CLOSE WINDOW

GT321: rdo rje'i tshig gi snying po bsdud pa'i dka' 'grel
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། བཛྲ་པཱ་ད་སཱ་ར་སཾ་གྲ་ཧཱ་པཉྩི་ཀཱ། བོད་སྐད་དུ། རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ། དཔལ་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ།། སངས་རྒྱས་ཀུན་གྱི་སྤྲུལ་པ་མཆོག། ་རྡོ་རྗེ་སེམས་དཔའ་རབ་རྟོགས་མཛད།། འབྱུང་བ་ལྔ་ཡི་བདག་ཉིད་མགོན།། དཔལ་ལྡན་བླ་མར་བདག་ཕྱག་འཚལ།། སྒྱུ་མ་ལྟ་སོགས་དཔེ་རྣམས་ཀྱིས།། གང་གི་ངོ་བོ་རྟོགས་བྱ་བ།། ཕྱག་རྒྱ་ཆེན་མོ་དེ་ཉིད་ལ།། ཀུན་ཏུ ་པས་བདག་ཕྱག་འཚལ།། དཔྲལ་ནས་རྡོ་རྗེ་ནོར་བུའི་མཐར།། དགའ་བ་སོགས་ཀྱིས་རབ་གང་བ།། གང་ཞིག་གང་བའི་མཐར་སྐྱེ་བ།། ལྷ་མོ་དེ་ལ་བདག་ཕྱག་འཚལ།། ད་ནི་རེ་ཞིག་འདིར་དཔལ་དང་པོའི་སངས་རྒྱས ་རྒྱུད་ཀྱི་མཆོག་གི་རིམ་པ་ཇི་ལྟ་བ་བཞིན་དང་། དཔལ་རྡོ་རྗེ་སྙིང་པོ་ལ་སོགས་པ་དང་། དཔལ་ཕྱག་ན་རྡོ་རྗེ་གསུང་རབ་དང་རྒྱད་གཞན་མ་ལུས་པ་ལེགས་པར་བཤད་པ་ལས་ཕྱུང་སྟེ། ལུང་སྣ་ཚོགས་ནས་གསུངས་པའི ་ཕྱག་རྒྱ་དང་དཀྱིལ་འཁོར་དང་སྔགས་དང་སྦྱིན་སྒེག་དང་ལས་རབ་འབྱམ་ལ་སོགས་པ་རྒྱ་ཆེ་བ་གཏིང་མི་རྟོགས་བུའི་ཟབ་པས་འཇིགས་པ་ཉིད་ཀྱིས་ཤིན་ཏུ་བསྡུས་ནས། དཔལ་ཀྱེའི་རྡོ་རྗེའི་རྡོ་རྗེའི་ཚིག་ངེས་པར་བྱ་བ་ཅུང་ཟད ་ཙོཅིག། བླ་མ་དམ་པའི་བརྒྱུད་པའི་མན་ངག་གི་རིམ་པ་ཐོབ་པའི་ཁ་ཚོ་ཆེན་པོས་བདག་ཉིད་དྲན་པའི་ཆེད་དང་། སློབ་མ་རྣམས་ཀྱིས་རྟོགས་པའི་ཆེད་དུ་ཡང་དག་པར་བསྡུས་ཏེ་བྲི་བར་བྱའོ།། སྙན་དངགས་བཀོད་ཚིག་མུ་སྟེག ་པས།། བཤད་པས་མ་ཡིན་ཁེངས་པས་མིན།། ཀུན་མཁྱེན་གསུངས་པ་བཤད་པ་ལ།། ད་ཕྱིར་མཁས་པ་རྣམས་བཟོད་མཛོད།། དེ་ལ་དང་པོར་རེ་ཞིག་དཔལ་དང་པོའི་སངས་རྒྱས་ཀྱི་རིམ་པས་དཔལ ་ཀྱེའི་རྡོ་རྗེའི་རྒྱུད་ཀྱི་དོན་བསྟན་པ་དང་དྲང་བ་དང་། ངེས་པའི་དོན་གྱི་རིམ་པས་བསལ་བར་བྱའོ།། མདོར་བསྟན་པ་ཡིས་ཇི་ལྟར་བྱུང་།། རྒྱས་པར་བཤད་པས་རྣམ་སྦྱོང་བྱེད།། སྦས་དོན་རབ་ཏུ་རྒྱས་བསྟན་པས།། རྒྱུད་ལ་བསྟན་པ ་རྣམ་པ་གསུམ།། རྡོ་རྗེ་ཐེག་པ་མངོན་འདོད་པའི།། རྣལ་འབྱོར་ལྡན་པས་ཤེས་པར་བྱ།། བརྒྱུད་པའི་རིམ་པ་ཁོ་ན་ཡིས།། དྲང་དོན་ངེས་དོན་སྦྱར་བར་བྱ།། རེངས་པ་ལ་སོགས་ཐམས་ཅད་ཀྱི།། སྔགས་དང་དཀྱིལ་འཁོར་ལྷ་རྣམས་དང་།། ་སྤྱོད་བརྡ་དེ་བཞིན་ལྟ་སྟངས་དང་།། སྦྱིན་སྲེག་དོན་དང་དམ་ཚིག་སོགས།། ངེས་པའི་དོན་གང་གསལ་བར་བྱ།། དེ་རྣམས་དྲང་དོན་ལ་རྟོགས་སླའོ།། རྒྱུད་ཀྱི་ཐོག་མ་བར་དང་མཐའ།། ཀུན་ཏུ་འདི་ནི་ངེས་པ་ཡིན།། དཔལ་དྲི་མ་དང་བྲལ ་པོའི་འོད་དུ་གསུངས་པ་ཡང་། འདིར་ཐམས་ཅད་མཁྱེན་པ་སྟོན་པ་པོ་ལ་སོགས་པ་སྡུད་པར་བྱེད་པ་རྣམས་ཀྱིས་རྒྱུད་ཀྱི་རྒྱལ་པོ་སྟོན་པར་མཛད་དོ།། སྒྲ་བཟང་པོ་སྨྲ་བ་དེ་རྣམས་ཀྱི་སྒྲ་བཟང་པོའི་འཛིན་པ། གཤིག་པའི་ཆེད་དུ་དོན ་ལ་རྟོག་པ་ཉིད་ལ་བརྟན་ཏེ། ཁ་ཅིག་ཏུ་དོན་ལ་སྒྲ་ཉམས་པ་དང་། ཁ་ཅིག་ཏུ་རིང་པོ་ལ་ཐུང་ངུ་དང་། ཁ་ཅིག་ཏུ་ཟུང་ངུ་ཡང་རིང་པོ་དང་། ཁ་ཅིག་ཏུ་ལྔ་པའི་དོན་ལ་བདུན་པ་དང་། བཞི་པའི་དོན་ལ་དྲུག་པ་དང་། ཁ་ཅིག་ཏུ ་གཅིག་གོ་ཚིག་ལ་མང་པོའི་ཚིག་དང་མང་པོའི་ཚིག་ལ་ཡང་གཅིག་གི་ཆོག་དང་། འགའ་ཞིག་ཏུ་ཕོའི་རྟགས་ཅན་ལ་མ་ནང་གི་རྟགས་དང་ཁ་ཅིག་ཏུ་མ་ནིང་གི་རྟགས་ཅན་ལ་ཕོའི་རྟགས་དང་། འགའ་ཞིག་ཏུ་སྤྱི་བོ་ལས ་བྱུང་བ་ལ། སོ་ལས་བྱུང་བ་ལ། རྐན་ལས་བྱུང་བ་དག་དང་། ཁ་ཅིག་ཏུ་སོ་ལས་བྱུང་བ་ལ་རྐན་ལས་བྱུང་བ་དང་སྤྱི་བོ་ལས་བྱུང་བ་དག་སྟེ། དེ་བཞིན་དུ་གཞན་རྣམས་ཀྱང་རྗེས་སུ་རྟོགས་པར་བྱའོ།། དེའི་ཕྱིར་ཀུན་མཁྱེན་ལམ ་དོན་གཉེར་བ་རྣམས་ལ་སྒྲ་དང་སྒྲ་མིན་རྣམ་དཔྱད་ཆེན་མོ་ནི།། སྣ་ཚོགས་ཡུལ་སྐད་ངན་པ་ཡིས་ཀྱང་ཆེན་པོ་རྣམས་ཀྱི་ལམ་ལ་རྟག་ཏུ་འཇུག། སེམས་ཅན་རྣམས་ཀྱི་མོས་པའི་སེམས་ཀྱི་དབང་ལས་ཐམས་ཅད་མཁྱེན་པའི ་གསུང་མཆོག་ལ།། བརྡ་སྤྲོད་པ་ལ་ལྷ་ཀླུས་བཀོད་པ་སྒྲ་ལ་རྩོད་པ་དོན་གཉེར་རྣམས་ཀྱི་གཞན།། སྒྲ་ཉམས་པ་དང་ཡུལ་གྱི་སྐད་ལས་ཀྱང་།། རྣལ་འབྱོར་ལྡན་པས་དོན་ནི་འཛིན་བྱེད་དེ།། ཆུ་ལ་འོ་མ་ངེས་པར་ཞུགས་པ་དེ།། དང ་པས་གྱེན་དུ་ཕྱུང་སྟེ་འཐུང་བར་བྱེད།། དོན་དམ་དེ་ཁོ་ནི་ཉིད་ཡུལ་ལ་ནི།། རྟག་ཏུ་ཆེ་རྣམས་ཚིག་ལ་རྟོན་པ་མིན།། བཅོམ་ལྡན་འདས་ཀྱིས་ཀྱང་བཀའ་སྩལ་པ་ཡང་རྟོན་པ་བཞི་རྣམས་ཏེ། འདི་ལྟ་སྟེ། དོན་ལ་རྟོན་པ་ཉིད་ཡིན་གྱི ་ཚིག་འབྲུ་ལ་རྟོན་པ་མ་ཡིན་པ་དང་། ཡེ་ཤེས་ལ་རྟོན་པ་ཉིད་ཡིན་གྱི་རྣམ་པར་ཤེས་པ་ལ་རྟོན་པ་ཉིད་མ་ཡིན་པ་དང་། ངེས་པའི་དོན་གྱི་མདོ་སྡེ་ལ་རྟེན་པ་ཉིད་ཡིན་གྱི་དྲང་བའི་དོན་གྱི་མདོ་སྡེ་ལ་རྟོན་པ་ཉིད་མ་ཡིན་པ་དང་། ཆོས ་ལ་རྔོན་པ་ཉིད་ཡིན་གྱི་གང་ཟག་ལ་རྟོན་པ་ཉིད་མ་ཡིན་པའོ།། བཅོམ་ལྡན་འདས་ཀྱི་གསུང་འདིའི་ཕྱིར་ཚིག་འབྲུའི་རྗེས་སུ་འབྱུང་བ་ཉིད་མ་ཡིན།། འདིར་སེམས་ཅན་རྣམས་རྗེ་མྱོས་པ་སྣ་ཚོགས་པའི ་དབང་ལས་ཐམས་ཅད་མཁྱེན་པ་དུ་མ་དང་། ཐམས་ཅད་མཁྱེན་པའི་སྐད་དུ་མ་དང་། བཞུགས་པའི་གནས་དུ་མ་དང་། གསོལ་བ་འདེབས་པ་པོ་དུ་མ་དང་། ཆོས་སྟོན་པ་དུ་མའོ་ཞེས་པ་སྟེ། དེའི་ཕྱིར་དེ་བཞིན་གཤེགས ་པས་རྒྱུད་ཐམས་ཅད་སྟོན་པ་ནི་ཨེ་ཝཾ་མཱ་ཡ། ཤྲུ་ཏ་ཅེས་པ་ལ་སོགས་པས་མགྲིན་པ་དང་། རྐན་ལ་སོགས་པའི་རྩོལ་གྱིས་སྐྱེས་པ་ལྷའི་སྐད་ཅིག་པུས་མ་ཡིན་ནོ།། འདིར་དང་པོར་རེ་ཞིག་ཉན་ཐོས་ཀྱི་ཚུལ་སྡེ་སྣོད་གསུམ ་ལ་སོགས་པ་ལ་ཆོས་བསྟན་པ་ནི་མ་ག་དྷའི་སྐད་ཀྱིས་སོ།། དེ་ལྟར་དེ་བཞིན་གཤེགས་པ་ཡུལ་དུ་མའི་ཡུལ་གྱི་སྐད་ཀྱིས་ཐེག་པ་གསུམ་སྟོན་པར་མཛད་པ་སྟེ། ཨེ་ཝཾ་མཱ་ཡ་ཤྲུ་ཏ་ཅེས་པ་ལ་སོགས་པར་ལེགས་པར་སྦྱར་བའི ་སྐད་ཅིག་པུས་ནི་མ་ཡིན་ནོ།། འདིར་གལ་ཏེ་ཨེ་ཝཾ་མཱ་ཡ་ཤྲུ་ཏ་ཅེས་བྱ་བ་ལ་སོགས་པ་ལེགས་པར་སྦྱར་བའི་ཚིག་མགྲིན་པ་དང་རྐན་ལ་སོགས་པའི་འབང་རྩོལ་ལས་སྐྱེས་པ་ཉི་ཚེ་བས་དེ་བཞིན་གཤེགས་པ་ཆོས་སྟོན་པ་ཡིན་ན། དེའི ་ཚེ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དུས་དུ་མར་ཡང་དེ་བཞིན་གཤེགས་པས་སྟོན་པར་མི་ནུས་ཤིང་། སྡུངབ་པོས་བྲི་བར་བཞི་ཡང་མི་ནུས་ཏེ། ཉི་ཚེ་བའི་ཚིག་ཡིན་པ་ཉིད་ཀྱི་ཕྱིར་རོ།། འདི་སྩལ་པའི་སྐུ་མཐའ་ཡས་པ་མེད ་པའི་ཕྱིར་ན་མཐའ་ཡས་པ་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་སེམས་ཅན་མཐའ་ཡས་པ་མཐའ་ཡས་པའི་སྒྲ་རྣམས་ཀྱི་ཅིག་ཆར་ཆོས་སྟོན་པར་མི་འགྱུར་ཞིང་། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སྟོན་པ་མེད་པའི ་ཕྱིར་ཐམས་ཅད་མཁྱེན་པ་མ་ཡིན་པར་འགྱུར་ན། དེ་ལྟར་ཡང་མ་ཡིན་ནོ།། འདིར་སངས་རྒྱས་ཚད་མེད་པ་དང་། ཆོས་ཚད་མེད་པ་དང་། དགེ་འདུན་ཚད་མེད་པ་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པའི་གསུང་གི་ཕྱིར་སྟོན་པ་པོ།། ་ཐམས་ཅད་མཁྱེན་པ་གཅིག་མ་ཡིན་ཞིང་ཐམས་ཅད་མཁྱེན་པའི་སྐད་གང་སེམས་ཅན་ཐམས་ཅད་ཀྱི་སྐད་ཅིག་རྣམས་ཀྱིས་དོན་རྟོགས་པར་བྱེད་པ་གཅིག་མ་ཡིན་ནོ།། བཞུགས་པའི་གནས་ངེས་པར་བསྟན་པ་གཅིག་མ་ཡིན་ནོ།། ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་དང་གསོལ་བ་འདེབས་པ་པོ་གཅིག་མ་ཡིན་ནོ།། དཔལ་དང་པོའི་སངས་རྒྱས་སུ་བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་ཉིད་ལ་འཇུག་པར་བྱ་སྟེ། དུད་འགྲོ་ཡི་དགས་ལྷ་མིན་རྣམས་དང ་ལྟོ་འཕྱེ་ལྷ་མི་འཕགས་པ་བོད་ལ་སོགས་རྣམས་ལ།། བྱུང་དང་འབྱུང་འགྱུར་ད་ལྟར་བྱུང་བ་རྣམ་པ་གསུམ་དང་རྟག་ཏུ་བདེན་པའི་ཆོས་གསུང་ཞིང་།། རང་རང་སྐད་གཞན་རྣམས་ཀྱིས་སྲིད་གསུམ་མ་ཚང་མེད་པ་ལམ་ལ་ཡང་དག་འགོད ་བྱེད་པོ།། འདི་ནི་བདེ་མཉམ་འབྲས་བུ་སྟེར་བ་ཐམས་ཅད་མཁྱེན་པའི་གསུང་སྟེ་ལྷ་ཡི་སྐད་ཀྱིས་མིན།། སླར་ཡང་དེ་ཉིད་དུ་གསུངས་པ། སྐྱེ་བ་སྔ་མར་རང་གི་སྙིང་གིས་བསྐྱེད་པའི་ཞི་དང་ཆགས་སོགས་དངོས་པོ་རྣམས་ཀྱིས་ནི།། ་བག་ཆགས་སྟོབས་ཀྱིས་འཁོར་ལོར་གནས་པ་གཅིག་ནི་དུ་མར་སྨོན་ལམ་ཡོན་ཏན་དབང་གིས་མཐོང་།། དོན་གཅིག་དུ་མའི་སྐད་ནི་རང་རང་དངོས་པོས་སྲོག་ཆགས་རྣམས་ཀྱི་སྒྱིང་ལ་རབ་ཏུ་འཇུག། གནས ་ཅན་རྣམས་ཀྱི་བསོད་ནམས་སླད་དུ་འཁོར་ལོ་ལ་གནས་བསོད་སྙོམས་རྣམ་པ་རྒྱུ་རུ་གཤེགས།། དེ་སྐད་དུ་ཡང་གསུངས་པ། ཇི་ལྟར་ཆུ་འཛིན་ལས་ནི་བསལ་ཞིམ་དང་ཞིང་འཇམ་ལ་ཡང་བའི་ཆུ་བྱུང་བ།། དེ་ནི་ས་གཞིར་རྒྱུད་དང་གནས ་ཀྱི་དབྱེ་བས་རྣམ་པ་མང་པོའི་རོ་ཉིད་འགྱུར།། དེ་བཞིན་ལེགས་ཡང་ཐུགས་རྗེའི་སྤྲིན་གྱི་སྙིང་པོ་ལས་བྱུང་ཡན་ལག་བརྒྱད་ལྡན་ལམ།། རྒྱུད་དང་གནས་ཀྱི་དབྱེ་བས་སྐྱེ་དགུ་རྣམས་ལ་རྣམ་པ་མང་པོའི་རོ་ཉིད་འགྱུར།། དེའི་ཕྱིར་སེམས ་ཅན་གྱི་དོན་གྱི་ངོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མངལ་དུ་རབ་ཏུ་འཇུག་པ་རྣམས་དང་། དམྱལ་བར་གཤེགས་པ་ཡང་བྱིས་པའི་སྐྱེ་བོ་རྣམས་ཀྱིས་བརྟོག་པར་ནུས་པ་མ་ཡིན་ཏེ། དཔལ་ཨ་རལླིའི་རྒྱུད་ཆེན་པོར ་གསུངས་པ། དེ་ནས་བྱང་ཆུབ་སེམས་དཔའ་དེ་རྣམས་རྐང་གཉིས་ཀྱི་མཆོག་ཉིད་ཐོབ་སྟེ། སངས་རྒྱས་ཀྱིས་ཟློས་གར་སྟོན་པར་མཛད་དོ་ཅེས་སོ།། དཔལ་མཚན་ཡང་དག་པར་བརྗོད་པར་ཡང་གསུངས་པ། དེ་ནས་བཅོམ་ལྡན ་ཤཱཀྱ་ཐུབ།། རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག་ཅེས་སོ།། དེའི་ཕྱིར། ལ་ལར་རྫོགས་པའི་བྱང་ཆུབ་མཛད།། ལ་ལར་དགའ་བ་སྤྱོད་པ་དང་།། ལྷ་ལས་བབས་པ་སྤྲུལ་པ་དང་།། དེ་བཞིན་ཁབ་ནས་ངེས་འབྱུང་དང་། ་ཆོས་ཀྱི་འཁོར་ལོ་བསྐོར་བ་སྟེ།། ལ་ལར་རབ་ཏུ་འབྱུང་བར་མཛད།། འདུལ་བ་སྟོན་མཛད་དེ་བཞིན་དུ།། བསམ་གྱིས་མི་ཁྱབ་མངོན་པའི་ཆོས།། ལ་ལར་སྔགས་ཀྱི་ཚུལ་འཆང་མཛད།། ལ་ལར་ཕ་རོལ་ཕྱིན་པའི་ཚུལ།། ལ་ལར ་བྱེ་བྲག་སྨྲ་བའི་ལམ།། ལ་ལར་མདོ་སྡེ་སྟོན་པ་སྟེ།། ལ་ལར་རྣམ་ཤེས་སྨྲ་བ་ཡང་།། ལ་ལར་དེ་བཞིན་དབུ་མའོ།། ལ་ལར་དམྱལ་བར་གཤེགས་པ་དང་།། ལ་ལར་སེམས་ཅན་རྗེས་སྲུང་བ།། སེམས་ཅན་གདུལ་བ་རྒྱུར་བྱས ་ནས།། སྙིང་རྗེའི་བསམ་པས་གར་མཛད་དོ།། ཅེས་པའོ།། དཔལ་མཚན་ཡང་དག་པར་བརྗོད་པར་ཡང་གསུངས་པ། ཕྱིར་མི་ལྡོག་པ་ཕྱིར་མི་འོང་།། འདྲེན་པ་རང་རྒྱལ་བསེ་རུའི་ཚུལ།། ངེས་འབྱུང་སྣ་ཚོགས་ངས་འབྱུང་བ།། ་འབྱུང་བ་ཆེན་པོ་རྒྱུ་གཅིག་པོ།། དགེ་སློང་དགྲ་བཅོམ་ཟག་པ་ཟད།། འདོད་ཆགས་བྲལ་བས་དབང་པོ་ཐུལ། ཞེས་པ་ལ་སོགས་པའོ།། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད ་ཆེན་པོར་གསུངས་པ། ཇི་ལྟར་རྒྱལ་བའི་དབང་པོ་ཕྱོགས་བཅུར་གནས།། དེ་ཡི་སྐུ་ལ་རྐང་རུས་ཤ་མེད་ཀྱང་།། སེམས་ཅན་ཕན་ཆེད་རིང་བསྲེལ་རབ་འཇོག་ཅིང་།། སྤྲུལ་པའི་སྐུ་ཡིས་བྱ་བ་མཛད་པའོ།། ཙས་སོ།། གསུངས ་པ་ཡང་། སྤྲུལ་པའི་སྐུ་སྟེ་སྐུ་ཡི་མཆོག། སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ།། ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེང།། ཇི་བཞིན་འགྲོ་བའི་དོན་བྱེད་པ་ཞེས་སོ།། དཔལ་དང་པོའི་སངས་རྒྱས་སུ་གསུངས་པ་ཡང་། མི་མ ་འདི་རྣམས་དགྲོལ་བའི་སླད་དུ་སྲས་བཅུས་རྒྱལ་བའི་བདག་པོ་ལས་ཀྱི་སར་ནི་རབ་ཞུགས་ཏེ།། མངལ་ནི་རབ་ཏུ་གཟུང་བ་མཛད་ཅིང་མཆོག་གི་ཐུགས་རྗེས་བྱང་ཆུབ་བསྐྱེད་པ་མཛད་ནས་ནི།། ཉོན་མོངས་དང་ནི ་བདུད་རྣམས་བཅོམ་ནས་ས་སྟེངས་གནས་སུ་ཆོས་ཀྱི་འཁོར་ལོ་རབ་བསྐོར་ཏེ།། སྤྲུལ་པ་སྒྱུ་མ་མཛད་ནས་སླར་ཡང་བཅོམ་ལྡན་འདས་ནི་བདག་པོའི་སྐུ་ཅན་དེ་ཁོ་ནའོ་ཞེས་སོ།། དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་པའི ་ཡོན་ཏན་གྱི་ལེའུར་ཡང་བཀའ་སྩལ་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཀྱི་སྐུ་ཅན་ཏེ། དགེ་སློང་རྣམས་འདི་ནི་འཇིགས་ཚོགས་ཀྱི་སྐུར་མ་སེམས་ཅིག། དགེ་སློང་རྣམས་ང་ལ་ནི་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པར ་ལྟོས་ཤིག་དེ་བཞིན་གཤེགས་པའི་སྐུ་འདི་ནི་ཡང་དག་པའི་མཐས་རབ་ཏུ་ཕྱེ་བར་བལྟ་བར་བྱའོ་ཞེས་བྱའོ།། དེའི་ཕྱིར། རྒྱལ་བའི་དག་པའི་སྐུ་ནི་སྐྱེས་ཤིང་མ་ཉམས་སྲིད་པ་གསུམ་པོ་ལ་ཡང་གནས།། བཅོམ་ལྡན་དེ་ཡིས་ཐམས ་ཅད་དུས་སུ་སེམས་ཅན་དོན་ནི་མི་འདོར་ལས་ཀྱིས་བཅིངས་མ་ཡིན།། དེ་ལྟར་འཇིག་རྟེན་དབང་ཕྱུག་བདག་ནི་སྲིད་གསུམ་གནས་སུ་ལས་ཀྱི་སར་གནས་ཉི་མ་ཀྱེ།། སེམས་ཅན་རྣམས་ལ་ལམ་ནི་སྦྱིན་བྱེད་དམྱལ་བའི་འཇིགས་འཕྲོག ་ལྷ་གཞན་ནམ་སྔ་མ་ཡིན་ནོ།། ཞེས་སོ།། གསུངས་པ་ཡང་། མཆོག་ལྡན་མཆོག་སྦྱིན་གཙོ་བོ་སྟེ།། སྐྱབས་ཀྱི་དམ་པ་སྐྱབས་སུ་འོས།། འཇིག་རྟེན་དགྲ་སྟེ་རབ་ཀྱི་མཆོག། འཇིགས་པ་མ་ལུས་སེལ་བ་པོ་ཞེས་སོ།། དེའི་ཕྱིར ་བྱང་ཆུབ་སེམས་དཔའ་གཅིག་ཀྱང་ཕ་རོལ་ཏུ་ཕྱིན་པ་བཅུས་ངེས་པར་བྱུང་བ་ས་བཅུའི་དབང་ཕྱུག་དབང་བཅུ་ཐོབ་པ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་སྤྲུལ་པའི་སྐུ་དུ་མ་རྣམས་ཀྱིས་བྱང་ཆུབ་སེམས་དཔས ་གདུལ་བར་བྱ་བའི་སེམས་ཅན་རྣམས་ལ་ཆོས་སྟོན་པར་མཛད་དེ། བྱང་ཆུབ་སེམས་དཔའ་དེ་དུ་མ་ནི་མ་ཡིན་ནོ།། དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་ནི་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས ་ཡོངས་སུ་རྫོགས་པའོ།། གསུངས་པ་ཡང་། བསོད་ནམས་ལྡན་པ་བསོད་ནམས་ཚོགས།། ཡེ་ཤེས་ཡེ་ཤེས་འབྱུང་གནས་ཆེ།། ཡེ་ཤེས་ལྡན་པ་ཡོད་མེད་ཤེས།། ཚོག་གཉིས་ཚེ་ག་ནི་བསགས་པ་པོ།། ཞེས་སོ།། མི ་འཇིགས་པ་ལ་སོགས་པ་ཐམས་ཅད་ཀྱི་དབང་ཕྱུག་གི་ཡོན་ཏན་ཕུན་སུམ་ཚོགས་པ་ཅན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་ཀྱི་ཞིང་རྣམས་སུ་མཐའ་ཡས་པ་མཐའ་ཡས་པའི་སྤྲུལ་པའི་སྐུའི ་སྒྱུ་མ་སྒྲིབ་པ་མེད་པ་རྣམས་ཀྱིས་མཐའ་ཡས་པ་མཐའ་ཡས་པའི་སེམས་ཅན་རྣམས་ལ། མཐའ་ཡས་པ་མཐའ་ཡས་པའི་སྐད་རྣམས་ཀྱི་གསོལ་བ་འདེབས་པ་པོ་སྣ་ཚོགས་ཀྱིས་གསོལ་བ་བཏབ་པས། ཐམས་ཅད ་མཁྱེན་པའི་སྐད་སེམས་ཅན་ཐམས་ཅད་ཀྱི་སྒྲ་ལ་རབ་ཏུ་ཞུགས་པས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་རབ་ཏུ་སྟོན་པར་མཛད་དོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷའི་ལེའུར་གསུངས་པ་ཡང་། རབ་འབྱོར ་འདིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པས། འཇིག་རྟེན་རང་བཞིན་གྱིས་སྐྱེ་བ་མེད ་ཅིང་འགག་པ་མེད་པའི་ཆེད་དུ་ཆོས་སྟོན་ཏོ།། དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རང་བཞིན་གྱིས་སྐྱེ་བ་མེད་པ་དང་འགག་པ་མེད་པའི་ཆེད་དུ་སྟོན་ཏོ།། དེ་བཞིན་དུ་ཆོས་ཐམས ་ཅད་ཀྱང་རང་བཞིན་གྱིས་སྐྱེ་བ་མེད་ཅིང་འགག་པ་མེད་པའི་ཆེད་དུ་ཆོས་སྟོན་ཏོ་ཅེས་སོ།། གསུངས་པ་ཡང་། ཡིད་བཞིན་ནོར་བུ་ཆེན་པོ་འཆང་།། ཁྱབ་བདག་རིན་ཆེན་ཀུན་གྱི་མཆོག། དཔག་བསམ་ཤིང་ཆེན་རྒྱས ་པ་སྟེ།། བུམ་པ་བཟང་པོ་ཆེ་བའི་མཆོག། བྱེད་པ་སེམས་ཅན་ཀུན་དོན་བྱེད།། ཕན་འདོད་སེམས་ཅན་མཉེས་གཤིན་པ། ཞེས་སོ།། དཔལ་ཧེ་རུ་ཀ་མངོན་པར་འབྱུང་བའི་རྒྱུད་དུ་ཡང་གསུངས་པ། ཨེ་མ་བྱང་ཆུབ་སེམ ་ཁྱོད་ནི།། གདུལ་བྱར་བསམ་པ་མཉེས་གཤིན་པ།། ཐུགས་རྗེའི་ལྕགས་ཀྱུས་དྲངས་ནས་ནི།། རྣམ་པ་དུ་མས་ཐ་དད་དོ།། ཞེས་སོ།། དེ་བཞིན་དུ་བཟང་པོ་སྤྱོད་པའི་སྨོན་ལམ་དུ་ཡང་གསུངས་པ། ལྷ་ཡི་སྐད་དང ་ཀླུ་དང་གནོད་སྦྱིན་སྐང་།། གྲུལ་བྲམ་རྣམས་དང་མི་ཡི་སྐད་རྣམས་ཏེ།། འགྲོ་བ་ཀུན་གྱི་སྐད་རྣམས་ཇི་ཙམ་པར།། ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ།། ཞེས་སོ།། དེ་ལྔར་ཐམས་ཅད་མཁྱེན་པ་གཅིས ་མཱ་ཡིན་ལ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ནི་གཅིག་ཁོ་ན་སྟེ། དཔལ་ཐབས་ལ་མཁས་པའི་མདོ་སྡེར་གསུངས་པ། ཐེག་པ་གཅིག་དང་ཚུལ་ཡང་གཅིག་པུ་སྟེ།། འདྲེན་པ་རྣམས ་ཀྱི་བསྟན་པ་འདི་གཅིག་པུ།། བདག་གིས་ཐབས་ལ་མཁས་པའི་རང་བཞིན་གྱིས།། ཐེག་པ་གསུམ་པོ་རྣམས་ནི་ཉེ་བར་བསྟན་ཞེས་སོ།། དཔལ་མཚན་ཡང་དག་པར་བརྗོད་པར་ཡང་གསུངས་པ། ཐེག་པ་སྣ་ཚོགས ་ཐབས་ཚུལ་གྱིས།། འགྲོ་བའི་དོན་ལ་རྟོགས་པ་པོ།། ཐེག་པ་གསུམ་གྱི་ངེས་འབྱུང་ལས།། ཐེག་པ་གཅིག་གིས་འབྲས་བུར་གནས། ཞེས་སོ།། ཅེས་པ་ལ་སོགས་པ་དོན་ལ་རློན་པ་སྒྲུབ་པའོ།། ད་ནི་རྒྱུད་སྣ་ཆོག ་སུ་གསུངས་པའི་ཕྱག་རྒྱ་བཞིའི་མན་ངག་གི་རིམ་པས་དབང་བསྐུར་བཞི་པ་རྟོགས་པར་བྱས་ནས་རྒྱད་སྟོན་པར་བྱེད་པར་བྱའོ།། ལས་དང་ཡེ་ཤེས་ཕྱག་རྒྱ་ཆེ།། དམ་ཚིག་ཞེས་བྱ་འོད་གསོལ་རྣམས།། རྒྱུ་དང་བསྒོམ ་བྱ་དེ་བཞིན་དུ།། ཐོབ་བྱ་བཞི་པ་འཇིག་པ་མེད།། མདོར་བསྟན་པའི་ཚིག་འདིའི་རྒྱས་པར་བཤད་པ་བྱ་སྟེ། རྒྱུ་ཞེས་པ་ནི་དང་པོར་རེ་ཞིག་ལས་ཀྱི་ཕྱག་རྒྱ་ལས་བྱུང་བ་གང་ལྷམ་ཅིག་སྐྱེས་པ་འཕོ་བ་མེད་པ ་བདེ་བར་བཅོམ་ལྡན་འདས་ཀྱིས་གསུངས་སོ།། དེ་ནི་བདེན་པ་ཁོ་ན་སྟེ་འོན་ཀྱང་ཀུན་རྫོབ་ཏུ་འཇིག་རྟེན་པའི་དཔེ་ཡིས་མེ་ལོང་ལྟ་བུ་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ།། དེའི་ཕྱིར་དབང་པོ་རྣོན་པོས་ལས་ཀྱི་ཕྱག་རྒྱ ་གཟུང་བར་བྱ་བ་མ་ཡིན་ནོ།། བསྒོམ་པར་བྱ་ཞེས་བྱ་བ་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ལྔའི་རྣམ་པསྣ་སྦྱངས་ནས་དཀྱིལ་འཁོར་གྱི་འཁོར་ལོའི་ཆོ་ག་ཇི་ལྟ་བར ་གསལ་བར་བྱས་ཏེ། བསྲུབ་ཅིང་བསླབ་པའི་སྦྱོར་བས་ཡེ་ཤེས་ཀྱི་མེ་སྦར་ལ། ཇི་སྲིད་ཧཾ་ཡི་གཾ་བསྩོགས་པ་འཛག་པ་ནི། རི་བོང་ཅན་དཔྲལ་བ་ནས་མགྲིན་པ་དང་སྙིང་ག་དང་ལྟེ་བ་དང་རྡོ་རྗེ་དང་པདྨའི་ལྟེ་བར་འོངས་པའི་བྱང་ཆུབ ་ཀྱི་སེམས་ཀྱི་ངོ་བོས་ཡུལ་དང་དབང་པོ་མཐའ་དོག་བདེ་བ་ཆེན་པོར་རོ་མཉམ་པའི་གོ་འཕང་ལ་གང་གཅིག་ཏུ་འདྲེས་པར་གྱུར་ཏེ། དེའི་རང་བཞིན་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པར་གྱུར་ནས་ཇི་སྲིད་དུ་དཔལ་ཕྱག་རྒྱ་ཚན ་པོ་མངོན་དུ་ཕྱོགས་པར་གྱུར་པའི་བར་དུ་གནས་པར་བྱའོ།། ཐོབ་བྱ་ཞེས་བྱ་བ་ཕྱག་རྒྱ་ཆེན་པོ་སྟེ། རྨི་ལམ་དང་མིག་འཕྲུལ་དང་ཡིད་ཀྱི་རང་བཞིན་དང་འདྲ་བ་སྟེ། དེ་ལ་འཁྱུད་ནས་དམ་ཚིག་གི་ཕྱག་རྒྱ་ཇི་སྲིད་པར་མངོན་དུ་བྱའོ།། ་འཇིག་པ་མེད་པ་ནི་མཆོག་ཏུ་མི་འགྱུར་བའི་ངོ་བོ་ཅན་ནོ།། དེ་ལྟར་ལུས་དང་ངགཽ་དང་། སེམས་དང་ཡེ་ཤེས་རྣམ་པར་དག་པས་ཕྱག་རྒྱ་བཞིའི་ངོ་བོ་ཇི་ལྟ་བའོ།། དཔལ་དང་པོའི་སངས་རྒྱས་ལ་འཇུག་པར་བྱ་སྟེ། པདྨར ་རྡོ་རྗེ་ཞུགས་དང་རྩེ་མོ་ཅན་ལ་རླུང་དང་ཐིག་ལེ་མི་ལྷུང་གསུམ་པའོ།། འདི་རྣམས་རྣལ་འབྱོར་གསུམ་གྱི་རབ་གསལ་ངེས་པར་ལུས་དང་ངག་དང་སེམས་ཀྱི་ཕྱག་རྒྱའོ།། ཆགས་དང་ཆགས་མེད་དང་པོའི་མཐར་སོན་དང་པོ་མན། ་བདེའི་གཏཱར་ནི་རྣལ་འབྱོར་བགྲོད་བྱ་བཞི་པ་སྟེ།། ཕྱག་རྒྱ་རྣམས་ཀྱི་ལེགས་པའི་མ་རྒྱུད་དེ་འགྱུར་རྣམ་བཅུ་དཔལ་ལྡན་བླ་མའི་ཞལ་འདིའོ་ཞེས་སོ།། དེ་བཞིན་དུ་ཡང་གསུངས་པ། འགྱུར་དང་འགྱུར་མེད་དེ་ནས་གཡོ།། ་མི་གཡོ་དྲི་མ་མེད་པ་གཞན་ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ།། དཔལ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ངུ་ཡང་གསུངས་པ། དེ་ཉིད་ལ་འཇུག་པར་བྱ་སྟེ། ལས་ཀྱི་ཕྱག་རྒྱ་ཡོངས་བསྒྲུབས་ནས། ་ཆོས་ཀྱི་ཕྱག་རྒྱ་རྣམ་བསྒོམ་བྱ།། དེ་ལ་སྟེང་དུ་ཕྱག་རྒྱ་ཆེ།། དེ་ལས་དམ་ཚིག་ཡང་དག་འབྱུང་། ཞེས་སོ།། དེ་སྐད་དུ་དཔལ་མཆོག་གི་དང་པོའི་སངས་རྒྱས་སུ་ཡང་གསུངས་པ། ལས་ཀྱི་ཕྱག་རྒྱའི་སྙོམས་འཇུག་དང་། ་ཡེ་ཤེས་ཕྱག་རྒྱའི་དམིགས་པ་དང་།། ཕྱག་རྒྱ་ཆེན་པོ་གཅིག་སྦྱོར་བས།། མི་འགྱུར་བ་དེ་འཕེལ་བར་འགྱུར་ཞེས་སོ།། དེ་བཞིན་དུ་དཔལ་དོན་དམ་པའི་བསྙེན་པར་ཡང་གསུངས་པ། ཐར་པའི་དཔལ་མོ་མ་ཉམས་བདེ་བ ་དེ།། དོར་ནས་དགེ་མེད་གཞོན་ནུ་མར་རྩེ་བ།། ཕལ་ཆེར་སྔོན་བསོགས་དྲག་པོའི་ལས་གང་གིས།། བདུད་རྩི་དོར་ནས་དུག་ནི་འཐུང་བར་བྱེད་ཅེས་སོ།། དཔལ་དང་པོའི་སངས་རྒྱས་སུ་ཡང་གསུངས་པ། སྙིང་ནི་རྙོག་བཅས ་ལས་ཀྱི་ཕྱག་རྒྱ་འདི་དང་བརྟག་པའི་ཕྱག་རྒྱ་བཏང་བྱས་ཏེ།། ཡང་དག་རྫོགས་པའི་བྱང་ཆུབ་སླད་དུ་རྒྱལ་བ་མཆོག་བསྐྱེད་མཆོག་གི་ཕྱག་རྒྱ་གོས་པ་མེད།། རྣམ་པར་འགྱུར་བ་མེད་པ་མཁའ་མཉམ་མུན་བཅོམ་ཁྱབ ་བྱེད་རྣལ་འབྱོར་བགྲོད་བྱ་ཐེར་ཟུག་གནས།། ཡེ་ཤེས་གཟི་བརྗིད་སྲིད་པའི་དྲི་མ་འཕྲོག་ཅིང་དུས་ཀྱི་འཁོར་ལོས་རྗེ་རིག་བསྒོམ་པར་བྱ།། དེ་བཞིན་དུ་ཡང་གསུངས་པ། གང་ཞིག་ཤེས ་རབ་ནུ་མ་ལ་རེག་གཞན་པ་བདུད་རྩི་མྱང་དང་འཁྱུད་བ་གང་ཡིན་དང་།། ཤེས་རབ་དང་འགྲོགས་བྱང་ཆུབ་སེམས་ནི་ཞུ་བ་དག་ལ་བཞི་པའི་སྐད་ཅིག་བདུད་རྩི་རྟོགས་པ་གང་།། དེ་རྣམས་ཐམས་ཅད་ངེས་པར་འཇིག་རྟེ། ་པ་སྟེ་མཆོག་གི་སྙིང་རྗེ་ཡིས་ནི་ལམ་གྱི་རྒྱུ་རུ་བསྟན།། འཇིག་རྟེན་འདས་པའི་དབང་གང་མཆོག་གི་རྒྱལ་བའི་བདག་པོའི་ཕྱག་རྒྱ་མཆོག་ལ་རྗེས་སུ་སྦྱོར་བའོ་ཞེས་སོ།། སླར་ཡང་དེ་ཉིད་དུ་གསུངས་པ། སེམས་ཀྱི་སྣང ་ཙམ་སྟེ་རང་གི་ཡིད་ལ་སྐྱེས་པ་མེ་ལོང་གཟུགས་བརྙན་ལྟ་བུ་ཉིད།། མཐའ་དག་རྒྱལ་བའི་སྲས་དང་སངས་རྒྱས་སྲས་ཀྱིས་བསྟན་གང་རྣལ་འབྱོར་དབྱུང་པོས་བསྟེན་བྱ་སྟེ།། ཡེ་ཤེས་མེ་ལྕེ་རབ་རྒྱས་དེ་ནི་བདུད་ཚོགས་ཡུལ ་དང་བཅས་པ་མཐའ་ངག་སྲེག་བྱེད་ཅིང་།། ལུས་ལ་ཆགས་སོགས་ཀྱང་སྟེ་རྣལ་འབྱོར་རྣམས་ལ་ལོ་ཡི་སྦྱོར་བས་བདེ་མཉམ་སྟེར་བར་བྱེད་ཅེས་སོ།། ཅི་ལྟར་ཞེ་ན། གསུངས་པ། འགྱུར་མེད་བདེ་བའི་འབྲས་སྟེར ་ཕྱག་རྒྱ་བཞི་པོ་འདི་རྣམས་གྲོང་འབྲོག་དགོན་པ་དུར་ཁྲོད་དང་།། མི་གཙང་བ་དང་གཙང་བའི་གནས་དང་ཁྱིམ་དང་ལྷ་ཡི་ཁང་པ་ཀུན་ཏུ་དུས་ཀུན་དུ།། རབ་དགའི་དགའ་བ་ལ་གནས་འཇིག་རྟེན་ལམ་ལས་རབ་གྲོལ ་རིགས་མིན་མངོན་སྤྱོད་ཅིང་།། ལུས་སྟོབས་བདེ་སྟེར་བཟའ་དང་བཏུང་སོགས་ལོངས་སྤྱོད་དང་ལྡན་རྣལ་འབྱོར་པ་ཡིས་བསྒོམ་པར་བྱ་ཞེས་སོ།། དེ་བཞིན་དུ་འདི་ཉིད་དུ་ཡང་གསུངས་པ། བཟའ་དང་བཏུང་དང་དེ་བཞིན་ཁྲུས།། སད ་དང་ཉལ་ཡང་བསམ་པར་བྱ།། ཕྱག་རྒྱ་ཆེན་པོ་མངོན་འདོད་པས།། དེ་ནས་རྟག་པ་ཉིད་དུ་འགྲོ་ཅེས་དང་། ཆུ་བོའི་རྒྱུ་ནི་རབ་འབབ་དང་།། མར་མེའི་འོད་ཀྱི་རྒྱན་བཞིན་དུ།། རྟག་ཏུ་གོམས་པའི་རྣལ་འབྱོར་གྱིས།། ཉིན་དང་མཚན ་མོར་གནས་པར་བྱ་ཅེས་སོ།། གསུངས་པ་ཡང་། ཇི་ལྟར་ཤིང་གི་སྙིང་པོར་མེད།། གནས་པ་མ་གཙུབས་འབྱུང་མི་འགྱུར།། དེ་ལྟར་གོམས་མེད་བྱང་ཆུབ་ནི།། སྐྱེ་བ་འདི་ལ་སྐྱེ་བ་མིན་ཞེས་པ་ལ་སོགས་པའོ།། དཔལ་མཚན ་ཡང་དག་པར་བརྗོད་པར་གསུངས་པ་ཡང་། ཆོས་ཀྱི་སྦྱིན་བདག་གཙོ་བོ་སྟེ།། ཕྱག་རྒྱ་བཞི་པོའི་དོན་སྟོན་པ།། འགྲོ་བའི་བསྙེན་བཀུར་གནས་ཀྱི་མཆོག། ངེས་འབྱུང་གསུམ་པ་བགྲོད་རྣམས་ཀྱི་ཅེས་སོ།། ང་ནི་དང་པོར་རེ་ཞིག་རྔུ ་རྗེ་སེམས་དཔའི་སྐུ་དང་གསུང་དང་ཐུགས་ཀྱི་ངོ་བོ་ངེས་པའི་དོན་གྱི་རིམ་པས་གསོལ་བར་བྱ་སྟེ། དཔལ་དྲི་མ་དང་བྲལ་བའི་འོང་དུ་གསུངས་པ་ཡང་། ཨེ་ཡི་ན་མཁའི་ཁམས་དབུས་སུ།། སངས་རྒྱས་ཀུན་གྱི་བདེ་བའི་གཞིར ་ཝ་གི་རྡོ་རྗེ་སེམས་དཔའ་འདི།། སྐུ་གསུང་ཐུགས་ཀྱི་སྦྱོར་བ་ལས།། ཐིག་ལེ་ཟླ་བ་ཁུ་བ་སྒོ།། རྣམ་པར་བཅང་བ་རྡུལ་ཉི་གསུངས།། ཨ་ཡིག་མུན་ཅན་ཐུགས་རབ་བརྗོད།། མཁའ་ཁམས་ཨེ་ལ་རྣམ་པར་གནས།། སྐུ ་གསུང་ཐུགས་ཀྱི་རྣལ་འབྱོར་གྱིས།། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ།། སྐུ་གསུང་ཐུགས་ཀྱི་ཆགས་པ་ཡིས།། སྲིད་གསུམ་བདག་ཉིད་ལ་གནས་པའོ་ཞེས་སོ།། དེ་བཞིན་དུ་གསུངས་པ། ་མཁའ་དབྱིངས་རྡོ་རྗེའི་དབུས་གནས་པར།། རྡོ་རྗེའི་དཀྱིལ་འཁོར་སྒོམ་པ་སྟེ།། ལུས་ངག་སེམས་ཀྱི་ང་རྒྱལ་ནི།། བསམས་ནས་བསྐལ་པར་དེ་གནས་སོ།། ཞེས་སོ།། དཔལ་མཚན་ཡང་དག་པར་བརྗོད་པར་ཡང་གསུངས་པ། ་རིགས་གསུམ་འཆང་བ་གསང་སྔགས་མཁན།། དམ་ཚིག་ཆེན་པོ་གསང་སྔགས་འཆང་།། གཙོ་བོ་དཀོན་མཆོག་གསུམ་འཛིན་པ།། ཐེག་པ་མཆོག་གསུམ་སྟོན་པ་པོ་ཅེས་སོ།། དེ་ལྟར་བརྡ་རྣམ་པ་སྣ་ཚོགས་རྣམས་ཀྱིས་གནས ་པར་བྱས་ནས་དེ་རྣམས་སུ་ཆེར་གསལ་ཏེ། ཡིད་ལ་མི་བྱེད་པའི་རྣལ་འབྱོར་གྱིས་རྟག་ཏུ་དངོས་གྲུབ་ཐོབ་པར་འགྱུར་རོ།། ཞེས་པའི་རྒྱུ་འདི་ཡིས་ལྷ་རྣམས་ཡོངས་སུ་སྨིན་པའི་ཆེད་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད ་ཐོབ་པོའི་ཆེད་དུ་དཔལ་འདུས་པ་ལ་སོགས་པ་དང་ཀྱེའི་རྡོ་རྗེའི་རྒྱུད་ཀྱི་རྒྱལ་པོར་ཡང་། འདི་སྐད་བདག་གིས་ཐོས་པ་ཞེས་པ་ལ་སོགས་བྱས་བཞུགས་པའི་གནས་ངེས་པར་བསྟན་པ། བཅོམ་ལྡན་འདས་ཀྱིས་གསུངས་སོ།། ་དངོས་པོ་གང་ཞིག་དཔལ་འདུས་པ་ལ་སོགས་པར་མིང་འདི་ཡིས་གསུངས་པའི་དངོས་པོ་དེ་ཉིད་མངོན་པར་བརྗོད་པ་འབུམ་པ་ལ་སོགས་པའི་རྒྱུད་ཀྱི་རྒྱལ་པོར། གསང་བ་ཞེས་ལ་སོགས་པ་དེ་བཞིན་གཤེགས་པས ་གསུངས་སོ།། དེ་ཡང་བླ་མ་དམ་པའི་མན་ངག་ལས་རྒྱུད་ནི་རྒྱུད་གཞན་གྱི་ས་དང་དགོད་བྲི་སྐད་གཞན་གྱི་རྟོགས་པར་བྱའོ།། གསུངས་བརྒྱ་དང་པོའི་གསང་ཆེན་ནི་ཨེ་ཝཾ་དུ་གྱུར་པ་སྔོན་བསྒོམས་པའི་རིག་པའོ།། མཐའ་སྟེ་ཐ་མའི་དགྱེས ་པ་ནི་ཤྲུ་ཏི་བསྟེན་པར་བཤད་པའོ།། དབུས་སུ་མཱ་ཡོ་ན་མཆོག་སྟེ་ཤིན་ཏུ་ཁྱད་དུ་འཕགས་པའོ།། དུས་གཅིག་ན་ནི་བཅོམ་ལྡན་འདས་ཐམས་ཅད་ཀྱི་བདག་ཉིད་ལ་རྟག་ཏུ་བཞུགས་པའོ་ཞེས་པའོ།། དགོས་པ་ཅི་ཞིག་གིས ་ན་སྦྱང་བར་མཛད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རབ་རྣམས་ལ། ཨོཾ་ཝཾ་མཱ་ཡ་ཞེས་པས་ངེས་པར་བསྟན།། ཨི་དཾ་མ་ཡཱ་དང་། ཨེ་ཏང་མཱ་ཡ་ཞེས་པ་འདི་ལྟ་བུ་ལ་སོགས་པར་ཡང་སྨྲ་བར་ནུས་པ་ཁོ ་ནའོ་ཞེ་ན། འདི་ལ་བརྗོད་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བརྡ་ཤེས་རབ་དང་ཐབས་གསལ་བར་བྱེད་པ་ཨེ་ཝཾ་ཞེས་པ་འདི་གསུང་རབ་ཀྱི་དང་པོར་ངེས་པར་བརྗོད་པར་བྱའོ།། སྨྲས་པ། གལ་ཏེ་དེ་ལྟ་ན ་སྡུད་པར་བྱེད་པས་འདིར་བདག་གིས་ཞེས་པ་ལ་སོགས་པའི་ཚིག་རྣམས་འབྱུང་བར་མི་འགྱུར་ཏེ། འབྲེལ་པ་མེད་པའི་ཕྱིར་རོ་ཞེ་ན། འདི་ནི་བདེན་མོང་འདིར་སྡུད་པར་བྱེད་པ་པོ་ནི་ཡོད་པ་མ་ཡིན་ནོ།། སྨྲས་པ། ཅིའི་དོན་དུ ་བཙུན་པ་ཀུན་དགའ་བོ་ལ་སོགས་པ་སྡུད་པར་བྱེད་པ་རྣམས་འཇིག་རྟེན་ཡང་དག་པར་བསྟན་ཞེས་སྨྲས་པ། འདིར་ཀུན་དགའ་བོ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་སྟེ། ཕྱག་ན་རྡོ་རྗེ་ཡིན་ལ་ཡང་གཞན ་མ་ཡིན་གྱི། རྡོ་རྗེ་འཆང་ཆེན་པོ་ཁོ་ནའོ།། གཞན་དུ་ན་མདོ་སྡེ་ལགས་པའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དང་། རྡོ་རྗེ་ཐེག་པ་ཡང་དེ་བཞིན་གཤེགས་པའི་དྲུང་ནས་ཆད་པ་དང་ལྷག་པ་མེད ་པར་ལན་ཅིག་ཐོས་ནས་འཛིན་པར་ག་ལ་ནུས། འདི་ནི་བཅོམ་ལྡན་འདས་ཀྱིས་ཐུན་མོང་མ་ཡིན་པའི་གསང་བ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་དུ་གསུངས་པ། དེ་ནས་གཞན་ཡང་ཐམས་ཅད་མཁྱེན་པའི་འཁོར ་ཕུན་སུམ་ཚེགས་པ་བཤད་པར་བྱའོ།། འདི་ལྟ་སྟེ། རྒྱལ་པོ་ཟས་གཙང་མ་ནི་འཇམ་དཔལ་དུ་འགྱུར་རོ།། ལྷ་མོ་ཆེན་མོ་སྒྱུ་མ་ནི་འཇིག་རྟེན་དབང་ཕྱུག་ཏུ་འགྱུར་རོ།། ལྷ་མོ་དཔལ་ནི་གྲགས་འཛིན་མར་རོ།། ་སྒྲ་གཅན་འཛིན་ནི་རྡོ་རྗེ་སེམས་དཔེའོ།། ཤཱ་རིའི་བུ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའོ།། གནས་བརྟན་འཕགས་པ་ཀུན་དགའ་བོ་ནི་ཀུན་ཏུ་བཟང་པོའོ།། གནས་བརྟན་ལྷ་བྱིན་ནི་ལྷའི་དབང་པོའོ།། ཡང་དག་པར ་རྫོགས་པའི་སངས་རྒྱས་དཔལ་ཤཱཀྱ་ཐུབ་པ་ནི་རྣམ་པར་སྣང་མཛད་ཆེན་པོར་འགྱུར་རོ་ཞེསོ་ཅེས་པའོ།། དེ་བཞིན་དུ་དཔལ་ཨ་ར་ལླི་ཆེན་པོའི་རྒྱུད་དུ་ཡང་གསུངས་པ། རྒྱལ་པོ་ཆེན་པོ་ཟས་གཙང་ནི།། ཨ་རལླི ་རུ་ཡང་དག་གསལ།། སྒྱུ་མ་ཆེན་མོ་རིག་གི་དེར།། འགྲོ་བ་ཤེས་རབ་ཐབས་བདག་ཉིད།། རྡོ་རྗེ་སེམས་དཔའ་དོན་ཀུན་གྲུབ།། མཆོག་ཏུ་དགའ་བ་བདེ་བ་ཆེ།། ལྷ་མོ་ས་འཚེ་ཕྱག་རྒྱ་ཆེ།། སྒྲ་གཅན་འཛིན་བཟང་བདེ ་བ་ཆེ།། སྲ་འཚོ་མ་ནི་སྒྱུ་འཕྲུལ་ཆེ།། སྒྱུ་མའི་རང་བཞིན་སྤྲོས་པ་ལས།། ལྷན་ཅིག་སྐྱེས་དགའ་དགའ་རབ་བཤད།། རྡོ་རྗེ་སྒྱུ་མའི་རྣམ་འཕྲུལ་གྱིས།། སླར་ཡང་བཅོམ་ལྡན་རྡོ་རྗེ་ཅན།། སྐྱེད་པ་པོར་ནི་རབ་ཏུ་གྲགས། ་སྒྱུ་མ་ཆེན་མོ་སྐྱེད་མོར་འགྱུར།། དེ་ཉིད་ཕྱག་རྒྱར་རབ་ཏུ་གྲགས་ཤེས་སོ།། རིགས་པ་འདི་ཡིས་སྡུད་པར་བྱེད་པ་པོ་ནི་འཁོར་རོ་ཞེས་པའོ།། དཔལ་དང་པོའི་སངས་རྒྱས་སུ་གསུངས་པ་ཡང་། ལྷ་མིའི་བླ་མ་མཐོ་རིས ་འཇིག་རྟེན་དུ་དེ་དབང་པོ་ས་སྟེང་དུ་ནི་འཁོར་ལོ་སྒྱུར།། ས་བོག་ཀླུ་ཡི་རྒྱལ་པོ་གདེངས་ཅན་རིགས་ཀྱིས་བཏུང་དང་ཀུན་འགྲོ་མཆོག་ང་ཡེ་ཤེས་དང་།། སངས་རྒྱས་ཐུབ་དབང་འགྱུར་མེད་མཆོག་དང་ཁྱབ་བདག་རྣལ་འབྱོར་རྣམས ་ཀྱི་རྡོ་རྗེ་རྣལ་འབྱོར་དང་།། རིག་བྱེད་ཨོཾ་གྱི་ཡི་གེ་གཙང་མའོ།། རྒྱལ་པོ་དངོས་པོ་ཀུན་གྱིས་བདག་ལ་སྐྱབས་སུ་སོང་ཞེས་སོ།། ལས་དང་པོ་པའི་སེམས་ཅན་རྣམས་གཞུག་པའི་ཆེད་དུ་འདི་ནི་སངས་རྒྱས་ཀྱི་ཟློས་གར་རབ་ཏུ་བསྟན ་པའོ།། འདི་ལ་གསུངས་པ། སངས་རྒྱས་མྱ་ངན་མི་འདའ་ཞིང་།། ཆོས་ཀྱང་ནུབ་པར་མི་འགྱུར་ཏོ།། སེམས་ཅན་རྣམས་ནི་གདུལ་དོན་དུ།། མྱ་ངན་འདས་པ་ཉེ་བར་བསྟན་ཞེས་སོ།། སྨྲས་པ། ཨེ་བཾ་ཞེས་པའི་ཡི་གེ ་གཉིས་པོ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཡིན་པ་ལགས་མོད། འདི་ཡང་ཇི་ལྟར་ཤེས་པར་བྱ་ཞེ་ན། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོས་ཡོངས་སུ་ཞུས་པར་གསུངས་པ། བརྒྱ་བྱིན་གྱིས་གསོལ་པ། ཨེ་བཾ་ཞེས ་འདི་ཅི་དོན་དུ།། ཅི་ཕྱིར་དང་པོ་རབ་ཏུ་སྦྱར།། འདི་ཅི་བདེ་གཤེགས་གསུངས་ཡིན་ནམ།། ཉན་ཐོས་ཀྱིས་བཤང་ཡིན་ནམ་ཅི།། བདག་གི་ཐེ་ཚོམ་འདི་རྣམས་ཀུན།། སྲིད་མཐར་མཛད་པས་གསལ་དུ ་གསོལ།། དམ་ཆོས་ཡོན་ཏན་སྨྲས་པ་ཡི།། ལྷ་ཡི་དབང་པོའི་ཚིག་གསན་ནས།། དེ་ལས་ལེགས་སོ་ཞེས་བྱིན་ཏེ།། བཅོམ་ལྡན་འདས་ཀྱིས་འདི་སྐད་གསུངས།། གང་དོན་ཐམས་ཅད་གཟིགས་པ་ཡིས།། དང་པོར་ཨེ་ཝཾ་ཞེས ་གསུངས་པ།། དེ་ནི་གོ་རིམས་ཇི་བཞིན་ཁྱོད།། ལྷ་ཡི་བདག་པོ་མཉན་པར་གྱིས།། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་།། བཞི་སྟོང་གི་ནི་གྲངས་རྣམས་ཀྱིས།། ཀུན་གྱི་གཞི་དང་ཕ་མ་ནི།། ཡི་གེ་གཉིས་སུ་བདག་གིས་བཤད།། ་ཨེ་ཡི་ཡི་གེ་མ་རུ་འགྱུར།། ཝཾ་ཡིག་ཀྱང་ནི་ཕ་རུ་བཤད།། ཐིག་ལེ་དེར་ནི་སྦྱོར་བར་འགྱུར།། སྦྱོར་ཏེ་མཆོག་ཏུ་རྨད་བྱུང་བའོ།། ཨཾ་ཡིག་པདྨ་ཞེས་བཤད་དེ།། ཝཾ་ཡིག་རྡོ་རྗེ་ཁོ་ན་ཡང་།། ཐིག་ལེ་དེར་ནི་ས་བོན་འགྱུར།། དེ་ལས ་འགྲོ་བ་གསུམ་པོ་སྐྱེས།། ཨེ་ཡི་ཡི་གེ་ཤེས་རབ་འགྱུར།། ཝཾ་ཡིག་རབ་དགའི་བདག་པོའོ།། ཐིག་ལེ་གཞོམ་མེད་དེ་ཉིད་དེ།། དེ་ལས་སྐྱེས་པ་ཡི་གེ་རྣམས།། ཆོས་ཀྱི་ཕྱག་རྒྱ་ཡི་གེ་གཉིས།། དེ་ཉིད་ཤེས་པ་གང་གིས་ཤེས།། ་དེ་ནི་སེམས་ཅན་ཐམས་ཅད་ལ།། ཆོས་ཀྱི་འཁོར་ལོ་སྐོར་བྱེད་འགྱུར།། སྐྱེ་བོ་གང་གི་ཡི་གེ་གཉིས།། མི་ཤེས་རྟག་ཏུ་འདོན་བྱེད་པ།། དེ་ནི་སངས་རྒྱས་ཆོས་རྣམས་ལས།། ཕྱི་རོལ་ལོངས་སྤྱོད་སྤངས་སྒྲ་བཞིན།། ཨེ་ཝཾ ་ཡིད་གཉིས་སྒྱུ་མ་སྟེ།། འདིར་ནི་ཐམས་ཅུང་མཁྱེན་པ་བཞུགས།། དེ་ཕྱིར་དམ་ཆོས་བསྟན་བཅོས་ཀྱི།། ཐོག་མར་དེ་ནི་རབ་ཏུ་བཤད།། དེ་ཕྱིར་བརྒྱ་བྱིན་ལྷ་བདག་པོ།། གལ་ཏེ་རྟག་པའི་གནས་འདོད་ན།། ཡིག་གཉིས་སྒྱུ་མ ་དྲན་བྱ་ཞིང་།། དམ་པའི་ཆོས་ལ་བླ་མར་བྱོས། ཞེས་གསུངས་པ་ཡང་། དམ་ཆོས་ཆོས་རྒྱལ་གསལ་བར་ལྡན།། འཇིག་རྟེན་སྣང་བར་བྱེད་པའི་མཆོག་ཅེས་སོ།། འདི་སྐད་བདག་གིས་ཞེས་པ་ལ་སོགས་པའི་རྡོ་རྗེའི་ཆོ་ག ་རྣམས་ཀྱི་དོན་ཡང་བཤད་པའི་རྒྱུད་ལ་འཇུག་པར་བྱ་སྟེ་ཨེ་ཝཾ་རྡོ་རྗེ་ཆུ་སྐྱེས་དང་།། ནོར་བུའི་ནང་གནས་ཐིག་ལེ་འཛིན།། དེ་ཉིད་ཐ་དད་མེད་བདག་ཉིད།། མ་མཱ་ཞེས་པས་རབ་གསལ་བྱས།། འདི་སྐད་བདག་གིས་ཐོས་ཞེས་བརྗོད ་འཁོར་ལོ་སྒྱུར་བའི་གཟུགས་ཅན་གྱིས།། རྡོ་རྗེ་སེམས་དཔའ་བདེ་བ་ཆེ།། དེ་ནི་སྟོན་བྱེད་བདེ་བ་ང་།། ཐོས་པ་ཞེས་པ་བདག་གིས་ནི།། བདག་ཉིད་ཁོ་ནས་བདག་ཉིད་ཀྱིས་ཞེས་སོ།། གསུངས་པའང་། ང་ལས་འགྲོ་བ ་ཐམས་ཅད་བྱུང་།། ང་ལས་ས་གསུམ་པོ་ཡང་བྱུང་།། ང་ཡིས་འདི་ཀུན་ཁྱབ་པ་སྟེ།། འགྲོ་བ་རང་བཞིན་གཞན་མ་མཐོང་། ཞེས་སོ།། སླར་ཡང་འདི་ཉིད་དུ་གསུངས་པ། འཆད་པ་པོ་ང་ཆོས་ཀྱང་ང་།། རང་གི་ཚོགས ་ལྡན་ཉན་པ་།། འགྲོ་བའི་སྟོན་པ་བསྒྲུབ་བྱ་ང་།། འཇིག་རྟེན་པ་ང་འཇིག་རྟེན་ང་།། ལྷན་ཅིག་སྐྱེས་དགའི་རང་བཞིན་ང་།། མཆོག་མཐའ་དགའ་བྲལ་དང་པོ་ཅན།། དངོས་དང་དངོས་པོ་མེད་པ་དང་།། དངོས་པོ་རྟོགས ་ཕྱིར་སངས་རྒྱས་པ།། གང་ཞིག་ལེ་ལོས་བསྣུན་པ་དང་།། རྨོངས་པ་གང་གིས་ང་མི་ཤེས།། རྡོ་རྗེ་བཙུན་མོའི་བྷ་ག་ནི།། བདེ་བ་ཅན་དུ་ང་གནས་སོ་ཞེས་སོ།། དཔལ་ཐམས་ཅད་མཁྱེན་པ་རྡོ་རྗེ ་འཇིགས་བྱེད་ཀྱི་རྒྱུད་དུ་ཡང་གསུངས་པ། སྤྲོ་དང་སྡུད་པའི་གནས་ལ་ནི།། གསང་ཆེན་དམ་པ་རྨྱང་བྱུང་བར།། ཤེས་རབ་བདུད་རྩིའི་མཚོ་གནས་སུ།། བཅོམ་ལྡན་འདས་ནི་སྐྱེ་མེད་བཞུགས།། སྟོང་པ་མ་ཡིན་མི་སྟོང་མིན།། ་པར་མི་རྟོག་གཞི་མེད་པ།། སྤྲོས་པ་མེད་ཅིང་སྣང་བ་མེད།། རྡོ་རྗེ་སེམས་དཔའ་བདེ་བ་ཆེ་ཅེས་སོ།། དཔལ་དང་པོའི་སངས་རྒྱས་སུ་ཡང་གསུངས་པ། ཕུང་པོ་ལྔ་ཡི་རང་བཞིན་རྣམས་ཀྱི་རྡོ་རྗེ་བཙུན་མོའི་བྷ་ག་རྣམས་ལ་ཐུགས ་རྗེས་བཞུགས།། ངེས་པ་རྣམ་པར་མ་བསྒྲུབས་བསོད་ནམས་མིན་པ་བསགས་པའི་སེམས་ཅན་རྣམ་སྨིན་དོན་དུ་སྟེ།། གཙང་མའི་གནས་ལ་སོགས་པར་བཅོམ་ལྡན་གང་ཞིག་རྣམ་པར་བཞུགས་པ་ཉན་ཐོས་རྣམས་སླད་དུའོ།། ་གང་ཞིག་ཨེ་ཝཾ་ཡི་གེ་ལ་གནས་མཆོག་གི་ངེས་པ་ཅན་རྣམས་མཆོག་ལ་དགོང་དོན་དུའོ་ཞེས་སོ།། དུས་གཅིག་ན་ཞེས་པ་ལ་སོགས་པ་འདིའི་དོན་ནི་སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་ནའོ།། གསུངས ་པ་ཡང་། མཁས་པ་ཆེན་པོས་སྐད་ཅིག་ལ།། ཆོས་ཀུན་ཁོང་དུ་ཆུད་པར་འཆང་ཞེས་སོ།། རྒྱུད་གཞན་དུ་ཡང་གསུངས་པ། ས་བོན་གཟུགས་ཀྱིས་ཡང་དག་འདྲས།། ལྷ་ཡི་འཁོར་ལོ་དམ་པ་སྟེ།། མཆོག་ཏུ་དགའ་བའི ་བའི་དུས་འདི་ནི།། དུས་གཅིག་ན་ཞེས་བརྗོད་པར་བྱ་ཞེས་སོ།། བཅོམ་ལྡན་འདས་ཞེས་པ་འདིའི་དོན་འདི་ཡིན་ཏེ། དབང་ཕྱུག་བརྒྱད་ཀྱིས་བཅོམ་ལྡན་འདས།། བདེ་བ་ཆེན་པོའི་གོ་འཕང་གནས།། དཔལ་རྡོ་རྗེ་རྩེ་མོར་ཡང ་གསུངས་པ། ཉོན་མོངས་ལས་དང་དེ་བཞིན་སྟེ།། ཉོན་མོངས་ཤེས་བྱའི་སྒྲིབ་དེ་བཞིན།། མི་མཐུན་ཕྱོགས་ཀྱིས་ཆོས་གང་བཅོམ།། དེ་ནི་བཅོམ་ལྡན་འདས་ཞེས་བཤད། ཅེས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཅེས ་བ་འདིའི་དོན་འདི་ཡིན་ཏེ། རྒྱལ་བ་ཕུང་པོ་ལྷ་རྣམས་འདིར།། དེ་བཞིན་གཤེགས་པ་ཐམས་ཅད་བཤད་ཅེས་བྱའོ།། དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དམྱལ་བའི་ལེའུར་ཡང་གསུངས་པ། ཕུང་པོ་དང་ཁམས་དང་སྐྱེ ་མཆེད་རྣམས་ལ་གཞན་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པར་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཉིད་ནི་སྟོང་པ་དབེན་པ་ཞི་བ་ཡིན་པའི་ཕྱིར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པ་དང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ནི་གཉིས་སུ་མེད་གཉིས་སུ་བྱར་མེད་དེ། སྟོང་པ་ཉིད་དང་། དབེན་པ་ཉིད་ཀྱི་ཕྱིར་དམིགས་སུ་མེད་དོ།། གང་ཆོས་ཐམས་ཅད་ཀྱི་དམིགས་སུ་མེད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་ཞེས་བརྗོད་པར་བྱའོ་ཞེས་སོ།། སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་ཞེས་པ་འདིའི་ངེས་པའི་དོན་ནི་རྒྱུད་གཞན་དུ་གསུངས་ཏེ། དེ། བདག་ཉིད་ཀྱི་ནི་སྐུ་གསུང་ཐུགས།། སྙིང་འདིའི་རྡོ་རྗེ་བདེ་བ་ཆེ།། རྡོ་རྗེ་རྡོ་རྗེ་ཞེས་གསུངས་པ།། ་ཅེས་འདི་རྡོ་རྗེར་བརྗོད་ཅེ་ན།། སྲ་ཞིང་སྙིང་པོ་ཁོང་སྟོང་མེད།། བཅད་མེད་དབྱེར་མེད་མཚན་ཉིད་མེད།། མི་འཚིག་འཇིག་པ་མ་ཡིན་པ།། སྟོང་ཉིད་རྡོ་རྗེར་བརྗོད་པར་བྱ།། འགྲོ་དྲུག་འཁོར་ལོ་ཉེས་བྱས ་ཀྱང་།། རྡོ་རྗེ་ཡིས་ནི་འཇོམས་པར་བྱེད།། བྱང་ཆུབ་སེམས་གང་དེ་རྡོ་རྗེ།། ཉོན་མོངས་ཐམས་ཅད་འཇོམས་པར་བྱེད་ཅེས་སོ།། བཙུན་མོ་ཞེས་པ་འདིའི་དོན་ནི་འདི་ཡིན་ཏེ། བཙུན་མོ་ལེགས་སྦྱངས་ཕྱག་རྒྱ་སྟེ།། བྷ་ག་ལོག ་སྦྱར་པདྨའོ།། ཞེས་བྱའོ།། དགོངས་པ་ལུང་སྟོན་པའི་རྒྱུད་དུ་གསུངས་པ་ཡང་། སངས་རྒྱས་ཀུན་གྱིས་གང་བསྟེན་པ།། བཅུ་གསུམ་པ་ཡི་སར་གྱུར་གང་།། དེར་ནི་བཙུན་མོར་ཡང་དག་བཤད།། དམོ་ཆོས་བྷ་ག་ཞེས་པར་ཡང་། ་དེ་ལ་ཅི་ཕྱིར་བྷ་ག་ཞེས་བྱ་ཞེ་ན། འདིའི་དོན་ནི་འདི་ཡིན་ཏེ། གནས་གང་ཞིག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་དང་། ཏིང ་ངེ་འཛིན་ལ་སྙོམས་པར་ཞུགས་པར་གྱུར་པ་བཞུགས་པ་དེ་ཁོ་ན་ན། དམ་ཚིག་སེམས་དཔའ་ཉིད་ཡིན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་བྷ་གཱ་ཞེས་གསུངས་ཏེ། འདོད་པའི་འདོད་ཆགས་གཅོད་བྱེད་ཅིང་།། ཉོན་མོངས་རྣམས ་བཅོམ་གཞན་མི་ཐུག།། དེ་ཕྱིར་དེ་ནི་བྷ་གར་བརྗོད།། མཆོག་ཏུ་གྱུར་པའི་གནས་ཕྱེད་དུ་ཡིན་པས་ན་བཞུགས་སོ་ཞེས་པའི་དོན་ཏོ།། ཚིག་འདི་བརྟན་པར་བྱེད་པའི་དོན་དུ་གསུངས་པ། དཔལ་རྡོ་རྗེ་གསང་བའི་རྒྱུད་དུ་བཀའ ་སྤྲུལ་ཏེ། དེ་ནས་ཉམས་དགའ་བ་ཡི་གནས།། ན་མཁའ་ཀུན་ལ་རབ་གནས་པ།། རྡོ་རྗེ་རིན་ཆེན་འོད་ཀྱིས་གསལ།། དྲི་མེད་གཟི་བརྗོད་ཀྱིས་བརྒྱན་པ།། དྲ་བཱ་མེ་ལོང་མེ་ཏོག་ལྡན།། མེ་ཏོག་ཕྲེང་བ་རྒྱན་ལྡན་པ།། བདེ་བཱ ་ཆེན་པོ་རྡོ་རྗེ་ཆེ།། རྡོ་རྗེ་ཀུན་གྱི་འདུས་བྱས་པ།། རྡོ་རྗེ་སེམས་དཔའི་གནས་ཆེན་པོ།། སངས་རྒྱས་ཀུན་གྱིས་རྗེས་བསྟེན་པ།། བྱང་ཆུབ་སེམས་དཔའི་གནས་ཀྱི་མཆོག། རྡོ་རྗེ་འཛིན་པ་ཀུན་གྱི་གཞི།། བདེ་བ་ཆེན་པོ་རྡོ་རྗེ་ཆེལ ་ནོར་བུ་རིན་ཆེན་མཆོག་ཅེས་བྱ།། རྡོ་རྗེ་ཆེན་པོའི་གཞལ་ཡས་ན།། རྡོ་རྗེ་འཛིན་པ་ཐིག་ལེ་ཡི།། གཟུགས་ཀྱིས་བཞུགས་ཤིང་གནས་པའོ་ཞེས་སོ།། དེ་ཁོ་ན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས ་གཅིག་པའི་སྐུ་ཅན་མཆོག་ཏོ་མི་འགྱུར་བའི་བདེ་བ་ཆེན་པོའི་ངོ་བོ་སྣ་ཚོགས་གཟུགས་འཛིན་པ། གཞོམ་དུ་མེད་པའོ་ཞེས་པའོ།། དཔལ་མཚན་ཡང་དག་པར་བརྗོད་པར་གསུངས་པ། སྣ་ཚོགས་གཟུགས་ཅན་སྐྱིད་པ་བོ།། མཆོད ་བྱ་རྗེད་བྱ་དྲང་སྲོང་ཆེ།། རིགས་གསུམ་འཆང་བ་གསང་སྔགས་མཁན།། དམ་ཚིག་ཆེན་པོ་གསང་སྔགས་འཛིན།། ཡང་དེ་ཉིད་དུ་བཀའ་སྩལ་པ། འཇིག་རྟེན་དབང་ཕྱུག་ཀུན་གྱི་བདག། རྡོ་རྗེ་འཛིན་པ་ཀུན་གྱི་རྗེ།། སངས་རྒྱས ་ཀུན་གྱི་ཐུགས་ཆེ་བ།། སངས་རྒྱས་ཀུན་གྱི་ཐུགས་ལ་གནས།། སངས་རྒྱས་ཀུན་གྱི་སྐུ་ཆེ་བ།། སངས་རྒྱས་ཀུན་གྱི་གསུང་ཡིན་ནོ་ཞེས་པ་ལ་སོགས་པ་རྒྱ་ཆེར་རོ།། དེ་བཞིན་དུ་དཔལ་དང་པོའི་སངས་རྒྱས་སུ་ཡང་བཀའ ་སྤྲུལ་པ། རྒྱུད་རྣམས་སུ་གང་འདི་སྐད་བདག་གིས་ཐོས་ཞེས་གསུངས་ཏེ། འདི་ལྟར་བདག་གིས་ཞེས་པ་སྟེ། རྡོ་རྗེ་ཅན་ནི་ཟླ་བ་ཞུ་ལས་གང་ཞིག་སྤྱི་མགྲིན་སྙིང་ཁའི་ཆུ་སྐྱེས་ལྟེ་གསང་བ།། ་རྡོ་རྗེ་བུད་མེད་རྣམས་ཀྱི་བྷ་གར་ཐིག་ལེ་གྲོལ་བ་གསུམ་གྱིས་མཆོག་གི་པདྨར་གནས།། དེ་འདིར་སངས་རྒྱས་ཞིང་དུ་རབ་ཞུགས་བཅོམ་ལྡན་འདས་སུ་རྣལ་འབྱོར་པ་ཡིས་རིག་པར་བྱ་ཅེས་སོ།། འདི་ཉིད་དུ་ཡང་གསུངས ་པ། སྟོན་པ་སུམ་ཅུ་གཉིས་མཚན་ཅན།། གཙོ་བོ་དཔེ་བྱད་བརྒྱད་ཅུར་ལྡན།། བཙུན་མོའི་བྷ་ག་བདེ་ཅན་དུ།། ཁུ་བའི་མིང་གིས་རྣམ་པར་གནས་ཤེས་སོ།། མཐའ་ཡས་རྟོགས་ལས་དེས་གྲོལ་བ།། ཟླ་བ་ཤར་ཁ་ལྟར ་དང་བ།། དེ་ལས་རང་ཉིད་ཆེ་ཉིད་ཀྱིས།། སེམས་ཅན་ཀུན་ལ་རྗེས་བརྩ་བས།། སྤྲུལ་པ་པ་ཡི་སྐུར་མཛད་དོ།། སུམ་ཅུ་རྩ་གཉིས་མཚན་མཆོག་ཅན།། གང་གི་སྲིད་པའི་རྩེ་མོ་ནས།། མནར་མེད་པར་གྱི་ཁམས་གསུམ ་ཁྱབ་ཅེས་པའོ།། མཚན་ཡང་དག་པར་བརྗོད་པར་ཡང་གསུངས་པ། སུམ་ཅུ་རྩ་གཉིས་མཚན་འཆང་བ།། སྡུག་གུ་འཇིག་རྟེན་གསུམ་ན་མཛེས།། འཇིག་རྟེན་ཤེས་ལེགས་སློབ་དཔོན་ཏེ།། འཇིག་རྟེན་སློབ་དཔོན ་འཇིགས་པ་མེད།། མགོན་སྐྱོབ་འཇིག་རྟེམ་ཡིད་གཅུགས་པ།། སྐྱབས་དང་སྐྱོབས་པ་བླ་ན་མེད་ཅེས་སོ།། དཔལ་ཐམས་ཅད་མཁྱེན་པ་འཇིགས་བྱེད་ཀྱི་རྒྱུད་དུ་ཡང་གསུངས་པ། དེ་ནས་ཤིན་ཏུ་ཆེན་པོ་དེས། ་སེམས་ཅན་ཀུན་ལ་རྗེས་བརྩེ་བས།། སྤྲུལ་པ་བའི་སྐུར་མཛད་དེ།། སུམ་ཅུ་རྩ་གཉིས་མཚན་འཆང་བ།། དེ་མེད་བདེ་བ་ཉིད་མི་འགྱུར།། བདེ་བ་སྤངས་ནས་དེ་མ་ཡིན།། ཁུ་བའི་རྣམ་པ་བཅོམ་ལྡན་འགྱུར། དེ་ཡི་བདེ་བ ་འདོད་མར་བཤད།། དེ་ནི་རང་སངས་རྒྱས་རྣམས་དང་།། ཉན་ཐོས་རྣམས་ཀྱི་སྤྱོད་ཡུལ་མིན།། སངས་རྒྱས་སྲས་ཀྱི་སྤྱོད་ཡུལ་ལོ།། རྡོ་རྗེ་པདྨ་ལས་བྱུང་བའོ།། ཞེས་པ་ལ་སོགས་པ་ངེས་པའི་དོན་ཏོ།། དཔལ་ན་མཁའ ་མཉམ་པའི་རྒྱུད་དུ་ཡང་གསུངས་པ། འགྲོ་བ་འདི་ཀུན་སངས་རྒྱས་མངའ་བདག་ཉིད།། སྣ་ཚོགས་ཟློས་གར་ཡིད་འོང་བལྟ་བར་གྱིས།། མཆོག་ཏུ་བདེ་བ་ཆེན་པོ་གཅིག་པུ་དེ།། གཅིག་དང་དུ་མའི་ཉམས་ཀྱིས་གར་མཛད ་དོ།། ཅེས་པ་ལ་སོགས་པའོ།། དེའི་ཕྱིར་ན་གཅིག་དང་གཅིག་མིན་རྣམ་བྲལ་འདི།། སྐད་ཅིག་ལས་གཅིག་མཆོག་དགའོ།། རང་གིས་རིག་བྱའི་ཡེ་ཤེས་འདི།། ངག་གི་ལམ་འདས་སྤྱོད་ཡུལ་ལོ།། འདི་ནི་བྱིན་རླབས ་རིམ་པ་སྟེ།། ཀུན་མཁྱེན་ཡེ་ཤེས་དེ་རང་བཞིན།། སྣ་དང་ཆུ་དང་མེ་དང་ནི།། རླུང་དང་ན་མཁའ་ཉིད་ཐམས་ཅད།། རང་བཞིན་རིག་པའི་ཚོར་བ་ནི།། སྐད་ཅིག་ལས་ནི་གནོད་མི་འགྱུར།། མཐོ་རིས་ས་སྟེང་ས་འོག་རྣམས།། ་སྐད་ཅིག་ལས་ནི་སྐུ་གཅིག་འགྱུར།། རང་གཞན་ཆ་ཡི་རྣམ་རྟོག་གིས།། གནོད་པར་ནུས་པ་ཉིད་མ་ཡིན་ཞེས་སོ།། མཚན་ཡང་དག་པར་བརྗོད་པར་ཡང་གསུངས་པ། ཐུབ་པ་མེད་པ་དཔེ་མེད་པ།། མི་མངོན་མ་སྣང་གསལ ་བྱེད་མིན།། ཆ་མེད་ཀུན་འགྲོ་ཁྱབ་པའོ།། ཕྲ་ཞིང་ཟག་མེད་ས་བོན་ནོ།། རྡུལ་མང་རྡུལ་བྲལ་དྲི་མ་མེད།། ཉེས་པ་སྤངས་པ་སྐྱོན་མེད་པ།། ཤིན་ཏུ་སད་པ་སད་པའི་བདག། ཀུན་མཁྱེན་ཀུན་རིག་དམ ་པ་པོ།། རྣམ་པར་ཤེས་པའི་ཆོས་ཉིད་འདས།། ཡེ་ཤོས་གཉིས་མིད་ཚུལ་འཆང་བ་ཞེས་སོ།། དེ་ལྟར་སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་སྐུ་བཞིའི་བདག་ཉིད་ཅན་བཅོམ་ལྡན་འདས་ཀྱིའི་རྡོ་རྗེ་ས་བཅུ་གཉིས་ཀྱི་དབང ་ཕྱུག་ནི་ཆོས་སྟོན་པ་པོའོ།། ད་ནི་རྡོ་རྗེ་སྙིང་པོས་གསོལ་བ་བཏབ་པའི་དེ་མ་ཐག་ཏུ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨེ་མའོ་རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེན་པོ་ལེགས་སོ་ལེགས་སོ་ཞེས་པ་ལ་སོགས་པ་སྟེ། རྡོ་རྗེ་སྙིང་པོ ་ཅི་ཞིག་ཏུ་བརྗོད་པར་བྱ་ཅེ་ན། རྡོ་རྗེའི་སྒྲ་ཡི་ཤེས་རབ་ཡིན་ལ། དེའི་པདྨ་སྙིང་པོ་སྟེ། བྱང་ཆུབ་སེམས་ཀྱི་ངོ་བོས་གནས་པ་ཉིད་ཀྱི་ཕྱིར་ན། རྡོ་རྗེ་སྙིང་པོ་ཞེས་བརྗོད་པར་བྱའོ།། རྡོ་རྗེ་སྙིང་པོས་གསོལ་པ། ཅི་ཡི་རྡོ་རྗེ་སེམས ་དཔའ་ལགས།། ཇི་ལྟར་བྱང་ཆུབ་སེམས་དཔར་འགྱུར།། ཅི་ཕྱིར་སེམས་དཔའ་ཆེན་པོ་ལགས།། ཅི་ལྟར་དམ་ཚིག་སེམས་དཔའ་གཙོ་ཅེས་བྱའོ།། འདིའི་དོན་ནི་འདི་ཡིན་ཏེ། དཔལ་མཆོག་གི་དང་པོའི་སངས་རྒྱས་སྟོང་ཕྲག ་བཅུ་གཉིས་པར་གསུངས་པ། རང་བྱུང་རྡོ་རྗེ་སེམས་དཔའ་འ་།། དོན་ཆེན་མཆོག་ཏུ་མི་འགྱུར་བ།། འདོད་ཆགས་ཆེན་པོ་སེམས་དཔའ་ཚེ།། སེམས་ཅན་ཐམས་ཅད་དགའ་བར་བྱེད།། བྱང་ཆུབ་སེམས་དཔའ་ཞེ་སྡང ་ཉོན་མོངས་སྒྲ་ཆེན་ཟད་པ་པོ།། དམ་ཚིག་སེམས་དཔའ་གཏི་མུག་ཆེ།། གཏི་མུག་བློ་ཡིས་གཏི་མུག་སེལ།། དམ་ཚིག་ཟླ་བ་བདུད་རྩི་ཡི།། ཁུ་བ་འཕོ་མེད་དེ་ཟླ་བ།། དམ་ཚིག་སེམས་དཔའ་ཚུལ་འདི་ཡིས།། གཏི་མུག་བླ ་ཅན་གཏི་མུག་སེལ།། ཞེས་སོ།། དེ་བཞིན་དུ་དཔལ་དྲི་མ་མེད་པའི་འོད་དུ་ཡང་གསུངས་པ། ཤེས་རབ་ཐབས་ཀྱི་བདག་ཉིད་སྦྱོར།། དབྱིབས་སྐུ་རྫུ་འཕྲུལ་བགྲོད་པ་ཅན།། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། བྱང་ཆུབ ་སེམས་དཔའ་དམ་ཚིག་སེམས།། དེ་བཞིན་གཤེགས་པས་གསུངས་པ་སྟེ།། དངོས་དང་དངོས་མེད་ཟད་ཁྱབ་བདག། ཐེག་མ་ཐ་མ་མེད་ཞི་བ།། བྱང་ཆུབ་སེམས་ཏེ་མཆོག་མི་འགྱུར་ཞེས་སོ།། དེ་བཞིན་དུ་འབུམ་ཕྲག་ལྔ་བར ་ཡང་བཀའ་སྩལ་ཏེ། དེའི་ཕྱིར་དེ་ཉིད་ལ་འཇུག་པར་བྱའོ།། དེར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྡོ་རྗེ་མི་ཕྱེད་ཅེས་བཤད་པ།། ཝཾ་གི་ཡི་གེར་རབ་ཏུ་གྲགས།། མི་ཕྱེད་པ་ནི་སྐུ་གསུང་ཐུགས།། ཡི་གེ་ཝིགས ་མངོན་བརྗོད་བྱ།། སེམས་དཔའ་སྲིད་གསུཾ་གཅིག་ཉིད་ནི། ཨེ་ཡི་ཡི་གེས་བརྗོད་པར་བྱ།། ཨེ་ཡི་གེ་ཤེས་རབ་དང་ལྡན་ཅིག། ཝཾ་ཡིག་རིགས་གསུམ་བདག་ཉིད་ཅན།། ལྟེ་བའི་དབུས་ག་ནས་དཔའ་བོ་ནི།། ཟེ་འབྲུགས ་བའི་སྤྱོད་ཡུལ་ན།། རང་འདྲའི། ཕྱི་ནས་ཤེས་རབ་དང་ལྡན་ཏེ།། རྡོ་རྗེ་སེམས་དཔའ་རབ་བརྗོད་བྱ།། ཕྱག་གཉིས་ཧེ་རུ་ཀ་རུ་བཤད།། འཇིག་རྟེན་གསུམ་བསྐྱོད་ཉིད་དེའོ།། དེ་ཉིད་ངོ་བོ་ཉིད་དུ་བརྗོད།། སངས་རྒྱས་སྐུ ་སྟེ་བདྲེ་བ་ཆེ།། དེ་ཉིད་ཡེ་ཤེས་རྡོ་རྗེར་འགྱུར།། དེ་ནི་ལྷན་ཅིག་སྐྱེས་དགའ་ཉིད།། རྒྱུ་མཐུན་པར་ཡང་དེ་ཉིད་བཤད།། རྡོ་རྗེ་རྩེ་གཅིག་པ་རུ་བརྗོད།། གསུངས་པ་ཡང་། ཉིན་དང་མཚན་མོར ་བསམ་གཏན་དབང་ལས་ནི།། གང་ཚེ་རིན་གྱིས་སེམས་ནི་དབུ་མར་གནས།། མཐའ་ཡས་སྐུ་ཅན་ཤིན་ཏུ་རྣམ་དག་སྐུ།། རྡོ་རྗེ་རྩེ་མོ་གཅིག་པར་རྒྱལ་བའི་དབང་ཞེས་པའོ།། དེ་ཡང་བཞི་པའི་གནས་སྐབས་ཟད།། རྣམ་དག་མཆོག ་ཏུ་མི་འགྱུར་བའོ།། བྱང་ཆུབ་ལ་གནས་གང་ཞིག་ནི།། སྙིང་གའི་པདྨའི་དབུས་གནས་པ།། ཧཱུཾ་ཡིག་ཁོ་ན་སེམས་དཔའ་བརྗོད།། མི་བསྐྱོད་པ་ནི་ཁོ་ནའོ།། ཐུགས་ཀྱི་རྡོ་རྗེ་དེ་ཉིད་བརྗོད།། ཁྱབ་འཇུག་དེ་ཉིད་ཕྱག་བཞི་པ།། དེ་ཉིད ་ཛྭ་ལ་ཛྭ་ལ་བྷྱོ།། དེ་ཉིད་ཆོས་ཀྱི་སྐུ་རུ་བཤད།། ཆོས་འཁོར་ལོར་གནས་རྡོ་རྗེ་ཅན།། ཁྱད་དགའི་དགའ་བའི་ཚུལ་འཆང་བ།། དེ་ཉིད་རྣམ་པར་སྨིན་པར་བཤད།། གཉིད་སྡུག་ཟད་པར་བྱེད་པའོ།། ཡེ་ཤེས་ཆེན་པོའི་རོས་གང ་བ།། སེམས་དཔའ་ཆེན་པོར་དེ་བརྗོད་བྱ།། མགྲིན་པར་ལོངས་སྤྱོད་འཁོར་ལོའི་དབང་།། འོད་དཔག་མེད་དུ་མངོན་བརྗོད་བྱ།། དེ་ཉིད་གསུང་གི་རྡོ་རྗེར་བཤད།། པདྨའི་ཕྱག་ཅན་དེ་བཞིན་གཤེགས།། དེ་ཉིད་མཆོག་ཏུ་དགའ་བར ་བཤད།། སྐྱེས་བུ་བྱེད་པར་རབ་ཏུ་བརྗོད།། ཀུན་རྫོབ་དང་ནི་བཟློག་པ་སྟེ།། དེ་ཡང་རྨི་ལམ་གནས་སྐབས་ཟད།། དེ་ཉིད་ལོངས་སྤྱོད་རྫོགས་སྐུར་འགྱུར།། སངས་རྒྱས་རྣམས་ཀྱིས་ཆོས་སྟོན་མཛད།། དེ་ཉིད་བདེ་བྱེད ་རབ་ཏུ་བརྗོད།། ཞལ་གསུམ་རྣམ་པ་ཕྱག་དྲུག་དེ།། ཀི་ཊི་ཀི་ཊི་རྡོ་རྗེ་ཉིད།། ཧེ་རུ་ཀ་ནཱི་གསུམ་པར་འགྱུར།། རྟག་ཏུ་དམ་ཚིག་ལ་གནས་པས།། གང་ཞིག་གནས་པ་ཡོངས་རྟོགས་བྱ།། དམ་ཚིག་རི་བོང་འཛིན་ཁུ་བ། བདེ ་བ་ཆེན་པོར་དཔྲལ་བར་གནས།། བདུད་རྩི་ལོགས་གནས་སེམས་དཔའོ།། ཡི་གེ་ཨཾ་དུ་རབ་ཏུ་བཤད།། དེ་ཉིད་རྣམ་པར་སྣང་མཛད་བརྗོད།། བྱང་ཆུབ་སེམས་ཏེ་མཆོག་མི་འགྱུར།། ཚངས་པ་སྐུ་ཡི་རྡོ་རྗེ་འཛིན།། ་ཉིད་ཡོངས་སུ་བཤད་པར་བྱ།། དགའ་བ་ཚངས་པའི་ངོ་བོ་སྟེ།། གཟུགས་ཀྱི་སྐུ་རུ་དེ་བརྗོད་བྱ།། དེ་ཉིད་ཕྱག་ན་འཁོར་ལོར་བཤད།། སྐུ་ནི་སྦྲུལ་པོའི་མཚན་ཉིད་ཅན།། དོན་དམ་པས་དེ་དྲི་མ་མེད།། སད་པའི་གནས ་སྐབས་ཟད་དེ་ཉིད།། དེ་ཉིད་པི་ཙུ་བཛྲར་འགྱུར།། ཞལ་བརྒྱད་ཧ་རུ་ཀ་རུ་བཤད།། དཔའ་བོ་ཆེན་པོ་ཞབས་བཞི་པ།། བཅུ་དྲུག་ཕྱག་དང་ཡང་དག་ལྡན།། དེ་ལྟར་སྐུ་ཡི་དབྱེ་བ་ཡིས།། ཧེ་རུ་ཀ་ནི་བཞི་པར་བཤད།། ངོ ་བོ་ཉིད་ལས་ཆོས་སུ་འགྱུར།། ཆོས་ལུས་ལོངས་སྤྱོད་རྫོགས་པ་ཉིད།། དེ་ལས་སྤྲུལ་པའི་སྐུར་འགྱུར་ཏེ།། དེ་ལྟར་སྐུ་ནི་བཞི་ཡིན་ནོ།། ཚངས་པ་སྐུ་ཡི་རྡོ་རྗེ་འཛིན།། གསུང་གཱི་རྡོ་རྗེ་དབང་ཕྱུག་ཆེ།། ཁྱབ་འཇུག་ཐུགས ་ཀྱི་རྡོ་རྗེ་འཛིན།། རྡོ་རྗེ་སེམས་དཔའ་བདེ་བ་ཆེ། ཅེསོ་སོ། རྩ་བའི་རྒྱུད་དུ་རྒྱས་བཤད་པ།། རིགས་ནི་གསུམ་དུ་ངེས་པར་བརྗོད།། ངོ་བོ་ཉིད་དང་ཡང་དག་ལྡན།། རིགས་བཞི་ཞེས་པར་བཤད་པ་ཡིན།། མཛད་པ ་བཞི་ཡི་བྱེ་བྲག་གིས།། རིགས་རྣམས་ཀྱི་ནི་རྣམ་གཞག་དེའོ།། སངས་རྒྱས་ལམ་ནི་འདོད་པ་ཡི།། རྣལ་འབྱོར་ལྡན་པས་ཤེས་པར་བྱ། ཅེས་སོ། དེ་ནི་བཅོམ་ལྡན་འདས་ལ་རྡོ་རྗེ་སྙིང་པོས ་འདི་སྐད་ཅེས་གསོལ་པ། མཚན་བསྡུས་པ་ནི་འདི་ལྟ་བུ།། ཅི་ཡིས་ཀྱེའི་རྡོ་རྗེ་ལགས།། ཧེ་ཡིག་གིས་ནི་ཅི་ཞིག་བཤད།། དེ་བཞིན་བཛྲ་ཡིས་ཀྱང་ཅི།། བཅོམ་ལྡན་འདས་ཀྱིས་བཀའ་སྤྲུལ་པ། ཧེ་ཡིག་གིས་ནི་སྙིང ་རྗེ་ཆེ།། བཛྲའང་ཤེས་རབ་བརྗོད་པར་བྱ།། མདོར་བསྟན་པའི་ཆོ་ག་འདིའི་རྒྱས་པར་བཤད་པ་རྩ་བའི་རྒྱུད་ལ་འཇུག་པར་བྱ་སྟེ། དེར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་ཆོས་དང་དམིགས་པ་མེད།། ་སྙིང་རྗེ་འདི་ནི་རྣམ་གསུམ་བཤད།། འདིར་སེམས་ཅན་ལ་དམིགས་པ་ནི་དཀར་པོའི་ཚེས་གཅིག་ལ་སོགས་པ་ཚེས་ལྔ་རྣམས་སོ།། ཆོས་ལ་དམིགས་པ་ནི་དྲུག་པ་ལ་སོགས་པ་ཚེས་ལྔ་རྣམས་སོ།། དམིགས་པ་མེད་པ ་ནི་བཅུ་གཅིག་པ་ལ་སོགས་པ་ཆོས་ལྔ་རྣམས་སོ།། ཉའི་མཐའ་དག་ནག་པོའི་ཆོས་གཅིག་འཇུག་པའི་དང་པོའི་དང་པོའི་དབུས་སུ་སྙིང་རྗེ་བཅུ་དྲུག་པའོ།། འདི་དག་གཅིག་པ་ཉིད་སྟོང་པ་ཉིད་བཅུ་དྲུག་པ་དང་སྙིང་རྗེ་བཅུ་དྲུག ་གི་བདག་ཉིད་ཅེས་སོ།། ཧ་ཡིག་གིས་ནི་མངོན་པར་བརྗོད།། སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཡིས།། སྔར་བཤད་ཝཾ་ཡིག་དེ་ཉིད་དོ།། རྡོ་རྗེའི་སྒྲ་ཡི་ཡི་གེ་ཨེ།། རྣམ་པ་ཐམས་ཅད་སྟོང་པ་ཉིད།། འདི་དག་སྙོམས་འཇུག ་གང་ཡིན་པ།། རྣལ་འབྱོར་སྒྲ་ཡིས་མངོན་བརྗོད་བྱ།། ཤེས་རབ་ཐབས་ཀྱི་བདག་ཉིད་རྒྱུད།། རྣལ་འབྱོར་རྒྱུད་དུ་རབ་བརྗོད་བྱ།། འདིར་མིང་དང་མིང་གིས་བརྗོད་པར་བྱ་བའི་འབྲེལ་པ་མེད་པ་ཤེས་རབ་དང་ཐབས་ཀྱི་བདག་ཉིད ་གཉིས་སུ་མེད་པའི་རྣལ་འབྱོར་བརྗོད་པར་བྱ་བ་དང་། བརྗོད་པར་བྱེད་པའི་མཚན་ཉིད་ཅན་དུ་འགྱུར་བ་མ་ཡིན་ནོ།། རྣལ་འབྱོར་གྱི་སྒྲ་ནི་ཐབས་ཀྱི་དོན་ཉིད་བརྗོད་པར་བྱེད་པ་འམ། ཤེས་རབ་ཀྱི་དོན་ཉིད་བརྗོད་པར་བྱེད་པ་མ་ཡིན ་གྱི། རྣལ་འབྱོར་གྱི་སྒྲ་ནི་ཤེས་རབ་དང་། ཐབས་ཀྱི་དོན་བརྗོད་པར་བྱེད་པའོ།། དེ་སྐད་དུ་ཡང་གསུངས་པ། རྣལ་འབྱོར་ཐབས་ཀྱི་ལུས་དང་ནི།། ཤེས་རབ་གཅིག་པུས་འགྱུར་བ་མིན།། ཤེས་རབ་ཐབས་ནི་སྙོམས ་འཇུག་པ།། དེ་བཞིན་གཤེགས་པས་རྣལ་འབྱོར་གསུངས་ཞེས་སོ།། ཐབས་དང་ཤེས་རབ་བདག་ཉིད་རྒྱུད་དེ་ནི་ང་ཡིས་བཤད་ཀྱིས་ཞེས་པ་ལ་སོགས་པ་འདིའི་ངེས་པའི་དོན་ནི་དཔལ་རྡོ་རྗེ་རྩེ་མོའི་རྒྱུད་དུ་གསུངས་པ། ་ཅིའི་དོན་ཤེས་རབ་བརྗོད་པར་བྱ།། རབ་སྦྱར་སྦྱོར་བྱེད་ཤེས་ལྡན་ཞིང་།། ཕུལ་དུ་བྱུང་བར་བགས་བྱེད་པ།། དེ་བཞིན་ཉིད་ཀྱིས་བདེན་པ་ཤེས།། ཤེས་རབ་ཤེས་རབ་ཅེས་བརྗོད་བྱ།། ཐབས་ཀྱི་སྒྲ་ཡིས་དེ་ཉིད་དེ།། དགའ ་བ་བཞི་ཡི་མཚན་ཉིད་ཅན།། གང་གིས་དེ་ཡི་རང་བཞིན་བྱ།། རྣལ་འབྱོར་པ་རྟག་རྣལ་འབྱོར་རིག། རྒྱུད་ཀྱི་སྒྲ་ཡིས་ཅི་བརྗོད་བྱ།། རྒྱུད་ནི་རྒྱུན་ཆགས་ཞེས་བརྗོད་དེ།། འཁོར་བ་རྒྱུད་དུ་འདོད་པ་ཡིན།། དེ་ཉིད་གསང ་དང་གསང་ཆེན་ཞེས།། ཕྱི་མའི་རྒྱུད་དུ་བརྗོད་པར་བྱ་ཞེས་སོ།། ང་ནི་ལྷ་སྤངས་དགུག་དང་བརྡ་ཆེན་དང་།། དོན་མཉམ་རྣམ་པ་མང་པོ་རིག། རེངས་པར་བྱེད་སྟོང་པ་ཉིད།། སྟེ་རེངས་བྱེད་དང་མངོན་སྤྱོད ་དང་།། ཞེས་པ་གསལ་བར་བྱ་སྟེ། ལྟ་སྟངས་དགུ་པ་ཞེས་པ་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་དགུག་པའོ།། བརྡ་ཆེན་ནི་འདྲ་བའི་ངོ་བོའོ།། དོན་མཉམ་ཞེས་པོ་ནི་ཐམས་ཅད་དཔྱ་མེད་པའི་རྣལ་འབྱོར་རོ།། རྣམ ་མང་ཞེས་པ་ནི་རྣམ་པ་སྣ་ཚོགས་པས་ཡེ་ཤེས་བསྐྱེད་ནས་སྣ་ཚོགས་པ་ལྟ་བར་བྱེད་པའོ།། རེངས་པར་བྱེད་པ་ཅེས་པ་ནི་དབང་པོ་རྣམས་ཡེ་ཤེས་སུ་དམིགས་པའོ།། སྐྲོད་པ་ཅེས་བྱ་བ་ནི་གཟུགས་རྡོ་རྗེ་ལ་སོགས་པ ་རྣམས་ཀྱི་གནས་གཅོད་པའོ།། སྡེ་ནི་གཟུགས་ལ་སོགས་པའི་རྒྱུན་གྱི་ངོ་བོ་སྟེ། མངོན་སྤྱོད་ནི་འདི་རྣམས་དག་པས་གཞན་བསལ་ནས་སེམས་ཀྱི་རྡོ་རྗེ་ལ་རབ་ཏུ་བཅུག་སྟེ་རེངས་པར་བྱེད་དོ།། ཅེས་པ་ནི། སྡེ་རེངས ་བྱེད་དང་མངོན་སྤྱོད་དང་ཞེས་པའོ།། ད་ནི་རྣལ་འབྱོར་མ་རྣམས་བསྐྱེད་པ་དང་། གནས་པའི་རྒྱུ་བརྗོད་པར་བྱ་སྟེ། རྒྱུད་འདིར་རྣལ་འབྱོར་མ་རྣམས་ནི་ཕུང་པོ་ལྔ་རྣམས་དང་། ཁམས་བཞི་རྣམས་དང་། སྐྱེ་མཆེད་དྲུག ་རྣམས་ཏེ། ཟླ་བོའི་ཆ་བཅོ་ལྔའི་དབྱེ་བས་བདག་མེང་མ་ལ་སོགས་པ་རྣམས་སོ།། དེ་རྣམས་ཀྱི་སྐྱེད་པ་དང་གནས་པའི་རྒྱུའོ།། དེ་ལས་དེ་རྣམས་ཀྱི་དོན་མཉམ་ཤེས་པ་རྣམ་ཤེས་དང་། ལྷ་རྣམས་ཇི་ལྟར་འབྱུང་བའོ།། ་རུ་འགྱུར་རོ།། འདི་རྣམས་ཀྱི་རྒྱས་པར་བསྟན་པ་ལེའུ་བརྒྱུད་པར་བརྗོད་པར་བྱའོ།། དེ་ནི་ཀྱེའི་རྡོ་རྗེའི་སྐྱེ་བ་དང་གནས་པའི་བྱེད་རྒྱུ་བརྗོད་པར་བྱའོ།། དང་པོར་རེ་ཞིག་གཅིག་འགྱུར་ཞེས་པ། ཨེ་ཝཾ་གི་ཡི་གེ་ནི་ཧེ་རུ་ཀཱའི་ངང ་པོའི་བྱེད་རྒྱུའོ།། ཧཱུཾ་ཡིག་ནི་གཉིས་པའི་སྐྱེད་པའི་བྱེད་རྒྱུའོ་ཞེས་པ་ངེས་པའོ།། དེ་ལས་དངོས་པོ་འབྱུང་བ་ནི།། གཟུང་དང་འཛིན་པའི་བྱེ་བྲག་ལས།། ཡུལ་དང་དབང་པོའི་སྦྱོར་བ་ཡིས།། རྣམ་ཤེས་རྣམས་ཀྱི་སོ་སོའོ།། ་དངོས་པོའི་འཆིང་བས་འཆིང་བར་འགྱུར།། དངོས་པོའི་འཆིང་བ་དེས་རྣམ་པར་ཡང་ཤེས་པ་རྣམས་དང་། མིག་ལ་སོགས་པ་རྣམས་འཆིང་བར་འགྱུར་རོ།། དེ་ཡོངས་ཤེས་པས་གྲོལ་བར་འགྱུར།། ཡུལ་དང་དབང་པོ ་དེ་རྣམས་འགོག་པས་དེ་ཡོངས་སུ་ཤེས་པས་ཞེས་པའོ།། དེའི་ཕྱིར། དངོས་པོ་ཉིད་ཀྱིས་རྣམ་གྲོལ་འགྱུར། ཞེས་པ་ལྷའི་མིག་ལ་སོགས་པ་རྣམས་ཀྱིས་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་ཡུལ་མཐོང་བས ་རྣམ་པར་ཤེས་པ་དྲུག་རྣམས་གྲོལ་ལོ།། དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་ཡི་རང་བའི་ལེའུར་གསུངས་པ་ཡང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཚན་མའི་ཚུལ་གྱིས་ཡོངས་སུ་བསྔོ་བ་གནང་བར ་མཛད་པ་མ་ཡིན་ཏེ། གང་འདས་པ་དེ་ནི་ཟད་པ་འགག་པས་བྲལ་བར་རྣམ་པར་གྱུར་པའོ།། གང་མ་འོངས་པ་དེ་ཡང་མ་ཐོབ་པའོ།། ད་ལྟར་བྱུང་བ་ནི་གནས་པ་དམིག་སུ་མེད་པའོ་ཞེས་སོ།། དེ་བཞིན་དུ་ལྷའི་མིག་དང་ལྷའི ་རྣ་བ་དང་ལྷའི་སྣ་དང་། གཞན་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། རྫུ་འཕྲུལ་ཏེ་མངོན་པར་ཤེས་པ་དྲུག་རྣམས་སོ།། དེའི་ཕྱིར་རྣམ་པར་ཞེས་པ་ལ་སོགས་པ་གཞན ་རྣམསོ།། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་སོ།། དཔལ་དང་པོའི་སངས་རྒྱས་སུ་གསུངས་པ་ཡང་། ཤེས་རབ་ཡེ་ཤེས་རང་བཞིན་ལས་གང་བདེ་མཉམ་ཐམས་ཅད་དུས་དང་གཞོམ་དུ་མེད་པར་འགྱུར།། ལྷ ་ཡི་སྤྱན་གྱི་མཐུ་ལས་མིག་གིས་མ་མཐོང་བ་དང་སྲིད་རྣམ་གསུམ་ཡང་མཐོང་བར་འགྱུར།། ལྷ་ཡི་རྣ་བའི་མཐུ་ལས་སྲོག་ཆགས་ཀྱིས་བརྗོད་སྙིང་དང་ཁ་ཡི་སྒྲ་ནི་ཐོས་པར་འགྱུར།། དེ་བཞིན་སྐུ་གསུང་ཐུགས་ཀྱི་སྦྱོར་ལས་མི་ཡི་བདག ་པོ་རེག་བྱ་ལ་སོགས་ཐམས་ཅད་འགྱུར་ཞེསོ།། དེ་བཞིན་དུ་གཟུགས་གཞན་ནོ་ལ་སོགས་པ་ཡང་སྟེ། དེའི་ཕྱིར། ཐམས་ཅད་ནས་ནི་ཕྱག་ཞབས་སོགས།། ཐམས་ཅད་དུ་ནི་སྤྱན་ཞལ་དབུ།། ཀུན་ནས་ཐོས་ལྡན་འཇིག་རྟེན ་ཐམས་ཅད་ལ་ནི་ཁྱབ་ནས་བཞུགས་ཞེས་པའོ།། ད་ནི་སྔར་བཤད་པའི་ཤེས་རབ་དང་ཐབས་ངག་གི་དོན་དམ་པའི་སྒོམ་པ་བརྗོད་པར་བྱ་སྟེ། དངོས་པོ་བསྒོམ་བྱ་ཤེས་པ་ལ་སོགས་པའོ།། འདིར་ན་མཁའ་ལ་དངོས་པོ ་བསྒོམ་བྱ་ནི་རྨི་ལམ་ལྟ་བུ་སྟེ། རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པའོ།། དེ་ཡོངསུ་ཤེས་པས་ནི་དངོས་པོ་མེད་པ་བསྒོམ་པར་བྱ་སྟེ། རྟོག་པ་དང་བྲལ་བའི་སེམས་ཀྱིས་སྣང་སྙན་སྣང་བ། རྟོག་པ་དང་བྲལ་ཞིང་མ་འཁྲུལ ་བ་ནི་མངོན་སུམ་ཞེས་བརྗོད་པར་བྱའོ།། ན་མཁའ་ཞེས་པ་ནི་ཤེས་རབ་ཨེ་ཡིག་ཏུ་འགྱུར་ལ་དེ་བཞིན་ཧེ་རུ་ཀ་ཞེས་པ་དངོས་པོ་མེད་པ་བསྒོམ་བྱ་སྟེ། ཤེས་རབ་ཀྱི་ཡེ་ཤེསུ་འགྱུར་རོ།། ཧེ་རུ་ཀ་ནི་བདེ་བ་ཆེན་པོ་སྟེ། ཤེས་རབ ་ཇི་ལྟ་བར་ཐབས་ཀྱང་དེ་བཞི་ནོ།། དེ་ཡོངསུ་ཤེས་པས་དངོས་པོ་མེད་པ་ཡང་བསྒོམ་པར་བྱ་བ་སྟེ། ཐབས་སུ་འགྱུར་རོ།། དེ་བཞིནྟི་སྒྲ་ལས་རྒྱུ་ཇི་ལྟ་བ་དེ་ལྟར་འབྲས་བུའོ་ཞེས་པའོ།། དཔལ་མཆོག་གི་དང་པོའི་སངས་རྒྱས་སྟོང་ཕྲག ་བཅུ་གཉིས་པར་ཡང་གསུངས་པ། སྟོང་པ་ལས་བྱུང་གཟུགས་བརྙན་རྒྱུ།། མི་འགྱུར་ལས་སྐྱེས་བདེ་བ་འབྲས།། རྒྱུ་ལ་འབྲས་བུ་རྒྱས་བཏབ་ཅིང་།། འབྲས་བུ་རྒྱུ་ཡིས་རྒྱས་བཏབ་པའོ།། སྟོང་ཉིད་གཟུགས་བརྙན་འཛིན་པ་རྒྱུ།། ་སྙིང་རྗེ་འགྱུར་མེད་འབྲས་བུའོ།། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ།། བྱང་ཆུབ་སེམསུ་དེ་བརྗོད་བྱ་ཅེསོ།། སླར་ཡང་དེ་ཉིད་དུ་གསུངས་པ། འབྲས་བུ་རྒྱུ་ཡིས་ཕན་ཚུན་དུ།། གཞན་དང་གཞན་ལ་རྒྱས་བཏབ་མེད།། རྒྱུ་དང་འབྲས་བུ ་ཐམས་ཅད་གང་།། དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་།། ཤེས་རབ་མ་ཡིན་ཐབས་ཀྱང་མིན།། ལྷན་སྐྱེས་ཤེས་རབ་དང་ལྷན་ཅིག། ཀུན་ནས་ཡོངས་སུ་བདེ་བ་རྫོགས།། སྒྲིབ་པ་ཐམས་ཅད་སྤངས་པའོ་ཞེས་སོ།། དཔལ ་སམྦུ་ཊར་ཡང་གསུངས་པ། སྤྲོས་པ་མེད་པའི་རང་བཞིན་ཉིད།། ཤེས་རབ་ཅེས་པར་ཡོངསུ་བསྒྲགས།། ཡིད་བཞིན་ནོར་ལྟར་མ་ལུས་པའི།། སེམས་ཅན་དོན་མཛད་སྙིང་རྗེའོ།། དམིགས་མེད་གནསུ་ཤེས་རབ ་དང་།། དམིགས་མེད་སྙིང་རྗེ་ཆེན་པོ་ནི།། བློ་དང་ལྷན་ཅིག་ཅིག་གྱུར་པ།། ན་མཁར་ན་མཁའི་ཇི་ལྟ་བའོ་ཞེས་སོ།། དེ་བཞིན་དུ་འདི་ཉིད་དུ་ཡང་གསུངས་པ། ཕྱག་རྒྱ་རྒྱུ་དང་བྲལ་བ་ལས།། ་རྣལ་འབྱོར་སྙིང་རྗེ་ཐབས་སུ་འགྱུར།། སྟོང་ཉིད་སྙིང་དྷ་དབྱེར་མེད་པ།། བྱང་ཆུབ་སེམས་ཤེས་བཤད་པའོ།། དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཡང་གསུངས་པ། ཆོས་ཐམས་ཅད་རྣམ་པར་རྟོག་པ་མེད་པ། ་ཆོས་ཐམས་ཅད་ནི་སྟོང་པ། ཆོས་ཐམས་ཅད་ནི་མཚན་མ་མེད་པ། ཆོས་ཐམས་ཅད་ནི་སྨོན་པ་མེད་པ། ཆོས་ཐམས་ཅད་ནི་འདུས་བྱས་པ་དང་བྲལ་བ། ཆོས་ཐམས་ཅད་ནི་སྐྱེ་བ་དང་བྲལ་བ། ཆོས་ཐམས་ཅད ་ནི་འགྱུར་བ་མེད་པ་རྣམས་སོ་ཞེསོ།། དཔལ་དྲི་མ་དང་བྲལ་བའི་འོང་དུ་ཡང་གསུངས་པ། རྣམ་རྟོག་མེད་པའི་ཆོས་རྣམས་ལ།། དངོས་པོ་མེད་ཅིང་སྒོམ་པའང་མེད།། རྣམ་རྟོག་མེད་པར་མོས་པ་ཡིས།། བརྟག། ་བྱ་ཐམས་ཅད་བརྟག་པར་བྱ།། རྣམ་རྟོག་མེད་པའི་ཆོས་རྣམས་ལ།། སེམས་ཅན་དྲོན་ལ་ཡོངསུ་བརྟག། དེ་བཞིན་གཤེགས་པའི་ཆོས་རྣམས་ཀུན།། ཆོས་མིན་ཆོས་ཉིད་ཀྱང་མ་ཡིན་ཞེས་པ་ལ་སོགས་པ་དེ ་བཞིན་གཤེགས་པའི་ངེས་པའོ།། ཨེ་ཝ~ཾ་གི་ཡི་གེ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་ནི་ལུས་གནས་ཏེ་ལྟེ་བར་གནས་པའོ།། དེ་ལྟར་ན། ལུས་གནས་ཡེ་ཤེས་ཆེན་པོ་ནི།། ཀུན་ཏུ་རྟོག་པ་ཐམས ་ཅད་སྤངས། ཞེས་པ་གྲུབ་སྟེ་དཀྱིལ་འཁོར་གྱི་འཁོར་ལོ་དང་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་རྟོག་པ་དང་བྲལ་བའོ།། དཔལ་དང་པོའི་སངས་རྒྱས་སུ་ཡང་གསུངས་པ། བསམ་གཏན་དང་ནི་སྔགས་ཀྱི་བཟླས ་པ་བྱེད་པ་དཀྱིལ་འཁོར་ཆེན་པོ་རྣམས་དང་གདན་རྣམས་དང་།། སྦྱིན་སྐྱེག་སྔགས་ཀྱི་རབ་གནས་ཚོན་ལ་རྒྱལ་བའི་རིགས་རྣམས་སྤྱན་དྲུང་བསྐུལ་བ་མེད་པར་ཡང་།། བུད་མེད་སྦྱོར་རྣམས་སྤངས་ནས་རབ་མཆོག་ཁྱབ ་བདག་བདེ་བ་ཕྱག་རྒྱའི་དངོས་གྲུབ་སྟེར་བར་བྱེད།། དེ་ཕྱིར་དེ་ནི་ཉིན་ཞོག་སོ་སོའི་དུས་སུ་རྣལ་འབྱོར་པ་ཡིས་ཐར་པའི་རྒྱུར་བསྒོམ་བྱ་ཞེས་སོ།། ཤེས་རབ་ཕ་རོལ་ཕྱིན་པའི་ཡེ་ཤེས་རྣམ་པར་རྟོགས་པ་དང་བྲལ་བ་མཆོག ་ཏུ་མི་འགྱུར་བའི་བདེ་བའོ།། འདིའི་དོན་ནི་འདི་ཡིན་ཏེ་དཔལ་རྡོ་རྗེ་རྩེ་མོར་ཡང་གསུངས་པ། ཉན་ཐོས་རང་རྒྱལ་ཕྱི་རོལ་གྱི།། ཤེས་རབ་ལས་ནི་མཆོག་ཏུ་བཤད།། ཕ་རོལ་དེ་བཞིན་ཉིད་གཞོལ་འདི།། ཤེས་རབ་ཕ་རོལ ་ཕྱིན་པར་བཤད།། དེ་ཉིད་རྣམ་ཤེས་ཤེས་འགྱུར་བ།། སླར་ཡང་ཆོས་ཀྱི་རྟོག་པ་མེད།། ཆང་དང་རྟག་པར་སྨྲ་བོ་ནི།། དེ་བཞིན་ཉིད་གཞན་ཞེས་པར་བྱ། ཅེས་པ་ངེས་པའོ།། དེ་ཁོ་ན་ནི་རྡོ་རྗེ་སེམས་དཔའ་འཇིག་རྟེན་གསུམ ་སྐྱོང་བའི་ཧེ་རུ་ཀ་ངོ་བོ་ཉིད་ཀྱི་སྐུའོ།། དངོས་པོ་ཀུན་ལ་ཁྱབ་པ་པོ་ཅེས་པ་ནི། ཕུང་པོ་དྲུག་ནི་གཟུགས་ལ་སོགས།། རྣམ་ཤེས་མཐར་ཐུག་སྙིང་རྗེ་ཆེ།། དབང་པོ་དང་ནི་ཡུལ་ཉིད་དང་།། དབང་པོའི་རྣམ་པར་ཤེས་པ་ཉིད།། རྣལ ་མ་རྣམས་གོ་བྱའི་ཆེད་།། ཁམས་ནི་བཅོ་བརྒྱད་རྣམས་སུ་བཤད།། དངོས་པོ་འདི་རྣམས་ལ་ཁྱབ་པར་བྱེད་པ་ཡེ་ཤེས་ཀྱི་སྐུའོ།། ལུས་ལ་གནས་ཀྱང་ལུས་སྐྱེས་མིན་ཞེས་པ་སྐྱེ་བ་དང་འཇིག་པ་མེད ་པའི་ཕྱིར་ཏེ། དཔལ་སམྨུ་ཊ་རུ་གསུངས་པ། གང་ཚེ་ལས་ཀྱི་ལུས་ཞིག་ན།། དེ་འདྲ་བ་ཡི་ལྷ་རུ་འགྱུར།། ཇི་སྲིད་ལས་དང་ལས་མིན་འགྱུར།། དེ་སྲིད་ལུས་ལ་རྣམ་པར་གནས་ཞེས་སོ།། ད་ནི་རྡོ་རྗེའི་ལུས་ལ་རྩ་རྣམས་བཤད ་པར་བྱ་སྟེ། འདིར་རྡོ་རྗེ་སྙིང་པོས་གསོལ་པ། ཀྱེ་བཅོམ་ལྡན་འདས་རྡོ་རྗེའི་ལུས་ལ་རྩ་དུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྩ་རྣམས་ནི་སུམ་ཅུ་རྩ་གཉིས་ཏེ། བྱང་ཆུབ་ཀྱི་སེམས་སུམ་ཅུ་རྩ་གཉིས་འབབ ་པ་བདེ་བ་ཆེན་པོའི་གནས་སུ་འཛག་པ་རྣམས་སོ་ཤེས་པ། འདིར་བདེ་བ་ཆེན་པོ་ཞེས་པ་ནི་བདེ་བ་ཆེན་པོ་མྱོང་བར་བྱེད་པའི་ཕྱིར་བདེ་བ་ཆེན་པོར་བརྗོད་པར་བྱའོ།། དཔལ་དང་པོའི་སངས་རྒྱས་སུ་ཡང་གསུངས་པ། དང་པོར ་མཐའ་དག་རྒྱལ་བའི་ལུས་ནི་དངོས་གྲུབ་རྒྱུ་རུ་སྔགས་པས་ཡང་དག་བསྲུང་བར་བྱ།། ལུས་མེད་ན་ནི་དངོས་གྲུབ་མེད་ཅིང་སྐྱེ་བ་འདི་ལ་མཆོག་བདེ་ཐོབ་པར་འགྱུར་བའང་མེད།། དེ་ཕྱིར་ལུས་ཀྱི་དོན་རྒྱུར་ཉིན་ཞག་སོ་སོའི་དུས་སུ ་རྩ་ཡི་སྦྱོར་བ་བསྒོམ་པར་བྱ།། ལུས་ནི་གྲུབ་ན་གཞན་པའི་དངོས་གྲུབ་སྲིད་གསུམ་གནས་སུ་ངག་གཞུག་ཉིད་དུ་རབ་ཏུ་འགྱུར་ཞེས་སོ།། དཔལ་དྲི་མ་མེད་པའི་འོད་དུ་ཡང་གསུངས་པ། འོག་ཏུ་ཕྱོགས་བདུད་རྩི་འབབ་པ ་སུམ་ཅུ་རྩ་གཉིས་རྣམས་བརྗོད་པར་བྱ་སྟེ། མི་ཕྱེད་མ་ལ་སོགས་པ་རྣམས་སོ་ཤེས་པ་སྟེ། འདིར་ཡཱང་ལ་དབྱངས་བཅོ་ལྔའི་ཆ་རྣམས་ཏེ། བཅུ་དྲུག་པ་ནི་ཐིག་ལེའོ།། རྩ་དེ་རྣམས་ཀྱིས་འཕྱང་མ་ལ་བསྐོར་ནས་གནས ་སོ།། འདི་ལྟ་སྟེ། ཆོས་གཅིག་དང་གཉིས་པ་དང་གསུམ་པ་དང་བཞི་པ་དང་ལྔ་པ་སྟེ། རིམ་པ་ཇི་ལྟ་བ་བཞིན་ནོ།། དེ་བཞིན་དུ་ཡོན་ཏན་རྣམས་ནི་དྲུག་པ་ལ་སོགས་པ་རྣམས་ལ་རིམ་པ་ཇི་ལྟ་བ་བཞིན་ནོ།། ཡཱ་ཎ་རུ ་བསྒྱུར་བ་རྣམས་ནི་བཅུ་གཅིག་པ་ལ་སོགས་པ་རྣམས་ལ་རིམ་པ་ཇི་ལྟ་བ་བཞིན་ནོ།། ཐིག་ལེ་ནི་དབུས་སུ་སྟེ། བཅུ་དྲུག་པ་འཕྱང་མའོ།། དེ་ལྟར་རྐང་ལས་སྟེང་དུ་དཔྲལ་བར་ཁུ་བའི་ཆའི་རང་བཞིན་གྱི་བདུད་རྩི་འཛག ་སྟེ་ཕྱི་རོལ་ཏུ་བསིལ་བ་དང་ནང་དུ་ཁུ་བའོ།། དེ་བཞིན་དུ་རྩ་སོ་སོ་སྟེ། འདི་ལྟ་སྟེ། མི་ཕྱེད་མ་དང་ཕྲ་གཟུགས་མ།། མཆོག་མ་གཡོན་པ་ཐུང་ངུ་མ།། ཞེས་པ་ཚེས་གཅིག་ལ་སོགས་པ་ལྔ་རྣམས་སོ།། དེ་ནས ་རཱྀ་སྒྲོལ་སྐྱེས་སྒོམ་དབང་བསྐུར་མ།། སྐྱོན་ལྡན་མ་དང་བཤད་མ་ཞེས་པ་དྲུག་པ་ལ་སོགས་པ་རྣམས་སོ།། མ་མོ་མཚན་མོ་བསིལ་སྦྱིན་མ།། དྲོད་བསྐྱེད་མ་དཔལ་ལ་ནཱ་ཞེས་པ་བཅུ་གཅིག་པ་ལ་སོགས་པ་རྣམས་ཏེ ་རིམ་པ་ཇི་ལྟ་བ་བཞིན་ནོ།། ལ་ལ་ནཱ་བཅོ་ལྔ་པའི་བདག་ཉིད་དང་། ཨ་བ་དྷཱུ་ཏཱི་ནི་བཅུ་དྲུག་པ་སྟེ་དགའ་བ་བཅུ་དྲུག་རྣམ་པར་དག་པས་དཀར་པོའི་ཕྱོགས་ལ་ལྷན་ཅིག་སྐྱེས་པ་མ་ཉམས་པའོ་ཞེས་པ་དེ་བཞིན་གཤེགས ་པའི་ངེས་པའོ།། དེ་ནས་ནག་པོའི་ཚེས་གཅིག་ལ་སོགས་པ་རྣམས་ར་ས་ནཱའི་ཚེས་བཅོ་ལྔ་རྣམས་ཏེ། འདི་རྣམས་ཀྱི་དབུས་སུ་ར་ས་ནཱ་ལ་སོགས་པ་རྣམསོ།། འདི་ལྟ་སྟེ་རོ་མ་དང་འབབ ་མ་དང་། མདོག་གནག་མ་དང་། སྤྱི་མ་དང་། རྒྱུ་སྦྱིན་མ་རྣམས་ཞེས་པ་རྣམས་ནི། ཚེས་གཅིག་ལ་སོགས་པ་ལྔ་རྣམས་སོ།། སྦྱོར་བྲལ་མ་དང་། སྡུག་གུ་མ་དང་། གྲུབ་མ་དང་། འཚེང་མཱཾ་དང་། ཡིད ་བཟངས་མ་ཅེས་པ་དྲུག་པ་ལ་སོགས་རྣམས་སོ།། སུམ་སྐོར་མ་དང་འདོད་མ་མ་དང་། ཁྱིམ་མ་དང་གཏུམ་མོ་དང་། ཀཱ་ཏྱ་ཡ་ནི་ཅེས་པ་བཅུ་གཅིག་པ་ལ་སོགས་པ་སྟེ་དེ་ལྟར་བཅོ་ལྔ་ནི་ནག་པོའི་ཕྱོགས་ལ ་ཆ་ཉམས་པའོ།། ལྕེའི་དབུས་སུ་བདུད་བྲལ་མ་སྐུད་པ་ནག་པོའི་རང་བཞིན་གྱིས་ལྷོའི་རྩེ་མོར་བྱུང་བ་རོ་འཛག་ཏུ་འཇུག་པ་བཅུ་དྲུག་པ་རྣམ་པར་བཅད་པའོ།། དེའི་ཕྱིར་རྣལ་འབྱོར་པ་རྣམ་ས་ཀྱིས་ཡོངས ་སུ་སྤང་བར་མི་བྱ་བའོ་ཞེས་པའི་དོན་ཏོ།། དཔལ་སམྦུ་ཊར་ཡང་གསུངས་པ། འཁོར་ལོ་བཞི་ཡི་རབ་དབྱེ་བས།། བཅུ་ཕྲག་གཉིས་ལྷག་བརྒྱ་ཡིན་ཏེ།། བྱང་ཆུབ་སེམས་ཀྱི་རང་བཞིན་གྱིས།། རྩ་ནི་སུམ ་ཅུ་རྩ་གཉིས་མཆོག་ཅེས་སོ།། སླར་ཡང་དེ་ཉིད་དུ་གསུངས་པ། བྱང་ཆུབ་སེམས་ནི་སུམ་ཅུ་གཉིས།། གང་ཚེ་འདིར་ནི་གང་བར་འགྱུར།། དབང་པོ་ཕུང་པོ་འབྱུང་བ་རྣམས།། དེ་མ་ཐག་ཏུ་སངས་རྒྱས་ཉིད་ཅེ་སོ།། ། ་འདིའི་དོན་ནི་འདི་ལྟ་སྟེ་དཔལ་མཆོག་གི་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པར་ཡང་གསུངས་པ། ཤེས་རབ་ཆགས་པས་ཞུ་བ་ཡི།། ཐིག་ལེ་རིམ་པས་མགོ་བོ་ལས།། རྫོགས་པའི་གནས་སུ ་བཞུགས་པ་རྣམས།། འཆིང་བ་དམ་པའི་དོན་ལས་སོ།། ཇི་ལྟར་ཟླ་ཤར་རིམ་པ་ཡིས།། ཆ་རྣམས་ཀྱིས་ནི་རྫོགས་པར་འགྱུར།། གྲིབ་མ་ཉམས་པ་རྫོགས་པ་སྟེ།། ཟླ་བ་ཆ་དང་རྫོགས་པ་མིན།། དེ་བཞིན་ཡེ་ཤེས ་སྐྱེས་རིམ་པས།། ས་རྣམས་ཀྱིས་ནི་རྫོགས་པར་འགྱུར།། ཉོན་མོངས་ལ་སོགས་ཉམས་པ་རྫོགས།། ཡེ་ཤེས་ཆད་དང་རྫོགས་པ་མིན་ཞེས་པ་ལ་སོགས་པའོ།། རྡོ་རྗེ་སྙིང་པོས་གསོལ་པ། བཅོམ་ལྡན་འདས ་རྩེ་རྣམས་ཅི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྙིད་གསུམ་ཡོངས་གྱུར་ཐམས་ཅད་རྣམས།། གཟུང་དང་འཛིན་པ་རྣམ་པར་སྤངས།། ཐམས་ཅད་རྣམས་ཞེས་པ་ནི་ཕུང་པོ་དང་དབང་པོ་ཡོངས ་སུ་གྱུར་པ་རྣམས་སོ།། ཡང་ན་ཐབས་ནི་ཐམས་ཅད་ཀྱིས།། དངོས་པོའི་མཚན་ཉིད་དུ་ནི་བརྟགས་ཞེས་པ་ནི་གསུངས་པ་ཡང་ཉེ་བའི་རྩ་རྣམས་དུ་མའི་ཁམས།། ལུས་བཀང་ནས་ནཱི་ལེགས་གནས་པ།། སྟོང་ཕྲག ་བདུན་ཅུ་རྩ་གཉིས་པོ།། དེ་སྙེད་དེ་རྣམས་ལྷ་རྣམས་སོ་ཤེས་སོ།། ང་ནི་སྡོམ་པའི་དབྱེ་བས་བཤད་པར་བྱ་སྟེ། དཔལ་རྡོ་རྗེ་མཁའ་འགྲོར་ཡང་གསུངས་པ། རང་གི་མཚན་མ་ལྷ་མོའི་པད།། གོས་དང་རྒྱན་གྱིས་བརྒྱན ་རྣམས་ཀྱིས།། བཞག་བྱ་རྟག་ཏུ་མཆོད་པར་བྱ།། ཡང་དང་ཡང་དུ་འདོད་པ་བྱ།། དེ་ལྟར་བཤད་པ་ལྷ་མོ་ཡི།། སྡོམ་པ་བདེ་བ་མཆོག་ཏུ་འདོད།། འདིར་ཡང་གསུངས་པ། སངས་རྒྱས ་ཀུན་གྱི་སྡོམ་པ་ནི།། ཨེ་ཝཾ་ཡི་གེར་རབ་ཏུ་གནས་ཞེས་སོ།། ཨཱ་ལི་དང་ཀཱི་ལི་དང་ཟླ་བ་དང་ཉི་མ་དང་ཤེས་རབ་དང་ཐབས་ཞེས་པ་ལ་སོགས་པ་འདིའི་དོན་ནི་འདི་ཡིན་ཏེ། དཔལ་གདན་བཞི་པར་ཡང་གསུངས་པ། ་ཀཱ་ལི་རྡོ་རྗེ་ཞེས་བཤད་དེ།། ཨཱ་ལི་ཡང་དེ་བཞིན་གཤེགས་མའོ།། ཨཱ་ལི་ཀཱ་ལིའི་རབ་སྦྱོར་གྱིས།། ལས་རྣམས་ཐམས་ཅད་བསྒྲུབ་པར་བྱ།། མཐའ་དག་སེམས་ཅན་དོན་ཉིད་ཀྱང་།། འདི་ལྟའི་ངོ་བོས་འགྲུབ་པར ་བྱ།། ཤེས་རབ་ཐབས་ལས་ཕྱི་གྱུར་རྣམས།། འཁོར་བ་ལས་སྒྲོལ་ག་ལེ་ཞིག་ཅེས་སོ།། ཇི་ལྟར་ཕྱི་རོལ་དེ་བཞིན་ནང་།། སྡོམ་པ་དེ་ནི་རབ་ཏུ་གསལ།། བོ་ལའི་བདེ་བ་ཕྱག་རྒྱ་ཆེ།། རྡོ་རྗེ་སྐྱེ་མཆེད་ཐབས་ཡིན་ཏེ། ་གསང་བའི་སྙོམས་པར་འཇུག་པ་འདིས།། ཕྱི་རོལ་གཉིས་གཉིས་བསྟན་པ་མིན།། སྐུ་གསུམ་ལུས་ཀྱི་ནང་དུ་ནི།། འཁོར་ལོའི་ངོ་བོས་བརྗོད་པར་བྱ།། སྐུ་གསུམ་ཡོངས་སུ་ཤེས་པ་ནི།། བདེ་བ་ཆེན་པོའི་འཁོར་ལོར ་འདོད་།། ཆོས་དང་ལོངས་སྤྱོད་སྤྲུལ་པ་དང་།། དེ་བཞིན་བདེ་བ་ཆེན་པོ་ཉིད།། སྐྱེ་གནས་སྙིང་མགྲིན་མགོ་བོ་ལ།། སྐུ་གསུམ་པོ་ནི་རྣམ་པར་གནས།། མ་ལུས་པ་ཡི་སེམས་ཅན་གྱི།། སྐྱེ་བ་གང་དུ་རབ་བརྗོད་པ།། ་དེར་ནི་སྤྲུལ་པའི་སྐུར་འགྱུར་ཏེ།། གང་ཕྱིར་སྤྲུལ་པ་གནས་བརྟན་ནོ།། གང་གིས་སྐྱེད་དང་སྦྲུལ་བྱེད་པ།། སྐུ་ནི་སྤྲུལ་པ་པ་རུ་བཤད།། ཆོས་ནི་སེམས་ཀྱི་རང་བཞིན་ཏེ།། ཆོས་ཀྱི་སྐུ་ནི་སྙིང་ཁར་འགྱུར།། རོ་རྣམས་དྲུག་གི ་རང་བཞིན་གྱི།། བཟའ་བ་ཡང་དག་ལོངས་སྤྱོད་བརྗོད།། མགྲིན་པར་ལོངས་སྤྱོད་འཁོར་ལོ་སྟེ།། བདེ་བ་ཆེན་པོ་སྤྱི་བོར་གནས།། ཨེ་ཝཾ་ཡི་གེར་རྒྱུ་མཐུན་ཏེ།། རྣམ་སྨིན་ཆོས་ཀྱི་འཁོར་ལོ་ལ།། སྐྱེས་བུའི་བྱེད་པའི་ལོངས་སྤྱོད ་ལ།། བདེ་བ་འཁོར་ལོར་དྲི་མ་མེད།། རྒྱུ་མཐུན་སོགས་ཀྱིས་རྣམ་ཕྱེ་བ།། འབྲས་བུ་རྣམ་པ་བཞི་རུ་བརྗོད།། ཇི་ལྟར་བྱས་པ་དེ་བཞིན་སྤྱོད།། རྒྱུ་མཐུན་ཞེས་པར་བསྒྲགས་པ་ཡིན།། རྣམ་པར་སྨིན་པ་དེ་ལས་བཟློག། ལས ་ཆུང་འབྲས་བུ་ཆེ་བའོ།། རྣལ་འབྱོར་དག་པས་དྲི་མ་མེད།། སྐྱེས་བུའི་བྱེད་པ་ཉེ་བར་བསྒྲུབས་པའོ།། སྤྲུལ་པའི་འཁོར་ལོ་གནས་བརྟན་པ།། གང་ཕྱིར་སྤྲུལ་པ་གནས་བརྟན་ཕྱིན།། ཐམས་ཅད་ཡོད་སྨྲ་ཆོས་འཁོར ་ལོར། ཆོས་ནི་སྨྲ་བ་ཡང་དག་འབྱུང་།། ལོངས་སྤྱོད་འཁོར་ལོར་ཀུན་བཀུར་ཏེ།། གང་ཕྱིར་མགྲིན་པར་ཀུན་རིག་བྱེད།། བདེ་བའི་འཁོར་ལོར་དགེ་འདུན་ཚེ།། གང་ཕྱིར་བདེ་ཆེན་མགོར་གནས་ཕྱིར།། འདབ་མ་དྲུག་ཅུ་རྩ་བཞི ་བར་དང་། འདབ་མ་བརྒྱད་པར་དང་། འདབ་མ་སུམ་ཅུ་རྩ་གཉིས་པར་དང་། འདབ་མ་བཅུ་དྲུག་པར་ཏེ། ལྟེ་བ་དང་། སྙིང་ཁ་དང་། མགྲིན་པ་དང་། དཔྲལ་བ་ལའོ།། དཔྲལ་བར་ལོངས་སྤྱོད་ངོ་།། མགྲིན་པར་དབང་བྱེདའོ།། ་སྙིང་གར་ཐིམ་པའོ།། ལྟེ་བར་བདག་པོ་ཉིད་དོ།། དེ་ལྟ་ཐམས་ཅད་བཞིའོ་ཞེས་པ་ལ་སོགས་པ་ནི། ཇི་ལྟ་བ་བཞིན་དུ་རྩ་བའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས། རྒྱུད་ནི་རྒྱུད་གཞན་དུ་གསུངས་པའི ་རྣམ་པས་རིགས་དྲུག་གི་དབྱེ་བས་འཁོར་ལོ་དྲུག་རྣམས་སུ་སྡོམ་པའོ།། རིགས་ལྔའི་དབྱེ་བས་རིགས་ལྔ་རྣམསུ་སྡོམ་པའོ།། རིགས་གསུམ་ལ་སོགས་པའི་དབྱེ་བས་རིགས་གསུམ་རྣམས་སུ་སྡོམ་པའོ་ཞེས་པ་དེ ་བཞིན་གཤེགས་པའི་ངེས་པའོ།། ང་ནི་གཏུམ་མོའི་རྣལ་འབྱོར་བརྗོད་པར་བྱ་སྟེ། ལྟེ་བར་གཏུམ་མོ་འབར་བ་ཡིས།། དེ་བཞིན་གཤེགས་པ་ལྔ་བསྲེགས་ཏེ།། སྤྱན་སོགས་རྣམས་ཀྱི་ཡང་བསྲེགས་ཏེ།། བསྲེགས། ་ནས་རི་བོང་ཅན་ཧཾ་འཛག། ཅེས་པ་མདོར་བསྟན་པའི་ཚིག་འདིའི་རྒྱས་པར་བཤད་པའི་ཚིག། དཔལ་མཚན་ཡང་དག་པར་བརྗོད་པར་གསུངས་པ། ན་མཁའ་ལས་བྱུང་རང་བྱུང་བ།། ཤེས་རབ་ཡེ་ཤེས་མི ་འོ་ཆེ།། འོད་ཆེན་རྣམ་པར་སྣང་བར་བྱེད།། ཡེ་ཤེས་སྣང་བ་ལམ་མེ་བ་ཅེས་སོ།། དཔལ་དྲི་མ་དང་བྲལ་བའི་འོད་དུ་ཡང་གསུངས་པ། གཏུམ་མོའི་དེ་ཁོ་ན་ཉིད་ལས་མེ་སྟེ་དེའི་མགོ་བོ་ནི་འོད་ཟེར་ཡིན་ལ། ་དེའི་མགོ་བོའི་སྟེང་དཔྲལ་བར་ཟླ་བ་ལྟ་བུར་བྱང་ཆུབ་ཀྱི་སེམས་སྐྱེ་བའི་གནས་སུ་བཞག་པར་བྱ་བ་ཞུ་བར་གྱུར་ཏེ། གང་དང་གང་ཐིག་ལེ་སེམས་ཀྱི་ཐིག་ལེ་ཞུ་བ་དཔྲལ་བ་ནས་མགྲིན་པ་དང་སྙིང་ག་དང་ལྟ ་བ་དང་གསང་བར་སོན་ཞིང་འགག་པར་འགྱུར་ལ། སྲོག་རྩོལ་གྱི་མེ་ཡིས་ལུས་ཀྱི་ཐིག་ལེ་གསང་བར་འགགས་པའོ།། བདུད་རྩི་ཁུ་བའི་གཟུགས་ཅན་ནི།། ཐིག་ལེའི་གཟུགས་ཀྱིས་འཛག་པར་བྱེད།། ཐིག་ལེའི ་རྣལ་འབྱོར་ཞེས་པར་བཤད།། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང་།། ཆ་མེད་ཆ་ལས་འདས་པ་སྟེ།། བསམ་གཏན་བཞི་པའི་རྩེ་མོ་འཆང་།། ཕྲ་མོའི་རྣལ་འབྱོར་ཞེས་པར་བཤད།། རྒྱུ་མཐུན་ལ་སོགས་སྟེང་དུ་འགྲོ ་ཞེས་སོ།། དཔལ་འདུས་པར་ཡང་གསུངས་པ། རིན་ཆེན་ཆེན་པོ་ཁ་དོག་ལྔ།། ཡུངས་ཀུར་གྱི་ནི་འབྲུ་ཚོད་ཙམ།། སྣ་ཡི་རྩེ་མོར་འབད་པ་ཡིས།། རྣལ་འབྱོར་རིག་པས་རྟག་ཏུ་བསྒོམ།། དཔལ་འདུས་པ་ཕྱི་མར་ཡང ་གསུངས་པ། ཡེ་ཤེས་ལྔ་ཡི་རང་བཞིན་དབུགས།། འབྱུང་བ་ལྔ་ཡི་རང་བཞིན་ཅན།། གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི།། སྣ་ཡི་རྩེ་མོར་རྣམ་པར་བསྒོམ་ཞེས་པ་སྟེ། འདིར་ནི་རིན་ཆེན་ལྔའི་སྒྲས་རྀ་ས་ནཱ་དཀྱིལ ་འཁོར་ལྔའི་ཆོས་ཅན་ལ་སོགས་པ་ཁམས་ལྔ་པོ་རྣམས་སོ།། དེའི་རང་བཞིན་ཅན་གྱི་དབུགས་ནི། རིན་ཆེན་ལྔ་ཡི་རང་བཞིན་དབྱིགས་ཤེས་པ་སྟེ་སྣ་བུག་གཡས་པ་ལའོ།། སངས་རྒྱས་རྣམས་ནི་ལ་ལ་ནཱ་དཀྱིལ ་འཁོར་ལྔའི་ཆོས་ཅན་རྣམ་པར་ཤེས་པ་ལ་སོགས་པའི་ཕུང་པོ་ལྔ་རྣམས་སོ།། དེ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་དབུགས་ནི་སྣ་བུག་གཡོན་པ་ལའོ་ཞེས་སོ།། གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི་ཞེས ་པ་འངར་གོང་བུ་ནི་གཡས་པ་དང་གཡོན་པའི་དཀྱིལ་འཁོར་གྱི་བདག་ཉིད་དབུ་མ་དྷཱ་ཏཱིར་གཅིག་པ་ཉིད་ཀྱི་སྲོག་གི་རླུང་ཞེས་པའོ།། སྲོག་གི་རླུང་དེ་གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི།། ་རྩེ་མོར་རྣམ་སྒོམ་བྱ་ཅེས་པ། འདིར་སྣའི་སྒྲས་ནི་ལྟེ་བ་དང་སྙིང་ག་དང་། མགྲིན་པ་དང་དཔྲལ་བ་དང་། གཙུག་ཏོར་གྱི་པདྨའི་ཟེ་འབྲུ་བརྗོད་དེ། དེའི་རྩེ་མོར་བསྒོམ་པར་བྱ་བ་ནི། སྣའི་རྩེ་མོར་བསྒོམ་པར་བྱ་བའོ།། ་དཔལ་རྡོ་རྗེ་ཕྲེང་བའི་རྒྱུད་དུ་ཡང་གསུངས་པ། སྣ་རྩེར་ཡུངས་ཀར་ཞེས་བྱ་བ།། སྲོག་དང་རྩོལ་བར་བརྟག་པ་སྟེ།། སྲོག་དང་རྩོལ་བ་ལ་གནས་པ།། འོད་ལྔ་རྣམས་སུ་སངས་རྒྱས་གསུངས།། མགྲིན་པ་སྙིང་ག་ལྟེ་བ་དང་།། ་གསུང་བའི་པདྨར་འགྲོ་འོང་སྟོན།། ཐུན་ཕྱེད་དུས་སུ་རྣམ་པར་གནས།། རྒྱུ་བའི་རིམ་པ་ཇི་ལྟ་བར།། དེ་ལྟར་ཟེ་འབྲུའི་ལྟེ་བའི་དབུས་སུ་ཐིག་ལེའི་གནས་སུ་གོང་བུའི་གཟུགས་ཀྱིས་སྲོག་འགགས་པའོ།། ཞེས་པའོ།། དབུལ ་དང་པོའི་སངས་རྒྱས་སུ་ཡང་གསུངས་པོ། ཟླ་བ་ཉི་མའི་རྒྱུ་བ་ཉམས་ཤིང་ལམ་གཉིས་ཀྱི་ཡང་སྲོག་གི་རླུང་ནི་ཆེན་པོ་འགགས།། ཆུ་སྐྱེས་རྡོ་རྗེ་རབ་ཏུ་སད་ཅིང་རི་བོང་ཅན་ཞུ་ཉི་མའི་གཟུགས་ཅན་ལ་རབ་ཞུགས།། དངོས ་དང་དངོས་མེད་གཅིག་གྱུར་རྣམ་གསུམ་སྲིང་པ་ལ་གནས་གཞོམ་མེད་ལེགས་པར་རང་རྟོགས་པ།། དེ་ཡི་དུས་སུ་རྣལ་འབྱོར་པ་དེ་གང་ལ་གཉིས་མེད་ཅི་ཡང་མེད་པ་མཆོག་གི་གོ་འཕང་འགྲོ་ཅེས་སོ།། འདི་ཉིད་དུ ་ཡང་གསུངས་པ། སྤྲུལ་པའི་འཁོར་ལོར་དབྱུ་གུ་དྲུག་ཅུ་རྩ་བཞི་དང་ལོངས་སྤྱོད་རྫོགས་པའི་འཁོར་ལོར་དབྱུ་གུ་གཉིས་ཀྱི་བདག་ཉིད་ཅན། ཆུ་ཚོང་དུམ་ཅུ་རྩ་གཉིས་དང་། བདེ་བ་ཆེན་པོའི་འཁོར་ལོ་ལ་ཆུ་ཚོང ་གཉིས་ཀྱི་བདག་ཉིད་ཅན་འཕོ་བ་བཅུ་དྲུག་དང་། ཆོས་ཀྱི་འཁོར་ལོར་ཐུན་ཚོ་ངོ་བརྒྱད་དོ།། དེ་ལྟར་ན་ཉིན་ཞག་ལ་དབུགས་འབྱུང་བ་དང་། འཇུག་པ་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་རྣམསོ།། གཞུང ་མངས་པའི་འཇིགས་པས་འདིར་བདག་གིས་གྲངས་མ་བྱས་སོ་ཅེས་པ་དཔལ་ཀྱེའི་རྡོ་རྗེའི་རྒྱུད་ལ་ཁ་ཆེ་ཆེན་པོས་རྟོགས་པར་བྱེད་པ་ཟབ་མོའི་རྡོ་རྗེའི་ཚིག་འབྱུང་པའི་སྙིང་པོའི་བསྡུས་པའི་དཀའ་འགྲེལ་དུ་རྡོ་རྗེ་རིགས ་ཀྱི་ལེའུ་སྟེ་དང་པོའོ།། །། ད་ནི་སྔགས་ཀྱི་ལེའུ་བཤད་པར་བྱའོ།། སྔགས་ཞེས་པ་ནི་དེ་ཁོ་ན་ཉིད་ཀྱི་དོན་ཤེས་པར་བྱེད་པའི་ཕྱིར་མན་ཏེ་འགྲོ་བ་སྐྱོབ་པར་བྱེད་པའི་ཕྱིར་ཏྲའོ་ཞེས་པ་མནྟ་སྟེ་ཏིང་ངེ་འཛིན ་ལས་སྐྱེས་པའི་བྱང་ཆུབ་ཀྱི་སེམས་སོ་ཞེས་པའི་དོན་ཏོ།། འདི་ལྟ་སྟེ། འབྱུང་པོ་ཐམས་ཅད་ཀྱི་གཏོར་མའི་སྔགས་ཞེས་པ་ཐམས་ཅད་ཀྱང་དེ་ཡིན་ལ། འབྱུང་བ་པོ་ཡང་ངོ་ཞེས་པ་འབྱུང་པོ་ཐམས་ཅད་དེ ་རྣམས་ཀྱི་སྔགས་ནི་རིམ་པ་ཇི་ལྟ་བ་དང་། གྲངས་ཇི་ལྟ་བའོ།། ཨོཾ་ཨ་ཀཱ་རཽ་མུ་ཁཾ་སརྦ་དྷརྨྨ་ཎཱཾ་ཨཱདྱ་ནུཏ་ཨོཾ་ཨཱཿཧཱུཾ་སྭཱ་ཧཱ་ཅེས་པ་འདིར་ཨ་ཡིག་གི་སྒྲ་ཡིས་གཞོམ་དུ་མེད་པའི་སྒྲ་སྟེ། གསུངས་པ་ཡང་། རྫོགས ་པའི་སངས་རྒྱས་ཨ་ཡིག་འབྱུང་།། ཨ་ཡིག་ཡིག་འབྲུ་ཀུན་གྱི་མཆོག། དོན་ཆེན་འགྱུར་མེད་དམ་པ་སྟེ།། སྲོག་ཆེན་པོ་ནི་སྐྱེ་བ་མེད།། ཚིག་ཏུ་བརྗོད་པ་སྤངས་པ་སྟེ། ཞེས་པ་ལ་སོགས་པར་རིག ་པར་བྱའོ།། དེ་སྐད་དུ་ཡང་རྩ་བའི་རྒྱུད་དུ་གསུངས་སོ།། ས་ལ་སོགས་པའི་འབྱུང་བ་རྣམས་ལ་སྐྱེས་པ་ནི་འབྱུང་པོ་རྣམས་ཏེ། ཕུང་པོ་ལྔའི་ངོ་བོའི་ཆོས་ཅན་ནོ།། དེ་རྣམས་ཀྱི་སྔགས་ནི་ཕུང་པོ་ལྔའི་བདག་ཉིད་ཅན་གྱི་ཡི ་གེ་ལྔ་སྟེ། ཨོཾ་ཡིག་གིས་དེ་རྣམས་ཀྱི་གཟུགས་ཀྱི་ཕུང་པོ་སྐུ་རྡོ་རྗེའོ།། ཨ་ཡིག་གིས་འདུ་ཤེས་ཀྱི་ཕུང་པོ་སྟེ་གསུང་རྡོ་རྗེའོ།། ཧཱུཾ་ཡིག་གིས་རྣམ་པར་ཤེས་པའི་ཕུང་པོ་ཐུགས་རྡོ་རྗེའོ།། སྐུ་ཡིག་གིས་ཚོར་བའི་ཕུང ་པོའོ།། ཧཱ་ཡིག་གིས་འདུ་བྱེད་ཀྱི་ཕུང་པོའོ།། འདིའི་ངེས་པའི་དོན་ནི་དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་བཅུ་པར་གསུངས་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ནི། གལ་ཏེ་གཟུགས་ཀྱི་འཕེལ་བ་ཡང་དག་པར་རྗེས་སུ་མ་མཐོང་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ངོ་།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད ་རྣམས་དང་། རྣམ་པར་ཤེས་པའི་འཕེལ་བ་ཡང་དག་པར་རྗེས་སུ་མི་མཐོང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོང་ངོ་།། གཟུགས་ཀྱིས་ཡོངས་སུ་ཉམས་པ་ཡང་དག་པར་རྗེས་སུ་མི་མཐོང་ན་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་འགྲིབ་པ་ཡང་དག་པར་རྗེས་སུ་མི་མཐོང་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ།། ། ་ཆོས་ཡང་དག་པར་རྗེས་སུ་མི་མཐོང་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ།། ཆོས་མ་ཡིན་པ་ཡང་དག་པར་རྗེས་སུ་མཐོང་བ་མེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ།། དེ་ལྟ་ནི་འདིའི་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུརརོ་ཞེས་སོ།། དེ་རྣམས་ལ་གཏོར་མ་ནི་ཚིམ་པར་བྱེད་པའོ།། དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་ས་བོན་རྣམས་རིམ་པ་ཇི་ལྟ་བ་བཞིན་དུ་འདི་ལྟ་སྟེ ་ཨོཾ་ཡིག་གིས་རྣམ་པར་སྣང་མཛད་སྤྱི་བོར་རོ།། ཨཾ་ཡིག་གི་རིན་ཆེན་འབྱུང་ལྡན་ཏེ་ལྟེ་བར་རོ།། ཧྲཱིཿཡིག་གིས་འོད་དཔག་མེད་དེ་མགྲིན་པར་རོ།། གསང་བར་ཁཾ་ཡིག་གིས་དོན་ཡོད་གྲུབ་པའོ།། ཧཱུཾ་ཡིག་གིས་མ ་བསྐྱོད་པ་སྟེ་སྙིང་གར་རོ།། དེ་ལྟར་པི་ཙྱཻ་བཛྲའི་ལུས་ལ་དགོད་པར་བྱས་ནས་རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱི་ཡང་ངེས་པའོ།། དེ་ནས་ཕྱག་བཅུ་དྲུག་པའི་ངེས་པ་ནི། ཨོཾ་དྭེ་བཱ་པི་ཙུ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། འདིར་ངེས་པའི་ཚིག ་ནཾ། ཨོཾ་ཡིག་གིས་ལྷ་རྣམས་ཀྱི་གདན་ཡིན་པ་ཇི་ལྟ་བ་དེ་ལྟར་སྔགས་ཀྱི་ཡི་གེ་དང་པོས་ལྷ་འགྲུབ་པའོ།། སྤྲུལ་པ་སྣ་ཚོགས་པ་རྣམས་ཀྱིས་སེམས་ཅན་གྱི་དོན་གྱི་ངོར་རྩེ་བར་བྱེད། རོལ་པར་བྱེད་པས་ན་ལྷའོ།། # ་དྷེའི་ཡན་ལག་གིས་པི་ཙུ་སྟེ་ཤིན་ཏུ་དང་བ་ཉིད་ཀྱི་ཕྱིར་རོ།། རྡོ་རྗེ་ནི་མི་ཕྱེད་པ་ཉིད་ཀྱི་ཕྱིར་ཏེ། ཤེས་རབ་དང་ཐབས་ཀྱི་ཡན་ལག་གིས་སོ།། སྔགས་འདི་ནི་ཕྱག་བཅུ་དྲུག་པའིའོ།། གྲོང་ཁྱེར ་གཅིག་བཀྲུགས་པ་ནི་གྲོང་ཁྱེར་གྱི་སྒྲ་ཡིས་བདེ་བ་ཆེན་པོའི་འཁོར་ལོ་བརྗོད་པར་བྱ་སྟེ། དེ་ཡང་དག་པར་བསྐྱོད་པའི་རང་བཞིན་ལས་རྣམ་པ་གཞན་ཉིད་ན་གྲོང་ཁྱེར་བསྐྱེད་པའོ།། དེ་ཉིད་དབང་དུ་འགྱུར་བ་ནི། བྱམས ་པ་ལ་དམིགས་པས་གང་ཡིན་པ་སྟེ། དེའི་ཕྱིར་རྣལ་འབྱོར་པས་སྔགས་འདི་བཟླས་པར་བྱའོ།། ཞེས་པ་ངེས་པའི་དོན་ཏོ།། དྲང་བའི་དོན་གྱི་ནི་གོ་སླའོ།། ཨོ་ཨ་ཀཽ་ཙ་ཊ་ཏཽ་པ་ཡ་ཤ་སྭཱ་ཧཱ། རྣལ་འབྱོར་མ་རྣམས་ཀྱིས ་འོ་ན་ནི། ཨ་ཨཱཿི་ཨཱི་ཨུ་ཨཱུ་རྀ་རཱྀ་ལཾ་ལཱྀཿེ་ཨཽ་ཨོ་ཨཽ་ཨཾ། འདིའི་ངེས་པའི་དོན་ནི་ཆ་བཅུ་དྲུག་རྣམས། དགའ་བའི་རིམ་པའི་དབྱེ་བས་རྟོགས་པར་བྱའོ།། ཕྱག་གཉིས་པའི། ཨོཾ་ཏྲེ་ལོཀྱཱ་ཀྵེ་པ་ཧུཾ་ཧུཾ་ཧུ་ཕཊ། ་སྭཱ་ཧཱ། ཕྱག་བཞི་པའི། ཨོཾ་ཛྭ་ལ་ཛྭ་ལ་བྷྱོ་ཧུ~ཾ་ཧུཾ་ཧུཾ་ཕཊ་སྭཱ་ཧཱ། ཕྱག་དྲུག་པའི། ཨོཾ་ཀི་ཊཱི་ཀི་ཊི་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབས་པའི་སྔགས་ནི། ཨོཾ་ཨཱཿཧཱུཾ། ད་ནི་ཀུ་རུ་ཀུལླེའི ་སྔགས་བརྗོད་པར་བྱ་སྟེ། དཔྲལ་བར་ཨོཾ་མ~ཾ། ལྕེ་ལོ་ཧྲཱིའོ།། མགྲིན་པར་ཀུའོ།། སྙིང་གར་རུའོ།། ལྟེ་བ་ལ་ཀུའོ།། གསང་བར་ལླེའོ་ཞེས་པ་དབོང་པའོ།། དབུགས་འཇུག་པས་བཀང་སྟེ། བཟླས་པ་འབུམ ་ཕྲག་གཅིག་བྱས་ནས། དབུགས་འབྱུང་བའི་དུས་སུ་བགྲང་ཕྲེང་བསྐྱོད་པར་མི་བྱའོ།། འདིའི་ངེས་པའི་དོན་ནི་ཕྱག་རྒྱ་ལྔའི་མན་ངག་གི་ལེའུར་བཤད་པར་བྱའོ།། ཟླ་བ་དང་ཉི་མ་རྣམ་པར་འཛིན་པ་ཅེས་པ་ལ། ཟླ་བ ་ཅེས་པ་ནི་གཡོན་པའི་རྩཝ་རྐྱང་མའོ།། ཉི་མ་ཞེས་པ་ནི་རོ་མ་རྩ་གཡས་པ་སྟེ་གཉིས་པོ་དག་གི་འཆར་བ་དང་། ནུབ་པ་དང་། འཇུག་པ་དང་ཕྱིར་འབྱུང་བ་འཕོ་བ་འགྲོགས་པའི་ཕྱིར་ཟླ་བ་དང་ཉི་མ་རྣམ་པར་འཛིན ་པའོ་ཞེས་པའོ།། དྲུང་བའི་དོན་གྱིས་ནི་གོ་སླའོ།། སྔགས་ཀྱི་ཚིག་རྣམས་ཐམས་ཅད་ལ་དང་པོ་ཨོཾ་ཡིག་དང་ཧཱུཾ་ཕཊ་ཡིག་སྤེལ་བ་རྟོགས་པར་བྱའོ།། འདིར་སྔགས་བཏུ་བའི་ལེའུར་ཧཱུཾ་དང་ཕཊ་ཡིག་ནི་མན་ངག ་ལས་ཤེས་པར་བྱའོ།། འདིར་རྩ་བའི་རྒྱུད་དུ་རིམ་པ་དང་རིམ་པ་ལས་བཟློག་པས་ཐམས་ཅད་སློབ་དཔོན་གདུག་པ་ཅན་རྣམས་ལ་སྦས་ཏེ་བླ་མོ་དམ་པ་བརྒྱད་པའི་རིམ་པས་ཤེས་པར་བྱའི། གླེགས་བམ ་ཀློག་པས་ནི་མ་ཡིན་ནོ།། གཞན་ཐམས་ཅད་རྒྱུད་གཞན་བལྟས་ནས་གང་རིགས་པས་འཐད་ཅིང་རྒྱུད་མང་པོ་དང་མཐུན་པའི་བཅོམ་ལྡན་འདས་ཀྱི་གསུང་གཟུང་བར་བྱའི་དང་པས་རྨོངས་པ་ཉིད་ཀྱིས་ནི་མ་ཡིན་ནོ།། ་དེ་སྐད་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། ངའི་གསུང་གི་ཐོག་མར་དགེ་བ་བར་དུ་དགེ་བ་ཐ་མར་དགེ་བའོ།། གསུངས་པ་ཡང་། ཐོག་མ་མེད་ནས་སྤྲོས་མེད་བདག། དེ་བཞིན་ཉིད་དག་དག་པའི་བདག། བདེན ་པར་སྨྲ་ཞིང་ཚིག་མི་འགྱུར།། ཇི་སྐད་སྨྲས་པ་དེ་བཞིན་བྱེད།། གཉིས་སུ་མེད་དང་གཉིས་མེད་གསུངས།། ཡང་དག་མཐའ་ལ་རྣམ་པར་གནས་ཞེསོ།། དེ་ལྟར་སླར་ཡང་། དང་པོ་དགེ་བ་བར་དང་ཐ ་མར་མི་དགེ་བ་མ་ཡིན་ཞིང་དང་པོ་དང་བར་དུ་མི་དགེ་ཞིང་ཐ་མར་དགེ་བ། ཇི་ལྟར་བྱིས་པའི་སྐྱེ་བོ་རྣམས་ཀྱིས་ཀུན་ཏུ་བརྟགས་པ། དང་པོ་རྣམ་པར་རྟོག་པའི་སྒོམ་པ་དང་། བར་དུ་དབང་པོ་གཉིས་ཀྱི་བདེ་བ་བསྒོམ་པ་དང་། ་མཐར་རྣམ་པར་མི་རྟོག་པ་བསྒོམ་པ་སྟེ། བདེ་བ་ཆེན་པོ་བསྒོམ་པའོ་ཞེས་པ་དེ་ནི་ངན་པོའི་ཚིག་སྟེ་ཐམས་ཅད་དུ་རྒྱུ་དང་འདྲ་བའི་འབྲས་བུ་མཐོང་གི། ཀོ་ཏྲ་ཝ་ཡི་ས་བོན་ལས།། སཱ་ལུའི་མྱུ་གུ་འབྱུང་མེད་ཕྱིར།། རྣམ ་རྟོག་ས་བོན་ལས་འབྱུང་བ།། རྣམ་རྟོག་བཅས་པའི་འབྲས་བུར་འགྱུར།། རྣམ་པར་མི་རྟོག་ལས་སྐྱེས་པ།། རྣམ་པར་མི་རྟོག་འབྲས་བུར་འགྱུར།། རྒྱུ་དེའི་ཕྱིར། དང་པོར་དགེ་བ་བར་དུ་དགེ་བ་ཐ་མར་དགེ་བའོ།། ་ཇི་ལྟར་ས་བོན་དེ་བཞིན་ལྗོན།། ཇི་ལྟར་སྡོང་པོ་དེ་བཞིན་འབྲས།། འཇིག་རྟེན་འདི་ཀུན་ཏུ་མཐོང་སྟེ།། དེ་ནི་རྟེན་ཅིང་འབྲེལ་འབྱུང་ཉིད།། ད་ནི་རེངས་པ་དང་དབང་དུ་བྱ་བ་ལ་སོགས་པ་ལས་རབ་འབྱམ་གསུངས་པ། ཨོཾ ་ཧཱུཾ་སྭཱ་ཧཱ། རེངས་པར་བྱེད་པའོ།། དེ་བཞིན་དུ་དབང་དུ་བྱ་བ་དང་། དེ་བཞིན་དུ་སྐྲོད་པ་དང་། དེ་བཞིན་དུ་སྡང་བར་བྱེད་པ་དང་། མངོན་སྤྱོད་དང་འགུགས་པ་དང་གསོད་པ་ཅེས་པ་ལ་སོགས་པ་གསལ་བར་བྱ་སྟེ། ཀྱེའི ་རྡོ་རྗེས་རྩ་རྒྱུད་དུ།། ཇི་ལྟར་བདག་ལ་གསལ་གསུངས་པ།། དེ་བཞིན་ཉུང་རྒྱུད་འདི་རུ་ནི།། བཀས་གནང་བ་ལས་དེ་བརྗོད་བྱ།། ས་ཡི་ས་བོན་གྱིས་རེངས་བྱེད།། རྨོངས་དང་ཕུར་གདབ་དེ་བཞིན་ནོ།། རྟག་ཏུ་ཞི་བྱེད་ཆུ ་ས་བོན།། དེ་བཞིན་རྒྱུས་དང་དུག་མེད་བྱེད།། མེ་ཡི་ས་བོན་ཆེན་པོ་འགུགས།། དབང་དང་བསྐྱོད་པ་རྣམ་པ་ཀུན་ཏུའོ།། སྡང་བྱེད་བསྐྲད་པ་རླུང་རྣམས་ཀྱིས།། དེ་བཞིན་དུ་ནི་དུག་འཕོ་བའོ།། སྟོང་པའི་ས་བོན་གྱིས་དུག་གཅོད།། ་དེ་བཞིན་གསོད་དང་འཚོ་བ་བྱེད།། གསོ་དང་བསླང་དང་དགའ་བ་ནི།། ཡེ་ཤེས་ས་བོན་གྱིས་གྲུབ་བྱེད།། ལྷགས་པ་ཉིད་དང་འོན་ཉིད་དང་།། མ་ནིང་བྱེད་པ་ཉིད་ཀྱང་ནི།། ཐུགས་གསུང་སྐུ་ཡི་ས་བོན་གྱིས།། སྔགས་པས ་རིམ་པ་ཇི་བཞིན་བསྒྲུབ།། ས་ཆུ་མ་རླུང་སྟོང་པ་དང་།། ཡེ་ཤེས་དཀྱིལ་འཁོར་རྣལ་འབྱོར་ལས།། རངས་པ་ལ་སོགས་ལས་རྣམས་ནི།། སྒྲུབ་པོ་མཆོག་གིས་བསྒྲུབ་པར་བྱ།། འདི་ཡི་དོན་ནི་འདི་ཡིན་ཏེ།། སེ་ཆུ་མེ་རླུང ་སྟོད་པ་དང་། ཞེས་པ་ནི་འབྱུང་བ་ལྔའི་བདག་ཉིད་ཅན་བྱང་ཆུབ་སེམས་ཀྱི་ཐིག་ལེའོ།། ཡེ་ཤེས་དཀྱིལ་འཁོར་སྦྱོར་བ་ལས། ཞེས་པ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་དེ་ཉིད་དཔྲལ་བ་ལས་མགྲིན་པ་དང་སྙིང་ག་དང་ལྟེ་བ་དང ་རྡོ་རྗེ་པདྨའི་ཟེ་འབྲུའི་རྩེ་མོར་མ་འཕོས་པ་བདེ་བ་ཆེན་པོས་ཡོངས་སུ་རྫོགས་པར་གྱུར་པས་ནི་རེངས་པ་དང་དབང་དུ་བྱ་བ་ལ་སོགས་པ་སྒྲུབ་པར་བྱེད་དོ་ཅེས་པ་ངེས་པའི་དོན་ཏོ།། ད་ནི་རེངས་པ་ལ་སོགས་པ་རྣམས ་འགྲུབ་པའི་གནས་གསུངས་སོ།། གསུངས་པ་ཡང་། རི་བོ་ཚང་ཚིང་སྨན་ལྗོངས་དང་།། རྒྱ་མཚོ་ཆེན་པོའི་འགྲམ་རྣམས་དང་།། གདོད་ནས་གྲུབ་པའི་དུར་ཁྱོད་ཏེ།། གནས་འདི་རྣམས་སུ་བྱ ་པ་ཡིན།། སྔགས་བཟླས་དེ་བཞིན་བསམ་གཏན་དང་།། སྦྱིན་སྲེག་དཀྱིལ་འཁོར་བཞེངས་པ་དང་།། རབ་གནས་ལས་ཀྱི་ངོ་བོ་ཡིས།། ལས་རྣམས་ཐམས་ཅད་བསྒྲུབ་པར་བྱ།། འདིའི་དོན་ནི་འདི་ཡིན་ཏེ། དཔལ་རྡོ ་རྗེ་མཁའ་འགྲོར་ཡང་གསུངས་པ། ནགས་ཆེན་ཞེས་པ་འདོད་ཆགས་སོགས།། ཉོན་མོངས་ཤིང་གིས་གཏིབས་པ་སྟེ།། བུད་མེད་ཕྱག་རྒྱ་བསྟེན་པའི་ཐབས།། དག་པས་བྱང་ཆུབ་ཕྱོགས་སུ་འགྱུར།། དེ་ཡང་རྣམ ་པར་དག་པ་ནི།། རབ་ཀྱི་མཐར་ཐུག་སོན་པ་ལས།། ཡུལ་ཕྱོགས་ཆོས་འབྱུང་ཞེས་པའོ།། དེ་ཉིད་དེ་བཞིན་གཤེགས་ཀུན་གྱིས།། རབ་སྔགས་རྡོ་རྗེའི་རིགས་སོགས་ཀྱིས།། ཁྱང་འཕགས་གཞོན་ནུ་མ་ཡི་རིགས།། ་ལས་བྱུང་ཉིད་ཀྱི་སྐྱེ་བོས་དབེན།། དེ་ཁོ་ན་གཡོ་བ་མེད་པའི་བདེ་བ་ཆེན་པོའི་བདག་ཉིད་ངོ་བོ་ཉིད་ཀྱི་ཕྱིར་རོའོ།། སེམས་ཅན་དམན་པ་རྣམས་ཀྱིས་འཇུག་པ་མི་ནུས་པ་ཉིད་ཀྱི་ཕྱིར་ཚང་ཚིང་ངོ་།། མཛོད་དུ་གྱུར་པ་ཉིད ་ཀྱི་ཕྱིར་སྨན་ལྗོངས་སོ།། འགྲམ་རྣམས་སུ་ཤེས་པ་དེ་དང་ཡང་དག་པར་སྦྱོར་བའི་ཤེས་རབ་ཀྱི་རྒྱ་མཚོའི་འགྲམ་རྣམས་སུ་སྟེ། མཚུངས་པ་ཉིད་ཀྱི་ཕྱིར་རོ།། སེམས་ཅན་ཐམས་ཅད་ཀྱི་རྒྱུད་དང་དུ་ལོང་བ ་ནི་དུར་ཁྲོད་དོ།། གདོད་ནས་གྲུབ་པ་ཞེས་པ་རྟག་ཏུ་གྲུབ་ཅིང་ཡོངས་སུ་རྫོགས་པ་སྟེ། འཆར་བ་དང་ནུབ་པ་དང་བྲལ་བའོ།། ཐལ་བ་ཡིས་རྟག་ཏུ་བདེ་བ་ཆེན་པོའི་རྣམ་པར་ཐོབ་ཅིང་། དེའི་རང་བཞིན་དུ་བྱཱ ་བ་སྟེ། དེ་ལྟར་ན་སྒྲའི་བདེན་པ་ཉིད་རྟོགས་པར་བྱེད་དོ།། དཔལ་དང་པོའི་སངས་རྒྱས་སུ་ཡང་གསུངས་པ། བསྐྱེད་མོས་ཚུལ་ལམ་རི་བོ་སྐྱེ་བོ་རི་དགས་བྲལ་བར་ཞི་བའི་སྔགས་རྣམས་བསྒྲུབ་པར་བྱ།། དྲག་པོ ་རྣམས་ནི་དྲག་པོའི་དུར་ཁྲོད་དུ་སྟེ་ལྷ་མཆོག་རྣམས་སུ་རེངས་དང་རྨོངས་པ་ཡང་།། དབང་དང་དགུགས་པ་སྔགས་པས་མཆོག་གི་ཁྱབ་བདག་བདེ་བ་ཕྱག་རྒྱ་ཀུན་དང་རབ་སྦྱོར་ལ།། གནས་གཞན་སྐྱེ་གནས་གཞན ་དུ་མི་རྣམས་ཀྱིས་ནི་སྐྱེ་བ་འབུམ་ཕྲག་གིས་ཀྱང་འགྲུབ་མི་འགྱུར་ཞེས་སོ།། ཡང་དེ་ཉིད་དུ་གསུངས་པ། སྐྱེས་བུ་རྣམས་ཀྱི་སེམས་ནི་ཀུན་ནས་མི་དགེའི་འབྲས་བུའི་དང་གིས་ཕྲན་ཚེགས་རིགས་པ་ལ་རྗེས ་ཆགས།། རིག་པ་འདི་ཡིས་སྲིད་པ་གསུམ་པོ་མཐའ་དག་སྐད་ཅིག་གིས་ནི་བདག་གི་དབང་དུ་བྱེད་པའོ།། ཞེས་པའི་བསམ་པ་བརྐམ་ཆགས་སེམས་ཀྱིས་ཡེ་ཤེས་སྦྱིན་པ་རྣམ་པར་སྤངས་ནས་དམྱལ་བར ་རབ་ཏུ་འཇུག། རྒྱབ་ཏུ་རྫས་དང་རང་གི་ཁྱིམ་ཐབ་གཞན་གྱི་དབང་འགྱུར་ཀྱེ་མ་ངན་པའི་ཆོས་ལ་རབ་ཏུ་འཇུག་ཅེསོ།། དེ་བཞིན་དུ་དཔལ་དགོངས་པ་ལུང་སྟོན་པའི་རྒྱུད་དུ་ཡང་གསུངས་པ། སོ་སོར་སྡུད་དང ་དམིགས་པར་བཤད།། བརྡ་དང་དོན་དམ་པ་ཡིན་ནོ།། སོ་སོར་སྡུད་པ་སྤྱི་ཡིན་ཏེ།། སངས་རྒྱས་ཀྱི་ནི་དམིགས་པ་ཉིད།། བརྡ་ནི་སྔགས་ཀྱི་དེ་ཉིད་བད།། དེ་བཞིན་ཉིད་ནི་དོན་དམ ་དཔལ་དང་པོའི་སངས་ནཱས་སུ་ཡང་གསུངས་པ། ཁྱི་མ་དུང་གྲོང་དུ་བགྲང་ཕྲེང་རྣམས་ཀྱི་སམཉན་དང་མཚན་དུ་སྔགས་ཀྱི་བཟླས་པ་བྱསཱ་ནས་ནི།། ངལ་ཉིད་རྨོངས་ཏེ་རྨུགས་བྲལ་སྐུར་ཡང་འདྲ་ནི་སྔགས་ཀྱི ་དངོས་གྲུབ་མེད་པ་བརྗོད་པར་བྱེད།། གནས་དང་སྟོང་པ་དུས་དང་མཆོག་གི་མཚན་མ་ལ་གནས་ཡང་དག་པར་ནི་ཤེས་མིན་ཉིད།། རྐང་པའི་སོར་མོར་རྣམས་ཀྱི་ནང་ལ་སྤྱི་བོར་སྨན་རྣམས་ཀྱིས་ནི་རབ་བྱུག་བྱེད ་པ་བཞིན། ཞེས་སོ།། དཔོལ་སམྨ་ཊར་ཡང་གསུངས་པ། ནང་གི་དབྱེ་བ་འདི་ཉིད་ནི། ཤིན་ཏུ་གསལ་བར་བླ་མཱ་ཡི།། ཞལ་ལས་རྙེད་འགྱུར་གང་རྣམས་ནི།། བླ་མས་དམན་པའི་སེམས་ཅན་རྣམས།། ་སྔགས་དང་ཕྱག་རྒྱ་མི་རྙེད་།། དེ་ཕྱིར་འཛམ་གླང་གྲུ་གསུམ་པ།། དགོ་པ་སངས་རྒྱས་བཞུགས་པ་འདིརུ།། ཨེ་ཡིག་དབྱིབས་ཅན་གླང་དབུས་སུ།། ཇི་ལྟར་ཨེ་ཝཾ་དུ་འགྱུར་བར།། གྲུ་གསུམ་དཀྱིལ་འཁོར ་ཉམས་དགའ་བར།། རྡོ་རྗེ་རོལ་པ་རྣམས་སྤྲོས་འབྱུང་།། ཆོས་འབྱུང་ཞེས་ནི་བཤད་པ་སྟེ།། བཙུན་མོའི་བྷ་ག་ཞེས་ཀྱང་ངོ་།། དེ་ཡི་དབུས་སོན་པདྨ་ནི།། འདབ་མ་བརྒྱད་པ་ཟེ་འབྲུར་བཅས།། དེར་ནི་ཨ ་ལོ་ཀཱ་ལྀ་སྦལ།། སྡེ་རྒྱན་བརྒྱད་རྣམས་རྣམ་པར་གནས།། ལས་ཀྱི་ཆགས་རྣམས་བྱེད་པ་སྟེ།། གསང་སྔགས་གཟུགས་ཀྱིས་ལུས་ཅན་གྱིའོ།། ཡི་གེ་ལྔ་བཅུ་རྣམས་ཉིད་ནི།། རིགས་བྱེད་སོགས་སུ་གནས ་པ་རྣམས།། ཕྱག་རྒྱ་ཉིད་དང་རྒྱུད་རྣམས་དང་།། ཕྱི་རོལ་བསྟན་བཅོས་ངོ་བོར་རོ།། རྡོ་རྗེ་སྙིང་པོ་འདི་རྣམས་ཀྱི་རང་བཞིན་རྣམས་ནི་ལུས་གཞན་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ།། ཨཱ་ཀ་ཙ་ཊ་ཏ་པོ་ལ་ཤའི་སྡེ་དགའ ་བ་ཡི་གེ་ལྔ་བནྡྷ་རུ་མཉམ་པ་རྣམས།། རྡོ་རྗེ་རོལ་པ་པདྨར་སོན་པ་རྣམས་འདབ་མ་སོ་སོ་ལ་ཕྱོགས་བརྒྱད་རྣམས་སུ་རིག་པར་བྱས་པའོ།། འདི་རྣམས་དབུས་སུ་ཟེ་འབྲུ་ལས།། མཆོག་གི་དབང་ཕྱུག་ཡོད་པ་ཡིན། ་སྟེ་ཚན་བརྒྱད་ཀྱིས་བསྐོར་བྱས་པའོ།། མཆོག་གཱི་ཡི་གེ་ཉིད་ཀྱང་ངོ་།། ཨ་ནཱི་ཡིག་འདྲ་ཀུན་གྱི་མཆོག། དོན་ཆེན་ཡི་གེའི་འདྲེན་པ་སྟེ།། ལུས་ཅན་རྣམས་ཀྱི་སྔགས་ཀུན་ནི།། དེ་ཉིད་ལས་ནི་ཡང་དག་འབྱུང་ཞེས ་གསུངས་པ་ཡང་། བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག། ངག་ཀུན་རབ་ཏུ་འོད་གསལ་བའོ།། ཞེས་སོ།། དེ་བཞིན་དུ། དཔལ་རྡོ་རྗེ་སྙིང་པོའི་རྒྱན་དུ་ཡང་གསུངས་པ། སྙིང་གི་དབུས་སུ་གཞོམ་མེད་པ།། སྒྲོམ ་མ་འབར་བ་དང་མཚུངས་ཤིང་།། མི་འགྱུར་མཆོག་ཏུ་ཕྲ་བ་ཡི།། ཨ་ཡི་གངམ་པ་གཙོ་བོའོ་ཞེས་སོ།། དཔལ་མཚན་ཡང་དག་པར་བརྗོད་པར་ཡང་གསུངས་པ། འགྲོ་བའི་མར་མོ་ཡེ་ཤེས་སྒྲོན།། གཟི་བརྗིད ་ཆེན་པོ་འོད་གསལ་བ།། རིག་པའི་རྒྱལ་མཆོག་སྔགས་དབང་པོ།། གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། ཅེས་སོ།། སངས་རྒྱས་ཀུན་གྱི་ཡོན་ཏན་འདིར།། ཨཱ་ལིའི་གཟུགས་ཀྱིས་འཇུག ་པར་འགྱུར་ཞེས་པ་ལ་སོགས་པ་ཡང་ངོ་།། དཔལ་ལང་ཀར་གཤེགས་པར་ཡང་གསུངས་པ། སྐྱེས་བུ་གང་ལ་ལ་ཞིག་སྒྲོན་མ་གཟུང་ནས་ནོར་ཚོལ་བར་བྱེད་དོ།། བློ་གྲོས་ཆེན་པོ་དེ་བཞིན་དུ་ངག་ཏུ་རྣམ་པར་བརྟག ་པའི་སྒྲའི་སྒྲོན་མས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ངག་ཏུ་རྟོག་པ་དང་བྲལ་བའི་སོ་སོ་རང་གི་བདག་ཉིད་རྟོགས་པ་ལ་རྗེས་སུ་འཇུག་པར་འགྱུརརོ་ཞེས་སོ།། དཔལ་དགོངས་པ་ལུང་སྟོན་པའི་རྒྱུད་དུ ་ཡང་གསུངས་པ། དང་པོ་གཅིག་པུ་དགུ་དབུས་ན།། གང་ཞིག་བཅུ་ཡིས་མི་འཆིང་བ།། དི་ནི་བཅིང་མེད་ཤེས་བྱ་སྟེ།། དེ་ཤེས་པ་ནི་མཆོག་གི་གནས།། དབྱངས་དང་གསལ་བྱེད་ཡི་གེ་རྣམས།། གྲངས་དགུ་ཡི་ནི ་རྗེས་འཇུག་པ།། ཨས་བཅིངས་ཕན་ཚུན་ཡང་དག་སྦྱོར།། གང་ཞིག་རིག་དང་འགྲོ་བའི་བླ།། དཔལ་འདུས་པ་ཕྱི་མར་ཡང་གསུངས་པ། རིག་པའི་ཚུལ་གྱིས་ཆོ་ག་ཡིས།། ཐུན་མཚམས་བཞི་ཡི་སྦྱོར་བ་ལས།། སྔས ་ཀྱི་ཡན་ལག་དབྱེར་མེད་པ།། མཚོན་བྱ་མཚན་ཉིད་བྲལ་བ་བཟླས།། གཉིས་སུ་མེད་པ་མཉམ་པ་རྣམ་པར་རྒྱལ་བ་རྣལ་འབྱོར་ཆེན་པོའི་རྒྱུད་དུ་གསུངས་པ་ཡང་། རྣམ་པར་ཤེས་ལས་ཡང་དག་འབྱུང་།། མཚན ་ཉིད་དྲུག་ལྡན་གསལ་སྔགས་ཟེར།། གསང་སྔགས་འབུམ་ཕྲག་དྲུག་བཟླས་ནས།། རྡོ་རྗེ་སེམས་དཔར་ཕྱག་བྱས་ཏེ།། ཟླ་བ་ཉ་ལ་དེ་འགྲུབ་འགྱུར་ཞེས་སོ།། འདི་ཡི་དོན་ནི་འདི་ཡིན་ཏེ།། དཔལ་མཆོག་གི་དང་པོའི་སངས ་རྒྱས་སུ་ཡང་གསུངས་པ། བདེ་བ་ཆེན་པོའི་རང་བཞིན་ནི།། ཉ་ཡི་སྒྲ་ཡིས་བརྗོད་པར་བྱ།། གཞན་ནི་སྒོམ་པའི་བར་ཆོད་ཅན།། སྒྲོ་དང་བསྡུ་བ་བྱེད་པ་ཀུན།། ཞེས་པ་ལ་སོགས་པའོ།། དེ་ལ་བརྟུལ་ཞུགས་བཤད་པ་མེད།། ་སྔགས་དང་ཕྲེང་བ་ཡོད་མ་ཡིན།། འཛིན་དང་སྦྱིན་སྲེག་ལས་ཀུན་མེད།། ཐམས་ཅད་གཞན་དང་གཞན་དུ་འཇུག། རྣལ་འབྱོར་སྒོམ་པའི་བར་ཚད་ཅན།། ཕྱི་རོལ་བཟླས་པ་སྤང་བར་བྱ།། སྔགས་དོན་བཅོམ་ལྡན་རྡོ་རྗེ ་ཙནྱ།། རྡོ་རྗེའི་བདག་ཉིད་ཅི་ལྟར་བཟླས་ཞེས་སོ།། གསུངས་པ་ཡང་། གསུང་སྔགས་ཚུལ་ཆེན་ལས་བྱུང་བ།། གསང་སྔགས་ཚུལ་ཆེན་བདག་ཉིད་ཅན།། ཞེས་སོ།། གླང་ཆེན་རྙེད་ནས་འཕྲུལ་དུ་ནི།། གླང་ཆེན་རྗེས་ནི ་འཚོལ་བ་ལྟར།། རང་ཉིད་སྔགས་ལུས་དངོས་ཡིན་ན།། གཞན་པ་ཅི་ཞིག་ཚོལ་བར་བྱེད།། སྔགས་ཀྱི་དེ་ཉིད་གསལ་བ་འདི།། གསུང་གི་རྡོ་རྗེའི་སྒྲུབ་ཐབས་ཏེ།། ཡེ་ཤེས་གསུམ་གྱི་དབྱེ་བ་ཡིས།། སེམས་ཙམ ་ལ་ནི་ངེས་པར་སྦྱོར་ཞེས་སོ།། དཔལ་དགོངས་པ་ལུང་སྟོན་པའི་རྒྱུད་དུ་ཡང་གསུངས་པ། ཡི་གེ་གང་རྣམས་སྔར་བཤད་དང་།། གང་ཡང་མངོན་དུ་ཕྱོགས་དོ་རྣམས།། བུད་མེད་སྐྱེས་པོ་མ་ནིང་སྟེ།། བྱིངས་ལ་སོག ་པར་ཡོངས་རྟོགས་ཤིང་།། འོག་དང་སྟང་དུ་ཡང་དག་སྦྱར།། ཤེས་ཤིང་རྟོགས་ན་དེས་སྒྱུར་བའོ།། དོན་གྱི་རྗེས་འགྲོའི་བཟླས་པ་ནི།། རང་བཞིན་མེད་པ་མཛེས་པ་ཡིས།། མཱ་ནིང་གོ་འཕང་ལ་གནས ་པས། སྔགས་ཀྱི་ཡན་ལག་དབྱེར་མང་གནས།། དཔལ་ལང་ཀཱར་གཤེགས་པར་གསུངས་པ་ཡང་། བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དོན་ལ་རྟོག་པར་བྱའི་ཚིག་འབྲུ་ལ་རྟོན་པ་མ ་ཡིན་ནོ།། བློ་གྲོས་ཆེན་པོ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ཚིག་འབྲུའི་རྗེས་སུ་འབྱུང་བ་ནི་བདག་ཉིད་ཉམས་པར་བྱེད་ཅིང་དོན་དམ་པའི་མཐའ་ཡང་རྟོགས་པར་མི་འགྱུར་རོ།། བློ་གྲོས་ཆེན་པོ་འདི་ལྟ་སྟེ། ལ་ལ ་འགའ་ཞིག་ལ་སོར་མོའི་རྩེ་མོས་ཅུང་ཟད་གཅིག་སྟོན་པར་བྱེད་ཅིང་དེ་སོར་མོའི་རྩེ་མོ་ཉིད་ལ་ལྟ་བའི་ཕྱེད་དུ་སྟོན་པར་བྱེད་དོ།། བློ་གྲོས་ཆེན་པོ་དེ་བཞིན་དུ་བྱིས་པའི་རིགས་ཅན་བྲིས་པ་སོ་སོའི་སྐྱེ་བོ་ཤེས་རབ་འཚལ ་པའི་རང་བཞིན་ཅན་གྱི་ཚོགས་རྣམས། སྒྲ་ཇི་བཞིན་པའི་སོར་མོའི་རྩེ་ལ་མངོན་པར་ཞེན་ཅིང་མངོན་པར་ཞེན་པ་དེ་བཞིན་ཁོ་ན་དུས་བྱེད་པར་འགྱུར་རོ།། སྒྲ་ཇི་བཞིན་པའི་སོར་མོའི་རྩེ་མོ་སྤངས་ནས་དོན་དམ་པ་ཚོལ་བར ་མི་བྱེད་དོ་ཅེས་སོ།། དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསླབ་པའི་ལེའུར་ཡང་གསུངས་པ། རབ་འབྱོར་འདི་ལྟ་སྟེ་དཔེར་ན་སྐྱེས་བུའི་སྲོག་གི་དབང་པོ་འགགས་ན་དབང་པོ་རྣམས་ཐམས་ཅད་འགགས་པར་འགྱུརརོ།། ་རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སློབ་བཞིན་པའི་མི་ཤེས་པ་འགགས་ན། མི་དགེ་པའི་ཆོས་རྣམས་ཐམས་ཅད་འགགས་པར་འགྱུར་རོ།། དེ་ལས ་གཞན་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཐམས་ཅད་ཀྱང་ནང་དུ་འདུས་ཤིང་ཡོངས་སུ་བཟུང་བར་འགྱུར་རོ་ཞེས་སོ།། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དོན་འདོད་པས་འབྱུང་བར་བྱ་ཞིང་དེའི་ཕྱིར་ཕྱིན ་ལྡོག་པ་སྒྲ་ཇི་བཞིན་པར་དོན་ལ་མངོན་པར་ཞེན་པ་སྤང་བར་བྱའོ་ཞེས་པའི་དོན་ཏོ།། གསུངས་པ་ཡང་། སྔགས་པས་དེ་ལྟར་ཤེས་ནས་ནི།། འགྲོ་ནི་བྱིས་པ་བཞིན་སྤྱད།། དེ་ལྟར་སྔགས་རྣམས་འགྲུབ་པར་འགྱུར།། རྣམ་པར ་མི་རྟོག་ཆོས་ལས་སོ་ཞེས་སོ།། དཔལ་དྲི་མ་དང་བྲལ་བའི་འོད་དུ་ཡང་གསུངས་པ། འདིར་སྔགས་ཀྱི་ཚུལ་ལ་སྲིད་པ་གསུམ་གྱི་བདག་པོས་དྲག་པོའི་ལས་ཀྱི་རང་བཞིན་དུ་མའི་སྔགས་རྣམས་རབ་གསུངས་གང་།། དེ་རྣམས ་ཐམས་ཅད་བདུད་ཀྱི་ཕྱོགས་ཉམས་འཇིགས་པ་སྐྱེད་བྱེད་སྲོག་ཆགས་རྣམས་ལ་ནམ་ཡང་མིན།། འདིར་བདུད་རྣམས་ཀྱི་ནི་གང་ཞིག་དྲན་པ་རྣམས་ཀྱི་བྱེད་པོ་ཡུལ་གྱི་ཡུལ་དགའ་གསོད་བྱེང་གཞན་ཡང་མུ་སྟེགས་པ་ཞེས ་སོ།། དཔལ་དང་པོའི་སངས་རྒྱས་སུ་ཡང་གསུངས་པོ། གང་ལ་རིགས་ནི་ཚད་མར་གྱུར་པ་དེ་ལ་མི་ཡི་བདག་པོ་རིགས་བྱེད་ཚང་མར་འགྱུར།། གོང་ལ་རིག་བྱེད་ཚད་མ་དེ་ལ་ངེས་པར་ས་གཞིའི་གནས་སུ་མཆོད་སྦྱིན ་ཚད་མ་སྟེ།། གང་ལ་མཆོད་སྦྱིན་ཚང་མ་དེ་ལ་རྣམ་མང་ཕྱུག་དང་མི་རྣམས་ལ་འཚེ་ཚད་མར་འགྱུར།། གང་ལ་འཚེ་བ་ཚད་མར་གྱུར་པ་དེ་ལ་དམྱལ་བའི་འཇིགས་བྱེད་སྡིག་པ་ཚད་མའོ།། ཞེས་སོ།། ་དེའི་ཕྱིར་འདིར་རྣལ་འབྱོར་མའི་རྒྱུད་ལས་རྡོ་རྗེ་མཁའ་འགྲོ་མ་གང་ཡིན་པ་དེ་རྣམས་ནི་ཕྱུགས་ཀྱི་སྐྱེ་བོ་སྟེ་མི་ཤེས་པ་རྣམས་བསད་པའི་དོན་དུ་སངས་རྒྱས་པ་མཁས་པ་རྣམས་ཀྱིས་གསོལ་བ་གདབ་པར་མི་བྱ་སྟེ། གང་ལས ་ཅིའི་ཕྱིར་ཞེ་ན། སེམས་ཅན་རྣམས་ནི་བསྲུང་བའི་དོན་དུ་སྲིད་གསུམ་བླ་མས་དེ་རྣམས་འཇིག་རྟེན་ཁམས་སུ་སྤྲོས་པ་སྟེ། དེའི་ཕྱིར་མཆོག་གི་སྙིང་རྗེ་དང་ལྡན་པ་དེ་རྣམས་ནི་འཇིག་རྟེན་རྣམས་སྲུང་བར་བྱེད་ཅིང་འཇིག་རྟེན་སླུ ་བར་བྱེད་པའི་སྒྲུབ་པོ་ལ་སྡང་བར་བྱེད་དོ།། ཙི་སྟེ་བསད་པ་ལ་སོགས་པའི་ལས་བྱས་པར་གྱུར་པ་ན། གལ་ཏེ་བསྒྲུབ་བྱ་ལས་ཀྱི་མཐུ་ཡིས་ཤི་བར་གྱུར་ན་དེའི་ཚེ་འདི་ནི་སྒྲུབ་པ་པོའི་བདུད་ཡིན་ཏེ། བདག་གིས་བསད་དོ་ཅེས་པའི ་ང་རྒྱལ་ལས་སོ།། དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྲིང་མོ་གང་གའི་ལྷ་མོའི་ལེའུར་གསུངས་པ་ཡང་། ཇི་ལྟ་བ་བཞིན་དུ། ཆོས་ཐམས་ཅད་རྨི་ལམ་ལྟ་བུར་བཅོམ་ལྡན་འདས་ཀྱིས་གསུངས་པ། དེ་ལྟ་ན་དེའི ་ལས་བསགས་པ་དང་། ཉེ་བར་བསགས་པར་མི་འགྱུར་རོ།། ཚེ་དང་ལྡན་པ་ཤཱ་རིའི་བུ་ཅི་སྟེ་སྐྱེས་བུ་དེ་གཉིད་སད་པ་ན་གལ་ཏེ་ཀུན་ཏུ་རྣམ་པར་རྟོག་པར་བྱེད་ཅིང་བསད་པའི་འདུ་ཤེས་སྐྱེད་པར་བྱེད་ན་དེའི་ལས་བསགས ་བ་འམ། ཉེ་བར་བསགས་པར་འགྱུརརོ།། ཅི་ལྟར་ཞེ་ན། ཚེ་དང་ལྡན་པ་ཤཱུ་རིའི་བུ་རྣམ་པར་རྟོག་པར་བྱེད་ཅིང་བསད་པའི་འདུ་ཤེས་སྐྱེད་པར་བྱེད་དེ། དེ་གལ་ཏེ་རྨི་ལམ་གྱི་ནང་དུ་སྲོག་གཅོད་པ་བྱས་ནས་གཉིད་སད ་པར་གྱུར་པ་ན་ཨེ་མ་བསད་དོ།། ལགས་པར་བསད་།། ཤིན་ཏུ་བསད་ངོ་།། ངས་བསད་ངོ་ཅེས་རྣམ་པར་རྟོག་པར་བྱེད་ན་དེའི་ལས་བསགས་པ་འམ། རྣམ་པར་བསགས་པར་འགྱུརརོ།། སངས་རྒྱས་བཅོམ་ལྡན ་འདས་ཀྱང་རྣམ་པར་རྟོག་པར་མཛད་ཅིང་ཟད་པའི་འདུ་ཤེས་བསྐྱེད་པར་མཛད་ན་དེའི་ཡང་ལས་རྣམས་བསགས་པ་འམ་ཉེ་བར་བསགས་པར་འགྱུ་རོ་ཞེས།། དཔལ་ཀྱེའི་རྡོ་རྗེའི་རྒྱུད་ལ་ཁ་ཆེ་ཆེན་པོས་རྟོགས་པ་གནས ་བརྟན་དུལ་བའི་དཔལ་བ་ཤེས་གཉེན་གྱིས་གསོལ་བ་བཏབ་པ་རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ་དུ་སྔགས་ཀྱི་ལེའུ་སྟེ། གཉིས་པའོ།། ། ད་ནི་ལྷའི་ལེའུ་བཤད་པར་བྱའོ།། ལུས་སུ ་བྱུང་བའི་ཕྱིར་ཞེས་པ་ལ་སོགས་པས་ན་སྟེ། དཔལ་དྲི་མ་བྲལ་བའི་འོད་དུ་ཡང་གསུངས་པ། གང་གི་ཕྱིར་ལུས་འབྱུང་བ་ལྔའི་བདག་ཉིད་ལ་ཀུན་རྫོབ་ཀྱི་བདེ་བ་ཡང་དག་པར་འབྱུང་བ་དེའི་ཕྱིར་ལྷ་ཞེས་བརྗོད་པར་བྱའོ།། དཔལ ་རྡོ་རྗེ་བདུད་རྩིའི་རྒྱུད་དུ་ཡང་གསུངས་པ། ཅིའི་ཕྱིར་ལྷ་ཞེས་བརྗོད་ཅེ་ན།། ལུས་ལ་ལུས་ཅན་གནས་པ་སྟེ།། རྟོགས་ཕྱིར་རྟོགས་པ་པོ་ཞེས་བཤད།། རང་ཉིད་རྟོགས་ཕྱིར་ལྷོ་ཉིད་དེ།། དེ་ཕྱིར་ལྷ་ཞེས་བཤད ་པའོ།། དང་པོར་བྱམས་པ་བསྒོམ་པར་བྱ། ཅེས་པ་ནི་གཉེན་བཤེས་ཐ་མལ་པ་དང་དགྲ་བོ་རྣམས་ལ་ཕ་རོལ་པོ་ལ་ཕམ་པ་དང་བདེ་བ་ཉེ་བར་བསྒྲུབ་པར་སེམས་པ་ནི་བྱམས་པའོ།། གཉིས ་པ་སྙིང་རྗེ་ཞེས་པ་ལ་སྡུག་བསྔལ་དང་། སྡུག་བསྔལ་གྱི་རྒྱུ་ལས་སེམས་ཅན་རྣམས་ཐམས་ཅད་རང་གི་ལུས་དང་སྲོག་གིས་ཀྱང་འདོན་པར་འདོད་པ་ནི་སྙིང་རྗེའོ།། གསུམ་པར་དགུའ་བ་བསྒོམ་པར་བྱ་ཅེས་པ་གཞན་ལ ་ཕན་པ་ལ་རངས་པ་ནི་དགའ་བའོ།། བཞི་པར་བཏང་སྙོམས་བསྒོམ་པར་བྱ། ཅེས་པ་གཞན་གྱི་སྐྱོན་ལ་བཏང་སྙེམས་པ་ནི་ཀུན་གྱི་ལྷག་མར་བཏང་སྙོམས་སོ་ཞེས་པའོ།། ད་ནི་ཁ་དོག་པ་ལ་སོགས་པ་བྱས་ནས་ཕྱི་ནས ་འཇམ་པའི་སྟན་ལ་ཉེ་བར་འདུག་སྟེ། རྫས་བཅུའི་རང་བཞིན་གྱི་རིལ་བུ་བྱས་ནས་ཁུར་གཞུག་གོ།། དེ་ནས་རང་གི་སྙིང་གའི་ཧཱུ~ཾ་ཡིག་གི་འོད་ཟེར་རྣམས་ཀྱིས་ན་མཁའི་མཐིལ་ཡོངསུ་བཀུང་སྟེ། མོས་པ་ཇི་ལྟ་བ་བཞིན་དུ ་བླ་མ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་བཅས་པའི་རྗེ་བཙུན་གཙོ་བོ་རང་གི་ཤེས་རབ་ལ་འཁྱུད་པ། མ་མ་བརྒྱད་ཀྱིས་ཡོངས་སུ་བསྐོར་བ་ན་མཁར་བསམ་པར་བྱའོ།། དེ་ནས་འོད་ཟེར་དེ་རྣམས་ལོག ་སྟེ་རང་གི་སྙིང་གར་ཞུགས་པ་དང་ཧཱུཾ་ཡིག་ལས་ལྷ་མོ་བརྒྱད་བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཆེད་དུ་དབྱུང་བར་བྱའོ།། འདིར་སྤྱན་དྲངས་པ་དང་ལྷན་ཅིག་པ་རྣམས་སྤྲོ་ཞིང་། རྒྱན་རྣམས་ཐམས་ཅད་འཛིན་པ ་ཡ། ལྷ་མོ་བརྒྱད་པོ་རྣམས་ཀྱིས་མཆོད།། གཽ་རཱི་རི་དགས་མཚན་མ་འཛིན།། ཆོམ་རྐུན་བདུད་ལས་རྒྱལ་བའི་སྣོད་།། རོ་ལངས་མ་ནི་ཆུ་ལག་སྟེ།། བྷསྨ་རཱི་ནི་སྨན་འཛིན་ཞིང་།། པུཀྐ་སཱི་ནི་རྡོ་རྗེའི་ལག། ་བཞིན་རི་ཁྲོད་མ་རཽ་འཛིན།། གདོལ་པ་མོ་ནི་ཆུང་ཏེའུ་འཁྲོལ།། གཡུང་མོ་ཆགས་པས་གྲཝར་མཛད་དོ།། ཟླ་བ་ཁུ་བ་ཉི་མི་རྡུལ།། ཆུ་ནི་མི་བསྐྱེད་པ་རུ་བརྗོད།། སྨནྡ་ནཾ་ཤྲྀ་དང་མྱོས་བྱེད་ངོ་།། རྡོ་རྗེ་རྣམ་པར་སྣང་མཛད ་བཤད།། རོ་ནི་རོ་དྲུག་ཡང་དག་བཤད།། གོ་ཀུ་སོགས་སྟོབས་ཅད་ཏེའུ།། གར་ནི་ཆང་གི་བཏུང་བ་སྟེ།། ཅེས་འདི་དམ་ཚིག་བརྒྱད་དུ་བཤད།། རྣལ་འབྱོར་པ་ཡིས་འདི་རྣམས་ཀྱིས།། ཀྱེ་རྡོར་གཙོ་བོ་འཁོར་བཅས ་མཆོད།། དེ་ནས་དེ་མདུན་སྔགས་པ་ཡིས།། དཀོམ་མཆོག་གསུམ་ལ་སྐྱབསུ་འགྲོ།། སྡིག་པ་རྣམས་ནི་བཤགས་པར་བྱ།། བསོད་ནམས་རྣམས་ལ་རྗེས་ཡི་རང་།། རང་གི་ལུས་ཉིད་དངུལ་བ་དང་།། ལམ་ལ་བརྟེན ་པ་ཉིད་ཀྱང་ངོ་།། བྱང་ཆུབ་སེམས་ནི་བསྐྱེད་པར་བྱ།། དེ་ནུ་སངས་རྒྱས་གཤེགསུ་གསོལ།། སྟོང་པ་ཉིད་ལ་དམིགས་དོན་དུ།། སྨོན་ལམ་ལ་སོགས་རྣམ་སྤྱད་བྱ།། རང་བཞིན་མེད་ཕྱིར་སྟོང་པ་སྟེ།། རྒྱུ་མེད་ཕྱིར ་ན་མཚན་མ་མེད།། ཇི་ལྟར་སྒྱུ་མ་རྨི་ལམ་དང་།། དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ།། དེ་བཞིན་སེམས་ཅན་སངས་རྒྱས་རྣམས།། དེ་ཉིད་བསྒོམ་པས་བལྟ་བར་བྱ།། ཇི་ལྟར་སྒྲ་བརྙན་དེ་བཞིན་དུ།། སངས་རྒྱས ་རྣམས་ཀྱི་ཆོས་སྟོན་པའོ།། དངུལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟག་ཏུ་ངའི་ལེའུར་གསུངས་པ་ཡང་། གང་ཟག་མེད་པ་སྒྱུ་མ་ལྦུ་བུ་སྒྲ་བརྣམ་ལྟ་བུ་སྟེ། རིགས་ཀྱི་བུ་ཁྱོད་དེ་ལྟར་ཆོས་རྣམ ་ཡང་དག་པའི་ཚུལ་ལ་སོ་སོར་རྟོགས་པས་ཆོས་སྨྲ་བའི་རྗེས་སུ་འབྲངས་ན་རིང་པོ་མི་ཐོགས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་འབྱུང་བར་འགྱུར་རོ།། དེ་ལྟར་རྣམ་པར་སྤྱད་ནས་ནི།། འཁོར་བའི་བར་དུ་སྲིད ་པ་རུ།། སེམས་ཅན་རྗེས་སུ་གཟུང་བའི་རྒྱུར།། བྱང་ཆུབ་སེམས་དཔའ་གནས་པར་མཛད།། བདུད་དང་ཉོན་མོངས་སྐྱོམས་འཇུག་དང་།། ཤེས་བྱའི་སྒྲིབ་པ་ཉིད་ཀྱང་ནི།། ཁྲོ་བོ་ཆེན་པོས་ངེས་བསྲེགས་ཀྱང་།། ་ཤས་ཙམ་ནི་བསྲུངས་མཛད་པའོ།། གསུངས་པ་ཡང་། སྟོབས་པོ་ཆེ་ལ་ཐབས་ཆེ་བ།། སྨོན་ལམ་ཡེ་ཤེས་རྒྱ་མཚོ་སྟེ།། བྱམས་ཆེན་རང་བཞིན་དཔག་ཏུ་མེང་།། སྙིང་རྗེ་ཆེན་པོ་བློ་ཡི་མཆོག་ཅེས་སོ།། སངས་རྒྱས ་བྱང་ཆུབ་སེམས་དཔའ་ཉིད།། ཐམས་ཅད་ཡོངས་སུ་རྣམ་དཔྱང་ནས།། སྟོང་པ་ཉིད་ལ་དམིགས་པར་བྱ།། སྔགས་འདི་རྣམས་ནི་བརྗོད་པར་བྱ།། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ&ཧཱུཾ། དེ་ནས་སྨོན་ལམ་དྲན ་བོར་བྱ་ཞིང་། སྨོན་ལམ་གྱི་སེམས་དེ་སྔགས་པས་རང་གི་སེམས་ཀྱིས་ལྷའི་ང་རྒྱལ་བསྒོམ་པ་སྟེ། འགྲོ་བ་རྣམས་རོལ་པར་བྱ་བའི་ཆེད་ངུའོ།། འདིརརོ་ཆང་པར་འགྱུར་བའི་དཀྱིལ་འཁོར་གྱི་འཁོར་ལོ་དུར་ཁྲོད་བརྒྱད ་ཀྱིས་བརྒྱན་པར་བསམས་ནས་དེའི་དབུས་སུ་པདྨ་འདབ་མ་བརྒྱད་པ་དང་། ཉི་མའི་དཀྱིལ་འཁོར་དང་། དེ་ནས་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཅན་གྱི་རོ་ཉི་མའི་སྟེང་དུ་བསྒོམ་པར་བྱའོ།། སངས་རྒྱས་མཚར་གྱི་རྒྱུ་ལས ་ནི།། ཟླ་བར་དབྱངས་རྣམས་སུམ་ཅུ་གཉིས།། གསལ་བྱེད་བརྒྱད་ཅུ་ཉི་མ་ལའོ།། དེ་དག་དབུས་སུ་དྷ་ཡིག་སྟེ།། དེ་ཉིད་སེམས་དཔའ་ཉིད་དུ་བརྗོད།། ལྷན་ཅིག་སྐྱེས་དགའི་རང་བཞིན་ཏེ།། མེ་ལོང་མཉམ་ཉིད་ཡེ་ཤེས ་དང་།། སོ་སོར་རྟོག་པ་རིམ་པ་ལས།། དེ་རྣམས་གཅིག་ཉིད་བྱ་བ་བསྒྲུབ།། གཟུགས་ནི་ཡོངས་སུ་རྫོགས་པ་ཡང་།། ཆོས་ཀྱི་དབྱིངས་སུ་འདི་བརྗོད་དེ།། ཡེ་ཤེས་ལྔ་པ་མཆོག་ཡིན་ནོ།། གསུངས་པ་ཡང་། ་ཕུང་པོ་འདི་རྣམས་སངས་རྒྱས་འདི།། རིགས་འདི་རྣམས་ཀྱང་ཡེ་ཤེས་རྣམས།། ཨ་ཡིག་ལ་སོགས་ཤེས་པ་འདི།། མེ་ལོང་ལ་སོགས་རབ་ཏུ་གླེགས། ཞེས་སོ།། རྣམ་ལྔ་མངོན་པར་བྱང་ཆུབ་པ།། ཕྱག་གཉིས ་ཀྱེ་ཡི་རྡོ་རྗེར་བསྒོམ།། སྔོ་དང་སྐྱ་རེངས་མཚུངས་པའི་མཆོག། བན་དུ་དམར་པོའི་སྤྱན་དང་ལྡན།། དཔའ་བོ་ཐོང་པའི་ཕྲེང་བ་ཅན།། མི་བསྐྱོད་པ་ཡིས་ཐོད་བྱས་ལ།། འཁོར་ལོ་ཅན་དང་རྣ་ཆ་དང་།། མགུལ་རྒྱན ་ལག་གདུབ་སྐ་རགས་ཉིད་།། སངས་རྒྱས་ལྔ་ནི་རྣམ་དག་པས།། འདི་རྣམས་ཕྱག་རྒྱ་ལྔ་རུ་བསྒྲགས།། འཁོར་ལོ་ཅན་ལ་མི་བསྐྱོད་གནས།། རྣ་ཆ་འོང་དཔག་མེད་པ་བཞུགས།། མགུལ་གྱི་ཕྲེང་བས་རིན ་ཆེ་ནུ་དབང་།། གདུ་བུར་རྒྱལ་བ་རྣམ་སྣང་མཛད།། སྐ་རགས་ལ་ནི་དོན་ཡོད་གནས།། དེ་ལྟར་སངས་རྒྱས་རྣམས་རབ་བཞུགས།། གཏི་མུག་རྡོ་རྗེ་སོགས་ལྷ་མོ།། མིག་སོགས་སྐྱེ་མཆེད་རྣམས ་ལའོ།། ལུས་ངག་སེམས་ཀྱི་རྡོ་རྗེ་ལཱ།། ཨོཾ་ཨཱཿཧཱུཾ་ནི་རྣམ་པར་དགོད།། ཡེ་ཤེས་དཀྱིལ་འཁོར་དབང་བསྒྱུར་དང་།། བསྟོད་དང་མཆོད་པ་རྣམས་ཀྱང་བྱ།། གཡོན་ན་རྡོ་རྗེ་ཐོད་པ་དང་།། ཁ་ཊྭཱཾ་ག་ཡང་གཡོན་པ་ན།། གཡས ་ན་རྡོ་རྗེ་ནག་པོ་སྟེ།། ཧཱུཾ་ཡིག་འདོན་པའི་བདག་ཉིད་ཅན།། དུར་ཁྲོད་དུ་ནི་མགོན་པོ་རོལ།། རྣལ་འབྱོར་མ་ཡིས་ཡོངསུ་བསྐོར།། དབུགས་རྒྱུ་ཞེས་པའི་རིག་པ་འདིས།། དུར་ཁྲོད་ཅེས་ནི་མངོན་པར་བརྗོད།། གསུངས་པ་ཡང་། ་དེ་འདྲའི་རྣལ་འབྱོར་མ་བརྒྱད་རྣམས་ཀྱིས་ཡོངས་སུ་བསྐོར་བའི་བཅོམ་ལྡན་འདས་དུར་ཁྲོད་ནའོ་ཞེས་པ་འདི་ནི་དཔའ་བོ་གཅིག་པ་མ་ཡིན་ནོ།། དེའི་ཕྱིར་དུར་ཁྲོད་དུ་རོལ་ཞེས་གསུངས་ཏེ། འབྱུང་བ་ལྔའི་བདག་ཉིད་ཅན་གྱི་ཕྱིར་རོ།། ། ་དེ་བཞིན་དུ་འདིར་ཡང་ལྷན་ཅིག་སྐྱེས་པའི་སྐུ་རོ་ཡིས་བརྗོད་པའོ།། འདི་ནི་དགོངས་པ་ཡིན་ཏེ་ཇི་ལྟར་དུར་ཁྲོད་ནི་སེམས་ཅན་རྣམས་བདག་མེད་པ་དེ་ལྟར་ཐམས་ཅད་དུའོ་ཞེས་པ་སེམས་ཅན་ཐམས་ཅད་བདག་མེད་པར་གནས ་པའི་ཕྱག་རྒྱ་ནི་དུར་ཁྲོད་ངོ་།། སེམས་ཅན་རྣམས་སེམས་ཅན་གྱི་རང་བཞིན་གྱི་སྟོང་པ་སེམས་ཅན་གྱི་གནས་རྣམས་ཀྱང་སེམས་ཅན་གྱི་གནས་ཀྱི་རང་བཞིན་གྱིས་སྟོང་པའོ་ཞེས་པ་དུར་ཁྲོད་ཀྱི་དོན་ཏོ།། དེ་ལྟར་ཕྱག ་གཉིས་པའི་སྒྲུབ་ཐབས་ཀྱི་ངེས་པའོ།། ཕྱག་བཞི་པ་ནི་བདུད་བཞི་རྣམ་པར་དག་པ་སྟེ། གོང་དུ་བརྗོད་པའི་གཟུགས་དང་སྐུ་མདོག་ཅན་ཧཱུཾ་ལས་བྱུང་བའོ།། ཕྱག་གཡོན་གྱི་དང་པོས་སྐྱེས་པའི་ལྷ་དང་ལྷ་མ་ཡིན་རྣམས་ཀྱི་ཁྲག ་གིས་གང་བ་དང་། ཕྱག་གཡས་ཀྱི་དང་པོ་ན་རྡོ་རྗེའོ།། ཕྱག་ལྷག་མ་དག་གིས་ཤེས་རབ་མ་ལ་འཁྱུད་པ་སྟེ། ཤེས་རབ་རྡོ་རྗེ་ཕག་མོ་ནི་བཅོམ་ལྡན་འདས་ཀྱི་གཟུགས་ཅན་ནོ།། ཕྱག་དྲུག་པ་ནི་ཞལ་གསུམ་པ། གཡོན ་དམར་བ། གཡས་པོ་ཟླ་བ་དང་སྐྱ་རེངས་ལྟ་བུ། ཞལ་དང་པོ་སྟོ་བ། གཅེར་བུ་སྔར་བརྗོད་པའི་ཁ་དོགུ་དང་གཟུགས་ཅན། ཕྱག་རྣམས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་དག་པའོ།། དངོལ་མཚན་ཡང་དག་པར་བརྗོད ་པར་གསུངས་པ་ཡང་། སྦྱིན་བདག་ཆེན་པོ་གཙྪ་བོ་སྟེ།། ཚུལ་ཁྲིམས་ཆེན་པོ་འཆུང་བའི་མཆོག། བཟོད་ཆེན་འཆང་བ་བསྟན་པ་པོ།། བརྩོན་འགྲུས་ཆེན་པོ་ཕ་རོལ་གནོན།། བསམ་གཏན་ཆེན་པོ་ཏིང་འཛིན་གནས། ་ཤེས་རབ་ཆེན་པོ་ལུས་འཚོང་བ། ཅེས་སོ།། འདིའི་ངེས་པའི་དོན་ནི་དཔལ་དང་པོའི་སངས་རྒྱས་སུ་གསུངས་པ་ཡང་ནོར་གཏོང་སྦྱིན་པ་ཡིད་དང་། བུད་མེད་འགྲོགས་པ་ལས་ཀྱང་འཕོ་བ་མེང་པའི་ཚུལ་ཁྱིམས་ཏེ།། བཟོད ་པ་སྒྲ་སོགས་མི་འཇུག་པ་སྟེ་རླུང་གི་གའི་བགྲོང་འཇིག་བརྩོན་འགྲུས་ཉིད།། བསམ་གཏན་ཤེས་རབ་དག་ཀྱང་ལྷན་སྐྱེས་བདེ་ལ་གནས་སེམས་ཀུན་ཏུ་འགྲོ་བྱེད་ཀུན་གྱི་སྐང་།། དེ་ལས་སེམས་ཅན་དོན་དང་རྫུ་འཕྲུལ ་རྣ་སྲིད་པ་མཐུར་བྱེད་མ་ཐོབ་སྟེ་གཞན་པ་རྣམས་ཤེས་སོ།། ཕྱག་གསུན་གྱི་དང་པོ་ནརྗེ་གསུམ་པ། ཕྱག་གྲམས་ཀྱི་དང་པོ་ན་རྡོ་དྷཱ། གསོར་རྒྱུ་གཉིས་པཱ་ན་དཱིལ་ཐཱ། ཕྱུག་གཡས ་གཉིས་པ་ནཱ་གྲི་གུག། ཕྱག་ལྷག་མ་གཉིས་ཀྱི་རྡོ་རྗེ་ལྗགས་སྟོགས་མ་ལ་སྙོམས་པར་ཞུགས་པའོ།། བཅོམ་ལྡན་འདས་ཛཱ་ལྟ་བ་དེ་བཞིན་དུ་ཤེས་རབ་མཱ་སྟེ། གཡས་པ་དང་གཡོན་པ་ན་གྲི་གུག་དང་ཐོང་བའོ།། ཁམས ་གསུམ་པའི་བདག་ཉིད་ཅན་གྱི་རོ་མནན་པའོ།། དེ་ལྟར་ཕྱག་གཉིས་པ་དང་ཕྱག་བཞི་པ་དང་། ཕྱག་དྲུག་པའི་སྒྲིབ་ཐབས་ཀྱི་དྲིས་པའོ་ཞེས་པ་ནི་དྲང་བའི་དོན་ཏོ།། ད་ནི་རྫོགས་པའི་རིམ་པ་ལ་འཇུག་པར་བྱ་སྟེ། དེ་ཉིད་དུ ་གསུངས་པ། བསྐྱེད་པའི་རིམ་པ་ཉིད་དང་ནི།། རྫོགས་པ་ཡི་ཡང་རིམ་པ་ཉིད།། རིམ་གཉིས་མཉམ་པར་གནས་ནས་ནི།། རྡོ་རྗེ་ཅན་གྱི་ཆོས་སྟོན་ཏོ།། དེས་ན་དཔལ་སུམྦྷ་པུ་ཊ་ལ་སོགས་པ་རྒྱུད་སྣ་ཚོགས་ཀྱི་རིམ་པས་ངེས ་པའི་དོན་གསལ་བར་བྱ་སྟེ། རྐང་པའི་མཐིལ་དུ་རླུང་ཆེན་པོ།། རྩོམ་ཆེན་རླུང་ནི་གཞུ་ཡི་དབྱཱ་བྱཱས།། སུམ་མདོ་བསྐྱེང་པའི་ཕྱོགས་གནས་པ།། དེ་བཞིན་མེ་ནོ་གྲུ་གསུམ་མོ།། ཆུ་ནི་ཟླུམ་པོའི་རྣམ་པ་ཙན།། ངོ་བོ་ལྟེ་བར་གནས ་པའོ།། སྙིང་གར་ས་གཞི་ཉིད་ཀྱང་ནི།། ཀུན་ནས་གྲུ་བཞི་པ་ཡིན་ན།། ཀེང་རུས་དབྱུག་པའི་ངོ་བོ་ནི།། དེ་བཞིན་རི་རྒྱལ་ལྷུན་པོའོ།། དེ་ནས་སྤྱི་བོའི་ཆར་གནས་པ།། སུམ་ཅུ་གཉིས་འདབ་འདམ་སྐྱེས་ལ།། དབྱངས་དང་གསལ ་བྱེད་ཡང་དག་འབྱུང་།། བྱང་ཆུབ་ཡིད་ནི་སུམ་ཅུ་གཉིས།། མགོ་བོའི་དབུས་གནས་ཀླད་པཱ་རུ།། གང་ཞིག་བརྗོད་པ་དེ་ཡིན་ཏེ།། དེ་ཡི་དབུས་སུ་ཧཾ་ཡིག་ནི།། ཐིག་ལེའི་གཟུགས་ཅན་གཞོམ་དུ་མེད།། བདུད་རྩི་འཛག་པའི ་ངོ་བོ་ཡིས།། ཉིན་དང་མཚོན་དུ་རྣམ་པར་གནས།། མེ་ནི་ཡང་དག་དགའ་བྱེད་པ།། དེ་ཡིས་ནཱ་ད་འབྱེད་པའོ།། དེར་གསེར་གྱི་གདན་བཀྲ་བའི་དབུས་སུ་གནས་པ་མིང་ལ་སོགས་པ་དང་མིང་མེད་པ་ལྷན་ཅིག་སྐྱེས་པ་དྲི ་མ་མེད་པ་ཟླ་བའི་འོད་ཅན་ཡན་ལག་ཐམས་ཅད་ཀྱི་ཚིགས་སུ་རིམ་གྱིས་འགྲོ་བར་བྱེད་ཅིང་། པདྨའི་སྣ་རྩེའི་ཕྱོགས་སུ་ཉེ་བར་འབྱུང་སྟེ་དེ་ནི་བརྟན་དང་གཡོ་བདག་ཉིད།། འཇིག་རྟེནྡ་ཀུན་གྱི་རྩ་བའོ།། ས་བོན་ངོ་བོར ་གནས་པ་ནི།། མི་གསལ་གསལ་བའི་རང་བཞིན་ཅན།། ལུས་ཅན་ཀུན་གྱི་ངོ་བོ་ནི།། དང་པོར་དེ་ལས་སྐྱེས་པོ་ཡིན།། དེ་ཉིད་དཀྱིལ་འཁོར་ཞེས་བྱཤད་དེ།། དངོས་པོ་རྣམས་ཀྱི་སྙིང་པོ་མཆོག། དེ་ནི་འཛིན་ཅིང ་ལེན་པའི་ཕྱིར།། ལུས་ནི་དཀྱིལ་འཁོར་ཡིན་པར་འདོད།། སུམ་ཅུ་རྩ་གཉིས་རྩ་ཆེན་ནི།། འཁོར་ལོ་འདྲི་བར་བྱེད་པར་འདོད།། བྱང་ཆུབ་སེམས་ནི་རིན་ཆེན་ཆེ།། དཀྱིལ་འཁོར་དེ་ཉིད་དཀྱིལ་འཁོར་ལོ།། དེ་ཡིས ་ཡོངས་རྫོགས་དཀྱིལ་འཁོར་དུ།། འགྱུར་བ་ཉིད་དེ་ཐ་ཚོམ་མེད།། དེར་གནས་ས་བོན་ལས་རྫོགས་པ།། དེ་དཔལ་ཧེ་རུ་ཀ་རུ་བརྗོད།། ཤྲཱི་ཡིག་ཡང་དག་བཤད་པ་ནི།། ཐམས་ཅད་སྐྱེད་ལ་བྱེད་རྒྱུའོ།། ཤྲཱི ་ཡིག་ཀླ་ཀློའི་སྐད་ཀྱིས་ནི།། བྷ་གའི་དོན་ལ་མངོན་པར་བརྗོད།། སེམས་ནི་ཧེ་རུ་ཀ་ཉིད་དེ།། དེ་དཔལ་ཧེ་རུ་ཀ་རུ་བརྗོད།། ཤྲཱི་སྒྲ་གཉིས་མེད་དོན་གྱི་སྟེ།། ཧེ་ཡིག་རྒྱུ་དང་བྲལ་བའོ།། རུ་ཡིག་ངོ་བོ ་མཉམ་པའི་དོན།། ཀ་ཡིག་གང་དུའང་མི་གནས་པའོ།། དེ་ལྟར་ལྟེ་བ་དང་གསང་བ་དང་རྡོ་རྗེ་ནོར་བུར་ལུས་དང་ངག་དང་སེམས་ཀྱི་ཆོས་ལྷན་ཅིག་སྐྱེས་པའི་དགའ་བ་ནི་བཅོམ་ལྡན་འདས་ཧེ་རུ་ཀ་རུ་བརྗོད་པར་བྱའོ།། དེའི་ཕྱིར ་ལྷན་ཅིག་སྐྱེས་པའི་དགའ་བ་ཡེ་ཤེས་རྡོ་རྗེ་བཞི་པ་སྟེ། དེ་ནི་ཕྱི་དང་ནང་གི་ངོ་བོས་ཐམས་ཅད་ལ་ཁྱབ་ནས་རྣམ་པར་གནས་པའི་ལྷན་ཅིག་སྐྱེས་པའི་སྐུ་དེ་ཁོ་ན་སེམས་ཅན་གྱི་དོན་བྱེད་པའི་ཆེད་དུ་ལོངས་སྤྱོད་རྫོགས་པ་དང ་སྤྲུལ་པའི་སྐུའི་བདག་ཉིད་དེ། དཔལ་བདེ་བ་ཆེན་པོ་རྡོ་རྗེ་འཛིན་པའོ།། མཚན་ཡང་དག་པར་བརྗོད་པར་ཡང་གསུངས་པ། དུས་གསུམ་དུ་འཇུག་པའི་སངས་རྒྱས་རྣམས་ཀྱི་ཐུགས་ལ་གནས་པའི་ཡེ་ཤེས་ཀྱི་སྐུ་ངའོ་ཞེས ་སོ།། གསུངས་པ་ཡང་། སངས་རྒྱས་ཀུན་གྱི་སྐུ་གང་ཡིན།། སྣང་བ་མེད་ཅིང་གསལ་བྱེད་མིན།། མ་སྐྱེས་མ་བྱས་དག་པ་སྟེ།། དངོས་མང་ལ་སོགས་རྣམ་པར་སྦྱངས་ཞེས་སོ།། གསུངས་པ་ཡང་། ཇི་ལྟར་མེ་ལོང ་གཟུགས་ལ་ཆེས་དང་བར།། ཡན་ལག་མཐའ་དག་ལྡན་པའི་གཟུགས་སྣང་བ།། དེ་ལྟར་རྡོ་རྗེ་འཛིན་པོ་རྟག་ཉིད་དུ།། དཔེ་བྱང་བརྒྱད་ཅུ་མཚན་གྱིས་ཕྱུག་པའོ།། ཇི་ལྟར་ན་མཁར་དབང་པོའི་མཚོན་ཆ་ཁ་དོག ་དུ་མར་མཛ་།། འཇིག་ཆོན་པ་ལ་དག་པ་ལ་སོགས་ལས་ནི་སྟོན་པར་བྱེད།། དེ་ལྟར་རྡོ་རྗེ་འཛིན་པ་དཀར་ལ་སོགས་བདོག་ཐོབ་ནས་ནི།། ངེས་པར་ལས་ནི་མ་ཚང་མེད་པ་ཕུན་སུམ་ཚོགས་པར་བྱེང་།། གསུངས ་པ་ཡང་། གཟུགས་མེད་གཟུགས་དང་ལྡན་པ་མཆོག། སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས།། གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ།། གཟུགས་བརྙན་མ་ལུས་འཆང་བ་པོ་ཞེས།། གསེར་དང ་དངུལ་དང་ནོར་བུ་དུང་གི་རྡོ་དང་བྱི་རུ་དང་། བཻ་ཌཱུརྱཱ་དང་ཟངས་དང་། ར་གན་ལ་སོགས་གང་གུནས་པ།། དེ་ནི་རི་བོང་ཅན་ཉིད་གཅིག་པུ་ན་མཁའི་ནང་དབུས་ནས།། འཇུག་བཞིན་པ་ཡི་ལུས་ཀྱིས་སོ་སོར་སྣང་བ་ཇི་ལྟ ་བར།། དེ་བཞིན་ངེས་པར་ཐུགས་ཀྱི་རྡོ་རྗེ་མགོན་པོ་དེ་ཉིད་ནི།། སྣ་ཚོགས་རྣམ་པས་སྐྱེ་བོའི་ཚོགས་ལ་གནས་པར་མཛད་པ་སྟེ།། དེ་ཡང་ཟད་མིན་དང་བདག་ཉིད་ལ་སྣ་ཚོགས་ངོ་བོ་ཅན།། སྒྱུ་མའི་རང་བཞིན་མཐའ ་ངག་འཇིག་རྟེན་རྣམས་ལ་ཁྱབ་པའོ།། དཔལ་མཚན་ཡང་དག་པར་བརྗོད་པར་ཡང་གསུངས་པ། མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང་།། སྒྱུ་འཕྲུལ་ཆེན་པོའི་དོན་བསྒྲུབ་པ།། སྒྱུ་འཕྲུལ་ཆེན་པོ་དགའ་བས་དགའ།། ་སྒྱུ་འཕྲུལ་ཆེན་པོའི་མིག་འཕྲུལ་ཅན་ཞེས་སོ།། དཔལ་དང་པོའི་སངས་རྒྱས་སུ་ཡང་གསུངས་པ། སངས་རྒྱས་རྣམས་ཀྱིའང་རྟོག་བྱ་མིན་པོ་དཔག་མེད་ཡོན་ཏན་དང་ལྡན་སངས་རྒྱས་སྤྲུལ་པ་ནི།། སྒྱུ་མ་སྲིད་པ ་གསུམ་གྱི་གནས་སུ་བདག་ཉིད་སྟོན་བྱེད་བདྨ་བྱིན་གཞུ་ནི་ཇི་བཞིན་ཉིད།། སྣ་ཚོགས་དངོས་རྣམས་ཀྱིས་ཆེ་རྒྱལ་བ་དང་བཅས་ལྷ་མི་རྣམས་ཀྱི་རང་རང་སེམས་ལ་ནི།། རང་ཞུགས་འདི་ནི་མ་སྐྱེས ་ཆོས་ཏེ་ཆུ་ལ་མཁའ་བཞིན་འདིར་ནི་སྐྱེ་བར་འཁྲུལ་སྟེར་བའོ།། དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཡིད་གསུངས་པ། རབ་འབྱོར་ངོ་ཇི་སྙམ་དུ་སེམས། སྒྱུ་མ་ཡང་མ་ཡིན་སྒྱུ་མ་ལྟ་བུ་ཡང་མ་ཡིན་པའི་སེམས་གང ་ཡིན་པ་དེ་ཡང་དག་པར་རྗེས་སུ་མཐོང་ངམ། དེ་ཅི་ཁྱོད་ཀྱིས་སྒྱུ་མ་འམ་སྒྱུ་མ་ལྟ་བུའི་སེམས་ལས་གཞན་དུ་ཆོས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པོར་རྫོགས་པར་སངས་རྒྱས་པའི་ཆོས་དེ ་ཡང་དག་པར་རྗེ་སུ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ།། བཅོམ་ལྡན་འདས་བདག་གིས་སྒྱུ་མ་འམ་སྒྱུ་མ་ལས་གཞན་དུ་ཆོས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར ་རྫོགས་པར་སངས་རྒྱས་པའི་ཆོས་དེ་ཡང་དག་པར་རྗེས་སུ་མ་མཐོང་ལགསོ་ཞེས་སོ།། དཔལ་དམ་ཚིག་གསུམ་གྱི་རྒྱུད་དུ་ཡང་གསུངས་པ། སྒྱུ་མའི་ངོ་བོར་ཀུན་རྟོགས་ནས།། རང་བཞིན་གྱིས་ཡོངས་མྱ་ངན་འདས།། ་སྒྱུ་མའི་རང་བཞིན་སེམས་ཀྱིས་ནི།། འདིར་ནི་སྒྱུ་མའི་དཀྱིལ་འཁོར་ཉིད།། ནམ་མཁའི་ཁམས་ཀྱི་མཐར་ཐུག་པར།། མ་མོའི་ཚོགས་ཀྱི་ཡང་དག་འཁྲིགས།། རྣམ་པ་ཐམས་ཅད་མཆོག་ལྡན་པ།། ཆོས་ཀྱི་དབྱིངས་ཀྱིས ་རྣམ་རོལ་པའོ་ཞེས་སོ།། རྣལ་འབྱོར་པ་ཡིས་འདི་ཀུན་སྤྲོ།། བདག་ཉིད་ཀྱིས་ནི་བསྡུ་ཡང་བྱ།། སྒྱུ་མ་ལྟ་བུའི་ཏིང་འཛིན་གནས།། དཀྱིལ་འཁོར་རྣམས་ཀྱང་རྒྱ་ཆེ་བ།། གཟུགས་སྒྲ་དེ་བཞིན་དྲི་དང་ནི།། རོ་དང་རེག་བྱ ་མཛེས་པ་ཡང་།། འདོད་ཆགས་ཆེན་པོའི་ཚུལ་གནས་པའི།། རྣལ་འབྱོར་པ་ཡིས་རྟག་མྱོང་བྱི།། གསུངས་པ་ཡང་། འདོད་པའི་ཡོན་ཏན་ལྔ་ཡི་བདེ།། བྱིས་པ་རྣམས་ནི་འཆིང་བར་འདོད།། རྣལ་འབྱོར་པ་རྣམས ་ཆོས་དེ་ཡིས།། སངས་རྒྱས་ཉིད་ཀྱང་ཐོབ་པར་བྱེད།། མང་དུ་བརྗོད་པས་འདིར་ཅི་བྱ།། རྡོ་རྗེ་ཐོག་པར་དེ་ཉིད་ལས།། རྣལ་འབྱོར་པ་ཡིས་གང་གང་དམིགས།། དེ་དེ་སྒྱུ་མ་ལྟ་བུར་བརྟག། གང་གང་དབང་པོའི་ལམ ་ཉིད་དུ།། གྱུར་པ་དེ་དེ་རང་བཞིན་ལས།། མཆོག་ཏུ་སྒྲུབ་པའི་རྣལ་འབྱོར་གྱིས།། སངས་རྒྱས་ཀུན་གྱི་རང་བཞིན་འཐོབ།། གསུངས་པ་ཡང་། འདི་ནི་གཉིས་མེད་ཅེས་བཤད་དེ།། འདི་ནི་བྱང་ཆུབ་སེམས་མཆོག ་ཉིད།། ཤེས་རབ་ཕ་རོལ་ཕྱིན་ཉིད་ཀྱང་།། ཕ་རོལ་ཕྱིན་པ་ཀུན་རང་བཞིན།། འགྲོ་བ་བརྟན་དང་གཡོ་བ་རྣམས།། འདི་ཉིད་དུ་ནི་ཐམས་ཅད་སྐྱེས།། མཐའ་ཡས་བྱང་ཆུབ་སེམས་དཔའ་དང་།། སངས་རྒྱས་ཉན་ཐོས ་སོགས་རྣམས་སོ་ཞེས་པ་ལ་སོགས་པའོ།། དཔལ་གྱིའི་རྡོ་རྗེའི་རྒྱུད་ལ་ཁ་ཆེ་ཆེན་པོས་རྟོགས་པ་རྡོ་རྗེའི་ཚིག་འབྱེད་པ་སྙིང་པོ་བསྡུས་པའི་དཀའ་འགྲེལ་དུ་ལྷའི་ལོའུ་སྟེ་གསུམ་པའོ།། ། ད་ནི ་དབང་བསྐུར་བའི་ལེའུ་བཤད་པར་བྱའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རང་གི་སྙིང་ཁའི་ས་བོན་ལས་འོད་ཟེར་ངེས་པར་ཕྱུང་སྟེ། སྔོན་པོ་ལ་སོགས་པའི་འོད་ཟེར་གྱི་ལྕགས ་ཀླུའི་རྣམ་པ་དེ་རྣམས་ཀྱིས་ཁམས་གསུམ་ན་བཞུགས་པའི་སངས་རྒྱས་དེ་རྣམས་སྤྱན་དྲངས་ལ། མ་མོ་བརྒྱད་ཀྱིས་ཡང་དག་པར་མཆོད་ནས་གསོལ་བ་གདབ་པར་བྱའོ།། ཨོཾ་ཨ་བྷིཥྚནྟུ་མཱཾ་སརྦ་ཏ་ཐཱ་ག་ཏཱ། ཅེས ་པའོ།། དེ་ནས་སངས་རྒྱས་དེ་རྣམས་ཧེ་རུ་ཀའི་རྣམ་པ་རྣམས་ཀྱིས་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱིས་བདུད་རྩིས་གང་བའི་བུམ་པ་རྣམས་ཀྱིས་དབང་བསྐུར་བར་བྱའོ།། དབང་བསྐུར་བཞིན་པ་ན་ན་མཁའ་ལས ་མེ་ཏོག་གི་ཆར་འབབ་པར་འགྱུར་རོ།། ལྷ་རྣམས་ཀྱི་རྔ་བོ་ཆེའི་སྒྲ་རྣམས་བྱེད་དོ།། གུར་ཀུམ་གྱི་ཆར་པ་འབྱུང་ངོ་།། གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་མཆོད་པ་བྱེད་དོ།། སྤྱན་མ་ལ་སོགས་པ་རྣམས་ཀྱང་རྡོ ་རྗེའི་གླུ་བླང་བར་བྱའོ།། དབང་བསྐུར་ནས་སྤྱི་བོར་རང་གི་རིགས་ཀྱི་དབང་པོར་འགྱུར་རོ།། འདིས་ནི་ཧེ་རུ་ཀ་རྫོགས་པར་འགྱུར་རོ།། དེ་ནས་སྐུ་ལ་སོགས་པ་བྱིན་གྱིས་བརླབས་པོའི་སྔགས་བརྗོད་པར་བྱ་སྟེ། ཨོཾ་སརྦྦ་ཏ ་ཐཱ་ག་ཏཱ་ཀཱ་ཡ་བཱཀྩིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ། དེ་ལྟར་ཐུན་གསུམ་དུ་བྱིན་གྱིས་བརླབས་པ་བསྒོམས་ནས་ལངས་ཏེ་དུས་ཐམས་ཅད་དུ་ལྷའི་གཟུགས་ཀྱིས་གནས་པར་བྱའོ་ཞེས་པ་དྲང་བའི་དོན་ཏོ།། ད་ནི་ངེས ་པའི་དོན་གསལ་བར་བྱ་སྟེ། དཔལ་དང་པོའི་སངས་རྒྱས་སུ་གསུངས་པ་ཡང་། འཁོར་བར་མི་ཉིད་དུ་ནི་འགྱུར་བ་འགའ་ཞིག་ཏུ་སྟེ། ཆོས་ཀྱི་བློ་ཡང་རེས་འགའ་ན།། དེ་བས་སངས་རྒྱས་རྗེས་ཆགས་དགེ་བའི་དབང་གིས ་འགྱུར་ཞིང་དང་པོའི་ཐེག་པར་རབ་ཏུ་འཇུག། དེ་བས་དཔལ་ལྡན་རྡོ་རྗེ་ཐེག་པ་སྒོམ་པ་ལ་ནི་བློ་གྲོས་མ་ལུས་ལམ་དག་ན་འཇུག། དེ་ལས་སངས་རྒྱས་ཉིད་འདོད་མཆོག་གི་བདེ་བའི་གོ་འཕང་ལ་འཇུག་ཨེ་མ་ཤིན་ཏུ་དཀའ།། ་ཉུང་ངུ་རྒྱུད་འདིར་དབང་བསྐུར་བའི་ལེའུའི་དོན་རྩ་བའི་རྒྱུད་དུ་ཡང་གསུངས་པས་དེའི་ཕྱིར་དེ་ཉིད་ལ་འཇུག་པར་བྱའོ།། དེའི་ཕྱིར་རྩཝ་བའི་རྒྱུད་དུ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ལྟའི་བསྐྱེད་པའི་རིམ་པ་ནི།། རྡོ ་རྗེ་སྙིང་པོ་ས་བཤད་ཀྱིས་ཉོན།། སྒྲོ་ང་སྐྱེས་དང་མངལ་ནས་སྐྱེས།། སྲིད་པ་སྐྱེ་བའི་རིམ་རྣམ་གཉིས།། སྒོང་སྐྱེས་ཚངས་པའི་སྒོ་ང་སྐྱེས།། བཤང་དེ་འཇིག་རྟེན་ཁམས་འབྱུང་བའོ།། མངལོ་ནས་སྐྱེ་བ་གཉིས་པ་སྟེ།། ་བུད་མེད་མངལ་དུ་འབྱུང་བའོ།། དང་པོ་སྟོང་ཉིད་བྱང་ཆུབ་ནི།། འཆི་མཐར་འཕོ་བའི་བདེ་བའོ།། གཉིས་པར་ས་བོན་བསྡུ་བ་ནི།། མ་ཡི་མངལ་དུ་ཁུ་བ་རྡུལ།། ཁུ་བ་རྡུལ་དང་སྔགས་དང་ནི།། སྲོག་དང་རྣམ་ཤེས་ཁོ་ནཱ་སྟེ།། ་ལྔ་པོ་རྣམས་ཀྱི་ལུས་རྫོགས་པ།། གཟུགས་བརྙན་རྫོགས་པར་བརྗོད་པར་བྱ།། རྣམ་ལྔ་མངོན་རྫོགས་བྱང་ཆུབ་པའོ།། ཨ་བ་དྷཱུ་ཏཱིར་བདེ་བས་བརྒྱལ།། དཔལ་དྲི་མེ་དང་བྲལ་བའི་འོད་དུ་ཡང་གསུངས་པ། མ་རིག ་ཞུགས་པའི་འཆི་བ་ན།། དེ་ལ་འདུ་བྱེད་རྣམས་སྐྱེ་བའོ།། དེ་ཉིད་དང་པོའི་མགོན་པོར་བརྗོད།། མཆོག་ཏུ་མི་འགྱུར་སྣ་ཚོགས་གཟུགས།། དཔལ་མཚན་ཡང་དག་པར་བརྗོད་པར་ཡང་གསུངས་པ། རྣམ ་པར་རྟོག་མེད་ལྷུན་གྱིས་གྲུབ།། དུས་གསུམ་སངས་རྒྱས་ལུས་བྱེད་པ།། སངས་རྒྱས་ཐོག་མ་ཐ་མ་མེད།། དང་པོའི་སངས་རྒྱས་གཉིས་གཏོགས་མེད་ཅེས་སོ།། འདིར་གཟུགས་རྫོགས་པ་ན། ཕ་དང་མ་ཡི་དཀར་དང ་ཁྲག། དེ་བཞིན་སྲེག་དང་ཐུར་སེལ་གཉིས།། སེམས་ཀྱི་རྡོ་རྗེ་ཡོང་དག་ལྡན།། ལུས་སྐྱེད་པ་ཡི་རྒྱུ་ཡིན་ནོ།། སྲོག་དང་ཐུར་སེལ་རིམ་ཇི་བཞིན།། འོད་དཔག་མེད་དང་རིན་ཆེན་འཛིན།། ལུས་ངག་ཡིད་དང་ཆགས་པ ་རྣམས།། སེམས་ཀྱི་རྡོ་རྗེ་ཅན་གྱི་སྒོ།། ཁུ་བ་ལས་ནི་ཟླ་བ་སྐྱེ།། ཁྲག་ལས་ཉི་མ་ཡང་དག་འབྱུང་།། སྲོག་ལས་སྒྲ་གཅན་ངེས་པར་རྫོགས།། ཐུར་སེལ་ལས་ཀྱང་དུས་ཀྱི་མེ།། ཁུ་བ་ལས་ནི་རྩམས་ནས་སྐྱེ།། རུས ་པ་ཁུ་བ་ལས་བྱུང་བའོ།། རྡུལ་ལས་ཁྲག་ནི་ཡང་དགུ་བྱུང་།། ཁྲག་ལུས་ཤ་ནི་ཀུན་ལས་སྐྱེ།། ཤ་ལས་ལྤགས་པ་སྐྱེ་བ་ཡིན།། རུས་པ་ལས་ནི་རྐང་སྐྱེ་འགྱུར།། ཕྱི་རོལ་སྐྱེ་མཆེད་ལོངས་སྤྱོད་ཆེ།། བདེ་བ་ཆེན་པོ ་སད་བྱེད་དེ།། པུཀྐ་སཱི་དང་རི་ཁྲོད་མ།། གདོལ་མོ་དེ་བཞིན་གཡུང་མོ་སྟེ།། ས་དང་ཆུ་དང་མེ་རླུང་གིས།། རྨི་ལམ་གནས་སྐབས་རང་བཞིན་ལས།། བྱིས་པ་དེ་རྣམས་ཀྱིས་བླང་བ།། མ་ཡི་མངལ་ནས་ཕྱིར་བྱུང་བའོ།། ། ་དེཔའི་གནས་སྐབས་ཡང་དག་ཐོབ།། མིག་ལ་སོགས་པས་བྱིན་བརླབས་པ།། རྣམ་ཤེས་དྲུག་པོའི་རབ་སྦྱོར་ལས།། ཡུལ་ལྔ་པོ་རྣམས་འཛིན་པར་བྱེད།། དཔལ་དྲི་མ་མེད་པའི་འོད་དུ་གསུངས་པ་ཡང་། བྱིས་པ ་སྐྱེས་ལ་མ་ཡིས་ནི།། ཆུ་ཡིས་འཁྲུ་བའི་དབང་བསྐུར་བྱེད།། དེ་ཡི་གཙུག་པུད་རབ་བཞག་པ།། དབུ་རྒྱུན་དུ་ནི་ཡོངས་སུ་བཏགས།། དེ་ཡི་རྣ་བ་འབུགས་ལ་སོགས།། དར་དཔྱངས་དབང་བསྐུར་ཞེས་པར་བཤད།། ་བྱིས་པ་རྒོད་དང་སྒྱུ་བ་ནི།། དྲིལ་བུ་རྡོ་རྗེའི་དབང་བསྐུར་རོ།། ལྔ་ལ་ལོངས་སྤྱོད་བརྟུལ་ཞུགས་ཡིན།། མིང་གིས་མིང་གི་དབང་བསྐུ་རོ།། ཀློག་ལ་སོགས་པའི་རྗེས་གནང་བ།། ཕེཾ་དག་གིས་ནི་རྟོག་ཏུ་སྟེར།། དེ་ལྟར ་རྣམ་པ་བདུན་གྱིས་ནི།། དབང་བསྐུར་བདུན་དུ་རབ་ཏུ་གྲགས།། དེ་ཡི་བག་མ་ལོན་བྱེད་པ།། གསང་བའི་དབང་བསྐུར་ཞེས་པར་བཤད།། དེ་ཡི་ཤེས་རབ་གཏོད་པ་ནི།། དེའི་ལག་པས་འཛིན་པ་བརྗོད།། ཤེས་རབ ་ཐབས་ཀྱིས་སྙོམས་འཇུག་པ།། འཆི་བའི་མཐའ་ནི་དེ་བདེར་འདོད།། དེ་བཞིན་དུ་དཔལ་རྩ་བའི་རྒྱུད་དུ་གསུངས་པ་ཡང་། རིགས་ཀྱིས་བྱིས་པ་རྒྱས་བཏབ་ཅིང་།། བྱིས་པས་རིགས་ལ་རྒྱུས་བཏབ་པ།། ཕ་ཡིས ་བུ་ནི་རྒྱས་བཏབ་ཅིང་།། བུས་ཀྱང་ཕ་ལ་དེ་བཞིན་ནོ།། འབྲས་བུ་རྒྱུ་ལ་རྒྱས་བཏབ་ཅིང་།། རྒྱུ་ཡིས་འབྲས་བུ་རྒྱས་བཏབ་པའོ།། འབྲས་བུ་བྱེད་རྒྱུའི་འབྲེལ་པ་ནི།། རྣམ་པར་སྤྱད་པས་དམིགསུ་མེད།། འབྲས་བུ་བྱེད ་རྒྱུ་བརྟག་པ་འདི།། དེ་ཕྱིར་བཤད་པར་བྱ་ཡིས་ཉོན།། ས་བོན་སྡོང་པོའི་རང་བཞིན་གྱིས།། བྱེད་རྒྱུའི་འབྲས་བུའི་མཚན་ཉིད་དུ།། བྱིས་པས་ཐམས་ཅད་ཀུན་ཏུ་བརྟགས།། དྷ་ལ་འབྲས ་བུ་འགྱུར་བ་སྟེ།། ས་བོན་རྒྱུ་ལ་བལྟོས་པ་ནི།། འབྲས་བུ་ལྗོན་པ་འགྱུར་ཇི་བཞིན།། དེ་ལྟར་སྐྱེ་ལ་འབྲས་བུར་འགྱུར།། འབྲས་བུ་ལ་ཡང་བྱེད་རྒྱུར་འགྱུར།། འབྲས་དང་བྱེད་རྒྱུ་གཉིས་ངག་འགྱུར།། དེ་ལྟར་དེ་རྣམས ་བཞི་ཉིད་དོ།། ས་བོན་མེད་པར་སྡོང་བུ་མིན།། ལྗོན་ཤིང་མེད་པར་ས་བོན་མིན།། བྱེད་རྒྱུ་མེད་པར་འབྲས་བུ་གང་།། དམ་བཅའ་བྱ་བ་དོན་མོད་འགྱུར།། དཔལ་དང་པོའི་སངས་རྒྱས་སུ་གསུངས་པ་ཡང་། གང་གིས ་མྱུ་གུ་འདི་བསྐྱེད་སྐྱེད་བྱེད་དེ་ནི་དངོས་པོ་སྐྱེས་ནས་རྣམ་པ་ཉམས་པར་འགྱུར།། ཉམས་པ་དེ་ཡི་སྐྱེས་པར་རབ་ཏུ་འགྱུར་ཏེ་སླར་ཡང་ས་བོན་རྒྱལ་བའི་སྐྱེད་བྱེད་དོ།། སྔ་མ་གང་དེ་བཞིན་གྱི་དངོས་པོ་ལས་ཤིང་ཞེས ་ཚིག་སྟེ་རང་གི་ངོ་བོས་སྐྱེས་པ་མིན།། གང་གིས་སྟོང་པ་ནས་ནི་སར་འོངས་བྱེདེ་བའི་སྐད་ཅིག་དེ་ཡིས་སྟོབས་བཅུ་འགྲོ་བར་འགྱུར།། དཔལ་མྱ་ངན་ལྟོས་འདས་པའི་མདོར་ཡང་གསུངས་པ། དེ་ནས་བཅོམ་ལྡན ་འདས་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་སོ།། བསམ་གཏན་དང་པོ་ལས་བཞིངས་ནས། བསམ་གཏན་གཉིས་པ་ལ་སྙོམས་པར་ཞུགས་སོ།། བསམ་གཏན་གཉིས་པ་ལས་བཞེངས་ནས་བསམ་གཏན ་གསུམ་པ་ལ་སྙོམས་པར་ཞུགསོ།། བསམ་གཏན་གསུམ་པ་ལས་བཞེངས་ནས་བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་སོ།། བསམ་གཏན་བཞི་པ་ལ་གནས་ཏེ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན ་ལས་འདསོ་ཞེས་སོ།། དེའི་ཕྱིར་བཅོམ་ལྡན་འདས་སླར་ཡང་སྐྱེས་པ་དང་ཞིག་པ་མ་ཡིན་ཏེ་དེ་ཉིད་བཅོམ་ལྡན་འདས་ཀྱི་དག་པའི་སྐུའོ་ཞེས་པ་ལ་སོགས་པའོ།། གསུངས་པ་ཡང་། སངས་རྒྱས་ཐམས་ཅད ་བསྐྱེད་པ་པོ།། སངས་རྒྱས་སྲས་པོ་དམ་པའི་མཆོག། ཤེས་པ་སྲིད་འབྱུང་སྐྱེ་གནས་ཏེ།། ཆོས་ཀྱི་སྐྱེ་གནས་སྲིད་མཐར་བྱེད། ཅེསོ།། བདེ་བ་གང་གིས་ཕུང་པོར་འགྱུར།། དེ་རྣམས་ཀྱིས་ནི་བདེ་བའང་འགྱུར།། ་བདེ་གནས་བདེ་ལ་རྗེས་ཆགས་སྐད་ཅིག་འདིར་ནི་ལྷན་སྐྱེས་དངོས་པོ་གཞན་ལ་རྗེས་ཆགས་མིན།། ཕུང་པོ་གུང་རྣམས་དེ་ཡི་བསྐྱེད་རྣམས་སླར་ཡང་བདེ་བའི་སྐད་ཅིག་དེ་ཡི་སྐྱེད་བྱེད་ཏེ།། དག་པ་ལས་ཆོས་དེ་ལས་གཞན ་ཏེ་སླར་ཡང་དེ་ལས་གཞན་དང་དེ་ལས་རྣམ་དག་པའོ།། དག་པའི་ས་ལ་ས་བོན་བཏབ་ལས་རྩ་བ་རྣམས་དྲང་ལོ་མ་མེ་ཏོག་འབྲས་བུ་བཞིན།། དཔལ་ཞི་བའི་ལྷའི་ཞབས་ཀྱིས་ཀྱང་གསུངས་པ། བསྐལ་པ་དུ་མར་རབ་དཔྱོད ་མཛད་པ་ཡིས།། ཐུབ་དབང་རྣམས་ཀྱིས་འདི་ཉིད་ཕན་པར་གཟིགས།། གང་ཕྱིར་བདེ་བ་ཉིད་ཀྱིས་བདེ་འཕེལ་དང་།། ཚད་མེད་སྐྱེ་བོའི་ཚོགས་རྣམས་སྒྲོལ་བར་མཛད། ཅེས་སོ།། དེའི་ཕྱིར་རྡོ་རྗེ་སེམས་དཔའ་སྐྱེད་པོར ་འགྱུར།། ཕུང་པོ་རྣམས་ཀྱི་འཆི་ལས་བདེ།། ཕུང་པོ་རྣམས་དེའི་སྐྱེད་བྱེད་འགྱུར།། འཆི་དང་འཕོ་བའི་རྒྱུ་ལ་སོ།། བདེ་བ་མེད་པར་ཕུང་པོ་མིན།། ཕུང་པོ་མེད་པར་བདེ་བ་མིན།། རྒྱུ་མེད་པར་མི ་འབྲས་བུ་མེད།། འབྲས་བུ་མེད་པའི་རྒྱུ་ཡོད་མིན།། རྒྱུ་དང་འབྲས་བུ་དག་གཉིས་འགྱུར།། དེ་ལྟར་དེ་རྣམས་ངེས་པ་བཞི།། འདིའི་དོན་ནི་འདི་ཡིན་ཏེ།། དེར་ནི་བཞི་ཡི་རྒྱས་འདེབས་པ།། སུ་ཡིས་རབ་ཏུ་བརྟག་པར་ནུས། ་སླར་ཡང་བཞི་པོ་བཞི་རྣམས་ཏེ།། སྤྲོ་དང་བསྡུ་བའི་ཆོས་ལས་སོ།། རྣམ་པར་གནས་མེད་ཐལ་འགྱུར་བས།། འཁོར་བའི་སྲིད་པའི་བར་གནསོ་ཞེས་པའོ།། དཔལ་སྣང་བ་བསམ་གྱིས་མི་ཁྱབ་པའི་ཁྱེའུའི་མདོ་སྟེར ་ཡང་གསུངས་པ། ཁྱེའུ་ས་གསོལ་པ། སེམས་ཅན་འདི་ནི་དམིགས་མིན་ན།། ཐུབ་ཁྱོད་སེམས་ཅན་སུ་ཞིག་སྐྱོབ།། ཅི་སྟེ་ཆོས་དེ་གཟིགས་མེད་ན།། སུ་ཡི་ཉོན་མོངས་སྐྱེ་བར་འགྱུར།། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། ངག་འདི་ཉིད་ནི་དེ་བཞིན་ཏེ།། སེམས་ནི་རྟག་ཏུ་འོད་གསལ་བའོ།། སེམས་ཅན་གློ་བུར་ཉོན་མོངས་པ།། དམ་པ་མིན་པས་རྟག་ཉོན་མོངས།། ཁྱེའུས་གསོལ་པ། ཕྱི་འམ་ནང་གི་འགའ་ཞིག་ཏུའང་།། ་ཉོན་མོངས་རྣམས་ནི་དམིགས་མིན་ན།། དེ་རྣམས་གློ་བུར་ཅི་ལྟར་ལགས།། བདག་གི་ཞུ་བ་འདི་གསུང་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ལྟར་བར་སྣང་སྤྲིན་རྣམས་ནི།། མཐོང་ཡང་དེ་རྣམས་དེ ་བཞིན་མེད།། དེ་ལྟར་ཉོན་མོངས་སྐྱེ་བ་ནི།། མཐོང་སྟེ་དེ་ཡང་དེ་བཞིན་མེད།། ཁྱེའུས་གསོལ་པ། ལོག་པའི་ཆོས་དེ་གང་གནས་པ།། དེ་ལ་དེ་ནི་ཆེས་ཉིད་ན།། འོ་ན་དེ་ལྟའི་མཚན་ཉིད་ཆོས།། ལོག་པའི་དམིགས་པར་མི ་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔོན་གྱི་མཐའ་དང་ཕྱི་མའི་མཐའ།། དེ་བཞིན་ད་ལྟར་བྱུང་བ་ཉིད།། སྐད་ཅིག་གཅིག་གིས་རྟོགས་ན་ང་།། མཉམ་པ་ཉིད་ནི་སྟོན་པར་བྱེད།། ཁྱེའུས་གསོལ་པ། ་ཆོས་རྣམས་ཡི་གེ་མེད་པ་ནི།། ཐུབ་པ་སྟོན་པར་རིགས་མ་ཡིན།། ཆོས་མེད་པ་ལ་ཆོས་གསུང་བ།། ཁྱོད་ཀྱིས་འཇིག་རྟེན་བསླུ་བར་མཛད།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ང་ནི་འཇིག་རྟེན་བསླུ་བ་མིན།། ཆོས ་མིན་སྨྲ་བའང་ང་མ་ཡིན།། ཕྱིན་ཅི་ལོག་གྱུར་སེམས་ཅན་གྱི།། ཉོན་མོངས་ང་ནི་སེལ་བར་བྱེད།། དམ་པ་མ་ཡིན་འདུ་ཤེས་ལྡན།། བྱིས་པས་ལོག་པར་བརྟགས་ཤེས་བྱ།། དོན་དེ་ཁོང་དུ་ཆུད་དོན་དུ།། འདྲེན་པ་རྣམས ་ནི་འབྱུང་བར་བྱེད།། སྐྱེ་དང་ཟད་པའི་ཆོས་ཀྱིས་ནི།། འབྲས་བུ་རྒྱུ་དག་སྲིད་པར་གནས།། འབྲས་བུ་རྒྱ་དང་འགོག་པ་ཡིས།། དེ་དགྲ་སྐྱེ་མེད་འཇིག་པ་མིང་།། དཔལ་བདུན་བརྒྱ་པར་ཡང་གསུངས། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། འཇིམ་དཔལ་གང་གི་ཚེ་ཁྱོད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེའི་ཚེ། ཅི་ཞིག་ལ་གནས་ནས་ཁྱོད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན ་འདས་གང་གི་ཚེ་བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པས་ན། གང་ལ་ཡང་མི་གནས་པ་དེའི་དུས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་མོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ ་པ། འཇམ་དཔལ་མི་གནས་པ་ལ་ཁྱོད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཅི་ཞིག་ཡིན། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་གང་ཅི་ལ་ཡང་མི་གནས་པ་དེ་ཁོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པ་བསྒོམ་པའོ་ཞེས་སོ།། དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་དེ་བཞིན་ཉིད་ཀྱི་ལེའུར་བཀའ་སྩལ་པ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་འདིར་དེ་བཞིན་ཉིད་ལ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་ཆོས ་འགའ་ཞིག་གཅིག་ཀྱང་ཡང་དག་པར་རྗེས་སུ་མཐོང་ངམ། ཅི་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིནོ།། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་བདེན་པ་ལ་གནས་པས། བྱང་ཆུབ་སེམས ་དཔའི་ཆོས་ཉེ་བར་མི་དམྱིགས་ན། ཁྱོད་ལ་འདི་ལྟར་འདི་ནི་ཉན་ཐོས་ཀྱི་ཐེག་པའོ།། འདི་ནི་རང་སངས་རྒྱས་ཀྱི་ཐེག་པའོ།། འདི་ནི་ཐེག་པ་ཆེན་པོའི་ཞེས་པ་གེ་ལ་ཡིན་ཞེས་སོ།། དཔལ་འདུས་པར་གསུངས་པ་ཡང་། ཨེ་མ ་རྡོ་རྗེ་ཨེ་རྡོ་རྗེ།། ཨེ་མ་རྡོ་རྗེ་སྟོན་མཛད་པ།། འོདི་ལ་ལུས་དང་སེམས་མེད་ཅིང་།། དེ་ལ་གཟུགས་ནི་རྣམ་པར་བསྒོམ།། རང་བཞིན་དག་པ་བདག་མེད་པ།། ཆོས་ཀྱི་དབྱིངས་ནི་བདག་མེད་ལ།། བརྟགས་པའི་རྡོ་རྗེ་ལས་བྱུང་བ ་སྨྲ་བར་བྱེད་དང་སྨྲ་བའང་མིན། ཞེས་སོ།། དཔལ་རྟོག་ཙེ་པའི་ཞབས་ཀྱིས་གསུངས་པ་ཡང་། རྟོག་དང་མི་རྟོག་སྦྱོར་བ་ཡིས།། གཉིས་མེད་མཆོག་ནི་བསྒོམ་མི་བྱ།། རྟོག་མེད་བསམ་གྱིས་མི་ཁྱབ་པས།། རྡོ་རྗེ་ཅན་གྱི་བདེ ་བ་འཐོབ།། དཱ་རི་ཀ་པའི་ཞབས་ཀྱིས་ཀྱང་གསུངས་པ། སྲིད་པ་ཁོ་ན་བྱང་ཆུབ་སེམས།། རང་བཞིན་གྱིས་སེམས་ཡོངས་ཤེས་ཏེ།། གཉིས་དག་རོ་མཉམ་བྱས་ནུས་ནི།། སེམས་དང་སེམས་མེད་རྣམ་པར་སྤངས་ཞེས་སོ།། ། ་དེ་བཞིན་དུ་དཔལ་ལཀྵྨཱིའི་སྒྲུབ་ཐབས་སུ་ཡང་གསུངས་པ། ཇི་སྲིད་བརྟན་དང་གཡོ་བའི་དངོས།། སྲིད་གསུམ་གནས་འདིར་ཡོད་པ་རྣམས།། དེ་ཀུན་དེ་ཉིད་རྣལ་འབྱོར་གྱིས།། རྡོ་རྗེ་འཛིན་པ་ཇི་བཞིན་ལྷ།། དཔལ་ཨིནྡྲ་བྷཱུཿ ་ཞབས་ཀྱིས་ཀྱང་གསུངེས་པ། ཇི་ལྟར་ན་མཁའ་མི་གནས་པ།། ཁྱབ་ཅིང་མཚན་ཉིད་རྣམ་པར་སྤངས།། འདི་དེ་དེ་ཉིད་དམ་པའོ།། རྡོ་རྗེ་ཡེ་ཤེས་བླ་ན་མེད།། དཔལ་ཡན་ལག་མེད་པའི་ཞབས་ཀྱིས་ཀྱང་གསུངས་པ། རྣམ ་འགྱུར་མེད་ཅིང་དགོངས་པ་མེད།། འདོད་པ་མེད་ཅིང་སྡིག་པ་བྲལ།། དང་པོའི་ཐ་མའི་རྟོགས་ལས་གྲོལ།། ན་མཁའ་བཞིན་དུ་མཁས་པས་བསྒོམ།། འདི་ཉིད་དུ་གསུངས་པ་ཡང་། སྒོམ་པ་པོ་མེད་བསྒོམ་བྱ་མེད།། ་སྔགས་མེད་ལྷ་རྣམས་ཡོད་པ་མིན།། སྤྲོས་པ་མེད་པའི་རང་བཞིན་ལས།། སྔགས་དང་ལྷ་ནི་ཡང་དག་གནས་ཞེས་སོ།། དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ལྷའི་ལེའུར་ཡང་གསུངས་པ། ཐོབ་པ་མེད་མངོན་པར ་རྟོགས་པ་མེད་ལྷག་པར་རྟོགས་པ་མེད་ལམ་མེད། ལམ་གྱི་འབྲས་བུ་མེད། ཡེ་ཤེས་མེད། རྣམ་པར་ཤེས་པ་མེད། སྐྱེ་བ་མེད། འཇིག་པ་མེད་འབྱུང་བ་མེད། ཟད་པ་མེད། འགོག་པ་མེད། ་སྒོམ་པ་མེད། རྣམ་པར་བསྒོམ་པ་མེད་ཅེས་སོ།། དེ་བཞིན་དུ། དཔལ་གསང་བའི་དབང་པོའི་ནོར་བུའི་ཐིག་ལེར་གསུངས་པ་ཡང་། དེ་ཉིད་དངོས་པོ་ཐམས་ཅད་ཀྱིས།། དུས་ཀུན་ཏུ་ནི་ཡང་དག་གནས།། ཐོག་མཐའ་མེད་པའི ་སེམས་དཔའ་ནི།། རྡོ་རྗེ་སེམས་དཔའ་དམ་པའི་བདེ་ཞེས་སོ།། གསུངས་པ་ཡང་། སྟོང་ཉིད་གཟུགས་བརྙན་རྣལ་འབྱོར་གྱིས།། ཁམས་རྣམས་ཇི་ལྟར་བདེ་སྤྱད་ནས།། བྱང་ཆུབ་དྲི་མ་མེད་རྟོགས་པ།། གཞན་གྱི་སེམས་ལ ་ལྷག་གནས་འགྱུར།། མགོན་པོ་བྱམས་པས་གསུངས་པ་ཡང་།། འདི་ལ་བསལ་བྱ་ཅི་ཡང་མེད།། བཞག་པར་བྱ་བ་ཅི་ཡང་མེད།། ཡང་དག་ཉིད་ལ་ཡང་དག་ལྟོ།། ཡང་དག་མཐོང་ནས་རྣམ་པར་གྲོལ།། གསུངས་པ་ཡང་། ་ཕྱིར་ཡང་དག་ཡང་དག་མིན།། གོང་གང་ཤིན་ཏུ་གོམས་གྱུར་པ།། སྒོམ་པའི་སྟོབས་ནི་རྫོགས་པ་ན།། དེ་གསལ་མི་རྟོག་བློ་འབྲས་བུ།། འདི་སྐད་བཤད་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། གྲུབ་ཐོབ་སྣ་ཚོགས ་པོའི་རིམ་པའི་མན་ངག་ཕྱིན་ཅི་མ་ལོག་པ་ཡོངས་སུ་དག་པའི་རང་བཞིན་གྱི་ཆོས་གཅིག་པུ་སྟེ། དེ་རྣལ་འབྱོར་པ་རྣམས་ཀྱིས་ཡིད་ཆེས་པ། བསྟན་པ་ཉིད་ཐོབ་པའི་ཆེད་དུ་རབ་ཏུ་གསལ་བར་བྱས་པའོ་ཞེས་པའོ་ཞེས་པ། དཔལ ་ཀྱེའི་རྡོ་རྗེའི་རྒྱུད་དུ་ཁ་ཆེ་ཆེན་པོས་རྟོགས་པ་རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ་དུ་དབང་བསྐུར་བའི་ལེའུ་སྟེ། བཞི་པའོ།། ། དེ་ནས་འདི་ལས་དེ་ཁོ་ན་ཉིད་ཀྱི་ལེའུ་བཤད་པར་བྱའོ།། ཅི་ཞིག་དེ་ཁོ ་ན་ཉིད་དུ་བརྗོད་པར་བྱ་ཞེ་ན། ཡོད་མིན་མེད་མོན་ཡོང་མེད་མིན།། གཉིས་ཀའི་བདག་ཉིད་མིན་པའང་མོན།། མཐའ་བཞི་ལས་ནི་རྣམ་གྲོལ་བའོ།། དེ་ཁོ་ན་ཉིད་བདེ་བ་ཆེན་པོར་རིག། འདིའི་དོན་ནི་འདི་ཡིན་ཏེ། དཔལ་དྲི་མྱ ་མེད་པའི་འོད་དུ་ཡང་གསུངས་པ། འདིར་ཤེས་རབ་ནི་ཆ་བཅོ་ལྔའི་བདག་ཉིད་དེ་དཀར་པོའི་ཕྱོགས་སོ།། ཟླ་བའི་ཉམས་པ་ནི་ནག་པོའི་ཕྱོགས་ཏེ་ཐབས་སོ།། དེ་ལྟར་ན་དཀར་པོ་ནི་མཚན་མོའོ།། ནག་པོ་ནི་ཉིན་མོའོ།། ་དེའི་ཕྱིར་ལྷན་ཅིག་སྐྱེས་པའི་སྐུ་ཤེས་རབ་མ་ཡིན་ཐབས་ཀྱང་མིན་པ་འདི་ནི། སྣངས་རྒྱས་རྣམས་ཀྱི་ལྷན་ཅིག་སྐྱེས་པའི་སྐུ་སྟེ། དེ་ལྟར་ཡོད་པར་དཀར་པོའི་ཕྱོགས་མ་ཡིན་ལ། མེད་པ་སྟེ་ཆའི་དངོས་པོ་མེད ་པ་ནགོ་བོའི་ཕྱོགས་མོ་ཡིན་ནོ།། ཡོད་མེད་མིན་ཏེ་འདི་དག་ཕན་ཚུན་འགག་པའི་ཕྱིར་ཚོགས་པ་མེད་དོ།། གཉིས་ཀའི་བདག་ཉིད་མིན་པའང་མིན་ཅེས་པ་ནི་ནག་པོ་དང་དཀར་པོའི་ཕྱོགས་འདི་དག་ལས་མ་གཏོགས་པའི ་ལྷན་ཅིག་སྐྱེས་པའི་བདེ་བ་དེ་མེད་ངོ་།། དེ་ལྟར་མཐའ་བཞི་ཡོངས་སུ་དག་པ་ཆ་བཅུ་དྲུག་པ་སྟོང་པ་ཉིད་ཀྱི་ཆོས་ཅན་ནི་ལྷན་ཅིག་སྐྱེས་པའི་སྐུར་བརྗོད་པར་བྱ་སྟེ། བཞི་པ་ཟད་པ་ལས་རྒྱུ་མཐུན་པའི་མཚན་ཉིད ་དུ་རྣལ་འབྱོར་པས་རིག་པར་བྱའོ།། ད་ལྟར་མི་ནང་ང་ནས་གྲུབ་བོ།། ལྷ་མོ་བཞིས་ཞུ་བར་ཡང་གསུངས་པ། ཐུབ་པ་ཆེན་པོའི་ཆོས་ཕུང་པོ།། སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ལ།། གང ་རྣམས་དེ་ཉིད་མི་ཤེས་པ།། དེ་རྣམས་ཐམས་ཅད་འབྲས་བུ་མེད་ཅེས་སོ།། དེ་ཉིད་རིན་ཆེན་མང་ཐོབ་པར།། ནམ་ཡང་དངོས་གྲུབ་མིན་པ་ཉིད།། ཞིང་རབ་རྣམ་པར་དག་གྱུར་ཀྱང་།། ས་བོན་མེད་པར་མྱུ་གུ ་བཞིན། ཞེས་སོ།། ངོ་བོས་གཟུགས་མེད་ཅེས་པ་ལ་སོགས་པ་གསལ་བར་བྱ་སྟེ། ངོ་བོ་ནི་རང་གིས་རིག་པར་བྱ་བ་དེ་བཞིན་གཤེགས་པའི་ཡེ་ཤེས་སོ།། ངོ་བོ་དེས་ཏེ་གཟུང་བ་དང་། འཛིན་པོ་བྱེད ་པ་དང་། འཛིན་པ་ཁམས་བཅོ་བརྒྱད་ཀྱི་རྣམ་པར་འགྱུར་བ་དང་བྲལ་བ་དེས་རྣལ་འབྱོར་པ་རྣམས་ལ་ཕྱི་རོལ་གྱི་གཟུགས་མེད་མཐོང་བ་པོ་མེད། མིག་གི་རྣམ་པར་ཤེས་པ་མེད། དེ་བཞིན་དུ་ཐོས་པ་པོ ་མེད། སྒྲ་མེད་རྣ་བའི་རྣམ་པར་ཤེས་པ་མེད་དོ།། དེ་བཞིན་དུ་དྲི་མེད། སྙོམས་པ་པོ་མེད། སྣའི་རྣམ་པར་ཤེས་པ་མེད་དོ།། དེ་བཞིན་དུ་རོ་མེད། མྱང་བ་པོ་མེད། ལྕེའི་རྣམ་པར་ཤེས་པ་མེད་དོ།། དེ ་བཞིན་དུ་རེག་བྱ་མེད། རེག་པ་པོ་མེད། ལུས་ཀྱི་རྣམ་པར་ཤེས་པ་མེད་དོ།། དེ་བཞིན་དུ་ཆོས་ཀྱི་ཁམས་མེད། འཛིན་པ་པོ་མེད། ཡིད་ཀྱི་རྣམ་པར་ཤེས་པ་མེད་དོ།། དེ་ལྟར་མིག་ལ་སོགས་པ་རྣམས ་ཀྱང་ཡོད་པ་མ་ཡིན་ཏེ། དེ་ལྟར་ཁམས་བཅོ་བརྒྱད་དང་བྲལ་བའི་དེ་ཁོ་ན་ཉིད་རིན་པོ་ཆེ་རྣལ་འབྱོར་པས་བསྒོམ་པར་བྱའོ།། དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཡང་གསུངས་པ། གཟུགས་ལ་གནས ་པར་མི་བྱའོ།། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་གནས་པར་མི་བྱའོ།། སའི་ཁམས་ལ་གནས་པར་མི་བྱའོ།། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི ་ཁམས་དང་། སྟོང་པ་ཉིད་ཀྱི་ཁྱམས་ལ་གནས་པར་མི་བྱའོ་ཞེས་སོ།། འདི་ཉིད་དུ་གསུངས་པ་ཡང་། མཆོག་དགར་བསྒོམ་བྱ་མེད་ཅིང་སྒོམ་པ་པོ་ཡང་མེད།། ལུས་ཀྱང་མེད་དེ་གཟུང་བ་མེད་ཅིང་འཛིན ་པའང་མེད་ཅེས་པ་ལ་སོགས་པའོ།། དེའི་ཕྱིར་ཆོས་ཐམས་ཅད་བདག་མེད་པར་ཡང་དག་པར་རྗེས་སུ་བལྟ་བར་བྱའོ།། ཕྱི་དང་ནང་གི་བདག་ཉིད་འདི་ཐམས་ཅད་སྟོང་པ་ཉིད་ཅེས་པའོ།། དཔལ་རྩ་བའི་རྒྱུད་དུ་ཡང ་གསུངས་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགྱུར་བའི་མ་རིག་འགོག་པ་ཡིས།། འདུ་བྱེད་ངེས་པར་འགག་པར་བྱེད།། འདུ་བྱེད་ངེས་པར་འགོག་པ་ཡིས།། རྣམ་པར་ཤེས་པ་འགག་པར ་བྱེད།། རྣམ་པར་ཤེས་པ་འགོག་པ་ཡིས།། མིང་དང་གཟུགས་ནི་འགག་པར་བྱེད།། མིང་དང་གཟུགས་ནི་འགོག་པ་ཡིས།། སྐྱེ་མཆེད་དྲུག་རྣམས་འགག་པར་བྱེད།། སྐྱེ་མཆེད་དྲུག་རྣམས་འགོག་པ་ཡིས།། རེག ་པ་ཡང་ནི་འགག་པར་བྱེད།། རེག་པ་འགོག་པ་ཡིས་ཀྱང་ནི།། ཚོར་བ་ངེས་པར་འགག་པར་བྱེད།། ཚོར་བ་ངེས་པར་འགོག་པ་ཡིས།། སྲེད་པ་ཡང་ནི་འགག་པར་བྱེད།། སྲེད ་པ་འགོག་པ་ཡིས་ཀྱང་ནི།། ཉེ་བར་ལེན་པ་འགག་པར་བྱེད།། ཉེ་བར་ལེན་པ་འགོག་པ་ཡིས།། སྲིད་པ་ཡང་ནི་འགག་པར་བྱེད།། སྲིད་པ་འགོག་པ་ཡིས་ཀྱང་ནི།། སྐྱེ་བའང་ངེས་པར་འགོག་པར ་བྱེད།། སྐྱེ་བ་འགོག་པ་ཡིས་ཀྱང་ནི།། རྒ་ཤི་ངེས་པར་འགོག་པར་བྱེད།། ཕུང་པོ་ཁམས་རྣམས་ངེས་འགོག་པ།། དེ་ཉིད་ཉེ་བར་ཞི་བར་བརྗོད་ཅེས་སོ།། དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར ་ཡང་མེ་ཏོག་བཀྲམ་པའི་ལེའུར་ཡང་གསུངས་པ། རབ་འབྱོར་དུས་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་ཟད་པ་མངོན་པར་བསྒྲུབས་པས་མངོན་པར ་སྒྲུབ་པ་ན། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྣམ་པར་ལྟ་བར་བྱེད་པ་དེའི་ཚེ་མོ་རིག་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་།། དེ་བཞིན་དུ་འདུ་བྱེད་མ་ཡིན། རྣམ་པར་ཤེས་པ་མི་ཡིན། མིང་དང་གཟུག ་མ་ཡིན། སྐྱེ་མཆེད་དྲུག་མ་ཡིན། རེག་པ་མ་ཡིན། ཚོར་བ་མ་ཡིན། སྲེད་པ་མ་ཡིན། ལེན་པ་མ་ཡིན། སྲིད་པ་མ་ཡིན། སྐྱེ་བ་མ་ཡིན། རྒ་ཤི་མ་ཡིན། མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། ་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ཡང་དག་པར་རྗེ་སུ་མཐོང་བ་མ་ཡིན་ནོ་ཞེས་སོ།། དེ་ལྟར་སྡུག་བསྔལ་དང་ཡིད་མི་བདེ་བ་དང་། འཁྲུག་པ་འགོག་པས་ལུས་ཀྱང་འགོག་པའོ་ལུས ་འགོག་པས་སྲོག་ཀྱང་འགོག་པའོ།། སྲོག་འགོག་པས་བྱང་ཆུབ་ཀྱི་སེམས་འགོག་པའོ།། བྱང་ཆུབ་ཀྱི་སེམས་འགོག་པས་འཕོ་བ་འགོག་པའོ།། འཕོ་བའི་སྐད་ཅིག་འགོག་པས་རྣལ་འབྱོར་པ་རྣམས་ཀྱི་སྤངས ་རྒྱས་ཉིད་དོ།། དེ་ལྟར་ཉོན་མོངས་པ་འགོག་པས་ལས་ཀྱང་འགོག་གོ། ལས་འགོག་པས་སྡུག་བསྔལ་ཡང་འགོག་པའོ།། སྡུག་བསྔལ་འགོག་པས་ཉོན་མོངས་པ་འབྱུང་བར་འགྱུར་བ་མ་ཡིན་ཏེ། ཉོན་མོངས ་པ་འབྱུང་བ་མེད་པར་ལས་འབྱུང་བ་སྐྱེ་བ་མ་ཡིན་པ་ཁོ་ནའོ།། སྲིད་པ་རྨི་ལམ་ཤིན་ཏུ་ཉིད།། བཞི་པའི་གནས་སྐབས་བཞི་པོ་ཡིས།། རྒྱུ་འབྲས་གང་ཚེ་འགགས་དེའི་ཚེ།། སངས་རྒྱས་ཉིད་དུ་ཐེ་ཚོམ་མེད།། ་ད་ནི་དེ་བསྒྲུབ་པའི་ཆེད་དུ་ཀུན་རྫོབ་ཀྱི་ཕྱག་རྒྱ་བརྗོད་པར་བྱའོ།། དཔལ་ཉུང་ངུའི་རྒྱུད་དུ་ཡང་གསུངས་པ། སྐྱེད་བྱེད་མ་དང་སྲིང་མོ་དང་།། བུ་མོ་སྲིང་མོའི་བུ་མོ་ནི།། ཤེས་རབ་ཐབས་ཀྱི་ཆོ་ག་ཡིས།། རྣལ ་འབྱོར་རིག་པས་རྟག་ཏུ་མཆོད།། ཅེས་པ་ལ་སོགས་པའོ།། རྣལ་འབྱོར་ཞེས་པ་གཟུང་བ་དང་།། འཛིན་པའི་སེམས་ངག་གཅིག་པ་ཉིད་དེ། ལ་ལ་ནཱ་དང་ར་ས་ནཱ་དག་གཅིག་པ། གཏུམ་མོ་དང་ཁ ་བ་དག་གཅིག་པ་སྟེ། དེ་ལས་ངེས་པར་གྲུབ་པའི་དབང་ཕྱུག་ཁུ་བ་མ་འཕོས་པའི་ཚངས་པར་སྤྱོད་པ་མི་འགྱུར་བའི་བདེ་བས་ཤེས་རབ་དང་ཐབས་སྙོམས་པར་འཇུག་པས་མཆོད་པར་བྱའོ།། ་གསུངས་པ་ཡང་། འདིར་རྒྱུད་རྣམས་ཐམས་ཅད་དུ་མ་ལ་སོགས་པའི་ཕྱག་རྒྱ་རྣམས་ཐུན་མོངས་དུ་གསུངས་ཏེ། རྣལ་འབྱོར་པ་རྣམས་རྗེ་སུ་ཆགས་པར་བྱེད་པའི་ཆེད་དུའོ།། དེ་ཡང་བྱང་ཆུབ་ཀྱི་སེམས་བརྟུན་པར ་བྱས་པའི་རྣལ་འབྱོར་པ་རྣམས་ཀྱི་ཡིན་གྱི། གཞན་རྣམས་ཀྱི་ནི་མ་ཡིན་ནོ།། གཞན་འཇིག་རྟེན་གྱི་ཐ་སྙད་ཀྱི་བུད་མེད་རྣམས་གནས་སྐབས་ཀྱི་དབྱེ་བས་མ་ལ་སོགས་པ་རྣམསུ་འགྱུར་རོ།། འདིར་གང་གི་ཚེ་རྣལ ་འབྱོར་པ་བུད་མེད་ལ་སེམས་པར་བྱེད་ན། དེའི་ཚེ་སེམས་ཀྱིས་བསམ་པ་བྱས་པས་མ་རུ་འགྱུར་རོ།། རེག་པས་ནི་སྲིང་མོའོ།། རྡོ་རྗེ་ཞུགས་པས་བུ་མོར་འགྱུར་རོ།། བྱེད་པ་དང་བཅས་ཤིན་ཏུ་དགའ་བར་གྱུར ་པ་ནི་སྲིང་མོའི་བུ་མོར་འགྱུར་རོ།། ཐིག་ལ་ལྟུང་བར་གྱུར་པས་ན་ཆུང་མའོ།། གཞན་གྱི་རིགས་གྱུར་གཏུམ་མོའི་རྣལ་འབྱོར་མར་ནི་འདོད་ཆགས་ཉམས་པར་གྱུར་པ་ལས་ཏེ་ཆགས་བྲལ་ལས་འགྱུར་རོ།། འདི་རྣམས ་རྣལ་འབྱོར་ཕྱག་རྒྱ་དྲུག་སྟེ་རྣལ་འབྱོར་པ་ཡིས་ས་ལ་སོགས་པ་རྣམས་སུ་རིག་པར་བྱའོ།། ཕྱི་རོལ་ཏུ་ནི་རིགས་དང་ཡུལ་གྱི་ཐ་སྙད་ཀྱིས་མ་ལ་སོགས་པ་རྣམསོ་ཞེས་སོ།། དེ་བཞིན་དུ། གར་མ་ཆོས་མ ་གཡུང་མོ་དང་།། གཏུམ་མོ་དེ་བཞིན་བྲམ་ཟ་མོ།། རྣལ་འབྱོར་རིག་པས་ཤེས་པ་ལྷུར་བཤད་པའི་ཆོ་ག་ཡིས་དང་། ཤེས་རབ་ཐབས་ཀྱི་ཆོ་ག་ཡིས།། རྣལ་འབྱོར་རོག་པས་རྟག་ཏུ་མཆོད།། དུས་ཐམས ་ཅད་དུ་མི་འཕོ་བའི་བདེ་བས། འབད་པ་ཡིས་ནི་བསྟེན་པར་བྱ། ཕྱི་རོལ་དུ། ཇི་ལྟར་བྱི་བར་མི་འགྱུར་བར། བྱ་བ་ནི་ངེས་པའི་དོན་གྱིས་བྱང་ཆུབ་ཀྱི་སེམས་འཕོ་བའོ།། དྲང་བའི་དོན་གྱིས་ཕྱི་རོལ་ཏུ་སྐྱེ་བོས ་སྨོད་པའོ།། དེའི་ཕྱིར་མ་ལ་སོགས་པ་རྣམས་ལ་གསལ་པོར་བརྟེན་པར་བྱ་བ་མ་ཡིན་ནོ་ཞེས་པ་བཅོམ་ལྡན་འདས་ཀྱི་ངེས་པའོ།། གང་གི་ཚེ་གསལ་པོར་བསྟེན་ན་རྒྱལ་རིགས་ལ་སོགས་པ་རྣམས་ཀྱིས་བྱིས་པའི ་རྣལ་འབྱོར་པ་རྣམས་ལ་སྡུག་བསྔལ་སྟེར་བར་བྱེད་དོ།། གང་ཕྱིར་སྐྱེ་འགྲོ་བསྐྱེད་པའི་ཕྱིར། ཤེས་རབ་མེ་ཞེས་བརྗོད་པར་བྱ་སྟེ། རྡུལ་གྱི་ཁམས་སོ།། དེ་བཞིན་དུ་ཐབས་ནི་ཁུ་བའི་ཁམས་སོ།། རྡུལ་དང་ཁུ ་བ་ལས་ཡང་དག་པར་བྱུང་བ་ནི་མ་ལ་སོགས་པ་རྣམས་སོ།། གང་ཕྱིར་རྣམ་དབྱེ་སྟོན་པའི་ཕྱིར།། ཤེས་རབ་དེ་ཉིད་སྲིང་མོར་བརྗོད་པར་བྱ། སྟེང་ཁམས་ཀྱི་རྣམ་འགྱུར་སོ་སོ་བ་སྒྱུ་དང་པགས་པ་དང་ཤ་དང ་ཁྲག་གོ།། དེ་བཞིན་དུ་སྲིང་མོའི་བུ་མོ་ནི་རྩ་དང་རུས་པ་དང་རྐང་གི་རྣམ་པར་དབྱེ་བའི་ཆར་འཇུག་པར་བྱེད་པ་དེའི་ཕྱིར་རོ།། ཤེས་རབ་དེ་ཉིད་ནི། ཡོན་ཏན་འཇོ་ཕྱིར་བུ་མོར་ཡང་བརྗོད་པར་བྱ་སྟེ། ཡོན་ཏན་གྱི ་ཚིག་གིས་ནི་སྒྲ་དང་། རེག་དང་རོ་དང་། གཟུགས་དང་། དྲིའི་ཁམས་ཀྱི་ཡུལ་རྣམས་ཡིན་ཏེ། དེ་རྣམས་འཇོ་བའི་ཕྱིར་རོ་ཞེས་པའོ།། ཤེས་རབ་ནི་ཆུང་མར་བརྗོད་པར་བྱ་སྟེ། ་ཆགས་བྱུལ་དུ་མི་བྱེད་པའི་ཕྱིར་རོ།། རེག་པར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་མཐར་སྐྱེས་མར་བརྗོད་པར་བྱའོ་ཞེས་པ་ཕྱག་རྒྱ་དྲུག་གི་ངེས་པའོ།། ཁམས་ཐམས་ཅད་ཀྱི་བདེ་མཉམ་གྱི་རོ་འབབ་པར་བྱེད་པའི ་ཕྱིར་དེ་ཁོ་ན་བྲམ་ཟེ་མོ་ཞེས་བརྗོད་པར་བྱའོ།། གསུངས་པ་ཡང་། རྣམ་པར་མི་རྟོག་ཁམས་མི་ཟད།། ཆོས་ཁམས་དམ་པ་ཟད་པ་མེད་ཅེས་སོ།། འཚེད་ཕྱིར་ཤེས་རབ་ཆོས་མའོ།། ཁམས་རྣམས ་གཡོ་ཕྱིར་གར་མའོ།། གཏུམ་པའི་ལསཽ་ནི་བྱེད་པའི་ཕྱིར།། གཏུམ་མོ་རཱ་ནི་བརྗོད་པ་ཡིན།། རེག་མིན་ཕྱིར་ན་གཡུང་མོར་བཤད།། དེ་ལྟར་བྱ་བ་ལྔ་ཡི་རང་བཞིན་ལས།། བྲམ་ཟེ་མ་སོགས་ཤེས་པར་བྱ།། ་དེའི་ཕྱིར་རང་བཞིན་གྱིས་བུད་མེད་ཐམས་ཅད་དང་སྐྱེས་པ་ཐམས་ཅད་མིའི་རིགས་གཅིག་ཏུ་ཡང་དག་པར་བྱུང་བ་སྟེ། དེ་རྣམས་ལ་རིགས་གཞན་ཡོད་པ་མ་ཡིན་ནོ་ཞེས་པ་རྒྱུད་ཐམས་ཅད་དུ་དེ་བཞིན ་གཤེགས་པའི་ངེས་པའོ།། རིགས་ལྔའི་ཕྱག་རྒྱ་ཞེས་བྱ་བ།། ཐར་པའི་རྒྱུར་ནི་བརྗོད་པར་བྱ་ཞེས་པ། ཐར་པ་ཞེས་པ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཐོབ་པ་སྟེ། དེ་ཁོ་ན་རྣལ་འབྱོར་པ་རྣམས་ཀྱི་རྒྱུའོ།། ་ཞེས་པ་ངེས་པའི་དོན་ཏོ།། འདིར་ཐར་པའི་རྒྱུར་ཕྱག་རྒྱ་ཞེས་བྱ་བ་དེ་བཞིན་གཤེགས་པ་ལྔའི་རིགས་ཅན་རྣམས་ཡིན་ལ། རྡོ་རྗེ་ཡིས་ཏེ་བྱང་ཆུབ་ཀྱི་སེམས་འདྲིས་རྒྱས་གདབ་བྱ་ཞེས་པ་ཕྱག་རྒྱ་སྟེ ་ཨ་པཱདྷཱུ་ཏཱིའོ།། འདིར་རྡོ་རྗེ་ཞེས་པ་ལ་སོགས་པས་མ་ལ་སོགས་པའི་ཕྱག་རྒྱ་རྣམས་འཁྲུགས་འཁྲུགསུ་གསུངས། མདོ་རིམ་པ་ཇི་ལྟ་བ་བཞིན་དུ་གཟུང་བར་བྱ་སྟེ། འདིར་མ་ནཽ་དེ་བཞིན་གཽཤེགས ་པའི་རི་རྫོགས་དང་བྲམ་ཟེ་མོ་དང་སྤྱན་མ་དང་ལྟེ་བྱའི་པདྨ་དང་། སའི་ཁམས་སོ།། སྲིང་མོ་ནི་མཱ་མ་ཀཱི་དང་། སྙིང་གརུ་རྡོ་རྗེའི་རིགས་ཅན་དང་གཡུང་མོ་དང་ཆུའི་ཁམས་ཀྱི་རིགས་སོ།། པདྨའི་རིགས་ཅན ་མ་ནི་བུ་མོ་དང་། གར་མ་དང་། གོས་དཀར་མོ་དང་། མགྲིན་པ་དང་། མེའི་ཁམས་སོ།། ལས་ཀྱི་རིགས་ཅན་མ་ནི་ཚེས་མ་དང་། དཔྲལ་བུར་ཏེ་སྲིང་མོའི་བུ་མོ་དང་སྒྲོལ་མ་དང་རླུང་གི་ཁམས་སོ།། ། ་ཆུང་མ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་། རིན་པོ་ཆེའི་རིགས་དང་གཏུམ་མོ་དང་། གཙུག་ཏོར་དུ་ན་མཁའི་ཁམས་སོ།། མཐར་སྐྱེས་མ་ནི་ཡེ་ཤེས་ཀྱི་ཁམས་དང་། རྡོ་རྗེ་སེམས་དཔའི་རིགས་ཅན ་མ་དང་གསང་པོའི་པདྨར་རོ།། དཔལ་ལྡན་དེ་བཞིན་ཉིད་གཤེགས་ཤིང་།། དེ་བཞིན་སླར་ཡང་བྱོན་པ་ཉིད།། ཤེས་རབ་ལྡན་པ་འདི་ཡིས་ནི།། དེ་བཞིན་གཤེགས་པ་བརྗོད་པར་བྱ། ཞེས་པ་ཤེས་རབ་སྟོང ་པ་ཉིད་འདི་དང་ལྷན་ཅིག་ལྡན་པ་སྟེ། སྟོང་པ་ཉིད་ཀྱི་གཟུགས་དང་ལྷན་ཅིག་པའོ།། དེ་བཞིན་ཉིད་དུ་སྟེ། གསང་བའི་པདྨར་རྡོ་རྗེ་ནོར་བུའི་མཐར་ཐུག་པར་མི་གནས་པའི་མྱ་ངན་ལས་འདས ་པའི་ས་ལ་གཙུག་ཏོར་ན་མཁའི་ཁམས་ནས་དབྲེལ་བ་དང་། མགྲིན་པ་དང་། སྒྱིང་ཁ་དང་། ལྟེ་བ་དང་གསང་བའི་པདྨ་རླུང་དང་མེ་དང་ཆུ་དང་ས་དང་། ཡེ་ཤེས་ཀྱི་རང་བཞིན་གྱི་རྡོ་རྗེ་བཙུན་མོའི་བྷ་ག་རྣམ ་སུ་ཞུགས་པར་གྱུར་ཏོ་ཞེས་པ་དཔལ་ལྡན་བྱང་ཆུབ་ཀྱི་སེམས་རྡོ་རྗེ་གཤེགས་པའོ།། དེ་བཞིན་བྱོན་པ་ཞེས་པ་ཇི་ལྟར་འོག་གི་ཆར་གཤེགས་པ་དེ་ལྟར་བྱོན་པ་སྟེ། རྡོ་རྗེ་ནོར་བུ་དང་གསང་བའི་པདྨ་ཡེ་ཤེས ་ཀྱི་ཁམས་ནས་ལྟེ་བ་དང་སྙིང་ཁ་དང་། མགྲིན་པ་དང་། དཔྲལ་བ་དང་། གཙུག་ཏོར་དུ་གྱེན་དུ་ཁུ་བའོ།། དེ་ལྟར་ན་ཇི་ལྟར་བྱོན་པ་དེ་བཞིན་གཤེགས་པའོ་ཞེས་གྲུབ་བོ།། དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པཆོས་འཕགས་ཀྱི་ལེའུརྱ་གསུངས་པ་ཡང་། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལ་འདི་སྐད ་ཅེས་སྨྲས་སོ།། རིགས་ཀྱི་བུ་དེ་བཞིན་གཤེགས་པ་རྣམས་ནི་ངེས་པར་འགའ་ཞིག་ནས་བྱོན་པ་འམ་བཞུད་པ་མེད་དེ། དེ་བཞིན་ཉིད་ནི་ཡོ་བ་མེད་པ་སྟེ། གང་དེ་བཞིན་ཉིད་ནི་དེ་བཞིན་གཤེགས་པ ་རིགས་ཀྱི་བུ་སྐྱེ་བ་མེད་པ་ལ་ནི་འགྲོ་བ་འམ་འོང་བ་མེད་དེ། གང་སྐྱེ་བ་མེད་པ་དེ་ནི་དེ་བཞིན་གཤེགས་པའོ།། རིགས་ཀྱི་བུ་ཡང་དག་པའི་མཐའ་ལ་ནི་འོང་བ་འམ་འགྲོ་བ་རབ་ཏུ་ཤེས་པ་མ་ཡིན་ཏེ། གང ་ཡང་དག་པའི་མཐའ་དེ་ནི་དེ་བཞིན་གཤེགས་པའོ།། རིགས་ཀྱི་བུ་སྟོང་པ་ཉིད་ལ་ནི་འོང་བ་འམ་འགྲོ་བར་རབ་ཏུ་གདགས་པ་མེད་དེ་གང་སྟོང་པ་ཉིད་དེ་ནི་དེ་བཞིན་གཤེགས་པའོ།། རིགས་ཀྱི་བུ་ཇི་ལྟ་བ་བཞིན ་ཉིད་ལ་ནི་འོང་བ་འམ་འགྲོ་བར་རབ་ཏུ་གདགས་པ་མེད་དེ། གང་ཇི་ལྟ་བ་བཞིན་ཉིད་དེ་ནི་གཤེགས་པའོ་ཞེས་སོ།། དཔལ་རྡོ་རྗེ་རྩེ་མོར་ཡང་གསུངས་པ། དེ་ཁོ་ན་ཉིད་ཆོས་གནས་པས། དེ་བཞིན་མ ་ཡིན་སླར་མི་འགྱུར།། དེ་ཁོ་ན་ཉིད་ལམ་སྟེན་པ།། དེ་བཞིན་གཤེགས་པར་དེ་བརྗོད་བྱ། དཔལ་མཚན་ཡང་དག་པར་བརྗོད་པར་ཡང་གསུངས་པ། ཡེ་ཤེས་མིག་གཅིག་དྲི་མ་མེད།། ཡེ་ཤེས་ལུས ་ཅན་དེ་བཞིན་གཤེགས།། ཞེས་སོ།། དེ་བཞིན་དུ་དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འཇིག་རྟེན་སྟོན་པའི་ལེའུ་ཡང་གསུངས་པ། གནས་བརྟན་རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅི ་ལགས། དེ་བཞིན་གཤེགས་པ་ཉིད་ཁོ་ན་བསམ་གྱིས་མི་ཁྱབ་པ། མཉམ་པ་མེད་པ། གཞལ་དུ་མེད་པ། བགྲང་དུ་མེད་པ། མི་མཉམ་པ་དང་མཉམ་པ་ལགས་སམ། དེ་ལྟར་སངས་རྒྱས་ཉིད་དང་། ་དེ་ལྟར་རང་བྱུང་ཉིད་དང་། དེ་ལྟར་ཐམས་ཅད་མཁྱེན་པ་ཉིད་དེ་ལྟར་བསམ་གྱིས་མི་ཁྱབ་པ། མཉམ་པ་མེད་པ། གཞལ་དུ་མེད་པ། གྲངས་མེད་པ། མི་མཉམ་པ་དང་མཉམ་པ་ལགས ་ཤེས་སོ།། ཡན་ལག་བཅུ་གཉིས་འགོག་པས་བཅུ་གཉིས་ཐོབ་པའོ།། ཇི་ལྟར་འཇིག་རྟེན་གྱི་ཀུན་རྫོབ་ཀྱིས་དགའ་བ་དང་། མཆོག་ཏུ་དགའ་བ་དང་ཁྱད་དགའི་དགའ་བ་དང་། ལྷན་ཅིག་སྐྱེས་པའི་དགའ་བའི ་དབྱེ་བས་དཔྲལ་བ་ནས་འོག་ཏུ་འོངས་པ་དེ་བཞིན་དུ་བཟློག་པས་རྒྱུ་མཐུན་པ་དང་། རྣམ་པར་སྨིན་པ་དང་། སྐྱེས་བུའི་བྱེང་པ་དང་། དྲི་མ་མེད་པ་ཡིས་གསང་བ་ནས་དཔྲལ་བར་སོང་བའོ།། དེ་སྐད་དུ་ཡང་གསུང ་པོ། ལྟེ་བར་རྒྱུ་མཐུན་ཉིད་དུ་བརྗོད།། རྣམ་སྨིན་ཆོས་ཀྱི་འཁོར་ལོ་ལའོ།། སྐྱེས་བུའི་བྱེད་པའང་ལོངས་སྤྱོད་ལ།། བདེ་བ་ཆེན་པོར་དྲི་མ་མེད།། ཅེས་པའི་ངེས་པ་འཆད་པར་འགྱུར་བ་ལའོ།། དེ་ལྟར་ན་ཇི་ལྟར་ཆེས ་གཅིག་ལ་སོགས་པའི་ཆ་བཅོ་ལྔའི་དབྱེ་བྱས་ཆེའི་རང་བཞིན་གྱིས་རྫོགས་པ་དང་། གཙུག་ཏོར་ནས་གསོང་བའི་པདྨར་ཆའི་རང་བཞིན་གྱི་རྫོགས་པ་འོངས་པ་ཀུན་རྫོབ་ཏུ་འོག་ཏུ་ཁུ་བ་ཡེ་ཤེས་ཀྱི་སེམས་ཡིན་པ ་དེ་ལྟར་རྡོ་རྗེ་ནོར་བུ་ལས་རྣལ་འབྱོར་གྱི་སྟོབས་ཀྱིས་དྲངས་པས་གསང་བའི་པདྨ་ནས་དོན་དམ་པར་ཚེས་གཅིག་ལ་སོགས་པའི་ཆའི་དབྱེ་བས་སྟེང་དུ་ཁུ་བས་དཔྲལ་བའི་པདྨར་གཤེགས་པ་སྟེ། གཙུག་ཏོར་དུ ་བཅུ་དྲུག་པའི་རང་བཞིན་གྱིས་སོ་ཞེས་པའོ།། དེ་སྐད་དུ་ཡང་གསུངས་པ། ལུས་ཅན་ཐམས་ཅད་འཆི་བ་ན།། ཟླ་བ་བདུད་རྩི་ལོག་ཏུ་འགྲོ། སྟེང་དུ་ཉི་མ་རྡུལ་སྒྲ་གཅན།། རྣམ་ཤེས་དངོས་པོའི་མཚན་ཉིད་དོ།། ་དེཕྱིར་ཟླ་བ་བདུད་རྩི་ནི།། སྟེང་དུ་བགྲོད་བྱ་མི་ཡི་བདག། འོག་ཏུ་ཉི་མ་རྡུལ་སྒྲ་གཅན།། རྣམ་ཤེས་འགྱུར་མེད་བདེ་བ་ལའོ།། གསུངས་པ་ཡང་། ནཱ་ད་ཐིག་ལེ་ཡང་དག་ལྡན།། གང་ཚེ་དུས་ཀུན་ཏུ་འགྱུར་བ།། དེ་ཚེ ་རྣལ་འབྱོར་པ་མཆོག་གི། འབྲས་བུ་ཞོས་པར་བཤད་ཅིང་སྨྲ།། གང་ཕྱིར་ཐིག་ལེ་ཐམས་ཅད་ཁྱབ།། གང་ཆེ་བརྟག་ན་འགྱུར་མེད་གྱུར།། དེ་ཚེ་དགའ་བ་ཕུན་ཚོགས་འབྱུང་།། དགའ་བ་ལས་ནི་ལྷན་སྐྱེས་འགྱུར།། ་ཞེས་པ་ངེས་པའི་དོན་ཏོ།། དོན་དམ་པས་འཆད་པར་འགྱུར་བ་ནི། བྱང་ཆུབ་སེམས་ནི་ཟླ་བར་འགྱུར།། བཅོ་ལྔའི་ཆ་ཡི་བདག་ཉིད་ཅན།། བདེ་བ་ཆེན་པོ་ཨཱ་ལིའི་གཟུགས།། རྣལ་འབྱོར་མ་རྣམས་དེ་ཡི་ཆ་ཞེས་པ་དགའ ་བ་བཅུ་དྲུག་གི་ངེས་པའོ།། རྣམ་པར་མི་རྟོག་ཡིད་ལ་ནི།། སྒོམ་པ་པོ་མེད་བསྒོམ་བྱའང་མྱེད།། སྔགས་དང་ལྔ་ནི་ཡོད་མ་ཡིན།། སྤྲོས་པ་མེད་པའི་རང་བཞིན་ལས།། སྔགས་དང་ལྷ་ནི་ཡང་དག་གནས།། དེ་ཉིད ་ཀྱིས་ན་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་རྣམ་པར་རྟོག་པའི་རྙོག་པ་མཐའ་དགེ་སོ་སོར་ནུབ་པའི་ངོ་བོས་སོ་ཞེས་པའོ།། ད་ནི་ཕུང་པོ་དྲུག་པོ་རྣམས་ཀྱི་ཀུན་རྫོབ་དང་། དོན་དམ་པའི་དབྱེ་བས་བརྗོད་པར་བྱ་སྟེ། ་རྣམ་སྣང་ཞེས་པ་ལ་སོགས་པས་སོ།། འདིར་རྣམ་པར་སྣང་མཛད་ནི་སའི་འཁོར་ལོ་ལ་འདྲེན་པའོ།། མི་བསྐྱོད་པ་ནི་ན་མཁའི་འཁོར་ལོ་ལ་འདྲེན་པའོ།། འོད་དཔག་ཏུ་མེད་པ་ནི་ཆུའི་འཁོར་ལོ ་ལ་འདྲེན་པའོ།། རིན་ཆེན་འབྱུང་ལྡན་ནི་མེའི་འཁོར་ལོ་ལ་འདྲེན་པའོ།། དོན་ཡོད་གྲུབ་པ་ནི་རླུང་གི་འཁོར་ལོ་ལ་འདྲེན་པའོ།། སེམས་ཅན་ནི་ཡེ་ཤེས་ཀྱི་འཁོར་ལོ་ལ་འདྲེན་པའོ།། དེ་རྣམས་ཀྱང་གྲངས་ཇི་ལྟ་བ་བཞིན ་དུ། ཚངས་པ་ཁྱབ་འཇུག་ཞི་བ་དང་།། ཐམས་ཅད་རྣམས་ནི་དེ་ཉིད་བརྗོད་ཅེས་པ་ཀུན་རྫོབ་ཀྱིས་སེམས་ཅན་རྣམས་འོག་ཏུ་ཁུ་བ་ཅན་རྣམས་ཏེ། དོན་དམ་པས་སངས་རྒྱས་རྣམས་སྟེང་དུ་ཁུ་བ་ཅན་རྣམས་སོ།། ཚངས ་པ་མྱང་འདས་སངས་རྒྱས་ཏེ།། ཅེས་པ་བཤང་བའི་ཁམས་མི་འཛག་པ་ཉིད་ཀྱི་ཕྱིརོ།། འཇུག་ཕྱིར་ཁྱབ་འཇུག་བརྗོད་པར་བྱ།། གཅི་བའི་ཁམས་རང་གི་ལུས་ལ་འཇུག་པའི་ཕྱིར་ཏེ། ཕྱི་རོལ་དུ་འབྱུང་བ་མེད་པའི་ཕྱིར་ན ་སངས་རྒྱས་ཁྱབ་འཇུག་ཏུ་བརྗོད་པར་བྱའོ།། རྟག་ཏུ་དགེ་ཕྱིར་ཞི་བའོ་ཞེས་པ་དག་པ་ནི་ཚུལ་ཁྲིམས་མི་ཉམས་པ་སྟེ། བྱང་ཆུབ་ཀྱི་སེམས་འཕོ་བ་མེད་པའི་ཕྱིར་ན། སངས་རྒྱས་ནི་ཞི་བར་བརྗོད་པར་བྱའོ།། ཐམས་ཅད ་ཀུན་བདག་ལ་གནས་ཕྱིར་ཞེས་པ་ཐམས་ཅད་ནི་རིན་ཆེན་འབྱུང་ལྡན་ཁྲག་གི་ཁམས་ཏེ། དེ་འཕོ་བ་མེད་པས་ན་སྡུག་བསྔལ་མེད་པ་ཡིན་ལ། དེ་མེད་པའི་ཕྱིར། བདེ་སྡུག་སེལ་བ་མཐར་གྱུར་པ།། ཆགས་བྲལ ་ལུས་ནི་ཟད་པ་པོ།། ཀུན་བདག་ལ་གནས་ཤེས་པ་ལྷའི་སྤྱན་དང་གཞན་གྱི་སེམས་ཤེས་པས་ཁྱབ་པར་བྱེད་པ་ཉིད་ཀྱི་ཕྱིར་ན། སངས་རྒྱས་ནི་ཐམས་ཅད་ཅེས་པར་བརྗོད་པར་བྱའོ།། རྟོག་པ་མེད་ཕྱིར ་རྣམས་སད་དོ་ཞེས་སོ།། མིག་ལ་སོགས་པའི་དབང་པོ་རྟོག་པ་མེད་པས་དོན་ཡོད་གྲུབ་པ་ཤའི་ཁམས་ཏེ། དེ་མི་ཟད་པ་ཉིད་ཀྱི་ཕྱིར་མིག་ལ་སོགས་པ་རྣམས་འདུ་བྱེད་པ་མེད་ལ། དེ་མེད་པའི་ཕྱིར་རྣམ་སངས་རྒྱས ་ཏེ། བདག་རིགས་གཞན་རིགས་ཐམས་ཅད་པ། ཀུན་ལ་ཕན་པའི་གང་ཟག་མཆོག། འཇིག་རྟེན་དཔེ་ལུས་འདས་པ་སྟེ།། ཤེས་དང་ཤེས་བྱའི་བདག་པོ་མཆོག་ཅེས་པ། སངས་རྒྱས་ནི་རྟོག་པ་མེད་པ་རྣམ་སངས ་རྒྱས་ཞེས་པ་ངེས་པའོ།། དམ་པའི་བདེ་བས་དེ་ཉིད་འགྱུར་ཞེས་པ། དམ་པའི་བདེ་བ་ནི་ཟག་པ་མེད་པ་སྟོང་པ་ཉིད་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུས་མ་བྱས་པ་སྟེ། རྣམ་པར་ཐར་པ་བཞི་གཅིག ་ཏུ་འདྲེས་པར་གྱུར་པ། སྙིང་རྗེ་དང་བྱམས་པ་དང་དགའ་བ་དང་བཏང་སྙོམས་དམིགས་པ་མེད་པའི་རང་བཞིན་གྱིས་དམིགས་པ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་གྱི་དེ་ཁོ་ན་ཉིད་ནི་སངས་རྒྱས་ཞེས་བརྗོད་པར་བྱའོ།། ་དེ་ལྟར་ན། བདེན་དོན་རྣམ་པ་བཅུ་གཉིས་པ།། དེ་ཉིད་རྣམ་པ་བཅུ་དྲུག་རིག། རྣམ་པ་ཉི་ཤུས་བྱང་ཆུབ་པ།། རྣམ་དག་མཆོག་ཏུ་མི་འགྱུར་རིག་ཅེས་པ་སངས་རྒྱས་བཅོམ་ལྡན་ནོ།། བརྗོད་པ་ཅེས་བྱ་བ་ལ་སོགས་པས ་ཏེ། འདིར་སེམས་ཅན་རྣམས་ཐམས་ཅད་ཀྱི་བརྗོད་པ་ན་ཨཱ་ལི་དང་ཀཱ་ལི་དབྱངས་དང་། གསལ་བྱེད་དག་གི་བརྗོད་པ་གང་ཡིན་པ་སྟེ། དེའི་ཕྱིར་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པ་རྣམས་ཀྱིས། ་བརྗོད་པ་བཟླས་པ་ཡིན་པར་བཤད། དེ་སྐད་དུ་ཡང་། དཔལ་སྙམ་པུ་ཊ་རུ་གསུངས་པ། སྐྱེ་བོ་རྣམས་ཀྱིས་ངག་གི་ནི།། རབ་འབྱམ་གང་ཅིའང་རབ་བསྐྱེད་པ།། དེ་རྣམས་ཐམས་ཅད་སྔགས་ཀྱི་གཟུགས།། དེ་ཉིད་ལས ་ནི་རབ་ཏུ་སྐྱེ།། དེ་བཞིན་དུ་སེམས་ཅན་རྣམས་ཀྱི་གང་སེམས་པ་དེ་ཉིད་བསམ་བྱ་སྟེ། ཕ་རོལ་གྱི་སེམས་ཤེས་པའི་རྣལ་འབྱོར་པས་ཤེས་པའོ།། གང་ཕྱིར་བསམ་བྲལ་བསམ་བྱ་བ། བསམ་བྲལ་ཞེས་པ་ནི་སེམས་པ ་མེད་པ་སྟེ། རྣལ་འབྱོར་པ་རྣམས་ཀྱི་བསམ་མི་བྱ་གང་ཡིན་པའོ།། ཕྱིའི་ཡུལ་ལ་ཤི་བའི་མཐར་སྐྱེ་བའི་ཆར་གཏོགས་པའི་རང་གི་ཕུང་པོས་འཕོ་བའི་གནས་སྐབས་སུ་བདེ་བ་ཐོབ་པ་གང་ཡིན་པའི་བདེ་བ་དེ་ཉིད་ནི་ལོ་བཅུ ་དྲུག་གི་མཚམས་སུ་སྐྱེས་པས་རང་གི་བཟའ་བར་བྱའོ།། བུད་མེད་ཀྱིས་ལོ་བཅུ་གཉིས་ཀྱི་མཚམས་སུ་ལོངས་སྤྱོད་པར་བྱའོ།། བདེ་བ་གང་གིས་འཆི་བ་འདིར།། འཁོར་བ་པ་རྣམས་ཀྱི་འཁོར་བར་སྐྱེ་བ་དང་གནས་པའི་བདེ་བ ་དེ་ཁོ་ན་བརྟན་པར་གྱུར་པ་ནི་རྣལ་འབྱོར་པ་རྣམས་ཀྱི་བསམ་གཏན་དུ་བརྗོད་པར་བྱའོ།། ཞེས་པའོ།། གསུངས་པ་ཡང་། བསམ་གཏན་ཆ་ཤས་ཀུན་ཤེས་ཤིང་།། ཏིང་འཛིན་རིག་དང་རྒྱུད་རིག་པ།། ཏིང་འཛིན་སྐུ་སྟེ། ་སྐུ་ཡི་མཆོག། ལོངས་སྤྱོད་རྫོགས་སྒྱུ་ཀུན་གྱི་རྒྱལ་ཞེས་སོ་ཞེས་པ་དཔལ་ཀྱེའི་རྡོ་རྗེའི་རྒྱུད་ལ་ཁ་ཆེའི་ཆེན་པོས་རྟོགས་པ་རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ་དུ་དེ་ཁོ་ན་གྱི་ལེའུ་སྟེ་ལྔ་པའོ།། ་ད་ནི་ཁོ་ན་ཉིད་ཀྱི་ལེའུ་རིག་པའི་རྣལ་འབྱོར་པས་སེམས་ཅན་རྗེསུ་གཟུང་བའི་སེམས་ལ་དམིགས་པའི་ཆེད་དུ་སྤྱོད་པའི་ལེའུ་གསུངས་པ། སྤྱོད་པ་ཕ་རོལ་ཕྱིན་ཞེས་པ་སྟེ། སྤྱོད་པ་ཞེས་པ་སྤྱོད་པ་ནི་རྡོ་རྗེའི་སྤྱོད་པ ་སྟེ། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པ་རྡོ་རྗེ་དང་པདྨ་ལས་མ་འཕྲོས་པའི་བདེ་བ་ཐོབ་པའོ།། རྒྱུད་གཞན་དུ་ཡང་གསུངས་པ། རྡོ་རྗེ་སྤྱོད་པའི་རབ་སྦྱོར་གྱིས།། རྡོ་རྗེ་ཕང་པོ་རྣམ་བསྒོམ་བྱ།། རྡོ་རྗེ་དཀྱིལ་འཁོར་དབུས ་གནས་པ་མཆོག་ཏུ་མི་འགྱུར་བསྒོམ་པའོ་ཞེས་སོ།། ཕ་རོལ་ཏུ་ཕྱིན་ཞེས་པ་ནི་དཔལ་ཐེག་པ་ཆེན་པོ་ཕུལ་དུ་བྱུང་བ་ལ་གནས་ཤིང་བརྒྱལ་དཀའ་བའི་སྲིད་པའི་རྒྱ་མཚ་ལས་ཤིན་ཏུ་བཟླས་པའོ།། གསུངས་པ ་ཡང་། སྐྱེ་བའི་རྒྱ་མཚོ་འཇིགས་ཆེན་པོ།། རྒ་བའི་རླབས་ཀྱིས་འཁྲུགས་པ་ལས།། སེམས་ཅན་རྣམས་ནི་སྦྲེལ་བྱེད་ཅིང་།། བདེ་བར་འགྲོ་བྱེད་གྲུ་ལྟ་བུ་ཞེས་སོ།། དེ་བཞིན་དུ་དཔལ་མཚན་ཡང་དག་པར་བརྗོད་པར ་ཡང་གསུངས་པ། མི་ཤེས་འདམ་དུ་བྱིང་གྱུར་ཅིང་།། ཉོན་མོངས་པས་ནི་སེམས་དཀྲུགས་པའི།། སེམས་ཅན་ཀུན་ལ་ཕན་པ་དང་།། བླ་མེད་འབྲས་བུ་ཐོབ་བྱའི་ཆེད། ཅེས་པ་ལ་སོགས་པའོ།། གང་གིས། ་དངོས་གྲུབ་མཐར་འགྲོ་བ་ཅེས་པ། དངོས་གྲུབ་ཀྱི་མཐའ་མཆོག་ཏུ་མི་འགྱུར་བའི་བདེ་བར་འགྲོ་ཞིང་ཤེས་པར་བྱེད་པའོ།། ཀྱེའི་རྡོ་རྗེའི་དངོས་གྲུབ་རྒྱུར་ཞེས་པ་ལ་ཀྱེའི་རྡོ་རྗེར་ཅི་བརྗོད་པར ་བྱ་ཞེ་ན། པདྨར་གནས་ཤིང་ཁྲོ་བ་བྲལ།། གཙང་ཞིང་མཁས་ལ་མཉམ་བཞག་པ།། རྣལ་འབྱོར་ཡེ་ཤེས་ཡང་དག་ལྡན།། སེམས་ནི་ཀྱཻ་ཡི་རྡོ་རྗེར་བརྗེད།། དངོས་གྲུབ་རྒྱུས་ཤེས་པ་དངོས་གྲུབ་ནི་སངས་རྒྱས ་ཉིད་དེ། དེ་ཉིད་ནི་རྣལ་འབྱོར་པ་རྣམས་ཀྱི་རྒྱུའོ་ཞེས་པའོ།། སྒོམ་པ་པོ་ཡིས་རྣམ་གཟུང་བ།། རྣ་བར་ལྷ་ཡི་རྣ་རྒྱན་ཏེ་ཞེས་པ་ལ་སོགས་པ་ལ་འདིར་ཕྱག་རྒྱ་ལྔའི་ཉེ་བར་བསྟན་པ་ནི་བྲིས་ས་བསྒྲུབ་པའི་ལེའུར་ངེས ་པའི་དོན་གྱིས་བརྗོད་པར་བྱའོ།། བགྲོ་བ་སྟག་གི་པགས་པ་ཅེས་པ་གསུངས་པ་ཡང་། འདོད་ཆགས་ཞེ་སྡང་སོགས་རྣམས་ཀྱི།། སྟག་གི་འགྲོ་བ་གསུམ་པོ་ཟོས།། དེ་རྣམས་འཇོམས་ཕྱིར་པགས་པ་སྟེ། སྟག ་གི་པགས་པའི་ན་བཟར་བཅས་ཤེས་སོ།། རིགས་ལྔ་ལ་ནི་རྣམ་པར་གནས།། རིགས་ལྔའི་མཉམ་པར་ལྡན་པར་ནི།། རིགས་གཅིག་པ་ནི་རྣམ་པར་བརྟག། ཅེས་པ་ལ་སོགས་པ་རིགས་གཅིག་ཉིད་སྣ་ཚོགས་པ ་རིགས་ལྔ་དང་ཡང་དག་པར་ལྡན་པར་བླུན་པོ་རྣམས་ཀྱིས་བརྟགས་པའོ།། གང་ལས་ཞེ་ན། གསུངས་པ། དུ་མ་ཞེས་པ་ལ་སོགས་པ་སྟེ། སྲོག་ཆགས་རིགས་ཐ་དད་པ་རྣམས་ནི། ཤ་གཟུགས་ཐ་དད་པར ་མཚོན་ཏེ། འདིར་ནི་རིགས་གཅིག་གི་ངོ་བོ་ནི་དུ་མའི་དབྱེ་བར་མཚོན་པ་མེད་དོ།། དཔལ་མཚན་ཡང་དག་པར་བརྗོད་པར་ཡང་གསུངས་པ། ལུས་མེད་ལུས་ཏེ་ལུས་ཀྱི་མཆོག། ལུས་ཀྱི་མཐའ་ནི་རྟོགས་པ་པོས ་གཟུགས་རྣམས་མ་ལུས་སྟོན་མཛད་པ།། ནོར་བུ་ཆེན་པོ་རིན་ཆེན་ཏོག། ཅེས་སོ།། འདི་ཉིད་དུ་ཡང་གསུངས་པ། བདེ་བ་ནག་པོ་བདེ་བ་སེར།། བདེ་བ་དམར་པོ་བདེ་བ་དཀར།། བདེ་བ་ལྗང་ཁྭ་བདེ་བ་སྔོ།། བདེ་བ་མཐའ ་དག་རྒྱུ་མི་རྒྱུ།། བདེ་བ་ཤེས་རབ་བདེ་བ་ཐབས།། དེ་བཞིན་ཀུན་ཏུར་སྐྱེས་པ་དེ།། བདེ་བ་དངོས་པོ་དངོས་མེད་བདེ།། བདེ་བ་རྡོ་རྗེ་སེམས་དཔར་བཤད་ཅེསོ།། རིགས་གཅིག་དང་ནི་དུ་མ་ཡིས།། གང་ཕྱིར་བྱེ་བ་མཚོན་མི་བྱ།། ་བྱེ་བ་ནི་ཉམས་པ་སྟེ། བྱང་ཆུབ་ཀྱི་སེམས་འཕོ་བའོ།། དེའི་ཕྱིར་དེ་མི་བྱའོ་ཞེས་པའི་དོན་ཏོ།། ཤིང་གཅིག་ཅེས་པ་ནི་ལྷན་ཅིག་སྐྱེས་པ་གཅིག་པུའི་སྐུ་མཆོག་ཏུ་མི་འགྱུར་བ་གཅིག་པུའི་བདེ་བ་གཅད་དུ་མེད་ཅིང་དབྱེར་མེད ་པ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་ཤིང་གཅིག་པུའོ།། གསུངས་པ་ཡང་། མགོ་བོར་གནས་པ་རྩ་བ་སྟེ།། ཡལ་ག་དྲིལ་བུའི་ནང་ངུའོ།། ཆོས་འབྱུང་ཞེས་བཤད་དབུས་སུ་སྟེ།། ལྷན་སྐྱེས་འབྲས་བུ་བླ་ན་མེད། ཅེས་པ ་ལ་སོགས་པའོ།། གཞན་ཐམས་ཅད་ནི་དྲང་བའི་དོན་གྱིས་གོ་སླའོ།། དབུགས་རྒྱུ་ཞེས་པའི་རིག་པ་འདས།། ལུས་འདི་དུར་ཁྲོད་བརྗོད་པར་བྱ།། འདིའི་དོན་འདི་ཡིན་ཏེ། རྒྱུད་གཞན་དུ་ཡང་གསུངས་པ། རོ་ལྡན་ན ་གནས་པ་ནི་ཕྱི་རོལ་དུ་རོའི་སྒྲ་ཡིས་སྲོག་ཉམས་པ་ཤི་བའི་ཚོགས་ཏེ། དེ་འདི་ལ་ཡོད་པས་ན། རོ་ལྡན་ནི་དུར་ཁྲོད་ཀྱི་སའོ།། ནང་དུ་ནི་རོ་ཞེས་པ་དབུགས་འབྱུང་བ་དང་འཇུག་པ་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི ་ཤུ་རྩ་གཅིག་རྣམས་འགོག་པའོ།། དེ་འདི་ལ་ཡོད་པས་ན་ཆོས་ཀྱི་སྤྲིན་གྱི་སའོ།། དེ་ན་གནས་པ་ནི་རོ་ལྡན་ན་གནས་པའོ།། བདུད་དང་ཉོན་མོངས་པ་དང་ཤེས་བྱ་དང་སྙོམས་འཇུག་གི་སྒྲིབ་པའི་གནོད་སྦྱིན་རྣམས་གསོད་པར་བྱེད་པ ་ནི། གནོད་སྦྱིན་གྱི་བདག་པོ་སྟེ། དཔལ་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པས་བསྟན་པའོ།། དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་མཁའ་འགྲོ་མ་དྲ་བ་སྡོམ་པར་གསུངས་པ་ཡང་། དེ་ནས་གནོད་སྦྱིན་ཅིར་བརྗོད ་བྱ། གང་ཞིག་ཉོན་མོངས་ཐམས་ཅད་མཉམ་པར་སྦྱོར་བ་མཁའ་འགྲོ་མ་དྲཱ་བ་སྡོམ་པར་གསུངས་པ་ཡང་། དེ་ནས་གནོད་སྦྱིན་ཅིར་བརྗོད་བྱ།། གང་ཞིག་ཉོན་མོངས་ཐམས་ཅད་ཟད།། གང་ཞིག་སྒྲ་རྣམས་ཀྱང་ཟད་པ།། གདུལ ་བྱ་ལས་ནི་ཕྱག་རྡོ་རྗེ།། དེས་ན་གནོད་སྦྱིན་ཞེས་པར་བརྗོད་ཅེས་སོ།། དེ་ལ་ཅི་ལྟར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཡིན་ཞེ་ན། མི་ཕྱེད་སོ་སོར་བཅད་དུ་མེད།། གདུག་པ་ཀུན་ལ་གནོད་བྱེད་ཕྱིར།། རྡོ་རྗེ་སངས་རྒྱས་ཀུན་རང་བཞིན།། ་བྱང་ཆུབ་སེམས་ནི་ཤིན་ཏུ་བསྟན།། ཆོས་ཀྱི་སེང་གེའི་སྒྲ་ཡིས་ནི།། སེམས་ཅན་སོ་སོའི་སྐད་རྣམས་ཀྱིས།། སེམས་ཅན་རྣམས་ཀྱི་དོན་མཛད་གྱུར་ཞེས་སོ།། མ་མོའི་ཁྱིམ་ཞེས་པ་མ་མོ་ནི་རང་འདྲ་བའི་ཤེས་རབ་སྟེ། ཁྱིམ ་ཞེས་པ་ནི་གསང་བའི་པདྨར་རོ།། ཡང་ན་དབེན་པ་འམ་པས་མཐའ་རུ་ཞེས་པ། ལྟེ་བ་དང་སྙིང་ག་དང་མགྲིན་པ་དང་མགོ་བོ་རྣམས་ཏེ། གནས་འདི་རྣམས་སུ་མཆོག་ཏུ་མི་འགྱུར་བའི་བདེ་བ་བསྒོམ་པར་བྱའོ་ཞེས་པ་ངེས་པའི ་དོན་ཏོ།། ཅུང་ཟད་དྲོད་ནརྀ་ཞེས་པ་ལ་སོགས་པ་སྟེ། དེ་སྐད་དུ་ཡང་གསུངས་པ། རྣལ་འབྱོར་སྙིང་ནི་རྙོག་མེད་པ།། རྡོ་རྗེ་སྤྱོད་པར་དབང་བསྐུར་བ།། ཁྱིམ་གནས་དགེ་སློང་དགེ་ཚུལ་རུང་།། ཇི་སྲིད་དྲོད་ནི་འགྱུར་བར་དུ།། སྤྱོད་པ ་དེ་ནི་གསང་སྟེ་གྱིས།། དེ་ནས་འཇིག་རྟེན་གནོན་པ་ཉིད།། ནུས་པ་ཅན་ལ་བྱོས་ཤིག་གོ་ཞེས་སོ།། གལ་ཏེ་འགྲུབ་འགྱུར་འདོད་ཡོད་པ།། གྲུབ་ཆེན་སྤྱོད་པ་བྱེད་འདོད་ན།། གལ་ཏེ་ཞེས་པ་ངེས་པར་མ་ཡིན་པའོ།། འདིས་ནི་སྤྱོད ་པ་སྤྱད་པར་བྱ། ཞེས་པ་ངེས་པའི་དོན་ཏོ།། འདི་ཉིད་དུ་གསུངས་པ་ཡང་། གུང་བཤད་འཇིགས་པའི་གཟུགས་ཅན་གྱིས།། སྤྱོད་པ་ལོངས་སྤྱོད་ཕྱིར་མ་གསུངས།། ཡིད་ནི་བརྟན་ནམ་གཡོ་འམ་ཅི།། རང་གི་སེམས་ནི ་སོ་སོར་བརྟོག། ཤེས་རབ་མེད་པར་སྤྱོད་པ་སྤྱད་པར་བྱ་བ་མ་ཡིན་ནོ་ཞེས་སྟོན་པས་གསུངས་པ་བཞིན་བཟངས་ཞེས་པ་ལ་སོགས་པའོ།། གསུངས་པ་ཡང་། དང་པོ་གང་ཞིག་སྟོང་པའི་ངོ་བོ་ཡུལ་དང་ཡོན་ཏན་ལ་གནས ་དེ་ཡི་རང་བཞིན་འགྱུར།། ཁམས་དང་ཕུང་པོ་རྣམས་ལ་རབ་ཞུགས་སླར་ཡང་མིག་སོགས་དབང་པོ་རྣམས་ལ་མཉམ་པ་སྟེ།། སད་དང་རྨི་ལམ་སོགས་ཞུགས་མཆོག་གི་བདེ་མཉམ་གཞོམ་དུ་མེད་པར་ཡང་དག་རབ་ཞུགས་པ། ་རིག་མ་སངས་རྒྱས་ཡུམ་དེ་རྡོ་རྗེའི་ཚིག་ལ་གནས་པ་རྣལ་འབྱོར་པ་ཡིས་བཙལ་བར་བྱ།། ཕྱག་རྒྱ་ཆེན་པོ་འདི་ནི་གང་ལ་སྐྱེ་བ་གཞན་གྱི་བསོད་ནམས་ཀྱི་བག་ཆགས་ཀྱི་དབང་ལས་དང་། བླ་མ་ངམ ་པའི་མན་ངག་ལས་ཉེ་བར་བསྟན་པ་ལས་དུས་དུ་མར་ཉིན་མོ་དང་མཚན་མོར། ཆོས་ཐམས་ཅད་རྡོག་པ་དང་བྲལ་བ་རང་གི་སེམས་ཀྱི་སྣང་བ་ཙམ་རྣམ་པ་ཐམས་ཅད་མཆོག་དང་ལྡན་པ་སྟོང་པ་ཆེན་པོ་ལྷན་ཅིག་སྐྱེས་པའི་དགའ ་བ་སྐྱེད་པར་བྱེད་མ་མངོན་དུ་བྱས་ནས་འགྱུར་བ་མེད་པ་ལ་བྱུང་བ་འདི་ཡིས་དེ་ནི་སྐྱེ་བ་མེད་པ་སྟེ། ཕྱག་རྒྱ་ཆེན་པོ་དེ་གཟུང་ནས་སྤྱོད་པ་སྤྱད་པར་བྱའོ་ཞེས་པ་ངེས་པའི་དོན་ཏོ།། གལ་ཏེ་གླུ་ལེན་ཞེས་པ་ལ་སོགས་པ་ལ་དཔལ ་རྡོ་རྗེ་བདུད་རྩིར་གསུངས་པ། སྙན་པའི་སྒྲ་ཡིས་གླུ་བླངས་ཏེ།། མྱོས་དང་སྒྲོལ་དང་ཕེག་རྡོབ་དང་།། དྲུག་སྐྱེས་སྐྱེས་སོགས་གྲོང་རྣམས་ཀྱིས།། སྣ་ཚོགས་པ་དང་ཐུན་མོངས་པས།། ལེན་བཞིན་པ་ཡིས་གླུ་འདི་ཡིས།། དགའ ་ངང་བདེ་བའི་རྣམ་འགྱུར་གྱིས།། སངས་རྒྱས་བྱང་ཆུབ་བསྒྲུབ་པར་བྱ།། རྡོ་རྗེ་བདུད་རྩིའི་བདེ་ཆེན་པོ།། ཤེས་རབ་ཅན་གྱིས་གླུ་མི་སྨད་།། རྣལ་འབྱོར་མ་རྣམས་དེས་དགའ་བྱེད།། རྣམ་པ་དེ་ལྟ་དེ་གཞན་ཡོང་།། དེ་ལྟར་རྣལ ་འབྱོར་རིག་སྟེ་བྱ་ཞེས་སོ།། གལ་ཏེ་དགའ་བ་སྐྱེས་པ་ན།། ཐར་པའི་རྒྱུ་ཡིས་གར་བྱ་སྟེ་ཞེས་པ་ལ། རྒྱང་གཞན་དུ་ཡང་གསུངས་པ། ཕྲེང་བ་ཙན་ངན་བུ་མོ་སོགས།། ཇི་ལྟར་མཐོང་བས་བདེ་འགྱུར་བ།། དེ་ནི་དགའ་བར་ཡང ་ངག་བཤད།། སེམས་ཅན་ཀུན་ལ་ཡང་དག་གནས།། རྡོ་རྗེ་པདྨར་མཉམ་སྦྱོར་ལ།། གང་ཞིག་སེམས་ནི་རྣམ་གནས་པ།། དེ་ཡི་སེམས་ཀྱི་མཚན་ཉིད་གང་།། དགའ་བ་ཆེན་པོར་དེ་བརྗོད་བྱ་ཞེས་སོ།། ཐར་པ་ཞེས་པ་ལ་གསུངས ་པཱ་ཡང་། འཁོར་བ་ལས་འདས་ཐམས་ཅད་ལུས་ལ་གནས།། གང་གིས་ཀྱང་ནི་བཅིངས་མིན་གྲོལ་མིན་པ།། མཆོག་ཏུ་མི་འགྱུར་བདེ་བ་ཐར་པ་ཅེས་བརྗོད་བྱ་ཞེས་སོ།། དེ་ཚེ་རྡོ་རྗེ་རྐང་པས་གར།། མཉམ་བཞག་རྣལ་འབྱོར་པ ་ཡིས་བྱ་ཞེས་པ་ལ་འདིའི་ངེས་པའི་དོན་ནི། དཔལ་དྲི་མ་མེད་པའི་འོད་དུ་གསུངས་པ་ཡང་། གཡས་པ་བསྐུམ་པ་གང་ཡིན་པ་དེ་ནི་གཡོན་བརྐྱང་གི་རྐང་པར་བརྗོད་དོ།། གྲངས་ཇི་ལྟ་བ་བཞིན་ཏེ། གཅིག་ཅར་ཉིད་དུ་རྩ་གཉིས་ལ་དབུ ་མར་རྒྱུ་བ་ལས་མཉམ་པའི་རྐང་པར་འགྱུར་རོ།། གཡོན་པ་བསྐུམ་པ་ལས་གཡས་བརྐྱང་གི་རྐང་པར་འགྱུར་རོ།། པདྨའི་གདན་དང་རྡོ་རྗེའི་གདན་གང་ཡིན་པ་ནི་རིམ་པ་ཇི་ལྟ་བ་བཞིན་དུ། ན་མཁའི་དཀྱིལ་འཁོར་ལ་སྲོག་རྒྱུ་བ་ནས་གའི ་རྐང་པའོ།། རླུང་གི་དཀྱིལ་འཁོར་རབ་ཏུ་རྒྱུ་བ་ནི་ཟླུམ་པོའི་རྐང་སྟབས་སོ།། མེའི་དཀྱིལ་འཁོར་ལ་རབ་ཏུ་རྒྱུ་བ་ནི་རོལ་པའི་རྐང་སྟབས་སོ།། ཆུའི་དཀྱིལ་འཁོར་ལ་རབ་ཏུ་རྒྱུ་བ་ནི་པདྨའི་འདུག་སྟངས་སོ།། སུའི་དཀྱིལ་འཁོར་ལ་རབ་ཏུ་རྒྱུ་བ་ནི ་རྡོ་རྗེའི་འདུག་སྟངས་ཏེ། དེ་ལྟར་མཉམ་དང་མི་མཉམ་བགྲོད་མ་སྲོག་རླུང་རབ་ཏུ་རྣམ་པ་ལྔ་གང་ཡིན་པ་དེའི་རྣམ་པར་དག་པས་ལྷ་རྣམས་ཀྱི་རྐང་སྟབས་དང་འདུག་སྟངས་རྣམ་པར་དག་པའོ་ཞེས་སོ།། དཔལ་གསང་བའི་རྒྱན་བཀོད ་པར་ཡང་གསུངས་པ། དགའ་བའི་རྣལ་འབྱོར་ཡང་དག་གནས།། ལྷ་མོ་བཞི་དང་འགྲོགས་པ་ལས།། བཅོམ་ལྡན་འདོད་ཅན་གར་མཛད་དེ།། གར་མཛད་རྡོ་རྗེ་རོལ་སོགས་ཁ་སྦྱོར་ལས།། གསང་བའི་སྙིང ་པོ་ཐུབ་པ་ཆེ།། ཀུན་གྱི་བདག་ཉིད་དེར་ཞུགས་ནས།། རྡོ་རྗེ་ལྷ་མོ་མཉམ་ལྡན་པས།། ཟློས་གར་ཀུན་ལ་གར་མཛད་དོ།། གླུ་ནི་རྣམ་དག་སྔགས་སུ་གནས།། གར་ནི་བསྒོམ་པའི་རྣམ་པའོ།། དེ་ཡི་ཕྱིར་ན་གླུ་དང་གར།། ཡོ་ག་ཏཱི ་རྟག་ཏུ་རྟག་ཏུ་བྱ་ཞེས་པའོ།། སྨན་ནི་བཟའ་བར་བྱ་བ་སྡེ་ཞེས་པ་ལ་སོགས་པ་ལ་སྨན་ནི་བདུད་རྩི་ལྔ་ལ་སོགས་པའོ།། འདིའི་དོན་ནི་འདི་ཡིན་ཏེ། དཔལ་བདེ་བ་ཆེན་པོ་རྟོག་པའི་རྒྱུད་ཆེན་པོར་གསུངས་པ་ཡང་། རྣམ་པར་མི་རྟོག ་མོས་པ་ཡིས།། སྒྲུབ་པོ་མཆོག་གིས་བསྒྲུབ་པར་བྱ།། ཁྲག་དང་ཁུ་བ་དེ་བཞིན་ཤ། གཅི་བ་བཤད་བ་ཉིད་ཀྱང་ངོ་།། ང་ཡིས་ཕྱི་རུ་གང་བཤད་པའི།། དམ་ཚིག་ཅེས་པ་འབད་པ་ཡིས།། དེ་ཀུན་དེ་བཞིན་གཤེགས་པ ་སྟེ།། ཀླ་ཀློ་ཡི་ནི་ཐ་སྙད་ལས།། གང་ཚེ་སེམས་ནི་མཉམ་ཆགས་པ།། སེམས་ཅན་ཕན་ལ་རབ་ཏུ་འཇུག། རྟག་ཏུ་ཆགས་པའི་སེམས་དེ་ཉིད།། གང་ཚེ་སེམས་ཅན་ཡོད་མིན་པ།། འདི་ཡི་དོན་ནི་རྟོགས་པ་ཡིས།། ཁྲག་ནི། ་ཟོས་པར་འགྱུར་བ་ཡིན།། ཁྲག་ཆེན་པོ་ནི་ཟོས་པ་ན།། འོད་དཔག་མེད་པར་འགྲོ་བར་བྱེད།། ཆོས་རྣམས་སྐྱེ་བ་མེད་པ་གང་།། ཁུ་བའི་སྒྲ་ཡིས་སྒྲར་བྱ་བ།། དེ་ནི་སེ་མེད་རྟོགས་པ་ལས།། ཟ་བར་ཡང་དག་བརྗོད་པ་ཡིན།། ད་ངེས ་པོ་རྣམས་ཀྱིས་མཉམ་ཉིད་གང་།། ཤ་ཞེས་རབ་ཏུ་གསལ་བྱས་པ།། མ་སྐྱེས་སྦྱོར་བ་བྲལ་བ་ལས།། ཟ་བ་ཅེས་པར་མངོན་བརྗོད་བྱ།། གང་ཞིག་སེམས་ནི་རབ་ཟག་པ།། དམ་ཚིག་དོན་ལ་རྗེས་སྦྱོར་ལས།། མི་བསྐྱོད ་ཅེས་པར་དེ་ལ་གསུངས།། དེ་ཡི་ལས་སྦྱོར་ལས་འཐུངས་པའོ།། སེམས་གནས་པ་འམ་བརྗོད་པ་འམ།། ཅུང་ཟད་ཀྱང་ནི་ཡོད་མིན་པ།། དེ་ནི་བཤང་བར་གསུངས་པའོ།། དེ་རྟོགས་མེད་ཕྱིར་ཟོས་པའོ།། འདི་ནི ་དམ་ཚིག་རྣམས་ཀྱི་ནི།། མཚན་ཉིད་གསལ་བར་བཤད་པའོ།། དོན་འདི་ངེས་པར་རྟོགས་པ་ཡིས།། སངས་རྒྱས་ཆོས་རྣམས་རྗེ་སུ་རྟོགས།། དམ་ཚིག་འདི་རྣམས་ལ་འཇུག་ཕྱིར།། དམི་ཚིག་སེམས་དཔར་བརྗོད ་པར་བྱ་ཞེས་པ་ལ་སོགས་པའོ།། གཞན་ཐམས་ཅད་ནི་དྲང་བའི་དོན་གྱིས་གོ་སླའོ།། ཐལ་བ་སྐྲ་ཡི་མཆོད་ཕྱིར་ཐོགས་ཞེས་པ་ལ་གསུངས་པ་ཡང་། བྱང་ཆུབ་སེམས་ནི་སྟེང་དུ་འགྱུར།། ཡན་ལག་ཀུན་ལ་རྣམ་གནས ་པ།། དེ་ཉིད་ཐལ་བ་དག་པར་བརྗོད།། ཕྱི་དང་ནང་དུ་ཡང་དག་གནས།། ཞེསོ།། སྐྲ་ཞེས་པ་ལ་ཀཾ་ནཱི་མགོ་བོ་སྟཽ་ཡན་ལག་མཆོག་གོ། དེར་གནས་པའི་དབང་ལྡན་ནི། གཙོ་བོ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་འཛིན་པ་ཡིན་ལ། དག ་བྱེད་ཀྱང་སྟེ་སྒྲིབ་པ་སྤངས་པ་ཉིད་ཀྱི་ཕྱིར་དང་རང་བཞིན་གྱིས་འོད་གསལ་བ་ཉིད་ཀྱི་ཕྱིར་ན། དག་བྱེད་ཞེས་པ་ངེས་པའི་དོན་ཏོ།། རྡོ་རྗེ་ཐོད་པའི་སྤྱོད་པ་ཞེས་པ་ལ་དཔལ་སངས་རྒྱས་ཐོད་པའི་རྒྱུད་དུ་གསུངས་པ་ཡང་། ་རྡོ་རྗེ་སངས་རྒྱས་ཞེས་པར་བཤད།། ཐོད་པ་གསང་བར་ཡང་དག་གནས།། ཞེས་སོ།། སྤྱོད་པར་བྱེད་པས་ན་སྤྱོད་པ་ཅེས་པ་གསང་བ་ལས་ཀྱང་ཤིན་ཏུ་གསང་བའི་ཡེ་ཤེས་ཏེ། དེའི་རང་བཞིན་དུ་བྱེད ་པ་ནི། སྤྱོད་པ་ཞེས་མངོན་པར་བརྗོད་པར་བྱའོ།། ལུས་ཀྱི་སྦྱིན་པ་བྱིན་ནས་ནི། ཞེས་པ་ཚིག་འདིའི་རྒྱས་པར་བཤད་པའི་ཚིག་ནི་དཔལ་དྲི་མ་དང་བྲལ་བའི་འོད་དུ་གསུངས་པ་དེས་དམ་བཅའ་བ་འདི་བྱ་སྟེ། བདག་གིས་དུས ་ཐམས་ཅད་དུ་དངོས་པོ་ཐམས་ཅད་ཀྱི་དྲུག་ཆ་སྦྱིན་པར་དབུལ་བར་བྱའོ་ཞེས་སོ།། དང་པོར་རེ་ཞིག་དྲུག་ཆ་ལུས་ཀྱི་ནང་ནས་ལག་པ་རྐང་པ་ལུས་ལས་ཞེས་པ་ལག་པ་གཉིས་དང་རྐང་པ་གཉིས་དང་ལུས་ཏེ་ལྔ་པོ་འདི་རྣམས ་ལྔས་དྲུག་པ་ཡན་ལག་མཆོག་སློབ་དཔོན་ལ་ཕྱག་འཚལ་བའི་དོན་དུ་སྦྱིན་པར་རབ་ཏུ་དབུལ་བར་བྱའོ།། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་ལྡན་པའི་བླ་མ་ལ་ཕྱག་བྱས་ནས་མཆོག་གི་ཕྱག་རྒྱ་རྗེས་སུ་རིག་པའི ་བདེ་བའི་གོ་འཕང་དུ་འགྲོ་ཞིང་སྦྱིན་པ་སྦྱིན་པར་བྱེད་དོ།། དེ་བཞིན་དུ་ངག་དོང་ལག་པ་དང་། རྐང་པ་དང་། བཤང་ལམ་དང་། ཉེར་གནས་ཏེ་ལས་ཀྱི་དབང་པོ་རྣམས་ལས་དོག་གོ་ཉིད་བདེན་པར་སྨྲ་བའི་དོན་དུ་དབུལ་བར་བྱའོ།། ་སྐལ་བ་སྐལ་མེད་རྣམ་དཔྱད་པ་ཅེས་པ་གཅིག་དང་དུ་མ་དང་བྲལ་བས་ན་སྦྱིན་པར་བྱ་བ་དང་། སྦྱིན་པ་པོ་དང་ལེན་པ་པོ་སྟེ་གསུམ་པོ་མི་དམིགས་པའི་ཚུལ་གྱིས་སྦྱིན་པར་བྱའོ་ཞེས་པའོ།། སྦྱིན་མི་བྱ་ཞེས་པ་སྦྱིན ་བྱའི་རྣམ་པར་རྟོག་པ་དེའི་ཕྱིར་མི་བྱའོ་ཞེས་པའི་དོན་ཏོ།། སྦྱིན་སྲེག་མཆོད་སྦྱིན་དཀའ་ཐུབ་འདས་ཞེས་པ་ལ་སོགས་པ། སྦྱིན་སྲེག་མེད་ཅིང་མཆོད་སྦྱིན་མེད།། དཀའ་ཐུབ་མེད་ཅིང་བྱ་དཀའ་མེད།། འགྲོ་བ་གསུམ ་པོ་ཐམས་ཅད་ཡོད།། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས།། སྒོམ་ཡང་སྒོམ་པ་མ་ཡིན་ནོ་ཞེས་སོ།། བརྒྱ་བྱིན་ལྟ་བུའི་ལྷ་མིན་གང་ཞེས་པ་ལ་སོགས་པ་ལ་དཔལ་སམ་པུ་ཊར་གསུངས་པ་ཡང་། དེ་ནས་རང་གི ་འདུན་པ་ཡིས།། དོགས་པ་ཀུན་ལས་ཕྱིར་ཕྱོགས་པས།། དེ་ཉིད་ལྡན་པའི་བདག་ཉིད་དཔྱང་།། སེང་གེ་ལྟ་བུར་ཀུན་ཏུའོ་ཞེས་སོ།། གསུངས་པ་ཡང་། བདག་མེད་སེང་གེའི་སྒྲ་དང་ལྡན།། མུ་སྟེགས་རི་དགས་ངན ་འཇིགས་བྱེད་ཅེས་སོ།། སྙིང་རྗེས་བཏུང་བར་བྱ་ཞེས་པ་སྙིང་རྗེ་ནི་བྱང་ཆུབ་ཀྱི་སེམས་ཞུ་བའི་རོའོ།། འདིའི་ངེས་པའི་དོན་ནི་རྒྱུད་གཞན་དུ་ཡང་གསུངས་པ། སྲོག་དང་རྩོལ་བའི་མེ་ཡིས་བྱང་ཆུབ་སེམས་ཀྱི་ཁུ་བ་ཞུ་བ་ནི། ་ཐིག་ལེའི་གཟུགས་ཅན་བཏུང་བའི་རྡོ་རྗེའི་རྩེ་མོས་ཕྱུང་ནས་གང་།། ལྷན་ཅིག་སྐྱེས་པའི་དགའ་བ་སྐྱེད་བྱེད་མྱོས་བྱེད་བཏུང་བ་ནི།། རྣལ་འབྱོར་པ་ཡིས་རྣལ་འབྱོར་ལྡན་པས་བཏུང་བྱོར་བྱའོ་ཞེས་སོ།། དཔལ་དང་པོའི ་སངས་རྒྱས་སུ་ཡང་གསུངས་པ་ཡང་། ཉིན་དང་མཚན་མོར་ཐིག་ལེའི་ལས་གང་དཀར་པོའི་རྒྱུན་འབབ་མཱ་མ་ཀཱི་ཏཽ་ཆང་མ་ཡིན།། གོ་ཀུ་ལི་སོགས་མིག་ལ་སོགས་པ་ཉིན་ཞག་སོ་སོར་སྤྲོ་སྟེ་ཤ་གཞན་རས་འགའ ་མིན།། རང་རིག་སར་གནས་ལྷ་རྣམས་ཀྱིས་ནི་དག་པའི་ལུས་ལ་བདུད་རྩི་ལྔ་རྣམས་བསྙེན་པ་སྟེ།། སྟོང་པར་སེམས་རབ་ཞུགས་པས་རོ་མཉམ་བྱེད་པ་འཁྲིག་པ་དེ་ནི་སྐྱེ་གནས་ལ་མ་ཡིན་ཞེས ་སྐྱོ།། རྣལ་འབྱོར་ཞེས་པ་དཔལ་རྡོ་རྗེ་རྩེ་མོར་གསུངས་པ་ཡང་། ཡོད་དང་མེད་ལས་རྣམ་པར་འདས།། དངོས་དང་དངོས་མེད་གཉིས་ཟད་ཅིང་།། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ།། རྡོ་རྗེའི་རྣལ་འབྱོར་བདེ་བ་ཆེ།། ཞེས་པ་ལ ་སོགས་པའོ།། གཞན་ཐམས་ཅད་ནི་དྲང་བའི་དོན་གྱིས་གོ་སླའོ།། ཕྱི་རོལ་ཏུ་ནི་ལྷ་རྣམས་གཏོར་མའི་དོན་དུ་གསུངས་པའོ་ཞེས་པའོ།། དཔལ་སཾ་པཱུ་ཊེ་རུ་གསུངས་པ་ཡང་། ཕུང་པོ་ཁྱམས་སོགས་མཚན་ཉིད་ནི།། ཐམས ་ཅང་རྨི་ལམ་སྒྱུ་མ་བཞིན།། ཁམས་གསུམ་འདི་ཀུན་ཐམས་ཅད་ཀྱང་།། མདོར་བསྡུས་པ་ལས་ཤེས་ནས་གནས་ཞེས་སོ།། འདིའི་དོན་ནི་འདི་ཡིན་ཏེ། དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཐབས་ལ་མཁས་པའི ་ལེའུར་གསུ་རིངས་པ་ཡང་། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྨི་ལམ་གྱི་ནང་དུ་སོན་པ་ན་ཡང་། ཆོས་ཐམས་ཅད་རྨི་ལམ་ལྟ་བུ་རྣམས་སུ་ཞེས་རྣམ་པར་ལྟ་ཞིང་མངོན་སུམ་དུ་ཡང ་མི་བྱེད་ན། རབ་འབྱོར་འདི་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ་ཞེས་སོ།། དེ་བཞིན་དུ་སླར་ཡང་རྨི་ལམ་གྱི་ནང་དེ་ན་སང་བའི་དེ་མ་ཐག ་ཏུ་ལངས་པའི་འདི་ལྟར་འགྱུར་ཏེ། ཁམས་གསུམ་པའི་བདག་ཉིད་འདི་ཐམས་ཅད་ནི་རྨི་ལམ་ལྟ་བུ་སྨྲ། བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་ནས་ཡང་དག་པར་བསྟན་པས་ཆོས ་བསྟན་པར་བྱའོ་ཞེས་སོ།། སྒྲིབ་པ་ཀུནྡ་ལཱས་རྣམ་པར་གྲོལ།། མཚོ་དང་དབང་ཕྱུག་ངུ་བ་དང་།། དེ་བཞིན་འཇིག་རྟེན་ཆོས་བརྒྱད་རྣམས།། ཐམས་ཅད་ཤིན་ཏོ་རིང་བོར་སྦྱང་།། དྲི་སྐད་དུ་ཡང་གསུངས་པ། རྣལ་འབྱོར ་དབང་པོ་རྣལ་འབྱོར་མ་ཐོབ་རབ་ཏུ་གཡོ་བའི་ཡིད་ཀྱིས་རེས་འགའ་ཤྲཱི་གྱུར་ན།། དཔལ་ལྡན་མི་ཡི་འཇིག་རྟེན་དུ་ནི་རབ་མཆོག་ཐུབ་པའི་རིགས་སུ་རྣལ་འབྱོར་ལྡན་སྐྱེ་འགྱུར།། སྔོན་གྱི་གོམས་པ་དེ་ཡིས་སླར་ཡང་ཡེ་ཤེས ་རྣལ་འབྱོར་ཡངས་པ་ཀུན་ཏུ་འཛིན་པར་འགྱུར།། ཡེ་ཤེས་ཐོབ་ན་མི་ཟད་མཆོག་གི་གན་ས་རབ་འགྲོ་གང་དུ་སླར་ཡང་སྐྱེ་ལྡན་མིན་ཞེས་པ་དཔལ་ཀྱེའི་རྡོ་རྗེའི་རྒྱུད་དུ་ཁ་ཆེ་ཆེན་པོས་རྟོགས་པར་རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས ་པའི་དཀའ་འགྲེལ་དུ། སྤྱོད་པའི་ལེའུ་སྟེ་དྲུག་པའོ།། ། ད་ནི་ཙྪེ་མཱའི་ལེའུ་གསུངས་པ། དང་པོར་ཡི་གེའི་བརྡ་ཡིས་དངོས་པོའི་ཆོས་རིག་པར་བྱ་སྟེ། གནས་ལ་སོགས་པར་ཚོགས་ཀྱི་འཁོར ་ལོ་ལ་སོགས་པ་ལའོ།། དམ་ཚིག་མེད་པའི་སེམས་ཅན་གྱི་ནང་དུ་ཙྪོ་མ་སྟེ་དགོངས་པའི་སྐད་གཞན་གྱིས་རྣལ་འབྱོར་པ་འམ། རྣལ་འབྱོར་མས་སྨྲ་བར་བྱའོ་ཞེས་པ་རྒྱུད་ཐམས་ཅད་ཀྱི་ངེས་པའོ།། གང་ཕྱིར་སོར ་མོ་གཅིག་སྟོན་དང་།། གཉིས་ཀྱིས་ལེགས་པར་འོངས་པ་ཡིན།། བསྙུན་གྱི་ཕྱག་རྒྱར་ཤེས་བྱ་སྟེ།། གཡོན་པའི་མཐེ་བོང་བསྡམས་པ་ལ།། གང་ཞིག་མིང་མེད་སྟེར་བ་ན།། དེ་ཡི ་མཐེ་ཆུང་སྦྱིན་པར་བྱ།། གང་ཞིག་གུང་མོ་སྟོན་པ་ལ།། དེ་ཡི་ཕྱོགས་གཅིག་པ་སྦྱིན་བྱ། ཞེས་པ་ལ་སོགས་པ། ཡན་ལིག་གི་བརྡ་སྟེ་འདིའི་རིམ་པ་རྟོགས་པར་བྱ་ཞིང་ཕྱག་རྒྱ་དང་ཕྱག་རྒྱའི་ཡན་གྱིས་དམ་ཚིག་ཅན ་དང་། དེ་མ་ཡིན་པར་དབྱེ་བར་བྱ་སྟེ། དེ་ལྟར་དྲང་བའི་དོན་ཏོ།། ད་ནི་ངེས་པའི་དོན་གསལ་བར་བྱ་སྟེ། དཔལ་རྡོ་རྗེ་བདུད་རྩིར་གསུངས་པ་ཡང་། རྣལ་འབྱོར་ཕྱོག་རྒྱ་བརྟག་ཅེས་བྱ།། ལག་པའི་ཕྱག་རྒྱ་མི་བསྟན་ཏེ།། ་ཕྱག་རྒྱ་ཡིད་ཆེས་ངོ་བོ་ནི།། ལྷོ་ཉིད་ཀྱི་ནི་བཙུན་མོ་མཆོག། བྷ་གའི་པདྨ་མཆོད་པར་བྱ།། དབང་པོའི་བདེ་བ་ཐམས་ཅད་ཀྱང་།། རྡོ་རྗེ་པདྨ་མཉམ་སྦྱོར་བས།། བྱ་བ་ཐམས་ཅད་བསྒྲུབ་པར་བྱ་ཞེས་སོ།། ཇི་ལྟར་དཔག ་བིསམ་ཤིང་ཆེན་པོ།། ཡལ་ག་བརྒྱ་ཕྱག་སྟོང་ཡོད་པ།། དེར་ནི་དེ་ལས་རྩི་བ་གཟུང་།། དེ་ནི་བསྐྱེད་པའི་བྱེད་རྒྱུའོ།། དེ་བཞིན་བདུད་རྩི་འབབ་པའི་རྩ།། སྔགས་དང་ཕྱག་རྒྱ་རྣམས་ཀྱི་མཾ།། ཕྱོག་རྒྱ་ཐམས་ཅད་སྐྱེད་བྱེད་པ ་བྷ་གའི་དབུས་ན་རྣམ་པར་གནས་ཞེས་སོ།། གསུངས་པ་ཡང་། ཕུང་པོ་སྐྱེ་མཆེད་ཁམས་རྣམས་ཀུན།། ཕྱག་རྒྱ་ཡིས་ནི་རྒྱས་བཏབ་པ།། ཕྱག་རྒྱ་དེ་ཡིས་རྟག་ཏུ་བཀོད།། དཀྱིལ་འཁོར་ཞེས་པ་རྣམ་པར་བསྟན།། ་དཔལ་འདུས་པར་གསུངས་པ་ཡང་། གལ་ཏེ་བྱང་ཆུབ་མཆོག་འདོད་ན།། ལག་པའི་ཕྱག་རྒྱ་བཅིང་མི་བྱ།། དམ་ཚིག་འདི་ནི་སྔགས་ཀུན་དང་།། རྒྱལ་བ་ཡིས་ཀྱང་མི་འདའོ།། དེ་ལྟར་ཕྱག་རྒྱ་མི་བཅིང་བར་གསུངས་པ ་ན། རྡོ་རྗེ་བཅིང་བའོ་ཞེས་པ་བཅོམ་ལྡན་འདས་ཀྱིས་ངེས་པའོ།། འདིའི་དོན་འདི་ཡིན་ཏེ། དཔལ་ཐམས་ཅད་གསང་བར་གསུངས་པ། ང་རྒྱལ་མེད་ཅིང་སྣང་བ་མེད།། མཚན་མ་མེད་ཅིང་གསལ་བྱེད་མིན།། བདག ་མེང་མཉམ་ཉིད་ཡེ་ཤེས་ནི།། རྡོ་རྗེ་བཅིང་བ་ཞེས་པར་བཤད།། དེ་བཞིན་དུ་ཕྱག་རྒྱ་གཅིག་སྟོན་པ་ལ་ཡང་ཕྱག་རྒྱའི་ལན་དུ་མར་འགྱུར་ཏེ། དེའི་ཕྱིར་ནུས་པ་དང་བྲལ་བས་ཕྱག་རྒྱའི་ལན་བསྟན་པར་མི་བྱའི། འདི་རྣམས་ལ ་ཕྱག་འཚལ་བ་བྱས་ནས། སྙིང་གར་ལག་པ་གཡོན་པའི་མཐིལ་བཞག་སྟེ་རང་གི་ལུས་གཡོན་སྐོར་དུ་བསྐོར་ལ་དེ་ནུས་ལུག་པ་གཡོན་གྱིས་ཕྱག་བྱས་ནས་འགྲོ་བར་བྱ་ཞིང་དེ་རྣམས་དང་ལྷན་ཅིག་རྩོད་པོར་མི་བྱའོ།། བྱིས ་པོའི་རྣལ་འབྱོར་པོ་རྣམས་ལ་ངེས་པ་གང་བྱིན་པ་དེ་དེ་ཡིས་བྱའོ།། རྣམ་པཾ་གཞན་དུ་ན་འཆི་བ་འཐོབ་སྟེ་ཁྲོས་པའི་ཕོ་ཉ་མོ་ནུས་པ་དང་ལྡན་པའོ།། ཀྱེ་བཅོམ་ལྡན་འདས་གནས་ལ་སོགས་པ་དེ་རྣམས་དུ་ལགས། མཆོག ་གི་གནས་ལྀ་སོགས་པ་ཛཱ་ལནྡྷ་ར་ལ་སོགས་པའི་གནས་ལྀ་སོགས་པའོ།། འདིའི་ངེས་པའི་དོན་ནི་རྒྱུད་གཞན་དུ་གསུངས་པ། མཆོག་གནས་ཞེས་པ་ཤེས་རབ་བཤད།། བདག་ཉིད་གནས་ནི་ཐབས་ཡིན་ནོ།། ་འདི་དག་གཉིས་སུ་བྱར་མེད་པ།། རྣལ་འབྱོར་གནས་ཞེས་བཞག་པ་ཡིན།། དེ་ཉིད་གནས་ནི་དེ་ལས་སྐྱེས།། དེ་དང་བྲལ་བར་གང་གྱུར་པ།། ལྷན་ཅིག་སྐྱེས་པར་ཡང་དག་བཤད།། ངག་གི ་ལམ་འདས་སྤྱོད་ཡུལ་ལོ་ཞེས་སོ།། དཔལ་དང་པོའི་སངས་རྒྱས་སུ་ཡང་གསུངས་པ། གནས་ནི་བུད་མེད་གསང་བའི་པདྨར་རབ་འགྱུར་དམ་ཚིག་ལ་ནི་རྡོ་རྗེ་ཉིད་ཉེའི་གནས།། ཞིང་དང་ཚན་དོ་ཧ་དང་འདུས་པ་དུར་ཁྲོད་ས ་ཞི་དེ་བཞིན་དེ་ལྟར་མཐའ་དག་གོ་ཞེས་པ་ལ་སོགས་པའོ།། གསུངས་པ་ཡང་། འདིར་ཐུན་མོང་གིས་བྱིས་པ་རྣམས་ཡུལ་དུ་འཁམ་པའི་དོན་དུ་ཛཱ་ལནྟ་ར་ལ་སོགས་པ་གནས་ལ་སོགས་པར་གསུངས་ཏེ་དེ་ཉིད་ཀྱི་ཐམས ་ཅད་དུ་ཁྱབ་པར་བྱེད་པར་མི་འགྱུར་ཏེ། རྣལ་འབྱོར་མ་རྣམས་ཀྱི་རིགས་སུམ་ཅུ་རྩ་དྲུག་ནི་གྲོང་ཁྱེར་གཅིག་ཏུ་ཡང་གནས་ལ། གོང་གིས་ན་འདིར་མཚོ་ག་གྲི་དང་པོའོ་སངས་རྒྱས་སུ་གསུངས་པ་ནི། ས་ཐམས་ཅད ་དུ་ཁྱབ་པར་བྱེད་པོ་ཉིད་ཀྱི་ཕྱིར་རོ།། འདིར་དཔལ་འཁོར་ལོ་སྡོམ་པར། གང་གནས་དང་ཉེ་བའི་གནས་ལ་སོགས་པར་གསུངས་པ། དེ་རྣམས་དཔལ་ཀྱེའི་རྡོ་རྗེར་ཞིང་དང་ཉེ་བའི་ཞིང་ལ་སོགས་པ་རྣམས་སུ་འཁྲགས ་འཁྲུགས་སུ་གསུངས་སོ།། རྣལ་འབྱོར་པ་རྣམས་ཀྱིས་འཇིག་རྟེན་པའི་དངོས་གྲུབ་རྣམས་ཀྱང་ཕྱི་རོལ་གྱི་གནས་ལ་སོགས་པར་ཇི་ལྟ་བ་བཞིན་དུ་མི་འགྱུར་རོ།། ནང་དུ་ནི་མ་རིག་པ་ལ་སོགས་པའི་ཡན་ལག་བཅུ ་གཉིས་འགགས་པ་རྣམས་རྒྱུ་ཤི་ལ་སོགས་པའི་འགོག་པས་གནས་ལ་སྩོགས་པ་རྣམས་རྟོགས་པར་བྱའོ།། དེ་སྐད་དུ་ཡང་གསུངས་བྱ། ངེས་འབྱུང་ཀུན་གྱི་ལམ་ལ་གནས།། ངེས་པར་འབྱུང་བ་ཀུན་སྟོན་པ།། ཡན ་ལྷག་བཅུ་གཉིས་སྲིད་རྩ་བཏོན།། དག་པ་རྣམ་པ་བཅུ་གཉིས་འཆང་ཞེས་སོ།། གནས་ལ་སོགས་པ་དེ་རྣམས་སུ་རིམ་པ་ཇི་ལྟ་བར་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྣམས་རྟོགས་པར་བྱའོ།། འདིའི་ངེས་པའི་དོན ་ནི་རྒྱུད་གཞན་དུ་གསུངས་པ། མཚན་ཉིད་བཞི་ཡི་སྦྱོར་བ་ལས།། གང་དུ་རྟག་ཏུ་ཆགས་བྲལ་བ།། རྣམ་པ་ཐམས་ཅད་མཆོག་ལྡན་པ།། དེ་ནི་དཔའ་བོ་ཞེས་པར་བཤད།། དཱིར་ནི་དབང་ཕྱུག་ཡང་དག་ཐོབ།། སྟོང ་ཉིད་སྙིང་རྗེའི་བདག་ཉིད་ཅན།། ལྷན་ཅིག་སྐྱེས་དགེའི་རང་བཞིན་ཏེ།། དཔའ་བོའི་དབང་ཕྱུག་མ་ཞེས་འགྱུར། དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་རྣམ་པར་དག་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད ་ལ་སོགས་པ་བྱང་ཆུབ་ཀྱི་སེམས་ལྷའི་ངོ་བོ་སོ་འོང་བ་འམ། འགྲོ་བའོ།། འདི་རྣམས་རིམ་པ་ཇི་ལྟ་བུར་སྤྱི་གཙུག་དང་། སྤྱི་བོ་དང་། རྣ་བ་གཡས་པ་དང་། ལྷག་པ་དང་། རྣ་བ་གཡོན་པ་དང་། སྨིན་མོའི་དབུས ་དང་། མིག་དང་། དཔུང་པའི་རྩ་བ་དང་། མཚན་ཁུང་དང་། ནུ་མ་ཟུང་དང་། ལྟེ་བ་དང་། སྣའི་རྩེ་མོ་དང་། ཁ་དང་། མགྲིན་པའི་ཕྱོགས་དང་། སྙིང་ཁ་དང་། འདོམས་པར་དང་། རྟགས་དང་། བཤང ་ལམ་དང་། བརླའི་ཕྱོགས་དང་། བྱིན་པ་དང་། སོར་མོ་དང་། རྐང་པའི་བོལ་དང་། པུས་མོ་རྣམས་དབང་བྱེད་པ་ལ་སོགས་པ་སྟེ། སྐྱེ་བར་བྱེད། གནས་པར་བྱེད། ཐིམ་པར་བྱེད་དོ།། པཱ་ལླི ་རརུ་དབང་བྱེད་ཅིང་།། ཛཱ་ལནྡྷ་རར་ལོངས་སྤྱོད་བཤད།། ཨོཾ་ཌི་ཡཱ་ནར་ཐིམ་པར་བརྗོད།། གནས་ལ་སོགས་པའི་བཞི་དང་བཞིར།། ཡན་ལག་ཀུན་ལ་ཐིམ་པར་འགྲོ། ཧེ་རུ་ཀ་ཡི་མཚོན་ཉིང་ངོ་།། སྤྲུལ་པ་ཡིས་ནི་རྟག ་ཏུ་སྐྱེ།། ལོངས་སྤྱོད་རྫོགས་པ་གནས་པའི་རྒྱུ།། ཆོས་ཀྱི་སྐུ་ཡི་རང་བཞིན་གྱིས།། ཐིམ་པར་གྱུར་ཏེ་ཐེ་ཚོམ་མེད།། དེ་ལྟར་ལུས་ཀྱི་རྣམ་དབྱེ་བས།། དབང་བྱེད་ལོངས་སྤྱོད་ཐིམ་པ་རྣམས།། གནས་འདི་རྣམས་སུ་ཇི་ལྟ ་བཞིན།། རྟག་ཏུ་དགུའ་བ་སྐྱེ་བར་འགྱུར།། སྐྱེ་བར་བྱེད་ཅིང་གནས་པར་བྱེད།། ཐིམ་པར་བྱེད་དེ་རིམ་པས་སོ།། སྔ་མི་འགག་པ་ནི་ཕྱི་མོ་སྐྱེ་བའོ།། དཔལ་དང་པོའོ་སངས་རྒྱས་སུ་གསུངས་པ་ཡང་། སྲོག་གི ་རྩོལ་བའི་མེ་ཡིས་རི་བོང་ཅན་ནི་ཞུ་བའམ་བཏུང་བ་ཆང་ནི་བཏུང་བའོ།། མཐེ་བོའི་ཚིགས་ལས་གཙུག་ཏོར་དུ་ནི་ཉའི་མཐར་རང་སེམས་འགྲོ་སྟེ་ཆོས་ཀྱི་དབང་གིས་སོ།། གཙུག་ཏོར་ནས་ནི་སོར་མོ་རྣམས་སུ་སླར་ཡང ་འདི་འགྲོ་ནག་པོའི་ཕྱོགས་ཀྱི་མཐའ་རུའོ།། རྣལ་འབྱོར་པ་རྣམས་སྤྱོད་པ་གང་དེ་ཉིན་ཞག་སོ་སོའི་དུས་སུ་འདོད་པའི་དངོས་གྲུབ་སྟེ་ཞེས་སོ།། དེ་བཞིན་དུ་དཔལ་མཚན་ཡང་དག་པར་བརྗོད་པར་ཡང་གསུངས་པ། ་ས་ཡི་དཀྱིལ་འཁོར་གཞི་ལ་གནས།། རྐང་པ་ཡ་གཅིག་མཐིལ་གྱིས་གནོན།། རྐང་མཐེབ་སེན་མོ་ལ་གནས་པས།། ཚངས་པའི་སྒོ་ངའི་རྩེ་མོ་གནོན།། དོན་གཅིག་གཉིས་མེད་ཆོས་ཀྱི་དོན།། དམ་པའི་དོན ་ཏེ་འཇིགས་པ་མེད།། རྣམ་རིག་སྣ་ཚོགས་གཟུགས་དོན་ཅན།། སེམས་དང་རྣམ་ཤེས་རྒྱུད་དང་ལྡན་ཞེས་པ་ལ་སོགས་པ་སྟེ། འདི་ནི་འཆི་བའི་མཐའ་དང་སྐྱེ་བའི་མཐར་རྟོགས་པའི་ཆོས་གོས་དག་གིའོ་ཞེས་རིག་པར་བྱའོ།། ་འདིའི་དོན་འདི་ནི་དཔལ་ཐམས་ཅད་གསང་བར་གསུངས་པ་ཡང་། སངས་རྒྱས་ཀུན་གྱི་བདོག་པ་ཀུན།། རང་གི་སེམས་ཀྱི་ཆོས་སུ་འདུས།། ཆོས་ཀྱི་བདག་མེད་རྣལ་འབྱོར་གྱིས།། རང་ཉིད་བསང་བྱ་འཆི་བར་འགྱུར། ་རང་གི་སེམས་ཉིད་བསད་བྱ་སྟེ།། སེམས་ཉིད་ཁོ་ན་གསེང་བྱར་བྱེད།། རང་སེམས་ཉིད་ནི་རྫོགས་སངས་རྒྱས།། སེམས་ཉིད་རྟོགས་པར་བྱ་བ་ཡང་གསུངས་པ། གནས་རྣམས་ཉི་ཤུ་རྩ་བཞི་རྣམས།། ས་བཅུ ་རྣམ་པར་དག་པ་ལས།། འདི་ཡི་དོན་ནི་འདི་ཡིན་ཏེ།། སྦྱིན་པས་རབ་དགའ་རྣལ་འབྱོར་པའི།། ཚུལ་ཁྲིམས་ལྡན་པ་དྲི་མེད་འགྱུར།། བཟོད་པས་འོད་བྱེད་པ་རུ་བསྟན།། བརྩོན་འགྲུས་འོད་འཕྲོ་བསོད་ནམས་ལྡན།། ་བསམ་གཏན་ལས་ནི་མངོན་གྱུར་དགའ།། ཤེས་རབ་ཀྱིས་ནི་སྦྱང་དཀའ་བ།། ཐབས་ཆེན་རིང་དུ་སོང་བའོ།། སྟོབས་དང་ལྡན་པ་མི་གཡོར་འགྱུར།། སྨོན་ལམ་གྱིས་ནི་ལེགས་པའི་བློ།། ཆོས་ཀྱི་སྤྲིན་ནི་ཡེ་ཤེས ་ལྡན།། བདེ་གཤེགས་རྒྱལ་བས་སོ་སོ་ནི།། རང་གིས་རིག་བྱ་བཅུ་གཅིག་པ་ཞེས་སོ།། གསུངས་པ་ཡང་། ཕ་རོལ་ཕྱིན་པ་བཅུ་ཐོབ་སྟེ།། ཕ་རོལ་ཕྱིན་པ་བཅུ་ལ་གནས།། ཕ་རོལ་ཕྱིན ་བཅུ་དག་པ་སྟེ།། ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ།། མགོན་པོ་ས་བཅུའི་དབང་ཕྱུག་སྟེ།། ས་བཅུ་ལ་ནི་རབ་ཏུ་གནས་ཤེས་སོ།། ས་བཅུ་ཤིན་ཏུ་ནོན་ནས་ནི།། དེ་ལས་བརྟགས་ནི་ངེས་པར་འགྱུར།། དཔལ་སངས ་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་མཁའ་འགྲོ་མ་དྲ་བའི་སྡོམ་པར་གསུངས་པ་ཡང་། རང་ཉིད་རྟགས་ནི་རེངས་གྱུར་ནས།། རྟག་ཏུ་ཆུ་སྐྱེས་སྟེང་དུ་རྟགས།། རྡོ་རྗེས་བྱིན་གྱིས་བརླབས་བྱས་ནས།། གདོང་མའི་རྡོ། ་སེམས་དཔའ་ངའོ་ཞེས། ནག་པོའི་ཕྱོགས་ལ་བཅུ་བཞི་པ། དེ་བཞིན་དུའང་བརྒྱད་པ་ལ་ཞེས་པ་འདིའི་དོན་འདི་ཡིན་ཏེ། ཚེས་གཅིག་ལ་སོགས་པ་བརྒྱད་པ་དང་བཅུ་བཞི་པ་གནམ་སྦྱོང་གི་མཐར་ཐུག་པ་ནི་ནག ་པོའི་ཕྱོགས་ལ་ཆགས་བྲལ་ཏེ་མ་ཉམས་པ་བྱང་ཆུབ་ཀྱི་སེམས་འཕོ་བའོ།། བྱང་ཆུབ་ཀྱི་སེམས་འཕོས་པ་ལས་འཁོར་བའི་སྲིད་པའི་བར་དུ་གནས་པའོ།། དེའི་ཕྱིར། རྒྱལ་མཚན་མཚོན་བསྣུན་ཉིད་དང་ནི།། ལན ་བདུན་པ་ཡང་བཟའ་བར་བྱ་ཞེས་པ་ལ། རྒྱལ་མཚན་གྱི་སྒྲ་ས་དྲོ་བ་རྣམས་ཀྱི་ཐ་མ་ཐིག་ལེས་བརྒྱན་པའོ།། མཚོན་བསྣུན་ཞེས་པ་ཡེ་ཤེས་ཀྱི་མེས་བསྣུན་པའོ།། ལན་བདུན་པ་ཞེས་པ་རྣམ་པར་སྣང་མཛད་ལ ་སོགས་པ་དྲུག་པོ་བདེ་བ་ཆེན་པོ་དང་ལྷན་ཅིག་བདུན་དུ་འཇུག་པ་སྟེ། གཅིག་ཏུ་འདྲེས་པར་གྱུར་པ་བཟའ་བར་བྱའོ་ཞེས་པ་མི་འཕོ་བར་བྱའོ་ཞེས་པའི་དོན་ཏོ།། འདིར་བརྟན་པར་བྱེད་པ་དཔལ་རྩ་བའི་རྒྱུད་དུ་གསུངས་པ། དབང ་པོ་དང་ནི་ཡུལ་འགགས་ཤིང་།། དགའ་བ་ལ་སོགས་སྐྱེས་པས་ན།། ཐིག་ལ་རྣམས་འཇིག་ཟླ་བ་ལ།། ཧཾ་ཡིག་མགོ་བོར་ཡང་དག་གནས།། གསང་བའི་འཁོར་ལོ་འདིར་སྐྱེས་པ།། དེ་ནི་ཕྱུགས་ཆེན་ཉིད་དུ་བཤད།། ་རྩེ་གསུམ་ཐུར་དུ་རྩ་གསུམ་ཟུག། གང་དུ་སྦུབས་སུ་རབ་ཏུ་བསྟན།། སྐྱེ་བ་བདུན་པའི་ཕྱུག་ཉིད་ནི།། མཁའ་སྤྱོད་དངོས་གྲུབ་སྦྱིན་པ་པོ།། རྒྱལ་བ་ཡི་ནི་ནང་རྣམས་འཕྲོག། ཕུང་པོ་ཁམས་ཅན་བཞུ་བ་ཡིས།། འཁོར ་ལོ་སྒྱུར་བ་སྦྱིན་པར་བྱེད།། དབང་པོ་དང་ནི་ཡུལ་བསད་པ།། འདི་ནི་མཁའ་སྤྱོད་སྟེར་བྱེད་དེ།། ཕྲ་ལ་སོགས་པའི་ཡོན་ཏན་ལྡན།། སད་པ་སོགས་ཀྱི་རྗེས་འབྲངས་པས།། མྱུར་དུ་སངས་རྒྱས་སྟེར་བར་བྱེད།། ཇི་ལྟར ་ཕྱི་རོལ་དངུལ་ཆུ་བཅིངས།། དེ་ལྟར་ཡེ་ཤེས་བཅུང་འདི་ཡང་།། དེ་བཞིན་ཚངས་པོ་ཁྱབ་འཇུག་ཕྱུགས། གསང་བའི་འཁོར་ལོར་བཏུང་བ་ནི།། ཇི་སྲིད་སྲེག་བླུགས་འབབ་པའི་བར།། ཡངས་པའི་ཚེ་ནི་སྟོར་བར་བྱེད།། ་སྟོང་དུ་སྒྲ་གཅན་ཕྱུགས་སུ་བརྗོད།། ཟླ་བ་ཉི་མ་ཕྱུགས་ཆེན་དག། ཚངས་པའི་བུ་གར་ལྷུང་གྱུར་པ།། སྤྱོད་དང་གྲོལ་བའི་འབྲས་བུ་སྟེར།། ཁྲག་དང་ཆུ་རྒྱུས་དེ་བཞིན་དུ།། རྐང་མར་འབད་པས་བཏུང་བར་བྱ།། འདི ་རྣམས་ཀྱང་ནི་ཕྱུགས་ཤེས་བྱ།། ཕྱི་རོལ་ལུས་ཅན་གཞན་ཕྱུགས་མིར།། སྐྱེ་བ་བདུན་པ་ཕྱུགས་རྣམས་འདིར།། ཀུན་ལས་མཆོག་གི་དབང་ཕྱུག། ལུས་ལ་སྐྱེ་བདུན་ཇི་ལྟ་བ།། དེ་ལྟར་དེ་ནི ་བཤད་བྱ་ཉོན།། བཟའ་དང་བཏུང་བའི་རོ་རྣམས་ཀུན།། ཟོས་དང་འཐུངས་པ་རྣམ་པ་དྲུག། སྨིན་པ་ལས་ནི་བཅུ་འགྱུར་ཏེ།། དེ་དེའི་སྐྱེ་བ་དང་པོའོ།། ཕྱི་ནས་ཁྲག་ཉིད་དུ་ནི་འགྱུར།། གཉིས་པར་གསལ་བར་འགྱུར་བ་ཡིན།། ་ཤ་ཉིད་དུ་འགྱུར་གསུམ་པའོ།། བཞི་པ་པགས་པ་ཉིད་དུ་འགྲོ། ལྔ་པར་རྩ་ཉིད་འགྱུར་བ་ཡིན།། དྲུག་པར་རུས་པ་ཉིད་འགྱུར་རོ།། བདུན་པར་རྐང་ཉིད་དུ་འགྱུར་ཏེ།། འདི་ནི་ལན་བདུན་པར་འགྱུར་རོ་ཞེས་སོ།། ཉིན ་མོ་བཅོམ་ལྡན་རྡོ་རྗེ་ཅན།། མཚན་མོ་ཤེས་རབ་རབ་ཏུ་བསྒྲགས།། ཇི་ལྟར་ཉི་སོགས་དྲག་པོ་སྟེ།། དེ་ལྟར་ཟླ་བ་དབུ་མར་འདོད།། དེ་ལྟར་ཉི་ཟླ་ཉིན་མཚན་གྱི།། དབྱེ་བས་ཉིན་མཚན་དུས་ཞེས་བརྗོད།། དེ་བཞིན་དུ་གསུང ་པ། དུས་ཀྱི་འབྱུང་པོ་རྣམ་སྤྲོ་བྱེད།། དུས་ཀྱི་སྐྱེ་དགུ་སྡུད་པར་བྱེད།། དུས་ནི་བཅོམ་ལྡན་རྡོ་རྗེ་ཅན།། ཉིན་དང་མཚན་མོའི་ངོ་བོར་ལྡན་ཞེས་སོ།། སྐྱེ་བོ་གང་དང་གང་རྣམས་ཀྱི་ཞེས་པ་ལ་སོགས་པ་ལ་འདིའི་དོན་འདི ་ཡིན་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པ་གཅིག་ཏུ་འདྲེས་པར་གྱུར་པའི་ཤ་བྱང་ཆུབ་ཀྱི་སེམས་ཞུ་བ་དཔྲལ་བ་ནས་མགྲིན་པ་དང་། སྙིང་ག་དང་། ལྟེ་བ ་དང་། རྡོ་རྗེ་ནེར་བུ་རྣམས་སུ་འོངས་པ་བཟའ་བར་བྱ། ལོངས་སྤྱད་པར་བྱ་སྣང་བ་མེད་པར་བྱའོ་ཞེས་པ་ངེས་པའི་དོན་ཏོ།། དཔལ་རྡོ་རྗེ་རྩེ་མོར་གསུངས་པ་ཡང་། སྐྱེ་འགྲོ་སྐྱེ་འགྲོ་ཞེས་བཤད་པ།། མིང་ངང ་གཟུགས་ཀྱིས་བརྟགས་པ་སྟེ།། སྐྱེ་བོ་དམ་པས་བསྣུན་ནས་བཟའ།། དངོས་གྲུབ་ཆེན་པོ་ཐོབ་པར་འགྱུར་ཞེས་སོ།། རྡོ་རྗེ་ཐོད་པའི་སྦྱོར་བ་ལས་ཞེས་པ་ལ་རྡོ་རྗེ་ནི་མཆོག་ཏུ་མི་འཕོས་པའི་གོ་འཕང་སྟེ། ཀཾ་བ ་བསྐྱོང་བར་བྱེད་དོ་ཞེས་པ་ཐོད་པའོ།། སྦྱོར་བ་ལས་ཏེ་གཉིས་སུ་བྱར་མེད་པ་ལས་ཞེས་པ་ངེས་པའི་དོན་ཏོ།། གཞན་ཐམས་ཅད་ནི་དྲང་བའི་དོན་གྱིས་གོ་སླའོ།། ཞེས་པ་དཔལ་ཀྱེའི་རྡོ་རྗེའི་རྒྱུད་ལ་རྡོ་རྗེའི་ཚིག ་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ་དུ་བརྡའི་ལེའུ་སྟེ་བདུན་པའོ།། ། ད་ནི་རྣལ་འབྱོར་མ་རྣམས་ཀྱི་སྐྱེས་པ་དང་། སྐྱེ་བའི་རྒྱུ་སོ་སོར་རྟོགས་པའི་ཚད་དང་གནས་པའི་རྒྱུ་རྒྱས་པར་བསྟན་པའི་ཕྱིར་དུ་རྣལ་འབྱོར ་མུའི་ལེའུ་གསུངས་པ། ན་མཁའི་ཁམས་སུ་བྷ་ག་བསམ།། དབུས་སུ་སྒོམ་པར་བྱ་བ་ནི་ཞེས་པ་ལ། ན་མཁོའི་ཁམས་སུ་ཞེས་པ་ནི་པདྨའི་བརྡའི་ཤེས་རབ་བོ།། བྷ་ག་ཞེས་པ་ནི་ཡེ་ཤེས་ཀྱི་བནྡྷ་ཡཽས་ཐབས་སོ།། ་སྒོམ་པ་ཅེས་པ་གཉིས་ཀ་སྙོམས་པར་འཇུག་པའོ།། འཁོར་ལོ་ཞེས་པ་གཉིས་པ་དབྱར་མི་ཕྱེད་པའི་རང་བཞིན་ཉིད་ཀྱིས་ན་བདེ་བ་ཆེན་པོ་འཁོར་ལོ་ཞེས་པར་མངོན་པར་བརྗོད་པར་བྱའོ།། འདི་ཉིད་དུ་གསུངས་པ ་ཡང་། མཁའ་ཁམས་སུ་ཞེས་པདྨ་ལ།། བྷ་ག་ཞེས་པ་ཡེ་ཤེས་བཤང་།། སྒོམ་པ་ཞེས་བྱ་སྙོམས་འཇུག་སྟེ།། དེ་ཡི་བདེ་བ་འཁོར་ལོར་བརྗོད།། ལྷ་རྣམས་ཏེ་འོག་ནས་འབྱུང་བ་རྣམས ་ཏེ་འོག་ནས་འབྱུང་བ་རྣམས་ཀྱི་ཇི་ལྟར་འབྱུང་བ་ཞེས་པ་རི་མི་པ་ཇི་ལྟ་བར་སྐྱེ་བ་གསལ་བར་བྱ་སྟེ། ས་ལ་སོགས་པ་རླུང་གི་མཐར་ཐུག་པའི་ལྷ་རྣམས་གཅིག་ཉིད་དེ་རོ་མཉམ་པར་བྱེད་པའོ།། རྡོ་རྗེ་དང་པདྨ་ཡང ་དག་པར་སྦྱོར་བའི་བདེ་བས་ལྷན་ཅིག་སྐྱེས་པའི་དགའ་བའི་ངོ་བོ་གཅིག་པ་ཉིད་ཀྱིས་འདུ་བ་ནི་འཁོར་ལོ་ཞེས་པའོ།། སྒོམ་པ་པོ་ཞེས་པ་ནི་ཀྱེའི་རྡོ་རྗེ་རྣལ་འབྱོར་དང་ལྡན་པའོ།། ཇི་ལྟ་བ་ཡང་དག་པའི་དོན་འབྱུང་བ་རྟོགས ་པར་འགྱུར་བ་སྟེ། གང་གསུངས་པའི་ལྷའི་འཁོར་ལོ་ང་གང་ལས་འབྱུང་ཞེས་དོགས་པར་བྱས་ནས་གསུངས་པ། ཆོས་འབྱུང་ལས་སྐྱེས་འཁོར་ལོ་ནི།། རིམ་གཉིས་ཞེས་པ་སྟེ། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད ་པའི་བདག་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའོ།། དག་པ་ཞེས་པ་རང་བཞིན་གྱིས་འོད་གསལ་བའོ།། སྐྱོན་མེད་པ་ཞེས་པ་རང་བཞིན་བརྒྱ་དྲུག་ཅུའི་སྣང་བ་དང་བྲལ་བའོ།། ཟེ་འབྲུའི་ནི་ཞེས་པ་རྡོ་རྗེ་དང་པདྨའི་ཟེ་འབྲུའོ ་གཅིག་ཅེས་པ་གཉིས་པ་མེད་པ། མཆོག་ཏུ་མི་འགྱུར་བའི་བདེ་བའི་རང་བཞིན་ནོ།། གྲུ་གསུམ་ཞེས་པ་ཆོས་འབྱུང་དུའོ།། གཞན་བརྗོད་མིན་ཞེས་པི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་གཅིག་པུ་ཁོ་ནའོ།། དེའི་དབུས་སུ ་ཞེས་པ་ནོར་བུའི་ནང་དུ་གནས་པའོ།། རོ་ཞེས་པ་ལུས་དང་ངག་དང་སེམས་གཅིག་པའི་སྐུའོ།། བཅོ་ལྔའི་ཆའི་བདག་ཉིད་ཅན་གྱི་གདན་ནི་དགའ་བ་བཅུ་དྲུག་གཅིག་ཏུ་འདྲེས་པར་གྱུར་པའི་རྗེ་བཙུན་གང་གི་ངེས་པ ་ཡིན་པའོ་ཞེས་པ་ངེས་པའི་དོན་ཏོ།། འདིར་རབ་ཏུ་རྒྱས་པར་སྟོན་པ་ནི་དཔལ་སམ་པུ་ཊ་རུ་གསུངས་པའང་། མགོ་བོ་མེད་དང་མགོ་བོ་ཉིད།། ནཱ་དའི་མཐའ་དང་གསང་པདྨ།། ཆ་རྣམས་སྣ་ཚོགས་ཡི་གེ་རྣམས།། ་དེ་བཞིན་ཉིད་དུ་གདན་རྣམས་ཀྱང་།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི།། ཆོས་ཀྱི་དབྱིངས་སུ་རྣམ་པར་འཕྲུལ།། བསྡུས་ནས་གོང་བུའི་སྦྱོར་བ་ཡིས།། རྡོ་རྗེ་སེམས་དཔའ་རང་ཉིད་འགྱུར་ཞེས་སོ།། དཔལ་མཚན་ཡང ་ཡང་དག་པར་བརྗོད་པར་ཡང་གསུངས་པ། འདོད་པ་ཆེན་པོ་བདེ་བ་ཆེ།། དགའ་བྱ་ཆེན་པོ་མགུ་བ་ཆེ།། གཟུགས་ཆེ་ལུས་ཀྱང་ཆེ་བ་སྟེ།། ཁ་དོག་ཚེ་ཞིང་ལུས་བོང་ཆེ།། མིང་ཡང་ཆེ་ཞིང་རྒྱ་ཆེ་བ།། དཀྱིལ་འཁོར་ཆེན ་པོ་ཡངས་པ་ཡིན་ཞེས་པ་ལ་སོགས་པའོ།། ཆུའི་ཁམས་དང་། མེའི་ཁམས་རོ་མཉམ་པ་མཆོག་གི་གོ་འཕང་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་དབང་པོ་དང་བཅས་པ་དེ་ནི་སངས་རྒྱས་ཀྱི་གཟུགས ་བརྙན་ཞེས་པའོ།། འདི་ལས་གཽ་རཱི་ལ་སོགས་པ་རྣམས་སུ་འགྱུར་ཞིང་ཁ་དོག་དབྱེ་བས་སོ་སོ་གཞན་ཞེས་པ་ངེས་པའི་དོན་ཏོ།། ང་ནི་སྙིང་གའི་ཟླ་བའི་དཀྱིལ་འཁོར་ལ་ལྷའི་ས་བོན་གྱི་ཡི་གེ་བསམས་ནས། རྣམ ་པར་ཐར་པའི་སྒོ་ལ་སོགས་པ་རྣམ་པར་དག་པར་བྱས་ཏེ། ན་མཁའི་མཐིལ་དུ་ཡེ་ཤེས་ཀྱི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས ་སྤྲོས་ནས་དེ་རྣམས་ལ་མཆོད་པ་བྱས་ཏེ། སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེ་སུ་ཡི་རང་བ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ལམོ་ལ་བརྟེན་པ་དང་། བདག་ཉིད་ཀྱི ་དངོས་པོ་འབུལ་བ་དང་། སྟོང་པ་ཉིད་དུ་དམིགས་པ་སྔགས་པས་བྱའོ།། དེ་སྐད་དུ་ཡང་གསུངས་པ། འདིར་མི་མངལ་ནས་སྐྱེས་པ་རྣམས་འཆི་བའི་དུས་སུ། ས་ཡཾ་ཁམས་ནི་ཆུ་ལ་ཐིམ།། ཆུ་ནི་མ་ལ་ཐིམ་པ་སྟེ། ་མེ་ཡང་ཕྲ་བའི་ཁམས་ལའོ།། རླུང་ཡང་སེམས་ལ་རྣམ་པར་ཐི་མོ་ཞེས་པའོ།། དེ་ལྟར་ཁམས་ཀྱི་ཚོགས་མྱུར་དུ་རྣམ་པར་ཉམས་པ། ན་མཁའི་ཁམས་རྣམ་པ་ཐམས་ཅད་པའི་གཟུགས་བརྙན་ཡུལ་དང་རྣམ་པར ་བྲལ་བ་དབུས་ཀྱི་ས་ལ་ཀུན་གཞིའི་རྣམ་པར་ཤེས་པ་བཞག་པར་བྱའོ་ཞེས་པའོ།། དེ་ནས་སྔགས་འདི་བརྗོད་པར་བྱ་སྟེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ། ཞེས་བརྗོད་ལ་ཁམས་གསུམ་པ་རྡུལ་ཕྲ ་རབ་ཀྱི་ཆོས་ཉིད་ལས་འདས་པ་སྟོང་པ་ཉིད་དུ་རྣམ་པར་བསྒོམ་པར་བྱའོ་ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ།། དེ་ནས་ཆོས་འབྱུང་ན་མཁའི་ཁམས་ཀྱི་རང་བཞིན་བསྒོམ་པར་བྱའོ།། དེའི་དབུས་སུ ་ཧཱུཾ་ཡིག་ཡོངས་སུ་གྱུར་པ་རྡོ་རྗེའི་ས་གཞི་ལ་སོགས་པ་ཞེས་པ་དྲང་བའི་དོན་ཏོ།། ད་ནི་ངེས་པའི་དོན་གསལ་བར་བྱ་སྟེ། རྒྱུད་གཞན་དུ་གསུངས་པ་ཡང་། རྡོ་རྗེ་དང་པདྨའི་སྟེང་དུ་གནས་པ་དེ་ལས་ངེས་པར ་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་དང་། རང་གི་ལྷའི་བདག་ཉིད་རྣམ་པར་སྣང་མཛད་དུ་བྱས་ནས་རྡོ་རྗེའི་ཚིག་གིས་སྔགས་ཀྱི་ཡི་གེ་བཀོད་དེ། ཁང་པ་བརྩེགས་པ་ཀུན་ནས་བསྐྱེད་པར་བྱའོ།། དེའི ་སྟེང་དུ་སྔགས་ཁོ་ནས་དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་པས་རྒྱལ་མཆོག་ཏུ་གྱུར་པ་ནོར་བུ་རིན་པོ་ཆེ་ཆེན་པོས་སྤྲས་ཤིང་། ཁ་དོག་སྣ་ཚོགས་པ་དྲིལ་བུ་འཕྱང་ཞིང་རླུང་གིས་བསྐྱོད་པའི་དར་དང་ལྡན་པའི ་བ་དན་དང་། མེ་ཏོག་གི་ཕྲེང་བ་དང་། ལྔ་ལྡི་དང་། དོ་ཤལ་དང་། དོ་ཤལ་ཕྱེད་པ་དང་། ཟླ་བས་ཉེ་བར་མཛེས་པ་རྡོ་རྗེ་ནོར་བུའི་རྩེ་མོ་ཅན་གྱི་གཞལ་ཡས་ཁང་པ་བསམ་པར་བྱའོ།། གཞལ་ཡས་ཁང་པ་ཡེ་ཤེས ་སུ།། གསང་བའི་དཀྱིལ་འཁོར་མཚན་ཉིད་ཅན།། སེམས་དང་ཡེ་ཤེས་འདྲེས་པ་སྟེ།། བདེ་བ་ཆེན་པོ་གསུང་དུ་གསོལ།། དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་མཁའ་འགྲོ་མ་དྲ་བ་སྡོམ་པར ་གསུངས་པ་ཡང་། དཀྱིལ་འཁོར་གྱི་ནི་དམན་པ་དང་།། དམ་ཚིག་རྣམས་ནི་དོར་བ་དང་།། གསང་བའི་དེ་ཉིད་མི་ཤེས་པས།། རྡོ་རྗེ་སེམས་དཔའ་གྲུབ་མི་འགྱུར་ཞེས་སོ།། བཅོམ་ལྡན་འདས་ཀྱིས་གསུངས ་པ་ཡང་། སྲ་མཁྲེགས་དཀྱིལ་འཁོར་གསང་བ་ཆེ།། ནམ་མཁའ་ལྟ་བུ་དྲི་མ་མེད།། ཡིད་མི་བདེ་ལས་རྣམ་པར་གྲོལ།། རྣམ་པར་རྟོག་པ་འཕྲོག་པའི་མཆོག་ཅེས་སོ།། གསུངས་པ་ཡང་། ་གཅིག་ཏུ་སྲ་མཁྱེགས་རྡོ་རྗེའི་བྱདག། འགྲོ་བའི་བདག་པོ་འཕྲལ་དུ་སྐྱེས་ཞེས་སོ།། ཉོན་མོངས་དྲི་མ་ཀུན་ལས་འདས།། ཟླ་བ་བཞིན་དུ་དཀྱིལ་འཁོར་སྡུག། སངས་རྒྱས་ཀུན་གྱི་ཡོན་ཏན་འདིར།། ཨཱ་ལིའི་གཟུགས ་ལས་རབ་འཇུག་གོ་ཞེས་པ་ལ་སོགས་པའོ།། བཅོམ་ལྡན་འདས་ཟླ་བོའི་དཀྱིལ་འཁོར་ཡོན་ཏན་གྱི་ཁྱད་པར་ཅི་ལྟ་བུ་ལགས། དཔལ་གསང་བའི་དབང་པོའི་ཐིག་ལེར་གསུངས་པ། ཡན་ལག་ཐམས་ཅད་སྒོམ ་ལས་འདས།། རྟོག་པས་བརྟག་པ་རྣམ་པར་སྤངས།། ཕྱི་མོ་ཐིག་ལ་ཆ་ལས་འདས།། འདི་ནི་དཀྱིལ་འཁོར་དམ་པའོ།། ཞེས་སོ།། དཔལ་དྲི་མ་དང་བྲལ་བའི་འོད་དུ་ཡང་གསུངས་པ། ཉི་མའི་སྟེང་དུ་ཟླ་བའི་དབུས ་སུ་ཧཱུཾ་ཡིག་ཟླ་བའི་མཚན་མ་ལྟ་བུའོ།། དེ་བཞིན་དུ་རྡུལ་གྱི་སྟེང་དུ་བྱང་ཆུབ་ཀྱི་སེམས་སོ།། བྱང་ཆུབ་ཀྱི་སེམས་ཀྱི་དབུས་སུ་ཀུན་གཞིའི་རྣམ་པར་ཤེས་པ་དྲི་ཟའི་སེམས་ཅན་ནོ།། དེ་ནས་མེ་ལོང་ལ་སོགས་པ ་རྣམ་པ་ལྔ་རྣམས་ཀྱིས་ཞེས་པ་ནི། དེ་ལ་ཟླ་བ་བྱང་ཆུབ་ཀྱི་སེམས་དབྱངས་དང་ལྡན་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། གཟུགས་ཀྱི་ཕུང་པོ་སྐྱེད་པར་བྱེད་པ་རྣམ་པར་སྣང་མཛད་དོ།། ཉི་མ་དང་རྡུལ་གསལ ་བྱེད་དང་ལྡན་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། ཚེར་པི་ཕུང་པོ་སྐྱེད་པར་བྱེད་པ་རིན་ཆེན་འབྱུང་ལྡན་ནོ།། དྲི་ཟའི་སེམས་ཅན་ཧཱུཾ་ཡིག་དང་ལྡན་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ། འདུ་ཤེས་ཀྱི་ཕུང་པོ་སྐྱེད་པ ་བྱེད་པ་འོད་དཔག་ཏུ་མེད་པའོ།། འདི་རྣམས་གཅིག་པ་ཉིད་སྲོག་གི་རླུང་ཧཾ་ཡིག་དང་ལྡན་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཏེ། འདུ་བྱེད་ཀྱི་ཕུང་པོ་སྐྱེད་པར་བྱེད་པ་དོན་ཡོང་གྲུབ་པའོ།། དེ་ནས་སྐུ་ཐམས་ཅད་ཀྱི ་ཚེ་ཤས་ཡོངས་སུ་རྫོགས་པ་དང་། རྣམ་པར་ཤེས་པ་ཧཾ་ཡིག་དང་ལྡན་པ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ཏེ། རྣམ་པར་ཤེས་པའི་ཕུང་པོ་སྐྱེད་པར་བྱེད་པ་མི་བསྐྱོད་པའོ་ཞེས་པ་ཕྱི་རོལ་དང ་ནང་དུ་ཡེ་ཤེས་ལྔའི་བདག་ཉིད་དོ།། འདི་རྣམས་གཅིག་ཏུ་འདྲེས་པར་གྱུར་པ་ནི་ས་བོན་རྡོ་རྗེ་སེམས་དཔའོ་ཞེས་སོ།། འདིའི་དོན་ནི་འདི་ཡིན་ཏེ། དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་བཅུ་པར་གསུངས ་བ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ནི་བསམ་གྱིས་མི་ཁྱབ་པ་སྟོན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་ནི་བསམ་གྱིས་མི་ཁྱབ་པའོ།། རབ་འབྱོར་དེ་བཞིན་དུ་ཚོར ་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བསམ་གྱིས་མི་ཁྱབ་པའོ།། རབ་འབྱོར་གཟུགས་བསམ་གྱིས་མི་ཁྱབ་པའོ་ཞེས་ཀྱང་འདུ་ཤེས་པ་མེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་ལ་སྤྱོད་དོ།། རབ་འབྱོར་དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བསམ་གྱིས་མི་ཁྱབ་པའོ་ཞེས་ཀྱང་འདུ་ཤེས་པ་མེད་ན་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་སོ།། དེ་ནི་རྡོ་རྗེ་སེམས་དཔའ་ཞེས་པ་གསལ་བར་བྱ་སྟེ། རྡོ་རྗེ་ནི་མཆོག་ཏུ་བདེ་བའི་ཡེ་ཤེས་བྱང་ཆུབ་ཀྱི་སེམས་སོ།། སེམས་དཔའ་ནི་རྣམ་པ་ཐམས་ཅད་པའི་ཤེས་རབ་ཀྱི་གཟུགས ་བརྙན་ནོ།། ཡེ་ཤེས་དང་རྣམ་པར་ཤེས་པས་བྱིན་གྱིས་བརླབས་པ་སྒྲིབ་པ་མོང་པ་གཅིག་ཏུ་འདྲེས་པར་གྱུར་པའི་དེ་ཁོ་ན་ཉིད་འགྲོ་བའི་དོན་བྱེད་པ་ནི་རྡོ་རྗེ་སེམས་དཔའ་ཞེས་པའོ།། དེའི་གདན་འདི་ནི་རྡོ་རྗེ་སེམས ་དཔའི་གདན་ཏེ། གསུངས་པ་ཡང་འདི་ལྟ་སྟེ། ཨ་སོགས་ཀ་སོགས་མཉམ་སྦྱོར་བ།། རྡོ་རྗེ་སེམས་དཔའི་གདན་དུ་དང་།། འགྱུར་མེད་ལས་བྱུང་གོང་བུ་ལ།། ཧཱུཾ་ཕཊ་ཡི་གེ་མི་འདོད་དོ་ཞེས་པ། འགྱུར་མེད ་འདི་ཡིས་བསྐྱེད་ཅིང་འགྱུར་བ་ཉམས་པར་འགྱུར་བ་མཆོག་གི་དབང་པོ་ཅན་ཞེས་པ་ལས་འགྱུར་བ་ནི་སྐྱེ་བ་དང་། འཇིག་པའི་གནས་སྐབས་ཀྱི་མཚན་ཉིད་ཅན་ཏེ་འཕོ་བའི་སྐད་ཅིག་གོ། དེ་གང་ལ་འགགས་པར ་གྱུར་པ་དེ་ནི་མཆོག་ཏུ་མི་འགྱུར་བ་འཕོ་བ་མེད་པའི་སྐད་ཅིག་གོ།། དེ་ཉིད་རྡོ་རྗེ་ཡེ་ཤེས་ཞེས་པའོ།། དཔལ་མཚན་ཡང་དག་པར་བརྗོད་པར་གསུངས་པ་ཡང་། གསང་སྔགས་སྐྱེ་གནས་འགྱུར་བ་མེད།། ་གསང་སྔགས་ཆེན་པོ་རིགས་གསུམ་པ།། གསང་སྔགས་དོན་ཀུན་བསྐྱེད་པ་པོ།། ཐིག་ལེ་ཆེན་འགྱུར་བ་མེད་ཅེས་སོ།། དེ་སྐད་དུ་ཡང་དཔལ་དང་པོའི་སངས་རྒྱས་སུ་གསུངས་པ། གང་གིས་བདེ་བའི་དབང་པོ་བསྐྱེད ་ཅིང་ཉིན་ཞག་སོ་སོའི་དབང་ལས་གང་གིས་མངལ་ནས་བྱུང་།། སྐད་ཅིག་གང་གིས་འགྱུར་བ་རྣམ་པར་བྲལ་བ་གྲུབ་ཅིང་གཡོ་བ་མེད་གྱུར་པ།། འདི་ནི་སངས་རྒྱས་བྱ་བ་དེ་སྤངས་ནས་ནི་བདེ་མཉམ་དང་བྲལ་སྟོང་པ་གཞན ་གང་སྒོམ་བྱེད་པ།། དེ་ཡི་བསྐལ་པ་བྱེ་བ་དུ་མ་རྣམས་ཀྱིས་སངས་རྒྱས་ཉིད་དང་ལྷན་སྐྱེས་བདེ་བའང་རིང་ཞེས་སོ།། དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལེའུ་བཅུ་གཅིག་པར་གསུངས་པ་ཡང་། འདི་ལྟ་སྟེ། བློ་ཆུང ་བ་དེ་རྣམས་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའི་རྩ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤངས་ཤིང་དོར་ནས་ཡལ་ག་ལ་འཇུ་བར་བྱ་བར ་སེམས་སོ།། རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཁྱི་ནི་ཇོ་བོའི་གན་ནས་ཟན་སྤངས་ནས་ལས་བྱེད་པའི་གན་ནས་ཟན་ཁམ་ཚོལ་བྱར་སེམས་ཏེ། རབ་འབྱོར་དེ་བཞིན་དུ་མ་འོངས་པའི་དུས་ན་བྱང་ཆུབ་སེམས་དཔའི་ཐེག ་པ་པའི་གང་ཟག་ཁ་ཅིག་འབྱུང་བར་འགྱུར་ཏེ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྩ་བ་བོར་ནས་ཡལ་ག་དང་། འདབ་མ་དང་། ལོ་མར་གྱུར་པའི་ཉན་ཐོས་དང་རང་སངས་རྒྱས ་ཀྱི་ཐེག་པ་ལ་སྙིང་པོ་སངས་རྒྱས་ཉིད་འཚོལ་བར་སེམས་པའོ་ཞེསོད་ནི་སེམས་དཔའི་གཟུགས་བརྙན་ལས་བྱུང་བ།། དཀྱིལ་འཁོར་དབང་པོ་རྣམ་པར་བསྒོམ།། བུ་བཞིན་ཞལ་དང་མཚན་མ་སོགས། ་ཟླ་བ་ཆུ་ཤེལ་ནོར་བུའི་འོད་ཅེས་པ་ལས། ཟླ་བ་ཆུ་ཤུལ་ཀུན་རྫོབ་བྱང་ཆུབ་སེམས་ནི་ཀུནྣ་དང་།། ཟླ་བུ་དང་འདྲ་བ་ཉིད་ཀྱི་ཕྱིར་རོ།། ནོར་བུའི་འོད་ཅེས་པ་ནོར་བུའི་ནང་དུ་རབ་ཏུ་སྣང་བ་སྤྲོས་པ་ཐམས་ཅད་ལས་རྣམ་པར ་གྲོལ་བ་ལྷན་ཅིག་སྐྱེས་པའི་སྐུ་བདེ་བ་ཆེན་པོའི་མཚན་ཉིད་ཅན་ཞེས་པའོ།། དཔལ་མཚན་ཡང་དག་པར་བརྗོད་པར་ཡང་གསུངས་པ། དངོས་དོན་མ་ལུས་རྣམས་ལ་དགའ།། སྟོང་པ་ཉིད་དགའ་བློ་ཡི་མཆོག། སྲིད་པའི་འདོད ་ཆགས་སོགས་ལས་འདས།། སྲིད་གསུམ་དགའ་བ་ཆེན་པོ་པ།། སྤྲིན་དཀར་དག་པ་ཤིན་ཏུ་དཀར།། འོད་བཟང་སྟོན་ཀའི་ཟླ་བའི་འོད་ཅེས་སོ།། དེ་ཉིད་ཀྱི་ཕྱིར། རང་ཉིད་ལ་ཕྱག་དང་ཞལ་དང་དབྱིབས་མེད་པའི་ཕྱིར་བུ་བཞིན་། ་ཞེས་བརྗོད་དོ།། གསུངས་པ་ཡང་། རྡོ་རྗེ་ཡོངས་སུ་གྱུར་པ་ལས།། དེ་ནུས་རྡོ་རྗེ་སེམས་དཔའ་བསྒོམ།། རྣམ་པ་ཐམས་ཅད་མཆོག་ལྡན་པ།། ཟླ་བའི་ཁ་དོག་མཚུངས་པོའི་འོད་ཅེས་སོ།། ཟླ་བའི་ཁ་དོག་ཉིད་ཅི་ལྟ་བུ ་ལྟ་བུ་ཞེ་ན། དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་མཁའ་འགྲོ་མ་དྲ་བ་སྡོམ་པར་གསུངས་པ། མཆོག་ཏུ་མི་འགྱུར་དག་པའི་ཕྱིར།། ཆོས་ཀུན་རྣམ་པར་དག་པ་ལས།། གསང་བའི་དེ་ཉིད་དག་ཕྱིར་ཡང་།། ་རྡོ་རྗེ་འཛིན་དེ་ཟླ་བའི་མདོག་ཅེས་སོ།། གསུངས་པ་ཡང་། ཡིད་མི་བདེ་ལས་རྣམ་པར་གྲོལ།། རྣམ་པར་རྟོག་པའི་རབ་རིབ་བཅོམ།། ཉོན་མོངས་དྲི་མ་ཀུན་དག་པ།། ཟླ་བ་འདྲ་བའི་སེམས་ཟླ་བ།། ཞེས། དེ་ལྟར་དེ་མ ་ཐག་ཏུ་བཤད་པའི་ཡན་ལག་སོ་སོ་དང་ལྡན་པའི་ལྷ་མོའི་འཁོར་ལོ་གསུངས་པ། འདི་ལས་གཽ་རཱི་ལ་སོགས་འགྱུར་ཞེས་སོ།། དེ་སྐད་དུ་འདི་ཉིད་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། བྱང་ཆུབ་སེམས་ནི་ཟླ་བར་འགྱུར།། ་བཅོ་ལྔའི་ཆ་ཡི་བདག་ཉིད་ཅན།། བདེ་བ་ཆེན་པོ་ཨ་ལིའི་གཟུགས།། རྣལ་འབྱོར་མ་རྣམས་དེ་ཡི་ཆ་ཞེས་སོ།། དབང་པོ་རྡོ་རྗེ་གཤིན་རྗེ་དཀུར།། ཆུ་རུ་ཆུ་ཡི་རྣལ་འབྱོར་མ།། ལུས་ངན་རྡོ་རྗེ་མཁའ་འགྲོ་མ།། དབུས ་སུ་བདག་མེད་རྣལ་འབྱོར་མ།། ཕྱིའི་འཕར་མ་ལ། གཽ་རཱི་ཚཱ་མ་རྐུན་རཱྀ་ལངས་མྱ།། གྷསྨཱ་རཱི་དང་པུཀྐ་སཱི།། དེ་བཞིན་རི་ཁྲོད་གདོལ་པ་མོ།། གཡུང་མྲྀ་བརྒྱད་པ་གླེང་བར་བྱེད་།། འོག་ལྡན་མ་དང་སྟེང་ལྡན་ཉིད།། ་མཁའ་སྤྱོང་མ་དང་ས་སྦྱོང་བརྗོད།། སྲིད་དང་མྱང་འདས་ངོ་བོ་ཡིས།། སྙིང་རྗེ་ཆེན་པོ་འདི་དག་གནས།། ལྷ་མོ་འདི་རྣམས་ཐམས་ཅད་ནི།། ཁ་དོག་ནག་མོ་དྲག་ཆེན་མོ།། ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན།། ཞལ ་གཅིག་ཕྱག་གཉིས་སྤྱན་གསུམ་པ།། ཡིད་དུ་འོང་བའི་གཟུགས་ཅན་ཀུན།། ཇི་ལྟར་བདག་མང་རྣལ་འབྱོར་ལྟར།། གཡོན་ན་རྣལ་འབྱོར་ལྷུང་བཟད་དེ།། ཁ་ཊྭཱཾ་གཽ་ཡང་སྟེང་དུ་གནས།། གཡས་པས་རྡོ་རྗེ ་གྲྀ་གུག་སྟེ།། རཱྀ་ལ་ཞོན་པ་གཟི་བརྗིད་འབར།། ལྷན་ཅིག་སྐྱེས་དགའ་དགའ་བའོ་ཞེས་པ་དང་པའི་དོན་ཏོ།། ད་ནི་ངེས་པའི་དོན་གསལ་བར་བྱ་སྟེ། དཔལ་ཕྱག་ན་རྡོ་རྗེས་གསུངས་པ། འདིར ་ཚེས་གཅིག་ལ་སོགས་པའི་ཆོས་དཀར་པོའི་ལྔ་པ་རྣམས་བདག་མེད་མ་ལ་སོགས་པའི་རྣལ་འབྱོར་མ་རྣམས་ཏེ། ཕུང་པོ་ལྔ་རྣམ་པར་དག་པས་དང་པོ་དགའ་བའི་འཁོར་ལོའོ།། དེ་བཞིན་དུ་དྲུག་པ་ལ་སོགས་པ ་བཅུ་པ་ཇི་སྲིད་པའི་ཚེས་ལྔ་རྣམས་གཽ་རཱི་ལ་སོགས་པའི་རྣལ་འབྱོར་མ་རྣམས་ཏེ། ཁམས་ལྔ་རྣམ་པར་དག་པས་གཉིས་པ་མཆོག་ཏུ་དགའ་བའི་འཁོར་ལོའོ།། དེ་བཞིན་དུ་བཅུ་གཅིག་པ་ལ་སོགས་པ་ཉའི་མཐར ་ཐུག་པ་ཆོས་ལྔ་རྣམས་རི་ཁྲོད་མ་ལ་སོགས་པའི་རྣལ་འབྱོར་མ་ལྔ་རྣམས་ཏེ། ཡུལ་ལྷ་རྣམ་པར་དག་པས་གསུམ་པ་ཁྱད་པར་དག་པའི་འཁོར་ལོའོ།། དེའི་མཐར་ལྷན་ཅིག་སྐྱེས་པའི་དགའ་བ་བཅོམ་ལྡན་འདས ་ཀྱེའི་རྡོ་རྗེ་སྟོང་པ་ལས་སྟོང་པ་བྱང་ཆུབ་ཀྱི་སེམས་ཀྱི་ཆ་བཅུ་དྲུག་པའོ་ཞེས་པ་དབང་བསྐུར་གྱི་དོན་ཏོ།། དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། དང་པོ་རབ་དགའ་བ་རབ་ཏུ་བཤད།། མཆོག་ཏུ་དགའ་བ་གཉིས ་པ་སྟེ།། ཁྱད་དགའི་དགེའ་བ་གསུམ་པའོ།། ལྷག་མ་ལྷན་ཅིག་སྐྱེས་དགའོ།། ཞེས་པ་འང་ལྟ་བུ་ལ་སོགས་པ་དབང་བསྐུར་གྱི་དོན་ཏེ། འདིར་ལྷ་མོ་ལྔ་ལྔའི་འཁོར་ལོ་གསུམ་གྱི་མཐར་བཞི་པ་ལྷན་ཅིག་སྐྱེས་པའི ་དགའ་བ་བྱང་ཆུབ་ཀྱི་སེམས་ཀྱི་ཆ་བཅུ་དྲུག་པ་འཇིག་རྟེན་ཀུན་རྫོབ་ཏུ་བཅོམ་ལྡན་འདས་ཀྱིས་གསུངསོ།། ཞེས་པའོ།། དཔལ་མཚན་ཡང་དག་པར་བརྗོད་པར་ཡང་གསུངས་པ། རྣམ་པ་ཀུན་ཅན་རྣམ་པ་མེད།། ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང་།། ཆ་མེད་ཆ་ལས་འདས་པ་སྟེ།། བསམ་གཏན་བཞི་པོའི་མཐའ་འཆང་བ། ཅེས་སོ།། འདི་ཁོ་ན་དབང་བསྐུར་བའི་རྡོ་རྗེའི་ཚིག་ཏུ་བཤད་པར་བྱ་སྟེ། རྣམ་པ་ཀུན་ཅན་རྣམ་པ་མེད། ་ཅེས་པ་ནི་རྒྱུ་སྟེ་སྔར་བརྗོད་པའི་སངས་རྒྱས་ཀྱི་གཟུགས་བརྙན་ཞེས་པའོ།། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང་། ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ཞུ་བ་ཐིག་ལ་བཞི་འཛིན་པའོ་ཞེས་པ་འབྲས་བུའོ།། ཆ་མེད་པ་ནི། ་ཆ་བཅོ་ལྔའི་མཐར་གནས་པའོ།། ཆ་ལས་འདས་པ་ནི་ནག་པོའི་ཚེས་གཅིག་ལ་སོགས་པ་ལ་ཞུགས་པ་མ་ཡིན་པའོ་ཞེས་པའི་དོན་ཏོ།། བསམ་གཏན་བཞི་པའི་མཐའ་འཆང་བ། ཞེས་པ་ནི་ལྷན་ཅིག་སྐྱེས་པའི་དགའ ་བའི་མཐའ་འཆང་བའོ་ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ།། དེའི་ཕྱིར་དང་པོ་དགའ་བའི་བདེ་བའི་བསམ་གཏན་ནོ།། གཉིས་པ་མཆོག་ཏུ་དགའ་བའི་བདེ་བའི་བསམ་གཏན་ནོ།། གསུམ་པ་ཁྱད་པར་དུ་རུངས་པའི ་དགའ་བའི་བདེ་བའི་བསམ་གཏན་ནོ།། བཞི་པ་ལྷན་ཅིག་སྐྱེས་པའི་དགའ་བའི་བདེ་བའི་བསམ་གཏན་ཏེ། ལྔ་པ་དང་བཅུ་པ་དང་། ཉ་གང་བ་དང་། ཉའི་མཐར་ཐིག་ལེ་ལ་མཆོག་ཏུ་མི་འགྱུར་བའི་བདེ་བ་ནི་བསམ་གཏན ་གནས་པའོ།། དེའི་མཐའ་ནི་རྩེ་མོའི་ཆ་བདེ་བ་ཡོངས་སུ་གང་བ་ཉིད་བསམ་གཏན་གྱི་མཐའ་སྟེ་ངེ་འཛིན་པས་ན་བསམ་གཏན་བཞི་པའི་རྩེ་མོ་འཆང་ཞེས་པས་སོ།། ད་ནི་ཡན་ལག་དྲུག་བསྒོམ་ཞེས་པ ་ལ་སོགས་པ་ལ་འདིའི་དོན་འདི་ཡིན་ཏེ། རྒྱུད་ནི་རྒྱུད་གཞན་གྱིས་རྟོགས་བྱ་ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ།། དེ་ལྟར་ན་རྒྱུད་གཞན་དུ་གསུངས་པ་ངེས་ན་ཡན་ལག་དྲུག་གི་རྣལ་འབྱོར་འདི་བསྒོམ་པར་བྱ་སྟེ། སོ་སོར ་སྡུང་དང་བསམ་གཏན་དང་།། སྲོག་རྩོལ་དེ་བཞིན་འཛིན་པ་དང་།། རྗེས་སུ་དྲན་དང་ཏིང་ངེ་འཛིན།། རྣལ་འབྱོར་ཡན་ལག་དྲུག་ཏུ་འདོད།། འདིར་སོ་སོར་སྡུད་པ་ཞེས་བྱ་བ་ནི་ཕྱི་རོལ་གྱི་གཟུགས་ལ་སོགས་པའི་ཡུལ་རྣམས་ལ ་མིག་ལ་སོགས་པའི་དབང་པོ་རྣམས་ཀྱི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་མི་འཇུག་ཅིང་། ནང་གི་ཡུལ་རྣམས་ལ་ལྷའི་མིག་ལ་སོགས་པའི་དབང་པོ་རྣམས་ཀྱིས་ལྷའི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ ་རྣམས་འཇུག་པ་སྟེ། ནང་དུ་སྟོང་པ་ཉིད་ལ་དམིགས་པས་མ་བརྟག་པར་དངོས་པོ་ཐམས་ཅད་མཐོང་བ་སྟོང་པ་ཉིད་སོ་སོར་སྣང་བ་པྲ་ཕབ་པ་ན་གཞོན་ནུ་མས་མེ་ལོང་ལ་མཐོང་བ་ལྟ་བུའོ་ཞེས་པ་སོ་སོར་སྡུད་པའི་ཡན་ལག ་ཏུ་བརྗོད་དེ། ཁམས་གསུམ་པའི་སངས་རྒྱས་ཀྱི་གཟུགས་བརྙན་སོ་སོར་མཐོང་བའི་ཕྱིར་རོ།། དེ་ནས་བསམ་གཏན་ཞེས་བྱ་བ་ནི་སྟོང་ཞིང་མཐོང་ལ་ཡོད་པའི་ཆོས་རྣམས་ཐམས་ཅད་ལ་ཤེས་རབ་ཅེས་བྱ་བ་དང་པོ་དེ་རྣམས ་ལ་སེམས་འཇུག་པ་དང་རྟོག་པ་ཞེས་བྱ་བ་སེམས་ཀྱི་དངོས་པོ་འཛིན་པ་དང་། སྤྱོད་པ་ཞེས་བྱ་བ་དངོས་པོ་སོ་སོར་རྟོགས་པ་དང་། དགའ་བ་ཞེས་བྱ་བ་དངོས་པོ་ཐམས་ཅད་ལ་སེམས་པ་དང་། བདེ་བ་མི་གཡོ་བ་ཞེས་བྱ། ་བ་དངོས་པོ་ཐམས་ཅད་ལ་བདེ་བ་ཡང་དག་པར་མྱོང་བ་ཅེས་པ་སྟེ། བསམ་གཏན་གྱི་ཡན་ལག་ལྔར་བརྗོད་པར་བྱའོ།། དེ་ནས་སྲོག་རྩོལ་ཞེས་བྱ་རྐྱང་མ་དང་རོ་མ་དང་། གཡེན་པ་དང་གཡས་པའི་ལམ་འགགས་པ་དབུ་མོ ་ཨ་བ་དྷཱུ་ཏཱིའི་ལམ་དུ་སྲོག་གི་རླུང་རྟག་ཏུ་འཇུག་པ་སྟེ་དབྱུང་བ་དང་དགང་བ་དང་། བུམ་པ་ཅན་གྱི་སྦྱོར་བས་བྱའོ་ཞེས་པ་སྲོག་རྩོལ་གྱི་ཡན་ལག་ཏུ་བརྗོད་པར་བྱའོ།། དེ་ནས་འཛིན་པ་ཞེས་བྱ་བ་སྲོག་དབང་ཆེན་དང་། ཆུ་དང ་མེ་དང་རླུང་གི་དཀྱིལ་འཁོར་ལོ་ལྟེ་བ་དང་། སྙིང་ཁེ་དང་། མགྲིན་པ་དང་། དཔྲལ་བར་འཇུག་པ་ཕྱི་རོལ་ཏུ་མི་འགྲོ་བར་ཐིག་ལེ་ལ་སྲོག་འཇུག་པར་བྱེད་པ་ཅེས་པ་འཛིན་པའི་ཡན་ལག་ཏུ་བརྗོད་པར་བྱའོ།། དེ་ནས་རྗེས་སུ ་དྲན་ཞེས་བྱ་བ་ནི་རང་གི་འདོད་པའི་ལྷ་མཐོང་བ་གཟུགས་བརྙན་གྱི་རྣམ་པ་ཅན་རྣམ་པར་རྟོག་པ་དང་བྲལ་བ་སྟེ། དེ་ལས་འོད་ཟེར་དུ་མ་འཕྲོ་བའི་ངོ་བོ་འོད་ཀྱི་དཀྱིལ་འཁོར་ཏེ། དེ་ལས་རྣམ་པ་དུ་མ་འཕྲོ་བའི་ངོ་བོ་ཁམས་གསུམ ་སྤྲོ་བར་བྱེད་པ་ཞེས་པ་རྗེས་སུ་དྲན་པའི་ཡན་ལག་ཏུ་བརྗོད་པར་བྱའོ།། དེ་ནས་ཏིང་ངེ་འཛིན་ཞེས་བྱ་བ་འདོད་པའི་ལྷ་ལ་རྗེས་སུ་ཆགས་པ་ལས་གང་མི་འགྱུར་བའི་བདེ་བ་ཐོབ་སྟེ། དེ་ལས་སེམས་གཅིག་ཏུ་བྱེད་པ་སེམས་བཟུང ་བ་དང་། འཛིན་པ་དང་བྲལ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཏིང་ངེ་འཛིན་གྱི་ཡན་ལག་ཏུ་བརྗོད་དོ།། འདིར་ནི་ཡན་ལག་དྲུག་གི་རྣལ་འབྱོར་མདོར་བསྡུས་པས་གསུངས་པ་སྟེ། རྒྱས་པར ་མངོན་པར་བརྗོད་པ་འབུམ་པ་འམ་མཆོག་གི་དང་པོའི་སངས་རྒྱས་སུ་བླ་མ་དམ་པའི་གདམས་ངག་ལས་རྣལ་འབྱོར་པ་རྣམས་ཀྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་ཆེད་དུ་རྟོགས་པར་བྱའོ་ཞེས་སོ།། དཔལ་དང་པོའི་སངས ་རྒྱས་སུ་གསུངས་པ་ཡང་། སོ་སོར་སྡུད་པས་རྣལ་འབྱོར་པ་ནི་ཡུལ་དང་རྣམ་བྲལ་སྔགས་རྣམས་ཀུན་གྱིས་བྱིན་གྱིས་རློབ།། མངོན་པར་ཤེས་པ་ལྔ་ཐོབ་འགྱུར་ཏེ་མི་ཡི་བདག་པོ་བསམ་གཏན་སྦྱོར་བས་དག་པའོ།། སྲོག་གི ་བས་དག་པ་ཟླ་བ་ཉི་མ་ངང་བྲལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོང་།། བདུད་དང་ཉོན་མོངས་སོགས་ཉམས་སྟོབས་བཅུ་ལ་ནི་འཇུག་པར་འགྱུར་ཏེ་འཛིན་པའི་སྟོབས་ཀྱིས་སོ།། རྗེས་དྲན་ལགས་པར་དག་ན ་དྲི་མེད་འོད་ཀྱི་དཀྱིལ་འཁོར་རྣམས་ཀྱང་ཡེ་ཤེས་གཟིགས་ལས་སོ།། དེ་ནས་ཏིང་ངེ་འཛིན་གྱིས་ངག་ན་ཉིན་ཞག་འགའ་ཞིག་རྣམས་ཀྱིས་ཡེ་ཤེས་ལུས་འགྲུབ་འགྱུར་ཞེས་སོ།། བཅོམ་ལྡན་འདས་ཀྱིས་ཇི་སྐད་གསུངས ་པ། རང་གིས་རིག་བྱ་ཞེས་པ་ལ་སོགས་པ་སྟེ། ཚིག་འདིའི་རྒྱས་པར་བསྟན་པ། དཔལ་དྲི་མ་མེད་པའི་འོང་དུ་གསུངས་པ། ཅི་སྟེ་བྱིས་པ་རྣམས་ཀྱིས་འདི་བརྗོད་དེ། གལ་ཏེ་དེ་བཞིན་གཤེགས་པའི་ཡེ་ཤེས ་རང་རིག་པ་ཡིན་ན། དེའི་ཚེ་ཆོས་རྣམས་ཐམས་ཅད་རང་བཞིན་མེད་པར་ཅི་ལྟར་དེ་བཞིན་གཤེགས་པས་གསུངས་ཞེ་ན། འདི་ལ་བརྗོད་པར་བྱ་སྟེ། འདིར་དེ་བཞིན་གཤེགས་པའི་ཡེ་ཤེས་ཆོས་ཐམས་ཅད་རང་བཞིན ་མེད་པར་རྟོགས་པ་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་མེད་པའི་མཚན་ཉིད་ཅན་ཤིན་ཏུ་གཉིད་ལོག་པའི་སེམས་མ་ཡིན་ནོ།། དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཡང་གསུངས་པ། རབ་འབྱོར་སེམས་གང་ཞིག་ཡོད ་པའི་སེམས་དེ་ནི་སེམས་མ་ཡིན་ཏེ་ཞེས་པ་རང་བཞིན་གྱིས་འོང་གསལ་བ་ཞེས་བྱའོ།། དཔལ་མཚན་ཡང་དག་པར་བརྗོད་པར་ཡང་གསུངས་པ། འདུ་ཤེས་ཀུན་གྱི་དོན་སྤངས་ཤིང་།། རྣམ་ཤེས་དོན་ནི་འགག་པར ་བྱེད།། སེམས་ཅན་ཀུན་ཡིད་ཡུལ་ཅན་ཏེ།། སེམས་ཅན་ཀུན་གྱི་ཡིད་རིག་པ།། སེམས་ཅན་ཀུན་གྱི་ཡིད་ལ་གནས།། དེ་རྣམས་སེམས་དང་མཉམ་ཉིད་སོན།། གསུངས་པ་ཡང་། གལ་ཏེ་དེ་བཞིན་གཤེགས་པའི ་ཡེ་ཤེས་པའི་ཡེ་ཤེས་རང་རིག་པར་མི་འགྱུར་ན་དེའི་ཚེ་སེམས་ཅན་གྱིས་བསམ་པའི་དབང་ལས་དེ་བཞིན་གཤེགས་པ་ཆོས་སྟོན་པར་མི་འགྱུར་ཏེ། ཆོས་ཐམས་ཅད་རབ་ཏུ་མ་རྟོགས་པའི་ཕྱིར་དང་། ཡང་དག་པར ་རིག་པ་མེད་པ་ཉིད་ཀྱི་ཕྱིར་རོ།། ཅི་སྟེ་དབང་པོའི་སྒོ་ནས་རང་རིག་པ་ཡིན། དེ་ལྟ་ན་ཆ་མེད་པ་དང་། ཀུན་ཏུ་འགྲོ་བ་དང་ཐམས་ཅད་ལ་ཁྱབ་པར་མི་འགྱུར་ཏེ། སྒྲིབ་པ་ཐམས་ཅད་པ་ཉིད་ཀྱི་ཕྱིར་རོ།། དེའི་ཕྱིར་དེ ་བཞིན་གཤེགས་པའི་ཡེ་ཤེས་ནི་རང་རིག་པ་ཆོས་ཐམས་ཅད་ཀྱི་རང་བཞིན་མཁྱེན་པ། རྣམ་པར་མི་རྟོག་པ་དབང་པོ་མེད་པའོ་ཞེས་སོ།། གསུངས་པ་ཡང་། ཐོག་མ་མེད་པ་སྤྲོས་མེད་བདག ་དེ་བཞིན་ཉིད་དག་དག་པའི་བདག་ཅེས་སོ།། རང་གིས་འཕྲོག་པོ་རང་བྱེད་པོ་ཞེས་པ་ལ་སོགས་པ་ནི། གསུངས་པ་ཡང་། འཕྲོག་པ་པོ་ནི་ཀུན་གཞིའི་རྣམ་པར་ཤེས་པའི་མཚན་ཉིད་ཅན་བྱང་ཆུབ་ཀྱི་སེམས་འཕོ་བའི ་སྐད་ཅིག་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། འཇིག་རྟེན་ཀུན་རྫོབ་ཀྱིས་སོ།། དེ་ལྟར་འཕོ་བའི་སྐད་ཅིག་ལ་སོགས་པ་བྱེད་པ་པོ་དང་བྱེད་པ་དང་། ལས་རྣམས་སྡུད་པའི་བྱེད་པ་པོ་གཞན་དུ་འདིར་འགྱུར་ཏེ། གང་སྤྲོ་བའི ་བྱེད་པ་པོ་ནི་བྱེད་པ་པོ་མ་ཡིན་ནོ།། དེའི་ཕྱིར་མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་ཏེ་ཡུལ་དྲང་རྣམ་བྲལ་ཡོན་ཏན་མེད་པ་རང་བཞིན་མེད་ཅེས་པ་ལྷན་ཅིག་སྐྱེས་པའི་སྐུ་ཆ་མེད་ཀུན་འགྲོ་ཁྱབ་པའོ།། ཕྲ་ཞིང་ཟག་མེད་ས་བོན་དང ་རྫས་ཀུན་ལས་ནི་རྣམ་པར་གྲོལ།། ན་མཁའི་ལམ་ལ་ཤིན་ཏུ་གནས། ཞེས་སོ།། དེའི་ཕྱིར་སྤྲོ་དང་སྡུད་པའི་བྱེད་པ་པོ་མྱ་ངན་ལས་འདས་པའི་མཚན་ཉིད་ཅན་ཡང་མེད་དོ་ཞེས་པའི་དོན་ཏོ།། དེ་ལྟར་བྱེད་པ་པོ་ཟད་པའི་ངེས ་པའོ།། དཔལ་དང་པོའི་སངས་རྒྱས་སུ་གསུངས་པ་ཡང་། དེ་ཕྱིར་བྱེད་པོ་འགའ་ཡང་སྲོག་ཆགས་རྣམས་ཀྱི་བོད་དང་སྡུག་བསྔལ་མི་སྦྱིན་མི་འཕྲོག་སྟེ།། འཁོར་བ་རྣམ་པ་གསུམ་པོ་གང་བྱས་སྔོན་གྱི་ལས་ནི་འབྲས་བུ ་རབ་ཏུ་སྦྱིན་པར་འགྱུར།། སྐྱེ་དང་སྡུད་པའི་བྱེད་པ་པོ་འདི་སྟེར་ཞིང་དེས་འཕྲོག་རྨོངས་པ་རྣམས་ཀྱི་བློ་གྲོས་ཏེ།། ལུས་ལ་དཔག་མེད་དགེ་བ་འཕྲོག་བྱེད་བུག་པ་རང་གི་དབང་པོ་རྣམས་ཀྱིས་མཐོང་མ་ཡིན།། རང་ཉིད་བྱེད ་པ་པོ་ཞེས་པ་ལ་སོགས་པ་སྟེ་སྤྲོ་བ་ནི་སྲིད་པ་སྤྲོ་བའོ།། འཕྲོག་པོ་ཞེས་པ་སྡུད་པའོ།། རྒྱལ་པོ་ཞེས་པ་སྤྲོ་བ་མེད་ཅིང་འཕྲོག་པ་མེད་པ་སྤྲོ་བ་དང་། སྡུད་པ་ལས་རྣམ་པར་གྲོལ་བ་རང་བཞིན་གྱིས་གནས་པ། ་ཟླ་བ་ལྟ་བུར་རྣམ་པར་གསལ་ལོ་ཞེས་པས་རྒྱལ་པོའོ།། གསུངས་པ་ཡང་། ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ།། ལེགས་པའི་ལམཱ་ནི་ཞེས་སོ།། འདི་ཙམ་གྱིས་ཀྱང་སེམས་ཁོ་ན་མྱ་ངན་ལས་འདས་པ ་དང་སེམས་ཁོ་ན་འཁོར་བའོ་ཞེས་བསྟན་ཏོ།། དཔལ་རྡོ་རྗེ་རྩེ་མོར་གསུངས་པ་ཡང་། འཁོར་བའི་དོན་ནི་ཅི་ཞིག་ལགས།། ཇི་ལྟར་བྱིས་པ་རྣམས་འབྱུང་ཞིང་།། ཡང་དང་ཡང་དུ་འཁོར་བྱེད་དེ།། དེ་ཡང ་འཁོར་བའི་དག་པའི་བདག། ང་ཉིད་ཡིན་ཏེ་རང་ཉིད་གཙོ།། མྱ་ངན་ལས་འདས་པའང་ཅི་ཞེས་བརྗོད།། དབྱེ་བྱ་དེ་བཞིན་སྟོང་ཉིད་གང་།། དེ་ཡིས་རང་བཞིན་རྣམ་པར་སྤངས།། དངོས་པོའི་ངོ་བོས་མཚན་ཉིད ་དང་།། མཚན་མ་ཡང་ནི་རྣམ་པར་སྤངས།། ངག་སྒྲ་ཡང་ན་གཟུང་བ་དང་།། རྣམ་རྟོག་རྡུལ་ཕྲན་ཡོད་མིན་ཏོ།། དེ་ཕྱིར་མྱ་ངན་འདས་པའི་སྒྲས།། ང་ཉིད་ཁོ་ན་སྐྱེ་དགུའི་བདག་ཅེསོ།། དཔལ་ཀྱེའི་རྡོ་རྗེའི་རྒྱུད ་ལས་འི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ་དུ་བདག་མེད་མའ་ལེའུ་སྟེ་བརྒྱད་པའོ།། ། ད་ནི་དེ་ལས་གཞན་ཤེས་པ་ལ་སོགས་པས་རྣམ་པར་དྲག་པ་དེ་ཁོ་ན་ཉིད་དང་དབྱེ་བས་ཏེ། ་ཐོག་མར་དེ་ཁོ་ན་ཉིད་ཀྱི་རྣམ་པར་དག་པ་གསུངས་པ། དཔལ་རྡོ་རྗེ་རྩེ་མོར་གསུངས་པ། རྣམ་པར་དག་པ་ཅི་ཞིག་བརྗོད།། ཡོད་མིན་མེད་པའང་མ་ཡིན་ལ།། དངོས་པོ་མེད་ཅིང་དངོས་མེད་མིན།། སྨྲ་པོ་མིན་ཞིང་སྨྲ་བྱའང ་མིན།། རྣམ་དག་མྱ་ངནི་འདས་པ་ཉིད་ཅེས་སོ།། དངོས་པོ་ཐམས་ཅད་ཀྱི་ཞེས་པ་ལ་སོགས་པ་ཕྱི་རོལ་དང་ནང་གི་རྣམ་པར་རྟོགས་པའི་དངོས་པོ་རྣམས་མཉམ་པ་ནི། རྣམ་དག་དེ་བཞིན་ཉིད་དེ་དེ་ལྟ་ཁོ་ནར་རྟག་ཏུ་གནས་པ ་ནི་དེ་བཞིན་ཉིད་དེ། རང་བཞིན་གྱི་དྲི་མ་མེད་པ་ཉིད་ཀྱིས་རྟག་ཏུ་རྣམ་པར་དག་པ་ན་མཁའ་བཞིན་དུ་འདུས་མ་བྱས་པའི་རང་བཞིན་དུ་བཤད་ལ། དེའི་ངོ་བོས་དེ་བཞིན་ཉིད་བསྒོམ་པར་བྱའོ་ཞེས་པ་སྟེ། དཔལ་ཤེས་ར ་ཀྱི་ཕ་རོལ་ཏུ་ཕྱིན་པར་དེ་བཞིན་ཉིད་ཀྱི་ལེའུར་གསུངས་པ། ཇི་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ནི་འགྱུར་བ་མེད་པ། རྣམ་པར་འགྱུར་བ་མེད་པ། རྟོག་པ་མེད་པ་རྣམ་པར་རྟོག་པ་མེད་པ་འགའ་ཞིག་ཏུ་ཡང ་གཞོམ་དུ་མེད་པ་སྟེ། དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ནི་འགྱུར་བ་མེད་པ། རྣམ་པར་འགྱུར་བ་མེད་པ། རྟོག་པ་མེད་པ་རྣམ་པར་རྟོག་པ་མེད་པ་འགའ་ཞིག་ཏུ་ཡང་གཞོམ་དུ་མེད་པའོ།། དེ་ཅིའི་ཕྱིར ་ཞེ་ན། གང་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དང་། གང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ནི་གཅིག་པ་ཁོ་ན་སྟེ། དེ་བཞིན་ཉིད་འདི་ནི་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པའོ་ཞེས་སོ།། དེ་བཞིན་དུ་དཔལ ་མཚན་ཡང་དག་པར་བརྗོད་པར་ཡང་གསུངས་པ། ཡང་དགྲ་བདག་མེད་དེ་བཞིན་ཉིད།། ཡང་དག་མཐའ་སྟེ་འགྱུར་བ་མེད།། སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ།། ཟབ་ཅིང་རྒྱ་ཆེའི་སྒྲ་སྒྲོགས་པ་ཞེས་སོ།། བྱེ་བྲག་མེད་པར་རྟོགས ་པར་བྱས་ནས། ཕྱི་ནས་ཞེས་པ་ལ་སོགས་པས་རེ་རེ་ཡིས།། ཕུང་པོ་ལ་སོགས་པའི་དབྱེ་བས་ལྷ་རྣམས་ཀྱི་རྣམ་པར་དག་པ་ཕྱི་ནས་རྟོགས་པར་བྱ་སྟེ། གཟུགས་ཕུང་རྡོ་རྗེ་མ་རུ་འགྱུར་ཞེས་པ་ལ་སོགས་པས་སོ།། འོ་ན ་དབང་པོ་ལ་སོགས་པ་ལ་སོགས་པ་རྣམས་ཅིའི་ཕྱིར་རྣམ་པར་དག་པར་བརྗོད་ཅེ་ན། གསུངས་པ། ཉོན་མོངས་མི་ཤེས་བསྒྲིབས་པ་ཅེས་པ་སྟེ། མི་ཤེས་པ་ནི་མ་རིག་པ་ང་དང་ང་ཡིའོ་སྙམ་དུ་འཛིན་པའོ།། ཉོན་མོངས་པ་རྣམས ་ནི་འདོད་པ་དང་མི་འདོད་པའི་ལས་ཀྱི་རྒྱུ་སེམས་ཀྱི་བྱེ་བྲག་རྣམས་སོ།། དེ་རྣམས་ཀྱི་བསྒྲིབས་པ་ནི་གཡོགས་པ་སྟེ་དེ་སྦྱང་བར་བྱའོ།། དཔལ་དྲི་མ་མེད་པའི་འོད་དུ་གསུངས་པ་ཡང་། སྟོང་པ་ལས་ནི་དངོས་པོའི་ཚོགས།། ་བརྟགས་པའི་གཟུགས་ནི་རྣམ་སྤངས་གང་།། སྣང་བ་མཐོང་སྟེ་མེ་ལོང་ལ།། པྲ་ཕབ་གཞོན་ནུ་མ་ཡིས་བཞིན། ཞེས་པ་འཇིག་རྟེན་ལས་འདས་པའི་བདེན་པས་གཟུགས་ཀྱི་ཕུང་པོ་རྣམ་པར་དག་པ་མེ་ལོང་ལྟ་བུའི་ཡེ་ཤེ ་སོ།། དངོས་པོ་ཐམས་ཅད་མཉམ་གྱུར་ནས།། དངོས་པོ་གཅིག་པོ་འགྱུར་མེད་གནས།། འགྱུར་མེད་ཡེ་ཤེས་ལས་བྱུང་བ།། ཆད་པ་མ་ཡིན་རྟག་པ་མིན། ཞེས་པ་ཚོར་བའི་ཕུང་པོ་རྣམ་པར་དག ་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ།། མིང་གི་བདག་ཉིད་ཡི་གེ་ཀུན།། ཨ་ཡིག་རིགས་ལས་ཡང་དག་བྱུང་།། འགྱུར་མེད་ཆེན་པོའི་གོ་འཕང་ཐོབ།། མིང་མེད་མིང་དང་ལྡན་པའང་མེད་ཅེས་པ་འདུ་ཤེས་ཀྱི་ཕུང་པོ་རྣམ་པར་དག། ་པ་སོ་སོར་རྟོག་པའི་ཡེ་ཤེས་སོ།། སྐྱེས་པ་མེད་པའི་ཆོས་རྣམས་ནི།། འདུ་བྱེད་བྲལ་བ་རྣམས་ལ་ཡང་།། སངས་རྒྱས་ཉིད་མེད་བྱང་ཆུབ་མེད།། སེམས་ཅན་མེད་ཅིང་སྲོག་ཉིད་མེད།། ཅེས་འདུ་བྱེད་ཀྱི་ཕུང་པོ་རྣམ་པར ་དག་པ་བྱ་བ་སྒྲུབ་པའི་ཡེ་ཤེས་སོ།། རྣམ་པར་ཤེས་པའི་ཆོས་ཉིད་འདས།། ཡེ་ཤེས་རྣམ་དག་གོས་པ་མེད།། རང་བཞིན་འོད་གསལ་ཆོས་རྣམས་ནི།། ཆོས་ཀྱི་དབྱིངས་སུ་སོན་ཞིང་རྟོགས། ཞེས་པ་རྣམ་པར ་ཤེས་པའི་ཕུང་པོ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ་ཞེས་སོ།། སླར་ཡང་དེ་ཉིད་དུ་གསུངས་པ། རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཀྱི་ཡེ་ཤེས་ནི་འཕོ་བའི་བདེ་བ་དང་། རྟོག་པའི་སྒྲིབ་པ་ཟད་པ་ལ་སོགས། ་པ་སྟེ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པ་རྣམ་པར་དག་པའོ་ཞེས་སོ།། དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཡང་རྣམ་པར་དག་པའི་ལེའུར་གསུངས་པ། རབ་འབྱོར་གང་གཟུགས་རྣམ་པར་དག ་པ་དེ་ནི་འབྲས་བུ་རྣམ་པར་དག་པ། འབྲས་བུ་རྣམ་པར་དག་པ་གང་ཡིན་པ་དེ་ནི་གཟུགས་རྣམ་པར་དག་པ་སྟེ། རབ་འབྱོར་དེ་ལྟར་ན་གཟུགས་རྣམ་པར་དག་པ་དང་། འབྲས་བུ་རྣམ་པར་དག་པ་འདི་ནི་གཉིསསུ་མེད་དེ་གཉིས ་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ།། རབ་འབྱོར་དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་ཏེ། རབ་འབྱོར་རྣམ་པར་ཤེས་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི། འབྲས་བུ་རྣམ་པར་དག་པ། གང ་འབྲས་བུ་རྣམ་པར་དག་པ་དེ་ནི་རྣམ་པར་ཤེས་པ་རྣམ་པར་དག་པའོ་ཞེས་སོ།། འཇིག་རྟེན་ཇི་བཞིན་དེ་སངས་རྒྱས།། ཇི་ལྟར་ཆོས་ནི་རྙོག་མེད་པ།། དེ་ལྟར་སེམས་ཅན་ཁམས་རྣམས་བཤད།། ནམ་མཁའ་བཞིན་དུ་དྲི་མ ་མེད།། དམ་མིན་ཀུན་རྟོག་རྣམ་རྟོག་གིས།། སེམས་ཀྱི་རིན་ཆེན་དྲི་མར་བྱས།། སེམས་དག་ན་ནི་དག་པར་འགྱུར།། ན་མཁའ་འཇིག་མེད་ཇི་བཞིན་ནོ།། དཔལ་དགོངས་པ་ལུང་སྟོན་པའི་རྒྱུད་དུ་གསུངས་པ་ཡང་། ལྕགས ་ཀྱི་གོང་བུ་ཆུར་དོར་བ།། འབྱིང་བ་འབའ་ཤིག་ཁོ་ནའོ།། དེ་ཉིད་སྣོད་དུ་བྱས་པས་གཞན།། སྒྲོལ་འཇུག་རང་ཉིད་སྒྲོལ་བར་བྱེད།། དེ་བཞིན་སྣོད་དུ་བྱས་པའི་སེམས།། ཤེས་རབ་ཐབས་ཀྱི་རང་བཞིན་ལས།། རང་ཉིད་གྲོལ་ཞིང ་གཞན་གྲོལ་བྱེད།། མཆོག་ཏུ་དགའ་བས་རོལ་པར་བྱེད།། ཅེས་སོ།། གཟུགས་སྒྲ་དེ་བཞིན་དྲི་དང་ནི།། རོ་དང་རེག་བྱ་རང་བཞིན་ལས།། ཆོས་ཀྱི་དབྱིངས་ནི་མཆོག་ཏུ་ཞི།། སེམས་ནི་རིན་ཆེན་ཞེས་བཤད་དོ།། ཡིད ་བཞིན་ནོར་བུ་རིན་ཆེན་ཆེ།། འདོད་པའི་དོན་གྱི་འབྲས་བུ་སྟེར།། དེ་བཞིན་སེམས་ནི་ཡོངས་དག་པ།། སངས་རྒྱས་བྱང་ཆུབ་འབྲས་བུ་སྟེར།། ཁྲག་དང་ཁུ་བ་ལས་བྱུང་ལུས།། ཞེས་བཤད་རྡོ་རྗེ་དབང ་ཕྱུག་སྟེ།། སེན་མོ་བ་སྤུ་དེ་བཞིན་དུ།། ཁམས་ཀྱི་ཁུ་བར་སྤྱན་རས་གཟིགས།། ཁྲག་དང་པགས་པ་གཟི་བརྗིད་ཆེ།། ཚུལ་དང་རྐང་ལ་རྡོ་རྗེ་འཛིན།། ཕྱི་སར་རྣམ་པར་སྣང་མཛད་མགོན།། རྩཝ་ཡི་རྫས་ལ་བདུན་རྒྱལ་པོ།། ་ལྔ་པོ་འདི་རྣམས་སངས་རྒྱས་ལྔ།། རྡོ་རྗེ་མཁའ་འགྲོས་གསུངས་པ་ཡིན།། ས་ཡི་ཁམས་ནི་རྣམ་དག་པས།། འཁོར་ལོས་མཛེས་པ་སྤྱན་མའོ།། ཤིན་ཏུ་དང་བ་རྡོ་རྗེའི་ཡུམ།། མེ་ལ་པདྨའི་བུ་མོའོ།། སྒྲོལ་མ་རླུང་ནི། ་རྣམ་དག་པས།། རྡོ་རྗེའི་བཙུན་མོ་བཞི་པོ་རྣམས།། རྡོ་རྗེ་མཁའ་འགྲོའི་མཚན་ཅན་གྱི།། གུར་གྱིས་འདི་རྣམས་གསུངས་པ་ཡིན།། ཚོགས་པས་འཇིག་རྟེན་བསྐྱེད་བྱ་སྟེ།། འདོད་ཆགས་ཟད་ལས་ཟད་པར་འགྱུར།། རྡོ ་རྗེའི་ཆགས་པ་ཡོངས་ཤེས་ལས།། ཡིད་ནི་རྡོ་རྗེ་སེམས་དཔར་འགྱུར་ཞེས་སོ།། གསུངས་པ་ཡང་། གང་ཕྱིར་རྒྱུད་གང་ཁོ་ན་ལས།། ལས་ཀྱི་བག་ཆགས་བསྒོས་གྱུར་པ།། དེ་ཁོ་ན་ལས་འབྲས་བུ་འབྲེལ།། རལ ་བལ་ལས་ནི་མར་ཉིད་བཞིན་ཞེས་སོ།། གལ་ཏེ་དངོས་པོ་མ་དག་ཡོད་མིན་ཡང་།། དེ་ལྟར་ན་ཡང་རྒྱལ་བ་རྣམས་ཀྱིས་སྤྱོད།། ཀུན་རྫོབ་བདེན་པ་བརྟེན་པའི་འཁོར་ལོ་ཡི།། ཆོས་ཉིད་ངོ་བོ་རྣམ་པར་བསྒོམས ་པ་ཙམ།། ཆོས་ལས་དངོས་པོ་ཡང་དག་རྣམ་པར་དབེན།། གང་ཟག་ཐམས་ཅད་རྣམ་སྤངས་འཇིག་རྟེན་ཏེ།། འཇིག་རྟེན་འགྲོ་བ་བསམ་པར་ནུས་མ་ཡིན།། ཆོས་ཉིད་ངོ་བོར་ཐམས་ཅད་རྣམ་པར་དག། གསུངས་པ ་ཡང་། རྣམ་པར་དག་པ་བདག་མེད་ཆོས།། ཡང་དག་ཡེ་ཤེས་ཟླ་འོད་བཟང་ཞེས་སོ།། གསུངས་པ་ཡང་། དྲི་ལ་སོགས་པའི་ཡུལ་དེ་རྣམས་གཞན་ཡིན་ལ། རྣ་བ་སོགས་པའི་ཡུལ་ཅན་དེ་རྣམས་གཞན་ཡིན ་ཞིང་། ངག་དང་ལག་པ་ལ་སོགས་པའི་རྣམས་གཞན་དང་ལས་ཀྱི་དབང་པོའི་བྱ་བ་ལ་སོགས་པ་རྣམས་གཞན་ཏེ། དེ་ལྟར་ན། ཐམས་ཅད་དུ་ནི་ཕྱག་ཞབས་སོ།། ཀུན་ཏུ་སྤྱན་དང་དབུ་དང་ཞལ།། ཀུན་ཏུ་ཐོས་ལྡན་འཇིག ་རྟེན་དུ།། ཐམས་ཅད་ཁྱབ་པར་བྱས་ཏེ་བཞུགས།། རྡོ་རྗེ་སེམས་དཔའ་འོ་ཅེས་སོ།། དེ་ལྟར། བདག་རིག་གཞན་རིག་ཐམས་ཅད་པ།། ཀུན་ལ་ཕན་པའི་གང་ཟག་མཆོག། འཇིག་རྟེན་དཔེ་ལས་འདས་པ་སྟེ།། ཤེས་དང་ཤེས ་བྱའི་བདག་པོ་མཆོག་ཙོས་སོ།། ཕྱག་བཅུ་དྲུག་རྣམ་པར་དག་པས་སྟོང་པ་ཉིད་བཅུ་དྲུག་རྣམས་སོ་ཞེས་པ་འདིར་ངེས་པའི་དོན་ནི་དཔལ་དྲི་མ་དང་བྲལ་བའི་འོད་དུ་ཡང་གསུངས་པ། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཛིན་པ་ཉིད ་ཀྱི་ཕྱིར་རོ་ཞེས་པ་དང་། འདིར་སྟོང་པ་ཉིད་ནི་ཕུང་པོ་ལྔ་སྟོང་པ་ཉིད་དེ། ནག་པོའི་ཆོས་གཅིག་ལ་སོགས་པ་ཚེས་ལྔ་རྣམས་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད ་དང་། ཆེན་པོ་སྟོང་པ་ཉིད་ཅེས་པའོ།། ཁམས་ལྔ་སྟོང་པ་ཉིད་ནི་དྲུག་ལ་སོགས་པའི་ཆོས་ལྷ་རྣམས་ཏེ། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་རྣམས་སོ་ཞེས་པའོ།། དབང་པོ་ལྔ་སྟོང་པ་ཉིད་ནི་བཅུ་གཅིག་པ་ལ་སོགས་པ་ཆོས་ལྔ་རྣམས་ཏེ། དོར་བ་མེད་པ་སྟོང་པོ་ཉིད་དང་། ་རང་བཞིན་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་ཅེས་པའོ།། གནམ་སྟོང་གི་མཐར་ཐུག་པ་ཉིད་བཅོ་ལྔ་རྣམས་སོ།། དཀར་པོའི་ཆོས་གཅིག ་འཇུག་པའི་དུས་སུ་དེ་དག་གི་དབུས་སུ་སྟོང་པ་ཉིད་བཅུ་དྲུག་པ་དངོས་པོ་མེད་པའི་རང་བཞིན་སྤྱོད་པ་ཉིད་རྣམ་པ་ཐམས་ཅད་པའོ།། དེ་བཞིན་དུ་སྙིང་རྗེ་རྣམ་པ་གསུམ་སྟེ། འདི་དག་གཅིག་པ་ཉིད་སྟོང་པ་ཉིད་བཅུ་དྲུག་དང་། ་སྙིང་རྗེ་བཅུ་དྲུག་གི་བདག་ཉིད་ཅན་གྱི་བརྗེད་པར་བྱ་བ་ཕྱག་བཅུ་དྲུག་པ་རྣམས་ཀྱི་རྣམ་པར་དག་པའོ་ཞེས་པ་ངེས་པའི་དོན་ཏོ།། ཞབས་བཞི་ཞེས་པ་བདུད་བཞི་རྣམ་པར་དགུ་པ་ལུས་ཏེ། གསུངས་པ་ཡང་། སེམས་ཅན་རྣམས ་ཀྱི་ལུས་དང་ངག་དང་། སེམས་དང་མ་རིག་པའི་བག་ཆགས་ཀྱི་རྣམ་པ་ནི་བདུད་བཞི་རྣམས་ཏེ། དེ་རྣམས་ལ་ལུས་ཀྱི་སྒྲིབ་པ་ནི་ཕུང་པོའི་བདུད་དོ།། ངག་གི་སྒྲིབ་པ་ནི་ཉོན་མོངས་པའི་བདུད་ངོ་།། སེམས་ཀྱི་སྒྲིབ་པ་ནི་འཆི ་བདག་གི་བདུད་དོ།། ཕྱི་རོལ་ཏུ་མ་རིག་པ་འཇུག་པ་ནི་ལྷའི་བུའི་བདུད་སྟེ་ཞེས་སོ།། དཔལ་མཚན་ཡང་དག་པར་བརྗོད་པར་གསུངས་པ་ཡང་། དཔའ་བོ་བདུད་དགྲ་བདུད་ལས་རྒྱལ།། བདུད་བཞིའི་འཇིགས་པ་མཐར་བྱེད ་པ།། བདུད་ཀྱི་དཔུང་ཀུན་ཕམ་པར་བྱེད།། རྫོགས་པའི་སངས་རྒྱས་འཇིག་རྟེན་འདྲེན་ཞེས་སོ།། ཞལ་རྣམས་རྣམ་པར་ཐར་པ་བརྒྱད་ཅེས་པ་འདིའི་དོན་འདི་ཡིན་ཏེ། དཔལ་མངོན་པར་བརྗོད་པ་ཕྱི་མར་གསུངས་པ། ་གཟུགས་ཅན་གཟུགས་ལྟ་བ་འདི་ནི་རྣམ་པར་ཐར་པ་དང་པོའོ།། ནང་གཟུགས་མེད་པས་ཕྱི་རོལ་གྱི་གཟུགས་རྣམས་ལྟ་བ་ནི་གཉིས་པའོ།། སྡུག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་རྫོགས ་པར་བྱས་ཏེ། གནས་སོ་ཞེས་པ་གསུམ་པའོ།། ན་མཁའ་མཐའ་ཡས་སྐྱེ་མཆེད་ནི་བཞི་པའོ།། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ནི་ལྔ་པའོ།། ཅི་ཡང་མེད་པའི་སྐྱེ་མཆེད་ནི་དྲུག་པའོ།། འདུ་ཤེས་མེད་འདུ་ཤེས ་མེད་མིན་གྱི་སྐྱེ་མཆེད་ནི་བདུན་པའོ།། འགོག་པའི་སྙོམས་པར་འཇུག་པ་ནི་བརྒྱད་པ་སྟེ། རྣམ་པར་ཐར་པ་བརྒྱད་རྣམ་པར་དོག་པས་ཞལ་རྣམས་སོ།། རྡོ་རྗེ་གསུམ་གྱི་དག་པའི་སྤྱན་ཞེས་པ་ལ་གསུངས་པ་ཡང་། ་སྤྲུལ་པ་ཡིས་ནི་རྟག་ཏུ་སྐྱེ།། ལོངས་སྤྱོད་རྫོགས་པའི་བྱེད་རྒྱུ་གནས།། ཆོས་ཀྱི་སྐུ་ཡི་རང་བཞིན་གྱིས།། ཐིམ་པར་འགྱུར་ཏེ་ཐེ་ཚོམ་མེད།། དེ་བཞིན་དུ་འང་ཉིད་དུ་ཡང་གསུངས་པ། གང་དང་གང་གིས་འཇིག ་རྟེན་འཆིང་འགྱུར་བ།། དེ་དང་དེས་ནི་འཆིང་བ་ལས་གྲོལ་ཏེ།། འཇིག་རྟེན་རྨོངས་པ་དེ་ཉིད་མ་རྟོགས་པ།། དེ་ཉིད་རྣམ་སྤངས་དངོས་གྲུབ་རྙེད་མི་འགྱུར།། དེ་ཕྱིར་དྲི་མེད་སྒྲ་མེད་གཟུགས་ཉིད་མེད།། ་རོ་ཡང་མེད་དེ་སེམས་ནི་རྣམ་པར་དག། རེག་མེད་ཆོས་མེད་ཐམས་ཅད་རྣམ་པར་དག། རང་བཞིན་དག་པའི་འགྲོ་ལ་འགྲོ་བར་ཤེས། ཅེས་པ་དཔལ་ཀྱེའི་རྡོ་རྗེའི་རྒྱུད་དུ་རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ་དུ ་རྣམ་པར་དག་པའི་ལེའུ་སྟེ་དགུ་པའོ།། ། ད་ནི་དཀྱིལ་འཁོར་མེད་པར་དབང་བསྐུར་སྦྱིན་པར་མི་བྱ་ཞིང་། དབང་བསྐུར་བ་མེད་པ་ལ་དེ་ཁོ་ན་ཉིད་གསལ་བར་བྱ་བ་མ་ཡིན་ནོ་ཞེས་པས། དཀྱིལ་འཁོར ་སྔོན་དུ་འགྲོ་བའི་དབང་བསྐུར་བའི་ལེའུ་དེ་ནས་ཞེས་པ་ལ་སོགས་པ་མདོར་བསྡུས་ཏེ་བཏུས་ཏེ་ནས་གསལ་བར་བྱའོ།། གསུངས་པ་ཡང་རྒྱུད་ནི་རྒྱུད་གཞན་གྱིས་རྟོགས་བྱ་ཞེས་པ་དེ་བཞིན་གཤེགས་པའི ་ངེས་པའོ།། ལྷའི་བདག་ཉིད་ཅན་ཞེས་པ་ལ་གསུངས་པ་ཡང་། ཆོས་དང་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པ་དང་ལྷན་ཅིག་སྐྱེས་པའི་བདེ་བ་གཅིག་ཏུ་འདྲེས་པར་གྱུར་པའི་བདག་ཉིད་ཅན་མཆོག་ཏུ་མི་འགྱུར་བའི་བདེ་བ་ནི ་ལྷ་ཞེས་མངོན་པར་བརྗོད་པར་བྱའོ།། དཀྱིལ་འཁོར་བྲི་བའི་ས་གཞི་གསུངས་པ། སྤྱོད་མོས་ཚལ་ཞེས་པ་ལ་སོགས་པ་སྟེ། སྙེད་མོས་ཚལ་ཡིད་དུ་འོང་བ་དགའ་བའི་གནས་སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར ་གྱི་བདག་ཉིད་ཅན་ཆོས་འབྱུང་གི་ནང་དུ་སོན་པ་སྟོང་པ་ཉིད་དང་སྙིང་རྗེ་བཅུ་དྲུག་རྣམ་པར་དག་པས་སོ།། ཞེས་པ་དཀྱིལ་འཁོར་གྱི་གནས་ངེས་པའོ།། རོ་དང་དྲི་རྣམས་ཐམས་ཅད་དང་ལྡན་མཐའ་དག་ཡོན་ཏན་གཏེར་ཞེས་པ། ནམ ་མཁའི་ཁམས་ཀྱི་མཚན་ཉིད་ཅན་དུ་རྣལ་འབྱོར་པས་རིག་པར་བྱའོ་ཞེས་པ་སའི་མཚན་ཉིད་ངེས་པའོ།། རྡོ་རྗེའི་ཐིག་དང་ཡང་དག་ལྡན། ཞེས་པ་ལ་སོགས་པ་ལ་གསུངས་པ་ཡང་། ཟླ་བ་ཁུ་བའི་ཆ་དབྱེ་བས།། རྡོ་རྗེའི་ཐིག་ནི ་བཏབ་པ་ལ།། ཡང་ཡང་ཆ་རུ་ཕྱེ་བ་ཡིས།། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལའོ།། སྐུ་དང་གསུང་དང་ཐུགས་གཅིག་ཏུ་གྱུར་པའི་ཆོས་རྣམས་ཐམས་ཅད་རྣམ་པ་གཅིག་པས་རྡོ་རྗེ་སེམས་དཔའ་ང་རྡོ་རྗེའི་ས་གཞི་ལ་ཐིག ་འདེབས་པར་བྱེད་དོ།། ཨོཾ་ཨཱཿཧཱུཾ་ཕཊ། གསང་བ་རྒྱན་གྱི་བཀོད་པར་ཡང་། གསུངས་པ། དང་པོར་སྔགས་ཀྱི་མཆོག་གིས་ནི།། ན་མཁར་ཐིག་གདབ་བྱས་ནས་སུ།། དེ་ནས་རྣལ་འབྱོར་ཆེན་པོས་ཐིག། གསང་བའི་མ་མའི ་དཀྱིལ་འཁོར་གདབ། ཅེས་པ་ལ་སོགས་པའོ།། དཔལ་བདེ་བ་རྟོགས་པར་བྱེད་པར་ཡང་གསུངས་པ། དེ་ཕྱིར་དཀྱིལ་འཁོར་འཁོར་ལོ་ཞེས།། ཐབས་ནི་བདེ་བའི་སྡོམ་པ་སྟེ།། སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས།། སངས ་རྒྱས་ཡུན་མི་རིང་བར་འགྱུར།། གང་ཚེ་སེམས་ནི་ལེགས་གནས་པ།། དེ་བཞིན་ཉིད་རྣམས་སྤྱོད་ཡུལ་ཏེ།། ཆོས་རྣམས་རང་བཞིན་འོད་གསལ་བའོ།། གདོད་ནས་དག་ཅིང་རྙོག་པ་མེད།། དཀྱིལ་འཁོར་དེ་བཞིན་ཉིད་གྱུར་པར།། ་ཕན་པ་འདོད་པས་ཤེས་པར་བྱ།། ཕུང་པོ་སྐྱེ་མཆེད་སོགས་ཚོགས་ཀྱིས།། གང་ཞིག་བྱེ་བྲག་ཁ་བསྒྱུར་དང་།། ལུས་ངག་ཡིད་གསུམ་ལ་བསྒྱུར་ཕྱིར།། རྡུལ་མཚོན་དཀྱིལ་འཁོར་ཞེས་བྱར་གསུངས།། ་ཕུང་པོ་ལ་སོགས་སྟོན་པས་ན།། ཚོགས་ཀྱི་དཀྱིལ་འཁོར་ཞེས་པར་བཤད།། སེམས་ཀྱི་དཀྱིལ་འཁོར་དག་པ་དེ།། རང་བཞིན་མེད་ལས་བསྒོམ་པར་བྱ།། དང་པོའི་གྲི་ནི་རྟོགས་བྱེད་པ།། འདི་ལྟར་མེ་ལོང་ལྟ་བུར་འགྱུར།། ་སོ་སོར་རྟོགས་པར་ཞེས་བཤད་པ།། ལྷོ་ཕྱོགས་གྲཝ་ཡིས་བརྒྱན་པའོ།། བྱ་བ་སྒྲུབ་པར་བྱེད་པ་མཆོག། ནུབ་ཀྱི་གྲཝ་ཡིས་རྣམ་པར་གསལ།། མཉམ་ཉིད་ཞེས་པ་ཡེ་ཤེས་ཆེ།། བྱང་གི་གྲཝ་ཡིས་རྗེས་སོང་བདག། དེ་ལྟར ་གྲཝ་བཞི་པ་ཅན་ནི།། ཡེ་ཤེས་སྤྱོད་ཡུལ་བརྟགས་པ་ཡིན།། འདི་ལྟར་དེ་ཉིད་རབ་ཞུགས་པས།། ཀུན་ཏུ་གྲཱ་ཡིས་དབུས་སུའོ།། སྒོ་བཞི་པར་ཡང་བརྗོད་པར་ནི།། དྲན་པ་བཞི་པོ་རྟག་འབྱུང་བའོ།། དེ་བཞིན་ཟུར་བཞིར་བཤད ་པ་ནི།། སྦྱིན་པ་བཞི་པོ་རྣམ་དགེ་ལས།། དབུས་ཀྱི་དཀྱིལ་འཁོར་ངོ་བོ་ནི།། མི་བསྐྱོད་རྣམ་པས་བརྒྱན་པའོ།། དཀྱིལ་འཁོར་རྟག་ཏུ་ཞི་བ་སྟེ།། ཞི་བའི་ཆོས་དོན་རྒྱན་བྱེད་ཕྱིར།། དྲ་བ་དཱ་ཕྱེད་ཟླ་བ་སོགས།། གང་ཞིག་དཀྱིལ་འཁོར ་དུ་བྲིས་དང་།། རྟ་བབས་ལ་སོགས་ཐམས་ཅད་རྣམས།། དེ་རྣམས་ཏིང་འཛིན་ཡང་དག་ངེས།། རྟ་བབས་སེམས་ཀྱི་མཐར་ཐུག་པ།། དེ་ཉིད་རང་བཞིན་ལས་གསུངས་ཡིན།། སེམས་ནི་གང་ཞིག་རབ་འཇུག་པ།། ཏིང་འཛིན་ཡན ་ལག་ལ་གནས་པ།། དེ་ནི་དྲ་བ་ཞེས་པར་བརྗོད།། དེ་ཡི་ཕྱེད་པས་དྲ་བ་ཕྱེད།། དྲིལ་བུ་དྲ་བ་ཡང་དག་གནས།། རང་གི་སྒྲ་སྒྲོགས་གོ་བྱེད་པ།། ཆོས་རྣམས་སྒྲ་བརྙན་ལྟ་བུར་ནི།། སོ་སོར་རྟོགས་པར་བྱེད་པའོ།། དཔལ་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པར་གསུངས་པ་ཡང་། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་གནས་པས་ཆོ་སྡེ་རྣམས་ཐམས་ཅད་སྒྲ་བརྙན ་ལྟ་བུའོ་ཞེས་རབ་ཏུ་ཤེས་སོ།། དེ་ལས་ཀྱང་དེ་རྣམས་མྱི་སེམས་ཡང་དག་པར་རྗེས་སུ་མི་མཐོང་མི་ཤེས་ཡང་དག་པར་མི་ཤེས་ཏེ། ཆོས་དེ་རྣམས་ཀྱང་ཡོད་པ་མ་ཡིན་ལ་ཡོང་དག་པར་རིག་པ་མ་ཡིན་ཏེ་མི་དམིགསོ་ཞེས་སོ།། ་དེ་གལ་ཏེ་འདི་ལྟར་གནས་ནཱ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་སོ།། རྒྱུ་ལ་མཚན་ཕྲེང་བར་དེ་བཤད་ཉིད།། ཆོས་རྣམས་སྐྱེ་མིང་སྟོན་པའི་ཕྱིར།། གང་ཚེ་སེམས་ནི་རྒྱ་ཆེ་ཞིང་།། དངོས་པོ་ལ་སོགས་མ་གོས་པ། ་སེམས་ནི་བླ་རེར་བཤད་པ་ཡིན།། དམ་པའི་དོན་དུ་བརྗོད་པ་ལས།། ཕྲེང་བ་གོས་ནི་དེ་ཐམས་ཅད།། སྣ་ཚོགས་ལ་སོགས་སྣང་བ་ལས།། རྡོ་རྗེའི་རྣམ་པར་གང་ཞིག་སེམས།། དགའ་བའི་ཡེ་ཤེས་ཀྱིས་མཚན་པ།། དོན་དེས ་རྟག་ཏུ་བརྗོད་པ་ནི།། མཁའ་འགྲོ་མ་ཡི་སྡོམ་པ་འབྱུང་།། ཟུར་གྱི་ཆ་ནི་ཐམས་ཅད་དང་།། སྒོ་དང་སྒོ་ཁྱུང་མཚམས་རྣམས་སུཾ།། རྡོ་རྗེ་རིན་ཆེན་གྱིས་སྤྲས་པ།། རྡོ་རྗེ་རིན་ཆེན་རྟོགས་པ་ལས།། ཟླ་བ་ཉི་མར་གང་བརྗོད་པ། ་ཤེས་རབ་ཐབས་དོན་སྟོན་པ་ལས།། ཤེས་རབ་ཐབས་ཀྱི་རང་བཞིན་སེམས།། ཡེ་ཤེས་འདི་རྣམས་ཀྱིས་བརྒྱན་པའོ།། དཀྱིལ་འཁོར་བརྗོད་པ་དེ་ཉིད་ནི།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྐྱེས།། སྐུ་གསུང ་ཐུགས་ནི་ཉེ་བ་ལས།། རྣམ་པ་གཅིག་པ་མཚན་ཉིད་མེད།། དེ་ཉིད་རབ་ཏུ་འཇུག་པ་བརྗོད།། བླ་མ་སློབ་མ་དག་ལ་གསལ། ཞེས་པ་ལ་སོགས་པའོ།། དཔྲལ་རྡོ་རྗེ་མཁ་འགྲོར་ཡང་གསུངས་པ། དཀྱིལ་འཁོར་ཇི་ལྟ་དེ་ལྟར ་ནི། སུ་ཡིས་ཡོངས་སུ་བརྟག་པར་ནུས།། རང་གི་ལྷག་པའི་ལྷ་སྦྱོར་བས།། གྲུབ་པ་དཀྱིལ་འཁོར་བརྟག་པའོ།། ཞེས་པ་ངེས་པའི་དོན་ཏོ།། གྲུ་བཞི་པ་ལ་སྒོ་བཞི་པ།། རྟ་བབས་བཞི་ཡིས་བརྒྱན་བྱས་པ།། ངོ ་ཤཱུལ་དོ་ཤལ་ཕྱེད་པ་ལ། ཞེས་པ་ལ་སོགས་པ་སྟེ། འདི་ཐམས་ཅད་དྲང་བའི་དོན་གྱི་གོ་སླའོ།། གསུངས་པ་ཡང་། སྔགས་ཀྱི་ཚུལ་འདིར་སློབ་མ་རྣམ་པ་གཉིས་ཏེ། གཅིག་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ ་པ་དོན་དུ་གཉེར་བ་དང་། གཉིས་པ་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པ་དོན་དུ་གཉེར་བའོ།། གང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པ་དོན་དུ་གཉེར་བ་དེ་ནི་སྟོང་པ་ཉིད་ཀྱི་ལམ་སྒོམ་པའི་དོན་དུ་བུམཽ་པ་དང་གསང་བ་ལ་སོགས ་པའི་དབང་བསྐུར་གྱིས་ཡང་དག་པར་གཟུང་བར་བྱའོ།། གང་འཇིག་རྟེན་པའི་དངོས་གྲུབ་པའི་དོན་དུ་གཉེར་བ་ནི་སྔགས་དང་། ཕྱག་རྒྱ་དང་། དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་དོན་དུ་གཉེར་བ་སྟེ། དབང ་བསྐུར་བདུན་གྱིས་ཡང་དག་པར་གཟུང་བར་བྱ་སྟེ། འབྲིང་པོ་བསོད་ནམས་ཀྱི་རྒྱུར་རོ་ཞེས་པའོ།། ཐ་མ་ནི་དབང་བསྐུར་གྱིས་ཡང་དག་པར་གཟུང་བར་བྱ་བ་མ་ཡིན་ཏེ། དགེ་བསྙེན་གྱི་བསླབ་པས་ཡང་དག་པར་གཟུང་བར ་བྱའོ་ཞེས་པ་ངེས་པའོ།། ད་ནི་སློབ་མ་དམ་པ་མཉེས་གཤིན་གུས།། བླ་མོའི་ཞབས་ལ་ཕྱག་འཚལ་ནས།། རྩེ་གཅིག་གྱུར་པའི་ཡིད་ལྡན་པས།། དབང་བསྐུར་དོན་དུ་གསོལ་བུ་གདབ།། ཐལ་མོ་སྦྱར་བ་བྱས་ནས་ནི།། ་ལུས་བཏུད་ནས་ནི་སྤྱན་སྔར་འདུག། བདག་ལ་ཕན་དང་བདག་དོན་ཆེད།། ཁྱབ་བདག་བདག་ལ་ཐུགས་བརྩེ་བས།། སྒྱུ་འཕྲུལ་དྲ་བས་མངོན་རྫོགས་པའི།། བྱང་ཆུབ་ཇི་ལྟར་བདག་ཐོབ་པར།། རྫོགས་པའི་སངས་རྒྱས་བ ་ལྡན་སྟོན།། དམ་ཚིག་ཆེན་པོའི་དེ་ཉིད་མཁྱེན།། དབང་པོ་བསམ་པ་མཁྱེན་པོའི་མཆོག། འགྲོ་བའི་བླ་མས་བསྟན་དུ་ག་སྲོལ།། ངེས་པར་འབྱུང་གི་བར་དུ་འདི།། བདག་གི་བསམ་པ་བརྟན་པོས་གཟུང་།། མགོན་པོ་རྫོགས ་སངས་རྒྱས་ཀུན་གྱི།། གསང་འཛིན་ཇི་ལྟར་བདག་འགྱུར་མཛོད།། ཧ~ཾ་རུ་ཀཱ་དཔལ་དབང་བསྐུར་ནི།། འགྲོ་བ་བསྐྱབ་པའི་སེམས་ཆེད་དུ།། ཇི་ལྟར་རྡོ་རྗེ་སེམས་དཔས་བྱིན།། དེ་ལྟར་དེང་འདིར་བདག་ལ་སྩོལ་ཞེས་གསོལ་བ ་བཏབ་པའི་སློབ་མ། ལྷའི་རྣལ་འབྱོར་སྔོན་དུ་འགྲོ་བས་སློབ་མ་གཞུག་པའི་རིམ་པས་རང་ཉིད་ཞུགས་ནས་ཡོལ་བའི་ཕྱི་རོལ་ཏུ་ཡོན་ཕུལ་བ། དོན་དམ་ཤིན་ཏུ་རོལ་ཏུ་རོལ་པའི་བདག། ཕྱག་རྒྱ་ལྔ་དང་ལྡན་དག་པ།། ་ཁྱཱ་ཊྭཱཾ་ག་བསྟེན་ཡང་དག་གནས།། ལྷ་མོ་གདུགས་མཆོག་བསླང་སྟེ་འཛིན།། ཅང་ཏེས་བྲེལ་བའི་ལག་པ་ཅན།། དཔའ་བོ་རྣལ་འབྱོར་མ་ཚོགས་ཀྱིས།། བསྐོར་ཞིང་དབུས་ན་གནས་པ་ལ།། གླུ ་ལ་སོགས་དང་བཀྲ་ཤིས་ཀྱིས།། འབད་པས་མཆོད་པ་བྱས་ནས་སོ།། དེའི་རྗེས་སུ་དབང་བསྐུར་བའི་སྐལ་བ་དང་ལྡན་པའི་སློབ་མ་རྣམས་རྣམ་པར་སྣང་མཛོད་ཀྱི་གཟུགས་སུ་དམིགས་པ་ལ་ཨཱཿཁཾ་བཱི་ར་ཧཱུཾ་ཞེས་པའི ་སྔགས་ཀྱིས་མེ་ཏོག་གི་ཕྲེང་བ་གཟུང་བའི་མིག་དར་བཅིངས་པ་བགེགས་མཐར་བྱེད་ཀྱི་སྔགས་ཟློས་ཤིང་བུམ་པའི་ཆུས་གཏོར་བ་ལ། དཀྱིལ་འཁོར་དུ་འཇུག་པའི་དོན་དུ་དྲི་བར་བྱ་སྟེ། ཤིན་ཏུ་དགའ་བ་ཁྱོད་ནི་སུ་ཡིན ་ཞེས་སོ།། དེས་ཀྱང་བསྐལ་བཟང་བདག་བདེ་བ་ཆེན་པོའོ།། ཞེས་སྨྲ་བར་བྱའོ།། དེའི་རྗེས་སུ་ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་དཱ་ཡཱ་མི་ཞེས་པ་འདིས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ།། དེ་ནས་མེ་ཏོག་དང་བཅས་པའི་རྡོ་རྗེ་སྙིང ་གར་འདིས་བཞག་པར་བྱ་སྟེ། ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿསིདྡྷི་བཛྲ་ཡ~ཾ་ཐཱ་སུ་ཁཾ་ཞེས་སོ།། དེ་ནས་སྔར་གསུངས་པའི་ཡི་གེ་ལྔ་པོས་ཡོལ་བའི་ནང་དུ་བཅུག་ནས་འདི་སྐད་སྨྲ་བར་བྱ་བའོ།། དེ་རིང་ཁྱོད་དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། དེ་ནས་ངས་ཁྱོད་ལ་རྡོ་རྗེའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་རྣམས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་རྣམས ་ལྟེ་ཅི་སྨོས། ཁྱོད་ཀྱིས་ཀྱང་འདི་དཀྱིལ་འཁོར་མ་མཐོང་བའི་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་ན་མི་རུང་ངོ་ཞེས་སོ།། དེ་ནས་མགོ་བོར་རྡོ་རྗེ་བཞག་ནས་འདི་སྐད་ཅེས་བརྗོད་པར་བྱའོ།། འདི་ནི་ཁྱོད་ཀྱི་དམ་ཚིག ་རྡོ་རྗེ་སྟེ། གལཱ་ཏེ་ཁྱོད་ཀྱིས་འདི་འགའ་ཞིག་ལ་སྨྲས་ན་མགོ་བོ་འགས་པར་བྱེད་དོ།། ཨོཾ་རྡོ་རྗེ་སེམས་དཔའ་རང་ཉིད་དེང་།། ཁྱོད་ཀྱི་སྙིང་ལ་ཡང་དག་གནས།། གལ་ཏེ་ཚུལ་འདི་སྨྲས་ན་ནཱི།། དེ་མ་ཐག་ཏུ་དྲལ་ཏེ་གཤེགས ་ཅེས་པ་འདི་ཡིས་གནས་བྱས་ཏེ། ཙན་ངན་དང་གུར་ཀུམ་ལ་སོགས་པ་བསྲེས་པའི་ཆུ་ལ་ཨཱཾ་བཛྲ་ཨ་མྲྀ་ཏ་ཨུ་ད་ཀ་ཋ་ཞེས་པ་འདིས་ལན་བདུན་བཟླས་པ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ།། དམ་ཚིག་འདས་ན་བསྲེག ་པར་བསྲེག་པར་བྱེད།། དམ་ཚིག་བསྲུངས་ལས་དངོས་གྲུབ་སྟེར།། རྡོ་རྗེ་བདུད་རྩིའི་ཆུ་འཐུངས་ཤིག། ཅེས་བརྗོད་ཅིང་འཐུང་ངུ་བཞུག་གོ།། དེ་ནས་འདི་སྐད་བརྗོད་པར་བྱའོ།། དེང་ནས་བརྩམས་ཏེ། ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང ་ཡིན་གྱི་ངས་ཁྱོད་ལ་གང་བྱོས་ཤིག་ཅེས་སྨྲས་པ་དེ་ཁྱོད་ཀྱིས་བྱ་དགོས་སོ།། ཁྱོད་ཀྱིས་ང་ལ་ཡང་བརྙས་པར་མི་བྱ་སྟེ། ཁྱོད་ཡ་བ་མ་སྤངས་པར་འཆི་བའི་དུས་བྱས་ནས། དམྱལ་བར་ལྷུང་བར་གྱུར་ན། མི་རུང་ངོ་ཞེས་པ ་དམ་ཚིག་གི་ཆུ་སྤྱི་ན་པའོ།། དེ་ནས་དཀྱིལ་འཁོར་གྱི་ཆོ་ག་ལ་སོགས་པར་གསུངས་པའི་དབབ་པའི་ཆོ་གས་དབབ་པར་བྱའོ།། དེ་ནས་བདེན་པའི་བྱིན་གྱིས་བརླབས་བྱ་སྟེ། བདག་གིས་ཡང་དག་དཀྱིལ་འཁོར་དུ། ་སློབ་མ་འདི་ནི་རབ་བཅུག་པ།། ལྷ་རྣམས་རིགས་ཀྱི་རིམ་པ་ནི།། བསྟོད་ནམས་ཇི་ལྟ་དེ་ལྟར་ཤོག། འདི་ཡི་དངོས་གྲུབ་ཅི་འདྲར་འགྱུར།། རིགས་ནི་གང་ལ་སྣོད་དུ་འགྱུར།། བསོད་ནམས ་མཐུ་ཡང་ཅི་འདྲུ་བ།། དེ་འདྲར་དཀྱིལ་འཁོར་དུ་གྱུར་ཅིག་ཅེས་བྱས་ལ་ཁྱོད་ཀྱི་མིག་ལ་ཅི་འདྲ་བ་སྣང་ཞེས་དྲི་བར་བྱའོ།། དེ་ནས་དེ་ཡིས་སྨྲས་པ། དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ནག་པོའི ་སྣང་བ་རྣམས་ཀྱིས་ཞི་བ་དང་། རྒྱས་པ་དང་། དབང་དང་། མངོན་སྤྱོད་ཀྱི་དངོས་གྲུབ་ཀྱི་སྐལ་བ་ཅན་ཉིད་དུ་རིམ་པོ་ཇི་ལྟ་བར་བརྗོད་པར་བྱའོ།། དེ་ནུས་མེ་ཏོག་གི་ཕྲེང་བ་གཟུང་བ་དེ་དཀྱིལ་འཁོར་དུ་པ ་ཏཱིཙྪ་བཛྲ་ཧོཿཞེས་པ་འདིས་དཀྱིལ་འཁོར་དུ་འཕེན་དུ་གཞུག་གོ། དེ་ནས་མེ་ཏོག་ལྷུང་བས་དམན་པ་དང་། མཆོག་ལ་སོགས་པའི་དངོས་གྲུབ་མཚོན་པར་བྱའོ།། དེ་ལ་གལ་ཏེ་སངས་རྒྱས་རྣམས་ཀྱི ་དབུའི་མཛོད་སྤུ་འམ་གཙུག་ཏོར་དུ་ལྷུང་ན་དེའི་ཚེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ།། ཡན་ལག་མཆོག་ལ་ནི་མཆོག་གོ། དབུས་ཀྱི་ཆ་ལ་ནི་འབྲིང་ངོ་།། འོག་གི་ཆ་ལ་ནི་ཐ་མའོ།། སྐུ་ལས་རིང་དུ་གྱུར་ན། ཡུན་རིང་པོས ་ཉེ་བ་ལ་ནི་ཉེ་བར་འགྲུབ་བོ།། ལྷ་རྣམས་ཀྱི་རང་གི་གནས་ནི་ལིང་ཚེ་ལ་སོགས་པས་ཡོངས་སུ་བཅང་བས་ཤེས་པར་བྱའོ།། ལྷ་གཉིས་དག་གི་བར་དུ་གལ་ཏེ་ལྷུང་ན། དེའི་ཚེ་གང་ལ་མེ་ཏོག་དེ་ཉེ་བ་དེའི་རིགསུ་འགྱུར། ་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་ལྷུང་ན་དངོས་གྲུབ་ཕྲ་མོར་འགྱུརརོ།། གལ་ཏེ་རི་མོ་རྣམས་ལ་ལྷུང་ན་དེའི་ཚེ་སླར་ཡང་འཕེན་དུ་གཞུག་གོ། ལན་གསུམ་བྱས་ཀྱང་ངོ་ཉིད་དུ་ལྷུང་ན་དངོས་གྲུབ་མེང་།། ཕྱི་རོལ་གྱི་རྡོ་རྗེ་ཕྲེང་བ་ལས ་ཕྱི་རོལ་དུ་ལྷུང་ན་དངོས་གྲུབ་མེང་ངོ་།། ཟེ་འབྲུ་ལ་ལྷུང་ན་ནི་དཀའ་བས་སོ་ཞེས་པའོ།། མེ་ཏོག་དོར་བའོ།། དེ་ནས་འཕངས་པའི་མེ་ཏོག་དེ་སླར་ཡང་གཟུང་ནས་སློབ་མའི་མགོ་བོར་བཅིང་ཞིང་། པྲ་ཏི་གྲྀཧྞ་ཏཱཾ་མི་མཾ་ཝཙྪ་མ་ཧཱ ་བོ་ལ་ཞེས་བརྗོད་པར་བྱའོ།། དེ་ནས་རྡོ་རྗེ་སེམས་དཔའ་རང་ཉིད་ནི།། དེ་རིང་ཁྱོད་ཀྱི་མིག་འབྱིད་བརྩོན།། མིག་ཀུན་པ་ནི་འབྱེད་པར་མཛད།། རྡོ་རྗེའི་མིག་ནི་བླ་ན་མེད།། ཞེས་བརྗོད་ཅིང་མིག་རས་བསལ་བར་བྱའོ།། དེ ་ནས་དཀྱིལ་འཁོར་སོ་སོར་ལྷ་རྣམས་ཀྱི་མིང་བརྗོད་པ་སྔོན་དུ་འགྲོ་བས་སྒོ་སྐྱོང་དང་རང་གི་ལྷག་པའི་བདག་པོའི་མཐར་ཐུག་ལ་བསྟན་པར་བྱའོ།། ཅེས་པ་དཀྱིལ་འཁོར་དུ་གཞུག་པའི་ཆོ་གའོ།། དེ་ལས་ལོངས་ནས ་དགྱེས་པའི་དཔའ།། ཧེ་རུ་ཀ་དཔལ་བདག་སྦྱོར་གྱིས།། དབང་བསྐུར་རིན་ཆེན་ཆེན་པོ་ནི།། གཉིས་མེད་ཆུ་ཡིས་སྦྱིན་པར་བྱ།། དང་པོར་སྙིང་པོ་བཟླས་པ་ཡིས།། ཧེ་རུ་ཀ་ཡིས་བཀའ་ཐོབ་པས།། དབང་བསྐུར ་སྦྱིན་པར་བྱ་བ་ཡིན།། གཞན་དུ་བཞད་གང་ཐོབ་པར་བྱེད།། རྣལ་འབྱོར་ནུས་པ་མེད་ལས་སོ།། སྙིང་གའི་དཀྱིལ་འཁོར་འོད་རྣམས་ཀྱིས།། སློབ་མའི་ལུས་ན་རྫོགས་བཀང་ནས།། དབང་བསྐུར་བྱིན་པར་བསམ ་པར་བྱ།། སངས་རྒྱས་ལྔ་ཡི་རང་བཞིན་ཏེ།། བརྟན་གཡོ་ཀུན་གྱི་བདག་ཉིད་པ།། དེ་ཡིས་དང་པོར་དབང་བསྐུར་ལྔ།། བདེ་བ་ཕུན་ཚོགས་སྦྱིན་པར་བྱ།། དབང་བསྐུར་མཚན་ཉིད་ལས་བྱུང་བ། ་བརྟན་དང་གཡོ་བའི་འགྲོ་བ་སྟེ།། གང་ཕྱིར་འགྲོ་བ་དབང་བསྐུར་བྱུང་།། དེ་ཕྱིར་དབང་བསྐུར་སྦྱིན་མི་བྱ།། སྐྱེས་བུ་དེ་ཉིད་དེ་ལྡན་ཡང་།། མི་ཤེས་དེ་ཉིད་མི་རིག་པ།། སྐྱེ་མིང་ཡེ་ཤེས་སླར་ཡང་ནི།། བསྐྱེད་པར་བྱ་ཞིང་བརྗོད། ་པར་བྱ།། དང་པོར་དམ་པའི་ཆུ་སྦྱིན་ཏོ།། མཁའ་འགྲོ་མ་ཡི་སྔགས་ཀྱིས་བཏབ།། མཆོག་ཏུ་དགའ་བོའི་ཏིང་འཛིན་གནས།། རིག་པའི་དབང་བསྐུར་ཡང་དག་བསྟན།། རང་གི་རིགས་པའི་སྐྱེས་བུའི་ཆུས།། ཀུན་ནས་བུམ ་པ་བརྒྱད་ཀྱིས་སོ།། དེ་ནས་བུམ་པ་གཟུང་བའི་སྤྱན་མ་ལ་སོགས་པ་རྣམས་ཀྱིས་དབང་བསྐུར་བར་བསམས་ཤིང་། དབང་བསྐུར་རྡོ་རྗེ་ཆེན་པོ་ནི།། ཁམས་གསུམ་པ་ཡིས་ཕྱག་བྱས་པ།། སངས་རྒྱས་ཀུན་གྱི་གསང ་གསུམ་གྱི།། གནས་ལས་བྱུང་བ་སྦྱིན་པར་བྱ། ཞེས་བརྗོད་ནས་བདུད་རྩི་འཁྱིལ་པ་བཟླས་པའི་བུམ་པ་ལས། རྡོ་རྗེ་དང་བཅས་པའི་ཁུ་ཚུར་གྱིས་ཆུ་བླངས་ཏེ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཞེས་བརྗོད་པས། སློབ་མ་ལ ་འཁོར་ལོ་སྒྱུར་བ་ལྟ་བུར་དབང་བསྐུར་བར་བྱའོ།། ཞེས་པ་ཆུའི་དབང་བསྐུར་གྱི་ཆོ་གའོ།། དེ་ནས་རང་གིས་ལྷ་དང་ལྡན་པོའི་དབུ་རྒྱན་གསེར་དང་གོས་ལ་སོགས་པ་ལས་བྱས་པ་སློབ་མའི་མགོ་བོར་སྔར་བཤད་པའི ་སྔགས་ཀྱི་བཞག་ནས། ནམ་མཁའི་དཀྱིལ་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་རིགས་ཀྱི་བདག་པོའི་གཟུགས་ཀྱིས་ཅོད་པན་ལ་བཞུགས་པར་བསམ་པར་བྱའོ།། དེ་ལྟར་དབུ་རྒྱུན་གྱི་དབང་གི ་ཆོ་གའོ།། དེ་ནས་རྡོ་རྗེ་བླངས་ནས། སངས་རྒྱས་རྣམས་ཀྱིས་རྡོ་རྗེ་ཡི།། དབང་གིས་དེ་རིང་ཁྱེད་དབང་བསྐུར།། འདི་དེ་སངས་རྒྱས་ཐམས་ཅད་ཉིད།། རྡོ་རྗེ་རབ་ཏུ་གྲུབ་ཆེད་ཟུང་ཞེས་བརྗོད་ཅིང་སྙིང་ཁ་ལ་སོགས ་པར་རྡོ་རྗེས་རེག་ནས་ལག་པ་གཡཱ་བར་རྡོ་རྗེ་སྦྱིན་པར་བྱའོ།། དེ་ལྟར་རྡོ་རྗེའི་དབང་བསྐུར་གྱི་ཆོ་གའོ།། དེ་ནས་ལག་པ་གཡོན་དུ་དྲིལ་བུ་བྱིན་ནས་རྡོ་རྗེ་དང་དྲིལ་བུ་དང་ལྡན་པའི་སློབ་མའི་ལག་པ་དག་གིས་འཁྱུད ་པའི་ཚུལ་བྱེད་དུ་བཅུག་སྟེ། ཨོཾ་བཛྲ་ཨ་དྷི་པ་ཏི་ཏཱཾ། ཨ་བྷི་ཥིཉྫ་མི་ཏིཔྤ་བཛྲ་ས་མ་ཡ་སྟྭཾ། ཞེས་བརྗོད་པར་བྱའོ།། ཞེས་པ་དྲིལ་བུའི་དབང་བསྐུར་བའི་ཆོ་གའོ།། འདིའི་དོན་འདི་ཡིན་ཏེ། དཔལ་ཐམས་ཅད ་གསང་བར་གསུངས་པ་ཡང་། ཚོགས་གཉིས་ཀྱི་ནི་སྦྱོར་བ་ཡིས།། སེམས་ཅན་ཀུན་གྱི་དོན་སྟོན་པ།། རང་བཞིན་གྱིས་ནི་འོད་གསལ་བའི།། སེམས་ནི་རྡོ་རྗེར་མངོན་པར་བརྗོད།། ཆོས་རྣམས་ཐམས ་ཅད་མ་སྐྱེས་པ།། གདོང་ནས་ཞི་བ་ན་མཁའ་མཉམ།། ཞེས་པའི་ཚིག་ནི་རབ་འཇུག་པ།། རྡོ་རྗེ་དྲིལ་བུ་ཞེས་པར་བཤད།། དེའི་རྗེས་སུ་རྡོ་རྗེ་དང་དྲིལ་བུ་སྤྱི་བོར་འཛིན་ཅིང་། ཨོཾ་བཛྲ་སཏྭ་ཏྲ་ཨ་བྷི་ཥིཉྩ་མཱི། ་བཛྲ་ནཱ་མ་བྷི་ཁེ་ཀ་ཏ། ཀྱེ་དཔལ་ཤིན་ཏུ་དགའ་བའི་རྡོ་རྗེ་དང་། ཀྱེ་དཔལ་ཤིན་ཏུ་དགའ་མྱུ་གུ་རྡོ་རྗེ་ཞེས་པ་ལ་སོགས་པ་རིགས་དང་རྗེས་སུ་མཐུན་པའི་མིང་གདགས་པར་བྱའོ།། དབང་བསྐུར ་པ་འདི་རྣམས་ཀྱིས་ཀྱང་སྔགས་དང་རྒྱུད་ཉན་པ་དང་། འཆད་པ་དང་། སྔགས་སྒྲུབ་པ་ལ་དབང་དུ་བྱས་པར་འགྱུར་རོ།། དབང་བསྐུར་ལྔ་པོ་དེ་ཁོ་ན་རིག་པའི་དབང་དུ་བརྗོད་པར་བྱ་སྟེ། ཐམས་ཅད་སྤྱན་མ་ལ་སོགས ་པའི་རིག་མ་རྣམས་ཀྱི་བྱ་བ་ཡིན་པའི་ཕྱིར་རོ།། དེ་ལྟར་མིང་གི་དབང་བསྐུར་ཆོ་གའོ།། གསུངས་པ་ཡང་། ཆུ་ཡིས་ཤིན་ཏུ་རྣམ་དག་འགྱུར།། དབུ་རྒྱན་མཉམ་པ་ཉིད་འགྱུར་ཏེ།། རྡོ་རྗེ་རྟག་ཏུ་སོ་སོར་རྟོག། བདག ་པོས་དམ་ཚིག་འགྱུར་བའོ།། བརྟུལ་ཞུགས་ལུང་བསྟན་དབུགས་དབྱུང་བ།། དཔལ་ལྡན་རྣམ་པར་སྣང་མཛད་བཤད།། དབང་བསྐུར་འདི་རྣམས་རྟག་ཏུ་ལྡན།། ཡེ་ཤེས་ལྔ་པོ་རྣམ་དག་པས།། འདྲི་དེ་སངས་རྒྱས ་ཐམས་ཅད་ཉིད།། ཧེ་རུ་ཀ་ཡི་ཕྱག་ན་གནས།། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་གཟུང་།། ཧེ་རུ་ཀའི་བརྟུལ་ཞུགས་བརྟན།། དགའ་བ་བཟང་པོ་རྒྱལ་བ་དང་།། སྟོང་པ་གང་བར་ཕྱོགས་གཉིས་ལ།། དཔའ་བོར་བཅས་པའི ་རྣལ་འབྱོར་མ།། འབད་པས་རང་གིས་མཆོད་པར་བྱ།། དཔའ་བོ་དཔའ་མོའི་དབང་ཕྱུག་ཚོགས།། ཀྱོས་བྱེད་དགའ་བས་གཡོ་རྣམས་དང་།། བུ་ཁྱོད་རྟག་ཏུ་རོལ་པར་གྱིས།། ཧེ་རུ་ཀ་དཔལ་དཀྱིལ་འཁོར་དུའོ།། ་ནཱནམ་ཡང་ཐེག་པ་དམན་པ་ལ།། བཟང་པོ་འདོད་པར་བྱ་བ་མིན།། འཁོར་བ་ཡོངས་སུ་མི་སྤང་སྟེ།། མྱ་ངན་འདས་ལ་རྟག་མི་དགའ།། ཞེས་སོ།། དེ་བཞིན་དུ་ཡང་གསུངས་པ། ཕྱག་རྒྱ་དྲུག་དང་ཐལ་བར་ལྡན ་ཞིང་གོས་དང་རྣམ་བྲལ་སྒྲ་ནི་གྲོལ་བའི་ཕྱག་རྒྱ་མ།། ལག་པ་གཡོན་པར་ན་མཁའི་དབྱུག་ཅན་ཅིང་ཏེའུ་ཡི་པདྨ་ཀུན་ཏུ་འཁྱོལ་བྱེད་མ།། བཀྲུག་ནས་ཕང་བའི་ཕྱོགས་སུ་མཁའ་ལྡིང་གདོང་བ་བྱེད་པའི་དཔའ་བོ ་མནནཱ་ནས་དབུས་སུ་ནཱི།། བཟླའ་བ་ཡང་དག་བཞག་ལ་དགའ་བས་རབ་མཆོག་བླ་མས་སྟོབས་དང་ཟླ་བའི་བཏུང་བ་བྱའོ།། བླ་མས་ཀྱང་ཏཱིང་ངེ་འཛིན་གསུམ་མངོན་དུ་བྱེད་ཅིང་རཱང་རིག་པར་བྱས་ནས། ནཱམ ་མཁའི་ཁམས་སུ་གྲོལ་བ་ཤེས་རབ་ཀྱི་པདྨ་ནུས་ཕྱུང་སྟེ། ཤེས་རབ་གདོང་ནི་བཅིང་བྱས་ཏེ།། ཐབས་ཀྱི་གདོང་ཡོང་དེ་བཞིན་ནོ།། མཐེ་བོང་མིང་མེད་དག་གིས་ནི།། སློབ་མའི་ཁར་ནི་བཏུང་བར་བྱ།། ཕྱི་ནས ་ལག་པ་གཟུང་ནས་ནི།། ཆོ་ག་བཞིན་དུ་སྡིག་མེད་པའི།། རྣལ་འབྱོར་མ་ནི་དེ་ལ་སྦྱིན།། ལྷ་མོ་འདི་ཁྱོད་དངོས་གྲུབ་སྦྱིན།། ཁམས་ལྔའི་བཅུད་ཀྱི་བདག་ཉིད་དེ།། ཧེ་རུ་ཀཱ་དཔལ་བདག་སྦྱོར་བས།། བདེ་བ་དམ ་པ་མྱང་བར་གྱིས།། ཨེ་མ་མཉེས་གཤིན་དགའ་བ་སྔོན་འགྲོ་ཆུ་སྐྱེས་མཆོག་ལ་དམ་དུ་འཁྱུད་ནས་རངས་པ་ཡིས།། བརྗོད་བྱ་རྗོད་བྱེད་མིན་གང་ཧེ་རུ་ཀ་ཡིས་རྣམ་པའི་སྙིང་པོའི་བདེ་བོ་མྱོང་བར་གྱིས།། ཀུན ་དགའ་དང་བཅས་དཔའ་བོའི་མགོན་པོས་ངེས་པར་རྗོད་བྱེད་བཞི་པ་ལ་སོགས་མཚོན་བྱ་གང་།། ཀུན་མཁྱེན་ཡེ་ཤེས་རང་བཞིན་ས་གསུམ་བཅས་པའི་ཧེ་རུ་ཀ་ཡི་རྣམ་པའི་སྙིང་པོའོ།། རྡོ་རྗེའི་ཡུལ ་ཞུགས་ལ་སོགས་སྙིང་ནི་བདེ་བར་བྱེད་གང་ཧེ་རུ་ཀྵ་ལ་སྤྲས་པ་སྦྱིན།། རྣལ་འབྱོར་མྱ་ཡི་གསང་བའི་མཚོན་པོ་བརྡ་སྐད་གྱིས་ཅིག་ངེས་པར་སྙིང་པོ་དེར་མིན་ནམ།། སྔོན་དུ་གསུངས་པའི་མཚན་ཉིད་ཅན།། ལྷ་མོས་རྡོ ་རྗེ་སྒྲོགས་པ་སྨྲས།། པདྨ་ལས་བྱུང་ཐོ་བ་ལ།། བུ་ཁྱོད་སྤྲོ་བ་ཡིན་ནོམ་ནི།། དེ་ནས་སློབ་མས་ཀྱང་བརྗོད་བྱ།། པདྨ་ཕྱེ་སྟེ་ཡང་དག་དགའ།། བདག་གིས་རྟག་ཏུ་བྱ་བར་ནུས།། དག་པའི་སེམས་ཀྱིས་དེ་ལ་སྨྲ།། སངས་རྒྱས ་མཉེས་པ་ལ་སོགས་པའི།། བྱ་བ་པདྨར་ཇི་བཞིན་གྱིས།། འཇིགས་དང་ངོ་ཚ་རྟག་སྤངས་ནས།། ཧེ་རུ་ཀ་མཆོག་དགའ་བ་གྱིས།། དེ་ཚེ་སློབ་མ་བློ་བཟང་གིས།། ཇི་སྐད་སྨྲས་པ་ཐམས་ཅད་བྱ།། དེ་ནས་ལྷ་མོ་པདྨ་སྦོམ།། ་མཛེས་མ་དེ་ནི་དགའ་གྱུར་ཏེ།། དམ་དུ་འཁྱུད་པ་བྱས་ནས་ནི།། དབང་པོ་ཐམས་ཅད་ཁ་སྦྱོར་བྱེད།། མ་མཆུ་སོ་རྣམས་ཀྱིས་གཟུང་ནས།། ཤཱི་ཏ་ཡིག་སྔགས་ནི་བརྗོད་པར་བྱ།། ཆགས་པའི་ཚོགས་ཆེད་འདོད་པ་བྱ།། པདྨར་རྡོ ་རྗེ་གཞུག་པར་བྱ།། ཤཱིཏ་ཡིག་སྙན་པའི་སྒྲ་རྣམས་ནི།། ཁུ་བྱུག་གླིང་བུའི་སྒྲ་ལྡན་པས།། བྱེད་པ་བཅིངས་པའི་སྦྱོར་བ་ཡིས།། དགའ་མ་ཁྱོད་ཀྱིས་བདག་དགའ་བྱས།། དེ་ཚེ་སློབ་མ་བློ་བཟང་པོ།། ཇི་སྐད་སྨྲས་པ་དེ་ཀུན ་བྱ།། སངས་རྒྱས་བཞི་ཡི་གུངན་བཞུགས་པ།། རྡོ་རྗེ་པདྨར་ལེགས་པར་གནས།། རིམ་གྱིས་རྗེས་སུ་མྱོང་ཉིད་ཀྱིས།། དགའ་བའི་བཞི་ཡི་མཚན་ཉིད་དོ།། དེ་ལྟར་ཁྱབ་པར་བྱ་བ་དང་། ཁྱབ་པར་བྱེད་པའི་འབྲེལ ་པས་ལུས་དང་ངག་དང་། སེམས་ཀྱི་དབྱེ་བས་མཆོག་ཏུ་མི་འགྱུར་བའི་བདེ་བ་རྣམ་པ་བཞིའོ།། དཔལ་འདུས་པར་གསུངས་པ་ཡང་། བྷ་གཱར་ལིང་ག་རབ་བཞག་ནས།། བྱང་ཆུབ་སེམས་ནི་སྒྲོ་མི་བགྱི།། ཁམས ་གསུམ་པོ་ནི་མ་ལུས་ནུས།། སངས་རྒྱས་གཟུགས་སུ་བསྒོམ་པར་བྱ་ཞེས་སོ།། ཚིག་འདིའི་དོན་འདི་ཡིན་ཏེ།། དཔལ་མཚན་ཡང་དག་པར་བརྗོད་པར་གསུངས་པ་ཡང་། དཔའ་བོ་འཇིག་རྟེན་གསུམ་ལས་རྒྱུ་ལ།། རྡོ་རྗེ ་དབང་ཕྱུག་གསང་བའི་རྒྱུ་ལ།། པདྨ་དཀར་པོའི་རྒྱུས་སྤྱན་ཅན།། པདྨ་རྒྱུས་པའི་ཞལ་མངའ་བ། ཞེས་སོ།། སླར་ཡང་དེ་ཉིད་དུ་གསུངྱས་པ། བདག་གིར་མི་འཛིན་དར་མི་འཛིན།། བདེན་པ་གཉིས་ཀྱི་ཚུལ་ལ་གན ་འཁོར་བའི་ཕ་རོལ་མཐར་གནས་པ།། བྱ་བ་བྱས་པ་སྐམ་སར་གནས།། ཉོན་མོངས་མ་ལུས་ཞི་བྱེད་པ།། འཁོར་བའི་རྒྱ་མཚོའི་ཕ་རོལ་སོན།། ཡེ་ཤེས་དབང་བསྐུར་རྗོད་པན་ཅན།། ཡང་དག་རྫོགས་པའི་སྤངས ་རྒྱས་རྒྱན།། རྟག་པ་ཀུན་རྒྱལ་རྣལ་འབྱོར་ཅནོ།། བསམ་གཏན་བསམ་བྱ་བློ་ཡི་བདག། སོ་སོ་རང་རིག་མི་གཡོ་བ།། མཆོག་གི་དང་པོའི་སྐུ་གསུམ་འཆང་ཞེས་སོ།། དེ་སྐད་དུ་ཡང་གསུངས་པ། འདི་ཉིད་ཁོ་ན ་བསྲུངས་པ་ཡིས།། སྐྱེ་བ་འདི་ལ་སངས་རྒྱས་ཉིད།། ཚུལ་ཁྲིམས་ཚོགས་ནི་ཡོངས་རྫོགས་ཤིང་།། བསོད་ནམས་ཡེ་ཤེས་ཡང་དག་ལྡན།། ཕ་རོལ་ཕྱིན་པ་བཅུ་ཐོབ་པའི།། རྫོགས་པའི་སངས ་རྒྱས་དུས་གསུམ་བཞུགས།། འདི་ཡིས་རྫོགས་སངས་རྒྱས་ཀུན་གྱིས།། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར།། དཔལ་དང་པོའི་སངས་རྒྱས་སུ་གསུངས་པ་ཡང་། རླུང་གིས་ཡང་དག་ཕྲད་པ་རྣམས་ཀྱིས་གློག་མེའི་རྩེ་མོས ་སྤྱི་བོའི་ཟླ་བ་ཞུ་བར་བྱེད།། ཐིག་ལེ་གང་གང་ཞུ་བ་འདི་ནས་མགྲིན་པ་སྙིང་ག་ལ་སོན་ལྟེ་བ་གསང་བར་འགོག། ཐིག་ལེ་ལས་གཡོའི་ཁུ་བ་རྡོ་རྗེ་ནོར་བུ་ལ་གནས་རྒྱལ་མཚན་རྩ་ལས་འགོག་གང་དེ།། ཤེས་རབ་ཡེ་ཤེས ་སྐད་ཅིག་གལ་ཏེ་ཐིག་ལེའི་ཕྲེང་བ་འཕོ་བ་མེད་པས་བདེ་ནའོ།། སང་དང་རྨི་ལམ་རང་བཞིན་སླར་ཡང་གཞན་པ་འདི་ནི་གཉིད་དང་བཞི་ཡི་རང་བཞིན་ནི།། ལུས་ལ་གནས་དང་དབུགས་ལ་ཞེན་པ་ཡུལ་རྣམས་རྣམ་པར་སྤྱོད ་ཅིང་གཡོ་མེད་སེམས་ཐིམ་པ།། ཡེ་ཤེས་ལ་གནས་བུད་མེད་རབ་ཏུ་འགྲོགས་ལས་བྱང་ཆུབ་སེམས་ཞུ་བ་ལའང་སྐད་ཅིག་འགྱུར།། སྤྲུལ་པ་སོགས་ཀྱི་རྡོ་རྗེ་རྣམ་པ་བཞིར་ནི་རིམ་པས་ངེས་པར་རབ་ཏུ་འགྱུར།། ་ལྟར་སེམས་ནི་རྣམ་བཞི་སྲིད་པ་གསུམ་གནས་སྲོག་ཆགས་རྣམས་ཀྱི་ཐིག་ལེའི་དབུས་སུ་སྟེ།། རྣལ་འབྱོར་དབང་པོ་རྣམས་ཀྱིས་བདེ་མཉམ་འབྲས་སྟེར་ཁྱབ་བྱེད་ཐར་པའི་སླད་དུ་བསྲུང་བར་བྱ།། ཐིག་ལེ ་བཏང་ན་རྣལ་འབྱོར་རྣམས་ཀྱི་སྐྱེ་བའི་ས་བོན་མཆོག་བདེ་སོང་ལ་ཐར་པ་ཅི།། དེ་ཕྱིར་འཁོར་བའི་བདེ་བའི་སྐད་ཅིག་འདིར་ནི་སྡོམ་བརྩོན་རྣམས་ཀྱིས་རྟག་ཏུ་དོར་བར་བྱ་ཞེས་སོ།། ཡང་དེ་ཉིད་དུ་གསུངས་པ་ནི། ནིམ ་པའི་ཤིང་ལས་རྒུན་འབྲུམ་མིན་ཏེ་དུག་ལས་བདུད་རྩི་དང་ནི་ཚངས་པའི་ཤིང་ལས་འདམ་སྐྱེས་དང་།། སྟོང་པ་ལས་ནི་མྱང་འདས་བདེ་བ་སྡིག་པའི་དབང་ལས་དགེ་བ་སྲོག་ཆ་གོས་གསོད་ལས་གྲུབ་པ་རྣམས།། མཆོད་སྦྱིན ་རྣམས་ལས་ཕྱུགས་རྣམས་མཐོ་རིས་མཆོག་ཏུ་ཞི་བའི་གོ་འཕང་དབང་པོ་རྣམས་ནི་འགོག་ལོས་མིན།། རིག་བྱེད་ལས་ནི་ཀུན་མཁྱེན་གསུང་དང་འགྱུར་མེད་བདེ་བ་གཡོ་མེད་འགྱུར་བ་མ་དག་སེམས་ལས་མིན་ཞེས་སོ།། དཔལ ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་རྣལ་འབྱོར་ཆེན་པོའི་རྒྱུད་དུ་གསུངས་པ་ཡང་། སྒྱུ་མ་རྣམས་ནི་ཐམས་ཅད་ལས།། བུད་མེད་སྒྱུ་མ་ཁྱད་པར་འཕགས།། ཡེ་ཤེས་གསུམ་གྱི་དབྱེ་བ་འདི།། འདི་ལ་གསལ་བར་མཚོན ་པར་འགྱུར་ཞེས་སོ།། གསུངས་པ་ཡང་། སྣང་བ་མཚན་མོའི་ཆ་ཡིན་གསལ་བའི་ཉི་མའི་འོད་ཅན་ཉིན་མོ་སྣང་བ་མཆེད་པར་འགྱུར།། མཚམས་ནི་སྣང་བ་ཐོབ་པ་རང་བཞིན་རྣམས་ཀྱིས་ལན་ཅིག་མིན་པར་སྦྱོར་བ་འདིའོ།། ་མཚན་མ་མ་ཡིན་མཚན་ཀྱང་མ་ཡིན་ཉིན་མོར་ཡིད་ནི་མི་འགྱུར་རང་བཞིན་བྲལ་བ་གང་།། དེ་འདི་བྱང་ཆུབ་སྐད་ཅིག་བླ་མ་མཆོག་གསུངས་རྣལ་འབྱོར་པ་རྣམས་ཁོ་ནའི་རྟོགས་བྱའོ།། མཚན་མོའི་མུན་པ་རྣམ་པར་ཞིག་ཅིང ་གང་དུ་མཚམས་ཀྱི་སྣང་བའང་མཱ་ལུས་རྣམ་པར་བྲལ།། གང་དུ་ཉི་མ་མ་ཤར་སྐད་ཅིག་འདར་ནི་དྲི་བྲལ་ཡང་དག་མཐའ་རྭ་བསྟན།། སྒྲུབ་མྱུ་སྒྲུབ་དཔོན་གཙོ་བོར་བྱ་རིབ་བཅོམ་པས་ཕྱྀར་ལ་རྫོགས ་པའི་བྱང་ཆུབ་བསྟན་པ་ཡིས།། ནང་གི་བདེ་བ་གོ་འཕང་ཅི་ཡང་རབ་མཆོག་སངས་རྒྱས་བྱང་ཆུབ་སྐད་ཅིག་གིས་ཐོབ་འགྱུར།། གསུངས་པ་ཡང་། རྣལ་འབྱོར་སྤྱོད་པའི་བྱང་ཆུབ་པ།། ནོར་བུའི་ནང་དུ་བདེ་སྒྲིབ་བྱེད།། ་དབུ་མོའི་མངོན་པར་རྫོགས་བྱང་ཆུབ།། གང་ཞིག་འཕོས་མཐར་མཚན་ཉིད་བྲལ་ཞེས་སོ།། དེ་ལྟར་གཉིས་པོ་དབྱེར་མི་ཕྱེད་པ་གཅིག་ཏུ་འདྲེས་པར་གྱུར་པ། མཆོག་ཏུ་མི་འགྱུར་བའི་བདེ་བ་ནི་མཚོན་པར་བྱ་བ་བཞི་པ ་ཞེས་བརྗོད་པར་བྱའོ།། གསུངས་པ་ཡང་། སློབ་དཔོན་གསང་བ་ཤེས་རབ་དང་།། བཞི་པ་འབྲས་བུའི་ངོ་བོ་ལས།། དེ་འདི་རྣམས་ལ་ཇི་ལྟར་ཡང་།། ལྡོག་པར་རྟོག་པ་ཆེན་པོ་བྱེད།། མཆོག་དགའ་ཁྱུད་དགྲཱྀཥྞ་དྲུག་དག ་སྱ།། གླེང་རྣམས་མཚོན་བྱ་དམ་འཆའ་བའོ།། གལ་ཏཱི་སྠཱ་ཡི་འདྲངད་པ་།། བད་པས་བྱེད་དུ་ཆུག་ན་ཡང་།། དེ་རྣམས་ཀྱི་འདིར་དབང་བསྐུར་འདི་།། བན་པར་འཐད་པ་མ་ཡིན་ནོ།། གསུམ་པ་བྲས་རྡོརྗེ ་རྫོགས་ནམོ།། ཐོག་མར་འབྲས་བུས་ཡོངས་གྲུབ་པས།། ཕྱིནས་རྒྱ་པོས་ཀྱི་བྱ།། དབང་འདིས་ཇི་ལྟར་ཉིད་བསྟན་ནོ།། དངོས་གྲུབ་དོན་དུ་ཆུར་གནན་མེད།། གལ་ཏེ་སྔོན་དུ་གྲུབ་ན།། ་ཡང་ང་ནི་དོན་ཅིར་འགྱུར།། གལ་ཏེ་འབྲས་བུ་གྲུབ་པ་ན།། ཕྱི་ནས་དབང་བསྐུར་མངོན་བརྗོད་ན།། སངས་རྒྱས་རྡོ་རྗེ་འཛིན་དག་གི། དབུགས་དབྱུང་དབྱེ་བ་འདིར་ཅི་ལྟར།། གལ་ཏེ་སྔོན་དུ་རྡོར་འཛིན་གྱི།། དབུགས་དབྱུང ་ཕྱི་ནས་སངས་རྒྱས་འགྱུར།། དེ་ལྟར་ན་ནི་རྒྱུ་འབྲས་ཀྱང་།། འཁྲུགས་པ་ཉིད་ནི་གང་གིས་ཟློག། གལ་ཏེ་ཚིགས་སུ་བཅད་པའོ།། གཉིས་ཀྱི་དབུས་སུ་འབྱུང་འགྱུར་ན།། མཚན་བྱ་མིན་ཉིད་དེ་ཉིད་ལས།། ཚིགས་བཅད ་དོན་ནི་རྣམ་གཞན་ཕྱིར།། མཚོན་བྱ་ཁོ་ནའི་ངོར་བྱས་ནས།། ཚིགས་སུ་བཅད་པའི་དོན་སྦྱར་རིགས།། ཚིགས་སུ་བཅད་པའི་དེར་བྱས་ནས།། མཚོན་བྱ་གཞན་དུ་དྲང་བྱ་མིན།། ཀྱེའི་རྡོ་རྗེ་འམ་དཔལ་འདུས་པར།། འདིར ་ནི་དེ་ཉིད་ལས་དབྱེ་མོད་།། སྒྲུབ་པར་བྱེད་པའི་དབྱེ་བ་ཡིས།། དེར་ནི་ཉེ་བར་དབྱེ་བར་བཤད།། དེར་ནི་དབང་བསྐུར་རྣམ་གསུམ་བཤད།། ཅེ་ན་དེ་ནི་འཇིག་རྟེན་ལས།། འཇིག་རྟེན་འདས་པའི་དབང་བསྐུར་ཡང་།། གསུངས ་ཀྱང་གསལ་བར་བྱས་པ་མིན།། ཤེས་རབ་ཡེ་ཤེས་དབང་བསྐུར་གྱིས།། བཞི་པ་དེ་ནི་ཤེས་པར་བྱ།། ཅེས་འདི་མཁས་པར་ཤེས་ཆེད་དུ།། དྷ་མ་དམ་པ་བསྟེན་པར་བྱ།། དེ་ཕྱིར་ནམ་ཡང་འཐད་པ་ཡིས།། དབུས ་སུ་མཚོན་བྱར་གོང་སྨྲ་མོད།། དེ་ལྟར་ན་ཡང་ལུགས་རིགས་ཀྱིས།། མཐའ་མ་ཁོ་ནར་ཐེ་ཚོམ་མོང་།། ལྷན་སྐྱེས་ཐ་མར་འབྱུང་བའི་ཕྱིར།། ཚིགས་བཅད་འཐང་པོ་ཅི་ལྟར་དུ།། བྱ་ཡིན་ཞེ་ན་སྐྱོན་འདི་མེད།། ཚིགས ་བཅང་དོན་འདི་ཤིན་ཏུ་འཐང་།། ལྷན་ཅིག་སྐྱེས་པ་དང་དགའ་བ་ངག་གི་དབུས་སུ་མཆོག་དང་ཁྱད་དགའ་དག་ཡིན་ཞིང་གང་གི་ཚེ་དགའ་བ་དང་ལྷན་ཅིག་སྐྱེས་པ་ལ་བལྟོས་པས། དབུས་སུ ་མཆོག་དང་ཁྱད་དགའ་ངག་འགྱུར་པ་དེའི་ཚེ་བཞི་པ་མཚོན་པར་བྱ་བའོ་ཞེས་བལྟས་ནས་བརྟན་པར་བྱོས་ཤིག། དཔལ་ཀྱེའི་རྡོ་རྗེའི་རྒྱུད་དུ་ལེའུར་བཤད་པར། ཁྱད་དགའི་མཐར་ཡང་དེ་བཞིན་ནོ་ཞེས་པའི་གསུང་ལས ་ཁྱད་དགའི་མཐར་ལྷན་ཅིག་སྐྱེས་པའོ་ཞེས་གསལ་བར་རྟོགས་པར་བྱ་བ་ཁོ་ནའོ།། དེ་བཞིན་དུ། ཤིན་ཏུ་མགུ་དགའ་མཐའ་དག་ངེས།། དེ་བདེ་ཐབས་ཅན་ཐམས་ཅད་རིག། ཅེས་པས་ཤིན་ཏུ་འཐད་པ་ཁོ་ནའོ།། དགའ ་བཽ་གསུམ་པོ་འདི་ནི་ལྷན་ཅིག་སྐྱེས་པའི་རྒྱུར་གྱུར་པ་ཤིན་ཏུ་མགུ་དགའི་རང་བཞིན་ཏེ། དེ་བདེ་ཐབས་ཞེས་པ་དེའི་ཚེ་དགའ་བ་གསུམ་པོ་བདེ་བའི་རང་བཞིན་ཐབས་ཏེ། གང་གི་དངོས་དང་བརྒྱད་པའི་རྒྱུ་ཡིན་པ་དེ་ནི་ཐམས ་ཅད་རིག་པ་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་ཅན་ནོ།། གསུངས་པ་ཡང་། ཁྱད་དགའི་དགའ་བས་ཁྱང་ཆགས་འགྱུར།། ལྷག་མ་ལྷན་ཅིག་སྐྱེས་དགའ་ཉིད། ཅེས་པ་འདིའི་དོན་འདི་ཡིན་ཏེ། ཁྱད་པར་དུ ་ཆགས་པ་ནི་ཁྱད་ཆགས་ཏེ་གྲོས་བྱེད་པའི་ངོ་བོ་ཁྱད་པར་དུ་ཉམས་སུ་མྱོང་བ་བདེ་བའི་རྣལ་འབྱོར་པར་རྟོགས་པའོ་ཞེས་པའི་བར་རོ།། ལྷག་མ་ལྷན་ཅིག་སྐྱེས་དགའ་ནི་ཞེས་པ་ནི་དེའི་དེ་མ་ཐག་ཏུ་ལྷན་ཅིག་སྐྱེས་པའི ་དགའ་བའོ་ཞེས་པའི་དོན་ཏོ།། དེ་བཞིན་དུ་གསུམ་པ་འདོད་ཆགས་པ་ཡི་ཕྱིར།། དེས་ན་བཞི་པ་བསྒོམ་པར་བྱ། ཞེས་པ་ཡང་ཀུན་ནས་ཉོན་མོངས་པ་ཅན་གྱི་འདོད་ཆགས་འཇིག་པ་ཉིད་ཀྱི་ཕྱིར་རོ་ཞེས་པའོ།། དེ་ལྟར་རྟོག ་པ་མེད་པ་ཉིད་ཁོ་ན་ལས་དེ་སྐྱེ་བའི་ཕྱིར་རོ།། རྒྱུ་དེས་ན་བཞི་པ་ཁོ་ན་ལྷག་མོ་ལྷན་ཅིག་སྐྱེས་པའོ་ཞེས་པ་ལྷག་མ་སྟེ། མཐའ་མར་བསྒོམ་པར་བྱའོ།། དེ་བཞིན་དུ་མཆོག་ཏུ་དགའ་བ་སྲིད་པར་བརྗོད།། ཆགས་བྲལ་ལས་ནི་མྱ་ངན ་འདས།། དབུ་མར་དགའ་བ་ཙམ་ཉིད་དེ།། ལྷ་ནི་སྐྱེས་འདི་རྣམས་ཀྱི་སྤངས་པའོ།། ཞེས་པ་འདིའི་དོན་འདི་ཡིན་ཏེ། མཆོག་ཏུ་དགའ་བྱ་ཞེས་པ་ཉོན་མོངས་པ་ཅན་གྱི་བདེ་བའི་ལོངས་སྤྱོད་པའི་མཚན་ཉིད་ཀྱི་ཕྱིར་སྲིད་པ་སྟེ་འཁོར ་པར་བརྗོད་དོ།། ཆགས་བྲལ་ལས་ནི་མྱ་ངན་འདས་ཞེས་པ་ནི་དགའི་དགའ་བ་ནི་འགྲོ་བའི་བདག་ཉིད་ཅན་ཉིད་ཀྱིས་ན། ཀུན་ནས་ཉོན་མོངས་པ་ཅན་གྱི་ཆགས་པ་འཇིགས་པའི་མཚན་ཉིད་ཅན་ཉིད་ཀྱི་ཕྱིར། མྱ་ངན་ལས་འདས ་པའི་ངོ་བོ་ཉིད་དོ།། དབུ་མ་དགའ་བ་ཙམ་ཉིད་དོ་ཞེས་པ་ནི་དང་པོའི་དགའ་བ་ནི་བདེ་བ་ཐུན་མོང་བའི་མཚན་ཉིད་ཅན་ཉིད་ཀྱི་ཕྱིར་དབུ་མའོ་ཞེས་པའི་དོན་ཏོ།། དགའ་བ་གསུམ་པོ་འདི་རྣམས་ཀྱིས་སྤངས་པ་ནི་ལྷན་ཅིག་སྐྱེས ་པའི་འབྲས་བུར་གྱུར་པ་ཞེས་པའི་དོན་ཏོ།། དེ་བཞིན་དུ། འདོད་ཆགས་མེད་ཅིང་ཁྱད་ཆགས་མེད།། དབུ་མར་དམིགས་པར་མི་འགྱུར་རོ།། ཞེས་པ་ལ་འདོད་ཆགས་ཞེས་པ་ཀུན་ནས་ཆགས་པའི་མཚན་ཉིད་ཀྱི་ཕྱིར ་མཆོག་དགའོ།། ཁྱད་ཆགས་ཞེས་པ་བདེ་བའི་རྣམ་པར་རྟོག་པ་ཉིད་ཀྱིས་ཁྱད་པར་དུ་བྱས་པ་ཉིད་ཀྱི་ཕྱིར་ཁྱད་དགའི་དགའ་བའོ།། དབུ་མ་ཅེས་པ་དང་པོ་དགའ་བ་སྟེ། དམིགས་པར་མི་འགྱུར་རོ།། ་ཞེས་པ་དགའ་བ་གསུམ་པོ་འདི་ལྷན་ཅིག་སྐྱེས་པ་ཉིད་དུ་དམིགས་པར་མི་འགྱུར་རོ་ཞེས་པ་སྟེ། དེའི་དེ་མ་ཐག་པ་དེ་ཁོ་ནའི་བཞི་པ་ནི་དེའི་ངོ་བོ་ཉིད་ཀྱི་ཕྱིར་རོ་ཞེས་པའི་དོན་ཏོ།། དེ་བཞིན་དུ་ལེའུ་བཅུ་པར་ཁྱད་དགའ་དང ་པོར་མཚོན་པར་བྱ།། དེ་ཡང་དགའ་བ་གསུམ་པོ་སྤངས། ཞེས་པ་ལ། དེ་ཞེས་པ་ནི་ལྷན་ཅིག་སྐྱེས་པའོ།། ཁྱད་དགའ་དང་པོར་ཞེས་པ་གླང་གི་དང་པོ་ཁྱད་དགའ་ཡིན་པ་མཚོན་པར་བྱ་བའོ་ཞེས་པའི་དོན་ཏོ།། བརྟག་པ་གཉིས ་པའི་ལེའུ་གཉིས་པར་ཡང་གང་གསུངས་པ། ལྷན་ཅིག་སྐྱེས་དགའི་རང་བཞིན་དང་།། མཆོག་མཐའ་ཁྱད་དགའ་དང་པོ་ཅན། ཞེས་པ་འདིའི་དྲོན་འདི་ཡིན་ཏེ། བཞི་པའི་མཚན་ཉིད་ཅན་གྱི་ངོ་བོ་ཁོ་ན་ང་ཡིན་ཏེ། མཆོག་གི ་མཐའ་ཡང་འདི་ཡིན་ལ། ཁྱད་དགའ་ཡང་ངོ་ཞེས་པ་མཆོག་གི་མཐའ་དབུས་མ་ཁྱད་དགའ། ལྷན་ཅིག་སྐྱེས་པ་གང་གི་དང་པོ་ཡིན་པ་དེ་དེ་སྐད་དུ་བརྗོད་དོ།། ཁ་ཅིག་ཏུ། མཆོག་མཐའ་དགའ་བྲལ་དང་པོ་ཅན། ཞེས ་ཀློག་པ་དེར་ཡང་དབུགས་དབྱུང་གཉིས་གསལ་བར་བྱེད་པའི་ཕྱིར་འབྲས་བུ་དང་རྒྱུ་དབྱེར་མེད་པར་བསྟན་པ་ལས་ངག་གཅིག་ཉིད་ཀྱིས་ཀྱང་སྐྱོན་མེད་དོ།། དེ་བཞིན་དུ། ལེའུ་ལྔ་པར། ཁྱད་དགའ་དང་པོ་མཆོག་ཅན ་མཐའ། ཞེས་པ་འདིའི་དོན་འདི་ཡིན་ཏེ། དང་པོ་སྟེ་བྱེད་རྒྱུར་གྱུར་པའི་མཆོག་གང་ཡིན་པ་དེ་ནི། དང་པོ་མཆོག་ཅན་ཏེ་ཁྱད་དགའ་ཡང་ཡིན་ལ། དང་པོ་མཆོག་ཅན་ཡང་ཡིན་པས་ཁྱད་དགའ་དང་པོ་མཆོག་ཅན་ནོ།། ་དེའི་མཐའ་ཁོ་ན་ནི་མཐའ་ཅན་ཏེ་འབྲས་བུར་གྱུར་པ་ཞོས་པའི་དོན་ཏོ།། དེ་བཞིན་དུ་མཆོག་མཐའ་དབུས་མ་ཁྱད་དགའ་ཡི།། སྟོང་དང་སྟོང་མིན་ཧེ་རུ་ཀ། ཞེས་པ་འདིའི་དོན་ནི་འདི་ཡིན་ཏེ། ལྷན་ཅིག་སྐྱེས་པ་ལ་བལྟོས་པས ་དབུས་མ་ཡང་འདི་ཡིན་ལ། ཁྱད་དགའ་ཡང་ངོ་ཞེས་པས་དབུས་མ་ཁྱད་དགའོ།། མཆོག་མཐའ་ཡང་འདི་ཡིན་ལ་དབུས་མ་ཁྱུད་དགའ་ཡང་ངོ་ཞེས་པ་མཆོག་མཐའ་དབུས་མ་ཁྱད་དགའོ།། རྒྱུར་གྱུར་པ་དེའི་སྟོང ་དང་སྟོང་མིན་ཞེས་པ་སྟོང་པ་ཉིད་དང་། སྙིང་རྗེ་དབྱེར་མེད་པ་ནི་ཧེ་རུ་ཀ་ཞེས་པ་སྟེ། ལྷན་ཅིག་སྐྱེས་པ་འབྲས་བུར་གྱུར་པ་ཞེས་པའི་དོན་ཏོ།། དེ་ཉིད་ཀྱི་ཕྱིར་ནིའི་སྒྲ་ནི་ཁྱད་པར་གྱི་དོན་རབ་ཏུ་རྟོགས་པར་བྱེད་པར་འཐད་དོ།། ་འདིའི་དབུགས་དབྱུང་བའི་དབྱེ་བ་ནི་གསལ་བ་ཁོ་ནར་རབ་ཏུ་བསྟན་ཏོ།། ཁ་ཅིག་ཏུ་མཆོག་གི་མཐའ་དབུས་ཁྱད་དགའི་ཞེས་ཀློག་པ་དེར་ཡང་མཆོག་གི་མཐའ་དབུས་མ་ཁྱད་དགའ་ལྷན་ཅིག་སྐྱེས་པ་གང་གི་ཡིན་པ། ་དེ་ནི་དེ་སྐད་དེ། དང་པོའི་དོན་ལ་དྲུག་པ་ངེས་པར་བསྟན་པ་ལས་ངག་གཅིག་ཉིད་ཀྱིས་ན་སྟོང་དང་སྟོང་མིན་ཞེས་པ་ལྷན་ཅིག་སྐྱེས་པའི་དགའ་བ་ཁོ་ནའི་ཁྱད་པར་རོ་ཞེས་པའོ།། གང་རྣམས་ཁྱད་དགའི་ཆགས ་བྲལ་ཏེ་ཆགས་པ་ཉམས་པའི་མཚན་ཉིད་ཅན་དུ་བརྗོད་ནས། མཆོག་དང་ཁྱད་དགའ་དག་གི་དབུས་སུ་མཚོན་པར་བྱའོ།། ཞེས་ལྷན་ཅིག་སྐྱེས་པ་ཁོ་ན་གཞུང་འཛུགས་པར་བྱེད་པ་དེ་རྣམས ་ཀྱི་ལུགས་ལ། དགའ་བ་བཅུ་པོའི་རིམ་པ་ཇི་ལྟ་བར་སྦྱར་བའི་ཚིགས་སུ་བཅད་པ། དགའ་བ་དང་པོའི་སྣ་ཚོགས་ལ།། རྣམ་སྨིན་ལ་ནི་མཆོག་དགའོ།། ཁྱད་དགའི་དགའ་བ་རྣམ་ཉིད་ལ།། མཚན་ཉིད་བྲལ་ལ ་ལྷན་སྐྱེས་དགའ།། སློབ་དཔོན་གསང་བ་ཤེས་རབ་དང་།། བཞི་པ་དེ་ཡང་དེ་བཞིན་ནོ།། དབང་བསྐུར་བཞི་ཡི་གྲངས་ཀྱིས་ནི།། དགའ་བ་ལ་སོགས་རིམས་ཤེས་བྱ།། རྒོད་པ་དག་ལས་སློབ་དཔོན་ཏེ།། ལྟ་བ ་གསང་བ་དེ་བཞིན་ནོ།། ལག་བཅངས་ལ་ཡང་ཤེས་རབ་སྟེ།། དེ་ཡང་གཉིས་གཉིས་འཁྱུད་ལའོ།། སེམས་ཅན་རྣམས་ཀྱི་དངོས་གྲུབ་རྒྱུར།། དབང་བསྐུར་རྣམ་པ་བཞི་རུ་བཤད།། ཅེས་པ་འདི་ལྟ་བུ་ལ་སོགས ་པ་རྣམས་ཀྱི་དོན་ཅི་ལྟར་བཤད་པར་བྱ། དབུགས་དབྱུང་བའི་རབ་ཏུ་དབྱེ་བ་ཡང་ཅི་ལྟར་གཞུང་འཛུགས་ཤེས་པས་ངས་མི་ཤེས་སོ།། འདྲར་བརྟན་པར་བྱེད་པ་བཤད་དེ། དབང་པོར་བཅས་པའི་ཚིག་བརྗོད་པ། ་སྨྲ་བོ་ཚད་མར་ལྷག་པར་རྟོགས།། དཔལ་མཆོག་གི་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པར་དབང་བཞི་པ་གསུངས་པ། དེ་ཉིད་ལ་འཇུག་པར་བྱ་སྟེ། ཟླ་བ་བཟང་པོས་གསོལ་པ། སྟོན་པ་དབང ་བསྐུར་རྣམ་བདུན་དང་།། རྣམ་གསུམ་དེ་བཞིན་བླ་ན་མེད།། འཇིག་རྟེན་པ་མཆོག་དངོས་གྲུབ་ཆེད།། མདོར་བསྡུས་པ་ཡིས་བདག་ལ་གསུངས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། དང་པོར་དབང ་བསྐུར་བདུན་པོ་གང་།། བྱིས་པ་རྣམས་ནི་བཞུགས་པ་སྟེ།། རྣམ་གསུམ་འཇིག་རྟེན་ཀུན་རྫོབ་ཀྱིས།། བཞི་པ་དམ་པའི་དོན་ལས་སོ།། བདེན་པ་གཉིས་ཀྱི་ཆོས་རྣམས་ཀྱིས།། རྡོ་རྗེ་ཅན་བདག་གིས་བསྟན་པ།། འཇིག ་རྟེན་ཀུན་རྫོབ་བདེན་པ་དང་།། དམ་པའི་དོན་གྱིས་བདེན་པས་སོ།། བུམ་པ་གསང་བའི་དབང་བསྐུར་དང་།། ཤེས་རབ་ཡེ་ཤེས་མངོན་བརྗོད་ཅན།། སླར་ཡང་ཤེས་རབ་ཆེན་པོ་ཉིད།། དེ་ཡི་ཡེ་ཤེས་མངོན་བརྗོད ་བྱེད།། འགྱུར་དང་འགྱུར་དང་དེ་ནས་འཛག། དེ་ལས་གཞན་པ་མི་འཛག་པའོ།། ལུས་ངག་སེམས་ནི་ལེགས་དག་པས།། དབང་བསྐུར་གསུམ་པོ་རིམྦ་པ་ལས།། བཞི་པ་ཡེ་ཤེས་ཡང་དག་དག། ལུས་ངག་སེམས ་ནི་དག་པར་བྱེད།། བྱིས་པ་དར་མ་དེ་བཞིན་རྒན།། བཞི་པ་སྐྱེ་དགུའི་བདག་པོའོ།། ཤེས་རབ་ནུ་མར་ཡན་ལག་ནི།། རེག་ལས་བྱང་ཆུབ་སེམས་འཕོའི་བདེ།། འོ་མ་འཛིན་པས་དབང་བསྐུར་བ།། གང་ལས་བདེ་ཐོབ ་དེ་བྱིས་པའོ།། ཡུན་རིང་གསང་བར་སྤྲོས་ལས་སྐྱེས།། བྱང་ཆུབ་སེམས་ནི་འཕོ་བའི་བདེ།། གསང་བའི་དབང་བསྐུར་གསང་བ་ནི།། གང་ལས་བདེ་ཐོབ་དེ་དང་མ།། ཡུན་རིང་གསང་བར་སྤྲོས་ལས་སྐྱེས།། རྡོ་རྗེ ་རྩེ་མོར་གཡོ་བའི་བདེ།། ཤེས་རབ་ཡེ་ཤེས་དབང་བསྐུར་བ།། གང་ལས་གཡོ་བར་སོན་ཏེ་རྒྱུན།། ཕྱག་རྒྱ་ཆེན་པོའི་རྗེས་ཆགས་ལས།། སྐྱེས་པ་གཡོ་མེད་བདེ་བ་གང་།། ཤེས་རབ ་ཆེན་པོའི་དབང་བསྐུར་བ།། གང་ལས་གཡོ་མེད་རྟོགས་པ་དེ།། སྐྱེ་དགུའི་བདག་པོར་རྣམ་ཤེས་བྱ།། སྐྱོབ་པ་ཀུན་གྱི་སྐྱེང་པ་པོ།། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ།། བྱང་སེམས་གཉིས་མེད་མི་འགྱུར་བ།། འདི་ནི ་དམ་ཚིག་སེམས་དཔར་འགྱུར།། རྡོ་རྗེའི་རྣལ་འབྱོར་རྣམ་པ་བཞི་ཞེས་པ་ལ་སོགས་པ་དེ་བཞིན་གཤེགས་པའི་ངེས་པའོ།། དེ་ལྟར་དབང་པོ་རྣོན་པོ་རྣམས་ཀྱིས་དགའ་བ་བཞིའི་རིམ་པས་བཞི་པའི་དོན་ཤེས་པར ་བྱའོ།། དཔལ་ཐམས་ཅད་མཁྱེན་པ་འཇིགས་བྱེད་ཀྱི་རྒྱུད་དུ་གསུངས་པ་ཡང་། ཡེ་ཤེས་ཚོགས་ནི་ཐོབ་དོན་དུ།། བླ་མར་ཡོན་ནི་རབ་ཏུ་དབུལ།། དར་དཀར་རང་བཞིན་གདུགས་དེ་བཞིན།། ཕྲེང་བ་ལྔ་ལྡི་མེ་ཏོག ་དང་།། ཅོད་པན་མཆིལ་ལྷམ་རལ་གྲི་ནི།། འབྱོར་པར་གྱུར་ན་དབུལ་བར་བྱ།། སྲིང་མོ་དང་ནི་ཆུང་མ་ཡང་།། རྣམ་རྟོག་མེད་པའི་སེམས་ཀྱིས་ནི།། རང་ཉིད་ལོངས་སྤྱོད་དོན་དུ་དབུལ།། འཇིག་རྟེན་སྨོས་པ་སྲུང་དོན ་དུ།། སླར་ཡང་རིན་གྱིས་བླུ་བར་བྱ།། གཞན་དུ་ལྟུང་བར་བྱེད་པར་འགྱུར།། སངས་རྒྱས་རྣམས་དང་བླ་མ་དང་།། རྡོ་རྗེ་སྤུན་ལ་མཆོག་ཏུ་དང་།། ལུས་ངག་སེམས་ཀྱི་བྱ་བ་སྟེ།། དེ་ཚེ་རྒྱུད་ཀྱི་རྒྱལ་པོ་ཉོན་ཞེས་སོ། ་སྡེཔ་དཔལ་ཀྱེའི་རྡོ་རྗེའི་རྒྱུད་ལ་རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ་དུ་དབང་བསྒྱུར་བའི་ལེའུ་སྟེ། བཅུ་པའོ།། ། ད་ནི་རྡོ་རྗེ་སྙིང་པོ་མངོན་པར་བྱང་ཆུབ་པའི་ལེའུ་གསུངས་པ། མཉམ ་པར་ཁྲོས་པའི་དཔྲལ་བ་ཅན།། རྟག་ཏུ་ལྟུང་བར་བྱེད་པར་བརྗོད། ཅེས་པ་ལ་སོགས་པ་དང་དབྱུང་བ་ཉིད་ཀྱིས་ལྟུང་བར་བྱེད། བུམ་པ་ཅན་གྱིས་དབང་དུ་བད།། དགང་བ་ཡིས་ཀྱང་དགུག་པའོ།། ཞི་བ་ཅན ་གྱིས་རེངས་པར་བྱེད། ཅེས་པ་ལ་སོགས་པ་དེ་ལྟུང་བར་བྱེད་པ་ལ་སོགས་པའི་ལྟ་སྟངས་སྒྲུབ་པའི་ཆེད་དང་། དཔེལ་ཐེག་པ་ཆེན་པོ་ལ་གཞུག་པའི་ཆེད་དུའོ།། གསང་བ་འདིར་མིན་ཞེས་པ་གསུང་རབ་ཏུ་སྟེ་གཞུག ་པའི་བྱ་བར་གྱུར་པོ་མ་ཡིན་ནོ།། མཆོག་ཏུ་དམ་ཚིག་ཉམས་པར་འགྱུར་ཞེས་པ་ལ་དམ་ཚི་ག་ཅེས་པ་ནི་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟ་བུར་སྡུག་པའི་མཚན་ཉིད་ཅན་དམ་ཚིག་ཅན་ཅེས་པ་སྟེ། ་སྙིང་རྗེའོ།། དེའི་དབྱེ་བ་ནི་མཆོག་ཏུ་ཉམས་པར་འགྱུར་བའོ་ཞེས་པ་དྲང་བའི་དོན་ཏོ།། ད་ནི་ལྟ་སྟངས་བཞི་པོ་རྣམས་དགོངས་པའི་སྐད་གཞན་གྱིས་བདེ་བ་ཆེན་པོའི་འཁོར་ལོ་ལ་སོགས་པར་ཐིག་ལེ་རྣལ་འབྱོར ་བཞི་རྣམ་པར་དག་པ་ནང་གི་བདག་ཉིད་ཀྱི་རིམ་པས་གསལ་བར་བྱ་སྟེ། གཙུག་ཏོར་ནས་ནི་ཐིག་ལེ་མེས།། ཞུ་བ་དབྱུང་བས་ལྟུང་བའོ།། བདེ་བ་ཆེན་པོའི་ཏིང་འཛིན་གནས།། སྟོང་ཉིད་ལྟ་བས་ལྟུང་བར ་བྱ།། ཀུན་བཀུར་འཁོར་ལོར་བུམ་པ་ཅན།། དཔྲལ་བ་ཅན་ཞེས་རབ་ཏུ་གྲགས།། རྡོ་རྗེ་པདྨའི་ཏིང་འཛིན་གནས།། ཁམས་གསུམ་པོ་ནི་དབང་དུ་འགུགས།། སྙིང་ག་ཆོས་སུ་དགང་བྱས་འགུགས།། ་ཁྲོས་པ་དེ་ལས་ཐམས་ཅད་ཅན།། ཧེ་རུ་ཀ་དཔལ་རང་བཞིན་ཕྱིར།། ལྟ་བ་ངན་པ་རྟག་ཏུ་འཇོམས།། རེངས་དང་ཞི་བ་ནོར་བུའི་ནང་།། རྒྱལ་བའི་གཟུགས་བརྙན་རྣམ་པར་བསྒོམ།། དེ་ནི་མཉམ་ཉིད་མི་ཡོར་བཤད།། མཆོག ་ཏུ་མི་འགྱུར་རྟོགས་པའོ།། འདིར་བརྟན་པར་བྱེད་པ་བཤད་དོ། དཔལ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་དུ་གསུངས་པ་ཡང་། འདི་ལྟར་དཔལ་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གོམས་པ་མཆོག་ཐོབ་པའི ་རྣལ་འབྱོར་པས་ཚོགས་ཀྱི་དཀྱིལ་འཁོར་དེ་ཉིད་དུ་ཚར་གཅད་པ་དང་རྗེས་སུ་གཟུང་བའི་སེམས་ཅན་རྣམས་ཡོངསུ་སྨིན་པར་བྱེད་དོ།། སྟོང་པ་ཉིད་ལ་མངོན་པར་ཞེན་པའི་ལྟ་བ་ཅན་ཁ་ཅིག་ལ་བཅོམ་ལྡན་འདས་བདེ་བ་ཆེན ་པོ་དེ་ཁོ་ན་རྣམ་པར་སྣང་མཛད་ཀྱི་གཟུགས་ཀྱིས། ཞི་བ་ཆེན་པོའི་ཏིང་ངེ་འཛིན་གྱིས་སྟོང་པ་ཡང་མ་ཡིན་མི་སྟོང་པ་ཡང་མ་ཡིན་ནོ་ཞེས་མི་གནས་པའི་མྱ་ངན་ལས་འདས་པའི་མཚན་ཉིད་ཅན་ཡང་དག་པའི་ལྟ་བ ་རྟོགས་པར་མཛད་ནས་སྟོང་པ་ཉིད་དུ་ལྟ་བ་ཚར་གཅོད་པར་མཛད་དོ།། ལོག་པར་ལྟ་བ་རྣམས་ལ་པདྨ་གར་གྱི་དབང་ཕྱུག་གི་གཟུགས་ཀྱིས། དོན་དམ་པའི་བདེན་པ་རྟོགས་པར་མཛད་ནས། དབང་དུ་མཛད་དོ།། ་དེ་བཞིན་དུ་ཤིན་ཏུ་དྲག་པོ་གདུལ་དཀའ་བ་རྣམས་ལ་དཔལ་ཧེ་རུ་ཀ་ཁྲོ་བོའི་རྒྱལ་པོའི་ཏིང་ངེ་འཛིན་གྱིས་ལྟ་བ་ངན་པ་ཚར་བཅད་པར་མཛད་ནས་རྗེས་སུ་འཛིན་པར་མཛད་དོ་ཞེས་པ་ལ་སོགས་པ་དེ་བཞིན་གཤེགས་པའི ་ངེས་པའོ།། ཟླ་དྲུག་གོམས་པའི་སྦྱོར་བ་ཡིས།། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད།། འདི་ལ་འཁྲུལ་པར་མི་བྱ་སྟེ།། སངས་རྒྱས་རྫུ་འཕྲུལ་བསུམ་མི་ཁྱབ།། ཅེས་པ་ལ་དཔལ་དང་པོའི་སངས་རྒྱས་སུ་གསུངས་པ་ཡང ་ཡང་དག་སྦྱོར་ལས་ཆུ་ཤེལ་ལས་ཀྱང་ཆུ་རུ་འགྱུར་ཏེ་མེ་ལོང་ལ་ནི་དངོས་པོའི་གཟུགས།། སྦྱར་བའི་རྒྱུ་ལས་ལྕེ་འཛག་རང་གི་སྒྲ་ལས་ཅིག་ཤོས་དག་པའི་ས་བོན་ལས་མྱུ་གུར།། འགྱུར་ཏེ་ཁབ་ལྡན་ལས་ཀྱང་ལྕགས ་ཀྱི་ཐུར་མེ་འོང་གཡོ་འགྱུར་འདོད་པས་འདི་ལ་ཙཱ་ཡང་མིན།། དངོས་པོ་རྣམས་ཀྱི་ནུས་པ་འདི་ནི་སྲིད་གསུམ་གནས་སུ་སུ་ཞིག་གིས་ཀྱང་སྤྲུལ་པ་མིན།། སེམས་ཅན་སླུ་བ་སྤངས་ནས་ནི།། བྱ་བ་མ་ཡིན་ཐམས་ཅད་བྱ།། ་སེམས་ཅན་གནོད་པ་ཙམ་གྱིས་ནི།། ཕྱག་རྒྱའི་དངོས་གྲུབ་ཐོབ་མི་འགྱུར། ཞེས་པ་འདིའི་དོན་འདི་ཡིན་ཏེ། སེམས་ཅན་ཞེས་པ་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་དྲུག་དང་། སྤྱན་མ་ལ་སོགས ་ལྷ་མོ་རྣམས་འདོད་ཆགས་ཆེན་པོ་ལ་རྗེས་སུ་ཆགས་པའི་ཏིང་ངེ་འཛིན་གྱིས་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་གྱུར་པ་རྣམསོ།། བྱང་ཆུབ་ཀྱི་སེམས་དེ་འཕོས་པ་ལས་སེམས་ཅན་ལ་མཆོག་ཏུ་གནོད་པར་འགྱུར་རོ་ཞེས ་པའོ།། ཕྱུག་རྒྱ་ཞེས་པ་ཕྱག་རྒྱ་ཆེན་པོ་སྟེ། མཆོག་ཏུ་མི་འགྱུར་བའི་བདེ་བའི་རང་བཞིན་ཅན་ནོ།། ཐོབ་མི་འགྱུར་བ་ནི་རྙེད་པར་མྱི་འགྱུར་རོ་ཞེས་པ་ངེས་པའི་དོན་ཏོ།། དྲང་བའི་དོན་གྱིས་ན་རྨཱ ་སླའོ།། ད་ནི་དམ་ཚིག་བསྐྱང་བའི་ཆོ་ག་གསལ་པོར་བྱ་སྟེ། དེ་ལྷ་དམ་ཚིག་བཟའ་བར་བྱ།། སྒྲོལ་མ་ཞེས་བྱ་མཉམ་བཞག་པས།། ན་གུ་དེ་བཞིན་ཧ་དང་པོ།། མཐའ་ཡི་ཤྭ་དང་དང་པོའི་ཤཱ། ཞེས་པ་ལ་སོགས་པ་འདིའི ་དོན་འདི་ཡིན་ཏེ། རྒྱུད་གཞོན་དུ་ཡང་གསུངས་པ། འདིར་དམ་ཚིག་རྣམ་པ་གཉིས་ཏེ། ཕྱི་རོལ་དང་ནང་གི་བདག་ཉིད་དོ།། དམ་ཚིག་དེ་རྣམས་རྣལ་འབྱོར་པས་བསྐྱང་ཞིང་བསྲུང་བར་བྱ་སྟེ། ཕྱིའི་ནི་ཕྱི་རོལ་ཏུ་འཇིག་རྟེན ་པ་འཇུག་པའི་དོན་དུའོ།། ནང་གི་བདག་ཉིད་རྣམས་ནི་ནང་གི་ཡེ་ཤེས་འཇུག་པའི་དོན་དུའོ།། དེ་ལྟར་ཕ་རོལ་ཏུ་འཇིག་རྟེན་པ་འཇུག་པས་རྣལ་འབྱོར་པ་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་སུ་འགྱུར་ཏེ། ཕྱི་རོལ་གྱི་དམ་ཚིག ་སྲུང་བ་ལྟས་སོ།། དེ་བཞིན་དུ་ནང་གི་བདག་ཉིད་ལ་ཡེ་ཤེས་འཇུག་པས་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་ཏེ་ནང་གི་བདག་ཉིད་ཀྱི་དམ་ཚིག་བསྲུང་བ་ལས་སོ།། དེར་ཕྱིར། ལེགས་པར་མཉམ་བཞག་སྐྱོབ་པ་པོས།། རྟག ་རྩོ་མ་ཚིག་བསྐྱང་བར་བྱཞེས་པའོ།། དཔལ་མཚན་ཡང་དག་པར་བརྗོད་པར་གསུངས་པ་ཡང་། དགེ་མི་དགེ་ཤེས་དུས་མཁྱེན་པ།། ཁྱབ་བདག་དམ་ཤོས་དམ་ཚིག་ལྡན།། སེམས་ཅན་དབང་ཤེས་དུས ་ཤེས་པས།། རྣམ་གྲོལ་གསུམ་ལ་མཁས་པ་པོ། ཞེས་པ། དཔལ་འདུས་པར་ཡང་གསུངས་པ། འདི་ལྟ་སྟེ། ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་དེ་བཞིན་གཤེགས་པ་ཐམས་ཅད ་ཀྱི་སྐུ་རྡོ་རྗེའི་དམུ་ཚིག་ཉིད་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། དམ་ཚིག་བཞི་པོ་བསྲུང་བར་བྱ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག། གསང་བར་བྱང་སེམས་ཐིག་ལེའི་གཟུགས།། དམ་ཚིག་གཞན ་ཀྱི་བསྲུང་བར་འོས།། ཤེས་པ་སྟེ་ངེས་པའི་དོན་ཏོ།། དཔལ་ཕྱག་ནི་རྡོ་རྗེས་ཀྱང་གསུངས་པ། ཤེས་རབ་དང་ཁཾ་སྦྱར་བས་དགའ་བའི་སྐད་ཅིག་ཏུ་འགྱུར་ཏེ་དེ་ཡང་སྐུའི་དམ་ཚིག་གོ།། དགའ་བའི་སྐད་ཅིག་ལས ་པདྨར་རྡོ་རྗེ་ཞུགས་པ། མཆོག་ཏུ་དགའ་བའི་སྐད་ཅིག་ཏུ་འགྱུར་ཏེ་དེ་ཉིད་གསུང་གི་དམ་ཚིག་གོ། མཆོག་ཏུ་དགའ་བོའི་སྐད་ཅིག་ལས་པདྨར་རྡོ་རྗེ་བསྐུལ་བས་ཁྱད་དགའི་དགའ་བའི་སྐད་ཅིག་ཏུ་འགྱུར་ཏེ། དེ་ཉིད་ནི ་ཐུགས་ཀྱི་དམ་ཚིག་གོ།། ཁྱད་དགའི་དགའ་བོའི་སྐད་ཅིག་ལས་རྡོ་རྗེ་ནོར་བུར་བྱང་ཆུབ་ཀྱི་སེམས་འོངས་པས་ལྷན་ཅིག་སྐྱེས་པའི་དགའ་བའི་སྐད་ཅིག་ཏུ་འགྱུར་ཏེ། ཁོ་ནཱ་ཡེ་ཤེས་ཀྱི་དམ་ཚིག་བཞི་པའོ།། དམ་ཚིག ་འདི་རྣམས་ལ་རབ་ཏུ་ཞུགས་པ་ཉིད་ཀྱི་ཕྱིར་དམ་ཚིག་སེམས་དཔའ་ཞེས་མངོན་པར་བརྗོད་པར་བྱའོ་ཞེས་པ་ངེས་པའི་དོན་ཏོ།། དེ་བསྲུངས་པ་ཡིས་ན་དང་པོ་དང་ག་དང་པོ་དང་དེ་བཞིན་དུ་ཧ་དང་པོ་དང་། མཐའི་ཤྭ་ལ ་སོགས་པའི་ཤ་རྟག་ཏུ་བཟའ་བར་བྱའོ་ཞེས་པ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་ཕུང་པོ་སྟེ། བཟའ་བར་བྱ་ཞིང་སྒྲིབ་པ་མེད་པར་བྱའོ།། ་འདི་ནི་དམ་ཚིག་དམ་པ་སྟེ།། བྱས་པའི་རྣལ་འབྱོར་རྟོགས་བྱ་མིན་ཞེས་པ་ངེས་པའི་དོན་ཏོ།། འདི་ཉིད་དུ་གསུངས་པ་ཡང་། མ་དག་པ་ན་དུག་ཉིད་འགྱུར།། དག་ན་བདུད་རྩི་ལྟ་བུ་འགྱུར།། ཞེས་སོ།། དཔལ ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཡང་དམྱལ་བའི་ལེའུར་གསུངས་པ། དེ་ཅིའི་ཕྱིར་ཞེ་ན། ཡོངས་སུ་བསྔོ་བ་འདི་ནི་དུག་དང་བཅས་པ། ཟུག་རྔུ་དང་བཅས་པ་སྟེ། འདི་ལྟ་སྟེ་དཔེར་ན། ཁ་ཟས་བཟང་པོ་དུག ་ཅན་ཞིག་ཡོད་ལ་འོན་ཀྱོང་དེ་ཁ་དོག་དང་། དྲི་དང་རོ་དང་རེག་བྱ་ཡིད་དུ་འོང་བ་ཡིན་ཀྱང་དུག་དང་བཅས་པ་ཉིད་ཀྱི་ཕྱིར། མཁས་པ་རྣམས་ཀྱིས་ཡོངས་སུ་སྤུང་བར་བྱ་བར་འགྱུར་གྱི་ཡོངས་སུ་ལོངས་སྤྱད ་པར་བྱ་བའི་ཆེད་དུ་ནི་མ་ཡིན་ནོ།། དེ་ཉིད་བྱིས་པའི་རིགས་ཅན་ཤེས་རབ་འཆལ་པའི་རིགས་ཅན་ནི་ཡོངས་སུ་ལོངས་སྤྱད་པར་བྱ་བར་སེམས་ཏེ། དེས་ཟས་དེ་ཟོས་ཤིང་ཁ་དོག་དང་། དྷི་དང་རོ་མྱངས་པོ་ན ་བདྲེ་བྲི་བྱེད་ཅིང་ཞུ་བ་ན་དྲི་ལ་སྡུག་བསྔལ་སྦྱིན་པར་འགྱུར་རོ་ཞེས་སོ།། ཞེས་པ་དཔལ་ཀྱེའི་རྡོ་རྗེའི་རྒྱུད་ལ་ཁ་ཆེ་ཆེན་པོས་རྟོགས་པ་རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ་དུ་རྡོ་རྗེ་སྙིང་པོ་མངོན་པར་བྱང་ཆུབ ་པ་ཞེས་བྱ་བ་བརྟག་པའི་རྒྱལ་པོ་དང་པོ་རྫོགས་སོ།། །། ད་ནི་ཆོས་རྣམས་ཐམས་ཅད་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པའི་ཆོས་ཅན་ཡིན་པ་དེ་ལྟ་ནའང་སེམས་ཀྱི་རང་བཞིན་ཡང ་དག་པར་སྤྱོང་བའི་དོན་དུ་སྐུ་གཟུགས་ལ་སོགས་པའི་རབ་ཏུ་གནས་པ་རྟོགས་པར་བྱེད་པའི་ལེའུ་གསུངས་པ། བཤད་གསོལ་ཞེས་པ་ལ་སོགས་པ་རྡོ་རྗེ་སྙིང་པོས་གསོལ་བ་འདེབས་པའོ།། རབ་ཏུ་གནས ་པའི་མཚན་ཉིད་དེ་རང་བཞིན་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ་ཞེས་སྦྲེལ་ལོ།། རྡོ་རྗེ་སྙིང་པོས་ཞེས་པ་ལ་འདིའི་དོན་འདི་ཡིན་ཏེ། དཔལ་རྡོ་རྗེ་རྩེ་མོར་གསུངས་པ་ཡང་། དེ་བཞིན་ཉིད་བདེན་སེམས ་གང་ཞིག། དོན་ཡོད་རྣམ་འགྱུར་མེད་པ་ཅན།། སྐྱེས་མེད་འགགས་མེད་ཞེས་བྱ་བ།། འདི་འདྲ་རྡོ་རྗེ་ཉིད་དུ་འགྱུར་ཞེས་སོ།། སྙིང་པོ་ནི་རང་བཞིན་ཞེས་མངོན་པར་བརྗོད་པར་བྱའོ།། སྦྱིན་སྲེག་བྱས་ཏེ་དཀྱིལ་འཁོར་ནི།། ་ཇི་ལྟར་གསུངས་པ་བཞེངས་བྱས་ནཱ།། སྲོག་ལ་ལྷ་གནས་ལ་སོགས་པ།། བྱིས་ཏེ་སྐུ་གཟུགས་སྦྱང་བར་བྱ།། ན་མཁར་བཞུགས་པའི་སངས་རྒྱས་ཀུན།། སྐུ་གཟུགས་སྙིང་གར་རབ་གཞུག་བྱ།། རང་འདོད་ལྷ་མཉ ་རྣལ་འབྱོར་པ།། རང་མཐོང་སྔགས་ཀྱི་ཕ་རོལ་སོན།། ཨོཾ་བཛྲ་པུཥྤ་ཞེས་པ་ལྀ་སོགས་པ་སྟེ། དེ་ལྟར་ཉེ་བར་སྤྱོད་པ་ལྔའི་མཆོད་པ་ལ་སོགས་པ་ནི། རྒྱུད་གཞན་གྱི་ཆོ་གས་བྱའོ།། ཆོ་ག་ཇི་ལྟ་བ་ནི་དཀྱིལ་འཁོར ་གྱི་ཆོ་གར་རྒྱས་པར་ཤེས་པར་བྱའོ་ཞེས་དྲང་བའི་དོན་ཏོ།། ད་ནི་ངེས་པའི་དོན་གསལ་བར་བྱས་ཏེ། དཔལ་ས་པཱ་ཊིའི་རྒྱུད་དུ་གསུངས་པ་ཡང་། ལྷ་ལགས་ཡ་མཚན་ཆེ་བ་ཐོས།། ནང ་གི་དཀྱིལ་འཁོར་སྦྱིན་སྲེག་སོགས།། བདག་གིས་མི་ཤེས་ཅི་ལྟར་ལགས།། བདེ་བ་ཆེན་པོ་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཧེ་རུ་ཀ་སོགས་ལྷ་རྣམས་ཀྱིས།། རྩ་ཡི་གཟུགས་སུ་ལེགས ་གནས་པ།། ལུས་ནི་དཀྱིལ་འཁོར་ཉམས་དགའ་བའོ།། ཇི་སྐད་གསུངས་པའི་སྒོ་བཞིར་ལྡན།། རང་གི་ཡན་ལག་ལས་བྱུང་བའི།། ཀ་པ་བརྒྱད་ཀྱིས་གཟུང་སྟེ་གནས།། དངོས་པོ་ཀུན་གྱིས་མཉམ་པ་ཉིད།། གྲུ་བཞི ་པ་རུ་རབ་ཏུ་གྲགས།། སྐུ་གསུང་ཐུགས་ཀྱི་ངོ་བོ་ཡིས།། འཁོར་ལོ་གསུམ་གྱི་བདག་ཉིད་བརྗོད།། མགོ་བོ་རི་བོ་ཟེ་འབྲུ་ལ།། རྩོམ་ཆེན་རླུང་སོགས་རིམ་ཇི་བཞིན།། བླ་མ་བརྒྱུད་པའི་རིམ་པ་ཡིས།། རྫོགས་པའི་དཀྱིལ ་འཁོར་དེ་ཡིན་ནོ།། ཉན་ཐོས་རྣམས་དང་དེ་བཞིན་དུ།། སོ་སོ་གཅིག་པུ་སངས་རྒྱས་དང་།། ཚངས་པ་ལ་སོགས་ལྷ་རྣམས་ཀྱང་།། དཀྱིལ་འཁོར་འདི་ལ་རྫོགས་པའོ།། ནང་གི་ཁུ་བ་སོགས་རྣམས་དང་།། དེ་བཞིན ་ཕྱི་རོལ་གཟུགས་སོགས་ཀྱི།། སྲེག་རྫས་རྣམས་ཀྱིས་སྦྱིན་སྲེག་བྱ།། ཤེས་རབ་མེ་ནི་ཆེར་འབར་ལའོ།། སྐྱེ་མཆེད་དྲུག་དང་ཁམས་རྣམས་དང་།། ཁྱད་པར་དུ་ནི་ཕུང་པོ་སོགས།། ལྷ་ཡི་ངོ་བོ་དེ་རྣམས་དང་།། དེ་བཞི ་མཁའ་འགྲོ་མ་རྣམས་དང་།། གང་ཕྱིར་དེ་རྣམས་དེས་མཆོད་ན།། མཆོད་སྦྱིན་མཆོད་པར་ཡང་དག་བཤུད།། མགོ་བའི་ཐོད་པ་ཉིད་ཀྱང་ནི།། སྲེག་རྫས་སྣོད་དུ་བརྗོད་པར་བྱ།། བླུགས་གཟར་རོ་མར་ཡང་དགྲ་བཤད།། ་སྙིང་གའི་འཁོར་ལོ་རླུང་མྱ་དག། དགང་གཟར་ཞེས་པར་ཡང་དག་བསྟན།། ཐབ་ཀྱང་ལྟེ་བའི་དཀྱིལ་འཁོར་དུའོ།། ལུས་ཀྱི་རླུང་གིས་བསྐྱོད་བྱས་པ།། ཚངས་པའི་མེ་ནི་བསྐྱེད་པར་གནས།། ནཱ་ད་སྔགས་ཞེས་བརྗོད ་པ་ཡིན།། ཀུན་ནས་བསྐོར་བ་བཟླས་པར་འགྱུར།། སོ་སོར་སྣང་བ་སྒོམ་པ་སྟེ།། དཀྱིལ་འཁོར་གཉིས་མེད་རྣལ་འབྱོར་ལས།། ལྷན་ཅིག་སྐྱེས་ལ་གནས་པ་ཉིད།། རྒྱལ་བ་རྣམས་ཀྱི་དཀྱིལ་འཁོར་སོགས།། སེམས ་ཀྱི་རྒྱལ་པོ་སློབ་དཔོན་ཏེ།། དཀྱིལ་འཁོར་གཙོ་བོའི་ངོ་བོ་ལས།། ཇི་སྐད་བཤད་པའི་ཨེ་བཾ་སོགས།། ཐམས་ཅད་འདི་ཉིད་དུ་བསམ་བྱ།། དཔལ་བདེ་བ་དམ་པ་རྟོགས་པར་བྱེད་པའི་རྒྱུད་ཆེན་པོར་ཡང་གསུངས་པ། ་ལྷ་རྣམས་ཚིམ་པར་བྱེད་པའི་མཆོག། སྦྱིན་སྲེག་ང་ཡིས་བཤད་པར་བྱ།། རྣམ་པར་མི་རྟོག་སེམས་གང་ཡིན།། ཐབས་ཀྱི་སྒྲ་ཡིས་མཚོན་པ་ཡིན།། རྣམ་པར་དབེན་པའི་མི་དབུས་སུ།། གཟུགས་ཀྱི་ཕུང་པོ་ལ ་སོགས་ལྔའི།། ཡམ་ཤིང་སེམས་ལས་ཡང་དག་པར།། བྱུང་བ་མཐའ་དག་སྦྱིན་སྲེག་བྱ།། གཟུགས་ལ་སོགས་པའི་དངོས་པོ་གང་།། ཡམ་ཤིང་ཞེས་པར་རབ་ཏུ་གྲགས།། དེ་ལྟར་སྣུམ་ནི་ཟླ་བའི་རྒྱུན། ་ཕུང་པོ་སྐྱེ་མཆེད་ཁམས་ལ་སོགས།། ཁམས་གསུམ་པོ་ནི་མ་ལུས་པ།། གཉིས་སུ་མ་དབྱེར་མེད་ཐ་དད་མེད།། ཤེས་རབ་མེ་ལ་དགང་བླུགས་དབུལ།། ལུས་ནི་སྦྱིན་སྲེག་ཡང་དག་ལྡན།། ་ཕྱི་རོལ་སྦྱིན་སྲེག་ཚིམ་མི་བྱེད།། རྡོ་རྗེ་བདུད་རྩི་ལ་སོགས་པའི།། རྒྱུད་ལ་ཀུན་ནས་བརྟེན་ནས་ནི།། ཕྱི་རོལ་གྱི་ནཱི་སྦྱིན་སྲེག་བྱ།། གསང་བར་སྐྲ་གྲོལ་གཅེར་བུ་ཡིས།། ཙཱ་རུའི་བཟང་བ་སྔོན་འགྲོ་བ།། ཧེ་རུ་ཀ་དཔྲལ ་རྣལ་འབྱོར་ཆེས།། སྦྱིན་སྲེག་ལས་ནི་བརྩམ་པར་བྱ།། ཞེས་སོ།། ཞི་བར་ཐབ་ཁུང་ཟླུམ་པོ་སྟེ།། རྒྱས་པ་ལ་ནི་གྲུ་བཞི་པ།། བསད་པ་ལ་ནི་གྲུ་གསུམ་བརྗོད།། འདི་ཉིད་ཁོ་ནར་ལྷག་མ་སྒྲུབ། ཅེས་པ་འདིའི་རྒྱས ་བར་བཤད་པ་ནི། དཔལ་མཁའ་འགྲོ་མ་རྡོ་རྗེ་གུར་དུ་གསུངས་པ། ཞི་ལ་ཞི་བའི་སེམས་ཀྱིས་ནི།། དབང་བསྐུར་ཡང་དགྲ་བརྩམ་པར་བྱ།། རྒྱས་ལ་རྒྱས་པའི་སེམས་ཀྱིས་ནི།། རིན་ཆེན་སྤྲིན་གྱི་ཆར་པ་དབབ ་རྗེས་ཆགས་སེམས་ཀྱི་གཞོན་ནུ་མ།། ཀུན་ནས་བཀུག་སྟེ་ལོངས་སྤྱད་བྱ།། བསང་ལ་སྡང་བའི་སེམས་ཀྱིས་ནི།། མེ་ཡི་སྤྲིན་གྱིས་ཆགས་ཀྱིས་ཞེས་པ་ལ་སོགས་པའོ།། དཔལ་དང་པོའི་སངས་རྒྱས་སུ་ཡང ་གསུངས་པ། སྐྱེད་མོས་ཚལ་ལམ་རི་བོ་སྐྱེ་བོ་རི་དྭགས་བྲལ་བར་ཞི་བོའི་སྔགས་རྣམས་བསྒྲུབ་པར་བྱ།། དྲུག་པོ་རྣམས་ནི་དྲག་པོའི་དུར་ཁྲོད་དུ་སྟེ་ལྷ་མཆོག་གནས་སུ་རེངས་དང་རྨོངས་པ་ཡང་།། དབང་དང་དགུག ་པ་སྔགས་པས་མཆོག་གི་ཁྱབ་བདག་བདེ་བ་ཕྱག་རྒྱ་ཀུན་དང་རབ་སྦྱོར་བ།། གནས་གཞན་སྐྱེ་གནས་གཞན་དུ་མི་རྣམས་ཀྱི་ནི་སྐྱེ་བ་འབུམ་ཕྲག་གིས་ཀྱང་འགྲུབ་མི་འགྱུར་ཞེས་པ་ངེས་པའི་དོན་ཏོ།། དེ་ལྟར་སྦྱིན་སྲེག ་མཆོག་ཏུ་གྱུར།། རབ་ཏུ་གནས་པའང་བཤད་པར་བྱ། གསུངས་པ་ཡང་། པདྨ་ཡང་དག་གཟུང་ནས་ནི།། བདུད་རྩི་ལྔ་དང་ལྡན་པ་ཡིས།། མཆོད་ཡོན་སྔགས་པས་དེ་ནས་དབུལ།། ཞབས་བསིལ་ཉིད་ཀྱང་ཁྱད་པར ་དུའོ།། དཔལ་བདེ་བ་དམ་པ་རྟོགས་པར་བྱེད་པར་གསུངས་པ་ཡང་། རབ་ཏུ་གནས་པ་ཞེས་པ་ནི།། སྐུ་གཟུགས་ལྷ་ཞེས་ཡང་དག་བཤད།། གང་ཞིག་སེམས་ཀྱིས་མཚོན་གྱུར་ཅིང་།། སེམས་ནི་གང་ཞིག་བརྟན ་གྱུར་པ།། ལུས་ངག་སེམས་ལས་རྟག་ཏུ་སྟེ།། འདི་ཉིད་སྐུ་གཟུགས་ཡིན་པར་བཤད།། ཕུང་པོ་རྣམས་ནི་དངོས་གཅིག་ཏུ།། རྡོ་རྗེ་སྒྲོལ་ཀྲུང་དེ་བཅིངས་ནས།། སྣ་ཡི་རྩེ་མོར་བལྟ་བ་ཡིས།། རང་གི་རང་བཞིན ་རྣལ་འབྱོར་གྱིས།། དེ་ཉིད་ལྟ་བས་གནས་པར་བྱ།། རྣམ་པར་མི་རྟོག་རང་བཞིན་དུ།། གང་ཚེ་སེམས་ནི་རབ་འཇུག་པ།། དེ་ཚེ་དེ་ཡི་རབ་གནས་དང་།། ལྷ་ཡི་མཆོད་པ་ཕུན་སུམ་ཚོགས།། འདི་ལས་རང་བྱིན་བརླབ ་པཔར་འགྱུར།། སངས་རྒྱས་ཀུན་བདག་འདུས་པ་ལས།། སངས་རྒྱས་ཀུན་བདག་སྡོམ་པའོ།། རྣལ་འབྱོར་རྫོགས་པའི་སངས་རྒྱས་འགྱུར།། ཐུགས་ཀྱི་རྡོ་རྗེའི་གསུང་ཇི་བཞིན།། བདག་གིས་གསལ་བར་བཤད་པ་སྟེ།། ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྟེར་ཞེས་སོ།། རྒྱུད་གཞན་དུ་གསུངས་པ་ཡང་། པདྨའི་ནང་དུ་མི་ཡི་སྣ་རྩེ་རུ།། རྡོ་རྗེ་ལས་བྱུང་འོ་མའི་རྒྱ་མཚོའི་གཟུགས།། ཡིད་བཞིན་ནོར་བུ་འགྲོ་བ་ཀུན་གྱི་རང ་བཞིན་ཏེ།། ཧེ་རུ་ཀ་དཔལ་རྟག་རིག་འཛག་པའི་སྐད་ཅིག་མ།། གཅིག་གིས་ཐམས་ཅད་ངེས་པར་རབ་གནས་འགྱུར།། དཔལ་མཚན་ཡང་དག་པར་བརྗོད་པར་གསུངས་པ་ཡང་། ཆོས་ཀྱི་དུང་སྟེ་སྒྲ་ཆེན་ལྡན།། ཆོས ་ཀྱི་གཎྜཱི་སྒྲ་བོ་ཆེ།། རབ་ཏུ་མི་གནས་མྱ་ངན་འདས།། ཕྱོགས་བཅུ་ཆོས་ཀྱི་རྔ་བོ་ཆེ་ཞེས་པ་ངེས་པའི་དོན་ཏོ།། དྲང་བའི་དོན་གྱིས་ནི་འདི་ཐམས་ཅད་གོ་སླའོ།། ད་ནི་གསང་བ་ཆེན་པོའི་མཆོད་པ་བརྗོད་པར་བྱ་སྟེ། དཔལ ་ཕྱག་ན་རྡོ་རྗེས་གསུངས་པ་ཡང་། འདིར་ཤེས་རབ་དང་ཐབས་ཀྱི་རྒྱུད་དུ་གཞན་དུ་མཆོད་པ་རྣམ་པ་གཉིས་ཏེ། ཕྱི་རོལ་དང་ནང་གི་བདག་ཉིད་ཀྱི་མཆོད་པའོ་ཞེས་སོ།། དེ་ལ་ཕྱི་རོལ་གྱི་མཆོད་པ་ནི་ཉེ་བར་སྤྱོད་པ་ལྔ་ལ་སོགས ་པ་རྣམས་ཀྱིས་ཏེ། ཇི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོད་རྟེན་ལ་བསྙེན་བཀུར་བྱ་བའི་ལེའུར་གསུངས་པ། མེ་ཏོག་དང་། བདུག་སྤོས་དང་། དྲི་མཆོག་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ ་དང་། གདུགས་དང་། རྒྱལ་མཚན་དང་། དྲིལ་བུ་དང་། བ་དན་དང་། ཀུན་ནས་མར་མེའི་ཕྲེང་བ་རྣམས་དང་། མཆོད་པ་རྣམ་པ་མང་པོ་རྣམས་ཀྱིས་མཆོད་པར་བྱའོ་ཞེས་སོ།། བདུད་རྩི་ལྔ་དང་། སྒྲོན་མ་ལྔ་ལ་སོག ་པ་རྣམས་ཀྱི་ཕུང་པོ་དང་། ཁམས་ལ་སོགས་པ་རྣམས་ཚིམ་པར་བྱེད་པའོ་ཞེས་པའོ།། ནང་གི་བདག་ཉིད་ཀྱི་མཆོད་པ་ནི་རང་གི་ཁུ་བའི་ཐིག་ལེ་མ་འཕོས་པ་བཞི་པོ་གསང་བ་དང་། ལྟེ་བ་དང་། སྙིང་ག་དང་། ་མགྲིན་པ་དང་། དཔྲལ་བར་སོན་པ་རྒྱུ་མཐུན་པ་དང་། རྣམ་པར་སྨིན་པ་དང་། སྐྱེས་བུའི་བྱེད་པ་དང་། དྲི་མ་མེད་པའི་རང་བཞིན་རྣམ་པ་སྣ་ཚོགས་པ་དང་། རྣམ་པར་སྨིན་པ་དང་། རྣམ་པར་ཉེད་པ་དང་། མཚན ་ཉིད་དང་བྲལ་བ་ཆོས་མི་མཐུན་པ་དེ་རྣམས་ཀྱིས། སངས་རྒྱས་ལ་སོགས་པ་སྟེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕུང་པོ་རྣམས་དང་། བྱང་ཆུབ་སེམས ་དཔའ་རྣམས་ཤེས་པ་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་ལུས་དང་ཡིད་ཅེས་པ་དབང་པོའི་ཁམས་རྣམས་དང་། དང་ཡིག་ལས་སཾ་ལ་སོགས་པའི་ཁམས་རྣམ་དང་། གཟུཊ་ལ་སོག་པ་ཡུལ་གྱི་ཁམས་རྣམས་མཆོད་པར་བྱ་སྟེ། བྱང་ཆུབ ་ཀྱི་སེམས་མ་འཕོས་པའི་ཐིག་ལེ་རྣམས་ཀྱིས་མི་འགྱུར་བའི་བདེ་བ་ཆེན་པོའི་སྐད་ཅིག་རྣམས་ཀྱིས་ཡོངས་སུ་མཆོད་པར་བྱའོ་ཞེས་པ་ངེས་པའི་དོན་ཏོ།། ཞེས་པ་དཔལ་ཀྱེའི་རྡོ་རྗེའི་རྒྱུད་ལ་རྡོ་རྗེའི་ཚིག་གི་སྙིང་པོ ་བསྡུས་པའི་དཀའ་འགྲེལ་དུ། བརྟག་པ་གཉིས་པ་རབ་གནས་ཀྱི་ལེའུ་སྟེ། དང་པོའོ།། ། ད་ནི་གཉིས་པ་དངོས་གྲུབ་ཀྱི་ལེའུ་གསུངས་པ། ནམ་མཁའ་ལྟ་བུའི་ཆོས་ཀུན་ལ།། རྒྱ་མཚོའི་ཀུ་བ་ཇི་ལྟ་བར ་སེམས་ཅན་རང་འདོད་ལྷ་ཡི་ནོ།། གཟུགས་ཀྱིས་ཇི་ལྟར་འགྲུབ་པར་འགྱུར་ཞེས་པ་ལ་སོགས་པ་ལ་ན་མཁའ་ལྟ་བུ་ཞེས་པ་ནི་རང་བཞིན་མེད་པའི་ཆོས་ཐམས་ཅད་རྣམ་པ་ཇི་ལྟར་ཐོག ་མྱུར་རྒྱ་མཚོ་ཆེན་པོར་འཕངས་པའི་ཀུ་བ་ཉི་ཚེ་བར་འགྱུར་བ་དེ་ལྟར་འདོད་ཆགས་ལ་སོགས་པའི་ཆུ་སྲིན་གྱིས་བཀྲུགས་པའི་འཁོར་བའི་རྒྱ་མཚོར་སེམས་ཅན་རྣམས་ཇི་ལྟར་འགྲུབ་པར་འགྱུར་ཞེས་པའོ།། ད ་ཌོཾ་བིའི་ཞབས་ཀྱིས་ཀྱང་གསུངས་པ། དེ་ལྟར་ཤེས་ནས་སྲིད་པའི་རྒྱ་མཚོ་དུག་གི་ཆུ་ཅན་འདོད་ཆགོས་ལ་སོགས་ཆུ་སྲིན་འཁྲུགས།། ནད་ཀྱི་ཟུག་གཟེར་ཎ་རླབས་རྒྱས་པས་བསྒྲུབས་པའི་འགྲམ་ཉིད་གཅིག་པུ ་བདེ་བ་ཆེན་པོ་སྟེ།། དེའི་ཕྱིར་སྐྱེ་བོ་བྱང་ཆུབ་བློ་ལྡན་སྐད་ཅིག་ཙམ་ཡང་རང་གིས་དོན་ལ་མཐའ་གཅིག་ཏུ།། བརྩོན་པ་གཏི་མུག་ཞགས་པའི་ཕོངས་པ་སྤངས་ཏེ་ཡང་དག་རྨད་དུ་བྱུང་པོར་མི་འགྲོ་འམ་ཞེས་སོ།། ར ་འདོད་ལྷའི་གཟུགས་ཞེས་པ་དཔལ་གདན་བཞི་པར་ཡང་གསུངས་པ། བདག་ཉིད་ལྷ་དང་ཕ་རོལ་ལྷ།། བདག་ཉིད་ལྷ་ནི་དམ་པ་སྟེ།། བདག་ཉིད་གཟུགས་སུ་ནུས་མེད་རྣམས།། གཟུགས་བརྙན་ལ་སོགས་རྣམ ་རྟོག་བྱེད།། བདག་མེད་རྣལ་འབྱོར་ལྡན་པ་འམ།། ཡང་ན་ཧེ་རུ་ཀ་དཔལ་བརྩོན་ཞེས་པ་ལ། དཔལ་འདུས་པར་གསུངས་པ་ཡང་། དངོས་པོ་འདི་རྣམས་མ་སྐྱེས་པ།། ཆོས་མེད་ཆོས་ཉིད་ཀྱང་མེད ་ནམ་མཁའ་ལྟ་བུར་བདག་མེད་པ།། འདི་ནི་བྱང་ཆུབ་ཚུལ་བསྟན་པའོ་ཞེས་སོ།། ཀྱེའི་རྡོ་རྗེ་སེམས་ཞེས་བཤད།། རྣམ་རྟོག་མེད་པའི་རང་བཞིན་ཏེ།། རང་བཞིན་འོད་གསལ་རྣམ་པ་ཅན།། གདོང་ནས་ཞི་བ ་ན་མཁའ་མཉམ་ཞེས་སོ།། བསམ་གཏན་ཉོན་མོངས་འཇིག་བྱེད་པ་ཞེས་པ་ལ། དཔལ་རྡོ་རྗེ་རྩེ་མོར་གསུངས་པ་ཡང་། བསམ་གཏན་ཅི་ཡི་དོན་བརྗོད་བྱ།། སྡུག་བསྔལ་ཐམས་ཅད་གཅོད་པ་དང་།། ཉོན་མོངས ་དྲ་བ་འཇིག་བྱེད་པ།། ཤེས་རབ་ལྷན་ཅིག་བསམ་གཏན་ནི།། སྤྱོད་པ་འཇོམས་པར་བྱེད་པའི་མཆོག་ཅེས་སོ།། བསམ་པ་ཐམས་ཅད་ཡོངས་སྤངས་ནས།། ལྷ་ཡི་གཟུགས་སེམས་པ་ཡིས།། ཉིན་གཅིག་བར་ཆད ་མེད་པ་རུ།། བསྒོམས་ནས་ཡོངསུ་བརྟག་པར་གྱིས་ཞེས་པ་འདིའི་དོན་འདི་ཡིན་ཏེ། དཔལ་དང་པོའི་སངས་རྒྱས་སུ་ཡང་གསུངས་པ། རང་གི་སེམས་ནི་རྒྱལ་དང་གཉིད་ལ་རབ་ཞུགས་མི་ཡི་བདག་པོ་རང་བཞིན་མེད ་པར་འགྱུར།། སད་ལ་རང་བཞིན་དང་བཅས་གསལ་བྱེད་དེ་རྣམས་སྲོག་ཆགས་རྣམས་ཀྱི་ཐར་པའི་ལམ་མ་ཡིན།། དངོས་དང་དངོས་མེད་ཀྱིས་ཕྱེ་སེམས་ཀྱི་རྡོ་རྗེ་རྣལ་འབྱོར་པ་ལ་བདེ་མཉམ་སྟེར་བ་ཡིན།། ན་མཁྱེ ་ཤེས་རབ་ལ་འཁྱུད་ལྷན་སྐྱེས་བདེ་བར་གནས་པའི་རང་སེམས་གང་དེ་ཐར་པ་སྟེ།། གསུངས་པ་ཡང་། རྒྱུད་ནི་རྒྱུད་གཞན་གྱིས་རྟོགས་པར་བྱའོ་ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ།། དཔལ་ཕྱག་ན་རྡོ ་རྗེས་ཀྱང་གསུངས་པ། འདིར་བཅོམ་ལྡན་འདས་ཀྱིས་དམ་བཅའ་བ་ནི། བསམ་པ་ཐམས་ཅད་ཡོངས་སྤངས་ཏེ།། ཉིན་ཅིག་ཡོངསུ་བརྟག་པར་བྱ།། གལ་ཏེ་ཡིད་ཆེས་མ་བྱུང་ན།། དེ ་ཚེ་ང་ཡི་བརྫུན་ཚིག་ཡིན་ཞེས་པའོ།། འདིར་ཡིད་ཆེས་ནི་ངུ་བ་ལ་སོགས་པའི་མཚན་མ་སྟེ། གཞན་སྔགས་ལ་སོགས་པས་ཉིན་གཅིག་བསྒྲུབ་པར་བྱ་བ་མ་ཡིན་པ་གང་གིས་སྔགས་པ་རྣམས་ཀྱི་ཡིད་ཆེས ་པར་འགྱུར་བའོ།། དེའི་ཕྱིར་ཡོད་པ་དང་མྱེད་པའི་བློ་ཡོངས་སུ་སྤངས་ཏེ་རྟེན་མེད་པར་བྱས་ནས་ཟབ་མོ་སྟོང་པ་ཉིད་ལ་གཞི་ལ་ཡིད་ཆེས་སུ་འགྱུར་ཏེ། བདེན་པར་ཡིད་ཆེས་པར་བྱེད་པ་ཡིད་ཆེས་པའི་དོན་དུ་བ་ལ ་སོགས་པ་རྣལ་འབྱོར་པས་ཤེས་པར་བྱའོ།། ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ།། དེ་བཞིན་དུ། བྱེད་པ་བཅིང་པའི་སྦྱོར་བྱ་ཡིས།། ས་གསུམ་པ་ནི་བསྒྲུབ་པར་བྱ། ཞེས་པ་ལ་སངས་རྒྱས་ཀྱི་གཟུགས ་ནི་སྲིད་པ་གསུམ་སྟེ། བྱེད་པ་མིག་ལ་སོགས་པ་རྣམས་ཀྱིས་བསྒྲུབ་པར་བྱའོ།། མན་ངག་དེ་ཉིད་ནི་བླ་མའི་ཞལ་ལས་རྟོགས་པར་བྱའོ།། དཔལ་མཁའ་འགྲོ་མ་རྡོ་རྗེ་གྱུར་དུ་གསུངས་པ་ཡང་། གང་དང་གང་གིས ་འདུལ་བ་ཡིས།། སེམས་ཅན་གདུལ་བྱ་ཉིད་འགྲོ་བ།། རྣམ་པོ་དེ་དང་དེ་ཡིས་ནི།། སངས་རྒྱས་རྣམས་ཀྱི་ཆོས་བསྟན་པའོ་ཞེས་པའོ།། དཔལ་མཆོག་གི་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པར ་གསུངས་པ་དེ་ཉིད་ལ་འཇུག་པར་བྱ་སྟེ། བཀབ་དང་མ་བཀབ་མིག་ངག་གིས།། སྟོང་པར་གང་ཞིག་རྗེས་བརྟགས་མིན།། རྨི་ལམ་ལྟ་བུར་གཟུགས་བརྙན་མཐོང་།། རྟག་ཏུ་གཟུགས་དེ་བསྒོམ་པར་བྱ།། ཇི་ལྟར ་མེ་ལོང་པྲ་ཕབ་ལ།། གཞོན་ནུ་མས་མཐོང་དངོས་མེད་སྐྱེས།། དེ་བཞིན་འདས་དང་མ་འོངས་ཆོས།། མཁའ་ལ་དེ་ལྟར་རྣལ་འབྱོར་པས།། མེད་པའི་ཆོས་ཅན་རྣམས་ལ་ཆོས།། སྐྱེ་བ་འདི་ནི་རབ་ཏུ་མཐོང་།། ཡིད ་བཞིན་ནོར་ལྔར་མཐའ་ཡས་པའི།། སེམས་ཅན་རེ་བ་ཡོངས་གང་བྱེད།། པྲ་ཕབ་པ་ཡི་གཞོན་ནུ་མས།། མ་མཐོང་བ་ཡི་རྫུས་མཐོང་བྱེད།། ཉི་ཚེ་བ་ཡི་མིག་དག་གིས།། བསམས་ནས་སྒྲུབ་པ་པོ་ཡིས་མཐོང ་ཞེས་སོ།། དཔལ་དང་པོའི་སངས་རྒྱས་སུ་ཡང་གསུངས་པ། ནོ་མཁར་ཀུན་ནས་ཞེན་པའི་སེམས་དང་མིག་ནི་མི་འཛུམས་རྡོ་རྗེའི་ལམ་དུ་རབ་ཞུགས་པས།། སྟོང་པ་ལས་ནི་དུ་བ་སྨིག་རྒྱུ་རབ་གསལ་དྲི་མེད་མཁའ ་སྣང་ཉིད་དང་མར་མེ་དང་།། འབར་བ་ཟླ་བ་ཉི་མ་རྡོ་རྗེ་རྣམས་དང་མཆོག་གི་ཆ་དང་ཐིག་ལེ་མཐོང་བར་འགྱུར།། དེ་ཡི་དབུས་སུ་སངས་རྒྱས་གཟུགས་ནི་ཡུལ་དང་རྣམ་བྲལ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ།། ན་མཁའ ་ཆུ་འཛིན་བྲལ་བ་རྣལ་འབྱོར་པ་ཡིས་དགྲང་བའི་མིག་གིས་བལྟ་བར་བྱ་བ་སྟེ།། རེ་ཁཱ་ནག་པོ་དྲི་མེད་འོད་ཟེར་འཕྲོ་བ་དུས་ཀྱི་རྩ་ལ་མཐོང་གི་བར་དུའོ་དེར།། ཀུན་མཁྱེན་གཟུགས་ནི་ཆུ་ལ་ཉི་མ་ལྟ་བུ་གོས་པ་མེད་པ་ཁ ་དོག་སྣ་ཚོགས་ཏེ།། རྣམ་པ་ཀུན་ལྡན་རང་སེམས་ཡུལ་དང་རྣམ་པར་བྲལ་བའོ་སེམས་ནི་གཞན་པ་མིན་པ་ཉིད་ཞེས་སོ།། འདིར་བརྟན་པར་བྱེད་པ་གསུངས་ཏེ། དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པར་གསུངས་པ་ཡང་། དེ་ནས་ལྷ་རྣམས་ཀྱིས་དབང་པོ་བརྒྱ་བྱིན་གྱིས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་པ་ཚེ་དང་ལྡན་པ་རབ་འབྱོར་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར ་དུ་བྱེད་པ་དེ་ཅི་ལ་རྣལ་འབྱོར་དུ་བྱེད་པ་ཡིན། རབ་འབྱོར་གྱིས་སྨོས་པ། ཀཽ་ཤི་ཀ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པ་དེ་ནི་ན་མཁའ་ལ་རྣལ་འབྱོར་དུ་བྱེད་པ་ཡིན་ནོ།། གང་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་ལ་བསླབ་པར་བྱ་བར་སེམས་པ་ད་ནི་བླ་གབོ་མེད་པ་ལ་རྣལ་འབྱོར་དུ་བྱེད་དོ་ཞེས།། འདིར་བླ་མའི་མན་ངག་གིས་ན་མཁའོ་ལ་ཐོག་མར་རྣལ་འབྱོར་པས་དུ་བ་མཐོང་སྟེ། མིག་རྒྱ་ནི་མ་ཡིན་ནོ་ཞེས་པ་རང་གི་ཉམས་སུ ་མྱོང་བ་ལས་ཤེས་པར་བྱའོ།། དེ་ལྟར་དུ་བ་ནི་མཚན་མ་དང་པའོ།། སྨིག་རྒྱུ་ནི་མཚན་མ་གཉིས་པའོ།། མཁའ་སྣང་ནི་མཚན་མ་གསུམ་པའོ།། སྒྲོན་མ་ནི་མཚན་མ་བཞི་པའོ།། མཚན་མ་ལྔ་པ་ནི་སྤྲིན་མེད་པའི ་ནམ་མཁའ་ལྟ་བུའོ་ཞེས་དཔལ་འདུས་པ་དང་མཁའ་འགྲོ་མ་རྡོ་རྗེ་གུར་དུ་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དངོས་གྲུབ་འདི་ཀུན་རྒྱད་དང་བཅས།། དངོས་གྲུབ་ཉེ་བར་འགྲུབ་པའོ།། ཕྱི་ནས་སྒྱུ་མའི་རྣམ་པ་སྟེ།། རྨི་ལམ ་རྣམ་པར་སྐད་ཅིག་རེ་ཞེས་པ་ལ་སོགས་པའོ།། དཔལ་དང་པོའི་སངས་རྒྱས་སུ་གསུངས་པ་ཡང་། ཁྲོ་བོ་སངས་རྒྱས་ལྷ་མོ་དང་བཅས་ངེས་པར་རོ་ཡི་རྡོ་རྗེ་རྣམས་དང་ས་སྙིང་སྩོགས།། རབ་ཏུ་དགའ་བའི་ཐུགས་རྣམས་རྣལ ་འབྱོར་པ་ལ་གྲུབ་པའི་དུས་སུ་མཁའ་ལ་མངོན་སུམ་འགྱུར།། དེ་ཡི་འདོད་པའི་དངོས་གྲུབ་རི་བོང་ཅན་ཞག་ཐོ་རངས་དང་ནི་མཚན་མ་ཕྱེད་ལ་འགྱུར།། རིན་པོ་ཆེ་འམ་མེ་ཏོག་ཆར་པ་མཆོག་གྱུར་དུས་ཀྱི་སྦྱོར་བས་ས་སྟེ ་འབབ་པར་འགྱུར།། ལུས་ན་དང་ཞིང་རྡུལ་ཕྲན་ཉེས་པ་ན་མཁའ་དང་མཚུངས་མཚན་སོགས་རྣམས་ཀྱིས་རབ་རྫོགས་འགྱུར།། སྣ་ཚོགས་འཇིག་རྟེན་གསུམ་པོ་རྣམས་ནི་དང་ཞིང་སྒྲིབ་པ་རྣམ་བྲལ་རྨི་ལམ་བཞིན་དུ་སྣང་།། ་སྐད་ནི་ཀུན་ནས་ཆང་མེད་དུ་མའི་སྐད་གཞན་རྣམས་ཀྱིས་གཞན་གྱི་སྙིང་ལ་འཇུག་པ་སྟེ།། སེམས་ནི་དམ་པའི་བདེ་བས་གང་ཞིག་མིག་ཡོ་ཐམས་ཅད་དུས་སུ་ལྷན་ཅིག་སྐྱེས་པས་འཁྱུད་ཅེས་སོ།། གསུངས་པ་ཡང་། ་འདི་ལ་ཡེ་ཤེས་འཁྲུལ་པ་མེད།། འདི་ལ་འཁྲུལ་པ་རིགས་མ་ཡིན།། སངས་རྒྱས་རྫུ་འཕྲུལ་བསམ་མི་ཁྱབ།། ཡིད་ལ་མི་བྱེད་པས་ཀྱང་འཐོབ་ཅེས་སོ།། དེ་བཞིན་དུ་དཔལ་དང་པོའི་སངས་རྒྱས་སུ་གསུངས་པ་ཡང་།། ་དཔལ་ལྡན་ཟླ་བ་ཆུ་ཤེལ་རྣམ་རྟོག་མེད་པའི་རང་བཞིན་ལས་ནི་ཆུ་འཛག་པའི།། དེ་བཞིན་འཇིག་རྟེན་དུ་ནི་རྒྱལ་བའི་བདག་པོའི་ཕུང་པོ་ལ་བརྟེན་ཀུན་མཁྱེན་ཆོས་འབྱུང་སྟེ།། ཆུ་ནི་ས་བོན་ཁམས་ལ་ཀུན་ཏུ་བརྟེན་ནས ་རོ་མཉམ་འགྱུར་རྔ་བཞིན་ཉིད་དུ་ཆོས།། སེམས་ཅན་རྣམས་ཀྱི་དག་པའི་སེམས་ཀྱིས་རྣམ་མང་འགྱུར་ཏེ་སྔོན་གྱི་ལས་ཀྱིས་མཐུ་ལས་སོ་ཞེས་སོ།། འཇིགས་མྱེ་དེ་བཞིན་སྡུག་བསྔལ་དང་། ་མྱ་ངན་གདུང་སོགས་ཉར་འཚེ་དང་།། འདོད་ཆགས་ཞེ་སྡང་གཏི་མུག་ཆེས།། སྒྲུབ་པ་པོ་ཉིད་ཉོན་མི་མོངས།། ཞེས་པའི་ཚིག་འདིའི་རྒྱས་པར་བཤད་པ་ནི། དཔལ་མཚན་ཡང་དག་པར་བརྗོད་པར་གསུངས་པ། སྨན ་པ་ཆེ་མཆོག་གཙོ་བོ་སྟེ།། ཟུག་ནུ་འབྱིན་པ་བླ་ན་མེད།། སྨན་རྣམས་མ་ལུས་ལྗོན་པའི་ཤིང་།། ཉོན་མོངས་ནུད་ཀྱི་དགྲ་ཆེ་བ་ཞེས་སོ།། ཕྱག་རྒྱ་ཆེ་གེ་མོ་ཁྱེར་ལ། སེམས་ཅན་དོན་གྱི་རྡོ་རྗེ་འཛིན་ཞེས་པ་ལ། རྒྱུད་གཞན ་དུ་གསུངས་པ་ཡང་། ཀུན་ཁྱེར་བདི་སྟེར་དེ་ཉིད་གཅིག་པུ་རྡོ་རྗེ་འཛིན་པའི་ཕྱག་རྒྱ་ཆེན་མོ་སྟེ།། ཕུང་པོ་ལ་སོགས་སྒྲིབ་པས་རབ་དམན་ཡུལ་ཅན་གང་ཞིག་པྲ་ཕབ་བརྒྱད་ལྟ་བུ།། དེ་བར་སངས་རྒྱས་ཉིད་ཆེད་ནོར ་ཆགས་འཁྱོག་པོའི་སྙིང་ཅན་མ་དང་བརྟགས་མ་ལ།། གང་གིས་སྟེན་བྱེད་རྣམ་བརྟགས་བློ་ཅན་དེ་ཡིས་དེ་ཡང་འཕོ་བ་ཐོབ་པར་བྱེད།། འདོད་ཆགས་ཉམས་ལ་སྡིག་སྟེ་གང་ཕྱིར་ཤིན་ཏུ་སྡུག་མ་ལ་ནི་ཞེ་སྡང་སྟེ།། སྡང ་ལས་གཏི་མུག་འདི་ལས་རང་གི་རྡོ་རྗེ་ལྷུང་ལས་སེམས་ནི་རྟག་བརྒྱལ་ཏེ།། མ་ལུས་མཆོག་མིན་བཟའ་དང་བཏུང་བ་ལ་སོགས་ཡུལ་ཅན་ལ་ནི་རབ་ཏུ་འཇུག། དེ་ཡིས་སེམས་ལ་ཅོ་དྲིས་བདེ་བ་བཅོམ་ཞིང་སྐྱེ་བ ་དྲུག་ཏུ་འཁོར་བར་འགྱུར་ཞེས་སོ།། སླར་ཡང་དེ་ཉིད་དུ་གསུངས་པ། ཕྱག་རྒྱ་སྒྱུ་མའི་རྗེས་སུ་མཐུན་པ་ཡིད་དང་ན་མཁའ་ལ་ནི་མེ་ལོང་ལ་གཟུགས་བཞིན།། འཇིག་རྟེན་གསུམ་པོ་སྣང་བར་བྱེད་ཅིང་དྲི་མེད་གློག ་མཚུངས་འོད་ཟེར་དུ་མ་འཕྲོ་བར་བྱེད།། ཕྱི་དང་ལུས་ལ་དབྱེར་མེད་ཡུལ་དང་བྲལ་བ་སྣང་བ་ཙམ་ནི་མཁར་གནས་པའི།། སེམས་ལ་སེམས་ཀྱིས་བདག་གིས་འཁྱུད་དེ་འགྲོ་བ་དུ་མིའི་གཟུགས་ཀྱི་དོན་གཟུགས ་པའོ་ཞེས་སོ།། རྡོ་རྗེ་སྙིང་པོས་གསོལ་པ། རྫོགས་པའི་རིམ་པའི་རྣལ་འབྱོར་གྱིས།། དམ་པའི་བདེ་བ་བདེ་ཆེནྡ་ན།། རྫོགས་པ་སྒོམ་པ་མེད་པ་སྟེ།། བསྐྱེད་པ་ཡིས་ནི་དགོས་པ་ཅི་ཞེས་པ་ལ་དེ་ལ་རྫོགས ་པའི་རིམ་པ་ཞེས་བྱ་བ་རྟོག་པ་དང་དབང་པོ་གཉིས་ཀྱིས་བདེ་བ་དང་བྲལ་བ་སྟེ། དེ་ཉིད་སངས་རྒྱས་སྟེར་བར་བྱེད་པ་ཡིན་ན། དེའི་ཕྱིར་རྟོག་པས་དཀྱིལ་འཁོར་བསྐྱེད་པ་དང་། ཕྱག་རྒྱ་བསྐྱེད་པས་དགོས་པ་ཅི་ཞེས ་པའོ།། ཚིག་འདི་གསན་ནས་བཅོམ་ལྡན་འངས་ཀྱིའི་རྡོ་རྗེས་བཀའ་སྩལ་པཾ། བྱང་ཆུབ་སེམས་དཔའ་ཆེན་པོ་འདི།། ཨེ་མ་དད་པའི་ཤུགས་ཀྱི་ཉམས་ཤེས་པ་ཀུན་རྫོབ་དུའོ།། ལུས་ཀྱི་དངོས་མེད་ག་ལ་བདེ།། ་བདེ་བ་སྨྲ་བར་མི་ནུས་སོ།། ཁྱབ་པ་ཁྱབ་བྱེད་ངོ་བོ་ཡིས།། བདེ་བས་འགྲོ་བ་ཁྱབ་པའོ།། ཇི་ལྟར་མེ་ཏོག་ལག་ནས་དྲི།། མེ་ཏོག་དངོས་མེད་ལས་མི་རྟོགས།། དེ་བཞིན་གཟུགས་སོགས་དངོས་མེད་པས།། ་བདེ་བ་དམིགས་པ་ཉིད་མི་འགྱུར་ཞེས་པ་ཀུན་རྫོབ་ཀྱིས་སོ།། རྒྱུད་འདི་ཉིད་དུ་སླར་ཡང་། དོན་དམ་པས་འགོག་པ་འདི་ལྟ་སྟེ། དངོས་ང་དངོས་པོ་མེད་པ་དུ་ཞེས་པ་རྣམ་པ་ཐམས ་ཅད་པའི་ཤེས་རབ་བོ།། དངོས་པོ་རྟོགས་ཕྱིར་སངས་རྒྱས་པ་ཞེས་པ་མངོན་པར་ཤེས་པ་དྲུག་ཅན་ཐབས་སོ།། རྨོངས་པ་གང་རྣམས་ང་མི་ཤེས་འདི་ལྟར་གྱུར་པའི་གང་ཞིག་ལེ་ལོས་བཅོམ་པས་ཀྱང་སྟེ་དེ ་རྣམས་ནི་དབང་པོ་གཉིས་ཀྱི་བདེ་བས་ཉེ་བར་བཅོམ་པ་རྣམས་སོ།། འདིར་ཁམས་གསུམ་པ་རྒྱུ་བ་དང་བཅས་པའི་མི་རྒྱུ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ལ་ཁྱབ་པར་བྱེད་པ་ཉིད་ཀྱི ་ཕྱིར། གལ་ཏེ་སངས་རྒྱས་ཀྱི་ཡེ་ཤེས་ལུས་ལས་སྐྱེས་པ་རྟེན་དང་བརྟེན་པའི་འབྲེལ་པས་ཇི་ལྟར་མེ་ཏོག་ལས་སྐྱེས་པའི་དྲི་ལྟ་བུ་ཡིན་ན་དེ་མེད་པ་ན་ཡང་འཇིག་སྟེ། ཇི་ལྟར་མེ་ཏོག་མེད་པ་ན་དྲི་ལྟོ་བུ་ཡིན་ནོ།། ་དེ་ལྟར་ཡང་མ་ཡིན་ནོ།། དེའི་ཕྱིར་ཕྱི་དང་ལུས་ལ་ཁྱབ་པར་བྱས་ནས་ཕྱི་ལ་གནས་པ་ལུས་ལ་གནས་པ་ཞེས་བརྗོད་ཀྱི། ལུས་མེང་ན་དེ་མེད་པ་ནི་མ་ཡིན་ཏེ། གང་གི་ཕྱིར་དེའི་ཕྱིར་ལུས་སྐྱེས་མིན་ཞེས ་པ་ནི་ངེས་པའོ།། དེ་སྐད་དུ་ཡང་གསུངས་པ། ཇི་ལྟར་བུམ་པ་ཞིག་གྱུར་ཀྱང་།། ན་མཁའ་ལ་ནི་འཇིགས་པ་མེད།། དེ་བཞིན་ལུས་ནི་ཞིག་གྱུར་ཀྱང་།། ཡེ་ཤེས་ལ་ནི་འཇིག་པ་མདོ།། རང་བཞིན་ཁོ་ན་མྱ ་ངན་འདས།། རྣམ་དག་རྣམ་པའི་སེམས་ལས་སོ་ཞེས་པ་ལ་སོགས་པའོ།། དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱ་བྱིན་གྱི་ལེའུར་ཡང་གསུངས་པ། ཚེ་དང་ལྡན་པ་རབ་འབྱོར་གྱིས་སྨྲས་པ། ལྷའི་བུ ་དེ་གལ་ཏེ་མྱ་ངན་ལས་འདས་པ་ལས་ཆེས་ཁྱད་པར་དུ་འཕགས་པའི་ཚེ་གཞན་འགའ་ཞིག་ཡོད་ན་དེ་ཡང་ཁོ་བོ་ནི་སྒྱུ་མ་ལྟ་བུ། རྨི་ལམ་ལྟ་བུའོ་ཞེས་སྨྲའོ།། ལྷའི་བུ་རྣམས་དེ་ལྟར་སྒྱུ་མ་དང་། མྱ་ངན་ལས་འདས་པ་འདི་ནི ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ།། དེ་ལྟར་རྨི་ལམ་དང་མྱ་ངན་ལས་འདས་པ་འདི་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་ཞེསོ།། ལྷའི་གཟུགས་ཀྱི་རྣལ་འབྱོར་ནི།། སྐྱེས་ཟིན་ཙམ་ལ་རྣམ་པར་གནས་ཞེས ་པ་ལ། དཔལ་དང་པོའི་སངས་རྒྱས་སུ་གསུངས་པ་ཡང་། མངལ་དུ་ཡང་དག་དག་པའི་སྐུ་སྟེ་བཙུའ་བའི་དུས་ནས་སོ་ནི་སྐྱེས་པའང་ཆོས་ཀྱིའོ།། སོ་ནི་རབ་ཏུ་ལྟུང་བར་གྱུར་པ་མི་ཡི་བདག་པོ་རྒྱལ་བའི་ལོངས་སྤྱོད་རྫོགས ་པའི་སྐུ།། དེ་ནས་སྤྲུལ་པའི་སྐུ་ནི་རབ་ཏུ་གསལ་ཞིང་ངེས་པར་འཆི་བའི་མཚམས་ཏེ་མི་རྣམས་ཀྱིའོ།། མངལ་དང་ཕྱི་རོལ་ངག་ཏུ་སླར་ཡང་འདི་ནི་ཡེ་ཤེས་རྣམ་ཤེས་དབྱེ་བས་རྣམ་བཞིར་འགྱུར་ཞེས་སོ།། འོན་ཀྱང་བག ་ཆགས་ཕལ་པས་སོ་ཞེས་པ་ལ། ཕལ་པ་ཞེས་པ་ནི་བདེ་བ་ཆེན་པོ་དང་གཅིག་ཏུ་འདྲེས་པར་གྱུར་པའི་བྱང་ཆུབ་ཀྱི་སེམས་འཕོ་བ་ལས་ཕལ་པ་ཞེས་བརྗོད་པར་བྱའོ།། ཆགས་པས་འཇིག་རྟེན་འཆིང་འགྱུར་ཏེ།། ཆག ་པ་ཉིད་ཀྱིས་རྣམ་གྲོལ་འགྱུར་ཞེས་པ་ལ་སོགས་པ་ལ། རྒྱུད་གཞན་དུ་ཡང་གསུངས་པ། ཆགས་པ་ཉིད་དང་ཆགས་བྲལ་ཡང་།། འདྲེས་པར་གྱུར་པ་རྙོག་པ་མེད།། དེ་ལྟར་ཆགས་དང་ཆགས ་བྲལ་དག། གཅིག་པུ་རོ་མཉམ་སྐད་ཅིག་གོ་ཞེས་སོ།། འབྱུང་བ་ལྔ་ཡི་རང་བཞིན་ལས།། ཀུན་ཏུ་རུ་ལས་ལྔ་རུ་འགྱུར།། དགའ་བ་ཆེན་པོ་གཅིག་ཉིད་ནི།། དབྱེ་བས་ལྔ་རུ་འགྲོ་བའོ་ཞེས་སོ།། སླར་ཡང་འདི་ཉིད་དུ་གསུ ་པ། བོ་ལ་ཀ་ཀོ་ལ་སྦྱོར་བས།། རེག་པས་སྲ་བའི་བག་ཆགས་ཏེ།། སྲ་བ་གཏི་མུག་ཆོས་ཉིད་ཕྱིར།། གཏི་མུག་རྣམ་པར་སྣང་མཛད་འདོད་།། གང་ཕྱིར་བྱང་སེམས་ཞུ་བ་ཉིད།། ཁུ་བ་ཆུ་ཡི་ཁམས་སུ་འདོད།། ཆུ་ནི ་མི་བསྐྱོད་ངོ་བོའི་ཕྱིར།། ཞེ་སྡང་འདྲེན་པ་མི་བསྐྱོད་པ།། གཉིས་ག་བསྲུབས་པའི་སྦྱོར་བ་ལས།། དྲོད་ནི་རྟག་ཏུ་སྐྱེ་བར་འགྱུར།། འདོད་ཆགས་དཔག་མེད་རྡོ་རྗེ་ཡིན།། འདོད་ཆགས་མེ་ལས་ཡང་དག་འབྱུང་།། ཀཀྐོ་ལར ་ནི་གང་ཞིག་སེམས།། དེ་ནི་རུང་གི་ངོ་བོ་ཅན།། ཕྲག་དོག་དོན་ཡོད་གྲུབ་པར་འགྱུར།། དོན་ཡོད་རླུང་ལས་ཡང་དག་བྱུང་།། བ་བ་འདོད་ཆགས་ཆགས་པར་འགྱུར།། ཆགས་པ་ན་མཁའི་མཚན་ཉིད་དེ།། ་ནམ་མཁའ་ཕྲ་མ་རྡོ་རྗེར་འགྱུར།། ཕྲ་མ་ན་མཁའ་ལས་བྱུང་བ། དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འཇིག་རྟེན་བསྟན་པའི་ལེའུ་གསུངས་པ་ཡང་། རབ་འབྱོར་དེ་ཅི་སྙམ་དུ་སེམས། འོན་ཀྱང་ན་མཁའ་ལ ་མཉམ་པ་འམ། བགྲང་བ་འམ། ཚང་ངམ་མཚུངས་པ་འམ། སེམས་སམ་སེམས་པ་འམ། སེམས་ལས་བྱུང་བའི་ཆོས་རྣམས་ཡོད་དམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས ་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟར་ཁོ་ནར་རྣམ་གྲངས་འདིས་ཀྱང་ཆོས་ཐམས་ཅད་ཀྱང་བསམ་གྱིས་མི་ཁྱབ་པ། མཉམ་པ་མེད་པ་གཞལ་དུ་མེད་པ། གྲངས་མེད་པ། མི་མཉམ་པ ་དང་མཉམ་པ་སྟེ། རབ་འབྱོར་འདི་རྣམས་ནི་དེ་བཞིན་གཤེགས་པའི་ཆོས་རྣམས་སོ་ཞེས།། སེམས་ནི་ཆེན་པོ་གཅིག་ཉིད་ནི།། ལྔ་ཡི་གཟུགས་ཀྱིས་མཚོན་པའོ་ཞེས་པ་ལ་དཔལ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་ཕྱི་མར ་གསུངས་པ་ཡང་། ཨེ་མ་བསམ་གྱིས་མི་ཁྱབ་སྟོང་ཉིད་རྡོ་རྗེར་ངེས།། རྡོ་རྗེའི་བདག་ཉིད་ཅན་ནཱི་རང་ཉིད་ཐུར་པར་བྱེད།། རང་ཉིད་ཀྱང་མའི་གཟུགས་ཀྱིས་སྟོན་བྱེད་ཅིང་།། རང་ཉིད་འཆི་བར་བྱེད་དེ་རང་ཉིད་ཀྱང་ནི་ངུ། ་རང་ཉིད་མེ་ལ་ས་ཡང་རང་ཉིད་དེ།། རང་ཉིད་རླུང་སྟེ་ཆུ་ཡང་རང་ཉིད་དོ།། རང་ཉིད་ན་མཁའ་རང་ཉིད་དྲུག་པོ་ཡང་།། རང་ཉིད་ཁྱབ་འཇུག་ཉི་མ་ཟླ་བའང་རང་། ཞེས་པ་ལ་སོགས་པའོ།། རིགས་ནི་ལྔ་བོ་དེ་ཉིད་ལ།། སྟོང ་ཕྲག་དུ་མ་སྐྱེས་པའོ།། དེ་ཕྱིར་འདི་ནི་རང་བཞིན་གཅིག། བདེ་བ་ཆེན་པོ་མཆོག་ཏུ་རྟག། དཔལ་དང་པོའི་སངས་རྒྱས་སུ་གསུངས་པ་ཡང་། ལུས་ལ་བསམ་པ་རབ་ཏུ་ཞུགས་པ་ན་མཁའ་བཞིན་དུ་རོ་མཉམ་བསམ་པའི ་ལུས་སུའང་ལུས།། རྣལ་འབྱོར་ལྡན་པས་ཤེས་བྱ་རང་བཞིན་ཡོན་ཏན་དབང་གིས་ཁམས་ཀྱི་ཁ་དོག་སོགས་དབྱེ་བས།། སེར་པོ་ནག་པོ་ཁ་དོག་དམར་པོ་ཞེས་དང་དཀར་པོ་ས་རླུང་མེ་དང་ཆུ་ལའོ།། ཡེ ་ཤེས་ན་མཁའ་ལ་ཡང་སྔོན་པོ་ལྗང་གུར་གྱུར་ཏེ་ལུས་དང་བསམ་པའི་རབ་དབྱེ་བས།། དཔལ་མཁའ་འགྲོ་མ་རྡོ་རྗེ་གུར་དུ་ཡང་གསུངས་པ། གཏི་མུག་ཞེ་སྡང་དེ་བཞིན་ཆགས།། ང་རྒྱལ་སེར་སྣ་ཅན་འགྲོ་རྣམས།། བསྡུ་ཕྱིར ་འཁོར་ལོར་རྡོ་རྗེ་ཅན།། རང་ཉིད་རྣམ་པ་དུ་མའི་གཟུགས།། དཔལ་མཚན་ཡང་དག་པར་བརྗོད་པར་ཡང་གསུངས་པ། མཆོད་པ་ཆེན་པོ་འདོད་ཆགས་ཆེ།། སེམས་ཅན་ཐམས་ཅད་དགའ་བར་བྱེད།། མཆོད་པ་ཆེན་པ ་ཞེ་སྡང་ཆེ།། ཉོན་མོངས་ཀུན་གྱི་དགྲ་ཆེ་བ།། མཆོད་པ་ཆེན་པོ་གཏི་མུག་ཆེ།། གཏི་མུག་བློ་ཅན་གཏི་མུགསལ།། མཆོད་པ་ཆེན་པོ་ཁྲོ་བ་ཆེ།། ཁྲོ་བ་ཆེན་པོའི་དགྲ་ཆེ་བ།། མཆོད་པ་ཆེན་པོ་ཆགས་པ་ཆེ།། འདོད་པ་ཐམས ་ཅད་སེལ་བར་བྱེད། ཅེས་པ་ལ་སོགས་པའོ།། འདི་ཉིད་དུ་གསུངས་པ་ཡང་། གཅིག་ཉིད་དུ་མ་ཉིད་དུ་འགྱུར།། སྣ་ཚོགས་གཟུགས་ཅན་ནོར་བུ་བཞིན། ཞེས་སོ།། དཔལ་ཀྱེའི་རྡོ་རྗེའི་རྒྱུད་ལ་རྡོ་རྗེའི་ཚིག་འབྱེད་པའི ་སྙིང་པོ་བསྡུས་པའི་དཀའ་འགྲེལ་དུ་བརྟག་པ་གཉིས་པར་དངོས་གྲུབ་གཏན་ལ་དབབ་པ་ཞེས་བྱ་བའི་ལེའུ་སྟེ། གཉིས་པའོ།། །། ད་ནི་རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱི་དངོས་གྲུབ་ཀྱི་ཐབས་ལེའུ ་གསུམ་པ་གསུངས་པ། དེ་ནས་རྡོ་རྗེ་ཅན་གྱིས་རྒྱུད་ཐམས་ཅད་ཀྱི་གླེང་གཞི་ཞེས་པ་ལ་སོགས་པའོ།། གསུངས་པ་ཡང་། རྡོ་རྗེ་ཅན་ཞེས་པ་འགྱུར་བ་མེད་ཅིང་མ་འཕོས་པའི་ཐིག་ལེ་བཞི་པོ་རྡོ་རྗེ་ནོར་བུར་སོན་པ ་རྣམས་ནི་རྡོ་རྗེ་ནོར་བུ་ཞུགས་པའི་པདྨར་ཀུན་ནས་དགའ་བ་ཐམས་ཅད་པ་བདེ་བ་མཉམ་པའི་གཞི་མ་འཕྲོས་པ་ཉིད་ཀྱི་ཕྱིར་རྡོ་རྗེ་ཅན་རྣམས་སོ།། རྒྱུད་ཐམས་ཅད་ཅེས་པ་ལ། བརྩོན་ཆེན་སྒྱུ་འཕྲུལ་དྲ་བ་སྟེ།། རྒྱད་ཀུན ་གྱི་ནི་བདག་པོ་མཆོག་ཅེས་སོ།། དཔལ་རྡོ་རྗེ་རྩེ་མོར་ཡང་གསུངས་པ། སངས་རྒྱས་རྣམས་ཀྱི་ཆོས་ལོངསུ་སྤྱོད།། སངས་རྒྱས་ཐུགས་རྗེ་སྐུལ་བྱེད་པ།། སེམས་ཅན་ཀུན་ལ་ཕན་དོན་ཚད།། ཐམས་ཅད་རྒྱུད་ནི ་ཡང་དག་འབྱུང་ཞེས་སོ།། སངས་རྒྱས་ཀུན་གྱི་སྡོམ་པ་ནི།། ཨེ་ཝཾ་ཡི་གེར་རབ་ཏུ་གནས་ཞེས་པ་ལ་སོགས་པ་འདིའི་ངེས་པའི་དོན་ནི་དཔལ་དྲི་མ་དང་བྲལ་བའི་འོད་དུ་གསུངས་པ་ཡང་། སྤྲུལ་པ་ཡི་ནི་སྐུ ་གསུང་ཐུགས།། ཡེ་ཤེས་གཅིག་སྦྱོར་སྡོམ་པ་དང་།། ལོངས་སྤྱོད་རྫོགས་པའི་སྐུ་གསུང་ཐུགས།། ཡེ་ཤེས་གཅིག་སྦྱོར་སྡོམ་པ་དུང་།། དཔལ་ལྡན་ཆོས་ཀྱི་སྐུ་གསུང་ཐུགས།། ཡེ་ཤེས་གཅིག་སྦྱོར་སྡོམ་པ ་དང་། ལྷན་ཅིག་སྐྱེས་པའི་སྐུ་གསུང་ཐུགས།། ཡེ་ཤེས་གཅིག་སྦྱོར་སྡོམ་པ་ནི།། སང་རྨི་གཉིད་སྡུག་བཞི་པ་ལས།། དབང་པོ་གཉིས་སྐྱེས་བདེ་མིན་ཞིང་།། ཡེ་ཤེས་ལུས་དང་ངག་དང་སེམས།། གནས ་བཞིར་ཡང་དག་མི་གནས་ཏེ། ཞེས་པ་སྡོམ་པའི་རྣལ་འབྱོར་གྱི་ངེས་པའོ།། མཁའ་འགྲོ་མའི་སྡོམ་པ་ཨེ་ཝཾ་ཡི་གེ་གསུངས་པ། ཨེ་ཡིག་ཆུ་བྱད་བཟང་པོ་གང་། ཞེས་པ་ལ་སོགས་པ་ལ་དཔལ་ས ་པུ་ཊར་གསུངས་པ་ཡང་། གྲུ་གསུམ་ཀུན་རྫོབ་རྣམ་པའི་གཟུགས་ཅན་ཤེས་རབ་སྐྱེ།། བཟང་པོ་པདྨའི་སྟེང་གནས་རྡོ་རྗེ་མགོན་པོའི་སྒྲུབ་བྱེད་དོ།། དབུས་སུ་ཝཾ་ཡིག་གིས་བརྒྱན་པ། ཞེས་པ་དབུས་སུ་ཟི་འབྲུ་ལ་ཐབས་སུ ་གྱུར་པའི་ཝཾ་ཡིག་གིས་བརྒྱན་ཅིང་སྤྲས་པར་བྱས་པའོ།། བདེ་བ་ཐམས་ཅད་རྣམས་ཀྱི་གནས་ཞེས་པ་ལ་གནས་ནི་བཞིའོ།། ཐམས་ཅད་ནི་དམ་ཚིག་ལྔའོ།། བདེ་བ་དྲུག་པའོ།། བདེ་བ་དང་ཐམས་ཅད་དེ་རྣམས་ཀྱིའོ།། སངས ་རྒྱུས་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཏེ། དེ་རྣམས་ཁོ་ན་ཆེས་ཁྱད་པར་དུ་འཕགས་པ་ཉིད་ཀྱིས་ནི་རིན་པོ་ཆེ་རྣམས་སོ།། དེ་རྣམས་ཀྱི་ཟ་མ་གཏོགས་ནི་སངས་རྒྱས་རིན་པོ་ཆེའི་རྣམ་པའི་གནས་སོ།། དཔལ ་སཾ་པྲ་ཊ་རྱ་གསུངས་པ་ཡང་། ཨེ་ཡིག་གིས་ནི་ཤེས་རབ་བཤད།། ཝཾ་ཡིག་ཀྱང་ནི་ཐབས་དང་ལྡན།། ཝཾ་ཡིག་གིས་ནི་བརྒྱན་པ་སྟེ།། ཨེ་ཡིག་བུད་མེད་ལ་མཛེས་པའོ།། ཞེས་སོ་གསུངས་པ་ཡང་། ཨེ་ཡིག ་རྣམ་པའི་གཟུགས་ཅན་ནོ།། སངས་རྒྱས་རིན་ཆེན་ཟ་མ་ཏོག། སངས་རྒྱས་རིན་ཆེན་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་སྟེ། ཟ་མ་ཏོག་ནི་རྡོ་རྗེ་ནོར་བུ་པདྨའོ་ཞེས་པ་སངས་རྒྱས་རིན་ཆེན་ཟ་མ་གཏོག་པ། དགའ་བ ་དེ་ཡིས་སྐྱེ་བར་འགྱུར་ཞེས་པ་ལ་སོགས་པ་ལ། གསུངས་པ་ཡང་། དགའ་བ་མཆོག་ཏུ་དགའ་བ་དང་།། ཁྱད་དགའི་དགའ་བ་གསུམ་པ་སྟེ།། ལྷན་ཅིག་སྐྱེས་པའི་རང་བཞིན་འདི།། བརྟན་དང་གཡོ་བ་ཀུན་གྱི་བདག། ་ཀུན་གྱི་ལྷན་ཅིག་སྐྱེས་གང་འདི།། བསྣམ་གྱིས་མི་ཁྱབ་ཅེས་པར་བཤད།། བརྗོད་མེད་ཀུན་འགྲོ་ཞི་བ་ཡིས།། ཡེ་ཤེས་ཧེ་རུ་ཀ་རུ་བརྗོད།། ཁ་སྦྱར་འཁྱུད་པ་ལ་སོགས་པ།། རྣམ་པ་སྣ་ཚོགས་སྣ་ཚོགས་དཔའ ་བྷ་གར་ལིང་ག་རཱ་སྦྱོར་བས།། རྣམ་སྨིན་ཡེ་ཤེས་རིམ་པའོ།། ཕྱག་རྒྱ་ཉེད་པ་རྣམ་ཉིད་དོ།། མཚན་ཉིད་བྲལ་བ་ངེས་པར་མཚོན་ཞེས་སོ།། ཤེས་རབ་བཅུ་དྲུག་ལྷོ་ལོན་ལ།། ལག་པ་དག་གིས་ཡང་དག ་འཁྱུད་ཞེས་པ་འདིའི་དོན་འདི་ཡིན་ཏེ། དཔལ་དགོངས་པ་ལུང་སྟོན་པའི་རྒྱུད་དུ་གསུངས་པ་ཡང་། ནང་ལ་སོགས་པའི་དབྱེ་བ་ཡིས།། སྟོང་ཕྱིར་བཅུ་དྲུག་ལོ་ལོན་པའོ།། དེ་རྣམས་ཀྱི་ནི་སྐྱེ་མེད་པ།། དེ་ཡང་བཙུན ་མོ་ཞེས་པར་བརྗོད།། དཔལ་བདེ་མཆོག་གི་རྒྱུད་དུ་ཡང་གསུངས་པ། དྲིལ་བུ་ནཱ་ད་ལ་དམིགས་ནས།། མེ་ཏོག་བདུག་སྤོས་རྣམས་ཀྱིས་བརྒྱན།། བཅུ་གཉིས་ལོ་ལོན་དྲིལ་བླར་འགྱུར།། རྔ་ཆེན་བཅུ་དྲུག་ལོ་ལོན ་པའོ་ཞེས་སོ།། དཀྱིལ་འཁོར་འཁོ་ལོ་ཅི་ཞེས་བརྗོད་ཅེས་པ་ལ་འདི་ཉིད་དུ་གསུངས་པ་ཡང་། ཕྱག་རྒྱ་ཆེན་པོའི་དབང་བསྐུར་ལ།། ཛཾ་ལྟར་ཤེས་པའི་བོད་ཆེན་པོ།། འདི་ནི་ང་ཡི་མཐུ་ཉིད་དེ།། གཞན་ལས་དཀྱིལ ་འཁོར་འབྱུང་བ་མེད།། དཔལ་འདྲེས་པར་ཡང་གསུངས་པ། བྷ་གའི་དཀྱིལ་འཁོར་ཞེས་བྱ་དང་།། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང་།། ལུས་ཀྱི་དཀྱིལ་འཁོར་ཞེས་བཤད་པ།། གསུམ ་ལ་དཀྱིལ་འཁོར་བརྟག་པའོ་ཞེས་སོ།། ཁྱོད་ཀྱིས་སྲོག་ཆགས་བསད་པར་བྱ་ཞེས་པ་ལ་སོགས་པ་འདིའི་དོན་འདི་ཡིན་ཏེ། དཔལ་དྲི་མ་དང་བྲལ་བའི་འོད་དུ་གསུངས་པ་ཡང་། འདིར་གང་རྣལ་འབྱོར་པ་ཡིས་སྲོག ་གཅོད་པ་བྱ་བ་དེ་ནི་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་ཆེད་དུ་རང་གི་ལུས་ལ་སྲོག་ཉམས་པར་གསུངས་པ་སྟེ། ཕྱི་རོལ་ཏུ་སྲོག་གཅོད་པ་ནི་མ་ཡིན་ནོ།། འདིར་ཕྱི་རོལ་དུ་གང་སྲོག་གཅོད་པར་གསུངས་པ ་ནི་གདུལ་དཀའ་བ་འདུལ་བའི་ཆེད་དུ་སྲོག་རྣལ་འབྱོར་གྱི་སྟོབས་ཀྱིས་བཀུག་ནས་སླར་ཡང་ལུས་དེ་ཉིད་ལ་རྣལ་འབྱོར་པས་གཞུགས་པར་བྱའོ།། དེ་ལྟར་ན་གདུལ་དཀའ་བ་འདུལ་བ་པོར་འགྱུར་གྱི་གདུལ་དཀའ་བ་མཐར ་བྱེད་པ་ནི་རྣལ་འབྱོར་པ་མ་ཡིན་ནོ་ཞེས་གྲུབ་བོ།། གསུངས་པ་ཡང་། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་།། དཔའ་བོ་གདུལ་དཀའ་འདུལ་བ་པོ་ཞེས་སོ།། སྒྲུབ་པ་པོ་བདག་གིར་མི་འཛིན་ངར་མི་འཛིན།། བདེན ་པ་གཉིས་ཀྱི་ཚུལ་ལ་གནས་པས་ཀྱང་ཕྲིན་ཚེགས་ཀྱི་ལས་བྱེད་པ་ནི་དམྱལ་བར་འགྲོའོ་ཞེས་སོ།། གསུངས་པ་ཡང་། ཇི་ལྟར་བདག་ཉིད་ལ་བལྟ་བ།། དེ་ལྟར་སེམས་ཅན་རྣམས་ལའོ་ཞེས་སོ།། སྒྲ་ནི་གང ་ཞིག་ཞལ་གྱིས་དམན་པ་ཞེས་པ་འདིར་ཐམས་ཅད་མཁྱེན་པའི་གསུང་སྐད་ཐམས་ཅད་པ་གང་ལས་སེམས་ཅན་རྣམས་ཀྱི་སྙིང་ལ་རང་རང་གི་སྐད་གཞན་གྱིས་འགྱུར་བ་དེ་ཉིད་རབ་ཏུ་མི་གནས་པ་སྟེ། སེམས་ཅན ་ཐམས་ཅད་ཀྱི་སྐད་ཡིན་པ་ཉིད་ཀྱི་ཕྱིར་རོ།། རབ་ཏུ་མི་གནས་པའི་སྒྲ་ཡིན་པ་ཉིད་ཀྱི་ཕྱིར་བརྫུན་དུ་སྨྲ་བ་ཞེས་བརྗོད་དོ།། དེ་སྐད་དུ་ཡང་གསུངས་པ། གཙོ་བོ་ཁྱོད་ཀྱིས་ཅུང་ཟད་ཀྱང་།། ཡི་གེ་གཅིག་ཀྱང་བརྗོད ་མེད་ཀྱང་།། གདུལ་བྱའོ་སྐྱེ་བོ་ཐམས་ཅད་ནི།། ཆོས་ཀྱི་ཆར་པས་ཚིམ་པར་མཛད། ཅེས་སོ།། དེ་བཞིན་དུ་ཡང་གསུངས་པ། སྐྱེས་བུ་དེ་ཉིད་ཙམ་ལས་སོ།། ཡིད་བཞིན་ནོར་བུ་ལས་བཞིན་དུ།། རྩིག་སོགས ་ལས་ཀྱང་སྟོན་པ་ནཱཾ།། ཇི་ལྟར་འདོད་པ་ངེས་པར་འབྱུང་ཞེས་སོ།། སེམས་ཅན་ཐམས་ཅད་གདུལ་བར་བྱ་བའི་དོན་དུ་སྟེ། སེམས་ཅན་རྣམས་བསླུ་བའི་ཆེད་དུ་སངས་རྒྱས་པའི་རྣལ་འབྱོར་པ་རྣམས་ཀྱི་སླུ་བ ་ཅན་གྱི་ཚིག་ནི་མ་ཡིན་ནོ་ཞེས་པ་འདི་གྲུབ་བོ།། འདིར་ལུས་སྒྲིབ་པ་མེད་པར་སྐྱེས་པར་གྱུར་པ་ན་ཐམས་ཅད་མཁྱེན་པའི་ས་བཅུ་གཉིས་པོ་གང་འཛིན་པ་ནི། རྣལ་འབྱོར་པའི་མ་བྱིན་པར་ལེན་པའོ།། ཕ་རོལ་ཏུ་བུད ་མེད་ཅེས་པ་ལ་ཕ་རོལ་ཏེ། ཆེས་མཆོག་ཏུ་གྱུར་པ་ལས་དང་ཡེ་ཤེས་དང་བྲལ་བ་བདེ་བ་ཆེན་པོའི་རང་བཞིན་ཕྱག་རྒྱ་ཆེན་པོ་སྟེ། དེ་བསྟེན་པར་གྱིས་ཤིག་པའོ།། རང་མཚུངས་མཛེས་མ་ཞེས་པ་དཔལ་དང་པོའི ་སངས་རྒྱས་སུ་གསུངས་པ། རྣལ་འབྱོར་པ་ཡི་ཉིན་དང་མཚན་མོར་སྲོག་གཅོད་བྱ་བ་དེ་ནི་སྲོག་ཉམས་པར་གསུངས་ཏེ།། སྒྲ་ནི་གང་ཞིག་ཞལ་གྱིས་དམན་པའང་སྙིང་ལ་འགྱུར་བ ་དེ་ནི་བརྫུན་དུ་སྨྲ་བུ་ཉིད།། གང་ཞིག་ཐམས་ཅད་མཁྱེན་པའི་ཡེ་ཤེས་ས་ནི་འཛིན་པའང་རྣལ་འབྱོར་པ་ཡིས་ནུ་བར་གསུང་།། ཐིག་ལེ་མ་ལྷུང་བ་ལས་བདོར་འགྱུར་ཆགས་བྲལ་མིན་ལས་གཞན་གྱི་བུད་མེད ་བསྟེན་པའོ་ཞེས་སོ།། བཟའ་བཏུང་ཇི་ལྟར་རྙེད་པ་དང་།། བགྲོད་དང་བགྲོད་མིན་སྤང་མི་བྱ་ཞེས་པ་ལ་སོགས་པ་སྟེ། འདིའི་ངེས་པའི་དོན་ནི། གསུངས་པ་ཡང་། བཟའ་བ་ནི་གཟུགས་ལ་སོགས་པའི་ཕུང་པོ ་ལྔའོ།། བཏུང་བ་ནི་བྱང་ཆུབ་ཀྱི་སེམས་ཞུ་བའི་ཁུ་བའོ།། བགྲོད་བྱ་ནི་རྒྱུར་གྱུར་པའི་ཡེ་ཤེས་སོ།། བགྲོད་བྱེ་མ་ཡིན་པ་ནི་ལྷན་ཅིག་སྐྱེས་པའི་ངོ་བོའོ།། འདི་དག་དབྱེར་མེད་པའི་རྣལ་འབྱོར་གྱིས། བགྲོད་དང་བགྲོད ་མིན་སྤང་མི་བྱ་ཞེས་པའོ།། ཁྲུས་དང་གཙང་སྦྲ་མི་བྱ་སྟེ། ཕུང་པོ་ལྔ་སྒྲིབ་པ་མེད་པས་དྲི་མ་འབྱིན་པ་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་བསྐྱེད་པོས་ནི་དག་པའོ།། དཔལ་གདན་བཞི་པར་ཡང ་གསུངས་པ། རང་གི་ལུས་ནི་བཀྲུ་བྱ་སྟེ།། འདོད་ཆགས་ཞེ་སྡང་དྲི་མའི་ནང་།། ཟབ་མོ་རྒྱ་མཚོ་ལྟ་བུ་རྣམས།། སྟོང་ཉིད་ཡེ་ཤེས་དེ་ཉིད་ཀྱིས་ཞེས་སོ།། གཙང་སྦྲ་ནི་སེམས་ཀྱི་རྡོ་རྗེ་རྣམ་པར་སྦྱོང་བས་དག་པའོ།། ་དེ་སྐད་དུ་ཡང་གསུངས་པ། གཙང་སྦྲ་དང་པོ་ཕོ་ཉ་མོ།། གཉིས་པ་ཟླ་བ་ཉིད་དུ་འདོད།། གཅིག་ཏུ་ཙཱ་རུཌཱི་བཟའ་བ་ནི།། གཙང་སྦྲ་གསུམ་པ་བརྗོད་པར་བྱ།། ཕྱི་རོལ་རྣལ་འབྱོར་དགའ་རྣམས་ལ།། ཆུ་ཡི་གཅ ་སྒྲ་ཡང་དག་སྤྱད།། རང་སེམས་དྲི་མ་ཅན་གྱུར་ན།། གཙང་སྦྲ་ཡིས་ནི་དགོས་པ་ཅི།། མི་བྱ་ཞེས་པ་ནི་དམིགས་པ་མེད་པའི་སྦྱོར་བས་རྣམ་པར་གནས་པ་ཉིད་ཀྱི་ཕྱིར་རོ།། གྲོང་པའི་ཆོས་ཀྱི་སྒྲ་ཡིས་ནི།། མིག ་ལ་སོགས་པའི་སྐྱེ་མཆེད་དེ།། སྤང་མི་བྱ་ཞེས་པའོ།། བློ་ལྡན་སྔགས་ཉིད་མི་བཟླ་ཞིང་ཞེས་པ་ཕྱི་རོལ་གྱི་སྔགས་བརྗོད་པ་སྟེ། གདོད་མ་ནས་མ་སྐྱེས་པའི་རང་བཞིན་གྱིས་ན་བཟླས་པར་མི་བྱ་བའོ།། བསམ་གཏན ་ཉིད་ནི་དམིགས་མི་བྱ་ཞེས་པ་ལ་བསམ་གཽཏན་ནི་གང་ཡིད་རྩེ་གཅིག་པས་ཀུན་ནས་གནས་པར་བྱ་བ་སྟེ། བྱ་བ་མེད་པ་ཉིད་ཀྱིས་ན། དེའི་ཚེ་བསམ་གཏན་ཉིད་ཀྱང་དམིགས་མི་བྱ་ཞེས་པའོ།། གཉིད་ནི་སྤང་བར་མི་བྱ ་ཞེས་པ་ལ་གཉིད་ནི་གཏི་མུགུ་སྟེ། གཏི་མུག་ནི་རྣམ་པར་སྣང་མཛད་དུ་འདོད་ལ། རྣམ་པར་སྣང་མཛད་གང་ཡིན་པ་དེ་འདི་ནི་བྱང་ཆུབ་ཀྱི་སེམས་ཡིན་ལ། དེ་ཡོངས་སུ་བཏང་བར་བྱ་བ་མ་ཡིན་ནོ།། དབང་པོ་རྣམས ་ནི་མི་དགག་གོ།། དབང་པོ་ནི་མིག་ལ་སོགས་པ་རྣམས་ཏེ། བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཉིད་ཕྱིར་དགག་པར་མི་བྱའོ་ཞེས་པའོ།། བ་ལ་ཐམས་ཅད་བཟའ་བར་བྱ་ཞེས་པ་ནི་གཟུགས་ལ་སོགས་པའི་ཕུང ་པོ་ལྔ་པོ་ལུས་པ་མེད་པར་སྒྲིབ་པ་མེད་པའོ།། རིགས་ལྔ་ལ་ནི་མཉམ་པར་སྤྱད་ཅེས་པ་དེ་བཞིན་གཤེགས་པ་རྣམས་ཀྱི་གཟུགས་སུ་དམིགས་པའོ།། བཙུན་མོ་ཐམས་ཅད་དགའ་བར་བྱེད་ཅེས ་བྱ་ལ། བཙུན་མོ་ཞེས་པ་འདི་ཡིས་སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་སོ།། དེ་རྣམས་དབྱེར་མེང་པའི་རྣལ་འབྱོར་གྱིས་འཇུག་པར་གང་གི་ཚེ་འགྱུར་བ་དེའི་ཚེ་བཙུན་མོ་ཐམས་ཅད་དགའ་བར་བྱེད་པ་ཁོ་ནའོ་ཞེས་སོ།། ་དོགས་པ་མེད་པའི་སེམས་ཀྱིས་ནི་ཞེས་པ་ཇི་ལྟ་བར་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནི་དབང་པོ་རྣམས་ཀྱང་ལྷན་ཅིག་ཐ་མི་དད་པ་ཉིད་ཀྱིས་ན་བདེ་བ་ཆེན་པོའི་རྣམ་པས་བྱ་བ་མེད་པ་ཉིད་དུ་གནས་པར་འགྱུར ་ཏེ་དེའི་ཚེ་དོགས་པ་མེད་པའི་སེམས་ཀྱིས་ནཱི་ཞེས་པའོ།། བཤེས་ལ་སྡུག་པར་མི་བྱ་ཞིང་ཞེས་པ་ལ། བཤེས་ནི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཏེ། དེ་ལ་རང་བཞིན་མེད་པས་ན་སྔག་པར་མི་བྱའོ་ཞེས་པའོ།། དེ ་བཞིན་སྡང་ལ་སྡང་བ་མིན་ཞེས་པ་སྡང་བ་མིག་ལ་སོགས་པའི་ཤེས་པ་སྟེ། དེ་ལ་སྡང་བར་བྱ་བ་མ་ཡིན་ཞེས་པ་དབྱེར་མེད་པའི་རྣལ་འབྱོར་ལས་སོ།། རྡོ་ཤིང་འཇིམ་པའི་རང་བཞིན་གྱི།། ལྷ་འདི་རྣམས་ལ ་ཕྱག་མི་བྱ་ཞེས་པ་གང་གི་ཚེ་སེམས་ཀྱི་རྡོ་རྗེ་དབང་པོ་རྣམས་ཐམས་ཅད་ཀྱི་ཡེ་ཤེས་རྒྱུར་བྱས་ནས་དཀྱིལ་འཁོར་གྱི་འཁོར་ལོའི་རང་བཞིན་གྱིས་རྣམ་པར་གནས་པར་འགྱུར་བ་དེའི་ཚེ་ཤིང་དང་རྡོ་བ་ལ་སོགས་པ ་ལྔ་ཕྱག་མི་བྱའོ་ཞེས་བཤད་པར་བྱའོ།། འགྲོ་བ་ཐམས་ཅད་བསྒོམ་པར་བྱ། ཞེས་པ་ལ་སོགས་པ་ལ་གསུངས་པ་ཡང་། བདེ་བ་ཆེན་པོས་འགྲོ་བ་ཁྱབ།། བདེ་བ་སྤངས་ནས་རྟོགས་མ་ཡིན།། སངས་རྒྱས་བྱང་ཆུབ ་སེམས་དཔའ་དང་།། མཁའ་འགྲོ་མ་དང་བཙུན་མོ་བཟང་།། སངས་རྒྱས་ལྔ་དང་དུ་མ་རྣམས།། དེ་བཞིན་བདེ་བས་སངས་རྒྱས་གཤེགས།། ཕྲ་མོ་ལ་ང་རྒྱལ་གཞོམ་དོན་དུ།། སྒོམ་པ་ཡང་དག་རབ་ཏུ་བསྒྲགས།། ་ཐ་མལ་གནས་སྐབས་གཞོམ་ཆེད་དུ།། སྒོམ་པ་སྒོམ་པ་ཉིད་མ་ཡིན་ཞེས་སོ།། དཔལ་ཀྵའི་རྡོ་རྗེ་རྒྱུད་ལས་རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ་དུ་དགོངས་པའི་སྐད་ཀྱི་ལེའུ་སྟེ་གསུམ་པའོ།། ་དཱ་ནི་སྤྱོད་པའི་ལེའུརྭ་གང་མདོར་བསྟན་པའི་གླུ་དང་གར་ལ་སོགས་པ་རྒྱས་པར་བསྟན་པའི་ཆེད་དུ་རྒྱུད་ཐམས་ཅད་ཀྱི་ཕྱག་རྒྱ་བསྡུས་པའི་དོན་གྱི་ལེའུ་གསུངས་སོ།། དང་པོར་རེ་ཞིག་གླུ་བསྟན་པར་བྱ་སྟེ། ཀོལླ ་ཨི་རཽ་ཊྚི་ཨཱ་བོ་ལ་ཞེས་པ་འདི་ཡིས་ཏེ་བོ་ལ་ནི་རྡོ་རྗེ་བྱང་ཆུབ་ཀྱི་སེམས་སུ་བཤད་དོ།། ཀོ་ཞེས་བྱ་བ་བདེ་བའོ།། ལླ་ཨི་རེ་གཟུང་ནས་སོ།། ཊཱི་ཡ་ཞེས་པ་གནས་སོ་སྱཱཾ། བྱང་ཆུབ་ཀྱི་སེམས་རྡོ་རྗེའོ་ཞེས་པ ་འདི་ཡིས་ཀོརྨ་ཨི་རེཥྚ་ཨ་ཞེས་པ་པོ་ལའི་སྒྲ་ཡིས་བརྗོད་པར་བྱའོ།། མུམྨུ་ཎི་རེ་ཀཀྐོ་ལ། ཞེས་པ་ལ་མུམྨུ་ཎི་རེའི་སྒྲ་ཡིས་ལྟེ་བའི་དཀྱིལ་འཁོར་རོ།། ཀཀྐོ་ལ་ནི་པདྨའོ།། དེ་ནས་པདྨའི་ཆགས་པས་བྱང་ཆུབ ་ཀྱི་སེམས་རྡྷེ་ལ་འཁྱུད་པར་བྱས་པའོ་ཞེས་པའི་དོན་ཏོ།། གྷཱ་ཎ་ཀྲ་པིཊྚཱ་ཧོ་བྱཱཛྫ་ཨི་ཀཱ་རུ་ཎེ་ཀི་ཨ་ཨི་ན་རོ་ལཱ། ཞེས་པ་ལ་གྷ་ཎ་ནཱི་རྒྱུན་མ་ཆད་པར་རོ།། ཀི་བིཊྚ་ནི་རྡོ་རྗེ་བསྐུལ་བའོ།། ཀ ་ཎ་ནི་ཞུ་བའི་རྣམ་པ་འཇིག་རྟེན་གསུམ་གྱི་ངོ་བོ་འཛིན་པ་སྟེ། འོན་ཀྱང་ཆུབ་ཀྱི་སེམས་ཐམས་ཅད་ཀྱི་རྡོ་རྗེའོ།། དེས་ན་པོ་ལ་དབང་པོ་གཉིས་བསྲུབས་པས་རོ་ལ་ནི་ཚོགས་པར་བཤད་པར་བྱའོ།། ཏི་ཧོ་བ་ལཱ་ཁུཛྙཱ ་ཨིགྷ་ཌཱ་མ་ཨ་ནཱ་པྲིཛྫ་ཨི་ཞེས་པ་ལ་ཏི་ཧཾ་ཞེས་པ་པོ་ལ་དང་ཀཀྐོ་ལཾ་ཡང་དག་པར་སྦྱར་བ་ན་བ་ལ་བཟའ་བར་བྱའོ།། བ་ལ་ནི་ཤ་སྟེ་དེ་བཞིན་གཤེགས་པ་ལྔ་རྣམས་གཟུགས་ལ་སོགས་པའི་རང་བཞིན་ཡིན ་པས་ན་ཕུང་པོ་ལྡེའོ།། དེ་རྣམས་ཀྱི་ཤུ་བཟའ་བར་བྱ་ཞིང་རང་བཞིན་མེད་པར་བྱ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱི་ཞུ་བར་གྱུར་པ་ཉིད་ཀྱི་ཕྱིར་རོ།། མ་ད་ན་ནི་ཆང་སྟེ་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས ་ལྔ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་སོ།། གྷ་ཌེ་ནི་བཽ་ལ་དང་ཀཀྐོ་ལ་སྦྱར་བས་ཡང་དག་པར་བསྡམས་ནས་ཆེས་ཆེར་བཏུང་སྟེ་བཏུང་བར་བྱའོ་ཞེས་པའི་དོན་ཏོ།། ཧ་ལེ་ཀཱ་ལཱིཉྫ་ར་པ་ཎི་ཨ་ཨི་དུན་དུ་རུ་ར་ཏ་ཧཻ ་བརྞྞེ་ཨ་ཨི། ཞེས་པ་ལ་ཧ་ལེ་ནི་བོད་པའོ།། ཀཱ་ལིཉྫ་ར་ནི་སྐལ་བ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ཏེ་པདྨའི་ཟེ་འབྲུར་རབ་ཏུ་འཇུག་པོའོ་ཞེས་པའི་བར་རོ།། དུན་དུ་རུ་ནི་སྐལ་བ་མེད་པ་མིག་ལ་སོགས་པའི ་སྐྱེ་མཆེད་དེ། དོར་བྱཱནྟི་སེ་ལྭ་བར་བྱེད་བྱ་སྟེ། རང་བཞིན་མེང་བའི་གནས་ལ་རྣམ་པར་འཇོག་པའོ་ཞེས་པའི་དོན་ཏོ།། ཙྪ་ཨུ་ས་མྱ་ཀཱ་ཐཱ་རི་སིདྡྷ་ཀཱཔྤུ་ར་ལཱ་ཨི་ཨ་ཨི། ཞེས་པའི་བའི་མཉམ་གྱི་སྒྲ་ཡིས་རྣམ་པར ་སྣོང་མཛད་དོ།། གླ་རྩིའི་སྒྲ་ཡིས་མི་བསྐྱོད་པའོ།། སིཧླ་ནཱི་རིན་ཆེན་འབྱུང་ལྡན་ནོ།། ག་པཱར་ནི་བོད་དཔག་ཏུ་མེད་པར་འདོད་དོ།། འདི་རྣམས་དང་ལྷན་ཅིག་བཅོམ་ལྡན་འདས་དབྱེར་མེད་པའི་ཡན་ལག་གིས་བཞུགས་སོ།། ་ཞེས་པའི་དོན་ཏོ།། མཱུ་ལ་ཨཱིནྡྲ་ན་ཤཱ་ལྀ་ཛ་ཏ་ཧི་བྷ་རུ་ཁཱ་ཨི་ཨ་ཨི། ཞེས་པ་མཱ་ལ་ཏི་དྷ་ན་ནི་ཚོད་མ་སྟེ་ཕུང་པོ་ལྔའོ།། ཤཱ་ལི་ཛ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ཏེ་རྒྱུན་མ་ཆད་པར་མཱ་ལུས་བྱར་བདག་གི་དབང ་དུ་བྱའོ་ཞེས་པའི་དོན་ཏོ།། ཕྱོ་ཁ་ན་ཁེ་ཊ་ཀ་རནྟེ་ཤུདྡྷཱ་ན་མུ་ཎི་ཨཱ་ཨི། ཞེས་པ་ལ་ཕྲེཾ་ཁ་ཎཱ་ནཱི་འོང་བའོ།། འགྲོ་བ་ནི་ཁེ་ཊ་སྐྱེ་འགྲོ་བ་དང་། འོང་བ་འདི་དག་འགོག་པས་དག་པ་དང་མ་དག་པའི་ཤེས་པ་རྟོགས་པར་མི ་ནཱནུས་སོ་ཞེས་པ་དགོངས་པའོ།། ནཱི་རཾ་ཤུ་ཨ་ཨ~ཾ་གྷ་ཙ~ཾ་ཌཱ་བྷི་ཨ་ཨི་ཝཱཾཿཤ་རཱ་བ་པ་ཎི། ཨ་ཨི་ཞེས་པ་ལ་རུས་པའི་རྒྱནཱ་ནཱ་ནི་ནཻ་རཾ་ཤུ་སྟེ་འདིས་ཡེ་ཤེས་ལྔའི་བདག་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་རྡོ་རྗེའོ།། ཙ་ཌ་བི་ནི་ཡིད་ལ་མི ་བྱེང་པ་ལ་འདོག་པའོ།། ཤྲ་བ་ནི་རོ་སྟེ་བདག་མེད་པའི་བྱང་ཆུབ་ཀྱི་སེམས་པདྨའི་སྣའི་རྩེ་མོར་རྣམ་པར་གནས་པའི་ཞེས་པའི་དོན་ཏོ།། མ་ལ་ཡ་ཀྲྀནྡྷ་རུ་བནྡྷ་མི་ཎི་ཎྜི་མ་ཏི་ཧ་ན་བཛྫ་ཨ་ཨོཾ། ཞེས་པ་ལ་མ་ལ་ཡ་ཛན ་འདུ་བར་འདོད་ངོ་དོ།། བདེ་བ་དང་ལྷན་ཅིག་མིག་ལ་སོགས་པའི་དེ་བཞིན་གཤེགས་པ་ཐུམས་ཅད་ཀྱི་ཡེ་ཤེས་རྒྱུར་བྱས་ནས། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཤེས་རབ་དང་ལྷན་ཅིག་འདུ་བར་བཤད་དོ།། ཀུནྡ ་རུ་ནི་དབང་པོ་གཉིས་ཡང་དྲུག་པར་སྦྱོར་བུ་སྟེ། གཉིས་པོ་འདུ་བྱས་རབ་ཏུ་འཇུག་པའོ།། རབ་ཏུ་འཇུག་པ་ནི་རེག་པ་ཡིན་ལ། ཌིཎྜི་མ་ནི་དེ་ལ་མི་རེག་པ་སྟེ། ཐམས་ཅད་གཅིག་ཏུ་གྱུར་པའི་ཕྱིར་རོ་ཞེས་པ་ལ་སོགས་པ ་ངེས་པའི་དོན་ཏོ།། དྲང་བའི་དོན་གྱིས་ནི་གོ་སླའོ།། དྲན་པ་མི་འཕྲོགས་རྣལ་འབྱོར་ལས།། ཧེ་ར་ཀ་ཡིས་གཟུགས་ཀྱིས་གར།། ཆགས་པའི་སེམས་ཀྱིས་བསྒོམ་པ་སྟེ།། རྒྱུན་མི་འཆང་པོར་གོམས་སེམས་ཀྱིས་ཤེས ་པ་འདིའི་ངེས་པའི་དོན་ནི་གསུངས་པ་ཡང་། དགའ་བས་ཤེས་རབ་མཐོང་བ་ལས།། ལྟ་བའི་ངོ་བོས་སྐྱེ་བར་བྱེད།། དཔལ་མཁའ་འགྲོ་མ་རྡོ་རྗེ་གུར་དུ་ཡང་གསུངས་པ། ཆོས་འབྱུང་གྲོང་ཁྱེར་གང་གི་གནས།། རྡོ་རྗེ ་དམ་ཚིག་གླུ་ལེན་ལས།། རྡོ་རྗེ་རྐང་པས་གར་སྟབས་ཏེ།། རྫ་རྔ་སྒེག་སོགས་ཁྱད་པར་དུའོ་ཞེས་སོ།། རྒྱུད་གཞན་དུ་ཡང་གསུངས་པ། པདྨའི་གདན་གྱི་དབུས་སུ་ནཱི།། གང་ཞིག་སེམས་ནི་ཡང་དག་གནས།། ཞི ་བ་དེ་ཉིད་ཡང་དག་དག། ལྷན་ཅིག་སྐྱེས་དགའ་གར་མཁན་ནོ།། གར་གྱི་ཆོས་ནི་དེ་ཉིད་ཤེས།། གར་བྱེད་པ་སྟེ་ཐེ་ཚོམ་མེང་།། འཇིག་རྟེན་རྣམས་ལ་ཕན་པའི་རྒྱུར།། འཇིག་རྟེན་ཆོས་ཀྱི་གར་བྱེད་དོ།། དེ་ཉིད ་འདི་ནི་སྦས་པ་ཆེ།། ཕྱག་རྒྱ་ཆེན་པོ་སྟེར་བ་པོ།། རྡོ་རྗེ་སེམས་དཔའི་གསུང་ཇི་བཞིན།། འབུད་པ་ཡིས་ནི་བསྲུང་བར་བྱ།། བདེ་དང་དགའ་དང་མགུ་བ་ཡིས།། གླུ་དང་རོལ་མོའི་རྣམ་འཕྲུལ་དང་།། དྲི་དང་ཕྲེང་བ་བྱུག་པ་ཡིས།། ་རིག་པའི་རྒྱལ་པོ་རབ་ཏུ་འགྲུབ།། ཇི་ལྟར་བདེ་བས་བདེ་བ་གཟུང་།། ཇི་ལྟའི་སྤྱད་པའི་གཡོ་བ་དང་།། ། ཇི་ལྟའི་བཟོའ་དང་གནས་པས་ཀྱང་།། མཆོག་ཏུ་འགྱུར་བ་མེད་པ་འགྲུབ།། རྡོ་རྗེ་ཆོས་ཀྱིས་ཞེས་པ་ལ་བརྗོད་དུ་མེད ་པའི་དོན་གསལ་བར་བྱེད་པ་གསུང་རྡོ་རྗེའི་བདག་ཉིད་གླུ་རྣམས་ཀྱིས་སོ།། སངས་རྒྱས་ཀྱིས་ཞེས་པ་ཟག་པ་མེད་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་མཚན་དང་དཔེ་བྱད་ཀྱི་ངོ་བོའི་སྐུ་སྒྱུ་མ་ལྟ་བུའི་དོན་རབ་ཏུ་རྟོགས་པར་བྱེད ་པ་ལོངས་སྤྱོད་པའི་གོར་རྣམས་ཀྱིས་སོ།། མ་མ་རྣལ་འབྱོར་མ་རྣམས་ཀྱིས་ཞེས་པ་གདུལ་བྱའི་བསམ་པའི་དབྱེ་བས་སྣ་ཚོགས་པའི་ངོ་བོའི་སྤྲུལ་པའི་གར་རྣམས་ཀྱིས་སོ།། དཔལ་མཁའ་འགྲོ་མ་རྡོ་རྗེ་གུར་དུ་ཡང་གསུངས་པ། ་སངས་རྒྱས་གར་མཁན་ཏིང་འཛིན་གནས།། སངས་རྒྱས་གར་གྱིས་གར་མཛད་དོ།། གར་དང་གླུ་ལ་ཞེན་རྣམས་ལ།། སྒོམ་ལ་ཆགས་པའི་སེ་མས་ཀྱིས་སྔོ་ཞེས་སོ།། སྒོམ་པ་ནི་དེ་ཁོ་ན་ཉིད་སེམས་པ་སྟེ་བསྒོམ་བྱ་དང་། སྒོམ ་པར་བྱེད་པ་དང་། སྒོམ་པ་གསུམ་མི་དམིགས་པའོ།། འདི་ཉིད་དུ་གསུངས་པ་ཡང་། འགྲོ་བ་ཐམས་ཅད་བསྒོམ་བྱ་སྟེ།། གང་ཕྱིར་ཡིད་ཀྱིས་བསྒོམ་མི་བྱ།། ཐམས་ཅད་ཆོས་ནི་ཡོངས་ཤེས་ལས།། སྒོམ་པ་སྒོམ་པ ་ཉིད་མ་ཡིན། དེ་ལ་དབང་དུ་གྱུར་པའི་སྒོམ་པ་ལ་ཆགས་པའི་སེམས་ཀྱིས་རྒྱུན་མི་འཆད་པར་ཉེ་བར་ཞི་བ་མེད་པར་གང་གིས་སེམས་ལ་དེ་ཁོ་ན་ཉིད་གོམས་པ་སེམས་པ་དེ་ཡིས་རྒྱུན་མི་འཆད་པར་གོམས ་པའི་སེམས་ཀྱིས་རྣལ་འབྱོར་པ་འམ། རྣལ་འབྱོར་མ་ཡིས་སོ་ཞེས་པའོ།། སེམས་ཉིད་རྫོགས་པའི་སངས་རྒྱས་ཉིད།། སངས་རྒྱས་གཞན་དུ་བསྟན་པ་མེད།། ཅེས་པ་འདིའི་དོན་འདི་ཡིན་ཏེ། དཔལ་སངས་རྒྱས་ཐམས་ཅད ་མཉམ་པར་སྦྱོར་བ་མཁའ་འགྲོ་མ་དྲ་བའི་སྡོམ་པར་གསུངས་པ་ཡང་། བཅོམ་ལྡན་འདས་དེ་ལ་སེམས་རྫོགས་པའི་སངས་རྒྱས་ཞེས་པ་ཅི་ལྟར་ལགས།། བསམ་གྱིས་མི་ཁྱབ་རྒྱ་ཆེ་ཟབ།། དངོས་གྲུབ་བདེ་ཀུན་འབྱུང་བའི ་གནས།། ཀུན་ནས་ཁྱབ་ཅིང་དྲི་མ་བྲལ།། ད་ནི་བྱང་ཆུབ་སེམས་བརྟན་པའོ་ཞེས་སོ།། གདོལ་པ་སྨྱིག་མ་མཁན་ལ་སོགས།། མཚམས་མེད་ལྔ་ནི་བྱེད་པ་རྣམས་ཞེས་པ་ལ་སོགས་པ་འདིའི་དོན་འདི་ཡིན་ཏེ། སྔགས་ཀྱི ་སྤྱོད་པ་རྗེས་སྤྱད་ན།། སྐྱེ་འདི་ཉིད་ལ་སངས་རྒྱས་འགྱུར། ཞེས་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནོ་ཞེས་ན། བདེན་ཏེ། སྐྱེ་བ་འདི་ལ་གང་སྔར་མཚམས་མེད་པ་ལྔ་ལ་སོགས་པ་དྲག་པོའི་ལས་བྱས་པ་དེ་སྔགས་ཀྱི ་ཚུལ་འདི་ལ་ཕྱག་རྒྱ་ཆེན་པོ་མི་འགྱུར་བའི་ཏིང་ངེ་འཛིན་གྱིས་བཅོམ་ནས་མི་དགེ་བ་གཞན་བློ་བུར་བ་རྣམས་མི་འཇུག་པར་བྱ་བའི་ཆེད་དུ་རྡོ་རྗེ་ཆོས་འབྱུང་གི་ཁང་པར་བདུད་བཞིའི་གེགས་ལ་སོགས་པའི་དགྲ་འཇུག་པའི ་སྒོ་རྣམས་ལ་བྱམས་པ་དང་། སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ལ་སོགས་དང་། བྱང་ཆུབ་ཀྱི་སེམས་ཀྱི་ཆོས་ཀྱི་སྒོ་གླེགས་བཅུག་སྟེ་དེར་རྡོ་རྗེ་སེམས་དཔའ་ཕྱག་རྒྱ་ཆེན་པོ་དང་ལྷན་ཅིག་བསྒྲུབས་ནས་མཚམས་མེད ་པ་ལྔ་བྱེད་པ་པོ་རྣམས་ཀྱང་སྐྱེ་བ་འདི་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་ཐོབ་པར་འགྱུར་རོ་ཞེས་པ་དེ་བཞིན་གཤེགས་པ་བཞེད་ཀྱི། སྔགས་ཀྱི་ཐེག་པར་ཞུགས་པར་གྱུར་པ་སླར་ཡང་མཚམས་མེད་པ་ལྔ་ལ་སོགས་པ་དྲག ་པོའི་ལོས་བྱེད་པ་རྣམས་ཀྱང་སྐྱེ་བ་འདི་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་ཐོབ་པར་འགྱུར་རོ་ཞེས་དེ་བཞིན་གཤེགས་པ་བཞེད་པ་ནི་མ་ཡིན་ནོ།། འདིར་ཐེག་པ་གསུམ་ཀ་ལ་ཡང་། བཅོམ་ལྡན་འདས་ཀྱི་གསུང་ནི། དང་པོར ་དགེ་བ། བོར་དུ་དགེ་བ། ཐ་མོར་དགེ་བ་ཞེས་པས་སྔགས་ཀྱི་ཐེག་པ་ལ་ཞུགས་པར་གྱུར་པ་རྣམས་ཀྱིས་སྡིག་པ་བྱེད་པ་རྣམས་སངས་རྒྱས་ཉིད་ཀྱི་འབྲས་བུ་ཐོབ་པར་འགྱུར་བ་ནི་མ་ཡིན་ནོ་ཞེས་སོ།། གསུངས་པ་ཡང་། ་སྐྱེ་བ་འདི་ཉིད་ལ་སངས་རྒྱས་ཀྱི་འབྲས་བུ་སྟེར་བ་ཞེས་པ་ནི། སྐྱེ་བ་འདི་ལ་སྟེ། མིའི་སྐྱེ་བ་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་སྟེར་བ་རྒྱུད་ཀྱི་རྒྱལ་པོ་ཡིན་གྱི། ལྷ་ལ་སོགས་པ་འགྲོ་བ་ལྔའི་སྐྱེ་བ་ལ་ནི་མ་ཡིན་ནོ།། དེ ་ཅིའི་ཕྱིར་ཞེ་ན། ལས་ཀྱི་སར་སྐྱེས་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ།། འདིར་ལྷ་ལ་སོགས་པ་རྣམས་ལ་ཡང་མིའི་སྐྱེ་བ་ཐོབ་ནས། སངས་རྒྱས་ཉིད་ཀྱི་འབྲས་བུ་སྐྱེ་བར་འགྱུར་རོ་ཞེས་པ་བཅོམ་ལྡན་འདས་ཀྱི་ངེས་པའོ།། ་ཞེས་སོ།། བྱིས་པ་མི་ཤེས་པས་བསྒྲིབས་པ།། འགྲོ་བ་མི་ཤེས་པ་འདི་རྣམས།། འགྲོ་དྲུག་སྲིད་པའི་རྒྱུ་བ་རུ།། གང་རྨོངས་དེ་རྣམས་འཁོར་བར་འགྱུར། ཞེས་པ་དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པར་གསུངས་པ་ཡང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བདག་ཏུ་བྱེད་པ་དང་། བདག་གིར་བྱེད་པས་སེམས་ཅན་རྣམས་འཁོར་བ་ན་འཁོར་བར་བྱེད་དམ། བཅོམ་ལྡན་འདས ་དེ་དེ་བཞིན་ནོ།། བདེ་བར་གཤེགས་པ་དེ་དེ་བཞིན་ཏེ། ངར་འཛིན་པ་དང་། ང་ཡིར་འཛིན་པས་སེམས་ཅན་རྣམས་འཁོར་བ་ན་འཁོར་བར་བྱེད་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩོལ་པ། རབ་འབྱོར་དེ་ལྟར ་སེམས་ཅན་རྣམས་ཀུན་ནས་ཉོན་མོངས་པར་རབ་ཏུ་ཤེས་པར་གྱིས་ཤིག་ཅེས་སོ།། དཔལ་དང་པོའི་སངས་རྒྱས་སུ་ཡང་གསུངས་པ་ཡང་། མངལ་དུ་མངལ་གནས་སྡུག་བསྔལ་བཙའ་བའི་དུས་དང་བྱིས་པའི་དངོས ་པོ་ལ་ཡང་སྡུག་བསྔལ་ཏེ།། གཞོན་ནུ་ལང་ཚེ་དག་ལ་བུད་མེད་ནོར་དང་འབྱོར་ཉམས་ཉོན་མོངས་སྡུག་བསྔལ་ཆེན་པོ་གུང་།། རྒན་པོ་ཉིད་ལ་འཆི་བའི་སྡུག་བསྔལ་སླར་ཡང་འགྲོ་བ་དྲུག་ཏུ་འཇིགས་སྟེར་དུ་འབོད་སོགས། ་སྒྱུ་མས་རྨོངས་པར་བྱས་པའི་མཐའ་དང་འགྲོ་བ་འདི་ནི་སྡུག་བསྔལ་རྣམས་ལས་སྡུག་བསྔལ་འཛིན་པར་བྱེད་ཅེས་སོ།། ཨེ་ཝཾ་ཡི་གེར་བཞུགས་པ་ཡི།། རྡོ་རྗེ་སེམས་དཔས་གཏོར་མ་བསྟན། ཞེས་པ་ལ ་སོགས་པ་ལ། རྒྱུད་ནི་རྒྱུད་གཞན་གྱིས་རྟོགས་པར་བྱའོ་ཞེས་པ་དེ་བཞིན་གཤེགས་པའི་ངེས་པ་སྟེ། དཔལ་རྡོ་རྗེ་མཁའ་འགྲོ་མ་རྡོ་རྗེ་གུར་དུ་གསུངས་པ་ཡང་།། རྡོ་རྗེ་གུར་གྱི་ཏིང་འཛིན་བཞུགས།། འབྱུང་པོ་ཆེན་པོ ་གཏོར་མ་གསུངས།། ན་མཁའི་དབྱིངས་ཀྱི་དབུས་གནས་པ།། པདྨ་འདབ་བརྒྱད་བསྒོམ་པར་བྱ།། ཟླ་བ་ཉི་མ་ཚངས་ལྷ་སོགས།། ཚངས་པའི་རིས་ནཱི་དམ་པ་དང་།། ཚངས་པ་མདུན་ན་འདོན་ཉིད་དང་།། དགའ་ལྡན་འཐབ ་བྲལ་གནས་པ་དང་།། རྒྱལ་པོ་ཆེ་ལོས་ཡང་དག་འབྱུང་།། གཞན་གྱིས་སྦྲུལ་ལ་དབང་སྒྱུར་དང་།། གང་ཞིག་འཕྲུལ་དགའི་ལྷ་རྣམས་དང་།། གཙང་མའི་གནས་ན་གང་གནས་ན་གང་གནས་དང་།། བདེ་བ་ཅན་ན་འདུག་རྣམ ་ས་མིན་དུནི་པནས་རྣམས་དས་སེམ་ལན་གྱི་བཇིག་རྟེན་འམས།། སུམ་ཅུ་རྩ་གསུམ་གནས་པ་རྣམས།། དེ་རྣམས་ཐམས་ཅད་སྟེང་དུ་བསམ།། ཆོས་འབྱུང་ནང་དུ་སོང་བའོ།། དབང་པོ་ཤར་གྷི་འདབ་མར་བསམ།། མཐར་བྱེད་ལྷོ་རུ་དགོད་པར ་བྱ།། ཆུ་བདག་ནུབ་ཀྱི་འདབ་མ་ལ།། བྱང་དུ་ནོར་སྦྱིན་དགོད་པར་བྱ།། མེ་མཚམས་སུ་ནི་མེ་ལྷ་ཆེ།། དེ་བཞིན་བདེན་བྲལ་བདེན་བྲལ་དུའོ།། རླུང་གི་ཕྱོགས་སུ་རུང་བསམ་སྟེ།། འབྱུང་པོའི་འདྲེན་པ་དབང་ལྡན་དུ།། སྟོབས ་ཀྱི་རྒྱུ་དང་དུང་སྐྱོང་དང་།། མཐའ་ཡས་དེ་བཞིན་ནོར་རྒྱས་བུ།། འཇོག་པོ་དང་ནི་རིགས་ལྡན་ཉིད།། པད་ཆེན་པདྨ་བཟང་པོ་དང་།། ལྷ་མིན་སེམས་ཅན་དམྱལ་བ་རྣམས།། ཆོས་ཀྱི་འབྱུང་གནས་འོག་མར་རོ།། ཨོཾ་ཡིག་ལས ་གང་ཚངས་ལྷ་སོགས།། ཧཱུཾ་ཡིག་ལས་གང་བརྒྱ་བྱིན་སོགས།། ཨཱ་ཡིག་ལས་ནི་སྟོབས་རྒྱུ་སོགས།། ལག་གཉིས་གདོང་གཅིག་ཅན་རྣམས་ཏེ།། སྟེང་གི་ཚངས་སོགས་ལྷ་རྣམས་དཀར།། དབང་པོ་ལ་སོགས ་ནག་པོ་མཚུངས།། སྟོབས་རྒྱུ་ལ་སོགས་དམར་པོ་ཆེ།། རང་འདྨའི་རིག་ནས་ལུས་ལ་འགྲོགས།། རྡོ་རྗེ་དྲིལ་བུས་ལོག་པ་བྲེལ།། གཡས་བརྐྱང་བ་ཡི་འདུག་སྟངས་གནས།། ཚངས་སོགས་རྟག་པས་ཕྱག་རྒྱས་གདབ།། རྡོ་རྗེ་ཅན ་གྱིས་བརྒྱ་བྱིན་སོགས།། སྟོབས་རྒྱུ་སོགས་རྣམས་གར་དབང་གིས།། ཐམས་ཅད་རིགས་གསུམ་ལས་བྱུང་བའོ།། ད་ནི་ཐོག་མར་ཡཾ་ཡིག་ལས་ཡོངས་སུ་གྱུར་པའི་རླུང་གི་དཀྱིལ་འཁོར་གཞུ་ལྟ་བུ་རྒྱལ་མཚན་གྱིས་མཚན ་པའོ།། དེའི་སྟེང་དུ་རཾ་ཡིག་ཡོངས་སུ་གྱུར་པ་མཱིའི་དཀྱིལ་འཁོར་གྲུ་གསུམ་པ། རྩེ་མོ་གྱེན་དུ་འབར་བའོ།། དེའི་དབུས་སུ་ཨཱརྡྷ་ཡིག་ཡོངས་སུ་གྱུར་པའི་སྤྱོད་པའོ།། ཐོད་པའི་དབུས་སུ་ལྕགས་ཀྱུ་དང་སྐྱ་བོནྡ་ལྔ་རྣམས ་ཤེས་པ་སྟེ། ཧཱུཾ་ཡིག་གིས་གླང་པོ་ཆེའི། བུཾ་ཡིག་གི་བ་ལང་གི། ཨཾ་ཡིག་གིས་ཁྱིའི། ཧིཿཡིག་གིས་རྟའི། ཁཾ་ཡིག་གིས་མོའི་སྟེ། ལྕགས་ཀྱུ་ལྷ་རྣམས་སོ།། སྒྱུ་མ་ཆེན་པོའི་རྒྱུད་དུ་གསུངས་པ་ཡང་། སོ་གཉིས་མྱུར་འགྲོ ་ཉིད་དང་ནི།། དེ་བཞིན་པ་ལང་ཁྱི་ཉིད་དང་།། ཆེན་པོ་ཉིད་དང་མཉམ་པར་ལྡན།། དེ་བཞིན་ཡེ་ཤེས་བདུད་རྩི་ལྔ།། བི་ར་ཤུ་མ་མུ་སྟེ་བདུད་རྩི་ལྔའི་ས་བོན་རྣམས་ཀྱིས་བྱིན་གྱིས་བརླབས་པ་བདུད་རྩིར་བྱའོ།། སྟེང་གི་བར་སྣང་ལ་ཧཱུཾ ་ཡིག་ལས་བྱུང་བའི་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཟླ་བ་ལ་གནས་པ། ཧཱུཾ་ཡིག་གིས་བྱིན་གྱིས་བརླབས་པ་འོད་ཟེར་དང་བཅས་པ་བསམས་ནས། ཕྱོགས་བཅུར་སོན་པའི་སྨན་རྣམས་འོད་ཟེར་གྱིས་བཀུག་སྟེ། དེ་ཉིད་དུ་རབ་ཏུ་གཞུག ་ཅིང་གཅིག་ཏུ་འདྲེས་པར་གྱུར་པར་བསྒོམ་མོ།། ཨོཾ་ཡིག་གིས་ཁཾ་བཅད་ནས་དེ་ཁོ་ན་ཉིད་གསུམ་གྱིས་བྱིན་གྱིས་བརླབ་བོ།། དེ་སྐད་དུ་ཡང་དཔལ་འདུས་པར་གསུངས་པ། ཡེ་ཤེས་ལྔ་ཡི་བྱིན་རླབས་ལས།། བདུད་རྩི་ལྔ་པོ ་ཤེས་པར་བཤད།། སྦར་དྲང་སློ་བ་ཉིད་དང་ནི།། གསལ་བར་བྱེད་དང་གཟུགས་བསྟན་པར་སྔགས་ཀྱི་ལུས་སུ་རབ་སྦྱོར་བས།། བདུད་རྩི་ལྔ་པོ་བཟའ་བར་བཤད།། རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བའི་བདག་ཉིད་ལས་ཡང་དག ་པར་ཚིམ་པར་བྱའོ་ཞེས་པའི་དོན་ཏོ།། ཤེལ་གྱི་རྣམ་པར་བསྒྱིད་ནས་ནི།། ཡེ་ཤེས་ཉི་མ་གཞན་ལྟ་བུ།། དོན་དམྦྷ་མཚོན་གྱིས་བཀུག་ནས་ནཱཾ།། ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་སུ།། བདུད་རྩི་དེར་ནི་བསྐྱེད་བྱས་ནས། ་ཟ་བའི་སྦྱོར་བས་བྷཱ་རུ་གཱཞུག། མཆོད་ཡོན་ཞབས་བསིལ་དེ་བཞིན་དབུལ།། སྔགས་འདི་ཡིས་ནི་ཚིམ་པར་བྱ། ཨོཾ་ཨིནྡྲ་ཛ་མ་ཛྭ་ལ་ཛཀྵ་བྷཱུ་ཏ་བཱིཧྞཱ་བཱ་ཨུ་རཀྵ་ཙནྡ་སུཛྫ་མཱ་ད་བཱཔྤ་ཏ་ལ་པཱ་ཏཱ་ལེ་ཨཊྚ་སཔྤ་སྭཱཧྨ། ཨི་དཾ་བི་ལིཾ་བྷུཉྫ ་ཛཾ་གྷཾ་ཕུལླ་དྷཱུ་པ་མཾ་ས་བཾ་གྷ་ཨཏྨ་ཀཱཛྫི་སཔྤ་སཱ་དྷ་ཁནྟི་ཁུ་ཎི་ཕེ་ཌ་གཱ་ཏེ། ཨོཾ་ཨེ་ཀཱ་རོ་མུ་ཁེ་སརྦ་དྷརྨཱ་ཎཱ་མཱ་དྱ་ནརྀཏྤནྣ་ཏཱཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱཾ། ཨོཾ་བཛྲ་སཏྭ་ས་མེ་ཡ~ཾ། མ་ནུ་པཱ་ལ་ཡ། དྲྀ་དྷོ་མེ་བྷ་བ། སུ་པི་ཥྱོ་མེ་བྷ་བ། སུ~ཾ་ཏི་ནྱ ་མེ་བྷ་བ། ཤཱ་ཤྭ་ཏོ་གྷ་ཝ་ཨ་ནུ་རཱཀྟོ་མེ་བྷ་བཱ། དྷཱི་དཱ་ཡཾ་མེ་ཨ་དྷི་ཏིཥྛ་སརྦ་སིདྡྷིམྨེ་པྲ་ཡནྣ། སརྦ་ཀཱཪྻེཥྚ། མ་རྠཥྚཱ་ཤྲེ་ཡཿཀུ་རུ་ཧཱུཾ་དྷྭཾ། ཧ་ཧ་ཧ་ཧ་ཧོ། བྷཱ་ག་བཱན། སརྦ་ཏཱ་ཐཱ་ག་ཏཱ་མཱ་མེ་མུཉྫ། བཛྲ་བྷཱ་བ་ས་མ ་ཡ་སཏྭ་ཨཱཿམུཿཞེས་སོ།། དཔལ་ཀྱེའི་རྡོ་རྗེའི་རྒྱུད་ལ་རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ་དུ་རྒྱུད་ཐམས་ཅད་ཀྱི་ཕྱག་རྒྱ་བསྡུས་པའི་དོན་ཞེས་བྱ་བའི་ལེའུ་སྟེ། བཞི་པའོ།། ། ད་ནི་བརྟག ་པ་གཉིས་པ་ལ་ཧེ་རུ་ཀ་མངོན་པར་འབྱུང་བ་ཞེས་བྱ་བའི་ལེའུ་ལྔ་པ་གསུངས་པ། ཕྱག་ནི་བཅུ་དྲུག་ཞལ་བརྒྱད་པ།། ཞབས་བཞི་པོ་དང་འཇིགས་པ་པོ།། དཔའ་བོ་ཐད་པའི་ཕྲེང་བ་ཅན།། བདག་མེད་མ་ཡིས ་མགྲིན་པར་འཁྱུད།། ཕྱག་རྒྱ་ལྔ་ནི་འཛིན་ལྷ་ལ།། བདག་མེད་རང་ཉིད་ཀྱིས་ཞུས་པ།། བཅོ་ལྔ་ཡོངས་སུ་བསྐོར་བ་ཡི།། བདག་གི་འཁོར་ལོ་ཁྱོད་ཀྱིས་གསུངས།། ཁྱོད་ཀྱི་འཁོར་ལོ་ཅི་ལྟར་ལགས།། གཙོ་བོ་བདག ་གིས་སྔར་མ་འཚལ།། བདག་མེད་བཙུམྦ་ན་མཛད་ནུས།། རྡོ་རྗེ་ཐོད་པར་བཙལ་ནས་ནི།། སྟ་ན་དག་ནི་མཉེས་བྱས་ནས།། དཀྱིལ་འཁོར་ཡང་དག་རབ་གསལ་མཛད།། འཁོར་ལོ་ཇི་ལྟར་སྔར་གསུངས་བཞིན། ཞེས་པ ་ལ་འཁོར་ལོ་ནི་དཀྱིལ་འཁོར་ལོ་སྟེ། གྲུ་བཞི་པ་ལ་སྒོ་བཞི་པ།། རྟ་བབས་བཞི་ཡིས་རྣམ་པར་བརྒྱན།། དྲ་བ་དྲི་བ་ཕྱེད་པར་ལྡན།། ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས།། མེ་ཏོག་ཕྲེང་དར་ལྔ་ལྡི་ལྡན། ཞེས་པ་ལ་སོགས ་པ་དྲང་བའི་དོན་ཏོ།། ད་ནི་ངེས་པའི་དོན་གསལ་བར་བྱ་སྟེ། ཇི་སྐད་དུ་རྒྱུད་ནི་རྒྱུད་གཞན་གྱིས་རྟོགས་པར་བྱའོ་ཞེས་པ་དེ་བཞིན་གཤེགས་པའི་ངེས་པ་སྟེ། དཔལ་རྡོ་རྗེ་བདུད་རྩིར་ཡང་གསུངས་པ། བཅོམ ་ལྡན་རྡོ་རྗེ་ཅན་འདི་གསུངས།། རྡོ་རྗེ་བདུད་རྩི་བདེ་བ་ཆེ།། དགའ་ཆེན་ཡང་དག་སྦྱོར་བ་ཡིས།། དེ་ལ་མཱ་མ་ཀཱི་ཡཽས་ཞུས།། གསང་བའི་པདྨ་གྲུ་གསུམ་དུ།། དཀྱིལ་འཁོར་བྲི་ཤྱ་མཱ་མ་ཀཱི། པདྨ་འདབ་མ་བརྒྱད་བྱས་ནས། ་འབྲུ་གསང་བའི་སྤྱོད་ཡུལ་ཏེ།། དེ་ཡི་དབུས་སུ་རིག་མའོ།། ཤེས་རབ་ཐབས་ཀྱི་རང་བཞིན་ལས་ཞེས་སོ།། དཔལ་སཾ་པུ་ཊར་གསུངས་པ་ཡང་། དཀྱིལ་འཁོར་ལུས་ཞེས་གསུངས་པ་སྟེ།། སྒོ་བཞི་ཇི་ལྟར་གསུངས་པ་ཉིད།། ་ལྟེ་བའི་དབུས་སུ་པདྨ་ཆེ།། ཀུན་མཁྱེན་ཡེ་ཤེས་གྲགས་པའོ།། གནས་དེར་གནས་པའི་དཔའ་བོ་ནི།། ཆ་མེད་ཆ་ནི་རྣམ་པར་སྤངས།། ལུས་ཅན་རྣམས་ཀྱི་ལུས་ལ་རོལ།། ལུས་ལས་འདུས་པ་གསལ་བྱེད་མིན། ཞེས་སོ།། ། ་དཔལ་དང་པོའི་སངས་རྒྱས་སུ་གསུངས་པ་ཡང་། ཐམས་ཅད་ཟླ་བ་ཞུ་མཚུངས་རང་གི་རྡོ་རྗེའི་ཁ་ནས་ཡུམ་གྱི་པདྨར་སྤྲོ་བར་བྱ།། དེ་ནི་ཉི་མ་རབ་ཏུ་ཞུགས་པ་རོ་མཉམ་འགྱུར་ཏེ་ཨ་སོགས་ཀ་སོགས་རབ་ལྡན་པ།། དེ་ཡི་དབུས ་སུ་ཞི་སོགས་ལས་ཀྱི་ཡེ་ཤེས་ས་བོན་དུ་འགྱུར་རིགས་ཀྱི་དབང་གིས་སོ།། དེ་ཡིས་རྫོགས་པའི་ལྷ་མོ་འམ་ནི་ལྷ་ཡང་རྣལ་འབྱོར་པ་ལ་འབྲས་བུ་སྟེར་བར་འགྱུར།། གསུངས་པ་ཡང་། བྱང་ཆུབ་སྤྱོད་དང་དེ་བཞིན་སའི།། ཡེ་ཤེས་དང། ་པ་ཟག་པ་མེད།། དེ་ནི་དཀྱིལ་འཁོར་དབུས་སུ་གནས།། རང་གི་མཚན་མར་དེ་བལྟ་བྱ།། ཞེས་སོ།། དེ་ནས་རྣམ་པ་ལྷས་མངོན་པར་བྱང་ཆུབ་པ་ལས་རྫོགས་པའི་བཅོམ་ལྡན་འདས། ཞལ་བརྒྱད་པ་ལ་ཞུབ ་བཞི་པ།། ཕྱག་ནི་བཅུ་དྲུག་རྣམས་ཀྱིས་བརྒྱན།། བདུད་བཞི་མཉམ་པར་མནན་པ་སྟེ།། འཇིགས་པ་ཡང་ནི་འཇིགས་པར་མཛད།། མགོ་བོའི་ཕྲེང་བའི་དོ་ཤུལ་བརྒྱན།། ཉི་མར་བཞུགས་ཤིང་གར་སྟབས་ལྡན།། སྣ་ཚོགས་རྡོ ་རྗེ་སྤྱི་བོར་འཛིན།། ཁ་དོག་ནག་པོ་འཇིགས་པ་པོ།། ཉིད་ཀྱི་ཞལ་ནས་ཧཱུཾ་ཡིག་སྒོ།། ཐལ་བས་ལུས་ལ་བྱུགས་པ་ཉིད།། དགའ་བས་གཉིས་གཉིས་སྙོམས་འཇུག་པ།། བདག་མེད་མ་དང་ལྷན་ཅིག་སྦྱོར།། རྦ་རླབས་མེད ་པའི་བདེ་བ་ཐོབ།། རྦ་རླབས་མེད་པའི་རང་བཞིན་ཅན།། རྩུ་བའི་ཞལ་ནི་ནག་པོ་ཆེ།། གཡས་པ་ཀུནྟ་ད་ལྟ་བུ་སྟེ།། གཡོན་པ་དམར་པོ་ཆེར་འཇིགས་པ།། སྟེང་གི་ཞལ་ནི་གཙིགས་པ་པོ།། སྤྱན་ནོ་ཉི་ཤུ་རྩ་བཞིས་ཕྱུག ་ལྷག་མའི་ཞལ་ནི་བུང་པ་བཞིན།། གླང་པོ་རྟ་བོང་གླང་རྔ་མོ།། མི་དང་ཤྭ་ར་བྷ་བྱི་ལ།། གཡས་པའི་ཐོད་པ་བརྒྱད་རྣམས་ལ།། གཉིས་འཐུང་ལ་སོགས་རིམ་ཤེས་བྱ།། ས་དང་ཆུ་དང་རླུང་དང་ནོ།། མེ་དང་ཟླ་བ་ཉི་མ་ཉིད།། ་མཐར་བྱེད་དང་ནི་ནོར་སྦྱིན་ཉིད།། གཡོན་པའི་ཐོད་པ་བརྒྱད་ལའོ།། སྒེག་པ་དཔའ་བ་མི་སྡུག་པ།། དྲག་ཤུལ་རྒོད་པ་འཇིགས་སུ་རུང་།། སྙིང་རྗེ་རྗེ་པ་ཞི་བ་ཡིས།། གར་དགུའི་ཉམས་དང་ལྡན་པའོ།། ལྷ་མོ་ཞལ་གཅིག ་ཕྱག་གཉིས་མ།། ནག་མོ་དབུ་སྐྱེས་དམར་སེར་ཅན།། གྲི་གུག་ཐོད་པ་ཁ་ཊྭཱཾ་འཛིན།། སྟག་གི་པགས་པས་རྐེང་པར་དཀྲིས།། དང་པོའི་སྐྱེས་བུ་བསྒོམ་བྱས་ནས།། མཁའ་འགྲོ་མ་ཡི་འཁོར་ལོ་སྤྲོ།། དེ་བཞིན་གཤེགས་པའི ་ཐིག་ལེ་དེ།། ས་བོན་བརྒྱད་པོ་རྣམས་སུ་འགྱུར།། གཾ་ཙ་བཾ་གྷཾ་པཾ་ཤཾ་ལཾ་ཌཾ། ས་བོན་རྣམས་ཀྱི་སྤྲོ་བར་བྱ།། དབང་དཀར་གཤིན་རྗེར་ཆོམ་རྐུན་མ།། ལུས་ངན་དུ་ནི་གྷསྨ་རཱི།། དབང་ལྡན་དུ་ནི་པུཀྐ་སཱི།། བྱིན་ཟའི་མཚམས་སུ་རི ་ཁྲོད་མ།། བདེན་བྲལ་མཚམས་སུ་གཏུམ་མོ་གནས།། རླུང་གི་མཚམས་སུ་གཡུང་མོ་ཉིད།། ལྷ་མོའི་འཁོར་ལོ་ཡང་དག་ལྡན།། དེ་ནས་པདྨ་དང་རྡོ་རྗེ་བྱིན་གྱིས་བརླབ་པར་བྱ་སྟེ། ཨོཾ་པདྨ་སུ་ཁཱ་དྷཱ་རཱ་མ་ཧཱ་རཱ་སུ་ཁཾ་དང་། ཙ་ཏུ་རཱ་ནནྡ ་བྷ་ག་བི་ཤྭ་ཧཱུཾ་ཧཱུཾ་ཀུརྦཾ་ཀུ་རུ་ཥཱ་མེ། ཨོཾ་བཛྲ་མཧཱ་དྭེ་ཥ་ཙ་ཏུ་རཱ་ནནྡ་དཱ་ཡ་ཀ་ཁ་ག་མུ་ཁེ་ཀ་རཱ་སོ་ནཱ་ཐ་ཧཱུཾ་ཧཱུཾ་ཀྵརྱཾ་ཀུ་རུ་ཥཱ་མེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ&ཧཾ། ཧོཿཡིག་གཉིས་ཀྱི་དབུས་སུ་གནས་པའི ་སྐུ་དང་གསུང་དང་ཐུགས་ཀྱི་ཡི་གེ་འདི་ནི་དྲི་ཟའི་སེམས་ཅན་དུ་བཤད་དེ། ལྷ་མོའི་མཚོ་སྐྱེས་སུ་བསམ་པར་བྱའོ།། དྲི་ཟ་ཡང་དག་བཞུགས་པ་ན།། ཞུ་བར་གྱུར་པ་དྲན་པར་བྱ།། དེ་ལས་མཚམས་ཀྱི་ལྷ་མོ་ཡིས།། བསྐུལ ་བའི་གླུ་ཡིས་སྐུལ་བར་བྱེད་ཅེས་པ་དྲང་བའི་དོན་ཏོ།། ད་ནི་ངེས་པའི་དོན་གསལ་བར་བྱ་སྟེ། དཔལ་དྲི་མ་དང་བྲལ་བའི་འོད་དུ་གསུངས་པ། ཡང་དེ་ལྟར་སྐུ་དང་གསུང་དང་། ཐུགས་ལས་ཡང་དག་པར་བྱུང་བ་འོག་དང་སྟེང ་དུ་ཤེས་རབ་ཀྱི་འོད་ཟེར་རྣམས་ཀྱིས་ཞུ་བ་སྟེ། ཤེས་རབ་ཆགས་པས་ཞུ་བ་ཞེས་པ་ལ་ཤེས་རབ་ནི་གཏུམ་མོ་སྟེ། དེས་ཞུ་བའོ།། འདིར་བསྐུལ་བ་རྣམ་པ་གཉིས་ཏེ། གཅིག་ནི་སྲོག་རྫོགས ་པའི་ཆེད་དུ་ཡིན་ལ་གཉིས་པ་ནི་ལོ་བཅུ་དྲུག་མཚམས་སུ་བདེ་བ་འགྲུབ་པའི་ཆེད་དུའོ།། དེས་ན་རྡོ་རྗེ་ཅན་ཡང་རི་བོང་འཛིན་པ་ཞུ་བ་བཞིན་བལྟས་ནས་ཡང་ཡིག་ལས་དེ་ལྟར་ཞི་བའི་བདེ་བའི་འབྲས་བུ་སྟེར་བ ་ལྟེ་བ་དང་གསང་བ་ལ་སོགས་པའི་པདྨར་རྣམ་པར་ཤེས་པ་བརྒྱལ་བ་རབ་ཏུ་སད་པར་བྱེད་དོ།། ཞེས་པའི་ངེས་པའི་དོན་ཏོ།། དཔལ་མཚན་ཡང་དག་པར་བརྗོད་པར་ཡང་གསུངས་པ་ཡང་། སྒྲིབ་པ་ཀུན་ལས ་ངེས་པར་གྲོལ།། མཁའ་ལྟར་མཉམ་པ་ཉིད་ལ་གནས།། ཉོན་མོངས་དྲི་མ་ཀུན་ལས་འདས།། དུས་གསུམ་དུས་མེད་རྟོགས་པ་པོ་ཞེས་སོ།། དཔལ་མཚོ་སྐྱེས་རྡོ་རྗེའི་ཞབས་ཀྱིས་ཀྱང་གསུངས་པ། གང ་ཞིག་ཟླ་ཉི་སྦྱར་སར་གནས་ས་བོན།། གཉིས་ལས་སྐྱེས་པའི་གཙོ་བོ་རིག་མར་བཅས།། ཉིད་ཀྱི་སྦྱོར་བས་འཇིག་རྟེན་གསུམ་པོ་ནི།། རྒྱལ་བའི་དཀྱིལ་འཁོར་རྣམ་པ་འདི་སྤྲུལ་ནས།། འདི་ཀུན་མ་ལུས་པ་དང་རིག ་མ་ཡང་།། བདག་ལ་བསྡུས་ནས་བདེ་བ་དམ་པ་སྩོལ།། ཤེས་རབ་ཆགས་རོ་བདུད་རྩི་གཉུག་མོ་ཡི།། གནས་སུ་ཐིམ་པ་དེ་ལ་ཕྱག་འཚལ་ལོ།། སྟོང་པ་དངོས་པོ་རྣམ་པར་དམན་པ་འགྲོ་འདི་མཐའ་དག ་དངོས་པོའི་ངོ་བོའི་རང་བཞིན་ཏེ།། སྟོང་ཕྱིར་སངས་རྒྱས་བྱང་ཆུབ་མེད་ལ་གཞན་ཕན་ཐུགས་རྗེས་མཚན་མེད་དམ་བཅའ་འང་མེད།། དེ་ལྟར་མཐའ་དགུ་ཤེས་ནས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དེ་ཡང་ངེས་པར་དཀྱིལ་འཁོར ་གྱི།། དབང་པོ་དཔག་མེད་ཡོན་ཏན་ཅན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དཀྱིལ་འཁོར་དུ་བསམ་བྱ།། གནས་དེ་ལས་སྟེང་དུ་གཤེགས་པའི་དོན་དུ་རྒྱུ་མཐུན་པའི་བདེ་བ་ལ་པུཀྐ་སཱི་ལ་སོགས་པ་རྣམས་ཀྱིས ་རྡོ་རྗེའི་གླུ་རྣམས་ཀྱིས་བསྐུལ་བར་མཛད་དོ།། དེ་ལས་ལྟེ་བར་རྒྱུ་མཐུན་པ་ཉིད་དུ་པུཀྐ་སཱིས་རབ་ཏུ་སད་པར་མཛད་དོ།། སྙིང་གར་རི་ཁྲོད་མ་རྣམ་པར་སྨིན་པའི་དོན་དུའོ།། མགྲིན་པར་གཏུམ་མོ་སྐྱེས་པའི་བྱེད་པའི་དོན་དུའོ།། ་མགོ་བོར་གཡུང་མོས་དྲི་མ་མེད་པ་ཉིད་ཀྱི་དོན་དུའོ།། འདི་ལྟ་བུ་ལ་སོགས་པ་རྣམས་ཀྱིས་བཞེངས་སུ་འཇུག་པར་བྱེད་དོ་ཞེས་པའོ།། དཔལ་ཐམས་ཅད་མཁྱེན་པ་འཇིགས་བྱེད་ཀྱི་རྒྱུད་དུ་གསུངས་པ་ཡང་། ནམ་མཁའ ་ལྟ་བུར་དམིགས་བྱས་ནས།། གླུ་འདི་ཡིས་ནི་སྐུལ་གྱུར་པ།། སྐྱེས་པ་མེད་པའི་རང་བཞིན་ཡང་།། དང་པོའི་སངས་རྒྱས་ན་མཁའ་མཚུངས་ཞེས་སོ།། དེ་ལྟར་རྟོག་པའི་དཀྱིལ་འཁོར་དུ་རྣལ་འབྱོར་མ་རྣམས་ཀྱིས ་གླུས་བཞེངས་སུ་འཇུག་པར་མཛད་དོ་ཞེས་པ་ངེས་པའི་དོན་ཏོ།། གསུངས་པ་ཡང་། ལྷ་མོ་རྣམས་ཀྱིས་གླུ་མཛད་བཅོམ་ལྡན་ཁྱོད་ནི་སེམས་ཅན་ཀུན་ལ་ཕན་པར་མཛད་པ་པོ།། བདག་ཅག་བསྲུངས་ཤིག་ལྷ་མིའི ་བླ་མ་རྡོ་རྗེ་ཅན་འདོད་དོན་གཉེར་རྣམས་ལ་འདོད་པ་མཛད་ཅེས་སོ།། རྗེ་བཙུན་སྙིང་རྗེའི་ཡིད་བཞེངས་ཤིང་།། པུཀྐ་སཱི་ནི་བདག་ལ་སྐྱོབས།། སྟོང་པའི་ཏིང་འཛིན་ཉིད་སྤོངས་ལ།། བདག་ལ་བདེ་ཆེན ་སྦྱོར་བཞེད་མཛོད།། ཁྱོད་མེད་ན་ནི་བདག་འགུམ་པས།། ཀྱེ་ཡི་རྡོ་རྗེ་ཁྱོད་བཞེངས་ཤིག། སྟོང་པའི་རང་བཞིན་ཉིད་སྤོངས་ལ།། རི་ཁྲོད་མ་འབྲས་གྲུབ་པར་མཛོད།། དགའ་གཙོ་འཇིག་རྟེན་མགྲོན་གཉེར་ནུས།། སྟོང་པ ་ཉིད་ལ་བཞུགས་སམ་ཅི།། ཁྱོད་མེད་ཕྱོགས་ནི་མི་འཚལ་བས།། གདོལ་པ་མོ་བདག་ཞུ་བ་བགྱིད།། བདག་གིས་ཁྱོད་ཀྱི་ཐུགས་འཚལ་གྱིས།། མིག་འཕྲུལ་མངའ་བ་ཁྱོད་བཞེངས་ཤིག། གཡུང་མོ་བདག་ཡིད ་ཆད་པར་འགྱུར།། སྙིང་རྗེ་རྒྱུན་ཆད་མ་མཛད་ཅིག། ད་ནི་ལྷ་བཞེངས་པ་བརྗོད་པར་བྱ་སྟེ། འདིར་བཅོམ་ལྡན་འདས་སྟོང་པ་ཉིད་ལ་རབ་ཏུ་བཞུགས་པ་ལ། གླུ་རྣམས་ཀྱིས་རབ་ཏུ་སད་པར་གྱུར་པ་ནི་ཕུང་པོ་དང་། ཁམས ་དང་། སྐྱེ་མཆེད་ལ་སོགས་པ་ཐམས་ཅད་དང་། འགྲོ་བ་མཐའ་དག་སྒྱུ་མ་ལྟ་བུར་གཟིགས་ནས་སེམས་ཅན་གྱི་དོན་གྱི་ཆེད་དུ་སླར་ཡང་སྐྱེ་བར་མཛད་དོ།། དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྣམ་པ་ཐམས ་ཅད་མཁྱེན་པ་ཉིད་ཀྱི་ལེའུར་གསུངས་པ་ཡང་། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་མ་ལགས་ཏེ། བཅོམ་ལྡན་འདས་སྒྱུ་མ་དེ་གཞན་ལ་གཟུགས་ཏེ་གཞན་པ་མ་ལགས་ཏེ། བཅོམ་ལྡན་འདས ་གཟུགས་ཁོ་ན་སྒྱུ་མའོ།། སྒྱུ་མ་ཁོ་ན་གཟུགས་ལགས་སོ།། བཅོམ་ལྡན་འདས་སྒྱུ་མ་དེ་གཞན་ལ་ཚོར་བ་དེ་ཡང་གཞན། འདུ་ཤེས་དེ་ཡང་གཞན། འདུ་བྱེད་རྣམས་ཀྱང་གཞན་མ་ལགས་ཀྱི། བཅོམ་ལྡན་འདས་དེ ་ལྟར་སྒྱུ་མ་ཁོ་ན་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་སོ་ཞེས་པ་ལ་སོགས་པའོ།། དཔལ་དང་པོའི་སངས་རྒྱས་སུ་ཡང་གསུངས་པ། རྡོ་རྗེ་ཅན་དེས་གླུ་རྣམས་གསན་ནས་སྲིད་པ་གསུམ་པོ་མཐའ་དག་མིག ་འཕྲུལ་ལྟ་བུར་ནི། གཟིགས་ནས་བསྐྱེད་པ་མཛད་དེ་དྲི་མེད་འོད་ཟེར་འཕྲོ་བ་རང་གི་མཚན་མ་སྤྲོ་བྱས་ནས།། རྡོ་རྗེའི་རྒྱན་ལྡན་རྒྱལ་བའི་བདག་པོའི་ཅོད་པན་ཅན་ནི་ཤེས་རབ་མ་ཡིས་འཁྱུད་པ་ཡང་།། ཤེས་རབ་ཐབས ་ཀྱིས་རྒྱལ་པོ་སླར་ཡང་དཀྱིལ་འཁོར་མ་ལུས་པ་ནི་རབ་ཏུ་སྤྲོ་བ་ཡང་།། སླར་ཡང་དེ་ཉིད་དུ་གསུངས་པ། རྟག་དང་མི་རྟག་མཐོང་སྟེ་དེ་ལྟ་ན་ཡང་བླུན་པོའི་བློ་ཅན་སེམས་ནི་ངག་དོན་ཆད།། སྒྲུབ་ཐབས་བརྗོད་པར་བྱ་སྟེ ་སྙིང་པོར་གྱུར་པ་འགའ་ཡང་འདིར་ནི་བསྒྲུབ་པར་བྱ་བ་མེད།། གང་ཞིག་བསྒྲུབ་བྱ་སྒྲུབ་པ་པོ་དེ་འཁྲུལ་ཞེས་རྡོ་རྗེ་ཅན་གྱི་སྒྲུབ་ཐབས་མཐའ་དག་གང་།། དེ་ཕྱིར་རྒྱལ་པོ་རང་སེམས་དྲི་མ་རྣམ་པར་བྲལ་བ་དཀྱིལ་འཁོར་དབང ་པོར་རབ་ཏུ་བྱ་ཞེས་སོ།། ཨོཾ་ཧཱུཾ་དག་ལས་རྡོ་རྗེ་ཆེ།། ཞུ་བའི་གཟུགས་ལས་བཞིངས་པ་ནི།། ཁ་དོག་ནག་པོ་དྲག་ཆེན་པོ།། སྤྱན་གསུམ་པ་དབུ་སྐྲ་དམར་སེར་གྱེན་དུ་འབར་བའི་སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་པ། དཔྲལ ་བའི་སྟེང་དུ་མགོ་བོ་ལྔའི་ཕྲེང་བས་རྣམ་པར་བརྒྱན་པ་སྨིན་མ་འཁྱོག་པོ་དང་བཅས་པའི་ཁྲོ་གཉེར་ཅན་ལ་ཞལ་གཙིགས་པ། ཞལ་དང་པོ་ནག་པོ་གཡས་པ་དཀར་བ་གཡོན་པ་དམར་བ། སླར་ཡང་གཡོན ་གྱི་ཞལ་གཉིས་གནག་པ། དེ་བཞིན་དུ་གཡས་ཀྱི་ཞལ་གཉིས་ནག་པོ་སྟེང་གི་ཞལ་དུ་བའི་མདོག་ཅན་རྣམ་པར་འགྱུར་བ། ཞལ་རྣམས་ཐམས་ཅད་མཆེ་བ་གཙིགས་ཞིང་སྤྱན་གསུམ་པ་ཅན། ཕྱག་གཡས་པ་བརྒྱད་རྣམས ་སུ་པདྨའི་སྣོད་བརྒྱད་དུ་རིམ་པ་ཇི་ལྟ་བར་གླང་པོ་ཆེ་དང་། རྟ་དང་བོང་བུ་དང་། བ་ལང་དང་རྔ་མོ་དང་། མི་དང་བྱི་ལ་སྟེ། དེ་བཞིན་དུ་གཡོན་གྱི་ཐོད་པ་བརྒྱད་རྣམས་སུ། སའི་ལྷ་དང་། ཆུ་དང་། རླུང་དང་། མོའི་ལྷ་དང་། ཟླ་བ་དང་། ཉི་མ ་དང་། གཤིན་རྗེ་དང་། ནོར་ཅན་སྦྱིན་ཕྱག་རྒྱ་དྲུག་དང་ལྡན་པ་མགོ་བོ་རློན་པའི་ཕྲེང་བས་སྐུ་ལ་བརྒྱན་པ། གཙུར་བུ་གཡས་བརྐྱང་བའི་སྟབས་ཀྱིས་ཞབས་ཀྱིས་བཞུགས་པ་ཕུང་པོ་དང་། ཉོན་མོངས་པ་དང་། འཆི་བདག་དང་། ལྷའི ་བུའི་བདུད་བཞི་མནན་པ། ཉི་མིའི་དཀྱིལ་འཁོར་ལ་གར་སྟབས་ཀྱི་ཚུལ་གྱིས་བཞུགས་པར་བསམ་པར་བྱའོ།། བདག་མེད་མོ་ནག་མོ་ཕྱག་གཉིས་མ། གྲི་གུག་དང་ཐོད་པ་དང་བཅས་པའི་གཡས་པ་དང་ཅིག་ཤོས་ཀྱི་ཕྱག ་ངག་གིས་བཅོམ་ལྡན་འདས་ལ་སྙོམས་པར་ཞུགས་པ་གཅེར་བུ་ཕྱག་རྒྱ་ལྔ་དང་ལྡན་པ། སྤྱན་གསུམ་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། མགོ་བོའི་ཕྲེང་བས་མགོ་བོར་རྣམ་པར་བརྒྱན་པ། མི་མགོ་སྐམ་པོའི ་ཕྲེང་བས་སྐུ་ལ་བརྒྱན་པ། གཡས་བརྐྱང་བའི་ཟླ་བའི་ཞབས་སྟབས་ཀྱིས་མཆོག་ཏུ་བདེ་བ་ཆེན་པོས་བཅོམ་ལྡན་འདས་ལ་སྙོམས་པར་ཞུགས་པའི་བཅོམ་ལྡན་འདས་མ་བསྒོམ་པར་བྱའོ།། དེ་ལ་ཤར་གྱི་སྒོར ་ཡིག་ལས་བྱུང་བའི་གཽ་རཱི་ཁ་དོག་ནག་མོ་ཕྱག་གཡས་པར་གྲི་གུག་དང་། གཡོན་པར་ཉ་རོ་ཧི་ཏ་ཅན། ཚངས་པ་མནམ་པ། གཟུགས་ཀྱི་ཕུང་པོའི་རང་བཞིན་སྤྲོ་བར་བྱའོ།། ལྷོའི་སྒོར་ཙཾ་ཡིག་ལས་སྐྱེས་པའི་ཆོམ་རྐུན་མ་བཅོད་ཀྱི་ཁ་དོག ་ཅན་ཕྱག་གཡས་པ་ན་ཅང་ཏེའུ་དང་། གཽཡོན་པ་ན་ཕག་པ་ཅན་དབང་པོ་ལ་ཆིབས་པ། ཚོར་བའི་ཕུང་པོའི་རང་བཞིན་སྤྲོ་བར་བྱའོ།། ནུབ་ཀྱི་སྒོར་བཾ་ཡིག་ལས་སྐྱེས་པའི་རོ་ལངས་མ་གསེར་བཙོ་མོ་ལྟ་བུ་ཕྱག་གཡས་པ་རུ་སྦྲུལ་དང་། ་གཡོན་པ་ན་ཆུ་སྐྱེས་ཀྱི་སྣོད་ཅན་ཉེ་དབང་མནན་པ། འདུ་ཤེས་ཀྱི་ཕུང་པོའི་རང་བཞིན་བསམ་པར་བྱའོ།། བྱང་གི་སྒོར་གྷཾ་ཡིག་ལས་སྐྱེས་པའི་ཟ་ནུས་མ། མཱཾརྐ་ཏའི་མདོག་ཅན་ཕྱག་གཡས་པ་ན་སྦྲུལ་དོང་། གཡོན་པ་ན་ཐོད་པ་ཅན ་དྲག་པོ་ལ་ཆིབས་པ། འདུ་བྱེད་ཀྱི་ཕུང་པོའི་རང་བཞིན་བལྟ་བར་བྱའོ།། དབང་ལྡན་གྱི་མཚམས་སུ་པུཀྐ་སཱི་པཾ་ཡིག་ལས་སྐྱེས་པ་སྔོན་མོ། ཕྱག་གཡས་པ་ན་སེང་གེ་དང་གཡོན་པ་ན་དགྲ་སྟ་དང་། གཤིན་རྗེ་མནམ་པ། སའི་ཁམས ་ཀྱི་རང་བཞིན་རྣམ་པར་བསམ་པར་བྱའོ།། མེའི་མཚམས་སུ་ཤཾ་ཡིག་ལས་སྐྱེས་པའི་རི་ཁྲོད་མ་དཀར་མོ། གཡས་པ་ན་དགེ་སློང་དང་། གཡོན་པ་ན་མཁར་སིལ་ཅན། ནོར་གྱི་འདྲེན་པ་ལ་གནས་པ། ཆུའི་ཁམས་ཀྱི་རང་བཞིན ་དགོད་པར་བྱའོ།། བདེན་བྲལ་གྱི་མཚམས་སུ་གཏུམ་མོ་ན་མཁའི་མདོག་ཅན། ཙཾ་ཡིག་ལས་སྐྱེས་པ་གཡས་པ་ན་འཁོར་ལོ་འཛིན་པ། ཕྱག་གཡོན་པ་ན་ཐོང་ཤོལ་ཅན། སྲིན་པོ་མནན་པ། མེའི་ཁམས་ཀྱི ་རང་བཞིན་ཅན་བསྒོམ་པར་བྱའོ།། རླུང་གི་ཕྱོགས་སུ་ཌཾ་ཡིག་ལས་སྐྱེས་པའི་གཡུང་མོ་ཁྲ་བོའི་མདོག་ཅན་ཕྱག་གཡོས་པ་ན་རྡོ་རྗེ་དང་། གཡོན་པ་སྡིགས་མཛུབ་ཅན། ཐག་བཟངས་རིགས་ལ་གནས་པ། རླུང་གི་ཁམས་ཀྱི་རང་བཞིན ་ཅན་བསྒོམ་པར་བྱའོ།། འདི་རྣམས་ཐམས་ཅད་སྤྱན་གསུམ་པ། ཞལ་མཆེ་བྱ་གཙིགས་པ་ཅན། དབུ་སྐྲ་དམོར་སེར་གྱེན་དུ་བརྫེས་པ། གཅེར་བུ་ཕྱག་རྒྱ་ལྔ་དང་ལྡན་པ། སྐྱིལ་ཀྲུང་ཕྱེད་པའི་གུར་གྱིས་བཞུགས་པ། བྱང་ཆུབ་ཀྱི་སྤྲོས ་པ་ལས་ཡང་དག་པར་བྱུང་བ་བསྒོམ་པར་བྱའོ་ཞེས་པ་ལ་སོགས་པ་དྲང་བའི་དོན་ཏོ།། ད་ནི་ངེས་པའི་དོན་གསལ་བར་བྱ་སྟེ། གསུངས་པ་ཡང་། འདི་ལྟར་ལྷན་ཅིག་སྐྱེས་པོ་གཅིག་པུ་དེ་ཁོ་ན་ཆོས་དང་ལོངས་སྤྱོད་རྫོགས་པ་དང་། སྤྲུལ ་པ་སྟེ། རྣམ་པ་བཞིའོ་ཞེས་སོ།། དཔལ་དང་པོའི་སངས་རྒྱས་སུ་གསུངས་པ་ཡང་། ཤེས་རབ་མ་ཡིན་ཐབས་ཀྱང་མིན་འདི་ལྷན་ཅིག་སྐྱེས་པའི་སྐུ་སྟེ་ཆོས་ཀྱི་སྐུར་གྱུར་པ། ཤེས་རབ་ཐབས་ཀྱི་རང་བཞིན་ངེས་པར་མུན་པ་དང ་བྲལ་ཡེ་ཤེས་རྣམ་ཤེས་དབྱེ་བ་ལས།། འདི་ནི་ལོངས་སྤྱོད་རྫོགས་སྐུ་སྒྲ་བརྙན་ལྟ་བུ་སེམས་ཅན་དུ་མའི་དོན་ནི་བྱེད་པ་པོ།། སེམས་ཅན་རྣམ་སྨན་ཆད་དུ་སླར་ཡང་འདི་ནི་སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུ་རུ་འགྱུར།། རྡོ་རྗེ ་སེམས་དཔའ་གཅིག་འདི་དུས་མཐའི་སྤྲིན་དང་མཚུངས་ཧེ་རུ་ཀར་ནི་བྱུང་བར་འགྱུར།། གདུག་པ་རྣམ་སྦྱིན་དོན་ཏེ་དེ་ཡང་དམ་ཚིག་རྒྱལ་བ་རྨོངས་པ་རྣམས་ནི་བདེ་བའི་དོན།། རིན་ཆེན་དབང་པོ་སྡུག་བསྔལ་ལྡན་པའི་དེ་ཡང་པད་འཛིན ་ཆགས་ཅན་རྣམས་ཀྱི་ཆགས་པའི་སླད།། བགེགས་རྣམས་གཞོམ་པའི་དོན་དུ་ཕྱག་གི་པདྨ་རལ་གྲི་དོན་ཡོད་གྲུབ་པ་འབྱུང་བར་འགྱུར།། སེམས་ཅན་རྣམས་ནི་སྨིན་པའི་སླད་དུ་སྐུ་གསུང་ཐུགས་ཀྱི་དབྱེ་བ་རྣམས་ཀྱི་དུས་ཀུན་ཏུ། ་ངེས་པར་རྡོ་རྗེ་ཅན་གྱི་བཞུགས་པ་རྣམ་གསུམ་ཕྱི་དང་ནང་དང་གཞན་དུའང་རབ་ཏུ་འགྱུར།། ཕྱི་རོལ་སྣ་ཚོགས་ཕྱོགས་སུ་འགྱུར་ཏེ་མཆོག་གི་ལུས་ལ་སྲོག་གི་རླུང་ནི་རབ་ཏུ་རྒྱུ་བའོ།། ཁྱབ་བདག་གི་གང་ས་སོགས་དཀྱིལ་འཁོར་ལ ་རབ་གྱུར་ཏེ་རྡོ་རྗེ་བཙུན་མོའི་བྷ་གཱ་ལ།། གཅིག་པུ་རྡོ་རྗེ་ཅན་ནི་དབྱེ་བ་གསུམ་སྟེ་ཡུལ་དང་ཡུལ་ཅན་ཁམས་རྣམས་ཀྱིས་ཀྱང་བསྐོར།། དུས་གསུམ་གནས་གསུམ་དུ་བཞུགས་སྲིད་པ་གསུམ་དུ་གནས་པའང་སེམས་ཅན་དུ་མའི ་དོན་དུའོ།། དེ་ལྟར་ངེས་པ་སྐུ་ཡི་རྡོ་རྗེ་མཆོག་གིས་ཡོན་ཏན་རྣམ་མང་དཀྱིལ་འཁོར་རྣམ་པར་གསུངས།། གསུང་གི་རྡོ་རྗེའང་ཨུ་སོགས་ཀ་སོགས་ལྷའི་རྣམ་ཉིད་མཐའ་དགུ་རྒྱལ་བའི་རིགས་རྣམས་ཀྱིས།། སྟོང་པ་དྲུག་གིས་ཐུགས། ་ཀྱི་རྡོ་རྗེ་རྣམ་གསུམ་སྲིད་པ་ལ་གནས་གཙོ་བོའི་རྣམ་པ་གཅིག། དེ་བཞིན་ཡེ་ཤེས་རྡོ་རྗེ་སྲིད་པའི་འཇིགས་པ་འཇོམས་པ་སྣ་ཚོགས་ཡུམ་གྱི་རང་བཞིན་ནོ།། ཞེས་པ་ལ་སོགས་པའོ།། ཧཱུཾ་གི་ཡེ་ཤེས་རྗེས་སུ་བསམ་པར་བྱ ་ཞིང་། དམ་ཚིག་གི་འཁོར་ལོ་ལ་ཡེ་ཤེས་ཀྱི་འཁོར་ལོ་ཆེར་འབར་བ་མྱུར་དུ་གཞུག་པར་བྱའོ་ཞེས་པ་འདིའི་དོན་ནི་དཔལ་དྲི་མ་མེད་པའི་འོད་དུ་གསུངས་པ་ཡང་། འདིར་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ལ ་དམ་ཚིག་གི་དཀྱིལ་འཁོར་རྫོགས་པར་བྱས་ནས། དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་དང་། གཞུག་པ་དང་བཅིང་བ་དང་། མཉེས་པ་དང་རོ་མཉམ་པར་བྱེད་པ་ཞེས་པ་ལ་ལང་ཚོ་ཅན་མ་དང་། རབ་ཏུ་འགྲོགས་པ་ལ་ཡེ་ཤེས ་སེམས་དཔའ་ནི་ཁུ་བ་སྟེ་དགོངས་པའི་སྐད་གཞན་གྱིས་སོ།། དེ་དགུག་པ་ནི་སྲོག་ལ་སོགས་པའི་རླུང་གི་ཚོགས་ཀྱིས་བྱེད་དེ། སྟེང་དུ་སྤྱི་བོར་བྱང་ཆུབ་ཀྱི་སེམས་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་པའི་དོན་ཏོ།། དེ་ཞུ་བར་བྱས་ནས ་ཁུ་བ་ཐིག་ལེའི་གཟུགས་མགྲིན་པ་དང་། སྙིང་ག་དང་ལྟེ་བ་དང་། གསང་བའི་པདྨ་ལ་རབ་ཏུ་འཇུག་པར་བྱེད་དོ།། སའི་ཁམས་ནི་ཐིག་ལེའི་གཟུགས་དེའི་བཅིང་བ་བྱེད་དོ་ཞེས་པ་མཆོག་གི་བདེ་བའི་དབང་གིས་ཤིན་ཏུ་མགྱོགས ་པས་འོངས་པ་འགྲོར་མི་སྟེར་བའོ།། ཆུའི་ཁམས་ཀྱི་ཐིག་ལེ་ཞུ་བ་དང་གསང་བའི་པདྨ་དང་། རྡོ་རྗེ་ནོར་བུར་གནས་པ་ནི་གཡོ་བ་ཞེས་བརྗོད་ཅིང་། མི་འཕོ་བའི་བདེ་བའི་དབང་གིས་མཉེས་པ་སྟེ་ལུས་ལ་བསིལ་བ་ཉིད་དུ་བྱེད་དོ།། ་དཔལ་དང་པོའི་སངས་རྒྱས་སུ་གསུངས་པ་ཡང་། ཤེས་རབ་ཆོས་འབྱུང་ལ་གནས་མཐའ་དག་སླར་ཡང་སྤྲོ་བ་བྱས་ཏེ་ངེས་པར་ཐིག་ལེ་ཡིས།། སྣ་ཚོགས་རྒྱན་དང་ལྡན་ཞིང་མེ་ལོང་ལ་གནས་ལྟ་བུའི་ཡེ་ཤེས་འཁོར ་ལོ་རང་བྱུང་བ།། འདོད་པ་དང་ནི་གཟུགས་དང་གཟུགས་མེད་སྲིད་པ་རྣམ་པ་གསུམ་པོའང་རིམ་པས་སྦྱང་བྱས་ཏེ།། ཕྱི་ནས་ཡེ་ཤེས་མེ་ལྕེས་སྲིད་པ་གསུམ་པོ་མཐའ་དག་དུས་གཅིག་ཏུ་ནི་དགུག་པར་བྱ་ཞེས་པ་ངེས་པའི་དོན ་ཏོ།། དྲང་བའི་དོན་གྱིས་ནི་གོ་སླའོ།། སྐུ་གསུང་དེ་བཞིན་ཐུགས་ལ་ནི།། ཨོཾ་ཨཱཿཧཱུཾ་ཞེས་གསང་སྔགས་ལས།། མཁའ་ལ་སྤྱོད་དང་ས་སྤྱོད་ཉིད།། ས་འོག་གནས་མ་བསམ་པར་བྱ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས།། རྣལ ་འབྱོར་མ་རྣམས་རིགས་གསུམ་བྱུང་། འདིའི་ངེས་པའི་དོན་ནི་དེ་བཞིན་དུ་ཡང་རྒྱུད་གཞན་དུ་གསུངས་ཏེ། མཁའ་ལ་སྟེ་པདྨ་མཁའ་འགྲོའི་དབུས་སུ་མཁའ་སྤྱོད་མ་འཁོར་ལོ་ལ་དགའ་བའི་ངང་ཚུལ་འདི་སྟེ་དེར་གནས་པའི་ལེགས ་པར་སྤྱོད་པ་ནི་མཁའ་སྤྱོད་མའི་འཁོར་ལོར་ཡང་དག་པར་བཤད་དེ། ས་ཞེས་པ་སའི་དབུས་སུ་གནས་པ་སྐྱེ་བ་དང་འཆི་བ་ལྟེ་བའི་པདྨ་རྣམས་ལ་སྟེ། དེར་གནས་པའི་ལེགས་པར་རྣམ་པར་སྤྱོད་པ་ནི་ས་སྤྱོད་མའི་འཁོར་ལོར ་ཡང་དག་པར་བཤད་དོ།། ས་འོག་ཅེས་པ་གང་གསུངས་པ་པདྨར་བྱང་ཆུབ་ཀྱི་སེམས་ལྟུང་བར་བྱེད་ཅིང་ཏཱཾ་ལཾ་སྟྭཾ་ཡིད་ཀྱིས་ཕྱི་རོལ་ཏུ་ནུས་པ་ནི་ས་འོག་ཏུ་གནས་པ་ཞེས་མཚན་མའོ།། མིག་ཏུ་གཱི་ཏི་མུག་རྡོ་རྗེ་ལྀ་སོགས་པ་རིགས ་དྲུག་པ་རྣམས་དགོད་པར་བྱའོ།། གསུངས་པ་ཡང་། རྣམ་པ་སྣ་ཚོགས་པ་དང་། རྣམ་པར་སྨིན་པ་དང་། རྣམ་པར་ཉེད་པ་དང་། མཚན་ཉིད་དང་བྲལ་བ་རྣམས་ཀྱིས་དབང་བསྐུར་བ་དང་། དེ་བཞིན་དུ་མཆོད་པ་དང་། བསྟོད ་པ་དང་། བདུད་རྩི་མྱང་བ་རྣལ་འབྱོར་དང་ལྡན་པའི་རྣལ་འབྱོར་པས་བྱའོ་ཞེས་སོ།། རང་གི་ལག་པ་གཡས་གཡོན་གྱི།། མཐེ་བོ་མིང་མེད་དག་གིས་ནི།། ལྗོངས་སྤྱོད་རྫོགས་པའི་རླབས་གཉིས་སུ།། རྣལ་འབྱོར ་པ་ཡིས་བཙིར་བར་བྱ།། ཕྱི་ནས་ཡེ་ཤེས་སྐྱེ་བར་འགྱུར།། གཞོན་ནུ་མ་ཡཾ་དགའ་བ་བཞིན།། དེ་ལ་ཅི་ཡང་སྐྱེ་འགྱུར་ཏེ།། ལྐུགས་པའི་རྨི་ལམ་ཇི་ལྟ་བའོ།། ཞེས་པ་འདི་ཡིས་རྒྱས་པར་བཤད་པ་གསུངས་ཏེ། རྒྱུད་གཞན་དུ ་གསུངས་པ་ཡང་། གཡས་དང་གཡོན་ཞེས་པ་ནི་གཡས་པ་དང་ཅིག་ཤོས་ཏེ་འདི་དག་གི་ཐ་སྙད་ནི་གཅིག་ཏུ་འདྲེས་པར་གྱུར་པའི་སེམས་རྡོ་རྗེའི་རང་བཞིན་གྱིས་ནི་ཨ་བ་དྷཱུ་ཏཱིའི་ནི་ལག་པའོ།། དེའི་རྒན་པོ་དང་མིང་མེད་དག ་སྟེ་རྐྱང་མ་དང་རོ་མ་དེ་དག་གིས་ཤེས་རབ་དང་ཐབས་འཇུག་བཞིན་པའི་རྣལ་འབྱོར་མ་དག་གིས་ཀུན་རྫོབ་དང་དོན་དམ་པའི་རླབས་གཉིས་ལ་བཙིར་བར་བྱའོ་ཞེས་པ་ལ་བཙིར་བ་ནི་ཁ་སྦྱོར་བ་དང་འཁྱུད་པ་ལ་སོགས་པ་རྣལ་འབྱོར། ་པའི་ལོངས་སྤྱོད་པ་རོ་མཉམ་པར་བྱེད་པ་སྟེ། ལོངས་སྤྱོད་པར་གྱུར་པ་ན་རླབས་གཉིས་ལོངས་སྤྱོད་པའོ།། གཞོན་ནུ་མའི་དགའ་བ་ཞེས་པ་དུས་གཉིས་སྤོངས་པ་ཆགས་པ་དང་བྲལ་བ་ཞེས་པའི་དོན་ཏོ།། ལྐུགས་པའི་རྨི་ལམ་ཞེས ་བདག་ཉིད་ཀྱིས་རང་ཉིད་ཀྱིས་ཤེས་པར་བྱའོ།། ཞེས་པ་ནི་བརྗོད་པར་མི་ནུས་པ་སྟེ། ངག་གི་ལམ་ལས་འདས་པ་ཉིད་ཀྱི་ཕྱིར་རོ།། འདི་ཉིད་དུ་གསུངས་པ་ཡང་། ལྷ་དེའི་སྐད་ཅིག་ཅི་ལྟར་ལགས།། གཙོ་བོ་ཆེན་པོ་བཤད་གསོལ། ་དེ་ལ་ཐོག་མ་དབུས་མཐའ་མེད།། སྲིད་མེད་མྱ་ངན་འདས་པ་མེད།། འདི་ནི་མཆོག་ཏུ་བདེ་ཆེན་ཉིད།། བདག་མེད་གཞན་ཡང་མེད་པའོ་ཞེས་སོ།། དཔལ་ཀྱེའི་རྡོ་རྗེའི་རྒྱུད་ལ་རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྱེལ་དུ་བརྟག ་པ་གཉིས་པར་ཧེ་རུ་ཀ་མངོན་པར་འབྱུང་བ་ཞེས་བྱ་བ་སྟེ། ལེའུ་ལྔ་པའོ།། །། ད་ནི་ཕྱག་རྒྱ་ལྔའི་རྣམ་པར་དག་པ་རབ་ཏུ་རྒྱས་པ་འཆད་ཅིང་། བྲིས་སྐུ་སྒྲུབ་པའི་ལེའུ་གསུངས་པ། ལྷ་མོ་ལ་ནི་དམ་འཁྱུད་ཅིང་།། བོ་ལ་ཐོད་པར ་བཅུག་ནས་ནི་ཞེས་པ་ལ་པོ་ལ་ནི་རྡོ་རྗེའོ།། ཀཾ་བདེ་བ་སྐྱོང་བར་བྱེད་དོ་ཞེས་པས་ཐོད་པ་ཞེས་བརྗོད་པར་བྱའོ།། དཔལ་སཾ་པུ་ཊ་རུ་ཡང་གསུངས་པ། ཆོས་ཀྱི་དབྱིངས་ཀྱི་ལུས་ཅན་རྣམས།། ཐོད་པ་ལ་ནི་སུ་ཞིག་སྨོད།། ཡང ་དག་སྦྱོར་བའི་བདེ་བསྒྲུབས་ནས།། ཕྱག་རྒྱ་ལྔ་ནི་རབ་གསོལ་མཛད།། དཔལ་མཚན་ཡང་དག་པར་བརྗོད་པར་གསུངས་པ་ཡང་། བསམ་པའི་ཁྱད་པར་ཛི་བཞིན་དུ།། སེམས་ཅན་རྣམས་ལ་རབ་གསལ་མཛོད།། ཉོན་མོངས ་མ་ལུས་བསལ་བ་དང་།། མི་ཤེས་མ་ལུས་གཞོམ་སླད་དུའོ་ཞེས་སོ།། བླ་མ་སློབ་དཔོན་འདོད་ལྷ་ལ།། ཕྱག་འཚལ་དོན་དུ་འཁོར་ལོ་འཛིན།། བླ་མ་རྡོ་རྗེ་འཛིན་པ་ལ།། སྤྱོད་ཚིག་མི་ཉན་པ་ཡི་ཆེད།། རྣ་བ་དག་ལ་རྣ་ཆ་འཛིན ་སྔགས་ཀྱི་བཟླས་པ་མགུལ་རྒྱན་ཉིད།། གདུ་བུ་སྲོག་ཆགས་གསོད་པ་སྤངས།། ཕྱག་རྒྱ་བསྟེན་པ་སྐ་རགས་སོ་ཞེས་པ་དྲང་བའི་དོན་ཏོ།། ད་ནི་ངེས་པའི་དོན་གསལ་བར་བྱ་སྟེ། བླ་མ་སློབ་དཔོན་འདོད་ལྷ་ཞེས་པ་ནི་བྱང་ཆུབ ་སེམས་ཀྱི་ཐིག་ལེའོ་དེའི་འདྲུད་པ་ནི་འཕོ་བ་སྟེ། དེའི་དོན་དུ་འཁོར་ལོ་ཅན་འཛིན་པ་སྟེ། འཁོར་ལོ་ཅན་ནི་འཆིང་བའོ་ཞེས་པའི་དོན་ཏོ།། སྨོད་ཚིག་ཞེས་པ་ལ་སྨོས་ཚིག་ནི་ཉམས་པའོ།། དེ་མི་ཉམས་པའི་ཆེད་དུ་རྣ ་པ་དག་ལ་རྣ་ཆ་གཟུང་བར་བྱ་སྟེ། རྣ་ཆ་ཞེས་པ་ནི་རྣ་ཆའི་འཆིང་བའོ།། ཡིད་སྐྱོབ་པར་བྱེད་དོ་ཞེས་པས་ན་སྔགས་ཏེ། བཟླས་པ་ཞེས་པ་འགོག་པའི་ཆེད་དུ། མགུལ་རྒྱན་ཞེས་པ་མགུལ་རྒྱན་འཆིང་བའོ།། གདུ་བུ་སྲོག་ཆགས ་གསོད་པ་སྤངས། ཞེས་པ་སྲོག་ནི་གང་གི་ཕྱིར་སེམས་སུ་འདོད་དེ། དེ་གསོད་པ་མི་བྱའོ་ཞེས་པའི་དོན་ཏོ།། ཕྱག་རྒྱ་ནི་ལས་ཀྱི་ཕྱག་རྒྱ་སྟེ། བསྟེན་པ་ཞེས་པ་བསྟེན་པར་བྱ་བའི་ཆེད་དུ་སྐ་རགས་འཆིང་བའོ།། དེ་ལྟར་ཕྱག་རྒྱ་ལྔའི ་མན་ངག་བླ་མ་བརྒྱུད་པའི་རིམ་པས་ངེས་པའི་དོན་གྱིསྣ་ཤེས་པར་བྱའོ།། དེ་བཞིན་ཡང་དཔལ་དང་པོའི་སངས་རྒྱས་སུ་གསུངས་པ། མེ་ནི་དངུལ་ཆུའི་དགྲ་ཉིད་མེད་དང་རྣམ་པར་བྲལ་ན་ནམ་ཡང་དངུལ་ཆུ་འཚང་བ་མེད།། མ ་བཅིངས་གསེར་བྱེད་མེད་དེ་གསེར་དང་བྲལ་ན་སྨྲ་བོ་ཉིད་ལ་ལོངས་སྤྱོད་མེད་པ་ཉིད།། དེ་བཞིན་བུད་མེད་སྦྱོར་བ་བྲལ་ན་རྟག་ཏུ་རྣལ་འབྱོར་པ་རྣམས་སེམས་ནི་འཆིང་མི་འགྱུར།། བཅིངས་པ་མེད་ན་ལུས་འབིགས་མེད་འདིར ་མ་ཕུག་ལུས་འདིར་ལྷན་སྐྱེས་བདེ་བ་སྟོར་བ་མིན་ཞེས་སོ།། གསུངས་པ་ཡང་། དང་པོའི་འཁོར་ལོ་ཅན་འཚང་བ་བཅིངས་པ་གདུ་བུ་ངེས་པའོ་སྐེ་རགས་ཀྱི་ནི་དབུགས་འབྱུང་འགོག། མགྲིན་རྒྱན་རྣ་རྒྱན་ཕབ་པ་རྡོ་རྗེ་པདྨ་ལས་སྐྱེས ་ནོནར་ནི་མཐར་ཕྱིན་ཤིན་ཏུ་དག། འདི་ལྟར་ཐུན་ཕྱེད་ཐུན་དུ་འང་ཉིན་པར་དངུལ་ཆུ་བཞིན་དུ་སེམས་ཀྱི་རྡོ་རྗེ་བཅིང་བྱས་ནས།། ཀུན་དང་འགུགས་པའི་སྦྱོར་བས་སྟེང་དུ་རྒྱས་ཏེ་རང་གི་གྲོང་དུ་ཁམས་ལ་རྒྱུས་ཏེ་བཞག། གཡོ་བ་ཡོངས ་སུ་སྤངས་བྱས་ནས།། ཡང་དག་རླུང་རྣམས་དགང་བར་བྱ།། བུམ་པ་ཅན་གྱིས་རིམ་པར་སྦྱིན།། གང་གིས་རླུང་ནི་འབབ་བྱེད་པ།། ནང་གི་རྣལ་འབྱོར་ཆོ་ག་ཡིས།། རླུང་ནི་སྟེང་ཏུ་སྦར་བར་བྱ།། དེ་ཡིས་ས་བོན་རང་ཉིད་འགྲོ།། རང་གནས ་རྣལ་འབྱོར་རྟོགས་ལས་སོ།། ས་ཆུ་མེ་དང་རླུང་གི་གཞན་དབང་མ་ཡིན་གཞན་མ་ཡིན་ལོ་མིནགས་དུམ165། ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱིས་བྱས་གོ་འཕང་མ་ཡིན་ཐོག་མ་དབུས་མཐར་འགྲོ་བའང་མིན།། ཆགས་ལ་མིན་ཉིད་ཆགས། ་བྲལ་ལ་མིན་འབྱུང་བའི་དུས་སུ་འདི་ལྟར་བཙལ་བཞིན་པ་མ་ཡིན།། སྐྱེད་ལ་ཧེ་རུ་ཀ་མིན་འདི་ནི་རོ་མཉམ་དུས་སུ་རབ་ནུབ་ག་ལ་བདུད་རྩིའི་དཔལ་ཞེས་པ་ལ་སོགས་པའོ།། དཔལ་དྲི་མ་དང་བྲལ་བའི་འོད་དུ་གསུངས་པ་ཡང་། འདིར ་བཅོམ་ལྡན་འདས་ཀྱི་དབང་པོ་གཉིས་ཀྱི་སྙོམས་པར་འཇུག་པས་བདེ་བུ་ཆེན་པོ་བསྒྲུབ་པར་གསུངས་པ་གང་ཡིན་པ་ནི་བདེན་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ། ཆགས་པ་གང་གིས་སེམས་ཅན་རྣམས་ནི་ཉམས་པར་གྱུར ་པ་དེ་ཡིས་སྐྱོབ་པ་རྣམ་གྲོལ་ཏེ།། སེམས་ཅན་རྣམས་ཀྱིས་ཉིན་ཞག་སོ་སོའི་དུས་སུ་སྲུང་བྱེད་གང་དེ་སྐྱོབས་རྣམས་བཏང་བར་བྱེད།། སེམས་ཅན་རྣམས་ཀྱིས་རང་སྙིང་ལ་གནས་བདེ་བ་གང་གཏོང་དེ་ནི་རྒྱལ་རྣམས་སྲུང་བར་མཛད།། ་དེ་ནས་རྒྱལ་བ་མཆོག་གི་སྤྱོད་འདི་ལྷ་ཀླུ་ལྷ་མིན་རྣམས་ཀྱི་བྱ་བ་དཀའ་བར་འགྱུར་ཞེས་སོ།། གསུངས་པ་ཡང་། གཞན་གང་ཅུང་ཟད་སྤྲོས་པ་ཡོད་པའང་ཁྱབ་བདག་དཀྱིལ་འཁོར་ལ་ནི་འབྱུང་པོ་ལས་སྐྱེས་མཐར ་ཐམས་ཅད་སེམས་ཅན་དོན་རྒྱུར་མཆོག་གི་ཡོན་ཏན་རྣམ་མང་རུང་གི་ལུས་ལ་རིག་པར་བྱ།། དེ་བཞིན་རྒྱུད་སྔགས་རྣམ་ཡང་རིགས་ལ་གནས་རྣམས་རྣལ་འབྱོར་མ་དང་རྣལ་འབྱོར་དབྱེ་བ་ལས།། འདིར་ནི་དབང་བསྐུར་རྣམ་པ་གཉིས་ཀྱང ་བུ་ཡི་ཡོན་ཏན་དབང་གིས་འཇིག་རྟེན་འཇིག་རྟེན་འདས་ཞེས་སོ།། ལྷན་སྐྱེས་གཟུགས་ཅན་ཀྱེ་རྡོ་རྗེ།། དེ་ལ་ལྷ་མོ་དེས་ཞུས་པ།། ཆོ་ག་ཇི་ལྟ་བུ་ཞིག་གིས།། བྲིས་སྐུ་བྲི་བར་བྱ་ཞེས་སོ།། འདི་ཉིད་བདག་གིས་མི་ཤེས་པས།། བདེ་བ་ཆེན ་པོ་བཤད་དུ་གསོལ།། འབྲི་མཁན་དམ་ཚིག་ཅན་ཞེས་པ་ལ་སོགས་པ་ལཾ། གསུངས་པ་ཡང་། དམ་ཚིག་ཆེན་པོ་དེ་ཉིད་མཁྱེན།། དབང་པོ་བསམ་པ་མཁྱེན་མཆོག་གིས།། ཞེས་སོ།། གསུངས་པ་ཡང་། ཆོས་འབྱུང་བྲིས་སྐུ་བཟང ་པོ་ལ།། བྱང་ཆུབ་སེམས་ཀྱི་ལྷ་ཉིད་ནི།། དེ་ནི་བདེ་ཆེན་ངོ་བོ་ཡིས།། རྣལ་འབྱོར་རིག་པས་རྟག་ཏུ་མཆོད།། དཔལ་ཧེ་རུ་ཀ་མངོན་པར་འབྱུང་བར་ཡང་གསུངས་པ། དེ་ནས་རྣལ་འབྱོར་པ་ཆེན་འགྲུབ།། སྐྲག་པ་ཐམས་ཅད་སྤངས་པ་སྟེ། ་བྲིས་སྐུའི་གཟུགས་ནི་སྣ་ཚོགས་དེ།། སྔགས་པས་ཆོ་ག་བཞིན་དུ་བྲི།། རྣལ་འབྱོར་མ་ཡིས་ཡན་ལག་གནས།། སྒྲུབ་པ་པོ་ཡིས་མཚོན་པའོ་ཞེས་པ་ལ་སོགས་པའོ།། མི་ཡི་ཐོད་གནས་ཁ་དོག་ལྔས།། སིཧླ་ག་པུར་བསྒོས་པ་ཡོས ་ཞེསྣ་ལ་སོགས་པ་རྣམས་ནི་མིའི་ཐོད་པར་གནས་པའི་ཁ་དོག་ལྔ་པ་ནི་ལྔ་ཅན་གྱིས་སིཧླ་དང་ག་པུར་ལ་སོགས་པ་རྣམས་ཏེ། གླུའི་རིམ་པའི་མན་ངག་གིས་ངེས་པའི་དོན་གྱིས་གོ་སླའོ།། དཔལ་ཀྱེའི་རྡོ་རྗེའི་རྒྱུད་ལ་རྡོ་རྗེའི་ཚིག ་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ་དུ་བྲིས་སྐུའི་ཆོ་ག་སྟེ། ལེའུ་དྲུག་པའོ།། །། ད་ནི་གླེགས་བམ་གྱི་ཆོ་ག་སྔོན་མ་ཅན་བཟའ་བ་བརྗོད་པའི་ཆེད་དུ་དམ་ཚིག་གིས་ལེའུ་གསུངས་པ། གྲོ་གར་བྲི་ཞེས་པ་ལ་སོགས་པའོ།། ་གསུངས་པ་ཡང་། གྲོ་ག་ཞེས་པ་ནི་ས་ལ་སོགས་པའོ།། པོ་ཏི་ནི་མཆོག་གི་ཡི་གེ་སྟེ། ཨཱ་ལི་དང་ཀཱ་ལིའི་རབ་ཏུ་སྦྱོར་བས་བཀླག་པར་བྱའོ།། བཟླས་པའོ་ཞེས་པ་ངེས་པའི་དོན་ཏོ།། རྡོ་རྗེ་ཅན་གྱི་བཟའ་བ་བསྟན།། རྒྱུད་གཞན་དུ་ཡང ་གསུངས་པ་ཡང་། རྡོ་རྗེ་ཅན་ཞེས་པ་བདེ་བ་ཆེན་པོའི་རྡོ་རྗེ་འཛིན་པའོ།། བཟའ་བ་ཞེས་པ་འཆད་པར་འགྱུར་བ་ལ་བརྗོད་པར་བྱའོ།། ཚེགས་ཀྱི་དཀྱིལ་འཁོར་ཞེས་པ་ལ་སོགས་པ་གཽ་རཱི་ལ་སོགས་པའི་མཁའ་འགྲོ་མ་བརྒྱད་ཀྱི་འཁོར ་དང་གནས་དང་ཉེ་བའི་གནས་ལ་སོགས་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཏེ། དེ་རྣམས་འདུས་པའི་ཚོགས་ཀྱི་དཀྱིལ་འཁོར་དུ་ཀྱེའི་རྡོ་རྗེའི་བདག་ཉིད་ཅན་ཚོགས་ཀྱི་གཙོ་བོར་གྱུར་ནས། གནས་དང་བདག་ཉིད་དང་རྣལ་འབྱོར། ་བསྲུང་བའི་དོན་དུ་བགེགས་ཐམས་ཅད་བཟློག་པར་བྱའོ།། དཔལ་མཚན་ཡང་དག་པར་བརྗོད་པར་གསུངས་པ་ཡང་། རྒྱལ་བ་དགྲར་རྒྱལ་རྣམ་པར་བྲལ།། འཁོར་ལོས་སྒྱུར་བ་སྟོབས་པོ་ཆེ།། ཚོགས་ཀྱི་སློབ་དཔོན་ཚོགས་ཀྱི ་གཙོ། ཚོགས་རྗེ་ཚོགས་བདག་དབང་དང་ལྡན་ཞེས་སོ།། ད་ནི་བཟའ་བ་འགྲུབ་པའི་གནས་གསུངས་པ་དུར་ཁྲོད་ཅེས་པ་ལ་སོགས་པ་སྟེ། དེར་ནང་གི་བདག་ཉིད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་མངོན་དུ ་བྱས་ཏེ། བཟའ་བ་དང་ལོངས་སྤྱོད་བྱ་བ་དང་། བཏུང་བ་ལ་སོགས་པ་སྦར་བ་དང་། བསྲོ་བ་ལ་སོགས་པའི་རིམ་པ་ཐམས་ཅད་རྣམ་པར་སྦྱངས་ནས། ལམ་གསུམ་པའི་མེའི་ཐབ་ཏུ་བདུད་རྩི་ལྟ་བུར་སྦྱིན་སྲེག་བྱའོ།། ཅིའི་རརླུང ་བཞིན་ཅན་ཞེས་དོགས་པ་ལ་གསུངས་པ། རྒྱུད་གཞན་དུ་ཡང་གསུངས་ཏེ། ཆུ་གཏེར་ཤིན་ཏུ་བཀྲ་བ་དང་།། འགྲམ་ནི་རཱི་ཡི་དབང་པོ་ལྡན།། ཐིབས་པོ་མཛེས་པའི་སྙིང་པོ་ཅན།། གདོད་ནས་གྲུབ་པའི་དུར་ཁྲོད་དུ།། སྣ་ཚོགས ་རྒྱལ་མཚན་པ་དན་དང་།། དྲིལ་བུ་དྲོ་ཤལ་གྱིས་མཛེས་པ།། སྲིད་གསུམ་བསྐྱེད་པ་འཁོར་ལོ་སྟེ།། དཀྱིལ་འཁོར་དེ་ནི་ལུས་ཡིན་ནོ་ཞེས་པ་ལ་སོགས་པའོ།། དེ་ནས་འདི་ལས་ཚོགས་ཀྱི་འཁོར་ལོ་ལ་སྔར་བཤད་པའི་རྡོ་རྗེའི་རིགས ་ལ་སོགས་པའི་དམང་རིགས་ལ་སོགས་པ་རིགས་སུམ་ཅུ་རྩ་དྲུག་གི་ཕོ་ཉ་མོ་རྣམས་ཀྱི་བཟའ་བ་དང་བཏུང་བ་ལ་སོགས་པའི་ཆོ་ག་བརྗོད་པར་བྱ་སྟེ་སྐྱེ་བོ་དང་བྲལ་བའི་ཁྱིམ་དུ་གསུང་བའི་གནས་སུ་རིགས་ཀྱི་ཕོ་ཉ་མོ་ཐམས ་ཅད་གོས་དང་བྲལ་བ་རྣམས་དང་། སྒྲུབ་པ་པོ་ཡང་ཕྱག་རྒྱ་ལྔ་ཡིས་བརྒྱན་པ་རང་རང་གི་གནས་སུ་རྣལ་འབྱོར་མ་རྣམས་སྐྲ་གྲོལ་བ་སྒྲུབ་པ་པོ་ཡང་གཙུག་པུད་བཅིངས་པའོ།། སྟན་དུ་རྟག་བྱ་བ་ཞེས་པ་ལ་སོགས་པ་ལ ་རོའི་པགས་པའི་སྟེང་དུ་གནས་པ་རྣམས་སོ།། ཚོགས་ཀྱི་བདག་པོ་ནི་སྟག་གི་ལྤགས་པའི་སྟེང་དུ་འཁོར་ལོའི་དབུས་སུའོ།། རོའི་པགས་པ་ཁྭ་གང་ཙམ་གྱི་སྡེར་བྱས་ནས། ཚེགས་ཀྱི་གཙོ་བོ་ལ་སྦྱིན་པར་བྱའོ།། ཤར་དང་ལྷོ ་དང་ནུབ་དང་བྱང་གི་རྣལ་འབྱོར་མ་རྣམས་ལ་རྟ་དང་ཁྱི་དང་མི་དང་གླང་པོ་ཆུ་དང་བ་ལང་རྣམས་ཀྱི་པགས་པའི་སྡེར་སྦྱིན་པར་བྱ་སྟེ། དབང་ལྡན་གྱི་རྣལ་འབྱོར་མེ་དང་བདེན་བྲལ་ཕྱོགས་ཀྱི་རྣལ་འབྱོར་མ་དང་རླུང་གི་མཚམས་ཀྱི ་རྣལ་འབྱོར་མ་དང་། མེ་མཚམས་ཀྱི་རྣལ་འབྱོར་མ་རྣམས་ལ་བ་ལང་དང་བོང་བུ་དང་ལྕེ་སྤྱང་དང་རྔ་མོའི་པགས་པའི་སྡེར་སྦྱིན་པར་བྱ་སྟེ། རང་གི་རིགས་ཤི་བ་རྣམས་ཀྱིའོ།། འདི་ཉིད་དུ་ཡང་གསུངས་པ། ཚེ་གཅིག་པ་ཞེས་པ ་ལ་སོགས་པ་སྟེ། པདྨ་དུ་མ་བུ་གཅིག་པ་དང་། དུམ་བུ་གཉིས་པ་དང་། དུམ་བུ་གསུམ་པོ་འམ། ཇི་ལྟར་རྙེད་པ་རྣལ་འབྱོར་མ་རྣམས་ལ་བཏུང་བའི་དོན་དུ་སྦྱིན་པར་བྱའོ།། དེ་ནས་བཟའ་བ་སྡེར་དུ་བྱིན་ནས་སྒྲུབ་པ་བྱོས་བསྐོར ་བ་ལན་གསུམ་བྱས་ཏེ། དྷྲྀ་དང་། མེ་ཏོག་དང་། བདུག་སྤོས་ལ་སོགས་པ་རྣམས་ཀྱིས་མཆོད་ལ། ཡོངས་སུ་བསྔོ་བ་བྱ་སྟེ། བསོད་ནམས་འདི་ཡིས་སེམས་ཅན་རྣམས་ཕྱག་རྒྱ་ཆེན་པོ་ཐོབ་པར་གྱུར་ཅིག་ཞེས་པའོ།། ཚོགས ་ཀྱི་འཁོར་ལོ་འད་རྒྱལ་པོས་བྱ་སྟེ། ཐུན་མོང་དུ་ནི་སྔགས་ཀྱི་སྟོབས་ཀྱིས་སམ་ལྷའི་ངེས་པས་སོ།། གཞན་དུ་ནི་སྒྲུབ་པ་པོ་རྣམས་ལ་བར་ཆད་དུ་མི་འགྱུར་རོ།། ཐུན་མོང་པའི་ཚོགས་ཀྱི་འཁོར་ལོ་ནི་ཡུལ་དང་རིགས ་ཀྱི་ཐ་སྙད་ཀྱིས་བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་བྱ་སྟེ། རང་གི་རིགས་ཀྱིས་སྨིན་པའི་རིགས་ཀྱི་བུ་མོ་རྣམས་ཀྱིས་སོ།། གཞན་དུ་ནི་ཚོགས་ཀྱི་འཁོར་ལོར་མི་འགྱུར་རོ།། ཤེས་རབ་དང་ཐབས་ཀྱི་བདེ་བ ་བྱང་ཆུབ་ཀྱི་སེམས་མྱང་བ་མེད་པར་བཟའ་བ་དང་བཏུང་བ་འབའ་ཞིག་པས་དཔའ་བོའི་སྟོན་མོར་བརྗོད་པར་བྱའོ།། དེ་ཡང་སློབ་དཔོན་ལ་སོགས་པ་ལ་དགེ་བསྙེན་རྣམས་ཀྱིས་བྱའོ།། སྔགས་ཀྱི་ཚུལ་འདིར་སློབ་དཔོན་རྣམ ་པོ་གསུམ་སྟེ། ཁྱིམ་ན་གནས་པ་དང་དགེ་ཚུལ་དང་དགེ་སྦྱོང་ཆུང་ངུ་དང་། འབྲིང་དང་མཆོག་གོ། དགེ་སློང་གིཉིས་དག་གི་ནང་ནས། ཐོག་མྱུར་དབང་བསྐུར་བ་ཐུ་བོ་དང་དགེ་ཚུལོ་གཉིས་ཀྱི་ནང་ནས་སྔོན་ལ་དབང་བསྐུར་བ་རྒན ་པ་དང་། ཁྱིམ་པ་གཉིས་ཀྱི་ནང་ནས་སྔར་དབང་བསྐུར་བ་གཙོ་བོའོ།། དེ་ལྟར་རྡོ་རྗེ་སློབ་དཔོན་ཐམས་ཅད་མཁྱེན་པའི་རྒྱལ་མཚན་འཛིན་པ་ནི་ཚེགས་ཀྱི་འཁོར་ལོ་ལ་ཤར་དུ་མངོན་པར་ཕྱོགས་པ་སྦྱིན་པའི་བདག་པོས་ཚོགས་ཀྱི ་འདྲེན་པར་བྱའོ།། དགེ་སློང་གཞན་རྣམས་ཀྱང་རྒན་པ་དང་གཞོན་པའི་རིམ་པས་དེ་ནས་ཉེ་བར་འཁོད་པར་བྱའོ།། དེ་བཞིན་དུ་བྱང་དུ་ཁ་ཕྱོགས་པས་དགེ་ཚུལ་གྱི་སློབ་དཔོན་གྱི་གྲལ་ཏེ། བདེན་བྲལ་མཚནན་མེའི་མཐར་ཐུག་པར་རོ།། དབང ་ལྡན་ནས་རླུང་གི་མཐར་ཐུག་པར་ལྷོར་ཁ་ཕྱོགས་པས་རྒན་པ་དང་གཞོན་པའི་དབྱེ་བས་ཁྱིམ་ན་གནས་པའི་སློབ་དཔོན་གྱི་གྲལ་ལོ།། ཤར་དུ་དགེ་སློང་མ་དབང་བསྐུར་བ་རྣམས་ནུབ་དུ་ཁ་ཕྱོགས་པར་རྒན་པ་དང་གཞོན་པའི་དབྱེ་བས་ཉེ་བར ་འཁོད་པར་བྱའོ།། ཞེས་སོ།། བཟའ་བ་དང་བཏུང་བ་ལ་སོགས་པ་ཤར་དུ་བྱའོ།། དབུས་སུ་རྡུལ་ཚོན་གྱི་དཀྱིལ་འཁོར་མེད་ན་བ་བྱུང་གི་ཆུ་ཡིས་གྲུ་བཞི་པ་བྱས་ཏེ། དེར་དྲི་དང་མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་པ་བྱས་ནས ་ཚེཚོགས་ཀྱི་བདག་པོའི་གཡོན་དུ་ལས་ཀྱི་ཕྱག་རྒྱ་གཅིག་བཞུག་པར་བྱ་སྟེ། ཚོགས་ཀྱི་བདག་པོའི་ཕྱག་རྒྱ་བྱས་ནས་སོ།། གཞན་དུ་ན་རྣལ་འབྱོར་མ་མེད་པར་ཚོགས་ཀྱི་བདག་པོས་བཏུང་བར་མི་བྱ་སྟེ། ཚོགས་ཀྱི་འཁོར་ལོ་ལྀ་དབང ་བསྐུར་བའི་སྦྱིན་པའི་བདག་པོས་ཚེགས་ཀྱི་བདག་པོ་ལ་བསོད་ནམས་འཕེལ་བའི་དོན་དུ་ཕྱག་རྒྱ་མོ་ངེས་པར་དབུལ་བར་བྱའོ།། གཞན་དུ་ན་སྦྱིན་པའི་བདག་པོ་ལ་རྩ་བའི་ལྟུང་བར་འགྱུར་རོ།། དང་པོའི་སངས་རྒྱས་སུ་གསུངས་པ ་ཡང་། ཆ་ནི་ཤེས་རབ་རང་བཞིན་སྦྲང་རྩི་དང་བཅས་བུ་རམ་སྐྱེས་སམ་འབྲས་སྐྱེས་ཏེ།། ཕྱག་རྒྱ་དང་བྲལ་འཐུང་བྱེད་གང་དེ་ཡུལ་ཅན་དུ་འགྱུར་བདུད་ཀྱི་ཚོགས་ཀྱིས་བསྐོར་དེའི་ཕྱིར།། ཤེས་རབ་ལྷག་ལྡན་སྡིག་པའི་དྲི་མ་འཕྲོག་ཅིང ་སྔགས་པ་རྣམས་ལ་དངོས་གྲུབ་སྦྱིན་པར་འགྱུར།། ཕྱག་རྒྱ་གང་སུ་རུང་བ་འདིར་ནི་དམ་ཚིག་རྣམ་བྲལ་བཏུང་བའི་སླད་དུ་རབ་ཏུ་བྱ་ཞེས་སོ།། གང་དུ་དགེ་སློང་རྡོ་རྗེ་འཛིན་པ་དག་གིས་ནང་ནས་རྒན་པ་རྨོངས་པ་དང་གཞོན་པ་སྟོན ་པ་པོ་ཡིན་ན་དེར་གཞོན་པ་ཚོགས་ཀྱི་བདག་པོ་རྒན་པོ་རྨོངས་པ་ནི་ཁང་པ་གཞན་དུ་ཚིམ་པར་བྱའོ།། དེ་ལྟར་རིམ་པས་ཐམས་ཅད་ཤེས་པར་བྱའོ་ཞེས་པའོ།། དགེ་བསྙེན་མ་དབང་བསྐུར་བ་ནི་ནུབ་ཏུ་མངོན་པར་ཕྱོགས་པ་སྟེ། ་དགེ་སློང་མའི་གྲལ་བཞིན་ནོ།། ཚོགས་ཀྱི་གཙོ་མོའི་གཡོན་དུ་ཐབས་སྦྱིན་པའི་བདག་པོས་བཞག་པར་བྱའོ།། རྣམ་པ་གཞན་དུ་ན་ཐབས་མེད་པར་ཚོགས་ཀྱི་གཙོ་མོས་མྱོས་བྱེད་དང་ཤ་བཟའ་བར་མི་བྱའོ།། དེ་ནས ་ཚོགས་ཀྱི་བདག་པོ་ལ་སོགས་པ་ལ་གཡོན་བསྐོར་དུ་བཟའ་བ་དང་སྟོན་མོ་དབུལ་བར་བྱ་ཞིང་བཏུང་བ་ནི་ཁཾ་ཕོར་ནི་ཀེ་ལ་སོགས་པའི་སྣོད་དུ་དབུལ་བར་བྱའོ།། དེ་ནས་མྱོས་བྱེད་ལ་སོགས་པ་སྦྱངས་ཤིང་རྒྱས་པར་བྱས་ལ་སྦྱར་ནས་རྩིར་བྱས ་ཏེ་གཏོར་མ་ལ་སོགས་པ་ཕུལ་ནས་འཆད་པར་འགྱུར་བའི་བདུད་རྩི་རིལ་བུས་བསང་གཏེར་བྱས་ཏེ་ལག་པ་གཡོན་པས་ཨོཾ་ཡིག་གིས་སྦྱང་བར་བྱའོ།། ལག་པ་གཡས་པས་ཨཱཿཡིག་གིས་རྒྱས་པར་བྱའོ།། ཐལ་མོ་བཀབ་ནས་ཧཱུ~ཾ། ་ཡིག་གིས་འབར་བར་བྱའོ།། བྱ་ཁྱུང་གི་ཕྱག་རྒྱས་ཧོཿཡིག་གིས་བདུད་རྩིར་བྱས་ནས་མྱོས་བྱེད་ཀྱི་ཐིག་པས་གཡོན་པའི་མིང་མེད་ཀྱི་རྩེ་མོས་ས་གཞི་ལ་ཆོས་འབྱུང་གྲུ་གསུམ་པ་དང་། དབུས་སུ་ཐིག་ལེ་ཟླུམ་པོ་བྱས་ནས་དེའི་དབུས་སུ ་ཡེ་ཤེས་ཀྱི་འཁོར་ལོ་ཤིན་ཏུ་དང་བ་ལྷའི་བདག་ཉིད་གཟུགས་བརྙན་དང་མཚུངས་པ་དེ་ཚིམ་པར་བྱ་སྟེ། འཆད་པར་འགྱུར་བའི་ཆོ་གས་སོ།། ཞིང་ལ་སོགས་པ་རྣམས་ཀྱི་གྲོང་ཁྱེར་དང་། གྲོང་གི་མིང་གི་ཡི་གེ་མཉམ་པ་རྣམས་དང་པོ ་དང་མཐའི་ཡི་གེ་དག་གིས་མིང་གི་ཡི་གེ་གཉིས་དང་མིང་གི་ཡི་གེ་མོཾ་མཉམ་པ་རྣམས་ཀྱི་དང་པོ་དང་བར་དང་། མཐའ་རྣམས་ཀྱིས་ཡི་གེ་གསུམ་མིང་དུ་འགྱུར་རོ།། དང་པོར་ཨོཾ་ཡིག་དང་བར་དུ་མིང་དང་མཐར་ཨཱཿཧཱུཾ་སྟེ། དཔེར་ན། ་ཆེ་གོ་མོ་ཨཱཿཧཱུ~ཾ། བ་ལོ་གྲྀདྡྷ་གྲྀཧྞ་སརྦསདྷ་ནཱ་རཱཀྵཀཱར་སྭཱཏྨ། དཱ་བཙུན་དུ་ཨ་ཧཱ་ཙྪཏཱི་པརྡྷ་ཊྚ་ཀ་པྲ་ཏཱདྷཱ་ཋ་སྭཱཧཱ། འཕྲོག་མ་ལ་ཆུང་བུ་གཉིས་སོ།། ཨདྱ་དྷཱ་ཀཱ་ཨ་གྲ་གྲཱ་ས་པྲདྡྷཱ་མྦྷ་སྱཱཏྨ། ཨ་ཨཱཿདྷ་ག་སྔགས་ཀྱིས་བསྔགས་པར་བྱས་ནས་བཟང ་བར་འགྱུར་བ་ཇི་སྲིད་པ་ས་ལ་བཞག་པར་བྱའོ།། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨུཙྪ་ཥྚ་བ་ལིཾ་ཨུཙྪིཥྚ་བྷཀྵ་ཀཱ་ཡ་སྭཱ་ཧཱ། ལྷག་མའི་གཏོར་མའི་སྔགས་སོ།། འདིར་ཡང་སྔར་གསུངས་པའི་འབྱུང་པོ་ཐམས་ཅད་པའི་གཏོར་མ་སྦྱིན་པར་བྱའོ།། ཇི་ལྟར་རྗེས་སུ ་མཐུན་པའི་དུས་སུ་ཐམས་ཅད་སོ་སོར་བྱའོ།། དེ་ནས་སློབ་དཔོན་སློབ་མ་དང་བཅས་པ་ཐམས་ཅད་ཀྱིས་བཟའ་བ་དང་བཏུང་བ་བྱའོ།། གང་གི་ཚེ་འགའ་ཞིག་འཐབ་པ་དང་རྩོད་པ་བྱེད་པ་དེ་གདོན་པར་བྱའོ།། གང་གི་ཚེ་དགེ་སློང་ངམ་དགེ་ཚུལ་ལམ། ་ཁྱིམ་ན་གནས་པ་ང་རྒྱལ་བྱེད་ན་དེའི་ཚེ་ནུས་པ་དྲི་བར་བྱའོ།། གལ་ཏེ་མངོན་པར་ཤེས་པ་ལ་སོགས་པའི་ནུས་པ་སྟོན་པར་བྱེད་ན་དེའི་ཚེ་དེ་ནི་ཐམས་ཅད་དུ་ཐམས་ཅད་ཀྱི་ཚོགས་ཀྱི་གཙོ་བོ་སྟེ་རྣམ་པ་གཞན་དུ་ཐོས་པའི་མངོན་པའི་ང་རྒྱལ་དང ་དབང་བསྐུར་གྱི་རྒན་པའི་མངོན་པའི་ང་རྒྱལ་གྱིས་དགེ་ཚུལ་ལམ་ཁྱིམ་ན་གནས་པ་ཚོགས་ཀྱི་འདྲེན་པར་མི་འགྱུར་གྱིས་གང་སྔར་དགེ་སློང་ཡིན་པ་དེ་ཐམས་ཅད་དུ་ཚོགས་ཀྱི་འདྲེན་པའོ།། ཙཾ་སྣ་ཚོགས་ཀྱི་འཁོར་ལོ་ལ་བཏོན་པ་ནི་ཆད་པ་སློང ་ན་དེའི་ཚེ་བཟའ་བ་དང་བཏུང་བ་ལ་སོགས་པས་དེ་ལས་ཆད་པ་སྦྱིན་པར་བྱ་སྟེ། ཚོགས་ཀྱི་བདག་པོས་སོ།། དེ་ལྟར་ཚོགས་ཀྱི་འཁོར་ལོ་ལ་དང་བཟའ་བ་དང་བཏུང་བ་ལ་སོགས་པ་ལ་ཆོ་ག་འདི་ཐམས་ཅད་དུ་སྦྱིན་པའི་བདག་པོས་བྱའོ་ཞེས ་པ་དྲང་བའི་དོན་ཏོ།། ད་ནི་ནང་གི་ཚོགས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་གསལ་བར་བྱ་སྟེ། གསུངས་པ་ཡང་། དེར་བཅོམ་ལྡན་འདས་བདེ་བ་ཆེན་པོའི་འཁོར་ལོ་སྒྱུར་བ་ཡང་དག་པའི་ཚུལ་གྱི་བདག་ཉིད་ཀྱི་ཏིང་ངེ་འཛིན་དྲན་པ་སྔོན་དུ་འགྲོ ་བས་རང་གི་སྐུའི་དཀྱིལ་འཁོར་ལ་གནས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཚིམ་པར་བྱའོ་ཞེས་ཁྱད་པར་དུ་འཕགས་པའི་ང་རྒྱལ་བསྐྱེད་པ་དང་པོར་གཟུགས་ལ་སོགས་པ་ཡུལ་རྣམ་པ་གསུམ་མྱངས་ནས་དེའི་རྗེས་སུ་སྦྱང་བ་ལ་སོགས ་པའི་ཆོ་གས་བཟའ་བ་ཐམས་ཅད་མངོན་པར་འདུས་བྱས་ཏེ་རང་བཞིན་གྱིས་གྲུབ་པའི་ནང་གི་ཐབ་ཁུང་རྗེས་སུ་དྲན་པར་བྱས་ལ། དམ་ཆེལོ་སེམས་དཔའི་ཞལ་དུ་རྩེ་གསུམ་པའི་མེའི་དབུས་སུ་སྲེག་བླུགས་སྦྱིན་སྲེག་བྱའོ་ཞེས་ང་རྒྱལ་བསྐྱེད ་ནས་བཟའ་བར་བྱའོ།། དེ་ལས་བདེ་བར་འཇུ་བར་བྱེད་ཅིང་བཅུད་ལེན་དུ་འགྱུར་རོ།། དེ་ལྟར་སྒྲུབ་པ་པོས་བཟའ་བ་དང་། སྟོན་མོ་དང་བཏུང་བ་ལ་སོགས་པ་རྣམས་ཀྱིས་སྐུའི་རྡོ་རྗེ་ཚིམ་པར་བྱས་ནས་མཐར་ལྔ་པ་རེག་བྱའི་ཡུལ་མྱང་བར་བྱེད་དོ།། ་པ་འདི་ཡིས་ལྷན་ཅིག་སྤྱོད་པ་ལ་སོགས་པ་ལྷ་མོའི་འཁོར་ལོ་རྗེས་སུ་ཆགས་པར་བྱེད་པ་ལ་མཁས་པ་བལྟས་ནས་ཇི་ལྟར་མངོན་པར་འདོད་པའི་ཕྱག་རྒྱ་མོ་བླངས་ཏེ། བརྟགས་ལ་བཞག་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་པར་བྱའོ ་ཞེས་བསྟན་པར་མོས་པ་བསྐྱེད་ནས་འཁྱུད་པ་དང་འོ་བྱེད་པ་དང་། འཇིབ་པ་དང་སེན་མོ་འདེབས་པ་དང་། སྙིང་ཡིག་དང་། ཁུ་བྱུག་དང་། བུང་བའི་སྒྲ་ཡིས་རྩ་རྣམས་རྒྱས་པ་ལ་སོགས་པ་བྱས་ནས། དེ་བཞིན་གཤེགས་པའི་སྐྱིལ་མོ་ཀྲུང ་དང་། རྡོ་རྗེའི་སྐྱིལ་མོ་ཀྲུང་དང་། རིན་པོ་ཆེའི་སྐྱིལ་མོ་ཀྲུང་དང་། ལས་ཀྱི་སྐྱིལ་མོ་ཀྲུང་ལ་སོགས་པ་བཅིང་བ་བཅིངས་ནས་ལས་ལ་གནས་པར་འགྱུར་རོ།། དེ་ནས་ཤེས་རབ་དང་ཐབས་སྙོམས་པར་ཞུགས་པས་རྡོ་རྗེའི་སྐྱིལ་མོ་ཀྲུང་བསྲུབས ་པ་ལས་ལྷན་ཅིག་སྐྱེས་པའི་མེ་རབ་ཏུ་སྦར་ནས་ཕུང་པོ་ལ་སོགས་པའི་རང་བཞིན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱི་བོ་ནས་བརྩམས་ནས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་འབབ་པའི་རྒྱུན་གྱི་རྣམ་པས་ཨཱ་ལི་དང་ཀཱ་ལིར་ཞུ་བར་གྱུར ་ནས་འདོད་ཆགས་དང་། ཆགས་བྲལ་དང་། ཆགས་པ་བར་མའི་རིམ་པས་གང་དེ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་སོ་སོར་རང་གི་བདག་ཉིད་ཀྱིས་རིག་པར་བྱ་བ་མཛད་དོ།། ཆོས་འཕགས་ཀྱི་ལེའུར་ཡང་གསུངས་པ། ཆོས ་ཐམས་ཅད་རོ་གཅིག་པ་ཉིད་ཀྱིས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རོ་གཅིག་པ་ཉིད་དོ།། ཆོས་ཐམས་ཅད་མཐའ་ལས་འདས་པ་ཉིད་ཀྱིས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ་ལས་འདས་པ་ཉིད་དོ།། ཆོས་ཐམས་ཅད་སྐྱེ་བ ་བ་མེད་པ་ཉིད་ཀྱིས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མེད་པ་ཉིད་དོ་ཞེས་སོ།། དེར་བཅོམ་ལྡན་འདས་བདེ་བ་ཆེན་པོ་ཆོས་ཀྱི་འབྱུང་གནས་ཨཱ་རལླི་ཆེན་པོ་ལ་རོལ་པོའི་རང་བཞིན་བསྟན་པའི་དོན་དུ་ཡིད་གཞན་དུ་མི་འཕྲོ་བར་ཕན ་ཚུན་རབ་ཏུ་དགའ་བའི་དོན་དུ་སངས་རྒྱས་ཀྱི་གར་བྱེད་དོ།། རིམ་པ་འདི་ཡིས་ཏེ་ཕྱག་རྒྱ་དང་། ཕྱག་རྒྱའི་ལན་བཅིང་བ་དང་། མཆོད་པ་དང་མཆོད་པའི་ལན་དང་། གར་དང་གར་གྱི་ལན་དང་། དང་འགྲོའི་ལན་དང་། ལུས་ཀྱི་བརྡ་དང་། ་ངག་གི་བརྡ་ཡིས་ཐ་སྙད་དུ་བྱའོ།། དེ་ལྟར་འཇིག་རྟེན་པའི་བསམ་གཏན་སྤངས་བཞིན་པ་ཡིད་ཀྱི་ཆགས་པ་བཅོམ་ནས་རྟག་ཏུ་དགའ་བ་ཡིད་ལ་བྱེད་པ་ནི། རྣལ་འབྱོར་མ་རྣམས་དང་ལྷན་ཅིག་དགའ་བཞིན་པ་ཇི་ལྟར་རྒྱལ་པོ་ཨིནྡྲ ་བོ་དྷི་བཞིན་དུ་ལུས་དེ་བསྒྱུར་ཏེ། རྡོ་རྗེའི་ལུས་སུ་གྱུར་ནས་བཙུན་མོ་དང་ལྷན་ཅིག་མི་སྣང་བར་གྱུར་ཅིང་དབང་ཕྱུག་གི་ཡོན་ཏན་བརྒྱད་དང་ལྡན་པས་སངས་རྒྱས་ཀྱི་ཞིང་ནས། སངས་རྒྱས་ཀྱི་ཞིང་དུ་འགྲོའོ་ཞེས་པ་ངེས་པའི་དོན་ཏོ།། ད་ནི་ཚོགས་ཀྱི ་འཁོར་ལ་སོགས་པ་དེ་ང་། ཁ་ལ་སོགས་པ་དག་པའི་དོན་དུ་དམ་ཚིག་གི་རིལ་བུ་བརྗོད་པར་བྱ་སྟེ། ཉི་མ་སོ་སོར་ཚིག་བཞི་སྔགས་པས་བྱའོ་ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ་ཞེ་ན། དེ་ནི་བདེན་ཏེ། རྒྱུ་གང་གི་ཕྱིར་མཚན་མ་དང་ཁ་ན ་མ་ཐོ་བ་དང་བཅས་པས་སྲོག་གཅོད་པར་འགྱུར་བ་རྒྱུ་དེའི་ཕྱིར་རྣལ་འབྱོར་པས་མཚན་མ་མེད་པ་ཁ་ན་མ་ཐོ་བ་མེད་པ་གོ་ཀུ་ལ་སོགས་པ་བཟའ་བར་བཅོམ་ལྡན་འདས་ཀྱིས་བཀའ་གསུངས་སོ།། འདིར་ན་མཁའ་ལ་སོགས་པ་ཡོན་ཏན་རཱི་རེ ་འཕེལ་བའི་དབྱེ་བས་བླངས་ནས། བདུད་རྩི་ལྔ་དང་གཅིག་ཏུ་བྱས་ཏེ། རྫས་བཅུ་པོ་རྣམས་བརྟགས་པར་བྱའོ།། གྲོ་ཀུ། ད། ཧ། ནཿབི། མུ། མཿར། ཤུ། ཞེས་པའོ།། གཏོར་མ་ཆེ་ཞིང་རྒྱ་ཆེ་བ་བྱིན་ནས། སྔགས་ཀྱི་ཆོ་ག་འདི་ཡིས་ཏེ། ་ཨོཾ་བཛྲ་ཀྲོ་དྷི་ཤྭ་རི། སརྦ་ཏ་བཱ་ནི། བི་ཤོ་དྷ་ཡ་ཧཱུཾ་ཕཊ་ཞེས་པ་རྫས་སྦྱང་བའི་སྔགས་སོ།། སྲན་མ་མུང་གའི་ཚད་ཀྱི་རིལ་བུ་བྱ་ཞིང་སྦར་བ་དང་། བསྲོ་བ་བདུད་རྩི་ལྔ་ལ་སོ་པའི་བ་པས་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པ་བྱས ་ནས་སྦྱངས་པ་ཉིད་ཀྱིས་ན། རིལ་བུས་བཟའ་བ་དང་བཏུང་བ་ལ་སོགས་པ་ཐབ་ཀྱི་ཟླུམ་པོ་ལས་བྱུང་བ་དང་ལྷན་ཅིག་བསང་གཏོར་བྱ་སྟེ། རྣམ་པར་དག་པར་འགྱུར་རོ།། ཁར་བཅུག་པས་ཁ་རྣམ་པར་དག་པར་འགྱུར་རོ།། ཚོགས་ཀྱི ་འཁོར་ལོ་དང་བསྒོམས་པའི་དུས་སུ་ཡང་ཐམས་ཅད་བསྲུང་བར་འགྱུར་རོ།། དེ་ལྟར་རོལ་བུའི་ཆོ་གའི་ངེས་པའོ།། དེ་སྐད་དུ་ཡང་། དཔལ་མཁའ་འགྲོ་མ་རྡོ་རྗེ་གུར་དུ་གསུངས་པ། ཤ་ལྔ་དང་ནི་ཡང་དག་ལྡན།། ལྕགས་གསུམ་གྱིས་ནི ་དཀྲིས་བྱས་པ།། རྡོ་རྗེ་ཉི་མའི་རབ་སྦྱོར་གྱིས།། ཁ་རུ་བཅུག་སྟེ་འགྲུབ་པར་འགྱུར།། འདི་ནི་ཡེ་ཤེས་བདུད་རྩིར་འགྱུར།། རྣལ་འབྱོར་པ་ལ་དངོས་གྲུབ་སྟེར་ཞེས་པ་ངེས་པའི་དོན་ཏོ།། དཔལ་ཀྱེའི་རྡོ་རྗེའི་རྒྱུད་ལ་རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས ་པའི་དཀའ་འགྲེལ་དུ་བཟའ་བའི་ལེའུ་སྟེ། བདུན་པའོ།། །། ད་ནི་བརྒྱད་པ་འདུལ་བའི་ལེའུ་གསུངས་པ། དེ་ལ་རྣལ་འབྱོར་མས་ཞུས་པ། ཕྱག་རྒྱ་ཆེན་མོ་ཅི་ལྟ་བུ།། ཀུན་རྫོབ་རྣམ་པའི་ངོ་བོ་ཡིས།། བདེ་བ་སྦྱིན་པ་བཤ་གསོལ ་ཞེས་པ་ལ་སོགས་པ་ལ་གསུངས་པ་ཡང་། ཆེན་མོ་ཡང་འདི་ཡིན་ལ། ཕྱག་རྒྱ་ཡང་ངོ་ཞེས་པས་ཕྱག་རྒྱ་ཆེན་མོ་སྟེ། ཐུགས་ཀྱི་རིགས་ལས་བྱུང་བ། པྲ་ཕབ་པ་བརྒྱད་ལྟ་བུའོ།། དེའི་རྣམ་པ་གསུངས་པ། འདིར་ཕྱག་རྒྱ་བཟང་མོ་ནི ་ལུས་ཕྲ་བ། རྫི་མ་དང་བཅས་པའི་སྒྲ་ཅན། ལག་པ་དང་རྐང་པ་འཇམ་པ། སེམས་ཅན་ལ་མཉེས་གཤིན་པ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། ཅུང་ཟད་རིང་བ། མིག་མི་གཡོ་བ་ནི་པདྨ་ཅན་ཞེས་བརྗོད་པར་བྱའོ།། གསུངས་པ་ཡང ་ཧ་ཅང་རིང་མིན་ཐུང་བ་མིན།། ཧཱ་ཅང་དཀར་མིན་ནག་པ་མིན།། ཧ་ཅང་སྡོམ་མིན་སྐེམ་པ་མིན།། སྐྱེས་བུའི་སྐྱོན་ནི་རབ་སྦེད་པའོ།། དུས་ཤེས་ཀུན་རྫོབ་རྒྱུ་ཅན་ཏེ།། རོལ་མོ་ཤེས་ཤིང་གང་ཤེས་པ།། གླུ་ལེན་ཤེས་ཤིང ་རོལ་བ་མོ།། རྟག་ཏུ་མཛེས་ཤིང་སྤུ་དང་བྱལ།། དེ་ཡི་ཉེར་གནས་ཚད་དང་ལྡན། བཤད་པ་སྤུ་མེད་པ། ཤ་སྦོམ་པ། རུ་སྦལ་གྱི་རྒྱབ་ལྟ་བུ། སྡུག་པ་གླང་པོ་ཆེའི་དབང་པོའི་ཕྲག་པ་ལྟ་བུར་སྣང་བ། ཡངས་པ། ཤིན་ཏུ་དགའ་བ་བསྐྱེད་པའོ།། ་དེ་སྐད་དུ་ཡང་གསུངས་པ། ལྷ་མོ་ཆེན་མོ་འདི་གཅིག་པུ།། མཐའ་ཡས་ཡོན་ཏན་སྟེར་བ་མོ།། རྟག་ཏུ་སྐལ་བ་བཟང་མོར་ཤེས།། སྒྲུབ་པ་པོ་ལ་མཆོག་སྟེར་མའོ།། ཞེས་པ་ལ་སོགས་པའོ།། དེ་རྙེད་ནཱ་ཀཾ་པ་ཕྱག་རྒྱ་ཆེན་མོ་བརྗོད་པའི ་མཚན་ཉིད་ཅན་ཡང་དག་པར་བསྐྱེད་ནས། ལྷན་ཅིག་སྐྱེས་པའི་དགའ་བའི་ངོ་བོ་སྟེ། དེ་འདི་ལ་ཡོད་པས་ན་ལྷན་སྐྱེས་དགའ་བའི་གཟུགས་ཅནནུ་མའོ།། དངོས་གྲུབ་ཏུ་གྱུར་པ་ནི་དེའི་དོན་དུ་འདི་འདྲི་བའི་ཕྱག་རྒྱ་བཙལ་བའི་དགོས་པའོ།། ་དཔལ་དྲི་མ་དང་བྲལ་བའི་འོད་དུ་ཡང་གསུངས་པ། ཕྱག་རྒྱ་ཆེན་པོ་ནི་ཆོས་ཐམས་ཅད་རང་བཞིན་མེད་པའི་མཚན་ཅན། རྣམ་པ་ཐམས་ཅད་མཆོག་དང་ལྡན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སངས་རྒྱས་བསྐྱེད་པར་མཛད་མའོ། ་ཆོས་འབྱུང་གི་སྒྲ་ཡིས་བརྗོད་པར་བྱ་སྟེ། ཆོས་འབྱུང་དེ་ལས་ཆོས་རྣམས་ཐམས་ཅད་རང་བཞིན་མེད་པར་འབྱུང་བར་འགྱུར་བའོ།། རང་བཞིན་མེད་པའི་ཆོས་རྣམས་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཆོས་ཀྱི་ཕྲ ་པོཔོ་བརྒྱད་ཁྲི་བཞི་སྟོང་རྣམས་སོ་ཞེས་སོ།། རྟེན་དུ་གྱུར་པ་ཉིད་ཀྱི་ཕྱིར་དེ་ཕྱག་རྒྱ་ཆེན་པོ་ཞེས་བརྗོད་པར་བྱའོ།། འདི་ཉིད་དུ་ཡང་གསུངས་པ། ཆོས་འབྱུང་ལས་སྐྱེས་ཡེ་ཤེས་ནི།། མཁའ་མཉམ་ཐབས་དང་བཅས་པར་ལྡན།། ་འཇིག་རྟེན་གསུམ་པོ་དེ་ལས་སྐྱེས།། ཤེས་རབ་ཐབས་ཀྱི་རང་བཞིན་ལས་ཞེས་སོ།། དཔལ་ཏོག་ཙོ་བོའི་ཞབས་ཀྱིས་ཀྱང་གསུངས་པ། རྡོ་རྗེ་འཛིན་ཅན་དགེ་བོའི་ས།། བཅུ་གསུམ་པ་ཞེས་རྣམ་གྲགས་པ།། གྲུ་གསུམ་རྣམ ་པར་ཡང་དག་བྱུང་།། ཆོས་འབྱུང་ཞེས་པར་དེ་བཤང་ངོ་ཞེས་སོ།། དཔལ་ཀྱེའི་རྡོ་རྗེའི་རྒྱུད་ལ་རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ་དུ་འདུལ་བའི་ལེའུ་སྟེ། བརྒྱད་པའོ།། །། ད་ནི་བརྟག་པ་དང་པོར་གསུངས ་པའི་སྔགས་རྣམས་ལས་ཁ་ཅིག་བཏུ་པའི་ལེའུ་གསུངས་པ། དེ་ནས་འདི་ལས་ཞེས་པའོ།། གང་གི་ཚེ་གདུལ་དཀའ་བ་སྔར་བཤད་པའི་ཚུལ་གྱིས་གདུལ་བར་མི་ནུས་པ་དེའི་ཚེ་ནུས་པ་བསྟན་ནས་གདུལ་བར་བྱའོ་ཞེས་པ་རྒྱུ ་དེའི་ཕྱིར་ཁ་སྦྱོར་འབྱེད་པའི་ཆོ་ག་བཤད་པར་བྱའོ་ཞེས་འབྲེལ་ལོ།། ཁ་སྦྱོར་འབྱེད་པའི་ཆོ་ག་ཡང་བླ་མའི་མན་ངགུ་ལས་ཤེས་པར་བྱའོ་ཞེས་པའོ།། དེ་སྐད་དུ་ཡང་དཔལ་སཾ་པུ་ཊ་རུ་གསུངས་པཾ། དེ་ནས་རྡོ་རྗེ་སྙིང་པོ་ལ་སོགས་པ ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་རབ་ཏུ་དགའ་ཞིང་སྤྱན་གདངས་ནས་འདིར་ཐེ་ཚོམ་རྣམས་ཞུས་པས་ཁ་སྦྱོར་ཅི་ཞིག་བརྗོད་པར་བྱ།། ཁ་སྦྱོར་ཤེས་རབ་ཐབས་བདག་ཉིད།། ཁ་སྦྱོར་ནི་སྙོམས་པར་འཇུག་པའོ་ཞེས་པའི་དོན ་ཏོ།། དེ་ལས་བྱུང་བ་དང་རྒྱུད་ཐམས་ཅད་ཀྱི་གླེང་གཞིའི་ཁ་སྦྱོར་གྱི་སྒྲ་ཡིས་རྡོ་རྗེ་སེམས་དཔའ་བརྗོད་པར་བྱའོ་ཞེས་སོ།། དཔལ་མངོན་པར་བརྗོད་པ་ཕྱི་མར་གསུངས་པ་ཡང་། ལྟེ་བའི་དབུས་སུ་པདྨ་ཆེ།། སྐུད་པ ་བཅུ་དྲུག་ཡང་དག་ལྡན།། ཡི་གེ་ལ་ནི་མཉམ་པར་སྦྱོར།། ཁུ་སྦྱོར་བྱེད་པ་བླ་ན་མེད།། དེ་དབུས་རྟག་ཏུ་སྟོང་པ་ནི།། སྤྲོ་དང་སྡུད་པ་བྱེད་པ་ཅན།། འདི་ནི་རྟག་ཏུ་དེ་ཉིད་འགྱུར།། རང་འབྱུང་ཐམས་ཅད་ཁྱབ་པ་པོ་ཞེས་སོ།། དེ་ལྟ་བཅུ་ཡི་བསྟན་པ་དང་ག ་པའི་རང་བཞིན་གྱི་བདག་ཉིད་གཅིག་ཏུ་འདྲེས་པར་གྱུར་པ་མཆོག་ཏུ་མི་འགྱུར་བའི་བདེ་བ་རྒྱུད་ཀྱི་རྒྱལ་པོ་གང་གིས་འབྱེད་པར་བྱེད་པ་དེ་ཁོ་ན་མཚོན་པར་བྱ་ཞེས་པ་ངེས་པའི་དོན་ཏོ།། འདིར་སྲོག་གཅོད་པ་ལ་སོགས་པའི་དམ་ཚིག ་རྣམ་པ་གཉིས་ཏེ། དྲང་བའི་དོན་དང་ངེས་པའི་དོན་གྱིས་སམ་ཕྱི་རོལ་དང་ནང་གི་བདག་ཉིད་དོ་ཞེས་པའོ།། དེ་ལ་ཕྱི་རོལ་ཏུ་ཀློགཽ་གཅོད་པར་བཅོམ་ལྡན་འདས་ཀྱིས་གསུངས་པ་ནི་མཚམས་མེད་པ་ལྔ་བྱེད་པ་པོ་རྣམས་ཏེ། མཚམ ་མེད་པ་ལྔ་པོ་དེ་ཉིད་སྔོན་དང་ཕྱི་མར་ཤེས་ནས་སོ།། འདིར་འགའ་ཞིག་སྔར་མཚམས་མེད་པ་ལྔ་བྱེད་པའི་ངང་ཚུལ་ཅན་ཕྱིས་བསོད་ནམས་བྱེད་པ་པོར་འགྱུར་ཏེ། གཏུམ་པོ་མྱ་ངན་མེད་པ་དང་ཆོས་རྒྱལ་མྱ་ངན་པ་བཞིན་ནོ།། ་དེའི་ཕྱིར་དེ་ལ་གནོད་པ་བྱས་པ་ལས་སྔགས་པ་དམྱལ་བར་འགྱུར་ཏེ། དགེ་བ་དང་མི་དགེ་བའི་ལས་ཡོངས་སུ་མི་ཤེས་པའི་ཕྱིར་རོ།། དེས་ཇི་སྲོང་མངོན་པར་ཤེས་པ་ལྔ་ཅན་དུ་མ་གྱུར་པ་དེ་སྲིད་དུ་སྔགས་པས་ཞི་བ་དང་རྒྱས་པ ་དང་དབང་དུ་བྱ་བ་དང་དགུག་པ་མ་གཏོགས་པ་དྲུག་པོའི་ལས་མི་བྱའོ།། དེ་བཞིན་དུ་བརྫུན་དུ་སྨྲ་བ་གཞན་ལ་གནོད་པ་དང་། མ་བྱིན་པར་ལེན་པ་པ་དང་། གཞན་གྱི་བུད་མེད་ལེན་པ་དང་། དམ་ཚིག་བསྟེན་པ་དང་རིགས་དང་རིགས ་མ་ཡིན་པ་ལྟ་བགྲོད་པ་དང་། རང་གི་མགོ་བོའི་མཐར་ཐུག་པ་སྦྱིན་པ་ཡང་རང་གི་དོན་དུ་ནི་མ་ཡིན་ནོ།། ད་ནི་གང་གི་ཚེ་འཆི་བའི་མཐར་ཐུག་པར་མཚམས་མེད་པ་ལྟ་བྱེད་ན་དེའི་ཚེ་སྔར་བསྒྲུབས་པའི་སྔགས་ཁྲོ་བོའི་རིགས་ལ་མི་བསྐྱོད ་པའི་ཏིང་ངེ་འཛིན་གྱིས་འདི་ཡིས་གསད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་སོ་ཞེས་པ་ནི་དྲང་བའི་དོན་ཏོ་ཞེས་སོ།། ད་ནི་སྔགས་བཏུ་བ་གསུངས་ཏེ། དཔལ་རྡོ་རྗེ་རྩེ་མོར་གསུངས་པ་ཡང་། སྔགས་ནི་ཅི་ཡི་དོན་དུ་བརྗོད།། སྔགས་རྣམས ་འབོད་པར་བྱེད་པ་དང་།། གདུག་པ་ཐམས་ཅད་རབ་སྒྲུབ་བྱེད།། ཉོན་མོངས་ཞགས་པ་གཅོད་པ་དང་།། སངས་རྒྱས་ཆོས་ནི་སྤྱན་འདྲེན་པའོ་ཞེས་སོ།། དཔལ་ཡང་དག་པར་སྦྱོར་བར་ཡང་གསུངས་པ། ལྷ་ལགས་ཡ་མཚན་ཆེ་བ་ཐོས།། སྟུག ་བཅུའི་ཆོ་ག་ཇི་ལྟར་ལགས།། དེ་ཡི་དབྱེ་བ་བདག་མི་ཤིས།། བདེ་བ་ཆེན་པོ་བཤང་དུ་གསོལ།། ལྷ་མོ་མཁས་པ་ཆེན་མོ་ཉན།། སྔགས་ཀྱི་དེ་ཉིད་ཁྱོད་ལ་བཤད།། གྲུ་གསུམ་དཀྱིལ་འཁོར་ཉམས་དགའ་བར།། གསང་བའི་པདྨར་མ་མ་ཀཱི། ་པདྨ་འདབ་མ་བརྒྱད་བྱས་ནས།། ཟེ་འབྲུ་གསང་བའི་སྤྱོད་ཡུལ་དུ།། འདོད་པ་ཐམས་ཅད་སྒྲུབ་པ་ཡི།། དེར་གནས་པའོ་བཏུ་བར་བྱ།། ཨ་ཡིག་ལ་སོགས་དབྱེ་བ་ཡིས།། སྔགས་ཀྱི་སྡེ་ཡི་དབང་ཕྱུག་མཆོག། ཅེས་སོ།། སྔགས་བཏུ་བ་ནི་གཞུང ་མང་བ་ཉིད་ཀྱིས་ན་དྲང་བའི་དོན་གྱིས་གོ་སླ་བ་ཉིད་ཀྱི་ཕྱིར་བདག་གིས་མ་བཏུས་སོ།། དཔལ་ཀྱེའི་རྡོ་རྗེའི་རྒྱུད་ལ་རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲོལ་དུ་སྔགས་བཏུ་བའི་ལེའུ་སྟེ། དགུ་པའོ།། ་ད་ནི་བཟླས་པའི་ལེའུ་གསུངས་པ། དེ་ནས་ཆོས་ཀུན་སྡོམ་གཅིག་པའི།། རྡོ་རྗེ་སེམས་དཔའ་ཞེས་བྱས་གསུངས།། བདག་མོད་ཙུམྦ་ན་མཛད་ནས།། བཟླས་པའི་ཡུལ་ནི་རབ་གསལ་མཛད་ཅེས་པ་ལ་སོགས་པའོ།། དེ་བཞིན་དུ་རྒྱུད་ནི ་རྒྱུད་གཞན་གྱིས་རྟོགས་པར་བྱའོ་ཞེས་པ་དེ་བཞིན་གཤེགས་པའི་ངེས་པ་སྟེ། དཔལ་རྡོ་རྗེ་རྩེ་མོར་གསུངས་པ་ཡང་། རིག་སྔགས་ཇི་ལྟར་བཟླས་པར་བྱ།། གསུང་བ་དབང་ཕྱུག་ཆེན་པོས་གསུངས།། རིག་སྔགས་བཟླས་པར་བྱ་བ་ལ།། རྡོ་རྗེ ་ཅན་ཀུན་མཉེས་པར་བྱེད།། ཇི་ལྟའི་སྐྱིལ་མོ་ཀྲུང་བཅིངས་ལ།། མི་རྟོག་ཡིད་ཀྱི་དྲན་པ་ཡིས།། རིག་པར་བཟླས་པ་སྦྱིན་པར་བྱ།། གཞན་པའི་རྣམ་པ་ཉིད་ཀྱང་ངོ་།། མཆུ་ཡིས་མ་ཡིན་ལྕེས་མ་ཡིན།། རྐན་ཉིད་ཀྱིས་ཀྱང་མ་ཡིན་ནོ།། གླེ་བས ་མ་ཡིན་མགྲིན་པ་མིན།། ཐམས་ཅད་དུས་སུ་སྙིང་གར་མིན།། དེ་ནི་ཕྲ་བར་ཡིད་ལ་བྱ།། ཆོས་ཀྱི་བདག་ཉིད་རྟོགས་ཡིད་ཀྱིས་ཞེས་སོ།། དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འཛིན་པའི་ཡོན་ཏན་གྱི་ལེའུར་གསུངས་པ། ཀཽ་ཤི་ཀ་འདི་རིག ་སྔགས་འདི་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱའོ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ཐོབ་པར་འགྱུར་རོ།། དེས་ནི་དེ་བླ་ན ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་ཐམས་ཅད་ཀྱི་སེམས་ལ་རྣམ་པར་བལྟ་བར་བྱ་འགྱུར་རོ་དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་རིག་སྔགས་འདི་ལ་བསླབ་པའི་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་གང་མ་མཐོང་བ་འམ་མ་ཤེས་པ་འམ། མངོན་སུམ་དུ་མ་བྱས་པ་ཅུང་ཟད་ཀྱང་མེད་དོ།། དེའི་ཕྱིར་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་བརྗོད་དོ་ཞེས་སོ།། ཤེལ་གྱིས་རེངས་པ་ཞེས་པ ་ལ་སོགས་པ་ལ། ཤེལ་ཟླ་བའི་འོད་ཀྱི་རྣམ་པ་ཅན་ཏེ་རེངས་པ་ལ་སོགས་པ་བརྩམ་པར་བྱའོ།། ཚིག་འདིའི་རྒྱས་པར་སྟོན་པའི་ཚིག་ནི། མཁའ་འགྲོ་མ་རྡོ་རྗེ་གུར་དུ་ཡང་གསུངས་པ། རྩ་བའི་རྒྱུད་དུ་ཡང་། ཐབས་གཞན་གྱི་སྔགས ་སྒྲུབ་པར་བྱེད་པ་མ་ཡིན་པར་གསུངས་ཤིང་། རེངས་པ་ལ་སོགས་པའི་ལུས་སྒྲུབ་པའི་དོན་དུ་ཉུང་ངུའི་རྒྱུད་འདིར་དགོངས་པའི་སྐད་གཞན་གྱིས་དོན་གྱི་རྗེས་སུ་འགྲོ་བས་དེ་ཉིད་བརྗོད་པར་ངེས་པ་ཞེས་པ་ལ་སོགས་པའོ།། ས་ལ་སོགས ་པ་རྣམས་བསྒྲུབ་པར་བྱའོ།། དེ་བཞིན་དུ་ཡང་དཔལ་དྲི་མ་དང་བྲལ་བའི་འོད་དུ་ཡང་གསུངས་པ། དང་པོར་རྣམ་སྣང་མཛད་བྱིན་ནས།། སླར་ཡང་བཟླས་པ་བརྩམ་པར་བྱ།། དེ་ནས་བྱེ་བ་བཟླས་བྱས་ནས།། སྦྱིན་སྲེག་བཅུ་ཡི་ཆ་བྱས ་ཏེ།། རྒྱུད་ནས་གསུངས་པའི་ཆོ་གས་ཀུན།། དེ་ནས་ལྷ་ནི་འགྲུབ་འགྱུར་ཏེ།། སྔགས་པས་གང་ཞིག་དོན་གཉེར་བའི།། མཆོག་ནི་དེ་གྲུབ་པ་ཡིས་སྟེར།། རིགས་གཞན་དང་ནི་བྱས་པ་དུས།། སྔགས་དང་རིགས་དང་རིགས་ཅན་གཞན།། ག ་དང་ཕྱོགས་དང་རྟེན་གཞན་གྱི།། ལས་རྣམས་ཀུན་ལ་འབྲས་བུ་མེད།། གླེགས་བམ་ལས་ནི་སྔགས་བཀླགས་ནས།། ཡང་དག་བླང་བ་རྣམ་སྤངས་པའི།། གང་ཞིག་སྒྲུབ་པ་བྱེད་པའི་མི།། དེ་རྣམས་ལ་ནི་ཉོན་མོངས་འགྱུར།། ། ་ཡང་དག་པར་བླངས་པ་ཅི་ཞེས་བྱ་ཞེ་ན། བླ་མ་བརྒྱུད་པའི་རིམ་པས་ངེས་པའི་དོན་གྱིས་གང་བསྟན་པའོ།། གསུངས་པ་ཡང་། ཞི་དང་རྒྱས་པའང་སྲས་བཅས་རྒྱལ་བའི་རིགས་དང་རྒྱལ་པོ་ལྷ་མོ་རྣམས་ཀྱིས་འགྲུབ་པར་འགྱུར།། དབྱེ ་དང་བསྐྲད་པའང་རང་བཞིན་ཡོན་ཏན་དབང་གིས་ཁྲོ་བོ་ལས་སྐྱེས་རྣམས་ཀྱིས་འགྲུབ་པར་འགྱུར།། དབང་སོགས་འབྱུང་སྐྱེས་རྣམས་ཀྱིས་རབ་གསལ་ལྷ་མིན་རིགས་ལའང་ཕུར་བུས་གདབ་པ་ལྷ་མིན་མོས།། ཡུམ་དག་གིས་ནི་ལས ་རྣམས་གཉིས་ཀའི་རྡོ་རྗེའི་རིགས་ལ་གསང་དང་གསོ་བ་ཡང་།། དཔལ་དྲི་མ་དང་བྲལ་བའི་འོད་དུ་ཡང་གསུངས་པ། རེངས་པ་འགྲུབ་སྟེ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་གསང་བའི་པདྨར་ལས་རྣམ ་མས་ཅད་འགྲུབ་སྟེ། རྡོ་རྗེའི་གདན་གྱིས་ཐིག་ལེའི་དབུས་སུ་དགའ་བ་དང་བཅས་པའི་ལྷ་མོས་གསོ་བར་བྱེད་།། རྣལ་འབྱོར་གྱི་སྟོབས་ཀྱིས་སྲོག་བཀུག་སྟེ། མ་འཕོས་པའི་ཐིག་ལས་ནི་ཆགས་པ་དང་བྲལ་བ་སྤོང་བར་བྱེད་དོ ་ཞེས་པ་ངེས་པའི་དོན་ཏོ།། གསུངས་པ་ཡང་། ཨ་སོགས་ཀ་སོགས་ཡང་དག་ལྡན།། བགྲང་ཕྲེང་སྐུད་པར་རབ་བརྗོད་བྱ།། བརྒྱད་ལྷག་བརྒྱ་ཡི་ཡི་གེ་ཡིས།། སྔགས་ཀྱི་བཟླས་པས་ལྷག་པ་ཡང་།། གསལ་བྱེད་སུམ་ཅུ་རྩ་དྲུག ་དང་།། དབྱངས་ཐུང་བཅོ་བརྒྱད་དང་ལྡན་པ།། གཉིས་འགྱུར་བརྒྱད་ལྕག་བརྒྱར་འགྱུར།། དེ་ཡི་ཕྱེད་ཀྱིས་བགྲང་ཕྲེང་ནི།། གཉིས་པ་ཡང་ནི་རབ་བཤད་བྱ།། རྒྱུ་སྐར་གྱི་དབྱེ་བ་ཡིས།། གསུམ་པར་ཡོངས་སུ་གྲགས་པའོ།། དེ་ལྟར་རྣམ ་པ་གསུམ་དུ་གསུངས།། དོག་པའི་ལས་ལ་དག་པ་ངེས་ཤེས་པ་དྲིང་བའི་དོན་ཏོ།། དེ་བཞིན་དུ་དཔལ་གདན་བཞི་པའི་རྒྱུད་དུ་གསུངས་པ། རིལ་བུ་ཐམས་ཅད་དགྲ་བཅོམ་པ།། མཆོད་རྟེན་སྟེང་དུ་ཡོངས་སུ་བརྟགས།། པདྨར་རྡོ་རྗེ་ངེས ་རྒྱས་པ།། སྐུད་པའི་དབུས་སུ་ཡང་དག་སྦྱོར།། ཐམས་ཅད་དེ་ཉིད་ཀྱིས་བསྒོམ་བྱ།། བགྲང་ཕྲེང་ལྷག་པར་གནས་པར་བྱ།། སྔགས་ཀྱི་དེ་ཉིད་གསལ་བ་ནི།། ཡེ་ཤེས་ལྔ་ཡི་རང་བཞིན་ཅན།། རྟོག་ག་པ་ཡིས་མི་ཤེས་ཤིང་།། རྣལ་འབྱོར ་བྱིས་པའི་རྟོགས་བྱ་མིན་ཞེས་སོ།། དཔལ་ཀྱེའི་རྡོ་རྗེའི་རྒྱུད་ལ་རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ་དུ་བཟླས་པའི་ལེའུ་སྟེ། བཅུ་པའོ།། །། ད་ནི་རྣལ་འབྱོར་མ་དག་གི་དེ་བཞིན་གཤེགས་པ་ལྔའི་རིགས་ཀྱི་མཚན་མ་གསུང ་པོ། ལུས་ཅན་རྣམས་ཀྱི་རིགས་ཀྱི་གཟུགས།། དེ་ལ་བདག་མེད་མས་ཞུས་སོ།། བྷ་གར་ལི་ག་རབ་བཞག་ནས།། འཁོར་ལོའི་འདྲེན་པས་འདི་སྐད་གསུངས།། ལུས་ཅན་རང་གིས་རིགས་བཤད་ཀྱིས།། ཤེས་རབ་ཕ་རོལ་ཕྱིན་མ་ཉོན།། ་བུ་མེད་མ་ནི་སྐྱེས་པ་ཡིས།། གང་གི་མིང་མེད་རྩ་བ་ལ།། རྡོ་རྗེ་རྩེ་དགུ་པར་གྱུར་པ།། མི་བསྐྱོད་པ་ཡི་རིགས་མཆོག་ཉིད།། རྣམ་སྣང་མཛད་ཀྱི་འཁོར་ལོར་འགྱུར།། པདྨ་འོད་དཔག་མེད་མགོན་གྱི།། རིན་ཆེན་འབྱུང་གི་རིན་ཆེན་ཆེ།། ལས ་ཀྱི་རིགས་ཀྱི་རལ་གྲིའོ།། དེ་བཞིན་དུ། སེར་པོ་དང་དཀར་པོ་ལ་སོགས་པ་རྣམས་ཀྱང་རིམ་པ་འདི་ཡིས་རྟོགས་པར་བྱའོ།། ད་ནི་ཇི་སྐད་བཤད་པའི་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་རྣམས་ཀྱིས ་ངེས་པའི་དོན་རིམ་པར་བཅོམ་ལྡན་འདས་ཀྱིས་གསུངས་པའི་རང་བཞིན་བཤད་པ། དཔལ་ཐམས་ཅད་གསང་བའི་རྒྱུད་དུ་གསུངས་པ་ཡང་། སེམས་ནི་སྤྲོ་བའི་སྦྱོར་བ་ཡིས།། ཕྲ་མོའི་ཡེ་ཤེས་སོགས་སྦྱོར་བས།། དེ་བཞིན ་གཤེགས་ཀུན་ཡེ་ཤེས་ནི།། རྣམ་པར་སྣང་མཛད་ཅེས་པར་བཤད།། བྱམས་པ་སྤྲོ་བའི་སྦྱོར་བ་ཡིས།། སྤྱ་པ་སྤྱོད་བྱེད་དམ་པ་ནི།། སྣང་བ་མེད་པ་བསྟན་གྱུར་པའི།། སེམས་ནི་མི་སྤྱོད་བརྗོད་པར་བྱ།། སྙིང་རྗེ་སྤྲོ་བའི་སྦྱོར་བ་ཡིས ་སེམས་ཅན་དོན་དང་ལྡན་པའི་སེམས།། རིན་ཆེན་འབྱུང་ལྡན་བརྗོད་པར་བྱ།། དགའ་བྱ་སྤྲོ་བའི་སྦྱོར་བ་ཡིས།། ཡེ་ཤེས་ཆེན་པོ་དྷི་མེང་མཆོག། རང་བཞིན་འདི་གསལ་དག་པའི་སེམས།། དེ་ནི་སྣང་བ་མཐའ་ཡས་བརྗོད།། བཏང ་སྙོམས་སྤྲོ་བར་བྱེད་པའི་སེམས།། སེམས་ཅན་དོན་ཀུན་རྟོགས་མཛད་པ།། དོན་ཡོད་བླ་ན་མེད་པའི་སྐུ།། དོན་ཡོད་གྲུབ་པ་དེ་བརྗོད་བྱ།། རྣལ་འབྱོར་པ་དང་རྣལ་འབྱོར་མ་དག་གི་ངེས་པའི་དོན་གྱིས་རིགས་ལྷ་རྣམ་པར་དག་པ་ཞེས་པ ་ལ་སོགས་པའོ།། ད་ནི་འཆད་པར་འགྱུར་བའི་རིམ་པ་བསྟན་པའི་ཆེད་དུ་གསུངས་པ། ཚལ་དང་སྐྱེ་བོ་མིང་གནས་དང་།། བདག་གི་ཁྱིམ་དང་གཞན་དུ་ཡང་།། གཙོར་བུ་ཕྱག་རྒྱ་ཆེ་བྱས་ནས།། རྣལ་འབྱོར་རིག་པས་རྟག་ཏུ་མཆོད ་ཅེས་པ་ལ། ཅི་སྟེ་གལ་ཏེ་རྣལ་འབྱོར་པ་གྲོང་པའི་ཆོས་ལ་སོགས་པས་འདོད་པ་བྱེད་ན་དེའི་ཚེ་དེ་རྗེས་སུ་ཆགས་པར་མི་འགྱུར་ཏེ། འདོད་པའི་དངོས་གྲུད་ཀྱང་ཉམས་པར་འགྱུར་རོ།། སྔར་ཇི་སྐད་དུ་གསུངས་པ་སྔགས ་པས་གཞན་པ་མི་འདོད་དོ་ཞེས་སོ།། དེའི་དོན་དུ་གསུངས་པ། ཤེས་རབ་མ་ལ་འཁྱུད་པ་ཞེས་པ་ལ་སོགས་པའོ།། དེ་བཞིན་དུ་དཔལ་དང་པོའི་སངས་རྒྱས་སུ་གསུངས་པ་ཡང་། མཆོད་པའི་དོན་དུ་འདོད་པའི་བསྟན་བཅོས ་ཡོན་ཏན་མང་པོའི་གནས་ནི་རྣལ་འབྱོར་པས་རིག་བྱ།། ཤིན་ཏུ་དགའ་བ་བྱས་ཀྱང་རྣལ་འབྱོར་པ་ལ་རྣལ་འབྱོར་མ་ཡིས་མཆི་མ་དངོས་གྲུབ་ནི།། སྦྱིན་པར་མི་འགྱུར་མཛེས་མ་ལྷ་མོ་ཤ་ཟ་མོ་དང་མི་མོ་སྲིན་མོ་ཀླུ་མོར་འགྱུར། ་མཛེས་མྦྷ་དཔལ་ལྡན་ཆོས་དབྱིངས་སུ་འགྱུར་ཡོན་ཏན་དབང་གིས་ལྷ་མཽ་སྒྲ་ཡི་རྡོ་རྗེ་མ་ཞོས་པ་ལ་སོགས་པའོ།། ཁྱོགས་དང་གྲུ་མོ་ཞེས་བྱ་དང་།། དེ་བཞིན་ཤིན་ཏུ་བརྐྱང་བ་ཡིས། ཞེས་པ་ལ་སོགས་པའོ།། ཀ་ར་ནི་འདི ་རྣམས་ཀྱིས་འདོང་པེ་བྱའོ་ཞེསྔོ་པའོ།། དེ་ལ་ཁྱོགས་ཞེས་པ་ཁྱོགས་ལྟ་བུ་ནི་ཁྱོགས་ཏེ། འདི་ནི་ཉེ་བར་འདུག་པའི་ཀཱ་ར་ན་ཡིན་ལ། འདིར་བུད་མེད་བྱེད་པ་པོ་སྟེ། སྐྱེས་བུའི་ཆེད་དུ་དེ་སྦྱོར་བས་སྐྱེས་བུ་རྣམས་ཀྱི་སྒྲུབ་པར་བྱེད་བ ་གཞན་གྱི་ཡུལ་དུ་གནས་པ་མི་མོ་ཡིས་རང་གི་རྐང་པ་མདུན་དང་རྒྱབ་ནས་འདེགས་པར་བྱ་སྟེ། ཁྱོགས་སུ་འགྱུར་རོ།། འདིའི་མཚན་ཉིད་ཀྱི་ཚིགས་སུ་བཅད་པ་གསུངས་པ། ཕོ་མཚོན་སྟེང་ནི་གནས་པ་ལ།། མདུན་དོང་རྒྱབ ་ནས་མི་མོ་ཡིས།། རིམ་པས་རྐེད་པ་གདེག་པར་བྱ།། མི་མོའི་ཁྱོགས་སུ་རབ་ཏུ་གྲགས།། གང་གི་ཚེ་འདིས་སྐྱོ་བར་གྱུར་ནུ་དེའི་ཚེ་སྟེང་གི་ཀ་ར་ཎ་བཤད་པ། གྲུ་མོ་ཞེས་པ་གྲུ་མོ་སྦྱོར་བ་ལས་བསྟན་པའི་ཀ་ར་ཎ་འདིའི ་ཞེས་པ་གྲུ་མོའི་མིང་ཅན་ནོ།། དེ་ལ་སྐྱེས་པ་བྱེད་པོ་སྟེ། གདོང་སྟེང་དུ་གནས་པའི་གཉི་ག་དག་གིས་ཀྱང་སྟེ། མགྲིན་པ་ལ་འཇུས་པའི་བར་དུ་མྱོས་མས་རྐང་པ་གཡས་པའི་སྟེང་དུ་བསླང་བའི་པུས་མོའི་མཐིལ་ལ་གཡོན་པའི་གྲུབ ་མོ་བཞག་ནས་ལག་པ་གཡས་པ་དེའི་རྒྱབོ་ནས་གཟུང་བར་བྱ་སྟེ་གྲུ་མོར་འགྱུར་རོ།། འདིར་ཚིགས་སུ་བཅད་པར་གྱུར་པ། མི་མོའི་པུས་མོའི་མཐིལ་དུ་བླངས་ནས་གཡས་དང་གཡོན་གྱི་དཔུང་པ་ཡིས།། སྦྱར་ཏེ་སྟེང་གི་ཀ་ར་ཎ།། གཉིས ་ཀ་སྟེང་དུ་ཕྱོགས་པར་གནས། ཤིན་ཏུ་བརྐྱང་པ་ཞེས་པ་ལོ།། འདིར་ཡང་སྐྱེས་བུ་བྱེད་པ་པོ་སྟེ། རབ་ཏུ་བརྐྱང་པའི་ཁྱད་པར་གྱིས་ཁྱད་པར་དུ་བྱས་པ་ཉིད་ཀྱི་ཕྱིར་ཤིན་ཏུ་བརྐྱང་བའོ།། དེ་ཡང་གན་རྐྱལ་དུ་གཡས་པ་དང་གཡོན ་པའི་རྐང་པོའི་མཐིལ་ལ་རང་གི་ལག་པའི་མཐིལ་གྱིས་སྦྱར་ནས་ངང་པའི་གཽཤོག་པ་ལྟ་བུར་དཔུང་པ་བརྐྱང་སྟེ་རྫོགས་པར་བྱའོ།། འདིའི་མཚན་ཉིད་ཀྱི་ཚིགས་སུ་བཅད་པ་ནི་དང་པའི་གཤོག་པ་མཚུངས་རྣམ་པ།། གན་རྒྱལ་བ ་རུ་རབ་ཏུ་གྲགས།། རྐང་པ་རབ་ཏུ་བརྐྱང་གྱུར་པ།། གཉིས་ཀྱིས་རབ་ཏུ་བརྐྱང་བའོ་ཞེས་སོ།། འདི་ནི་གན་རྒྱལ་གྱི་ཀ་ར་ཎའོ་ཞེས་པ་དྲང་བའི་དོན་ཏོ།། ང་ནི་རྒྱུད་གཞན་དུ་གསུངས་པའི་ངེས་པའི་དོན་གསལ་བར་བྱ་བ་སྟེ། དཔལ་གསང ་བ་ནོར་བུའི་ཐིག་ལེར་གསུངས་པ་ཡང་། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་ཤིན་ཏུ་གསང་བ་གསུངས་པར་གྱུར་ཏོ།། རང་གི་སྐུ་ལས་ཕྱུང་ནས་རིགས ་ཀྱི་ལྷ་མོ་ཆེན་མོ་མདུན་དུ་བཞག་པར་གྱུར་ཏོ།། ཕྱག་ན་རྡོ་རྗེ་ཁྱོད་ཀྱིས་ཀྱང་རང་གི་སྙིང་ལ་ཡིད་དུ་འོང་བའི་ལྷ་མོ་ཕྱག་ཅིག། དེ་ནས་རྡོ་རྗེའི་བདག་ཉིད་ཀྱིས་རྡོ་རྗེ་གར་གྱིས་སྦྱོར་བས་རིགས་ཀྱི་ལྷ་མོ་ཆེན་མོ་ཕྱུང་བར་གྱུར་ཏོ།། དེ ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ལ་རྗེས་སུ་ཆགས་བཞིན་པས་ཞལ་ཅུང་ཟད་བཞད་པ། གཟུགས་མཛེས་ཤིང་ཡིད་དུ་འོང་བ། སྐལ་བ་བཟང་མོ་སྤྲོས་ནས་མདུན་དུ་བཞག་པར་གྱུར་ཏོ།། པུས་མོ་གཉིས་ཀྱིས་ཕྱོགས ་སུ་གནས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ།། ཨེ་མ་བདག་གི་གསང་བ་གང་ཡིན་པ།། འདི་ནི་མཆོག་ཏུ་གསང་བའོ།། དེ་ནས་རྡོ་རྗེ་སྒེག་མོ་རིགས་ཀྱི་ལྷ་མོ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགའ་མྱ་ངེས། བདག ་ཉིད་ཀྱི་གསང་བ་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ།། བདེ་བ་ཐམས་ཅད་དང་ལྡན་པ།། བདག་གི་གསང་བ་འདི་གང་ཞིག། ཆོ་ག་ཡིས་ནི་བསྟེན་བྱེད་པ།། དེ་ཡི་མདུན་དུ་གན་སོ་ན་སོ་དེ་ནས་བྱས་ན་རྗེས་བཅོས་འཐའས་ལ་འདི་སྐད་ཅེས་གསོལ་ཏོ།། བཙོ ་ལྡན་འདས་གསང་བ་འདི་བསྟན་དུ་གསོལ།། ཅི་ལྟར་བསྟེན་པར་བགྱི། དེ་ནས་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པས། ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རྐང་པས་རྐང་པ་མནན་བྱས་ནས།། མཆུ་ནི་མཁའ ་ལ་བཞག་པར་བྱ།། ལགས་པ་དག་གིས་སྦྱར་བྱས་ཏྭ།། མགོ་བོ་ལ་ནི་བསྐུར་བར་བྱ།། སེན་རྩེ་སྣ་དེ་ཡིས་པདྨ་ནི།། ལག་པ་གཡོན་པས་མཉེས་བྱས་ནུས།། རྡུལ་ནི་ཀུན་ནས་འབབ་པར་བྱ།། དེ་ནས་སོ་ཡིས་སོ་གཟུང་བྱ།། ་མཆུ་ཡིས་མཆུ་དང་ལྕེ་ཡིས་ལྕེ།། ཇི་སྲིད་འོ་ཐིགས་མི་རྒྱུའི་བོར།། དེ་སྲིད་རྡོ་རྗེ་གནས་པར་བྱི།། དཔོལ་གསང་བའི་ཐིག་ལེར་གསུངས་པ་ཡང་། ཕྱག་ན་རྡོ་རྗེ་འོ་མོའི་ཐིགས།། གསང་བའི་ཐིག་ལེར་ཤེས་པར་བྱ།། དཔལ་འཇིག་རྟེན ་གསུམ་གསང་བའི་རྒྱུད་དུ་གསུངས་པ་ཡང་། དེ་ལས་ལངས་ནས་ཉེ་བར་འཇུག་པར་བྱེད་ངོ་།། ཙོག་པུར་བྱེད་དོ།། དེ་ནས་འཆིང་བ་དེ་ཉིད་ཀྱིསཽ་འཛིན་པར་བྱེད་དོ།། དེ་ནས་པདྨ་དབང་པོའི་གཞུའི་རྣམ་པ་ཙནརྀ་དུ་འགྱུར་རོ།། པདྨའི ་དབུས་སུ་ནོར་བུ་གྲུ་གསུམ་བསམ་པར་བྱ་སྟེ། ནོར་བུའི་ཚད་ནི་རྣམ་པ་ནོར་བུའི་ཁ་དོག་མཱ་ཏཱིག་གཾ་འབྲས་བུ་འདྲ་བའོ།། དེ་ནས་སྔགས་པས་བསྐུལ་བར་བྱ་སྟེ། མགོ་བོ་དང་སྤྱི་གཙུག་དང་། རྒྱབ་དང་རྐེང་པའི་ཕྱོགས་དང་། ཕྱའི་རྒྱུའི ་པདྨའི་རྩེ་མོ་ལའོ།། དེ་ནས་སྐྱེང་དང་འོག་ཏུ་ཕྱོགས་པར་གནས་ནས་གསང་བའི་དོན་དུ་རྡོ་རྗེའི་ལྕེ་ཡིས་མྱུང་བར་བྷཱས་ཏྱེ། ཛཱཾ་སྲིང་འོ་མ་ལྟུང་བ་དེ་སྙིད་དུའོ།། དེ་ལས་ལངས་ཏེ་ཟློག་པའི་དགའ་ལས་སྤྱུགས་པས་འདོད་པདྨོ་བྱའོ།། ་དེ་ནས་ལྷ་མོ་ཆེན་མོ་བདེ་བཟོ་ཞེས་སྨྲ་བར་བྱའོ།། དེ་ནས་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྙིད་ཅེས་གསོལ་ཏོ།། རྡོ་རྗེའི་རྣལ་འབྱོར་མི་དེ་ཐར་པོའི་རྒྱུར་འདོད་པར་བགྱིའོ།། མདོར་བསྟན་པའི་ཚིག་འདིའི་རྒྱས་པར་བསྟན་པའི་ཆོག་ན ་དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་མཁའ་འགྲོ་མ་དྲ་བའི་སྡོམ་པར་གསུངས་པ་ཡང་། བཅོམ་ལྡན་ཐར་པ་ཞེས་བྱ་བ།། དེ་ནི་ཅི་ལྟར་ཅི་ཞིག་ལགས།། བཅོམ་ལྡན་འདས་ནི་ཆགས་པ་ཆེ།། དངོས་གྲུབ་ཐམས་ཅད་ཆགས ་ཕྱིར།། དངོས་གྲུབ་ཐམས་ཅད་འགྱུར་མང་བདེ།། བདེ་བ་ཆེན་པོ་ཞེས་པར་བཤད་།། ཀ་ར་ཎ་འདི་རྣམས་ཀྱིས་དགའ་བ་བཞིའི་བདག་ཉིད་ཅན་བདེ་བ་ཆེན་པོ་རྣལ་འབྱོར་པ་རྣམས་ཀྱི་དེ་ཉིད་ལ་ཉེ་བར་མཚོན་པར་བྱའོ།། འདི་ཉིད་དུ་ཡང ་གསུངས་པ། དགའ་བས་བདེ་བ་ཅུང་ཟད་ངེ།། མཆོག་ཏུ་དགའ་བ་བདེ་བས་ལྷག། ཁྱད་དགའི་དགའ་བས་ཆགས་བྲལ་འགྱུར།། ལྷག་མ་ལྷན་ཅིག་སྐྱེས་དགའོ།། དཔལ་པདྨའི་ཞབས་ཀྱིས་ཀྱང་། གསང་བ་གྲུབ་པོར་དགའ་བ་བཞིའི་བཤད ་བར་གསུངས་པ། དེ་ཉིད་སྟོན་པར་བྱེད་དེ། ཡང་དག་རིག་པ་སྐྱེད་མཆོག་གི། ཐེག་མར་བར་མཐའ་དྲི་མ་མེད།། དང་པོའི་ལས་ཅན་སེམས་ཅན་རྣམས།། མཚོན་བྱ་ཡིད་ཆེས་བྱེད་པ་ཅན།། མཁའ་དབྱིངས་རྡོ་རྗེ་སྦྱོར་ལས་དང་།། རིག་པ་ལས ་ཀྱང་རྨད་བྱུང་ཆེའི།། བདེ་བ་སྐྱེད་པར་བྱེད་པ་གང་།། དེ་ནི་མཆོག་དགའ་བྱེད་པ་པོ།། དེ་ཟད་པ་ལས་ཁྱད་དགའི་དགའ།། ཁྱུད་དགའི་མཐར་ཡང་གཞན་གང་ཞིག། བརྟན་དུ་མེད་པའི་རང་བཞིན་ཅན།། རང་ཉིད་ཅི་ཡང་སྐྱེ་བ་ནི།། དབང་པོ་ཀུན་གྱིས ་རྣམ་པར་གྲོལ།། གཉིས་མོང་མཆོག་ཏུ་ཞི་བ་སྟེ།། ཁྱབ་པར་བྱེད་པ་རང་བཞིན་མེད།། བྱང་ཆུབ་གོ་འཕང་མཆོག་དེའོ།། དཔལ་མཚན་ཡང་དག་པར་བརྗོད་པར་གསུངས་པ་ཡང་།། ཉོན་མོངས་ཁམས་རྣམས་དག་པའི་བདག། ལས་ཀྱི་ཁ ་རྣམས་ཟད་བྱེད་པ།། ཆུ་བོའི་རྒྱ་མཚོ་ཀུན་ལས་བརྒལ།། སྦྱོར་བའི་དགོན་པ་ལས་བྱུང་བ།། ཞེས་སོ།། ཀུན་ཏུ་བཟང་པོ་མཆོག་ཅེས་བྱ།། ཁྱད་དགའི་མཐའ་རྭ་རྣམ་པར་གནས།། སྒྲུབ་པ་པོ་ཡི་བདེ་མཆོག་གོ། གྲོལ ་བའི་གནས་སུ་རབ་ཏུ་གྲགས།། དྲུག་གིས་ལེགས་པར་ཡང་དག་ཕྱེ།། དཔལ་འདུས་པར་གང་གསུངས་པ། དེ་བཞིན་གཤེགས་པ་རྣམས་ཀྱིས་ཏེ།། རང་བཞིན་མེད་པ་མཆོག་ཏུ་དག། བྱང་ཆུབ་སེམས་ནི་བླ་ན་མེད།། རང་བཞིན་དག་པ་དེ་ཡི ་ནི།། རྒྱས་པར་བསྟན་པ་བདག་གིས་བཤད།། ནཱ་མཁའི་དབྱིངས་ཀྱི་དབུས་གནས་པར།། ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱ་ཞེས་པ་ལ་སོགས་པ་གང་བཤད་པ་དེ་ནི་ན་མཁའི་དབྱིངས་ཀྱི་སྟེང་དུ་རིན་པོ་ཆེ་ལས་གྱུར་པ་རྣམ་པར་གནས་པ ་ཏེ།། རྡོ་རྗེའི་བདེ་བའི་རང་བཞིན་སངས་རྒྱས་ཉིད་ཀྱི་འབྲས་བུ་སྟེར་བར་བྱེད་པ་བླ་མའི་བརྒྱུད་པའི་རིམ་པས་རྣལ་འབྱོར་པ་ཡིས་ཤེས་པར་བྱའོ་ཞེས་པ་ངེས་པའི་དོན་ཏོ།། དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་ཡི་རང་བའི་ལེའུར་གསུངས ་པའོ།། ཆོས་རྣམས་ཐམས་ཅད་ནི་རྟོག་པས་རྣམ་པར་བསྒྲུབས་པ་མི་སྐྱེས་པ། ངེས་པར་མ་སྐྱེས་པ། འོང་བ་མེད་པ། འགྲོ་བ་མེད་པའོ།། འདི་ལ་ཆོས་འགའ་ཞིག་ཀྱང་སྐྱེས་པ་མེད་དོ།། ཆོས་འགའ་ཡང་སྐྱེ་བར་མི་འགྱུར་རོ།། ཆོས་ཅི་ཡང་མི ་སྐྱེའོ།། ཆོས་ཅི་ཡང་འགགས་པ་ཡང་མ་ཡིན་ནོ།། ཆོས་ཅི་ཡང་འགག་པར་མི་འགྱུར་རོ།། ཆོས་ཅི་ཡང་མི་འགག་གོ་ཞེས་སོ།། དཔལ་ཀྱེའི་རྡོ་རྗེའི་རྒྱུད་ལ་རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ་དུ་ལྷན་ཅིག་སྐྱེས་པའི་དོན་གྱི་ལེའུ ་སྟེ། བཅུ་གཅིག་པའོ།། ། དེ་ནས་རྡོ་རྗེ་ཅན་གྱིས་དབང་བཞིའི་ཚིགས་སུ་བཅད་པ་བཀའ་སྩལ་པ། དཔ་མཚན་ཡང་དག་པར་བརྗོད་པར་བཀའ་སྩལ་པ་ཡང་། རྡོ་རྗེ་ཀུན་འཆང་རྡོ་རྗེ་ཅན།། རྡོ་རྗེ་གཅིག་པུ་གཡུལ་སེལ་བ། ་ཞེས་སོ།། རྡོ་རྗེ་ཆེ་དང་དྲིལ་བུ་ཆེ།། རྡོ་རྗེ་རབ་ཏུ་གནས་པར་ཟུང་། ཞེས་པ་ལ་སོགས་པ་ལ། འདིའི་ངེས་པའི་དོན་ནི་དཔལ་དེན་དམ་པའི་བསྙེན་པར་གསུངས་པ་ཡང་། ཤེས་རབ་ལག་ཏུ་རྡོ་རྗེ་ཅིའི་དོན།། ཐབས་ཀྱི་ལག་ཏུ་རྡོ་རྗེ་དྲིལ་བུ་ཡང་།། བདུད ་རྣམས་ཟད་དོན་བདེ་བ་སྟོན་པའི་དོན།། རྒྱུ་མཚན་ཅན་གྱི་ཚུལ་ཁྲིམས་འཛིན་པའང་མིན་ཞེས་སོ།། དཔལ་གདན་བཞི་པར་གསུངས་པ་ཡང་། སློབ་དཔོན་གྱི་ནི་ལམ་གྱིས་ནི།། མཁས་པ་རྣམས་ཀྱིས་བསྟན་པར་བྱ།། རྡོ་རྗེ་བདག་ཉིད་ཅེས་བསྐྱེད ་ནས།། དྲིལ་བུ་ཤེས་རབ་ཅེས་སྤྲུལ་ཏེ།། མཉམ་པར་ལྟ་བ་གནས་བྱས་ཏེ།། ལྷན་ཅིག་སྐྱེས་དགའི་རང་བཞིན་ལས།། རྡོ་རྗེའི་རྩེ་མོར་ཤེས་ས་བོན།། བདག་ཉིད་ལྷ་རྣམས་ཐམས་ཅད་ཚིམ་པ་ཉིད།། རྡོ་རྗེ་དྲིལ་བུ་རིང་ལུས་ཀྱི།། ཕྱག་རྒྱ་ཁ་སྦྱོར ་སྦྱར་བར་བྱ།། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་བཞིའང་།། དེ་ཁོ་ན་ཉིད་ལས་གཟུང་བྱ།། དེ་ཉིད་ཀྱིས་ནི་རྡོ་རྗེ་གསོར།། དྲིལ་བུའང་རང་གི་འདོད་པས་དཀྲོལ།། གཉིས་ཀྱི་ལུས་ནི་དགའ་བྱས་ནས།། ལྷ་རྣམས་ཐམས་ཅད་ཚིམ་པར་བྱས།། རྣལ་འབྱོར་པ་ལ་དེ ་ཉིད་མེད།། གླང་ཆེན་དྲིལ་བུ་དཀྲོལ་དང་མཚུངས།། རྣལ་འབྱོར་དེ་ཉིད་ཀྱིས་དམན་ལ།། དངོས་གྲུབ་རིང་བར་མཚོན་པར་བྱ་ཞེས་པ་ངེས་པའི་དོན་ཏོ།། དྲང་བའི་དོན་གྱིས་ནི་འདི་ཐམས་ཅད་གོ་སླའོ།། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས།། བྱང ་ཆུབ་སྲས་རྣམས་དབང་བསྐུར་བ།། གསང་བའི་དབང་བསྐུར་ཆེན་པོ་ཡིས།། སེམས་ཀྱི་རྒྱུན་གྱིས་དབང་བསྐུར་རོ་ཞེས་པ་དང་། ལྷ་མོ་དགའ་སྦྱིན་གནས་བྱིན་མ།། སྣ་ཚོགས་གཟུགས་ཅན་ཡིད་འོང་མ།། ཁྱེར་ཅིག་ཁྱེར་ཅིག ་སེམས་དཔའ་ཆེ།། ཁྱེར་བར་བྱས་ནས་མཆོད་པ་གྱིས། ཞེས་པ་ལ་འདིར་བརྗིད་པར་བྱ་སྟེ། དཔལ་དང་པོའི་སངས་རྒྱས་སུ་གསུངས་པ་ཡང་། དབུས་སུ་སྲོག་ནི་རབ་ཏུ་ཞུགས་པ་སྣ་ཚོགས་ཡུམ་ལ་ཡུལ་དང་རྣམ་བྲལ་འཁྱུད་པ་སྟེ།། པདྨ ་ས་པ་རང་གི་རྡོ་རྗེ་སྤྲོ་བའང་དེ་བཞིན་ཟླ་ཉིའི་དབུས་སུ་རབ་ཞུགས་པ།། བདེ་བ་ས་བོན་མ་ལྷུང་བ་ལ་རབ་དགའི་དགར་གནས་རྣལ་འབྱོར་པ་ཡི་རྣལ་འབྱོར་འདི།། ཕྱག་རྒྱའི་དངོས་གྲུབ་དོན་རྒྱུར་ཁྱབ་བདག་གི་ནི་དཔལ་ལྡན་གསང་བ་ལིས ་ཀྱང་གསང་བའོ་ཞེས་སོ།། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང་།། རྡོ་རྗེ་སྙིང་པོ་ན་མཁའ་མཚུངས།། རྡུལ་བྲལ་མཐར་སྦྱིན་ཞི་བ་སྟེ།། ཁྱོད་ཀྱི་ཕ་ཡང་ཁྱོད་རང་ཡིན་ཞེས་པ་ལ་སོགས་པ་སྟེ། དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་མངོན་པའི་ང་རྒྱལ ་གྱི་ལེའུར་གསུངས་པ་ཡང་། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པའི་རང་བཞིན་གྱིས་ཡོངས་སུ་དག་པའི་ཆོས་རྣམས་ཐམས་ཅད་ལ་གང་མི་འགྲོང་ཞིང་མི་ཞུམ་པ་འདི ་