| Wylie | e-texts produced with BDRC’s OCR application |
སྟོང་ཕྲག་བརྒྱ་པའི་རྣམ་པར་བཤད་པ་ཞེས་བྱ་བ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ།། ཉན་ཐོས་ཞི་བ་ཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་མཛད་གང་ཡིན་དང་།། འགྲོལ ་ཕན་པར་བཞེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་གྲུབ་མཛད་པ་གང་།། གང་དག་ཡང་དག་ལྡན་རྣམས་ཐུབ་རྣམས་སྣ་ཚོགས་འདི་དག་རྣམ་པ་ཀུན་གསུང་བ།། སངས་རྒྱས་ཉན་ཐོས་བྱང་ཆུབ་སེམས་དཔའི ་ཚོགས་དང་ལྡན་ཡུམ་དེ་ལ་ཕྱག་འཚལ་ལོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོན་ལུགས་ནི་གཉིས་ཏེ། སྔོན་བྱུང་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲུལ་པ་པོས་ཇི་ལྟར་མཛད་པ་དང་། རྗེས་སུ་འཇུག་པ ་མངོན་པར་རྟོགས་པའི་རིམ་པའོ།། སྔོན་བྱུང་ལ་གཉིས། མདོ་ཡོན་ཏན་རིན་པོ་ཚེ་འབྱུང་བའི་རྒྱུ་གླེང་གཞི་ཕུན་སུམ་ཚོགས་པ་དང་། མདོ་ཡོན་ཏན་རིན་པོ་ཆེ་འབྱུང་བའི་རྐྱེན་གླེང་བསླང་བའོ།། གླེང་གཞི་ལ ་གཉིས་ལས། ཐུན་མོང་གི་གླེང་གཞི་ནི། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རཾ་ལཱ་དགེ་སློང་ལྔ་སྟོང་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། ་དེ་ལ་སོགས་པ་ཕུན་སུམ་ཚོགས་པ་ལྔ་ཡིས་བསྟན་ནོ།། ཐུན་མོང་མ་ཡིན་པའི་གླེང་གཞི་ནི་འཁོར་ཐུན་མོང་མ་ཡིན་པ་དང་། སྟོན་པ་ཐུན་མོངས་མ་ཡིན་པས་བསྟན་ནོ།། འཁོར་ལ་གཉིས་ལས། ཉན་ཐོས་ཞི་བ་ཚོལ ་བ་ནི་དགེ་སློང་གི་དགེ་འདུན་ནོ།། ཉེ་བར་ཞི་བར་ཁྲིད་པ་ནི་དགྲ་བཅོམ་པ་ལ་སོགས་པའི་ཡོན་ཏན་བཅུ་བཞིའོ།། ཀུན་ཤེས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ལ་མོ།། འགྲོ་ལ་ཕན་པར་བྱེད ་པ་ནི་བྱང་ཆུབ་སེམས་དཔའ་བཟང་སྐོང་ལ་སོགས་པའོ།། འཇིག་རྟེན་དོན་སྒྲུབ་མཛད་པ་ནི་ཐམས་ཅད་ཀྱང་གཟུངས་རབ་ཏཱ་ཐོབ་པ་ལ་སོགས་པའི་ཡོན་ཏན་ནོ།། ལམ་ཤེས་པ་ཉིད་ནི་ལམ་མོ།། སྟོན་པ་ཐུན་མོང་མོ ་ཡིན་པ་ནི་བཅོམ་ལྡན་འདས་ཉིད་ཀྱི་ས་ག་ངན་སེང་གེའི་ཁྲི་བ་ཤམས།། རྔ་རྗེའི་སྐྱིལ་ཀྲུང་བཅས། སྐུ་དང་པོར་བསླངས།། དགེངས་པ་མངོན་དུ་བཞག་པ་ན་ཐུབ་རྣམས་ཞེས་པའོ།། རྣམ་པ་ཀུན་ལྡན་སྣ་ཚོགས་འདི ་གསུང་ས་བྲེས་པས་ནི་ཆོ་འཕྲུལ་རྣམ་པ་གསུམ་བསྟན་པ་ལས། ཏིང་ངེ་འཛིན་གྱི་ཆོ་འཕྲུལ་གྱིས་སྣོད་ཀྱི་འཇིག་རྟེན་བྱི་དོར་དང་། བཅུད་ཀྱི་སེམས་ཅན་ཡོངསུ་སྨིན་པར་མཛད་པ་གཉིས་ལུས། ཏིདྲི་ངེ་འཛིན་གྱི་རྒྱལ ་པ་དང་། སེང་གེ་རྣམ་པར་རོལྔ་པོའི།། ཏིང་ངེ་འཛིན་གྱི་རྒྱལ་པོ་ལ་བཞི། སྐུ་ཐམས་ཅད་ནས་འོད་ཟེར་རབ་ཏུ་བཀྱོ་བ་དང་། པ་སྤུའི་པུ་ག་དང་། རང་བཞིན་གྱིས་འོད་ཟེར་དང་། ལྗགས་ཀྱི་དབང་པོ་ལས་འོད་ཟེར་བཀྱེ་བའོ།། ་སེང་གེ་རྣམ་པར་རོལ་པའི་ཏིང་ངེ་འཛིན་གྱི་སེམས་ཅན་ཡོངས་སུ་སྦྱོང་བ་ལ་ལྔ། ངན་འགྲོའི་རྒྱུད་ཡོངསུ་སྦྱང་བ་དང་། མིའི་སྐྱོན་སྦྱང་བ་དང་། ཕན་སེམས་བསྐྱེད་པ་དང་། དགེ་སེམས་བསྐྱེད་པ་དང་། དེ་ལ་ཆེདུ ་བརྗོད་པའོ།། རྫུ་འཕྲུལ་གྱི་ཆོ་འཕྲུལ་ལ་བཞི། རྫུ་འཕྲུལ་གྱིས་ཟིལ་གྱིས་མནན་པ་དང་། གདུལ་བྱ་མོས་པར་བྱ་བ་དང་། མཆོད་པ་བྱིན་གྱིས་བརླབ་པ་དང་། གདུལ་བྱ་སྐལ་བ་དང་ལྡན་པར་བསྟན་པའོ།། འཁོར་སྡུད ་པའི་ཆོ་འཕྲུལ་ལ། ཞིང་ཁམས་བཅུ། བྱང་ཆུབ་སེམས་དེ་བཞིན་གཤེག་པ་བཅུ། བྱང་ཆུབ་སེམས་དཔའ་བཅུ། དྲིས་པ་བཅུ། ལན་བཅུ། ཞུས་པ་བཅུ། གནང་བུ་བཅུ། འདི་ཉིད་བུ་བྱོན་ནས་བསྙེན་བཀུན ་བྱས་པ་བཅུ་ནི། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་རིན་ཆེན་ཡོད་པ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་དཀོན་མཆོག་འབྱུང་གནས་ཞེས་བྱ་བ་བཞུགས་ཤིང་འཚེ་གཞེས་ཏེ། དོ་ནི་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་ཀུན་ནས་འོད་ཟེར་ཞེས་བྱ་བ་འདུག་འདུག་པས། འོད་ཆེན་པོ་འཇིག་རྟེན་དུ་བྱུང་བ་དང་། དོགས་ཚར་གཡོས་པ་དང་། དེ་བཞིན་གཤེགས་པའི་སྐུ་བྱ་ང་ལྟ་བུ་ཆོག་མི་ཤེས་པ་མཐོང་ནས།། ་འདི་ཅིའི་རྒྱུ་ཅིའི་རྐྱེན་དྲིས་པས། འདི་ནི་ནུབ་ཕྱོགོས་ལོག་ནས་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ཀུན་གྱི་ཕ་རོལ་ན། འཇིག་རྟེན་གྱི་ཁམས་མི་མཛད་ཅེསོ་བྱ་བ་ཡོད་དུ། དེ་ན་དེ་བཞིན་གཤེགས ་པ་དགྲ་བ་ཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་ཤིང་འཚོ་སྐྱོང་ངོ་།། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཏེ། འདི ་ནི་དེའི་མཐུའོ།། བྱང་ཆུབ་སེམས་དཔའ་ཀུན་ནས་འོད་ཟེར་གྱི་བདག་ཅག་ཀྱང་དེ་བཞིན་གཤེགས་པ་བལྟ་བའི་ཕྱིར་མཆིའོ་ཞེས་ཞུས་པས། གནང་བ་ནི་ཁྱོད་དེའི་དུས་ལ་བབ་པར་ཤེས་ན་སེང ་ཞིག་ལ། འཇིག་རྟེན་གྱི་ཁམས་དེར་བག་ཡོད་པར་སྤྱོད་ཅིག་ཅེས་པ་ལ་སོགས་པའོ།། དེ་ནས་ཤར་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་པོ་བྱས་ནས་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་དང་མཐུ་ཆེན ་པོས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་གལ་དེར་བྱོན་ཏོ། བཅོམ་ལྡན་འདས་ལ་བསྙུན་མི་མངའ་འམ་ཞེས་གསོལ་ནས་མེ་ཏོག་གཏོར་རོ།། བཅོམ་ལྡན་འདས་ཀྱིས་མེ་ཏེ་གཽ་བཞེས་ནས་ཤུར་ཕྱོགས་ཀྱི་ལོགས་སུ་གཏེར་རོ། ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་དེ་རྣམས་མེ་ཏོག་པདྨས་ཁེབས་པར་གྱུར་ནས། མེ་ཏོག་དེ་དག་ལ་དེ་བཞིན་གཤེགས་པའི་སྐུ་མང་པོ་བཞུགས་ཤིང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཆོས་སྟོན་ནོ།། ཆོས་དེ་སེམས་ཅན ་གང་དག་གིས་ཐོས་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པའི་བྱང་ཆུབ་ཐོབ་པོར་གྱུར་ཏོ།། བྱང་ཆུབ་སེམས་དཔའ་ཁྱིམ་པ་དང་རབ་ཏུ་བྱུང་བ་འམ། ཁྱེའུ་དང་བུ་མེའི་གཟུགསུ་ཀྱིས་རང་རང་གི་དྲུགེ་པའི་རྩ་བས་མཆོད ་པ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་པར་གྱུར་ཏོ།། དེ་བཞིན་དུ་ཕྱོག་ས་གཞན་ལ་འགྲོའོ།། དེའི་ཚེ་དེའི་དུས་ན་གོ་ཞི་རིན་པོ་ཆེའི་རང་བཞིན་དུ་གྱུར། མེ་ཏོག་གསིལ་མེ་སྣ་ཚོགས་དང་། དར་གྱི་ལྔ་ལྡིང་དང་། སྤོས་ཀྱི ་ཤིང་དང་དཔག་བཱས་མ་གྱི་ཤིང་རྩེ་མོ་གཡུར་ཟ་བ་སྣ་ཚོགས་དཔེར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མེ་ཏོག་ཀུན་ནས་རྒྱས་པའི་ཞིང་དག་ན། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་བཞུགས། ་པ་འམ། ལྷའི་བུ་ཤིན་ཏུ་བརྟན་པར་བཞུགས་པའི་འཇིག་རྟེན་གྱི་ཁམས་པདྨ་ཅན་བཞིན་དུ་གྱུར་ཏོ།། གང་དུག་ཡང་དག་ལྡན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ང། ཡུམ་དེ་གསུམ་ལ་ཕྱག་འཚལ་བྱའོ།། དེ ་ཡང་གླེང་གཱནི་རྒྱུས་པ་བཀའ་སྩལ་སྡུད་པར་བྱེད་པ་མཆོད་བརྗོད་ཚིག་ལེའུར་བྱིས་པ་མཛོད་ཅེས་པའོ།། གླེང་གཞིའི་ལེའུ་སྟེ་དང་པོའོ།། ། མདོ་ཡོན་ཏན་རིན་པོ་ཚེ་འབྱུང་བའི་རྐྱེན་གླེང ་བསྲུང་བ་ནི་གཉིས། སྟོན་པས་གླེང་བསློང་བུ་དང་། འཁོར་གྱིས་གླང་བསླང་བའོ།། སྟོན་པས་གླེང་བསླང་བ་ནི་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ལྷ་དང་བཅས་པ། བདུད་དང་བཅས་པ། དགེ་སློང་དང་བྲམ་ཟེ་དོང་། བྱེད ་ཆུབ་སེམས་དཔའ་གཞོན་ནུར་གྱུར་པ་མང་པོ་སྟོང་གསུམ་གྱི་སྟོང་འདིར་འདུས་པར་ཐུགསུ་ཆུད་ནས། ཚེ་དང་ལྡན་པ་ཤཱུ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐོམས ་ཅད་རྣབ་ཐདུ་མངོན་པར་རྫོགས་པར་སངས་རྒྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་པའོ།། འཁོར་གྱིས་གླེང་བསླང་བ་ནི་མདོ་དོན་གཞུང་གནས་སྐབས་སུ་སྟོན་ཏོ།། དགོས་འབྲེལ ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལམ།། སྟོན་པས་འདི་ལས་བཤད་པ་གང་། གཞན་གྱིས་མྱོང་བ་མ་ཡིན་དེ།། བློ་དང་ལྡན་པས་མཐོང་འགྱུར་ཕྱིར།། ཆོས་སྤྱོད་བཅུ་ཡི་བདག་ཉིད་ཀྱི།། མདོ ་དོན་དྲན་པ་ལ་བཞག་ནས།། བདེ་བླག་ཏུ་ནི་རྟོགས་འགྱུར་པ།། བྱ་བ་རྩོམ་པའི་དགོས་པ་ཡིན།། ཞེས་པ་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དགོས་པའི་དགོས་པའོ།། བརྗོད་བྱ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའོ།། ་དགོས་པ་ནི་བརྗོད་བྱ་རྟོགས་པའོ།། འབྲེལ་པ་ནི་ཐབས་དང་ཐབས་ལྔ་བྱུང་བའོ།། མངོན་རྟོགས་མཛད་པའི་དགོས་པ་ནི་དོན་དེ་ཉིད་འཕགས་པ་ཐུགས་མེད་ལ་སོགས་པས་བདེ་བླགས་ཏུ་རྟོགས་པའི་ཐབས་སུ་མཛོད་པའོ ་རྗེས་སུ་འཇུག་པ་ལ་གཉིས། ལུས་རྣམ་པར་བཞག་པ་དང་།། ཡན་ལིགྣ་རྒྱུས་པར་བཤད་པའོ།། ལུས་རྣམ་པར་བཞག་པ་ནི་ཡུམ་ཆེན་མོ་འདི་ལ་ཚིགས་སུ་བཅད་པ་སྟོང་ཕྲག་བརྒྱ་ཐམ་པ།། ་བྷི་མ་པྱཱ་སུམྨེ་བརྒྱ།། ཞུས་ལནི་བརྒྱཉྫི་ཤྩ། རྣམ་གྲངས་བཅུ་གཅིག། འགྲེས་རྐང་བརྒྱ་རྩ་བརྒྱུད་། འདྲེས་རྩཝ་སུམ་བརྒྱ་དྲུག་ཅུ། བཤུང་ཐབས་རྣམ་པ་ལྔ། བཤད་པ་དཀྱུས་ཐོབ། གང་ཟག་ཉམས་ཐེག། ཆེས ་ཉིད་དོན་ཐོག་དང་གསུམ། སྐབས་བརྒྱད་ཀྱིས་མདོར་བསྟེན། སྐབས་ཆུང་བདུན་ནུས་རྒྱས་པར་བཤད། གཞུང་བྱེ་བྲག་ཏུ་ཕྱི་བས་ཤིན་ཏུ་རྒྱས་པར་བཤེད་ངོ་།། ཉེ་བར་བསྦུབ་ལ་གཉིས། དྲུག་གིས་གནས ་སྐབས་ཀྱི་བསྡུ་བ། གསུམ་གྱིས་རྩ་བའི་བསྡུ་བའོ།། སྐབས་བརྒྱད་ནི། ཤེས་རབ་ཕ་རོལ་ཕྱིན་པ་ལ།། དངོས་པོ་བརྒྱད་ཀྱིས་ཡང་དག་བཤད།། རྣམ་ཀུན་མཁྱེན་ཉིད་ལམ་ཤེས་ཉིད།། དེ་ནས་ཐམས་ཅད་ཤེས་པ་ཉིད།། ་རྣམ་ཀུན་མངོན་རྫོགས་རྟོགས་པ་དང་།། རྩེ་མོར་ཕྱིན་དང་མཐར་གྱིས་པ།། སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ།། ཆོས་ཀྱི་སྐུ་དང་དེ་རྣམ་བརྒྱུད།། ཅེས་པའོ།། དེ་ལ་ལྟ་སྒོམ་རྣམ་པ་བཞི།། ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་རང ་བཞིན་མེད་པ་ནི་རྣམ་པ་སྐྱེ་མེད་དོ།། འཕགས་པའི་གང་ཟག་ཐམས་ཅད་ཀྱི་ལམ་རྣམས་རང་བཞིན་མེད་པར་རྟོགས་པ་ནི་ལམ་སྐྱོ་མེད་དོ།། གཞི་ཕུང་པོ་ཁམས་ལ་སོགས་པ་གདོད་མ་ནས་རང་བཞིན་མེད་པར་ཤེས་པ་ནི་གཞི ་སྐྱེ་མེད་དོ།། དེ་གསུམ་གྱི་གཞི་དངོས་པོར་སྒྲོ་འདོགས་པ་དང་། ལམ་སེམས་ཉིད་དུ་ཞེན་པ་དང་། འབྲས་བུ་རྣམས་པ་ཐམས་ཅད་མཁྱེན་པ་ཉིད་ལ་རེ་བའི་སྒྲོ་འདེགས་གསུམ་ཆོད་པུས་གཏན་ལ་ཕེབས་བྱའོ།། སྒོམ་པ་ལ ་གཉིས།། ཐུན་སྒོམ་དུ་དེ་གསུམ་རྫོགས་པར་སྒོམ་པ་ནི་རྣམ་ཀུན་མངོན་རྫོགས་སྷོ།། དེ་ཉིད་རྟོགས་པ་ལ་སྐྱེད་བྱུང་ནས་འབད་རྩོལ་མི་དགོས་པར་སྒོམ་པ་ནི་རྩེ་མོ་མངོན་རྟོགས་སོ།། སྤྱོད་པ་ལ་གཉིས། ཕ་རོལ་ཏུ་ཕྱིན་པ་དྲུག ་རིམ་གྱིས་འཆར་བ་ནི་མཐར་གྱིས་པ། འབྲལ་མེད་དུ་བསྒྲིམས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ཅིག་ཅར་དུ་རྫོགས་པ་ནི་སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པའོ།། ཆོས་སྐུ་མཛད་པ་དང་བཅས་པ་ནི། བདག ་དོན་གཞན་དོན་ཕུན་སུམ་ཚོགས་པ་སྟེ་འབྲས་བུའོ།། སྐབས་སུ་ཆུང་བདུན་ཅུ་ནི།། སེམས་བསྐྱེད་པ་དང་གདམས་ངག་དང་། ངེས་འབྱེད་ཡན་ལག་རྣམ་བཞི་དང་།། སྒྲུབ་པ་ཡི་ནི་རྟེན་གྱུར་པ།། ཆོས་ཀྱི ་དབྱིངས་ཀྱི་རང་བཞིན་དང་།། དམིགས་པ་དག་དང་ཆེད་དང་ནི།། གོ་ཆ་འཇུག་པའི་བྱ་བ་དང་།། ཚོགས་ནི་ངེས་པར་འབྱུང་བཅས་རྣམས།། ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད།། མོག་མེག་པར་བྱེད་ལ་སེགས་དང་།། སློབ་མ་བས ་རུའི་ལམ་གང་དང་། འདི་དང་གཞན་པའི་ཕན་ཡིན་གྱིས།། ཕན་ཡོན་ཆེ་བ་མཐོང་བའི་ལམ།། བྱེད་པ་དང་ནི་མོས་པ་དང་།། བསྟོད་དང་བཀུར་དང་བསྔགས་པ་དང་།། བསྔོ་དང་རྗེས་སུ་ཡི་རང་དང་།། ཡིད་ལ་བྱེད་པ་བླ་མེད་དྲུག། ་སྒྲུབ་དང་ཤིན་ཏུ་དག་པ་ཞེས།། བྱ་བ་འདི་ནི་སྒོམ་པའི་ལམ།། བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱི།། ལམ་ཤེས་ཉིད་ནི་དེ་འདྲར་བཤད།། ཤེས་པས་སྙིང་ལ་མི་གནས་ཤིང་།། སྙིང་རྗེས་ཞི་ལ་མི་གནས་དོང་།། ཐབས་མ་ཡིན ་པས་རིང་བ་དང་།། ཐབས་ཀྱིས་རིང་བ་མ་ཡིན་ཉིད།། མི་མཐུན་གཉེན་པོའི་ཕྱོགས་དག་དང་།། སྦྱོར་དང་དེ་ཡི་མཉམ་ཉིད་དང་།། ཉན་ཐོས་ལ་སོགས་མཐོང་བའི་ལམ།། དེ་འདྲར་ཀུན་ཤེས་ཉིད་དུ་འདོད།། རྣམ་པ་སྦྱོར་བར ་བཅས་རྣམས་དང་།། ཡོན་ཏན་སྐྱོན་ནི་མཚན་ཉིད་བཅས།། ཐར་དང་ངོས་འབྱེད་ཆ་མཐུན་དང་།། སློབ་པ་ཕྱིར་མི་ལྡོག་པའི་ཚོགས།། སྲིད་དང་ཞི་བ་མཉམ་ཉིད་དང་།། ཞིང་དག་བླ་ན་མེད་པ་དང་།། འདི་ནི་ཐབས་མཁས་བཅཝ ་པ་ཡིན།། དེ་ཡིས་རྟགས་དང་རྣམ་འཕེལ་དང་།། བརྟན་དང་སེམས་ཀུན་གནས་པ་དང་།། མཐོང་ཞེས་བྱ་དང་བསྒོམ་པ་ཞེས།། བྱ་བའི་ལམ་ནི་སྔོ་སོ་ལ།། རྣམ་པར་རྟོག་པ་རྣམ་པ་བཞི་ཡིས།། གཉེན་པོ་རྣམ་པ་བཞི་དང་ནི།། བཱར ་ཆུང་མེད་པའི་ཏིང་ངེ་འཛིན།། ལོག་པར་སྒྲུབ་དང་བཅས་པ་ནི།། རྩེ་མོའི་མངོན་རྟོགས་མཐར་གྱིས་པ།། རྣམ་གསུམ་རྣམ་བཅུ་སྐད་ཅིག་མ།། གཅིག་གིས་མངོན་རྫོགས་བྱང་ཆུབ་པ།། མཚན་ཉིད་ཀྱིས་ནི་རྣམ་པ་བཞི།། ངོ་བོ་ཉིད ་ལོངས་རྫོགས་བཅས་པ།། དེ་བཞིན་གཞན་ནི་སྦྲུལ་སྐུ་དང་།། ཆོས་སྐུ་མཛད་པར་བཅས་པ་སྟེ།། རྣམ་པ་བཞིར་ནི་ཡང་དག་བརྗོད།། ཅེས་པ་ནི་བསྡུས་པའི་དོན་ནོ།། དགོས་པའི་དོན་ནི་བཤད་པ་པོས་བཤད་བླ་བ། ཉན་པ ་པོས་རྟོགས་སླ་བའོ།། ཚིག་གི་དོན་ནི་གཞུང་དང་སྦྱར་རོ།། ལྕེའུ་བྱུདྲི་ནས་ཤཱ་རིའི་བུའི་ཞུས་པ་ལན་གསུམ། འཁོར་སྤྱིའི་ཞུས་ལན་དང་བཞི། ཞལ་གྱི་སྒོ་ནས་ལྗགས་ཀྱི་དབང་པོ་པ་རྐྱང་ནས་རབ་འབྱོར་ལ་ཆོས་སྟོན ་བཱཔཱར་བསྐུལ་བ་ནི་བསྡུས་པའི་དོན་ནོ།། ཞེས་ལན་དང་པོ་ནི་ཤཱ་རིའི་བུས་སྤངས་རྒྱས་པར་འདོད་པས་ཞུས་ལན་ལ་སེམས་བསྐྱེད། ཞུས་ལན་གཉིས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ལ་ཇི་ལྟར་བརྩོན ་གྱིས་ནུས་ལན་ལ་གོང་མས་ངག་རང་གི་ངོ་བོ།། དམིགས་པ་བདེན་པ་བཞི། རྟེན་སངས་རྒྱས་དང་ཆོས་ལ་གདམས་པའོ།། ཞུས་ལན་གསུམ་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད ་པཱ་དེ་དག་གང་ནས་ཚེ་འཕོས་ནས་འདིར་འོངས།། འདི་ནས་གར་སྐྱེ་ཞེས་ཞུས་པའི་ལན་དུ་དགེ་འདུན་ཉི་ཤུ། མ་ཞེན། མི་ངལ། ལམ་ཡེངས་སུ་འཛིན་པ། སྤྱན་ལྔ་དང་། མངོན་པར་ཤེས་པ་དྲུག་ལ་གདམ ་པའོ།། ཞུས་ལན་བཞི་པ་འཁོར་སྤྱི་ཡིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་ནས། མངོན་པར་རྫོགས་པར་སངས་རྒྱས་པར་འགྱུ་རོ་ཞུས་པས། དེའི་ལན་འཐུང་པ་དང་བཅས་པ་གསུང ་སོ།། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར།། ཡང་དག་རྫོགས་པའི་བྱང་ཆུབ་འདོད།། ཅེས་པ་ནི་སེམས་ཅན་གྱི་དོན་དུ་རྫོགས་པའི་བྱང་ཆུབ་འདོད་པ་སྟེ། སེམས་བསྐྱེད་ཀྱི་ངོ་བོའོ།། དེ་དང་དེ་ནི་མདོ་བཞིན་དུ།། བསྡུས་དང་རྒྱས།། ་བའི་སྒོ་ནས་བརྗོད།། ཅེས་པ་ལཱ། དེ་དོང་དེ་ནི་གཞན་དོན།། དེ་ནཱི་བྱང་ཆུབ་མང་བཞིན་ནི་བསྡུས་པ་ནས་སྨོན་འཇུག་གཉིས་སུ་གསུངས། མྱད་རྒྱས་པ་ནས་དགོས་པའི་སྒོ་ནས་ཉི་ཤུ་རྩ་གཉིས་གསུངས་པ་ནི། དེ་ཡཱིངས ་གླུ་སེར་ཟླ་བ་མོ།། གཏར་དྲང་རིན་ཚན་འབྱུང་གམདོ།། རྡོ་རྗེ་རི་སྨན་བཤེས་གཉེན་དང་། ཡིད་བཞིན་ནོར་བུ་ཉི་མ་གྷཱ། རྒྱལ་པོ་མཛོད་དངུ་ལམ་པོ་ཆེ།། བཞོན་པ་བཀོད་མའི་ཆུ་དང་ནི།། སྒྲ་སྙན་ཆུ་བོ་སྤྲིན་རྣམས ་ཀྱིས།། རྣམ་པ་ཉི་ཤུ་རྩ་གཉིས་སོ།། ཞེས་པ་ལས། བདུན་པ་ལས་ལྟ་བུའི་བྱང་ཆུབ་ཀྱི་སེམས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང ་རྒྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ།། དགེ་བའི་ལོ་ཏོག་ཐམས་ཅད་སྨིན་པས་ས་དང་འདྲའོ།། བསམ་པ་བཟང་པོ་གསེར་ལྟ་བུའི་བྱང་ཆུབ་ཀྱི་སེམས་ནི་སྦྱིན་པ་དང་གཏོང་བ་དང་ལེན་པ་མི ་དམིགས་པའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོང་སུ་རྫོགས་པར་འདོད་པ་ལ་སོགས་པས་ཡུམ་ལ་བསླབ་པར་བྱའོ།། ནེམ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་བསམ་པ་མི་འགྱུར་བས་གསོར་དང་འདྲའོ།། ལྷག་པའི་བསམ་པ། ་ཟླ་བ་ཆེས་པ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ནི་དྲན་པ་ཉེ་བར་བཞག་པ་ནས་སངས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་མི་དམིགས་པའི་ཚུལ་གྱིས་ཡོངས་སུ་རྫོགས་པར་འདོད་པས་ཡུམ་ལ་བསླབ་པར་བྱའོ།། དགེ ་བིའི་རྩ་བ་རྫོགས་པར་གོང་ནས་གོང་དུ་འཕེལ་བས་ཟླ་བ་ཆེས་པ་ལྟ་བུའོ།། སྦྱོར་བ་མེ་ལྟ་བུའི་བྱང་ཆུབ་ཀྱི་སེམམ་ནི་རྣམས་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པརྱ་འདོད་པ་དང་། ལམ་རྫོགས་པར་འདོད་པ་དང་། གཞི ་ཐམས་ཅང་ཤེས་པར་འདོད་པ་དང་། བག་ཆགས་ཀྱི་མཚམས་སྦྱོར་བ་ཡོངས་སུ་སྣང་བར་འདོད་པོས་ཡུམ་ལ་བསླབ་པར་བྱའོ།། མཁྱེན་པ་གསུམ་གྱི་མི་མཐུན་པའི་ཕྱོགས་ཀྱི་བུད་ཤིང་བསྲེགས་པས་མེ་ལྟ་བུའོ།། སྦྱིན ་པའི་ཕ་རོལ་ཏུ་ཕྱིན་པ་གཏེར་ལྟ་བུའི་བྱང་ཆུབ་ཀྱི་སེམས་ནི་སེར་སྣ་ཅན་རྣམས་སྦྱིན་པ་ལ་དགོད་པར་འདོད་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཟིལ་གྱིས་མནན་པར་འདོད་པས་ཡུམ་ལ ་བསླབ་པར་བྱའོ།། སྦྱིན་པ་མི་ཟད་པ་གཏེར་ཆེན་པོ་ལྟ་བུའོ།། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེའི་འབྱུང་ཁུངས་བཟང་པོ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ནི་ཚུལ་ཁྲིམས་འཆལ་པ་རྣམས ་ཚུལ་ཁྲིམས་ལ་དགོད་པར་འདོད་པོས་ཡུ་མོ་ལ་བསླབ་པར་བྱའོ།། མངོན་མཐོ་དང་ངེས་ལེགས་ཚུལ་ཁྲིམས་ལོས་འབྱུང་བས་རིན་པོ་ཆེའི་འབྱུང་། ཁུངས་བཟང་པོ་ལྟ་བུའི།། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྒྱ་མཚེ་ལྟ་བུའི།། ་བྱང་ཆུབ་ཀྱི་སེམས་ནི་སེམས་འཁྲུགས་པ་རྣམས་བཟོད་པ་ལ་དགོད་པར་འདོད་པས་ཡུམ་ལ་བསླབ་པར་བྱའོ།། བཟོད་པ་དེ་ཟབ་པས་རྒྱ་མཚོ་ལྟ་བུའོ།། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་ལྟ་བུའི་བྱང་ཆུབ་ཀྱི་སེམས ་ནཱི་ལི་ལཱི་ཅན་རྣམས་བརྩོན་འགྲུས་ལ་དགོད་པར་འདོད་པས་ཡུམ་ལ་བསླབ་པར་བྱའོ།། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་མི་དགེ་བས་དབྱེ་བར་མི་ནུས་པས་རྡོ་རྗེ་ཕ་ལམ་ལྟ་བུའོ།། བསམ་གཏན་གྱི་ཕ་རོལ་ཏུ ་ཕྱིན་པ་རིའི་རྒྱལ་པོ་ལྟ་བུའི་བྱང་ཆུབ་ཀྱི་སེམ་ནི་སེམས་གཡེངས་པ་རྣམས་བསམ་གཏན་ལ་དགོད་པར་འདོད་པས་ཡུམ་ལ་བསླབ་པར་བྱའོ།། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མཚན་མ་དང་མཚན་མ་མེད་པས་མཱི ་སྐུལ་བས་རི་རེ་བ་ལྟ་བུའི།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྨན་བཟང་པོ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ནི་ཤེས་རབ་འཆལ་པ་རྣམས་ཤེས་རབ་ལ་དགོད་པར་འདོད་པོ་དང་། ཉན་ཐོས་རང་རྒྱལ་གྱི་ཤེས་རབ་ཟིལ ་གྱིས་མནན་པར་འདོད་པས་ཡུམ་ལ་བསླབ་པར་བྱའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉོན་མོངས་པའི་ནད་ཐམས་ཅད་ཞི་བར་བྱེད་པས་སྨན་ལྟ་བུའོ།། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དགེ་བའི་བཤེས་གཉེན་ལྟ་བུའི་བྱང་ཆུབ ་ཀྱི་སེམས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཐབས་མཁས་པས་ཆུང་དུ་ཡང་རྣམ་པ་ཐོམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་ཟད་པར་འདོད་པས་ཡུམ་ལ་བསླབ་པར་བྱའོ།། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡང་དགེ་བའི་གྲོགས་སུ་འཚོར ་པབཔས་དགེ་བའི་བཤེས་གཉེན་ལྟ་བུའོ།། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ནི་ཚེ་རབས་ཐམས་ཅད་བདག་གིས་སངས་རྒྱས་ཀྱི་སྐུ་མཐོང་བ་དང་། སངས་རྒྱས་ཀྱིས ་དགོངས་ཤིང་མྱུར་དུ་དེ་བཞིན་གཤེགས་པའི་ས་རྟོགས་པར་འདོད་པས་ཡུམ་ལ་བསླབ་པར་བྱའོ།། སྨན་ལམོཾ་གྱི་ཕ་རོལ་ཏུ་ཕྱིན་པ་དགོས་འདོད་ཐམས་ཅད་འབྱུང་བས་རིན་པོ་ཆེ་ལྟ་བུའོ།། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན ་པ་ཉི་མའི་སྙིང་པོ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ནི་བདག་གིས་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཐམས་ཅད་རྫོགས་པར་འདོད་པ་དང་། སེམས་ཅན་ཐམས་ཅད་དགེ་བ་ལ་གཟུང་པར་འདོད་པས་ཡུམ་ལ་བསླབ་པར་བྱའོ།། སྟོབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་གདུལ་བྱ་ཡོངས་སུ་སྨིན་པར་བྱེད་པས་ཉི་མ་ལྟ་བུའོ།། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་གླུ་དབྱངས་སྙན་པ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་སེམས་བསྐྱེད་པ ་གཅིག་གིས་འདོང་ཞིང་ཡོན་ཏན་བརྗོད་པ་དང་། སྒྲ་དབྱངས་གཅིག་གིས་གོ་བར་འདོད་པ་དང་། སྟོང་པ་བཅོ་བརྒྱད་ཤེས་པར་འདོད་པ་དང་། དེ་བཞིན་ཉིད་ལ་སོགས་པའི་ཆོས་ཐམས་ཅད་ཀྱི ་མཚན་ཉིད་ཁོང་དུ་ཆུད་པར་འདོད་པས་ཡུམ་ལ་བསླབ་པར་བྱའོ།། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་གདུལ་བྱ་རྣམས་ཀྱི་དང་བ་འདྲེན་པ་བྱེད་པ་དཱི་ཊཱིའི་གླུ་དབྱངས་སྙན་པ་ལྟ་བུའོ།། མངོན་པར་ཤེས་པ་རྒྱལ་པོ་ལྟ་བུའི་བྱང་ཆུབ་ཀྱི ་སེམས་ནི་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཤེས་པར་འདོད།། ཆུ་ཐམས་ཅད་སྐུའི་ཉག་མཽ་གཅིག་གིས་བླང་བར་འདོད། མེའི་ཕུང་པོ་ཐམས་ཅད་ཞི་བར་འདོད། རླུང་གི་དཀྱིལ་འཁོར་ཐམས་ཅིད་ཞི་བར ་འདོད།། སྐྱིལ་མོ་ཀྲུང་གཅིག་གིས་ཁེངས་པར་འདོད། སྐྲ་ཉག་མ་གཅིག་གི་སྦས་ནས་གཞན་དུ་འཕངས་པར་འདོད་པས་ཡུམ་ལ་བསླབ་པར་བྱའོ།། མངོན་པར་ཤེས་པ་དབང་འབྱོར་པ་ཐོབ་པར་འདོད་པས་འདི་ལ་མི་མོས ་པར་མི་བྱ་སྟེ་རྒྱལ་པོ་དང་འདྲའོ།། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བང་མཛོད་ལྟ་བུའི་བྱང་ཆུབ་ཀྱི་སེམས་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང ་གི་བྱེ་མ་སྙེད་ནོ།། སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་འཁོར་དང་བཅས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཇི་སྙེད་བཞུགས་པ་དེ་དག་ཐམས་ཅད་བསོད་སྙོམས་གཅིག་དང་། མེ་ཏོག་དང ་སྤོས་ལ་སོགས་པ་གཅིག་གི་ཁྱེད་པར་འདོད་པ་དང་། མི་མཉམ་པའི་ཕུང་པོ་ལྔ་ལ་དགོད་པར་འདོད་པ་དང་། རྒྱུན་ཏུ་ཞུག་པ་ལ་སོ། པ་ལ་དགོད་པར་འདོད་པས་ཡུམ་ལ་བསླབ་པར་བྱའོ།། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས ་ཟད་མི་ཤེས་པས། བང་མཛོད་ལྟ་བུའོ།། ལམ་པོ་ཆེ་ལྟ་བུའི་བྱང་ཆུབ་ཀྱི་སེཾ་ས་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་ཤེས་པར་འདོད་པ་དང་། ཐོབ་པར་འདོད་པ་དང་། དགེ་བ་ལ་སོགས་པ་དམིས ་པ་བཅུ་གཅིག་གི་ཕ་རོལ་ཏུ་ཕྱིན་པར་འདོད་པས་ཡུམ་ལ་བསླབ་པར་བྱའོ།། བྱང་ཆུབ་ཀྱི་སེམས་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་གཤེགས་པས་ལམ་པོ་ཆེ་ལྟ་བུའོ།། ཞི་གནས་དང ་ལྷག་མཐོང་དང་ལྡན་པ་བཞོན་པ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བར་འདོད་པ་དང་། དེ་བཞིན་གཤེགས་པའི་ནང་གི་འཁོར་དུ་འགྱུར་བར་འདོད་པས་ཡུམ ་ལ་བསླབ་པར་བྱའོ།། ཞི་གནས་དང་ལྷག་མཐོང་དང་ལྡན་པ་ནི་གང་དུ་འང་མི་ལྟུང་བར་འགྲོ་བས་བཞོན་པ་གླང་པོ་ཆེ་ལྟ་བུའོ།། གཟུངས་ངང་སོ་སོ་ཡང་དག་རིག་པ་དང་ལྡན་པ་བཀོད་མའི་ཆུ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ནི ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མེ་སྙེད་ཀྱི་སངས་རྒྱས་ཀྱི་གསུང་རབ་ཡན་ལག་བཅུ་གཉིས་སུ་གསུངས་པ་དང་། གསུང་བ་དང་། གསུང་བར་འགྱུར་བ་ཐམས་ཅད་ཤེས་པ་དང་མི་བརྗེད་པར ་འདོད་པས་ཡུམ་ལ་བསླབ་པར་བྱའོ།། གཟུངས་དང་སོ་སོ་ཡང་དག་པར་རིག་པ་དང་ལྡན་པ་ནི་རུང་ཞིང་མི་ཟད་པས་ན་བཀོད་མའི་ཆུ་ལྟ་བུའོ།། སྒྲ་སྙན་པ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ནི་ཕྱོགས་བཅུའི ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ན། མུན་པ་མུན་ནག་སྨུག་གིས་ཁྱབ་པ་ཐམས་ཅད་བསལ་བྱར་འདོད་པ་དང་། དཀོན་མཆོག་གསུམ་གྱི་སྒྲ་བསྒྲག་པར་འདོད་པ་དང་། ཡང་དག་པའི་ལྟ་བོ་ལ་དགོད ་པར་འདོད་པ་དང་། བཙོན་ར་དང་ཁྲི་མོན་ནུ་འཁོད་པ་ཐམས་ཅད་བདག་གི་མཐུས་རང་དགར་སྦྱང་བར་འདོད་པས་ཡུམ་ལ་བསླབ་པར་བྱའོ།། ཐར་པ་ཐོབ་པར་འདོད་པ་རྣམས་ལ་སྙན་པ་སྒྲོགས་པ་དགའ་སྟོན་ལྟ ་བུའོ།། ཆུ་བོ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ནི་ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་ན་སེམས་ཅན་དམུ་ས་ལོང་གང་དག་འཁོད་པ་དེ་དག་ཐམས་ཅད་ཀྱིས་མིག་གིས་གཟུགས་མཐོང་བ་དང་། འོན་པ་ལ་སོགས་པས་སྒྲ་ཐོས ་པ་ལ་སྟེགས་པར་འདོད་པས་ཡུམ་ལ་བསླབ་པར་བྱའོ།། སེམས་ཅན་གྱི་དོན་རྒྱུན་མི་འཆད་པར་བྱེད་པས་ཆུ་བོ་ལྟ་བུའོ།། སྤྲིན་ལྟ་བུའི་བྱང་ཆུབ་ཀྱི་སེམས་ནི་ནམ་ཞིག་གླང་པོ་ཆེའི་ལྟ་སྟངས་ཀྱིས་བལྟ་བར་འདོད་པ་ལ་སོགས ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ།། སེམས་ཅན་གྱི་དོན་ཆེར་ལྟ་བུར་འབཔོ་པས་སྤྲིན་ལྟ་བུའོ།། བྱང་ཆུབ་ཀྱི་སེམས་ཀྱི་ཡོན་ཏན་ནི། རྒྱལ་པོ་ཆེན་པོ་བཞི་ཡང་ལྷུང་བཟེད་འབུལ། ལྷ་རྣམས་ཀྱང་དགའ་བའི ་ཡིད་ཀྱིས་འབུལ། བྱང་ཆུབ་སེམས་དཔའ་ཉིད་ཀྱང་འདོད་པ་ལ་སྤྱོད་པས་ནི་ཚངས་པའི་འཇིག་རྟེན་དུ་སྐྱེ་བའི་བར་དུ་གཅོད་ན། བླ་ན་མེད་པའི་བྱང་ཆུབ་ལ་ལྟ་ཅི་སྨོས་སྙམ་ནས་ཚུངས་པར་སྦྱང་དེ་བླ་ན་མེད་པ་ཡང་དག ་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ།། ཞུས་ལན་ནི་ཤཱ་རིའི་བུས་གསོལ་པ། བྱང་ཆུབ་སེམས་དཔའ་འདོད་པ་ལ་བརྟེན་པ་མཆིས་སམ་ཞེས་ཞུས་པའི་ལམ་དུ་། བྱང་ཆུབ་སེམས་དཔའ ་ལ་ལ་ནི་སེམས་དང་པོ་བསྐྱེད་པ་ཉིད་ནས་གཞོན་ནུར་གྱུར་པ་དག་ཀྱང་ཡོད་དོ།། ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་རྣམས་པར་དཔྱོད་པས་འདོད་པའི་ཉོན་མོངས་པ་དང་བྲལ་ཀྱང་སེམས་ཅན་ཡོངསུ་སྨིན་པར ་བྱ་བའི་ཕྱིར་འདོད་པའི་ཡོན་ཏན་ལ་ཡོངས་སུ་སྤྱོད་པ་ཡང་སྟོན་ཏེ། ཉམས་ཀྱིས་སྤྱོད་པ་ནི་མེད་དོ།། དཔེ་སྒྱུ་མོ་མཁན་ལྟ་བུའོ།། འདོད་པར་རོང་རྒྱུད་དུ་སྤྱོད་ནི་འདོད་པ་རྣམས་ནི་ཀུན་ནས་འབར་བ་ལ་སོགས་པའི་སྦྱིན་ཡོད ་དོ||གདོམས་ངག་ནི་དོན་དུ་གཉེར་བར་བྱ་བའི་དོན་ལ་ཚེགས་ཆུང་ངུས་དོན་འགྲུབ་པོའི་ཐབས་ཀྱི་ངག་གོ། ང་རེས་ནི་སངས་རྒྱས་འགྲུབ་པར་བྱེད་པའི་ཐབས་སླ་བ་གཅིག་སྟོན་པ་སྟེ། སངས་རྒྱས་འགྲུབ་པར་བྱེད་པ ་ལ་འཁོར་བར་མི་འཁྱམ་པ་ཞིག་དགོས། འཁོར་བར་མི་འཁྱམ་པ་ལ་ཆགས་སྡང་མེད་པ་ཞིག་དགོས། དེ་ལ་གཟུང་འཛིན་མོད་པ་ཞིག་དགོས། དེ་ལ་དངོས་པོ་འཁྲུལ་སྣང་དུ་ཤེས་པ་ཞིག་དགོ་སོ། མཁས་པ་པོཎྜི་ཏིའི ་ལུགས་ཀྱིས་སྒྲོ་འདོག་ས་ཕྱིརརུ་གཅོད་ལྟ་རྟོག་ཕྱི་རུ་བྱེད་དེ། རྟོག་བཅས་འཁྲུལ་པ་ཡིན་པར་འདོད་པས་ཡུལ་བཅད་པས་དེར་འཛིན་གྱི་ཤེས་པ་ལྡོག་པའོ།། ཀུ་སུ་ལུའི་གདམས་ངག་གི ་ལུགས་ཀྱིས་སྒྲོ་འདོགས་ནང་དུ་གཅོད། ལྷ་རྟོག་ནང་དུ་བྱེད་དེ་རྟོག་མེད་མ་འཁྲུལ་པ་ཡིན་པས་རང་ངོས་རང་གིས་ཤེས་དགོས།། རྟོགས་པ་ཅིག་རང་ལ་སྐྱེ་དགོས། ཕྱི་རོལ་གྱི་ཡུལ་བཀག་པས་མི་ཁེགས། བསྒྲུབས ་པས་མི་འགྲུབ། དཔེར་ན་མིག་ནད་ཅན་གྱི་སྒྲ་ཤད་དང་འདྲ། རང་སེམས་དག་ནི་མཚན་མ་རང་སར་གྲོལ་ལོ།། དེ་ཡང་སྒྲུབ་དང་བདེན་པ་རྣམས་དང་ནི།། སྤངས་རྒྱུ་ས་ལ་དཀོན་མཆོག་གསུམ།། མ་ཞེན་ཡོངས ་སུ་མི་ངལ་དང་། ལམ་ནི་ཡོངས་སུ་འཛིན་པ་དང་།། སྤྱན་ལྔ་དང་ནི་མངོན་ཤེས་དང་།། ཡོན་ཏན་དྲུག་དང་མཐོང་ལམ་དང་།། སྒོམ་ཞེས་བྱ་ལ་གདམས་ངག་ནི།། བཅུ་ཡི་བདག་ཉིད་ཤེས་པར་བྱ།། ཞེས་པ་ལས་རང་གི་ངོ ་བོ་སྒྲུབ་པ་ལ་གདམས་པ་ལ་གསུམ་སྟེ། སྣང་སྲིད་འཁྲུལ་སྣང་དུ་བསྟན་པ་དང་། དེ་ལྟར་དུ་ཤེས་པའི་ཤེས་རབ་དེ་ཉན་ཐོས་ལ་སོགས་པ་ལས་ཁྱད་པར་དུ་འཕགས་པ་དང་། དེས་ན་བྱང་ཆུབ་སེམས་དཔའ་སྦྱིན་པའི ་གནས་སུ་འགྱུར་བའོ།། སྣང་སྲིད་འཁྲུལ་སྣང་དུ་བསྟན་པ་ལ་ལྔ་ལས། དང་པོ་ནི་ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བགྱི། བཀའ་སྩལ་པ། བྱང ་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱང་ཆུབ་སེམས་དཔའ་དང་། མིང་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྤྱོད་པ་དང་། གཟུགས་ལ་སོགས་པ་ཐམས་ཅད་ཡང་དག་པར་རྗེ་སུ ་མི་མཐོང་སྟེ། དེ་ཅིའི་ཕྱིར་ཞེ་ན། གཟུགས་ལ་སོགསོ་བ་སྟོང་པའི་ཕྱིར་རོ།། གཟུགས་ཀྱང་གཞན་མ་ཡིན། སྟོང་པ་ཡང་གཞན་མོ་ཡིན། ཞེས་པས་སྟོང་པ་བཞི་སྦྱོར་དུ་བསྟན། བྱང་ཆུབ་སེམས་དཔའ་ལ་སོགས་པ ་ཐམས་ཅད་མེད་ཙམ། གཟུགས་ལ་སོགས་པ་ཐམས་ཅད་སྒྱུ་མ་ལྟ་བུ། སྒྱུ་མ་ནི་གང་ནས་ཀྱང་མ་འོངས། གང་དུའང་མི་འགྲོ། སྒྱུ་མ་ལ་སྐྱེ་བ་མེད། འགག་པ་མེད། ཀུན་ནུས་ཉོན་མོངས་པ་མེད། རྣམ་པར ་བྱུང་བ་མེད། ཆོས་སོ་སོའི་མིང་དེ་ཐམས་ཅད་ནི་སྒྱུ་མའི་མིང་གིས་སྒྲོ་བ་ཏཱ་གས་པ་སྟེ། དེ་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་ནོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྒྱུ་མེད་འགག་མེད་དུ་རྟོགས་ཏེ། ་བྱེད་པའི་སྐྱེས་བུ་བཅུ་གཉིས་ཞེས་ཐ་སྙད་དུ་བརྗོ་ད་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་དམིགོས་སུ་མེད་དོ།། དེ་བཞིན་དུ་ཆོས་ཐམས་ཅད་ཐ་སྙད་དུ་བརྗོད་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་དམིགསུ་མེད་དོ།། ་དེ་ལྟར་དུ་ཤེས་པའི་ཤེས་རབ་དེས་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཐམས་ཅད་འཕགས་པ་ཤཱ་རིའི་བུ་དང་། མོདྒལ་གྱི་བུ་ལྟ་བུ་ཤ་སྟག་གིས་འདམ་བུའི་ཚལ་ལ་སོགས་པ་བཞིན་གང་བར ་གྱུར་པ་ཡིས། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་དེའི་བརྒྱ་ལ་སོགས་པའི་ཆར་ཡང་ཉེ་བར་མི་ཕོད་དོ།། ཤཱ་རིའི་བུས་གསོལ་པ། ཆོས་ཐམས་ཅད ་དབེན་པ། མ་སྐྱེས་པ། ངོ་བོ་ཉིད་ཀྱིས་སྟོང་པ་ལ་ཉན་ཐོས་དང་རང་རྒྱལ་གྱི་ཤེས་རབོ་དང་བྱང་ཆུབ་སེམས་དཔའི་ཤེས་རབ་ལ་ཁྱད་པར་ཅི་མཆིས་ལགས། བཀའ་སྩལ་པ། ཤཱ་རིའི་བུ་ཉན་ཐོས་དང་རང་སངས ་རྒྱུརྒྱས་རྣམས་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་ཐམས་ཅད་ཀྱི་དོན་བྱ་སྙ་མ་མམ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་སྙམ་མམ། གསོལ་པ་དེ་ལྟ་མ་ལགསོ།། བཀའ་སྩལ་པ། དཔེར་ན་སྲིན་བུ་མེ་ཁྱེར་གྱི ་འོད་དང་ཉི་མའི་དཀྱིལ་འཁོར་གྱི་དཔེ་ཡིས་བསྟན་ནོ།། བྱང་ཆུབ་སེམས་དཔའི་སྦྱིན་པའི་གནས་སུ་བསྟན་པ་ནི་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་སྦྱིན་པའི་གནས་ལགས་སམ། བཀའ་སྩལ་པ། ་སེམས་དང་པོ་བསྐྱེད་པ་ཉིད་ནས་ཉན་ཐོས་ཆེན་པོ་རྣམས་ཀྱི་སྦྱིན་པའི་གནས་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ཡོད་ན་དགེ་བ་བཅུ་ལ་སོགས་པ་ཐམས་ཅད་འཇིག་རྟེན་དུ་འབྱུང་བར་འགྱུར།། དམིགས ་པ་བདེན་པ་བཞི་ལ་ག་མས་པ་ལས།། སྡུག་བསྔལ་གྱི་བདེན་པོ་ལ་གདམས་པ་ནི། གསོལ་པ་ཇི་ལྟར་བརྩེན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྩོན་ཤེས་བགྱི། བཀའ་སྩལ་པ། ཕུང་པོ། ཁམས། སྐྱེ་མ་ཚད་བདེན ་པ་འདུས་བྱས། འདུས་མ་བྱས། རྟེན་འབྲེལ་རང་བཞིན་སྟོང་པ་ཉིད་བདུན་པོ་འདི་དག་ལ་བརྩོན་ན་བརྩོན་ཞེས་བྱའོ།། ཀུན་འབྱུང་གི་བདེན་པ་ལ་གདམས་པ་ནི། དེ་དགྲ་ལ་བརྩོན་པའི་ཚེ་བརྩོན་ཞེས་བྱ་བ་འམ། མི་བརྩོན ་ཞེས་བྱ་བར་མི་སྤྱོད་དེ། ངོ་ཅིའི་ཕྱིར་ཞེ་ན། གཟུགས་སྐྱེ་བ་འམ་འགག་པ་འམ། ཀུནྡ་ནས་ཉོན་མོངས་པའམ། རྣམ་པར་བྱེད་པ་འམ། གཟུགས་ནི་ཚོར་བ་དང་ལྷན་ཅིག་རྗེསུ་རྒྱུ་ཞེས་བྱ་བར་ཡང་དག་པར་རྗེ་སུ་མི ་མཐོང་། དེ་ཅིའི་ཕྱིར་ཞེ་ན། གཟུགས་གཟུགས་ཀྱིས་སྟོང་ངོ་།། སྟོང་པ་ཉིད་གང་ཡིན་པ་དེ་ལ་གཟུགས་ལ་སོགས་པ་མེད། སྐྱེ་འགག་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་དང་། དུས་གསུམ་མེད་དོ།། འགོག ་པ་ལ་གདམས་པ་ནི། དེ་འདྲ་བ་དེ་ལ་གཟུགས་ནས་སངས་རྒྱས་དང་། བྱང་ཆུབ་ཀྱི་བར་དུ་མེད་དོ།། ལམ་ལ་གདམས་པ་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་ལྔ་བརྩོན་ཞེས་བྱ་བ་འམ། མི་བརྩོན་ཞེས་བྱ་བར་མི ་སྦྱོར་རོ།། རྣམ་ཐར་སྒོ་གསུམ་དང་སྦྱོར་བར་ཡང་མི་བྱེད་འབྱེད་པར་མི་བྱེད་དེ།། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་ད་ལྟར་བྱུང་བ་དང་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་སྦྱོར་པོར་མི་བྱེད་འབྱེད་པར་མི་བྱེད་དེ། དེ ་ཅིའི་ཕྱིར་ཞེ་ན། གང་ལ་དབྱེ་བར་བྱ་བ་འམ་སྦྱར་བར་བྱ་བའི་ངོ་བོ་ཉིད་མེད་ཅིང་མི་དམིགས་པའི་ཕྱིར་རོ།། སངས་རྒྱས་དཀོན་མཆོག་ལ་གདམས་པ་ནི་དུས་གསུམ་དང་སངས་རྒྱས་སུ་སྦྱོར་བར་མི་བྱེད་འབྱེད་པ ་མི་བྱེད། གཟུགས་ནས་རྣམ་མཁྱེན་གྱི་བར་དང་སངས་རྒྱས་སུ་སྦྱོར་བར་མི་བྱེད་འབྱེད་པར་མི་བྱེད་དོ།། ཆོས་དཀོན་མཆོག་ལ་གདམས་པ་ནི། འདྲེས་རྐང་བཅུ་གཉིས་ཀྱིས་ཆོས་ཐམས ་ཅད་རང་བཞིན་མེད་པར་བསྟོན་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་དངོས་པོ་ཡོད་ཅེས་བྱ་བའམ། དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ།། རྟག་ཅེས་བྱ་བ་དང་མི་རྟག་ཅེས་བྱ་བ་དང་། བད་སྡུག་དང་། བདག་ཡོད་མེད ་སྡུག་མི་སྡུག་དང་། སྟོང་མི་སྟོང་དང་། མཚན་མ་ཡོད་མེད་དང་། སྨོན་པ་ཡོད་མེད་དང་། སྐྱེ་འགག་དང་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དང་། དུས་གསུམི་དང་། ཡོད་མེད་དང་། གཟུགས་ནས་རྣམ ་མཁྱེན་གྱི་བར་དུ་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ།། སྤྱོད་ཅེས་བྱ་བར་མི་སྤྱོད་ཅེས་བྱ་བ་དང་། གཉི་ག་དང་གཉི་ག་མ་ཡིན་པ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ།། བློ ་བ་མེད་པ་ནི་ཕར་ཕྱིན་ནས་ཡང་དག་པའི་མཐའི་བར་གྱི་དེ་ན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ།། མངོན་པར་ཤེས་པ་དྲུག་གི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོང་ངོ་།། པོན་ཡོན་གྱི་ཆོས་བཅུ ་སངས་རྒྱས་རྣམས་དགོངས་པ་མཛད་དེ།། ལྷ་རྣམས་བསྲུང་བ་མཛད་དོ།། གཟུངས་དང་ཏིང་ངེ་འཛིན་ཐམས་ཅད་ཀྱང་ཆགས་ཆུང་ངུས་མངོན་དུ་འགྱུར་རེ།། གང་ལ་ཡང་ཐེ་ཚོམི་ཟ་ཞིང་སྣང་སྟེང་དུ་མི་འབྱེད་དོ།། དགེ་འདུ ་དཀོན་མཆོག་ལ་གདམས་པ་ནི། དབང་པོ་རྟུལ་དང་རྣོན་པོ་དག། དང་དང་མཐོང་ཐོབ་རིགས་ནས་རིགས།། བར་ཆང་གཅིག་པར་བསྐྱེད་ནས་དང་།། བྱེད། ངང་བྱེད་མིན་འོག་མིན་འགྲོ། འཕར་གསུམ་སྲིད་རྩེའི་མཐར་ཐུག ་འགྲོ། གཟུགས་ཀྱིས་འདོད་ཆགས་བཅོམ་པ་དང་།། མཐོང་ཆོས་ཞི་ལུས་མངོན་སུམ་བྱེད།། བ་སེ་རུ་དང་ནི་ཉིད་ཤུའོ།། ཞེས་པ་ལས། ཤཱ་རིའི་བུས་གསོལ་པ། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ ་དེ་ལྟལྟར་སྤྱོད་པ་དེ་གང་ནས་ཚེ་འཕོས་ནས་འདིར་འོངས་པ་ལགས། འདི་ནས་ཚེ་འཕོས་གང་དུ་སྐྱེ་བར་འགྱུར། བཀའ་སྩལ་པ། འདི་ནི་སངས་རྒྱས་ཀྱི་ཞིང་གཞན་ནས་ཚོའ་ཕོས་ནས་འདིར་སྐྱེས་པ་དབང་པོ་རྣོན་པོ། དགའ ་ལྡན་གྱི་གནས་ནས་འདིར་སྐྱེས་པ་དབང་པོ་འབྲིང་། མིའི་ནང་ནས་འདིར་སྐྱེས་པ་དབང་པོ་ཐ་མའོ།། ཡང་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་སྟེ་ཞེས་པ་ནི་མུདོ་སྤྱིར་བསྟན་ན།། དད་པས་མོས་པའི ་དགེ་འདུན་ནི་བསམ་གཱ་ཏ་ནརྀ་ལ་མཉ་མ་པར་གཞོག་ཅིང་། ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་དེ་བསམ་གཏན་ཐོབ་པས་ལྷ་ཚེ་རིང་པོར་སྐྱེ་ཞིང་། བསམ་གཏན་སྤངས་ནས་མོའི་ནང་དུ་སྐྱེས་ཏེ་དབང་པོ་རྣོ་བ་དག་ཀྱང ་ཡོད་དོ།། མཐོང་ཐོབ་ནི་སྙོམས་འཇུག་གསུམ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆེས་སུམ་དུ་རྩེ་བདུན་ལ་སྙོམས་པར་འཇུག་ཅིང་སྙིང་རྗེ་ཆེན་པོ་ལ་འཇུག་སྟེ། དེ་དག་གི་དབང་གིས་མི་སྐྱེ་ཞིང་། སངས་རྒྱས་བཅོམ་ལྡན ་འདས་མངོན་དུ་གྱུར་པ་ལ་བསྙེན་བཀུར་བྱེད་པ་དག་ཀྱང་ཡོད་དོ།། མིའི་རིགས་ནས་རིགས་སུ་སྐྱེ་བ་ནི་ཏིང་ངེ་འཛིན་རྣམ་པ་གསུལ་སྙོམས་འཇུག་གསུམ་པ་ལ་སྙོམས་པར་འཇུག་ཀྱང་དེ་དག་གི་དབང ་གིས་མི་སྐྱེ་ཞིང་རྒྱལ་རིགས་སམ། བྲམ་ཟེ་ཁྱིམ་བདག་གི་རིགས་སུ་སྐྱེས་ཏེ། ཡང་སྲིད་པ་ལ་བརྐམ་པའི་ཕྱིར་ནི་མ་ཡིན་གྱི། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རོ།། འདོད་པ་ཁམས་ཀྱི་ལྷའི་རིགས་ནས་རིགས ་སུ་སྐྱེ་བ་ནི་སྙོམས་འཇུག་གསུམ་པ་ལ་སྙོམས་པར་འཇུག་ཅིང་། དེ་དག་གི་དབང་གིས་མོ་སྐྱེ་བར་འདོད་ཁམས་ཀྱི་ལྷའི་རིགས་སུ་གནས་ཤིང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ།། གཟུགས་ཁམས་ཀྱི་རིགས་ནས་རིགས ་སུ་སྐྱོ་བ་ནི་སྙོམས་འཇུག་གསུམ་ལ་ཞུགས་པ་དེ་ཤི་འཕོས་ནས་ཚུངས་པའི་འཇིག་རྟེན་དུ་ཚངས་པ་བརྒྱ་ཕྲག་བཅུ་ལ་དབང་སྒྱུར། སངས་རྒྱས་བཅོམ་ལྡན་འདས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས་པར་བྱེད ་པའོ།། སྐྱེ་བ་གཅིག་གིས་ཐོགས་པ་ནི་བྱང་ཆུབ་སེམས་དཔའ་ཆེ་གཅིག་གིས་ཐེགས་པ་དག་སྙོམས་འཇུག་གསུམ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན། རྣམ་ཐར་སྒོ་གསུམ་ལ་སྙེམས་པར་འཇུག་ཅིང་། དེ་དག ་གི་དབང་གིས་མི་སྐྱེ་བར་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དག་ཀྱང་ཡོད་དོ།། བར་མ་དེར་ཡོངས་སུ་མྱ་ངན་ལས་འདའ་བ་ནི་བྱང་ཆུབ་སེམས་དཔའ་མངོན་ཤེས་དྲུག་ཐོབ་པ་དག། ཁམས་གསུམ ་དུ་མི་སྐྱེ་བར་སངས་རྒྱས་ལ་རིམ་གྲོ་བྱེད། ཉན་ཐོས་དང་རང་རྒྱལ་གྱི་སྒྲ་མི་གྲགས་པའི་སངས་རྒྱས་ཀྱི་ཞིང་དུ་འདོང་ཞིང་། ཚེ་དཔག་ཏུ་མེད་པར་དཀོན་མཆོག་གསུམ་གྱི་སྒྲ་མཱི་གྲག་པའི་སར་དཀོན་མཆོག་གསུམ་སྐུ ་སྒྲ་སྒྲོགས་པར་བྱེད་པ་དག་ཀྱང་ཡོད་དོ།། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ནི་སེམས་དང་པོ་བསྐྱེད་ཕྱིན་ཆད་བསམ་གཏན་བཞི་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དག་ཐོབ་ནས་ཁམས་གསུམ་དུ་མི ་སྐྱེ་བར་དེ་དག་ཏུ་དོན་བྱེད་པ་དང་། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། སེམས་ཅན་སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པ་དག་ཀྱང་ཡོད་དོ།། མངོན་པ ་འདུ་བྱེད་པ་དང་བཅས་པའི་མྱ་ངན་ལས་འདའ་བ་ནི་སྙོམས་འཇུག་གསུམ་གྱིས་རྣམ་པར་བརྩ་ཞིང་བསམ་གཏན་དང་པོ་ལ་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་མཉམ་པར་འཇོག་གོ་ལ་སོགས་པའི ་མངོན་པར་འདུ་བྱེད་པ་མེད་པར་མྱ་ངན་ལས་འདའ་བ་ནི་དྲན་པ་ཉེ་བར་གཞུག་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དང་། རྣམ་ཐར་སྒོ་གསུམ་ཐོབ་ཀྱང་། རང་རྒྱུན་ཏུ་ཞུགས་པ་ལ་སོགས་པ་ཐོབ་པར་མི ་བྱེད་པར་གཞན་རྒྱུན་ཏུ་ཞུགས་པ་ལ་སོགས་པ་ལ་འགོད་པ་དག་ཀྱང་ཡོད་དོ།། འཕར་བ་དང་པོ་ནི་ཕྱིར་མི་ལྡོག་པ་ཡིན་པར་ཤེས་པར་བྱའོ།། འབར་བ་གཉིས་པ་ནི། དགའི་ལྡན་གྱི་གནས་ཡོངས་སུ་སྦྱོང་བ་དག ་ཀྱང་ཡོད་དེ། བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་ཡིན་པར་ཤེས་པར་བྱའོ།། འཕྱར་བ་གསུམ་པ་ནི་དྲན་པ་ཉེ་བར་གཞག་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅཝོ་བརྒྱད་ཐོབ་པ་དག ་གཞན་བདེན་པ་བཞི་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སྤྱོད་ཀྱང་རྟོགས་པར་མི་བྱེད་པ་ནི་ཚེ་གཅིག་གི་ཐོགས་པའོ།། སྲིད་པའི་རྩེ་མོའི་མཐར་ཐུག་པར་འགྲོ་བའི་དགེ་འདུན་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པོ་ལྷུར་བྱས་ནས།། ་ཟས་འདོད་པ་རྣམས་ལ་ཟས་ལ་སོགས་པས་བསྟམ་གཟུགས་ཀྱི་འདོད་ཆགསོ་བཅོམ་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང་པགས་བཅོའི་འཇིག་རྟེན་གྱི་ཁམས་སུ་དོང་ཞིང་སེམས་ཅན་ལ་ཆོས་སྟོན། སངས ་རྒྱས་ལ་བསྙེན་བཀུར་བྱེད། བྱང་ཆུབ་སེམས་དཔའི་དགེ་འདུན་དང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་རྣམ་པར་ཕྱེ་བ་དག་མཐོང་ཞིང་དེ་དག་གི་མཚན་མ་བཟུང་སྟེ། དེ་བྱས་ཀྱང་རྒྱ་ཆེ་བ་ཁྱད་པར་དུ་འཕགས་པ་སྒྲུབས ་ཤིང་བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་ཤ་སྟག་སྐྱེ་བར་བྱེད་པ་དག་ཀྱང་ཡོད་དོ།། མཐོང་བའི་ཆོས་ལ་ཞི་བ་ལུས་ཀྱི་མངོན་སུམ་དུ་བྱེད་པ་ནི་མཚན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པར་བྱ་སྟེ་ལ ་སོགས་པའོ།། སེ་རུ་ལྟ་བུའི་དོགེ་འདུན་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཁ་ན་མ་ཐོ་བ་དང་བཅས་པའི་ལུས་དག་ཡིད་ག་ཙུམ་གྱི་གེ་མི་བྱེད་དོ།། མ་ཞན་པ་ལ་གདམས་པོ་ནི་གསོ ་པ། ལུས་ངག་ཡིད་གསུམ་ཁ་ན་མ་ཐོ་བ་དེ་གང་ལགས། བཀའ་སྩལ་པ། འདི་ནི་ལུས་ངག་ཡིད་གསུམ་ཡིན་ཏེ་ལས་གཅིག་བརྩམ་སྙམ་ན། ཕ་རོལ་ཏུ་ཕྱིན་པའི་མཐུན་པའི་ཕྱོགས་སྐྱེ་བས་ཁ་ན་མ་ཐོ་བ་དང་ཞེས་པ་ལ ་གས་པའོ།། མི་ངལ་བ་ལ་གདམས་པ་ནི་གསོལ་པ། བྱང་ཆུབ་ཀྱི་ལམ་གང་ལགས། བཀའ་སྩལ་པ། གཟུགས་ནས་མཁྱེན་གྱི་བར་དུ་རློམ་སེམས་མེད་པ་སྟེ། ཡེ་ཤེས་དེ་དང་ལྡན་པ་ནི་ནོམ་ཡང་ངན་སོང་རྣམསུ་མི་སྐྱེ་བ་ལ ་སོགས་པའོ།། ལམ་ཡོངས་སུ་འཛིན་པ་ནི་གསོལ་པ། དེ་ལྟ་བུ་མ་ལྟུང་བའི་ཡེ་ཤེས་དེ་གང་ལགས། བཀའ་སྲུལ་པ། ཡོ་ཤེས་དེ་དང་ལྡན་པ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས ་མཐོང་ངོ་།། ཆོས་ཉན་ཏེ་ནས་བདག་གཞན་གྱི་འཇཛུ་ཤླེམི་སྐྱེད་པ་དང་རྐྱེན་གྱི་བར་གྱི་འདུ་ཤེས་མི་སྐྱེད་སྟན་རྫ་དཔ་ལོག་པར་ཤེས་པ་དྲུག་ལ་གདམས་པ་ནི། བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཚེ། མིག་ལྔ་ཡོངས་སུ་སྦྱོང་བ་ཡོད་དོ།། ཤའི་མིགོ ་གི་ཡུལ་ནི་དངོས་པོ་སོ་སོར་ངེས་པའོ།། ལྷའི་མིག་གི་ཡུལ་ནི་སྐྱེ་བ་དང་། འཆ་འཔེ་ཤེས་པའོ།། ཤེས་རབ་ཀྱི་མིག་གི་ཡུལ་ནི། ཆོས་ཐམས་ཅད་ཀྱི་སྤྱི་དང་རང་གི་མཚན་ཉིད་ཤེས་པའོ།། ཆོས་ཀྱི་མིག་གིས་འཕགས ་པའི་གང་ཟག་རྣམས་ཤེས་པའོ།། སངས་རྒྱས་ཀྱི་སྤྱན་གྱིས་རྣམས་པ་ཐམས་ཅད་མཁྱེན་པའོ།། མངོན་ཤེས་དྲུག་ནི་རྫུ་འཕྲུལ་གྱི་ཡུལ་ཤེས་པའི་མངོན་པར་ཤེས་པ། ལྷའི་མིག་གི་དང་། རྣ་བའི་དང་། སྔོན་གྱི་གནས ་ཤེས་པ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། ཟག་པ་ཟང་པའི་མྱངོན་པཪྵ་ཤེས་པའོ།། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་རྟོགས་པར་བདག་གིས་ཤེས་སོ་ཞེས་བྱ་བའི་རློམ་སེམས ་མེད་དེ། རང་བཞིན་གྱིས་སྟོང་པ་དང་། མ་སྐྱེས་པ་དང་མེད་པའི་ཕྱིར་རོ།། དེ་དག་གི་ཡོན་ཏན་དྲུག་ལ་གནས་ཤིང་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཕྱིར་ཆགས་པ་མེད་པའི་སེམས་ཀྱིས་རྣམ་པ་ཐམས་ཅད་ལ་སྤྱོད ་བ་དག་ཀྱང་ཡོད་དོ།། ཕ་རོལ་ཏུ་ཕྱིན་པ་དྲུག་ནོ་མི་མཐུན་པའི་ཕྱོགས་དྲུག་བྱིས་པ་ལ་ཡོད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ལ་སྦྱིན་པ་དང་། སེར་སྣ་ལོ་སོགས་པའི་རློམ་སེམས་མེད་དེ། མ་སྐྱེས་པའི་ཕྱིར་ཤེས་རོག ་ཀྱི་ཕ་རོལ་ཏུ་ཕྱིན་པ་རློམ་སེམས་ཐམས་ཅད་གཅོད་པའོ།། ཡོན་ཏན་གཉིས་པ་ནི་ཉན་རང་བས་ཁྱད་པོར་དུ་འཕགས་ཏེ། མཉམ་པོ་ཉིད་དུ་ཐུགསུ་ཆུད་ནས་ཐམས་ཅད་ཀྱི་ཡིད་དུ་འོང་བར་འགྱུར་རོ།། ཡོན་ཏན་གསུམ ་པ་ནི་མིག་གི་གཟུགས་ཡིད་དུ་མི་འོང་བ་ལ་སོགས་པ་མཐོང་བར་མི་འགྱུརརོ།། བཞི་པ་ནི་ལུང་སྟོན་པ་གསུམ་སྟེ། དགེ་སློང་སུམ་བརྒྱ་དང་། ལྕིའི་བུ་རྣམས་དང་། འཁོར་སྟོང་ཕྲག་དྲུག་ཅུ་ལུང་བསྟན་པའོ།། ལྔ་པ ་ནི་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་སོགས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆེན་མེའོ།། ཚད་མེད་པ། དཔག་ཏུ་མེད་པ། དམ་པའོ།། དེ་ཅིའི་ཕྱིར་ཞེ་ན། མི་མཉམ་པ ་དྲདྲུང་མཉམ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་དོ་སྤྱོད་པར་འགྱུར་རོ།། དེའི་སླད་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་སོ།། རྫོགས། རྫོགས་པར་འགྱུར་རོ།། མིཉམ་པ་དང་མཉམ་པའི་ལུས་ཐོབ་བོ།། འཐོབ། ཐོབ་པར་འགྱུར ་མི་མཉམ་པ་དང་མཉམ་པོའི་ཆོས་འདི་ལྟ་སྟེ། བྱང་ཆུབ་ཐོབ་པར་གྱུར་ཏོ།། འཐོབ་བོ། ཐོབ་པར་འགྱུར་རོ།། དུས་གསུམ་གྱི་སངས་རྒྱས་དང་བཅོམ་ལྡན་འདས་ཉིད་ཀྱིས་ཀྱང་འདི་ལ་བརྟེན་ནས་སངས་རྒྱས་སོ།། སངས ་རྒྱའོ།། རྒྱུ་བར་འགྱུར་རོ།། དེའི་སླད་དུ་སངས་རྒྱ་བ་དེའི་ཚུལ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བགྱིའོ།། བཀའ་སྩལ་པོ། དེ་དེ་བཞིན་ནོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ཡོད་ན། མངོན་མཐོ ་དང་ངེས་ལེགས་ཀྱི་བདེ་ལེགས་ཐམས་ཅང་འབྱུང་བའི་ཕྱིར།། ཡོན་ཏན་དྲུག་ནི་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་ལྗགས་ཀྱི་དབང་པོ་བཀྲམ་སྟེ། སྟོང་གསུམོ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དང་། གང ་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བས་ཁྱབ་པར་མཛད་དོ།། ཕྱོགས་བཅུ་ན་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ལ་འཇིག ་རྟེན་གྱི་ཁམས་སྣང་བས་ཆེན་པོས་བལྟམས་པ་འདི་སུའི་མཐུ་ལགས་ཞེས་ཞུས་པ་དང་། སངས་རྒྱས་རྣམས་ཀྱིས་བཀའ་སྩལ་པ། མི་མཛད་ཀྱི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤགས་པ་ཤཱཀ་ཐུབ་བཞུགས་ཏེ། ་དེས་ཞལ་ནས་ལྗགས་བཀྲམ་ནས་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་སྨྱོན་པའི་མཐུའོ།། དེ་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དེ་ལྟར་ལགས་ནཱ་བདག་ཅག་ཀྱང་བཅོམ་ལྡན་འདས་ཤཱ། ་ཐུབ་དང་། བྱང་ཆུབ་སེམས་དཔའ་རྣམས་བལྟ་བའི་སླད་དུ་མཆིའོ་ཞེས་ནས་ཕྱོགས་བཅུ་ནས་མཆོད་རྫས་མང་པོ་ཁྱེར་ནུསཽ་འཇིག་རྟེན་གྱི་ཁམས་འདིར་མཆིས་སོ།། ཤཱ་རིའི་བུའི་ལེའུ་སྟེ་གཉིས་པའོ།། ་ལེའུ་འདི་ནས་མཐོང་ལམ་དང་སྒོམ་ལམ་ལ་གདམས་པ་གཉིས་སྟོན། མཐོང་ལོམ་ལ་གདམས་པ་ཞུས་ལེན་གཉིས་ཏེ། ངེས་ཤེས་སྐྱེད་པ་དང་། སྒྲོ་འདོགས་གཅོད་པའོ།། སྒྲ་འདོགས་གཅད་པ་ལ་གསུམ། དངོས་ཀྱི་སྒྲོ་འདོག ་གཅད་པ་དང་། བཏགས་པའི་ད་ང་། མཐོང་བའི་སྒྲོ་འདོགས་གཅད་པ་སྟེ་བསྡུས་པའི་དོན་ནོ།། དེ་ལས་དང་པོ་འཕྲོས་པའི་ཞུས་ལན་དང་། དགོས་པའི་མངོན་རྟོགས་གཉིས་ལས་ཞུས་ལ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ ་བཀའ་སྩལ་པ། རླུ་བྱོར་བྱང་ཆུབ་སེམས་དཔའ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ་ངེས་པར་འབྱུང་བར་འགྱུར་བའི་ཆོས་ཀྱི་གཏམ་བྱ་བར་སྤོབས་པ་སྐྱེད་ཅིག། དེ་ལ་འཁོར་གྱི་རྟོག་པ་སྐྱེས་པ་ནི་བྱང་ཆུབ་སེམས ་དཔའ་དང་། ཉན་ཐོས་དོང་། ལྷའི་བུ་རྣམས་རབ་འབྱོར་གྱིས་སྤོབས་པའི་མཐུ་ས་སྟོནས། སངས་རྒྱས་ཀྱི་མཐུས་སྟེན་སྙམ་པ་དང་། རབ་འབྱོར་གྱིས་སངས་རྒྱས་ཀྱི་མཐུས་དེ་རྣམས་ཀྱི་སེམས་ཀྱི་རྟོག་པ་ཤེས་ནས། ཤཱ་རིའི་བུལ་སྨྲས་པ ་ཉན་ཐོས་རྣམས་ཅི་སྨྲ་བ་དང་། སྟོན་པ་ནི་དེ་བཞིན་གཤེགས་པའི་མཐུ་ཡིན་གྱི་ཉན་ཐོས་ཀྱི་ཡུལ་མ་ཡིན། དེ་བཞིན་གཤེགས་པ་ཉིད་ཐབས་ལ་མཁས་པ་སེམས་ཅན་རྣམས་ལ་སྟོན་པའོ།། དགོས་པའི་མངོན་རྟོགས་ནི་རབ་འབྱོར་གྱིས་གསོལ ་པ་བདག་ས་ནི་བྱང་ཆུབ་སེམས་དཔའ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་དམིགས་མ་འཚལ་ན། བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་དེ་གང་གི་ཚིག་བླ་དགས་ལགས། ཡང་དག་པར་རྗེ་སུ་མཐོང་ན། གང་ལ་གདམས་ཤིང ་རྗེསུ་བསྟན་པར་བགྱི། བཀའ་སྩལ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྱང་ཆུབ་སེམས་དཔའ་ནི་མིང་ཙོམ་སྟེ། མིང་དེ་ནི་ནང་ཡང་མེད། ཕྱི་རོལ་དང་། གཉིས་ཀ་ན་མེད་ཅིང་མི་དམིག་སོ།། དཔེར་ན་བྱེད་པའི་སྐྱེས་བུ་བཅུ་གཉིས་དང ་བུང་པོ་ཁམས། སྐྱེ་མཆེད། ནང་གི་མགོ་ལ་སོགས་པ་དང་། ཕྱི་རོལ་གྱི་རྩ་དང་ཤིང་ལ་སོགས་པ་དང་། འཁྲུལ་པའི་དཔེ་བརྒྱད་ལྟ་བུའོ།། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྦྱང་བས་ནི་ཕུང ་པོ་ཁམས་སྐྱེ་མཆེད། རྟག་པ་དང་། བདེ་བ་དང་། བདག་དང་། ཞི་བ་དང་། སྟོང་པ་དང་། མཚན་མ་དང་། སྨོན་པ་དང་། འདུས་བྱས་དང་། ཀུན་ནས་ཉོན་མོངས་པ་དང་། སྐྱེ་བ་དང་། དབེན་པ་དང་། དགེ་བ་དང་། ཁ་ནཱ་མ ་ཐོ་བ་དང་བཅོས་པ་དང་ཟག་པ་དང་བཅས་པ་དང་། ཉོན་མོངས་པ་དང་། འཇིག་རྟེན་པ་དང་། འཁོར་བ་ཞེས་བྱ་བར་ཡང་དག་པར་རྗེ་སུ་མི་མཐོང་།། དེ་རྣམས་ཀྱི་བཟློག་ཟླ་ཡང་དག་པར་རྗེསུ་མི་མཐོང་། དེ་ཅི ་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཚེ། ཆོས་དེ་དག་ཐམས་ཅད་ལ་མི་རྟོག་རྣམ་པར་མི་རྟོག་སྟེ། དྲན་པ་ཉེ་བར་བཞག་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དུ་བསྒོམ་པའི་ཕྱིར་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། ཆོས་རྣམས་ཀྱི་མཚན་ཉིད་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བར་མི་འགྱུར་བར་ཐུགསསུ་ཆུང་དེ་མིང་དང་བརྡ་ཙམ་དུ་ཤེས་པས། གཟུགས་ནས་རྣམ་མཁྱེན་གྱི་བར་ལ་མངོན་པར་ཆགས ་པར་མི་འགྱུར་ཞིང་། སྦྱིན་པོ་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རྣམས་ཡོངས་སུ་རྫོགས་པར་འགྱུར། བྱང་ཆུབ་སེམས་དཔའ་སྐྱོན་མེད་ཅིང་ཕྱིར་མི་ལྡོག་པའི་ས་ཡོངས་སུ་ནོན་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོ ་པས་མིང་དང་བརྡར་ཁོང་དུ་ཆུད་པར་བྱའོ།། དངོས་པོའི་སྒྲོ་འདོགས་གཅད་པ་ནི་བྱང་ཆུབ་སེམས་དཔའ་མ་འཚལ་ཞེས་ཟེར་བ་ནི། གཟུགས་ནུས་རྒ་ཤིའི་བར་གྱི་དེ་བཞིན་ཉིད་ལ་ལྔ་ལྔར་བསྒྲེ་བ་ནི་གཟུགས་བྱང་ཆུབ ་སེམས་དཔའ་ཡིན་སྙམ་མམ། གཟུགས་མ་ཡིན་པ་གཞན་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། གཟུགས་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་མམ། བྱང་ཆུབ་སེམས་དཔལ་གཟུགས་ཡོད་སྙམ་མམ། གཟུགས ་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་མེད་ཅིང་མི་དམིགས་ན། གཟུགས་དང་གཟུགས་ཀྱི་དེ་བཞིན་ཉིད་བྱང ་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། བཏགས་པའི་སྒྲོ་འདོགས་གཅད་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་གང་གི་ཚིག་བླ་དྭགས་ལགས་ཞེས་ཟེར་བ་ནི་གཟུགས་དང་། གཟུགས་ཀྱི་དེ་བཞིན་ཉིད་དང་། རྟག་པ་དང་། མི ་རྟག་པ་དང་། བདེ་བ་དང་། སྡུག་བསྔལ་བ་དང་། བདག་དང་། བདག་མེད་པ་དང་། ཞི་བ་དང་། མ་ཞི་བའི་ཚིག་བླ་དྭགས་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལག་སོ།། ཕུང་པོ་ལྔ་རྟག་པ་དང་མི་རྟག་པ་ལ་སོགས ་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། མཐོང་བའི་སྒྲོ་འདོགས་གཅད་པ་ནི་བྱང་ཆུབ་སེམས་དཔའ་ཡང་དག་པར་རྫ་སུ་མྱ་མཐོང་ན་ཞེས་ཟེར་བ་ནི་ཆོས་ཀྱི་དབྱིངས ་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེསུ་མི་མཐོང་ན། གཟུགས་ཀྱི་དབྱིངས་ཀྱི་རློ་ཀྱི་ཕྱིད་ཡང་དག་པར་རྗེས་སུ་མི་མཐོང་། དེ་བཞིན་དུ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དོ།། བསྒོམ་ལམ་ལ་གདམས་པ་ནི་འདུས་བྱས་ཀྱི ་དབྱིངས་ཀྱིས་འོདུས་མ་བྱས་ཀྱི་དབྱིངས་ཡང་དག་པར་རྗེ་སུ་མི་མཐོང་ངོ་།། གཟུགས་ནས་རྣམ་མཁྱེན་གྱི་བར་དུ་ཡང་དག་པར་རྗེ་སུ་མི་མཐོང་། དེ་སྐད་ཅེས་བཤད་པ་ལ་མི་འཇིགས་མི་དངང་ན་དེ་ཉིད་གདམས་ངག་ཡིན་ཏེ་རྗེས་སུ ་བསྟན་པའོ།། རབ་འབྱོར་གྱི་ལེའུ་སྟེ་གསུམ་པའོ།། །། ངེས་འབྱེད་ནི་མགོན་པས་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་ཁྱད་པར་དུ་འཕགས་པའི་སྒོ་ནས་མདོར་བསྟན་པ། དམིགས་པ་དང ་ནི་རྣམ་པ་དང་།། རྒྱུ་དང་ཡོངས་སུ་འཛིན་པ་ཡིས།། བྱང་ཆུབ་སེམས་དཔའ་སྐྱོབ་པ་ཡི།། ཉན་ཐོས་བསེ་རུ་ལྟ་བུ་དང་།། བཅས་པ་དག་ལས་ཁྱད་པར་འཕགས།། རྣམ་རྟོག་བཞི་པོ་ལྡན་རྟེན་པ།། ཞེས་པ་ནི་གང་ལས ་ཁྱད་པར་དུ་འཕགས་ན། ཉན་ཐོས་བསེ་རུ་རྩེ་ལྟ་བུ་དང་བཅས་པ་ལས་འཕགས། གང་གིས་ཁྱད་པར་དུ་འཕགས་པ་ན་བྱང་ཆུབ་སེམས་དཔའ་སྐྱོབ་པའི་འཕགས། གང་ཁྱད་པར་དུ་འཕགས་ན་རྒྱུ་དང་ཏིང་ངེ་འཛིན་དང་། རྣམ་རྟོག་དང་ཡེང ་སུ་འཛིན་པ་ཁྱད་པར་དུ་འཕགས། ཚུལ་ཇི་ལྟར་འཕགས་ན་ཉན་ཐོས་ཀྱི་གང་ཟག་གི་བདག་མེད་རྟོགས་པའི་ཤེས་རབ་ནི་རང་འབའ་ཞིག་གི་ཐོག་པ་རྟོགས་པའི་རྒྱུ་བྱེད།། བྱང་ཆུབ་སེམས་དཔེའི་བདག་མེད་རྟོགས་པའི་ཤེས་རབ་ཀྱི ་ཐེག་པ་གསུམ་གྱི་རྒྱུ་བྱེད་པས་འཕག་སོ།། ཉན་ཐོས་ཀྱི་དམིགས་རྣམས་ནི་གཟུགས་ལ་སོགས་པའི་དངོས་པོ་ལ་དམིགས་ནས་རྟག་པ་ལ་སོགས་པ་ལ་མ་ཞེན་པའོ།། བྱང་ཆུབ་སེམས་དཔའི་དམིགས་པ་རྣམས་ནི། མི་རྟག་པ ་དང་སྡུག་བསྔལ་བ་ལ་སོགས་པ་ལ་དམིགས་ནས། མི་རྟག་པ་དང་སྡུག་བསྔལ་བ་ལ་སོགས་པ་ལ་མ་ཞེན་པའོ།། ཉན་ཐོས་ལ་སོགས་པའི་རྣམ་རྟོག་ནི་ངེས་འབྱེད་ཀྱི་ཏིང་ངེ་འཛིན་གྱིས་སྤོང་བའོ།། དེ་ནི་མི་འཐད་དེ། ཡོད་པ ་སྤང་བར་མི་ནུས། མེད་པ་སྤང་མི་དགོས་པས་སོ།། བྱང་ཆུབ་སེམས་དཔའི་རྣམ་རྟོག་ནི་རང་བཞིན་ཡོང་སུ་ཤེས་པས་རང་ལ་རྣམ་རྟོག་ཡེ་ཤེས་སུ་འཆར་བས་ལྡན་པོའོ།། གཞན་དོན་དུ་རྣམ་རྟོག་བསྟན་པའོ།། ཡོངས་སུ་འཛིན ་པའི་དགེ་བའི་བཤེས་གཉེན་ནི་ཉན་ཐོས་རང་རྒྱལ་གྱི་ཐབས་ཤེས་རབ་ཡ་གལ་ལ། བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་ནི་དམ་པ་རྣམ་པ་གསུམ་གྱིས་ཟིན་པས་ཁྱད་པར་འཕགས་སོ།། ལེའུ་འདི་ནས་ངེས་འབྱེ ་ཀྱི་རྒྱུ་དང་། དྲོང་ཆུང་ངུ་སྟོན། རྒྱུ་ལ་གསུམ་སྟེ། ཤེས་པའི་རྒྱུ། སྤོང་བའི་རྒྱུ། རྟོགས་པའི་རྒྱུའི།། ཏིང་ངེ་འཛིན་བཅུ་གཉིས་ཏེ། དབྱོར་གྱི་གཏམ་བཅུ་གསུམ་བསྡུས་པའི་དོན་ནོ།། ཤེས་པའི་རྒྱུ་ནི་དེ་ནས་ཚེ་དང་ལྡན་པ་རབ་འབྱོར ་རྒྱས་གསོལ་བ། ཕུང་པོ་ཁམས་སྐྱེ་མཆོད་རྟེན་འབྲེལ་ཤིས་པར་འཆལ་བས་ཡུམ་ལ་བསླབ་པར་བགྱིའོ།། སྤོང་བའི་རྒྱུ་ནི་དུ་གསུམ། སྦྱོར་བ་བཞི། ཆུ་བོ་བ་ནི། ཕྱིན་ཅི་ལོག་བཞི། མི་དགེ་བོ་བཅུ་སྤང་བར་འཚལ་བས་ཡུམ་ལ ་བསླབ་པར་བགྱིའོ།། རྟོགས་པའི་རྒྱུ་ནི་དགེ་བ་བཅུ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དང་། སྙོམས་འཇུག་དང་། ཏིང་འཛིན་རྣམས་དང་། བྱང་ཆུབ་སེམས་དཔའི་སྐྱེན་ཆེན་པོར་མི་ལྟུང་བར་འདོད་པས། ཡུམ་ལ ་བསླབ་པར་བྱའོ།། ངེས་འབྱེད་བརྒྱ་དུ་ནི། དམིགས་པ་ལ་མི་རྟོག་ལ་སོགས་པ། བདེན་པའི་རྟེན་ཅན་དེ་ཡཾ་ནི། རྣམ་པ་མངོན་ཞེན་ལ་སོགས་འགོག། ཐེག་པ་སུན་ཆར་ཐོབ་པའི་རྒྱུ་ཞེས་པ་ལ། དྲོ་ང་ཆུང་ངུའི་དམིགས་རྣམ་ནི ་ཤཱ་རིའི་བུས་གསོལ་པ།། བྱང་ཆུབ་སེམས་དཔའི་སྐྱོན་ནི་གང་ལགས། ཆོས་ལ་སྲེད་པའོ།། ཆོས་ལ་སྲེད་པ་གང་ཡིན། རབ་འབྱོར་གྱིས་སྨྲས་པ། གཟུགས་སྟོང་མི་རྟག། སྡུག་བསྔལ་ཞེས་བྱ་བར་མངོན་པར་ཆགས་ཤིང ་གནས་ཏེ་འདུ་ཤེས་པ་ནི་སྐྱོན་ནོ་ཞེས་པ་ནི་སྡུག་བསྔལ་གྱི་བདེན་པའོ།། ཀུན་འབྱུང་གི་བདྲེན་པ་ནི་གལ་ཏེ་གཟུགས་འདི་སྤང་བར་བྱའོ།། འདིས་སྤང་བར་བྱའོ།། ཡོང་སུ་ཤེས་པར་བྱའོ་ཞེས ་མངོན་དུ་བྱའོ།། འདི་ནི་ཕ་རོལ་ཏུ་ཕྱིན་པའོ།། འདི་ནི་མ་ཕྱིན་པའོ་ལ་སོགས་པ་གཉིས་འཛིན་ལ་མངོན་པར་ཞེན་ཅིང་གནས་པ་ནི་སྐྱོན་ནོ།། འགོག་པ་ནི་སྦྱིན་མེད་པ་གང་ཞེ་ན། སྟོང་པ་བཅཝོ་བརྒྱད་ལ་བཅོ་བརྒྱད ་དུ་ཡང་དག་པར་རྗེས་སུ་མི་མཐོང་བའོ།། ལམ་གྱི་བདེན་པ་ནི་དེ་ལྟར་སློབ་པའི་ཚེ། གཟུགས་ནས་རྣམ་མཁྱེན་གྱི་བར་དུ་ཡོངས་སུ་ཤེས་པར་བྱ་སྟེ་དེས་ཀྱང་རློམ་སེམས་སུ་མི་བྱ། དེ་ཅིའི་ཕྱིར་ཞེ་ན། སེམས ་དེ་ནི་སེམས་མ་ཡིན་ཏེ། སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ།། རབ་འབྱོར་གྱིས་སྨྲས་པ། འོད་གསེལ་བ་ནི་ཉོན་མོངས་པ་དང་། ཉན་རང་གི་སེམས་དང་མི་ལྡན་མེ་བྲལ་བའོ།། སེམས་མ་ཡིན་པ་ནི་ཡོད་པ་འམ ་མེད་པ་ནི་མཱི་དམིགས་ཤིང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པའོ།། ཤཱ་རིའི་བུས་སྨྲས་པ། སེམས་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་པ་དེ་བཞིན་དུ། གཟུགས་ནས་རྣམ་པ་ཐམས་ཅད ་མཁྱེན་པའི་བར་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མང་བ་ཡིན་ནམ། རབ་འབྱོར་གྱིས་སྨྲས་པ། དེ་བཞིན་དུ་ཡིན་ནོ།། ཐེག་པ་སུམ་ཆར་ཐོབ་པའི་རྒྱུ་ནི་ཤཱ་རིའི་བུས་སྨྲས་པ། རབ་འབྱོར་ལེགས་སོ་ལེག་སོ།། ་ཁྱོད་ནི་བཅོམ་ལྡན་འདས་ཀྱི་ཐུགས་ལས། སྐྱེས་པའི་སྲས་ཆོས་ཀྱི་བགྲོས་སྐལ་ལ་སྤྱོད་པ། ཟང་ཟིང་གི་བགོས་སྐལ་ལ་སྤྱོད་པ་མ་ཡིན་པ་ལ་སོགས་པའོ།། ཁྱོད་ཀྱིས་ཇི་ལྟར་བསྟན་པ་དེ་བཞིན་དུ་ཉན་རང་དང ་བྱང་ཆུབ་སེམས་དཔའི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཟུང་བར་བྱའོ་ལ་སོགས་པའོ།། སྐྱོན་ནི་མེད་པའི་ལེའུ་སྟེ་བཞི་པའོ།། །། ལེའུ་འདི་ན་སྣ་དྲོད ་འབྲིང་དང་ཆེན་པོ། རྩེ་མོ་ཚ་བའི་བྱུང་གསུམ། བཟོད་པ་ཆུང་ངུ་དང་འབྲིང་སྟེ་བདུན་སྟོན་ནོ།། གཟུགས་སོགས་སྐྱེ་འཇིག་གོནས་བྲལ་དང་། གནས་དང་རྟགས་དང་བརྗོད་དུ་མེད།། ཅེས་པ་ལ་སོགས་དྲོད་འབྲིང་གི ་དམིགས་རྣམ་ནི་གཟུགས་ལ་སོགས་པ་སྐྱེ་འཇིག་མེད་པས་གང་ལ་འང་མི་གནས་པ་ནི་བདག་གི་དེ་ལྟར་ཆོས་ཐམས་ཅད་འཕེལ་བ་དང་འགྲིབ་པ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། མཱ་དམིགས་མ་འཚལ་ཏེ། མིང ་ཙམ་དུ་བྱང་ཆུབ་སེམས་དཔའ་ཞེ་འམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་འཕེལ་བ་དང་འགྲིབ་པར་བགྱིད་ན་དེ་ཉིད་བདག་གིས་བགྱིས་འགྱོད་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་གཟུགས་ནས་ཡང་དག ་པའི་མཐའི་བར་གྱི་འཕེལ་བ་དང་འགྲིབ་པ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་རྣམས་མ་མཐོང་ན་བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདམས་པར་བགྱི། ཆོས་དེ་རྣམས་ཀྱི་མིང་དེ་གནས་པ་མ་མཆིས།། ་ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་ཕྱིར་ཞེ་ན། མིང་དྲི་མ་མཆིས་པས་དེ་ལྟར་གནས་པ་ལ་སོགས་པ་མ་མཆིས་སོ།། དེའི་ཕྱིར་ན། གཟུགས་ནས་རྣམ་པ་ཐམས་ཅད ་མཁྱེན་པ་ཉིད་ཀྱི་བར་ལ་གནས་པར་མི་བགྱིའོ།། དྲོད་ཆེན་པོའི་དམིགས་པ་རྣམ་ནི་བརྡོར་བཏགས་པའི་ཆོས་ཐམས་ཅད་བརྗོད་དུ་མེད་པ་སྟེ། བྱང་ཆུབ་སེམས་དཔའ་ཞེས་ཆོས་གང་ལ་མིང་དང་བརྡ་བགྱི་བ་དང་བཏགས ་པ་དེ་ཡང་། བཏགས་པ་ཙམ་དུ་བྱས་ཤིང་བརྗོད་དུ་མེད་པ་སྟེ། དཔེར་ན་རྨི་ལམ་ཞེས་བགྱི་བའི་མིང་ནི་གང་གིས་ཀྱང་བརྗོད་དུ་མ་མཆིསོ།། དེ་བཞིན་དུ་སྒྱུ་མ་ལ་སོགས་པ་དང་། དེ་བཞིན་ཉིད་ལ་སོགས་པ་དང་། སྦྱིན་པ་ནཱ ་ཡང་དྲག་པའི་མཐའི་བར་ནི་གང་གིས་ཀྱང་བརྗོད་དུ་མ་མཆིས་སོ།། རྩེ་མོའི་ཏིང་ངེ་འཛིན་ནི། གཟུགས་སོགས་མི་གནས་དེ་དག་ནི།། དེ་ཡི་ངོ་བོ་རང་བཞིན་མེད།། དེ་དག་གཅིག་གི་རུང་བཞིན་གཅིག། དེ་ལ་རྟག་སོགས ་པཪྵ་མི་གནས།། དེ་རྣམས་དེ་ཡི་ངོ་བོས་སྟེང་།། ཆོས་རྣམས་མི་འཛིན་གང་ཡིན་པ།། དེ་དག་མཚན་མར་མི་མཐོང་ཕྱིར།། ཐམས་ཅད་དམིགསུ་མེད་པར་ནི།། ཤེས་རབ་ཀྱི་ནི་ཡོངས་རྟོགས་པའོ།། ཞེས་པ་ལ། རྩེ་མོ་ཆུང ་ངུའི་དམིགས་རྣམ་ནི་ཕུང་པོ་ལྔ་རྟག་མི་རྟག་དང་། བདེ་སྡུག་དང་། བདག་ཡོད་མེད་དང་། ཞེ་མ་ཞི་དང་། སྟོང་མི་སྟོང་། མཚན་མ་ཡོད་མེད། སྨན་པ་ཡོང་མེད། དབེན་མི་དབེན་ལ་གནས་པར་མི་བགྱིའོ།། རྩེ་མོ་ཆུ་དུན་གྱི ་རྣམ་པ། དེ་ཅིའི་ཕྱིར་ཞེ་ན། རྟག་མི་རྟག་ལ་སོགས་པ་རང་གི་ངོ་བོས་སྟོང་ངོ་།། སྟོང་པ་གང་ཡིན་པ་དེ་ཡང་གཞན་མ་ཡིན། གཟུགས་ལ་སོགས་པའང་གཞན་མ་ཡིནོ།། དེ་བཞིན་དུ་ཆོས་ཉིད་དེ་བཞིན་ཉིད་དང་ཡང་དག་པའི་མཐའི ་བར་ལ་སྦྱར་རོ།། རྩེ་མོའི་མི་མཐུ་ན་པའི་ཕྱོགས་བསྟན་པ་ནི་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང་། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་གཟུགས་ལ་གན ་ན། གཟུགས་མངོན་པར་འདུ་བྱེད་པ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ།། དེ་ཅིའི་ཕྱིར་ཞེ་ན། མངོན་པར་འདུ་བྱེད་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས ་སུ་ཟིན་པར་མི་འགྱུར། རྣལ་འབྱོར་ལ་སྙོམས་པར་འཇུག་པར་མི་འགྱུར་ཏོ། རྣམ་པ་ཐམས་ཅད་མཁྱེན་པོ་ཉིད་དུ་འབྱུང་བར་མི་འགྱུར་རོ།། དེ་བཞིན་དུ་ཀུན་ལ་བསྒྲེའོ།། རྩེ་མོ་འབྲིང་གི་དམིགས་པ། ཆོས་རྣམས་མི ་འཛིན་པ་ནི་དེ་ཅིའི་སླང་ཞེ་ན། གཟུགས་ནི་ཡོངས་སུ་གཟུང་བ་མ་མཆིས་པ་སྟེ། ཡོངས་སུ་གཟུང་བ་མོ་མཆིས་པ་གང་ལགས་པ་དེ་རང་བཞིན་གྱིས་སྟོང་པའི་སླད་དུ་གཟུགས་མ་ལུགས། དེ་བཞིན་དུ་ཡང་དག་པའི་མཐའི ་བར་རོ།། ཅི་ནས་ཀྱང་ཆོ་ས་གང་ལ་ཡང་དག་པའི་མཐའི་བར་རོ།། ཅི་ནས་ཀྱང་ཆོས་གང་ལ་ཡང་ཡིད་རྣམ་པར་མི་འགྱུར་བ་དེ་ལྟར་བརྟག་པར་བྱའོ།། ཆོས་ཐམས་ཅད་མ་གཟུང་བའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དེ་རྣམ ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་སྟེ། ཐམས་ཅད་མཁྱེན་པ་ཉིད་དེ་ཡང་སྟོང་པ་བཅོ་བརྒྱད་ཡིན་པའི་ཕྱིར་གཟུང་ངུ་མ་མཆིས་སོ།། རྩེ་མོ་འབྲིང་གིས་རྣམ་པ་ཐམས་ཅད་མཚན་མར་མི་མཐོ ་བ་ནི་གཟུགས་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ནི་མཚན་མའོ།། མཚན་མར་གཟུང་བ་ཞིག་ལགས་ན་ཀུན་ཏུ་རྒྱུ་ཕྲེང་བ་ཅན་དད་པ་ཐོབ་པར་མི་འགྱུར་བ་ལས། ཀུན་ཏུ་རྒྱུ་དེས་ཀྱང་ཉི་ཆེ་བའི་ཡེ་ཤེས་ཀྱིས ་ཞུགས་ཏེ་ཕུང་པོ་ལྔ་ཡོངས་སུ་མི་འཛིན། དེ་ཅིའི་སླད་དུ་ཞེ་ན། ཡེ་ཤེས་དེ་རྟོགས་པ་དང་ཐོབ་པར་བགྱི་བའི་ཚུལ་གྱིས་ཕྱི་ནང་དུ་ཡང་དག་པར་རྗེ་སུ་མི་མཐོང་། དེ་ཅིའི་ཕྱིར་ཞེ་ན། གཟུགས་ནས་ཡང་དག་པའི་མཐའི་བར ་དུ་ཕྱིན་དུ་རྣམ་པ་བཞིའི་ཚུལ་དུ་མྱི་མཐོང་ངོ་།། དེ་ལ་ཀུན་ཏུ་རྒྱུ་མེས་པར་གྱུར་ནས། ཆོས་ཐམས་ཅད་གཟུང་དུ་མ་མཆིས་པའི་སླད་དུ། གཟུགས་ནས་ཡང་དག་པའི་མཐའི་བོར་དུ་ཡོངས་སུ་མི་འཛིན་པ་འདི་ན་ཕ་རོལ་མ་མཆི། ་པའི་ཕ་རོལ་ཏུ་ཕྱིན་པའོ།། རྩེ་མི་ཆེན་པོའི་དམིགས་པ་ཤེས་རབ་ཀྱི་ཡོངས་སུ་རྟོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་། གང་གི། ཅི་ཞིག། ཅིའི་ཕྱིར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བརྟག་སྟེ། མི་དམི ་ན་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་ཡིན་ནོ།། རྩེ་མོ་ཆེན་པོའི་རྣམ་པ་ཐམས་ཅད་དམིགས་སུ་མེད་པ་ནི་སྟོང་པོ་བཅོ་བརྒྱད་ཡིན་པའི་ཕྱིར་ཕུང་པོ་རྣམས་མི་དམིགས་སོ།། སངས་རྒྱས་དང་བྱང་ཆུབ་ཀྱི་བར་དུ་མེད་ཅིང ་མི་དམིགས་སོ།། དེ་སྐད་བཤད་པ་ལ་མི་འཇིགས་ན་བྱང་ཆུབ་སེམས་དཔའ་ཡུམ་དང་མ་བྲལ་བའོ།། བཟོད་པའི་ཏིང་ངེ་འཛིན་ནི།། གཟུགས་སོགས་ངོ་བོ་ཉིད་མེད་ཉིད།། དེ་མེད་པ་ཡི་ངོ་བོ་ཉིད།། དེ་དག་སྐྱེ་མེད་ངེས་འབྱུང ་མེད།། ངག་དང་དེ་ཡི་མཚན་མ་མེད།། དེ་ཡི་མཚན་མར་མི་རྟོན་པས།། མོས་མིན་འདུ་ཤེས་མེད་པ་ཡིན།། ཞེས་པ་ལས། བཟོད་པ་ཆུང་ངུའི་དམིགས་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་རང་བཞིན་དང་བྲལ་བ་སྟེ། བྱང ་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ།། བཟོད་པ་ཆུང་ངུའི་རྣམ་པ་དེ་མེད་པའི་ངོ་བོ་ཉིད་ནི་ཤཱ་རིའི་བུས་སྨྲས་པ། གཟུགས་ནས་རྣམ་མཁྱེན་གྱི་བོར ་གྱི་རང་བཞིན་ནི་ཇི་ལྟ་བུ། རབ་འབྱོར་གྱིས་སྨྲས་པ། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་རང་བཞིན་ནི་དངོས་པོ་མེད་པའོ།། བཟོད་པ་འབྲིང་གི་དམིགས་པ་དེ་དག་སྐྱེ་མེད་ངེས་འབྱུང་མེད་ནི་གཟུགས་ཀྱིས་སྟོང་སྟེ ་སྐྱེ་བ་དང་ངེས་པར་འབྱུང་བ་མེད་དོ།། དེ་བཞིན་དུ་བསྒྲེའོ།། བཟོད་པ་འབྲིང་གིས་རྣམ་པར་དག་པ་ནི། ལུས་ངག་ཡོངསུ་དག། ཉོན་མོངས་ཡོངས་སུ་དག། སྐྱེ་གནས་ཡོངས་སུ་དག་ཅིང་ནམ་ཡང་སངས་རྒྱས་བཅོམ་ལྡན ་འོངས་དང་འབྲལ་བར་མི་འགྱུར་རོ།། ཀུན་ཏུ་རྒྱུ་བཟོ་སྦྱངས་ཀྱི་ལེའུ་སྟེ་ལྔ་པའོ།། །། ལེའུ་འདི་ནས་བཟོད་པ་ཆེན་པོ་དང་ཆོས་མཆོག་ཆ་འབྲིང་གསུམ་དང་། གཟུངས་རྟོག་གཉིས་སྟོན ་པ་ལས། བཟོད་པ་ཆེན་པོའི་དམིགས་རྣམས་མཚན་མ་མེད་ཅིང་མོས་པ་མེད་པ་སྟོན་པ་ལས། དེའི་མི་མཐུན་པའི་ཕྱོགས་བསྟན་པ་ནི་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཚེ། གཟུགས་རྟག ་པཱ་དང་། མི་རྟག་པ་དང་། བདེ་སྡུག་དང་། བདག་ཡོད་མེད་པ་དང་། ཞི་མ་ཞི་དང་། དབེན་མི་དབེན་ལ་སྤྱོད་ན་མཚན་མ་ལ་སྤྱོད་དེ་ཐབས་མི་མཁས་པའོ།། དེ་བཞིན་དུ་ཀུན་ལ་བསྒྲེའོ།། བ་དོག་ནི་ཡུམ་ལ་སྐྱེད་པ་དང ་མི་སྤྱོད་པ་དང་། གཉི་ག་དང་གི་ཉི་ག་མ་ཡིན་པ་ལ་སྤྱོད་ན་མཚན་མ་ལ་སྤྱོད་དེ་ཐབས་མི་མཁས་པའོ།། ཤཱ་རིའི་བུས་སྨྲས་པ། ཅིའི་ཕྱིར་ན་ཐབས་མི་མཁས་པར་རིག་པར་བྱ། རབ་འབྱོར་གྱིས་སྨྲས་པ། བྱང་ཆུབ་སེམས ་དཔའ་ཡུམ་ལ་སྤྱོད་པའི་ཚེ། གཟུགས་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས་གཟུགས་མངོན་པར་འདུ་བྱེ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་པ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པོ་དང་། སྡུག ་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་གྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་གྲེལོ་བར་བརྗོད་དོ།། དེས་ཀུན་ལ་སྐྱེའོ།། དེ་ནི་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་ས་ཡང་མངོན་དུ ་བྱ་བའི་སྐལ་བ་མེད་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལྟ་ཅི་སྨོས། ཐབས་མི་མཁས་པར་ཤེས་པར་བྱའོ།། བཟོད་པ་ཆེན་པོ་དངོས་ནི་ཤཱ་རིའི་བུས་སྨྲས་པ། ཇི་ལྟར་ཐབས་མཁས་པར་ཤེས་པར་བྱ།། ་རབ་འབྱོར་གྱིས་སྨྲས་པ། བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཚེ། གཟུགས་བརྟག་པ་དང་མི་རྟག་པ་དང་། བདེ་སྡུག་དང་། བདག་ཡོད་མེད་དང་། ཞི་མ་ཞི་དང་། སྟོང་མི་སྟོང་དང་། མཚན་མ་ཡོད་མེད ་དང་། སྨོན་པ་ཡིད་མེད་དང་། དབེན་པ་དང་མི་དབེན་པ་དང་། དེ་བཞིན་དུ་ཆོས་ཐམས་ཅད་ལ་མི་སྤྱོད་པའི་ཚེ། ཐབས་མཁས་པར་ཤེས་པར་བྱའོ།། དེ་ཅིས་ན། གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་གཟུགས་མ ་ཡིན་པ་ཞེས་པ་ལས་སྣང་སྟོང་བཞི་སྦྱོར་དང་། སྤྱོད་མི་སྤྱོད་ལ་སོགས་པ་མུ་བཞི་རུ་མི་དམིགས་དེ་ཆོས་ཐམས་ཅད་དངོས་པོ་མེད་པར་ཁོང་དུ་ཆུད་པའི་ཕྱིར་རོ།། ཆོས་མཆོག་གི་ཏིང་ངེ་འཛིན་ནི། ཏིང་འཛིན་དེ་ཡི་བྱེད ་པ་ཉིད།། ལུང་སྟོན་པ་དང་རློམ་པ་ཟང་།། གསུམ་པོ་ཕོན་ཚུན་ངོ་བོ་གཅིག། ཏིང་འཛིན་རྣམ་པར་མི་རྟོག་པ།། དེ་ལྟར་ངེས་འབྱེད་ཆུང་མཐུན་ནི།། ཆུང་དང་འོབྲིང་དང་ཆེན་པོ་ཡིན། ཞེས་པས། ཆོས་མཆོག་ཆུང་ངུའི་དམིགས། ་རྣམ་ཏིང་འཛིན་དེ་ཡི་བྱེད་པ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡིད་དེ། ཏཱིང་ངེ་འཛིན་དེ་རྣམ་པར་སྤྱོད་པ་ནི་མྱུར་དུ་བླ་ན་མོད་པར་སངས་རྒྱའོ།། སྐྱེ་བ་མེད་པའི་ཏིང་ངེ་འཛིན་དེ་ཉིད་ལ ་དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་བརྒྱ་ཉི་ཤུ་ཀུན་ལ་སྦྱར་རོ།། ཆོས་མཆོག་འབྲིང་གི་དམིགས་རྣམ་ལུང་སྟོན་པ་དང་རློམ་པ་ཟད་པ་ནི་དེ་ནས། སངས་རྒྱས་ཀྱི་མཐུས་རབ་འབྱོར་གྱིས་སྨྲས་པ། ་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་དེ་དག་གི་སྤྱོད་པ་ནི་བདས་པ་དང་ད་ལྟར་གྱི་སངས་རྒྱས་རྣམས་ཀྱིས་ལུང་བསྟན་ཏེ། ཏིང་ངེ་འཛིན་དང་བདག་དང་སྙོམས་པར་འཇུག་པ་ལ་རློམ་སེམས་མེད ་དེ། རབ་འབྱོར་གྱིས་སྨྲས་པ། ཏིང་ངེ་འཛིན་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྱང་ཆུབ་སེམས་དཔའ་ངོ་བཻ་གཅིག་པ་ནི་ཆོས་མཚིག་ཆེན་པོའི་དམིགས་པའོ།། དེ་རྣམས་ལ་རྣམ་པར་མི་རྟོག་པ་ནི་རྣམ་པའོ།། དེ ་ནས་བཅོམ་ལྡན་འདས་ཀྱིས་ལེགས་ཞེས་གནང་བ་ནི། བཀའ་སྩལ་པ། དུས་ཉོན་མོངས་མེད་པར་བཤད་པ་ནི་འདི་ནི་ཡིན་ནོ།། བྱང་ཆུབ་སེམས་དཔས་ཀྱང་ཕ་རོལ་ཏུ་ཕྱིན་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས ་པཔའི་བར་ལ་དེ་ལྟར་བསླབ་པར་བྱའོ།། དེ་ནས་ཤཱ་རིའི་བུས་གསོལ་པ། ཕ་རོལ་ཏུ་ཕྱིན་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེསཔོའི་བེ་ར་ལ་མི་དམིགས་པའི་ཚུལ་གྱིས་སློབ་པ་ལགས་སོམ། བཀའ་སྩལ་པ། དེ ་སློབ་པ་ནི་མི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན་ནོ།། ཅིའི་ཕྱིར་ན་མི་དམིགས་པ་ལགས་ཞེས་པའི་ལན་བྱེད་པའི་སྐྱེས་བུ་བཅུ་གཉིས་ནས་ཤིན་ཏུ་རྣམ་པར་དག་པའི་ཕྱིར་གཟུགས་ལ་སོགས་པ་མི་དམིགས། ་རྣམ་པར་དག་པ་གང་ལགས་ཞེས་པའི་ལེན་ཆོས་ཐམས་ཅད་སྐྱེ་འགག་མེད། ཀུན་ནས་ཉོན་མོངས་དང་རྣམ་བྱང་མེད་པ་ནི་རྣམ་པར་དག་པ་སྟེ། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་ནི་གང་ལ་ཡང་མི་སློབ་བོ།། ་གཟུང་བའི་རྣམ་པར་རྟོག་པ་ལས། གཞི་དང་དེ་ཡི་གཉེན་པོ་ཡིས།། གཟུང་བར་རྟོག་པ་རྣམ་པ་གཉིས།། རྨོངས་དང་ཕུང་སོགས་བྱེ་བྲག་གིས།། དེ་ནི་སོ་སོར་རྣམ་པ་དགུ། ཞེས་པ་ལས་རྣམ་རྟོག་གི་གོ་བ་ནི་བྱིས་པ ་སོ་སོའི་སྐྱེ་བོ་རྣམས་འཁོར་འདས་ལ་ཞེན་པའི་ཆ་ནས་ནི་རྟོག་པ་ལ། དེ་གསལ་སྣང་གི་རྒྱུ་ནས་ནི་ཡེ་ཤེས་སོ།། གཞིའི་རྟོག་པ་དགུ་ལས། དང་པོ་མ་རིག་པའི་རྟོག་པ་ནི་ཤཱ་རིའི་བུ་ཆོས་འདི་དག་བྱིས་པ་སོ་སོའི་སྐྱེ ་བོས་ཇི་ལྟར་མངོན་པར་ཆགས་པ་དེ་ལྟར་ཡོད་པ་མ་ཡིན་ནོ།། གཉིས་པ་གཟུགས་ལ་སོགས་པའི་རྟོག་པ་ནི་གཟུགས་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ལ། སྟོང་པ་བཅོ་བརྒྱད་ཀྱི་ཕྱིར་ཡོད་པ ་མ་ཡིན་ནོ།། གསུམ་པ་མིང་དང་། ཟུགས་ཀྱི་རྟོག་པ་མེད་པ་ལ་བཏགས་ནས་མིང་དང་གཟུགས་ལ་མངོན་པར་ཞེན་ནོ།། བཞི་པ་མཐའ་གཉིས་ལ་ཆགས་པའི་རྟོག་པ་ནི་མེད་པ་ལ་ཞེན་ཅིང་རྟག་ཆོད་ཀྱི་མཐའ་མི་ཤྭེ། ་སོ།། ལྦུ་པ་མི་ཤེས་པའི་རྟོག་པ་ནི་གཟུགས་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅཝོ་བརྒྱུད་ཀྱི་བཱར་མཱི་ཤེས་མི་མཐོང་། དྲུག་པ་ངེས་པར་མྱི་འབྱུང་བའི་རྟོག་པ་ནི་དེ་ཁམས་གསུམ་དང་ཉན་རང་ལས་ངེས་པར་མི ་འབྱུང་བའོ།། བདུན་པ་ཡིད་མི་ཆེས་པའི་རྟོག་པ་ནི་གཟུགས་ནི་གཟུགས་ཀྱིས་སྟོང་ཞེས་བྱ་བར་ཡིད་མི་ཆེས་པ་ལ་སོགས་པའོ།། བརྒྱད་པ་མི་གནས་པའི་རྟོག་པ་ནི་སྦྱིན་པ་ནས་རྣམ་མཁྱེན་གྱི་བར་ལ་གནས་པ ་མ་ཡིནོ།། དགུ་པ་མངོན་པར་ཞེན་པའི་རྟོག་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་མངོན་པ་ར་ཞེན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ ་ངེས་པར་མི་འབྱུང་བའོ།། གཉེན་པོའི་རྟོག་པ་དགུ་ལས་དང་པོ་ནི་ཤཱ་རིའི་བུས་གསོལ་པ་ཇི་ལྟར་བསླབ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ཤིང་རྣམ་པ་ཐཾད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བ་ལག་ལ་ན་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་མི་དམིགས ་དང་པོའོ།། གཉིས་པ་སྟོང་པ་བཅོ་བརྒྱད་མི་དམིགས། གསུམ་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་མི་དམིགས། བཞི་པ་འཕགས་པའི་བདེན་པ་ལ་སོགས་པ་མི་དམིགས། ལྔ་པ་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ ་དང་མངོན་པར་ཤེས་པ་རྣམས་མི་དམིགས། དྲུག་པ་སྟོབས་ལ་སོགས་པ་རྣམས་མི་ང་མིགས། བདུན་པ་ཐམས་ཅད་ཤེས་པ་མི་དམིགས། བརྒྱད་པ་ལམ་གྱི་རྣམ་པ་ཤེས་པ་ཉིད་མི་དམིགས། དགུ་པ་ཐམས་ཅད་མཁྱེན ་པ་ཉིད་མི་དམིགས་ཤིང་ཡང་དག་པར་རྗེ་སུ་མི་མཐོང་བ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་རོ།། མཚན་མ་མེད་པའི་ལེའུ་སྟེ་དྲུག་པའོ།། ། ་ལེའུ་འདི་ནས་འཛིན་པའི་རྣམ་པར་རྟོག་པ་གཉིས། ཐབས་ལ་མཁས་པ་དང་ལྡན་པོའི་དགེ་བའི་བཤེས་གཉེན་ཐབས་མི་མཁས་པ་དང་ལྡན་པའི་སྡིག་པའི་གྲོགས་པོའོ།། དེ་ཡང་བདག་སོགས་རིང་དབང་ངོ་བོ་དང་། ་དེ་བཞིན་ཕུང་སོགས་རྟེན་སྒོ་ནས།། རྫས་དང་བཏགས་པའི་རྟེན་ཅན་གྱི།། འཛིན་པ་རྣམ་པ་གི་ཉ་སུ་འདོད། ཙཱབ་ལ་གང་ཟག་རྫས་ཀྱི་རྟོག་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་རྒྱུ་མེད་པའོ།། སྐྱེས་བུས་བཏགས ་པའི་རྟོག་པ་ནི་ངེས་པར་འབྱུང་རྒྱུ་མེད་པར་སྟོན་ནོ།། རྟོག་པ་དང་པོ་ནི་རབ་འབྱོར་གྱིས་གསོལ་བ་ལ་ལ་ཞིག་འདི་སྐད་དུ་འདྲི་ཞིང་། སྒྱུ་མའི་སྐྱེས་བུ་འདི་ཕ་རོལ་ཏུ་ཕྱིན་པ་དྲུག་ནས་སངས་རྒྱས་ཀྱི་ཆོས་མ ་འདྲེས་པ་བཅོ་བརྒྱད་ཀྱི་བར་ལ་བསླབས་ཤིང་རྣམ་པ་ཐམས་ཅང་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རམ། དེ་སྐད་དུ་འདྲི་བ་དེ་ལཇི་སྐད་དུ་བསྟན་པར་བགྱི། བཀའ་སྩལ་པ། ཁྱོད་ལ་དྲི་ཡིས་ཁྱོད ་ཀྱི་ཇི་ལྟར་དུ་བསྟན་པ་དེ་ལྟར་ལན་ཐོབ་ཅིག། རྟོག་པ་དང་ཕུང་པོ་འང་གཞན་ལོ་སྒྱུ་མའང་གཞན་ཞིག་ཡིན་སྙམ་མ་མ། གཉིས་པ་ཁམས་གསུམ་པ་སྐྱེ་མཚད་། བཞི་པ་ཛྙཱན་འབྲེལ། ལྔ་པ་ཕ་རོལ ་ཏུ་ཕྱིན་པ་རྣམས། དྲུག་པ་སྟོང་པ་རྣམས། བདུན་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་། བརྒྱད་པ་འཕགས་པའི་བདུན་པ་ལ་སོགས་པ། དགུ་པ་སྟོབས་རྣམས་སངས་རྒྱས་ཀྱི་ཆོས་མི་འདྲེས་པ་བཅོ ་བརྒྱད་ངོ་།། རབ་འབྱོར་གྱིས་གསོལ་པ། གཟུགས་ཀྱང་གཞན་མ་ལགས། སྒྱུ་མ་འང་གཞན་མ་ལགས། གཟུགས་ཉིད་ཀྱང་སྒྱུ་མ་སྒྱུ་མ་ཉིད་ཀྱང་གཟུག་སོ།། དེ་བཞིན་དུ་ཀུན་ལ་སྦྱར་རོ།། སྐྱེས་བུ་བཏགས ་པའི་རྟོག་པ་ནི་ངེས་པར་འབྱུང་རྒྱུ་མེད་པར་སྟོན་པ་ལས་དང་པོ་སྒྱུ་མ་ལ་སྐྱེ་འགག་ཡོད་དམ། གཉིས་པ་སྒྱུ་མ་ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་ཡོད་དམ། གསུམ་པ་སྐྱེ་འགག་མེད་ཀུན་ནས་ཉོན ་མོངས་དང་རྣམ་བྱུང་མེད་པ་དེ་ངེས་པར་འབྱུང་བར་འགྱུར་རམ། བཞི་པ་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་བྱང་ཆུབ་སེམས་དཔའ་ཞེས་བརྡ་དང་ཐ་སྙད་དུ་བཏགས་པ་ཡིན་ནམ། ལྔ་པ་བརྡ་དང་ཐ་སྙད་ཙམ་གྱིས། ཉེ་བར་ལེན་བཱི ་ཕུང་པོ་འདི་སྐྱེ་བ་དང་འགག་པར་འགྱུར་རམ། དྲུག་པ་བརྡའ་དང་ཐ་སྙད་མེད་ལུས་ངག་ཡིད་གསུམ་མོད་སྐྱེ་འགག་མེད་པ་དེ་གསུམ་ལ་བསླབས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རམ། བདུན་པ ་ཕུང་པོ་ལྔ་པོ་འདི་དག་ཡུམ་ལ་བསླབས་ཤིང་ངེས་པར་འབྱུང་བར་འགྱུར་རམ། བརྒྱུད་པ་འཁྲུལ་པའི་དཔེ་བརྒྱད་ལྟ་བུའི་ཕུང་པོ་ལྔ་པོ་འདི་དག་ཡུམ་ལ་བསླབས་ནས་ངེས་པར་འབྱུང་བར་འགྱུར་རམ། དགུ་པ་ཕུང་པོ་ལྔ ་བོཔོ་ནི་འཁྲུལ་པའི་དཔེ་བརྒྱད་ལྟ་བུ་སྟེ་ཡུམ་ལ་སློབ་པ་དང་ངེས་པར་འབྱུང་བ་འང་མེད་ངོ་།། རབ་འབྱོར་གྱིས་གསོལ་པ། དེ་སྐད་བསྟན་ཅིང་། བཤད་ན་འཇིགས་ཤིང་དངང་པར་མི་འགྱུར་ལགས་སམ། བཀའ་སྩལ་པ ་ཐབས་མཁས་པའི་དགེ་བའི་བཤེས་གཉེན་དང་ཕྲད་ན་མི་འཇིགས། ཐབས་མི་མཁས་པའི་སྡིག་པའི་གྲོགས་པོ་དང་ཕྲང་ཟིན་ན་འཇིགས་སོ།། སེམས་མི་འགོང་པ་ཉིད་སོགས་ཀྱིས།། ངོ་བོ་ཉིད ་མེད་སོགས་སྟོན་བྱེད།། དེ་ཡི་མི་མཐུན་ཕྱོགས་བོར་བ།། རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན།། ཞེས་པ་ལ། ཐབས་མཁས་པའི་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད ་དང་ལྡན་པའི་སེམས་ཀྱིས་ཕུང་པོ་ལྔ་མུ་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། ཞི་བ་དང་། སྟོང་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་དང་། དབེན་ཞི ་བྱ་བར་སོ་སོར་རྟོག་སྟེ་དེ་མི་དམིགས་སོ། དེ་བཞིན་དུ་ཕུང་པོ་ལྔ་ཆོས་དགུའི་རྣམ་པར་སོ་སོར་རྟོག་སྟེ་དེ་མི་དམིགས་སོ།། དེ་ཉིད་ལྡོག་པའི་སྒོ་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཐབས་སུ་སྟོན་པ་ལས། ཕུང་པོ་ལྔ་ཆོས ་དགུ་པོ་མི་དམིགས་པའི་ཚུལ་གྱིས་སྟོན་པ་ནི་སྦྱིན་པོའི་ཕ་རོལ་ཏུ་ཕྱིན་པའོ།། ཕུང་པོ་ལྟ་ཆོས་དགུ་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་ཅིང་ཉན་རང་གི་ཡིད་ལ་བྱེད་པ་དང་མི་ལྡན་པ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ ་ཏུ་ཕྱིན་པའོ།། ཕུང་པོ་ལྔ་ཆོས་དགུ་པོ་དེ་ཉིད་མི་དམིགས་པའི་ཚུལ་གྱིས་ཡིད་ལ་མོས་ཤིང་བཟོད་པ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ།། ཕུང་པོ་ལྔ་ཆོས་དགུ་པོ་དེ་ཉིད་ཀྱི་མཱི་དམིགས་པའི་ཚུལ་གྱིས ་ཡོད་ལ་བྱེད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སེམས་མི་གཏོང་བར་སྤྲོ་བ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། ཕུང་པོ་ལྔ་ཆོས་དགུ་པོ་དེ་ཉིད་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་ཅིང་ཉན ་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱེད་པ་དང་མི་ལྡན་པ་དང་། དེ་མ་ཡིན་པ་བྱང་ཆུབ་ཀྱི་གེགས་སུ་གྱུར་པ་མི་དགེ་བ་གཞན་གྱི་གོ་མི་འབྱེད་པ་ནི་བསམ་གཏན ་གྱི་ཕ་རོལ་ཏུ་ཕྱིན་པའོ།། སྟོང་པ་ཉིད་ཀྱིས་གཟུགས་སྟོང་པ་མ་ཡིན་གྱི། གཟུགས་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་གཟུགས་སོ།། དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ ་བཅོ་བརྒྱདཀྱི་བར་རོ།། ཐབས་མཁས་པ་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་བསྟན་པ་འདི་ཐོས་ནས་སྐྲག་པར་མི་འགྱུར་རོ།། དགེ་བའི་བཤེས་གཉེན་ནི་གཟུགས་ནས་རྣམ་མཁྱེན་གྱི་བར ་དུ་ཆོས་དོགུ་མི་དམིགས་པའི་ཚུལ་གྱིས་སེམས་ཅན་རྣམས་ལ་ཆོས་སྦྱིན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར ་ཡོངས་སུ་བསྔོར་མི་འཇུག་པའོ།། དགེ་བྱའི་བ་ཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་ནི་སྐྲག་པར་མི་འགྱུར་རོ།། ཐབས་མི་མཁས་པ་ནི་བྱང་ཆུབ་སེམས་དཔའ ་ཡུམ་ལ་སྤྱོད་པའི་ཚེ་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་ཞིང་དམིགས་པའི་ཚུལ་གྱིས་རློམ་སེམས་སུ་བྱེད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་དང་མི་ལྡན་པས་གཟུགས་སྟོང ་པ་བཅོ་བརྒྱད་དོ་ཞེས་བྱ་བར་དམིགས་ཤིང་དམིགས་པའི་ཚུལ་གྱིས་རློམ་སེམས་སུ་བྱེད་པས། དེ་བཞིན་དུ་རྣམ་མཁྱེན་གྱི་བར་ལའོ།། དེས་བསྟན་པ་འདི་ཐོས་ནས་འཇིགས་ཤིང་དངང་སྐྲག ་གོ། སྡིག་པའི་གྲོགས་པོ་ནི་སངས་རྒྱས་ཀྱི་ཆ་བྱང་དུ་བྱས་པ་དྲུག། ཉན་ཐོས། ཕ་མ། མཁན་སློབ། དགེ་སློང་གི་ཚེ་བྱང་དང་བཅུ་ཡིས་སྟོན་པ་ལས། དང་པོ་དབྱེས་འཛུད་པའི་བདུད་ནི ་ཕ་རོལ་ཏུ་ཕྱིན་པ་ལ་མོས་པ་མེད་པར་བྱེད་དོ།། འདི་ནི་དེ་བཞིན་གཤེགས་པས་གསུངས་པ་མ་ཡིན། ཆོས་དང་འདུལ་བ་མ་ཡིན་རང་བཟོར་བྱས་པ་སྟེ་འདི་དག་ལ་ཉན་པོ་ལ་སོགས་པར་མི་བྱའོ།། ་གཉིས་པོ་དགོས་པ་མེད་པ་བདུད་སྟེ་ག་ཅན་བྱང་ཆུབ་སེམས་དཔའི་དྲུང་དུ་འོངས་ནས་ཕ་རོལ་ཏུ་ཕྱིན་པས་ཁྱོད་ལ་ཅི་ཞིག་བྱ་ཟེར་བའོ།། གསུམ་པ་ཁ་འདྲེན་པའི་བདུད་ཀྱི་ལས་ནི་ཉན་རང་གི་གསུང ་ར་བ་ལ་སྙན་པ་བརྗོད་པའོ།། བཞི་པ་བྱང་ཆུབ་སེམས་དཔའ་སུན་འབྱིན་པའི་བདུད་ཀྱི་ལ་སོ་ནི་ཁྱོད་ལ་བྱང་ཆུབ་ཀྱི་སེམས་ཅུང་ཟད་ཀྱང་མེད་ན་ཕྱིར་མི་ལྡོག་པ་ཡང་མིན་པས་སངས་ཀྱང་མི་རྒྱུའོ་ཞེས ་ཟེར་བའོ།། ལྔ་པ་སྟོང་པ་ཧང་པོའི་བདུད་ཀྱི་ལས་ནི་མིག་གི་བདག་གམ་བདག་གོས་སྟོང་།། སངས་རྒྱས་ཀྱི་ཆོས་མོ་འདྲེས་པོའི་བར་ནི་བདག་གམ་བདག་གི་སྟོང་ན་སངས་རྒྱས་པས་ཁྱོད་ལ་ཅི་ཞིག་བྱ་ཞེས་ཟེར་པའོ།། དྲུག་པ ་ཆད་ལྷའི་བདུད་ཀྱི་ལས་ནི་ཕྱོགས་བཅུ་དང་། སངས་རྒྱས་ཉན་ཐོས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྟོང་སྟེ། སངས་རྒྱས་ལ་སོགས་པ་མེད་ཅེས་ཟེར་བའོ།། བདུན་པ་ནི་བདུད་སྡིག་ཅན་ཉན ་ཐོས་ཀྱི་ཆ་བྱད་དུ་བྱས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་བཟློག་ཅིང་། ཉན་རང་གི་ཡིད་ལ་བྱ་བ་འདེམས་ཤིང་སྟོན་པའོ།། བརྒྱད་པ་མཁན་པོ་དང་སློབ་དཔོན་གྱི་ཆུ་བྱད་དུ་བྱས་ཤིང་། བྱང ་ཆུབ་སེམས་ཀྱི་སྤྱོད་པ་བཟློག་ནས་ཉན་ཐོས་ཀྱི་བྱང་ཆུབ་མངོན་དུ་གྱིས་ཤིག་ཐམས་ཅད་མཁྱེན་པས་ཅི་ཞིག་བྱ་ཞེས་ཟེར་བའོ།། དགུ་པཱ་ཕ་མའི་ཆ་དབྱུང་དུ་བྱས་ནས་འཁོར་བ་ན་རྐང་ལག་དང་མགོ་བོ་གཅད་པ་ཚད་མེད་པོས ་ཉོན་མོངས་པར་འགྱུར་གྱིས་ཞེས་པའོ།། བཅུ་པ་དགེ་སློང་གི་ཆ་བྱད་དུ་བྱས་ནས་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་ཆོས་དགུ་དམིགས་པའི་ཚུལ་གྱིས་སྟོན་པ་ནི་སྡིག་པའི་གྲོགས་པོར་རིག་པར་བྱ་སྟེ། ཤེས་ནས་ཀྱང་ཡོངས ་སུ་སྤང་བར་བྱའོ།། སྒྱུ་མ་ལྟ་བུའི་ལེའུ་སྟེ་བདུན་པའོ།། །། ལེའུ་འདི་ནས་རིགས་ཅན་བྱང་ཆུབ་སེམས་དཔའ་བཅུ་གསུམ། དམིགས་པ་བཅུ་གཅིག། ཆེད་དུ་བྱ་བ་གསུམ། གོ་ཆའི་སྒྲུབ་པ་སུམྱ་ཅུ་སོ ་དྲུག། འཇུག་པའི་སྒྲུབ་པ་དགུ། ཚོགས་ཀྱི་སྒྲུབ་པ་བཅུ་ཐམ་པ་སྟོན་ཏོ།། དེ་ལ་རིགས་ཅན་བྱང་ཆུབ་སེམས་དཔའ་མ་གྲུབ་པར་སྟོན་པ་ནི། རྟོགས་པ་ཡི་ནི་ཆོས་དྲུག་དང་། གཉེན་པོ་དང་ནི་སྤོང་བ་དང་། དེ་དག་ཡོངས་སུ ་གཏུགས་པ་དང་།། ཤེས་རབ་སྙིང་བརྩེར་བཅས་པ་དང་།། སློབ་མ་ཐུན་མོངས་མིན་ཉིད་དང་། གཞན་གྱི་དོན་གྱི་གོ་རིམ་དང་། ཡེ་ཤེས་རྩོལ་བ་མི་མངའ་བརླ།། འཇུག་པའི་རྟེན་ལ་རིགས་ཤེས་བྱ།། མདོ་སྤྱིར་བསྟན་པ་ནི་རབ ་བྱོར་གྱིས་གསོལ་པ། བྱང་ཆུབ་སེམས་དཔའི་ཚིག་གི་དོན་གང་ལགས། བཀའ་སྩལ་པ། ཚིག་གི་དོན་མེད་དེ། བྱང་ཆུབ་དང་སེམས་ཅན་སྐྱེ་བ་མེད་པའི་ཕྱིར་ནམ་མཁའ་ལ་བྱའི་རྗེས་མེད་པ་དེ་བཞིན་བྱང་ཆུབ་སེམས་དཔའ ་ལ་ཡང་ཚིག་གི་དོན་མེད་དོ།། དྲོད་ཀྱི་བྱང་ཆུབ་སེམས་དཔའ་མ་གྲུབ་པའི་དཔེ་ནི་རྨི་ལམ་ལ་སོགས་པ་འཁྲུལ་པའི་དཔེ་བརྒྱད་ལ་ཚིག་གི་གཞིའི་དོན་མེད་ངོས་བསྟན། རྩེ་མོའི་བྱང་ཆུབ་སེམས་དཔའ་མ་གྲུབ་པའི་དཔེ་ནི་ཆོས་ཉིད ་བརྒྱད་ལ་ཚིག་གི་དོན་མེད་དོས་བསྟན། བཟོད་པའི་བྱང་ཆུབ་སེམས་དཔའ་མ་གྲུབ་པའི་དཔེ་ནི་སྒྱུ་མའི་གཟུགས་ནུས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བྱར་ལ་ཚིག་གི་གཞིའི་དོན་མེད་ངོས་བསྟན། ཆོས་མཆོག་གི་བྱང་ཆུབ་སེམས ་དཔའ་མ་གྲུབ་པའི་དཔེ་ནི། གཟུགས་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ལ་ཚིག་གི་གཞིའི་དོན་མེད་དོ། དེ་རྣམས་མེད་པའི་ཕྱིར་རོས་བསྟན། མཐོང་ལམ་གྱི་བྱང་ཆུབ་སེམས་དཔའ་མ་གྲུབ་པའི་དེཔེ་ནི་འདུས ་བྱས་དང་འདུས་མ་བྱས་ལ་གཞི་མེད་ངོས་བསྟན། སྒོམ་ལམ་གྱི་བྱང་ཆུབ་སེམས་དཔའ་མ་གྲུབ་པའི་དཔེ་ནི་གཟུགས་ལ་སྐྱེ་བ་མེད་པ་དང་འགག་པོ་དང་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དང་མངོན་པར་འདུ་བྱ་བ་དང ་འབྱུང་བ་མེད་པ་གནས་མེད་དོ།། དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དུ་གནས་མེད་དོ་གཞི་མེད་ངོས་བསྟན། གཉེན་པོའི་བྱང་ཆུབ་སེམས་དཔའ་མ་གྲུབ་པའི་དཔེ་ནི་ཉི་མའི་དཀྱིལ ་འཁོར་འཆར་བ་ལ་མུན་པའི་གནས་མེད་དོ།། སྟོང་བའི་བྱང་ཆུབ་སེམས་དཔའ་མ་གྲུབ་པའི་དཔེ་ནི་བསྐལ་པའི་མེ་འབར་བའི་ཚེ་འདུ་བྱེད་ཀྱི་གནས་མེད་དོ།། དེ་དག་ཡོངས་སུ་གཏུགས་པའི་བྱང་ཆུབ་སེམས་དཔའ་མ་གྲུབ ་སཱི་པེ་ནི་དེ་བཞིན་གཤེགས་པའི་སངས་རྒྱས་ལ་ཚུལ་ཁྲིམས་ལ་སོགས་པའི་འཆལ་པ་ལྔའི་གནས་མེད་དོ།། ཤེས་རབ་སྙིང་བརྩེ་རོ་བཅས་པ་མ་གྲུབ་པའི་དཔེ་ནི་དཔེར་ན་ཉི་མ་དང་ཟླ་བའི་འོད་ལ་གནས་མེདོ།། སློབ་མ་ཐུན ་མོང་མ་ཡིན་པའི་དཔེ་ནི་གཟའ་དང་སྐར་མའི་འོད་ལ་གཞི་མེད་ངོ་།། གཞན་གྱི་དོན་གྱི་གོ་རིམ་གྱིས་བྱང་ཆུབ་སེམས་དཔའ་མ་གྲུབ་པའི་དཔེ་ནི་ལྷ་རྣམས་ཀྱི་གནས་མེད་དོ།། ཡེ་ཤེས་སྩོལ་བ་མི་མངའ་བར་འཇུག་པའི་རྟེན་ནི ་དཔེར་ན་དེ་བཞིན་གཤེགས་པ་སངས་རྒྱས་བོད་ལ་གནས་མེད་དོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལེ་ཚིག་གི་གཞིའི་དོན་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་གང་ཡིན་པ་དང་བྱང་ཆུབ་ཀྱི་སེམས་གང་ཡིན་པ་དེ་ཐམས ་ཅད་ལྡན་པ་ཡང་མ་ཡིན་ཞེས་པ་ལ་སོགས་པའོ།། བྱང་ཆུབ་སེམས་དཔའ་ཆོས་ཐམས་ལ་བསླབ་པར་བྱའོ།། དེ་ཡང་མགོན་པོས། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། རིགས་ནི་ཐ་དད་རུང་མ་ཡིན།། བརྟེན་པའི་ཆོས ་གི་བྱེ་བྲག་གིས།། དེ་ཡི་དབྱེ་བ་ཡོངས་སུ་བརྗོད།། ཅེས་པ་ནི་ཆོས་ཉིད་ལ་དབྱེ་བ་མེད། ཆོས་ཉིད་རྟོགས་པའི་གང་ཟག་ལ་ཕྱེ་བ་ཡིན། དཔེར་ན་བུམ་པ་ལ་དབྱེ་བ་མེད་ཀྱང་བུམ་པར་ཐུགས་པའི་ཆུ་དང་འོ་མ་དང་སྒྲ་སྦྲང་རྩི་ལ་སོགས ་པས། ཆུའི་བུམ་པ་དང་སྦྲང་རྩིའི་བུམ་པ་ཞེས་པ་ལྟ་བུའོ།། དམིགས་པ་ཆོས་རྣམས་ཐམས་ཅད་དེ།། དེ་ཡང་དགེ་ལ་སྩོགས་པ་ཡིན།། འཇིག་རྟེན་པ་ཡི་རྟོགས་པ་དང་། གང་དག་འཇིག་རྟེན་འདས་འདོད་དང་། ཟག་བཅས ་ཟག་པ་མིང་ཆོས་དང་།། གང་དག་འདུས་བྱས་འདུས་མ་བྱས།། སློབ་མ་ཐུན་མོང་ཆོས་རྣམས་དང་། དགང་དག་ཐུབ་པའི་ཐུན་མོང་མིན།། ཞེས་པ་ནི་ཀུན་རྫོབ་ཏུ་བསྟན་གྱི།། བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པས་མི ་དམིགས་པ་ལ་བསླབ་བོ།། ཆེད་དུ་བྱ་བ་ནི། སེམས་ཅན་ཀུན་མཆོག་ཉིད་སེམས་དང་།། སྤོང་དང་རྟོགས་དང་གསུམ་པཱ་ལ།། ཆེན་པོ་གསུམ་གྱི་རང་བྱུང་གི། ཆེད་དུ་བྱ་བ་ཉིད་ཅེས་བརྗོད། ཆེན་པོ་ལྔ་ལྡན་གྱི་བཤད ་པ་ལ་སེམས་དཔའ་ཆེ་བ་ནི་རབ་འབྱོར་གྱིས་གསོལ་པ། ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་ལ་སེམས་དཔའ་ཆེན་པོ་ཞེས་བགྱི། བཀའ་སྩལ་པ། སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་བྱེད་པས་སེམས ་དཔའ་ཆེན་པོ་ཞེས་བྱའོ།། ཕུང་པོ་ངེས་པ་ནི་འཕགས་པའི་གང་ཟག་རྣམས་སོ།། རྡོ་རྗེ་ལྟ་བུའི་སེམས་དང་། རླབས་པོ་ཆེའི་སེམས་དང་། མི་འགུལ་བའི་སེམས་དང་། ཕན་བདེ་བསྐྱེད་པའོ་སེམས་དང ་ཆོས་ལ་དགའ་ཕྱིའི་སེམས་ཀྱིས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་ན་སེམས་དཔའ་ཆེན་པོ་ཞེས་བགྱིའོ།། སྦྱོང་བ་ཆེ་བ་ནི་ཤཱ་རིའི་བུས་གསོལ་པ། བདག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པོ་ཞེས་བགྱི་བ་དེ་ལ་སྤོབས་པ་སྐྱེའོ།། བཀའ་སྩལ་པ། སྤོབ་པ་བསྐྱེད་ཅིག། སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བ་ནི་བྱེད་པའི་སྐྱེས་བུ་བཅུ་གཉིས་དང་། ཡོད་མེད་དང་རྟག་ཆད་དང་གཟུགས་ནས་སངས ་རྒྱས་དང་བྱང་ཆུབ་ཀྱི་བར་དུ་ལྟ་བ་སྤོང་བའི་ཕྱིར་ནི་སེམས་དཔའ་ཆེན་པོ་ཞེས་བགྱིའོ།། རབ་འབྱོར་གྱིས་སྨྲས་པ། ཅིའི་ཕྱིར་ན་གཟུགས་ནས་སངས་རྒྱས་བྱང་ཆུབ་ཀྱི་བར་དུ་ལྟ་བར་འགྱུར་བ་ཡིན། ཤཱ་རིའི་བུས་སྨྲས་པ། ་གཟུགས་ནས་མྱ་ངན་ལས་འདས་པའི་བར་དུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་བལྟ་བ་སྐྱོང་ངོ་།། དེའི་ཕྱིར་ན་གཟུགས་ནས་མྱ་དྲན་ལས་འདས་པའི་བར་དུ་ལྟ་བར་འགྱུར་བ་ཡིན་པས་དེ་སྤང་བའི་ཕྱིར་ཆོས་སྟོན། ་རྟོགས་པ་ཆེ་བ་ནི་རབ་འབྱོར་གྱིས་གསོལ་པ། སེམས་དཔའ་ཆེན་པོའི་དོན་དེ་ལ་བདག་ཀྱང་སྤོ་བ་སྐྱེའོ།། བཀའ་སྩོལ་པ། སྤོབས་པར་གྱིས་ཤིག། རབ་འབྱོར་གྱིས་གསོལ་པ། བྱང་ཆུབ་ཀྱི་སེམས་ཉན་ཐོས་དང་རང ་རྒྱལ་དང་ཐུན་མོང་མ་ཡིན་པའི་སེམས་དེ་ལའང་ཆགས་པ་མེད་པའི་ཕྱིར་ན་སེམས་དཔའ་ཆེན་པོ་ཞེས་བགྱིའོ།། དེ་ཅིའི་ཕྱིར་ཞེ་ན། སེམས་དང་པོ་བསྐྱེད་ཕྱིན་ཆད་ཆོས་གང་སྐྱེ་བ་འམ་འགག་པ་འམ་འཕེལ་འགྲིབ ་བམ་འགྲོ་འོང་དང་ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་དུ་ཡང་དག་པར་རྗེས་མི་མཐོང་བས་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་ཆགས་པར་མི་འགྱུར་རོ།། སྒྲུབ་པ་རྣམ་པ་བཞི་ལས་གོ་ཆའི་སྒྲུབ་པ་ནི། སྦྱིན་པ་ལ་སོགས ་རྣམ་དྲུག་གིས།། དེ་དག་སོ་སོར་བསྡུས་པ་དང་། གོ་ཚོའི་སྒྲུབ་པ་གང་ཡིན་པ།། དྲུག་ཚན་དྲུག་གིས་ཡང་དག་བཤད།། ཅེས་པ་ལས། བྱམས་མའི་བུ་གང་པོས་གསོལ་པ། བཅོམ་ལྡན་འདས་བདག་ཀྱོང་སེམས་དཔའ ་ཆེན་པོའི་དོན་དེ་ལ་སྤོབས་པར་བགྱིད་ལྕགས་སོ་གྱིས་ཤིག། གསོལ་པ། གོ་ཆ་ཆེན་པོ་བགོས་པ་ཐེག་པ་ཆེན་པོ་ལ་གནས་ཤིང་འཇུག་པའི་ཕྱིར་ན་སེམས་དཔའ་ཆེན་པོ་ཞེས་བགྱིའོ།། ཤཱ་རིའི་བུས་སྨྲས་པ། ་གང་པོ་ཇི་ཙམ་གྱིས་ན་གོ་ཆ་ཆེན་པོ་བགོས་ཞེས་བྱ། གང་པོས་སྨྲས་པ། སེམས་ཅན་ཉུང་ཟད་ཉི་ཚེའི་དོན་དུ་གོ་ཆ་གྱོན་པ་མ་ཡིན། སེམས་ཅན་འདི་སྙེད་ཅིག་ན་ཕ་རོལ་ཏུ་ཕྱིན་པ་ལ་དགོད་པར་བྱའོ།། འདི་སྙེད་ནི་དགོད ་པར་མི་བྱའོ་སྙམ་དུ་གོ་ཆ་གྱོན་པ་མ་ཡིན་ཏེ། སེམས་ཅན་ཚད་མེད་གྲངས་མེད་པའི་དོན་དུ་གོ་ཆ་གྱོན་པའོ།། འདི་ལྟ་སྟེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་སྦྱིན་པ་གཏོང་ཞེ་ན། མ་ཆགས་པར ་གཏོང་བའི་ཆ་ནས་སྦྱིན་པ། དེ་ཉིད་མི་དགེ་བ་དང་མ་འདྲེས་པར་གཏོང་བས་ན་ཚུལ་ཁྲིམས། དེ་ཉིད་མི་མཐུན་པ་མེད་པར་གཏོང་བའི་ཆ་ནས་བཟོད་པ། དགེ་བ་ལ་སྤྲོ་བའི་ཆ་ནས་གཏོང་བས་བརྩོན་འགྲུས། མ་ཡེངས་པའི ་ཆ་ནས་བསམ་གཏན། སྦྱིན་པ་གཏོང་བ་དང་ལེན་པ་ལ་སོགས་པ་སྒྱུ་མ་བུར་ཤེས་པས་ཤེས་རབ་བོ།། དེ་ལྟར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ཀ་ལ་དྲུག་དྲུག་ཏུ་བསྒྲེའོ།། དེ་ལ་ཕྱོགས་བཅུ་འཇིག་རྟེན་གྱི ་ཁམས་ན་དེ་བཞིན་གཤེགས་པ་རྣམས་བྱང་ཆུབ་སེམས་དཔའ་ལ་ཆེད་དུ་བརྗོད་པ་མཛད་དོ།། འཇུག་པའི་སྒྲུབ་པ་དགུ་ནི། བསམ་གཏན་གཟུགས་མེད་སྦྱིན་སོགས་དང་། ལམ་དང་བྱམས་ལ་སོགས་པ་དང་། དམིགས ་པཱུ་མེད་པར་ལྡན་པ་དང་།། འཁོར་གསུམ་རྣམ་པར་དག་ཉིད་དང་།། ཆེད་དུ་བྱ་དང་མངོན་ཤེས་དྲུག། རྣམ་ཀུན་མཁྱེན་པོའི་ཚུལ་ལ་ནི།། འཇུག་པའི་སྒྲུབ་པོ་ཐེག་ཆེན་ལ།། འཛེག་པ་ཡིན་པ་ཤེས་པ་བྱ།། ཞེས་པ་ལ། ཤཱ ་རིའི་བུས་སྨྲས་པ། གླང་པོ་ཐེག་པ་ཆེན་པོ་ལྔ་ཇི་ལྟར་འཇུག་དྲིས་པའི་ལྡན་ནི། ཐེག་པ་ཆེན་པོ་ལ་བསམ་གཏན་གཟུགས་མེད་ཀྱི་འཇུག་པ་ནི་བསམ་གཏན་གཞི་ཚད་མང་པ་བཞི་གཟུགས་མེད་པའི་སྙོམས་པར་འཇུག ་པ་བཞིའི་རོ་མྱོང་བར་མི་བྱེད་དབང་གིས་ཀྱང་མི་འཕྲོགས་པའོ།། སྦྱིན་སོགས་ཀྱི་འཇུག་པ་ནི་སྙོམས་འཇུག་གསམ། གཏོང་བའི་ཆ་ནས་སྦྱིན་པ། སྲུང་བའི་ཆ་ནས་ཚུལ་ཁྲིམས། མི་བཟོད་པ་མེད་པའི་ཆ་ནས་བཟོད་པ ་མི་གཏོང་བའི་ཆ་ནས་བརྩོན་འགྲུས། ཡིད་ལ་དེད་པ་གཞན་གྱི་གོ་སྐབས་མི་འབྱེད་པའི་ཆ་ནས་བསམ་གཏན། ཆོས་ཐམས་ཅད་མི་དམིགས་པའི་ཆ་ནས་ཤེས་རབ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ལ་ཆེད ་དུ་བརྗོད་པ་མཛད་དོ།། ལམ་གྱི་འཇུག་པ་ནི་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའོ།། བྱམས་པ་ལ་སོགས་པའི་འཇུག་པ་ནི་ཚད་མེད་པ་བཞི་འཛིན་ཆགས་མེད་པའི་ཆ་ནས་སྦྱིན་པ། མི་དགེ་བ་སྲུང་བས་ཚུལ་ཁྲིམས། ཚད ་མེད་ཀྱི་བཟོད་པ། ཚད་མེད་ཀྱི་བརྩོན་འགྲུས།། ཚད་མེད་ཀྱི་བསམ་གཏན། ཚད་མེད་ཀྱི་ཤེས་རབ་པོ།། མི་དམིགས་པའི་འཇུག་པ་ནི་སྟོང་པ་བཅོ་བརྒྱད་ཤེས་ཀྱང་དམིགས་པའི་ཚུལ་གྱིས་མ་ཡིན། རྟོག་པ་དང་མི་རྟག་པ ་ལ་སོགས་པ་དང་། ཁམས་གསུམ་དང་དམིགས་པ་བཅུ་གཅིག་ཤེས་ཀྱང་དམིགས་པའི་ཚུལ་གྱིས་མ་ཡིན་ནོ།། འཁོར་གསུམ་རྣམ་པར་དག་པའི་འཇུག་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཀྱང་གསུམ་པོ་ལ་མི ་དམིགས་པའོ།། ཚད་དུ་བྱ་བའི་འཇུག་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་མ་འདྲེས་པས་ཕ་རོལ་ཏུ་ཕྱིན་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དུ་རྣམ་པར་མི་སྒོམ་པའི་ཚུལ་དུ་མི་དམིགས ་པའི་ཚུལ་གྱིས་སྒོམ་མོ།། གཟུགས་དམིགས་སུ་མེད་པའི་ཕྱིར་གཟུགས་ཞེས་བྱེ་བ་ནི་མིང་ཙམ་དུ་ཟད་དོ།། དེ་བཞིན་དུ་སངས་རྒྱས་དམིགས་སུ་མྱེད་པའི་ཕྱིར་སངས་རྒྱས་ཞེས་བྱ་བ་ནི་མིང་ཙམ་དུ་ཟད་དོ་ཞེས་བྱ་བའི ་བའོ།། མངོན་པར་ཤེས་པའི་འཇུག་པ་ནི་བདག་གིས་མངོན་པར་ཤེས་པ་དྲུག་གིས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱ་ཀྱི་ཞིང་ཡོངས་སུ་དག་པར་དག་པར་བྱེད་ཀྱང་མི་དམིགས་སོ།། རྣམ་པ་ཐམསས ་མཁྱེན་པའི་འཇུག་པ་ནི་བདག་གིས་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ནས། སེམས་ཅན་ཚད་མེད་གྲངས་མེད་པའི་དོན་བྱེད་ཀྱང་མངོན་པར་མ་ཞེན་པའོ།། ཚོགས་ཀྱི ་སྒྲུབ་པ་ནི། བརྩེ་དང་སྦྱིན་ལ་སོགས་པ་དྲུག། ཞི་གནས་ལྷག་མཐོང་བཅས་པ་དང་།། ཟུང་དུ་འབྲེལ་བྱའི་ལམ་གང་དང་།། ཐབས་ལ་མཁས་པ་གང་ཡིན་དང་།། ཡེ་ཤེས་དང་ནི་བསོད་ནམས་དང་།། ལམ་དང་གཟུངས ་ས་བཅུ་དང་།། གཉེན་པོ་ཚོགས་ཀྱི་བསྒྲུབ་པ་ཡི།། རིམ་པ་ཡིན་པར་ཤེས་པར་བྱ།། དེ་ལ་སྙིང་རྗེའི་ཚོགས་ལ་སོགས་པ་བཅུ་ནི་རབ་འབྱོར་གྱིས་གསོལ་པ། བྱམས་མའི་བུ་གང་པོས་གོ་ཆ་ཚན་པོ་བགོས་པ་དྲང་། ཐེག ་པ་ཆེན་པོ་ལ་འཇུག་པའི་ཕྱིར་སེམས་དཔའ་ཆེན་པོ་ཞེས་བརྗོད་ན། བཅོམ་ལྡན་འདས་གོ་ཆ་ཆེན་པོ་ནི་ཇི་ལྟར་གྱོན་ལགས།། བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་ནས་སངས་རྒྱས་ཀྱི་ཆོས་མ ་འདྲེས་པའི་བར་དང་། སངས་རྒྱས་ཀྱི་སྐུའི་གོ་ཆ་བགྲོས་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྣང་བས་རྒྱས་པར་འགེངས། སྟོང་གསུམ་ན་སེམས་ཅན་དམྱལ་བ་ཇི་སྐད་ཡོད་པ་དེ་དག་ཐམས་ཅད ་ལ་སངས་རྒྱས་ལ་ཕྱག་འཚལ་ལོའི་སྒྲ་བརྗོད་དོ།། དེས་དེ་ཐོས་ནས་དགའ་བདེ་ཐོབ་སྟེ་དེ་ནས་རྣམ་པར་ལྡང་ངོ་།། ལངས་ནས་སངས་རྒྱས་ཀྱི་ཞིང་གང་དང་གང་ན་སངས་རྒྱས་གཞུགས་པ་དེར་སྐྱེའོ།། དེ་བཞིན་དུ ་བྱོལ་སོང་དང་གཤིན་རྗེའི་འཇིག་རྟེན་ལ་སྦྱར་རོ།། སྦྱིན་པའི་ཚོགས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གནས་ཤིང་འཁོར་ལོས་སྒྱུར་བའི་རྒྱལ་པོར་སྤྲུལ་ནས། ཟས་འདོད་པ་རྣམས་ལ་ཟས་སྦྱིན་པར་བྱེད་ལ་སོགས་པའོ།། ཚུལ ་ཁྲིམས་ཀྱི་ཚོགས་ནི་ཚད་དུ་བསམ་ཏེ་འཁོར་ལོས་སྒྱུར་བའི་དབང་ཕྱུག་ལ་གནས་ནས་སེམས་ཅན་རྣམས་དགེ་བ་བཅུ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་ལ་འགོད་དོ།། བཟོད་པའི་ཚོགས་ནི། སེམས ་དང་པོ་སྐྱེད་པ་ནས་ཉེ་བར་གཟུང་སྟེ། བརྒྱ་ལ་སེམས་ཅན་ཐམས་ཅད་བདག་ལ་རྡོ་དང་དབྱུག་པས་རྡེག་ཅིང་ལ་སོགས་པའོ།། བརྩོན་འགྲུས་ཀྱི་ཚོགས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་བསྐྱེད་པས་ལུས་དང ་སེམས་ཀྱི་བརྩོན་འགྲུས་ལ་ཡང་དག་པར་བསྐུལ་ཞིང་འཇོག་གོ།། བསམ་གཏན་གྱི་ཚོགས་ནི་ཆོས་ཉིད་ལ་གནས་ཤིང་ཆོས་གང་ཡང་འཁྲུག་པར་མི་བྱེད་དོ།། ཤེས་རབ་ཀྱི་ཚོགས་ནི་སེམས་ཅན་ཐམས་ཅད་ཕ་རོལ་ཏུ་ཕྱིན ་དྲུག་ལ་འགོད་ཅིང་། ཆོས་གང་ཡང་སྐྱེ་བ་འམ། ཀུན་ནས་ཉོན་མོངས་དང་རྣམ་བྱང་ངམ། ཚུ་རོལ་ལ་ཕ་རོལ་མི་དམིགས་སོ།། ཞི་གནས་ཀྱི་ཚོགས་ནི་དཔེར་ན་སྒྱུ་མའི་མཁན་པོ་འམ་མཚན་བུ་གཅིག་གིས་ལམ་གྱི་བཞི་མདོར་སྐྱེ་བོ ་མང་པོའི་ཚོགས་ཀྱི་མདུན་དུ་སྐྱེ་བོ་མང་པོའི་ཚོགས་ཤིག་མངོན་པར་སྤྲུལ་ནས། དེས་ངན་སོང་གསུམ་ནས་གཏོན་ནས་ཕར་ཕྱིར་དྲུག་ལ་བསྐུལ་ཞིང་བཙུད་ནི་དེ་ཇི་སྙམ་དུ་སེམས། སྒྱུ་མའི་མཁན་པོ་འམ་མཚན་བུ་དེས་སེམས ་ཅན་གང་ཡང་ངན་སོང་ནས་གཏོན་ནས་ཕར་ཕྱིན་ལ་བཀོད་པ་ཡོད་དམ། བཀོད་པ་མེད་པ་དེ་བཞིན་དུ། ཕྱོགས་བཅུ་ཀུན་ལ་སྦྱར་རོ།། ལྷག་མཐོང་གི་ཚོགས་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་སླད་དུ་གོ་ཆ ་མ་མཆིས་པ་གོ་ཆར་རིག་པར་བགྱིའོ།། དེ་ཅིའི་སླད་དུ་ཞེ་ན། གཟུགས་ནི་གཟུགས་ཀྱིས་སྟོང་ངོ་།། དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དང་། བྱང་ཆུབ་སེམས་དཔའ་དང་གོ་ཆས་སྟོང་པའི་ཕྱིར་རོ།། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ། གོ་ཆུ་དེ་ནི་མ་བྱས་རྣམ་པར་མ་བྱས་མངོན་པར་མ་བྱས་སོ།། དེ་ཅིའི་ཕྱིར་ཞེ་ན། གཟུགས་ནས་རྣམ་མཁྱེན་གྱི་བར་ནི་མི་བྱེད་རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། བྱེད་པ་པོ་དམིགས་སུ་མེད ་པའི་ཕྱིར་རོ།། ཟུང་དུ་འབྲེལ་པའི་ཚོགས་ནི་རབ་འབྱོར་གྱིས་གསོལ་པ། ཕུང་པོ་ལྔ་ནི་མ་བཅིངས་མ་གྲོལ་བའོ།། གང་པོས་སྨྲས་པོ། མ་བཅིངས་མ་གྲོལ་བའི་ཕུང་པོ་ལྔ་པོ་དེ་གང་ཡིན། རབ་འབྱོར་གྱིས་སྨྲས་པ། འཁྲུལ ་པའི་དཔེ་བརྒྱད་ཀྱི་ཕུང་པོ་ལྔ་དང་། དུས་གསུམ་གྱི་ཕུང་པོ་ལྔ་ནི་མ་བཅིངས་མ་གྲོལ་བ་སྟེ། མེད་པ་དང་དབེན་པ་དང་མ་སྐྱེས་པ་དང་། ངོ་བོ་ཉིད་མེད་པའི་ཕྱིར་མ་བཅིངས་མ་གྲོལ་བའོ།། དེ་བཞིན་དུ་ཀུན་ལ་སྦྱར་རོ།། བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོའི་ལེའུ་སྟེ་བརྒྱད་པའོ།། ། ལེའུ་འདི་ནས་ཕ་རོལ་ཏུ་ཕྱིན་པ་དྲུག། སྟོང་པ་བཅོ་བརྒྱད། ཏིང་ངེ་འཛིན་བརྒྱ་ཉི་ཤུ་སྟོན་ཏེ། རབ་འབྱོར་གྱིས་གསོལ་པོ། བཅོམ་ལྡན་འདས ་ཐེག་པ་ཆེན་པོ་ནི་གང་ལགས། ཐེག་པ་ཆེན་པོ་ལ་ཇི་ལྟར་ཡང་དག་པར་ཞུགས་པར་རིག་པར་བགྱི། ཐེག་པ་ཆེན་པོ་དེ་གང་ནས་ངེས་པར་འབྱུང་བ་ལགས། ཐེག་པ་དེ་གང་དུ་གནས་པར་འགྱུར་བ་ལགས། ཐེག་པ་ངེས ་སུ་ཞིག་ངེས་པར་འབྱུང་ཞེས་ཞུ་བ་ལྔ་ཕུལ་བའི་ལན། ཐེག་པ་ཆེན་པོ་ནི་ལྔས་བསྟན་པ་ལས། ཐབས་ཀྱི་ཚོགས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་མི་དམིགས་པའི་ཚུལ་གྱིས་བསྟན་པའོ།། ཡེ་ཤེས་ཀྱི་ཚོགས་ནི་སྟོང་པ་བཅཝོ ་བརྒྱད་ལས། ནང་སྟོང་པ་ཉིད་ནི་ནང་གི་ཆོས་མིག་ལ་སོགས་པ་དྲུག་ཐེར་ཟུག་ཀྱང་མ་ཡིན། འཇིག་པའི་ཆོས་ཅན་ཀྱང་མ་ཡིན་པའི་ཕྱིར་མིག་མིག་གིས་སྟོང་ངོ་།། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ།། ་དེ་བཞིན་དུ་ཀུན་ལ་སྒྲེའོ།། བསོད་ནམས་ཀྱི་ཚོགས་ནི་ཏིང་ངེ་འཛིན་བརྒྱ་ཉི་ཤུའི་རྐང་གྲངས་དང་བཤད་པའོ།། ཏིང་ངེ་འཛིན་ལྕེའུ་སྟེ་དགུ་པའོ།། ། ལེའུ་འདི་ནས་མལམ་གྱི་ཚོགས་དང་། གཟུག ་ཀྱི་ཚོགས་གཉིས་སྟོནྡ། ལམ་གྱི་ཚོགས་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་རྩཅུ་རྩ་བདུན། ཏིང་ངེ་འཛིན་གསུམ། ཤེས་པ་བཅུ་གཅིག། དབང་པོ་གསུམ། རྗེས་སུ་དྲན་པ་བཅུ། བསམ་གཏན་བཞི། ཚང ་མེད་པ་བཞི། གཟུགས་མེད་པའི་སྙོམས་འཇུག་བཞི། རྣམ་ཐར་བརྒྱད། མཐར་གནས་དགུ། སྟོབས་བཅུ། མི་འཇིགས་པ་བཞི། སོ་སོ་ཡང་དག་པར་རིག་པ་བཞི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ ་བརྒྱད་མི་དམིགས་པའི་ཚུལ་གྱིས་ཐེག་པ་ཆེན་པོའོ།། གཟུགས་ཀྱི་ཚོགས་ནི་ཡི་གེ་ལ་འཇུག་པ་སུམ་ཅུ་སོ་དྲུག་དང་། ཕན་ཡོན་ཉི་ཤུའོ།། དེ་ཡང་མི་དམིགས་པའི་ཚུལ་གྱིས་ཐེག་པ་ཆེན་པོའོ།། ། ་ལམ་དང་གཟུངས་ཀྱི་ལེའུ་སྟེ་བཅུ་པའོ།། །། ལེའུ་འདི་ནས་སའི་ཚོགས་དང་གཉེན་པོའི་ཚོགས་སྟོན། སའི་ཚོགས་ནི། ཡོངས་སུ་སྦྱོང་བ་རྣམ་བཅུ་ཡིས།། ས་ནི་དང་པོ་ཐོ་བ་འགྱུར་ཏེ།། བསམ ་དང་ཕན་པའི་དངོས་ཉིད་དང་།། སེམས་ཅན་རྣམས་ལ་སེམས་མཉམ་ཉིད། གཏོང་དང་བཤེས་གཉེན་བསྟེན་པ་དང་།། དམ་ཆོས་དམིགས་པ་ཚོལ་བ་དང་། རྟག་ཏུ་ངེས་འབྱུང་སེམས་ཉིད་དང་།། སངས་རྒྱས ་སྐུ་འདོད་དགའ་བ་དང་།། ཆོས་སྟོན་པ་དང་བདེན་པ་ཡི།། ཚིག་ནི་བཅུ་པ་ཡིན་པར་འདོདབ་འདི་དག་རང་བཞིན་མི་དམིགས་པས།། ཡོངས་སུ་སྦྱོང་བ་ཤེས་པར་བྱ།། གཉིས་པའི་ས་སྦྱོང་བརྒྱད་པ་ནི། ཚུལ་ཁྲིམས ་བྱས་པ་གཟེ་དང་བཟོད།། རབ་ཏུ་དགའ་དང་སྙིང་བརྩེ་ཆེ།། བས་བཀུར་བསྟི་གུས་པར་ཉན་པ་དང་།། བརྒྱད་པ་སྦྱིན་ལ་སོགས་ལ་བརྩོན།། གསུམ་པའི་ས་སྦྱོང་ལྔ་པ་ནི།། ཐོས་པས་མི་ངོམས་ཉིད་དང་ནི།། ཟད ་ཟིང་མེད་པར་ཆོས་སྦྱིན་དང་། སངས་རྒྱས་ཞིང་ཀུན་སྦྱོང་བ་དང་།། འཁོར་བས་ཡོངསུ་མི་སྐྱོ་དང་།། ངོ་ཚ་ཁྲོལ་ཡོད་བཅས་པ་དང་།། རློམ་མེང་བདག་ཉིད་དེ་རྣམ་ལྡེ། བཞི་པའི་ས་སྦྱོང་བཅུ་པ་ནི།། ནགས་ནས ་འདོད་ཆུང་ཆོག་ཤེས་དང་།། སྤྱད་པ་ཡང་དག་སྡོམ་རྟེན་དང་།། བསླབ་པ་ཡོངས་སུ་མི་གཏོང་དང་། འདོད་པ་རྣམས་ལ་སྨོད་པ་དང་།། མྱ་ངན་འདས་དང་བདོག་ཀུན་གཏོང་།། མི་ཞུམ་པ་དང་ལྟ་བ་མེད།། ལྔ་པའི་ས་སྦྱོང་བཅུ ་པ་ནི། འདྲིས་དང་ཁྱིམ་ལ་འཁྲུན་པ་དང་།། འདུ་འཛིན་གྱུར་པའི་གནས་དང་ནི།། བདག་བསྟོད་གཞན་ལ་བརྙས་པ་དང་། མི་དག་ལས་ཀྱི་ལམ་བཅུ་དང་།། རློམ་པས་ཁངས་དང་ཕྱིན་ཅི་ལོག། ཡིད་གཉིས་དང ་ནི་ཉོན་མོངས་བཟོད་།། བཅུ་པོ་འདི་ནི་རྣམ་སྤངས་ན།། ས་ལྔ་པ་ནི་ཡང་དག་ཐོབ།། དྲུག་པའི་སྦྱོང་ལུགས་བཅུ་གཉིས་ནི། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། བསམ་གཽཏན་ཤེས་རབ་རབ་རྫོགས་པས ་སློབ་མ་དང་ནི་བསེ་རུ་ལཱ།། དགའ་དང་སྡུག་པའི་སེམས་སྤངས་ནས།། བསླངས་ན་མི་ཞུམ་བདོག་པ་ཀུན།། བཏུང་ཡང་མི་དགོའ་མེང་པོ་དང་།། དབུལ་ཡང་སློང་བ་མི་སྤོང་བས།། ས་ནི་དྲུག་པ་ཡང་དག་ཐོབ།། བདུན ་པའི་སྦྱོང་ལུགས་ནི་བཞི་བཅུ་ལས་མི་མཐུན་པའི་ཕྱོགས་ཉི་ཤུ་ནི། བདག་དང་སེམས་ཅན་འཛིན་པ་དང་།། སྲོག་དང་གང་ཟག་ཆད་རྟག་དང་།། མཚན་མ་རྒྱུ་དང་ཕུང་པོ་དང་།། ཁམས་དང་སྐྱེ་མཆེད་ངག་དང་ནི། ་ཁམས་གསུམ་པ་ལ་ཆགས་དག་ནས་དང་།། སེམས་ནི་ཀུན་ཏུ་ཞུམ་པ་དང་།། དེ་ལྟར་ལྟ་ལ་མངོན་ཞེན་དང་།། དཀོན་མཆོག་གསུམ་དང་ཚུལ་ཁྲིམས་དང་།། སྟོང་པ་ཉིད་ལ་བརྩོད་པ་དང་།། དེ་དག་འགལ ་པའི་ཉེས་པ་ནི།། ཉི་ཤུ་གང་ལ་རྣམ་ཆུད་པ།། དེ་ཡིས་ས་ནི་བདུན་པ་ཐོབ།། དེ་ཤེས་པའི་ཆོས་ཉི་ཤུ་ནི། རྣམ་པ་ཐར་སྒོ་གསུམ་ཤེས་པ་དང་།། འཁོར་གསུམ་རྣམ་པར་དག་ཉིད་དང་།། སྙིང་རྗེ་དང ་ནི་རློམ་མེད་དང་། ཆོས་མཉམ་ཉིད་དང་ཚུལ་གཅིག་ཤེས།། མི་སྐྱེ་བ་དང་བཟོད་ཤེས་དང་།། ཆོས་རྣམས་རྣམ་པ་གཅིག་ཏུ་སྟོན། རྟོག་པ་ཀུན་ཏུ་འཇོམས་པ་དང་།། འདུ་ཤེས་ལྷ་དང་ཉོན་མོངས་སྤོང་།། ཞི་གནས་ངེས ་པར་སེམས་པ་དང་།། ལྷག་མཐོང་ལ་ནི་མཁས་པ་དང་།། སེམས་དུལ་བ་དང་ཐམས་ཅད་དུ།། ཐོགས་པ་མེད་པའི་ཡེ་ཤེས་དང་།། ཆགས་པའི་ས་མིན་གར་འདོད་པར།། ཞིང་གཞན་དུ་ནི་མཉམ་འགྲོ་དང་།། ཀུན ་ཏུ་བདག་གི་ངོ་བོ་ནི།། སྟོན་པ་ཉིད་དང་ཉི་ཤུའོ།། བརྒྱད་པའི་ས་སྦྱོང་བརྒྱད་པ་ནི།། སེམས་ཅན་ཀུན་ཡིད་ཤེས་པ་དང་།། མངོན་པར་ཤེས་པས་བརྩེ་བ་དང་།། སངས་རྒྱས་ཞིང་བཟང་སྒྲུབ་པ་དང་།། ཡོངས་སྐུ ་བརྟག་ཕྱིར་སངས་རྒྱས་བསྟེན།། དབང་པོ་ཤེས་དང་རྒྱལ་བ་ཡི།། ཞིང་སྐྱོང་སྒྱུ་མ་ལྟར་གནས་དང་།། བསམས་བཞིན་སྲིད་པ་ལེན་པ་དང་།། ལས་ནི་རྣམ་པ་འདི་བརྒྱད་བཤད།། དགུ་པའི་ས་སྤྱོད་བཅུ་གཉིས ་ནི།། སྨོན་ལམ་དག་ནི་མཐའ་ཡས་དང་། ལྷ་ལ་སོགས་པའི་སྐད་ཤེས་དང་།། སྤོབས་པ་ཆུ་བོ་ལྟ་བུ་དང་།། མངལ་དུ་འཇུག་པ་མཆོག་དང་ནི།། རིགས་དང་རུས་དང་ཆོ་འབྲང་དང་།། འཁོར་དང་སྐྱེ་བ་དག ་དང་ནི།། ངེས་འབྱུང་བྱང་ཆུབ་ཤིང་རྣམས་དང་།། ཡོན་ཏན་ཕུན་སུམ་ཚོགས་པ་ཡིན།། ས་དགུ་འདས་ནས་ཡེ་ཤེས་ནི།། གང་གིས་སངས་རྒྱས་སར་གནས་པ།། དེ་ནི་བྱང་ཆུབ་སེམས་དཔའི་ས།། བཅུ་པ་ཡིན་པར་ཤེས ་པར་བྱ།། ཞེས་པ་ནི་ཐེག་པ་ཆེན་པོ་ལ་ཇི་ལྟར་འཇུག་ཅེས་ཞུ་བའི་ཞུས་ལན་ནོ།། གཉེན་པོའི་ཚོགས་ལ་གསུམ་ནི།། མཐོང་དང་གོམས་པའི་ལམ་དག་ལ།། གཟུང་དང་འཛིན་པའི་རྣམ་རྟོག་རྣམས།། ཉེ་བར་ཞི་བར ་བྱ་བའི་ཕྱིར།། གཉེན་པོ་རྣམ་པ་བརྒྱད་ཤེས་བྱ།། ཞེས་པ་གང་ནས་ངེས་པར་འབྱུང་བ་ནི་བཀའ་སྩལ་པ། རབ་འབྱོར་ཐེག་པ་དེ་གང་ནས་ངེས་པར་འབྱུང་། ཞེས་ཟེར་པ་ནི་ཁམས་གསུམ་ནས་ངེས་པར་འབྱུང་ཞིང་རྣམ་པ ་ཐམས་ཅད་མཁྱེན་པ་ཉིད་དུ་མི་དམིགས་པའི་ཚུལ་གྱིས་ངེས་པར་འབྱུང་ངོ་།། དེ་ཅིའི་ཕྱིར་ཞེ་ན། མཚན་ཉིད་མོད་པའི་ཆོས་ནི་ངེས་པར་འབྱུང་བ་འམ་འབྱུང་བར་འགྱུར་བ་མེད་དེ། མཚན་ཉིད་མེད་པའི་ཆོས་ལ ་ངེས་པར་འབྱུང་བར་འདོད་པ་དེ་ནི་ཆོས་ཉིད་བརྒྱད་གཟུགས་ནས་རྣམ་མཁྱེན་གྱི་སྟོང་པ་ཉིད་ལ་ངེས་པར་འབྱུང་བར་འདོད་པར་ཟད་དོ།། དེ་ཅིའི་ཕྱིར་ཞེ་ན། གཟུགས་ནས་རྣམ་མཁྱེན་པགྱི་བར་གྱི་རང་བཞིན་ནི ་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ།། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གནས་པ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། གཟུགས་ནི་གཟུགས་ཀྱི་རང་བཞིན་གྱིས་སྟོང་ངོ་།། རྣམ་མཁྱེན་གྱི་བར་དུ་རང་བཞིན ་གྱིས་སྟོང་ངོ་།། བཀའ་སྩལ་པ། ཐེག་པ་དེ་གང་དུ་གནས་པར་འགྱུར་ཞེས་ཟེར་བ་ནི། གནས་དམིགསུ་མེད་པའི་ཕྱིར་ཐེག་པ་ཆེན་པོ་ནི་མི་གནས་པའི་ཚུལ་གྱིས་གནས་སོ།། འདི་ལྟ་སྟེ་དཔེར ་ན་ཆོས་ཀྱི་དབྱིངས་བརྒྱད་གཟུགས་ནས་རྣམ་མཁྱེན་གྱི་བར་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན། དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ཀྱི་རང་བཞིན་ནི་དེ་རྣམས་ཀྱི་རང་བཞིན་གྱིས་སྟོང་པའི་ཕྱིར།། ་བཀའ་སྩལ་པ། ཐེག་པོ་ཆེན་པོ་དེས་སུ་ཞིག་ངེས་པར་འབྱུང་ཞེས་ཟེར་བ་ནི་ཐེག་པ་གང་ཡིན་པ་དང་། གང་འབྱུང་བ་དང་། གང་གི་འབྱུང་བ་དེ་ཐམས་ཅད་དམིགས་མེད་པའི་ཕྱིར་རོ།། དེ་ཅིའི་ཕྱིར་ཞེ་ན། ཤིན་ཏུ་རྣམ ་དག་པའི་ཕྱིར་བྱེད་བའི་སྐྱེས་བུ་བཅུ་གཉིས་ནས་རྣམ་མཁྱེན་གྱི་བར་དུ་དམིགས་སུ་མེད་དོ།། ཆོས་ཉིད་བརྒྱད་གཟུགས་ནས་རྣམ་མཁྱེན་གྱི་བར་དང་ས་བཅུ་དམིགས་སུ་མེད་དེ། དེ་ཅིའི་ཕྱིར་ཞེ་ནོ། དེ་རྣམས་དམིགས ་སུ་མེད་པ་ནི་དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ཏེ། སྟོང་པ་བཅོ་བརྒྱད་ཡིན་པའི་ཕྱིར་རོ།། ངེས་འབྱུང་གི་ལེའུ་སྟེ་བཅུ་གཅིག་པའོ།། །། ལེའུ་འདི་ནས་ངེས་འབྱུང་གི་སྒྲུབ་པ་ལྔ། ཐོབ་པའི ་ངེས་འབྱུང་གི་ས་བོན་དང་དྲུག་སྟོན་པ་ནི། ཆེད་དུ་བྱ་དང་མཉམ་ཉིད་དང་།། སེམས་ཅན་དོན་དང་འབད་མེད་དང་།། ཤིན་ཏུ་ངེས་པར་འབྱུང་བ་དང་།། ཐོབ་པའི་མཚན་ཉིད་ངེས་འབྱུང་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ།། ངེས ་འབྱུང་ལམ་གྱི་སྤྱོད་ཡུལ་ཅན།། རྣམ་པ་བརྒྱད་ཀྱི་བདག་ཉིད་འདི།། ངེས་འབྱུང་སྒྲུབ་པ་ཡིན་ཞེས་བྱ།། ཞེས་པ་ལས། རབ་འབྱོར་གྱིས་ལ་ཟློ་བ་རྣམ་པ་བརྒྱད་ནི་འཁོར་འདས་ཀྱི་ཆོས་དངོས་པོ་མེད་པར་ངེས་པར་འབྱུང་བ་ནི། ལྷ་དང་ལྷ ་མ་ཡིན་གྱི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བ་དང་ངོ་།། མཉམ་པ་ཉིད་དུ་ངེས་པར་འབྱུང་བ་ནི་ན་མཁའ་དང་མཉམ་པ་དང་ངོ་།། དམིགས་པ་མེད་པར་ངེས་པར་འབྱུང་བ་ནི་སེམས་ཅན་ཚད་མེད་གྲངས་མེད་པའི་གོ་འབྱེད ་|ལྷུན་གྱིས་གྲུབ་པའི་ངེས་པར་འབྱུང་བ་ནི་འགྲོ་འོང་མེད་པའོ།། ཤིན་ཏུ་ངེས་པར་འབྱུང་བ་ནི་མངོན་དང་ཕྱི་མའི་མཐའ་མི་དམིགས་པའོ།། ཐོབ་པའི་མཚན་ཉིད་ངེས་འབྱུང་ནི་ཐོབ་པ་པོ་དང་ཐོབ་པར་བྱ་བ་ཐོབ་རྒྱུ་མེད་པའོ།། ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངེས་འབྱུང་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པར་རྟོགས་པའོ།། ལམ་གྱི་ངེས་འབྱུང་ནི་འཇིག་རྟེན་དང་འཇིག་རྟེན་འདས་པའི་ལམ་ཡིད་ལ་མི་བྱེད་པའོ།། རེག་ཞིག་ངེས་འབྱུང་གི་བསྡུས་པའི་དོན ་རྣམ་པར་གཞག་པའོ།། ཆེད་དུ་བྱ་བའི་ངེས་འབྱུང་གི་ཐེག་པ་ནི་ཕ་རོལ་ཏུ་ཕྱིན་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དག་སྟེ། ལྷ་དང་མིའི་འཇིག་རྟེན་ཟིལ་གྱིས་གནོན་ཞེས་ཟེར་བ་ནི་ཁམས་གསུམ་གཟུགས་ནས་རྣམ ་མཁྱེན་གྱི་བར་དུ་དེ་བཞིན། མ་ནོར་བ་དེ་བཞིན་ཕྱིན་ཅི་མ་ལོག་པ་རྟག་ཅིང་བརྟན་ལ་ཐེར་ཟུག་མི་འགྱུར་བའི་ཆོས་ཅན་གྱིས་དངོས་པོ་ཞིག་ཡིན་ན་ནི་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན ་ཟིལ་གྱིས་མནན་ཅིང་ངེས་པར་འབྱུང་བར་མི་འགྱུར་བ་ལས། དེ་ཐམས་ཅད་རྣམ་པར་རྟགས་པ། རྣམ་པར་བསྐྱེད་པ། མི་རྟག་ཅིང་མི་བརྟན་ལ་འགྱུར་བའི་ཆོས་ཅན་ཡིན་ཞིང་དངོས་པོ་མེད་པས་དེའི་ཕྱིར་ཐེག ་པ་ཆེན་པོ་འདིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་འགྱུར་རོ།། རང་བཞིན་མེད་པའི་ཐེག་པ་ནམ་མཁའ་དང་མཉམ་པ་ནི་ནམ་མཁའ་ལ་ཕྱོགས་ཁ་དོག་དབྱིབས་དུས་འཕེལ་འགྲིབ ་སྐྱེ་འགག་བདེན་པར་མེད་པས་འཕགས་པའི་གང་ཟག་ཉོན་མོངས་པ་སྣང་མུན་མེད་པ་དེ་བཞིན་དུ་ན་མཁའ་དང་ཐེག་པ་ཆེན་པོ་མཉམ་པའོ།། དམིགས་པ་མེད་པའི་སེམས་ཅན་དོན་གྱི་ངེས་འབྱུང་ནི། བྱེད་པའི་སྐྱེས་བུ་བཅུ་གཉིས ་མི་དམིགས་པས། ཆོས་ཀྱི་དབྱིངས་ལ་སོགས་པ་བརྒྱད་མི་དམིགས། དེ་མི་དམིགས་པས་གཟུགས་ནས་རྣམ་ཁ་མཁྱེན་གྱི་བར་དུ་མི་དམིགས། དེ་མི་དམིགས་པས་ནམ་མཁའ་མི་དམིགས། དེ་མི་དམིགས་པས་ཐེག་པ་ཆེན་པོ ་མི་དམིགས་པ་དང་། མི་འཇལ་བ་དང་། མི་བགྲངས་པ་དང་། མི་དཔོགས་པ་མི་དམིགས་པར་རིག་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། བྱེད་པའི་སྐྱེས་བུ་བཅུ་གཉིས་གང་ཡིན་པ་དང་། གཟུགས་ནས་རྣམ་མཁྱེན་གྱི་བར་གང་ཡིན་པ ་དང་། ནམ་མཁའ་དང་ཐེག་པ་ཆེན་པོ་དང་། མི་འཇལ་བ་དང་། མི་འགྲངས་པ་དང་། མི་དཔོགས་པ་གོང་ཡིན་པ་དེ་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ།། འགྲོ་འོང་མེད་པའི་ཐེག་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར ་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ཀྱི་རང་བཞིན་དང་། དེ་བཞིན་ཉིད་དང་། ངོ་བོ་ཉིད་དང་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད་གང་དུ་ཡང་འགྲོ་བ་མེད་གར་ཡང ་གནས་པར་འགྱུར་བ་མེད་དོ།། ཤིན་ཏུ་ངེས་པར་འབྱུང་བའི་ཐེག་པ་ནི་སྔོན་གྱི་མཐའ་མི་དམིགས། ཕྱི་མའི་མཐའ་མི་དམིགས་ད་ལྟར་བྱུང་བ་མི་དམིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། འདས་མ་འོངས་ད་ལྟར་བྱུང་བ་དུས་གསུམ ་མཉམ་པ་ཉིད་ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའ་དེ་རྣམས་རང་རང་གིས་སྟོང་པའི་ཕྱིར་རོ།། དེ་ཅིའི་ཕྱིར་ཞེ་ན། གཟུགས་ནས་རྣམ་མཁྱེན་གྱི་བར་དུ་སྔོན་གྱི་མཐའ་དང་། ཕྱི་མ། ད་ལྟར་བྱུང་བ་མཉམ་པ་ཉིད་ཀྱང་མི་དམིགས ་ན་ལྷག་པ་ལྟ་ཅི་སྨོས། ཐོབ་པའི་ངེས་འབྱུང་གི་ས་བོན་ནི་རབ་འབྱོར་གྱིས་གསོལ་པ། དུས་གསུམ་མཉམ་པ་ཉིད་ཀྱི་ཐེག་པ་འདི་ལ་བརྟེན་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་ལགས་སོ།། བཀའ་སྩལ་པ། མཉམ་པ་ཉིད་ཀྱི་ཐེག ་པ་འདི་ལ་བརྟེན་ནས་སངས་རྒྱས་རྣམས་ཀྱིས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་གྱུར་ཏོ།། ཐོབ་བོ། འཐོབ་པར་འགྱུར་རོ།། ཟིལ་གྱིས་གནོན་པོའི་ལེའུ་སྟེ་བཅུ་གཉིས་པའོ།། །། ལེའུ་འདི་ནས ་འཕྲོས་པའི་ཞུས་ལན་ཐོབ་པ་པོ་མ་གྲུབ་པ་བཅུ་གཅིག། ཐོབ་པར་བྱ་བ་མོ་གྲུབ་པ་བཞི་སྟེ། ཞུས་ལན་བྱམས་གང་གིས་བུས་སྙན་གསན་དབབ་པ་ནི་གནས་བརྟན་རབ་འབྱོར་ནི་དེ་བཞིན་གཤེགས་པས་བསྐོ་བ་མཛད་པས ་ཐེག་པ་ཆེན་པོ་བསྟན་པ་ཙམ་དུ་སེམས་དཔར་གདའོ།། རབ་འབྱོར་གྱིས་མི་འགལ་ལམ་ཞུས་པ་ནི། བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་དང་ཐེག་པ་ཆེན་པོ་བསྟན་པ་འགལ་བར་མ་གྱུར ་ལགས་སམ། བཀའ་སྩལ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནས་རྣམ་མཁྱེན་གྱི་བར་དུ་དགེ་བའི་ཆོས་ཐམས་ཅད་འདུས་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན ་པ་དག་གཉིས་སུ་མྱེད་པས་མཐུན་པར་ཐེག་པ་ཆེན་པོ་བསྟན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཐེག་པ་ཆེན་པོའང་གཞན་ལ་ཕར་ཕྱིན་ནས་སངས་རྒྱས་ཀྱི་ཆོས་མི་འདྲེས་པའི་བར་དུ་གཞན་ཞེས་བྱ་བ་མེད་དེ། དེ་ལྟར་ནི་ཐེགས་པ་ཆེན་པོ ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་རྣམས་གཉིས་མིད་དེ་གཉིས་སུ་བྱར་མེད་དོ།། རབ་འབྱོར་གྱིས་ཆོས་བཅུ་གཅིག་གིས་ཐོབ་པ་པོ་མ་གྲུབ་པ་མདོར་བསྟན་པ་དང་། ཤཱ་རིའི་བུས་དེའི་འཐད་པ་བཅུ་གཅིག་དྲིས་པ ་དང་། དེའི་ལོན་རྒྱས་པར་བཤད་པ་ལས། ཐོབ་པ་པོ་མེ་གྲུབ་པ། དང་པོ་ནི་རབ་འབྱོར་གྱིས་སྨྲས་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སྟོན་གྱི་མཐར་མི་དམིགས་ལ་སོགས་པ་ཟུར་བ་ནི་གཟུགས་ནས་རྣམ་མཁྱེན་གྱི ་བར་དུ་མེད་པ་དང་། སྟོང་པ་དང་དབེན་པ་དང་ངོ་བོ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐའ་ལ་སོགས་པར་མི་དམིགས་ཏེ། དེ་ཅིས་ན། མེད་པ་དང་སྟོང་པ་དབེན་པ་ངོ་བོ་ཉིད་མེད་པ་གང་ཡིན་པ་དེ་ལ་སྔོན་གྱི ་མཐའ་ལ་སོགས་པ་གང་ཡིན་པ་དེ་མེད་ཅིང་མི་དམིགས་སོ།། དེ་ཅིས་ན་མེད་པ་ལ་སོགས་པ་ཡང་གཞན་མ་ཡིན་བྱང་ཆུབ་སེམས་དཔའ་ཡང་གཞན་མ་ཡིན་ནོ།། ཐོབ་པ་པོ་མ་གྲུབ་པ་གཉིས་པ་ནི་ཕུང་པོ་ཀུན་ཏུ་མཐའ་ཡས ་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱ་ཞེས་ཟེར་བ་ནི་གཟུགས་ནས་རྣམ་མཁྱེན་གྱི་བོར་ནི་ནམ་མཁའ་དང་མཉམ་པ་སྟེ། དཔེར་ན་ན་མཁའ་ལ་ནི་སྔོན་གྱི་མཐའ་ལ་སོགས་པ་མི་དམིགས་ཏེ་མཐའ ་ཡས་ཀུན་ཏུ་མཐའ་ཡས་པའི་ཕྱིར་ནམ་མཁའ་ཞེས་མིང་དུ་བརྗོད་དོ།། དེ་བཞིན་དུ་གཟུགས་ནས་རྣམ་མཁྱེན་གྱི་བར་སྟོང་པ་ཉིད་ཀྱི་ཕྱིར་སྔོན་གྱི་མཐའ་ལ་སོགས་པ་མྱི་དམིགས་ཏེ། སྟོང་པ་ཉིད་ནི་མཐའ་ཡས་སོ།། ཐོབ་པ ་པོ་མ་གྲུབ་པ་གསུམ་པ་ནི། ཅིའི་ཕྱིར་ན་ཕུང་པོ་ལྔ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་མེད་ཅིང་མི་དམིགས་པ་ཡིན་ཞེས་ཟེར་བ་ནི་གཟུགས་ནི་གཟུགས་ཀྱིས་སྟོང་པ་སྟེ། སྟོང་པ་ཉིད་ལ་གཟུགས་མེད་བྱང་ཆུབ་སེམས ་དཔའ་མེད་དོ།། རྣམ་གྲངས་དེས་ནི་གཟུགས་བྱང་ཆུབོ་སེམས་དཔའ་ཞེས་བྱ་བ་དེ་ལྟ་བུ་མེད་ཅིང་མི་དམིགས་སོ།། དེས་བསྒྲེའོ།། ཐོབ་པ་པོ་མ་གྲུབ་པ་བཞི་པ་ནི་བྱང་ཆུབ་སེམས་དཔའ་རྣམ་པ་ཐམས་ཅད་དུ་ཐམས་ཅད་ནས ་ཐམས་ཅད་དུ་མི་དམིགས་ན་ཞེས་ཟེར་བ་ནི་གཟུགས་ནི་གཟུགས་ལ་མེད་ཅིང་མི་དམིགསོ།། བསྒྲེའོ།། ཐོབ་པ་པོ་མ་གྲུབ་པ་ལྔ་ནི་ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའ་མིང་ཙམ་ཟེར་བ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ ་ནརྀ་གློ་བུར་དུ་མིང་དུ་བཏགས་པ་སྟེ། ཕུང་པོ་ཁམས་སྐྱེ་མཆེད་རྟེན་འབྲེལ་ཞེས་པ་ནི་གློ་བུར་དུ་མིང་དུ་བཏགས་པ་སྟེ། མིང་ནི་གང་ནས་ཀྱང་མ་འོངས་གང་དུ་ཡང་མི་འགྲོ། གར་ཡང་མི་གནས། མིང་ནི་མིང་གི ་རང་བཞིན་གྱིས་སྟོང་ངོ་།། ཕར་ཕྱིན་ནས་རྣམས་མཁྱེན་གྱི་བར་ནི་མིང་ཙམ་སྟེ། མིང་ལའང་སྦྱིན་པ་ལ་སོགས་པ་མེད་སྦྱིན་པ་ལ་སོགས་པ་ལའང་མིང་མེད་གཉི་ག་མེད་ཅིང་མི་དམིགས་སོ།། ཐོབ་པ་པོ་མ་གྲུབ་པ་དྲུག་པ་ནི་ཅིའི ་ན་བདག་བདག་ཅེས་བྱ་བ་ཤིན་ཏུ་མེད་ཅིང་མི་དམིགས་པ་ཡིན་ཞེས་ཟེར་བ་ནི་བྱེད་པའི་སྐྱེས་བུ་བཅུ་གཉིས་མེད་ཅིང་མི་དམིགས་ན་དེ་མངོན་པར་གྲུབ་པ་ལྟ་ག་ལ་ཡོད། དེ་བཞིན་དུ་གཟུགས་ནས་རྣམ་མཁྱེན་ཀྱི་བར་དུ ་བལྟའོ།། ཐོབ་པ་པོ་མ་གྲུབ་པ་བདུན་པ་ནི་ཅིའི་ཕྱིར་ན་ཆོས་ཐམས་ཅད་དངོས་པོ་མེད་པ་ཡིན་ནམ་ཞེས་ཟེར་བ་ནི་འདྲེས་རྐང་བཅུ་དྲུག་ལས། གཟུགས་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མེདོ།། གཟུགས་ནི་མི་རྟག་པོ་སྟེ། སྡུག ་བསྔལ་བ་སྟེ། བདག་མེད་པ་སྟེ། ཞི་བ་སྟེ། སྟོང་པ་སྟེ། མཚན་མ་མེད་པ་སྟེ། གཟུགས་ནི་སྨོན་པ་མེད་པ་སྟེ། དགེ་བ་སྟེ། ཁ་ན་མ་ཐོབ་མེད་པ་སྟེ། ཟག་པ་མེད་པ་སྟེ། ཉོན་མོངས་པ་མེད་པ་སྟེ། རྣམ་པར་བྱང་བ་སྟེ། ་འཇིག་རྟེན་ལས་འདས་པ་སྟེ། འདུས་མ་བྱས་པ་སྟེ། སངས་རྒྱས་ཀྱི་ཆོས་མི་འདྲེས་པའི་བར་དུ་གང་ཡང་བྲལ་བས། མ་ཡིན་ནོ།། དེ་ཅིས་དེ་རྣམས་ནི་དངོས་པོ་མེད་པ་དང་ཟད་པ་སྟེ། གཟུགས་ནི་རྟག་པ་མ་ཡིན ་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེའོ།། རྣམ་གྲངས་དེས་ན་ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་རང་བཞིན་ནོ།། ཐོབ་པ་པོ་མ་གྲུབ་པ་བརྒྱད་པ་ནི་ཅིའི་ཕྱིར་ན་གཟུགས་པ་མངོན་པར་མ་གྲུབ་ཅེས ་ཟེར་བ་ནི་འདི་ལྟར་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་མངོན་པར་འདུས་མ་བྱས་པ་སྟེ། བྱེད་པ་པོ་དམིགས་སུ་མེད་པའི་ཕྱིར་རོ།། རྣམ་གྲངས་དེས་ན་གཟུགས་ལ་སོགས་པ་མངོན་པར་མ་གྲུབ་པོ།། ཐོབ་པ་པོ་མ་གྲུབ ་པ་གུ་པ་ནི་ཅིའི་ཕྱིར་ན་མངོན་པར་མ་གྲུབ་པ་དེ་གཟུགས་ལ་སོགས་པ་མ་ཡིན་ཞེས་ཟེར་བ་ནི་གཟུགས་ནི་རང་བཞིན་གྱིས་སྟོང་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མེད་ཅིང་འཇིག་པ་མེད་དོ།། གང་ལ ་སྐྱེ་བ་མེད་ཅིང་འཇིག་པ་མེད་ལ་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ།། དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་ལ་བསྒྲིའོ།། རྣམ་གྲངས་དེས་ན་མངོན་པར་འདུས་མ་བྱས་པ་དེ་གཟུགས་ནས་རྣམ ་མཁྱེན་གྱི་བར་དུ་མ་ཡིན་ནོ།། ཐོབ་པ་པོ་མ་གྲུབ་པ་བཅུ་པ་ནི་ཅིའི་ཕྱིར་ན་མངོན་པར་མ་གྲུབ་པ་དེ་བྱང་ཆུབ་སེམས་དཔའ་མ་ཡིན་ཞེས་ཟེར་བ་ནི་མངོན་པར་མ་གྲུབ་པ་མ་གཏོགས་པར་གཟུགས་ཡང་དག་པར་རྗེས་སུ ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་གཟུགས་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ།། དེ་བཞིན་དུ་རྣམ་མཁྱེན་གྱི་བར་ལ་བསྒྲེའོ།། ཐོབ་པ་པོ་མ་གྲུབ་པ་བཅུ ་གཅིག་པ་ནི་དེ་སྐད་བསྣུན་པའི་ཚེ་མཱི་འཇིགས་མི་དང་མི་སྐྲག་ན་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་ཟེར་བ་ནི་ཆོས་ཐམས་ཅད་རྨི་ལམ་ནས་སྤྲུལ་པ་དང་འདྲ་བར ་ཡང་དག་པར་རྗེས་སུ་མ་འཇིགས་མཐོང་བས་མི་འཇིགས་མི་སྐྲག་གོ།། ཐོབ་པར་བྱ་བ་མི་གྲུབ་པའི་ཆོས་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་ཡོངས་སུ་རྟོག་པའི ་ཚེ། གཟུགས་ནས་རྣམ་མཁྱེན་གྱི་བར་ལ་མི་དམིགས་ཤིང་ལ་མི་ལེན་མི་གནས་ཏེ་མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མི་བགྱིད་དོ།། དེ་ཅིའི་ཕྱིར་ཞེ་ན། གཟུགས་ནས་རྣམ་མཁྱེན་གྱི་བར་དུ་ཡང་དག་པར ་རྗེས་སུ་མི་མཐོང་ངོ་།། ཐོབ་པར་བྱ་བ་མ་གྲུབ་པའི་ཆོས་གཉིས་པ་ནི་གཟུགས་ཀྱིས་མ་སྐྱེས་པ་གང་ལགས་པ་དེ་གཟུགས་མྱ་ལགས་ཏེ། དེ་ལྟར་ན་གཟུགས་དང་མ་སྐྱེས་པ་དེ་གཉིས་སུ་མཆིས་ཏེ་གཉིས་སུ་བགྱིར་མ ་མཆིས་སོ།། དེ་ཅིའི་སླད་དུ་ཞེ་ན། མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགསུ་མོང་བ་མ་ལགས་ཐ་དད་པ་མ་ལགསོ།། དེ་བཞིན་དུ་རྣམ་མཁྱེན་གྱི་བར་རོ།། ཐོབ་པར་བྱ་བ་མ་གྲུབ་པའི་ཆོས་གསུམ་པ་ནི་གཟུགས ་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་གཟུགས་མ་ལགས་ཏེ། དེ་ལྟར་ན་གཟུགས་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ།། དེ་ཅིའི་སླད་དུ་ཞེ་ན། འགྲིབ་པ་ནི་གཅིག་མ་གལགས་གཉིས ་མ་ལགས་མང་བ་མུ་ལགས་ཐ་དད་པ་མ་ལགས་སོ།། ཐོབ་པར་བྱ་བ་མ་གྲུབ་པའི་ཆོས་བཞི་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་གཉིས་སུ་མེད་ཅིང་ཉམས་པ་མ་མཆིས་པའི་གྲངས་སུ་བགྱིས་པའོ།། གཉིས་སུ་མེད་པའི་ལེའུ ་སྟེ་བཅུ་གསུམ་པའོ།། ། ལྡེའུ་འདི་ནས་ཐོབ་པར་བྱ་བའི་འབྲེལ་པ་མ་གྲུབ་པ་དྲུག། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངེས་འབྱུང་། ལམ་གྱི་ངེས་འབྱུང་། དེ་ལ་ཆེད་དུ་བརྗོད་པ། ཤཱ་རིའི་བུའི་དྲི་བ ་དྲུག་ནི་བྱང་ཆུབ་སེམས་དཔའ་ནི་གང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཅི། ཡོངས་སུ་རྟོག་པ་ནི་གང་མ་སྐྱེས་པ་ནི་གང་། འགྲིབ་པ་མེད་པ་ནི་གང་། གཉིས་སུ་མེད་པ་ནི་ཅི་ཞེས་དྲིས་པའི་ལན་ནི། བྱང་ཆུབ་སེམས་དཔའ ་ཞེས་བྱ་བ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་མདོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རིང་དུ་སོང་བ་སྟེ། ཕུང་པོ་ནས་རྣམ་མཁྱེན་གྱི་བར་ལས་རིང་དུ་སོང་བའོ།། ཡོངས་སུ ་རྟོག་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་རྟག་པ་དང་མི་རྟག་པ། བདེ་སྡུག། བདག་ཡོད་མེད། སྡུག་མི་སྡུག། སྟོང་མི་སྟོང་། མཚོན་མ་ཡོད་མེད། ཞམ་ལྕི་དང་། སྨོན་པ་ཡོད་མེད། ཞི་མ་ཞི། དབེན་མི་དབེན་དུ་ཉེ་བར་མི་རྟོག ་གོ། མ་སྐྱེས་པ་གང་ལགས་པ་དེ་ནི་གཟུགས་མ་ལགས་ཟེར་བའི་ལན་ནི་གཟུགས་ནི་གཟུགས་ཀྱིས་སྟོང་སྟེགང་སྟོང་པ་དེ་ནི་གཟུགས་མ་ཡིན་ཏེ་སྐྱེ་བ་མེད་དོ།། དེས་ན་གཟུགས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་གཟུགས་མ་ཡིན།། ་དེ་བཞིན་དུ་རྣམ་མཁྱེན་རྫི་བར་རོ།། གཟུགས་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ཞེས་པའི་ལན་ནི་འགྲིབ་པ་གང་ཡིན་པ་དང་གཟུགས་ནས་རྣམ་མཁྱེན་གྱི་བར་གང་ཡིན་པ་དང་། གཉིས་སུ་བྱར ་མེད་པ་གང་ཡིན་པ་དེ་ཐམས་ཅད་མཚན་ཉིད་མེད་པའོ།། དེས་ན་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་འགྲིབ་པ་གང་ཡིན་པ་དེ་གཟུགས་ལ་སོགས་པ་མ་ཡིན་ནོ།། གཟུགས་ནི་གཉིས་སུ་མེད་པའི་གྲངས་སུ་བྱས་པའོ་ཞེས ་པའི་ལན་ནི་གཟུགས་ཀྱང་གཞན་མ་ཡིན། མ་སྐྱེས་པའང་གཞན་མ་ཡིན་ཏེ། མ་སྐྱེས་པ་ཉིད་ཀྱང་གཟུགས། གཟུགས་ཉིད་ཀྱང་མ་སྐྱེས་པའོ།། དེས་ན་གཉིས་སུ་མེད་པའི་གྲངས་སུ་བྱས་པའོ།། རྣམ་པ་ཐམས་ཅད་མཁྱེན་པའི ་ངེས་འབྱུང་ལ་དྲིས་ལན་དྲུག་ལས། རབ་འབྱོར་གྱི་རྟོགས་པ་བརྗོད་པ་ནི་བྱང་ཆུབ་སེམས་དཔའ་ཡུལ་སྤྱོད་པའི་ཚེ། ཤིན་ཏུ་རྣམ་པར་དག་པོའི་ཕྱིར། གཟུགས་ནས་སངས་རྒྱས་ཀྱི་བར་དུ་མ་སྐྱེས་པ་མི་མཐོང་ལགས་སོ།། ཤཱ་རིའི ་བུས་རབ་འབྱོར་གྱི་འདོད་པ་བླངས་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་མ་སྐྱེས་པ་སོ་སོའི་སྐྱེ་བོ་དང་འཕགས་པ་དང་དེའི་ཆོས་ཀྱང་མ་སྐྱེས་པ་ལགས་ན། དེ་མ་ཚེ་མ་སྐྱེས་པ་ཡིན་པའི་ཕྱིར་འཕགས་པའི་གང་ཟག་རྣམས་ཀྱིས ་འཕགས་པའི་འབྲས་བུ་ཐོབ་ཟིན་པར་འགྱུར་བ་དང་། འགྲོ་བ་རྣམས་ཀྱང་ཐ་མི་དད་པར་འགྱུར་པོ་དང་། བྱང་ཆུབ་པ་རྣམ་པ་ལྔ་ཡང་ཐོབ་ཟིན་པར་འགྱུར་རོ།། འདོད་ཐོག་ན་གསལ་བ་གཏང་པོ་ནི་མ་སྐྱེས་པ་ཡིན་ན་འཕགས་པའི་གང ་ཟུག་རྣམས་ཅིའི་ཕྱིར་ལམ་ལ་འབད། བྱང་ཆུབ་སེམས་དཔའ་རྣམས་ཅིའི་ཕྱིར་ན་དཀའ་བ་སྤྱོད། སངས་རྒྱས་ཅིའི་ཕྱིར་ན་ཆོས་ཀྱི་འཁོར་ལོ་བསྐོར། དེ་སྐད་ཅེས་སྨྲས་པ་དང་། རབ་འབྱོར་གྱི་ལན། ཤཱ་རིའི་བུ་བདག་ནི་ཆོས་མ་སྐྱེས་པ་ལ ་ཐོབ་པ་དང་མངོན་པར་རྟོགས་པ་ཡོད་པར་མི་འདོད་དོ།། འཕགས་པའི་གང་ཟག་རྣམས་ཡོད་པར་མི་འདོད་དོ།། བྱང་ཆུབ་སེམས་དཔའ་ཡང་དཀའ་བའི་འདུ་ཤེས་ཀྱིས་སེམས་ཅན་གྱི་དོན་བྱེད་པར་མི་འདོད་དོ།། དེ་བཞིན་གཤེགས་པ ་ཡོད་པར་མི་འདོད་དོ།། དྲིས་ལན་གཉིས་པ་ཤཱ་རིའི་བུས་སྨྲས་པ། ཆོས་སྐྱེས་པས་ཐོབ་པར་འདོད་དམ་མ་སྐྱེས་ཕས་ཐོབ་པར་འདོད།། རབ་འབྱོར་གྱིས་སྨྲས་པ། གཉི་ག་ཡིས་ཐོབ་པར་མི་འདོད་ཀྱི། འཕགས་པའི་གང་ཟག་རྣམ ་འཇིག་རྟེན་གྱི་ཐ་སྙད་ཀྱིས་བཏགས་པའོ།། ཤཱ་རིའི་བུས་སྐྱེས་པ། ཐོབ་པ་དང་མངོན་པར་རྟོགས་པ་འཇིག་རྟེན་གྱི་ཐ་སྙད་དུ་ཡོད་པ་དེ་བཞིན་དུ་འགྲོ་བ་ལྟ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་ཡོད་པ་དེ་བཞིན་དུ་འགྲོ་བ་ལྟ་ཡང་འཇིག ་རྟེན་གྱི་ཐ་སྙད་དུ་ཐ་དད་ཀྱི་དོན་དམ་པར་མ་ཡིན་ནོ།། རབ་འབྱོར་གྱིས་སྨྲས་པ། དེ་བཞིན་ད་ཅིས་ན། དོན་དམ་པར་ན་ལས་དང་ལས་ཀྱི་རྣམ་པར་སྨིན་པའང་མེད། སྐྱེ་འགག་དང་ཀུན་ནུས་ཉོན་མོངས་དང་རྣམ་བྱང་མེད་དོ།། དྲིས ་ལན་གསུམ་པ་ཤཱ་རིའི་བུས་སྨྲས་པ། སྐྱེས་པའི་ཆོས་སྐྱེ་འམ། མ་སྐྱེས་པའི་ཆོས་སྐྱེ། རབ་འབྱོར་གྱིས་སྨྲས་པ། བདག་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་མ་སྐྱེས་པ་རང་བཞིན་གྱིས་སྟོང་པ་སྐྱེ་བར་མི་འདོད་དོ།། གཟུགས ་ནས་རྣམ་མཁྱེན་གྱི་བར་སྐྱེས་པས་རང་བཞིན་གྱིས་སྟོང་པ་སྐྱེ་བར་མི་འདོད་དོ།། དྲི་བ་བཞི་པ། སྐྱེ་བ་སྐྱེ་འམ་འོན་ཏེ། མི་སྐྱེ་བ་སྐྱེ། ལན་སྐྱེ་བ་གང་ཡིན་པ་དང་། སྐྱེ་བ་མེད་པ་གང་ཡིན་པ་གཉི་ག་ལྡན་པ་ཡང ་མ་ཡིན་པ་ལ་སོགས་པའོ།། དྲིས་ལན་ལྔ་པ་མ་སྐྱེས་པའི་ཆོས་ཞེས་བྱ་བའི་སྤོབ་པ་ཡོད་དམ་ཞེས་པའི་ལན། སྤོབས་པ་མེད་དེ་དེ་ཅིའི་ཕྱིར་ན་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་སྐྱེ་བ་མེད་དོ།། དྲིས་ལན་དྲུག་པ་འཕགས་པ་རབ ་འབྱོར་ཆོས་སྨྲ་བའི་ནང་ན་མཆོག་ཏུ་བྱེ་བར་འོས་པའོ།། དེ་ཅིའི་ཕྱིར་ཞེ་ན། གཟུགས་ནས་རྣམ་མཁྱེན་གྱི་བར་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ནའང་མི་གནས་ཕྱི་རོལ་ནའང་མི་གནས་གཉི་ག་མེད་པར་ཡང་མི་དམིགས་སོ།། ལམ ་གྱི་ངེས་འབྱུང་ནི་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། གཟུགས་ནས་རྣམ་བྱིན་གྱི་བར་དུ་བྱང་ཆུབ་ཀྱི་ལམ་འཇིག་རྟེན་ལས་འདས་པ་སྙིང་རྗེ་ཆེན་པོ་ཡིད་ལ་བྱེད་པ་དང་མ་བྲལ་བར་སྤྱད་པར་བགྱིའོ།། ཤཱ་རིའི ་བུས་སྨྲས་པ། ཡིད་ལ་བྱེད་པ་དང་མ་བྲལ་བར་ངེས་པར་འབྱུང་ན་སེམས་ཅན་ཐམས་ཅད་ཀྱང་གྲོལ་བར་མི་འགྱུར་རམ་ཞེ་ན། རབ་འབྱོར་གྱིས་སྨྲས་པ། དྲིའོ་དྲིའོ་སྙམ་པ་ཁྱོད་ཀྱིས་དྲིས་པས་གཏན་ལ་ཕེབས་སོ།། དེ་ཅིའི་ཕྱིར་ཞེ་ན། ་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་སེམས་ཅན་མེད་པ་དང་། དངོས་པོ་མེད་པ་དང་རང་བཞིན་མེད་པ་དང་། སྟོང་པ་དང་དབེན་པ་དང་མངོན་པར་རྫོགས་པར་འཚང་མི་རྒྱ་བའི་ཕྱིར། ཡིད་ལ་བྱེད་པ་མེད་པ་དང་། དངོས་པོ་མེད་པ་དང་། ་རང་བཞིན་མེད་པ་དང་། སྟོང་པ་དང་དབེན་པ་དང་། ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་མི་རྒྱ་བར་རིག་པར་བྱའོ།། ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་ཡིད་ལ་བྱེད་པ་ཉིད་དུ་རིག ་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ལེགསོ་ཞེས་བྱ་བ་གནང་སྟེ། ཆེད་དུ་བརྗོད་པར་མཛད་དོ།། རབ་འབྱོར་གྱི་ལེའུ་སྟེ་བཅུ་བཞི་པའོ།། །། ལམ་ཤེས་པ་ལ་ཆོས་བཅུ་གཅིག་ལས། ལམ་སྐྱེ་བའི ་རྟེན་གྱི་གང་ཟག་ནི། ལྷ་རྣམས་རུང་བར་བྱ་བའི་ཕྱིར།། འོད་ཀྱིས་མོག་མུག་པོར་མཛད་དང་།། ཡུལ་ངེས་པ་དང་ཁྱབ་པ་དང་། རང་བཞིན་དང་ནི་དེ་ཡི་ལས།། ཞེས་པ་ལས། ང་རྒྱལ་བཅག་པ་ནི་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག ་རྟེན་གྱི་ཁམས་འདི་ན་འདོད་པ་ན་སྤྱོད་པོ་དང་གཟུགས་ན་སྤྱོད་པའི་ལྷའི་བུ་ཇི་སྙེད་ཀྱི་རྣམ་པར་སྨིན་པ་ལས་བྱུང་པོའི་འོད་རྣམས་བཅོམ་ལྡན་འདས་ཀྱི་རང་བཞིན་གྱི་འོད་ཀྱི་གམ་ན་ལྷམ་མེ་མ་ཡིན་ལ་སོགས་པའོ།། ཡུལ་ངེས་པ་ནི། ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། ཁྱབ་པ་ནི་སེམས་ཅན་ཐམས་ཅད་ལའོ།། རང་བཞིན་ནི་འཁོར་བ་མི་སྤོང་བའོ།། ལམ་ནི་མ་ཞི་བ་ཞི་བར་བྱེད་པ་ལ་སོགས་པའི་ལས་སོ།། ལྷའི་དབང་པོ་བརྒྱ་བྱིན་གྱིས་རབ་འབྱོར་ལྔ་དྲིས ་པ་ལྔ། བཅོམ་ལྡན་འདས་ལ་ཞུས་པ་ལྔ་བཅུ་ཡིས་བརྒྱ་བྱིན་གྱིས་ལེའུ་སྟོན་པ་ལས། དང་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ཡིན། ཡུམ་ལ་ཇི་ལྟར་གནས་པར་བྱ། ཡུམ་ལ་ཇི་ལྟར ་བསླབ་པར་བྱ། ཡུམ་གང་ནས་བཙལ་བར་བྱ། ཡུམ་གྱི་ཡོན་ཏན་བརྗོད་པའོ།། བཅོམ་ལྡན་འདས་ལ་ཞུས་པ་ལྔ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས ་ལ་སོགས་པར་འཛིན་པའི་ཕན་ཡོན་དང་། མཆོད་རྟེན་དང་ཡུམ་ལོ་བསྙེན་བསྐུར་བྱས་པ་བསོད་ནམས་གང་ཆེས་ཞུས་པ་དང་། ཡུམ་ལ་ཡོན་ཏན་མང་པོ་འབྱུང་བའི་རྒྱུ་མཚོན་ཞུས་པོ་དང་། ཛམ་བུ་གླིང་ལ་སོགས་པ ་སྐུ་གདུང་གིས་བཀང་བ་བསྡུ་ཡུམ་འདམ་པའི་འཐད་པ་དང་། རང་གཅིག་པུ་ཡིས་བསྟེན་བསྐུར་བྱས་པ་བས་ཡུམ་གཞན་ལ་བྱིན་པའི་བསོད་ནམས་ཆེ་བ་སྟེ་བརྒྱ་བྱིན་རྣམ་གྲངས་ཀྱི་བསྡུས་པའི་དོན་ནོ།། ཉན་ཐོས་ཀྱི ་ལམ་ནི། ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། འཕགས་པའི་བདེན་པ་བཞི་དག་གི། རྣམ་པ་མི་དམིགས་སྒོ་ནས་ནི།། ཉན་ཐོས་ལམ་འདི་ཤེས་པར་བྱ།། ཞེས་པ་ནི་སྦྱོར་བ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པ།། དངོས་གཞི་མི ་དམིགས་པ། མཇུག་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་ནི་ཉན་ཐོས་ཀྱི་ལམ་ལ་བྱང་ཆུབ་སེམས་དཔས་ཤེས་ལུགས་སོ།། ཉན་ཐོས་རང་རྒྱུད་པའི་ལམ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མི་ལྡན་པར་རང ་གི་དོན་གྲུབ་པའོ།། བརྒྱ་བྱིན་གྱིས་སྨྲས་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་ཟེར་བའི་ལན་ནི་བྱང་ཆུབ་སེམས་དཔའ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི ་སེམས་ཀྱིས། ཕུང་པོ་ཁམས་སྐྱེ་མཆེད་རྟེན་ཅིང་འབྲེལ་པར་འབྱུང་བ་མི་རྟག་པ། སྡུག་བསྔལ་བ། བདག་མེད་པ། ཞི་བ། དབེན་པ། ནད། ཤུ་བ་ཟུག་རྔུ། སྡིག་པ། ན་བ། དགྲ། འཇིག་པའི་ཆོས་ཅན། མི་བརྟན་པ། འཇིག་པ ་འཇིགས་པ། འགོ་བའི་ནད། སྟོང་པ་ཉིད། བདག་གི་བ་མེད་པ། ཡིད་བརྟན་དུ་མི་རུང་བ། གནོད་པར་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱའོ།། ཕ་རོལ་ཏུ་ཕྱིན་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་མི ་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་ཅིང་དགེ་བའི་རྩ་བ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའོ།། འཕྲོས་པ་ནི་ལེགས་སོ་གནང་བས་བཀའ་དྲིན་དུ་གཟོ་བར་བགྱིས་པའོ།། ཉན་ཐོས་ཀྱི་ངེས་འབྱེད་ནི། ་འཕགས་པ་ཉན་ཐོས་ལམ་ལ་ནི། གཟུགས་ལ་སོགས་པས་སྟོ་པའི་ཕྱིར། སྟོང་པ་ཉིད་རྣམས་དབྱར་མེད་པས།། དྲོ་བ་དེ་དག་མི་དམིགས་པས།། རྩེ་མོར་གྱུར་པ་དག་ཏུ་འདོད།། དེ་ལ་རྟག་ལ་སོགས་ཚུལ་གྱིས།། གནས ་པ་བཀག་པས་བཟོད་པ་ནི།། ས་བཅུ་དག་ལས་བརྩམས་ནས་ནི།། མི་གནས་རྒྱས་པར་བསྟན་པ་ཡིས།། ཆོས་ཀྱི་མཆོག་ཏུ་འགྱུར་བཤད་དེ། ཅི་ཕྱིར་ཞེ་ན་སངས་རྒྱས་ཀྱིས།། མཁྱེན་ནས་ཆོས་རྣམས་མ་གཟིགས་ཕྱིར།། ཞེས ་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་གནས་པར་བྱ་བའི་ལན་ནི་ཀོའུ་ཤི་ཀ་གཟུགས་ནི་གཟུགས་ཀྱིས་སྟོང་ངོ་།། བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་ངོ་།། གཟུགས་ཀྱི་སྟོང་པ་དང་བྱང་ཆུབ་སེམས ་དཔའི་སྟོང་པ་ཉིད་གཉིས་སུ་བྱར་མེད་དོ།། དེ་བཞིན་དུ་རྣམ་མཁྱེན་གྱི་བར་དུ་བྱར་མེད་པ་ནི་དྲོད་དོ།། གཟུགས་ནས་རྣམ་མཁྱེན་གྱི་བར་དུ་དམིགས་པའི་ཚུལ་དུ་མི་གནས་པ་ནི་རྩེ་མོའོ།། གཟུགས་ནས་རྣམ ་མཁྱེན་གྱི་བར་དུ་རྟག་མི་རྟག་དང་། བདེ་སྡུག་དང་། བདག་ཡོད་མེད་དང་། སྡུག་མི་སྡུག་དང་། ཞི་མ་ཞི། དབེན་མི་དགོན་དང་། སྟོང་མི་སྟོང་དང་། མཚན་མ་ཡོད་མེད་དང་། སྨོན་པ་ཡོད་མེད་ཅེས་བྱ་བར་དམིགས་པའི་ཚུལ་གྱིས ་མྱི་གནས་པ་ནི་བཟོད་པའོ།། རྒྱུན་དུ་ཞུགས་པ་ལ་སོགས་པ་འདུས་མ་བྱས་ཀྱིས་རབ་ཏུ་ཕྱི་ཞེས་བྱ་བ་འམ། སྦྱིན་པའི་གནས་ཞེས་བྱ་བའམ། ས་དང་པོ་ནས་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར ་རོ་ཞེས་བྱ་བའི་བར་དུ་དམིགས་པའི་ཚུལ་གྱིས་གནས་པར་མྱི་བྱ་བ་ནི་ཆོས་མཆོག་གི། མི་གནས་པའི་གཏན་ཚོགས་ནི་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པ་དེ་ཅི་ལ་གནས་སྙམ་པ་དང་། རབ་འབྱོར་གྱིས ་མགོ་བསྒྲེས་པ། དེ་བཞིན་གཤེགས་པ་ཅི་ལ་གནས། ཤཱ་རིའི་བུས་སྨྲས་པ། དེ་བཞིན་གཤེགས་པ་ནི་གཟུགས་ན་སྣ་འདུས་བྱས་དང་། འདུས་མ་བྱས་ཀྱི་ཁམས་ཀྱི་བར་ལ་མི་གནས་ཏེ། དེ་བཞིན་གཤེགས་པས་ཆོས ་ཐམས་ཅད་མ་གཟིགས་པའི་ཕྱིར་རོ།། རབ་འབྱོར་གྱིས་སྨྲས་པ། དེ་བཞིན་གཤེགས་པ་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡང་གནས་པ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན་ནོ།། ཉན་ཐོས་པས་རང་རྒྱལ་གྱི་ལམ་ཁྱད་པར་དུ་འཕགས་པ་ནི་མགོན་པོས།། རང་བྱུང་བདག་ཉིད་རྟོགས་པའི་ཕྱིར།། གཞན་གྱིས ་བསྟན་ཡང་མི་དགོས་ལ།། བསེ་རུ་ལྟ་བུའི་ཡེ་ཤེས་ནི།། ཟབ་པ་ཉིད་དུ་བརྗོད་པ་ཡིན།། གང་དང་གང་དོན་གང་གང་ལ།། ཇི་ལྟ་ཇི་ལྟར་ཉན་དེ་ལྟར། དེ་ལ་སྒྲ་མེད་ཀྱང་དོན་དེ།། དེ་ནི་དེ་ལྟ་དེ་ལྟར་སྣང་།། རང་རྒྱལ་གྱི་ལམ་དངོས ་ནི། གཟུང་བར་རྟོག་པ་ཉམས་ཕྱིར་དང་། འཛིན་པ་མ་སྤངས་ཕྱིར་དང་ནི།། རྟེན་གྱི་བསྲེ་རུ་ལྟ་བུའི་ལམ།། ཡང་དག་བསྡུས་པར་ཤེས་པར་བྱ།། ཞེས་པ་ལེ་སྒྲོ་འདོགས་རྣམ་པ་དྲུག་བཅད་ནས། མེ་ཏོག་གི་དཔེ་ཡིས་མཚོན ་ནས་མ་སྐྱེས་པ་ལ་རང་བཞིན་མོད་པར་བསྟན་པ་ནི་དེ་ནས་འདོད་པ་དང་གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་འདི་སྙམ་དུ་སེམས་པར་གྱུར་ཏོ། གནོད་སྦྱིན་རྣམས་ཀྱི་རང་རང་གི་སྐད་དང་། རང་རང་གི་ཚིག་གི་སྒྲ་བསྟན་ན་ཤེས་པར ་རུང་གི། རབ་འབྱོར་གྱི་དེ་ལྟ་མ་ཡིན་ནོ་སྙམ་མོ།། རབ་འབྱོར་གྱིས་སྨྲས་པ། སུས་ཀྱང་སྤྲོས་པ་མེད་ཐོས་པ་མེད་པ་ནི་སུས་ཀྱང་ཤེས་པར་མི་འགྱུར་རོ།། དེ་ཅིས་ན་དུས་གསུམ་གྱི་བྱང་ཆུབ་ཐམས་ཅད་ནི་ཚིག་དང་ཡི་གེ་ཐམས ་ཅད་ལས་འདས་པའོ།། སྒྲོ་འདོགས་གཅོད་པ་ནི་རྨི་ལམ་ན་རྨི་ལམ་གྱིས་སྟོན་པ་ཡིས་རྨི་ལམ་གྱི་འཁོར་བཞི་ལ་སོགས་པ་ལ་ཆོས་བསྟན་ན། སུས་ཀྱང་སྨྲས་པ་དང་ཐོས་པ་དང་ཤེས་པ་ཡོད་སྙམ་མམ། ་ལྷའི་བུས་སྤྲས་པ་མེད་དོ།། དེ་བཞིན་དུ་སྒྱུ་མ། བྲག་ཅ་སྤྲུལ་པ་ལྟ་བུ་དེ། སུས་ཀྱང་སྨྲས་པ་དང་ཐོས་པ་མེད་དོ།། ཟབ་པའི་སྒྲོ་འདོགས་གཅད་པ་ནི་ལྷའི་བུས་སྨྲས་པ། རབ་འབྱོར་ནི་ཟབ་པ་བས་ཀྱང་ཟབ ་པབསྟོན། ཕྲ་བ་བས་ཀྱང་ཕྲི་བ་ལ་འཇུག་གོ་ཞེས་པ་ལ་རབ་འབྱོར་གྱིས་སྨྲས་པ། གཟུགས་ནས་རྣམ་མཁྱེན་གྱི་བར་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། དེ་རྣམས་ཀྱི་རང་བཞིན་ཡང་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་པའི་ཕྱིར་རོ།། ་བཏགས་པའི་སྒྲོ་འདོགས་གཅད་པ་ནི་ལྷའི་བུ་སྙམ་དུ་སེམས་པར་གྱུར་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་དུ་བཏགས་པ་ཙམ་ཡང་མེད་དོ་སྙམ་པ་དང་། རབ་འབྱོར་གྱིས་སྨྲས་པ། དེ་བཞིན་ཏེ། ཅིས་ན། དུས་གསུམ་གྱི ་བྱང་ཆུབ་ནི་ཚིག་དང་ཡི་གེ་ཐམས་ཅད་ལས་གདགས་སུ་མེད་པ་སྟེ། དུས་གསུམ་གྱི་འཕགས་པ་ཐམས་ཅད་ཀྱིས་བཟོད་པ་འདི་ལ་མི་རྟེན་དུ་མྱི་རུང་ངོ་།། བརྒྱ་བྱིན་གྱི་ལིའུ་སྟེ་བཅོ་ལྔ་པའོ།། །། ལཱིཥྨ་འདི་ནས ་སྒོ་འདོགས་རྣམ་པ་གསུམ་གཅོད་པ་ལྔ། ཉན་པའི་སྒྲོ་འདོགས་བཅད་པ་ནི་ལྷའི་བུ་འདི་སྙམ་དུ་སེམས་པར་གྱུར་ཏེ། གནས་བརྟན་རབ་འབྱོར་ལ་ཆོས་ཉན་པ་ཇི་ལྟ་བུ་ཞིག་གིས་མེཉན་སྣུམ་པ་དང་། རབ་འབྱོར་གྱིས་སྨྲས་པ ་གཟུགས་ནས་མྱ་ངན་ལས་འདས་པའི་བར་དུ་རྨི་ལམེ་ལྟ་བུ་སྒྱུ་མ་ལྟེ་བུའོ།། དེ་བས་ཆེས་ལྷག་པའི་ཆོས་ཤིག་ཡོད་ན་ཡང་དེ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ།། རྟོགས་པའི་སྒྲོ་འདོགས་གཅོད་པ་ནི་ཤཱ་རིའི་བུ་ལ་སོགས་པ་འཁོར ་སྤྱིས་སྨྲས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་ཟབ་པ་འདི་ལྟར་ཕྲ་བ། འདི་ལྟར་རྟོགས་པར་དཀའ་བ་རྟོག་གེའི་སྤྱོད་ཡུལ་མ་ཡིན་པ་འདི་སུ་ཡིས་རྟོགས། རབ་འབྱོར་གྱིས་སྨྲས་པ། བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ ་དང་། བདེན་པ་མཐོང་བ་དང་། དགྲ་བཅོམ་པ་ཟག་པ་ཟད་པ་དང་། དགེ་བའི་བཤེས་གཉེན་གྱིས་ཟིན་པ་བཞིས་འདི་ལྟར་དུ་རྟོགས་ཏེ། གཟུགས་སྟོང་པ་ཉིད་དོ་ཞེས་ནས། རྣམ་བྱུང་གི་བར་སྟོང་པ་དང་མི་སྟོང་པ། མཚན་མ ་ཡོད་མེད། སྨོན་པ་ཡོད་མེད་སྐྱེ་འགག། ཀུན་ནས་ཉོན་མོངས་དང་རྣམ་བྱང་། ཞི་བ་དང་མ་ཞི་བ། གཟུགས་དབེན་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། དབེན་པ་གཟུགས་སོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ།། ། ་བསྟན་པའི་སྒྲོ་འདོགས་གཅད་པ་ནི། ཤཱ་རིའི་བུས་སྨྲས་པ། ཡུམ་འདི་ལ་ཐེག་པ་གསུམ། བྱང་ཆུབ་སེམས་དཔའ་རྣམས་ཡོངསུ་གཟུང་བར་བྱའི་ཕྱིར། ཕྱར་ཕྱིན་ནས་འཇིག་རྟེན་ཐམས་ཅང་ལས་ཁྱད་པར་དུ་འཕགས ་པའི་བུར་དུ་མྦྷ་བསྟན་ནམ། རབ་འབྱོར་གྱིས་སྨྲས་པ། དེ་རྣམས་མི་དམིགས་པའི་ཚུལ་གྱིས་བསྟན་གྱི། དམིགས་པའི་ཚུལ་གྱིས་མ་བསྟན། སྟོང་པ་བཅོ་བརྒྱད་ཡིན་པའི་ཕྱིར། བྱེད་པའི་སྐྱེས་བུ་བཅུ་གཉིས་ནས་རྣམ ་བྱང་གི་བ་མ་དམིགས་སོ།། རྟོགས་པར་དཀའ་བའི་ལེའུ་སྟེ་བཅུ་དྲུག་པའོ།། ། ལེའུ་འདི་ནས་མེ་ཏོག་དཔེའི་སྒོ་ནས་མ་སྐྱེས་པ་དང་། རང་རྒྱལ་གྱི་ངེས་འབྱོད་བཞི་དང་། བྱང་ཆུབ་སེམས་དཔའི་མཐོང ་ལམ་གྱི་ཕན་ཡོན་དགུའོ།། དེ་ནས་བརྒྱ་བྱིན་གྱི་སེམས་ལ་རབ་འབྱོར་གྱི་ཆོས་ཀྱི་ཆར་ཕབ་ན། ཡུམ་དང་སངས་རྒྱས་དང་རབ་འབྱོར་ལཱ་མེ་ཏོག་གི་ཆར་ཆེན་པོ་ཕབ་ནས་མཆོད་པ་ཕུལ་བ་དང་། དེ་ནས ་རབ་འབྱོར་འདི་སྙམ་དུ་སེམས་ཏེ། མེ་ཏོག་འདྲི་དག་ནི་སྔོན་ཆད་ལྷ་དང་མིའི་ཡུལ་དུ་མ་མཐོང་། ཆུ་དང་ཐང་ལ་སྐྱེས་པ་ཡང་མ་ཡིན་སྙམ་པ་དང་། བརྒྱ་བྱིན་གྱིས་སྨྲས་པ་མྱེ་ཏོག་འདི་དག་འབའ་ཞིག་ངེས་པར་མ་བྱུང་བར ་ཟད་དམ། གཟུགས་ལ་སོགས་པའང་དེ་ལྟ་བུ་ཡིན། རབ་འབྱོར་གྱིས་སྨྲས་པ། མེ་ཏོག་འདི་དག་མ་བྱུང་བ་དེ་བཞིན་དུ་ཆོས་ཐམས་ཅད་མ་བྱུང་མ་སྐྱེས་པའོ།། ངེས་འབྱེད་ཀྱི་དྲོད་ནི་བཏགས་པ་ཆོས་ཉིད་མི་འགལ་བར། སྟོན ་པའི་རྣམ་པ་དྲོད་གྱུར་པ། ཞེས་པ་ལས། བཀའ་སྩལ་པ། གཟུགས་ནས་རྣམ་མཁྱེན་གྱི་བར་ནི་བཏགས་པ་ཙམ་མོ།། དེ་ནི་ཆོས་ཉིད་དེ་རབ་འབྱོར་གྱིས་མི་འགལ་བར་བསྟན་ཏོ།། ཆོས་ཐམས་ཅད་བཏགས་པ་ཙམ་དུ་སྒྲིབ ་པ་དེ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་མི་སློབ་སྟེ། སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། རྩེ་མོ་ནི་རྩེ་མོར་གྱུར་པ་གཟུགས་ལ་སོགས།། འགྲིབ་པ་མེད་ལ་སོགས་པས་ཕྱེ། ཞེས་པ་ནི ་རྣམ་མཁྱེན་གྱི་བར་དུ་འཕེལ་བར་བྱ་བ་དང་འགྲིབ་པར་བྱ་བའི་ཕྱིར་མི་སློབ་བོ།། བཟོད་པ་ནི་ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར། གཟུགས་སོགས་མི་འཛིན་ཕྱིར་བཟོད་པ་ཞེས་པ་ནི་གཟུགས་ལ་སོགས་པ་ཡོངསུ་མི་འཛིན་ནོ།། ཆོས ་མཆོག་ནི་གཟུགས་སོགས་སྐྱེ་བ་མེད་སོགས་ཀྱི།། རྣམ་པ་ཅན་ནི་ཆོས་ཀྱི་མཆོག། ཅེས་པ་ནི་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཚེ། གཟུགས་ནས་རྣམ་མཁྱེན་གྱི་བར་དུ་སྐྱེ་བ་དང་འགག་པ་དང་། བླང་བ་དང་དོར་བ། ཀླན ་ནས་ཉོན་མོངས་དང་རྣམ་བྱང། སྔོན་དང་འབྲིད་པ། འཕེལ་བ་དང་འགྲིབ་པ་མི་མཐོང་སྟེ། གཟུགས་གཟུགས་ཀྱི་རང་བཞིན་གྱིས་མེད་ཅིང་མི་དམིགས། དེ་ལྟར་ན་ངེས་པར་མི་འབྱུང་བའི་ཚུལ་གྱིས་ཡུམ་ལ་བསླབས་ཤིང ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རོ།། བྱང་ཆུབ་སེམས་དཔའི་མཐོང་ལམ་ནི། ཆོས་ཤེས་རྗེས་སུ་ཤེས་བཟོད་དང་།། ཤེས་པའི་སྐད་ཅིག་རྣམ་བཞི་ནི།། ལམ་ཤེས་ཉིད་ལ་མཐོང་བའི་ལམ།། ཕན་ཡོན ་བཅས་པ་འདི་བཤད།། དེ་བཞིན་ཉིད་དང་སངས་རྒྱས་དག། ཕན་ཚུན་བརྟེན་པ་རྟེན་མེད་ཕྱིར།། རྣམ་གྲངས་ཁས་མི་ལེན་པ་དང་།། ཞེས་པ་ནི་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཤཱ་རིའི་བུ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་གཱང་ནཱས་བཙལ་བར་བྱ་དྲིས་པའི་ལྡན་རབ་འབྱོར་གྱི་ལེའུ་ལས་བཙལ་བར་བྱའོ།། ཞེས་ཟེར་བ་དེ་ཁྱོད་ཀྱི་མཐུ་དང་བྱིན་གྱིས་བརླབས་ཡིན་ནམ། རབ་འབྱོར་གྱིས་སྨོས་པ། ཁོ་བོའི་མཐུ་མཱ་ཡིན་དེ་ནི་དེ་བཞིན་གཤེགས ་པའི་བྱིན་གྱིས་བརླབས་སོ།། བརྒྱ་བྱིན་གྱིས་སྤྲོས་པ། ཆོས་ཐམས་ཅད་སྟོང་པ་བྱིན་གྱིས་བརླབས་མེད་པ་ལ། དེ་བཞིན་ཉིད་དང་ཆོས་ཉིད་ལས་གུད་ན་ཡང་དེ་བཞིན་གཤེགས་པ་མི་དམིགས་སོ།། རབ་འབྱོར་གྱིས་སྨྲས ་པ། བྱིན་གྱིས་བརླབས་མེད་པའི་ཆོས་ཉིད་དང་དེ་བཞིན་ཉིད་ལས་གུད་ན་དེ་བཞིན་གཤེགས་པ་མི་དམིགས་སོ་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་དེ་བཞིན་ཉིད་ལའང་དེ་བཞིན་གཤེགས་པ་མི་དབེན ་དེ་བཞིན་གཤེགས་པ་ལའང་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་དེ་བཞིན་ཉིད་མི་དམིགས་ཏེ། དེ་བཞིན་གཤེགས་པ་གང་ཡིན་པ་དེ་ནི་གཟུགས་ལ་སོགས་པའི་དེ་བཞིན་ཉིད་དང་ལྡན་པ་འང་མ་ཡིན་མི་ལྡན་པ ་མ་ཡིན་ནོ།། མཐོང་ལམ་གྱི་ཆོས་ཤེས་པ་ནི་ཀུན་རྫོབ་སྒོ་མ་ལྟ་བུར་ཤེས་པའོ།། རྗེས་ཤེས་ནི་དོན་དམ་པ་སྤྲོས་པ་དང་བྲལ་བར་ཤེས་པའོ།། བཟོད་པ་གཉིས་པ་ནི་ཇི་སྙེད་པ་ཤེས་པ་དང་ཇི་ལྟ་བ་ཤེས་པ་སྟེ། རབ་འབྱོར ་གྱིས་སྨྲས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ནས་བཙལ་ཟེར་བ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་ལས་བཙལ་བར་མི་བྱ། དེ་ལས་གཞན་དུ་འང་བཙལ་བར་མི་བྱ་སྟེ། དེ་ཅིས་ན་གཟུགས་ནུས་རྣམ་མཁྱེན་པ ་གྱི་བར་གླེང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བཙལ་བ་གང་ཡིན་པོའི་ཆོས་དེ་དག་ནི་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ནོ།། དེ་ཅིས་ན་གཟུགས་དང་གཟུགས་ཀྱི་ཆོས་ཉིད་དང་། གཟུགས ་ཀྱི་དེ་བཞིན་ཉིད་ལའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད། དེ་ལས་གཞན་ན་ཡང་མེད། དེ་བཞིན་དུ་རྣམ་མཁྱེན་གྱི་བར་རོ།། མཐོང་ལམ་གྱི་ཕན་ཡོན་ནི། ཆེན་པོ་ཚད་མེད་ཉིད་བཅས་དང་།། དཔག་མེད་མཐའ་ནི་མེད་པ་དང་། ་ཞེས་པ་ནི་བརྒྱ་བྱིན་གྱིས་གསོལ་པ། ཡུམ་འདི་ནི་ཆེན་པོ་ལགས་སོ།། ཚད་མེད་པ་ལགས་སོ།། མཐའ་ཡས་པ་ལགས་སོ།། རབ་འབྱོར་གྱིས་སྨྲས་པ། དེ་དེ་བཞིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས། སྦྱིན་པ ་ནས་རྣམ་མཁྱེན་གྱི་བར་དུ་ཐོབ་པོ་འཐོབ་པོ་ཐོབ་པར་འགྱུར་རོ།། གཟུགས་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་དབུས་མི་དམིགས་པས། གཟུགས་ཆེ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པོ་ཆེ་བའོ།། བསྒྲེའོ།། ནམ་མཁའ་ཚད ་མེད་པའི་ཕྱིར་གཟུགས་ཚད་མེད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མེད་པའོ།། འགྲེའོ།། གཟུགས་ནས་རྣམ་མཁྱེན་གྱི་བར་དང་། ཆོས་ཉིད་བརྒྱད་དང་། སེམས་ཅན་གྱི་དམིགས་པ་མཐའ་ཡས་པའི་ཕྱིར་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་སོ།། དེར་གནས་གཟུགས་ལ་སོགས་པ་ལ།། སངས་རྒྱས་ཉིད་དུ་དྲིས་འབྲུ་འཛིན་དང་།། གླེང་མེད་དོར་བ་མེད་སོགས་དང་། བྱམས་ལ་སོགས་དང་སྟོང་ཉིད་དང་། སངས་རྒྱས་ཉིད་ནི་འཐོབ་པ ་དང་།། རྣམ་པར་བྱང་ཀུན་ཡོངས་བསྡུས་དང་།། ཉམ་ང་བ་དང་ནད་ཀུན་སེལ།། མྱ་ངན་འདས་འཛིན་ཞི་ཉིད་དང་།། སངས་རྒྱས་རྣམས་ཀྱིས་བསྲུང་ལ་སོགས།། སྲོག་མི་གཅོད་པ་ལ་སོགས་པ།། རྣམ་པ་ཀུན་མཁྱེན ་ཚུལ་ལ་ནི།། བདག་ཉིད་གནས་ཏེ་སེམས་ཅན་དག། འགོད་དང་སྦྱིན་པ་ལ་སོགས་པ།། རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ།། ལམ་ཤེས་ཉིད་ཀྱི་སྐད་ཅིག་མ།། ཞེས་པ་ལ། བཅོམ་ལྡན་འདས་ལ་ཞུ་བ་ལྔ་ནི། ལྷའི་བུ་རྣས ་ཀྱིས་གསོལ་པ། འཕགས་པ་རབ་འབྱོར་གྱིས་ཡུམ་གྱི་དོན་དེ་ལྟར་བསྟན་པ་ནི་ངོ་མཚར་ཆེའོ།། བདག་ཅག་མི་དམིགས་པའི་ཚུལ་གྱིས་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་དེ་དག་སངས་རྒྱས་སུ་འཛིན་པ ་ལ་སོགས་སོ།། བཀའ་སྩལ་པ། ཟུང་ཅིག་པར་ཕྱིན་ལ་སོགས་པ་ལས་གུད་ན་དེ་བཞིན་གཤེགས་པ་མི་དམིགས་སོ།། རིགས་ཀྱི་བུ་ཕར་ཕྱིན་ལ་སོགས་པ་ལ་སློབ་པ་དེ་སངས་རྒྱས་ཡིན་ཏེ་ངས་སྔོན་རྒྱལ་པོའི་འཁོར་པདྨ་ཅན ་གྱི་ཚོང་དུས་ན། ཕར་ཕྱིན་དང་མ་བྲལ་བ་དེའི་ཚེ་ང་ལུང་བསྟན་ནོ།། བླང་མིད་དོ་མེད་ནི་ལྷའི་བུ་རྣམས་ཡུམ་ལྷ་སྤྱོད་པའི་ཚེ། གཟུགས་ནས་རྣམ་མཁྱེན་གྱི་བར་དུ་མི་ལེན་མཱི་འདོར་པ་ངོ་མཚར་ལག་སོ།། བཅོམ་ལྡན་འདས་ཀྱིས ་དྲི་ཚེ་འཁོར་ཐམས་ཅད་ཚོགས་པར་མཁྱེན་ནས་དཔུང་པོར་བཙུགས་ཏེ། རིགས་ཀྱི་བྲི་ཡཱ་མ་འཛིན་པ་ལ་སོགས་པ་བྱེད་པ་ནི་ཟེདུད་དང་བདུད་ལ་སོགས་པས་སྐྱུགས་མི་རྙེད། དེས་གཟུགས་ནས་རྣམ་མཁྱེན་གྱི་བ ་སྟོང་པ་ཉིད་དུ་བྱིན་གྱིས་བརླབས་པས། སྟོང་པ་ཉིད་ཀྱིས་སྐྱོང་པོ་ཉིད་ལྷ་གླགས་མྱི་རྙེད་དོ།། བྱམས་ལ་སོགས་པ་ནི་རིགས་ཀྱི་བུ་ཡུམ་འཛིན་པ་ལས་སྩོགས་པ་བྱཱད་པཱ་ལྱཱ། བདད་ལ་སོགས་པ་སྟེ་གླུག་ས་མཱ~ཾ་ནྟེད། དེས ་དབང་པོ་པོས་བྱུར་སེནས་ཀྱི་སུ་རྗེས་ས་མནས་པོ་བྱུང་བ་གང་ནགནས་པ་མན་པོ་མ་།། དེས་སློང་ས་ཀྱི་ག་པའི་ཕྱིརོ།། སངས་ཀྱིམ་ཉི་ཐོབ་པནི་། ་དང་གཟུགས་ཀྱི་ལྷའི་བུས། རིགས་ཀྱི་བྱ་ཡུམ་འཛིན་པ་ལ་སོགས་པ་བྱེད་པ་ལ་བསྲུང་བ་དང་བསྐྱབ་པ་ལ་སོགས་པ་བགྱིའོ།། དེ་ཅིས་ན། བྱང་ཆུབ་སེམས་དཔའ་ཡོད་ན། དགེ་བ་བཅུ་ལ་སོགས་པ་མངོན་མཐོ་དང་ངེས་ལེགས་ཐོབ་པའི ་ཕྱིར་རོ།། མཐའ་ཡས་ལུང་བསྟན་གྱི་ལོའུ་སྟེ་བཅུ་བདུན་པའོ།། ། ལེའུ་འདི་ནས་མཐོང་ལམ་གྱི་ཕན་ཡོན་བདུན། སྒོམ་ལམ་གྱི་བྱེད་པ་གཉིས་དེ་དགུའོ།། རྣམ་པར་བྱང་ཀུན་ཡོངས་བསྡུས་ནི།། ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་འདིར། ཕ་རོལ་ཏུ་ཕྱིན་པ་ལྔ་ནས་རྣམ་མཁྱེན་གྱི་བར་འདུས་སོ།། ཉམ་ང་སེལ་བ་ནི་རིགས་ཀྱི་ཡུམ་ལ་སྤྱོད་པ་ལ། བདུད་དང་མུ་སྟེགས་ལ་སོགས་པ་འཚེ་བ་ཐམས་ཅད་ཞི་བའོ།། ནད་ཀུན་སེལ་བ་ནི་ཡུམ ་འཛིན་པ་ལ་སོགས་པ་ལ་རྩི་མ་གོའི་དཔེསཱ་ནེ་དུ་ཞི་བའོ།། མྱ་ངན་ལས་འདས་པར་འཛིན་པ་ཞི་བ་ནི་ཡུམ་འཛིན་པ་ལ་སོགས་པ་ཡིས་མི་དགེ་བ་ཐམས་ཅད་གཟུགས་སུ་འཛིན་པ་མྱ་ངན་ལས་འདས་པའི་བར་དུ་འཛིན་པ་ཉེ ་བྱར་ཞི་བར་བྱེད་དེ་འབྲེལ་བར་བྱེད་པ་མ་ཡིན་ནོ།། སངས་རྒྱས་རྣམས་ཀྱིས་བསྲུང་ལ་སོགས་པ་ནི་ཡུམ་འཛིན་པ་ལ་སོགས་པ་ལས་སངས་རྒྱས་རྣམས་བསྲུང་བ་དང་བསྐྱབ་པ་ལ་སོགས་པ་མཛད་དོ།། སྲོག་མི་གཅོད་པ་ལ ་སོགས་པ་ནི་རིགས་ཀྱི་བུ་ཡུམ་འཛིན་པ་ལ་སོགས་པ་ནི་བདག་ཀྱང་མི་དགེ་བ་བཅུ་སྤངས། གཞན་ཡང་མི་དགེ་བ་བཅུ་སྤོང་དུ་འཇུག། དེ་བཞིན་དགེ་བ་ལ་སོགས་སོ།། སྦྱིན་པ་ལ་སོགས་པ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བའོ།། སྒོམ་ལམ་གྱི་བྱེད་པ་དྲུག་ནི། ཀུན་ནཱས་ཞི་དད་ཐམས་ཅད་ནས།། བདུད་དང་ཉོན་མོངས་ལས་རྒྱལ་དང་།། གནོད་པས་བརྫི་བ་མེད་ཉིད ་དང་།། བྱང་ཆུབ་དང་ནི་རྟེན་མཆོད་ཉིད་དང་།། ཅེས་པ་ལཱ། ཀུན་ནས་ཞི་དང་ཐམས་ཅད་ནས་འདུད་པའི་བྱེད་པ་གཉིས་ནི་འཇིག་རྟེན་ལས་འདས་པའི་ཕར་ཕྱིན་དྲུག་ལ་སྤྱད་པས། བདག་ཉིད་ཁེངས་པ་ཞི་ནས་བདག་ཉིད ་ལ་གཞན་འདུད་པའོ།། ཡོན་ཏན་ཡོངས་སུ་གཟུང་བའི་ལེའུ་སྟེ་བཅོ་བརྒྱད་པའོ།། །། ལེའུ་འདི་ནས། བསྒོམ་ལམ་གྱི་བྱེད་པ་བཞི། རང་དོན་དུ་མོས་པོ་དགུའོ།། ཉོན་མོངས་པས་ལས་རྒྱལ་བ་ནི་བདག ་དང་གཞན་གྱི་ཉོན་མོངས་པ་རྣམས་ཀྱི་མདའ་ལ་སོགས་པ་ཡང་བཅོམ།། དེ་ཅིས་ན་ཡུན་རིང་པོར་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་ནས་ཉོན་མོངས་པའི་རྒྱུད་མེད་པའོ།། གནོད་པས་མི་བརྫི་བ་ནི་ཡུམ་འཛིན་པ་ལ་སོགས་པ་ནི། ་བདག་ལ་སོགས་པ་ལ་གནོད་པ་བྱ་བར་མྱི་སེམས། མཚོན་ལ་སོགས་པས་ཀྱང་འཕོག་པར་མི་འགྱུར་རོ།། བྱང་ཆུབ་པའི་བྱེད་པ་ནི་ཡུམ་འཛིན་པ་ལ་སོགས་པ་བླ་ན་མེད་པའི་བྱང་ཆུབ་ཐོབ་པའོ།། མཆོད་རྟེན་ནི་ཡུམ ་བཅངས་ནས་མཆོད་པ་བྱེད་པའི་ས་དེ་མཆོད་རྟེན་དུ་འགྱུར་བའོ།། མོས་པ་ནི། མོས་པས་རང་གི་དོན་དང་ནི།། གཉི་གའི་དོན་དོང་གཞན་དོན་དང་།། དེ་ཡང་རྣམ་གསུམ་དེ་ལྟར་ན།། ཆུང་དང་འབྲིང་དང་ཆེན་པོ་སྟེ།། ཆུང་ངུའི་ཆུང ་སོགས་དབྱེ་བ་ཡིས།། རེ་རེ་ལ་ཡང་དེ་བཞིན་ཏེ། རྣམ་པ་ཉི་ཤུ་བདུན་དུ་འདོད།། ཅེས་པ་ལས། རང་གི་དོན་དུ་མོས་པ་ཆུང་ཁྲི་ཆུང་ངུ་ནི།། བདྨ་བྱིན་གྱིས་གསོལ་པ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་ལུམ་ལ་བྷུད ་པཱ་དང་། མཆོད་རྟེན་ལ་བསྙེན་བསྐུར་བྱས་པ་བསོད་ནམས་གང་ཆེ་ལགས་ཞུས་པའི་ལན་བཀའ་སྩལ་པ། ཁྱོད་ཉིད་ལ་དྲི་ཡིས་ལན་ཐོབ་ཅིག། དུས་གསུམ་དུ་སངས་རྒྱས་པ་དེ་མཆོད་རྟེན་ལ་བསྙེན་བཀུར་བྱས་པོས ་ཡིན་ནམ། ཡུམ་ལ་སྤྱད་པས་ཡིན། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་པ་ལྟར་ན། ཡུམ་ལ་སྤྱད་པས་སངས་རྒྱས་ལགསོ།། བཀའ་སྐུལ་པ། དེ་བཞིན་དེ་ཡུམ་ཡོད་ན ་དགེ་བ་བཅུ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དང་། མངོན་མཐོ་དང་ངེས་ལེགས་ཐོབ་པའི་ཕྱིར་རོ།། ཆུ་ངུའི་འབྲིང་ནི་བརྒྱ་བྱིན་གྱིས་གསོལ་པ། ཡུམ་ལ་ཕན་ཡོན་དེ་ཙམ་བདོག་པ་མི་རྣམས་ཀྱི་མ་ཚ་འཚལ་ལགས། ་སམྦྷ། བཀའ་སྩལ་པཱ། ཛམ་བུ་གླིང་ནྱ་སངས་རྒྱས་ལ་ཤིན་ཏུ་བརྟེན་པ་ཉུང་ཞེས་པཱ་ནས་ཤེས་རབ་ཀྱི་ཕ་རེལཱ་ཏུ་ཕྱིན་པ་ལ་སྤྱོད་པཱ་ནི་ཤིན་ཏུ་ཉུང་སྟེ། འཁོར་བྱ་ནུ་འཁོར་བས་སངས་རྒྱས་ལ་སྩོགས་པ་མ་མཐོང་། ་བའི་ཕྱིར་རོ།། ཆུང་ངུའི་ཆེན་པོ་ནི་མཆོད་རྟེན་གཅིག། འབྲིང་གི་ཆུང་ངུ་ཛམ་བུའི་གླིང་།། འབྲིང་གི་འབྲིང་གླིང་བཞི། འབྲིང་གི་ཆེན་པོ་སྟོང་སྤྱི་ཕུད། ཆེན་པོའི་ཆུ་ངུ་སྟོང་གཉིས་བར་མ། ཆེན་པོའི་འབྲིང་སྟོང ་གསུམ་གྱི་སྟོང་། ཆེན་པོའི་ཆེན་པོ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དེ་བཞིན་གཤེགས་པའི་སྐུ་གདུང་རིན་པོ་ཆེ་སྣ་བདུན་ལས་བྱས་པ་འཕང་དུ་དཔག་ཚད་ཙམ་ལ་རྒྱར་དཔག་ཚད་ཕྱེད་པ། བྱེད་པ་པོ་མང ་བ། དེ་ན་གནས་པའི་སེམས་ཅན་རེ་རེས་ཀྱང་དུས་བསྐལ་པོའམ་དེ་ལས་ལྷག་པར་ལན་གསུམ་གསུམ་དུ། མཆོད་པ་དང་བཀུར་སྟི་ལ་སོགས་པ་བྱས་པ་བས་ཡུམ་འཛིན་པ་ལ་སོགས་པ་བསོད་ནམས་ཆེའོ།། མཆོད་རྟེན ་ལ་བསྙེན་བཀུར་བྱས་པའི་ལེའུ་སྟེ་བཅུ་དགུ་པའོ།། ། ལེའུ་འདི་ནས་གཉིས་ཀའི་དོན་དུ་མོས་པ་ཆུང་ངུའི་ཆུང་ངུ་ལ་བཅུ་ཡོད་པ་ལས་དྲུག་གོ། ཡུམ་འཛིན་པ་ལ་སོགས་པ་ཡོད་ན་མ་དཀོན་མཆོག་གསུམ ་གྱི་གདུང་མི་ནུབ་པ་དང་། བརྒྱ་བྱིན་གྱིས་ཁ་ཏོན་བྱས་པས་ལྷ་མ་ཡིན་རྣམས་ཟློག་པའི་དགྲ་བཟློག་དང་། ལྷའི་བུ་ཤི་ན་སྲ་ངན་སོང་དུ་སྐྱེ་བ་ལ་རྣ་ལམ་དུ་བསྒྲགས་པས་ངན་སོང་ལས་ཐར་ནས་ལྷའི་ནང་དུ་སྐྱེས་པ། རིམ་གྱིས་བྱང ་ཆུབ་ཐོབ་པས་ངན་སོང་སྦྱོང་བ་དང་། ཡུམ་འདི་རིག་སྔགས་ཆེན་མོ་དང་འདྲ་བར་མྱ་ངན་དང་སྡུག་བསྔལ་ཐམས་ཅད་ཞི་བ་དང་། རྒྱལ་པོ་ལ་སོགས་པའི་འཇིགས་པ་ཡོད་ན་ཡུམ་ཁ་ཏོན་དུ་བྱས་ཕྲ་འཚེ་བ་ཉེ་བར་ཞི་བ་དང་། ཚེ་རབས ་གཞན་གྱི་ཕ་ཡོན་ནམ་ཡོད་ཡུམ་འཛིན་པ་ལ་སོགས་པ་ནི་ཕར་ཕྱིན་ལ་སོགས་པ་དང་འབྲལ་བར་མི་འགྱུར་རོ།། བྱང་ཆུབ་ཀྱི་སེམས་ཀྱི་ཡོན་ཏན་ཡོངས་སུ་བརྗོད་པའི་ལེའུ་སྟེ་ཉི་ཤུ་པའོ།། །། ལེའུ་འདི་ནས ་བཞི་ལས་ཀུན་ཏུ་རྒྱུ་བཟློག་པ་ནི། ཀུན་ཏུ་རྒྱུ་མང་པོ་བཅོམ་ལྡན་འདས་ལ་གླགས་ལྔ་པའི་བསམ་པས་འོངས་པ། བརྒྱ་བྱིན་གྱིས་ཁ་ཏོན་བྱས་པས་བསྐོར་བ་ལན་གསུམ་བྱས་ནས་ལམ་དེ་ཉིད་ནས་དོང་ངོ་།། བདུད་བཟློག་ནི་བདུད་སྡིག ་ཅན་གྱིས་དཔུང་གི་ཚོགས་ཆེན་པོ་སྤྲུལ་པ་ལ་བརྒྱ་བྱིན་གྱིས་དཔུང་གི་ཚོགས་འདི་ནི་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་སོགས་པ་རྣམས་ཀྱི་མ་ཡིན་ཏེ། ངེས་པར་བདུད་སྡིག་ཅན་གྱི་དཔུང་གི་ཚོགས་སོ་སྙམ་ནས་ཡུམ་ཁ་ཏོན་དུ་བྱས་པས ་བདུད་ཕམ་པར་བྱས་པའོ།། དཀོན་མཆོག་གསུམ་འབྱུང་བ་ནི་ཡུམ་བཞུགས་ན་དཀོན་མཆོག་གསུམ་འབྱུང་ཞིང་ཡུན་རིང་དུ་གནས་པར་འགྱུར་རོ།། སྟོན་པ་དང་མཚུངས་པར་ནི་རིགས་ཀྱི་བུ་ཡུམ་འཛིན་པ་ལ་སོགས་པ་ནི་སྟོན་པ ་འམ། སྟོན་པའི་གནས་དང་མཚུངས་པ་ཡིན་ནོ།། ཀུན་ཏུ་རྒྱུ་བཟློག་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །། ལེའུ་འདི་ནས་གཉི་གའི་དོན་དུ་མོས་པ་བརྒྱད།། ཆུ་ངུའི་འབྲིང་ནི་ཀུན་དགའ་བོས་གསོལ་པ། ཤེས་རབ་ཀྱི ་རོལ་ཏུ་ཕྱིན་པའི་ཡོན་ཏན་བརྗོད་པ་ལྟ་བུ་གཞན་ལ་མ་བརྗོད་ལེགས་སོ།། བཀའ་སྩལ་པ། ཡུམ་ནི་ས་ཆེན་པོ་དང་འདྲ་བར་སྦྱིན་པ་ནས་རྣམ་མཁྱེན་གྱི་བཻར་གྱི་ཡོན་ཏན་ཐམས་ཅད་བསྐྱེད་པའོ།། ཆུང་ངུའི་ཆེན་པོ་ཉན་རང་གི་མི་མཿ ་ང་མཉམ་པའི་ཕུང་པོ་ལྔ་ལས་ཁྱད་པར་དུ་འཕགས་པའོ།། འབྲིང་གི་ཆུང་ངུ་ནི་ཡུམ་འཛིན་པ་ལ་སོགས་པ་ལ་སྤོབས་པ་ཉེ་བར་སྒྲུབ་བོ།། འབྲིང་གི་འབྲིང་ཡུམ་འཛིན་པ་ལ་སོགས་པ་ཐམས་ཅད་ཀྱི་སྙིང་དུ་སྡུག་པའོ།། འབྲིང ་གི་ཆེན་པོ་ནི་སྤོབསྡུ་པ་མི་འཕྲོགས་པར་གྱུར་པའོ།། ཆེན་པོའི་ཆུང་ངུ་ནི་ཡུམ་འཇིབ་ལ་སོ་པ་ལ་ལྟ་བུ་རྣམས་ཉན་དུ་འོངས་པའོ།། ཆེན་པོའི་འབྲིང་ནི་ལྷའི་བུ་རྣམས་འོངས་པའི་རྟགས་སྔོན་ཆད་མེད་པའི ་དྲི་བཟང་པོ་ལ་སོགས་པ་འབྱུང་བའོ།། ཆེན་པོའི་ཆེན་པ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་བཞུགས་པ་ལ་ནམ་འཚོའི་བར་དུ་མེ་ཏོག་ལ་སོགས་པས་མཆོད་པ་བྱས་ཏེ། ཡོངས ་མྱ་ངན་ལས་འདས་ནས་ཀྱང་སུཾ་གདུང་མཆོད་རྟེན་གྱི་ནང་དུ་སྩོལ་ཏེ་མེ་ཏོག་ལ་སོགས་པའི་མཆོད་པ་བྱས་པ་བས། ཡུམ་འཛིན་པ་ལ་སོགས་པ་བྱས་ནས་བཀུར་སྟི་བྱས་ན་བསོད་ནམས་ཆེའོ།། མཆོད་རྟེན་གྱི་ལེའུ་སྟེ་ཉི་ཤུ ་རྩི་གཉིས་པའོ།། །། ལེའུ་འདི་ནས་གཞན་གྱི་དོན་དུ་མོས་པ་དགུ། ཆུང་ངུའི་ཆུ་ངུ་ནི་བཅོམ་ལྡན་འདས་ཀྱིས་བརྒྱ་བྱིན་ལ་ཛམ་བུའི་གླིང་འདི་སྐུ་གདུང་གིས་གང་བ་ཞིག་ཀྱང་གཏང་། ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་འདི་ཡང་གཏད་ན། བདག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདམ་ལགས་སོ།། ཅིས་ན་ཕར་ཕྱིན་ལས་སྐུ་གདང་འབྱུང་བས་སོ།། ཆུ་ངུའི་འབྲིང་ནི་དཔེར་ན་བདག་ཆོས་བཟང་ན་སྟན་ལ་བསྡད་ནས་ཆོས་བཤད་པའི ་གོདན་ལ་མཆོད་པ་ལྟ་བུ་སྟེ། ཡུམ་ནི་སྟོན་པ་དང་འདྲ། སྐུ་གདུང་ནི་གདན་ཁྲི་རྙིང་པ་དང་འདྲའོ།། ཆུང་ངུའི་ཆེན་པོ་ནི་སྟོང་གསུམ་གྱི་སྟོང་སྐུ་གདུང་གིས་བཀང་བ་བས་ཀྱང་འདམ་མོ།། འབྲིང་གི་ཆུང་ངུ་ནི་ཕྱོགས་བཅུའི ་འཇིག་རྟེན་གྱི་ཁམས་ཀྱི་གསུང་རབ་ཡན་ལག་བཅུ་གཉིས་གསུང་བ་དང་། ཡུམ་ནི་འདི་དང་མཚུངས་ལགས་ཏེ་འདི་ལས་བྱུང་བའོ།། འབྲིང་གི་འབྲིང་ནི་ཡུམ་འཛིན་ཡ་བ་ལ་སོགས་པ་ལ་ནི་ངན་སོང་ལ་སོགས་པའི་འཇིགས་པ ་མ་མཆིས་ཏེ། ཡུམ་ནི་རྒྱལ་པོ་དང་འདྲ་ལ་སྐུ་གདུང་ནི་རྒྱལ་པོ་ལ་བརྟེན་པའི་མི་ལ་འཇིགས་པ་མེད་པ་དང་འདྲའོ།། འབྲིང་གི་ཆེན་པོ་ནི་ཡུམ་ནི་ནོར་བུ་རིན་པོ་ཆེ་དང་འདྲ་ལ། སྐུ་གདུང་དེའི་སྣོད་གའུ་ཏོག་སྙིང་པ་དང་འདྲའོ།། ་ཆེན་པོའི་ཆུང་ངུ་ནི་ཕྱོགས་བཅུའི་འཇིག་རྟེན་ཁམས་སྐུ་གདུང་གིས་བཀང་བ་བས་ཀྱང་འདམ་མོ།། ཆེན་པོའི་འབྲང་ནི་དེ་བཞིན་གཤེས། ས་པ་ཐམས་ཅད་ཀྱི་གཟུགས་ཀྱི་སྐུ་དང་ཆོས་ཀྱི་སྐུ་མཐོང་བར་འདོད་པས་ཡུམ་གྱི་རྣལ་འབྱོ ་ལ་བརྩོན་པར་བྱའོ།། ཆེན་པོའི་ཆེན་པོ་ནི་དགེ་བའི་ཆོས་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་གཟུང་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་ན། རོ་གཅིག་ཏུ་འགྱུར་བ་ཤིང་གི་གྲིབ་མའོ ་དཔེས་བསྟན་ནོ།། སྐུ་གདུང་གི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། ། ལོའུ་འདི་ནས་བསྟོད་བཀུར་བསྔགས་པ་གསུམ་སྟོན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ། མོས་པའི་གནས་སྐབས་རྣམས་ལ་ནི།། ་དགུ་ཚར་གསུམ་གྱིས་བསྟོད་པ་དང་།། བཀུར་བ་དང་ནི་བསྔགས་པར་བརྗོད་ཅེས་པ་ལས། བསྟོད་པ་དང་པོ་ནི་བརྒྱ་བྱིན་གྱིས་གསོལ་པ། བདག་ཉིད་གཅིག་པུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང་། གཞ ་ལའང་བྱིན་ན་བསོད་ནམས་གང་ཆེ་ལགས། བཀའ་སྩལ་པ། ཁྱོད་ཉིད་ལ་དྲི་ཡིསཱ་ལན་ཐོབ་ཅིག། དེ་བཞིན་གཤེགས་པའི་སྐུ་གདུང་ཉིད་འབའ་ཞིག་གིས་བཅངས་ནས་བསྙེན་བཀུར་བྱས་པ་ད ་གཞན་ཡང་བསྙེན་བཀུར་བྱེད་དུ་བཅུག་པ་གཉིས་བསོད་ནམས་གང་ཆེ། བརྒྱ་བྱིན་གྱིས་གསོལ་པ། བདག་ཉིད་འབའ་ཞིག་གིས་བཅངས་པ་བས་གཞན་ལའང་བྱིན་ན་བསོད་ནམས་ཆེ་བས་སྐུ་གདུང་གིས་འདུལ་བའི ་སེམས་ཅན་ལ་རྡོ་རྗེའི་སྐུ་བཤིགས་ནས་གནང་བ་མཛད་དོ།། བཀའ་སྩལ་པ། དེ་བཞིན་དུ་བདག་ཉིད་འབའ་ཞིག་གིས་བཅངས་པ་བས་གཞན་ལ་བྱིན་ན་བསོད་ནམས་ཆེའོ།། བསྟོད་པ་གཉིས་པ་ནི་དེ་ཡང་གཞན་གྱི ་དྲུང་དུ་ཕྱིན་ནས་བསྟན་ཙོང་བཤད་ན་བསོད་ནམས་ཆེ་སྟེ། དེ་ནི་སྟོན་པའམ་སྟོན་པའི་གནས་དང་མཚུངས་སོ།། བསྟོད་པ་གསུམ་པ་ནི་ཛམ་བུའི་གླིང་གི་སེམས་ཅན་དག་པ་བཅུ་ལ་བཀོད་པའོ།། བཞི་པ་རྒྱུན་ཞུགས་ལ ་ལྔ་པ་ལན་ཅིག་ཕྱིར་འོང་ངོ་།། དྲུག་པ་ཕྱིར་མི་འོང་ངོ་།། བདུན་པ་དགྲ་བཅོམ་མོ།། བརྒྱད་པ་རང་བྱང་ཆུབ་བོ།། དགུ་པཱ་ཛམ་བུའི་གླིང་ལ་སོགས་པ་རྒྱུན་ཞུགས་ལ་བཀོད་པ་བས་སེམས་ཅན་གཅིག་ཅིག་བྱང་ཆུབ་སེམས ་དཔའ་ལ་བཀོད་ན་བསོད་ནམས་ཚེ་སྟེ། ཙོས་ན་རྒྱུན་ཞུགས་ལ་སོགས་པ་ཡོད་པས་སངས་རྒྱས་འབྱུང་བ་མ་ཡིན་གྱི། བྱང་ཆུབ་སེམས་དཔའ་ཡོད་པས་དགེ་བའི་ཆོས་ཐམས་ཅད་འཇིག་རྟེན་དུ་འབྱུང་ངོ་།། བཀུར་བ་དང ་པོ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དགེ་བ་བཅུ་ལ་བཀོད་པ་ལ་སོགས་སོ།། གཉིས་པ་བསམ་གཏན་བཞི་ལ་བཀོད་པ། གསུམ་པ་ཚད་མེད་པ་བཞི་ལ་བཀོད་པ། བཞི་པ་གཟུགས་མེད་པ་བཞི་ལ་བཀོད ་པ། ལྔ་པ་སྟོང་གསུམ་གྱི་སྟོང་གི་སེམས་ཅན་རྣམས་མངོན་པར་ཤེས་པ་ལྔ་ལ་བཀོད་པ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྱིན་ན། བསོད་ནམས་ཆེའོ།། དྲུག་པ་ཚུལ་བཞིན་དུ་ཡིད་ལ་བྱས་ནས་ཡང་དག་པའི་དོན་བསྟན་ན། ་ཆེའོ།། བདུན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ནི་གཉིས་སུ་ཡང་མ་ཡིན་གཉིས་སུ་མ་ཡིན་པ་ཡང་མ་ཡིན་ལ་སོགས་པ་གཉིས་མེད་པ་བསོད་ནམས་ཆེའོ།། བརྒྱད་པ་སྟོང་གསུམ་གྱི་སངས་རྒྱས་ལ་བསྙེན་བསྐུར ་བྱས་པ་བས་ཀྱང་ཡུམ་གྱི་དོན་བསྟན་ན་བསོད་ནམས་ཆེའོ།། དགུ་པ་ཡུམ་གྱི་གཟུགས་བརྙན་མི་རྟག་པ་ལ་སོགས་པར་མི་སྟོན་པ། རིགས་ཀྱི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་ལ་གཟུགས་མི་རྟག་པ་ལ ་སོགས་པར་ཡང་མ་ལྟ་ཞིག་ཅེས་པ་ལ་སོགས་པའོ།། བསྔགས་པ་དང་པོ་སྟོང་གསུམ་གྱི་སྟོང་གི་སེམས་ཅན་རྒྱུན་ཞུགས་ལ་བཀོད་པ། གཉིས་པ་ཕྱིར་འོང་བ། གསུམ་པ་ཕྱིར་མི་འོང་བ་ལ། བཞི་པ་དགྲ་བཅོམ་ལ། ་ལྔ་པ་རང་རྒྱལ་ལ། དྲུག་པ་བྱང་ཆུབ་ལ་བཀོད་པ། བདུན་པ་ཕྱིར་མི་ལྡོག་པ་ལ་བཀོད་པ། བརྒྱད་པ་བླ་ན་མེད་པའི་བྱང་ཆུབ་ལ་བཀོད་པ་བས། དགུ་པ་སེམས་ཅན་གཅིག་ཅིག་མྱུར་དུ་སངས་རྒྱས་པར་འདོད་པ་ལ་ཤེས ་རཤཱགྶ་པ་རོལ་ཏུ་ཕྱིན་པ་དྨོན་དང་བཅས་པ་ཡི་གེ་དང་བཅས་པར་བྱིན་ན་བསྣོད་ནམས་མསྟེ། དནུས་ན། ས+འུ་ཏྲཱ~ཾཀྵཪྵ་རྫོགས་པ་བྱུང་རྒྱུབ་ལ་བ་ད་ཀྱུ་དྷི་ལྟ་རོམྦྷངྠ་བྷིན་པས་གདུངས་ན་དྷཱ་དང། ་བསོད་ནམས་ཀྱི་རྣམ་གྲངས་ཀྱིཉི་ཤློ་རྩེ་བཞི་པའོ།། ། ལེའུ་འདི་ནོས་བསྔོ་བ་ད་རྗེས་སུ་སྟེ་རུང་བ་གཉིས་ལས། ཡོངས་སུ་བསྔོ་བོ་ཁྱད་པར་ཅན།། དེ་ཡི་བྱེད་པ་མཆོག་ཡིན་ནོ།། དེ་ནི་དམིག་པོ་མེ ་རྣམ་པ་ཙནྡ།། ཕྱིན་ཅི་མ་ལོག་མཚན་ཉིད་དོང་།། དབེན་དང་སྦྱངས་རྒྱས་བསོད་ནམས་ཚོགས།། རྙེང་བཞིན་དྲན་པའི་སྤྱོད་ཡུལ་ཅན།། ཐབས་བཅུས་མཚན་མ་མེད་པ་དང་།། སངས་རྒྱུས་རྗེས་སུ་ཡི། ་གིསུམྦྷ་གཏོག་སོ་ཕྱི་མ་སྨིན་དང་།། ཆུང་དང་འབྲིང་དང་ཆེནྡྲ་བློ་ཡི།། བསོད་ནམས་ཆེ་འབྱུང་བདག་ཉིད་དེ།། བཛྲ་པའི་མཚིག་ནི་རྣམ་པ་གསམ།། ཞེས་པ་ལས། ཁྱད་པར་ཅན་གྱི་བསྔོ་བོ་ནི། བྱམསྨཻ་པས་སྨྲས་པ། ཉན་རང ་ནིརང་གི་དོན་དུ་བསྔོ་བ་ཡིན་ལཱ། བྱང་སེམས་ནི་གཞན་གྱི་དོན་དུ་བསྔོ་བ་ཡིན་པས་ཁྱད་པར་དུ་འཕགས་ཏེ། ལས་དང་པོ་པའི་གང་ཟག་ལ་དམིགས་པ་ཅན་དུ་མ་བསྟན་ན་མྱོས་པ་ལྡོག་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལཱ ་སྦྱངས་པ་ལ་མི་དམིགས་པའི་ཚུལ་གྱིས་བསྔོ་བའོ།། མི་དམིགས་པའི་བསྔོ་བ་ནི། རབ་འབྱོར་གྱིས་སྨྲས་པ། སེམས་དང་པོ་བསྐྱེད་པ་ནས་སྦྱིན་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་མི་དམིགས ་འི་ཚུལ་གྱིས་པཛྲ་ཏཱའོ།། ཕྱིན་ཅི་མ་ལོག་པའི་བསྔོ་བ་ནི་དེ་ལྟར་དམྱིགས་པར་མི་བྱུད་། མཚན་མྱུར་ཡང་མི་བྱེད་དེ། འདུ་ཤེས་པར་ཡང་མི་བྱེད་ན་ཕྱིན་ཅི་མ་ལོག་པའོ།། དབེན་པའི་བླ་སྔོ་བ་ནི་གླུ་ཟུགས་ནས་རྣམ་མཿ། ་གྱི་བར་ནི་རང་བཞིན་གྱིས་དབེན་པར་བསྔོ་བའོ།། སྟེངས་རྒྱས་ལ་སོགས་པ་ཚོགས་ཀྱི་རླུང་བཞིན་དྲན་པར་ཐོཙྪ་བི་ནི་སརྗེས་རྒྱུས་དང་། བྱུང་འི་སེམས་དཔའ་དང་། སོ་སོའི་སྐྱེ་བོའི་དགེ་བ་ཅི་ཡོད་པ་མི་དམིགས ་པར་བསྡུ་བའོ།། ཐབས་ལ་མཁས་པའི་བསྔོ་པ་ནི་ཚོགས་སོགས་པར་བྱེད་པའི་ཐབས་སོ།། མཚན་མུ་མེད་པའི་བསྔོ་བ་ནི་མཚོན་བཅས་ཀྱི་བསྔོས་ན་ཁ་ཟླས་བཟང་པོ་དག་དང་འདྲེས་པ་དང་འདྲ་བས་མཚན་མོ་མེད ་རབསྟོ་འོ།། སངས་རྒྱས་རྗེས་སུ་ཡཱི་རང་གི་བསྔོ་བ་ནི་སྔོན་གྱི་སངས་རྒྱུ་སྣ་ལ་སོགས་པས་རྔེ་ལྟ་ཇི་ལྟར་བསྔོས་པ་དེ་ལྟ་དེ་ལྟར་རྗེས་འཇུག་གི་བསྔོ་བའོ།། ཁམས་གི་སུ་མ་དྷུ་མཱ་གཏོགས་པའི་བསྒོ་དྷུན ་བྱང་ཆུབ་སེམས་དཔའ་ཡུམ་ལེ་སྤྱོད་པའི་ཚེ། གཟུགས་ནས་རྣམ་མཁྱེན་གྷི་བར་ཁམས་གསུམ་གྱི་ཁོངས་སུ་རྨེད་པ་མ་ཡིན་པཾ་དུསྱ་གཱསུ་མ~ཾ་ལུས་འདྲེས་པ་དྲི་མཚན་མྱ་འམ་དམིགས་པའི་ཚུལ་གྱིས ་མི་ནུམ་ལྡན་རྒྱུ་ནི། དེ་ལ་རིང་བཞིན་མེད་དོ།། གང་ལ་རུ་ཅན་ནི་མེད་པ་ད་དངོས་པོ་མ་པོ་།། དམ་པོ་མེད་པས་ནི་དེངོས་པོ་མང་པོ་བསྔོ་བར་མི་ནུས་སོ།། མཽང་ནམས་ཆེ་འབྱུང་མི་ཆུང་ངུ་ནི་ངན ་པ་བཅུ་དང་བསམ་གཏན་བཞི་ཚད་མེད་པ་བཞི། གཟུགས་མེད་པ་བཞི་ལ་བཀོད་པ་བས། འབྲིང་ནི་རྒྱུན་ཞུགས་ནས་རང་སངས་རྒྱས་ཀྱི་བྱར་རོ།། ཆེན་པོ་ནི་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས ་ཀྱི་སེམས་ཅན་ཐམས་ཅད་དམིགས་པ་ཅན་དུ་བསྔོ་བ་བས། བྱང་ཆུབ་སེམས་དཔའ་དམིགས་པ་མེད་པ་མཚན་མ་མེད་པ་གོས་པ་མེད་པར་བསྔོས་ན། བསོད་ནམས་ཆེའོ།། རྗེས་སུ་ཡི་རང་བ་ནི་ཐབས་དང་མི་དམིགས ་པ་དག་གིས། དགེ་བའི་རྣ་བ་ལ་ཡཱི་རང་པ།། རྗེས་སུ་ཡི་རང་ཡིད་བྱེད་པ།། བསྒོམ་པ་ཡིན་པ་འདིར་བརྗོད་དོ།། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སོ་སོའི་སྐྱེ་བོའི་དགེ་བའི་རྩ་བ་ལྔ་དམིགས་པའི་ཚུལ་གྱིས ་རྗེས་སུ་ཡི་རང་བ་བས་མི་དམིགས་པའི་ཚུལ་གྱིས་རྗེ་སུ་ཡི་རུང་བ་མཆོག་རབ་ཡིན་ནོ།། དཔེར་ནི་སྟོང་གསུམ་གྱི་དེ་བཞིན་གཤེགས་པ་ལྔ་བསྙེན་བཀུར་བྱས་པ་པོས། མི་དམྱིགས་པའི་ཚུལ་གྱིས་རྗེས་སུ་ཡི ་རང་བ་མཆོག་ཡིན་ནོ།། རྗེས་སུ་ཡི་རང་བ་དང་། བསྔོ་བའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། །། སྒྲུབ་པ་ལ་ལྔ་ལས། དེ་ཡི་ངོ་བོ་ཉིད་མཆོག་ཉིད།། ཀུན་ལ་མངོན་པར་འདུ་མི་བྱེད།། ཆོས་རྣམས ་དམིགས་པ་མེད་པར་ནི།། གཏོང་པར་བྱེད་པ་དོན་ཆེན་ཉིད།། ཅེས་པ་ལ། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཕྱིན་མའོ།། མཚིག་ནི་ཕ་རོལ་ཏུ་ཕྱིན་པ་ལྔའི་མཆོག་སྤྱན་འདྲ་བ་སྟེ། ཕར་ཕྱིན་གཞན་ནི་དམུས་ལོང་དམིགས ་བུ་མེད་པ་དང་འདྲའོ།། ཀུན་ལ་མངོན་དུ་མི་བྱེད་པ་ནི་ཤཱ་རིའི་བུས་གསོལ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་ལྟར་བསྒྲུབ་པར་བགྱི། བཀའ་སྩལ་པ། གཟུགས་ནས་རྣམ་མཁྱེན་གྱི་བར་དུ་བྱདུ་མི་བྱེད་པ་དང་། སྐྱེ་བ་མེད་པ་དང་། ་འགག་པ་མེད་པ་དང་། དམིགས་པ་མེད་པ་དང་། འཇིག་པ་མེད་པའི་ཚུལ་གྱིས་གང་ཡང་མཱི་སྒྲུབ་བོ།། ཤཱ་རིའི་བུས་གསོལ་པ། མི་སྒྲུབ་པ་དེ་གང་ལགས། བཀའ་སྩལ་པ། གང་ཡང་ཐོབ་པར་མི་བྱེད། དགེ་བ་ལ་སོགས ་པའི་དམིགས་པ་བཅུ་གཅིག། མཚན་མའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མྱི་བྱེད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གྲངས་སུ་འགྲོའོ།། ཆོས་རྣམས་དམིགས་པ་མེད་པར་གཏོང་པར་བྱེད་པ་ཞེས་པ ་ནི་ཐོབ་པར་བྱེད་པའོ།། ཐོབ་པར་མི་བྱེད་པའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གསོག་གོ། གསོག་པོ་ཞེས་བྱ་བར་འདུ་ཤེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིང་དུ་སྤོང་པ་ཡིན་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་ལ་ཡིད་ཆེས་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བཱར་དུ་ཡིད་ཆེས་པར་མི་འགྱུར་རོ།། དོན་ཆེན་པོ་ཉིད་ནི་ཡུམྦྷ་ནི་གཟུགས་ནས་རྣམ་མཁྱེན་གྱི་བཱ་ཏུ་ཆེ་བར་མི་བགྱིད་ཆུང་བར་མི་བགྱིད། འདུ་བར་མི་བགྱིད། ཡང་སོ་བྱར ་མི་བགྱིད། ཚད་མཆིས་པར་མི་བགྱིད། ཚད་མ་མཆིས་པར་མི་བགྱིད། རྒྱ་ཆེ་བར་མི་བགྱིད། ཆུང་བར་མི་བགྱིད། མཐུ་དང་ལྡན་པར་མི་བགྱིད་མཐུ་མ་མཆིས་པར་མི་བགྱིད་དོ།། གལ་ཏེ་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ ་ཕྱིན་པ་དྲུག་ལ་བརྟེན་ནསུ་ལྷུར་བགྱིད་ན་ཡུམ་དང་མཐུན་པའི་འབྲས་བུ་མ་ལགས་སོ།། དེ་ཅིས་ན། གཟུགས་ནས་རྣམ་མཁྱེན་གྱི་བར་ལྷར་བགྱིད་པ་ནི་དེའི་དམིགས་པ་ཆེན་པོར་འགྱུར་རོ།། ་དམིགས་པའི་འདུ་ཤེས་ཅན་ལ་བྱང་ཆུབ་མེད་དོ།། ཆེན་པོའི་བཅུ་ནི་སེམས་ཅན་དང་། གཟུགས་ནས་རྣམ་མཁྱེན་གྱི་བར་སྐྱེ་བ་མེད་པ་དང་། དངོས་པོ་མེད་པ་དང་། རང་བཞིན་མེད་པ་དང་། སྟོང་པ་དང་། དབེན་པ་དང་། མ ་མཆིས་པ་དང་། བསམ་གྱིས་མི་ཁྱབ་པ་དང་། རྣམ་པར་འཇིག་པ་མེད་པ་དང་། མངོན་པར་རྫོགས་པར་སངས་རྒྱ་བ་མ་མཆིས་པ་དང་། སྟོབས་གྲུབ་པ་མ་མཆིས་པའི་ཕྱིར་ཡུམ་ཆེ་བའོ།། སྒྲུབ་པའི་ལེའུ་སྟེ་ཉི་ཤུ ་རྩ་དྲུག་པའོ།། །། ལེའུ་འདི་ནས་རྣམ་དག་སྐྱེ་བ་དང་། མི་སྐྱེ་བའི་རྒྱུ་བསྟན་པ་དང་། རྣམ་དག་དངོས་བསྟན་པའོ།། དངོས་པོ་ལྔ་སྟེ། རྣམ་པར་དག་སྤྱིར་བསྟོན་པ་དང་། ཉན་ཐོས་ཀྱི་རྣམ་དག་དང་། རང་རྒྱལ ་གྱི་རྣམ་དག་དང་། བྱང་ཆུབ་སེམས་དཔའི་རྣམ་དག་དང་། སངས་རྒྱས་ཀྱི་རྣམ་དག་ཤིན་ཏུ་བའོ།། རྣམ་དག་སྐྱེ་བའི་རྒྱུ་ནི། སངས་རྒྱས་བསྟེན་དང་སྦྱིན་སོགས་དང་། ཐབས་ལ་མཁས་པ་གང་ཡིན་དང་། འདི་ལ་མོས་པའི ་རྒྱུ་དག་ཡིན།། ཞེས་པ་ནི་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པ། སངས་རྒྱས་དཔག་ཏུ་མེད་པ་ལ་བསྙོན་བཀུར་བྱས་པ། བསྐལ་པ་གྲངས་མེད་པ་ནས་ཞུགས་པ་སེམས་དང་པོ་བསྐྱེད་པ་ནས་ཕ་རོལ་ཏུ་ཕྱིན་པ ་དྲུག་རྫོགས་པ་ཡིན་ཏེ། དེ་ལྟར་ཡང་ཡུམ་མཐོང་ངམ། ཐོས་ན་སྟོན་པ་མཐོང་ངོ་སྙམ་མོ།། རབ་འབྱོར་གྱིས་གསོལ་པ། ཡུམ་མཐོང་བ་དང་བལྟ་བར་ནུས་སམ། བཀའ་སྩལ་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ནུས་རྣམ་པ་ཐམས་ཅད ་མཁྱེན་པ་ཉིད་ཀྱི་བར་དུ་ཆོས་པ་སེམས་མེད་པའི་ཕྱིར་མི་མཐོང་མི་ཐོས་ཏེ། ཡང་དག་པར་མི་མཐོང་བ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རྣམ་པར་དག་མི་སྐྱེ་བའི་རྒྱུ་ནི། བདུད་ཀྱི་ཐིབས་ཀྱིས་ནོན་པ་དང་། ཟབ་མོའི ་ཆོས་ལ་མ་མོས་དང་། ཕུང་པོ་ལ་སོགས་མངོན་ཞེན་དང་། སྡིག་པའི་གྲོགས་པོས་ཟིན་པའོ།། ཞེས་པ་ནི་རིགས་ཀྱི་བུ་སངས་རྒྱས་མང་པོ་མཐོང་སྟེ་དམིགས་པའི་ཚུལ་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པ་ནི་མི་དམིགས། ་པའི་ཚུལ་གྱིས་སྟོན་པ་ཐོས་ན་ད་ལྟ་བྱོལ་ནས་གུང་དུ་དོང་སྟེ། སྔོན་ཡང་གུང་དུ་བྱོལ་བྱོལ་བ་ཤེས་རབ་འཆལ་བར་གྱུར་པའི་ལས་བསགས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་དམྱལ་བར་སྐྱེའོ།། དེར་མེ་ལ་སོགས ་པས་འཇིག་པའི་ཚེ་འང་རྟ་འཇིག་རྟེན་གྱི་ཁམས་གཞན་ཀྱི་དམྱལ་བར་སྐྱེ། དེ་བཞིན་དུ་དུདྲོ་འགྲོ་དང་ཡི་དགས་སུ་འགྱུར་རོ། བརྒྱ་ལ་མིར་སྐྱེས་ནའང་དམུས་ལོང་དང་མཛེ་ཅན་ལ་སོགས་པ་དཀོན་མཆོག་གསུམ་གྱི་སྒྲ་མི་གྲགས ་པར་འགྱུར་རོ།། ཤཱ་རིའི་བུས་གསོལ་པ། མཚམས་མ་མཆིས་པ་ལྔས་ཀྱང་ཆོས་སྤོང་བར་འགྱུར་བའི་སུག་ལས་བགྱིས་པའི་གཟུགས་བརྙན་ཙམ་དུ་ཡང་མི་ཕོད་ལགས་སོ།། བཀའ་སྩལ་པ་དེ་བཞིན་ཏེ། ཆོས་སྤོང ་པར་འགྱུར་བའི་ལས་བསགས་པ་ནག་པའི་རང་བཞིན་ཅན་དེ་ནི་བདག་གི་རྒྱུད་ཀྱང་དུག་ཅན་དུ་བྱས་ནས་གཞན་གྱི་རྒྱུད་ཀྱང་དྲུག་ཅན་དུ་བྱེད་པ་དེ་ནི་ཐོས་པར་ཡང་མི་གནང་ན། བལྟར་མི་རུང་འགྲོགས་སུ་སྟ་ག་ལ ་མཆིས།། ཆོས་སྤོང་བར་འགྱུར་བའི་ལས་བསགས་པའི་ལུས་ཀྱི་ཚད་ནི་བཀའ་མ་བསྩལ་ཏོ།། རྣམ་པར་དག་པ་ནི། འབྲས་བུ་དག་པ་གཟུགས་ལ་སོགས།། དག་པ་ཉིད་དེ་གང་གི་ཕྱིར།། དེ་ཉིད་ཐ་དདདུ་མ་ཡིན་ཞིང་།། གཅད་དུ་མེད ་པས་དག་པར་བརྗོད།། རྣམ་དག་སྤྱིར་བསྟན་པ་ནི། དེ་ཙམ་དུ་ཟབ་པའི་ཡུམ་དེ་གང་ལགས།། བཀའ་སྩལ་པ་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་དུས་གསུམ་རྣམས་མ་བཅིངས་མ་གྲོལ་ལགས་སོ།། དེ་ཅིས་ན། གཟུགས་རྣམ་པར ་དག་པས་འབྲས་བུ་རྣམ་པར་དག་པ། འབྲས་བུ་རྣམ་པར་དག་པས་གཟུགས་རྣམ་པར་དག་པ་སྟེ། དེ་ལྟར་ན་གཟུགས་རྣམ་པར་དག་པ་དང་། འབྲས་བུ་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན ་ཐ་མི་དད་དོ།། གཟུགས་ལ་སོགས་པ་ནི་དག་པར་བྱ་བའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དག་པར་བྱེད་པའོ།། དག་པའི་འབྲས་བུ་ནི་རྒྱུན་ཞུགས་ལ་སོགས་པའོ།། གཉིས་སུ་མེད་པ་ནི་དངོས་པོ་ལའོ།། གཉིས་སུ་བྱར ་མེད་པ་ནི་བློ་ཡིས་སོ།། སོ་སོ་མ་ཡིན་པ་ནི་སྤྱིའི་མཚན་ཉིད་དོ།། མདོར་ན་ཆོས་ཐམས་ཅད་སྤྱི་དང་རང་གི་མཚན་ཉིད་ལས་གྲོལ་བ་ནི་རྣམ་དག་གོ།། རྣམ་དག་ནི་རྣམ་བཅད་ནི་འགག་ཏུ་མེད་པའོ།། ཡོངས་དག་ནི་ཡོངས་གཅོད ་སྒྲུབ་དུ་མེད་པ་སྟེ། ཆོས་ཉིད་ཀྱི་དོན་ལ་དགག་སྒྲུབ་མེད་པ་ཞེས་བྱའོ།། ཡོངས་དག་ནི་གཟུགས་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཞེས་པ་ལ་སོགས་པའོ།། བྱེ་བྲག་གི་རྣམ་དག་ནི་ཉོན་མོངས་ཤེས ་བྱ་ལམ་གསུམ་གྱི།། ཉམས་ཕྱིར་སློབ་མ་བཱ་སཽ་རུ་དང་།། རྒྱལ་སྲས་རྣམས་ཀྱི་དགྲ་པ་སྟེ།། སངས་རྒྱས་རྣམ་ཀུན་ཤིན་ཏུ་བ།། ཞེས་པ་ནི། བྱེད་པའི་སྐྱེས་བུ་བཅུ་གཉིས་རྣམ་དག་ཡོངས་དག་དུས་གསུམ་གྱི་རྣམ་དག་ཡོངས་དག ་ནི་ཉན་ཐོས་ཀྱིའོ།། རྟེན་འབྲེལ་བཅུ་གཉིས་ཀྱི་རྣམ་དག་ནི་རང་རྒྱལ་གྱིའོ།། ཕར་ཕྱིན་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་གྱི་རྣམ་དག་ནི་བྱང་ཆུབ་སེམས་དཔའི་འོ།། སངས་རྒྱས་རྣམ་དག་ཤིན་ཏུ་བ་ལ་གཉིས་ལས ་ཇི་ལྟ་བའི་རྣམ་དག་ནི་ཕུར་ཕྱིན་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བུར་རྣམ་པར་བྱང་བ་རྣམ་པར་དག་པ། ཕུང་པོ་ཁམས་སྐྱེ་མཆེད་རྣམ་པར་དག། ཀུན་ནས་ཉོན་མོངས་པ་རྣམ་པར་དག་པས། རྣམ་པ་ཐམས་ཅད་མཁྱེན་པ ་ཉིད་རྣམ་པར་དག་པ་སྟེ་ཞེས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་སྟེ་ཀུན་ནས་ཉོན་མོངས་པ་རྣམ་པར་དག་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པར་དག་པས་དུས་གསུམ་དག་པའོ།། དམྱལ་བའི ་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།། ། ལེའུ་འདི་ནས་དགུའི་རྣམ་དག། བཞི་ཤེས་ཀྱི་ཟུང་གསུམ་ཡ་དྲུག་སྟོན།། མགོན་པོས། སོ་དགུ་ཡཻ་ནི་ཆེན་པོ་ཡི། ཆེན་པོ་ལ་སོགས་ཇི་མ་ཡི།། གཉེན་པོའི་སྒོ་ནས་ཆུང་ངུ ་ཆུང་ངུ་ལ་སོགས་ལམ་ཡིན་ནོ།། ཀླན་ཀཱ་དེ་ནི་སྦྱང་བའི་ཕྱིར།། ཞེས་པ་ནི། ཁམས་གསུམ་ས་དགུ་རྫས་སུ་ཡོད་པར་འདོད་ཅིང་སྣང་བྱ་དང་གཉེན་པོ་རང་རྒྱུད་པ་ཀྵན་ཀ་ཡིན་པས་དེ་སྤང་བའི་ཕྱིར། ལམ་ནི ་འཇལ་དང་གཞལ་བྱ་དག། མཉམ་པ་ཉིད་ཀྱིས་ཁམས་གསུམ་གྱི།། གཉེན་པོ་ཉིད་དུ་འདོད་པ་ཡིན། ཞེས་པ་ནི། ཤཱ་རིའི་བུ་ལ་རྣམ་དག་དགུ། ཇི་སྙེད་པོའི་རྣམ་པ་དག་བསྟན་པ་ནི་གཟུགས་རྣམ་པར་དག་པ་ནི་ཟབ་པའོ།། ་རྣམ་པར་དག་པ་ནི་སྦྱོང་བའོ།། གཟུགས་རྣམ་པར་དག་པ་ནི་འཕོ་བ་མེད་ཅིང་ཉིང་འཚམས་སྦྱོར་བ་མེད་པའོ།། གཟུགས་རྣམ་པར་དག་པ་ནི་རང་བཞིན་གྱིས་འོད་གསལ་བའི་ཕྱིར་ཀུན་ནས་ཉོན་མོངས་པ་མེད་པའོ།། གངར ་རྣམ་པར་དག་པ་ནི་ཐོབ་པ་མེད་པའོ།། གཟུགས་རྣམ་པར་དག་ནི་མངོན་པར་གྲུབ་པ་མ་མཆིས་པའོ།། གཟུགས་རྣམ་པར་དག་ནི་རང་བཞིན་གྱིས་སྟོང་པའི་ཕྱིར་ཁམས་གསུམ་དུ་སྐྱེ་བ་མ་མཆིས་པའོ།། རྣམ་པར་དག་པ ་མཉིད་ཀྱིས་སྟོང་པའི་ཕྱིར་སྨན་པར་མི་བགྱིད། གནོད་པར་མི་བགྱིད་དོ།། གཟུགས་རྣམ་པར་དག་པ་ནི་ཆོས་ལ་སེམས་མེད་པའི་ཕྱིར་མ་འཚལ་བ་ལགས་སོ།། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་ལ་དེ་རྣམས་དུ ་རབ་འབྱོར་གྱིས་གསོལ་པ། བདག་རྣམ་པར་དག་པའི་སླད་དུ་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་དག་པ་ལགས་སོ།། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད ་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་མཐའ་ཡས་པ་ལགས་སོ།། གཞི་ཤེས་བྱའི་ལུས་ལན་དྲུག་ནི། རླུང་བཞིན་གཞིའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཁོར་འདས་ལ་མ་ཞེན་པ་དང་། མིང་དང་ཚིག་ཏུ་གཟུང་ན་རིང་ལ། མ་བཟུང་བ ་ཡུམ་ལ་ཉེ་བདུད་སྦྱང་བྱ་དང་གཉེན་པོ་ལ་མ་ཞེན་པ་དང་། གཟུགས་ལ་སོགས་པ་གང་ལ་འང་མི་སྤྱོད་པ་དང་། གཟུགས་ལ་སོགས་པ་ལ་རློམ་སེམས་མེད་པ་དང་། གཟུགས་ལ་སོགས་པ་ལ་སྐྱེ་འགག་མེད་པར་རྟོགས་པ ་དེ་བསྡུས་པའི་དོན་ནོ།། དེ་ལས་གཞི་ཤེས་ཀྱི་ངོ་བོ་ནི། ཚུ་རོལ་ཕ་རོལ་མཐའ་ལ་མིན།། དེ་དག་བར་ལ་མི་གནས་པ།། དུས་གསུམ་མཉམ་པ་ཉིད་ཤེས་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འདོད།། ཅེས་པ་ནི། ཚུ་རོལ་ནི ་འཁོར་བ། ཕ་རོལ་ནི་མྱང་འདས། དེ་ལ་མི་གནས་པའི་རྒྱུ་མཚན་དུས་གསུམ་དག་པའོ།། དེ་ནི་མཚན་མར་དམིགས་སྒོ་ནས།། ཐབས་མ་ཡིན་པས་རིང་པོ་སྟེ།། དེ་ནི་ཐབས་ལ་མཁས་པ་ཡིས།། ཡང་དག་ཉིད་དུ་ཉེ་བར་བཤད།། ཅེས ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་ཉན་རང་གི་མིང་དང་མཚན་མར་གཟུང་བས་རིང་ངོ་།། ཡུམ་དེ་བྱང་ཆུབ་སེམས་དཔས་སྨྲ་བསམ་བརྗོད་མེད་དུ་རྟོགས་པས་ཉེའོ།། གཟུགས་སོགས་ཕུང་པོ་སྟོང་ཉིད་དང་། དུས ་གསུམ་གཏོགས་པའི་ཆོས་རྣམས་དང་།། སྦྱིན་སོགས་བྱང་ཆུབ་ཕྱོགས་རྣམས་ལ།། སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས།། སྦྱིན་ལ་སོགས་ལ་ངར་འཛིན་མེད།། གཞན་དག་དེ་ལ་སྦྱོར་བྱེད་པ།། དེ་ནི་ཆགས་པའི ་མཐའ་འགོག་པས།། རྒྱལ་ལ་སོགས་པ་ཆགས་པ་ཕྲ།། ཞེས་པ་ནི་ལྟ་བའི་ཡུལ་ལ་འདུ་ཤེས་པ་མི་མཐུན་པའི་ཕྱོགས་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་སྟོང་པ་དང་དུས་གསུམ་དུ་འདུ་ཤེས ་ན་ཆགས་པའོ།། སྤྱོད་པའི་ཡུལ་ལ་འདུ་ཤེས་ནི་ཕར་ཕྱིན་ལ་སོགས་ལ་སྤྱོད་སྙམ་ནའོ།། མ་ཆགས་པ་ནི་དེ་ལས་བཟློག་པ་སྟེ་གཞན་དག་དེ་ལ་བཀོད་ནས་ཚུགས་པའི་མཐའ་འགོག་པའོ།། རྒྱལ་བ་འམ་འབྲས་བུ་ལ་ཚུགས ་པའི་མིཐུན་པའི་ཕྱོགས་ནི། བཀའ་སྩལ་པ། དེ་བས་ཀྱང་ཆགས་པ་ཕྲ་བ་བསྟན་པ་ནི་དེ་བཞིན་གཤེགས་པའི་དགེ་བའི་རྩ་བ་ཡིད་ལ་བྱེད་པ་ཆགས་པའོ།། དེའི་གཉེན་པོ།། ཆོས་ཀྱི་དབྱིངས་ནི་རང་བཞིན་གྱིས།། དབེན་པའི་ཕྱིར ་ན་དེ་ཟབ་ཉིད།། ཆོས་རྣམས་རང་བཞིན་མྱེད་པར་ནི།། ཤེས་པས་ཆགས་པ་སྤོང་བ་ཡིན།། མཐོང་བ་ལ་སོགས་བཀག་པ་ཡིས།། དེ་ནི་རྟོགས་པ་དཀའ་བར་བཤད།། གཟུགས་ལ་སོགས་པ་མི་ཤེས་ཕྱིར།། དེ་ནི ་བསམ་མི་ཁྱབ་པར་བཤད།། ཅེས་པ་ནི་ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་པ་དང་།། གཟུང་འཛིན་མེད་པ་བསམ་པ་ལྔས་འདས་པའོ།། དེའི་བསྡུ་བ་ནི། དེ་ལྟར་ཀུན་ཤེས་ཉིད་ལུགས་ལ།། མྱི་མཐུན་ཕྱོགས ་གཉེན་པོ་དན།། ཇི་ས་། དེ་པ་འདི་ཞེས་བྱ།། རྣམ་པར་དག་པ་མ་མེ་སྐྱེ་ཉི་ཤུ་བརྒྱད་མ། སྦྱོར་བ་ནི། གཟུགས་སོགས་ངོ་མ་ག་ཡོགས་།། དེ་མ་རྫོགས་དང་རྫོགས་རྗེ་།། ཧཱུ~ཾ ་བཀག་པའི་སྦྱོར་བ་དང་།། དེ་ལ་ཆགས་པ་མེད་ཉིད་དང་།། མི་འགྱུར་བྱེད་པོ་མེད་ཉིད་དང་།། བྱ་དཀའ་རྣམ་གསུམ་སྦྱོར་བ་དང་།། ། སྐལ་པ་ཇི་བཞིན་འབྲས་ཐོབ་པས།། འབྲས་ཡོད་འདོད་པ་དེ་དང་ནི།། གཞན་ལས་རག་ལས་མིན ་གང་དང་།། སྣང་བ་རྣམ་བདུན་ཤེས་བྱེད་དོ།། ཞེས་པ་ལས། རབ་འབྱོར་གྱིས་གསོལ་པ། བྱང་ཆུབ་སེམས་དཔའ་ཡུམ་ལ་ཇི་ལྟར་སྤྱད་པར་བགྱི། དེའི་ལན་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་མི་སྤྱོད་དོ་ཞེས་པ་ནི་གཟུགས་སོགས ་ཀྱི་སྦྱོར་བའོ།། དེ་མི་རྟག་སོགས་ཀྱི་སྦྱོར་བ་ནི་གཟུགས་ནས་རྣམ་མཁྱེན་གྱི་བུར་རྟག་པ་དང་། མྱི་རྟག་པ་དང་། བདེ་བ་དང་སྡུག་བསྔལ་བདག་ཡོད་མེད། སྡུག་པ་དང་མི་སྡུག་པར་མི་སྤྱོད་ན་ཡུམ་སྤྱོད་དོ།། རྫོགས་དང་མ་རྫོགས་པའི ་སྦྱོར་བ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་ཡོངས་སུ་རྫོགས་པ་དང་མ་རྫོགས་པ་ལ་མི་སྤྱོད་ནའོ།། ཆགས་པ་དང་མ་ཆགས་པའི་སྦྱོར་བ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་ཆགས་པ་དང་མེ་ཆགས་པའོ་ཞེས་བྱ་བར་མི་སྦྱོར་ནའོ།། ། ་མི་འགྱུར་བའི་སྦྱོར་བ་ནི་ན་མཁའི་ལ་བསྔགས་པ་དང་བསྔགས་པ་མ་ཡིན་པ་བརྗོད་ཀྱང་འཕེལ་འགྲིབ་མེད་པའི་དཔེས་ཡུམ་ལ་འགྱུར་བ་མེད་པ་དང་། བྱེད་པ་པོ་མེད་པའི་སྦྱོར་བ་ནི་སྒྱུ་མའི་སྐྱེས་བུ་ལ་བསྔགས་པ་དང་བསྔགས ་མ་ཡིན་པ་བརྗོད་ཀྱང་ཆགས་སྡང་མེད་པའི་དཔེས་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པ་ལ་ཆགས་སྡང་མེད་པ་དང་། བྱ་དཀའ་རྣམ་གསུམ་གྱི་སྦྱོར་བ་ནི། རབ་འབྱོར་གྱིས་སྨྲས་པ། ཡུམ་སྒོམ་པ་ནི་ནམ་མཁའ་སྒོམ་པ ་ལགས་ཏེ། ན་མཁའ་ལ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་མེད་དོ།། ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་གངྒཱ་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་བསྐུལ་པ་ཚད་མེད་གྲངས་མེད་པར་བཞུགས་ནས། སེམས ་ཅན་ཚད་མེད་གྲངས་མེད་པ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་བཀོད་ཀྱང་སེམས་ཅན་གྱི་ཁམས་ལ་བྲི་བའང་མེད་གླིང་བའང་མེད་དེ། སེམས་ཅན་གདོད་མ་ནས་རྣམ་པར་དག་པའི་ཕྱིར། བཤད་ཀྱང་དེ ་བཞིན་མ་བཤད་ཀྱང་དེ་བཞིན་ནོ།། སྐལ་པ་ཇི་བཞིན་འབྲས་ཐོབ་པས། འབྲས་བུ་ཡོད་པར་འདོད་པའི་སྦྱོར་བ་ནི་དེ་ནས་དགེ་སློང་གཅིག་གིས་ཆོས་ཐམས་ཅད་སྐྱེ་བ་འམ་འགག་པ་འམ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ ་མེད་པ་ལ་ཚུལ་ཁྱམས་ཀྱི་ཕུང་པོ་ལ་སོགས་པ་ལྔ། རྒྱན་ཞུགས་ལ་སོགས་པ་འཕགས་པའི་གང་ཟག་ཐོབ་པའི་ཡུམ་ལ་ཕྱག་འཚལ་ལོ།། གཞན་ལ་རག་ལས་པ་མ་ཡིན་པའི་སྦྱོར་བ་ནི་བརྒྱ་བྱིན་གྱིས་སྨྲས་པ། བདག ་གིས་སུམ་དེ་ལ་ཛཱ་ལྟ་ཐུ་ཞིག་བརྩོན་པར་བཀྲི། རབ་འཕྱིར་གྱིས་སྨྲས་པ། ནམ་ཁའ་སྟོང་པ་ཉིད་ལ་ཁྱོད་བརྩོན་པར་འདོད་དམ། སྣང་བ་རྣམ་བདུན་གྱི་སྦྱོར་བ་ནི་བརྒྱ་བྷིན་གྱིས་སྒྲུབ་པོ། སམ་ལྔ་སྤྱོད་པའི་བྱང་ཆུབ་མམ ་དཔའ་ལ་བདག་གིས་ཇི་ལྟ་བ་ཞིག་བསྲུང་བར་བགྱི།། རབ་འབྱོར་གྱིས་སྨྲས་པ། རྨི་ལམ་ནས་སྤྲུལ་པའི་བར་གྱི་རྫུན་ལ་ཁྱོད་བསྲུང་བར་འདོད་དམ། རིགས་ཀྱི་བུ་ཡུམ་དེ་ཉིད་ལ་གནས་ན་བསྲུང་བའི་མཆོག་གོ།། ་མཉམ་པ་ཉིད་ནི་གཟུགས་ལ་སོགས་ལ་རློམ་མེད་པ།། རྣམ་བཞི་དེ་ཡི་མཉམ་པ་ཉིད།། ཅེས་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་དེ་རྨི་ལམ་རློམ་སེམས་སུ་མི་བྱེད། རྨི་ལམ་གྱིས་རློམ་སེམས་སུ་མི་བྱེད། རྨི་ལམ་ལ་རློམ་སེམས ་སུ་མི་བྱེད་དོ།། སྤྲུལ་པའི་བར་རློམ་སེམས་སུ་མི་བྱེད་ན་ཡུམ་ལ་བརྩོན་པའོ།། དེ་ནས་སངས་རྒྱས་ཀྱི་མཐུས་འདི་ན་འཁོར་པའི་ལྷ་དང་མི་རྣམས་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་རྣམས་ཡུམ་མིང་འདི་ཉིད་དང་ཚིག ་འདི་ཉིད་དང་ཡི་གེ་འདི་ཉིད་ཀྱིས་སྟོན་ཅིང་རབ་འབྱོར་དང་ལྷའི་དབང་པོ་བརྒྱ་བྱིན་འབའ་ཞིག་ཞུ་བ་མཐོང་བར་གྱུར། དུས་གསུམ་གྱི་སངས་རྒྱས་དང་བྱམས་པའང་འདི་ཉིད་ལ་བརྟེན་ནས་སངས་རྒྱའོ།། བྱམས་པ་མངོན་པར་རྫོགས་པར་སངས ་རྒྱས་ནས་འདི་ལྟར་ཆོས་མི་སྟོན་པ་དང་སྟོན་པ་ནི། གཟུགས་རྟག་མ་ཡིན་མི་རྟག་མིན།། མཐའ་ལས་འདས་དང་རྣམ་དག་དང་།། པ་སྐྱེས་མ་འགུག་ལ་སོགས་དང་།། མཁའ་འདྲ་ཆགས་པ་སྦྱངས་པ་དང་།། ཡོངས་སུ་འཛིན་ལས ་གྲོལ་བ་དང་།། ངོ་བོ་ཉིད་ཀྱིས་བརྗོད་མེད་དང་། གང་ཕྱིར་འདི་དོན་བརྗོད་པ་ཡིས། གཞན་ལ་སྦྱིན་དུ་མེད་པ་དང་།། དམིགས་པ་མེད་པར་བྱེད་པ་དང་།། ཤིན་ཏུ་རྣམ་ངག་ནད་མི་འབྱུང་།། ངན་སོང་ཆད་དང་འབྲས་བུ་ནི། ་མངོན་དུ་བྱ་ལ་མི་རྟོག་ཉིད།། མཚན་མ་དག་དང་མ་འབྲེལ་དང་།། དངོས་དང་མིང་དང་གཉིས་པོ་ལ།། ཤེས་པ་སྐྱེ་བ་མེད་པ་ནི།། ཀུན་ཤེས་ཉིད་ཀྱི་སྐད་ཅིག་མ།། སྡུག་བསྔལ་ལ་སོགས་བདེན་པ་ལ།། ཆོས་ཤེས ་རྗེས་སུ་ཤེས་བཟོད་དང་།། ཤེས་པའི་སྐད་ཅིག་རྣམ་བཞི་ནི།། ཀུན་ཤེས་ཉིད་ལམ་མཐོང་བའི་ལམ།། ཞེས་པ་ནི་འཕགས་པའི་བདེན་པ་བཞི་ལ་འདོད་ཁམས་ཀྱི་ཉོན་མོངས་པ་བཅུ་དང་བྲལ་བ་ནི་ཆོས་ཤེས་པའི ་བཟོད་པ། དེའི་ཤུལ་དུ་གཉེན་པོ་སྐྱེས་པས་ན་ཆོས་ཤེས་པ། ཁམས་གོང་མ་གཉིས་ཀྱི་ཁང་ཁྲོ་མ་གཏོགས་པ་དགུ་དགུ་དང་བྲལ་བ་ནི་རྗེས་སུ་ཤེས་པའི་བཟོད་པ། དེའི་ཤུལ་དུ་གཉེན་པོ་སྐྱེས་པ་ནི་རྗེས་སུ་ཤེས་པའོ།། དེ ་ལྟར་བཞི་ནི་ཉན་ཐོས་ཀྱི་མཐོང་ལམ་མོ།། བྱམས་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་རྟག་པ་དང་མི་རྟག་པའམ། བདེ་སྡུག་གམ། བདག་ཡོད་མེད་དམ། སྡུག་མི་སྡུག་དང་། ཞེ་མ་ཞི་དང་། བཅིངས་གྲོལ་དང་། དུས་གསུམ ་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ།། ཇི་ལྟར་སྟོན་ན་གཟུགསྭཱ་ནསཱ་རྣམ་མཁྱེན་གྱི་བར་རྣམ་པར་དག་གོ། ཡོངས་སུ་དག་གོ།། ནམ་མཁའ་ལ་སྐྱེ་འགག་མེད། གོས་པ་མེད་གཟུང་དུ་མེད་བསྙད་དུ་མེད་བརྗོད་དུ་མེད་དམིགས་སུ་མེད། ་དེ་བཞིན་དུ་ཡུམ་ལ་མི་དམིགས་སོ།། ནད་མི་འབྱུང་བའི་ཕན་ཡིན་ནི། མིག་གི་ནཱད་འབྱུང་བར་མི་འགྱུར་རོ་ལ་སོགས་པའོ།། ངན་སོང་ཆད་པ་ནི་དམྱལ་བ་ལ་སོགས་པར་མི་ལྟུང་བའོ།། འབྲས་བུ་སྔོན་དུ་བྱ་བ་ལྔ་མི་རྟོག་པ་ནི་མངོན ་མཐོ་དང་ངེས་ལེགས་ལ་མ་ཞེན་པའོ།། མཚན་མ་དག་དང་མ་འབྲེལ་བ་ནི་དམིགས་པ་བཅུ་གཅིག་གིས་མ་གོས་པའོ།། དངོས་དང་མིང་དང་གཉིས་པོ་ལ་ཤེས་པ་མི་སྐྱེ་བ་ནི་དེ་ལྟར་འདུ་ཤེས་པར་ཡང་མི་བྱེད་དེ་ལྟར་མི་རྟོག ་དེལྟར་མྱི་དམིགས་སོ།། ཀླུ་ཤེས་ཀྱི་བྷསྨཱ་བཱ་ནི། དེ་ལྟཪྻ་དང་ཡང་འདི་དང་།། ཡུང་འདི་ཡིན་ཏེནམྦྷ་གསུམ་པོ།། དེ་ནི་གནས་སྐབས་གསུམ་པོ་དག། རྟོགས་པར་ཡོངས་སུ་བསྟན་པ་ཡིན།། ས་པ་འདི་དང་ནི་ནམ་མནྟན་རླུ་། ་ཡང་འདི་ནི་ལམ་ཤེས་སོ།། ཡང་འདི་ཡིན་ཏེ་གཞི་ཤེས་སོ།། གནས་མེད་པའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ།། རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་ཞུས་ལནྡ་བཅཝོ་བརྒྱད་སྟོན་པ་ལས་རྣམ་པ་ནི། ་ཤེས་པའི་ཁྱད་པར་གྱིས།། རྣམ་པ་ཞེས་བྱ་མཚན་ཉིད་དེ།། ཀུན་མཁྱེན་ཉིད་ནི་རྣམ་གསུམ་ཕྱིར།། དེ་ནི་རྣམ་པ་གསུམ་དུ་འདོད་།། ཅེས་པ་ལ་གཞི་ཤེས་པའི་རྣམ་པ་ཉི་ཤུ་རྩ་བདུན་ནི། མེད་པའི་རྣམ་པ་ནས་བཟུང་ནས།། མི་གམ ་བ་ཡི་རྣམ་པའི་ཕྱིར། བདེན་པ་སོ་སོ་ལ་བཞི་ལ།། ལམ་ལྱཱ་དེ་ནི་བཅོཾ་ལྔར་འདོད།། ཅེས་པ་ལས་སྡུག་བསྔལ་གྱི་བཞི་ནི་མེད་པ་དང་མཉམ་པ་ཉིད་དང་། དབེན་པ་དང་ཐུབ་པ་མེད་པའོ།། ཀུན་འབྱུང་གི་བྱིཞི་ནི་གནས་མེད་པ་དང་། ནས ་མཁའ་དང་། བརྗོད་དུ་མེད་པ་དང་། མིང་མེད་པའོ།། འགོག་པའི་བཞི་ནི་འགྲོ་བ་མེད་པ་དང་། མི་འབོགས་པ་དང་། ག་ཅིག་པ་དང་སྐྱེ་མེད་དོ།། ལམ་གྱི་བཅོ་ལྔ་ནི་བྱེད་པ་པོ་མེད་པཱ་དང་། ཤེས་པ་པོ་མེད་པ་དེ་ལོ་ལྡང་པ་ན ་དང་། རྨི་ལམ་དང་། སྒྲ་བརྙན་དང་། མིག་ཡོར་དང་། སྨིག་རྒྱུ་དང་། སྒྱུ་མ་དང་། རྨོངས་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། དམིགས་པ་མེད་པ་དང་། སྤྲོས་པ་མེད་པ་དང་། རློམ ་པ་མེད་པ་དང་། ཡུམ་ནི་གཡོ་བ་མེད་པའོ།། ལམ་ཤེས་པའི་རྣམ་པ་སུམ་ཅུ་སོ་དྲུག་ནི། རྒྱུ་དང་ལམ་དང་སྡུག་བསྔལ་དང་།། འགོག་པ་ལ་ནི་གོ་རིམ་བཞིན།། དེ་དག་བརྒྱད་དང་བདུན་དང་ནི།། ལྔ་དང ་བཅུ་དྲུག་ཅེས་གྲགས་སོ་ཞེས་པ་ལས། ཀུན་འབྱུང་གི་བརྒྱད་ནི་འདོད་ཆགས་དང་བྲལ་བ་དང་། ཀུན་ནས་ལྡང་བ་མེད་པ་དང་། ཞི་བ་དང་། འདོད་ཆགས་མེད་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་དང་། ཉོན ་མོངས་པ་མེད་པ་དང་། སེམས་ཅན་མེད་པའོ།། ལམ་གྱི་བདུན་ནི་རབ་ཏུ་སྤངས་པ་དང་། མཐའ་གཉིས་སུ་མི་འགྱུར་བ་དང་། ཐ་མི་དད་པ་དང་། ཉམས་པ་མེད་པ་དང་། རྟོག་པ་མེད་པ་དང་། ཚད་མེད་པ་དང་། ནམ་མཁ ་སྡུག་བསྔལ་གྱི་ལྔ་ནི་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། སྟོང་པ་དང་། མཚན་ཉིད་མེད་པའོ།། འགོག་པའི་བཅུ་དྲུག་ནི་སྟོང་པ་བཅུ་དྲུག་གོ།། ། རྣམ་པ་ཐམས་ཅད་མཁྱེན་པའི ་རྣམ་པ་ཐམས་ཅདེ་བརྒྱ་དང་བཅུ་ཐམ་པ་ནི།། ཀུན་མཁྱེན་ཉིད་གསུམ་བྱེ་བྲག་གིས།། དྲན་པ་ཉེར་གཞག་ནས་བཟུང་ནས།། ཐ་མ་སངས་རྒྱས་ཉིད་རྣམ་པ།། སྒྲིབ་མ་བྱང་ཆུབ་སེམས་དཔའ་དང་།། སངས་རྒྱས་རྣམས་ལ་རིམ་བཞིན ་།། སུམ་ཅུ་བདུན་དང་སུམ་ཅུ་བཞི།། སུམ་ཅུ་རྩ་དགུ་དག་ཏུ་བཞིད།། ཅེས་པ་ལ། ཉན་ཐོས་དང་མཐུན་པའི་སུམ་ཅུ་རྩ་བདུན་ནི་བྱང་ཆུབ་ཀྱི་ཕྱོགས་རྣམས་སོ།། བྱང་ཆུབ་སེམས་དཔའ་དང་མཐུན་པའི་སུམ་ཅུ་རྩ་བཞི་ནི ་ཕ་རོལ་ཕྱིན་པ་བཅུ། རྣམ་ཐར་བརྒྱད། མཐར་གྱིས་གནས་པའི་གནས་པའི་སྙོམས་པར་འཇུག་པ་དགུ། རྣམ་ཐ་སྒོ་གསུམ། ཚད་མེད་བཞིའོ།། སངས་རྒྱས་ཀྱི་རྣམ་པ་སུམ་ཅུ་སོ་དགུ་ནི་སྟོབས་བནྡྷ། མི་འཇིགས་པ་བཞི། སོ ་སོ་ཡང་དག་པར་རིག་པ་བཞི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད། བརྗོད་པ་ཐམས་ཅད་ཀྱི་དེ་བཞིན་ཉིད་ཆོས་ཐམས་ཅད་མངའ་སྒྱུ་བའི་རང་བྱུང་གི་ཡེ་ཤེས། རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཡུམ་ནི་དེ ་དག་ལགས་སོ།། དམིགས་པ་མེད་པའི་ལེའུ་སྟེ་སུམ་ཅུ་པའོ།། །། ལེའུ་འདི་ནས་སྦྱོར་བ་ཉི་ཤུ། ཡོན་ཏནྡ་བཅུ་བཞིའོ།། སྦྱོར་བ་པོ་རྟེན་གྱི་གང་ཟག་གི་ཆོས་ལྔ་ནི། སྤངས་རྒྱས་རྣམས་ལ་བཀུར་སྟི་བྱས། དེ་ལ ་དགེ་བའི་རྩ་བ་བསྐྲུན། དགེ་བའི་བཤེས་ཀྱིས་མགོན་བཅས་པ།། འདི་ཉན་པ་ཡི་སྣོད་ཡིན་ནོ།། སངས་རྒྱས་བསྟེན་དང་ཀུན་འདྲི་དང་།། སྦྱིན་དང་ཚུལ་ཁྲིམས་སོགས་སྤྱོད་པ།། ལེན་དང་འཛིན་ལ་སོགས་པ་དང་།། ཞེས་པ་ལ། ་ཡུམ་གང་གི་རྣ་ལམ་དུ་གྲག་པ་ནི་སངས་རྒྱས་དཔག་ཏུ་མེད་པ་དྨ་སྙེན་བཀུར་བྱེས། དེ་བཞིན་གུ་ཤེགས་པ་ལྔ་དགེ་བའི་རྩ་བ་བསྐྱེད། དེ་ལྟར་དགེ་མི་ཤེས་གཉེན་གྱིས་ཡོངསུ་ཟིན་པའོ།། བསྟེན་ནས་ཐེ་ཚོམ་གྱི་དོན་ཞུས་པ་ནི ་མི་འཇིགས་པའོ།། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྐྱེད་པའི་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ།། སྦྱོར་བ་ཉི་ཤུ་ནི། གཟུགས་ལ་སོགས་པ་མི་གནས་ཕྱིར། དེ་ལ་གནས་པ་བཀག་པའི་ཕྱིར།། དེ་ཡི་དེ་བཞིན་ཉིད་ཟབ་ཕྱིར།། ་དེ་རྣམས་གཏིང་དཔག་དཀའ་བའི་ཕྱིར།། དེ་དག་ཚད་ནི་མེད་ཕྱིར་དང་།། ཚེགས་ཆེན་ཡུན་རིང་རྟོགས་པའི་ཕྱིར། ལུང་བསྟན་ཕྱིར་མི་ལྡོག་པ་དང་།། ངེས་འབྱུང་བར་ཆད་མེད་བཅས་དང་།། བྱང་ཆུབ་ཉེ་དང ་མྱུར་བ་དང་།། གཞན་དོན་འཕེལ་མེད་འགྲིབ་མེད་ཕྱིར།། ཆོས་དང་ཆོས་མིན་སོགས་མི་མཐོང་།། གཟུགས་སོགས་བསམ་མི་ཁྱབ་མོ་མཐོང་།། གཟུགས་སོགས་དེ་ཡི་མཚན་མ་དང་།། དེ་ཡི་ངོ་བོར་རྣམ་མི་རྟོག། འབྲས་བུ་རིན་ཆེ། ་སྦྱིན་བྱེད་དང་། དེ་ནི་དག་པ་མཚམས་དང་བཅས།། ཤེས་པ་ལ་གཟུགས་ལ་སོགས་པ་ལ་མི་གནས་པའི་སྦྱོར་བ་ནི་བརྒྱ་བྱིན་གྱིས་གསོལ་པ། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལ་ཇི་ལྟར་གནས་པ་དང་ཇི་ལྟར་བརྩོམ་པར ་བགྱི། བཀའ་སྩལ་པ། གཟུགས་ནས་རྣམ་མཁྱེན་གྱི་བར་ལ་མཱི་གནས་ན། ཡུམ་ལ་བརྩོན་ཏེ། དེ་ཅིས་ན་གཟུགས་ལ་སོགས་པ་སྔོན་གྱི་མཐུའ་ལ་སོགས་པར་མི་དམིགས་སོ།། གནས་པ་བཀག་པའི་སྦྱོར་བ་ནི་གཟུགས་ལ་སོགས ་པ་ལ་སྦྱོར་བར་ཡང་མི་བྱེད། མི་སྦྱོར་བར་ཡང་མི་བྱེད་དེ་རང་བཞིན་མི་དམིགས་པའི་ཕྱིར་རོ།། ཟབ་པའི་སྦྱོར་བ་ནི་གཟུགས་ལ་སོགས་པ་ཟབ་པའི་ཕྱིར། ཡུམ་ཟབ་བོ།། གཏིང་དཔག་དཀའ་བའི་སྦྱོར་བ་ནི་གཟུགས་ལ་སོགས་པ ་གཏིང་དཔག་དཀའ་བའི་ཕྱིར་ཡུམ་གཏིང་དཔག་དཀའོ།། ཚད་མེད་པའི་སྦྱོར་བ་ནི་གཟུགས་ལ་སོགས་པ་ཚད་མེད་པའི་ཕྱིར་ཡུམ་ཚད་མེད་དོ།། ཟབ་ཅེས་བྱ་བ་དང་། གཏིང་དཔག་དཀའ་ཞེས་བྱ་བ་དང་ཚད་མེད་ཅེས་བྱ་བར་ཡང ་མི་སྤྱོད་ན། ཡུམ་ལ་སྤྱོད་དོ།། གནས་སྐབས་ཀྱི་སྦྱོར་བ་བདུན་ནི། ཤཱ་རིའི་བུས་གསོལ་པ། དེ་སྐད་བཤད་པ་ལ་མི་འཇིགས་མི་དང་བཱ་དེ། ཚེགས་ཆེན་པོ་ཡུན་རིང་པོའི་སྦྱོར་བའོ།། ལུང་བསྟན་གྱི་སྦྱོར་བ་ནི། ལས་དང་པོ་པ་ལ་བཤད ་ནུས་མི་འཇིགས་མྱི་དངང་ན་དེ་བཞིན་གཤེགས་པ་གཅིག་གུམ་གཉི་སྡེ་ལས་མི་འདའ་བར་ལུང་སྟོན་ནོ།། བར་ཆད་མེད་པའི་སྦྱོར་བ་ནི་རྨི་ལམ་ན་ཡུམ་འཛིན་པ་སོགས་པ་བྱེད་པ་བཟང་ན་ད་ལྟ་མངོན་སུམ་ཅེར་མཐོང་དུ་འཛིན་པ་ལ ་སོགས་པ་བྱེད་པ་ནི་རྟོགས་སོ།། ངེས་འབྱུང་གི་སྦྱོར་བ་ནི་དགོན་པ་ཐག་རིང་པོ་ནས་འོང་ཙམ་ན་ཡུམ་གྱིས་མཚམས་མཐོང་བས་འཇིགས་པ་ཡིད་ལ་མི་བྱེད་པའི་དཔེས་འཁོར་བཱ་ལས་ངེས་པར་འགྱུར་བ་དྲང་། བར་ཆུད་མེད་པའི་སྦྱོར ་བ་ནི་རྒྱ་མཚོ་ཆེན་པོ་ལྟར་འགྲོ་བ་ལ་མཚན་མ་མི་མཐོང་ན་ཉེ་བའི་དཔེས་རྟགས་མེད་རྟག་སུ་བསྟན་པའོ།། བྱང་ཆུབ་ཉེ་བའི་སྦྱོར་བ་ནི་དཔྱིད་དུས་སུ་རྩི་ཤིང་ཁ་འབུས་པའི་དཔེས། བྱང་ཆུབ་མྱུར་བའི་སྦྱོར་བ་ནི་སྦྲུམ་མེ་ཟླ་བ་ཚད ་བའི་དཔེས་བྱང་ཆུབ་མྱུར་བར་ཐོབ་པའོ།། གཞན་དོན་གྱི་སྦྱོར་བ་ནི་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ལ་ཕན་པ་དང་། བདེ་བའི་ཕྱིར་ཞུགས་པའོ།། རབ་འབྱོར་གྱིས་གསོལ་པ་ཡུམ་ཇི་ལྟར་ནི་བསྒོམ་པོ་ཡོངས་སུ་རྫོགས་པ ་ལགས་ཀྱི་ལན་ནི། འཕེལ་མེད་འགྲིབ་མེད་ཀྱི་སྦྱོར་བ་ནི་ནམ་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་འཕེལ་བ་དང་འགྲིབ་པར་མི་མཐོང་བའི་ཚེ་སྒོམ་པ་ཡོངས་སུ་རྫོགས་པའོ།། ཆོས་དང་ཆོས་མིན་ལ་སོགས་པ་མི་མཐོང ་པའི་སྦྱོར་བ་ནི་ཆོས་དང་ཆོས་མ་ཡིན་པ་དང་། དགེ་བ་དང་མི་དགེ་བ་དང་། དུས་གསུམ་དང་། ཁམས་གསུམ་དང་། གཟུགས་ནས་རྣམ་མཁྱེན་གྱི་བར་དུ་ཡང་དག་པར་རྗེསུ་མི་མཐོང་ན་བསྒོམ་པ་རྫོགས་པ་དང་། བས ་གྱིས་མི་ཁྱབ་པའི་སྦྱོར་བ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་བསམ་གྱིས་མི་ཁྱབ་པར་ཤེས་ན་བསྒོམ་པ་རྫོགས་པ་དང་། རྣམ་པར་མི་རྟོག་པའི་སྦྱོར་བ་ནི་གཟུགས་དང་གཟུགས་ཀྱི་མཚན་མ་དང་། གཟུགས་ཀྱི་རང་བཞིན་དུ་མི་རྟོག ་ན་དེ་བཞིན་གཤེགས་པ་ལ་དགེ་བའི་རྩ་བ་བསྐྱེད་པ་ལ་སོགས་ཤིང་བསྒོམ་པ་རྫོགས་པའོ།། འབྲས་བུ་རིན་པོ་ཆེ་སྟིར་པ་ནི་ཡུམ་ལས་ཕར་ཕྱིན་ནས་རྣམ་མཁྱེན་གྱི་བར་འབྱུང་བའོ།། དག་པའི་སྦྱོར་བ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར ་དུ་རྣམ་པར་དག་པའོ།། སྣ་མཚམས་ཀྱི་སྦྱོར་བ་ནི་ཡུམ་འདྲི་བ་ལ་སོགས་པ་ལ་བར་ཆུད་འབྱུང་བས་བྱིན་ཡང་མྱུར་དུ་བྲི་ལ་སོགས་པའོ།། བདུད་ཀྱི་མཐུ་བཅོམ་ལ་སོགས་པ།། ཡོན་ཏན་རྣམ་པ་བཅུ་བཞི་ནི། འདྲི་པ་ལ་སོགས་པ ་ལ་བདུད་ལ་སོགས་པས་མི་ཚུགས་པ་ནི་བདུད་ཀྱི་མཐུ་བཅོམ་པའོ།། སངས་རྒྱས་ཀྱི་དགོངས་པ་ནི་བྱིན་གྱིས་རློབ་པས་མི་ཚུགས་པའོ།། མངོན་སུམ་དུ་མཛད་པ་ནི་འདྲི་བ་ལ་སོགས་པའོ།། རྫོགས་པའི་བྱང་ཆུབ་དང་ཉེ་བ་ནི་ཡུམ་འདྲིན ་སངས་རྒྱས་ལ་ཉེ་བའོ།། དོན་ཆེན་པོ་ཉིད་ལ་སོགས་པ་ནི་ནམ་ཡང་ངན་སོང་དུ་མི་སྐྱེ་ཕ་རོལ་ཏུ་ཕྱིན་པ་དང་ནམ་ཡང་འབྲལ་བར་མི་འགྱུར་རོ།། ཡུལ་སྤྱད་པའི་ཡོན་ཏན་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས། ་ལྷོ་ཕྱོགས་དང་ཡུལ་ཝ་ར་ཏི་ནཱི་དང་། བྱང་ཕྱོགས་སུ་འཁོར་རྣམ་པ་བཞི་ཡུམ་འདྲི་བ་ལ་སོགས་པ་དང་། མེ་ཏོག་ལ་སོགས་པ་མཆོད་པ་བྱས་ཏེ། ནམ་ཡང་ངན་སོང་དུ་མི་ལྟུང་བ་དང་། ལྷ་དང་མིའི་ཕུན་སུམ་ཚོགས་པ་ཐོབ་ནས ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་སེམས་ཅན་རྣམས་ཀྱི་དོན་བྱེད་དེ།། དེ་ཅིས་ན་ཡུམ་ལྔ་བརྒྱ་ཐ་མ་ལ་སངས་རྒྱས་ཀྱི་མཛད་པ་བྱེད་དེ། དམ་པའི་ཆོས་འདུལ་བ་གང་ཞེ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། དེ་ཅིས་ན་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་ནི་སངས་རྒྱས་ཀྱིས་དགོངས་ལ། སངས་རྒྱས་ཀྱི་དགོངས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། ཟག་པ་མེད་པའི་ཡོན་ཏན་ཐམས་ཅད་རྫོགས་པ་ནི། སྦྱིན་པ་ནས་རྣམ་མཁྱེན་གྱི་བར་རྫོགས་པའོ།། སྨྲ་བའི་སྐྱེས ་བུར་གྱུར་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གཏམ་སྨྲ་བའོ།། མི་ཕྱེད་པ་ནི་བདུད་སྡིག་ཅན་གྱིས་བར་ཆད་བྱ་བར་མི་ནུས་པའོ།། དགའ་བ་མཆོག་ཏུ་གྱུར་པ་ནི་ཡུམ་འདྲི་བ་ལ་སྱཀྑ་བྱེད་པ་ནི་དགའ་བ་དང་བདེ་བའི་ཉམས་ཆེན་པོ ་བའོ།། དམ་བཅས་པའི་དོན་ཇི་ལྟ་བོ་བཞིན་སྒྲུབ་པོ་ནི་སེམས་བསྐྱེད་ཀྱི་དུས་སུ་ཇི་ལྟ་ཁཾས་བླངས་པ་དེ་བཞིན་དུ་ཕྱི་རོལ་ཏུ་ཕྱིན་པ་དྲུག་གིས་སེམས་ཅན་གྱི་དོན་བྱེད་པའོ།། རྒྱ་ཆེན་པོ་འཛིན་པ་ནི་ཡུམ་གྱིས་སྦྱིན་པ་ལ་སྩོགས ་པོ་རྒྱ་ཆེན་པོ་བཏང་བས་འབྲས་བུ་རྒྱ་ཆེན་པོ་འཐོབ་པའི།། ངེས་པར་རྙིང་པོའི་ཕན་མོན་ནི། བཙལ་ན་ངེས་པར་རྙེད་པའོ།། བྱང་ཕྱོགས་ཀྱི་རྒྱུད་ཀྱི་ལེའུ་སྟེ་སོ་གཅིག་པའོ།། ། སྐྱོན་ནི་བཅུ་ཚན་བཞིར་བཅས ་པ། དྲུག་ནི་ངེས་པར་རྟོགས་པ་ཡིན། ཞེས་པ་ལ་བརྒྱ་ཚན་དང་པོ་ནི་སྟོབས་པ་ཧ་ཅང་མཆི་བའི་བདུད་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་དཀའ་བའི་འདུ་ཤེས་ཀྱིས་སྤྱོད་པའོ།། སྤོབས་པ་མྱུར་བའི་བདུད་ནི་འདྲི་བ་ལ ་སོགས་པ་ཚན་ཁུགས་སུ་བཅད་ནས་དེས་ཀྱང་རློམ་སེམས་སུ་བྱེད་པའོ།། ལུས་ཀྱི་གནང་ན་ལེན་ནི་ཕུན་ཚུན་གླལྔ་ཞིང་འདྲི་བཱ་ལ་སོགས་པའོ།། སེམས་ཀྱི་གནས་ངན་ལེན་ནི་སེམས་གཡེངས་ཤིང་འདྲི་བ་ལ་སོགས་པའོ།། རིགས ་པ་མ་ཡིན་པས་བསྐྱེད་པའི་ཁ་ཏོན་ནི། དགེ་སེམས་ཀྱིས་མ་ཟིན་པའི་ཆོས་སྤྱོད་དོ།། ཕྱིར་ཕྱོགས་པའི་རྒྱུ་མཚན་ནི་བདག་གི་མིང་དང་ལུང་ཡང་མ་བསྟན། འདིའི་དོན་ཡང་མི་རྟོག་སོ་སྙམ་སྟེ་སྟན་ལས་ལངས་པའོ།། རྩ་བ་བོར་ནས ་ཡལ་འདབ་ཚོལ་བའི་དཔེས་རྣམ་པ་ཐམས་ཅན་མཁྱེན་པ་ཉིད་ཀྱི་ཡུམ་བོར་པོ་ནི་རྒྱུ་ལས་ཉམས་པའོ།། ཁྱི་ཇོ་བོ་བོར་ནས་ལས་མི་ལས་ཁ་ཟས་ཚོལ་བའི་དཔེས་ཁ་ཟས་མཆོག་ལས་ཉམས་པའོ།། གླང་པོ་རྙེད་ནས་རྗེས་ཚོལ་གྱི ་དཔེས་ཐེག་པ་མཆོག་ལས་ཉམས་པའོ།། རྒྱ་མཚོ་ཆེན་པོ་ཚོལ་བ་བཱ་ལང་གི་རྨིག་རྗེས་ཀྱི་དཔེས་ཆེད་དུ་བྱ་བ་ལས་ཉམས་པའོ།། བཅུ་ཚན་གཉིས་པ་རྒྱུ་དང་འབྲས་བུ་འབྲེལ་པ་ཉམས་པའི་དཔེ། ལྷའི་དབང་པོའི་ཁང་བཟང ་བྱེད་པ་ཉི་མ་དང་ཟླ་བའི་ཚད་བྱེད་པ་ལྟ་བུའོ།། གོང་ན་མེད་པ་ཉམས་པའི་དཔེ་འཁོར་ལོས་སྒྱུ་བའི་རྒྱལ་པོ་ལྟ་བ་ལ་མཁར་གྱི་རྒྱལ་པོ་དང་ཕྲད་པ་ལྟ་བུའོ།། ཡུལ་མང་པོ་ལ་རྣམ་པར་རྟོག་པ་ནི་ཡི་གེར་འདྲི་བ་ལ་སོགས་པ་ལ ་གཞན་གྱིས་གཡེངས་པའོ།། རོ་མཆོག་ལས་ཉམས་པ་ནི། རོ་བརྒྱ་དང་ལྡན་པའི་ཁ་ཟས་བོར་ནས་དྲུག་ཅུ་པའི་ཁ་ཟས་ཟུང་ལྟ་བུའོ།། ཡོན་ཏན་མཆོག་ལྔས་ཉམས་པ་ནི་ནོར་བུ་རིན་པ་རྗེ་ནེར་བུ་མཆིང་བུ་དང་སྒོམ་པའོ།། ཡ་གེ ་བ་ལ་མངོན་པར་ཞེན་པའི་ཆོས་ཉིད་ཀྱི་དོན་རྟོགས་པའོ།། དངོས་པོ་མེད་པ་ལ་མངོན་པར་ཞེན་པ་ནི་ཐབས་ཁྱད་དུ་གསོད་པའོ།། ཡུལ་ལ་སོགས་པ་ཡིད་ལ་བྱེད་པ་ནི་གྲོང་དང་གྲོང་ཁྱེར་ལ་སོགས་པ་ཡིད་ལ་བྱེད་པའོ།། རྙེད ་པ་དང་བཀུར་སྟི་དང་ཚིགསུ་བཅད་པའི་རོ་མྱ་བ་ལས་ཉམས་པ་ནི། འཇིག་རྟེན་ཆོས་བརྒྱུད་ལ་ཤོར་བའོ།། བདུད་ཀྱི་ལས་ཀྱི་ལེའུ་སྟེ་སུམ་ཅུ་གཉིས་པའོ།། ། བཅུ་ཚན་གསུམ་པ་འཆད་པ་པོ་དང་ཉན་པ ་གང་ཡང་རུང་འདྲེན་པ་དང་སྙོམས་ལས་ཀྱིས་ཟིན་པས་ཉམས་པ་དང་། འདུན་པའི་ཡུལ་བློ་དད་པས་ཉམས་པ་དང་། འདོད་ཆེན་ཆུང་བ་དང་། འདོད་ཆེན་ཆུང་བ་མ་ཡིན་པས་ཉམས་པ་དང་། སྦྱངས་པའི་ཡོན་ཏན་དང་ལྡན་མི་ལྡན་དང ་དགེ་མི་དགུ་དང་། སྟོང་པ་དང་ལེན་པར་མི་འདོད་པ་དང་། སྦྱིན་པ་དང་སེར་སྣ་དང་། འགྲོ་སྨོས་པས་གོ་བ་དང་རྣམ་པར་རྟགས་པས་དང་། གསུང་རབ་ཡན་ལྷག་བཅུ་གཉིས་ཤེས་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་དེ ་མི་ལྡན་པའོ།། བཅུ་ཚན་བཞི་པ། ཐབས་མཁས་པ་དང་ལྡན་པ་དང་མི་ལྡན་པ་དང་། གཟུངས་ཐོབ་མ་ཐོབ་དང་། ཡི་གེ་འདྲིར་འདོད་མི་འདོད་དང་། འདོད་པའི་འདུན་པ་དང་བྲལ་མ་བྲལ་དང་། ངན་འགྲོར་འགྲོ་བ་ལ་ཕྱིར་ཕྱོགས ་པ་དང་། བདེ་འགྲོར་འགྲོ་བ་ལ་ཡིད་བདེ་བ་སྐྱེས་པ་དང་། གཅིག་པུར་འདུག་པ་དང་། འཁོར་ལ་དགའ་བ་དང་། འདོད་པ་ཉེ་བར་འབྲེལ་བ་དང་། དེ་སྦྱིན་པར་མི་འདོད་པ་དང་། འདོད་པ་སྒྲུབ་པ་ལ་དེ་སྐྱབས་མི ་འབྱེད་པ་དང་། ཆོམ་རྐུན་ལ་སྩོགས་པས་དཀྲུགས་པའི་ས་ཕྱོགས་སུ་འགྲོ་བ་དང་མི་འགྲོ་བ་དང་། ཁྱིམ་ལ་འདྲིས་པར་བྱེད་པའི་བདུད་ཀྱི་ལས་དང་། ཁ་ཟས་དཀོན་པའི་ཕྱོགས་སུ་འགྲོ་བ་དང་། བདུད་ཀྱི་འབྱེད་པ་དང་བཅོས་མ་ཉེ་བར ་བསྒྱུར་བ་དང་། ཇི་ལྟ་བ་མ་ཡིན་པས་བསྡུ་བའོ།། དེ་ཅིས་ནོ་ཡཱ་མ་ཝཾ་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་མེད། དེ་ལ་འཕགས་པའི་གང་ཟག་རྣམས་མེད་པའི་ཕྱིར་རོ།། ཡུམ་ལ་བར་ཆད་འོང་བའི་དཔེ་ནི། ནོར་བུ་རིན་པ ་རྨྱི་ལ་དགུ་མྱོང་བའི་དབུས་བསྟན། ལས་དང་པོ་པ་ལ་བདུད་འབྱུང་གི། སྦྱངས་པ་ཅན་ལ་མི་འབྱུང་སྟེ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བསྲུང་བ་མཛད་དོ།། ། མཚན་ཉིད་མདོར་བསྟན་པ་ནི། གང ་གྲིས་མཚོན་ཏེ་མཚན་ཉིད་དུ།། ཤེས་བྱ་དེ་ཡང་ཤེས་པ་དང་།། ཁྱད་པར་བྱེད་དང་རྣམ་གསུམ་པོ།། ངོ་བོ་ཉིད་དང་མཚན་ཉིད་དོ།། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཱ་ནི་ཡུམ། ཕྱོགས་བཅུའི་སངས་རྒྱས་ནི་སྲས་ཡིན་པར ་སྟོན་པ་ནི། དཔེར་ན་བུད་མེད་ཅིག་ལ་བུ་མང་དུ་ཡོད་ལ། དེ་རྣམས་ཇི་ལྟར་བྱས་ན་བདག་ཅག་གི་མ་འདི་ཡུན་རིང་དུ་འཚོ་བ་བར་ཆད་མེད་པར་འགྱུར་སྙམ་ཞིང་བཀུར་སྟི་བྱེད་དེ། ཅི་ནས་བདག་ཅག་བསྐྱེད་པ་འཇིག་རྟེན་སྟོན ་པའོ་སྙམ་མོ།། དེ་བཞིན་དུ་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱང་ཡུམ་གྱིས་བསྐྱེད་འཇིག་རྟེན་བསྟན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསམ་གཏན་ནས་རྣམ་མཁྱེན་གྱི་བར་དུ་བསྟན་པས་སངས་རྒྱས་སུ་བརྗོད་དོ།། ཤས ་པའི་མཚན་ཉིད་ནི་ཡུམ་འདི་ལ་བརྟེན་ནུས་གཞི་དང་ལམྱི་དང་རྣམ་པ་སྐྱེ་མེད་དུ་ཤེས་པས།། ཁྱད་པར་གྱི་མཚན་ཉིད་ནི་ཉན་རང་གི་ལམྦ་ལུས་ཁྱད་པར་དུ་འཕགས་པའོ།། བྱེད་པའི་མཚན་ཉིད་ནི་བྱང་ཆུབ་སེམས་དཔས ་ཡུམ་བསྟན་ནས་སེམས་ཅན་གྱི་དོན་བྱེད་པས་སོ།། ངོ་བོ་ཉིད་ཀྱི་མཚོན་ཉིད་ནི། ཉོན་མེདྷཱ་པ་མི་སྒྱོ་བཱི་རཱ་བ་ནཱི་དང་བྱང་ཆུབ་ཀྱི་སྐུ་མི་སྦྱི་ཤྲཱིནྡ་དང་། འདིག་རྟེན་གྱི་སྤྱོད་པ་དང་མི་མཐུན་པ་ལ་སོགས་པ་སྟེ་མདོར་བསྟནྡ་ནོ།། གཞི་ཤེས་ཀྱི་མཚན ་ཉིད་བཅུ་དྲུག་ནི། དེ་བཞིན་གཤེགས་པ་འབྱུང་བ་དང་།། འཇིག་རྟེན་འཇིག་མེད་བདག་ཉིད་དང་།། སེམས་ཅན་སེམས་ཀྱི་སྤྱོད་པ་དང་། མི་ཟད་པ་ཡི་རྣམ་པ་དང་།། ངེས་བསྡུས་པ་དང་ཕྱིར་ལྟ་དང་།། ཚུགས་བཅས ་སོགས་དང་རྒྱ་ཆེན་དང་། ཆེན་པོར་གྱུར་དང་ཚེ་ཚད་དང་།། རྣམ་ཤེས་བསྟན་དུ་མེད་པ་དང་།། སེམས་བལྟར་མེད་དང་ཤེས་པོ་དང་། གཡོ་བ་ལ་སོགས་ཞེས་བྱ་དང་། དེ་ལས་གཞན་ཡང་དེ་དག་ནི། དེ་བཞིན་ཉིད་ཀྱི་རྣམ ་པ་ཞེས།། ཐུབ་པས་དེ་བཞིན་ཉིད་རྟོགས་དང་། གཞན་བསྟེན་པ་ཞེས་བྱ་བ་འདི།། ཐམས་ཅད་མཁྱེན་པ་ཉིད་སྐབས་ཀྱི། གཞི་ཤེས་མཚན་ཉིད་ཅེས་བཤད་དོ།། ཞེས་པ་ལ། དེ་བཞིན་གཤེགས་པ་འབྱུང་བ་ནི ་ཡུམ་འདིས་སྟོབས་བཅུ་མི་འཇིགས་པ་བཞི་ལ་སོགས་པ་སྐྱེད་དོ།། འཇིག་རྟེན་བསྟན་པ་ནི་ཡུམ་གྱིས་ཕུང་པོ་ལྔ་འཇིག་རྟེན་དུ་བསྟན་ནོ།། འཇིག་རྟེན་འཇིག་མེད་ནི་ཡུམ་ཕུང་པོ་ལྔ་སྐྱེས་འཇིག་དང་བླང ་དོར་ལ་སོགས་པར་མི་སྟོན། ཅིས་ན་གང་ལ་བསྟན་པར་བྱ་བའི་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་དམིགས་སུ་མེད་དོ།། སེམས་ཅན་སེམས་ཀྱི་སྤྱོད་པ་ནི་དེ་བཞིན་གཤེགས་པས་ཡུམ་ལ་བསྟེན་ནས། གཟུགས་ནས་རྣམ་མཁྱེན ་གྱི་བར་དུ་དམིགས་ཏེ། ཡུམ་ཉིད་ཀྱང་མི་དམིགས་ན་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་ལྟ་ཅི་སྨོས། བསྡུས་པ་དང་རྣམ་པར་གཡེངས་པ་ནི་དེ་བཞིན་གཤེགས་པས་ཡུམ་ལ་བསྟེན་ནས་ཆོས་ཉིད་ཀྱང་མི་དམིགས་ན། བསྡུས་པ ་དང་རྣམ་པར་གཡེངས་པ་ལྟ་ཅི་སྨོས།། མི་ཟད་པའི་རྣམ་པ་ནི་ཟད་པ་དང་འགོག་པ་ལ་སོགས་པ་མཁྱེན་ཏོ།། ཆགས་བཅས་སོགས་ནི་སེམས་དང་སེམས་ལས་བྱུང་བ་མི་དམིགས་པའི་ཕྱིར་དུག་གསུམ་དང་བཅས་པ་མི་དམིགས་སོ།། ་སོགས་ཁོངས་ཀྱི་འབྲལ་བ་མེད་པ་ནི་ཕྱུད་པ་མེད་པའི་ཕྱིར་དུག་གསུམ་དང་འབྲལ་བ་མེད་པའོ།། རྒྱུ་ཆེ་ནི་སེམས་དེ་དངོས་པོ་མེད་པས་རྒྱ་ཆེ་ཆུང་ལ་སོགས་པ་འཕེལ་འགྲིབ་མེད་དོ།། ཆེན་པོར་གྱུར་པ་ནི་ངོ་བོ་ཉིད་མེད་པས་སྐྱེ་བ་དང ་གནས་པ་ལ་སོགས་པ་མི་གཟིགས་སོ།། ཚད་མེད་པ་ནི་སེམས་ཀྱི་རྒྱུད་རྟེན་མེད་པས་ཚད་མེད་པའོ།། རྣམ་ཤེས་བསྟན་དུ་མེད་པ་ནི་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཕྱིར་སེམས་མེད་པར་ཤེས་པའོ།། སེམས་བལྟར་མེད་པ་ནི ་སངས་རྒྱས་ཀྱི་སྤྱན་ལྔས་ཀྱང་སེམས་དེ་སྣང་བར་མ་གྱུར་པའོ།། གཡོ་བ་ལ་སོགས་པ་ཤེས་པ་ནི་འཕྲོ་འདུ་ལ་སོགས་པ་ལུང་མ་བསྟན་བཅུ་བཞི་ལ་བརྟེན་པའོ།། དེ་ལས་གཞན་པ་དེ་བཞིན་ཉིད་ཀྱིས་རྣམ་པར་ཤེས་པ་ནི་གཟུགས ་ནས་རྣམ་མཁྱེན་གྱི་བར་དེ་བཞིན་ཉིད་དང་མི་ནོར་བ་དེ་བཞིན་ཉིད་དང་འགྱུར་བ་མེད་ཅིང་ལ་སོགས་པའོ།། ཐུབ་པས་དེ་བཞིན་ཉིད་རྟོགས་པ་ནི་ཕུང་པོ་ནས་རྣམ་མཁྱེན་གྱི་བར་གྱི་དེ་བཞིན་ཉིད་ཐུགས་སུ་ཆུད་པའོ།། འཇིག་རྟེན་སྦྱིན ་པའི་ལེའུ་སྟེ་སུམ་ཅུ་གསུམ་པའོ།། ། ལིའུ་འདི་ན་ས་ལམ་ཤེས་ཀྱི་མཚན་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཚན་ཉིད་ཁྱད་པར་གྱི་མཚན་ཉིད་བཞིའོ།། ལམ་ཤེས་ཀྱི་མཚན་ཉིད་བཅུ་དྲུག་ནི། སྟོང་ཉི ་མཚན་མ་མེད་པ་དང་།། སྨིན་པ་རྣམ་པར་སྦྱངས་པ་དང་། སྐྱེ་མེད་འགག་པ་མེད་སོགས་དང་།། ཆོསྣ་ཉིད་རྣམ་པར་འཁྲུག་མེད་དང་། འདུ་མི་བྱེད་དང་རྣམ་མི་རྟོག། རབ་དབྱེ་མཚན་ཉིད་མེད་ཉིད་ལ།། ལམ་ཤིས་ཉིད་ཀྱི་སྐབས་ཀྱི་ནི།། ་ཤེས་པའི་མཚན་ཉིད་ཅེས་བཤད་དོ།། ཞེས་པ་ལ། ལྷའི་བུས་གསོལ་པ། ཡུམ་ཟབ་མོའི་མཚན་ཉིད་གང་ལགས་ཞུས་པའི་ལན་ཡུམ་གྱི་མཚོན་ཉིད་ནི་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་དང་། མངོན་པར་འདུ ་བྱ་བ་མེད་པ་དང་། སྐྱེ་འགག་མེད་པ་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་མེད་པ་དང་། དངོས་པོ་མེད་པ་དང་། ངོ་བོ་ཉིད་མེད་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་མེད་པ་དང་བཅུ་གཉིས། དཔེ་ན་མཁའ་འཁྲུག་པ་མེད ་པ་ནི་ལྷ་དང་ལྷ་མ་ཡིན་གྱིས་མི་འཁྲུགས་པའོ།། འདུ་བྱེད་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་གྱིས་འདུས་མ་བྱས་པའོ།། རྣམ་པར་མི་རྟོག་པ་ནི་ནམ་མཁའ་ལ་མཚན་ཉིད་བཅུ་དྲུག་ཙ་སྨྲ་བ་ནི་ཡང་དག་པ ་མ་ཡིན་པའོ།། མཚན་ཉིད་མེད་པ་ནི་གཟུགས་ནི་གཟུགས་སུ་རུང་བའི་མཚན་ཉིད་དེ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་མངོན་སུམ་གྱི་མཚན་ཉིད་དེ། དེ་ཡང་མཚན་ཉིད་མེད་པར་མངོན་པར་སངས་རྒྱས་སོ།། རྣམ ་པ་ཐམས་ཅད་མཁྱེན་པའི་མཚན་ཉིད་བཅུ་དྲུག་ནི། དེ་ནི་ཉིད་ཀྱིས་ཆོས་བརྟེན་ནས།། གནས་དང་གུས་པར་བྱ་བ་དང་། བླ་མོ་ཉིད་དང་མཉེས་པ་དང་།། དེ་ལ་མཆེད་དང་བྱེད་མེད་དང་།། ཀུན་འཇུག་མཁྱེན་པ་གང་ཡིན་དང་།། མ་མཐོང ་སྟོན་པར་མཛད་པ་དང་།། འཇིག་རྟེན་སྟོང་ཉིད་རྣམ་པ་དང་།། བརྗོད་དང་ཤེས་མཛད་མངོན་སུམ་དང་།། བསམ་མི་ཁྱབ་དང་ཞི་ཉིད་སྟོན།། འཇིག་རྟེན་འདུ་ཤེས་འགྲོག་པ་ལ།། རྣམ་པ་ཐམས་ཅད་ཉིད་བརྟེན་ནས།། ཤེས་པའི ་མཚན་ཉིད་ཅེས་བཤད་དོ།། ཞེས་པ་ལ། ཡུམ་ལ་བསྙེན་བཀུར་བྱེད་པ་ནི། དེ་བཞིན་གཤེགས་པ་བྱས་པ་དྲིན་དུ་གཟོ་བས། གང་ནས་གཤེགས་པའི་ལམ་དེ་ཉིད་ནས་བསྙེན་བཀུར་བྱེད་པའོ།། བྱེད་པ་ནི་ཆོས་ཐམས་ཅད་མཚན ་ཉིད་མེད་པ་ལ་བརྟེན་ཏེ། བྱེད་པ་པོ་མེད་པའི་ཕྱིར། མ་བྱས་པས་སངས་རྒྱསོ།། ཀུན་འཇུག་མཁྱེན་པ་ནི་སངས་རྒྱས་ཀྱི་ཡེ་ཤེས་བྱས་པ་མང་པ་ཆོས་ཐམས་ཅད་ལ་འཇུག་པ་མེད་པའི་བརྡས་འཇུག་པའོ།། མཐོང་བ་པ ་མེད་པར་སྟོན་པ་ནི་ཆོས་ཐམས་ཅད་གསོག་གསོབ་སྙིང་པོ་མེད་པའོ།། མ་མཐོང་བ་སྟོན་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་མཐོང་བ་མེད་པའི་ཕྱིར་སྟོན་པའོ།། ཅིའི་ཕྱིར་དེ་རྣམས་མ་མཐོང་བའི་ཕྱིར། སྟོན་པ་ལགས། ལན་ནི ་གཟུགས་ནས་རྣམས་མཁྱེན་གྱི་བར་ལ་དམིགས་པའི་རྣམ་པར་ཤེས་པ་མི་འབྱུང་བའི་ཚེ་ཡུམ་གྱིས་དེ་བཞིན་གཤེགས་པ་བསྐྱེད་ཅིང་སྟོན་པའོ།། འཇིག་རྟེན་དུ་སྟོན་པོ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་སྟོང་ཞེས་བྱ་བར ་འཇིག་རྟེན་དུ་སྟོན་པའོ།། འཇིག་རྟེན་དུ་ཕུང་པོ་ལྔ་སྟོང་ཞེས་བརྗོད་དོ།། འཇིག་རྟེན་ན་སྟོན་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་འཇིག་རྟེན་ན་སྟོང་ཞེས་བྱ་བར་སྟོན་ནོ།། བསམ་གྱིས་མི་ཁྱབ་པར་སྟོན་པ་ནི་གཟུགས་ནས་རྣམ ་མཁྱེན་གྱི་བར་བསམ་གྱིས་མི་ཁྱབ་ཅེས་བྱ་བར་བསྟན་པའོ།། དབེན་པར་སྟོན་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་དབེན་པར་སྟོན་པའོ།། མཐའ་ལས་འདས་པ་སྟོང་པར་སྟོན་པ་ནི། གཟུགས་ནས་རྣམ་མཁྱེན་གྱི་བར ་མཐའ་ཡས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་པའོ།། ངོ་བོ་ཉིད་སྟོང་པར་སྟོན་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་ངོ་བོ་ཉིད་སྟོང་པ་ཞེས་བྱ་བ.རཱ་སྟེན་པའོ།། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པར་སྟོན་པ་ནི་གཟུགས་ནས ་རྣམ་མཁྱེན་གྱི་བར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་པའོ།། འཇིག་རྟེན་ཞི་བར་སྟོན་པ་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ནོ།། འཇིག་རྟེན་སྟོང་པ་ཉིད་ནི་གཟུགས་ནས ་རྣམ་མཁྱེན་གྱི་བར་སྟོང་པ་ཉིད་དོ།། འདུ་ཤེས་འགོག་པ་ནི། འཇིག་རྟེན་འདི་དང་ཕ་རོལ་གྱི་འདུ་ཤེས་མེད།། །། ཁྱད་པར་གྱི་མཚན་ཉིད་མདོར་བསྟན་པ་ནི།། བསམ་གྱི་མི་ཁྱབ་སོགས ་ཁྱད་པར་གྱི།། ཁྱད་ཞུགས་བདེན་པོའི་སྤྱོད་ཡུལ་ཅན། སྐད་ཅིག་མཱ་ནི་བཅུ་དྲུག་གིས།། ཁྱད་པར་མཚན་ཉིད་བཤད་པ་ཡིན།། ཞེས་པ་ནི་ཀུན་རྫོབ་ཀྱི་སྣང་བ་བསམ་གྱིས་མི་ཁྱབ། དོན་དམ་གྱི་ཆོས་ཉིད་མཁྱེན་པའི་ཡེ་ཤེས།། སརྦ ་རྒྱཆོས་ཀྱི་ཐུགས་རྗེ་བསམ་གྱིས་མི་ཁྱབ་པ་ལ་སོགས་པའོ།། བསྣམ་མི་ཁྱབ་དང་མི་མཉམ་དང་། གཞལ་དང་བགྲང་ལས་ཡང་དགྲ་འདས།། འཕགས་པ་ཀུན་སྡུད་མཁས་པ་ཡིས།། རིག་བྱ་ཐུན་མོང་མེད་ཤེས་རིག། ཤེས་མྱུར ་ཉུང་དང་མང་མེད་དང་།། སྒྲུབ་དང་ཡང་དག་འགྲུབ་པ་དང་།། དམིགས་པ་རྟེན་དང་བཅས་པ་དང་།། མཐའ་དག་པ་དང་ཡོངས་ས་འཛིན་དང་།། རོ་མྱང་མེད་པའི་ཁྱད་པར་གྱིས།། བཅུ་དྲུག་བདག་ཉིད་ཤེས་པར་བྱ།། ཞེས་པ་ལ། བསམ ་གྱིས་མི་ཁྱབ་པ་ནི་བསམ་པ་ལས་འདས་པའོ།། དཔག་ཏུ་མེད་པ་ནི་དཔག་པར་མི་ནུས་པའོ།། གཞལ་དུ་མེད་པ་ནི་གཞལ་བར་མི་ནུས་པའོ།། མི་མཉམ་པ་དང་མཉམ་པ་ནི་མཉམ་པ་མེད་པའོ།། མི་མཉམ་པ་དང་མཉམ་པའི ་ལེའུ་སྟེ་སོ་བཞི་པའོ།། །། འཕགས་པ་ཀུན་སྡུད་པ་ནི་ཡུམ་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་ནས་རྣམ་མཁྱེན་གྱི་བར་དུ་འདུས་ཏེ། དེ་ཅིས་ན་གཟུགས་ནས་རྣམ་མཁྱེན་གྱི་བར་ཡོངས་སུ་འཛིན་པ་མེད་པ་དང་། མངོན་པར ་ཆགས་པ་མེད་པར་ཉེ་བར་གནས་སོ།། རབ་འབྱོར་གྱིས་གསོལ་པ། ཡུམ་འདི་གཟུགས་ནས་རྣམ་མཁྱེན་གྱི་བར་འཛིན་ཆགས་མེད་པར་གནས་པ་ལགས་ཞེས་པའི་ལན་རབ་འབྱོར་གྱིས་གཟུགས་ནས་རྣམ་མཁྱེན་གྱི་བར་ལ ་འཛིན་ཆགས་མཐོང་ངམ་ཞེས་པའི་ལན་གསོལ་པ་མ་མཐོང་ལགས་སོ།། བཀའ་སྩལ་པ། ངས་ཀྱང་གཟུགས་ནས་རྣམ་མཁྱེན་གྱི་བར་ཡང་དག་པར་རྗེས་སུ་མ་མཐོ་། མ་མཐོང་བས་ཡོངས་སུ་མི་འཛིན། ཡོངས་སུ་མི་འཛིན ་པས་ཉེ་བར་མི་ལེན་ཏོ།། བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པས་ཀྱང་ཡོངས་སུ་ག་ཟུང་བ་དང་།། འཛིན་པ་དང་ཆགས་པར་མི་སྐྱེའོ།། གཟུ་མཁས་པས་རླིག་པ་ནི་འདོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུས་གསོལ་པ། ་ཡུམ་འདི་ལྟར་ཟབ་པ་འདི་ལྟར་ཕྲ་བ་འདི་ལྟར་རྟོགས་པར་དཀའ་བ་འདི་ལ་མོས་པ་ནི། སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པའོ་ལ་སོགས་པའོ།། ཐུན་མོང་མ་ཡིན་པ་ནི་སྦྱོང་གསུམ་གྱི་དད་པས་རྗེས་སུ་འབྲང་བ་ལ་སོགས་པའི་ཤེས ་པ་དང་། སྤོང་བ་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའི་གདུགས་གཅིག་གི་བཟོད་པའོ།། མྱུར་བ་ནི་རིགས་ཀྱི་བུ་ཡུམ་ལ་སྤྱོད་པ་ནི་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱའོ།། བྲི་བ་དང་གང་བ་མེད་པ་ནི་ཡུམ་འདི་ལ་བརྟེན་ནས་འཕགས ་པ་ཐམས་ཅད་བྱུང་ཡང་བྲི་བ་དང་གང་བ་མི་གངའོ་ཞེས་ནས་གཞན་དུ་འཁོད་དོ།། སྒྲུབ་པ་ནི་ཡུམ་འདྲི་བ་ལ་སོགས་པའི་མོས་པ་བྱེད་པ་ནི་སངས་རྒྱས་ཀྱི་ཞིང་གཞན་དང་དགའ་ལྡན་གྱི་གནས་དང་མིའི་ནང་དུ་སྔོན་ཡུམ་སྤྱད་པའོ།། ། ་ཡང་དག་པར་འགྲུབ་པ་ནི་སྔོན་གྱི་མཐར་ཕར་ཕྱིན་ནས་རྣམ་མཁྱེན་གྱི་བར་ཡོངས་སུ་མ་དྲིས་བརྟག་པ་མ་བྱས་པས་འདི་བསྟན་པའི་ཚེ་ནེམ་ནུར་ལ་སོགས་པར་འགྱུར་རོ།། ད་ལྟ་སྤྱོད་པའི་ཚེ་ཐེ ་ཆོམ་དུ་གྱུར་ནས་ཕ་རོལ་ཏུ་ཕྱིན་པ་ལ་སྩོགས་པ་ལ་མ་བསླབས་མཐུན་པར་མ་བྱས་པསཽ་ཐེག་པ་དམན་པར་འགྱུར་རོ།། འདུས་པའི་ལེའུ་སྟེ་སོ་ལྔ་པའོ།། །། གླུ་ཞིག་པའི་ཚེ་མི་རོ་ལ་སོགས་པ་ལ་འཇུག ་པཱ་དང་མྲ་འཇུས་པའི་དཔེས་དམིགས་པའི་ཁྱཱ་བྱར་དང་། རྫ་སོ་བཏང་བ་དང་མ་བཏང་བར་ཆུ་བླུགས་པའི་དཔེས་རྟེན་གྱི་ཁྱད་པར་ད། གྲཝ་ཟག་ལྷན་མ་བྱས་པ་དང་བྱས་པའི་དཔེས་མཐའ་དག་པའི་ཁྱད་པར་དང་། རྒན ་ལ་ཡིས་བརྟེན་པ་དང་མ་བརྟེན་དེའི་དཱ་པེ་སོ་ཡོངས་སུ་འཛིན་པའི་ཁྱད་པར་དང་། སྤྱིར་གྱིས་ཞེས་ལན་ཐབས་དང་བ་པ་མིཞིན་ན་བྱང་ཆུབ་སེམས་དཔའ་མ་ཟིན་ན་ཐེག་པ་འོག་མའོ།། གྲུའི་ལེའུ་སྟེ་སོ་དྲུག་པའོ།། ་མ་བ་མེད་པའི་ཀྱད་པ་ནི་རབ་འབྱོར་ཀྱིས་གསོལ་། དང་པོ་པའི་བྱང་ཆུབ་སེམས་དཔ་ཕ་རོལ་ཏུ་པ་དྲུག་ལ་ཇི་ལྟར་བསླབ་པར་བགྱི། བཀའ་སྩལ་པ་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་པར་འདོད་པས་དགེ་བའི་བ་ཤེས་གཉེན་བརྟན་ན་དེ་ཕྱིན་ས་བྱང་ཆུབ་ཏུ་བསྔོས་ཤིག། གཟུགས་ནས་རྣམ་མཁྱེན་གྱི་བར་ལ་རྟོག་པར་མ་བྱེད་ཅིག། དེ་ཅིས་ན་ཡོད ་སུ་མ་རྟགས་པའི་གཟུགས་ནས་རྣམ་མཁྱེན་གྱི་བར་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ།། རིགས་ཀྱི་བུ་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་འདོད་པ་མ་སྐྱེད་ཅིག། འདོད་པ་མེད་པ་ནི་བླ་ན་མེད་པའི་བྱང་ཆུབ་བོ།། བྱེད ་པའི་མཚན་ཉིད་ནི། ཕན་དང་བདེ་དང་སྐྱོབ་པ་དང་།། མི་རྣམས་ཀྱི་ནི་སྐྱབས་དག་དང་།། གནས་དང་མགོན་དང་གླིང་དང་ནི།། ཡོངས་འདྲེན་པ་ཞེས་བྱ་བ་དང་།། ལྷུན་གྱིས་གྲུབ་དང་ཐེག་གསུམ་ནི། ཐ་མའི་རྣམ་པའི་མཛད ་པ་ཡིན།། ཞེས་པ་ལ། འཇིག་རྟེན་གྱི་དོན་གྱི་བྱེད་པ་ནི་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་སེམས་ཅན་གྱི་སྡུག་བསྔལ་དགྲོལ་བའི་ཕྱིར་སྟོན་པའོ།། ཕན་པ་ནི་སེམས་ཅན་འགྲོ་བའི་རྒྱུད་ལྔ་ནས་བཏོན་ཅིང་མི་འཇིགས ་པའི་ཐུང་བདེ་བ་མྱ་ངན་ལས་འདས་པ་ལ་འགོད་པའོ།། བདེ་བ་ནི་སེམས་ཅན་སྡུག་བསྔལ་བ་དང་ཡིད་མི་བདེ་བ་ལས་བཀྲོལ་ཞིང་མྱ་ངན་ལས་འདས་པ་ལ་འགོད་པའོ།། སྐྱོབ་པ་ནི་སེམས་ཅན་གྱི་སྡུག་བསྔལ་བསྐྱབ་པར་བྱ་བའི་ཕྱིར ་ཆོས་སྟོན་པའོ།། སྐྱབས་ནི་སེམས་ཅན་སྐྱེ་རྒྱུ་ན་འཆི་ལུས་དགྲོལ་ཞིང་མྱ་ངནི་ལས་བླངས་པ་ལ་བགོད་པའོ།། རྟེན་གྱི་ཆོས་ཐམས་ཅད་འདྲེ་བ་མེད་པར་ཆོས་སྟོན་ཏེ། གཟུགས་ཀྱི་འདྲེ་བ་མེད་པ་གང་ཡིན་པ་དེ་ནི་འབྲེལ་པ་མེད ་པ། འབྲེལ་མེད་གང་ཡིན་པ་དེ་ནི་སྐྱེ་འགག་མེད་པར་ཆོས་སྟོན། དེ་བཞིན་དུ་རྣམ་མཁྱེན་གྱི་བར་རོ།། དཔུང་གཉེན་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཕ་རོལ་གང་ཡིན་པ་དེ་ནི་གཟུགས་ལ་སོགས་པ་མ་ཡིན་ཏེ། གཟུགས ་ནས་རྣམ་མ་ཁྱེན་གྱི་པདྨ་གྱི་ཕ་རོལ་ཏུན་རྣམ་པར་རྟོག་པུ་གང་ཡང་མ་མཆིས་ཏེ་ཞེས་པ་ནི་ཆོས་ཞི་བ་བཟང་པོའོ།། གླིང་ནི་གཟུགས་ནས་རྣམ་ན་མཁྱེན་གྱི་བར་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད ་པུན། སྣང་བ་ནི་མ་རིག་པའི་སྒོ་དུའི་སྦུབས་ཀྱི་མུན་པས་ཟིལ་གྱིས་ནོན་པའི་སེམས་ཅན་རྣམས་ལ་ཤེས་རབ་ཀྱིས་སྣང་བར་བྱེད་པའོ།། སྒྲོན་མ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་བྱིན་གྱིས་བརླབས་བཞི་སེམས་ཅན་ལ་སྟོན་པའོ།། དེང ་དཔོན་ནི་སེམས་ཅན་ཚུལ་མ་ཡིན་པ་བཞི་ལ་ཞུགས་པ་རྣམས་ཕྱིན་ཅི་ལོག་ལས་བཟློག་ནས་བྱང་ཆུབ་ལ་འགོད་པའོ།། ཡོངས་སུ་འདྲེན་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན ་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱུང་བ་མེད་པར་ཆོས་སྟོན་ནོ།། ལམ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་ན་མཁའི་ངང་ཚུལ་ཅན་ནོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ནོ།། ལྷུན་གྱིས་གྲུབ་པ་ནི་གཟུགས་ནས ་རྣམ་མཁྱེན་གྱི་བར་གྱི་སྟོང་པ་ཉིད་ནི་འགྲོ་བ་མེད་པ་སྟེ་མི་འགྲོ་མི་འོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ནོ།། ཐེག་གསུམ་གྱི་བྱེད་པ་ནི་བྱེད་པའི་སྐྱེ་སྣ་བུ་བཅུ་གཉིས་ནས་རྣམ་མཁྱེན་གྱི་བར་དུ་ཆོས་ཐམས་ཅད་ནི་འགྲོ ་འོདི་མེད་པའི་དང་ཅ་ཚུལ་ཅན་དེ། དེ་དག་ནི་ངང་ཚུལ་དེ་ལས་མི་འདའོ།། ངོ་བོ་ཉིད་ཀྱི་ལེའུ་སྟེ་སུམ་ཅུ་བདུན་པའོ།། །། ངོ་བོ་ཉིད་ཀྱི་མཚན་ཉིད་ནི། ཉོན་མོངས་རྟགས་དང་མཚན་མ་དང་།། མི་མཐུན་ཕྱོགས་དང ་གཉེན་པོ་ཡིས།། དབེན་དང་དཀའ་དང་ངེས་པ་དང་། ཆེད་དུ་བྱ་དང་མི་དམིགས་དང་། མངོན་པར་ཞེན་པཱ་བཀག་པ་དང་།། དམིགས་པ་ཞེས་བྱ་གང་ཡིན་དང་།། མྱི་མཐུན་ཐོགས་པ་མེད་དང་ནི། གཞི་མེད་འགྲོ་མྱེད་སྐྱེ་མེད་དང་།། དེ་བཞིན ་ཧྲཱིནི་མི་དམིགས་པ།། ངོ་བོ་ཉིད་བཅུ་དྲུག་བདག་ཉིད།། མཚན་ཉིད་ལྟར་བུར་མཚོན་པས་ནི།། མཚན་ཉིད་བཞི་པར་བཞེད་པ་ཡིན།། ཞེས་པ་ལ། ལེའུ་འདྲི་ནས་ངོ་བོ་ཉིད་ཀྱི་མཚན་ཉིད་བཅུ་སྟོན་པ་ལས་དབེན་པོའི་གཞི་ནི་ཉིན་མོངས ་པས་དབེན་པ་དང་། དེའི་རྟགས་ཀྱིས་དབེན་པ་དང་། ཚུལ་དང་རྣམ་པ་ཡིས་དབེན་པ་ནི་བྱང་ཆུབ་སེམས་དཔའ་ལ་མོས་པའི་རང་བཞིན་ནོ།། དཀའ་བ་ནི་སེམས་ཅན་གྱི་དོན་དུ་གོ་ཆུ་གོན་པཾ་ལྔ་གོ་ཆ་དེ་ནི་གཟུགས་དང་འབྲེལ་པ་མུ ་ཡིན་ཏེ། གཟུགས་ཀྱང་མེད་ཀྱང་གོ་ཆ་ཡང་མེད་པས་གཟུགས་དང་འབྲེལ་པ་མ་ཡིན་ནོ།། དེ་བཞིན་དུ་རྣམ་མཁྱེན་གྱི་བར་རོ།། དྲིས་པ་ནི་བྱང་ཆུབ་ཀྱི་སེམས་དང་ལྡན་པ་ཐེག་པ་འོག་མར་མི་ལྟུང་བའོ།། ཚད་ནི་དེ་ཅིའི་ཕྱིར་ན། སེཾས ་ཅན་དང་ཡེ་ཤེས་ཉུང་ཟད་ཉི་ཚེའི་དོན་གྱི་ཕྱིར་མ་ཡིན། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆེད་དུའོ།། མི་དམིགས་པ་ནི་ཡུམེ་སྒོམ་པའི་ཚེ།། གཟུགས་ནས་རྣམ་མཁྱེན་གྱི་བྱུར་དུ་བསྒོམ་པ ་རྣམ་པར་སྒོམ་པའོ།། མངོན་པར་ཞེན་པ་བཀག་པ་ནི་ཡུམ་ལ་སྤྱོད་པའི་ཚེ་ཕ་རོལ་ཏུ་ཕྱིན་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་མངོན་པར་ཆགས་པ་མེད་དམ་ཞེས་ཡོངས་སུ་བརྟག་པར་བྱའོ།། དམིགས་པ་ནི ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གཞོལ་བའི་བསམ་པས་འཁྲུལ་པ་ལ་སོགས་པ་ཤེས་པས་གཟུགས་ལ་སོགས་པ་ལ་རྣམ་པར་མི་རྟོག་པ་སྟེ། དེ་ཅིས་ན་གཟུགས་སྟོང་པ་སྟོང་པ་ཉིད་གཟུགས ་དེ་གཉིས་ཀྱི་དེ་བཞིན་ཉིད་གཅིག་པའོ།། ཆགས་པ་མེད་པའི་ལེའུ་སྟེ་སུམ་ཅུ་བརྒྱད་པའོ།། །། མི་མཐུན་པ་ནི་འདོད་པ་དང་གཟུགས་ན་སྤྱོད་པའི་ལྷའི་བླ་རྣམས་ཀྱིས་སྨྲས་པ། ཡུམ་འདི་ནས་གཟུགས་ཉིད་རྣམ ་ས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གཟུགས། གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་གང་ཡིན་པ་དེ་གཉིས་སུ་མེད་ཅིང་གཉིས ་ད་དོ་ཞེས་པ་ནི་འཇིག་རྟེན་ཐམས་ཅད་དང་མི་མཐུན་པ་ལགས་སོ།། ཞེས་པའི་ལན། གཟུགས་ནས་རྣམ་མཱ་ཁྱེན་གྱི་བཱར་དང་དེ་བཞིན་ཉིད་དབྱེར་མེད་པས། དེ་བཞིན་གཤེགས་པ་ཐུགས་ཁྲལ་ཆུང་བར་མཛད་ནས ་ས་སེ། ཡང་ལྷའི་བུས་གསོལ་པ། ཆོས་འདི་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་གཟུང་བའི་ཕྱིར་རམ་མི་གཟུང་བའི་ཕྱིར་བསྟན་པ་མ་ཡིན་ལ། སེམས་ཅན་རྣམས་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་ང་དང ་ང་ཡིར་འཛིན་པ་ལགས་སོ་ཡི་ལན་གཟུགས་ནས་རྣམ་མཁྱེན་གྱི་བར་ཡོངས་སུ་གཟུང་བའམ་མི་གཟུང་བའི་ཕྱིར་སྤྱོད་པས་ནི་སྦྱིན་པ་ནས་རྣམ་མཁྱེན་གྱི་ཆོས་ཡོངས་སུ་རྫོགས་པར་མི་འགྱུར་རོ།། ཐོགས་པ་མེད་པ་ནི་རབ་འབྱོ། ་གྱིས་གསོལ་པ། ཆོས་འདི་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་ཐོགས་པ་མ་མཆིས་ལགས་སོ།། སྐྱེ་བ་མེད་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་སྐྱེ་བ་དམིགས་སུ་མེད་པའི་ཕྱིར་སྐྱེ་མེད་དོ།། གཞི་མེད་པ་ནི་ཆོས་འདི་ནི ་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་རྟེན་དམིགས་སུ་མེད་པའི་ཕྱིར་གཞི་མེད་དོ།། འགྲོ་བ་མེད་པ་ནི་ལྷའི་བུས་སྨྲས་པ། རབ་འབྱོར་ནི་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་པའོ་ཞེས་སྨྲས་པའི་ལན་ནི། རབ་འབྱོར་ནི་དེ་བཞིན ་གཤེགས་པའི་རྗེས་སུ་སྐྱེས་པ་སྟེ། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ནི་མ་འོངས་མ་སོང་མི་གནས་ཏེ། གཟུགས་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་གཟུགས ་ཀྱི་དེ་བཞིན་ཉིད་དོ།། དེ་བཞིན་དུ་རྣམ་མཁྱེན་གྱི་བར་ལ་སྦྱར་རོ།། མ་སྐྱེས་པ་ནི་གཟུགས་དང་གཟུགས་ཀྱི་དེ་བཞིན་ཉིད་དང་། གཟུགས་ལས་གཞན་དང་གཟུགས་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེ་སུ་མ་སྐྱེསོ།། དེ་བཞིན་དུ ་རྣམ་མཁྱེན་གྱི་བར་ལ་སྦྱར་རོ།། དེ་བཞིན་ཉིད་མི་དམིགསྔོ་པ་ནི་ཤཱ་རིའི་བུས་གསོལ་པ་དེ་བཞིན་ཉིད་དང་ཆོས་ཉིད་བརྒྱུད་ནི་ཟབ་སྟེ། གཟུགས་མི་དམྱིགས་གཟུགས་ཀྱི་དེ་བཞིན་ཉིད་མི་དམིགས་གཟུགས་ཉིད་ཀྱང་མི ་དམིགས་ན། དེ་བཞིན་ཉིད་དམིགས་པ་ལྟ་ཅི་སྨོས་ཞེས་པའི་ལན་མཐུན་པར་བསྟན་པའོ།། །། ཐར་པའི་ཆ་མཐུན་ནི་མཚན་མེད་རབ་ཏུ་སྦྱིན་ལ་སོགས།། ཡང་དག་སྒྲུབ་ལ་མཁས་པ་ནི།། རྣམ་པ་ཐམས་ཅད ་རྟོགས་འདྲི་ལ།། ཐར་པའི་ཆ་དང་མཐུན་པར་འདོད།། ཅེས་པ་ལ་བསྐལ་པ་དཔག་ཏུ་མེད་པར་དམིགས་པའི་ཚུལ་གྱིས་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་ཀྱང་མཚན་མ་མེད་པ་མ་རྟོགས་པས་ཉན་རང་གི་སར་ལྟུང་བ ་ནི་བྱ་ཆེན་པོ་འདབ་བཤོག་ཟད་པའི་དྲཔེས་བསྟན། མཚན་མ་མེད་པར་སྦྱིན་པ་ནས་རྣམ་མཁྱེན་གྱི་བར་དུ་སྤྱད་ནཱ་ཐེག་པ་འོག་མ་ལས་ཐར་པཱ་ལ་ལྷའི་བུ་དང་བཅོམ་ལྡན་འདས་ཀྱིས་མཚན་མ་མེད་པ་ལ་སངས་རྒྱ་བ་དཀའ་བར་བསྟན ་རབ་འབྱོར་གྱིས་སེམས་ཅན་རྣམས་ཀྱིསྔ་མ་ཤེས་མ་རྟོགས་པར་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་རང་བཞིན་མེད་པས་སངས་རྒྱ་བར་ནཱི་སྒྲ་ལྕག་སོ།། ཤཱ་རིའི་བློས་སྨྲས་པ་སྤངས་རྒྱུ་བར་ནི་དཀའ་སྟེ། ནམ་མཁའ་ནི་འདི ་སྙམ་དུ་སངས་རྒྱ་བར་བྱའོ།། སྙམ་དུ་མི་སྙེམས་པ་བཞིན་ནོ།། བླ་ན་བྱང་ཆུབ་སེམས་དཔའ་གངྒཱའི་ཀླུང་ཀི་བྱེ་མ་སྙེད་བྱང་ཆུབ་ལས་ཕྱིར་ལྡོག་པ་མི་འཐད་དོ་ཞེ་ན། རབ་འབྱོར་གྱིས་སྨྲས་པ། གཞན་གཟུགས་དང་གཟུག ་མྱོས་གཞན་པ་དང་། གཟུགས་ཀྱི་དེ་བཞིན་ཉིད་དང་དེ་བཞིན་ཉིད་ལས་གཞན་པ་བླ་ན་མེད་པའི་བྱང་ཆུབ་ལས་ལྡོག་སྒྲོམ་མམ། རྣམ་མཁྱེན་གྱི་བར་ལ་སྦྱར་བས་དེ་བཞིན་ཉིད་ལ་དབྱེར་མེད་པར་བསྟན་པ་ལ། མགོན ་པོས། སངས་རྒྱས་སོགས་དམིགས་དད་པ་དང་།། སྦྱིན་སོགས་སྤྱོད་ཡུལ་བརྩོན་འགྲུས་དང་།། བསམ་པ་ཕུན་ཚོགས་དྲན་པ་དང་།། རྣམ་པར་མི་རྟོག་ཏིང་འཛིན་དང་།། ཆོས་རྣམ་རྣམ་པ་ཐམས་ཅད་དུ།། ཤེས་པའི ་ཤེས་རབ་དང་རྣམ་ལྔ།། རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས། རྟོགས་སླ་རྟུལ་པོས་རྟོགས་དཀར་བཞེད།། ཅེས་ནི་གནས་བརྟན་གཉིས་ཀྱི་སངས་རྒྱ་བར་དཀའ་སླའི་ཞལ་ཆེ་དད་པ་ལ་སོགས་པ་དབང་པོ་ལྔ་རྣོན་པོས་རྟོགས་པར ་སྒྲ་ལ། རྟུལ་པོས་ཤིན་ཏུ་རྟོགས་པར་དཀའ་བས་གཉི་ག་བདེན་པར་བཅད་དོ།། ངེས་འབྱེད་ཀྱི་རྗེས་ཤེས་ནི།། དྲོ་བ་རྣམས་ཀྱི་དམིགས་པ་འདིར།། སེམས་ཅན་ཐམས་ཅད་ཡིན་པར་བསྔགས།། དེ་དག་ཉིད་ལ་སེམས་མཉམ ་སོགས། རྣམ་པ་དག་ནི་བཅུར་བ་ཤུད་དོ་ཞེས་པ་ལ། སེམས་ཅན་རྣམས་ལ་མཉམ་པ་དང་ཕན་པ་དང་། བྱམས་པ་དང་། རྣམ་པར་མི་འཚེ་བ་དང་། ཁྲོ་བ་མེད་པ་དང་། ཕ་དང་མ་དང་ཕུ་ནུ་དང་། གྲོགས་དང་། གཉེན་དང ་རུས་གཅིག་པའི་སེམས་བསྐྱེད་པ་ནི་དྲོད་དོ།། བདག་ཉིད་སྡིག་པ་ལས་ལྡོག་ཅིང་།། གཞན་དག་དེ་ལ་འགོད་པ་དང་།། བསྔགས་པ་བརྗོད་ཅིང་མཐུན་བྱེད་པ། རྩེར་གྱུར་ཞེས་པ་ནི་བདག་ཀྱང་མི་དགེ་བ་བཅུ་སྤངས་ཤིང་དགེ་བ ་ལ་སྤྱོད། གཞན་ཡང་དེ་ལྟར་བགོད་པ་ལ་སོགས་པ་ནི་རྩེ་མོའོ།། དེ་བཞིན་བཟོད་པ་ནི། རང་གཞན་རྟེན་ཅན་བདེན་ཤེས་པ་ཞེས་པ་ནི་བདེན་པ་བཞི་ལ་བདག་གཞན་སྤྱོད་པའོ།། ཆོས་མཆོག་དེ་བཞིན་སེམས་ཅན་རྣམས།། སྨིན ་བྱེད་སོགས་ཀྱིས་ཤེས་པར་བྱ་ཞེས་པ་ནི། བདག་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད། བདག་ཀྱང་ཆོས་ཀྱི་འཁོར་ལོ་སྐོར་བར་བྱེད་ཅེས་པའི་བར་ནི་ཆོས་མཆོག་གོ། དེའི ་ཕྲན་ཡོན་ནི་དེའི་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་སྒྲིབ་པ་མེད་པར་འགྱུར་རོ།། དེ་ཅིས་ན་སྔོན་མཐའ་ནས་ཀྱང་གཟུགས་ནས་རྣམ་མཁྱེན་གྱི་བར་ཡོངས་སུ་མ་གཟུང་ངོ་།། བྱང་ཆུབ་སེམས་ཀྱི་བསྒྲུབ་པ ་རྣམ་པར་བཞུགས་པའི་ལེའུ་སྟེ་སྒོ་དགུ་པའོ།། །། ཕྱིར་མི་ལྡོག་པའི་རྟགས་མདོར་བསྟན་པ་ནི། ངེས་འབྱེད་ཡན་ལག་ནས་གཟུང་ནས། མཐོང་དང་བསྒོམ་པའི་ལམ་དག་ལ།། བྱང་ཆུབ་སེམས་དཔའ་གང་གང ་གནས།། དེ་ནི་ཕྱིར་མི་ལྡོག་པའི་རྟགས། རྣམ་པ་དག་ནི་བཤད་པ་ཡིན།། སྦྱོར་ལམ་གྱི་རྟགས་མདོར་བསྟན་པ་ནི། གཟུགས་ལ་སོགས་ལས་ལྡོག་སོག་རྟགས།། རྣམ་པ་ཉི་ཤུས་བཤད་པ་ནི། དེས་འབྱེད་ཡན་ལག ་ལ་གནས་ཤིང་།། ཕྱིར་མི་ལྡོག་པའི་མཚན་ཉིད་དོ།། རྒྱས་པ་ནི། གཟུགས་ལ་སོགས་ལས་ལྡོག་པ་དང་། ཐེ་ཙོམ་མི་དལ་ཟད་པ་དང་།། བདག་ཉིད་དགེ་པ་ལ་གནས་ཤིང་། གཞན་དག་དེ་ལ་འགོད་པ་དང་། གཞན ་གྱི་རྟེན་ཅན་སྦྱིན་ཤེས་དང་།། ཟབ་མོའི་ཆོསྣ་ལ་ཐེ་ཚོམ་མེད། བྱམས་ལུས་སོགས་དང་སྒྲིབ་པ་ནི། རྣམ་པ་ལྔ་དང་མི་འགྲོགས་དང་།། བག་ལ་ཉལ་ཀུན་འཇོམས་པ་དང་།། དྲན་པ་དང་ནི་ཤེས་བཞིན་དང་། གོས་ལྔ་སོག ་པ་གཙང་བ་དང་།། ལུས་ལ་སྲིན་བུ་རྣམས་མི་འབྱུང་།། གྱ་གྱུ་མདོ་སེམས་སྦྱངས་པ་ནི། ལེན་དང་སེར་སྣ་མེད་སོགས་དང་།། ཆོས་ཉིད་ལྡན་པར་འགྲོ་ཉིད་དང་།། སེམས་ཅན་དོན་དུ་དམྱལ་ཚོལ་དང་།། གཞན་གྱིས་བཀྲི་བ ་མི་བཏུབ་དང་། ལམྱ་གཞན་ཉེ་བར་སྟོན་བདུད་ལ། བདུད་ཅེས་བྱ་བར་རྟོགས་པ་དང་། སངས་རྒྱས་དགྱེས་པའི་སྤྱོད་པ་སྟེ། རྟགས་ནི་ཉི་ཤུ་དེ་དག་གིས།། དྲོད་དང་རྩེ་མོ་བཟོད་པ་དང་།། ཆོས་མཆོག་དག་ལ་གནས་པཱ་ཡཽ། བྱང་ཆུབ ་སེམས་དཔའ་མི་ལྡོག་པའི།། མཚན་ཉིད་ཡིན་པར་ཤེས་པར་བྱ།། ཞེས་པ་ལ། གཟུགས་ལ་སོགས་པ་ལས་ལྡོག་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བ་དུ་མེད་པའོ།། དེ་ཅིས་ན་གང་ལ་གནས་པར་འགྱུར་བའི་ངོ་བོ་ཉིད་མེ ་པའི་ཕྱིར་རོ།། ཐེ་ཐེ་ཚོམ་ཟད་པ་ནི་ཕྱི་རོལ་པའི་དགེ་སྦྱོང་དང་བྲམ་ཟེའི་ངོར་མི་ལྟ།། བཀྲ་ཤིས་དང་དགེ་མཚན་གྱི་དག་སྡེ་མི་བྱེ། ལྷ་གཞན་ལ་ཕྱག་ལ་སོགས་པ་མི་བྱེད་པའོ།། མི་དལ་བ་ཟད་པ་ནི་མི་ཁོམ་པའི་གནས་བརྒྱད་བུད ་མེད་དང་བདུ་གུར་མི་སྐྱེ་བའོ།། བདག་ཉིད་དགེ་བ་ལ་གནས་ཤིང་གཞན་དག་འགོད་པ་ནི་དགེ་བ་བཅུ་བདག་གིས་ཀྱང་སྤངས་གཞན་ཡང་སྤོང་དུ་མཛུད། རྨི་ལམ་གྱི་གནས་སྐབས་ན་ཡང་མི་དགེ་བ་ལ་མི་འཇུག་ན་སད་པ་ན ་ཡང་ལྟ་ཅི་སྨྲོས། གཞན་གྱི་རྟེན་ཅན་སྦྱིན་ཤེས་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་དང་གསུང་རབ་ཡན་ལག་བཅུ་གཉིས་ནི་གཞན་གྱི་དོན་དུ་བསྔོ་བའོ།། ཟབ་མོའི་ཆོས་ལ་སྡོམ་ཉིད་མེད་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་ཡང ་དག་པར་རྗེསུ་མ་མཐོང་བས་ཐེ་ཚོམ་མེད་པའོ།། བྱམས་ལུས་སོགས་ནི་ལུས་ངག་ཡིད་གསུམ་གྱི་ལས་འཇམ་པ་ལ་སོགས་པ་དང་ལྡན་པའོ།། སྒྲིབ་པ་ལྔ་དང་མི་འགྲོགས་པ་ནི་འདོད་པ་ལ་བདུན་པ་དང་གནོད་སེམས ་རྨུགས་པ་དང་གཉིད་རྒོད་པ་དང་འགྱོད་ཐེ་ཚོམ་དང་ལྟ་མེད་པའོ།། བག་ལ་ཉལ་འཇོམས་པ་ནི་རྣམ་པ་ཐམས་ཅད་བག་ལ་ཉལ་མེད་པའོ།། དྲན་ཤེས་བཞིན་གྱིས་ཟིན་པ་ནི་འགྲོ་ཞིང་འོང་ཡང་ནོར་པའི་སེམ ་ཀྱིས་མི་འགྲོ་བ་ལ་སོགས་པའོ།། གོས་ལ་སོགས་པ་གཙང་བ་ནི་གོས་ཀྱི་ཚུགས་ལ་སྨད་དུ་མེད་པ་ཡིན། གཙང་ཞིང་དྲི་ང་བ་མེ། ནད་ཉུང་བ་ཡིན་ནོ།། ལུས་ལ་སྲིན་བུ་མི་འབྱུང་བ་ནི་མིའི་ལུས་ལ་སྲིན་བུའི་རིགས ་སྟོང་ཕྲག་བརྒྱད་བཅུ་ཟ་བ་ཡོད་པ་དེ་འཇིག་རྟེན་ལས་འཕགས་པའི་དགེ་བའི་རྩ་བས་དེ་ལ་མྱི་འབྱུང་བའོ།། གྱ་གྱུ་མེད་པའི་སེམས་ནི་ལུས་ངག་ཡིད་གསུམ་དྲང་བས་གྱ་གྱི་མེད་པ་ཡིན། སྦྱངས་པའི་སྡོམ་པ་འཛིན་པ་ནི་རྙེད་པ ་དང་བསྐུར་སྟིའི་ཕྱིར་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལྷུར་ལེན་པ་མ་ཡིན་གྱི། བྱང་ཆུབ་ཀྱི་དོན་བྱེད་དོ།། སེར་སྟེ་མེད་སོགས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མཐུན་པའི་ཕྱོགས་མེད་པའོ།། ཆོས་ཉིད་ལྡན་པར་འགྲོ་བ་ནི་བློ་བ། ་པ་ཡིན། ཟབ་པ་ཡིན་གུས་པར་ཉན་པ་ཡིན། དེ་ཤ་ཐམས་ཅད་སྨེ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བསྒྲུབས་ཤིང་ཆོས་ཉིད་དང་སྦྱོར་བའོ།། སེམས་ཅན་དོན་དུ་དམྱལ་ཚོལ་ནི། བྱང་ཆུབ་སེམས་དཔའི་དྲུང་དུ་བདུད་སྡིག་ཅན་གྱིས ་སེམས་ཅན་དམྱལ་བར་བྱང་ཆུབ་སེམས་དཔའང་སྐྱེས་ཏེ་སྡུག་བསྔལ་ཚ་བ་རྩུབ་པ་མང་པོ་བསྟནས། བྱང་སེམས་ཕྱིར་མི་ལྡོག་པ་ཀུན་ཀྱང་འདི་ལྟར་གྱུར་གྱིས་ཟེར་ཡང་བྱང་ཆུབ་སེམས་མི་གཏོང་བའོ།། གཞན་གྱིས་བཀྲི ་བར་མི་བཏུབ་པ་ནི་བདུད་སྡིག་ཅན་གྱིས་བྱང་ཆུབ་སེམས་དཔའི་དྲུང་དུ་སྔོན་ཁྱད་ཀྱི་ཕ་རོལ་ཏུ་ཕྱིན་པ་ནས་རྣམ་མཁྱེན་གྱི་བར་དུ་ཡོངསུ་སྦྱང་བ་བྱས་པ་འདི་ཐམས་ཅད་ནོར་པ་ཡིན་གྱིས་བཤགས་པར་གྱིས་ཤིག། ཁྱོད་ཀྱིས ་ཐོས་པ་དེ་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་ཞེས་ཟེར་ཡང་ཡ་ཐེ་ཚོམ་ལ་སོགས་པ་མི་ཟ་བའོ།། ལམ་གཞན་ཉེ་བར་སྟོན་པ་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་གཞན་གྱི་དྲིང་མི་འཇོག་པར་ཉན་ཐོས་ལ་སོགསོ་པའི ་ལམ་ལཱ་མི་འཇུག་པའོ།། བདུད་ཅེས་བྱ་བར་རྟོགས་པ་ནི་བྱང་ཆུབ་ཀྱི་ལམ་ལ་བཱར་དུ་གཅོད་པའི་བདུད་ངོ་ཤེས་པའོ།། །། མཐོང་ལམ་གྱི་རྟགས་མདོར་བསྟན་པ་ནི། མཐོང་བའི་ལམ་ལ་བཟོད་པ་དང ་ཤེས་པའི་སྐད་ཅིག་རྣམ་བྱཞི་ནི།། བྱང་ཆུབ་སེམས་མི་ལྡོག་པ་ཡི།། མཚན་ཉིད་ཡིན་པར་ཤེས་པར་བྱ།། རྒྱས་པ་ནི། གཟུགས་སོགས་འདུ་ཤེས་ལྡོག་པ་དང་། སེམས་ཅན་བརྟན་ཐེག་པ་དམན་པ་ལ། རྣམ་ལོག་པསཾ་གཏཱལ ་སོག་པའི།། ཡན་ལག་ཡོངསུ་ཟད་པ་དང་། ལུས་སེམས་ཡང་བ་ཉིད་དང་ནི། འདོད་པ་སྤྱོད་པ་ཐབས་མཁས་དང་།། རྟག་ཏུ་ཚངས་པར་སྤྱོད་ཉིད་དང་།། འཚེ་བ་རྣམ་པར་དག་ཉིད་དང་།། ཕུང་སོགས་བར་ཆད་བྱེད་རྣམས ་ལ། ཚོགས་དང་དབང་སོགས་བཅས་པ་དང་། གཡུལ་འགྱེད་སེར་སྣ་ལ་སོགས་པ། སྦྱོར་དང་རྗེས་སུ་སྦྱོར་བ་ལ།། གནས་པ་སོ་སོར་བཀག་པ་དང་།། ཆོས་ནི་རྡུལ་ཙམ་མི་དམིགས་ཉིད། ས་གསུམ་ཡི ་ནི་གང་གནས་པ། རང་གི་ས་ལ་ངེས་པ་ཉིད། ཆོས་ཀྱི་དོན་དུ་སྲོག་གཏོང་བ།། དེ་འདྲ་སྐད་ཅིག་བཅུ་དྲུག་ནི།། བྱང་ཆུབ་སེམས་དཔའ་མི་ལྡོག་པའི།། མཚན་ཉིད་ཡིན་པར་ཤེས་པར་བྱ། ཞེས་པ་ལ། ་གཟུགས་སོགས་འདུ་ཤེས་ལྡོག་པ་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་འདུ་ཤེས་ལོག་པའོ།། སྦྱོར་ལམ་གྱི་རྟགས་བརྟན་པའི་ལེའུ་སྟེ་བཞི་བཅུ་པའོ།། །། སེམས་བརྟུན་པ་ནི་བདུད་སྡིག་ཅན ་བྱང་ཆུབ་སེམས་དཔའ་ལ་མྱོས་པ་བཟློག་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ནམ་མཁའ་དང་མཚུངས་པའོ།། དངོས་པོ་མེད་པ་དེའི་དོན་དུ་ཕ་རོལ་ཏུ་ཕྱིན་པ་སལ་སྤྱད་པས་ཅི་ཞིག་བྱ་ཞེས་ཟེར་ཡང་ཆོས་ཐཾད་རང ་བཞིན་མེད་ཀྱང་དེ་མ་རྟོགས་པའི་སེམས་ཅན་གྱི་དོན་དུ་ཕ་རོལ་ཕྱ་ཏུ་ཕྱིན་པ་ལ་སོགས་པ་སེམས་བརྟན་པོས་སྤྱོད་པའོ།། ཐེག་པ་སྨན་པ་ལས་ལོག་པ་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་མི་ལྡོག་པ་ཞེས་བགྱི། ་མི་ལྡོག་པ་ལྔ་ལྡོག་པ་ཞེས་བགྱི་བ་ནི་ཉན་རང་ལས་ཕྱིར་ལོག་པོས་ན་ཕྱིར་ལྡོག་པའོ།། བསམ་གཏན་ལ་སོགས་པའི་ཡན་ལག་ཡོངསུ་ཟད་པ་ནི་བསམ་གཏན་བཞི་ཚད་མེད་པ་བཞི་གཟུགས་མེད་པ་བཞི་བྱང་ཆུབ་ཀྱི ་ལ་ཞུགས་པ་ཡིས་འབྲས་བུ་ཡོངསུ་མི་འཛིན་རྒྱུན་ཏུ་ཞུགས་ལ་སོགས་པ་མངོན་དུ་མི་བྱེད་པའོ།། ལུས་སེམས་ཡང་བ་ཉིད་ནི་གཟུགས་ནས་སངས་རྒྱས་ཀྱི་བར་དུ་ལྷུར་ལེན་པ་མ་ཡིན་ཞེས།། འདོད་ལ་སྤྱོད་པ་ཐབ་མཁས ་ནི། བྱང་ཆུབ་སེམས་དཔའ་ཁྱིམ་ན་གནས་ཀྱང་ཐབས་ལ་མཁས་པས་སེམས་ཅན་ཡོངསསུ་སྨིན་པར་བྱ་བའི་ཕྱིར་འདོད་པའི་ཡོན་ཏན་ལ་ཉེ་བར་སྟོན་ཏོ་ལ་སོགས་པའོ།། རྟག་ཏུ་ཚངས་པར་སྤྱོད་པ་ནི་རྟག་ཏུ་རྒྱུན་མི་འཆད་པར ་ཚངས་པར་སྤྱོད་ཅིང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་ཡོངསུ་བཀང་བ་ཡང་ཆགས་སེམས་མེད་པའོ།། དེ་ལ་ཆོས་སྤྱོང་ནི་གནོད་སྦྱིན་ལག་ན་རྡོ་རྗེ་ལ་སོགས་པ་རྣམས་རྒྱུན་མི་འཆར ་པར་རྗེསསུ་འབྲང་བའོ།། འཚོ་བྱ་རྣམ་པར་དག་ཉིད་ནི། བུད་མེད་ཟེ་སློང་བ་དང་བུ་ཆེ་ཕོ་མོ་ལ་སོགས་པ་དང་ཚེ་རིང་བ་ལ་སོགས་པ་ཆོ་འཕྲུལ་མི་བྱེད།། ཕུང་སོགས་བར་ཆད་བྱེད་རྣམས་ཀྱི་སྦྱོར་བ་ནི་བྱང་ཆུབ་སེམས་དཔའ ་ཡུམ་ལ་སྤྱོད་པའི་ཚེ། ཕུང་པོ་ཁམས་ཀྱི་སྦྱོར་བ་དང་རྗེསུ་སྦྱོར་བར་མི་བྱེད་དེ། དེས་ཕུང་པོ་ལ་སོགས་པ་སྟོང་པར་རྟགས་པའི་ཕྱིར། རྒྱལ་པོ་ལ་སོགས་པའི་གཏམ་གྱི་སྦྱོར་བ་ལ་རྗེསུ་བརྩོན་པར་མྱི་བྱེད་དོ།། ། ་རང་བཞིན་སྟོང་པ་ཉིད་ལ་གནས་པས་བཟང་བ་དང་ངན་པར་ཡང་དག་པར་རྗེསུ་མིཐོང་ངོ་།། རྐུན་པོའི་སྦྱོར་བ་ནི་རང་གི་མཚན་ཉིད་སྟོང་པས་བླང་བ་འམ་དབྲོག་པ་མེད་དོ།། དམ་གྲི་གཏམ་གྱི་སྦྱོར་བ་ནི་ཆོས་ཉིད་ལ་བྱམས་སྣང་མེདོ།། གྲོང་གི ་གཏམ་གྱི་སྦྱོར་བ་ལ་བརྩོན་པར་མི་གནས་ཏེ་ཡང་དག་པའི་མཐའ་ཡིན་པས་འཕེལ་བ་དང་འགྲིབ་པ་མེདོ།། སེར་སྣ་མེད་སོགས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་ཀྱི་སྦྱོར་བ་ལ་རྗེསུ་བརྩོན་པར་མི་གན་སོ།། ས་གསུལ ་གང་གནས་ནི་རྒྱུན་ཏུ་ཞུགས་ལ་སོགས་པ་རང་གི་ས་ལ་ཐེ་ཚོམ་མེད་པ་ནི་དཔེའོ།། རང་གི་ལ་ངེས་པ་ནི་བྱང་ཆུབ་སེམས་དཔའ་རང་གི་ས་ལ་ཐེ་ཚོམ་མི་ཟ་བའི་དོན་ནོ།། ཆོས་ནི་རྡུལ་ཙམ་མི་དམིགས་པ ་ནི་གཏན་ཚིགས་སོ།། ཆོས་ཀྱི་དོན་དུ་སྲོག་གཏོང་བ་ནི་ཆོས་ཀྱི་ཕྱིར་ལུས་དང་སྲོག་ལ་མི་ལྟ་བའོ།། ཕྱིར་མི་ལྡོག་པའི་རྟགས་ཀྱི་ལེའུ་སྟེ་བཞི་བཅུ་གཅིག་པའོ།། ། སྐོམ་ལམ་ལས་ཕྱིར་མི་ལྡོག་པ་དགུ་ནི། ཟབ ་པར་བསྟན་པ་དང་། དེ་སྒྲོ་འདོགས་དང་སྐུར་འདེབས་དང་བྲལ་བ་དང་། དེ་གོམས་པར་བྱེད་པའི་དཔེ་དང་བསོད་ནམས་ཆེ་འབྱུང་དགུ་དང་། དེ་ཀུན་རྫོབ་ཏུ་བསྟན་གྱི་དོན་དམ་མ་ཡིན་པ་དང་། དངོས་པོ་བརྗོད་མེད་པ་ལ་འཕེལ ་བ་མི་འཐུད་པ་དང་། བྱང་ཆུབ་ཇི་ལྟ་བ་དེ་བཞིན་དུ་དོན་བྱེད་པ་དང་། དེ་ལ་བརྒལ་བ་དང་། ཟབ་མོ་བརྒྱད་ཀྱིས་ལན་བསྟན་པའོ།། དང་པོ་ཟབ་པ་ནི་གཟུགས་ཀྱི་དེ་བཞིན་ཉིད་ཇི་ལྟར་བ་དེ་བཞིན་དུ་ཟབ་བོ།། དེ་བཞིན་ཉིད་ལ་ཇི་ལྟར ་ཟབ་ཞུས་པའི་ལན་གཟུགས་ཀྱི་དེ་བཞིན་ཉིད་ལ་གཟུགས་མེད། གཟུགས་ལས་གུད་ནའང་དེ་བཞིན་ཉིད་མོད་དེ། གཟུགས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ།། དེ་བཞིན་དུ་རྣམ་མཁྱེན་གྱི་བར་རོ།། བསྒོམོ་པའི་ལམ་ནི་ཟབ་པ་སྟེ ་ཟབ་མོ་སྟོང་པ་ཉིད་ལ་སོགས་ཞེས་པའོ།། དེ་སྒྲོ་འདོགས་སྐུར་འདེབས་ཀྱི་མཐའ་དང་བྲལ་བ་ནི། ཟབ་མོ་ད་ནི་སྒྲོ་འདོགས་དང་། སྐུར་བའི་མཐའ་དང་བྲལ་བའོ་ཞེས་པ་ནི་གཟུགས་ལས་ཀྱང་བཟློག། མྱ་ངན་ལས་འདས་པ ་པང་བསྟན། དེ་བཞིན་དུ་རྣམ་མཁྱེན་གྱི་བར་རོ།། བསྒོམ་ལམ་གོམས་པ་ནི། ངེས་འབྱེད་ཡན་ལག་ནས་གཟུང་ནས།། མཐོང་དང་བསྒོམ་པའི་ལམྦྷ་དག་ལ། ཡང་དང་ཡང་དུ་སེམས་དང་ཉོད་རྟོག་བསྒོབརྨཱ ་ཡམ། ཞེས་པ་ནི། ཇི་ལྟ་བ་བཞིན་དུ་སྒྲུབ་སེམས་རྟེན་པར་བྱེད་པ་སྟེ། སྐྱེས་བུ་འདྨོད་ཆགས་ལ་སྤྱོད་པའི་བུད་མྱེད་དུས་བཏབ་གྱིས་དཔེས་བསྟན་ནོ།། བསོད་ནམས་ཆེ་འབྱུང་དགུ་ལས།། རྒ་དུའི་ཆེང་ངུ་ནི་ཤེས་རབ་མེད་པའི་དགེ ་པ་ཐམས་ཅད་པས་ཡུམ་ལ་སྷོཉིན་གཅིག་གི་དགེ་བའི་རྩ་བ་ཆེའོ།། ཆུང་ངུའི་འབྲིང་ནི་ཡུམ་དང་འབྲལ་བའི་དཀོན་མཆོག་གསུམྦྷ་ལྔ་བསྐལ་པར་སྦྱིན་པ་བྱིན་པ་དང་། ཆུ་ངུའི་ཆེན་པོ་ནི་སུམ་དང་བྲལ་བར་རྒྱུན་ཏུ་ཞུག་པ ་ལ་སོགས་པ་ལ་ཡོན་ཕུལ་བ་དང་། འབྲིང་གི་ཆུ་ངུ་ནི་ཡུམ་དང་བྲལ་བས་བསྒྲལ་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པ་དང་། འབྲིང་གི་འབྲིང་ནི་ཡུམ་དང་བྲལ་བར་བསྐལ་པར་ཆོས་ཀྱི་སྦྱིན་པ་དྲིན་པ་དང་། འདྲིང་གི་ཆེན་པོ་ནི་ཡུམ ་དང་བྲལ་བར་བསྐལ་པར་བྱང་ཆུབ་ཀྱི་ཕྱོགས་ལ་སྤྱད་པ་དང་། ཆེན་པོའི་ཆུང་ངུ་ནི་ཡུམ་དང་བྲལ་བས་ཟང་ཟིང་གི་སྦྱིན་པ་དང་ཆོས་ཀྱི་སྦྱིན་པ་དང་ནང་དུ་ཡང་དག་འཇོག་པ་དང་། ཆེན་པོའི་འབྲིང་ནི་ཡུམ་དང་བྲལ་བའི་བསྔོ་བ་དང་། ཆེན་པོ ་ན་པོ་ནི་བསོད་ནམས་དེ་ཡང་གསོག་དང་གསོབ་དང་སྙིང་པོ་མེད་པར་བསྔོས་ན་ཁྱད་པར་དུ་འཕགས་པའོ།། དེ་ནི་རྒྱུན་ཆགས་ཡིན་པའི་ཕྱིར།། ཆུང་དང་འབྲིང་དང་ཆེན་པོ་རྣམས།། ཆུང་ངུའི་ཆུང་སོགས་དབྱེ་བ་ཡི།། རྣམ་པས་རྣམ་པ ་དགུར་བཞེད་དོ།། ཞེས་པའོ།། གྲངས་མེད་ལ་སོགས་བསྟན་པ་རྣམས།། དམ་པའི་དོན་དུ་བཟོད་མ་ཡིན།། ཀུན་རྫོབ་དེ་དག་ཐུགས་བརྩེ་བའི།། རྒྱུ་མཐུན་འགྱུར་བར་ཐུབ་པ་བཞེད།། ཅེས་པ་ནི་འཇིག ་རྟེན་གྱི་ཐ་སྙད་ཀྱི་གྲངས་མྱེད་ལ་སོགས་པ་བསྟན་གྱི། དེ་དག་ལ་དོན་ནམ་ཡི་གེ་སྟྭཾ་ཐ་དད་དུ་བགྷྣཱཾ་བ་མྦྷ་མཆིས་སོ།། དངོས་པོ་རྗོད་དུ་མེད་པ་ལ།། ཉམས་པ་དང་ནི་འཕེལ་མི་རུང་།། ཞེས་བྱ་བ་ནི་སྦྱིན་པ་ནས། སངས ་རྒྱས་ཀྱི་ཆོས་མ་འདྲིས་པའི་བར་དུ་བརྗོད་དུ་མ་མཆིས་པའི་ཕྱིར་འཕེལ་བ་དང་འགྲིབ་པ་མེད་དོ།། སྒོམ་ཞེས་བྱ་བའི་ལམ་གྱིས་ནི། ཀཽ་ཅི་ཞིག་ཉམས་ཤིང་ཅི་ཞིག་ཐོབ།། ཅེས་པ་ནི་རབ་འབྱོར་གྱིས་གསོལ་པ། བརྗོད་དུ་མ ་མཆིས་ན་ཕྱར་ཕྱིན་ནས་སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་མ་མཆིས་པར་འགྱུར་རོ།། བྱང་ཆུབ་ཇི་ལྟར་དེ་བཞིན་དུ།། དེ་ཡང་འདོད་པའི་དོན་སྒྲུབ་བྱེད། ཅེས་པ་ནི་ཆོས་ཉིད་ལ་གྲུབ་པ་མེད་ཀྱང་།། བྱང་ཆུབ་ཇི་ལྟ་བ་བཞིན ་འདོད་པའི་དོན་སྒྲུབ་བོ།། དེ་ལ་བརྒལ་བ་ནི་སེམས་བསྐྱེད་པ་དང་པོས་བྱང་ཆུབ་བམ། དང་པོ་ལ་མ་བརྟེན་པར་བྱང་ཆུབ། སེམས་བསྐྱེད་པ་སྐུད་མས་བྱང་ཆུབ་བམ། སེམས་སླད་མ་ལ་མ་བརྟན་པོར་བྱང་ཆུབ་ཅེས ་པའི་ལན་ནི། སེམས་ནི་སྔ་མས་བྱང་ཆུབ་པར།། རིགས་མིན་ཕྱི་མས་ཀྱང་མ་ཡིན།། མར་མེའི་དཔེ་ཡི་ཚུལ་གྱིས་སུ།། ཟབ་མོ་དེ་ནི་རྣམ་པ་བརྒྱད།། སྐྱེ་བ་དང་ནི་འགག་པ་དང་།། དེ་བཞིན་ཉིད་དང་ཤེས་བྱ་དང་། ་ཤེས་དང་སྤྱོད་དང་གཉིས་མེད་དང་།། ཐབས་ལ་མཁས་པ་ཟབ་པ་ཉིད་དང་། ཅེས་པ་ནི་སྐྱེ་བ་དང་། འགག་པ་དང་། དེ་བཞིན་ཉིད་དང་། ཤེས་པ་དང་། ཤེས་བྱ་དང་། སྤྱོད་པ་དང་། གཉིས་མེད་དང་། ཐབས་ལ་མཁ ་བ་ཟབ་པའོ།། བས་ལ་མཁས་པའི་ལེའུ་སྐྱེ་བ་ནི་བཱསྒྲ་གཉིས་པའོ།། ། ཆོས་སྐུའི་ཆེད་དུ་སྲིད་པ་དང་ཞི་བོ་མཉམ་པ་ཉིད་ནི། ཆོས་རྣམས་རྨི་ལམ་འདྲེར་གནས་ན།། སྲིད་དང་ཞི་བར་མི་རྟོག་པ།། ལས་མེད་ལ་སོགས་ཀླན་ཀ་ཡཱི།། ལ ་ནི་ཇི་སྐད་བརྗོད་པར་ཟད་། ཅེས་པོ་ལ་ཤཱ་རིའི་བུས་སྨྲས་པ། རྨི་ལམ་ནཱ་རྣམ་པར་ཐར་པའི་སྒོ་གསུམ་ལ་སྤྱད་ན་དགེ་བའི་རྩ་བ་རྣམ་པར་འཕེལ་ལམ་གྷི་ལྡན་སྤྱད་པ་ན་འཕེལ་ན་རྨི་ལམ་ནའང་འཕེལ་ལོ།། ཤཱ་རིའི་བུས ་སྨྲས་པ། རྨི་ལམ་ན་སྲོག་བཅད་ན་རྣམ་པར་སྦྱིན་པ་འོང་ངམ་ཞེས་པའི་ལན་རབ་འབྱོར་གྱིས་སྨྲས་པ། དམིགས་པ་མེད་པར་ལས་མི་འབྱུང་སམྦས་མི་སྐྱེ་བསོ།། ཤཱ་རིའི་བུས་སྨྲས་པ། རྨི་ལམྦྷ་ནྱཱ་ཕར་ཕྱིན་ལ་སྤྱད་ན ་དགེ་བའི་རྩུ་བ་འཕེལ་ལམ།། རབ་འབྱོར་གྱིས་སྨྲས་པ། བྱམས་པ་ལན་ལྗོན་གྱིས་དྲིས་ཤིག། བྱམས་པས་སྨྲས་པ། བྱམས་པ་ཞེས་བྱ་བའི་མིང་དང་།། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་སྟོང་པ་ཉིད་ལན་ལྗོན ་ནམ། ངས་ནི་གང་གིས་ལན་ལྡོན་པ་དང་གླན་པ་མ་མཐོང་ངོ་།། གཟུགས་སྐུའི་ཆེ་ངུ་ཞིང་སྦྱོང་བ་ནི། སེམས་ཅན་འཇིག་རྟེན་དེ་བཞིན་དུ།། སྣོད་ཀྱི་འཇིག་རྟེན་མ་དག་པ།། དེ་ལ་དག་པར་བྱ་བའི་ཕྱིར།། སངས་རྒྱས་ཞིང ་ནི་དག་པ་ཉིད།། ཅེས་པ་ལ་གཉིས་ཏེ། རྗེས་འཇུག་གི་ཞིང་སྦྱོང་དང་སྔོན་བྱུང་གང་གཱའེ་ལྷ་མོའོ།། རྗེསྣ་འཇུག་ནི་ཕར་ཕྱིན་དྲུག་གི་མི་མཐུན་པའི་ཕྱོགས་ནུས་བཟུང་ནས། ཞིང་སྦྱོང་ཉི་ཤུ་རྩ་ལྔ། ་འཁོར་བ་ནི་རིང་ངོ་།། སེམས་ཅན་གྱི་ཁམས་ནི་མཐའ་ཡས་སྔོ་སྙམ་པ་མཐོང་ན་བདོག་སངས་རྒྱས་པའི་ཞིང་དུ་དེ་ལྟ་བུའི་མིང་ཡང་མེད་པར་བྱ་བའི་ཕྱིར་ཕར་ཕྱིན་ལ་སྤྱོད་པའོ།། ཞིང་སྦྱོང་བའི་ཐབས་ལ་མཁས་པའི ་ལེའུ་སྟེ་བཞི་བཅུ་གསུམ་པའོ།། །། གང་གཱའི་ལྷ་མོས་བདག་གིས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱའོ་སྙམ་སྟེ། མཆོད་ཕབ་ཕུལ་བས་བཀའ་སྩལ་པ་མངོན་མར་མེ་མཛད་ཀྱི ་དྲུང་དུ་དྱ་ལུང་བསྟན་པའི་ཚེ་འདིས་ཀྱང་སྨོན་ལམ་བཏབ་པོ།། འདི་ཚེ་འདས་ནས་བུད་མྱེད་ཀྱི་ལུས་སྤངས་ཏེ་དཔེ་སྐར་མཱ་ལྟ་བུའི་བསྐལ་པ་ལ་དེ་བཞིན་གཤེགས་པ་གསེར་གྱི་མེ་ཏོག་ཅེས་བྱ་བར་འགྱུ་རོ་ལ་སོགས་པའོ།། ་གང་གྷིའི་ལྷ་མོའི་ལེའུ་སྟེ་བཞི་བཅུ་བཞི་པའོ།། །། སེམས་ཅན་གྱི་དོན་དུ་ཐབས་ལ་མཁས་པཱ་ནི། འདི་ཡི་ཡུལ་དང་སྦྱོར་བ་དང་།། དགྲ་རྣམས་ལས་ནི་འདས་པ་དང་།། མི་གནས་ཇི་བཞིན་ཤུགས་དང་ནི།། ་ཐུན་མོང་མ་ཡིན་མཚན་ཉིད་དང་།། མ་ཆགས་པ་དང་མི་དམིགས་དང་།། མཚན་མ་སྨོན་ལམ་ཟད་པ་དང་།། དེ་ཡི་རྟགས་དང་ཚད་མེད་དོང་།། ཐབས་ལ་མཁས་པ་རྣམ་པ་བཅུ།། ཞེས་པ་ལ། ཡུལ་དང་སྦྱོར་བའི་ཐ ་ལ་མཁས་པ་ནི་སྟོང་པ་ཉིད་ལ་འདྲིས་པར་བྱ་བའི་མངོན་དུ་ནི་མི་བྱའོ།། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་རོ།། གཟུགས་ལ་སོགས་པ་སྟོང་པར་ཤེས་པར་བྱ་བའི་དུས་ཡིན་གྱི། མངོན་དུ་བྱ་བ་ནི་མ་ཡིན་ནོ།། དགྲ་རྣམས ་ལས་འདས་པའི་ཐབས་ལ་མཁས་པ་ནི་སྐྱེས་བུ་དཔའ་བ་ཞིག་གིས་འབྲོག་དགོན་པར་གཉེན་མདུན་མང་པོ་ཁྲིད་དེ་དགྲའི་ཚོགས་པས་ཀྱང་དཔའ་བ་མང་པོ་སྤྲུལ་ནས་བདེ་བར་ཁྱིམ་དུ་འོང་བའི་དཔེས་སེམས་ཅན་རྣམས ་འཁོར་བ་ལས་སྒྲོལ་ལོ།། གནས་པ་མེད་པའི་ཐབས་ལ་མཁས་པའི་དཔེས་ནི་བྱ་ན་མཁའ་ལ་འཕུར་ནས་དེར་ཡང་མི་གནས་པ་ལས་ལ་ཡང་མི་ལྟུང་བའི་དཔེས་མཚན་མ་ལ་ཡང་མི་སྤྱོད་མཚན་མ་མེད་པ་མངོན་དུ་ཡང ་མི་བྱེད་དོ།། དགེ་བའི་རྩ་བ་ཤུགས་འཕེལ་བའི་དཔེ་མདའ་རྒྱུད་མར་ལོང་བཏགོས་པས་ས་ལ་ལྟུང་བའི་སྐབས་མི་འབྱེད་པའི་དཔེས་ཚོགས་མ་རྫོགས་པར་སྟོང་ཉིད་དམ་པ་ཐོབ་པར་མི་བྱེད་དོ།། ཐུན་མོང་མ་ཡིན ་པར་ཐབས་ལ་མཁས་པ་ནི། སྙིང་རྗེས་སེམས་ཅན་གྱི་དོན་བྱེད་པ་ལ་སྐྱོ་དུབ་མེད་པར་སེམས་ཅན་འདི་དག་ནི་བྱེད་པའི་སྐྱེས་བུ་བཅུ་གཉིས་ལ་འདུ་ཤེས་ཅན་ཏེ། དེ་སྤང་བའི་ཕྱིར་རྣམ་ཐར་སྒོ་གསུམ་སྟོན་པའོ།། མ ་ཆགས་པའི་ཐབས་ལ་མཁས་པ་ནི། སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་ཕྱི་ཅི་ལོག་བཞི་ལ་སྤྱོད་པས་དེ་སྤོང་བའི་ཕྱིར་རྣམ་ཐར་སྒོ་གསུམ།། མི་དམིགས་པའི་ཐབས་ལ་མཁས་པ་ནི་གཟུགས་ནས་སངྱས ་ཀྱི་ཆོས་མ་འདྲེས་པའི་བར་དམིགས་པའི་ཉེས་པ་དེ་དག་མེད་པར་བྱའོ་སྙམ་སྟེ། ཆོས་སྟོན་པའོ།། མཚན་མ་མེད་པའི་ཐབས་ལ་མཁས་པ་ནི་སེམས་ཅན་འདི་དག་ཡུན་རིང་པོ་ནས་མཚན་མ་ལ་སྤྱོད ་པ་སྟེ། བུད་མེད་དང་སྐྱེས་པ་དང་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་མཚན་མ་ལ་སྤྱོད་པ་སྤོང་བའོ།། སྨོན་པ་མེད་པའི་ཐབས་ལ་མཁས་པ་ནི་སེམས་ཅན་འདི་དག་ཡུན་རིང་པོ་ནས་སྨོན་ལམ་ལ་སྤྱོད་པ་སྟེ། བརྒྱ་བྱིན ་ལ་མངོན་པར་དགའ་བོ་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་མངོན་པར་དགའ་བའི་སྨོན་ལམ་གྱི་ཉེས་པ་སྤང་བའི་ཕྱིར་སྨོན་པ་མེད་པའི་ཆོས་སྟོན་པའོ།། ཚད་མེད་པའི་ཐབས་ལ་མཁས་པ་ནི། སྙིང་རྗེའི་དབང་གིས ་ཇི་སྐད་དུ་དྲིས་པའི་ལན་སྟོན་པའོ།། རྣམ་ཐར་སྒོ་གསུམ་གྱི་ཐབས་ལ་མཁས་པའི་ལེའུ་སྟེ་བཞི་བཅུ་ལྔ་པའོ།། །། སྦྱོར་ལམ་གྱི་རྩེ་མོ་ལ་བཞི་ལས་རྟགས་དང་རྣམ་པར་འཕེལ་བ་ལ་སོགས་པ་བཞིས ་བསྟོན།། རྟགས་ནི། རྨི་ལམ་ན་ཡང་ཆོས་རྣམས་ཀུན།། རྨི་ལམ་ལྟ་བུར་ལྷ་ལ་སོགས། རྩེ་མྱོར་ཕྱིན་པའི་སྦྱོར་བའི་རྟགས།། རྣམ་པ་བཅུ་གཉིས་དག་ཏུ་བཞེད།། ཅེས་པ་ལ་རྨི་ལམྱ་ལྟ་བུར་མཐོང་བའི་རྟགས་ནི་རྨི་ལམ་གྱི ་གནས་སྐབས་ན་ཆོས་ཐམས་ཅད་རྨི་ལམ་ནས། སྤྲུལ་པའི་བར་ལྟ་བུར་མཐོང་བའོ།། འདོད་པ་ཟད་པའི་རྟོགས་ནི་ཁམས་གསུམ་དང་ཉན་རང་གི་བྱང་ཆུབ་རྨི་ལམ་ན་ཡང་མི་འདོད་པའོ།། དེ་བཞིན་གཤེགས་པ་མཐོང་བ ་ནི་སངས་རྒྱས་འཁོར་མང་པོས་བསྐོར་བ་མཐོང་བའོ།། དེ་བཞིན་གཤེགས་པའི་རྫུ་འཕྲུལ་མཐོང་བ་ནི་ནམ་མཁའ་ལ།། འཕགས་ཤིང་སྤྲུལ་པ་འགྱེད་པ་མཐོང་བའོ།། ཆོས་སྟོན་པ་མཐོང་བ་ནི་གྲོང་ལ་སོགས་པ་བཅོམ་པ ་མཐོང་ནས་རྨི་ལམ་མམ་སྡུད་པ་ནའང་ཆོས་ཐམས་ཅད་ལྷ་རྨི་ལམ་ལྟ་བུར་བསྟན་སྙམ་པའོ།། སྙིང་རྗེ་ཕུན་སུམ་ཚོགས་པ་ནི་རྨི་ལམ་མམ་སད་པ་ན་ངན་སོང་གསུམ་མཐོང་ན་དེ་ལྟ་བུའི་མིང་ཡང་མེད་པར་བྱ་བའི་ཕྱིར ་བརྩོན་པའོ།། བདེན་པའི་ཚིག་གྲུབ་པ་ནི་གྲོང་ཁྱེར་ཚིག་པ་མཐོང་ན་དེ་ལ་བདེན་པ་བརྗོད་པའོ།། མཐུ་ཕུན་སུམ་ཚོགས་པའི་རྟགས་ནི་སྐྱེས་པ་དང་བུད་མེད་མི་མ་ཡིན་པས་ཟིན་པ་མཐོང་ན་བདེན་པ་བརྗོད་པའོ།། ་མངོན་པའི་ང་རྒྱལྔ་མེད་པའི་རྟགས་ལ་གསུམ་ལས། ཡོན་ཏན་གྱི་གཞི་ལས་བྱུང་བ་དང་། མིང་གི་གཞི་ལས་བྱུང་བ་དང་། དབེན་པའི་གཞི་ལས་བྱུང་བའི་བདུད་ཀྱི་ཕྱེ་འཐོར་ལས་ང་རྒྱལ་མི་སྐྱེ་བའོ།། ཕ་རོལ ་གནོན་པའི་དགེ་བའི་བ་ཤེས་གཉེན་བསྙེན་པ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ཕ་རོལ་ཕྱིན་པ་དྲུག་ནི་སྣ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ནི་སྟོན་པའོ།། སྒྲོན་མོ་བྷྱོ་ཤེས་པ ་ཤེས་རབ་བོ།། ངེས་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྟག་ས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཚན་ཉིད་མེད་པ་དེ་བཞིན་དུ་ཆོས་ཐམས་ཅད་ལ་སྤྱི་དང་རང་གི་མཚན་ཉིད་མེད་པའོ།། རྫོགས་པའི ་བྱང་ཆུབ་དང་ཉེ་བའི་རྟགས་ནི་བདག་ཏུ་འཛིན་པས་འཁོར་ཞིང་ཁྱམས་པས་བདག་མེད་པ་ནི་རྣམ་པར་བྱུང་བ་སྟེ་རྫོགས་པའི་བྱང་ཆུབ་དང་ཉེ་བ་ནི། རྣས་པར་འཕེལ་བའོ།། ཛམ་བུའི་ཀླུང་གི་སྐྱེ་བོ་སྐད ་སངས་རྒྱས་མཆོད་པའི་དགེ་ལ་སོགས།། དཔེར་མཛད་ནས་ནི་རྣམ་མད་དུ།། རྣམ་འཕེལ་བཅུ་དྲུག་བདུག་ཉིད་དོ།། ཞེས་པས། ཛམ་བུ་གླིང་གི་སྐྱེ་བོ་ལ་སོ་ག་མཆོད་པས་དགེ་བའི་རྩ་བ་འཕེལ་བ་ནི། སྟོང་གསུམ་གྱི་སེམས ་ཅན་ཇི་སྙེད་པ་ཐམས་ཅད་སྔ་ཕྱི་མྱེད་པར་མིའི་ལུས་ཐོབ་པར་གྱུར་ཏེ་སངས་རྒྱས་པ་དེ་དག་ལོ་རིམ་གྲོ་བྱས་པ་དང་། དེ་དགྲ་དགེ་བ་བཅུ་ནས་དགྲ་བཅོམ་པའི་བར་ལ་བཀོད་པ་བས།། རིགས་ཀྱི་བུས་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་འདི་གཞན་ལོ་སྟོན་པ་ལ་སོགས་པ་བྱས་ན་བསོད་ནམས་མང་དུ་འཕེལ་ལོ།། དེ་ཅི་སོ་ན་ཐམས་ཅད་ཀྱི་སྦྱིན་པའི་གནསུ་འགྱུར་རོ།། ཡུལ་འཁོར་གྱི་བསོད་སྙོམས་དོན་ཡོད་པར་ཟ་བའོ།། ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱེད་པ་ནི་ནོར་བུ་རིན་པོ་ཆེ་རྙེད་ནས་བོར་ན་སྡུག་བསྔལ་གྱི་རྒྱུར་འགྱུར་བའི་དཔེས་ཡུམ་ཡིད་ལ་བྱེད་པ་མྱི་དོར་བའོ།། མི་སྐྱེ་བའི་ཆོས་ལྔ་བཟོད་པ་ནི། རབ་འབྱོར་གྱིས་གསོལ་པ། གཟུགས ་ནས་རྣམ་མཁྱེན་གྱི་བར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། དེ་རྣམས་ཀྱི་དེ་བཞིན་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། དེ་མ་ཡིན་པ་གཞན་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། ་བཀའ་སྩལ་པ་དེ་ནི་མ་ཡིན་ནོ།། རབ་འབྱོར་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། གངྒཱ་སྤྱོད་པ་དང་གང་གིས་སྤྱོད་པ་དེ་མཐོང་སྙམ་མམ། གསོལ་པ་མ་མཐོང་ལགས་སོ།། མ་མཐོང་བ་དེ་ཉིད་མི་སྐྱེ་བའི་རྒྱུས་པ ་བཟོད་པ་ཐོབ་པའོ།། བྱང་ཆུབ་པར་བྱེད་པ་དང་བྱང་ཆུབ་པར་བྱ་བ་མི་དམིགས་པ་ནི་གང་གིས་བྱང་ཆུབ་པར་བྱ་བ་ལ་སོགས་པ་ཡང་དག་པར་རྫསུ་མ་མཐོང་བའོ།། རྣམ་པར་རྟོག་པ་སྦྱང་བའི་ལེའུ་སྟེ་ཞེ་དྲུག་པའོ།། ་དགེ་བ་བཅུ་ལ་སོགས་པ་ཟིལ་གྱིས་གནོན་པའི་སྟོང་གསུམ་གྱི་སེམས་ཅན་རྣམས་དག་པ་བཅུ་ཚད་མེད་པ་བཞི་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་བཀོད་པ་བས། རིགས་ཀྱི་བུ་ཡུམ་འཛིན་པ་ལ་སྩོག ་པ་ཁྱད་པར་དུ་འཕགས་པའོ།། ལྷའི་རིགས་ཐམས་ཅད་འོང་བ་ནི་རིགས་ཀྱི་བུ་ཡུམ་འཛིན་པ་ལ་སོགས་པའི་དྲུང་དུ་ལྷའི་བུ་རྣམས་ཉེ་བྱར་འོང་བའོ།། བདུད་ཀྱི་བར་ཆད་གང་ཟག་བཅུ་གཉིས་ནི། མ་མོས་པ་དང་ཐེ་ཙོམ ་ཟ་བ་དང་དགེ་བ་ཤེས་དང་བྲལ་བ་དང་། ཡུམ་མ་ཡིན་པ་ལ་སློབ་པ་དང་། ཡུམ་མ་ཡིན་པ་ལ་བསྔགས་པ་དང་། ཟབ་མོའི་གཏིང་མི་རྟོགས་ཟེར་བ་དང་། རིང་ལ་བསྟོད་པ་དང་། གཞན་ལ་བརྙས་པ་དང་། མིང་རུས་ཀྱིས ་དྲེགས་པ་དང་། ཉན་ཐོས་བརྙེས་པ་དང་འགྲོ་འདྲེ་བ་དང་། བྱང་ཆུབ་སེམས་དཔའ་ནང་རྩོད་པ་དང་། ཞིང་ཁྱད་པར་ཅན་ལ་རྩོད་པའོ།། མཐུ་བཅོམ་པ་ནི་རིགས་ཀྱི་བུ་ཡུམ་འཛིན་པ་སོགས་པ་ལ་བདུད་ཟུག་རྔུ་ལངས་ནས ་བར་ཆོད་བྱས་ཀྱང་མི་ཚུགས་པའོ།། སྟོན་པ་དང་མཚུངས་པ་ནི་རིགས་ཀྱི་བུ་ཡུམ་འཛིན་པ་ལ་སོགས་པ་ལ་ནི། སྟོན་པ་དང་མཚུངས་པར་བལྟ་སྟེ་གྲུ་གཅིག་ཏུ་ཞུགས་པ། བསླབ་པ་མཉམ་པའོ།། སྤྱོད་པའི ་འུ་སྟེ་བཞི་བཅུ་བདུན་པའོ།། །། བསླབ་པ་མཉམ་པ་ནི་སྟོང་པ་བཅཝོ་བརྒྱད་གཟུགས་ནས་རྣམ་མཁྱེན་གྱི་བར་སྟོང་པའོ།། དེ་ལ་རབ་འབྱོར་གྱིས་སྨྲས་པ། གཟུགས་ནས་རྣམ་མཁྱེན་གྱི་བར་ཟད་པ་དང་། མི་སྐྱེ ་པ་དང་སྟོང་པ་དང་། རང་བཞིན་མེད་པར་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་ཞེས་པའི་ལན་ཟད་པ་དང་མི་སྐྱེ་བ་དང་དབེན་པ་དང་ངོ་བོ་ཉིད་མེད་པ་ལ་སློབ་ན་ཡུམ་ལ་སློབ་པ་ལགས་སམ་ཟེར་བ་དེ ་ད་ཀྱིས་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་དེ་བཞིན་ཉིད་ལ་ཟད་པ་དང་མི་སྐྱེ་བ་དང་སྟོང་པ་དང་རང་བཞིན་མེད་པ་དང་དབེན་པའི་རང་བཞིན་མཐོང་ངམ་དྲིས་པས་མ་མཐོང་ལགས་སོ།། སངས་རྒྱས་ཀྱི་རིགས་ཅན་དུ་འགྱུར ་དེ། དེ་ལྟར་སློབ་པ་དེ་ཕ་རོལ་ཏུ་ཕྱིན་པ་ནས་རྣམ་མཁྱེན་གྱི་བར་ལ་མི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན་ནོ།། སངས་རྒྱས་ཐོབ་པའི་རྒྱུ་མཚན་ནི་མཁར་གྱི་རྒྱལ་པོ་བས་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ལས་བསགས ་ཉུང་བའི་དཔེས་ཡུམ་ལ་སློབ་པ་དཀའོ།། ཕ་རོལ་ཏུ་ཕྱིན་པ་དང་མི་མཐུན་པའི་སེམས་མི་སྐྱེ་བ་ནི་དེ་ལྟར་སྤྱོད་པ་ལ་ནི་སེར་སྣ་ལ་སོགས་པ་མི་འབྱུང་ངོ་།། གཟུགས་ལ་སོགས་པ་མི་འཛིན་པ་ནི་ཡུམ་ལ་སྤྱོད་པ་དེ་གཟུགས ་ནས་རྣམ་མཁྱེན་གྱི་བར་དུ་ཡོངས་སུ་མི་འཛིན་ཏོ།། དགེ་བ་ཐམས་ཅད་སྡུད་པ་ནི་འཇིག་ཚོགས་ཀྱི་ལྟ་བར་ལྟ་བ་ཐམས་ཅད་འདུས་པས་རྗེས་འགྲོ་དང་། སྲོག་གི་དབང་པོ་འགགས་ན་དབབ་པོ་གཞན་འགགས་པས་ལྡོག་པའི་དཔེས ་ཡུམ་དུ་དགེ་བ་ཐམས་ཅད་འདུས་པའོ།། ཕུན་སུམ་ཚོགས་པ་ཐོབ་པ་ནི་ཡུམ་ཡོད་ན་དགེ་བ་ཐམས་ཅད་ཕུན་སུམ་ཚོགས་པའོ།། རྫོགས་པའི་བྱང་ཆུབ་དང་ཉེ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དང་རིང་ལ་རྫོགས་པའི་བྱང་ཆུབ་དང ་ཉེ་བའོ།། བསླབ་པ་མཉམ་པའི་ལེའུ་སྟེ་བཞི་བཅུ་བརྒྱད་པའོ།། །། ངེས་པ་ནི་སེམས་ཅན་དོན་ཡོངས་མཱི་གཏོང་བྱ།། ཀུན་མཁྱེན་ཉིད་གསུམ་ཆོས་རྣམས་ཀྱིས།། ཡོངས་སུ་རྫོགས་པ་བླ་ན་མེད་པ།། ངེས་པ ་ཞེས་ནི་རབ་ཏུ་བརྗོད།། ཅེས་པ་ནི་བརྒྱ་བྱིན་འདི་སྙམ་དུ་སེམས་པར་གྱུར་ཏེ། ཕ་རོལ་ཏུ་ཕྱིན་པ་ན་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་ཐོབ་པས་ཀྱང་དགེ་བ་གཞན་ཟིལ་གྱིས་གནོན་ནུ། བླ་ན་མེད་པའི་བྱང་ཆུབ་ལྟ་ཅི་སྨོས། སེམས ་ཅན་གང་བླ་ན་མེད་པའི་བྱང་ཆུབ་ལ་སླས་མྱོས་ཤིང་དམིགས་པ་ལས། སངས་རྒྱས་ཀྱི་ཆོས་རྣམ་པ་ཐམས་ཅད་མཁྱེན་པའི་ཆོས་རང་བྱུང་གི་ཆོས་ཟག་པ་མེད་པའི་ཆོས་རྣམས་ཡོང་སུ་རྫོགས་པར་གྱུར་ཅིག། སེམས་ཀུན་ཏུ་གནས ་པ་ནི། གླིང་བཞི་པ་དང་སྟོང་དག་དང་། སྟོང་གཉིས་གསུམ་དག་པར་དཔེར་བྱས་ནས། བསོད་ནམས་མང་པོ་ཉིད་ཀྱིས་ནི།། ཏིང་འཛིན་ཡོངསུ་བསྒྲགས་པ་ཡིན།། ཞེས་པ་ནི་སེམས་དང་པོ་བསྐྱེད་པ་དང་། སྤྱོད་པ་ཡུན་རིང་དུ ་སྦྱངས་པའི་སེམས་བསྐྱེད་པ་ལ་རྗེ་སུ་ཡི་རང་བ་ནི་ཆུད་གཟུང་བར་མི་ནུས་ཀྱིས།། སྟོང་གསུམ་གྱི་རྡུལ་ཕྲ་རབ་དེ་རྣམས་ཀྱི་རྒྱ་མཚོ་ཆེན་པོ་རྣམས་སྐྲའི་ཉག་མ་རེ་རེས་བླངས་ནས་ཚད་གཟུང་བར་ཡང་མི་ནུས་སོ།། ་གཟུངས་རྟོག་གི་མདོར་བསྟན་ནི། འཇུག་པ་དང་ནི་ལྡོག་པ་དང་།། གཟུང་བའི་རྣམ་རྟོག་སོ་སོར་དེ།། དགུའི་བདག་ཉིད་ཇི་བཞིན་ཡུལ། མིན་པའི་བདག་ཉིད་དག་ཅེས་བྱ།། ཞེས་པ་ལ། འཇུག་ལྡོག་གི་རྣམ་རྟོག་གི་དབྱེ་བའོ།། ཡུལ ་ཇི་ལྟ་བ་མ་ཡིན་པ་ནི་ཕྱིན་ཅི་ལྡོག་སྟེ་རྣམ་ནོག་གི་ངོ་བོའོ།། འཛིན་རྟོག་མདོར་བསྟན་པ་ནི། སེམས་ཅན་རྫས་དང་བཏགས་ཡོད་པ།། རྣམ་རྟོག་འཛིན་པ་དག་ཏུ་འདོད།། སོ་སོའི་སྐྱེ་བོ་འཕགས་དབྱེ་བས།། སོ་སོར་དེ ་དག་དགུ་བདག་ཉིད། གལ་ཏེ་གཟུང་དོན་དེ་བཞིན་མེད།། དེ་དག་གང་གི་འཛིན་པར་འདོད།། ཅེས་པ་ལ། སོ་སོའི་སྐྱེ་བོའི་རྣམ་རྟོག་རྫས་སུ་འདོད་པ་དང་། འཕགས་པའི་རྣམ་རྟོག་བཏགས་པ་གཉིས་ནི་དབྱེ་བའོ།། གཟུང ་བ་མེད་པར་འཛིན་པ་ནི།། ཕྱིན་ཅི་ལོག་སྟེ་རྣམ་རྟོག་གོ། དེ་རེ་རེ་ལའང་དགུ་དགུའོ།། འཇུག་པའི་ཕྱོགས་ཀྱི་རྣམ་རྟོག་རྒྱས་བཤད་ནི།། ངོ་བོ་ཉིད་དང་རིགས་དང་ནི།། ལམ་ནི་ཡང་དག་འགྲུབ་པ་དང་།། ཤེས་པའི་དམིགས་པ ་མ་འཁྲུལ་དང་།། མི་མཐུན་ཕྱོགས་དང་གཉེན་པོ་དང་།། རང་གི་རྟོགས་དང་བྱེད་པ་དང་། དེ་ཡི་ལས་བྱས་འབྲས་བུ་ལ།། འཇུག་པའི་ཕྱོགས་ཀྱི་རྟེན་ཅན་གྱི།། རྣམ་རྟོག་དེ་ནི་རྣམ་དགུར་འདོད།། ཅེས་པ་ནི། ངོ་བོ་ཉིད་ཀྱི་རྣམ ་བླུན། རབ་འབྱོར་རྒྱུ་སྨྲས་པ། སྒྱུ་མ་ལྟ་བའི་སེམས་ཇི་ལྟར་འཆང་རྒྱ་ལགས་ཀྱུ་ལན་ཁྱོད་ཀྱིས་སྨྲ་བ་ལྟ་བུའི་སེམས་དང་། དེ་ལས་གཞན་པ་ཡང་དག་པར་རྗེས་མཐོང་ངམ། རབ་འགྱུ་རྒྱས་གསོལ་པ། མ་མཐོང་ལགས ་ཅིས་ན་ཀུན་ནས་ཉོན་མོངས་དང་རྣམ་བྱང་གི་ཆོས་རྣམ་ཐམས་ཅད་མེད་ཅིང་མི་དམིགས་པས་སངས་རྒྱ་བ་མ་མཆིས་སོ།། དེ་ཅིས་ན་གཟུགས་ནས་རྣམ་མཁྱེན་གྱི་བར་ནི་ཤིན་ཏུ་དབེན་པའོ།། རིགས་ལ་རྣམ་པར་རྟོག་པ་ནི་ནམ་མཁའ་དང་། ་སྤྲུལ་པ་དང་། གཟུགས་བརྙན་དང་། འཁྲུལ་འཁོར་ལ་ཉེ་རིང་མེད་པའི་དཔེས་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པ་ནི་ཉཝཥ་དང་རིང་ལ། རྫོགས་པའི་བྱང་ཆུབ་དང་ཉེའོ་སྙམ་དུ་མི་སེམས་སོ།། དེ་ཅིས་ན་གཟུགས་ནས་རྣམ་མཁྱེན་གྱི་བར ་དུ་རྣམ་པར་རྟ་མི་རྟོག་པས་སོ།། ལམ་འགྲུབ་པ་ལ་མི་རྟོག་པ་རབ་འབྱོར་གྱིས་གསོལ་པ་ཆོས་ཐམས་ཅད་རྣམ་པར་མི་རྟོག་ན་འགྲོ་བ་རིས་དྲུག། རྒྱུན་ཞུགས་ལ་སོགས་པའི་འཕགས་པ་ཇི་ལྟར་བྱུང་བ་ལགས་ཞེས་པའི་ལན་རིག་དྲུག་ནི་འཁྲུ ་པཱ་ལས་བྱུང་ལ། རྒྱུན་ཞུགཔ་ལ་སོགས་པ་ནི་རྣམ་པར་མྱི་རྟོག་པ་ལས་ཡིན་ནོ།། ལེའུ་བཞི་བཅུ་དགུ་པའོ།། །། ཤེས་པའི་དམྱིགས་པ་མ་འཁྲུལ་པའི་རྟོག་པ་ནི་ཤཱ་རིའི་བུས་སྨྲས་པ། རིགས་ཀྱི་བུ་ཡུམ་ལ་སྤྱོད ་པའི་ཕ་རོལ་ཏུ་ཕྱིན་པ་ནས་མ་རྣམ་མཁྱེན་གྱི་བར་གྱི་སྙིང་པོ་ལ་སྤྱོད་པ་ལགས་སོ།། རབ་འབྱོར་གྱིས་སྨྲས་པ། བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པ་ལ་སྙིང་པོ་མེད་པ་ཉིད་ཀྱང་མི་དམིགས་ན་གཟུགས་ནས་རྣམ་མཁྱེན་གྱི་བར་དུ ་སྙིང་པོ་ལ་སྤྱོད་པ་ལྟ་ཅི་སྨོས། མི་མཐུན་པའི་གཉེན་པོའི་རྣམ་རྟོག་ནི་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་ཀྱང་། དག་པའི་མཐའ་མངོན་དུ་མ་མི་བྱེད་པ་ནི་དཀའ་བ་བྱེད་པའོ།། རང་གི་རྟོག་པའི་རྣམ་རྟོག་ནི་རབ ་འབྱོར་གྱིས་སྨྲས་པ། ཡུལ་སྤྱོད་ཀྱང་ཡང་དག་པའི་མཐའ་མངོན་མི་བྱེད་པ་ནི་དཀའ་སྟེ། དེ་བས་ཀྱང་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་དགོད་པར་འདོད་པ་ནི་དཀའོ།། དེ་ཅིས་ནན་མཁའ་མེད་པ་དང་སྟོང་པ་དང་དབེན་པ་དང་། ་གསོག་དང་གསོ་བ་བཞིན་དུ་སེམས་ཅན་མེད་པའི་དོན་བྱེད་པ་ནི་མོ་ན་མཁའ་དང་རྩོད་པར་འདོད་པ་ནམཁའ་འདུལ་བར་འདོད་པའོ།། དེ་ཅིས་ན་ཆོས་ཐམས་ཅད་དབེན་པའི་ཕྱིར་རོ།། དེ་ལྟར་རྟོགས་པའི་ཕན་ཡོན་དྲུག་ནི་ལྷ་རྣམས ་ཕྱག་འཚལ་བ་དང་། སངས་རྒྱས་དགོངས་པ་དང་། བདུད་ཀྱི་བར་ཆད་ཀྱིས་མི་ཚུགས་པ་དང་། ལྷའི་བུ་སྤྲོ་བ་སྐྱེད་པ་དང་། དེ་བཞིན་གཤེགས་པ་ཆེད་དུ་བརྗོད་པ་མཛད་པ་དང་། དེ་བཞིན་ཉིད་ལ་གནས་ཤིང་བྱང་ཆུབ་པའོ།། བྱེད་པའི ་རྣམ་རྟོག་ནི་དེ་བཞིན་ཉིད་ཀྱང་མེད་དེ་དེ་ལས་གཞན་པ་མེད་ན། དེ་བཞིན་ཉིད་ལ་གནས་ནས་སངས་རྒྱུནྡ་ཚྭས་བསྟན་ན་ལུང་སྟོན་པ་གང་ཡང་མེད་དོ།། ཆགས་པ་མེད་པའི་ལེའུ་སྟེ་ལྔ་བཅུ་པའོ།། །། ལུས་སུ་བྱ་བའི་རྣམ་རྟོག་ནི། ་རབ་འབྱོར་ན་ཅི་དང་ཅི་སྟོན་པ་དེ་ཐམས་ཅད་སྟོང་པ་ཉིད་ལས་བརྩམས་ཤིང་ཆོས་སྟོན་པས་ན། སྦྱིན་པ་ནས་རྣམ་མཁྱེན་གྱི་བར་དུ་ཡང་མེད་ན། སྦྱིན་པ་ལ་སོགས་པ་ལ་སྤྱོད་པ་ལྟ་ཅི་སྨོས། འབྲས་བུའི་རྣམ་པར་རྟོག་པ་ནི་འཕགས ་རབ་འབྱོར་གྱིས་གནས་པ་དེས་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཆར་ཡང་ཕ་མི་ཕྲོད་ངོ་དོ།། དེ་ལ་དགེ་སློང་བསྣངམ་དུ་ཙམ་མཆེད་པ་ཕུལ་ནས་ལུང་བསྟན་པའོ།། བྱང་ཆུབ་སེམས་དཔའི་མཐོང་ལམ་དངོས་ལ་དྲུག་། ་བྱང་ཆུབ་ཀྱི་རྒྱུ་དང་དང་། གཞན་ཟད་པ་དང་ཤེས་པ་དང་མི་སྐྱེ་བ་ཤེས་པ་དང་། བྱང་ཆུབ་ཡིན་པ་དང་། རྟེན་འབྲེ་ལ་རང་བཞིན་མེད་པ་ལ་ཟད་པ་དང་མི་སྐྱེ་བ་དང་མེད་པ་དང་། ཡོད་པར་འདོད་པ་ལ་བྱང་ཆུབ་མེད་པ་དང་། ་འཁྲུལ་པ་ལ་འཁྲུལ་པར་ངོ་ཤེས་པ་ཡུམ་དང་། ཡུམ་ཡོད་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པའོ།། བྱང་ཆུབ་ཀྱི་རྒྱུ་གསུམ་ནི། བྱང་ཆུབ་ལ་གཞན་སྟོན་པ་དང་།། དེ་ཡི་རྒྱུ་ནི་ཡོངས་གཏོད་དང་། དེ་འཐོབ་པར་ཚད་མེད་པའི ་རྒྱུད་བསོད་ནམས་མང་པོའི་མཚན་ཉིད་དོ།། བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པ་དེ། སངས་རྒྱས་ཀྱི་ཞིང་གཞན་དང་དགའ་ལྡན་གྱི་གནས་དང་། མིའི་ནང་ནས་ཚེ་འཕོས་པའོ།། དེ་བཞིན་དུ་གཤེགས་པ་དགེ་བའི་རྩ་བ་བསྐྱེད ་པའོ།། སངས་རྒྱས་མངོན་དུ་གྱུར་པའོ།། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལ་སྐྱེད་པས་ཐེག་པ་འོག་མར་མི་ལྟུང་བའོ།། ཡོངསུ་གཏོད་པ་ནི་ཀུན་དགའ་བོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཁྱོད་ལ་ཀྱི་གཏད་ཀྱིས་ཆུང ་མ་གསན་པར་ཟུང་ཞིག། འདི་བཟུང་ན་དུས་གསུམ་གྱི་བྱང་ཆུབ་བཟུང་བར་འགྱུར་རོ།། ང་སྟོན་པ་ཡིན་པ་བཞིན་དུ་འདི་ཡང་སྟོན་པ་ཡིན་ནོ།། འདི་ལ་མཆོད་པ་ལ་སོགས་པ་བྱས་ན་དུས་གསུམ་གྱི་སངས་རྒྱས་དང་ང་ལ ་མཆོད་པ་བྱས་པ་ཡིན་ནོ།། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འདི་ལས་བྱུང་བ་ཡིན་ནོ།། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་སྤྱད་ཀྱང་ཟད་ཟ་བར་མ་གྱུར་པ་མཛོད་ཡིན་ནོ།། བསོད་ནམས ་མང་བ་ནི་སྟོང་གསུམ་གྱི་སེམས་ཅན་དགྲ་བཅོམ་པ་ཉིད་བཀོད་པ་བས་ཡུམ་ཚོགས་འགའ་ཞིག་སྐད་ཅིག་གམ་ཡུམ་ཡུད་ཙམ་བྱང་ཆུབ་སེམས་དཔའ་ལ་བྱིན་ན་བསོད་ནམས་ཆེའོ།། གང་ཡང་མཐོང་བ་མེད་པའི་ཚུལ་གྱིས ་དེ་ཁོ་ན་ཉིད་མཐོང་བ་ནི་མཐོང་ལམ་བརྡ་ཡིས་བསྟན་པའོ།། ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པ་ནི། དྲི་མ་ཟད་དང་མི་སྐྱེ་བའི།། ཡེ་ཤེས་བྱང་ཆུབ་ཅེས་བརྗོད་དེ། ཟང་མེད་སྐྱེ་མེད་ཕྱིར་དེ་དག། གོ་རིམ་བཞིན་དུ་ཤེས་པར་བྱ་ཞེས ་པ་ནི། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཡུམ་ལས་བྱུང་ཡང་ཟད་པར་མ་གྱུར་ཏེ། བསམ་གཏན་ནུས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ།། དེ་ཅིས་ན་སྐྱེ་བའང་མེད་ན་ཟད་པར ་འགྱུར་བ་ལྟ་ཅི་སྨོས། ཡོངས་སུ་གཏད་པའི་ལེའུ་སྒྱིང་གཅིག་པའོ།། །། རྟེན་འབྲེལ་རང་བཞིན་མེད་པ་ལ་ཟད་པ་དང་སྐྱེ་བ་མི་འཐད་པ་ནི། འགོག་པ་མེད་པའི་རང་བཞིན་ལ།། མཐོང་ཞེས་བྱ་བའི་ལམ་གྱིས་ནི། ་རྣམ་པར་རྟོག་རིས་ཅི་ཞིག་ཟད། སྐྱེ་མེད་རྣམ་པ་ཅི་ཞིག་ཟད། ཅེས་པ་ནི་གཟུགས་ནས་རྟེན་འབྲེལ་གྱི་བར་དུ་མི་ཟད་པ་དང་། ཟད་མི་ཤེས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ།། ཡོད་པར་འདོད་པ ་ལ་འགྲོལ་བ་མི་འཐད་པ་ནི། གཞན་གྱི་ཆོས་རྣམས་ཀྱང་ཡོད་ལ།། ཤེས་བྱ་ལ་ཡང་སྟོན་པ་ཡི།། སྒྲིབ་པ་ཟད་པར་བརྗོད་པ་གང་། འདི་ལ་ཁོ་བོས་མཚར་དུ་བརྩིས།། ཤེས་པ་ནི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་ཐམས་ཅད་ནི། ་རྟེན་ཅིང་འབྲེལ་པར་འབྱུང་བ་སྐྱེ་བ་མེད་པ་དང་། ཟད་པ་མེད་པ་མ་རྟོག་པས་ཕྱིར་མི་ལྡོག་པའོ།། འཁྲུལ་པ་འཁྲུལ་པར་ངོ་ཤེས་པའི་ཡུམ་ནི། འདི་ལ་གསལ་བ་ཅི་ཡང་མེད།། བསྟེན་པར་བྱ་བ་ཅུང་ཟད་མེད།། བསྟན་པར་བདག ་ཡང་དག་ཉིད་ལ་ཡང་དག་ལྟ། ཡང་དག་མཐོང་ན་རྣམ་པར་གྲོལ།། ཞེས་པས་བྱང་ཆུབ་སེམས་དཔའ་ཡུམ་སྤྱོད་པས། བྱེད་པའི་སྐྱེས་བུ་བཅུ་གཉིས་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་རྟག་པ་དང་མི་རྟག། བདེ་བ་དང་སྡུག ་བསྔལ། བདག་དང་བདག་མེད། ཞི་བ་དང་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ཅིས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནས་སངས་རྒྱས་ཀྱི་ཆོས་པ་མ་འདྲེས་པའི་བར་ཡང་དག་པར་རྗེས་སུ་མི་མཐོང་།། ཆོས་གང་གིས ་མཐོང་བར་གྱུར་པ་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་།། མི་ཟད་པའི་ལེརུ་སྒྱུ་ལྔ་བཅུ་གཉིས་པའོ།། ། ཡུམ་དུ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་རྟོགས་པ་ནི། སྦྱིན་པ་ལ་སོགས་རེ་རེ་ལ།། དེ་དག་ཕན་ཚུལ ་བསྡུས་པ་གང་།། སྐད་ཅིག་གཅིག་གིས་བཟོད་པ་ཡིན།། བསྡུས་པ་དེ་འདིར་མཐོང་བའི་ལམ། ཞེས་པ་ནི་ཕ་རོལ་ཏུ་ཕྱིན་པ་རེ་རེ་ལཾ་དྲུག་གོ།། སྐབམོ་འདིར་སྒོམ་ལམ་གྱི་ཏིང་ངེ་འཛིན་ནོ།། དེ་ནས་སེང་གེ་རྣམ་བསྒྱིངས་པའི། ་ངེ་འཛིན་ལ་ཞེས་པ་ལ་སྩོགས་སོ།། ཐོང་རྒལ་གྱི་ལེའུ་སྟེ་ལྔ་བཅུ་གསུམ་པའོ།། ། ལེའུ་འདི་ནས་མཐོང་ལམ་གྱི་རྟོག་པ་དགུ་གསུམ་བསྒོམ་ལམ་གྱི་རྟོག་པ་དགུ་བཞི་སྟོན། དེ་ལས་མཐོང ་ལམ་གྱི་ལྡོག་པའི་ཕྱོགས་ཀྱི་རྟོག་པ་ནི། སྲིད་དང་ཞི་བར་ལྟུང་ཕྱིར་དང་།། རྟོག་པ་དམན་པ་ཉིད་དང་ནི།། ཡོངས་སུ་འཛིན་པ་མེད་པ་དང་།། ལམ་གྱི་རྣམ་པ་མ་ཚང་དང་།། གཞན་གྱི་རྐྱེན་གྱིས་འགྲོ་བ་དང་།། ཆེད་དུ་བྱ་བ་ལོག་པ ་དང་།། ཉི་ཚེ་བཱ་དང་སྣ་ཚོགས་ཉིད།། གནས་དང་འཇུག་ལ་རྨོངས་པ་དང་།། རྗེས་ལ་འགྲོ་ཞེས་བྱ་བ་ལ།། རྣམ་རྟོག་དགུ་ཡི་བདག་ཉིད་འདྲི།། ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་དེ།། ཉན་ཐོས་ལ་སོགས་ཡིད་ལས་འབྱུང་།། ཞེས ་པ་ལ་སྲིད་དང་ཞི་བར་མི་ལྟུང་བ་ནི་ཉི་མའི་དཀྱིལ་འཁོར་ནི་གླིང་བཞི་ལ་མཐུན་པར་འཇུག་གོའི་དཔེ་དང་། རྟོགས་པ་དམན་པ་ཉིད་ནི་རིན་པོ་ཆེ་སྣ་བདུན་དྲང་བྲལ་ན་འཁོར་ལོས་སྒྱུར་བའི་མིང་མི་ཐོབ་པའི་དཔེ་དང་། ཡོངསུ་འཛིན ་པ་མེད་པ་ནི་ཁྱིམ་ཐབ་མེད་པའི་བུད་མེད་འཕྱོན་མ་རྣམས་ཀྱིས་ཚུགས་པའི་དཔེ་དང་། ལམ་གྱི་རྣམ་པ་མ་ཚང་བ་ནི་གོ་མཚོན་ཚད་བའི་དཔའ་བོ་གཞན་གྱིས་མི་ཐུབ་པའི་དཔེ་དང་། གཞན་གྱི་རྐྱེན་གྱིས་འགྲོ་བ་ནི་མཁར་གྱི་རྒྱལ ་རྣམས་འཁོར་ལོས་སྦྱར་བའི་དྲུང་དུ་ནང་ནུབ་འགྲོ་བོའི་དཔེ་དང་། ཆེད་དུ་བྱ་བ་ལོག་པ་ནི་ཆུ་རྣམས་གང་གཱ་དང་འགྲོགས་ན་རྒྱ་མཚོ་ཆེན་པོར་རྡོལ་བའི་དཔེ་དང་། ཉི་ཚེ་པ་ནི་ཐབས་ཅལག་པ་གཡོན་པ་དང་འདྲ་བའི་དཔེ་དང་། ་ཚོགས་ཉིད་ནི་ཆུ་ཀླུང་རྣམས་རྒྱ་མཚོར་ཕྱིན་ན་རོ་གཅིག་དུ་གྱུར་པའི་དཔེ་དང་། གནས་དང་འཇུག་ལ་རྨོངས་པ་ནི། འཁོར་ལོས་སྒྱུར་བའི་རྒྱལ་པོའི་རྗེས་སུ་རིན་པོ་ཆེ་སྣ་བདུན་འབྲང་བའི་དཔེ་ཡུམ་གྱི་རྗེས་སུ་ཕ་རོལ་ཏུ་ཕྱིན་པ་ལྔ ་འབྲང་བ་ནི་བྱང་ཆུབ་སེམས་དཔའ་ཡིན་ལ། ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་ནི་ཉན་ཐོས་ཀྱི་ཡིན་ནོ།། འཛིན་པའི་རྣམ་པར་རྟོག་པ་དང་པོ།། འཛིན་པ་དང་ནི་གཏོང་བ་དང་།། ཡིད་ལ་བྱེད་དང་ཁྱམས་རྣམས་ནི།། གསུམ་ཆར་ཉེ་བར ་འབྲེལ་པ་དང་།། གནས་དང་མངོན་པར་ཞེན་པ་དང་། ཆོས་ཀྱི་དངོས་པོ་བརྟགས་པ་དང་།། ཆགས་པ་དང་ནི་གཉེན་པོ་དང་།། ཇི་ལྟར་འདོད་བཞིན་འགྲོ་ཉམས་ལ།། འཛིན་པོ་དང་པོར་ཤེས་པར་བྱ།། ཞེས་པ་ལཱ། འཛིན ་པ་དང་གཏོང་བའི་རྣམ་པར་རྟོག་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་མི་འཛིན་མི་གཏོང་ངོ་།། ཡིད་ལ་བྱེད་པའི་རྟོག་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་ཡིད་ལ་མི་བྱེད་དོ།། ཁམས་གསུམ་དང་ཉེ་བར་འབྲེལ་པ་ནི་གཟུགས ་ནས་རྣམ་མཁྱེན་གྱི་བར་ཡིད་ལ་བྱས་ན་ཁམས་གསུམ་དང་འབྲེལ་ལོ།། གནས་ཀྱི་རྟོགས་པ་ནི་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པ་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་མི་གནས་སོ།། མངོན་པར་ཞེན་པའི་རྟོག་པ ་ཆོས་ནི་རྣམས་ལ་མ་ཆགས་པའོ།། ཆོས་ཀྱི་དངོས་པོ་བཏགས་པའི་རྟོག་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དེས་ཆོས་ཐམས་ཅད་སྒྲུབ་པ་དང་། དེས་ཆོས་འཛིན་པར་མ་བཏགས་པའོ།། ཆགས་པའི་རྟོགས་པ་ནི ་དེ་ཚོའི་སྐྱོན་མེད་པའོ།། གཉེན་པོའི་རྟོག་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་གཟུགས་ཤེ་འམ། འདི་ནི་གཟུགས་སོ་ཞེ་འམ། རྟག་པ་དང་མི་རྟོག་པ་དང་བདེ་བ་དང་སྡུག་བསྔལ་དང ་བདག་ཡོད་མེད་དང་། ཞི་བ་དང་མ་ཞི་བ་དང་། སྟོང་པ་དང་མི་སྟོང་པ་དང་། མཚན་མ་ཡོད་པ་དང་མཚན་མ་མེད་པ་དང་། སྨོན་པ་ཡོད་མེད་དང་། དབེན་པ་དང་མི་དབེན་ཞེས་བྱ་བར་མི་རྟོག་སྟེ། ངོ་བོ་ཉིད་མེད་པའི་ཕྱིར་རོ།། རྟོག ་པ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་དཔུང་གི་ཚོགས་ཡན་ལག་བཞི་ནི་གང་དང་གང་འགྲོ་བ་དེ་དང་དེར་དཔུང་ཚོགས་འགྲོ་བ་བཞིན་དུ། ཕ་རོལ་ཏུ་ཕྱིན་པ་ལྔ་ཤེས་རབ་ཀྱི་ཕ་རྗེསུ་འབྲང་ངོ་།། འཛིན་པའི་རྣམ་པར་རྟོག ་པ་གཉིས་པ། ཆེད་བཞིན་ངེས་པར་མི་འབྱུང་དང་།། ལམ་ལ་ལམ་མིན་ངེས་འཛིན་དང་།། འགག་དང་བཅས་པའི་སྐྱེ་བ་དང་།། དངོས་པོ་ལྡན་དང་མི་ལྡན་དང་།། གནས་དང་རིགས་ནི་འཇིག་པ་དང་།། དོན་དུ་གཉེར ་དང་རྒྱུ་མེད་དང་། ཕྱིར་རྒོལ་བ་ནི་དམིགས་པ་ལ། འཛིན་པའི་རྣམ་རྟོག་གཞན་ཡིན་ནོ།། ཞེས་པ་ལྔ་ཆེད་བཞིན་དུ་ངེས་པར་མི་འབྱུང་བའི་རྟོག་པ་ནི་ཁ་ལོ་བསྒྱུར་བ་ནི་རྟ་ཟུང་བཞི་པའི་ཤིང་རྟ་ལ་ཞོན་ནས་ལམ་མཉམ། ་པ་ནས་འགྲོ་བའི་དཔེས་ཕ་རོལ་ཏུ་ཕྱིན་པ་ལྔ་ཤེས་རབ་ཀྱིས་ཁ་ལོ་བསྒྱུར་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་ནས་འགྲོའོ།། ལམ་ལ་ལམ་མ་ཡིན་པར་ངེས་པར་འཛིན་པའི་རྟོག་པ་ནི་རྣམ་པ་ཐམས་ཅད ་མཁྱེན་པ་ཉིད་ཐོབ་པར་བྱ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྔོན་དུ་འགྲོ་བའི་ཕ་རོལ་ཏུ་ཕྱིན་པ་ལྔ་ནི་ལམ་ལ། ལྗང་གི་ལམ་མཱ་ཡིན་པའོ།། འགག་དང་བཅས་པའི་སྐྱེ་བ་ནི། ཆོས་ཐམས་ཅད་སྐྱེ་འགག་མེད་པ་ལ་རྣམ་པ ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆེད་དུ་སྦྱིན་པ་ནས་རྣམ་མཁྱེན་གྱི་བར་དུ་སྤྱོད་པའོ།། དངོས་པོ་དང་ལྡན་གྱི་བ་པ་དང་མི་ལྡན་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་ལྗོན་པ་དང་མི་ལྡན་པའི་ཚུལ་གྱིས་ཡུམ་ལ་སྤྱོད་པའོ།། ། ་གནས་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་མི་གནས་པའོ།། རིགས་འཇིག་པ་ནི་ཤིང་རྟོག་ཨེ་མྦྷ་འམ་པ་ན་ཟ་བར་འདོད་པས་དེའི་སོ་ནཱ་མ་བྱེད་པའི་དཔེས་བྱང་ཆུབ་པར་འདོད་པས་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ། ་དོན་དུ་གཉེར་བཱ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་འདོད་པའོ།། རྒྱུ་མེད་པ་ནི་རྒྱ་མཚོ་ཆེན་པོ་ནི་ཆུ་ཀླུང་ཐམས་ཅད་ཀྱི་སྒོའི་དཔེས་ཆོས་ཐོམས་ཅད་ཀྱི་སྒོ་ཤེས་རབ་ཕ་རོལ་ཕྱིན་མའོ།། ཕྱིར་རྒོལ ་བྱ་དམིགས་པའི་རྟོག་པ་ནི་སྐྱེས་བུ་གོ་མཚོན་ཚང་བ་ཕས་ཀྱི་རྒོལ་བློས་མི་ཚུགས་པའི་དབྱིས་ཕ་རོལ་ཏུ་ཕྱིན་པ་ལྔ་ཤེས་རབ་ཀྱིས་ཟིན་ན་གཞན་གྱིས་མི་འཕྲོགས་པའོ།། །། བསྒོམ་ལམ་གྱི་རྣམ་པ ་རྟོག་པ་བཞི་ལས་དང་པོ་ནི། མདོར་སྡུས་རྒྱས་དང་སངས་རྒྱས་ཀྱིས།། བསྟང་བས་ཡོང་སུ་མ་གཟུང་བ་དང་། དུས་གསུམ་ཡོན་ཏན་མེད་པ་དང་།། ལེགས་པའི་ལམ་ནི་རྣམ་གསུམ་ལ།། གཟུང་བའི་རྣམ ་རྟོག་འདི་གཅིག་སྟེ།། སྦྱོར་བ་རྣམས་ཀྱི་སྤྱོད་ཡུལ་ཅན།། ཞེས་པ་ལ་མདོར་བསྡུས་པ་དང་རྒྱས་པའི་རྣམ་པར་རྟོག་པ་ནི་གཟུགས་ཀྱི་དེ་བཞིན་ཉིད་ཤེས་ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ ་ཤེས་པར་འགྱུར་རོ།། དེ་བཞིན་ཉིད་སྐྱེ་བ་མེད་འགག་པ་མེད། གནས་པ་མེད་འདུ་འབྲལ་མེད་པ་ཤེས་པའོ།། འདྲིའོ།། བསྟང་བས་ཡོངས་སུ་མ་བཟུང་བ་ནི་རིགས་ཀྱི་བུ་ཡུམ་ལ་སྤྱོད་པ་ལ་སངས་རྒྱས་ཀྱི་དགོངས ་མཛད་དོ།། དུས་གསུམ་ཡོན་ཏན་མེད་པ་ནི་གཟུགས་ལ་སོགས་པ་སྟོང་ཞེས་བྱེ་བ་ལ་སོགས་པའོ།། ལེགས་པའི་ལམ་ནི་རྣམ་གསུམ་ནི་དེ་ལྟར་ཡུམ་ལ་སློབ། གནས། དེ་ལྟར་སྒོམ་པའོ།། གཟུང་རྟོགས་གཉིས ་པཱ་ནརི། གཉིས་པ་སེམས་ལ་དང་སེམས་བྱུང་རྣམས།། འཇུག་པའི་ཡུལ་ཅན་ཡིད་བྱེད་དེ།། སེམས་མི་སྐྱེ་དང་བྱང་ཆུབ་ཀྱི།། སྙིང་པོ་ཡིད་ལ་མི་བྱེད་དང་།། ཐེག་པ་དམན་པའི་ཡིདདྲ་བྱེད་དང་།། རྫོགས་པའི་བྱང་ཆུབ་ཡིད ་མི་བྱེད།། བསྒོམ་དང་སྒོམ་པ་མེད་པ་དང་།། དེ་དག་ལས་ནཱི་བཟློག་ཉིད་དང་།། ཇི་བཞིན་དོན་མིན?་རྣམ་རྟོག་པ།། བསྒོམ་པའི་ལམ་ལ་ཤེས་པར་བྱ།། ཞེས་པ་ལ། སེམས་མི་བསྐྱེད་པ་ནི་སེམས་དང་པོ་བསྐྱེད་པ་བྱ ་ཆུབོ་ཀྱི་སྙིང་པོ་ཡིད་ལ་མི་བྱེད་པ་ནི་བྱང་ཆུབ་ཀྱི་སྒྱིད་ལ་མི་བྱེད་པ། ཐེག་པ་དམན་པ་ཡིད་ལ་བྱེད་པ་ནི་ཉན་རང་གི་ཡིད་ལ་བྱེད་པ་དང་། རྫོགས་པོའི་བྱང་ཆུབ་ཡིད་ལ་མི་བྱེད་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི ་སེམས་དང་བྲལ་བ།། བསྒོམ་དང་སྒོམ་པ་མེད་པ་དང་། གཉིས་ཀ་དང་གཉིས་ཀ་མ་ཡིན་པས་བྱང་ཆུབ་མི་ཐོབ། ཇི་བཞིན་དོན་མ་ཡིན་པའི་རྟོག་པ་ནི་ཡིད་ལ་བྱེད་པ་བྱང་ཆུབ་ཐོབ་པའོ།། འཛིན་པའི་རྣམ་པར་རྟོག་པ་དང་པོ ་ནི། སེམས་ཅན་བཏགས་པའི་སྤྱོད་ཡུལ་དང་།། ། ཆོས་བཏགས་པ་དྲང་སྟོང་མིན་ཉིད།། ཆགསོ་དང་རབ་འབྱེད་བདག་ཉིད་དང་།། དངོས་པོར་བྱེད་དང་ཐེག་གསུམ་དང་།། ཡིན་ནི་དག་པ་མ་ཡིན་དང་། སྤྱོད་པ་རྣམ་པར་འཁྲུལ ་པ་ལ།། འཛིན་པར་བྱེད་པ་དང་པོ་སྟེ།། ཤེས་པ་བྱ་བ་བསྒྲགས་པ་ཡིན།། ཞེས་པ་ལ། སེམས་ཅན་བཏགོས་པའི་སྤྱོད་ཡུལ་ནི། སེམས་ཅན་ལ་སོགས་པར་མ་བཏགས་པ་དང་། ཆོས་བཏགས་པ་དང་ནི་གཟུགས་པ ་ལ་སོགས་པ་ལ་འཕེལ་འགྲིབ་མེད་པར་ཆོས་སུ་མ་བཏགས་པ་དང་། སྟོང་པ་མ་ཡིན་པ་ཉིད་ནི་གཟུགས་གཟུགས་ཀྱིས་སྟོང་ཞེས་པ་ལ་སོགས་པ་དང་། ཆགས་དང་ནི་ས་བཅུ་ལ་མ་ཆགས་པ་དང་། རབ་ཏུ་འབྱེད་པ ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་རབ་ཏུ་དབྱེ་བ་མེད་པ་དང་། དངོས་པོར་བྱེད་དང་ནི་སངས་རྒྱས་ནས་སེམས་ཅན་ཡོངསུ་སྨིན་པ་དང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་དངོས་པོ་མེད་པ་དང་། ཐེག་བྱ་གསུམ ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་སངས་རྒྱས་ཀྱི་སྤྱན་ལྔས་མ་གཟིགས་པ་དང་། ཡོན་ཏན་དག་མ་ཡིན་པ་ནི་སངས་རྒྱས་དང་དེའི་སྤྲུལ་པ་ལ་ཡོན་གནས་ཁྱད་མེད་པ་དང་། སྤྱོད་པ་རྣམ་པར་འཁྲུགས་པའི་རྟོག་པ་ནི ་ཆོས་ཉིད་རྣམ་པར་མི་འཁྲུག་པའོ།། འཛིན་པའི་རྣམ་པར་རྟོག་པ་ཐ་མ་ནི། ཐམས་ཅད་མཁྱེན་ཉིད་གསུམ་དག་ནི། བདག་ཉིད་ཇི་བཞིན་སྒྲིབ་ལམ་གསུམ།། ཞི་ལམ་དེ་བཞིན་ཉིད་སོགས་དང་།། ་མཚུངས་པར་ལྡན་དང་མི་ལྡན་དང་།། མི་མཉམ་སྡུག་བསྔལ་ལ་སོགས་དང་།། ཉོན་མོངས་རྣམས་ཀྱི་རང་བཞིན་དང་།། གཉིས་སུ་མེད་ལ་ཀུན་རྨོངས་པ།། རྣམ་པར་རྟོག་པ་ཐ་མར་བཞེད།། ཅེས་པ་ལ། ཐམས ་ཅད་ཤེས་པ་ནི་ཕྱི་ནང་གི་ཆོས་ཐམས་ཅུང་སྐྱེ་མེད་དུ་ཤེས་པ་དང་། ལམ་ཤེས་པ་ནི་ལམ་གསུམ་རྫོགས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཇི་ལྟ་བ་དང་ཇི་སྙེད་པ་ཤེས་པ་དང་། སྒྲིབ་པ་རྣམ་པ་གསུམ ་ནི་འཕགས་པའི་གང་ཟག་ཉོན་མོངས་པའི་སྒྲིབ་པ་སྤངས་པ་ལ་ཁྱད་མེད་བག་ལ་ཉལ་ལ་ཕྱེ་བའོ།། ཞི་ལམ་ནི་རྒྱུན་ཞུགས་ལ་སོགས་པ་འཇིག་རྟེན་གྱི་ཐ་སྙད་ཀྱིས་ཐ་དད་ཀྱི་དོན་རྗེས་སུ་ཞུགས་པ་ལ་དབྱེ་བ་མེད། ་དེ་བཞིན་ཉིད་སོགས་ནི་དེ་བཞིན་ཉིད་དང་ཆོས་ཉིད་ལ་སོགས་པ་ནི་ལྡན་པ་ཡང་མ་ཡིན། མི་མཉམ་སྡུག་བསྔལ་ལ་སོགས་ནི། འཕགས་པའི་བདེན་པ་བཞི་མཉམ་པ་ཉིད་དུ་ཤེས་པའོ།། ཉོན་མོངས་རྣམས ་ཀྱི་རང་བཞིན་དྲུག་གསུམ་ནི་ཕན་པར་ཡང་མི་བྱེད་གནོད་པར་མི་བྱེད་དོ།། གཉིས་སུ་མེད་ལ་ཀུན་རྨོངས་ནི།། གཉིས་དང་གཉིས་མ་ཡིན་པས་བྱང་ཆུབ་མི་ཐོབ།། དེའི་མཇུག་བསྡུ་བ་མགོན་པོས་གསུངས་པ་ནི། ལ ་ནུད་འདི་དག་ཟད་ནས་ནི།། ཡུན་རིང་ལོན་ནས་དབུགས་ཕྱིན་ལྟར།། རྣམ་པ་ཀུན་ཏུ་འགྲོ་བ་ཡི།། བདེ་སྒྲུབ་ཡོན་ཏན་ཕུན་ཚོགས་ཀུན།། རྒྱ་མཚོ་ཆེ་ལ་ཆུ་བོ་བཞིན།། འབྲས་བུ་མཆོག་གི་སྦ་བ་ཡིན།། ཞེས་པ་ནི་རྣམ་པར ་རྟོག་པར་རིམས་ནདྲ་དང་འདྲ་བ་ཟད་ནས་རྒྱ་མཚོ་ཆེན་པོ་ལ་ཆུ་བོ་བཞིས་བརྒྱན་པ་བཞིན་དུ་བདེ་བ་བསྒྲུབ་པའི་ཡོན་ཕུན་སུམ་ཚོགས་པ་འབྱུང་ངོ་།། ཆོས་གཉིས་ཀྱི་ཞུ་བ་མང་པོའི་ལེའུ་སྟེ་བྱ་བཞི་པའོ།། ་ལེའུ་འདི་བར་ཆད་མེད་པའི་ཏིང་ངེ་འཛིན་གྱི་ཞུས་ལན་གསུམ། ལོག་སྒྲུབ་ཀྱི་གཞི་ལས། སེམས་དཔའ་ཆེན་པོ་དེ་ལ་ནི།། རྣམ་པ་ཀུན་ཏུ་རྟེན་པར་བྱེད། ཅེས་པ་ལ། རབ་འབྱོར་གྱིས་གསོལ་པ། ཡུམ་ཡང་ཟབ་བྱང ་ཆུབ་ཏུ་སེམས་བསྐྱེད་པའང་དཀའ་བ་བགྱིད་པ་སྟེ། དཔེར་ན་སྐྱེས་བུ་ལ་ལ་ཞིག་ན་མཁའ་གཞི་མ་མཆིས་པ་ལ་ལྗང་བུ་བསྐྱེད་པར་འཚལ་བ་བཞིན་ནོ།། བཀའ་སྩལ་པ་སོན་མེད་པར་སེན་གྱི་དོན་དུ་སེམས་བསྐྱེད་པ་ནི ་དཀའ་བ་བགྱིད་པ་སྟེ། དཔེར་ན་སྐྱེས་བུ་ལ་ལ་ཞིག་ལྗང་བུ་བསྐྱེད་པར་འདོད་ན། སྐྱེས་བུ་དེས་ལྗང་བུ་དེའི་རྩ་བ་ལ་སོགས་པ་མ་དམིགས་པར་འདབ་མ་དང་འབྲས་བུ་ལ་ལོངས་སྤྱོད་པར་བྱེད་པ་བཞིན་དུ་སེམས ་ཅན་རྣམས་ངན་སོང་གསུམ་ལ་སོ་བཏོན་ནས་མངོན་མཐོ་དང་ངོས་ལེགས་ལ་སོགས་པ་ལ་འགོད་པ་ནི་ཆོས་རྣམས་ཀྱི་དེ་བཞིན་ཉིད་རྟོགས་པས་དེ་བཞིན་གཤེགས་པར་བརྗོད་དོ།། བསོད་ནམས་ཀྱི ་ཁྱད་པར་ནི། སྟོང་གསུམ་སྐྱེ་བོ་ཉན་ཐོས་དང་།། བསེ་རུའི་རྟོགས་པ་ཕུན་ཚོགས་དང་།། བྱང་ཆུབ་སེམས་དཔའི་སྐྱོན་མེད་ལ།། བཀོད་པའི་དགེ་བ་དཔེར་མཛད་ནས།། བསོད་ནམས་མང་པོ་ཉིད་ཀྱིས་ནི།། ་སངས་རྒྱས་ཉིད་ཀྱི་བར་མེད་དེ།། བར་ཆད་མེད་པའི་ཏིང་ངེ་འཛིན།། འདི་ནི་རྣམ་པ་ཀུན་མཁྱེན་ཉིད།། ཅེས་པ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་སེམས་ཅན་ཐམས་ཅད་འཕགས་པ་ཉན་རང་ལ་བཀོད་པ་བས། སེམས་དང་པོ ་བསྐྱེད་པའི་བྱང་ཆུབ་སེམས་དཔའི་དགེ་བ་ཁྱད་པར་དུ་འཕགས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པ་ནི་གཞན་གྱིས་མཆོད་པའི་ཕྱིར་རོ།། རྣམ་པ་ཐམས་ཅད་མཁྱེན་ཉིད་ཀྱི་སེམས་བསྐྱེད་པའི་རྣམ་པ ་ཐམས་ཅད་མཁྱེན་པ་ནི། འདི་ཡི་དམིགས་པ་དངོས་མེད་དེ། བདག་པོ་དྲན་པ་ཡིན་པར་བཞེད།། རྣམ་པ་ཞི་ཉིད་འདི་ལཡི་རབ་ཏུ་སྨྲ་རྣམས་རྒྱུ་མར་རྒོལ་ཞེས་པ་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པ་ནི་དངོས་པོ ་མེད་པ། བདག་པོ་ནི་དྲན་པ། རྣམ་པ་ནི་ཞི་བ། རབ་ཏུ་སྨྲ་བ་རྒོལ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དངོས་པོ་མེད་ན་འདི་ལྟར་མི་འཐད་དོ་ཞེས་ནས་རྒོལ་བ་ནི། དམིགས་པ་འཐད་དང་དེ་ཡི་ནི།། ངོ་བོ་ཉིད་དེས་གཟུང་བ་དང་། ་རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་དང་། དམ་པའི་དོན་དང་ཀུན་རྫོབ་དང་།། སྦྱོར་དང་དཀོན་མཆོག་གསུམ་པོ་དང་།། ཐབས་བཅས་ཐུབ་པའི་རྟོགས་པ་དང་།། ཕྱིན་ཅི་ལོག་ནི་ལམ་བཅས་དང་། གཉེན་པོ་མི་མཐུན་ཕྱོགས་དག་དང་།། ་མཚན་ཉིད་དང་ནི་བསྒོམ་པ་ལ།། སྨྲ་བ་རྣམས་ནི་ལོག་རྟོག་པ།། རྣམ་པ་ཀུན་མཁྱེན་ཉིད་བརྟེན་ནས། རྣམ་པ་བཅུ་དྲུག་དག་ཏུ་བཞེད།། ཅེས་པ་ལ། དམིགས་པ་ནི་རབ་འབྱོར་གྱིས་སྨྲས་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དམིགས ་པ་མེད་ན། གཟུགས་ནས་རྣམ་མཁྱེན་གྱི་བར་ཡང་དམིགས་པ་མ་མཆིས་པ་ལགས་སམ་གྱི་ལན།། གཟུགས་ནས་རྣམ་མཁྱེན་གྱི་བར་ཡང་དམིགས་པ་མེད་པ་དེ་ཉིད་དམིགས་པའོ།། ངོ་བོ་ཉིད་ངེས་པ་ནི་རབ་འབྱོར་གྱིས་གསོ ་པ། ཆོས་ཐམས་ཅད་དངོས་པོ་མ་མཆིས་ན། སེམས་དང་པོ་བསྐྱེད་པ་ཐབས་སྦྱིན་པ་ནས་རྣམ་མཁྱེན་གྱི་བར་གྱི་སེམས་ཅན་ཡོངས་སུ་སྨིན་པ་དང་སངས་རྒྱས་ཀྱི་ཞིང་ཡོང་སུ་དག་པ་ལགས། བཀའ་སྩལ་པ། གཟུགས་ནས ་རྣམ་མཁྱེན་གྱི་བར་ལ་དངོས་པོ་མེད་པ་དེ་ཉིད་ཀྱི་ཕྱིར་སེམས་ཅན་ཡོངས་སུ་སྨིན་པོར་བྱེད་པ་དང་སངས་རྒྱས་ཀྱི་ཞིང་ཡོངསུ་དག་པར་བྱེད་པ་ནི་ངོ་བོ་ཉིད་དོ།། ཆོས་ཐམས་ཅད་དངོས་པོ་མེད་པ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད ་ཀྱི་ཡེ་ཤེས་མི་འཐད་ཞུས་པའི་ལན། ཡུམ་ལ་སྤྱོད་པའི་ཚེ་སྦྱིན་པ་ནས་རྣམ་མཁྱེན་གྱི་བ་རོ་ལ་སྤྱོད་ཀྱང་མི་རྟོག་མཚན་མར་མི་བྱེད་དེ་དངོས་པོ་ཡོད་པ་འམ་དངོས་པོ་མེད་པར་ཡིད་ལ་མི་བྱེད་པ་དེ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ ་ཉིད་ཀྱི་ཡེ་ཤེས་སོ།། ཆོས་ཐམས་ཅད་དངོས་པོ་མེད་ན་བདེན་པ་གཉིས་མི་འཐད་དོ་ཞུས་པའི་ལན། གཟུགས་ནས་ན་རྣམ་མཁྱེན་གྱི་བར་གྱི་ཀུན་རྫོབ་དེ་ག་དངོས་པོ་མེད་པ་ནི་དོན་དམ་མོ།། ཡང་དག་པར་བསྟན་པའི་ལེའུ་སྟེ། ་ལྔ་བཅུ་ལྔ་པའོ།། ། གསོལ་པ་བྱང་ཆུབ་ཀྱི་སྤྱོད་པ་གང་ལགས། བཀའ་སྩལ་པ། གཟུགས་ནས་རྣམ་མཁྱེན་གྱི་བར་སྟོང་ཞེས་བྱ་བར་སྤྱོད་དེ། ཅི་ནས་བློ་རྣམ་པ་གཉིས་སུ་མི་འགྱུར་བ ་ནི་སྦྱོར་བའོ།། ཆོས་ཐམས་ཅད་དངོས་པོ་མེད་པ་ལ་སངས་རྒྱས་མི་འཐད་དོ།། ཞུས་པའི་ལན་ཆོས་ཐམས་ཅད་དངོས་པོ་མེད་པར་ཐུགས་སུ་ཆུད་པ་ནི་སངས་རྒྱས་སོ།། ཆོས་དཀོན་མཆོག་ནི་ཆོས་ཐམས་ཅད་དངོས་པོ་མེད་ན་གཟུག ་ནས་རྣམ་མཁྱེན་གྱི་བར་སྐྱེ་བགག་དང་། འཁོར་འདས་མ་མཆིས་པར་འགྱུར་རོ་ཞུས་པའི་ལན། གཟུགས་ནས་རྣམ་མཁྱེན་གྱི་བར་སྐྱེ་འགག་མེད་པ་ལ་སོགས་པ་དེ་ཉིད་ཆོས་ཡིན། དེ་ཅིས་ན། བྱིས་པ་སོ་སོའི་སྐྱེ་བོ་རྣམས་གཉི ་ལ་སྤྱོད་པས་ན། དགེ་བའི་རྩ་བ་མི་འཕེལ་བ་ལ་གཉིས་འཛིན་མེད་པ་ནི་ཆོས་སོ།། དགེ་འདུན་ནི་དག་པའི་གཤེས་གཉེན་གྱིས་གསུངས་པའི་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་དོན་རྟོགས་ནས་བསྙེན་བསྐུར་བའོ།། དགེ་བའི ་གཉེན་ལ་བསྙེན་བཀུར་བའི་ལེའུ་སྟེ་ལྔ་བཅུ་དྲུག་པའོ།། ། ཐབས་བཅོས་ནི་སྦྱིན་པས་སེམས་ཅན་རྣམས་སེར་སྣ་ལས་ཟློག་པའོ།། སྦྱིན་པའི་ལེའུ་སྟེ་ལྔ་བཅུ་བདུན་པའོ།། ། ཚུལ་ཁྲིམས་ཀྱིས ་སེམས་ཅན་རྣམས་མི་དགེ་བ་ལས་ཟློག་པའོ།། ཕ་རོལ་ཏུ་ཕྱིན་པ་བཞིས་སེམས་ཅན་གྱི་དོན་དུ་ཕ་རོལ་ཏུ་ཕྱིན་པ་བཞི་ལ་སྤྱོད་པའོ།། ཕ་རོལ་ཏུ་ཕྱིན་པ་དྲུག་ཐབས་ཀྱི་ལེའུ་སྟེ་ལྔ་བཅུ་བརྒྱད་པའོ།། །། ཐུབ་པའི་རྟོགས ་པ་ནི་གཟུགས་ནས་མ་རྣམ་མཁྱེན་གྱི་བར་དངོས་པོ་མེད་པའི་ངོ་བོ་ཉིད་ལས་མི་གཡོ་བས་དངོས་པོ་དང་དངོས་པོ་མེད་པ་དང་གཉིས་ཀ་དང་གཉིས་ཀ་མ་ཡིན་པ་བཞིས་བྱང་ཆུབ་མི་ཐོབ་པར་སྤྲོས་པ་མེད་པ་ནི་ཐུབ་པའི་རྟོགས་པའོ།། ་ཕྱིན་ཅི་ལོག་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་རྟག་ཅེས་བྱ་བ་དུ་མི་རྟག་ནེ་བྱ་བ་ལྱ་སོ་བསྒོས་པ་ཡིན་པས་དེ་ཚོ་ནི་བྱང་ཆུབ་སེམས་དཔའ་མི་སྤྲོའོ།། དེ་ཅི་སྔ་ན་གཟུགས་ནས་རྣམ་མཁྱེན་གྱི་བར་ནི་སྦྱོར་མེད་པ་སྟེ། དངོས་པོ་མེད་པའི ་རོ།། ལམ་བཅས་ནི་ཆོས་ཐམས་ཅད་དངོས་པོ་མེད་ན་རྒྱུན་ཞུགས་ལ་སོགས་པ་འཕགས་པ་འཕགས་པའི་གང་ཟག་རྣམས་ཇི་ལྟར་མཆིས་ལགས་ཀྱི་ལན། ཆོས་ཉིད་བརྩན་པར་བྱས་ནས་རྒྱུན་ཞུགས་ལ ་སོགས་པའི་ལམ་དངོས་པོ་མེད་པ་སྟེ། བྱང་ཆུབ་ཀྱི་ཕྱོགས་ལ་བསླབ་པར་བྱའོ།། གཉེན་པོ་ནི་ཆོས་ཐམས་ཅད་དངོས་པོ་མ་མཆིས་བྱང་ཆུབ་ཀྱི་ཆོས་ལ་ཇི་ལྟར་བསློབ་པར་བགྱིའི་ལན། གཟུགས་ནས་རྣམ་མཁྱེན ་གྱི་བར་ཆོས་འདུལ་བ་འདི་ལ་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་པ་ལ་སོ&ཤེས་པ་ནི་བྱང་ཆུབ་ཀྱི་ཕྱོགས་སོ།། མི་མཐུན་པའི་ཕྱོགས་ནི་འཕགས་པའི་ཆོས་འདུལ་བ་ཞེས་བགྱི་བ་གང་ལགས་ཀྱི་ལན། འཕགས ་པའི་གང་ཟག་རྣམས་ལ་ཉོན་མོངས་པ་རྣམས་དང་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་ལྡན་པ་ཡང་མ་ཡི་མི་ལྡན་པ་ནི་འདཀྲ་པའི་ཆོས་འདུལ་བའོ།། མཚན་ཉིད་ནི་ཆོས་ཐམས་ཅད་དངོས་པོ་མ་མཆིས་ན་གཟུགས་ནས ་རྣམ་མཁྱེན་གྱི་བར་དངོས་པོ་མཆིས་པར་འགྱུར་རོའི་ལན། མཚན་ཉིད་མེད་པར་ཤེས་པ་དེ་ཡུམ་ལ་སྤྱོད་པའི་མཚན་ཉིད་དེ། སྔར་མཚན་ཉིད་གཅིག་མེད་པ་ཡོད་པར་འགྱུར་བ་མདོ།། སྒོམ་པ་ནི་ཆོས ་ཐམས་ཅད་མཚན་ཉི་མ་མཆིས་དངོས་པོ་མ་མཆིས་ན་སྒོམ་པ་མཱ་མཆིས་པར་འགྱུར་རོའི་ལན། སྒོམ་པ་མ་མཆིས་པ་དེ་ཉིད་སྒོམ་པ་ཡིན་ཏེ་གཟུགས་ནས་རྣམ་མཁྱེན་གྱི་བྱར་ཡང་མི་སྒོམ་པ་རྣམ་པར་སྒོམ་པའོ།། ཇི་ལྟར་ཞེ ་ན། གཟུགས་ནས་རྣམ་མཁྱེན་གྱི་བར་དངོས་པོ་ཡོད་ཅེས་བྱ་བར་མི་སྒོམ་མོ།། དངོས་པོ་གང་ཞེ་ན། མྱིག་དང་གཟུགས་ནས་སངས་རྒྱས་དང་བྱང་ཆུབ་ཀྱི་བར་གཉིས་ནི་དངོས་པོའོ།། དངོས་པོའི་འདུ་ཤེས་ཅན་ལ་སྦྱིན་པ་ལ་སོགས ་པ་མེད་དོ།། ཐ་ན་མཐུན་པའི་བཟོད་པ་ཡང་མྱེདངྒ་ན་གཟུགས་ལོ་སོགས་པ་ཡོངས་སུ་ཤེས་པ་ལྟ་ཅི་སྨོས། རྣམ་འཕྲུལ་གྱི་ལེའུ་སྟེ་ལྟ་བནྡྷ་དགུ་པའོ།། ། མཐར་གྱིས་པ་ནི་སྦྱིན་པ་ཤེས་རབ་པར་དག་དང་།། སངས་རྒྱས ་ལ་སོགས་དྲན་དང་ཚིས།། དངོས་མེད་ངོ་བོ་ཉིད་ཀྱིས་དེ།། མཐར་གྱིས་པ་ཡི་བྱ་བར་བཞེད་ཅེས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་མི་མཉམ་པ་དང་མཉམ་པའི་ཕུང་པོ་ལྔ་རིམས་གྱིས་སློབ་པོའོ།། རྗེས་སུ་དྲན་པ་དྲུག་ནི་སངས་རྒྱས་ལ ་ཕུང་པོ་ལྔ་ལ་སོགས་པར་ཡིད་ལ་མི་བྱེད་པ་དང་། ཆོས་དགེ་མི་དགེ་ལ་སོགས་པར་ཡིད་ལ་མི་བྱེད་པ་དང་། དགེ་འདུན་སྐྱེས་བུ་ཟུང་བཞི་དང་གང་ཟག་ཡ་བརྒྱད་དུ་ཡིད་ལ་མི་བྱེད་པ་དང་། ཚུལ་ཁྲིམས་ལུས་ངག་ཡིད་གསུམ ་དུ་ཡིད་ལ་མི་བྱེད་པ་དང་། གཏོང་བ་ལོངས་སྤྱོད་ལ་སོགས་པར་ཡིད་ལ་མི་བའོ།། ལྷ་འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་ཀྱི་ལྟར་ཡིད་ལ་མི་བྱེད་པའོ།། དྲན་པ་མྱེད་ཅིང་ཡིད་ལ་བྱེད་པ་ནི་རྗེས་སུ་དྲན་པ་དྲུག་གོ།། ཆོས ་ཐམས་ཅད་དངོས་པོ་མེད་པར་ཡོད་པར་ཡིད་ལ་མྱི་བྱེད་པ་དང་བཅུ་གསུམ་མོ།། མཐར་གྱིས་པའི་ལེའུ་སྐྱེ་དྲུག་ཙྪ་པའོ།། སྐད་ཅིག་མོའི་བྱ་ཞི་ལུས། དངོས་པོ་མེད་པའི་སྐུད་ཅིག་མཱ་ནི། སྦྱིན་པ་སྟེ་སོགས ་རེ་རེ་ཡིས།། ཟག་མེད་ཆོས་ཀུན་བསྡུས་པའི་ཕྱིར།། ཐུབ་པའི་སྐད་ཅིག་གཅིག་པ་ཡིས། རྟོགས་པ་དེ་ནི་ཤེས་པར་བྱ།། ཞེས་པ་ནི་ཆོས་ཐམས་ཅད་དངོས་པོ་མེད་པ་ལ་སེམས་བསྐྱེད་པ་གཅིག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག ་རྫོགས་པའོ།། དཔེ་ནི་མགོན་པོས། ཇི་ལྟར་སྐྱེས་བུས་ཟོ་ཆུན་རྒྱུད།། རྡོག་ཐབས་གཅིག་གིས་བསྐྱོད་པ་ནི།། ཐམས་ཅད་ཙོག་ཅར་འགུལ་བ་ལྟར། སྐད་ཅིག་གཅིག་ཤེས་དེ་བཞིན་ནོ།། དམིགས་པ་མེད་པའི་སྐད་ཅིག་ནི། གང ་ཚེ་ཆོས་དཀཱཪྻཱ་ཐམས་ཙྪངྒ་ཀྵཱི།། རང་བཞིན་ཤྱེས་རབ་ཕ་རོལ་ཕྱིནཱཾ།། རྣམ་སྨིན་ཆོས་ཉིད་གནས་སྐབས་སྐྱེས།། དེ་ཚེ་སྐད་ཅིག་གཅིག་ཤཾས?་བྱ།། ཞེས་པ་ནི་ཆོས་ཐམས་ཅད་མཚན་མ་མེད་པ། བྱེད་པ་མེད་པ་དམིགས་པ་མེད་པ། ་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པར་བྱེད་པའོ།། མཚན་མ་མེད་པའི་ལེའི་སྐྱེ་དྲུག་ཅུ་གཅིག་པའོ།། ། མཚན་ཉིད་མེད་པའི་སྐད་རྩིག་མ་ནི། སྦྱིན་ལ་སོགས་ལ་སྤྱོད་པ་ཡིས།། ཆོས་ཀུན་རྨི་ལམ་འདྲར་གནས་ནས། ཆོ ་ཀུན་མཚན་ཉིད་མེད་པར་ནི།། སྐད་ཅིག་མ་ནི་གཅིག་གིས་རྟོགས།། ཤེས་པ་ནི་རྨི་ལམ་དང་སྒྱུ་མ་ལ་སོགས་པ་ལྟ་བུའི་ཉེར་ལེན་གྱི་ཕུང་པོ་ལྔ་ལ་གནས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པ་ནི ་རྨི་ལམ་ལ་སོགས་པ་ལ་མཚན་ཉིད་མེད་དོ།། གཉིས་སུ་མེད་པའི་སྐད་ཅིག་མ་ནི། རྨི་ལམ་དནྟི་དེ་མཐོང་ཉིད།། གཉིས་ཀྱི་ཚུལ་དུ་མི་མཐོང་ལྟར།། ཆོས་རྣམས་དམིགས་སུ་མེད་པར་ནི།། སྐད་ཅིག་མ་ནི་གཅིག་གིས་མཐོ ་ཞེས་པ་ནི་རྨི་ལམ་དང་སྒྱུ་མ་ལ་སོགས་པ་ལྟ་བུའི་ཉེར་ལེན་གྱི་ཕུང་པོ་ལྔ་ལ་གནས་ནས་ནེས་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པ་ནི་མཐོང་རྨི་ལམ་རྨི་བ་པོ་མི་མཐོང་ཞེས་པ་ལ་སོགས་པས་བསྟན། ངོ་བོཉི་ཀྱི་སྐུ་ནི།། ཞུ་ཊཱི ་ངོ་བོ་ཉི་ནི་ཟག་མེད་ཆོས་ཀུན་རྣམ་ཀུན་དུ།། རྣམ་པར་དག་འགྱུར་གང་དག་ཡིན།། དེ་དག་རང་གི་མཚན་ཉིད་ཅན།། ཞེས་པ་ནི་ཟག་པ་མེད་པའི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པ་དག་པ་ནི་མ་བཅོས་པའི་ཕྱིར་ངོ་བོ་ཉིད་ཀྱི ་སྐུའོ།། མཚན་ཉིད་མེད་པའི་ལེའུ་སྟེ་དྲུག་ཅུ་གཉིས་པའོ།། །། ལེའུ་འདི་ནས་འགྲོ་རྣམས་ཞི་བ་དང་། བསྡུ་བའི་དངོས་པོ་བཞི་སྟོན་པ་ནི་ཞུས་ལན་དྲུག། ཕྱོགས་སྒོར་བདུན། བསྡུ་བའི་དངོས་པོ་བཞི་སྟེ་ཞི ་བཙོ་སྟོན་པ་ལས། འགྲོ་རྣམས་ཞི་བའི་ལས་དང་ནི། བསྡུ་རྣམ་བཞི་ལ་འགོད་པ་དང་།། ཀུན་ནས་ཉོན་མོངས་བཅས་པ་ཡིས།། རྣམ་པར་བྱང་བ་རྟོགས་པ་དང་།། བདག་ཉིད་ཇི་བཞིན་སེམས་ཅན་གྱི།། དོན་དང་ཕ་རོལ ་ཕྱིན་དྲུག་དང་། སངས་རྒྱས་ལམ་དང་རང་བཞིན་གྱིས། སྟོང་པ་ཉིད་དང་གཉིས་ཟད་དང་།། བརྡ་དང་དམིགས་པ་མེད་པ་དང་།། ལུས་ཅན་རྣམས་ནི་ཡོངས་སྨིན་དང་།། བྱང་ཆུབ་སེམས་དཔའི་ལམ་དང་ནི། མངོན་པར ་ཞེན་པ་བཀག་པ་དང་། བྱང་ཆུབ་ཐོབ་དང་སངས་རྒྱས་ཞིང་། རྣམ་པར་དགྲ་དང་ངེས་པ་དང་། སེམས་ཅན་དོན་ནི་ཚད་མེད་དང་། སེམས་རྒྱས་བསྟེན་སོགས་ཡོན་ཏན་དང་།། བྱང་ཆུབ་ཡན་ལག་ལས་རྣམས་ནི། ཆུང ་མི་ཟླ་དང་བདེན་མཐོང་དང་། ཕྱིན་ཅི་ལོག་ནི་སྤངས་པ་དང་།། དེ་བཞིན་མེད་པའི་ཚུལ་དང་ནི།། རྣམ་པར་བྱང་དང་ཚོགས་དང་ནི།། འདུས་བྱས་དང་ནི་འདུས་མ་བྱས།། ཐ་དད་ཉིད་དུ་མི་མཐོང་དང་། མྱ་ངན་འདས་ལ་འགོད ་པ་ནི།། ཆོས་ཀྱི་སྐུ་ཡི་འཕྲིན་ལས་ཏེ། རྣམ་པ་ཉི་ཤུ་བདུན་དུ་འདོད་ཅེས་པ་ལས། དང་པོ་ནི་ཆོས་ཐམ་ཅད་སྒྱུ་མ་ལྟ་བུ་དངོས་པོ་མ་མཆིས་པ་རང་གི་མཚན་ཉིད་ཀྱིས་སྟོང་པ་ལ་སེམས་བསྐྱེད་ནས་སེམས ་ཅན་གྱི་དོན་མི་བྱཐད་དོ་ཞུས་པའི་ལྡན། ཆོས་ཐམས་ཅང་མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཡིན་ཡང་། བྱིས་པ་སོ་སོའི་སྐྱེ་བོ་རྣམས་འཁྲུལ་ནས། རྨི་ལམ་མཐོང ་རྨི་ལམ་རྨི་བ་པོ་ཡང་མཐོང་ངོ་ལ་སོགས་ཏེ། དགེ་མི་དགེའི་ལས་ཀྱི་འགྲོ་དྲུག་གི་སྣང་བ་ཤར་བས་བྱང་ཆུབ་སེམས་དཔས་དོན་མཛད་དོ།། གཉིས་པ་རབ་འབྱོར་གྱིས་སྤྲས་པ། ཆོས་ཐམས་ཅད་སྟོང་པ་ཉིད་ལ ་སེམས་ཅན་གྱི་དོན་མཛད་པ་ནི་ངོ་མཚར་ལགས་སོ།། བཀའ་སྩ་ལཱ་པཱ། ཆོས་ཐམས་ཅད་རླུང་བཞིན་མེད་པ་ལ་སེམས་བསྐྱེད་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་གིསྣ་སེམས་ཅན་གྱི་དོན་མཛད་པ ་ནི་ངོ་མཚར་རྨད་ཀྱི་ཆོས་སོ།། གསུམ་པ་རབ་འབྱོར་གྱིས་གསོལ་པ། ཉན་ར་ལ་མཆིས་པའི་ངོ་མཚར་རྨད་དུ་བྱུང་བའི་ཆོས་དེ་གང་ལགས། བཀའ་སྩལ་པ། སྦྱིན་པ་ནས་རྣམ་མཁྱེན་གྱི་བར་རོ།། ཕྱོགས་སྐོར་བདུན ་ནི། ངས་སངས་རྒྱས་ཀྱི་སྤྱན་གྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ལ་གཟིགསྭཱ་ནཱ། བྱང་ཆུབ་སེམས་དཔའ་རྣམས་ཆུད་དུ་བྱས་མྦ་ནས་ཕྱོག་བཅུའི་དམྱལ་བཱ། ཕྱོགས་བཅུའི་དུད་འགྲོ། ཕྱོགས་བཅུའི་ཡི་དྭགས།། ཕྱོགས ་བཅུའི་འདོད་ལྷ། ཕྱོགས་བཅུའི་གཟུགས་ཁམས་ཀྱི་ལྷ། ཕྱོགས་བཅུའི་མི་རྣམས་ཀྱི་དོན་བྱེད་པ་མཐོང་ངོ་།། བསྡུ་བ་བཞི་ནི་ཟང་ཟིང་གི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པོ་དྲན་པ་ཉེ་བར་གཞག་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས ་པའི་བར་གྱི་ཆོས་སྐུ་དང་། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དཔེ་བྱད་བཟང་པོ་བརྒྱད་ཅུའི་ལོངས་སྐུ་དང་། ཡི་གེ་ས་ཡི་གེ་མེད་པའི་དོན་རྟོགས་པར་བགྱིས་ཤིག། ཅེས་པ་ཡན་ཆོད་ཆོས་ཀྱི་སྦྱིན་པ་དང་། ཕ་རོལ་ཏུ་ཕྱིན་པ ་དྲུག་བརྗོད་པ་ནི་སྙན་པར་སྨྲ་བ་དང་། དེ་དྲུག་གི་དོན་ལ་སྤྱོད་པ་ནི་དོན་སྤྱོད་པ་དང་། དེ་དྲུག་དང་མི་འགའ་བ་ནི་དོན་མཐུན་པའོ།། སྤྲུལ་པའི་སྐུའི་ཞུས་ལན་གསུམ་ནི་རབ་འབྱོར་གྱིས་གསོལ་པ། ཆོས་ཐམས་ཅད་སྟོང་པ་ཉིད ་ལགས་ནཱ། བྱང་ཆུབ་སེམས་དཔས་ཕ་རོལ་ཏུ་ཕྱིན་པ་དྲུག་ནས་རྣམ་མཁྱེན་གྱི་བར་ལ་སྤྱད་དོ། སེམས་ཅན་ལ་ཆོས་སྟོན་པ་ལགས། སྟོང་པ་ལ་ནི་སེམས་ཅན་མ་མཆིས། སེམས་ཅན་མ་མཆིས་པས་གཟུགས་ནས་རྣམ ་མཁྱེན་གྱི་བར་དུ་མ་མཆིས་ལགས་སོ་ཞུས་པའི་ལན། སེམས་ཅན་མེད་པས་སྟོང་པ་བཅོ་བརྒྱད་དུ་རིག་པར་རིག་པར་བྱའོ།། གཟུགས་ནས་རྣམ་མཁྱེན་གྱི་བར་དུ་བདག་ཉིད་ཀྱིས་སྟོང་པར་རིག་ནས་གཞན་ལ་སྟོང་པ་ཉིད་དུ་སྟོན་ཏེ། ་དཔེར་ན། སངས་རྒྱས་ཀྱི་སྤྲུལ་པས་སྤྲུལ་པ་མང་པོ་སྤྲུལ་ཏེ། ལ་ལ་སྦྱིན་པ་ནས་ལ་ལ་རྣམ་མཁྱེན་གྱི་བར་ལ་བཀོད་ན་ཡང་གང་ཡང་བཀོད་པ་ཡོད་སྙམ་མམ། དེ་བཞིན་དུ་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་མ་བཅིངས་མ ་གྲོལ། མ་བཅིངས་མ་གྲོལ་བ་གང་ཡིན་པ་དེ་གཟུགས་ནས་རྣམ་མཁྱེན་གྱི་བར་མ་ཡིན་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་དུ་ཆོས་ཐམས་ཅད་རྣམ་པར་དག་པའི་ཕྱིར་རོ།། དེ་ལྟར་ན་ཤེས་ན་ཆོས་ཀྱི་དབྱིངས་ལ་འགལ་བ་མེད ་དོ།། གནོད་པ་མེད་དོ།། ཞུས་ལན་གཉིས་པ་གཟུགས་ནས་མ་རྣམ་མཁྱེན་གྱི་བར་ཡང་གཞན་དེ་བཞིན་ཉིད་ཀྱང་གཞན།། ཡང་དག་པའི་མཐའ་ཡང་གཞན་མ་ཡིན་ན། ལས་རྒྱུ་འབྲས་མི་འཐད་དེ། ཆོས་ཀྱི་དབྱིངས་ལ་རྣམ་པར ་རྟོག་པ་མ་མཆིས་པའི་སླ་དུ་བོ་ཞེས་པ་ལ། བཀའ་སྩལ་པ། ལས་རྒྱུ་འབྲས་ཀུན་རྫོབ་ཏུ་གསུངས་ཀྱི། དོན་དམ་པར་མ་ཡིན་ནོ།། ཞུས་ལན་གསུམ་པ་བསྒོམས་པ་དང་མི་བསྒོམས་པས་རྒྱུན་ཏུ་ཞུགས་པ་ལ་སོགས ་པའི་འཕགས་པའི་གང་ཟག་ཆར་ཕྱེ་ནས་བསྟན་པ་མ་ཡིན་ནོ།། ནྡུརྒྷོདྷཱ་གསུམ་སྦྱངས་པའི་ཕྱིནྡྷརྨཱནྣ་ལྐུགས་ཐོབ་བོ་ཞེས་བྱ་བཱ་ལ་སོགས་པ་ཇི་ལྟར་རྟོགས་པར་འགྱུ། ནུས་པའི་ལྡན། རྒྱུན་ཏུ་ཞུགས། ་པ་ལ་སོགས་པ་འདུས་བྱས་དང་འདུས་མ་བྱས་མཚན་ཉིད་མེད་པར་ཁོང་དུ་ཆུད་པའི་ཚེ། བདག་ཉིད་དགེ་བའི་ལམ་ལ་སྤྱོད་ཅིང་གཞན་མ་ལ་འགོད་པའི་དཔེ་ནི་སྤྲུལ་པ་དེ་དགེ་བ་སྤྱོད་ཀྱང་དེའི་རོ་མྱང་བ་ནི་མེད་དོ།། མཚན ་དཔེའི་ལེའུ་སྟེ་དྲུག་ཅུ་གསུམ་པའོ།། །། ལེའུ་འདི་ནས་ཀུན་ནས་ཉོན་མོངས་པ་ཡིས་རྣམ་པར་བྱང་བ་རྟོགས་པ་དང་། བདག་ཉིད་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་མྱ་ངན་ལས་འདས་པ་ལ་འགོད་པའི་ཕྲིན ་ལས་དང་གཉིས་ལས། དང་པོ་ལ་གསུམ་ནི། རབ་འབྱོར་གྱིས་གསོལ་པ། ཇི་ལྟར་ཆོས་རྣམས་མཚན་ཉིད་མེད་པར་རྟོགས་ལགས། ལན་སྤྲུལ་པ་ནི་ཉོན་མོངས་པ་དམིགས་པ་བཅུ་གཅིག་གཟུགས་ནས་རྣམ་མཁྱེན་གྱི ་པར་ལ་སྤྱོད་པ་མེད་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པ་གང་ལ་ཡང་མི་སྤྱོད་ན་ཆོས་ཀྱི་ཚུལ་རྟོགས་པ་ཡིན་ནོ།། གཉིས་པ་གསོལ་པ། ཕུང་པོ་ལྔ་སྤྲུལ་པ་ལྟ་བུ་ལགས་ན། སྤྲུལ་པ་ལ་ནི་ཕུང་པོ་ལྔ ་ཀུན་ནས་ཉོན་མོངས་རྣམ་པར་བྱང་བ་འགྲོ་བ་ལྔ་མ་མཆིས་ན་ཇི་ལྟར་བྱང་ཆུབ་སེམས་དཔའི་མཐུར་འགྱུར་ལགས། ལན་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྤྱོད་པོའི་ཚེ། འགྲོ་བ་ལྔ་ལ་སོགས་པ་མ་དམིགས་ཏེ། སྤྲུལ ་པ་ལྟ་བུར་ཤེས་སོ།། མཐོང་ངོ་།། རྟོགས་སོ།། གསོལ་པ་སྤྲུལ་པ་ལྟ་བུར་རྟོགས་ལགས་ན། གང་གི་དོན་དུ་བྱང་ཆུབ་སེམས་དཔའ་སྦྱིན་པ་ནས་རྣམ་མཁྱེན་གྱི་བྱར་ལ་སྤྱོད་ཅིང་སངས་རྒྱས་ཀྱི་ཞིང་དག་སེམས་ཅན ་ཡོངས་སུ་སྨིན་པར་བགྱིད་པ་ལགས།། ལན་གལ་ཏེ་སེམས་ཅན་རྣམས་རང་རང་གིས་སྤྲུལ་པ་ལྟ་བུར་མི་ཤེས་པའི་དོན་དུ་སེམས་ཅན་རྣམས་ཀྱི་དོན་མཛད་དོ།། གསུམ་པ་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་ལ་སོགས ་པ་ལགས་ན་སེམས་ཅན་རྣམས་ཅི་ལ་གནས་ན་བྱང་ཆུབ་སེམས་དཔའ་རྣམས་ཡུམ་ལ་སྤྱོད་ཅིང་སེམས་ཅན་རྣམས་གྱེན་དུ་བསྐྱོད་པ་ལགས། ལན་སེམས་ཅན་རྣམས་ནི་མིང་དང་མཚན་མ་མེད་པ་ལཾ་ཞེན་པ་ལགས ་དེའི་ལོག་རྟོག་འགེགས་པའོ།། བདག་ཉིད་ཇི་བཞིན་སེམས་ཅན་གྱི་དོན་བྱེད་པ་ལ་གཉིས་ལས་དང་པོ་གསོལ་པ། ཆོས་ཐམས་ཅད་མིང་དང་མཚན་མར་བསལ། ཆོསུ་རྟོགས་པ་ལས་བྱུང་བ་ལགས་ན་བྱང་ཆུབ ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཚེ།། བདག་གཞན་དགེ་བ་ལ་སྤྱོད་ཅིང་སེམས་ཅན་རྣམས་ཐེག་པ་གསུམ་ལ་གཞོལ་བ་ལགས། ལན་ཐལ་བ་ནི་གལ་ཏེ་དངོས་པོ་འམ་དངོས་པོའོ་མཚན་མ་གཅིག་ཡོད་ན་ནི། བྱང ་ཆུབ་སེམས་དཔའ་ཡུམ་ལོ་སྤྱོད་པའི་ཚེ། བདག་གཞན་དགེ་བ་ལ་སྤྱོད་ཅིང་སེམས་ཅན་རྣམས་ཐེག་པ་གསུམ་ལ་གཞོལ་བ་ལ་སྦྱོར་བར་མི་འགྱུར་བར་ཐལ་བ་ལས། ལྡོག་པ་དངོས་པོ་དང་དངོས་པོའི་མཚན་མ་མེད ་པས་ན་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཚེ། མཚན་མ་མེད་པའི་ཚུལ་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་རང་རྫོགས་པར་བྱས་ནས་གཞན་དགེ་བ་ལ ་སྦྱོར་ཏེ། གལ་ཏེ་ཆུང་ངུ་ན་སྐྲའི་རྩེ་མོ་ཆེ་ཤས་བཞག་པ་ཙམ་ཞིག་ཡོད་ཀྱང་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཚེ། མཚན་མ་མེད་པ་དྲན་པ་མེད་པ། ཡིད་ལ་བྱེད་པ་མེད་སངས་རྒྱ་བར་མི་འགྱུར་ཏེ། སེམས་ཅན ་རྣམས་ཀྱང་འཇོག་པར་མི་འགྱུར་བར་ཐལ་བ་ལས། དེ་ལས་ལྡོག་པའི་ཕྱིར་རོ།། གསོལ་པ་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་ལ་སོགས་པ་ལགས་ན། འདི་དག་ནི་དམིགས་པ་བཅུ་གཅིག་འཕགས་པའི་གང ་ཟག་གོ་ཞེས་ཇི་ལྟར་འབྲང་བར་བགྱིའི་ལན། མཚན་མ་མེད་པ་ཡང་གཞན་ལ་ཆོས་དེ་རྣམས་ཀྱང་གཞན་ཞིག་ཡིན་སྙམ་མམ། གསོལ་པ་དེ་ལྟ་མ་ལག་སོ།། མཚན་མ་མེད་པ་ཉིད་རྒྱུན་ཏུ་ཞུགས་པ་ལ་སོགས་ཡིན། ་ནམ། གསོལ་པ་དེ་མྱ་ལགས་སོ།། རྣམ་གྲངས་དེས་ན་ཆོས་ཐམས་ཅད་མཚན་མ་མེད་པར་རིག་པར་བྱ་སྟེ། དེ་ནི་ཕ་རོལ་ཏུ་ཕྱིན་པ་ནས་རྣམ་མཁྱེན་གྱི་བར་དུ་དགེ་བའི་རྩ་བ་འཕེལ་ལོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས ་དཔའ་ནི་རྣམ་ཐར་སྒོ་གསུམ་ལ་སྤྱོད་པས། གཟུགས་ནས་རྣམ་མཁྱེན་གྱི་བར་ལ་སློབ་པ་ཡིན་ནོ།། ཞུས་ལན་གཉིས་པོ། ཕན་ཚུན་ཐ་དད་པའི་ཆོས་དེ་དག་ལ་བསླབས་ན་ཆོས་ཀྱི་དབྱིངས་རྣམ་པར་དཀྲུག་པར་མི་འགྱུ ་རམ། ལན་ཆོས་ཀྱི་དབྱིངས་སུ་མ་གཏོགས་པའི་ཆོས་གང་ཡང་མེད་པས། དམིགས་པ་བཅུ་གཅིག་ལ་སོགས་པ་ཆོས་ཐམས་ཅད་དབྱེར་མེད་པའི་ཚུལ་གྱིས་ཆོས་ཀྱི་དབྱིངས་ལ་བསླབ་པར་བྱའོ།། གསོལ་པ་ཆོས ་ཐམས་ཅད་ཆོས་ཀྱི་དབྱིངས་ལགས་ན། བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པས། ཇི་ལྟར་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་མེད་པ་ལ་བསླབ་པར་བགྱི། ཐ་དད་མེད་པ་ལ་ཐ་དད་དུ་བསླབ་ན་ཕྱིན་ཅི་ལོག ་ཏུ་མི་འགྱུར་རམ། དེ་ཅིའི་ཕྱིར་ཞེ་ན། གཟུགས་ནས་རྣམ་མཁྱེན་གྱི་བར་ཡང་གཞན་མ་ཡིན་ཆོས་ཀྱི་དབྱིངས་ཀྱང་གཞན་མ་ལགས་སོ།། དེའི་ལན་གཟུགས་དང་རྣམ་མཁྱེན་གྱི་བར་ཡང་གཞན་མ་ཡིན་པས་བྱུང ་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་མཆོས་གང་ཡང་མ་མཐོང་སྟེ། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཤེས་ནས་མྱིང་མེད་པ་ལ་མིང་གི་བརྡས་སྟོན་ཏེ། འདི་ནི ་གཟུགས་ནས་རྣམ་མཁྱེན་གྱི་བ་ར་རོ་ཞེས་བྱ་བར་སྟོན་ནོ།། དཔེར་ན་སྒྱུ་མ་མཁན་གྱིས་རྫས་ཀྱི་རྣམ་པ་གྱི་ན་ཞིག་ལ་བརྟེན་ཏེ་གཟུགས་ཀྱི་བྱི་བྲགོ་སྣ་ཚོགས་གླང་པོ་ནས་སངས་རྒྱས་ཀྱི་སྐུའི་ཡན་ལག་རྫོགས་པཱི ་བར་དུ་བསྟན་ན། དེ་ལ་སེམས་ཅན་བྱིས་པའི་ངང་ཚུལ་ཅན་དག་དེ་ལ་ངོ་མཚར་དུ་འཛིན། སྐྱེས་བུ་མཁས་ཤིང་གསལ་བ་མགོ་སྐོར་དུ་གོ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཚེ་ཆོས ་ཀྱི་དབྱིངས་སུ་མ་གཏོགས་པའི་ཆོས་གང་ཡང་མ་མཐོང་ཡང་། ཐབས་ལ་མཁས་པའི་སེམས་ཅན་ཡོངསསུ་སྨིན་པར་བྱེད་ཀྱང་། སེམས་ཅན་མི་དམིགས་པར་སྦྱིན་པ་ནས་རྣམ་མཁྱེན་གྱི་བར་དུ་བདག ་ཀྱང་སྤྱོད་གཞན་ཡང་སྤྱོད་དུ་འཇུག་ཆོས་ཀྱི་དབྱིངས་དུས་གསུམ་དུ་འགྱུར་བ་མེད་པ་སེམས་ཅན་རྣམས་ཅན་ལ་སྟོན་ཏོ།། མཉམ་པ་ཉིད་ཀྱི་ལེའུ་སྟེ་རེ་བཞི་པའོ།། །། ལེའུ་འདི་ནས་འཕྲིན་ལས ་ལྔ་ལས། དང་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་ཞུས་པ། སེམས་ཅན་དང་སེམས་ཅན་དུ་གདགས་པ་དམིགས་སུ་མ་མཆིས་ན་སུའི་དོན་དུ་བྱང་ཆུབ་སེམས་དཔའ་ཡུམ་བསྒོམ་པ་ལགས། ལན་ཐབས་མཁས་པས ་སེམས་ཅན་རྣམས་ལ་ཡང་དག་པའི་མཐའ་ལ་འགོད་པའི་ཐབས་ལ་མཁས་པ་ནི་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཚེ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སེམས་ཅན་རྣམས་ཕ་རོལ་ཏུ་ཕྱིན་པ ་དྲུག་ལ་འགོད་ཅིང་དྲུག་པོ་དེ་ཉིད་རང་བཞིན་གྱིས་སྟོང་ཞིང་མི་དམིགས་པའོ།། སངས་རྒྱས་ཀྱི་ལམ་གྱི་མཛད་པ་ནི་དགེ་བ་བཅུ་ནས་རྣམ་མཁྱེན་གྱི་བར་ལ་བདག་ཉིད་གནས་ཤིང་སེམས་ཅན་གཞན་འགོད་དོ།། རང་བཞིན ་གྱི་སྟོང་པ་ཉིད་ཀྱི་མཛད་པ་ལ་ཞུས་ལན་གཉིས་ལས། དང་པོ་ནི་གལ་ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ལགས་ན། རང་བཞིན་གྱིས་སྟོང་པ་ཉིད་ལ་ནི་སེམས་ཅན་དང་ཆོས་དང་ཆོས་མ་ཡིན་པ་ཡང་མི་དམིགམ ་བྱང་ཆུབ་སེམས་དཔའ་རྣམས་ཇི་ལྟར་ཐམས་ཅད་མཁྱེན་པ་ཉིད་ཀྱི་དོན་དུ་འཇུག་ལགས། ལན་དེ་དེ་བཞིན་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་ལ་ཆོས་དེ་རྣམས་མ་དམིགས་སོ།། གལ་ཏེ་ཆོས་ཐམས་ཅད ་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་རང་བཞིན་གྱིས་སྟོང་པ་ཉིད་ལ་གནས་ཏེ་སངས་རྒྱས་ནས་རང་བཞིན་སྟོང་པ་ཉིད་དུ་མི་སྟོན་ཏེ། རབ་འབྱོར་གཟུགས་ནས་རྣམ་མཁྱེན་གྱི་བར་ནི་རང་བན ་ཀྱིས་སྟོང་ངོ་།། དེ་བས་ན་གཟུགས་ནས་རྣམ་མཁྱེན་གྱི་བར་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ།། རང་བཞིན་གྱིས་སྟོང་པ་ཞེས་བྱ་བའི་གོ་བ་ནི་འཇིག་པར་མི་འགྱུར། ཕྱིས་མེད་པར་འགྲོ་བ་མ་ཡིན། འཕེལ ་འགྲིབ་མེད། སྐྱེ་འགག་མེད། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་མེད་དེ་ཡུལ་ན་མི་གནས་ཕྱོགས་ན་མི་གནས་འགྲོ་འོང་མེད་པ་དེ་ལ་གནས་ནས་བླ་ན་མེད་པའི་བྱང་ཆུབ་ལ་འཇུག་པ་མེད་པའི་ཚུལ ་གྱིས་འཇུག་སྟེ། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་མཐོང་ནས། སྒྲིབ་པའི་ཆོས་ཐམས་ཅད་ཡང་དག་པར་རྗེས་སུ་མི་མཐོང་ངོ་།། རང་བཞིན་སྟོང་པ་ཉིད་ལ་བྱེད་པའི་སྐྱེས་བུ་བཅུ་གཉིས་ནས་དཔེ་བྱད་བཟ ་པོ་བརྒྱད་ཅུའི་བར་དུ་མི་དམིགས་ན། བླ་ན་མེད་པའི་བྱང་ཆུབ་ལ་དངོས་པོར་ཐེ་ཚོམ་ལྟ་ག་ལ་འོང་། དཔེར་ན་དེ་བཞིན་གཤེགས་པའི་སྤྲུལ་པས་འཁོར་རྣམ་པ་བཞི་ལ་ཆོས་བསྟན་ཡང་རྒྱུན་ཏུ་ཞུགས་པ་ལ་སོགས ་པ་ཐོབ་པ་མྱེད་པ་བཞིན་དུ་ཕྱིན་ཅི་ལོག་གི་སྐྱེས་བུ་ཕྱིན་ཅི་མ་ལོག་པ་ལ་འདོད་དོ།། གང་ལྔ་ཕྱིན་ཅི་ལོག་མེད་པ་དེ་ལ་བདག་ནས་རྣམ་མཁྱེན་གྱི་བར་དུ་མེད་དོ།། གང་ལ་གཟུགས་ནས་རྣམ་མཁྱེ། ་གྱི་བར་དུ་མེད་པ་དེ་ནི་རང་བཞིན་སྟོང་པ་ཉིད་དེ། དེ་ལ་གནས་ཤིང་ཕྱིན་ཅི་ལོག་ཏུ་སེམས་གྱུར་པ་སེམས་ཅན་གྱི་འདུ་ཤེས་གཟུགས་ཀྱི་འདུ་ཤེས་ཟག་པ་དང་བཅས་པའི་འདུ་ཤེས་ལས་འགྲེལ་ཏེ།། བྱང་ཆུབ་ཀྱི་ཕྱོག ་ཀྱི་ཆོས་ན་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་དོན་དམ་པ་ནི་མ་ཡིན་ཏེ། འདུས་མ་བྱས་མ་སྐྱེས་པ་འབྱུང་བ་མེད་པ་ནི་རང་བཞིན་གྱིས་སྟོང་པ་ཉིད་དོ།། དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ ་སྟེ། བདག་ནས་རློམ་མཁྱེན་གྱི་བར་དུ་མེད་དོ།། བྱང་ཆུབ་སེམས་དཔའ་ནི་རང་བཞིན་གྱིས་སྟོང་པ་ཉིད་ཡོངས་སུ་ཤེས་པ་ལས་ལམ་གྱི་དོན་དུ་བྱང་ཆུབ་ལ་འཇུག་པ་མེད་དེ། དེ་ནི་སྔ་ཕྱི་བར་གསུམ་དུ་རང་བཞིན་གྱིས་མི་གཏོང ་བ་མ་ཡིན་ནོ།། བྱང་ཆུབ་སེམས་དཔའ་ལམ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས། སེམས་ཅན་ཡོངས་སུ་སྦྱིན་པ་དང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ནས་མངོན་པར་རྫོགས་པར་སངས་རྒྱས་ཏེ། དུས་གསུམ ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཚུལ་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པར་མི་འགྱུར་རོ།། ཞུས་ལན་གཉིས་པ་ནི་བྱང་ཆུབ་སེམས་དཔའ་ནི་རང་བཞིན་སྟོང་པ་ཉིད་ལ་སྤྱོད་ཅིང་། གཟུགས་ནས་རྣམ་མཁྱེ ་གྱི་བར་ཡང་གཞན་ལ་རང་བཞིན་སྟོང་པ་ཉིད་ཀྱང་གཞན་ཞེས་འགལ་བར་མི་བགྱིད། གཟུགས་ནས་རྣམ་མཁྱེན་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ་ཞེས་བརྗོད་པ་ནི་ངོ་མཚར་ཏོ།། དེའི་ལན་གཟུགས་ནས་རྣམ་མཁྱེན་གྱི་བར་ཡང ་གཞན་པ་ཡིན་རང་བཞིན་སྟོང་པ་ཉིད་ཀྱང་མ་ཡིན་ཏེ། གལ་ཏེ་གཟུགས་ནས་རྣམ་མཁྱེན་གྱི་བར་རང་བཞིན་སྟོང་པ་མ་ཡིན་ན་ནི། རང་བཞིན་གྱིས་སྟོང་པར་ཁོང་དུ་ཆུད་ནས། སངས་མི་རྒྱ་བུར་མྱི་ཐལ་བ་ལས། རང་བཞིན་གྱིས ་སྟོང་པ་ནི་འཇིག་པ་འམ་རྟག་ཏུ་གནས་པ་བྱམ་འགྲོ་ས་མེད་དེ། གཞན་དུ་ན་འཇིག་རྟེན་རྣམས་ནི་རྨོངས་ཤིང་ཕུང་པོ་ལ་མངོན་པར་ཞེན་པས་སྐྱེ་རྒན་འཆིའི་སྡུག་བསྔལ་ལས་མི་གྲོལོ།། དེའི་ཕྱིར་བྱང་ཆུབ་སེམས་དཔའ་རང ་བཞིན་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་གཟུགས་རྣནས་རྣམ་མཁྱེན་གྱི་བར་སྟོང་ངམ་མི་སྟོང་ཞེས་རྣམ་པར་འཁྲུག་པར་མི་བྱེད་དོ།། དེ་ཅིའི་ཕྱིར་ཞེ་ནི། རང་བཞིན་སྟོང་པ་ཉིད་ནི་འདི་གཟུགས་ནས་རྣམ་མཁྱེན་གྱི་བར་རོ།། ་འདི་ནི་གཟུགས་ནུས་རྣམ་མཁྱེན་གྱི་བཪྵ་སྟོང་པ་ཉིད་དྲོ་ཞེས་རྣམ་པར་འཁྲུག་པརུ་མི་བྱེད་དོ།། དཔེར་ནཱ་ནམ་ཐཱ་ནི་ན་མཁའ་འཁྲུག་པར་མི་བྱེད་དོ།། དེ་བཞིན་དུ་གཟུགས་ནས་རྣམ་མཁྱེན་གྱི་བར་ཡང་སྟོང་པ་ཉིད་འཁྲུག་པར་མི་བྱེད་དོ།། ་སྟེང་པ་ཉིད་ཀྱང་དེ་རྣམས་འཁྲུག་པར་མི་བྱེད་དེ། གཉིས་ཀ་དམིག་སུ་མེད་པའི་ཕྱིརརོ།། གཉིས་ཟད་ཀྱི་མཛད་པ་ནི། གལ་ཏེ་ཆོས་ཐམས་ཅད་མ་མཆིས་ལེགས་ན་བདག་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་མངོན ་པར་རྫོགས་པར་སངས་རྒྱུ་བར་འགྱུར།། གཉིས་སུ་འབྱེད་པ་ལ་ནི་བྱུང་ཆུབ་མ་མཆིས་སོ།། ལན་དེ་དེ་བཞིན་ནོ།། གཉིས་ལ་སྤྱོད་པ་ལ་བྱང་ཆུབ་མེད་དོ།། བྱང་ཆུབ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་ལ ་མྱི་སྤྱོང་ངོ་།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ནི་བདུག་གུམ་བདག་གིར་བྱེ་བ་མེད་པ་སྟེ། གཟུགས་ནས་རློམ་མོ་བྱིན་གྱི་བཱར་ལ་བདྲུག་གམ་བདག་གིར་བྱ་བ་མེད་དེ། བྱང་ཆུབ་འཛིན་པ་དང་མི་འཛིན་པ་གང་ལ་ཡང་མི་སྦྱོང་ངོ་།། གསྩོལ་པ ་འོ་ན་བྱང་ཆུབ་ཅི་ལ་སྤྱོད་ལགས། ལན་མགོ་བསྒྲེ་བ་ནི་དེ་བཞིན་གཤེགས་པའི་སྤྲུལ་པ་དང་། དགྲ་བཅོམ་པའི་རྨི་ལམ་གྱི་བློ་འཛིན་པ་འམ་མི་འཛིན་པ་གང་ལ་སྦྲིད། ལན་དགྲ་བཅོམ་པ་ལ་ཉུལ་བ་མ་མཆི་སཽ་ནཱ་མྱི་ལམྦ་གྷི་བྷྱོ་འཛིན ་པམ་མི་འཛིན་པ་གང་ལ་ཡང་མི་སྤྱོད་དོ།། བརྡའི་མཛད་པ་ནི་གསོལྔ་པ་བྱང་ཆུབ་འཛིན་པ་དང་མི་འཛིན་པ་གང་ལ་ཡང་མྱི་སྟོད། གཟུགས་ནས་རྣམ་མཁྱེན་གྱི་བར་ལ་ཡིང་མི་སྤྱོད་ན། སྠིཪྻཱ་ལུགས་ཀྱིས་ནརྀ་པར་ཕྱིན་ནོ་རྣམ ་ཐམས་ཅད་མཁྱེན་པ་ཉིད་རྫོགས་པར་བྱས་ནུས་སངས་རྒྱ། པར་ཕྱིན་ནོས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་མ་རྫོགས་ནུ་སངས་རྒྱུ་བར་མོ་ནཱམ།། ལེན་པར་ཕྱིན་ནས་རྣཾམ་མྦྷ་བྱིན་གྱི་བོར་མ་རྫོགས་ན་སོངས་མ ་རྫོགས་ནས་མ་རྒྱ་ཞེས་པ་ཇི་རྩས་ཅན་རྣམ་མ་ཁྱེན་པ་ཡ་བནིནི་ཡི་གནས་མ་དྷམ་ཞིན་དེ་མང་ཉ་བར་ནི་ཐསྟེ། འཇོམ་འགྲིབ་མེང་སྐྱེ་འགག་སང་། ཀུན་ནས་ཉིན་མོངས་དང་རྣམ་པར་བྱུང་བ་མེད ་པ་དང་མངོན་པར་རྟོགས་པ་མེད་དེ། འཇིག་རྟེན་གྱི་ཐ་སྙད་དུ་སངས་རྒྱའི་དོན་དམ་པར་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་མ་ཡིན་ནོ།། དེ་བས་ན་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་ལ་སྤྱོད་ཀྱང་སེམས་དང ་སེམས་ཅན་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མི་དམིགས་སོ།། མགོ་བསྒྲེ་བ་ནི་རབ་འབྱོར་དགྲ་བཅོམ་པ་ཐོབ་ཅེས་པ་དེ་དམིགས་པར་འགྱུར་རམ། གསོལ་པ་མ་ལགས་སོ།། འཇིག་རྟེན་གྱི་ཐ་སྙད་ཀྱིས་བསྟན་པ་ལ་གསོ། ་དོན་དེ་བཞིན་དུ་གཟུགས་ནས་རྣམ་མཁྱེན་གྱི་བར་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ།། བྱང་ཆུབ་སེམས་དཔའ་ནི་ཆོས་གང་ཡང་འཕེལ་འགྲོ་བ་བམ་ཕན་གནོད་གང་ཡང་མ་དམིགས་ཏེ་ཆོས་ཀྱི་རང་བཞིན་ཉེ་བར་བཟུང ་ན་ཆོས་རྣམས་ཀྱི་རང་བཞིན་དེ་ལ་མ་དམིགས་ན། སེམས་དང་པོ་བསྐྱེད་པ་ནས་རྣམ་མཁྱེན་གྱི་བར་དུ་དམིགས་པར་འགྱུར་པ་ལྟ་ཅི་སྨོས། དེ་ལྟར་བྱང་ཆུབ་ལ་སྤྱོད་ཅིང་སངས་རྒྱས་ཏེ་སེམས་ཅན་གྱི་དོན་བྱེད་དོ།། ཆོས་ཉིད ་འཁྲུག་པ་མྱེད་པའི་ལེའུ་སྟེ་རེ་ལྔ་པའོ།། །། ལེའུ་འདི་ནོས་མི་དམིགས་པ་དང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་འཕྲིན་ལས་གཉི་སྔ་སྟོན་པ་ལས། དང་པོ་ལ་ཞུས་ལན་བདུན་ནི་གསོལ་པ། བྱང་ཆུབ་སེམ ་དཔའ་ཕ་རོལ་ཏུ་ཕྱིན་པ་ནས་རྣམ་མཁྱེན་གྱི་བར་རྫོགས་པར་བགྱིས་ཀྱང་སངས་རྒྱས་མི་རྒྱ་ལགས་སམ། ལན་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཚེ། ཐབས་མཁས་པས་སྦྱིན་པ་ནས་རྣམ་མཁྱེན་གྱི་བར་ལོ་སྤྱོད་ཀྱང ་དེ་དག་ཀྱང་མི་དམིགས་དེ་ལས་གཞན་དུའང་མི་སྤྱོད་ན། བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། ཡུམ་དེ་ལྟར་སྤྱོད་ན་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱའོ།། ཞུས་པ་གཉིས་ནི་བྱང་ཆུབ་སེམས་དཔའ ་ཡུམ་ལ་སྤྱོད་པའི་ཚེ། བྱང་ཆུབ་ཀྱི་ལམ་ལ་བརྩོན་པར་བགྱིད་པོ་ལགས། དེའི་ལན་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་ས་མྀ་སྦྱོར་མི་འབྱེད་དེ། གང་སྦྱར་བར་བྱ་བ་འམ་དབྱེ་བར་བྱ་བ་ངོ་བོ་ཉིད་མེད་པའི་ཕྱིར་རོ།། ཞུས ་ལན་གསུམ་པ་ནི་གང་སྦྱར་བར་བྱ་བ་འམ་དབྱེ་བར་བྱ་བའི་ངོ་བོ་ཉིད་མ་མཆིས་ན། ཡུམ་ལ་ཇི་ལྟར་བསླབ་པར་བགྱི། ཡུམ་ལ་མི་བསླབས་ན་སངས་རྒྱ་བར་མི་ནུས་ལགས་སོ།། དེའི་ལན་དེ་དེ་བཞིན་ཏེ་ཐབས་ལ ་མཁས་པ་ཡིན་གྱི་འོན་ཏེ་མ་དམིགས་ན། འདི་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་རོ་ཞེས་ཅི་ཞིག་གཟུང་། སྦྱིན་པ་ནུས་རྣམ་མཁྱེན་གྱི་བར་ནི་གཟུང་དུ་མེད་པ་སྟེ། སློབ་པ་དང་བྱང་ཆུབ་དང་སངས་རྒྱས་ནས ་སོ་སོའི་སྐྱེ་བོའི་བ.རཱ་རོ་ཡོད་པར་ག་ལ་འགྱུར། ཞུས་པ་བཞི་པ་ནི་ཆོས་ཐམས་ཅད་དངོས་པོ་མ་མཆིས་པ་ལ་སོ་སོའི་སྐྱེ་བོ་ནས་སངས་རྒྱས་ཀྱི་བར་དུ་དམིགས་སུ་མ་མཆིས་ལགས། ལནྟ་ཇི་ལྟར་གཟུགས ་ནས་རྣམ་མཁྱེན་གྱི་བར་ལ་བྱིས་པ་སོ་སོའི་སྐྱེ་བོས་མངོན་པར་ཞེན་པར་འགྱུར་བ་དེ་ལྟར་ཡོད་པར་གྱུར་ཏམ། ཡོད་པར་དམ་ཡོད་པར་འགྱུར་རམ། གསོལ་པ་དེ་རྣམས་ཕྱིན་ཅི་ལོག་ལེགས ་ཀྱི་དེ་ནི་མ་མཆིས་ལགསོ།། ལན་ཆོས་ཐམས་ཅད་དངོས་པོ་མེད་པ་ལ་ཕྱིན་ཅི་ལོག་གི་དབང་གི་དངོས་པོར་བཟུང་བ་དེ་བྱང་ཆུབ་སེམས་དཔའ་ཐུབས་ལ་མཁས་པ་དེ་ལས་བཟློག་ནས་བྱང་ཆུབ་ལ་འཇོག་གོ། ཞུ ་བ་ལྔ་པ་ནི་བྱང་ཆུབ་ལ་འཇུག་པའི་ཐབས་ལ་མཁས་པ་དེ་གང་ལགས། ལན་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཚེ་ཆོས་གང་ལ་ཐོགས་པའི་དངོས་པོ་འམ་ཞུམ་པའི་སྒྱིད་ལུག་གོ་འམ། ཚེ་ཆང་ན་ལེ་ལོར་གྱུར ་པའི་དངོས་པོ་མ་མཐོང་སྟེ། སེམས་ཅན་རྣམས་རྨོངས་པས་ཕུང་པོ་ཁམས་སྐྱེ་མཆེད་རྟེན་འབྲེལ་ལ་མངོན་པར་ཞེན་པས་བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་མཚན་ཉིད་མེད་པར་ཡང་དག་པར་རྗེས ་མཐོང་ནས། སྒྱུ་མའི་མཁན་པོ་ལྟ་བུའི་ལུས་ཀྱི་ཕར་ཕྱིན་དྲུག་གི་མི་མཐུན་པའི་ཕྱོགས་ལས་བཟློག་སྟེ། རྒྱུན་ཏུ་ཞུགས་པ་ལ་སོགས་པ་ལ་བཀོད་དོ།། ཞུས་པ་དྲུག་པ་ནི་སེམས་ཅན་གཏན་མ་མཆིས ་ན་ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྦྱོར་ཞིང་། རྒྱན་ཞུགས་ནས་རྣམ་མཁྱེན་གྱི་བོར་དུ་ཐོབ་པར་འགྱུར་ལགྲེས། ལེན་ཀུན་རྫོབ་ཀྱི་བརྡས་དེ་ཚེ་སྟོན་པ་མ་གཏོགས་པར་བྱང་ཆུབ་སེམས་དཔའ་ཚེ་འདི་ཉིད ་ལ་བདག་ཀྱང་མི་དམིགས་ནི་རྒྱུན་ཞུགས་ལ་སོགས་པ་ལྟ་ཅི་སྨོས།། ཞུས་པ་བདུན་པ་ནི་ཆོས་གཅིག་གམ་ཐ་དད་ཀྱང་མི་དམིགས་ཁམས་གསུམ་དང་འདུས་བྱས་དང་འདུས་མ་བྱས་དང་། སམས ་ཅན་དུ་གླདུགས་པ་མི་དམིགས་ན་སེམས་ཅན་བཅིངས་གྲོལ་ཀུན་ནས་ཉོན་མོངས་དང་། རྣམ་བྱུང་ལས་ཀྱི་རྒྱུད་ཐ་དད་པ་ལས་དང་ཉོན་མོངས་རྣམ་པར་སྨིན་པས་ལ་བདག་གམ་སེམས ་ཅན་ཐམས་ཅད་རྒྱུན་ཆད་པར་མི་འགྱུར་ལགས་སམ། དེའི་ལན་སྔོན་སེམས་ཅན་འགྲོ་བ་ལྔ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡོད་པ་ཕྱིས་མེད་པར་འགྱུར་བ་མེད་དེ། དེ་བཞིན་གཤེགས་པ་ནི་བྱུང་རུང་མ ་བྱུང་རླུང་དེ་བཞིན་ཉིད་ལ་སོགས་པར་གླནས་ཏེ། དེ་ལ་བྱེད་པའི་སྐྱེས་བུ་བཅུ་གཉིས་ཕུང་པོ་ཁྲིམས་ལ་སོགས་པ་ལྕེ་ཅི་སྨོས། འགྲོ་བ་ལྔའི་འཁོར་བ་ལ་ནས་དགྲོལ་བ་ལྟ་ག་ལ་ཡོད། བྱང་ཆུབ་སེམས་དཔས ་སྔོན་གྱི་སངས་རྒྱས་ལ་ཡང་ངོ་བོ་ཉིད་ཀྱིས་སྤྱོད་པ་དེ་ཐོས་ནས། སེམས་ཅན་ཕྱིན་ཅི་ལོག་གི་སྐྱེ་བོ་རྣམས་དྲུང་བའི་ཕྱིར་བྱང་ཆུབ་ལ་འཇུག་གོ།། དཔེར་ན་སྒྱུ་མའི་མཁན་པ་རྣམས་སྐལ་པ་ཞིག་གིས་སྲོག་ཆགས ་མེང་པོ་སྤྲུལ་ཏེ། བཟའ་བ་དང་བཅས་པས་ཚིམ་པར་བྱས་ནས། བདག་གིས་བསོད་ནམས་མང་དུ་སྐྱིལ་ལོ་ཞེས་ཡང་ཡང་དུ་བརྗོད་ན། དེས་ཚིམ་པར་བྱས་པའམ་བསོད་ནམས་མིང་དུ་འཕྲུལ་བ་ཡོད་དམ། མ ་མཆིས་ལེགས་སོ།། ལན་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། སྦྱིན་པོ་ནས་མ་འདྲེས་པ་བཅོ་བརྒྱད་ལ་སྤྱོད་ཀྱང་ལམ་ཡོངས་སུ་རྫོགས་པ་དང་། སངས་རྒྱས་ཀྱི་ཞིང་ཡོང་སུ་དག་པ་དང ་སེམས་ཅན་ཡོངས་སུ་སྨིན་པ་དང་། སེམས་ཅན་དེ་ལྟ་བུ་བཏུལ་བ་གླང་ཡང་མེད་དོ།། ཞུས་ལན་གཉིས་པ་ལུས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པའི་ཕྲིན་ལས་ནི་རབ་འབྱོར་གྱི་སྒྲ་གསོལ་པ། སེམས ་ཅན་ཡོངས་སུ་སྨིན་པ་དང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱིད་པའི་བྱང་ཆུབ་ཀྱི་ལམ་གང་ལགས། བཀའ་སྩལ་པ། སྦྱིན་པ་ནོས་མ་འདྲིས་པའི་བར་ནི་བྱང་ཆུབ་སེམས་དཔའི་ལམ་ཡིན་ཏེ། འདི ་ལྟར་སྦྱིན་པ་ལྔ་པོ་ལ་སྩོགས་པའི་གང་ཟག་དྲུག་གིས་སེམས་ཅན་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བྲལ་བ་དག་མཐོང་ན། ཁྱི་ཅིའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ལ་མི་སྤྱོད། དེ་དག་རྣམས་ཀྱིས་སྨྲས་པ། བདག ་ཅག་རྐྱེན་དང་མི་ལྡན་པའི་ཕྱིར་རོ།། གང་ཟག་དྲུག་པོས་སྨྲས་པ། ཕར་ཕྱིན་དྲུག་གི་རྐྱེན། ཟས་འདོད་པ་ལྔས་ཟས། ཞེས་པ་ནཱས་མིའི་ཡོ་བྱད་གང་ཡང་རུང་བའི་བར་དུ་སྦྱིན་གྱིས། ཕར་ཕྱིན་དྲུག་ལ་སོགས་པ་ལ་སྤྱོད ་ཅིག་ཅེས་པ་ནས་ཡོན་དྲུག་སྐྱོན་གཏོད་ཀྱི་ཕར་ཕྱིན་དྲུག་སྟེ་ལེའུ་རེ་དྲུག་པོའོ།། །། ལེའུ་འདི་ནས་མཛད་པ་བཞི་ནི་བྱང་ཆུབ་སེམས་དཔའི་ལམ་དང་། མངོན་པར་མ་ཞོན་པ་དང་། བྱང་ཆུབ་ཐོབ ་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པོའོ།། བྱང་ཆུབ་སེམས་དཔའི་ལམ་ནི་སྦྱིན་པ་ནས་རྣམ་མཁྱེན་གྱི་བར་རོ།། གསོལ་པ། གལ་ཏེ་ཆོས་ཐམས་ཅད་སྟོང་པ་ལགས་ན། བྱང་ཆུབ་སེམས་དཔའ ་དམིགས་པ་བཅུ་གཅིག་རྒྱུན་ཞུགས་ལ་སོགས་པ་འདི་དག་ཅེས་བསླབས་ན། སྤྲོས་པར་མི་འགྱུར་ལགས་སམ། ལན་བྱིས་པ་སོ་སོའི་སྐྱེ་བོ་ཡིས་ཆོས་འདི་དག་སྟོང་པར་མཱི་ཤེས་པས། མངོན ་པར་མ་ཞེན་པའི་མཛད་པ་ནི་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཚེ་ཆོས་ཐམས་ཅད་མྱངོན་པར་འདུ་བྱ་བླ་མ་གཏོགས་པར་གཟུགས་ནས་རྣམ་མཁྱེན་གྱི་བར་མི་དམིགས་ཏེ། ངོ་བོ་ཉིད་སྟོང་པའི་ཕྱིར། སེམས་ཅན ་ས་ལ་སྦྱིན་པ་ཟླན་ལྡན་ལ་སྤྱོད་ཅིང་ངོས་རློམ་སེམས་སུ་མ་བྱེད་ཅིག། དེ་ལ་སྙིང་པོ་གང་ཡང་མེད་དོ་ཞེས་ནས་ཕྱིར་ཕྱིན་དྲུག་ལ་མི་གནས། བསམ་གཏན་བཞི་ནས་མངོན་ཤེས་དྲུག་གྲི་བར་དང་། དེ་མཉམ་པོར་བཞག་པ་དང་། ་རྣམ་པ་གང་གིས་མཉམ་པར་བཞག་པ་ལ་མི་གནས། ཉན་རང་གི་བྱང་ཆུབ་ཐོབ་ཀྱང་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། སེམས་དང་པོ་བསྐྱེད་པ་བཟུང་ནས་བཟུང་ནས་ས་བཅུའི་བར་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ ་ཡིན་པ་སེམས་ཅན་གཞན་གང་ཡང་མ་བསྐྱེད་དོ།། བྱང་ཆུབ་ཐོབ་པའི་མཛད་པ་ནི། གསོལ་པ་ཆོས་ཐམས་ཅད་མ་སྐྱེས་ལགས་ན་བྱང་ཆུབ་ཇི་ལྟར་བསྒྲུབ་པར་བགྱི། དེའི་ལན་ཆོས་ཐམས་ཅད་མ་སྐྱེས་པ་ཡིན་ཡང ་དེ་ལྟ་བུ་མི་ཤེས་པའི་དོན་དུ། བྱང་ཆུབ་ཀྱི་ལོམ་གྱི་སེམས་ཅན་རྣམས་འཁོར་བ་ལས་ཐར་བར་བྱེད་དོ།། སྐྱེས་པ་དང་མ་སྐྱེས་པ་དང་། གཉིས་ཀ་དང་གཉིས་ཀ་མ་ཡིན་པ་ལ་གནས་ནས་བྱང་ཆུབ་ཐོབ་པར་བྱེད་པ་མེད ་པབ་མ་ཡིན་གྱི། འཇིག་རྟེན་གྱི་ཐ་སྙད་ཀྱིས་བྱང་ཆུབ་ཐོབ་པར་བསྟན་པའོ།། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པའི་མཛད་པ་ནི་གསོལ་པ་ཆོས་ཐམས་ཅད་རང་བཞིན་གྱིས་དབེན་པ་ལགས་ན། བྱང་ཆུབ་སེམས ་དཔས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱི། དེའི་ལན་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་ནོས་ལུས་དག་གི་གནས་ངན་ལེན་སྦྱངས་ནས་སངས་རྒྱས་ཀྱི་ཞིང་དག་པར་བྱེད་དོ།། དེ་ལྔ་གནས་ངན་ལེན་ནི ་མི་དགེ་བ་བཅུ་དང་ཕར་ཕྱིན་དྲུག་གི་མི་མཐུན་ཕྱོགས་དང་། བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་དང་བྲལ་པོ་དང་། ཉན་རང་གི་བྱང་ཆུབ་ལ་འདོད་པ་བསྐྱེད་ཅིང་མངོན་དུ་བྱེད་པ་དང་། གཟུགས་ནུས་རྒ་ཤིའི་བར་གྱི་འདུ ་དང་། ཁམས་གསུམ་དང་དམིགས་པ་བཅུ་གཅིག་གི་འདུ་ཤེས་ནི་གནས་ངན་ལེན་ནོ།། གནས་ངན་ལེན་སྤྱོད་པ་གསུམ་ནི། བདག་པར་ཕྱིན་དྲུག་ལོ་སྤྱོད་ཅིང་གཞན་ཡང་སྐུལ་བ་དང་། ཞིང་སྦྱོང་གཉིས་པ་ནི་མཆོད ་པརྣམ་པ་ལྔས་སྦྱོང་བ་དང་། གསུམ་པ་ནི་སྙོམས་འཇུག་གི་སུམ། བྱང་ཆུབ་ཕྱོགས་སུམ་ཅུ་རྩ་བདུན་རྣམ་ཐར་སྒོ་གསུམ་ལ་སེམས་ཅན་ཐམས་ཅད་དགོད་པ། ནམ་ཆོས་དེ་དགྲ་ཐམས་ཅད་དང་ལྡན་པར་མ་གྱུར་གྱི ་བར་དུ་སངས་མི་རྒྱ་བར་བདག་དང་གཞན་རྣམས་ཀྱི་ཚོགས་སོག་ཅིང་སངས་རྒྱས་ཀྱི་ཞིང་དག་པར་བྱེད་དེ་དེ་ཅི་ནས་ཀྱང་ངན་སོང་གསུམ་དུག་གསུམ་མི་རྟག་པ་ལ་སོགས་པ་བཞི། བག་ལ་ཉལ་དེང་ཀུན་ནས་ལྡང ་པ་ཕྱིན་ཅི་ལོག་ཏུ་གདགས་པའི་མིང་ཡང་མི་སྲིད་ཅིང་། ཤིང་རླུང་གིས་བཏབ་པའམ་ཕྱི་ནང་གི་དངོས་པོ་དྲག་ལ་རྣམ་ཐར་གསུམ་དང་། སྐྱེ་འགག་མེད་པ་དང་། ངོ་བོ་ཉིད་མེད་པའི་སྒྲ་ཆོས ་ཐམས་ཅད་ནི་ཆོས་ཐམས་ཅད་ཀྱིས་སྟོང་ངོ་།། གང་སྟོང་པ་དེ་ལ་མཚན་མ་མེད་དོ།། གང་མཚན་མ་མེད་པ་དེ་ལ་སྨོན་པ་མེད་དོ།། ཞེས་བྱ་བའི་སྒྲ་ཉིན་མཚན་ཉིད་དུ་རྒྱུན་མི་འཆད་པར་སངས་རྒྱས་ཀྱི་ཞིང་ཡོངསུ ་སྦྱོང་ངོ་།། དེ་སངས་རྒྱས་དང་སེམས་ཅན་རྣམས་ལ་ལེགས་པ་བརྗོད་ཅིང་མཚན་ཐོས་པ་དེ་དག་ཐམས་ཅད་བྱང་ཆུབ་ཏུ་ངེས་ཏེ། ཆོས་ཡིན་མིན་གྱི་ཐེ་ཚོམ་མྱི་ཟའོ།། སེམས་མི་དགེ་བའི་རྩ་བས་ནོན་པ། དགེ ་བིའོ་བཤེས་ཀྱིས་མ་ཟིན་པ་རྟག་ཆད་ཀྱི་ལྟ་བར་ལྟུང་ནས་ལོག་པར་འཛིན་ཏེ། སངས་རྒྱས་དང་ཆོས་ཡིན་པ་ལ་མིན། མིན་པ་ལ་ཡིན་ཞེས་ཟེར་ཞིང་དཀོན་མཆོག་སྤངས་པས། ཤི་བའི་འོག་ཏུ་ངན་སོང་དུ་འགྲོ་བ ་དེ་དག་ཐུགས་རྗེ་ཆེན་པོས་བཀྲོལ་ནས་བྱང་ཆུབ་ལ་ངེས་པར་སྦྱོར་རོ།། སངས་རྒྱས་ཀྱི་ཞིང་དག་པའི་ལེའུ་སྟེ་རེ་བདུན་པའོ།། །། ལེའུ་འདི་ནས་མཛད་པ་བཞི་སྟེ། ངེས་པ་དང་། སེམས་ཅནི་དོན ་དང་། སངས་རྒྱས་བསྟེན་ལ་སོགས་པ་དང་། བྱང་ཆུབ་ཀྱི་ཡན་ལག་གོ།། དེ་ལས་དང་པོ་ངེས་པ་ནི་བྱང་ཆུབ་སེམས་དཔའ་སེམས་བསྐྱེད་པ་ལ་སོགས་པ་བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་པའོ།། གསོལ་པ་བྱང་ཆུབ ་སེམས་དཔའ་ངེས་པ་ངན་སྟོང་གསུམ་ལ་སོགས་ལ་པར་འགྱུར་རམ། དེའི་ལན་མགོ་བསྒྲེ་བ་ནི། ཉན་རང་གི་བྱང་ཆུབ་ངན་སོང་དུ་མྱི་འགྱུར་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཕར་ཕྱིན་དྲུག་ལ་སྤྱོད་པ་ནི་མི ་ཁོམ་པའི་གནས་བརྒྱད་ལ་སོགས་པར་ལྟུང་བའི་གནས་མེད་དོ།། སེམས་ཅན་དྲོན་ཚད་མེད་ཀྱི་མཛད་པ་ལ་ནི་དྲུག་ལས། དང་པོ་གསོལ་པ། སེམས་དང་པོ་བསྐྱེད་པ་ནས་ཁོམ་པའི་གནོས་བརྒྱ་དུ་མི་སྐྱེ་ན། སངས ་རྒྱས་ཉིད་ཀྱང་བྱོལ་སོང་དུ་སྐྱེ་བའི་རླབས་བསྟན་ན་དེའི་ཚེ་དགེ་བ་གང་དུ་ཐལ། དེའི་ལན་བྱང་ཆུབ་སེམས་དཔའ་མི་དགེ་བའི་ལས་ཀྱིས་ངན་སོང་དུ་སྐྱེས་པ་མ་ཡིན་གྱི། ཆེད་དུ་བསམས་ཤིང་སེམས་ཅན་དོན ་དུ་ལུས་བླངས་ཀྱང་སྡུག་བསྔལ་མི་གོམས་སོ།། ཞུས་ལན་གཉིས་པ་དགེ་བའི་ཆོས་གང་ལ་གནས་ཤིང་དེ་ལྟ་བུའི་ངན་འགྲོའི་ལུས་ཡོངས་སུ་འཛིན་པ་ལགས། དེའི་ལན་དགེ་བའི་ཆོས་ཐམས་ཅད་ཡོངས ་རྫོགས་པར་བྱས་ནས་དེ་ལྟ་བུའི་ལུས་འཛིན་ཏོ།། ཞུས་ལན་གསུམ་པ་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པ་ཇི་ལྟར་ངན་སོང་དུ་འགྱུར་ལགས། དེའི་ལན་མགོ་བསྒྲེ་བ་ནི་དེ་བཞིན་གཤེགས ་པ་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པ་སེམས་ཅན་གྱི་དོན་དུ་ངན་སོང་དུ་སྐྱེས་ནས་སེམས་ཅན་གྱི་དོན་བྱེད་ཀྱང་ངན་སོང་གི་སྡུག་བསྔལ་གྱིས་གོས་པ་མེད་པ་དེ་བཞིན་དུ། སྤྲུལ་པ་བཞིན ་བྱང་ཆུབ་སེམས་དཔས་སེམས་ཅན་གྱི་དོན་བྱེད་ཀྱང་རྣམ་པར་རྟོག་པ་མེད་ལ། སྒྱུ་མའི་རྟ་གླིང་བཞིན་དུ་གསོད་པ་ལ་སོགས་པ་བྱུང་ཡང་སྡུག་བསྔལ་མེད་དོ།། ཞུས་ལན་བཞི་པ་དེ་ལྟ་བུའི་ལུས ་ལེན་ཀྱང་སྡུག་བསྔལ་གྱིས་མི་གོས་པའི་ཐབས་ལ་མཁས་པ་དེ་གང་ལགས། དེའི་ལྡན་ཡུམ་ཞེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་གོས་པ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་སྟོང་པས་གང་གིས ་རེག་པ་དང་། གང་ལ་རེག་པ་དེ་ཐམས་ཅད་དམིགས་སུ་མེད་དོ།། ཞུས་ལན་ལྔ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབའོ་ཞིག་ལ་སྤྱོད་ཀྱི་ཆོས་གཞན་ལ་མི་སྤྱོད་དམ། དེའི་ལན་པར་ཕྱིན་གྱིས་ལྗོངས་སུ་མ་ཆུང ་པའི་ཆོས་གང་ཡང་མེད་དོ་ཞུས་ལན་དྲུག་པར་ཤེར་ཕྱིན་ངོ་བོ་ཉིད་ཀྱིས་སྟོང་ན། ཇི་ལྟར་ཁོངས་སུ་ཡུལ།། དང་མུ་ཆུད་པ་མུ་མཆིས་སོ།། དེ་ལ་ནི་ཁོངས་སུ་ཆུད་པོ་དང་མ་ཆུད་པ་མ་མཆིས་སོ།། དྲིའི་ལྡན་ཆོས་ཐམས ་ཅད་ནི་སྟོང་པ་ཉིད་ཡིན་པ་ལ་ཡིན་པར་རྟོགས་པས་ཁོངས་སུ་ཆུད་པའོ།། སངས་རྒྱས་བསྟེན་སྔགས་ཀྱི་འཕྲིན་ལས་ནི་ཆོས་ཐམས་ཅད་སྟོང་པ་ལ་མངོན་པར་ཤེས་དྲུག་གིས་ཕྱོགས་བཅུ་འཇིག་རྟེན་གྱི་ཁྲིམས ་ཀྱི་སངས་རྒྱས་ལ་བསྙེན་བཀུར་ཞིང་། སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པ་ལགས། དེའི་ལན་ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་ལ་སོགས་པ་བཏགསོ་པ་ཐམས་ཅད་ཀྱང་རང་བཞིན ་གྱིས་སྟོང་པས། ཉེ་ཚེ་བའི་སྟོང་པར་མི་འགྱུར་བར་མངོན་ཤེས་དྲུག་གིས་སེམས་ཅན་གྱི་དོན་བྱེད་པ་ནི། ལྷའི་སྤྱན་གྱིས་ཆོས་ཐམས་ཅད་སྟོང་པར་མཐོང་ཞིང་གནས་ནས་མངོན་པར་སྐྲག་བསྒྲུབ་བོ།། དེ་ལྷའི་མིག ་རྣམ་པར་དག་པ་དེ་ཉིད་ཀྱིས་ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་མཐོང་སྟེ་དེ་དག་དུ་རྫུ་འཕྲུལ་གྱིས་སོང་ཞིང་། སྦྱིན་པ་ནས་མ་འདྲེས་པའི་ཆོས་ཀྱི་བར་དང་། ཐེག་པ་གསུམ་གྱིས་སེམས་ཅན་གྱི་དོན་བྱེད ་ཅིང་སེམས་ཅན་ཕར་ཕྱིན་དྲུག་གི་མི་མཐུན་པའི་ཕྱོགས་དང་ལྡན་པ་སྟོན་ཏོ།། དེ་ལྷའི་མིག་གིས་ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་སུ་སེམས་ཅན་གང་དགྲ་སྐྱེས་པ་མཐོང་ནས། རྫུ་འཕྲུལ་གྱིས་དེ་དག་ཏུ ་སོང་ཞིང་སེམས་ཅན་དྲོ་དག་ག་སེམས་ཅན་དེ་དག་གི་སེམས་ཁོང་དུ་ཆུད་པར་བྱས་ནས་མཐུན་པར་ཕར་ཕྱིན་དྲུག་དང་། འཕགས་པའི་བདེན་པ་དང་། ངེས་པར་འབྱུང་བའི་བར་ཆོས་སྟོན་ཏོ།། དེས་ལྷའི ་ན་བའི་ཁམས་ཀྱིས་ལྷའི་སྒྲ་ཐོས་ཏེ། དེས་ཕྱོགས་བཅུ་འཇིག་རྟེན་གྱི་ཁྲིམས་ཀྱི་སངས་རྒྱས་ཇི་སྙེད་བཞུགས་པ་དེ་དག་གི་ཆོས་མཉན་ཏེ་ཐོས་ནས་དེ་བཞིན་ཉིད་དུ་འཛིན་ཏོ།། གཟུང་ནས་སེམས་ཅན ་རྣམས་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ནས་ངེས་འབྱུང་གི་བར་གྱི་ཆོས་སྟོན་ཏོ།། དེ་སེམས་ཀྱི་རྣམ་གྲངས་ཤེས་པ་དེས།། སེམས་ཅན་རྣམས་ཀྱི་སེམས་ཤེས་ནས་སྦྱིན་པ་ནས་ངེས་འབྱུང་གི་བར་གྱི་ཆོས ་སྟོན་ཏོ།། སྔོན་གྱི་གནས་རྗེས་སུ་དྲན་པ་དེས་སངས་རྒྱས་དང་། ཉན་ཐོས་དང་སེམས་ཅན་གྱི་གནས་རྗེས་སུ་དྲན་པ་དེ་དག་ལ་སྦྱིན་པ་ནས་ངེས་འབྱུང་གི་བར་གྱི་ཆོས་སྟོན་ནོ།། རྫུ་འཕྲུལ་གྱི ་ཕྱོགས་བཅུའི་སངས་རྒྱས་ལ་བསྙེན་བཀུར་བྱེད། སེམས་ཅན་རྣམས་ལ་སྦྱིན་པ་ནས་ངེས་འབྱུང་གི་བར་དུ་ཆོས་སྟོན་ཏོ།། ཟག་པ་ཟད་པའི་མངོན་ཤེས་དེས་སེམས་ཅན་རྣམས་ལ་སྦྱིན་པ་ནས་ངེས་འབྱུང་གི་བར་གྱི ་ཆོས་སྟོན་ཀྱང་། བདེ་བ་དང་སྡུག་བསྔལ་གྱིས་མི་གོས་པའི་དཔེ་ནི། དེ་བཞིན་གཤེགས་པའི་སྤྲུལ་པས་དགོས་པ་ཐམས་ཅད་བྱེད་ཀྱང་བདེ་བ་དང་སྡུག་བསྔལ་གྱིས་མི་གོས་པ་བཞིན་ནོ།། བྱང་ཆུབ་ཡན་ལག་གི་མཛད་པ ་ནི་སེམས་དང་པོ་བསྐྱེད་པ་ནིས་ཉེ་བར་བཟུང་སྟེ་དགེ་བའི་ཆོས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་དེ་ལ་མི་རྟོག་ཅིང་དེ་ཡོངས་སུ་གཏོང་བའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར། སྦྱིན་བདག་དང་། བཏང་བ་དང་། ལེན ་པར་མི་རྟོག་ཅིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་གཞན་ཡང་སྒྲོལ་བ་འདི་ནི་དགེ་བའི་ཆོས་བྱང་ཆུབ་ཀྱི་ལམ་མོ།། སེམས་ཅན་ཡོངས་སུ་སྲིན་པོར་བྱེད་པའི་ལེའུ་ར་བརྒྱད་པའོ།། ། ་ལེའུ་འདི་ནས་མཛད་པ་གཉིས་ལས། ལས་རྣམས་ཆུད་མི་ཟ་བ་ནི་གསོལ་པ་ཆོས་དེ་རྣམས་བྱང་ཆུབ་སེམས་དཔའི་ཆོས་ལོགས་ན་སངས་རྒྱས་ཀྱི་ཆོས་གང་ལགས། དེའི་ལན་སྦྱིན་པ་ནས་རྣམ་མཁྱེན་གྱི་བར ་ཐོབ་པར་བྱེད་པ་ནི་བྱང་ཆུབ་སེམས་དཔའི་ཆོས་ཡིན་ལ། ཐོབ་པ་ནི་སངས་རྒྱས་ཀྱི་ཆོས་སོ།། གསོལ་པ་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྦྱོང་བ་ལ། དམྱལ་བ་ནས་སངས་རྒྱས་ཀྱི་དབྱེ་བ་མེད་པ་དང་། ལས་དང ་ལས་ཀྱི་རྣམ་སྦྱིན་མོད་པར་འགྱུར་རོ།། དེའི་ལན་དངོས་པོ་ལ་ལས་དང་ལས་ཀྱི་རྣམ་པར་སྨིན་པའི་བྱ་བ་མེད་ཀྱང་། སེམས་ཅན་རང་གི་མཚན་ཉིད་ཀྱིས་སྟོང་པར་མི་ཤེས་པས། ངན་པར་སྤྱད་པོས་ངན་སོང་། ལེགས་པར ་སྤྱད་པས་མཐེ་རིས་སུ་སྐྱེའོ།། དེ་ལ་བྱང་ཆུབ་སེམས་དཔའ་སྦྱིན་པ་ནས་རྣམ་པ་མཁྱེན་གྱི་བར་དུ་སྤྱོད་ནས་སེམས་ཅན་རྣམས་ཀྱི་དོན་བྱེད་དོ།། གསོལ་པ་སངས་རྒྱས་ནས་འགྲོ་བ་རྒྱུད་ལྔ་ནས་དགེ་སྡིག་ཡོད་པར་གཟིགས ་སོམ། མ་གཟིགས། སངས་རྒྱས་ཀྱི་སྐྱོན་གྱིས་གཟིགས་ན་དངོས་པོར་འགྲོ། མ་གཟིགས་ན་ལས་དང་ལས་ཀྱི་རྣམ་སྨིན་ཇི་ལྟ་བུར་ལུང་བསྟན་ལགས་ཀྱི་ལན། སེམས་རྒྱས་ནས་སེམས་ཅན་རྣམས་ཇི་ལྟར་གྲེལ་བར་མཛད ་དེའི་ལན་ཆས་སེམས་ཅན་རྣམས་རང་གི་མཚན་ཉིད་ཀྱིས་སྟོང་པར་མ་ཤེས་པས་བདེན་པར་བཟུང་བ་ལ་དེ་མི་བདེན་པར་བསྟན་ནས། གཟུགས་ནས་རྒ་ཤིའི་བར་དང་། དམིགས་པ་བཅུ་གཅིག་མི་བདེན་པར་བསྟན་ནོ།། ་བདེན་པའི་མཛད་པ་ཞུས་ལན་གསུམ་ལས། དང་པོ་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ལགས་ན། སངས་རྒྱས་ནས་སེམས་ཅན་རྣམས་ཇི་ལྟར་གྲོལ་བར་མཛད།། དེའི་ལན་ཆོས་ཐམས་ཅད་བདེན་བཞིར ་བསྟན་ནས་འགྲོལ་ལོ།། ཞུས་ལན་གཉིས་པ་བདེན་པ་བཞིས་གྲོལ་ལམ། བདེན་པཱི་བཞི་ཤེས་པས་གྲོལ་ལགས། དེའི་ལན་བདེན་པ་དང་བདེན་པ་ཤེས་པ་ལས་གྲོལ་བྱ་མ་ཡིན་གྱི། བདྲེན་པ ་བཞི་མཉམ་པ་ཉིད་གང་ཡིན་པ་གང་ནི་མྱ་ངན་ལས་འདས་པའོ།། ཞུས་ལན་གསུམ་པ་མཉམ་པ་ཉིད་དེ་གང་ལགས་ཀྱི་ལན། ཆོས་ཉིད་བདུན་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཕྱིར་རོ།། དངོས་པོ་དང་དངོས་པོ་མེད ་པའི་ལེའུ་སྟེ་རེ་དགུ་པའོ།། །། ལེའུ་འདི་ནས་ཕྱིན་ཅི་ལོག་སྤངས་པ་དང་། དེའི་བཞི་མེད་པའི་འཕྲིན་ལས་གཉིས་ལས། དང་པོ་ནི་ཆོས་ཐམས་ཅད་དངོས་པོ་མ་མཆིས། སངས་རྒྱས་དང་སེམས་ཅན་གང་གིས ་ཀྱང་མ་བགྱིས་ན་ལུས་འདིས་ནི་དམྱལ་བ་དང་ལྷའི་བར་དུ་སྐྱེས་སོ།། ལས་འདི་འཕགས་པའི་གང་ཟུག་རྣམས་སུ་ཇི་ལྟར་འགྱུར། དངོས་པོ་མ་མཆིས་པ་རྣམས་ལ་ནི་ལས་དང་བྱ་བ་དང་བྱེད་པ་དང་འབྲས་བུ་མ་མཆིས་ལགས ་སོ།། དེའི་ལན་དངོས་པོ་མཆིས་པོ་དེ་རྣམས་མེད་ཀྱང་བྱིས་པ་སོ་སོའི་སྐྱེ་བོས་མ་ཤེས་པས་ཕྱིན་ཅི་ལོག་ལས་བྱུང་བའི་ལས་སྣ་ཚོགས་བྱེད་པས་དམྱལ་བ་ནས་སངས་རྒྱས་ཀྱི་བར་དུ་ལུས་སྣ་ཚོགས་འགྲུབ་བོ།། ཁྱོད་དངོས ་པོ་མེད་ན་ལས་དང་འབྲས་བུ་དང་། དམྱལ་བ་ནས་སངས་རྒྱས་ཀྱི་བར་མི་འཐད་དོ་ཟེར་བ་ནི། ཁྱོད་དེ་ཚེ་དངོས་པོ་མེད་པ་མ་ཡིན་སྙམ་མམ། གསོལ་པ་དེ་ལྟ་མ་ལགས་སོ།། དམྱལ་བ་ལ་སོགས་པ་ཕྱིན་ཅི་ལོག་གི་དབང་གིས ་བསྟན་གྱི་དེ་ལ་དངོས་པོ་མེད་པའོ།། ཕྱིན་ཅི་ལོག་གི་གཞི་མེད་པའི་འཕྲིན་ལས་ནི་ཆོས་ཐམས་ཅད་དངོས་པོ་མེད་ན་ཀུན་ནས་ཉོན་མོངས་དང་རྣམ་བྱང་མི་འཐད་དོ།། དེའི་ལན་སྐྱེས་བུ་མཁས་པ་ལ་ངེས་དཔེས་བཤད་ཀྱིས ་འཁྲུལ་པའི་དཔེ་དྲུག་ནི་རྨི་ལམ་དང་བྲག་ཅ་དང་མྱིག་ཡོར་དང་། སྨིག་རྒྱུ་དང་། སྤྲུལ་པ་རྣམས་ལས་གང་བྱས་པས་མཐོ་རིས་དང་ངན་སོང་དུ་སྐྱེ་ཞིང་རྣམ་པར་བྱང་བར་འགྱུར་བ་མེད་པ་དེ་བཞིན་དུ། འཁོར་འདས་ཀྱི་དངོས ་པོ་ཐམས་ཅད་གཞི་མ་གྲུབ་པའོ།། ཀུན་ནས་ཉོན་མོངས་པ་དང་རྣམ་བྱུང་མེད་པའི་ལེའུ་སྟི་བདུན་ཅུ་པའོ།། །། ལེའུ་འདི་ནས་རྣམ་པར་བྱང་བ་དང་། ཚོགས་དང་། འདུས་བྱས་དང་། འདུས་མ་བྱས་དབྱེར ་མེད་པར་བསྟན་པའི་མཛོད་པ་གསུམ་ལས། དང་པོ་ཡང་དག་མཐོང་བ་དང་མ་མཐོང་བ་ལ་ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་མ་མཆིས་ན། བཅོམ་ལྡན་འདས་ཀྱིས་རྣམ་བྱེང་གསུངས་པོ་གང་ལགས། དྲིརོ་ལན་ཆོས ་ཐམས་ཅད་མཉམ་པ་ཉིད་ཆོས་ཉིད་བརྒྱད་ནི་རྣམ་པར་བྱུང་བའོ།། ཚོགས་ཀྱི་མཛད་པ་ནི་ཆོས་ཐམས་ཅང་འཁྲུལ་པའི་དཔེ་དང་འདྲ་བར་དངོས་པོ་དང་རྫས་སུ་མ་མཆིས་ལེགས་ན། སྦྱིན་པ་ནས་རྣམ་མཁྱེན་གྱི་བར་ལ ་གནས་ནས་བྱང་ཆུབ་ཏུ་སེམས་བསྐྱེད། དེའི་ལན་ཁྱོད་ཀྱིས་བརྗོད་པའི་ཆོས་དེ་རྣམས་འཁྲུལ་པའི་དཔེ་དྲུག་ལྟ་བུ་མ་ཡིན་སྙམ་མམ། ཡང་གསོལ་པ་ཆོས་དེ་རྣམས་འཁྲུལ་པའི་དཔེ་དྲུག་ལྟ་བུ་ལགས་ན། དེ ་རྣམས་ནི་ཡང་དག་པ་མ་ལགས། ཡང་དག་པ་མ་ཡིན་པ་ནི་སྦྱིན་པ་ནས་རྣམ་མཁྱེན་གྱི་བར་ལ་སྤྱད་ཀྱང་སངས་རྒྱ་བར་མི་ནུས་ལགས་སམ། དེའི་ལན་སྦྱིན་པ་ནས་རྣམ་མཁྱེན་པར་གྱིས་སངས ་མི་རྒྱའོ།། ཁྱོད་དེ་རྣམས་ཀྱིས་སངས་རྒྱ་སྙམ་མམ། སྦྱིན་པ་ནས་རྣམ་མཁྱེན་གྱི་བར་གྱི་འདུས་བྱས་པས་ནི་སངས་རྒྱ་བར་མི་ནུས་ཏེ། འོན་ཀྱང་ལམ་སྐྱེད་པར་བྱེད་ཀྱི་འབྲས་བུ་ཐོབ་པའི་ཕྱིར་ནི་མ་ཡིན་ནོ།། དེ ་རྣམས་ཀྱི་སྐྱེ་བོ་མེད་པ་དང་འབྱུང་བ་མེད་པ་དང་མཚན་ཉིད་མེད་པ་ནི་མྱ་ངན་ལས་འདས་པའོ།། འོན་ཀྱང་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་ནས་དགེ་བའི་ཆོས་སྦྱིན་པ་ནཱ་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་སྒྱུ་མ་ལྟ ་བུར་ཤེས་ནོས་ལམ་རྫོགས་པར་འགྱུར་བའི་ཕྱིར། ཕར་ཕྱིན་ནས་རྣམ་མཁྱེན་གྱི་བར་དང་། དེ་ལྷུར་སྤྱད་པའི་བྱང་ཆུབ་སེམས་དཔའ་རྣམས་འཁྲུལ་བཱི་དེཔེ་དྲུག་དྲང་འདྲ་བས། སྦྱིན་པ་ནས་རྣམ་མཁྱེན་གྱི་བར་གཟུང་དུ་མེད ་པས་གཟུང་དུ་མེད་པའི་ཆོས་རྟོགས་པར་མི་བྱེད་དོ།། བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཚེ། སེམས་ཅན་གྱི་དོན་དུ་ཕར་ཕྱིན་དྲུག་ལ་སྤྱོད་ཅིང་། བྱེད་པའི་སྐྱེས་བུ་མེད་པ་ལ་ཡོད་པར་འདུ་ཤེས་པའི་སེམས་ཅན ་གྲོལ་བ་ནི་ཐབས་ཡིན་ནོ་ཞེས་སོ།། གསོལ་པ་ཀུན་རྫོབ་བམ་དོན་དམ་པར་སངས་རྒྱས་ལགས། ལན་འཇིག་རྟེན་གྱི་ཐ་སྙད་ལ་སངས་རྒྱས་ཤེས་བསྟེན་གྱི། ཡང་དག་པར་ན་འདིས་འདི་ལྟ་བུ་ཞིག་སངས་རྒྱས ་ཤེས་པ་ནི་དམིགས་པ་སྟེ་ཐོབ་པ་མེད་ཅིང་མངོན་པར་རྟོག་པ་མེད་པ། སྤྲོས་པ་མེད་ཅིང་སྤྲོས་པ་ཐམས་ཅད་དང་བྲལ་བ་མཉམ་པ་ཉིད་ནི་སངས་རྒྱས་སོ།། འདུས་བྱས་དང་འདུས་མ་བྱས་དབྱེར་མེད་པའི་འཕྲིན་ལས ་ཀྱི་མཛད་པ་ལྔ་ལས། དང་པོ་དེ་བཞིན་གཤེགས་པ་ཆོས་ཐམས་ཅད་ཀྱི་ཡུལ་ལ་དབང་སྒྱུར་བ་མ་ལགས་སམ། ལྡན་ནི་ཆོས་ཐམས་ཅད་ཀྱང་གཞན་ལ་དེ་བཞིན་གཤེགས་པ་རྣམས་ཀྱང་གཞན་མ་ཡིན་ཏེ། སོ ་སོའི་སྐྱེ་བོ་ནས་སངས་རྒྱས་ཀྱི་དེ་བཞིན་ཉིད་ལ་ཁྱད་མེད་པའི་ཕྱིར་རོ།། ཞུས་ལན་གཉིས་པ། ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་ཁྱད་པ་མ་མཆིས་ན། ཇི་ལྟར་དཀོན་མཆོག་གསུམ་འཇིག་རྟེན་དུ་འབྱུང ་བར་འགྱུར་ལགས། ལན་མཆོག་ཀྱང་གཞན་ཆོས་མཉམ་པ་ཉིད་ཀྱང་གཞན་མ་ཡིན་ཏེ། མཚན་ཉིད་མེད་པའི་ཆོས་ལ་དེ་བཞིན་གཤེགས་པ་མཉམ་པ་ཉིད་ལས་ཀྱང་མྱིག་གཡོ་ལ་ཆོས་རྣམས་རྣམ་པར་དག ་པར་དགོད་པར་མཛད་པ་ནི་དེ་བཞིན་གཤེགས་པའི་མཐུའོ།། ཞུས་ལྡན་གསུམ་པ་དེ་བཞིན་གཤེགས་པ་ཆོས་མཉམ་པ་ཉིད་ཀྱང་མི་གཡོ་བ་དེ་བཞིན་དུ། སོ་སོའི་སྐྱེ་བོ་ལ་སོགས་པ་ཐམས་ཅད་ཀྱང་ཆོས་མཉམ ་པ་ཉིད་ལས་མི་གཡོ་བ་ལགས་སམ། ལན་དེ་བཞིན་གཤེགས་པའི་ཆོས་ཉིད་བརྒྱད་གང་ཡིན་པ་དེ་ཉིད་སོ་སོའི་སྐྱེ་བོ་ལ་སོགས་པ་ཐམས་ཅད་ཀྱི་ཆོས་ཉིད་དོ།། ཞུས་ལན་བཞི་པ་སོ་སོའི་སྐྱེ་བོ་ནས། དེ་བཞིན ་གཤེགས་པའི་བར་གྱི་ཆོས་ཉིད་མཉམ་པ་ཉིད་ལགས་ན། འདི་ལྟར་མ་ཚན་ཉིད་མི་འདབ། གཟུགས་ནས་རྣམ་མཁྱེན་གྱི་བར་གཅིག་ལ་གཅིག་འདས་པ། གཟུགས་ནས་རྣམ་མཱ་ཁྱེན ་གྱི་བར་གྱི་ཆོས་ཉིད་གཞན་དང་གཞན་ལ་བསླབས་ནས། ཕར་ཕྱིན་དྲུག་རྫོགས་ནས་སེམས་ཅན་སྨིན་པར་བགྱིད་པ་ལགས་ཟེར་བའི་ལན་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཉིད་སྟོང་པ་ཉིད་མ་ཡིན་སྙམ ་གསོལ་པ་དེ་ལྟ་མ་ལགས་སོ།། སྟོང་པ་ཉིད་ལ་གཟུགས་ནས་རྣམ་མབེན་གྱི་བར་གྱི་མཚན་ཉིད་དེ་ཡོད་སྙམ་མམ། མ་ལགས་སོ་དེ་ལྟ་བས་ན་ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ལ་སོ་སའི་སྐྱེ ་བོ་ནས་འཕགས་པའི་གང་ཟག་རྣམས་མེད། སོ་སོའི་སྐྱེ་བོ་ནས་འཕགས་པའི་གང་ཟག་ལས་གུད་ནའང་དེ་མེད་པར་རིག་པར་བྱའོ།། ཞུས་ལན་ལྔ་པ་ཆོས་ཉིད་དེ་འདུས་བྱས་ལགས་སམ། འདུས་མ་བྱས་ལོགས ་ལན་ནི་གཉིས་ཀ་མ་ཡིན་ཏེ་འདུས་བྱས་གུད་ན་ཡང་འདས་མ་བྱས་མེད། དོན་དམ་པ་ལུས་དགྲ་དང་ཡིད་མེད། དེ་གསུམ་ལ་སྒོ་གུད་ན་འདྲ་དོན་དམ་པ་མེད་དེ། ཆོས་ཐོམས་ཅད་མཉམ་པ་ཉིད་གང་ཡིན་པ ་དེ་ནི་དོན་དམ་པ་སྟེ། བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའོ་ཚེ། དོན་དམ་པ་ལས་ཀྱང་མི་གཡོ་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱོད་དོ།། དོན་དམ་པའི་རྣལ་འབྱོར་གྱི་ལེའུ་སྟེ་དོན་གཅིག་པའོ།། ། ་མྱ་ངན་ལས་འདས་པའི་མཛད་པ་ལ་ཞུས་ལན་དྲུག་ལས། དང་པོ་གསོལ་པ་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་གང་ཡིན་པ་སྟོང་པ་སྟེ། བྱེད་པ་དང་བྱ་བ་མ་མཆིས་ཀྱང་། བྱང་ཆུབ་སེམས་དཔའ་ཡུམ་ལ་སྐྱེད ་པ་དོན་དམ་པ་ལས་མི་གཡོ་ལ། བསྡུ་བའི་དངོས་པོ་བཞིས་སེམས་ཅན་གྱི་དོན་བགྱིད་ལགས། ལན་ནི་དོན་དམ་པ་ལ་ཅི་ཡང་མོད་ཀྱང་སེམས་ཅན་ར་བཞིན་གྱིས་སྟོང་པ་ཉིད་མ་ཤེས ་པ་བྱེད་པའི་སྐྱེས་བཅུ་གཉིས་སུ་འདུ་ཤེས་པ་དང་། ཕུང་པོ་དང་ཁམས་དང་། སྐྱེ་མཆེད་དང་། རྟེན་འབྲེལ་དང་། འདུས་བྱས་དང་། འདུས་མ་བྱས་ཀྱི་འདུ་ཤེསཱ་དང་ཕྲལྔ་ནས།། མྱ ་ངན་ལས་འདའ་བ་ལ་འགོད་དོ།། ཞུས་ལེན་གཉིས་པ། གསོལ་པ་ཅི་སྟོང་པ་ལྤགས། ལན་དུས་ཤེས་ཐམས་ཅད་ཀྱིས་སྟོང་སྟེ། སྤྲུལ་པ་ཞིག་སྤྲུལ་ན་དེ་ལ་སྟོང་པ་ཉིད་མ་ཡིན་པའི ་དངོས་པོ་གླང་ཡང་མེད་པས། འདི་ནི་སྤྲུལ་པའོ།། འདི་ནི་སྦྲུལ་སྟོང་པའོ་ཞེས་དམིགས་སུ་མེད་དོ།། ཞུས་ལན་གསུམ་པ་ཕུང་པོ་ལྔ་ཡང་སྤྲུལ་པའོ།། ཞུས་ལན་བཞི་པ་འཇིག་རྟེན་ལས ་འདས་པའི་ཆོས་དྲན་པ་ཉེ་བར་གཞག་པ་བཞི་ནས་སངས་རྒྱས་ཀྱི་བར་ཡང་སྤྲུལ་པ་ལགས་སམ། ལན་ནི་ཉན་ཐོས་རང་རྒྱལ། བྱང་ཆུབ་སེམས་དཔའ། དེ་བཞིན་གཤེགས་པ ་ལས་དང་ཉོན་མོངས་པའང་སྤྲུལ་པའོ།། རྒྱུན་ཏུ་ཞུགས་པ་སྤང་བ་ཐམས་ཅད་ཀྱང་སྤྲུལ་པའོ།། ཞུས་ལེན་ལྔ་པ་སྤྲུལ་པ་དང་མ་སྤྲུལ་པ་དེ་གང་ལགས། དེའི ་ལན་སྐྱེ་བ་དང་འབྲུག་པའི་ཆོས་ཐམས་ཅད་སྤྲུལ་པ། མ་སྐྱེས་མ་འགགས་པ་མི་མཉམ་པའི་མྱ་ངན་ལས་འདས་པ་ནི་མ་སྤྲུལ་པའོ།། ཞུས་ལེན་དྲུག་པ་ཉན་ཐོས་ལ་སོགས་པ་གང་གིས ་ཀྱང་མཛོད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ་གང་ལགས། དེའི་ལན་དངོས་པོ་ཡོད་པར་གྱུར་ལ། ཕྱིས་དངོས་པོ་མེད་པར་འགྱུར་བ་འམ། རང་གི་དངོས་པོ་འམ། གཞན་གྱི་དངོས་པོ་ཡང་མེད་ན། ངོ་བོ ་ཉིད་སྟོང་པ་ཉིད་ཅེས་བྱ་བའི་ཆོས་ཉིད་ཅིག་ཡོད་པར་འགྱུར་རེ་སྦྲན་ནོ།། །། ཆོས་ཉིད་མི་འགྱུར་བ་བསྟན་པའི་ལེའུ་སྟེ་བདུན་ཅུ་དོན་གཉིས་པའི ་སྟོང་ཕྲག་བརྒྱ་པའི་རྣམ་པར་བཞ་བཤེད་པ་ཞེས་བྱ་བ་རྫོགས་སོ།། ། འདི་ནི་ཁ་ཆེའི་པཎྜི་ཏ་དྷ་མ~ཾ་ཤྲིས་མཛད་དོ་ཞེས་གྲག་གོ།། ་