| Wylie | e-texts produced with BDRC’s OCR application |
ཁ་ཆེའི་པཎྜི་ཏཱ་ཆེན་པོ་སུ་མཱ་ན་ཤྲཱི་དང་། བོད་ཀྱི་ལོ་ཚ་བ་དགེ་སློང་རིན་ཆེན་གྲུབ་ཀྱི་བསྒྱུར་བའོ།། ། རྒྱ་གར་སྐད་དུ། བྷ་ག་བྷ་ཏི་པྲཛྙཱ་པཱ་ར་མི་ཏཱ་ན་བ་ཤློ་ཀ་ཎཱནྡ། བོད་སྐད་དུ། བཅོམ་ལྡན་འདས ་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྡུས་པའི་ཚིགས་སུ་བཅད་པ་དགུ་པ། འཇམ་དེ་པལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་རྒྱ་མཚོ་སྟེ།། དགེ་བ་རིན་ཆེན་འབྱུང་གནས་རང་ཉིད་ཡིན། ་ཕ་རོལ་ཕྱིན་པ་དག་ནི་ཐམས་ཅད་ཀྱང་།། དེ་རུ་དེ་ཡི་བདག་ཉིད་དག་གིས་གནས།། སྤྲོས་པ་མེད་ཅིང་སྣང་བ་མེད།། རྣམ་རྟོག་མེད་ཅིང་སྐྱོན་དང་བྲལ།། རང་བཞིན་མཆོག་ཤིན་ཏུ་ཕྲ།། ཐིག་ལེ་སྒྲ་ནི་རྣམ་པར་སྤངས།། ཤེས་རབ་ཕ་རོལ ་སྦྱིན་ཡུམ་ནི།། སངས་རྒྱས་ཐམས་ཅད་བསྐྱེད་པའི་མཆོག། རྗེས་སྒྱུ་མི་དམིགས་གསུམ་གྱི་ཚུལ།། ཐམས་ཅད་མཁྱེན་པའི་སྤྱོད་ཡུལ་གྱི།། ཤེས་རབ་ཕ་རོལ་ཕྱིན་པ་ནི།། གང་ཞིག་ཡང་དག་སྒོམ་འདོད་པས།། དེས་ནི་ཚིག ་བཅད་དགུ་པའི་དོན།། མདོར་བསྡུས་པ་ནི་བསམ་པར་བྱ།། ལས་ཀྱི་མཐུ་ལས་བྱུང་བ་ཡི།། སྐྱེ་མཆེད་དྲུག་གི་མཚན་ཉིད་ཅན།། ཡིད་སྲོད་ཅེས་བྱར་གྲགས་པ་ཡིན།། དེ་ནི་མིག་ཡོར་དག་དང་མཚུངས།། ཇི་ལྟར་སྤྲུལ་པའི་གྲོང་ཁྱེར་ལ།། ་སྤྲུལ་པ་རྣམ་པར་ལྟ་བ་བཞིན།། ལས་རྣམས་ཀྱིས་སྦྲུལ་འགྲོ་བ་ཡིས།། གཟུགས་རྣམས་དེ་བཞིན་མཐོང་བར་འགྱུར།། ཆོས་རྣམས་སྟོན་པའི་སྒོ་དང་ནི།། ཐོས་པའི་སྤྱོད་ཡུལ་གང་ཅིའང་རུང་།། མཉན་བྱ་ཐོས་པ་བྱུང་གྱུར་པ།། ཐམས་ཅད ་བྲག་ཆ་ལྟ་བུ་ཡིན།། ཡུལ་ལ་ཆགས་པས་སྣོམ་པ་དང་།། མྱང་དང་དེ་བཞིན་རེག་པ་རྣམས།། དམིགསུ་ཡོད་པ་མ་ཡིན་ཏེ།། འདི་དག་ཐམས་ཅད་རྨི་ལམ་འདྲ།། ཇི་ལྟར་སྒྱུ་མའི་འཁྲུལ་འཁོར་མི།། བྱ་བ་ཐ་དད་བྱེད་པ་ལྟར།། ལུས་ཀྱི ་འཁྲུལ་འཁོར་བདག་མེད་འདི།། དེ་བཞིན་བྱ་བ་བྱེད་པར་འགྱུར།། དམིགས་པ་སྣ་ཚོགས་གང་དང་གང་།། སྐད་ཅིག་རེ་རེ་འབྱུང་འགྱུར་བ།། མཐོང་ན་འཇིག་ཅིང་མཚན་ཉིད་བྲལ།། འདི་ནི་སྨིག་རྒྱུ་དག་དང་མཚུངས།། གཟུང་བྱ་གཟུགས་བརྙན ་ལྟ་བུ་སྟེ།། ཐོག་མ་མེད་པའི་སེམས་ལས་བྱུང་།། རྣམ་པར་ཤེས་པའང་དེ་འདྲ་སྟེ།། ཕན་ཚུན་གཟུགས་བརྙན་དང་མཚུངས།། སྒོམ་པ་དང་བའི་རྒྱུད་ལ་ནི།། ཡེ་ཤེས་ཟླ་བ་གང་བྱུང་བ།། མངོན་སུམ་ཡོད་པ་མ་ཡིན་ཏེ།། ད་ནི་ཆུ་ཟླ་དག་དང ་མཚུངས།། རྣལ་འབྱོར་པ་ཡི་ཡེ་ཤེས་གང་།། དེ་ཡང་ན་མཁའི་མཚན་ཉིད་དེ།། དེ་བས་ཤེས་དང་ཤེས་བྱ་དག། ཐམས་ཅད་ན་མཁའི་མཚན་ཉིད་དོ།། དེ་ལྟར་དེ་བཞིན་ཉིད་སེམས་པ།། དངོས་པོ་ཀུན་ལ་མི་གནས་ཏེ།། བྱང ་ཆུབ་སྨོན་པའི་སེམས་ཀྱིས་ནི།། ཡེ་ཤེས་དེ་ལྟར་འབྱུང་བར་འགྱུར།། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྡུས་པའི་ཚོགས་སུ་བཅད་པ་དགུ་པ། སློབ་དཔོན་ཆེན་པོ་ཀམྦ་ལའི་ཞལ་སྔ་ནས་མཛད་པ་རྫོག་སོ།། ། ་རྒྱ་གར་གྱི་མཁན་པོ་ཨ་ཙརྱ་ཤྲདྡྷ་ཀཱ་ར་བརྨ་དང་། ཞུ་ཚུན་གྱི་ལོ་ཙེ་བ་བནྡེ་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ། རྒྱ་གར་སྐད་དུ། བྷ་ག་བ་ཏི་པྲཛྙཱ་པཱ་ར་མི་ཏྲ་ན་བ་ཤློ་ཀ་པིཙྪིརྠ་ཊཱི་ཀཱ། བོད་སྐད་དུ། ་