས་པ་དེ་ནི་རིགས་ཡོངསུ་འཛིན་པའི་ཡེ་ཤེསོ།། དེ་སྐྱེས་པུས་ལུས་དང་ལྡན་པའོ།། ལྡན་པ་ནི་བདག་གིར་བྱས ་པ་ལུས་ནི་དེ་བཞིན་གཤེགས་པའི་སྐུ་སྟེ། གླང་གྲིས་དེ་ཐོབ་པ་དེ་ལུས་དང་ལྡན་པའོ།། ཡེ་ཤེས་དེ་ཐོབ་པར་ཇི་ལྟར་ཤེས་སྒྱུམ་པ་ལ་ལུས་ཆེན་པོ་ཞེས་བྱ་བ་གསུངསོ།། འདིས་གང་ཟག་དང་ཆོས་ལ ་བདག་མེད་པ་མཉམ་པ་ཉིད་ཀྱིས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཐོབ་ནས་མངོན་པར་རྟོགས་པར་སྟོན་ཏེ། དེའི་ཕྱིར་རིགས་ཀྱི་ཡེ་ཤེས་ཐོབ་པར་ཤེསོ་ཞེས་སྟོན་ཏོ།། མཉམ་པ་ཉིད་ཀྱི་ཡེ་ཤེས་ངེས་སེམས་ཅན ་ཐམས་ཅདྲ་གང་ཟག་དང་ཆོས་ལ་བདག་མེད་པར་རྟོགས་ནས་བདག་ཁོ་ནར་སྤྱད་དོ།། དེ་ན་དེ་སེམས་ཅན་མཐའ་དགྲ་གཱི་ལུས་བདག་ཏུ་སྡུད་པས་ལུས་ཆེན་པོ་ཡིན།། འདི་ནི་སྒྲའི་དོན་མ་ཡིན་པ་ཡང་མུ ་ཡིན་ཏེ། འདི་ལྟར་སེམས་ཅན་ཐམས་ཅད་བདག་ཏུ་བསྡུས་པས་དེ་ལུས་ཞེས་བྱའོ།། དེ་དག་ཀྱང་ཤིན་ཏུ་མང་བའི་ཕྱིར་ལུས་ཆེན་པོ་ཡིན་པས་སྒྲའི་དོན་མ་ཡིན།། འདིས་ནི་གནས་འདིའི་རྒྱུ་ཆེ་བ་བརྗོད།། ་དགོངས་པ་ནི་འདི་ཡིན་ཏེ། བྱང་ཆུབ་སེམས་དཔའི་མངོན་པར་རྟོགས་པ་འདི་ཡང་ཡང་དག་པའི་ཀུན་རྫོབ་ལ་བརྟེན་ནས་ཡེ་ཤེས་ཁྱད་པར་དུ་འཕགས་པ་འབྱུང་བ་ཙམ་གྱིས་རབ་ཏུ་ཕྱེ་བ་ཡིན་གྱི ་དོན་དམ་པར་ནི་མངོན་པར་རྟོགས་པར་བྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་གང་ཡང་མེད་དོ་ཞེས་བསྟེན་པའི་ཕྱིར། འཕགས་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་མི ་ལུས་དང་ལྡན་ཞིང་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ།། འདིས་ནི་དོན་གྱིས་ན་ལུས་དང་ལྡན་ཞིང་ལུས་ཆེན་པོ་ལ་མངོན་པར་ཞེན་པ་མི་མཐུན་པའི་ཕྱོགསུ་སྟོན་ཏེ། དེ་སྤང་བའི་ཕྱིར་འདུན་པ་དང ་སྨོན་ལམ་གྱིས་གནས་པར་བྱ་བ་སྟོན་ཏོ།། ལུས་དང་ལྡན་ཞིང་ལུས་ཆེན་པོ་ཞེས་མཚན་མ་ཙམ་ཞིག་ཡོངསུ་བརྗོད་པས་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་ཟློག་པར་བྱེད་དོ།། ་དོན་དམ་པར་ཡང་རྣམ་པར་འཇོག་ཅིང་། དེ་ལ་རྣལ་འབྱོར་དུ་སྙོམས་པར་འཇུག་པ་ལ་ཡང་འཛུད་དོ།། ཟབ་པ་ཡང་བརྗོད།། སྒྲོ་འདོགས་པའི་མཐའ་ཡང་སྤྱོང་ངོ་།། སྒྱུ་མས་ནི་སྐུར་པ ་འདྲབས་པའི་མཐའ་བཀག། གལ་ཏེ་དེ་བཞིན་གཤེགས་པས་ལུས་དེ་ཉིད་མྱོང་པར་གསུངས་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་མངོན་པར་རྟོགས་པ་ཐོབ་པ་དག་འདི་སྙམ་དུ་བདག་གིས་བྱང་ཆུབ་སེམས ་དཔའི་མངོན་པར་རྟོགས་པ་ཐོབ་ཀྱིས་དེ་ནི་བདག་གིས་སེམས་ཅན་རྣམས་དགྲོལ་བར་བྱའོ་སྙམ་དུ་ཇི་ལྟར་སེམས་ཞེས་གཞན་གྱི་རྣམ་པར་རྟོག་པ་དམ་པ་ལ་བརྟགས་ནས་མངོན་པའི་ང་རྒྱལ་མེད་པས། ་མངོན་པར་རྟོགས་པ་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་གང་ཞེས་བྱ་བ་གསུངསོ།། འདིས་ནི་གྲང་འདི་སྙམ་དུ་བདག་གིས་སེམས་ཅན་རྣམས་ཡོངསུ་མྱ་ངན་ལས་བཟླའོ།། བདག་ནི་བྱང་ཆུབ་སེམས་དཔའོ།། ་སྙམ་དུ་སེམས་པ་མངོན་པའི་ང་རྒྱལ་ཙནྡ་དེ་ཡང་དགྲ་པའི་དོན་དུ་ན་བྱང་ཆུབ་སེམས་དཔའ་མ་ཡིན་པར་སྟོན་ཏོ།། དེ་ཅིའི་སླད་དུ་ཞེས་བྱ་བ་ནི་འདིར་ཤེས་པར་བྱེད་པའི་གཏན་ཚིགས་ཡོངསུ་འདྲི་བའོ།། ་ཆོས་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་བདག་ཉིད་དམ་གང་ཟག་ལ་སོགས་པའི་བདག་ཉིད་དོ།། འཕགས་པ་རབ་འབྱོར་གྱིས་ཀྱང་ཆོས་དེ་རིགས་པས་དཔྱད་ན་མ་མཐོང་བས་དོ་ནི་མ་མཆིས་ལགས། ་ཞེས་བྱ་བུ་གསོལ་ཏོ།། རིགས་པ་དེ་ཐམས་ཅད་དུ་ཐུན་མོང་པས་བཅོམ་ལྡན་འདས་ཀྱིས་བདག་མེད་པ་གཉི་ག་ལ་གཟུད་པའི་ཕྱིར་དེ་བས་ན་ཞེས་བྱ་བ་གསུང་སོ།། སེམས་ཅན་མེད་ཅེས་བྱ་བ་ལ་སོགས་པ་ནི་མཚོན་པ་སྷོ།། ་རང་བཞིན་མེད་པར་ཡང་བལྟ་བར་བྱའོ།། འདིས་ནི་རྣམ་པར་གཡེང་བ་ཚར་བཅང་པ་བསྟན་ཏོ།། མངོན་པར་རྟོགས་པ་བཤད་ཟིན་ཏོ།། འདི་མན་ཆད་ནི་སངས་རྒྱས་ཀྱི་ཡོངསུ་བཙལ་བ་ཡིན་ཏེ། སངས་རྒྱས་ཀྱི་དེ་ཡང ་ཕུན་སུམ་ཚོགས་པ་བདུན་གྱིས་ཡོངས་བསྡུས་པ་ཡིན་ཏེ། ཕུན་སུམ་ཚོགས་པ་བདུན་ནི། ཞིང་ཡོངསུ་དག་པ་ཕུན་སུམ་ཚོགས་པ་དང་། གཟིགས་པ་བླ་ན་མེད་པ་ཡོངསུ་དག་པ་ཕུན་སུམ་ཚོགས་པ་དང་། མཁྱེན་པ་བླ་ན ་མེད་པ་ཡོངསུ་དག་པ་ཕུན་སུམ་ཚོགས་པ་དང་། བསོད་ནམས་ཀྱི་ཕུང་པོ་ལ་མངའ་བརྙེས་པ་ཕུན་སུམ་ཚོགས་པ་དང་། སྐུ་ཕུན་སུམ་ཚོགས་དང་། གསུང་ཕུན་སུམ་ཚོགས་པ་དང་། ཐུགས་ཕུན་སུམ་ཚོགས་པའོ།། དེ་ལ ་གལ་ཏེ་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཆོས་དེ་གང་ཡང་མེད་ན་སུ་སངས་རྒྱས་ཀྱི་ཞིང་ཡོང་སུ་འགྲུབ་པར་བྱ་བའི་ཕྱིར་འབྲེད་པར་བྱེད་སྙམ་དུ་འདོགས་པ་བསལ་པའི་ཕྱིར་སངས་རྒྱས་ཀྱི་ཞིང་ཡོང་སུ་དག་པ་ཕུན་སུམ ་ཚོགས་པའི་དབང་དུ་མཛད་ནས། རབ་འབྱོར་བྱང་ཆུབ་སེམས་དཔའ་གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངསོ།། དེ་ཡང་དེ་བཞིན་དུ་བརྗོད་པར་བྱའོ།། ཞེས་བྱ་བ་ནི་མངོན་པའོ་ང་རྒྱལ་ཅན་གྱི་ཕྱིར་དེ་བྱང་ཆུབ་སེམས་དཔའ ་ཞེས་མི་བྱའོ་ཞེས་བྱ་བའི་ཐ་ཚིག་སྟེ། གང་ཟག་དང་ཆོས་ལ་བདག་མེད་པ་མ་རྟོགས་པར་རྟོགསོ་སྙམ་དུ་མངོན་པའི་ང་རྒྱལ་བྱེད་པའི་ཕྱིརརོ།། འདི་ལྟར་དེ་ངའོ་སྙམ་དུ་མངོན་པར་ང་རྒྱལ་བྱེད ་བས་གང་ཟག་ལ་བདག་མེད་པར་མ་རྟོག་སོ།། ཞིང་བཀོད་པ་རྣམས་མེད་པར་དེ་ལ་མངོན་པའི་ང་རྒྱལ་བྱེད་པས་ཆོས་ལ་བདག་མེད་པ་མ་རྟོག་སོ།། འདིས་ནི་ཞིང་བཀོད་པ་སྒྱུ་མ་ལྟ་བུར་མོས་པས་བྱང་ཆུབ་སེཾདེའི་ཇི་ལྟར་གནས ་པར་བྱ་བ་དེ་བསྟན་ཏོ།། གལ་ཏེ་དོན་དམ་པར་ཞིང་བཀོད་པ་དེ་དག་མེད་དུ་ཟིན་ན། བཅོམ་ལྡན་འདས་ཀྱིས་ཇི་ལྟར་གསུངས་སྙམ་དུ་སེམས་པ་ལ་དེ་ཅིའི་སླད་དུ་ཞེས་ཞུས་ཏེ། འདིའི་བཤད་པ་ནི་སྡོ་མ་བཞི་ནོ།། འདི་ཚིག་ཟློས ་པར་ཡང་མི་འགྱུར་ཏེ། སྔ་མ་ན་མོས་པས་སྤྱོད་པའི་ས་ལ་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་ཞིང་ཡོངསུ་དག་པར་སྨོན་པའི་གནས་སྐབས་ན་བྱང་ཆུབ་སེམས་དཔའ་རྣམ་པར་རྟོག་པ་སེལ་བའི་ཕྱིརརོ།། ད་ནི་སངས་རྒྱས ་ཀྱི་ཞིང་ཡོངསུ་དག་པ་བསྒྲུབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་དག་འཇུག་པ་ན་དེ་ལྟར་མངོན་པར་ཞེན་པས་འཇུག་སྙམ་དུ་གང་དག་དེ་ལྟར་རྣམ་པར་རྟོག་པ་དེ་དག་གི་རྣམ་པར་རྟོག་པ་དེ་བསལ་བར་གསུངས་པའི་ཕྱིར་རོ།། དེའི ་ཚེ་ཁ་ཅིག་གི་རྣམ་པར་རྟོག་པ་དེ་ལྟ་བུ་གཞན་མི་འབྱུང་བས་ཐུག་པ་མེད་པར་ཡང་མི་འགྱུར་རོ།། འདིས་ནི་བྱང་ཆུབ་སེམས་དཔའ་འདི་ལ་ཇི་ལྟར་བསྒྲུབ་པར་བྱ་བ་དེ་བསྟན་ཏོ།། ཅི་འདྲ་བ་ལ་བྱང་ཆུབ་སེམས་དཔའ་ཞེས་བྱ་སྙམ ་པ་ལ། རབ་འབྱོར་བྱང་ཆུབ་སེམས་དཔའ་གང་ཞིག་ཅེས་བྱ་བ་ལ་སོགས་བུ་གསུང་སོ།། ཆོས་རྣམས་ནི་བདག་མེད་པ་ཞེས་ལན་གཉིས་བརྗོད་པ་ནི་བདག་མེད་པ་རྣམ་པ་གཉིས་ཀྱིས་ཆོས་རྣམས་བདག་མེད་པར་སྟོན་ཏོ།། ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཞེས་ལན་གཉིས་བརྗོད་པས་ནི་བདག་མེད་པ་རྣམ་པ་གཉིས་པོ་དེ་ཉིད་རྟོགས་པར་སྟོན་ཏོ།། ཡང་ན་དེ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་གཅིག་ནི་བཟླས་པའོ།། བྱང་ཆུབ་སེམས་དཔ ་ཞེས་བརྗོད་ཞེས་བྱ་བ་འོག་མ་ནི་ཡུལོ།། དེས་ན་ཇི་སྐད་བསྟེན་པར་འགྱུར་ཞེ་ན། སུ་དག་གིས་བསྒྲུབ་པོ་སྙམ་དུ་གང་ཟག་ལ་སོགས་པར་འཛིན་པ་མེད་པ་དང་། ཞིང་བཀོད་པ་རྣམས་ཞེས་ཆོ་སུ་འཛིན་པ་ཡང་མེད་པ་དེ་དག ་མེད་པ་གཉི་ག་ཁོང་དུ་ཆུད་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བརྗོད་དོ་ཞེས་བསྟན་པར་འགྱུར་ཏེ། འདིས་ནི་སེམས་རབ་ཏུ་གཟུང་བ་བསྟན་ཏོ།། གནས་འདི་མཐའ་དག་གིས་ནི་ཟབ་པ་བསྟན་ཏོ།། སངས་རྒྱས་ཀྱི་ཞིང་སྒྱུ ་མ་ལྟ་བུ་ལྟ་བུ་དེ་བསྒྲུབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་དག་དེ་ལ་མོས་པས་འཇུག་པར་བསྟན་པས་ནི་རྒྱ་ཆེ་བ་བརྗོད་དོ།། གལ་ཏེ་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཆོས་དེ་གང་ཡང་མེད་ན་དེའི་ཚེ་དེ་བཞིན་གཤི ་པ་གཟིགས་པ་རྣམ་པར་དག་པ་དང་།། མཁྱེན་པ་རྣམ་པར་དག་པ་དང་ལྡན་པ་མེད་པ་ཁོ་ནར་འགྱུར་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་ལས་སྐྱེས་པའི་དེ་མེད་ན་དེ་ཇི་ལྟར་རུང་བར་འགྱུར། རྒྱུ་མེད་པ་ནི་རྟག་ཏུ་ཡོད་པ་ལ ་སོགས་པའི་སྐྱོན་དུ་འགྱུརརོ།། དེ་བས་ན་འཁོར་འདུས་པ་གང་དེ་སྙམ་དུ་རྣམ་པར་རྟོག་པར་འགྱུར་བ་དེའི་ཆེད་དུ་གཟིགས་པ་དང་མཁྱེན་པ་ཡོངསུ་དག་པ་བླ་ན་མེད་པ་གཉིས་ཀྱི་དབང་དུ་མཛད་ནས ་རབ་འབྱོར་འདི་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་གསུངསོ།། འཕགས་པ་རབ་འབྱོར་གྱིས་ཀྱང་བཅོམ་ལྡན་འདས་ཀྱི་དགོངས་པ་སྤུར་བཟུང་ནསུ་མངའོ་ཞེས་གསོལ་ཏོ།། འདིས་ནི་དོན་དམ་པར་བྱང་ཆུབ་སེམས ་དཔའ་ཞེས་བྱ་བའི་ཆོས་དེ་གང་ཡང་མེདདུ་ཟིན་ཀྱང་ཀུན་རྫོབ་ཏུ་གང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངསུ་བསྐངས་ནས་མཁྱེན་པ་དང་གཟིགས་པ་ཡོངསུ་དག་པའི་དེ་བཞིན་གཤེགས་པར་འགྱུར་བ་མ་བརྟགས ་གཅིག་པུ་ནཱ་དགའ་བ་ཕུང་པོ་ཙམ་གྱི་རང་བཞིན་གྱི་བྱང་ཆུབ་སེམས་དཔའ་ཡོ་པ་ཉིད་དོ།། དེ་ལྟ་མ་ཡིན་ཏེ། གལ་ཏེ་ཀུན་རྫོབ་ཏུ་ཡང་དེ་མེད་དུ་ཟིན་ན་དེའི་ཚེ་སུ་ཞིག་དེ་བཞིན་གཤེགས་པར་འགྱུར་ཞེས་དེ་སྐད་སྟོན་ཏོ།། ། ་དེ་ལ་དེ་བཞིན་གཤེགས་པ་ལ་ཤེས་རབ་ཀྱི་སྤྱན་ཁོ་ན་མེངའོ་ཞེས་མི་བྱ་བ་ནི་གཟིགས་པ་རྣམ་པར་དག་པ་ཁྱད་ཞུགས་པར་བསྟན་པའི་ཕྱིར་སྤྱན་མངའ་བར་སྟོན་ཏོ།། མདོར་བསྡུ་ན་སྤྱན་རྣམ་པ་བཞི་སྟེ། གཟུགས་འཛིན ་པ་དང་། དོན་དམ་པའི་བདེན་པ་འཛིན་པ་དང་། ཀུན་རྫོབ་ཀྱི་བདེན་པ་འཛིན་པ་དང་། རྣམ་པ་ཐམས་ཅད་དུ་ཤེས་བྱ་འཛིན་པའོ།། གཟུགས་འཛིན་པ་ཡང་རྣམ་པ་གཉིས་ཏེ། ལས་ཀྱི་འབྲས་བུ་དང་། བསྒོམས་པའི་འབྲས ་བུའོད་སྤྱན་རྣམ་པ་ལྔ་དང་གོ་རིམ་བཞི་ནོ།། དེ་ལྟ་ཡུལ་རུགས་པའི་ཕྱིར་དང་པོར་གཟུགས་འཛིན་པ་བསྟན་ཏོ།། དོན་དམ་པའི་དབང་གིས་ཀུན་རྫོབ་ཤེས་པ་ཡོངསུ་དག་པར་འགྱུར་ཏེ། དེས་ན་དོན་དམ་པའི་བདེན་པ་འཛིན ་པ་ནི་སྔར་བསྟེན་ལ། ཀུན་རྫོབ་ཀྱི་བདེན་པ་འཛིན་པ་ནི་ཕྱིས་བཤད་དོ།། ཞེས་གོ་རིམྦ་བསྟན་པའི་མཚམས་སྦྱར་བའོ།། གང་ཟག་དང་ཆོས་ལ་བདག་མེད་པའི་ཡུལ་ལ་ནི་ཤེས་རབ་ཀྱི་སྤྱན་ནོ།། ཀུན་རྫོབ་ཏུ་ཆོས་ཙ ་དུ་སྣང་བ་ཉིད་དེ་གང་ཟག་ནི་མ་ཡི་ནོ་ཞེས་གང་ཟག་སྟོང་སྟེ། ཆོས་ཙམ་གྱི་ཡུལ་ལ་ནི་ཆོས་ཀྱི་སྤྱ་ནོ།། ཤེས་བྱ་ཐམས་ཅད་རྣམ་པ་ཐམས་ཅད་དུ་མཁྱེན་པ་ནི་སངས་རྒྱས་ཀྱི་སྤྱན་ཞེས་བྱ་སྟེ། འདིས་ནི་དེ་ལྟར་མངོན ་སུམ་དུ་མཛད་པར་བཞུགས་པའི་ཕྱིར་ཡང་དག་པའི་ཀུན་རྫོབ་ཏུ་སྤྱན་ལྔ་བསྟན་པས་ནི་གཟིགས་པ་རྣམ་པར་དག་པ་བརྗོད།། མཁྱེན་པར་རྣམ་པར་དག་པ་བརྗེད་པའི་ཕྱིར། རབ་འབྱོར་འདི་ཇི་སྙམ་དུ་ཞེས་བྱ་བ ་ལུ་སོགས་པ་གསུངས།། དུས་གསུམ་གྱི་སེམས་དང་སེམས་ལས་བྱུང་བ་རྣམས་ནི་སེམས་ཀྱི་རྒྱུ་ནོ།། དེ་བས་ན་དུས་གསུམ་ཡུལ་ཡིན་པའི་ཕྱིར་ཡུལ་དེ་ཤེས་པོ་ནི་མཁྱེན་པ་ཞེས་བྱ་བའི་གཟིགས་པ་ཞེས ་ནི་མི་བྱའོ།། དེ་ཡང་འདོད་ཆགས་དང་བཅས་པའི་སེམས་དང་། འདོད་ཆགས་དང་བྲལ་བའི་སེམས་ཞེས་བྱ་བ་ལ་སོགས་པ་ཀུན་ནས་ཉོན་མོངས་དང་། རྣམ་པར་བྱང་བའི་ངོ་བོ་སྣ་ཚོག་སུ་རིགས་པར་བྱའོ།། དེ་སྙེད ་ཀྱི་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ནི་མཚོན་པ་སྟེ། འཇིག་རྟེན་གྱི་ཁམས་མཐའ་ཡས་པར་གཏོགས་པའི་སེམས་ཅན་རྣམས་ཀྱི་སེམས་ཀྱི་རྒྱུན་ཡོངསུ་མཁྱེན་པའི་ཕྱིརརོ།། འདི་ལྟར་ཀུན་རྫོབ ་ཏུ་དེ་བཞིན་གཤེགས་པ་ལ་ཤའི་སྤྱན་ལ་སོགས་པ་མངའ་སྟེ། དེས་ན་དེ་བསྒྲུབ་པའི་ཕྱིར་བྱང་ཆུབ་སེམས་དཔས་འདུན་པ་དང་སྨོན་ལམ་གྱིས་གནས་པར་བྱའོ་ཞེས་བྱ་བའི་གཞུང་འདིས་ནི་ཕུན་སུམ་ཚོགས་པ་གཉི་ག། ་ཡང་བསྟན་པ་ཡིན།། ཤའི་སྤྱན་ལ་སོགསུ་པ་ཡང་གཅིག་དང་དུ་མའི་རང་བཞིན་གྱིས་དཔྱད་ན་མི་དམིགས་པ་ཉིད་ལ། དོན་གཞན་ཤེས་པས་འཛིན་པར་ཡང་མི་རིགས་ཏེ། ཇི་ལྟར་སྔར་དཔྱད་པ་ལྟ་བུ་ཡིན་ན་དེ ་བཞིན་གཤེགས་པ་ལ་ཤིལླེ་སྤྱན་ལ་སོགས་པ་མངའ་བ་དང་། སེམས་ཀྱི་རྒྱུན་རབ་ཏུ་མཁྱེན་པར་ཇི་ལྟར་འགྱུར་སྙམ་དུ་སེམས་པའི་བསམ་པ་ལྔ་བརྟགས་ནས་དྲི་ཅིའི་སླད་དུ་ཞེས་ཞུས་པ་དང་། བྱང་ཆུབ་སེམས།། ་དཔལ་རྣམ་པར་དག་པ་འདི་གཉིས་ལྔ་རྣལ་འབྱོར་དུ་སྙོམས་པར་འཇུག་པས་ཇི་ལྟར་བསྒྲུབ་པར་བྱ་བ་དེ་བསྟན་པའི་ཕྱིར། སེམས་ཀྱི་རྒྱུན་སེམས་ཀྱི་རྒྱུན་ཞེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་གསུངསོ།། རྒྱུན་མེད ་ཅེས་བྱ་བ་ནི་དོན་དམ་པར་རོ།། རང་བཞིན་མེད་དུ་ཟིན་ཀྱང་ཀུན་རྫོབ་ལ་བརྟེན་ནས་གསུངས་ཏེ། དེ་ཉིད་ཀྱི་ཕྱིར་སེམས་ཀྱི་རྒྱུན་ཞེས་བྱའོ་ཞེས་གསུངསོ།། དེ་ལྟ་མ་ཡིན་ན་དོན་དམ་པར་ནི་བརྗོད་པའི་སྤྱོད་ཡུལ་ཐམས ་ཅད་ལས་འདས་པའི་ཕྱིར་བརྗོད་པར་མི་འགྱུར་རོ་སྙམ་དུ་དགོངས་པའོ།། སེམས་ཀྱི་རྒྱུན་ཅེས་སྨོས་པ་ནི་མཚོན་པ་སྟེ། ཤའི་སྤྱན་ལ་སོགས་པ་ཡང་སྤྱན་གྱི་རང་བཞིན་མེད་པ་ཉིད་དུ་གསུངསོ་ཞེས་བརྗོད་པར་བྱ་བའི་སྐབསྟེ།། ་ཡིན་ཏེ་མངོན་པས་མོ་གསུངསོ།། འདི་ལ་ཇི་ལྟར་སེམས་རབ་ཏུ་བཟུང་བར་བྱ་བ་དེ་བསྟན་པའི་ཕྱིར་དེ་ཅིའི་སླད་དུ་ཞེས་བྱ་བ་དྲོ་ཞུས་ཏེ། རྒྱུན་མེད་ཅེས་བྱ་བ་དང་སྦྱ་རོ།། འདས་པ་ལ་སྔགས་པའི་སེམས་ནི་དོན་དམ་པར ་མ་སྐྱེས་པའི་ཕྱིར་མི་དམིགས་ཀྱི། ཡོད་ཀྱང་འཛིན་པར་མི་འཐད་པས་མི་དམིགས་པ་ནི་མ་ཡིནོ།། དེ་ལྟ་ན་ནི་སེམས་ཀྱི་རྒྱུན་མེད་པར་མི་འགྱུར་ཏེ། མི་དམིགས་པ་ཙམ་གྱིས་ནི་དངོས་པོ་རྣམས་ཀྱི་རང་བཞིན་མེད ་པར་མི་འགྱུར་རོ།། ཇི་ལྟར་དུས་གསུམ་གྱི་སེམས་དོན་པར་མེད་པ་དེ་ལྟར་ནི་སྔར་ཡང་བཤད། སྟོན་པར་ཡང་འགྱུར་རོ།། སེམས་སྨོས་པ་ནི་མཚོན་པ་སྟེ། དེས་ན་ཤྭའི་མིག་ལ་སོགས་པ་འདས་པ་ལ་སོགས་པ ་ཡང་མི་དམིགས་པ་ཉིད་དོ།། འདི་ལ་རྒྱུན་མེད་ཅེས་བྱ་བ་ལཱ་སོགས་པའི་ཚིག་གིས་ནི་ཟབ་པ་བརྗོད་དོ།། ལྷག་མ་རྣམས་ཀྱིས་ནི་རྒྱ་ཆེ་བའོ།། གལ་ཏེ་དུས་གསུམ་གྱི་སེམས་མེད་ན་དེའི་ཚེ་བསོད་ནམས་ཀྱི་ཕུང ་པོ་ཡང་མེད་པར་འགྱུར་ཏེ། དེ་ནི་སེམས་ལ་བརྟེན་པའི་ཕྱིརརོ།། དེ་བས་ན་དེ་བཞིན་གཤེགས་པའི་བསོད་ནམས་ཀྱི་ཕུང་པོ་ལ་མངའ་བ་ཕུན་སུམ་ཚོགས་པ་བསྒྲུབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཇི་ལྟར་འབད། ་བ་བྱ་སྙམ་པ་ལ་བརྟགས་ཏེ། བསོད་ནམས་ཀྱི་ཕུང་པོ་ལ་མངའ་བ་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས། རབ་འབྱོར་འདི་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་གསུང་སོ།། འདིས ་ནི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཐ་ན་གང་ཕྱིའི་དངོས་པོ་ནི་རིན་པོ་ཆེ་ལ་སོགས་པ་གཏོང་བར་བྱེད་པ་དེ་ཡང་བསོད་ནུམས་ཀྱི་ཕུང་པོ་ཆེན་པོ་དང་ལྡན་པར་འགྱུར་ན། དེ་བཞིན་གཤེགས་བུ་བསྐལ་པ་གྲངས ་མེད་དཔག་ཏུ་མེད་པར་བྱ་དཀའ་བ་བརྒྱ་ཕྲག་དུ་མ་གོམས་པར་མཛད་པས་བསོད་ནམས་ཀྱི་ཕུང་པོ་ལ་མངའ་བར་ཅིའི་ཕྱིར་མི་འགྱུར་ཞེས་དེ་སྐད་སྟོན་ཏོ།། དེས་ན་དོན་དམ་པར་བསོད་ནམས་ཀྱི་ཕུང་པོ་མེད་དུ་ཟིན ་ཀྱང་ཀུན་རྫོབ་ཏུ་ཡོད་པས་ན་བྱང་ཆུབ་སེམས་དཔས་དེ་ལ་དབང་བ་བསྒྲུབ་པའི་ཕྱིར་འདུན་པ་དང་། སྨོན་ལམ་གྱིས་གནས་པར་བྱའོ་ཞེས་བསྟན་ཏེ། འདིས་ནི་རྒྱ་ཆེ་བ་ཡང་བརྗོད་དོ།། བསོད་ནམས་ཀྱི་ཕུང་པོ་དོན་དམ ་བུར་ཡོད་པར་ཅིའི་ཕྱིར་རྣམ་པར་མི་གཞག་སྙམ་པ་ལ་བརྟགས་ནས་བྱང་ཆུབོ་སེམས་དཔྱས་འདི་ལ་ཇི་ལྟར་བསྒྲུབ་པར་བྱ་བ་དང་། སེམས་རབ་ཏུ་བཟུག་བྱ་བ་དང་། གཉི་གེ་བསྟན་པའི་ཕྱིར། རབ་འབྱོར་གལ ་ཏེ་ཞེས་བྱ་བ་ལ་སོགས་པ་གསུང་སོ།། གལ་ཏེ་ཞེས་བྱ་བ་ནི་ཇི་སྟེ་ཞེས་བྱ་བའི་ཐ་ཚིགོ། དེ་བཞིན་གཤེགས་པ་མི་ག་སུ་ངོ་ཞེས་བྱ་བ་ནི་དོན་དམ་པ་བརྗོད་པ་མི་སྤྱོད་པའི་ཕྱིར་ཏེ། མི་བསྟན་པོར་ཡང་དེ་ལྟར་གྲགས ་པར་འགྱུརརོ་སྙམ་དུ་དགོངས་པའོ།། ཇི་ལྟར་བསོད་ནམས་ཀྱི་ཕུང་པོ་དོན་དམ་པར་མེད་པ་དེ་ལྟར་སྔར་བསྟན་ཟིན་ཏོ།། འདིས་ནི་དེ་བཞིན་གཤེགས་པའི་བསོད་ནམས་ཀྱི་ཕུང་པོ་ལ་མང་བ་ཕུན་སུམ་ཚོགས་པ ་བསྒྲུབ་པའི་ཕྱིར་ཞུགས་པའི་བྱང་ཆུབ་སེམས་དཔས་དོན་དམ་པར་དེ་མི་དམིགས་པར་རྣལ་འབྱོར་དུ་སྙོམས་པར་འཇུག་པས་བསྒྲུབ་པར་བྱ་བ་དང་། དོན་དམ་པར་དེ་དམིགས་པ་ལ་མངོན་པར་ཞེན་པ་སྤོང་བསྡུ ་སེམས་རབ་ཏུ་བཟུང་བར་བྱ་བ་གཉིས་ཀ་བསྟན་ཏེ། ཟད་པ་ཡང་བརྗོད་དོ།། གལ་ཏེ་བསོད་ནམས་ཀྱི་ཕུང་པོ་ཕུང་པོ་མེད་པ་ཉིད་ཡིན་ན། དེའི་ཚེ་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་ཕུན་སུམ་ཚོགས་པ་རྣམ་པ་གཉིས ་པོ་དཔེ་བྱད་བཟང་པོའི་སྐུ་ཕུན་སུམ་ཚོགས་པ་དང་། མཚན་གྱི་སྐུ་ཕུན་སུམ་ཚོགས་པ་བསོད་ནམས་བླ་ན་མེད་པ་ལས་སྐྱེས་པར་འདོད་པ་གང་ཡིན་པ་དེ་ཡང་རྒྱུ་མེད་པའི་ཕྱིར་མེད་པར་འགྱུར་རོ།། དེ་བས་ན ་དེ་བཞིན་གཤེགས་པའི་སྐུ་ཕུན་སུམ་ཚོགས་པ་རྣམ་པ་གཉིས་ཡོངསུ་བསྒྲུབ་པའི་ཕྱིར། བྱང་ཆུབ་སེམས་དཔས་ཇི་ལྟར་འབད་པར་བྱ་སྙམ་དུ་སེམས་པ་དེའི་ཆེད་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་གཟུགས ་ཀྱི་སྐུ་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས། རབ་འབྱོར་འདི་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་གསུང་སོ།། གཟུགས་ཀྱི་ལུས་ཞེས་བྱ་བ་ནི་དཔེ་བྱད་བཟང་པོའི་སྐུ་ཡིན་པར་བལྟ་བར་བྱའོ།། མཚན ་གྱི་སྐུ་ནི་འོག་ནས་འཆད་དེ་བ་ལང་དང་གླང་ཞེས་བྱ་བའི་ཚུལ་དུ། འདི་ལས་འཕགས་པ་རབ་འབྱོར་གྱི་བསམ་པ་ནི་འདི་ཡིན་ཏེ། ཇི་ལྟར་བསོད་ནམས་ཀྱི་ཕུང་པོ་དོན་དུམྱ ་པར་ཕུང་པོ་མེད་པ་ཁོ་ན་ཡིན་པ་དེ་བཞིན་དུ་གཟུགས་ཀྱི་སྐུ་ཡང་མ་སྐྱེས་པ་ཁོ་ནྡོ་སྟེ། དེ་བས་ན་དོན་དམ་པར་གཟུགས་ཀྱི་སྐུ་ཡོངསུ་གྲུབ་པས་དྲི་བཞིན་གཤེགས་པར་བལྟ་བར་མི་བགྱི་ལགསོ་ཞེས་བྱའོ།། ། ་ཀུན་རྫོབ་ཏུ་ནི་སྒྱུ་མས་སྤྲུལ་པའི་སངས་རྒྱས་བཞིན་དུ་གཟུགས་ཀྱི་སྐུ་ཡོད་པ་ཉིད་དོ།། དེ་བས་ན་བསོད་ནམས་ཀྱི་ཕུང་པོ་ལས་བྱུང་བར་རུང་བ་ཉིད་དོ།། དེ་བས་ན་བྱང་ཆུབ་སེམས་དཔས་སྒྱུ་མས་སྤྲུལ་པའི ་སངས་རྒྱས་ཀྱི་གཟུག་ས་ལ་མོས་པ་དེ་ལྟ་བུས་དེ་བསྒྲུབ་པའི་ཕྱིར་འདུན་པ་དང་སྨོན་ལམ་གྱིས་གུནས་པར་བྱ་བ་བསྟན་པ་ཡིན་ནོ།། འདིར་ཚིག་ཟློས་པར་ཡང་མི་འགྱུར་ཏེ། སྦྱར་ན་མོས་པས་སྤྱོད་པའི་ས ་ན་གཟུགས་ཀྱི་སྐུ་ཐོབ་པར་འདུན་པའི་དུས་དང་། དེ་བཞི་ནཱ་གཤེགས་པ་ལ་མཆོད་པ་དང་། རཱིམ་གྲོ་བྱ་བའི་དུས་ན་དེ་ལྟར་མངོན་པར་ཞེན་པ་ཡོངས་སུ་སྤང་བ་ཡིན་ལ། ད་ནི་ལྷག་པའི་བསམ་པ་དགེ་བའི ་ས་ན་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་ཕུན་སུམ་ཚོགས་པ་བསྒྲུབ་པའི་ཕྱིར་ཞུགས་པའི་བྱང་ཆུབ་སེམས་དཔའ་གཟུགས་ལ་མངོན་པར་ཞེན་པ་ཡོད་དོ་ཞེས་གྲག་ཅེས་འཁོར་གང་དག་གི་རྣམ་པར ་རྟོག་པ་ངན་བུ་དེ་བསལ་བར་གསུངས་པའི་ཕྱིར་རོ།། འོ་ན་དེ་བཞིན་གཤེགས་པ་རྣམས་ཀྱི་གཟུགས་ཀྱི་སྐུ་ཇི་ལྟར་བསྟན་སྙམ་དུ་སེམས་ཤིང་། དེ་ཅིའི་སླད་དུ་ཞེས་དྲིས་ཏེ། གཟུགས་ཀྱི་སྐུ་ཡོངས་སུ་གྲུབ ་པྲས་དེ་བཞིན་གཤེགས་པར་ལྟ་བུར་མྲི་བྱཱ་ཞེས་བྱ་བ་དང་སྦྱར་རོ།། འདི་ནི་གྲུབ་པ་ནི་མེད་དུ་གཟུགས་ཀྱི་སྐུ་ཡན་ལག་ཅན་གྱི་རང་བཞིན་ན་མ། རྡུལ་ཕྲ་རབ་བསགས་པའི་རང་བཞིན་དུ་མ་གྲུབ ་ཇི་ལྟར་སྔར་དཔྱད་པ་བཞིན་ནོ།། འདིས་ནི་བྱང་ཆུབ་སེམས་དཔེས་ཇི་ལྟར་བསྒྲུབ་པར་བྱ་བ་དེ་བསྟན་ཏོ།། དེས་ན་ཞེས་བྱ་བ་ནི་འདི་ལྟར་ཀུན་རྫོབ་ཏུ་ཡོད་དེ། རི་བོང་གི་རྭ་བཞིན་དུ་རྣམ་པ་ཐམས་ཅད་དུ ་མེད་པ་ནི་མེ་ཡིན་པའི་ཕྱིར་རོ།། འདི་སྟེ་ནི་སྦྱོར་པ་འདེབས་པའི་མཐའ་བཀག་ན་ས་ཇི་ལྟར་སེམས་རབ་ཏུ་གཟུང་བར་བྱ་བ་དེ་བསྟན་ཏོ།། གནས་འདི་ཐམས་ཅད་ཀྱིས་ནི་ཟབ་པ་བསྟེན་ཏོ།། ཀུན་རྫོབ་ཏུ ་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་ཕུན་སུམ་ཚོགས་པ་བསྒྲུབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འབད་པར་བྱ་བ་བསྟན་པས་ནི་རྒྱ་ཆེ་བ་ཡང་བསྟན་ཏོ།། མཚན་གྱི་སྐུ ་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས། རབ་འབྱོར་འདི་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་བཤད་པ་ཐམས་ཅད་ནི་སྔ་མ་དང་འདྲའོ།། གལ་ཏེ ་གཟུགས་ཀྱི་སྐུ་ཡོངས་སུ་གྲུབ་པས་དེ་བཞིན་གཤེགས་པར་བལྟ་བརླ་མི་བྱ་ན། དེའི་ཚེ་བཅོམ་ལྡན་འདསྲ་ཆོས་བསྟན་པ་ཡང་མེད་པར་འགྱུར་ཏེ། ་དེ་ནི་གཟུགས་ཀྱི་སྐུས་བསྡུས་བྱའི་ཕྱིར་རོ།། དེ་བས་ན་བྱང་ཆུབ་སེམས་དཔའ་ས་དེ་བཞིན་གཤེགས་པའི་གསུང་ཕུན་སུམ་ཚོགས་པ་བྱེསྒྲུབ་པའི་ཕྱིར་ཇི་ལྟར་འབད་པར་བྱ་སྙམ་དུ་སེམས ་པ་དེའི་ཆེད་དུ་གསུང་ཕུན་སུམྲ་ཚོགས་པའི་དབང་དུ་མཛད་ནས། རབ་འབྱོར་འདི་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དོན་དམ་པར་འཆད་པ་པོ་དང་། བཤད་པར་བྱ ་བཱ་དང་བཤད་པ་མེད་པའི་ཕྱིར་དེ་བཞིན་གཤེགས་པ་འདི་སྙམ་དུ་ངས་ཆོས་བསྟན་ཏོ་སྙམ་དུ་མི་དགོངས་སོ།། དེ་ལྟ་མ་ཡིན་ནུ་ཕྱིན་ཅི་ལོག་ཏུ་འགྱུར་བའི་ཕྱིར་ཐམས་ཅད་མཁྱེན་པར ་མི་འགྱུར་རོ།། ཇི་ལྟར་འཚོད་པ་པོ་སྟེ་བདག་ལ་སོགས་པ་དང་། བཤད་པར་བྱ་བ་སྟེ་ཕྱི་ནང་གི་དངོས་པོ་དང་། བཤད་པ་སྟེ་བྱེད་པ་གཟུགས་སམ་སྒྲའི་བདག་ཉིད་མེད་པ་དེ་ལྟར་ནི། ་སྔར་རྒྱས་པར་བསྟན་ཟིན་ཏེ། དངོས་པོ་མཐའ་དག་ལ་སྟོང་པ་ཉིད་ཀྱིས་ཁྱབ་པར་སྔར་བསྒྲུབ་པའི་ཕྱིར་རོ།། ཀུན་རྫོབ་ཏུ་འཆད་པ་པོ་དང་། བཤད་པར་བྱ་བ་དང་། བཤད་པ་མ་བརྟགས་ན་དགའ ་བྲབུས་ཐ་སྙད་འདོགས་པ་འབའ་ཞིག་ཏུ་ཟད་ཀྱི་དོན་དམ་པར་ནི་མ་ཡིན་ནོ།། གལ་ཏེ་དངོས་པོའི་དེ་ཁོ་ན་དེ་ལྟ་བུ་བསྟན་དུ་ཟིན་ཀྱང་ཁྭ་ཅིག་མགྲོ་རྨོངས་ཏེ་དོན་དམ་པར་གསུམ་པོ་ཡོད་པར ་སེམས་ནི་དེའི་ཚེ་ཅིར་འགྱུར་སྙམ་པ་ལ། རབ་འབྱོར་སུ་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་སོ།། སྐྱུར་པ་ནི་དེ་ནི་མེད་པར་གླེངས་པའི་ཕྱིར་རོ།། ཇི་ལྟར་མེད་པ་དེས་གླེང་བར་ནུས ་སྙམ་པ་ལ། ལོག་པར་འཛིན་པས་ཞེས་བྱ་བ་གསུངས་ཏེ། ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པས་ལྡོག་པར་ཟིན་པའི་ཕྱིར་དེ་མེད་ཅེས་བྱ་བའི་ཐ་ཚིག་གོ། འདིས་ནི་དེ་བཞིན་གཤེགས ་པའི་གསུངས་ཕུན་སུམ་ཚོགས་པ་ལ་འཇུག་པའི་བྱང་ཆུབ་སེམས་དཔས་བྲག་ཅ་ལ་སོགས་པ་ལྟ་བུར་ཤེས་པས་འཇུག་པར་བྱའོ་ཞེས་བྱང་ཆུབ་སེམས་དཔའ་ཇི་ལྟར་གནས་པར་བྱ ་བྷ་དེ་བསྟན་ཏོ།། གལ་ཏེ་བཤད་པ་ལ་སོགས་པ་གསུམ་པོ་དེ་མེད་ན་གཟུགས་གང་ཟག་དང་ཆོས་ལ་བདག་མེད་པ་ལ་སོགས་པ་སྟོན་པར་བྱེད་པ་བཅོམ་ལྡན་འདས་ཀྱིས་ཆོས་བསྟུན་པོ ་ཚིག་དང་ངག་གི་ངོ་བོ་སྣ་ཚོགས་འདི་ཇི་ལྟར་གྲགས། དེ་ཡོད་ན་ནི་གང་དེས་བསྟན་པར་བྱ་བ་སྟེ། བཤད་པར་བྱ་བ་ཡང་ཡོད་པ་ཉིད་ལ། གང་དེ་སྟོན་པར་བྱེད་པ་འཆད་པ་པོ་དེ་ཡང ་ཡོད་པ་ཉིད་དེ་ཤུགས་ཀྱིས་ན་གསུམ་ཆར་ཡོད་དོ་སྙམ་དུ་སེམས་པཱ་ལཱ་དེ་ཅིའི་སླད་དུ་ཞེས་ཞུས་པ་དང་། འདིར་ལན་དུ་ཆོས་བསྟན་པ་ཞེས་བྱ་བ་གསུངས་སོ།། ་འདི་སྙམ་དུ་དགོངས་ཏེ། ཆོས་བསྟེན་པ་དོན་དྲིམ་པར་ཡོད་ན་རང་གི་མཚན་ཉིད་ཀྱི་ངོ་བོ་འམ། སྤྱིའི་མཚན་ཉིད་ཀྱི་ངོ་བོ་ཞིག་ཏུ་འགྱུར་གྲང་ན། རེ་ཞིག་ཕྱོགས་དང་པོ་ནི་མ་ཡིན་ཏེ། ་རུང་གི་མཚན་ཉིད་དོན་དམ་པ་པ་ཐམས་ཅད་ནི་སྔར་རྒྱ་ཆེ་བར་བསྔལ་བའི་ཕྱིར་རོ།། གཉིས་པ་ཡོད་མ་ཡིན་ཏེ། རང་གི་མཚན་ཉིད་མེད་ནུ་གནས་མེད་པསོ་ཅི་ཡང་མེད་པའི་ཕྱིར་རོ།། སྤྱི ་དངོས་པོར་ཁས་ལེན་ན་ནི་རང་གི་མཚན་ཉིད་ཁོ་ནུར་འདུས་པའི་ཕྱིར་དེ་བསལ་བས་དེ་ཡང་བསལ་བ་ཉིད་དོ།། གཞན་རྣམ་པར་བཅད་པས་སྤྱིའི་མཚན་ཉིད་ནི་སྒྲོ་བཏགས་པའི་ངོ་བོ་ཞེས་རྟོག་ན་ནི ་ཆོས་བསྟན་པ་དོན་མེད་པས་གྲུབ་པ་སྒྲུབ་པར་གྱུར་ཏོ།། དེ་དོན་པར་རང་གི་མཚན་ཉིད་ཡོད་དུ་ཆུག་ན་ཡང་དེས་ཆོས་བསྟན་པར་མི་རིགས་ཏེ། སྒྲོ་བསལ་བ་ལ་སོགས་པ་རྟག་པའི་ངོ་བོ་ལ་གཞན་དག ་གིས་ཚིག་ཏུ་ཡོངས་སུ་བརྟགས་ནི་རིམ་དང་རིམ་མ་ཡིན་པས་དོན་བྱེད་པར་འགལ་ཏེ། ནུས་པ་ཐམས་ཅད་དང་བྲལ་བས་ཤེས་པ་ལ་སོགས་པ་གང་ལ་ཡང་སྦྱོར་བ་མེད་དེ། ཅི་ཡང ་མི་བྱེད་པར་ཇི་ལྟར་ཚིག་ཏུ་འགྱུར། རང་གི་མཚན་ཉིད་མི་རྟག་པ་ཡང་བརྡར་འདོགས་པའི་ཚེ་ན་མཐོང་བ་ཐ་སྙད་འདོགས་པའི་ཚེ་ན་རྗེས་སུ་འགྲོ་བ་མེད་པས་ཚིག་ཏུ་མི་རིགས་སོ།། ་བརྡར་འདོགས་པཱ་ཡང་གཞན། ཐུ་སྙད་འདོགས་པ་ཡང་གཞན་པར་ནི་མི་རིགས་ཏེ། ཧ་ཅང་ཐལ་བར་འགྱུར་རོ།། དེ་བསྲེ་ན་རྗེས་སུ་འགྲོ་བྱ་མྱེད་པས་རུང་གི་མཚན་ཉིད ་ཀྱང་བརྗོད་པར་མི་རིགས་སོ།། སྤྱིའི་དངོས་པོ་ཡང་བརྗོད་པར་བྱ་བར་ཁྱས་ལེན་ན་ནི་དེ་བརྗོད་པར་བྱ་བའི་ངོ་བོར་གྱུར་པས་རང་གི་མཚན་ཉིད་ཀྱི་ངོ་བོ་ཡིན་པའི་ཕྱིར་ཡུལ་གཞན་དུ ་འགྲོ་བ་མེད་པ་ཉིད་དོ།། གཅིག་པུ་ནི་ཡུལ་དང་དུས་ལ་སོགས་པ་སོ་སོ་ཐ་དད་པ་གསལ་བ་དུ་མ་ལོ་ཁྱབ་པར་ཡང་མི་རིགས་ཏེ། འདི་ལྟར་བདག་ཉིད་ཐམས་ཅད་གས་ལ་བ ་གཅིག་ལ་རྫོགས་ན་ནི་དེའི་ཚེ་གཅིག་ཁོ་ན་ལ་དོའི་རང་བཞིན་ཡོངས་སུ་བརྟགསྲ་པསྲ་གང་གིས་ན་གཞན་ལ་ཡང་ཆུབ་པར་འགྱུར་པ་གསལ་བ་གཞན་དང་འབྲེལ་པའི་རང་བཞིན ་གཞན་ནི་དེ་ལ་མེད་དེ། གཅིག་པུ་ཉམས་པར་འགྱུར་བའི་ཕྱིར་རོ།། ཕྱོགས་གཅིག་གིས་ཁྱབ་ན་ནི་ཡན་ལག་དང་བཅས་པ་དང་མ་ཟིན་པའི་སྐྱོན་དུ་འགྱུར་ཏེ། དེ་ལྟར་གསལ ་བ་ཐ་དད་པ་ཇི་སྙེད་ལ་དེའི་ཕྱོགས་གཅིག་གིས་ཁྱབ་པར་རྣམ་པར་བཞུག་པར་དེ་སྐྱེད་འཛིན་ནཱ་ནཱི་གསལ་བ་གཅིག་ལ་འཛིན་པ་ནི་ཕྱོགས་གཅིགུ་འཛིན་པས ་དེ་ལ་འཛིན་པར་རུང་གྲང་ན། གསལ་བྱ་ཐ་དད་པ་ན་ཚད་དང་ཡུལ་དང་། དུས་ལ་སོགས་པ་སོ་སོ་ཐུ་དད་པ་དེ་དག་ལ་གསལ་བ་གཅིག་ལ་འཛིན་པ་ནི་ཕྱོགས་གཅིག་འཛིན་པས་གཅིག་ཅར་འཛིན ་པ་མེད་པ་ཉིད་དུ་འགྱུརརོ།། དེ་བས་ན་བརྗོད་པར་བྱ་བ་དང་། བརྗོད་པ་ནི་སྒྲོ་བཏགས་པའི་རྣམ་པའི་ངོ་བོ་ཁོ་ནུར་རིགས་ཀྱི་ཡང་དག་པར་ནི་མ་ཡིན་ནོ།། དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་གཞན་དག ་ཏུ། མིང་ནི་གང་དང་གང་དག་གིས།། ཆོས་རྣམས་གང་དང་གང་བརྗོད་པ།། དེ་ལ་དེ་ནི་མེད་པ་སྟེ། དེ་ནི་ཆོས་རྣམས་ཆོས་ཉིད་དོ།། ཞེས་གསུངས་སོ།། བཤད་པ་ཡང་བརྫུན་པས་སྒོ་དེ་ནས་བཤད་པར ་བྱ་བ་དང་། འཆད་པ་པོ་ཡོད་པར་བསྟན་པ་གང་ཡིན་པ་དེ་ཡང་སྒོ་དེ་ནས་འོངས་པས་བསལ་བ་ཉིད་དེ། དེ་གཉིས་ཀྭ་མེད་པར་བཅོམ་ལྡན་འདས་ཀྱིས་ལོགས་ཤིག་ཏུ་མ་གསུངསོ།། ་འདིས་ནི་བྱང་ཆུབ་སེམས་དཔའ་ཇི་ལྟར་བསྒྲུབ་པར་བྱ་བ་དང་། སེམས་རབ་ཏུ་གཟུང་བར་བྱ་བ་དེ་བསྟན་ཏོ།། འདི་ཐམས་ཅད་ཀྱིས་ནི་ཟབ་པ་བསྟན་ཏོ།། ཐུགས་ཕུན་སུམ་ཚོགས་པ་ནི་རྣམ་པ་ཐ་དད ་བུ་བདུན་ཏེ། དྲན་པ་ཉེ་བར་གཞག་པ་དང་། མངོན་པར་རྫོགས་པར་བྱང་ཆུབ་པ་དང་། ཆོས་དོན་ཆེན་པོར་གདུགས་པ་དང་། གདམས་ངག་དོན་ཆེན་པོར་གདུགས་པ་དང་། ཆོས་ཀྱི་སྐུ ་ཡོངས་སུ་འཛིན་པ་དང་། མྱ་ངན་ལས་འདས་པ་དང་འཁོར་པོ་ལ་མི་གནས་པ་དང་བཞུགས་པ་ཡོངས་སུ་དག་པའོ།། དེ་ལ་ནི་ཚེས་ཟབ་མོ་འདི་ལྟ་བུ་མཱ་འོངས་པའི་དུས་ན ་ལྟ་བུ་ངན་པའི་དྲ་བས་ཐིབས་པོར་གྱུར་པ་ལ་ཇི་ག་འབྲས་བུ་དང་བཅས་པར་འགྱུར་སྙམ་དུ་འཁོར་ཡིད་མི་ཆེས་ཏེ། གང་དག་དེ་སྙམ་དུ་སེམས་པ་དེ་དག་གི་ཡིད་མྱི་ཆེས་པ་བསལ ་བའི་ཕྱིར་འཕར་པ་རབ་འབྱོར་གྱིས་ཐུགས་ཕུན་སུམ་ཚོགས་པ་ལས་དྲན་པ་ཉེ་བར་གཞག་པའི་དབང་དུ་བྱས་ནས། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས ་ཀྱང་མ་འོངས་པའི་དུས་ནི་ཚུལ་ཁྲིམས་དང་ལྡམ་སྟོན་དང་ལྡན་པ་དག་འབྱུང་ཞེས་བྱ་བ་ལ་སོ་ཊཱ་བས་སྔར་མ་གསུངས་མ། ད་ནི་དེ་དག་གཅིག་ཏུ་ཡོད་པ་ཉིད་དང་། མེད་པ་ཉི་དུ་མྱངོན་པར་ཞེན ་པར་མི་བྱ་བར་བསྟན་པའི་ཕྱིར་ཡོད་ཅེས་མ་གསུངས་ཀྱི། མཐའ་གཉིས་དགག་པའི་ཕྱིར། རབ་འབྱོར་དེ་དག་ནི་ཞེས་བྱ་བ་ལ་སོགས་པ་གསུང་སོ།། དོན་དམ་པར་ཕུང་པོ་དང་གང་ཟག་ལ་སོཌ་པར་ངོ་ཡོད་པར་མི ་དམིགས་པའི་ཕྱིར་སེམས་ཅན་ཡང་མ་ཡིན་ཏེ་འདིས་ནི་སྒྲོ་བཏགས་པའི་མཐའ་བཀག་གོ།། མ་བརྟགས་ན་དགའ་བར་ཀུན་ཏུ་གནས་པའི་ཕྱིར་སེམས་ཅན་མེད་པ་ཡང་མ་ཡིན་ཏེ་འདིས་ནི་བཀུར་པ་འདེབས ་པའི་མཐའ་བཀག་གོ།། འདིས་ནི་འབྱུང་ངོ་ཞེས་སྟོན་པས་སེམས་ཅན་རྣམས་ལ་བཅོམ་ལྡན་འདས་ཀྱི་དྲན་པ་ཉེ་བར་གཞག་པ་ཕྱིན་ཅི་མ་ལོག་པ་ཅི་འདྲ་སྟེ་དེ་སྟོན་ཅིང་བཅོམ་ལྡན་འདས་ཀྱི་དྲན་པ་ཉེ་བར་གཞག་པ་ཕུན་སུམ ་ཚོགས་པ་དེ་ལ་བྱང་ཆུབ་སེམས་དཔས་འདུན་པ་དང་སྨོན་ལམ་གྱིས་གནས་པར་བྱ་བ་བསྟན་པ་ཡིནོ།། དེ་དག་ནི་སེམས་ཅན་ཡང་མ་ཡིན་ནོ།། དེ་དག་སེམས་ཅན་མེད་པ་ཡང་མ་ཡིན་ཞེས་བྱ་བ་འདིས་ནི་རྣལ་འབྱོར ་དུ་སྙོམས་པར་འཇུག་པ་བསྟན་ཏོ།། གལ་ཏེ་དེ་དག་སེམས་ཅན་མ་ཡིན་ན་དེའི་ཚེ་བཅོམ་ལྡན་འདས་ཀྱིས་མ་འོངས་པའི་དུས་ན་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་དེ་དག་འབྱུང་ངོ་ཞེས་བྱ་བ་ལ ་སྤོགས་པ་ཇི་ལྟར་གསུངས་སྙམ་དུ་སེམས་པ་ལ་བརྟགས་ནས་དེ་ཅིའི་སླད་དུ་ཞེས་བྱ་བ་ཞུས་སོ།། དེ་དག་སེམས་ཅན་མེད་པར་གསུངས་པའི་ཕྱིར་ཏེ་ཞེས་བྱ་བ་ནི་དོནི་དམ་པར་སེམས་ཅན་མེད་པ ་ཉིད་དོ།། ཀུན་རྫོབ་ཏུ་རྣམ་པར་གནས་པའི་ཕུང་པོའི་ངོ་བོ་ཡོད་པ་ལ་བརྟེན་ནས་དེ་དག་གསུངས་ཏེ། དེ་བས་ན་ཀུན་རྫོབ་ཏུ་ཡོད་པས་སེམས་ཅན་རྣམས་ཞེས་བྱའོ།། དེ་ལྟ་མ་ཡིན་ཏེ་ཀུན་རྫོབ ་ཏུ་ཡང་མེད་ན་ནི་གསུང་བར་མི་འགྱུར་རོ།། འདིས་ནི་སེམས་རབ་ཏུ་གཟུང་བ་བསྟན་ཏོ།། འདི་ཐམས་ཅད་ཀྱིས་ནི་ཟབ་པ་བརྗོད་དོ།། བཅོམ་ལྡན་འདས་ཀྱིས་དྲན་པ་ཉེ་བར་གཞག ་པ་སེམས་ཅན་ཐམས་ཅད་ལ་ཐོགས་པ་མེད་པར་བསྟན་པས་ནི་རྒྱ་ཆེ་བ་བསྟན་ཏོ།། གལ་ཏེ་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་གང་ཡང་མེད་ན་དེའི་ཚེ་མངོན་པར་རྫོགས་པར ་སངས་རྒྱས་པར་ཡང་མི་འགྱུར་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་བསྒྲུབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འབད་པ་དོན ་མེད་པར་འགྱུར་རོ།། ཇི་སྙེད་ཆོས་མངོན་པར་རྫོགས་པར་སངས་རྒྱས་པར་འདོད་ན་དེའི་ཚེབསྟུན་པ་ཡང་ཡོད་དོ་སྒྱུམྦྷ་དུ་གང་དག་དེ་སྒྱུ་མ་སེམས་པ་དེ ་ངག་གི་ཆེད་དུ་མངོན་པཪྵ་རྫོགས་པར་བྱང་ཆུབ་པའི་དབང་དུ་མཛད་ནས། རབ་འབྱོར་འདི་ཇི་སྙམ་དུ་སེམས་ཞེས་བྱེ་བ་ལ་སོགས་པ་གསུངས་སོ།། ་འཕགས་པ་རབ་འབྱོར་གྱིས་དགོངས་པོ་སྔ་མ་བཟུང་ནས་དེ་ནི་མ་མཆིས་ལགས་སོ་ཞེས་གསོལ་ཏོ།། དེ་འདི་སྙམ་དུ་སེམས་ཏེ། དོན་དམ་པ་ལ་དགོངས་ནས་བཅོམ་ལྡན་འདས ་ཀྱིས་བསྟན་པ་བཀག་གོ་སྙམ་མོ།། ཇི་ལྟར་དོན་དམ་པར་ཆོས་བསྟན་པ་གང་ཡང་མེད་པའི་ཕྱིར་མངོན་པར་རྫོགས་པར་སངས་རྒྱས་པ་ཡང་མེད་དེ་དེ་ནི་སྔར་བསྟན་ཏོ།། ཀུན་རྫོབ་ཏུ་ནི་བཅོམ ་ལྡན་འདས་ཀྱི་ཆོས་བསྟན་པ་དང་། རྫོགས་པའི་བྱང་ཆུབ་དང་། དེའི་རྒྱུའི་ལམ་ཡང་ཡོད་པ་ཉིད་དོ།། དེ་བས་ན་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པའི ་ཀུན་རྫོབ་ཀྱི་ངོ་བོ་བསྒྲུབ་པའི་ཕྱིར་འབད་པར་བྱ་སྟེ། འདིས་ནི་བྱང་ཆུབ་སེམས་དཔས་ཇི་ལྟར་གནས་པར་བྱ་བ་དེ་བསྟན་ཏོ།། སྔར་ནཱི་གདམས་ངག་ཡོང་ས་སུ་བཙལ་བའི་དུས་ན་མངོན་པར་རྟོགས ་པ་བྱང་ཆུབ་པ་དོན་དམ་པའོ་སྙམ་དུ་སེམས་པའི་བྱང་ཆུབ་སེམས་དཔའི་རྣམ་པར་རྟོག་པ་དེ་སིལ་ལོ།། ད་ནི་སངས་རྒྱས་ཀྱི་ས་ཡོངས་སུ་བཙལ་བའི་དུས་ན་གཞན་དག་གི་རྣམ་པར་རྟོག ་པཱ་དི་ལྟ་བུ་སེལ་བས་ཚིག་ཟློས་པའི་ཉེས་པར་མི་འགྱུར་རོ།། བཅོམ་ལྡན་འདས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པའི་ཀུན་རྫོབ་ཏུ་རྣམ་པར་བཞག་པ་དེ། ་ཅི་འདྲ་བ་སྙམ་པ་ལ་ཅུང་ཟད་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཡེ་ཤེས་གང་ལ་བཞུགས་པ་ན་བཅོམ་ལྡན་འདས་ཀྱིས་རང་གི་མཚན་ཉིད་འཛིན་པའི་མཚན་ཉིད་ཀྱི་ཆོས་ཀྱི་རང་བཞིན ་ཕྲ་མོ་ཡང་མི་དམིགས་ཤིང་མ་ལུས་པར་ཆོས་ལ་བདག་མེད་པ་རྟོགས་པའི་ངོ་བོ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ།། ཕྱི་རོལ་པ་དང་སློབ་པ་དང་མི་སློབ་པའི་ཤེས ་པ་གང་དག་ལས་མཆོག་ཏུ་གྱུར་པས་བླ་ན་མེད་པའོ།། དངོས་པོ་མཐའ་དག་གི་དེ་ཁོ་ན་ཇི་ལྟར་བ་བཞིན་དུ་ཐུགས་སུ་ཆུད་པའི་ངོ་བོ་ཡིན་པོས་ཡང་དྲག་པར་རྫོགས་པའི་བྱང་ཆུབ ་ཅེས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ལ་ཆོས་རྣམས་མི་དམིགས་པའི་གཏན་ཚིགས་སུ་མེད་ཅེས་བྱ་བ་གསུངས་སོ།། གང་གི་ཕྱིར་མེད་པ་དེའི་ཕྱིར་མི་དམིགས་ཀྱི་ཡོད་བཞིན ་དུ་མི་དམིགས་པོ་ནི་མྱ་ཡིན་ཏེ། ཆོས་ཐམས་ཅད་ཡོད་ན་ནི་དེ་བཞིན་གཤེགསྨྲ་པའི་ཡེ་ཤེས་ཀྱིས་དམིགས་པའི་རིགས་བྱེད་ཉིད་དུ་འགྱུར་བའི་ཕྱིར་རོ།། འདིས་ནི་ཆོས་ལ་བདག་མེད ་པར་རྟོགས་པའི་ངོ་བོ་བསྟན་ཏོ།། ད་ནི་གང་ཟག་ལ་བདག་མེད་པར་རྟོགས་པའི་ངོ་བོ་བསྟན་པའི་ཕྱིར། ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཆོས་དེ་ནི་མཉམ ་པ་སྟེ་ཞེས་བྱ་བ་ནི་དེས་རྟོགས་པའི་ཆོས་ཐམས་ཅད་དུ་གང་ཟག་ལ་བདག་མེད་པར་མཚུངས་པའི་ཕྱིར་རོ།། མི་མཉམ་པ་གང་ཡང་མེད་ཅེས་བྱ་བ་ནི་ཐམས་ཅད་དུ་དེ་ཕྱིན་ཅི་མ་ལོག ་པའི་ཕྱིར་ཏེ། བདག་ཏུ་འཛིན་པའི་རྒྱུ་དངོས་པོར་མངོན་པར་ཞེན་པ་སྤངས་པའི་ཕྱིར་རོ།། བཅོམ་ལྡན་འདསཱ་ནི་བདག་ཏུ་འཛིན་པ་བག་ཆགས་དང་བཅས་པ ་སྤངས་པ་སྟེ། དེའི་ཕྱིར་དེ་ཉིད་ཀྱི་གང་ཟག་ལ་བདག་མེད་པར་རྟོགས་པའི་ངོ་བོ་རྫོགས་པའི་བྱང་ཆུབ་ནི་བླ་ན་མྱེད་པ་ཡང་དྲུག་པར་རྫོགས་པའི་བྱང་ཆུབ་ཅེས་བྱ་སྟེ། གཞན་དག་གིས་ནི་མ ་ཡིན་ནོ།། ཚུལ་གང་གིས་ཆོས་དེ་མཉམ་སྙམ་པ་ལ། སེམས་ཅན་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། འདི་ཐམས་ཅད་ཀྱིས་ནི་ཇི་ལྟར་རྣལ་འབྱོར་དུ་སྙོམས་པར་འཇུག་པསུ་བསྒྲུབ ་པར་བྱ་བ་དེ་བསྟན་ཏོ།། དེ་ཇི་ལྟར་མངོན་པར་རྫོགས་པར་འཚང་རྒྱ་སྙམ་པ་ལ། དགེ་བའི་ཆོས་ཐམས་ཅད་ཀྱི་སྐུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དྲི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས ་ཀྱི་བདག་ཉིད་དགེ་བའི་ཆོས་རྣམས་ཀྱིས་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བྱ་བའི་ཐ་ཚོག་གློ། གལ་ཏེ་མེད་པའི་ཕྱིར་ཆོས་ཅུང་ཟད་ཀྱང་མི་དམིགས་ན་དགེ་བའི་ཆོས་རྣམས་ཡོད་པར་ཇི་ལྟར ་འགྱུར་ཏེ། གང་གི་ཕྱིར་དེ་དག་གི་མངོན་པར་རྫོགས་པར་འཚང་རྒྱ་སྙམ་པ་ལ། དགེ་བའི་ཆོས་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་དམ་པར་ནི་ཆོས་རྣམས་མེད་པ་ཉིད་དོ།། ་ཀུན་རྫོབ་ཏུ་ནི་ཡོད་པས་དགེ་བའི་ཆོས་རྣམས་ཞེས་གསུངས་ཏེ། དེའི་ཕྱིར་དགེ་བའི་ཆོས་རྣམས་ཀྱིས་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བྱ་བ་ལ་ཉེས་པ་མེད་དོ།། འདིས ་ནི་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་འཛིན་པ་རྣམ་པར་གཡེང་བ་སེལ་བས་སེམས་རབ་ཏུ་གཟུང་བ་བསྟན་ཏོ།། གནས་འདི་ཐམས་ཅད་ཀྱིས་ནི་ཟབ་པ་བསྟན་ཏོ།། མ་ལུས ་པས་གང་ཟག་དང་ཆོས་ལས་བདག་མེད་པར་རྟོགས་པའི་ངོ་བོ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རང་གི་ངོ་བོ་ཡོངསུ་བརྗོད་པས་ནི་རྒྱ་ཆེ་བ་ཡང་བསྟན་ཏོ།། བཅོམ་ལྡན་འདས་ཀྱི་ཡང་དག་པར ་རྫོགས་པའི་བྱང་ཆུབ་དེ་ཇི་ལྟར་རིག་པར་བྱ་སྙམ་པ་ལ་བརྟགས་ནས་ཆོས་དོན་ཆེན་པོར་གདགོས་པས་དེ་ཡོད་པར་བསྟན་པའི་ཕྱིར། ཡང་རབ་འབྱོར་ཅེས་བྱ་བ་ལ་སོགས་པ་གསུངས་སོ།། ་རིའི་རྒྱལ་པོ་རི་རབ་ཅེས་བྱ་བ་ནི་མཚོན་པ་སྟེ། འཇིག་རྟེན་གྱི་ཁམས་མཐའ་ཡས་པ་དག་རིན་པོ་ཆེས་ཡོངསུ་བཀང་སྟེ་བྱིན་པའི་བསོད་ནམས་གང་ཡིན་པ་དེ་ཡང་དཔེར་མི་བཟོད་པ་ཉིད་དོ།། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཞེས་བྱ་བ་མཚན་མ་ཙམ་ཡོངསུ་བརྗོད་པས་ཐེག་པ་ཆེན་པོའི་ཆོས་མཐའ་དག་མཚོན་ཏོ།། བར་དུ་ཞེས་བྱ་བའི་སྒྲས་ནི་སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། དཔེ་དང་རྒྱུར ་ཡང་ཞེས་བྱ་བ་དེ་དག་སྡུད་དོ།། དེ་ལྟར་ཆོས་དོན་ཆེན་པོར་གདགས་པའི་རྒྱུས་བཅོམ་ལྡན་འདས་ཀྱི་ཐུགས་ཕུན་སུམ་ཚོགས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རང་བཞིན་གྱི་བླ་ན་མེད་པར་ཤེས་ཏེ། ཡང་དག ་པར་བྱང་ཆུབ་པ་རྣམ་པ་དེ་ལྟ་བུ་མེད་པར་ཆོས་འདི་ལྟ་བུ་བཤད་པར་མི་ནུས་པའི་ཕྱིར་རོ།། དེའི་ཕྱིར་ཐུགས་ཕུན་སུམ་ཚོགས་པ་དེ་ལྟ་བུ་ལ་འདུན་པ་དང་། སྨོན་ལམ་གྱིས་བསྒྲུབ་པའི་ཕྱིར་གནས་པར་བྱ་སྟེ། འདི་མཐའ་དག་གིས་ནི་བྱང་ཆུབ ་སེམས་དཔའ་ཇི་ལྟར་གནས་པར་བྱ་བ་བསྟན་ཏེ། འདི་ཉིད་ཀྱིས་རྒྱ་ཆེ་བ་ཡང་བརྗོད་དོ།། རྫོགས་པོའི་བྱང་ཆུབ་དེ་ཡང་ཡང་དག་པའི་ཀུན་རྫོབ་ཀྱི་ངོ་བོར་བལྟ་བར་བྱའི་དོན་དམ་པར་ནི་མ་ཡོན་ཏེ། སྔར་བཤོད་པའི་ཕྱིར་རོ།། དངོས་མ་གསུངས་ཀྱང་བུ ་གྱིས་ན་རྣལ་འབྱོར་དུ་སྙོམས་པར་འཇུག་པ་དང་། སེམས་རབ་ཏུ་གཟུང་བ་དང་། ཟབ་པ་ཡང་བསྟོན་ཏོ།། བཅོམ་ལྡན་འདས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ལ་བཞུགས་པའི་ཚེ་ནི་ཤིན་ཏུ་མཉམ་པར་བཞག་པས་སེམས་ཅན་ལ་སོགས ་པའི་འདུ་ཤེས་ཀུན་ཏུ་མི་འབྱུང་བ་དེ་ངོ་མཚར་མི་ཚེའོ།། སེམས་ཅན་རྣམས་ལ་ལེགས་པར་ཐར་པའི་ལུང་དཔོག་པའི་ཚེ་མཉམ་པར་མ་བཞག་པའི་དུས་དག་པ་འཇིག་རྟེན་པའི་ཡེ་ཤེས་ལ་བཞུགས་པ་ན་ཡང་སེམས་ཅན་ལ་སོགས་པའི་འདུ་ཤེས ་ཀུན་ཏུ་མི་འབྱུང་ངོ་ཞེས་དེ་སྟོན་ཅིང་གདམས་ངག་དོན་ཆེན་པོར་གདགས་པའི་རྒྱུས་བཅོམ་ལྡན་འདས་ཀྱི་ཐུགས་ཕུན་སུམ་ཚོགས་པ་བླ་ན་མེད་པ་ཤེས་པར་འགྱུར་བར་བསྟན་པའི་ཕྱིར་གདམས་ངག་དོན་ཆེན་པོ་གདམས་པའི་དབང་དུ་མཛད་ནས་བྱོར ་འདི་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་གསུང་སོ།། དྲིས་ནས་ལན་ལ་མ་ཞེས་ཏེ། རིངས་པར་བྱ་བ་དང་ལྡན་པ་ལྟར་ཉིད་ཀྱིས། རབ་འབྱོར་དེ་ལྟར་མི་བལྟའོ་ཞེས་བྱ་བ་ལ་སོགས་པ་གསུང་སོ།། དེའི་ཕྱིར་བཅོམ་ལྡན་འདས་ཀྱི་ཐུགས་ཕུན་སུམ་ཚོགས ་པའི་གདམས་ངག་དོན་ཆེན་པོའི་རྒྱུ་དེ་ལྟ་བུ་ལ་བྱང་ཆུབ་སེམས་དཔའ་ས་འདུན་པ་དང་སྨོན་ལམ་གྱིས་གནས་པར་བྱ་བ་བསྟན་པ་ཡིན་ནོ།། ཙོ་སེམས་ཅན་ནི་ཡོད་པ་ཉིད་ཡིན་ན་ཀུན་ནས་ཉོན་མོངས་པའི་རྒྱུར་འགྱུར་བས་དེ་བཞིན་གཤེགས་པ་དེ་སྙམ ་དུ་མི་དགོངས་སམ། འོན་ཏེ་སེམས་ཅན་མེད་པོའི་ཕྱིར་རམ། སྙམ་དུ་སེམས་པའི་བསམ་པ་ལ་བརྟགས་ནས་དེའི་སླད་ཅིའི་སླད་དུ་ཞེས་ཞུས་པ་དང་། ཕུང་པོ་དང་གང་ཟག་གིས་བདག་ཉིད་ཀྱི་སེམས་ཅན་དོན་དམ་པར་གང་ཡང་མེད་པས་དེ་ལྟར་མི ་དམིགསོ་ཞེས་བསྟན་པའི་ཕྱིར། དེ་བཞིན་གཤེགས་པས་བཀྲོལ་བའི་སེམས་ཅན་དེ་གང་ཡང་མེད་པའི་ཕྱིར་རོ་ཞེས་བྱ་བ་གསུངས་སོ།། འདིས་ནི་བྱང་ཆུབ་སེམས་དཔའ་འདི་ལ་ཇི་ལྟར་རྣལ་འབྱོར་དུ་སྙོམས་པར་འཇུག་པས་བསྒྲུབ་པར་བྱ་བ་དེ ་བསྟན་ཏོ།། མེད་པར་ཇི་ལྟར་ཤོས་སྙམ་པ་ལ། རབ་འབྱོར་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། འོད་ལ་དགོངས་པ་ནི་འོད་ཡིན་ཏེ། ཤེས་བྱ་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པའི་ཡེ་ཤེས་འཇུག་གོ།། དེ་ལྟ་མ་ཡིན་ན་སྒྲིབ་པ་མ ་སྤངས་པས་དེ་བཞིན་གཤེགས་པར་ཇི་ལྟར་འགྱུར།། དེའི་ཕྱིར་གལ་ཏེ་སེམས་ཅན་ཡོད་ན་དེའི་ཚེ་དེ་བཞིན་གཤེགས་པས་དེ་དག་ཤིན་ཏུ་གཟིགསོ་བར་འགྱུར་ཏེ། བདག་མངོན་སུམ་དུ་དམིགས་པས་ཐེ་ཚོམ་མི་མངའ་བའི་ཕྱིར་རོ།། དེ་ཉིད་དེའི་བར ་ཏུ་འཛིན་པ་དམ་པོར་འགྱུར་རོ།། དེའི་ཕྱིར་དེའི་བདག་ཏུ་འཛིན་པའི་རྒྱུ་ལས་བྱུང་བ་ཉོན་མོངས་པའི་དྲ་བ་མ་ལུས་པའི་འཆིང་བ་ཡང་དམ་པོ་རབ་ཏུ་འགྱུར་བས་དེའི་ཚེ་འདོད་ཆགས་ལ་སོགས་པའི་འཆིང་བ་ཤིན་ཏུ་དྲམ་པོའི ་སྒྲིབ་པ་མ་སྤངས་པསྡུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གོ་འཕང་མི་བརྙེས་པ་ཞིག་ནི་བཅོམ་ལྡན་འདས་ཀྱིས་གློ་འཕང་དེ་བརྙེས་པས་དེའི་ཕྱིར་དེ་ནི་སྒྲིབ་པ་མཐའ་དག་སྤངས་པའོ།། སྒྲིབ་པ་སྤངས་པས་བདག་ཏུ་འཛིན་པའི་རི ་མཐའ་དག་བཤིག་གོ།། དེའི་ཕྱིར་སེམས་ཅན་མེད་པར་མི་ཤེས་སོ།། བདག་མྱེད་དུ་ཟིན་ཀྱང་བདག་ཏུ་འཛིན་པ་སྟེ། བདག་ཏུ་ལྟ་བའི་མཚན་ཉིད་ཡོད་པ་མ་ཡིན་ནམ། བཅོམ་ལྡན་འདས་ཇི་ལྟར་བདག་ལ་སོགས་པར་འདུ་ཤེས་པར་མི་བྱ་སྙམ་པ་ལ། ་རབ་འབྱོར་བདག་ཏུ་འཛིན་པ་ཞེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་གསུང་སོ།། གལ་ཏེ་དེས་བདག་ལ་སོགས་པའི་དངོས་པོ་འགའ་ཞིག་བཟུང་ན་ནི་དེའི་ཚེ་བཅོམ་ལྡན་འདས་སྒྲིབ་པ་སྤངས་པ་དེའི་བདག་ཏུ་འཛིན་པ་ཤིན་ཏུ་འབྱུང་པོར་འགྱུར་བ ་ཞིག་ནོ་བདག་བཟུང་བར་བྱ་བ་གང་ཡང་མེད་པས་འཛིན་པ་མེད་པ་ཉིད་དུ་དེ་བཞིན་གཤེགས་པས་གསུངསོ།། འོ་ན་ཇི་ལྟ་བུ་ལ་བདག་ཏུ་འཛིན་པ་ཞེས་བྱ་སྙམ་པ་ལ། དེ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཟློས་པ་ལ་སོགས ་པ་དང་མི་ལྡན་པའི་སྤང་པོར་བྱ་བ་དང་བླང་བར་བྱ་བ་མངོན་པར་མི་ཤེས་པའི་ཕྱིར་བྱིས་པ་རྣམས་སོ།། རྟོགས་པ་དང་མི་ལྡམ་པའི་ཕྱིར་འཕགས་པ་རྣམས་ལས་ཐ་དད་དུ་གྱུར་པས་སོ་སོའི་སྐྱེ་བོ་རྣམས་སོ།། སོ་སོའི་སྐྱེ་བོ་རྣམས ་ཀྱང་ཁ་ཅིག་ཡང་དག་པའི་བསྟན་བཅོས་མཉན་ནས་ཚུལ་བཞིན་ཡིད་ལ་བྱེད་པ་ལ་གནས་པ་ཆོས་ལ་བདག་མེད་པ་ལ་མོས་པ་ན་བདེན་པར་མངོན་པར་ཞེན་ནས་བདག་ཏུ་མི་འཛིན་པ་དེ་དག་རྣམ་པར་གཅད་པའི་ཕྱིར་བྱིས་པ ་སྨོས་སོ།། བྱིས་པ་འབའ་ཞིག་སྨོས་ན་ནི་སོ་སོ་སྐྱེ་བོ་དེ་ལྟ་བུ་ཕུང་པོ་ལ་སོགས་པ་ལ་མཁས་པ་དག་ཀྱང་འཕགས་པའི་ལམ་མ་སྐྱེས་པའི་ཕྱིར་བྱིས་པ་དག་ཡིན་པས་བྱིས་པའི་བྱེ་བྲག་བསྟན་པའི་ཕྱིར། དེས་ནི་བོདག་ཏུ་འཛིན། ་པི་ལོག་པོ་ཡིན་དུ་ཟིན་ཀྱང་བྱིས་པར་གྱུར་པས་དེ་དག་ལ་བྱ་དག་ཏུ་འཛིན་པ་ལྟ་བུར་སྣང་སྟེ། དེས་ནི་དེའི་བསམ་པའི་དབང་གིས་བདག་ཏུ་ཛྙཱན་པ་ཞེས་དེ་སྐད་སྟོན་ཏོ།། དེ་ཙམ་གྱོས་བདེན་པར་མི་འགྱུར་གྱི་ཐལ་བར་འགྱུར་ཏེ། ་བདག་མེད་པ་ལ་སོགས་པའི་སྒྲའི་སྦྱོར་བས་ཀྱང་བདག་ལ་སོགས་བྱ་བདེན་པརི་ཅིའི་ཕྱིར་མི་འཛིན། གལ་ཏེ་བདག་མེད་ན་སུ་ལ་སོ་སོའི་སྐྱེ་བོ་རྣམས་ཞེས་བྱ་སྙམ་པ་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཞེས་བྱ་བ་ནི་ཞེས་བྱ་བ ་ལ་སོགས་པ་གསུངསོ།། དོན་དམ་པར་ནི་སྐྱེ་བོ་མེད་པ་ཉིད་དེ་ཀུན་རྫོབ་ལ་བརྟེན་ནས་གསུངས་པས་ཉེས་པ་མེད་དོ།། འདི་མཐའ་ངག་གིས་ནི་སྒྲོ་འདོགས་པ་དང་སྒུར་པོ་འདེབས་པའི་མཐོའ་སེལ་བས་སེམས་རབ་ཏུ་བཟུང་བ ་བསྟན་ཏོ།། འདི་ཐམས་ཅད་ཀྱིས་ནི་དངོསུ་ཟབ་པ་ཉིད་བརྗོད།། སེམས་ཅན་གྱི་ཁམས་མ་ལུས་པ་ལ་གདམས་ངག་དོན་ཆེན་པོ་གདགས་པའི་རྒྱུར་བསྟན་པས་ནི་ཐུགས་ཕུན་སུམ་ཚོགས་པའི་རྒྱ་ཆེ་བ་ཡང་བསྟན་ཏོ།། གལ་ཏེ་བྱིས་པ་སོ་སོའི ་རྩེ་བོ་རྣམས་མེད་ན་དེ་བཞིན་གཤེགས་པ་མཚན་དང་དཔེ་བྱེད་བཟང་པོས་བརྒྱན་པའི་སྐུ་ཕུན་སུམ་ཚོགས་པར་གྱུར་པ་རྣམས་གལ་ཡོད་དེ། སོ་སོའི་སྐྱེ་བོ་བདག་ཉིད་སྙིང་རྗེ་བའི་རྩ་བ་ལས་བྱུང་བ་བྱང་ཆུབ་ཀྱི་སེམས ་བསྐྱེད་ནས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྦྱོར་ན་དེ་བཞིན་གཤེགས་པའི་སྐྱེ་མཚན་ལ་སོགས་པས་བརྟན་པ་ཕུན་སུམ་ཚོགས་པ་རྣམས་སུ་འགྱུར་ན་དེ་དག་མེད་ན་རྩ་བ་མེད་པས་དེ་བཞིན་གཤེགས་པ་སྐུ་ཕུན་སུམ་ཚོགས་པ ་དེ་ལྟ་བུ་དག་ཏུ་ཇི་ལྟར་འགྱུར་སྙམ་དུ་འཁོར་འདུག་པ་གང་དག་རྟོགས་པ་མི་ཉུང་བར་བསགས་པ་གཟུགས་ལ་སོགས་པ་ལ་དངོས་པོར་མངོན་པར་ཞེན་པས་དེ་སྙམ་དུ་སེམས་པ་དེ་དག་གི་ཆེད་དུ་ཆོས་ཀྱི་སྐུ་ཡོངསུ་བཟུང ་བའི་དབང་དུ་མཛད་ནས། རབ་འབྱོར་འདི་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། སྔར་ནི་ཆོས་ཀྱི་སྐུར་རྣམ་པར་བཞག་པ་མ་མཛད་ཀྱི། ང་ནི་ཆོས་ཀྱི་སྐུར་རྣམ་པར་བཞག་པའི་ཕྱིར་འདི་གསུངས་པས་ཚིག ་ཟློས་པའི་ཉེས་པར་མི་འགྱུ་རོ།། མཚུན་ཕུན་སུམ་ཚོགས་པ་ནི་དོན་དམ་པར་བརྟགས་ན་ཡན་ལག་ཅེན་ནམ་རྡུལ་ཕྲ་རབ་བསགས་པའི་ངོ་བོར་འཐད་པ་མེད་པར་རིག་ནས་དགོངས་པ་སྔ་མ་ཉིད་བཟུང་སྟེ། འཕྱོགས་པ་བྱོར ་གྱིས། དེ་ནི་མ་ལགས་ཞེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་འདི་ཉིད་དུ་འཐད་པ་གཞན། རབ་འབྱོར་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། གལ་ཏེ་དེ་བཞིན་གཤེགས་པ་མཚན་ཕུན་སུམ་ཚོགས་པ་ཙ་མོ་གྱི ་རབ་ཏུ་ཕྱེ་བ་ཡིན་ན་ནི་བརྗོད་པའི་རྒྱུ་མཚུངས་པའི་ཕྱིར་དེའི་ཚེ་འཁོར་ལོས་སྒྱུ་བའི་རྒྱལ་པོ་ཡང་དེ་བཞིན་གཤེགས་པར་ཅིའི་ཕྱིར་མི་འགྱུར། ཇི་སྟེ་ཡུལ་ན་གནས་པ་དང་། གསལ་བ་དང་། རྫོགས་པས་བཅོམ་ལྡན་འདས་ཀྱི ་མཚན་ཕུན་སུམ་ཚོགས་པ་བྱེ་བྲག་ཅན་ཡིན་གྱི། འཁོར་ལོས་སྒྱུར་བ་ནི་མ་ཡིན་ཏེ། དེས་ན་དེ་ལ་དེ་བཞིན་གཤེགས་པ་ཞེས་མི་བྱའོ་ཞེ་ན་དེ་ཡང་མི་རིགས་ཏེ། ཡུལ་ན་གནས་པ་ལ་སོགས་པའི་བྱེ་བྲག་ཀྱང་བེམས་པོའི་ངོ་བོར་བྱེ་བྲག་གང ་ཡང་མེད་དོ།། དེས་ན་གལ་ཏེ་དེ་བཞིན་གཤེགས་པ་བེམས་པོའི་རང་བཞིན་གྱི་མཚན་ལ་སོགས་པའི་ཆོས་ཀྱིས་རབ་ཏུ་ཕྱེ་བར་འགྱུར་ན་ནི་དེའི་ཚེ་འཁོར་ལོས་སྒྱུར་བ་ཡང་དེ་བཞིན་གཤེགས་པར་འགྱུར་བ་ཞིག་ན་མ་ཡིན་ཏེ། དེ་བ ་ན་དེ་བཞིན་གཤེགས་པ་ནི་དངོས་པོ་མ་ལུས་པའི་རང་བཞིན་ཇི་ལྟ་བ་བཞིན་དུ་ཐུགསུ་ཆུད་པ་ཙམ་གྱིས་རབ་ཏུ་ཕྱེ་བར་དགོངས་པའོ།། འདིས་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་རྒྱུ་ཅན་སྐུ་རྣམ་པ་དེ་ལྟ་བུ་ལ་བྱང་ཆུབ་སེམས་ད ་འདུན་པ་དང་སྨོན་ལམ་གྱིས་གནས་པར་བྱ་བ་བསྟན་པ་ཡིན་ནོ།། ད་ནི་དོན་དམ་པར་དེ་བཞིན་གཤེགས་པའི་ཡེ་ཤེས་དྲིས་པ་ཡང་ཞེན་པར་མི་བྱའོ་ཞེས་བསྟན་པའི་ཕྱིར་ཆོས་ཀྱི་སྐུ་རྣམ་པར་འཇོག་ཅིང་། བྱང་ཆུབ་སེམས ་དཔེས་ཇི་ལྟར་རྣལ་འབྱོར་དུ་སྙོམས་པར་འཇུག་པས་བསྒྲུབ་པར་བྱ་བ་དེ་ཚིགསུ་བཅད་པ་གཉིས་ཀྱིས་སྟོན་ཏོ།། དེ་ལ་ཚིགས་སུ་བཅད་པ་གོང་མས་ནི་ཇི་ལྟར་དེ་བཞིན་གཤེགས་པར་བལྟ་བར་མི་བྱ་བ་དང་། སུ་དག་གིས་མི ་མཐོང་བ་དེ་བསྟན་ཏོ།། ཇི་ལྟར་བལྟ་བར་མི་བྱ་ཞེ་ན། མཐོང་བ་ལ་སོགས་པས་ཐ་སྙད་འདོགས་པ་དག་ཏུའོ།། སུ་དག་གིས་མི་མཐོང་ཞེ་ན། ལོག་པས་སྤོང་བར་ཞུགས་པ་རྣམས་ཀྱིའོ།། གཟུགསུ་མཐོང ་ཞེས་བྱ་བ་འདིས་ནི་གང་ཟག་གཟུགས་ལ་མངོན་པར་ཞེན་པ། དོན་དོམ་པར་མཚན་ལ་སོགས་པས་བརྒྱན་པ་ཆོས་དང་གང་ཟག་གི་གཟུགས་ཅན་དུ་མཐོང་བར་ཐ་སྙད་འདོགས་པ་བསྟན་ཏོ།། སྒྲར་ཤེས་པ་ཞེས་བྱ་བ་ནི་བདག་གིས ་སྒྲ་ལས་དེ་བཞིན་གཤེགས་པ་དེ་ནི་འདི་ལྟ་བུ་འདི་འདྲ་བ་ཞིག་གོ་ཞེས་དེ་ལྟར་ཤེ་སོ་ཞེས་བྱ་བའི་ཐ་ཚིག་གོ།། འདིས་ནི་ཐོས་པར་ཐ་སྙད་འདོགས་པ་བསྟན་ཏོ།། ཐ་སྙད་འདོགས་པ་འདི་གཉིས་ནི་མཚོན་པ་སྟེ། དེ་ནི་བྱེ་བྲག་ཕྱེད་པ་དང་། ་རྣམ་པར་ཤེས་པ་ཡང་བསྡུའོ།། སྐྱེ་བོ་ལྡོག་པས་སྦྱོང་བར་ཞུགས་པ་དེ་དག་ནི་ལམ་ལོག་པར་ཞུགས་པས་དཱ་ཡང་དག་པར་མི་མཐོང་ངོ་།། འདིས་སྤོང་བས་ན་སྤོང་བར་བྱེད་པ་སྐྱེ་ལམ་ལ་བྱའོ།། དེ་ནི་ཕྱིན་ཙཽ་ལྀག་ཏུ་གྱུར ་པས་ལོག་པ་སྟེ། དེ་ཡང་མི་མཐོང་བའི་རྒྱུ་ཡིན་ནོ།། འོ་ན་སངས་རྒྱས་ཇི་ལྟར་བྱལྟ་བར་བྱ་སྙམ་པ་ལ་ཆོས་ཉིད་ལྔ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཆོས་རྣམས་ཀྱི་རང་བཞིན་གཤའ་མོ་གང་ཡིན་པ་དེ་ནི་ཆོས་ཉིད་ཅེ ་བྱ་སྟེ། དེ་ཡང་རིགས་པ་དང་ལུང་གིས་གྲུབ་པའི་ཕྱིར་བཟོད་མ་ནས་ཞི་བ་ལ་སོགས་པའི་ངོ་བོ་ཡིན་ནོ།། དེ་ཉིད་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཡང་དག་པའི་མཐའ་དང་། མཚན་མ་མེད་པ་དང་། དོན་དམ་པ་ཞེས ་བྱ་བ་ལ་སོགས་པའི་རྣམ་གྲངསུ་བརྗོད་པའོ།། དུས་ཐམས་ཅད་ན་དེ་བཞིན་དུ་ཡོད་པས་དེ་བཞིན་ཉིད་དོ།། དེ་ལ་དམིགས་ནས་སངས་རྒྱས་ཀྱི་ཆོས་ཐམས་ཅད་འབྱུང་སྟེ། དེ་དག་གི་རྒྱུར་གྱུར་པས་ཆོས་ཀྱི་དབྱིངས་སོ།། ཕྱིན་ཅི་མ ་ལྡོག་པས་ཡང་དག་པ་སྟེ། དེའི་མཐར་གྱུར་པས་ཡང་དག་པའི་མཐའོ།། དེ་ལ་སྔོན་པོ་ལ་སོགས་པའི་དངོས་པོའི་མཚན་མ་ཐམས་ཅད་མེད་པས་མཚན་མ་མོད་པའོ།། ཡེ་ཤེས་ངས་པའི་སྤྱད་ཡུལ་ཡིན་པས་དོན་དམ་པའོ།། ཅིའི ་ཕྱིར་དེ་ཆོས་ཉིད་དུ་བལྟ་བར་བྱ་སྙམ་པ་ལ་ཆོས་ཀྱི་སྐུ་ཞེས་བྱ་བ་གསུངསྔོ་ཀྱི།། སྐུའི་སྒྲ་ནི་རང་བཞིན་ལ་བྱའོ།། དེས་ན་དོན་འདིར་འགྱུར་ཏེ། གང་དག་ཡང་དག་པའི་ཡེ་ཤེས་ཀྱི་རྒྱུ་ཅན་གྱི་དེ་བཞིན་གཤེགས་པར་རྣམ་པར་བཞག ་པོ་དེ་དག་དོན་དམ་པར་ཆོས་ཀྱི་རང་བཞིན་ཏེ། གང་དག་གང་གི་རང་བཞིན་ཡིན་པ་དེ་དག་དེའི་ངོ་བོར་བལྟ་བར་བྱ་སྟེ། གཞན་ལ་གཞན་གྱི་ངོ་བོར་ལྟ་བ་མ་ཡིན་ནོ།། གལ་ཏེ་དེ་ལྟ་ན་ཆོས་ཉིད་ནི་སྣང་བའི་རང་བཞིན་དུ་འགྱུརརོ།། ་དེ་ལྟ་མ་ཡིན་ན་དེས་མཚོན་པ་དེ་དག་ཇི་ལྟར་མཐོང་བར་ནུས་སྙམ་པ་ལ་བརྟགས་ནས། ཆོས་ཉིད་ཅེས་བྱ་བ་ལ་སོགས་པ་གསུངསོ།། ཅི་མི་ནུས་པའི་ཕྱིར་མི་རིག་གམ། འོན་ཏེ་ཡོངསུ་ཤེས་ན་ཉེས་པ་དང་བཅས་པར་འགྱུར ་བའི་ཕྱིར་རམ་སྙམ་པ་ལ་མི་ནུས་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཆོས་ཅན་གྱི་རང་བཞིན་གྲུབ་ན་ནི་དེའི་ཆོས་ཉིད་རྣམ་པར་ཤེས་པར་ནུས་པ་ཞིག་ན་གང་གི་ཚེ་དོན་དམ་པར་ཆོས་ཅན་རང་གི་ངོ་བོར་གྲུབ་པ་གང་ཡང ་མེད་པ་དེའི་ཚེ་ཆོས་ཉིད་དེ་རང་རྒྱུད་འབའ་ཞིག་རྣམ་པར་ཤེས་པར་ཇི་ལྟར་ནུས་ཏེ། དེ་འབྲའ་ཞིག་ཡོད་པ་མ་ཡིན་ནོ་ཞེས་དགོངས་པའོ།། གལ་ཏེ་དེ་ལྟ་ན་ཡང་དག་པའི་ཡེ་ཤེས་ཀྱི་ངོ་བོའི་ཆོས་ཅན་སངས ་རྒྱས་རྣམས་ཀྱང་དོན་དམ་པར་མ་གྲུབ་པས་མཐོང་བ་མེངྒ་ན་ཇི་ལྟར་ཆོས་ཉིད་དུ་བལྟ་བར་བྱ་ཞེ་ནི། དེ་ཉེས་པ་མེད་དེ། གང་དག་དོན་དམ་པར་ཆོས་ཅན་ཐམས་ཅད་མི་མཐོང་བ་དེ་ཉིད་མོས་ཉིད་མཐོང་བའོ།། ཆོས་ཉིད་ནི་སྐྱེ་བ ་མེད་པའི་ངོ་བོ་ཡིན་པས་དེ་ནི་དེ་དང་མི་མཐུན་པ་སྐྱེ་བ་འཛིན་པས་ཇི་ལྟར་གཟུང་། བུམ་པ་འཛིན་པས་ནི་དེའི་སྐྱེ་བ་མེད་པ་ཟིན་པར་མི་འགྱུར་རོ།། འདིས་ནི་དེ་བཞིན་གཤེགས་པ་གཟུགས་ཀྱི་སྐུར་བལྟ་བར་མི་བྱའི་ཆོས་ཀྱི ་སྐུར་བལྟ་བར་བྱའོ་ཞེས་དེ་སྐད་སྟོན་ཏོ།། དེ་བཞིན་གཤེགས་པ་མཚན་ཕུན་སུམ་ཚོགས་པའི་རང་བཞིན་མ་ཡིན་དུ་ཟིན་ཀྱང་། དེ་བཞིན་གཤེགས་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཚན་ཉིད་ནི་མཚ།། ་ཕུན་སུམ་ཚོགས་པའི་རྒྱུ་ལས་བྱུང་བར་རིགས་པ་ཡིན་ཏེ། འདི་ལྟར་བྱང་ཆུབ་སེམས་དཔར་གྱུར་པ་ནི་མཚན་མཁན་རྣམས་ཀྱིས་མཚན་ཕུན་སུམ་ཚོགས་པར་མཐོང་ནས་བཅོམ་ལྡན་འདས་བླ་ན་མེད་པ ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ་སྙམ་དུ་གང་གི་དོགས་པ་དེ་སྤང་བའི་ཕྱིར།། རབ་འབྱོར་འདི་ཇི་སྙམ་དུ་སེམས། ཞེས་བྱ་བ་ལ་སོགས་པ་གསུངས་སོ།། གལ་ཏེ་མཚན་ཕུན་སུམ་ཚོགས་པ་བླ་ན། ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་གྱུར་ན་ནི་དེར་ཚེ་འཁོར་ལོ་སྒྱུར་བ་ཡང་འགྱུར་རོ་ཞེས་དགོངས་པའོ།། མཚན་མཁན་རྣམས་ཀྱིས་རྣམ་པ་དེ་ལྟ་བུའི་མཚན་མ་ཞིག་མཐོང་ནས་ལུང་བསྟན་གྱི་རྒྱུ་ནི་མ་ཡིན ་ཏྲེ་ཉེས་པ་མེད་དོ།། འདིས་ནི་སེམས་རབ་ཏུ་གཟུང་བུ་བསྟན་ཏོ།། གནས་འདི་མཐའ་དག་གིས་ནཱི་ཟབ་པ་ཉིད་བསྟན་ཏོ།། ཀུན་རྫོབ་ཏུ་དེ་བཞིན་གཤེགས་པའི་ཡེ་ཤེས་དངོས་པོ་མ་ལུས་པའི་རང་བཞིན་ཐུགསུ་ཆུད་པའི་མཚ། ་ཉིད་བསྟན་པས་ནི་རྒྱ་ཆེ་བ་ཡང་བསྟན་ཏོ།། གལ་ཏེ་དོན་དམ་པར་ཆོས་ཐམས་ཅད་མེད་པའི་ཕྱིར་ཆོས་ཉིད་རྣམ་པར་ཤེས་པར་མི་ནུས་ན་དེ་ལྟ་ན་ནི་ཁྱེད་ཆད་པར་སྨྲ་བར་འགྱུར་རོ།། དེའི་ཕྱིར་དེ་བཞིན་གཤེགས་པ་ཡང་མེད ་པས་མི་གནས་པའི་མྱ་ངན་ལས་འདས་པ་ཡང་མི་འགྲུབ་བོ་སྙམ་དུ་གང་དོགས་པ་དེའི་ཆེད་དུ་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པའི་དབང་དུ་མཛད་ནས། རབ་འབྱོར་ཁྱོད་འདི་སྙམ་དུ་བྱང་ཆུབ་སེམས་དཔའ ་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། བྱུང་བ་རྣམ་པར་བཤིག་པར་བརྟགས་པ་ཡང་མེད་དེ། ཆོས་ཉིད་ཇི་ལྟར་གནས་པ་བཞིན་དུ་རྟོགས་པའི་ཕྱིར་རོ།། དེ་བས་ན ་འདི་ལ་བསལ་བ་ཅི་ཡང་མེད།། གཞག་པར་བྱ་བའང་ཅི་ཡང་མེད།། ཡང་དག་ཉིད་ལ་ཡང་དག་པལྟ།། ཡང་དག་མཐོང་བ་རྣམ་པར་གྲོལ།། ཞེས་བཤད་དོ།། མ་འོངས་པའི་ཆོས་འབྱུང་བའི་བགེགས་བྱེད་པས་ཆད་པར་བཏགས ་པ་ཡང་མེད་དེ། ཆོས་ཉིད་ཇི་ལྟར་གནས་པ་བཞིན་དུ་བསྟན་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་མ་བརྟགས་ན་དགའ་བར་རྐྱེན་ཇི་བ་ལྟ་བ་བཞིན་དུ་སྐྱེ་བར་ཁས་བླངས་པས་སངས་རྒྱས་བཅོམ་ལྡན་འདས ་ཡང་དག་པའི་ཀུན་རྫོབ་ཀྱི་ངོ་བོ་ཐུགས་རྗེ་ཆེན་པོའི་དབང་གིས་སྤྲུལ་པ་ལ་སྩོགས་པ་ལ་མངའ་བརྙས་པ་ཡང་འདུལ་བ་ཇི་ལྟ་བ་བཞིན་དུ་ཐབས་སྟོན་པས་འཁོར་བར་འཇུག་པ་རྒྱུན་མི་གཙང་པར་ཁས་བླངས་པའི་ཕྱིར་འདིས ་ནི་བཅོམ་ལྡན་འདས་མྱ་ངན་ལས་འདུས་པ་ལ་མི་གནས་པ་བསྟན་ཏེ། བཅོམ་ལྡན་འདས་ཀྱི་སྐུ་དེ་ལྟ་བུ་ལ་འདུན་པ་དང་སྨོན་ལམ་གྱིས་གནས་པར་བྱ་བ་དེ་ཡང་བསྟན་ཏོ།། གལ་ཏེ་དེ་ལྟར་བཅོམ་ལྡན་འདས་འཁོར་བར་འཇུག ་པཱུར་ཁས་བླངས་པས་འཁོར་བ་དེ་ཉིད་དུ་འགྱུར་བ་སྙམ་པ་ལ་བརྟགས་ནས་འཁོར་བ་ལ་མི་གནས་པ་ཉིད་དུ་བསྟན་པའི་ཕྱིར། ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུང་སོ།། བདག་མེད་པ་ཞེས་བྱ་བ་ནི་སྒྱུ་མ་བཞིན་དུ་གཞན ་གྱི་དབང་གི་ཕྱིར་རོ།། རང་གི་བདག་གི་རང་བཞིན་མ་ཡིན་ཏེ། རྟག་པ་ནི་རིམ་དང་རིམ་མ་ཡིན་པས་རྒྱུར་འགལ་བའི་ཕྱིར་ལ། རྒྱུ་མ་ཡིན་པ་ནི་ཅི་ཡང་མི་བྱེད་པས་བྱིན་གྱིས་རློབ་པ་པོར་མི་སྲིད་པོའི་ཕྱིརརོ།། བདག་གཞན་གྱིས། ་བྱིན་གྱིས་བརླབས་པ་ཡང་མེད་དེ། དེའི་ཕྱིར་རྣམ་པ་གཉིས་ཀར་ཆོས་ཐམས་ཅད་ནི་བདག་མེད་པ་དེ་དག་སྟེ། ཇི་སྐད་དུ་དགེ་སློང་དག་བྱིས་པ་ཐོས་པ་དང་མི་ལྡན་པ་རྣམས་བདག་དང་བདག་གི་ཞེས་འདོགས་ཤིང་འཇུག་གི། འདི ་ལ་ནི་བདག་དང་བདག་གི་མེད་དེ་ཞེས་གསུངས་པ་ལྟ་བུའོ།། འདིས་ནི་ཆོས་ཐམས་ཅད་ལ་གང་ཟག་ལ་བདག་མེད་པའི་བཟོད་པ་བསྟན་ཏོ།། སྐྱེ་བ་མེད་པ་ཞེས་བྱ་བ་འདིས་ནི་ཆོས་ལ་བདག་མེད་པའི་བཟོད་པ་བསྟན་ཏོ།། འདི་ལྟར ་དངོས་པོ་རྣམས་སྐྱེ་བར་འགྱུར་ན་ནི་རྒྱུ་མིང་པའམ་རྒྱུ་དང་བཅས་པ་ལས་འགྱུར་གྲང་། རྒྱུ་དང་བཅས་པ་ཡང་རྒྱུ་རྟག་པ་འམ། རྒྱུ་མོ་རྟག་པཾ་ལས་འགྱུར་བ་རྣམ་པར་རྟོག་གྲང་ན། དེ་ལ་དངོས་པོ་རྣམས་རེས་འགྲེར་སྣང་བས ་རྣམ་པར་རྟོག་པ་དང་པོ་ལྟར་ནི་མི་རང་སྟེ། བལྟོས་པ་མེད་པ་ནི་ཐམས་ཅད་དུ་བྱེ་བྲག་མེད་པས་ཡོད་པ་དང་མེད་པའི་དུས་བཞིན་དུ་རྟག་པར་ཡོད་པ་འམ་མེད་པ་ཞིག་ཏུ་འགྱུར་རོ།། དེ་བས་ན་རེས་འགའ་བྱུང་བ་ཉིད་ཀྱི་ཕྱིར ་ཕྱོགས་གཉིས་པ་ལྟར་ཡང་མི་རུང་སྟེ། རྟག་པ་བདག་གིས་ནུས་པ་གྲོགས་བྱེད་པ་གཞན་ངག་གིས་བྱེ་བྲག་ཏུ་བྱར་མེད་པ་ནཱ་སུ་ལ་ཡང་བལྟོས་པ་མེད་ན་གང་གིས་འབྲས་བུ་རིམ་གྱིས་སྐྱེད་ལ་ཅིག་ཅར་མ་ཡིན། རྒྱུ་མ ་རྙོ་བྱ་མེད་པའི་འབྲས་བུ་ནི་ཅེས་འགའ་མི་སྣང་བ་མི་རིགས་ཏེ། གང་གིས་ནོ་རིམ་གྱིས་འབྱུང་བར་འགྱུར། གང་དག་ངོ་བོ་ཉིད་དངོས་པོ་རྣམས་ཀྱི་རྒྱུར་སྨྲ་བ་དག་ཀྱང་དོན་དུ་ན་མེད་པ་ཉིད་ཁས་བླངས་པ་ཡིན་ཏེ།། ་འདི་ལྟར་ངོ་བོ་ཉིད་གྲུབ་པ་ནི་རྒྱུར་འགྱུར་གྱི། མ་གྲུབ་པ་མ་ཡིན་ཏེ། དེ་ནི་ནུས་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་ཀྱི་ཕྱིར་རོ།། དངོས་པོའི་ངོ་བོ་ཉིད་དེ་གྲུབ་པ་ན་རྒྱུ་མེད་པ་ཉིད་ཀྱིས་གྲུབ་པར་ཁས་བླངས་པ་ཡིན ་དེ་དང་ཐ་དད་པ་གཞན་རྒྱུ་གཞན་ནི་མི་འདོད་ན་གང་གིས་རྒྱུ་མེད་པར་མི་འགྱུར། དངོས་པོ་མུང་ནི་ངོ་བོ་ཉིད་ལས་གཞན་མ་ཡིན་པས་དེ་འགྲུབ་པ་ན་འགྲུབ་སྟེ། རྒྱུ་མེད་པ་ཉིད་དུ་འགྱུར་རོ།། དེ་ལྟ ་མ་ཡིན་ན་ནི་དེ་གྲུབ་པ་ན་མ་གྲུབ་པས་དེ་དང་བློ་མི་དད་པའི་ངོ་བོར་ཇི་ལྟར་འགྱུར། དེ་བས་ན་རྒྱུ་མེད་པར་སྨྲ་བའི་ཕྱོགས་བཤོག་པ་གང་ཡིན་པ་དེ་འདིར་ཡང་མཚུངས་སོ།། དུས་མཉམ་པ་དང་མི་མཉམ་པ་ལས་རྒྱུ ་འགྲུལ་བའི་ཕྱིར་ཕྱོགས་གསུམ་པ་ལྟར་ཡང་མི་རུང་སྟེ། འདི་ལྟར་དེ་རྒྱུར་འགྱུར་ནཱ་ནི་འབྲས་བུ་དང་དུས་མཉམ་པོ་འམ་དུ་ཐ་དད་པར་འགྱུར་གྲང་ན། དུས་མཉམ་པ་ལས་ནི་མ་ཡིན་ཏེ། བདག་གི་དེ་ཁོ་ན་རང་གི་མ ་ཐོབ་པ་ནི་ནུས་པ་ཐམས་ཅད་ཀྱིས་སྟོང་པས་འབྲས་བུ་གང་ལ་ཡང་སྦྱོར་བ་མེད་པའི་ཕྱིར་རོ།། བདག་གི་དེ་ཁོ་ན་ནི་དེའི་རང་བཞིན་ལྟར་འབྲས་བུ་ཡང་དེ་དང་དུས་མཉམ་པར་ཐོབ་པའི་བདག་ཉིད་ཀྱི་ངོ་བོ་ཁོ་ན་སྟེ། ་འབྲས་བུ་དེ་ལ་དེ་སྦྱོར་བ་མང་ངོ་།། དུས་ཐ་དད་ནཱ་ཡང་དེ་དུས་གཞན་གྱིས་ཆོང་ནས་འགྱུར་ཏེ། དཔེར་ན་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་རྣམ་པར་སྨིན་པའི་རྒྱུ་ལ་རྒྱུར་འདོད་པ་ལྟ་བུར་འགྱུར་བ་འམ། མཆོད་པ་ལས་འགྱུར ་དཔེར་ན་མཛ་སྡེ་པ་དག་རྒྱ་དང་འབྲས་བུ་འཇིག་པ་དེང་སྐྱེ་བ་ནི་སྲང་མདོའི་མཐོན་དམན་ལྟར་མཉམ་མོ་ཞེས་ཟེར་བ་ལྟར་འགྱུར་གྲང་ན། དེ་ལ་དུས་གཞིན་གྱིས་ཆོད་དེ་ནས་འབྲས་བུ་སྐྱེ་ན་ནི་རྣམ་པར་ཐེག་པ་ཉིད ་སྐྱེས་པརྱ་ཁས་བླངས་པར་འགྱུར་ཏེ། དེ་ནི་ནུས་པ་ཐམས་ཅད་དང་བྲལ་བས་རྣམ་པར་ཞིག་པ་ནི་རྒྱུའི་དངོས་པོར་མི་རིགས་སོ།། དེ་ལྟ་མ་ཡིན་ནི་བྱེད་པ་མ་ཡིན་པ་ཞིག་པའི་དངོས་པོ་རྣམ་པར་ཞིག་པར་ཇི་ལྟར་འགྱུར། མཚོ ་པའི་ཕྱོགས་ཀྱང་གལ་ཏེ་བདག་ཉིད་ཐམས་ཅད་དང་མཆོད་པ་ནི་དེའི་ཚེ་དེ་ཉིད་དུ་དུས་མཉམ་པར་གྱུར་ཏེ། དངོས་པོ་ལ་མེད་པ་གཉིས་བདག་ཉིད་ཐམས་ཅད་ཀྱིས་མཆོད་ན་དུས་གཅིག་ཏུ་འགྱུར་བ་མ་གཏོགས་པར་འགྲོ་བ ་གཞན་མེད་དོ།། དེའི་ཕྱིར་ཇི་ལྟར་རྡུལ་ཕྲ་རབ་རྣམས་བདག་ཉིད་ཐམས་ཅད་ཀྱིས་མཆོད་ན་གོང་དུ་རྡུལ་ཕྲ་རབ་ཙམ་དུ་འགྱུར་བ་དེ་བཞིན་དུ་བསྐལ་པ་ཡང་སྐད་ཅིག་ཙམ་དུ་འགྱུར་བ་ཟློག་པར་དཀའོ།། ཕྱོགས་གཅིག་གིས ་མཆོད་ནཱ་ནི་ཡན་ལག་དང་བཅས་པར་འགྱུར་རོ།། དེ་བས་ནཱ་དངོས་པོ་ཐམས་ཅད་དོན་དམ་པར་མ་སྐྱེས་པ་ཉིད་དེ། མཱ་བཱརྟགས་ན་དགའ་བ་བརྫུན་པ་ཉིད་ཀྱིས་སྐྱེ་བ་ལྟ་བུར་སྣང་བར་ཟད་དེ། འཁྲུལ་པའི་ཤེས་པ་ལ་སྣང་། ་བའི་ངོ་བོ་དང་འདྲའོ།། གྲགས་པ་ཙམྲ་ནི་ཚད་མ་ཡིན་ན་དངོས་པོའི་རྒྱུ་དང་འབྲས་བུ་གང་རྫི་ཡན་ཚད་ལ་གྲགས་པའི་ཕྱིར་གཞིག་པ་མི་རིགས་སོ་ཞེས་སྨྲ་བ་གང་གིས་རིགས་པར་འགྱུར།། གྲགས་པ་གཟུགས་ལ ་སོགས་པ་ནི་ཚད་མས་ཤིགས་པའི་ཕྱིར་རོ།། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཟླ་བའི་སྒྲོན་མའི་མདོ་ལས། མིག་ལ་སོགས་པའི་ཚད་མ་རྣམས་བཀག་སྟེ། མིག་དང་རྣ་བ་སྣ་ཡང་ཚད་མ་མིན།། ལྕེ་དང་ལུས་ངང་སེམས ་སྣང་ཚད་མ་མིན།། གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན། འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ།། འདི་ལྟར་དབང་པོ་འདི་དག་ཚད་མནྡ་ཏེ།། ངོ་བོ་ཉིད་ཀྱིས་བྱམས་བློ་ལུང་མ་བསྟུནཱ།། དེ་ཕྱིར་མྦྷ། ་ངན་འདས་པའི་ལམ་འདོད་གང་།། དེས་ནི་འཕགས་པའི་ལམ་གྱི་བྱ་བ་བྱོས།། ཞེས་གསུངས་སོ།། སློབ་དཔོན་དག་གིས་མངོན་སྙམ་གྱི་མཚན་ཉིད་གསུངས་པ་གང་ཡིན་པ་དེ་ཡང་ཀུན་རྫོབ་ཏུ་མངོན་སུམ་སྟེ། དོན་དམ་པ་པོ ་འཇུག་པར་བལྟ་བར་བྱའོ།། ཀུན་རྫོབ་ཏུ་ནི་མཐུན་པར་བརྒལ་ཞིང་བརྟོག་པ་མ་ཡིན་ཏེ། དེ་བས་ན་དེ་ནི་ཀུན་རྫོབ་ཏུ་བསྟན་པའི་ཕྱིར་བརྟག་མི་བཟོད་པའོ།། དེ་བས་ན་བཅོམ་ལྡན་འདས་ཀྱིས་ས་ལུ་ལྡང་བ་ལ་སོགས་པ་ལས ་བདག་དང་གཞན་ལས་དངོས་པོ་རྣམས་ཀྱི་སྐྱེ་བ་བཀག་གོ།། དེ་སྐད་དུ། འཕགས་པ་ལང་ཀར་གཤེགས་པ་ལས་ཀྱང་། བློ་གྲོས་ཆེན་པོ་ཡོད་པ་དང་མེད་པ་ལས་མི་སྐྱེ་བའི་ཕྱིར་ཆོས་ཐམས་ཅད་ནི་མི་སྐྱེས་པའོ་ཞེས་གསུངས ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ལ་གསུངས་པ། རབ་འབྱོར་ཆོས་ཅུང་ཟད་ཀྱང་མ་སྐྱེས་པ་དེ་ནི་སྐྱེ་བ་མེད་པའོ་ཞེས་བྱའོ།། དེ་ལ་ཤེས་རབ་གང་ཡིན་པ་དེ་ནི་མི་སྐྱོ་བའི་ཆོས་ལ་བཟོད་པ་ཞེས་བྱའོ།། དེ་སྐད་དུ། དཀན ་མཆོག་འབྱུང་གནས་ཀྱི་མདོ་ལས་ཀྱང་། གང་ལ་རང་བཞིན་ཡོད་པ་མ་ཡིན་ཏེ། རང་བཞིན་མེད་པས་གཞན་རྐྱེན་ཇི་ལྟར་འགྱུར།། རང་བཞིན་མེད་པས་གཞན་ནི་ཇི་ལྟར་སྐྱེད།། རྒྱུ་དེ་བདེ་བར་གཤེགས་པས་རབ་ཏུ་བསྟན། ་ཤེས་གསུང་སོ།། ཡང་དངོས་པོ་སྐྱེ་བ་ཀུནྡ་རྫོབ་ཏཱ།། དཱ་མ་པཱའི་དོན་དུ་རབ་བཞིན་མེད།། ཅེས་ཀྱང་གསུང་སོ།། གལ་ཏེ་འདྲི་ཐམས་ཅད་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་དབང་དུ་མཛད་ནས་གསུངས་སོ་ཞེ་ནཱ། མ་ཡིན་ཏེ། ངོ་བོ་ཉིད ་ཐམས་ཅད་ནི་ཚད་མས་བསིལ་ཟིན་པའི་ཕྱིར་རོ།། འདིས་ནི་དགེ་བའི་རྩ་བ་ཆུང་ངུ་དང་ལྡན་པ་གཞན་ཡང་འཁོར་བའི་སྡུག་བསྔལ་མི་མྱོང་ན་བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་ཕྱིར་ཡེ་ཤེས་ཀྱི་སྣང ་བ་ཆེན་པོ་སྐྱེས་པ་བླ་ན་མེད་པའི་བསོད་ནམས་ཀྱི་ཕུང་པོ་སྐྱེད་པ་བརྙེས་པ་ལྟ་ཅིའི་ཕྱིར་འཁོར་བའི་སྡུག་བསྔལ་མྱོང་བར་འགྱུར་ཞེས་དེ་སྐད་བསྟན་པ་ཡིནོ།། འདི་ལྟར་རྣམ་པོ་གཉིས་ཀྱིས་འཁོར་བ་ན་སྡུག་བསྔལ་མྱོང་བར་འགྱུར། ་ཏེ། ལུས་ཀྲྀ་དང་ཡིང་མི་བདེ་བའི་མཚན་ཉིད་དོ།། དེ་ལ་སྡོ་མ་ནི་སྡིག་པའི་ལས?་ཀྲྀ་འབྲས་བུའོ།། ཅིག་ཤོས་ནི་གཏི་མུག་ལས་སྐྱེས་པ་སྟེ། ལོག་པར་རྟོག་པ་གང་ལས་སྐྱེས་པའོ།། དེ་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས ་བྱང་ཆུབ་སེམས་དཔའ་ལ་ནི་སྡུག་བསྔལ་གྱི་རྒྱུ་སྡིག་པ་དང་། གྲེཏི་མུག་གཉིས་ཀ་མེད་།། རྒྱུ་མེད་པས་སྡུག་བསྔལ་གྱི་པོག་གིས་རེག་མི་སྲིད་དོ།། འདིས་ན་བྱང་ཆུབ་སེམས་དཔས་ཇི་ལྟར་བསྒྲུབ་པ་ལ་ཡང་རབ་འབྱོར ་བྱ་བ་དེ་བསྟན་ཏོ།། བསོད་ནམས་ཀྱི་ཕུང་པོ་ཤིན་ཏུ་མང་དུ་སྐྱེད་ཟིན་ཀྱང་གཟུགས་ན་སྤྱོད་པ་ལ་སོགས་པའི་སེམས་ཅན་རྣམས་ལྟར་འཁོར་བ་པ་ཉིད་དུ་མི་འགྱུར་རམ། ཇི་ལྟར་བསོད་ནམས་ཀྱི་ཕུང་པོ་མང་དུ་སྤྱོད་པ ་ཙམ་གྱིས་འཁོར་བྱ་ལ་མི་གནས་པ་ཉིད་དུ་བསྟན་སྙམ་དུ་དོགས་པ་ལ་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུང་སོ།། འདིས་ནི་གང་བསོད་ནམས་ཀྱི་ཕུང་པོ་བསྐྱེད་དུ་ཟིན་ཀྱང་ཕྱིན་ཅི་ལོག་ཏུ་མངོན ་པར་ཞེན་པས་བསོད་ནམས་ཀྱི་ཕུང་པོ་ཡོངསུ་འཛིན་པ་ཡོད་པ་དེའི་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་ཕྱིན་ཅི་ལོག་མ་སྤངས་པས་འགྲོ་བ་ཁྱད་པར་ཅན་ཐོབ་ཀྱང་འཁོར་བ་པར་རྣམ་པར་བཞག་གོ། བྱང་ཆུབ་སེམས་དཔའ ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་བསོད་ནམས་ཀྱི་ཕུང་པོ་ལ་བདེན་པ་ཉིད་དུ་མངོན་པར་ཞེན་པ་མེད་དེ། ངེས་ན་དེའི་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་ཤིན་ཏུ་རྨོངས་པ་སྤང་བའི་ཕྱིར་འཁོར་པོ་ལ་མི་གནས་སོ་ཞེས ་དེ་སྐད་སྟོན་ཏོ།། གཞན་དག་གི་རྣམ་པར་རྟོག་པ་བསལ་བའི་ཕྱིར་འཕགས་པ་རབ་འབྱོར་གྱིས་དགོངས་པ་མ་བཟུང་བ་ལྟར་ཡོངསུ་བཟུང་བ་མི་བགྱི་ལགས་སམ་ཞེས་འགལ་བ་བརྗོད་དོ།། དེའི་བསམ་པ་ནི་འདི་ཡིན་ཏེ། བཅོམ ་ལྡན་འདས་ཀྱིས་མདོ་དེ་དང་ངག་ཏུ་ནི་བྱང་ཆུབ་སེམས་དཔས་བསོད་ནམས་ཀྱི་ཕུང་པོ་ཡོངསུ་གཟུང་ངོ་ཞེས་གསུངས། འདིར་ནི་ཡོངསུ་གཟུང་བར་བྱའོ་ཞེས་གསུངས་ན་ཇི་ལྟར་འགལ་བར་མི་འགྱུར་སྙམ་མོ།། བཅོམ་ལྡན ་འདྲེས་ཀྱིས་ཀྱང་དགོངས་པ་གང་གིས་གཉི་ག་གསུངས་པ་དེ་བསྟན་པའི་ཕྱིར་ཡོངསུ་གཟུང་མོད་ཀྱི་ཞེས་བྱ་བ་གསུང་སོ།། ཡོངསུ་གཟུང་ཞེས་གང་གསུངས་པ་དེ་ནི་ཉེ་བར་བསྒྲུབ་པའི་མཚན་ཉིད་ཡོངསུ་གཟུང་བའི་ཚུལ།། ་འདིར་ནི་ལོག་པར་འཛིན་པར་འཛིན་པའི་མཚན་ཉིད་སེལ་ཏེ་འགལ་བ་མེད་དོ།། ལོག་པར་འཛིན་པ་ནི་ལམ་ལོག་པར་འཛིན་པའོ།། འདིས་ནི་རྣམ་པར་རྟོག་པ་དེ་སྤོང་བས་སེམས་རབ་ཏུ་གཟུང་བ་བསྟན་ཏོ།། ཡང་རབ ་འབྱོར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས་ཞེས་བྱ་བ་ནས་བརྩམས་ཏེ་རྒྱ་ཆེ་བ་བསྟན་ཏོ།། ལྷག་མ་སྒྱུ་མ་རྣམས་ཀྱིས་ནི་ཟབ་པ་བསྟན་ཏོ།། གནས་འདི་མཐའ་དག་གིས་ནི་རྟག་པ་དང་ཆད་པའི་མཐའ་བཀག་ནས་དབུ ་མའི་ལམ་བརྗོད་དོ།། འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པ་བཤད་ཟིན་ཏོ།། བཞུགས་པ་ཡོངས་སུ་དག་པར་བརྗོད་པར་བྱའོ།། དེ་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། སྤྱོད་ལམ་གྱིས་བཞུགས་པ་དང་། སྣོད ་དང་སེམས་ཅན་གྱི་འཇིག་རྟེན་ལ་མངའ་བས་བཞུགས་པ་དང་། ཀུན་ནས་ཉོན་མོངས་པ་མི་མངའ་བས་བཞུགས་པའོ།། དེ་ལ་གལ་ཏེ་སངས་རྒྱས་ནི་ཆོས་ཀྱི་སྐུར་བལྟའི་གཟུགས་ཀྱི་སྐུར་མ་ཡིན་ན་དེའི་ཚེ་བཅོམ་ལྡན ་འདས་ཀྱི་སྤྱོད་ལམ་བཞི་དང་། བལྟམས་པ་དང་། མངོན་པར་འབྱུང་བ་ལ་སོགས་པ་ལུང་ལས་གྲགས་པ་དང་། ཇི་ལྟར་འགལ་བར་མི་འགྱུར་ཞེས་གང་དེ་སྙམ་སེམས་པ་དེའི་ཆད་དུ་བཞུགས་པ་ཕུར་སུམ་ཚོགས་པ ་སྤྱོད་ལམ་གྱིས་བཞུགས་པའི་དབང་དུ་མཛད་ནས། ཡང་རབ་འབྱོར་གང་ལ་ལ་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་སོ།། བཞུད་དམ་བྱོན་ཞེས་བྱ་བ་གཉིས་ཀྱིས་ནི་འཆག་པ་བསྟན་ཏོ།། ལྷག་མ་རྣམས་ནི་བཞེངས་པ ་ལ་སོགས་པ་སྤྱོད་ལམ་རྣམས་དང་རིམ་པ་བཞིན་བསྟན་ཏོ།། སྤྱོད་ལམ་བསྟན་པ་ནི་མཚོན་པ་ཙམྱ་སྟེ། དེས་ན་བལྟམས་པ་ལ་སོགས་པ་དག་ཀྱང་འདིར་བསྟན་པར་བལྟའོ།། གང་བཅོམ་ལྡན་འདས་ཀྱི་སྤྱོད་ལམ ་ལ་སོགས་པ་ལུང་ལས་ཡོངསུ་བརྗོད་པ་རྣམས་ཡང་དག་པར་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པ་དེ་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པའི་ཕྱིར་དེ་བཞིན་གཤེགས་པས་གསུངས་པའི་དོན་མི་ཤེས་སོ།། བཅོམ་ལྡན་འདས་ནི་གཟུགས་ཀྱི ་སྐུས་རབ་ཏུ་ཕྱེ་བ་མ་ཡིན་ཏེ། དེ་ནི་ཡེ་ཤེས་ཡོངསུ་དྲུག་པའོ།། ཡེ་ཤེས་དེ་ལ་ནི་ལུས་མེད་པའི་ཕྱིར་ཀུན་རྫོབ་ཏུ་ཡང་བཞུད་པ་ལ་སོགསོ་བ་མ་སྲིད་དོ།། འགྲོ་བ་ལ་སོགས་པ་ནི་གཟུགས་ཀྱི་ཕུང་པོའི་གནས་ཀྱི་བྱེ་བྲག་གིས་རབ་ཏུ ་ཕྱེ་བའི་ཕྱིར་དེ་དག་ནི་བཅོམ་ལྡན་འདས་ཀྱི་སྤྲུལ་པའི་སྐུ་ལ་བརྟེན་ནས་གསུངས་པ་དག་སྟེ། ཡེ་ཤེས་ཀྱི་སྐུ་ལ་བརྟེན་པ་ནི་མ་ཡིན་ཏེ། དེ་ལ་ནི་ཀུན་རྫོབ་དང་དོན་དམ་པར་ཡང་བཞུད་པ་ལ་སོགས་པ་མི་སྲིད་པའི་ཕྱིར་རོ།། དེའི ་ཕྱིར་སྤྱོད་ལམ་གྱིས་བཞུགས་པ་འབྱོར་པ་རྣམ་པ་འདི་ལྟ་བུ་ལ་བྱང་ཆུབ་སེམས་དཔའ་འདུན་པ་དང་སྨོན་ལམ་གྱིས་གནས་པར་བྱ་བ་བསྟན་པ་ཡིན་ནོ།། གལ་ཏེ་དེ་བཞིན་གཤེགས་པ་ལ་བཞུད་པ་ལ་སོགས་པ་མི་མངའ ་ན་ཇི་ལྟར་དེ་བཞིན་གཤེགས་པ་ཞེས་བྱ་བ་གཤེགས་པས་རབ་ཏུ་ཕྱེ་བ་ལྟར་བསྟན་སྙམ་དུ་སེམས་པའི་བསམ་པ་ལ་བརྟགས་ནས་དེ་ཅིའི་ཕྱིར་ཞེ་ན་ཞེས་གསུངས་ཏེ། དེ་ངས་བཤད་པའི་དོན་མི་ཤེས་སོ་ཞེས་བྱ་བ་དང ་སྦྱར་རོ།། འདྲིར་ལན་དུ་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། འདི་སྙམ་དུ་དགོངས་ཏེ་བརྗོད་པ་འདི་ནི་བཞུད་པས་རབ་ཏུ་ཕྱེ་བ་མ་ཡིན་གྱི་ཐུགསུ་ཆུད་པས་རབ་ཏུ་ཕྱེ་བ་སྟེ། འགྲོ་བ་ཞེས་བྱ་བ་ནི་རྟོགས་པའི ་དོན་ཡིན་པའི་ཕྱིར་རོ།། དངོས་པོའི་དེ་ཁོ་ན་ཇི་ལྟར་གནས་པ་དེ་བཞིན་དུ་རྟོགས་ཏེ། ཐུགས་སུ་ཆུད་པས་དེ་བཞིན་གཤེགས་པའོ།། ཡང་ནི་སྔོན་གྱི་སངས་རྒྱས་རྣམས་ཀྱིས་དངོས་པོའི་དེ་ཁོ་ན་ཇི་ལྟར་ཕྱིན་ཙོ་མ་ལོག་པར་ཐུགས། ་སུ་ཆུད་པར་གྱུར་པ་དེ་བཞིན་དུ་འདིས་ཀྱང་མཁྱེན་ཏེ་ཐུགསུ་ཆུད་པས་དེ་བཞིན་གཤེགས་པའོ།། དེ་ཡང་ཡང་དག་པའི་ཀུན་རྫོབ་ཏུ་ཡེ་ཤེས་ཀྱི་སྐུ་ཉིད་དུ་རིགས་ཀྱི་གཞན་ལ་ནི་རྟོགས་པ་མེད་པའི་ཕྱིར་རོ།། དེ་ཡང་ལུས་མེད ་པའི་ཕྱིར་ཀུན་རྫོབ་ཏུ་ཡང་གར་ཡང་བཞུད་པ་ལ་སོགས་པ་མི་སྲིད་དོ།། དོན་དམ་པར་ནི་མ་སྐྱེས་པའི་ཕྱིར་རབ་ཏུ་མི་སྲིད་དོ།། དེ་བས་ན་དེ་དངོས་པོའི་རང་བཞིན་དུ་ཐུགས་སུ་ཆུད་པྲས་འཇིག་རྟེན་མཐའ་དག་གི་གཙོ་བོར ་འགྱུར་ཏེ་མཆོད་པར་འོས་པས་དགྲ་བཅོམ་པ་ཞེས་བྱའོ།། ཡང་དག་པར་རྫོགས་པར་ཐུགསུ་ཆུང་པོར་གྱུར་པས་ཡང་དག་པར་རྫོགས་པར་སངས་རྒྱས་ཞེས་བྱའོ།། དེ་ལྟ་མ་ཡིན་ན་གཟུགས་ཀྱི་སྐུ་ནི་བེམས་པོའི ་རང་བཞིན་ཡིན་པས་དེ་སྐད་མི་བྱའོ་ཞེས་དགོངས་པའོ།། འདིས་ནི་རྣལ་འབྱོར་དུ་སྙོམས་པར་འཇུག་པ་དང་སེམས་རབ་ཏུ་གཟུང་བ་བསྟན་ཏོ།། གནས་འདི་མཐོའ་དག་གིས་ནི་ཟབ་པ་བསྟན་ཏོ།། ཀུན་རྫོབ་ཏུ་དེ་བཞིན ་གཤེགས་པའི་སྤྲུལ་པའི་སྐུ་ལྔ་བརྟེན་པ་བཞུད་པ་ལ་སོགས་པ་དག་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྣམས་སུ་ཐོགས་པ་མེད་པར་བསྟན་པས་ནི་རྒྱ་ཆེ་བ་ཡང་བསྟན་ཏོ།། དེ་བཞིན་གཤེགས ་པའི་སྤྲུལ་པ་གཟུགས་ཀྱི་སྐུ་གང་ཡིན་པ་དང་། ཡིད་ཀྱི་རང་བཞིན་གྱི་སྐུ་གང་ཡིན་པ་དེ་ཡང་གཅིག་དང་དུ་མའི་རང་བཞིན་དང་བྲལ་བས་སྒྱུ་མས་སྤྲུལ་པའི་སངས་རྒྱས་ལྟར་བརྫུན་པ་ཉིད་དུ་བསྟན་པའི་ཕྱིར་སྣོད ་དང་སེམས་ཅན་གྱི་འཇིག་རྟེན་རྣམ་པར་གཞིག་པས་བཞུགས་པའི་དབང་དུ་མཛད་ནས། ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། སྔར་ནི་མོས་པས་སྤྱོད་པའི་སྲ་ན་བྱང་ཆུབ་སེམས་དཔས་དེ་རྣམ ་པར་གཞིག་པར་བསྟན་ལ་ངོ་ནི་སངས་རྒྱས་ཀྱི་ས་ལ་བཅོམ་ལྡན་འདས་ཀྱི་བཞུགས་པ་བསྟན་པས་ཚིག་ཟློས་པར་མི་འགྱུར་རོ།། འདིར་ཡང་ཐབས་རྣམ་པ་གཉིས་ཀྱིས་གཅིག་དང་དུ་མའི་རང་བཞིན་དང་བྲལ ་བར་རྟོགས་པས་བདག་མེད་པར་སྟོན་ཏོ།། འདི་ལྟ་སྟེ་དཔེར་ན་རྡུལ་ཕྲ་རབ་ཀྱི་ཚོགས་བཞིན་དུ་ཕྱེ་མར་བྱས་ན་ཞེས་བྱ་བ་འདིས་ནི་གཅིག་པུའི་རང་བཞིན་དང་བྲལ་བར་རྟོགས་ནས་བསླབ་པར་བྱ་བའི་ཐབས ་བསྟན་ཏེ། འདིར་ཡང་བཤད་པ་ནི་སྔ་མ་བཞིན་ནོ།། རྡུལ་ཕྲ་རབ་རྣམས་ཕྱོགས་ཆ་ཐ་དད་པའི་ཕྱིར་གྲུབ་པ་མེད་པ་མ་ཡིན་ནམ། དེ་དག་ཚོགས་སུ་ཇི་ལྟར་འགྱུར་སྙམ་དུ་སེམས་པ་ལ་དེ་ཅིའི་སླད་དུ་ཞེས་དྲིས།། ་བཔ་དང་ལན་དུ་བཅོམ་ལྡན་འདས་ཀྱི་གལ་ཏེ་ཞེས་བྱ་བ་སྨོསོ།། འདི་སྙམ་དུ་སེམས་ཏེ། གཅིག་པུར་འཛིན་པ་བཟློག་པའི་ཐབས་ཙམ་དུ་རྡུལ་ཕྲ་རབ་ཏུ་རྣམྦྷ་པར་དབྱེ་བར་ཚོགས་པ་དེ་བཅོམ་ལྡན་འདས་ཀྱིས་གསུངས ་ཀྱིས་དོན་དམ་པར་མི་གེནས་པའི་ཕྱིར་མ་ཡིན་ནོ།། དེ་ལྟ་མ་ཡིན་ན་ཐམས་ཅད་ལ་རྡུལ་ཕྲ་རབ་ཀྱི་ཚོགས་མངོན་སུམ་དུ་གྲགས་པར་གྱུར་པས་དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་རྡུལ་ཕྲ་རབ་ཀྱི་ཚོགས་ཞེས ་བཀའ་མི་སྩོལ་ཏེ། མ་གསུངས་ཀྱང་དེ་ལྟར་གྲགས་པའི་ཕྱིར་རོ།། འདིས་ནི་དེ་བཞིན་གཤེགས་པའི་གཟུགས་རྣམ་པར་གཞིག་པར་བཞུགས་པ་དེ་ལྟ་བུ་ལ་འདུན་པ་དང་། སྨོན་ལམ་གྱིས་གནས་པར་བྱ་བ་བསྟན།། ་ཏྭོཊྚ་གལ་ཏཱི་ཚོགས་མེད་ན་བཅོམ་ལྡན་འདས་ཀྱིས་རྡུལ་པཱ་རབ་ཀྱི་ཚོགས་དེ་མང་ངམ་ཞེས་ཅིའི་ཕྱིར་བཀའ་སཱ་ལཱ་སྠཱམྦྷ་དུ་སེམས་པའི་བསམ་པ་ལ་བརྟགས་ནས་དེའོ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་གསོལ་ཏོ།། དེ་ཚོགས་མུ་མཆིས་པ ་ཞེས་བྱ་བ་ནི་རྡུལ་ཕྲ་རབ་ཤར་དང་བྱེད་ལ་སོགས་པའི་ཕྱོགས་ཀྱི་རྣམ་པར་དབྱེ་བས་གནས་པ་དེ་དག་རང་བཞིན་གྱིས་གྲུབ་པ་མེད་པས་ཡང་དག་པར་ན་ཚོགསུ་མི་རིགས་སོ།། གཅིག་པུར་འཛིན་པ་བསལ་བའི་ཕྱིར་གསུངས ་པ་ཙམ་དུ་ཟད་དེ། དེ་བས་ན་རྡུལ་ཕྲོ་རབ་ཀྱི་ཚོགས་ཞེས་བྱའོ།། ཕྱོགས་ཆ་ཐ་དད་པ་མེད་ན་ནི་རྡུལ་ཕྲ་རབ་རྣམས་ལ་རྡུལ་ཕྲ་རབ་གཞན་དག་གིས་ཕ་རོལ་དང་ཚུལ་རོལ་དང་། སྟེང་དང་འོག་དང་། ཕྱོགས་ཆ་ཐ་དོད་པ་ནས་@ ་བར་མི་འགྱུར་རོ།། དེ་བས་ན་རྒྱུས་པར་མི་འགྱུར་ཏེ། སེམས་དང་སེམས་ལས་བྱུང་བ་ལ་སོགས་པ་ཇི་ལྟ་བ་བཞིན་ནོ།། ཆ་གཉིད་རྡུལ་ཕྲ་རབ་རྣམས་སུ་འགྱུར་རོ་ཞེས་བརྗོད་དུ་ནི་མི་རིགས་ཏེ། དེར་སང ་དཔྱད་པ་མཐུན་པའི་ཕྱིར་རོ།། གལ་ཏེ་གྱུར་ཀྱང་ཐུགས་པ་མེད་དེ། ཞེ་ན་མི་རུང་སྟེ། རྡུལ་པཱ་རབ་རྣམས་ཐུག་པ་མེད་པའི་ངོ་བོར་གྱུར་ན་ཁྱོད་ཀྱིས་ཅི་ཞིག་གྲུབ། ཐུག་པ་མེད་པོའི་ངོ་བོ་ནི་དངོས་པོར་མི་འགྲུབ་སྟེ། དེ་བས་ན ་དོད་ཀྱི་འདོད་པ་ཉིད་གྲུབ་པོ།། དེང་ནི་འདོད་རྒྱལ་དུ་རྡུལ་རྣམ་པ་དུ་མའི་རང་བཞིན་དུ་སྨྲ་བ་མ་ཡིན་ན་རྡུལ་ཕྲ་རབ་རྣམས་ཀྱི་ཐུག་པ་མེད་ན་གང་གིས་གྲུབ་ཅེས་བརྗོད། ཁྱོད་ཀྱིས་རྡུལ་ཕྲ་རབ་རྣམས་ཆ་མེད་པའི་ངོ་བོར་རྣམ་པར ་བཞག་པ་གང་ཡིན་པ་དྲི་ཤར་དང་བྱང་ལ་སོགས་པ་ཕྱོགས་ཐ་དད་པ་ནས་གནས་པར་ཁས་བླངས་པས་ཕྱོགས་ཆདད་ཐ་དད་པར་ཁས་བླངས་པ་ཡིན་ཏེ། དེ་བས་ན་ཡན་ལོག་དང་བཅས་པར་ཐལ་བར་འགྱུར་རོ།། དེ་བྱས་ན་ཐལ་བར ་བསྒྲུབ་པའི་ཕྱིར་གཏན་ཚིགས་ཀྱི་གཞི་མ་གྲུབ་པ་ཡིན་ནོ།། སེམས་དང་སེམས་ལས་བྱུང་བ་དག་གིས་གཅིག་ཏུ་མ་ངེས་པ་ཡང་མ་ཡིན་ཏེ། དེ་དག་ལུས་མེད་པས་ཕྱོགས་ན་མི་གནས་པའི་ཕྱིར། ཤར་དང་བྱུང་ལ་སོགས་པའི ་ཕྱོགས་ཀྱིས་གནས་པ་མེད་དོ།། དེ་བས་ན། དེ་ནི་མིག་མིན་གཟུགས་ལ་མིན། དེ་གཉིས་པར་ན་མི་གནས་ཏེ།། དེ་ནི་ན་གནས་གྱུར་པ།། དེ་ནི་ཡོད་མིན་མེད་པ་མིན།། ཞེས་བསྟན་ཏེ། ཐལ་བས་ནི་ཆོ་ག་གོ།། འདིས་ནི་དུ་མའི་རང་བཞིན ་དང་བྲལ་བར་ཁོང་དུ་ཆུད་ནས་སྣང་བ་མེད་པར་བྱ་བའི་ཐབས་བསྟན་པས་རྣལ་འབྱོར་དུ་སྙོམས་པར་འཇུག་པ་དང་། སེམས་རབ་ཏུ་གཟུང་བ་བསྟན་ཏོ།། རྡུལ་ཕྲ་རབ་ཀྱི་ཚོགས་དེ་མྱང་བ་ལགས་སོ།། ཞེས་བྱ་བ་འདིས་ནི་རྒྱ་ཆེ ་བ་བསྟན་ཏོ།། ལྷག་མེས་ནི་ཟབ་པ་བསྟན་ཏོ།། དོ་ནི་སེམས་ཅན་གྱིས་འཇིག་རྟེན་རྣམ་པར་གཞིག་པས་བཞུགས་པའི་དབང་དུ་བྱས་ནས་སྟོང་གསུམ་གྱི་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་གསུངས་པ་དེ་ཞེས་བྱ ་བ་ལ་སོགས་པ་གསོལ་ཏོ།། སྣོད་ཀྱི་འཇིག་རྟེན་ནི་སྔར་བཤད་ཟིན་པས་འཇིག་རྟེན་གྱི་ཁམས་ནི་འདིར་སེམས་ཅན་གྱི་འཇིག་རྟེན་དུ་འདོད་དོ།། གཉི་ག་ལ་སྟོང་གསུམ་གྱི་སྟོང་ཆེན་པོ་ཞེས་སྨོས་པོས་ནི་འཇིག་རྟེན་གྱི་ཁམས ་མཐའ་ཡས་པར་མཚོན་ཏོ།། དེ་བས་ན་དེ་ཁམས་མ་མཆིས་པར་དེ་བཞིན་གཤེགས་པས་གསུངས་ཞེས་བྱ་བ་ནི་སེམས་ཅན་གྱི་འཇིག་རྟེན་ཕུང་པོ་ལྔའི་བདག་ཉིད་དེ་ཡང་གཅིག་དྲང་དུ་མིའི་རང་བཞིན་དང་བྲལ་བས་སྔ་མ ་བཞིན་དུ་བཤད་དོ།། འདིས་ནི་དེ་བཞིན་གཤེགས་པའི་སེམས་ཅན་གྱི་འཇིག་རྟེན་རྣམ་པར་གཞིག་པས་བཞུགས་པ་དེ་ལྟ་བུ་ལ་བྱང་ཆུབ་སེམས་དཔས་འདུན་པ་དང་། སྨོན་ལམ་གྱིས་གནས་པར་བྱ་བ་བསྟན་ཏོ།། སྣང་བ ་མེད་པར་བྱས་པས་ནི་རྣལ་འབྱོར་དུ་སྙོམས་པར་འཇུག་པ་འདི་ཇི་ལྟར་བསྒྲུབ་པར་བྱ་བ་དེ་ཡང་བསྟན་ཏོ།། ད་ནི་ཇི་ལྟར་སེམས་རབ་ཏུ་གཟུང་བར་བྱ་བ་བསྟན་པའི་ཕྱིར་དེ་ཅོའི་སླང་དུ་ཞེ་མ་ནོས་དྲིས་ཏེ། དེ་ཁམས ་མ་མཆིས་པར་དེ་བཞིན་གཤེགས་པས་གསུང་སྲཱ་ཞེས་བྱ་བ་དང་སྦྱར་རོ།། ལནྡ་དུ་བཅོམ་ལྡན་འདས་གལ་ཏེ་ཞེས་བྱ་བ་ལ་སོགས་པཱ་སྨྲས་སོ།། གལཱ་ཏེ་སེམས་ཅན་གྱི་འཇིག་རྟེན་ཇི་ལྟར་གྲགས་པ་བཞིན ་དུ་དོན་དམ་པར་རགས་པ་གཅིག་པའི་ངོ་བོར་གྱུར་ན་ནི་དེའི་ཆ་དེ་བཞིན་གཤེགས་པས་དངོས་པོའི་དེ་ཁོ་ན་ཇི་ལྟར་གནས་པ་བཞིན་དུ་ཐུགསུ་ཆུད་པས་དེ་ཉིད་རྙིལ་པར་འཛིན་པར་འགྱུར་རོ།། དེ་བས་ན་བདག་ཏུ་འཛིན་པའི་རྒྱུ་ནི་ཕུ ་བོའི་ངོ་བོ་ལ་རིལ་པོར་འཛིན་པ་ཙམ་དུ་ཟད་པས་དེ་ཉིད་དེ་བཞིན་གཤེགས་པའི་རིལ་པོར་འཛིན་པ་དམ་པོར་འགྱུར་ཏེ། དེ་མ་སྤངས་པར་དགོངས་པའོ།། དེ་ལྟ་ནི་མ་ཡིན་ཏེ། དེ་བས་ན་གང་སྐྱེ་བོ་བྱིས་པ་རྣམས་ལ་ཕྱོགས་གཞན་དུ ་བཅོམ་ལྡན་འདས་ཀྱིས་རིལ་པོར་འཛིན་པ་ནི་བདག་ཏུ་འཛིན་པའི་རྒྱུར་གསུངས་པ་དེ་དོན་དམ་པར་འཛིན་པ་མེད་པ་ཉིད་དེ་གཟུང་བ་རིལ་པོ་གཅིག་དང་དུ་མའི་རང་བཞིན་གང་ཡང་མེད་པའི་ཕྱིར་རོ།། སྐྱེ་བོ་བྱིས་པ་རྣམས་ལ ་གྲགས་པའི་ངོ་བོར་ཀུན་རྫོབ་ཏུ་གསུངས་པར་ཟད་དེ་ངེས་ན་རིལ་པོར་འཛིན་པ་ཞེས་བྱའོ།། བཅོམ་ལྡན་འདས་ཀྱིས་དོན་དེ་བསྒྲུབ་པའི་ཕྱིར་རིལ་པོར་འཛིན་པའི་དོན་ཞེས་བྱ་བ་གསུངས་ཏེ། ཅི་སྟོན་ཅེ་ནོ། ཐོ་སྙད་དུ་རིལ་པོར ་འཛིན་པ་ཞེས་བྱ་བའི་དོན་དམ་པར་ནི་མེད་པས་ཆོས་དེ་ནི་བརྗོད་དུ་མེད་པ་ཡིན་ཞེས་བསྟན་ཏོ།། གལ་ཏེ་དེ་ལྟར་གཟུང་བ་རིལ་པོ་མེང་ན་དེའི་ཚེ་དེར་འཛིན་པ་ཡང་མེད་པས་ཇི་ལྟར་ཐ་སྙད་ཀྱིས་རིལ་པོར་འཛིན་པ་ཞེས་བྱ ་སྙམ་པ་ལ་བརྟགས་ནས་དེ་ཡང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་བཟུང་ངོ་ཞེས་བྱ་བ་གསུངས་སོ།། བྱིས་པ་རྣམས་ནི་འཁྲུལ་པའི་དབང་གིས་མེད་པ་ལ་ཡང་ཡོད་པ་ལྟར་འཛིན་པས་དེའི་བསམ་པའི་དབང་གིས་ཐ་སྙད ་བཏགས་པ་སྟེ། འགལ་བ་མེད་དོ་ཞེས་དགོངས་པའོ།། དེའི་ཕྱིར་དེ་དག་ནི་བྱིས་པ་རྣམས་ཞེས་བྱའི་དེ་ལྟོ་མ་ཡིན་ན་ནི་དངོས་པོ་ཇི་ལྟ་བ་བཞིན་ཐ་སྙད་བཏུགས་པའི་ཕྱིར་དེ་དག་བྱིས་པ་རྣམས་སུ་ཇི་ལྟར་འགྱུར། འདིར་ཇི་ལྟར ་སེམས་རབ་ཏུ་གཟུང་བར་བྱ་བ་ནི་བསྟན་ཟིན་ཏོ།། རྒྱ་ཆེ་བ་དང་ཟབ་པ་ཡང་འདིར་སྔར་མ་བཞིན་དུ་སྦྱར་རོ།། འདིས་ནི་གང་གི་ཚེ་དངོས་པོ་མཐའ་དག་དོན་དམ་པར་རང་བཞིན་གྱིས་སྟོང་པ་དེའི་ཚེ། དེ་བཞིན་གཤེགས་པ ་གཟུགས་ཀྱི་སྐུ་དང་ཡེ་ཤོས་ཀྱི་དོན་དམ་པར་རང་བཞིན་དང་བཅས་པར་ག་ལ་འགྱུར་ཏེ། རྩ་བ་སེམས་ཅན་མེད་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ།། ད་ནི་རབ་འབྱོར་གང་ལ་ལ་ཞིག་ཅེས་བྱ་བ་ལ་སོགས་པས་ནི་གནས་ཐར ་ཅད་དུ་རྣལ་འབྱོར་དུ་སྙོམས་པར་འཇུག་པ་གཅེས་པར་གྱུར་པས་ཐབས་གང་གིས་ཐམས་ཅད་དུ་མཉམ་པར་བཞག་པར་བྱ་བ་དེ་སྟོན་ཏོ།། མཚམས་ནི་འདི་ལྟར་སྦྱར་ཏེ། གལ་ཏེ་རིལ་པོར་འཛིན་པ་མེད་ན་དེའི་ཚེ་དེའི ་རྩ་བ་ལས་བྱུང་བ་འཇིག་ཚོགས་ལ་ལྟ་བ་མེད་པ་ཉིད་ཡིན་པས་ན་བཅོམ་ལྡན་འདས་ཀྱིས་ལྟེ་བ་ལྔ་པོ་དག་ལས་འཇོག་ཚོགས་ལ་ལྟ་བ་ཇི་ལྟར་གསུངས་སྙམ་པོ་དེའི་ཚད་དུ་རབ་འབྱོར་གང་ལ་ལ་ཞིག་ཅེས་བྱ་བ ་ལ་སོགས་པ་གསུང་སོ།། འདི་ལ་ཇི་ལྟར་རྣམ་པར་མི་རྟོག་པར་བྱ་བ་དང་། སུ་རྣམ་པར་མི་རྟོག་པར་བྱེད་པ་དང་། གང་ལ་རྣམ་པར་མི་རྟོག་པར་བྱ་བ་དང་། གང་གིས་རྣམ་པར་མི་རྟོག་པར་བྱ་བ་དང་། ་རྣམ་པར་མི་རྟོག་པ་གང་ཡིན་པ་དེ་བསྟན་པས་རྣལ་འབྱོར་དུ་སྙོམས་པར་འཇུག་པའི་ཐབས་ཡང་དག་པར་སྟོན་ཏོ།། དེ་ལ་རབ་འབྱོར་ལ་ལ་ཞིག་ཅེས་བྱ་བ་ནས་བརྩམས་ཏེ། དེས་ན་བདག་ཏུ་ལྟ་བ་ཞེས་བགྱིའོ་ཞེས་བྱ ་བའི་བར་འདིས་ནི་ཇི་ལྟར་རྣམ་པར་མི་རྟོག་པར་བྱ་བ་དེ་བསྟེན་ཏོ།། ཇི་ལྟ་ཞེ་ན་གཞན་མུ་སྟེགས་ཅན་རྣམས་ཀྱིས་ནི་བདག་ཏུ་བཤད་དེ། བཅོམ་ལྡན་འདས་ཀྱིས་ནི་གང་ཟག་ལ་བདག་མེད་པར་འཇོག་བྱས་བདག་མ ་དགག་པའི་ཕྱིར་བདག་ཏུ་ལྟ་བ་གསུངས་སོ།། བདག་ཏུ་ལྟ་བ་དེ་རྣམ་པར་བཤིག་པས་ཆོས་ལ་བདག་མེད་པར་འཇོག་སྟེ། དེ་ལྟ་མ་ཡ་མཆིས་པར་དེ་བཞིན་གཤེགས་པས་གསུངས་ཞེས་གང་གསོལ་ཏོ།། གལ ་ཏེ་བདག་ཏུ་ལྟ་བ་དྲི་ལ་བདེན་པ་ཉིད་དུ་མི་འཛི་ནུ་ན་ནི་དེ་ལྟར་སྦྱོར་བ་ན་བྱང་ཆུབ་སེམས་དཔའ་རྣལ་འབྱོར་དུ་སྙོམས་པར་འཇུག་པར་འགྱུར་ཏེ། གང་གི་ཕྱིར་རྣམ་པར་རྟོག་པ་དེའི་ཕྱིར་དེ་ནི་དེར་འཇུག་པའི་ཐབས ་ཡིན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དང་། ཐེག་པ་ལ་ཡང་དག་པར་ཞུགས་ཞེས་བྱ་བ་འདིས་ནི་སུ་རྣམ་པར་མི་རྟོག་པར་བྱེད་པ་དེ་ཡོངསུ་སྟོན་ཏོ།། ཆོས་ཐམས་ཅད་ཅེས་བྱ་བ་འདིས་ནི་གང་ལ་རྣམ་པར་མི ་གླུ་པར་བྱ་བ་དེ་བསྟན་ཏོ།། ཤེས་པར་བྱ་བལྟ་བར་བྱ། མོས་པར་བྱ་ཞེས་བྱ་བ་འདིས་ནི་གང་གིས་རྣམ་པར་མི་རྟོག་པར་བྱ་ཞེ་ན། ཤེས་པ་དང་ལྟ་བ་དང་། མོས་པས་སོ།། དེ་ལ་ཤེས་པ་ནི་ཐོས་པའི་ཤེས་རབ་བོ།། ལྟ་བ་ནི་བྱསམས ་པའི་ཤེས་རབ་སྟེ། དེ་ནི་རྟོགས་པར་བྱེང་བའི་ཕྱིར་རོ།། མོས་པོ་ནི་བསྒོམས་པའི་ཤེས་རབ་སྟེ། ལྷག་པར་འདོད་པ་ནི་འདོར་མོས་པའི་སྦྱར་རྗོང་པར་འདོད་པའོ།། དེ་ནི་བསྒོམས་པའི་སྟོབས་ཀྱིས་འགྲུབ་སྟེ། དེ་བས་ན་བསྒོམས ་པ་ལས་བྱུང་བའི་ཤེས་རབ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་གནས་སྐབས་ན་མོས་པའི་སྒྲར་གསུངས་སོ།། ནི་ནས་ཆོས་སུ་འདུ་ཤེས་པ་ལ་ཡང་མི་གནས་པ་དེ་ལྟར་མོས་པར་བྱའོ།། ཞེས་བྱ་བ་འདིས་ནི་རྣམ ་པར་མི་རྟོག་པ་གང་ཡིན་པ་དེ་སྟོན་ཏོ།། དེ་འདུ་ཤེས་མེད་པར་དེ་བཞིན་གཤེགས་པས་གསུངས་ཞེས་བྱ་བ་ནི་འདིར་གཏན་ཚགས་སུ་གསུངས་སོ།། འདུ་ཤེས་པར་བྱ་བ་གང་ཡང་མེད་པ་ཉིད་ཀྱང་གཅིག་དོང་དུ་མའི་རང ་བཞིན་གྱིས་སྟོང་པའི་ཕྱིར་དོན་དམ་པར་དེ་འདུ་ཤེས་མེད་པའོ།། དེ་བཞིན་གཤེགས་པས་ཀུན་རྫོབ་ལ་བརྟེན་ནས་ཕྱོགས་གཞན་དུ་གསུངས།། དེ་ཡང་བརྫུན་པའི་དོན་དུ་ཤེས་ཤིང་གནས་ན་ཇི་ལྟར་རྣམ་པར་མི་རྟོག་པར། ་མི་འགྱུར་ཞེས་དགོངས་པའོ།། གནས་ཐམས་ཅད་དུ་རྣལ་འབྱོར་དུ་སྙོམས་པར་འཇུག་པའི་ཐབས་ནི་བཤད་ཟིན་ཏོ།། ཀུན་ནས་ཉིན་མོངས་པ་མི་མངའ་བ་ཡང་རྣམ་པ་གཉིས་ཏེ། འཆད་པ་ཀུན་ནས་ཉོན་མོངས་པ ་མི་མངའ་བ་དང་། འཁོར་བའི་ཀུན་ནས་ཉོན་མོངས་པ་མི་མངའ་བའོ།། དེ་ལ་གླལ་ཏེ་ཆོསུ་འདུ་ཤེས་མེད་ན་དེའི་ཚེ་དེ་བཞིན་གཤེགས་པ་སེམས་ཅན་རྣམས་ལ་ཆོས་སྟོན་པ་ན་འདུ་ཤེས་དེ་ཀུན་ཏུ་འབྱུང་། ་ན་ཇི་ལྟར་ཀུན་ནས་ཉོན་མོངས་པར་མི་འགྱུར། ཐུགས་རྗེས་སེམས་ཅན་གྱི་དོན་དུ་ཇི་སྲིད་འཁོར་གྱི་བར་དུ་བཞུགས་ན་ཆོས་འདུ་ཤེས་པས་ཇི་ལྟར་ཀུན་ནས་ཉོན་མོངས་པར་མི་འགྱུར་སྙམ་པ་ལ་བརྟགས་ནས་ཐུགས ་ཕུན་སུམ་ཚོགས་དེ་ཉིད་ཀྱིས། འཆད་པ་ན་ཀུན་ནས་ཉོན་མོངས་པ་མི་མངའ་བ་དང་། ཚིགསུ་བཅད་པས་འཁོར་བའི་ཀུན་ནས་ཉོན་མོངས་པ་མི་མངའ་བ་བསྟན་པའི་ཕྱིར་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས ་སོད་སྔར་སྐྱབས་གཞན་ནུས་འཇིག་རྟེན་གྱི་ཁྱམས་རྣམས་ཀྱི་བསྔགས་པ་རྣམས་རབ་ཏུ་བསྟན་པས་ནི་ཕན་ཡོན་བསྔགས་ཀྱི། ད་ནི་ཀུན་ནས་ཉོན་མོངས་པ་མི་མངའ་བའི་སྐབས་འཇིག་རྟེན་གྱི་ཁམས་མཐའ ་ཡུས་པ་སྟོན་པས་ཕན་ཡོན་མི་བརྗོད་དོ།། ཚིགས་ཟློས་པར་མི་འགྱུར་རོ།། འདིར་ཡང་རིགས་པ་ནི་སྔ་མ་བཞིནྡ་དུ་བརྗོད་པར་བྱའོ།། བླངས་ནས་ཞེས་བྱ་བ་ནི་ཁ་ཏོན་དུ་བསླབས་པའོ།། འཛིན་ཏམ་ཞེས་བྱ་བ་ནི་ཚིག ་གོ། ཀློག་གམ་ཞེས་བྱ་བ་ནི་གླེགས་བམ་ལ་སོགས་པ་ཀློག་པའོ།། ཀུན་ཆུབ་པར་བྱེད་པ་ཞེས་བྱ་བ་ནི་དོན་འཛིན་ཅེས་བྱ་བའི་ཐ་ཚིག་གོ། འདིས་ནི་གང་གི་ཕྱིར་ཆོས་འདི་དོན་ཆེ་བ་དེའི་ཕྱིར་བྱང་ཆུབ་སེམས་དབས ་ཆོ་སྣ་བསྟན་པ་དོན་ཆེན་པོ་འདི་ལྟ་བུ་ལ་འདུན་པ་དང་སྨོན་ལམ་གྱིས་གདོན་མི་ཟ་བར་གནས་པར་བྱ་བ་དེ་ཡོངསུ་སྟོན་ཏོ།། བཤད་མོད་ཀྱི་ཇི་ལྟར་ཀུན་ནས་ཉོན་མོངས་པར་མི་འགྱུར་པ་དེ་ལྟར་བཤད་པ་བསྟན ་པའི་ཕྱིར་ཇི་ལྟར་ཡང་དག་པར་རབ་ཏུ་སྟོན་ཅེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དགོངས་པོ་ནི་འདི་ཡིན་ཏེ། ཆོས་ཐམས་ཅད་དོན་དམ་པར་མ་སྐྱེས་པ་བརྗོད་དུ་མེད་པར་བསྟན་པ་བཤད་ཀྱང་ཆོས ་དེ་དག་བརྗོད་དུ་མེད་པའི་བདག་ཉིད་ཀྱིས་མ་བཤད་དོ།། དེ་ནི་འདི་སྐད་དུ་ཇི་ལྟར་འདུལ་བའི་སྐྱེ་བོ་འདི་སྙམ་དུ་ཆོས་ཐམས་ཅད་གཟོད་མ་ནནུས་སྐྱེས་པས་བརྗོད་དུ་མེད་དེ། དེ་བས་ན་དེ་དག་ནི་གང་གིས་ཀྱང་བསྟན་པར ་བྱ་བ་མ་ཡིན་སྙམ་དུ་སེམས་ལྟར་སྟོན་ཏོ་ཞེས་བསྟན་པ་ཡིན་ནོ།། དེ་ལྟར་ན་ཉོན་མོངས་པ་ཅན་མ་ཡིན་པས་སྟོན་པ་ཡིན་ཏེ། ཕྱིན་ཅི་མ་ལོག་པའི་དོན་གྱི་ཕྱིར་རོ།། དེ་ལྟ་མ་ཡིན་ན་ནི་ཕྱིན་ཅི་ལོག་ཏུ་སྟོན་པས་ཉོན་མོངས ་པ་ཅན་དུ་འགྱུར་རོ།། དེ་བས་ན་དེ་བཞིན་གཤེགས་པ་ཆོས་སྟོན་པའི་དུས་ན་དག་པ་འཇིག་རྟེན་པའི་ཡེ་ཤེས་ལ་ཞུགས་པ་ལ། ཆོས་སུ་སྣང་བའི་འདུ་ཤེས་ཀུན་ཏུ་འབྱུང་ཡང་དེ་ལ་ཡང་དག་པ་ཁོ་ནར་མངོན་པར་ཞེན ་བ་མེད་པས་ཉོན་མོངས་པ་ཅན་གྱི་སྐྱོན་དུ་མེད་མི་འགྱུར་རོ།། འདིས་ནི་རྣལ་འབྱོར་དུ་སྙོམས་པར་འཇུག་པ་དང་། སེམས་རབ་ཏུ་གཟུང་བ་དང་ཟབ་པ་བསྟན་ཏོ།། སྔ་མས་ནི་རྒྱ་ཆེ་བ་བསྟན་ཏོ།། ད་ནི་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པའི་ལུས་མཐའ་དག་རྣམ་པར་འཇོག་ཅིང་། ཚིགསུ་བཅང་བས་འཁོར་བའི་ཀུན་ནས་ཉོན་མོངས་པ་མི་མངའ་བ་བསྟན་ཏོ།། ཚིགས་སུ་བཅད་པ་འདིས་ནི་འདུས་བྱས་ཀྱི་མཚན་ཉིད་རྣམ་པ་བཞི་ཡོངས ་བསྟན་ཏེ། རང་བཞིན་གྱི་མཚན་ཉིད་དང་། རོ་མྱང་བའི་ཡུལ་གྱི་མཚན་ཉིད་དང་། ཉེས་དམིགས་རྗེ་སུ་རྟོགས་པའི་མཚན་ཉིད་དང་། ངེས་པར་འབྱུང་བ་རྗེསུ་རྟོགས་པའི་མཚན་ཉིད་།། དེ་ལོ་ཕུང་པོ་ལྔའི་བདག་ཉིད་དངོས་པོ་ཇི ་ལྟར་སྣང་བ་རྟེན་ཅིང་འབྲེལ་པར་འབྱུང་བ་ནི། རྒྱུ་དང་རྐྱེན་རྣམས་ཚོགས་པས་བྱས་པའི་ཕྱིར་འདུས་བྱས་ཞེས་བྱའོ།། དེ་ཐམས་ཅད་ཀྱི་རང་བཞིན་ནི་སྐར་མ་ལྟར་བལྟ་བར་བྱ་སྟེ། ཇི་ལྟར་སྐར་མ་རྣམས་མཚན་མོ་སྣང་བར་འགྱུར ་གྱི། ཉིན་མོ་མི་སྣང་བ་བཞིན་འདུས་བྱས་རྣམས་ཀྱང་མ་རིག་པའི་ཉེས་པའི་མུན་པ་ཡོད་ན་སྣང་གི། ཡེ་ཤེས་ཀྱི་ཉི་མའི་སྣང་བ་བྱུང་བ་ན་མི་སྣང་བས། སྐ་མ་ལྟ་བུའི་རང་བཞིན་དུ་བལྟ་བར་བྱའོ།། གང་ཟག་དང་ཆོས་ལ་ལྟ་བ་ལ ་མངོན་པར་ཞེན་པའི་རང་བཞིན་གྱི་འདུས་བྱས་ནི་དོན་མེད་པ་སྣང་བའི་རྒྱུས་རབ་རིབ་ལྟ་བུར་བལྟ་བར་བྱའོ།། རྣམ་པར་ཤེས་པའི་མཚན་ཉིད་ནི་ལས་ཀྱི་རས་དང་། སྲེད་པའི་སྣུམ་ལ་བརྟེན་དྲི་འབར་བས་མར་མེ་ལྟ་བུར་བལྟ་བར་བྱའོ།། ། ་དེ་ལྟར་དཔེ་དེ་དག་གིས་ནི་འདུས་བྱས་ཀྱི་རང་བཞིན་གྱི་མཚོན་ཉིད་ཡོངསུ་སྟོན་ཏོ།། སྒྱུ་མའི་དཔེས་ནོ་རོ་མྱང་བའི་ཡུལ་གྱི་མཚན་ཉིད་ཡོངསུ་བསྟན་ཏེ། ནོར་བའི་རྣམ་པར་སྣང་བའི་ཕྱིར་རོ།། དེ་ལ་ཉེས་དམིགས་རྗེསུ་རྟོགས ་པའི་མཚན་ཉིད་ནི་རྣམ་པར་གཉིས་ཏེ། མི་རྟག་པར་རྗེསུ་རྟོགས་པ་དང་། སྡུག་བསྔལ་པར་རྗེསུ་རྟོགས་པའོ།། ཟིལ་བའི་དཔེས་ནི་མི་རྟག་པརུ་རྗེས་རྟོགས་པ་བསྟན་ཏེ། ཡུལ་རི་དུ་མི་གནས་པའི་ཕྱིར་རོ།། ཆུ་བུར་གྱི་དཔེས་ནི་སྡུ ་བསྔལ་བར་རྗེསུ་རྟོགས་པ་བསྟན་ཏོ།། ཚར་བ་ནི་ཆུའི་ཆུ་བུར་ལྟ་བུ་སྟེ། ཚུར་བོ་གང་ནཱཾ་ཡང་རུང་བ་ནཱི་འདིར་སྡུག་བསྔལ་ལོ་ཞེས་གསུངས་པའི་ཕྱིར་རོ།། སྡུག་བསྔལ་རྣམ་པ་གསུམ་གྱིས་ཚར་བ་ཐམས་ཅོང་སྡུབ་བསྔལ་དུ་རིག་པར ་བྱ་སྟེ། དེ་ལ་སྡུག་བསྔལ་གྱི་ཚོར་བ་ནི་སྡུག་བསྔལ་གྱིས་སྡུག་བསྔལ་ལོ།། གང་དག་དེ་དང་མཐུན་པའི་འདུ་བྱེད་དེ་དག་ཀྱང་དེ་དང་མཐུན་པ་ཉིད་ཀྱིས་སྡུག་བསྔལ་ལོ།། བདེ་བའི་ཚོར་བ་ནི་འགྱུར་བཱི་སྡུག་བསྔལ་གྱིས་སྡུག་བསྔའོ།། ་གང་དག་དེ་དང་མཐུན་པའི་ཆོས་དེ་དག་ཀྱང་མཐུན་པ་ཉིད་ཀྱིས་སྡུག་བསྔལ་ལོ།། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་དང་། དེ་དང་མཐུན་པའི་དངོས་པོ་དེ་དག་ནི་འདུ་བྱེད་ཀྱི་སྡུག་བསྔལ་སྐྱེ་བ་དང་འཇིག་པའི ་མཚན་ཉིད་ཀྱིས་སྡུག་བསྔལོ།། དེ་ལྟར་ན་འདུ་བྱས་ཐམས་ཅད་སྡུག་བསྔལ་དང་ལྡན་པར་བལྟའོ།། དེ་ལ་ངེས་པར་འབྱུང་བ་རྗེསུ་རྟོགས་པའི་མཚན་ཉིད་ནི་གང་ཟག་དང་ཆོས་སྟོང་པར་རྗེ་སུ་རྟོགས་པའོ།། དམིགས་པར་ངེས་ངེས ་པར་འབྱུང་བས་བཅོམ་ལྡན་འདས་ཀྱིས་ངེས་པར་འབྱུང་བའི་དམིགས་པ་རྣམ་པ་གཉིས་གསུངསོ།། དེ་སྐད་དུ་འཕགས་པ་ཏིང་འཛིན་གྱི་རྒྱལ་པོ་ལས་ཀྱང་གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོག། དེ་དག་བརྟགས་ནས ་གལ་ཏེ་སྒྲོམ་བྱེད་པ།། དེ་ནི་འབྲས་བུ་མྱ་ངན་འདས་ཐོབ་རྒྱུ།། རྒྱུ་གཞན་གང་ཡིན་དེ་ནི་ཞི་མི་འགྱུར།། ཞེས་བསྟན་ཏོ།། འདུས་བྱས་ཐམས་ཅད་ནི་བདག་མེད་པ་རྣམ་པ་གཉིས་དང་ལྡན་ཏེ། འདི་ལྟར་འདས་པ་དང་།། ་ད་ལྟར་བྱུང་བ་དང་མ་འོངས་པའི་བྱེ་བྲག་གིས་འདུས་བྱས་ནི་རྣམ་པ་གསུམ་མོ།། དེ་ལ་གང་དག་འདས་པ་དེ་དག་ནི་དྲན་པ་ཙམ་དུ་གནས་ཏེ།། རང་བཞིན་མེད་པས་ཆོས་དང་གང་ཟག་ཉིད་ཀྱིས་སྟོང་སྟེ། བདག་གིས་བྱིན་གྱིས་བརླབས་པ་མེད། ་དེ་བས་ན་རྨི་ལམ་གྱི་དཔེས་ནཱི་དེ་དགྲ་བདག་མེད་པ་རྣམ་པ་གཉིས་རྗེསུ་རྟོགས་པ་བསྟན་ཏོ།། གློག་གི་དཔེས་ནི། ད་ལྟར་བྱུང་བ་རྫས་གཅིག་དང་དུ་མའི་རང་བཞིན་དང་ལྡན་པས། རང་བཞིན་གཟུང་དུ་མེད་པོའི་ཕྱིར་དེ་རྗེས་རྟོགས་པ ་བསྟན་ཏོ།། མ་འོངས་པ་ནི་མ་ཕྱིན་པའི་བདག་ཉིད་དེ། སྤྲིན་གྱི་དཔེས་ནི་དྲིའི་ས་བོན་གནས་ངན་ལེན་གྱིས་ན་མཁའ་ལྟ་བུའི་སེམས་ལ་སྐྱེད་པའི་ཕྱིར། བདག་མེད་པ་རྣམ་པ་གཉིས་བསྟན་ཏོ།། དེ་བས་འདི་མཐའ་དག་གིས་ནི། འདི། ་ལ་བྱང་ཆུབ་སེམས་དཔའ་རྟག་ཏུ་འདུས་བྱས་ཐམས་ཅད་ཀྱིས་རང་བཞིན་ལ་དེ་ལྟར་བརྟག་པར་འདུན་པ་དང་། སྐྱོན་ལྡན་གྱིས་གནོས་པར་བྱ་བ་ཡོངསུ་བསྟན་ཏོ།། ངེས་པར་འབྱུང་བ་རྗེ་སུ་རྟོགས་པ་བསྟན་པས་ནི་རྣལ་འབྱོར ་དུ་སྙོམས་པར་འཇུག་པ་དང་། སེམས་རབ་ཏུ་གཟུང་བ་བསྟན་ཏོ།། གནས་འདི་མཐའ་དག་གིས་ནི་ཟབ་པ་བསྟན་ཏོ།། ཚིགསུ་བཅད་པ་འདིར་ནི་འདི་ཡོངསུ་བསྟན་པ་ཡིན་ཏེ། ཀུན་ནས་ཉོན་མོངས་པའི་རྩ་བ་ནི་ཕྱིན་ཅི་ལོག ་ཡིན་པས། འདུས་བྱས་ཀྱི་རང་བཞིན་ལ་ལན་མང་དུ་རྟོག་པ་དང་ལྡན་པའི་ཡིད་ལ་བྱེད་པ་ཅན་གཞན་ཡང་དེ་ལྟར་འདུ་བྱེད་ལ་རབ་ཏུ་རྟོག་པས་ཕྱིན་ཅི་ལོག་མེད་པའི་ཕྱིར། ཀུན་ནས་ཉོན་མོངས་པར་མི་འགྱུར་ན། དེ་བཞིན་གཤེགས་པ་དངོས ་བོ་མཐའ་དག་གི་རང་བཞིན་ཇི་ལྟ་བ་བཞིན་དུ་བསྒོམས་པ། ཕྱིན་ཅི་ལོག་གི་དྲ་བ་མཐའ་དག་དང་བྲལ་བ། ཀུན་ནས་ཉོན་མོངས་པར་ཇི་ལྟར་འགྱུར། དེ་བས་ན་འདུས་བྱས་ཀྱི་སྐྱོན་མཐའ་དག་ཀྱང་ཐུགསུ་ཆུད་པ། དེ་བཞིན་གཤེགས་པ ་པདྨ་དང་འདྲ་བར་འཁོར་བའི་ཉེས་པའི་ཆུས་མི་གོས་པའི་ཐུགས་མངའ་བ། འགྲོ་མཐའ་དག་མངོན་པར་དྲང་བར་ཐུགས་དམ་བཅས་པ། འབྲས་བུ་དང་བཅས་པར་མཛོད་པ། ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཐུགས་ཅན། དུས་མེད་པར ་འགྲོ་བ་ལས་ཕན་པ་དང་བདེ་བསྒྲུབ་པའི་དགོངས་པས་འཁོར་བའི་འཁོར་ལོ་འཁོར་བ་ཇི་སྲིད་པར་བཞུགས་པར་ཤེས་པར་བྱའོ།། དེ་སྐད་དུ་འཇིག་རྟེན་སྐྱིད་པར་མཛད་སླད་དུ། འཁོར་དང་མྱ་ངན་འདས་མི་གནས།། ཞེས་བཤད།། ་ཡང་སེམས་ཅན་ཐམས་ཅད་ལ་གཟིགས་པའི་ས་ལ་བཞུགས་པ་ཞེས་ཀྱང་གསུངས་སོ།། དུས་གསུམ་བཞུགས་པའི་ཐུབ་པ་རྣམས་བསྐྱེད་པ།། འདི་ལྟར་བདག་གིས་ཅི་ནུས་བཤད་པ་ཡི།། བསོད་ན་མོས་རྒྱ་ཆེན་མཁའ་འདྲ་ཐོབ་པ་ངེས།། ་འཇིག་རྟེན་མུན་སེལ་སངས་རྒྱས་ཉིད་གྱུར་ཅིག། འཕགས་པ་རྡོ་གཅོད་པ་དབུ་མའི་ཚུལ་དུ་རྒྱ་ཆེར་འགྲེལ་པ། སློབ་དཔོན་ཀ་མ་ལཾ་ཤཱི་ལས་མཛད་པོ་རྫོགས།། རྒྱ་གར་གྱི་མཁན་པོ་མཉྫུ་ཤྲཱི་དང་། ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙ་བནྡ་ཡི་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་བ་མོ།། ་