| Wylie | e-texts produced with BDRC’s OCR application |
དཔལ་ལ་བ་པའི་ཞབས་ཀྱིས་མཛད་པ་རྫོགས་སོ།། ཁ་ཆེའི་པཎྜི་ཏ་ཆེན་པོ་སུ་མ་ནི་ཤྲྀ་། བོད་ཀྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་གྲུབ་ཀྱིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཨཱརྱས་པྟ་ཤྭ ་ཀི་ཀཱ། བྷ་ག་བ་ཏི་པཱུཛྙཱ་པཱ་རཱ་མི་ཏཱ་སཱུ་ཏྲ། བོད་སྐད་དུ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། འཕགས་མ། ཚོགས་སུ་བཅད་པ་བདུན་མ་ཞེས་བྱ་བའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་མ་འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ལ ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐུགས་རྗེ་ཆེན་པོ་ཅན། འཕགས་པ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། ཏདྱ་ཐཱ། ཨོཾ་ཛྙཱ་པྲ་ཏཱི་ཏིཿཱཀྵ་ཡ་ཀོ་སྲི་པྲ་ཏི་བྷ་བ་ཏེ། སརྦ་བུད་དྷ་ཨ་བ་ལོ་ཀི་ཏེ་ཡོ་ག་པྲ་ཏི ་ནཻནིསྨིནྣི། གཾ་བྷཱི་རརྠ་བི་ག་ཧི་ཏྲེ་ཊི་པཱ་ར་ནིསྨནྣ། བེ་དྷི་སཏྭཱ་སཾ་ཛུ་ནུ་ནཱི། སརྦ་བི་སེ་ཥ་བི་ས་ཀཱ་སརྦ་ཏ་ཐཱ་ག་ཏཱ་བྷཱ་སྱ་རཱི། སརྨ་རཱ་གྲ་ར་ས་སཱི་རོཿདྷརྨ་རཱ་ཛ་བྷཱ་ས་ཏཱི། ཨ་མོ་གྷ་སུ་དྷི་ནཱི། མྲི་ཧཱ་ས་མནྟ་རུ་ཏ་རུ་དྷ་ནིནྡ་རི། བྱཱ་ཀ་ར་ཎ་པཱ་རི་པྲ ་དྷ་ནི་སརྦ་བུད་དྷེ་བོ་དྷི་སཏྭཱ་སཾ་ཛྲ་ནཱ་ནཱི། བྷ་ག་བི་ཏྱཾ་བྷུད་དྷ་མཱཾ་དཱ། ཨོཾ་ཨ་རེ་གཱི་མ་ཧཱ་པྲཛྙཱ་པ་ར་མི་ཏཱ་སྭཱ་ཧཱ། གང་དུས་ཅིག་ན་རྗེས་སུ་དྲན་པར་བྱེད་པ་དེ། བསྐལ་པ་དཔག་ཏུ་མེང་པར་ལྷན་ཅིག་ཉེ་བར་བསགས་པའི་ལས་ཀྱི་སྒྲིབ་པ ་མེད་པ་དང་། སངས་རྒྱས་སྟོང་གི་ཉེ་བར་བསགས་པའི་དགའ་བ་ཐམས་ཅད་ཡང་དག་པར་བསྡུས་པ་དང་། གང་འཁོར་བར་བདེ་བ་དང་ལྡན་པར་བྱེད་པར་འགྱུར་བ་དང་། སྐྱེ་བ་སྐྱེས་ནས་ཀྱང་། འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྟོང ་ཕྲག་ས་སོར་རྙེད་པར་འགྱུར་རོ།། འཆི་བའི་དུས་ཀྱི་ཆ། སངས་རྒྱས་སྟོང་མཐོང་བར་འགྱུར་རོ།། ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་ཉེ་བར་འགྲོ་བར་འགྱུར་རོ།། ཉིན་ལན་གསུམ ་མཚན་ལན་གསུམ་དུ་ཉིན་རེ་ལ་ལེན་ཉི་ཤུ་རྩ་གཅིག་བརྗོད་ན། ཉི་མ་ཉི་ཤུ་རྩ་གཅིག་པ་ལ་སངས་རྒྱས་བཅོམ་ལྡན་འདས་པད་མའི་གདན་ལ་བཞུགས་པ་མཐོང་བར་འགྱུར་རོ།། ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཞིང ་རྣམས་སུ་འགྲོ་བར་འགྱུར་རོ།། སངས་རྒྱས་སེམས་དཔའ་ཡང་དག་པའི་མདོ་དག་པའོ།། ཞེས་སོ།། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཚིགས་སུ་བཅད་པ་བདུན་མའི་མདོ་རྫོགས་སོ།། ། ་ཁ་ཆེའི་པཎྜི་ཏཱ་ཆེན་པོ་སུ་མཱ་ན་ཤྲཱི་དང་། བོད་ཀྱི་ལོ་ཚ་བ་དགེ་སློང་རིན་ཆེན་གྲུབ་ཀྱི་བསྒྱུར་བའོ།། ། རྒྱ་གར་སྐད་དུ། བྷ་ག་བྷ་ཏི་པྲཛྙཱ་པཱ་ར་མི་ཏཱ་ན་བ་ཤློ་ཀ་ཎཱནྡ། བོད་སྐད་དུ། བཅོམ་ལྡན་འདས ་