CLOSE WINDOW

GT3211: 'phags pa shes rab kyi pha rol tu phyin ma bsdus pa'i tshig le'u'r byas pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཨཱརྱ་པྲཛྙཱ་པཱ་ར་མི་ཏཱ་སྟྭཾ་གྲཱ་ཧ་ཀཱ་རུ་ཀཱ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་བསྡུས་པའི་ཚིག་ལེའུར་བྱས་པ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་མ་ལ་ཕྱག་འཚལོ།། ཤེས་རབ་ཀྱི་ཕ་རོལ་ཕྱིན་གཉིས་མང་།། ཡེ་ཤེས་དེ་ནི་དེ་བཞིན་གཤེགས།། བསྒྲུབ་བྱ་དོན་དེ་དང་ལྡན་པས།། གཞུང་ལམ་དག་ལ་དེའི་སྒྲ་ཡིན།། རྟེན་དང་དབང་དུ་བྱ་བ་དང་།། ལས་ནི་སྒོམ་པ་དང་བཅས་དང་།། ་རབ་དབྱེ་རྟགས་དང་ལྟུང་བ་དང་།། ཕན་ཡོན་བཅས་པར་ཡང་དག་བརྗོད།། དང་ལྡན་འཇུག་པའི་ཡན་ལག་ཏུ།། སྟོན་པ་དབང་པོ་འཁོར་དང་ནི།། ཡུལ་དུས་དག་ཀྱང་ངས་བསྟན་པ།། སྡུད་པོ་རང་ཉིད་ཚད་མར་ནི།། རབ་གྲུབ་ཕྱིར ་ཡིན་འཇིག་རྟེན་ན།། ཡུལ་དང་དུས་ཀྱིས་ཉེར་མཚོན་ཞིང་།། དབང་པོར་བཅས་པ་སྨྲ་བ་ཡི།། སྨྲ་པོ་ཚད་མར་རྗེ་སུ་རྟོགས།། ཚིག་ཕྲད་བདག་ཐོས་ལ་སོགས་པ།། འདི་དག་ཐམས་ཅད་ཞར་ལ་ནི།། བརྗོད་པ་ཡིན་ཏེ་གཙོ་བོའི ་དོན། སུམ་ཅུ་རྩ་གཉིས་དེ་དག་ཉིད།། སྟོང་པ་ཉིད་ཀྱི་དབྱེ་བ་ནི།། རྣམ་པ་བཅུ་དྲུག་བརྒྱད་སྟོང་པར།། རིམ་པ་ཇི་བཞིན་བརྗོད་པ་ནི།། གཞན་གྱིས་བསྟན་པར་ཤེས་པར་བྱ།། དེ་ལྟར་ཇི་སྐད་བཤད་དོན་གྱི།། བརྒྱད་སྟོང་འདིར་དོན་མ་ཚང་མེད ་འདིར་གསུང་བསྡུས་པ་ཡིན་འདོད་དེ། དོན་ནི་ཇི་སྐད་བརྗོད་དེ་ཉིད། བྱང་ཆུབ་སེམས་དཔའ་དེ་ཉིད་དུ།། ངས་མ་མཐོང་ཞེས་ཐུབ་པས་གསུངས། ཟ་བོ་ནང་གི་དངོས་རྣམས་ཀྱི།། སྟོང་པ་ཉིད་ནི་དེ་ཡིས་བརྗོད།། གཟུགས་ནི་གཟུག ་ཀྱི་རང་བཞིན་གྱིས།། སྟོང་པ་ཞེས་ནི་གསུངས་པའི་ཕྱིར། བཟའ་བར་བྱ་བ་ཕྱི་ཡི་ནི། སྐྱེ་མཆེད་རྣམས་ཀྱང་འདིར་པ་ཀའོ།། གཟུགས་སོགས་མེད་ན་དེ་ཡི་ནི།། ལུས་གནས་མཚན་ཉིད་ཟད་པའི་དོན།། རྟོགས་ཉིད ་གང་གིས་དེ་མཐོང་པ། དེ་ཡང་ནང་པ་ཡིན་ཕྱིར་མེད།། གང་ཕྱིར་ནང་རྣམས་སྟོང་ཉིད་ན།། རིང་བཞིན་ཡང་ནི་སྟོང་པ་ཉིད་།། འདི་ལྟར་རྣམ་ཤེས་རང་བཞིན་རིགས།། བརྩེ་དང་ཤེས་རབ་བདག་ཉིད་ཡིན།། སེམས་ཅན་སྐྱེ་མེད ་འགག་པ་ཡང་།། མེད་ཅེས་སོགས་ཀྱིས་སེམས་ཅན་དང་། འཁོར་བ་དག་ནི་སྟོང་ཉིད་གཅོད།། དེས་ནི་གསལ་བར་བསྟན་པ་ཡིན།། སངས་རྒྱས་ཆོས་དང་དེ་བཞིན་དུ།། བྱང་ཆུབ་སེམས་དཔའི་ཆོས་རྣམས་ནི།། མི་མཐོང ་ཞེས་བྱ་ལ་སོགས་ཀྱི།། སྟོབས་བཅུ་ལ་སོགས་སྟོང་པར་བསྟན། གང་ཕྱིར་ཆོས་རྣམས་སོ་ལོང་ན།། སོ་སོར་བརྟགས་ཞེས་རབ་བརྗོད་པ།། དེས་ན་ཆོས་རྣམས་དོན་དུ།། ཡོད་མིན་ཞེས་ཀྱང་བརྗེད་པ་ཡིན། གང་ཕྱིར་བདས་སོམས་ལྟ ་ནི། ཆེན་པོ་གཅོད་མཇེད་དེ་ཡི་ཕྱིར།། བཅོམ་ལྡན་འདས་ཀྱིས་རྣམ་ཀུ་ད~ཾ་ཏྲ། ག་འདས་ཉིད་དུ་གསུངས།། ཆོས་རྣམས་ཐམས་ཅད་ལཱ་སྐྱེགནས། རྗོད་པ་མཛད་པའི་དུ།། དེ་ཉིད་རིགས་པོས་རྣམས་ཀུར ་ཆོས་ཀྱི་བདག་མེད་གསུངས་པོ་ཡིན།། ཁན་མ་ཐོ་བཅས་མེད་རྣམས། འཕེལ་དང་ཉམས་པ་མེད་པའི་ཧི་རེ།། འདུས་པས་འདུ། མ་བྱས་པ་ལི། ད་པེམ་རྣམས་ས་དགེ་བ་རྣམས་སྟོང་པ་ན།། དེར་བརྟམ ་དེ་བཞིན་དུ།། གཞག་ཉིད་དེ་ནི་སྟོང་ཉིད་ཀྱི།། རབ་ཏུ་དབྱེ་བ་བསྡུས་པ་ཞེས།། སེམས་ཀྱི་རྣམ་པར་གཡེང་བ་བཅུས།། གཞན་ལས་སེམས་ནི་རྣམ་གཡེངས་པས།། བྱིས་པ་རྣམས་ལ་གཉིས་མེད་ཀྱི།། ཡེ་ཤེས་སྒྲུབ་པའི་སྐལ་བ་མེད།། ་དེ་དགྲ་ཕན་ཚུན་གཉེན་པོ་དང་།། མི་མཐུན་ཕྱོགས་ཀྱིས་བཟློག་པའི་ཕྱིར།། ཤེས་རབ་ཕ་རོལ་ཕྱིན་གཞུང་སྟེ།། དེ་རྣམས་ཀྱང་ནི་བསྡུས་ཏེ་བསྟན།། སྟོན་པས་ཕུང་པོ་ཀུན་རྫོབ་པ། གཟིགས་ཕྱིར་བྱང་སེམས་དཔའ་ཡོད་ཅེས།། གང་གསུངས ་པ་ཡིས་དངོས་མེད་ཀྱི།། རྟོགས་པའི་གཡེང་བ་འགོག་པ་ཡིན།། འོངས་ནི་བརྒྱད་སྟོང་ལ་སོགསུ།། དང་པོའི་ངག་ནས་བརྩམས་ནིས་ནི།། རྫོགས་པའི་བར་ནི་སྒྲུབ་པ་ཡིས།། དངོས་མེད་རྟོག་པ་འགག་བྱ་ཡིན།། འདི་དག་གཏན་ཚིགས་ངག ་ཡིན་ཏེ།། བྱ་བ་ཙམ་ཞིག་སྨོས་པ་ཡིན།། རིགས་པ་ཚངས་པའི་དྲ་བ་སོགས།། མདོ་ཀུན་ཏུ་ནི་ཤེས་པར་བྱ།། བདག་གིས་བྱང་ཆུབ་སེམས་དཔའ་ནི།། མ་མཐོང་ཞེས་སོགས་རྒྱས་རྣམས་ཀྱིས།། བཅོམ་ལྡན་དངོས་པོ་ཀུན་རྟོག་གི།། འཁྲུལ ་པ་འགོག་པར་མཛད་པ་ཡིན།། གང་ཕྱིར་མིང་ཡང་མ་མཐོང་ཞིང་།། སྤྱོད་ཡུལ་དང་ན་བྱ་བ་དང་།། ཕུང་པོ་ཀུན་ནས་དེ་བཞིན་དེས།། བྱང་ཆུབ་སེམས་དཔའ་མཐོང་བ་མེད།། འདི་ནི་བརྟགས་པ་འགོག་པ་ཡིན།། དེ་འདྲ་བསྡུས་པའི་ལྟ་བ ་སྟེ། ཤེས་བྱ་ཉིད་དུ་བློར་ཞུགས་པའི།། རྣམ་པ་ཐམས་ཅད་བརྟགས་པ་ཡིན།། ཤེས་རབ་ཕ་རོལ་ཕྱིན་པར་ནི།། བསྟན་པ་གསུམ་ལ་ཡང་དག་བརྟན།། བརྟགས་པ་དང་ནི་གཞན་དབང་དང་།། ཡོངསུ་གྲུབ་པ་ཁོ་ནའོ།། མེད་ཅེས་བྱ ་ལཱ་སོགས་ཚིབ་གིས།། བརྟགས་པ་ཐམས་ཅད་འགོག་པ་སྟེ།། སྒྱུ་མ་ལ་སོགས་དཔེ་རྣམས་ཀྱིས། གཞན་གྱི་དབང་ནི་ཡང་དག་བསྟན།། རྣམ་པར་བྱང་བ་བཞི་ཡིས་ནི།། ཡོངསུ་གྲུབ་པ་རབ་ཏུ་བསྒྲགས།། ་ཤེས་རབ་ཕ་རོལ་ཕྱིན་པར་ནི།། སངས་རྒྱས་ཀྱིས་ནི་གཞན་བསྟན་མེད།། ཀུན་རྟོག་གཡེང་བ་རྣམ་པ་བཅུ་ཡི།། མི་མཐུན་ཕྱོགས་བསྟན་ཚུལ་ལ་ནི།། གསུམ་པོ་བསྡུས་དང་སོ་སོ་བ།། འདིར་བརྗོད་པར་ནི་ཤེས་བྱ་སྟེ།། ་དཔེར་ན་གྲུབ་དང་གཞན་དབང་དང་།། རབ་ཏུ་བརྟགས་པས་དག་དང་པོར།། དངོས་པོ་མེད་པར་རང་བཞིན་གྱིས།། རྣམ་པར་ཀ་ཡེང་བ་སེལ་བ་བཞིན།། དེས་ན་སངས་རྒྱས་དེ་བཞིན་དུ།། བྱང་ཆུབ་མ་ཐོབ་པར་བརྗོད་པ།། ཡོངས ་རྫོགས་པའི་བར་གྱིས་འདིར།། བརྟགས་རྣམས་བསལ་བར་ཤེས་པར་བྱ།། ངོ་བོས་སྟོང་པའི་གཟུགས་རྣམས་ལ།། གང་དུ་འམ་གང་གིས་སྒྲོ་བདོགས་འགྱུར།། དེས་ན་ངག་གཞན་རྣམས་ལ་ཡ། དེ་བཟློག་པར་ནི ་རྟོགས་པར་བྱ།། སྟོང་པ་ཉིད་ཀྱིས་ནི་མི་སྦྱོང་ཞེས།། བྱ་བའི་ངག་ནི་སྟོད་པ་ན། སྐུར་པ་ཡི་རྀ་རྣམ་རྟོགས་རྣམས།། ཐམས་ཅད་དུ་ནི་སེལ་བ་བསྲུངས། དེ་བཞིན་སངས་རྒྱས་སྒྲ་འདྲ་དང་།། དེ་ནི་དྲི་ཞེས་བྱ ་ཡང་། ཚུལ་འདི་ཉིད་ནི་མཁས་རྣམས་ཀྱིས།། ངག་གཞན་དག་ལའང་ཤེས་པར་བྱ།། གཞི་མཐུན་པ་ཡིས་རྒྱལ་བ་ནི། སྒྱུ་མ་ལྟ་དྲིར་རབ་བརྗོད་ཅིང་།། སྒྱུ་མ་ལྟ་བུ་ལ་སོགས་པའོ།། སྒྲ་རྣམས་ཀྱིས་ཀྱང་གཞན ་དབང་བརྗོད།། སོ་སོའི་སྐྱེ་བོའི་ཤེས་པ་གང་།། རང་བཞིན་གྱིས་ནི་རྣམ་བྱང་བ།། དེ་ལ་སངས་རྒྱས་སྒྲར་བརྗོད་དེ།། བྱང་ཆུབ་སེམས་དཔའ་ལ་རྒྱལ་བཞིན།། མ་རིག་པས་ནི་དབང་བྱས་ཏེ།། རང་གིས་རང་བཞིན ་རབ་བསྒྲིབས་ནས།། སྒྱུ་མ་ལྟ་བུར་གཞན་དུ་སྣང་།། འབྲས་བུ་རྨི་ལམ་བཞིན་དུ་སྤོང་།། གཉིས་མེད་གཞན་དུ་སྣོང་བཱ་ན།། འབྲས་བུ་ལ་ཡང་སྐུར་རྣམས་ཀྱིས།། སྐུར་པའི་རྣམ་པར་རྟོག་རྣམས་ལ།། སྐུར་པར་བྱེད། ་པར་འདི་བརྗོད་དོ།། ཕན་ཚུན་དུ་ནི་འགལ་བའི་ཕྱིར།། གཟུགས་ནི་སྟོང་ཉིད་ཡིན་མི་རིགས།། སྟོང་ཉིད་རང་བཞིན་མིང་ཉིད་ལ།། གཟུགས་ནི་རྣམ་པ་དང་འབྲེལ་བ།། དེས་ན་གཅིག་ཏུ་རྣམ་རྟོག་ལ།། གནོད་གྱུར་གཟུགས ་དེ་སྟོང་ཉིད་ལས།། ཇི་ལྟ་བུར་ཡང་གཞན་མིན་པས།། ཐ་དད་ཀྱི་ནི་རྣམ་རྟོག་འགོག། གང་ཕྱིར་མ་རིག་པས་སྤྲུལ་པ།། དེ་ནི་མེད་པ་ཁོ་ན་སྣང་།། མེད་པ་སྟོན་པར་ནུས་པས་ན།། ང་ནི་མ་རིག་ཅེས་བརྗོད་དོ།། རང་བཞིན་དེ་ཉིད་ཤེས་རབ་ཀྱི། ་ཕ་རོལ་ཕྱིན་པ་ཞེས་ཀྱང་བརྗོད།། གཉིས་འདི་ཉིད་ནི་གཉིས་མེད་པ།། རྣམ་རྟོག་གཉིས་ལ་གནོད་བྱེད་ཡིན།། རིགས་པ་ཡང་གསུངས་རྣམ་དག་ཕྱིར།། དེ་བཞིན་མི་དམིགས་ཕྱིར་དང་ནི།། དངོས་དང་དངོས་མེད་འགལ་ཕྱིར ་ཡང་།། ཐོ་དང་ཉིད་ཀྱང་མཐོང་བ་ཡིན།། གཟུགས་འདི་མིང་ཙམ་དེ་ཉིད་དུ།། རང་གི་ངོ་བོ་ཡོད་མིན་པོས།། དེ་ན་ངོ་བོ་ཉིད་དུ་ནི།། རྣམི་རྟོག་རྣམས་ཀྱི་གོ་སྐབས་སེལ།། གཟུགས་ནི་གཟུགས་ཀྱི་རང་བཞིན་གྱིས།། སྟོང་པར ་སྔར་བརྗོད་གང་ཡིན་པ།། དེ་ནི་རླུང་གི་ངོ་བོ་ཡིས།། སྒྲོ་འདོགས་རྣམ་རྟོག་འགོག་བྱེད་ཡིན།། ཆོས་རྣམས་ཀྱི་ནི་སྐྱེ་བ་དང་།། འགགས་པ་མཐོང་པ་མེད་ཅེས་གང་།། བཅོམ་ལྡན་འདས་ཀྱིས་གསུངས ་བ་དེས། དེ་ཡི་ཁྱད་པར་རྣམ་རྟོག་བསལ།། གང་ཕྱིར་མིང་བཅོས་བརྗོད་བྱ་ཡི།། ཆོས་དེ་དག་ཀྱང་བརྟགས་ཡིན་པས།། སྒྲ་དོན་དག་གི་འབྲེལ་པ་མི།། ངོ་བོ་ཉིད་དུ་དེས་མཱི་བ་ཞེས།། བྱིས་པའི་ཕྱི་རོལ་དོན་དུ་ནི།། མངོན་ཞེན ་འཁྲུལ་པས་སྤྱད་པ་ཡིན།། ཐ་སྙད་འདི་ཡང་དེ་བཞིན་ཏེ།། འདི་ལ་དོན་འགའ་ཡོད་མ་ཡིན།། དེས་འདིར་ཇི་ལྟར་མིང་བྱས་པ།། དེ་ལྟར་བརྗོད་བྱའི་དངོས་པོ་དེ།། ཡོད་མིན་དང་ཕྱིར་མིང་ཇི་བཞོད།། དོན་དུ་རྟོག་པ་འདོད་མ ་ཡིནི།། བདེན་དྲོན་རྣམ་རྟོག་སེལ་བ་ན།། ཤེས་རབ་ཕ་རོལ་ཕྱིན་པ་དང་།། སངས་རྒྱས་དེ་བཞིན་བྱང་སེམས་དཔའ།། མིང་ཙམ་ཞེས་ནི་རབ་ཏུ་གསུངས།། འདི་ནི་སྒྲ་དྲོན་འགོག་པ་སྟེ།། དངོས་པོ་སེལྭ་བར་བྱེད་པ་མིན།། ་དེ་བཞིན་དུ་ནི་ངག་གཞན་ལའང་།། དོན་རྣམས་ངེས་པར་ཤེས་པར་བྱ།། དེ་ཉིད་རིག་པཱས་མིང་རྣམས་ཀུན།། དོན་ཇི་ལྟ་བར་ཡང་དག་ཏུ།། དམིགས་པ་མེད་ཉིད་དེ་ཡི་ཕྱིར།། སྒྲ་འདི་ཟློག་པར་བྱེད་མ་ཡིན། རབ་འབྱོར ་གྱིས་ནི་སྒྲ་དང་སྒྲའི།། དོན་ཉིད་གཉི་ཀ་འགོག་པ་ན།། དེ་ཡིས་བྱང་ཆུབ་སེམས་དཔའི་མིང་།། མ་མཐོང་ཞེས་ནི་བརྗེད་པར་འགྱུར།། ཤེས་རབ་ཕ་རོལ་ཕྱིན་དག་གང་།། འདི་ཙམ་གྱིས་རྟོགས་མིན་པ་མེད།། འོན་ཀྱང ་འདི་དག་དེ་ཤེས་པ།། རྣམས་ཀྱིས་ཞིབ་མོའི་བློ་ཡིས་དཔྱོད།། སྐབས་ཀྱི་དོན་ནི་སྤོང་བ་དང་།། དོན་གཞན་རྟོག་པ་གུང་ཡིན་པ།། དོན་ནི་ཤེས་རབ་ཕ་རོལ་ཏུ།། ཕྱིན་པར་གཟུགས་བརྙན་ཡིན་པར་འདོད།། ཤེས་རབ་པ ་རོལ་ཕྱིན་རྟེན་ཅན།། བསྡུས་དོན་འདི་ཙམ་ཉིད་ཡིན་ཏོ།། སླར་ཡང་དོན་གཞན་ལ་བརྟེན་ནས།། དྲིན་དེ་ཉིད་ནི་བཟླས་པཱ་ཡིན།། ཤེས་རབ་ཕ་རོལ་ཕྱིན་མ་ནི།། བརྒྱད་སྟོང་ཡང་དག་བསྡུས་པ་ཡིས།། བསོད་ནམས ་ཐོབ་གང་དེས་སྐྱེའོ།། ཤེས་རབ་ཕ་རོལ་ཕྱིན་གྱུར་ཅིག། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་བསྡུས་པའི་ཚིག་ལེའུར་བྱས་པ།། ་སློང་དཔོན་ཕྱོགས་ཀྱི་གླང་པོའི་ཞལ་སྣ་ནས་མཛད་པ་རྫོག་སོ།། ཁ་ཆེའི་པཎྜི་ཏ་ཏི་ལ་ཀ་ཀ་ལ་ཤ་དང་། ་ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ།། ་