| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཨཱརྱ་ཨཥྚ་ས་ཧ་སྲིཀ ་པྲདྷཱུ་བྷཱར་མི་ཏཱ་སྱེ་ཏཱ་མ་རྨ་ཀོ་མུ་ཏ་ནཱ་མ། བོད་སྐད་དུ ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་འགྲེལ་པ་གནད་ཀྱི་ཟླ་བའི་འོད་ཅེས་བྱ་བ། བཅོམ་ལྡན་འདས ་མི་ཕམ་མགོན་པོ་ལ་ཕྱག་འཚལ་ལོ།། གང་ཞིག་འོད་ཟེར་སྙིང་གི་མུན་ལས་རྒྱལ་ནས་སྤྲོས་མེད་ལྔ་པོ་ཕུང་པོར་གྱུར་པ་སྟེ།། གང་ལ ་ཤར་ན་སེམས་ཀྱི་རྟོག་པའི་རྙོག་པ་བསལ་བར་གྱུར་ནས་ས་ལ་ལོངས་སྤྱོད་པ།། དེ་ཡིས་རྫོགས་པའི་བྱང་ཆུབ་བདེ་བ་འགྲོ་ལ་བསྐྱེད་ཕྱིར ་བས་མི་ཁྱབ་པའི་སྐུ་སྤྲུལ་པའི།། ཤེས་རབ་ཕ་རོལ་ཕྱིན་པ་སྲིད་པར་འཁམས་པ་འཇིགས་བདེ་ལ་གུས་པར་ཕྱག་འཚལ་ནས།། ཡིད་ཀྱི་དྲིམ་པ་ཤིག་ཅིང་ལྟ་བ་ངན་པ་འཇོམས་བྱེད་ལ ་སྐྱེ་བའི་རྙོག་པའི་ཡལ་གེ་མ་ལུས་ངེས་པར་དྲུངས་འབྱིན་ལ།། ཆེ་མཆོག་རྟོག་མེད་རྫོགས་སངས་ས་ན་གཉིས་མེད་ལམ་གཉེན་གྱི།། འོད་ཟེར་བརྩེ་བས་བརྙན་ཆར་ཇི་ལྟ་བུར་ན་སྟོན་པ་ཡི ་གང་ཡང་འཕགས་པ་མི་ཕ་མ་བསྟན་བཅོས་དེ་ཉིད་བྲལ་བའི་གཞུང་གི་ཀུན་ཏུ་ཆེམ་མིན་པས།། ཡུམ་གྱི་གནད་ལས་ཕྱིར་ཕྱོགས་ལོག་པའི་ལམ་གྱི་སྐྱེ་བོ་ཕལ་ཆེ་ཡན་རིངས་འཁམ་གྱུར ་པ་དེ་ཕྱིར་ནང་གི་མུན་པས་ཁྱབ་པའི་རྒྱན་གྱིས་འཕྲོག་བྱེད་བསྟན་བཅོས་སྙིང་པོ་ལ་རེག་པའི།། ལེགས་གསུངས་སྤངས་པའི་བདུད་རྩིའི་གཏེར་ལྡན་བདག་གིས་དེ་གནད་ཡཱ་དགསལ ་#བྱེད་ཟླ་འོད་སྤྲོ།། འདིར་ངེས་པར་བཅོམ་ལྡན་འདས་ཀྱིས་བསྐལ་པ་རབ་འབྱམ་མང་པོ་དཔག་ཏུ་མེད་ཅིང་རྣམ་པ་སྣ་ཚོགས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཕན་ཚུན་དུ་སྤྱོད་པ་རྣམས་དང་ཤྲེ ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པ་དག་གིས་ཀུན་ཏུ་རྟོགས་པའི་འདྲ་བ་མཐའ་དག་སྐྱེ་བའི་རྒྱུན་དྲུངས་ཕྱུང་ནས་མུ་མེད་པའི་ཕྱོགས་ཐམས་ཅད་ཀྱི་ཁམས་གསུམ་པ་རྣམས་ཀྱི་སྲོག་ཆགས་དཔག་ཏུ་མེད་པ་རྣམས་ཀྱིས ་སོའི་སེམས་སྐད་ཅིག་ལ་གཟིགས་ནས་མཆོག་ཏུ་བརྩེ་བ་ཆེན་པོའི་གཞན་གྱི་དབང་གིས་ཇི་ལྟ་བ་བཞིན་རྟོགས་པ་དེ་ཉིད་བཅོམ་ལྡན་འདས་ཀྱིས་སེམས་ཅན་གྱིས་རྟོགས་པར་བཞེད་ནས་བསྟན་པ་ཇི་ལྟ་བ་དེ་ལྟ་བུར་སྡུད ་པ་པོས་བསྡུས་པ་མི་འདི་སྐད་བདག་གིས་ཐོས་ཞེས་བྱ་བ་ལ་སོགས་པ་དང་། མངོན་པར་བསྟོད་དོ་ཞེས་བྱ་བའི་བར་གྱིས་ཏེ། འདི་ཉིད་དུ་ཞེས་པ་ལ་སོགས་པ་དང་། དེ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་ཞེས་པ་ལ་སོགས་པ་ནི་སྡུད་པ་པོའི་རང་བཟོ་མ་ཡིན་པས་བཅོམ་ལྡན་འདས་ཀྱིས་བཀའ་ཉིད་དུ་བཤད། ཆོས་ཡང་དག་པར་སྡུད་པའི་མདོ་ལས་གསུངས་པ། འདི་སྐད་བདག་གིས་ཐོས་ཞེས་བྱས་ནས་ཆོས་བསྡུ་བར ་བྱའོ།། དེ་བཞིན་དུ་འབྲེལ་པ་དང་གོ་རིམ་གྱིས་བཤ་ཞེས་པ་ལ་སོགས་པ་སྟེ་འདིར་སྡུད་པ་པོ་ནི་ལྷུང་ལོ་ཅན་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ས་བཅུའི་དབང་ཕྱུག་ཕྱག་ན་རྡོ་རྗེ་སྟེ། དེ་ཡང་བསྐལ་པ་བཟང་པོའི་དེ་བཞིན། ་གཤེགས་པ་རྣམས་ཀྱི་གཟུགས་ཀྱི་སྐུ་དང་ཆོས་ཀྱི་སྐུ་བསྲུང་བར་དབང་བསྐུར་ནས་རྟིང་ལ་རྗེསུ་གཤེགས་ཞེས་དེ་བཞིན་གཤེགས་པའི་གསང་བ་བསྟན་པའི་མདོ་ལས་བཤད་པ་དང་། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་མདོ་ལས་བསྟན ་པ་སོ་སོར་གཏད་པསོ།། གང་ཡང་འཕགས་པ་ཀུན་དགའ་བོ་ལ་ཡོངས་སུ་གཏད་པ་དེ་ནི་ཉན་ཐོས་རྣམས་ཀྱིས་ཀྱང་འཇིག་རྟེན་པ་ལ་སྤྱོད་པར་བྱེད་པའི་དོན་དུ་ཡིན་གྱི། ཆོས་སྡུད་པའི་དོན་དུ་ནི་མ་ཡིན་ནོ།། འདིར་བཅོམ་ལྡན ་འདས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པ་བསྟན་པ་དང་། འཕགས་པ་ཕྱག་ན་རྡོ་རྗེས་འཇིག་རྟེན་ཐམས་ཅད་རྗེས་སུ་གཟུང་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྡུ་བར་འདོད་ནས། འཕགས་པ་བྱམས་པ་ལ ་སོགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོའི་ཚོགས་རྣམས་ལ་འདི་སྐད་ཅེས་པ་ལ་སོགས་པ་གསུངས་ཏེ། ཇི་ལྟ་བ་བཞིན་དུ་སྟོན་པ་པོ་ལས་ཐོས་པ་གཅིག་ཀྱང་རྗེས་སུ་བརྗོད་ཅིང་དེ་བཞིན་དུ་ང་ལས་གཞན་ཡང་ཉན ་པར་བྱེད་དོ་ཞེས་པ་ནི་སྡུད་པ་པོར་བརྗོད་དོ།། བསྡུས་པའི་རྗེས་ལ་དུས་དེར་གནས་པ་ཉིད་ན། མཆོག་ཏུ་ཟབ་ཅིང་རྗེས་སུ་རྟོགས་པར་དཀའ་ལ། རྟོགས་པར་མི་ནུས་ཞེས་པས་ཐུགས་རྗེས་དེ་རྟོགས་པའི་དོན་དུ་འཕགས་པ་བྱམས་པས་མངོན་པར་རྟོགས ་པའི་རྒྱན་གྱི་ཚིག་ལེའུ་བྱས་པའི་བསྟན་བཅོས་ཀྱིས་གསལ་བར་མཛད་ཀྱི། འཕགས་པ་ཐོགས་མེད་ཀྱིས་བྱས་ནས་དུས་ཕྱིས་བྱས་ཞེས་པ་ནི་སེང་གེ་བཟང་པོ་ལ་སོགས་པ་རྣམས་ཀྱི་འཁྲུལ་པ་སྟེ། སྔོན་དུ་བྱས་པ་ལ་མ་བཤད་ཅེས་པ་ནི་གཞན ་དག་གིའོ།། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཅོམ་ལྡན་འདས་ཀྱིས་རྣམ་པར་འབྱེད་པར་འདོད་ནས། མཆོག་ཏུ་བླ་མ་རྣམས་ཀྱི་ཡང་བླ་ན་མེད་པ་ནི་བླ་མ་ཡིན་པའི་ཕྱིར་དང་། རབ་ཏུ་དང་བས་ཕྱག་འཚལ་བ་ཤིན་ཏུ་དོན་ཆེ་བའི་ཕྱིར་དང་། རྣམ་པར་བཤད་པར ་བྱ་བའི་མདོ་སྡེ་རིན་པོ་ཆེ་བརྗོད་པར་བྱ་བའི་ཕྱིར་ན་དེ་ཉིད་ལ་དང་པོ་ཕྱག་འཚལ་བ་ནི། ཉན་ཐོས་ཞི་བ་ཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་མཛད་གང་ཡིན་དང་།། འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང ་གང་དང་ཡང་དག་ལྡན་པས་ཐུབ་རྣམས་སྣ་ཚོགས་རྣམ་པ་འདི་དག་ཀུན་གསུངས་པའི།། ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ཡུམ་དེ་ལ་ཕྱག་འཚལོ།། ཅི་སྟེ་ཉེ་བར་ཞི་བ་ནི་མྱ་ངན་ལས་འདས་པ་སྟེ། ཐར་པ་འཚལ་བའི ་ཉན་ཐོས་རྣམས་དང་རང་སངས་རྒྱས་རྣམས་ཀྱང་བསྡུ་སྟེ། དེ་དག་གི་ཐེག་པ་ལས་ཁྱད་པར་ཆུང་བའི་ཕྱིར་ན་རིམ་པ་གཅིག་ཏུ་བསྟན་པའི་ཕྱིར་རོ།། འགྲོ་ལ་ཕན་པར་བྱེད་པ་ཉིད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ།། རྣམ་པ་འདི་དག་སྣ་ཚོགས་ཞེས ་ཐུབ་པའི་རྣམ་པ་ཐམས་ཅད་ཀྱི་ཆོས་སོ།། གང་དང་ལྡན་པས་རྣམ་པ་འདི་ཀུན་དག་ཀུན་གསུང་ཞེས་པ་འདིས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངོ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གསལ་བར་བྱས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ནི་རྣམ་པ ་གསུམ་སྟེ། གང་ཕུང་པོ་ལྔ་རྣམས་མི་རྟག་པར་རྣམ་པར་ཤེས་པའི་སློབ་མ་དང་བསེ་རུ་དག་དང་། གང་ཡང་སློབ་མ་དང་བསེ་རུ་དེ་རྣམས་ཀྱི་དང་། བྱང་ཆུབ་སེམས་དཔའི་ལམ་གྱིས་རྣམ་པ་རྣམས། ཤེས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། གང ་ང་དེ་རྣམས་ཀྱིས་རྟོགས་པའི་རྣམ་པ་དེ་རྣམས་མཁྱེན་པའི་རྣམས་པ་ཐམས་ཅད་མཁྱེན་པ་ཉིད་ནི་སངས་རྒྱས་རྣམས་ཏེ། དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལའོ།། སངས་རྒྱས་ཀྱི་ཞེས་པ་ནི་བསྐྱེད་པ་ཉིད་ལ་གཅིག་པའི་ཚིག་གོ།། ཉན་ཐོས་དང་བྱང་ཆུབ ་སེམས་དཔའི་ཚོགས་དང་བཅས་པའི་སངས་རྒྱས་རྣམས་ཀྱི་ཡུམ་སྟེ། ཇི་སྐད་དུ་བཤད་པའི་དོན་ཆེན་པོ་ཐོབ་པར་བྱེད་པས་སོ།། དེ་ཐོབ་ནས་ཀྱང་ཟག་པ་མེད་པའི་ཕུང་པོ་ལྔའི་བདག་ཉིད་ཅན་དུ་བདག་གིས་དངོས་པོ་བསྐྱེད་པ་དང་རྒྱས་པར་བྱེད་དོ།། དེ ་བློས་ན་ཡུམ་དང་འཛིན་པར་པོར་རྟོགས་པར་བྱའོ།། དེ་ལྟར་ཀུན་མཁྱེན་པ་གསུམ་གྱིས་མངོན་པར་རྟོགས་པ་གཞན་ལྔ་པོ་རྣམས་བསྡུས་པའི་བརྒྱད་ཅར་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་ཞེས་བྱ་སྟེ། དེ་ཉིད་ཆུང་ངུ་དང་འབྲིང་དང་ཆེན་པོའི ་རྟོག་པ་པོའི་དབྱེ་བ་ལ་དགོངས་ནས། ཀུན་མཁྱེན་པ་གསུམ་གྱི་སྒོ་ནས་ཕྱག་འཚལ་ནས། གཞན་གདུལ་བྱ་འཇུག་པའི་ཡན་ལག་བརྗོད་པར་བྱ་བ་ལ་སོགས་པ་བརྗོད་པར་འདོད་པས་གསུངས་པ་ནི། རྣམ་པ་ཐམས་ཅད ་མཁྱེན་ཉིད་ལམ།། སྟོན་པས་འདིར་ནི་བཤད་པ་གང་།། བློ་དང་ལྡན་པས་མཐོང་འགྱུར་གྱི།། གཞན་གྱིས་མྱོང་བ་མ་ཡིན་ཞེས།། ཆོས་སྤྱོད་བཅུ་ཡི་བདག་ཉིད་ཅན།། མདོ་དོན་དྲན་པ་ལ་བཞག་ནས།། བདེ་བླག་དུ་ནི་རྟོགས་འགྱུར་བ།། ཞེས་བྱ་བ་རྩོམ ་བིའི་དགོས་པའོ་ཞེས་ཏེ། བགྲེང་བར་བྱ་བས་ལམ་ཞེས་པ་སྟེ། གཙོ་བོ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འབྲས་བུ་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་སྟེ། ཇི་སྐད་དུ་མདོ་སྡེ་རྒྱན་ལས། སྒྲིབ་པ་ཐམས་ཅད་སྤངས་པ་ཡི།། རྣམ་པ་ཐམས་ཅད ་མཁྱེན་ཐོབ་པའི།། རིན་ཚན་སྒྲོམ་ཕྱེ་ལྟ་བུ་ལ།། སངས་རྒྱས་ཉིད་དུ་ཡང་དག་བརྗོད།། ཅེས་སོ།། འདིས་བགྲོད་པར་བྱེད་ཅེས་པས་ན་ལམ་རྣམས་སངས་རྒྱས་ཉིད་ཀྱི་རྒྱུ་ཕལ་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ཁོངས་སུ་ཇི་ལྟར་རིག་པར་མངོན་པར ་རྟོགས་པ་དྲུག་འདུས་པའོ།། དེ་ལྟར་རྒྱུ་དང་འབྲས་བུའི་བདག་ཉིད་ཅན་གྱི་མངོན་པར་རྟོགས་པ་བརྒྱད་ཀྱི་ངོ་བོའི་ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་རིན་པོ་ཆེ་རྗོད་པར་བྱེད་པའི་བརྗོད་པར་བྱ་བ་དེ་བྱང་ཆུབ་སེམས་དཔའ་མ་ཡིན་པ་རྣམས ་ཀྱི་ཁོང་དུ་མི་ཆུད་པས་ན་བློ་དང་ལྡན་པ་ནི་བྱང་ཆུབ་སེམས་དཔའ་རྣམས་སོ།། མངོན་སུམ་དུ་བྱེད་པར་འགྱུར་ཞེས་པ་ནི་དགོས་པའི་ཡང་དགོས་པའོ།། དེ་ཡང་མདོའི་དོན་ཇི་སྐད་དུ་བཤད་པའི་བརྗོད་པར་བྱ་བ་ཐོས་པ་ཉིད་བསམ་པས་དྲན་པ་ལ་བཞག ་ཅིང་ཆོས་ནི་སེམས་བསྐྱེད་པ་དང་གདམས་ངག་ལ་སོགས་པ་རྣམ་པ་བཅུའི་ཁོངས་སུ་གཏོགས་པའི་མངོན་པར་རྟོགས་པ་བརྒྱད་རབ་ཏུ་ཕྱེ་བ་དེའི་སྤྱོད་པ་སྤྱད་པ་རྣམས་ཀྱིས་བདེ་བླག་ཏུ་རྗེས་སུ་གནས་པར་འགྱུར་ཞེས་བརྗོད་པར་བྱ་བ་ཐོབ་པར ་བྱེད་པའི་ཐབས་ལ་རྗེས་སུ་གནས་པ་ནི་མདོ་རྩོམ་པའི་དགོས་པའོ།། འབྲེལ་པ་ནི་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་དངོས་པོའི་མཚན་ཉིད་དང་། བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་དངོས་པོའི་མཚན་ཉིད་དེ་གོ་སླ་བ་ཁོ་ནའོ།། འདི་སྐད ་ཅིཅེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་བསྡུ་བར་བྱ་ཞེས་པ་སྟེ། གླེང་གཞིའི་གོ་སྐབས་ཡིན་གྱི་ཉེ་བར་བསྡུ་བ་ནི་མ་ཡིན་ཏེ། མདོ་སྡེའི་ལུས་ཉིད་འདི་སྐད་དུའོ།། བདག་གིས་མངོན་སུམ་དུ་ཐོས་པ་སྟེ། བླ་མ་ལས་ཕན་ཚུན་བརྒྱུད་པས་མ་ཡིན ་པའོ།། དེ་ལྟར་འདིར་གླེང་བསླང་བ་བསྟན་པའི་རྗེས་སུ་གླེང་གཞི་དང་དུས་གང་དང་ཡུལ་དང་སྟོན་པ་པོ་དང་འཁོར་གྱིསྣ་འདུས་པ་སྟེ། དེ་ལ་དུས་གཅིག་ན་ཞེས་པ་ནས་བརྩམས་ཏེ་ཇི་སྲིད་དུ་ཀུནྡ་དགའ་བོ་ཞེས་པའི་བ.རི་ནི་གོ་སྐབས་ལ། དེ་ནས ་ཡང་ཞེས་པ་ལ་སོགས་པས་ཉེ་བར་བསྡུ་བ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཞེས་པ་ལ་སོགས་པའི་ལྷག་མ་མ་ལུས་པ་ནི་མདོ་སྡེའི་ལུས་སོ།། ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་འདི་ཉིད་གསུངས་ཞེས་མ་བསྟན་པ་ནི་བཅོམ ་ལྡན་འདས་ལ་རྣམ་པར་རྟོག་པ་མེད་པས་དོན་དམ་པར་ནི་བསྟན་པ་མི་སྲིད་ཅེས་པ་ལ་དགོངས་ལ། བསྟན་པའི་སྣང་བ་ནི་གདུལ་བྱ་རྣམས་ཀྱི་བསོད་ནམས་དང་བཅོམ་ལྡན་འདས་ཀྱི་སྔོན་གྱི་སྨོན་ལམ་གྱི་བདག་པོ་ཡིས་སོ།། གང་དུ་བྱས་པ་དང ་ཐོས་པའི་ཁྱད་པར་བཤད་པར་བྱ་སྟེ། དུས་གཅིག་ནི་དུས་གཅིག་ལ་སྟེ། འདིས་ནི་གདུལ་བྱ་རྣམས་ཆོས་འདི་ལ་གུས་པས་བསྐྱེད་པའི་དོན་དང་། བཅོམ་ལྡན་འདས་ཀྱིས་ལན་ཅིག་གསུངས་པ་ལ་བདག་ཉིད་ཐོས་པ་འཛིན་པ ་ཉིད་དུ་གསལ་བར་བྱས་པའོ།། བདུད་བཞི་བཅོམ་པ་དང་ལྡན་པས་ན་བཅོམ་ལྡན་འདས་ཏེ། ངེས་པར་བརྗོད་པ་ལན་ཕྱི་མའོ།། ཡང་ན་བདུད་བཞི་པོ་རྣམས་ཤེས་རབ་ཀྱི་བཅོམ་པས་ན་བཅོམ་པ་སྟེ། བྱེད་པའི་ངེས་པའི་ཚིག་ལན་ཕྱི་མའོ།། འབྱེད་པ ་བྱེད་པ་ཙས་པས་བཅོམ་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་དང་ལྡན་པས་ན་བཅོམ་ལྡན་འདས་སམ། མངོན་པར་བསྟེན་ཅེས་པས་བཅོམ་ལྡན་འདས་སམ། སྟེན་པར་བྱེད་པ་ལ་ནི་རྒྱུ་རྣམས་ཁོ་ན་བྱེད་པ་ཉིད་རྣམ་པར་འདོད་པའི་ཕྱིར་རོ།། དེ་ཡང ་ཚོགས་པ་དབང་ཕྱུག་དང་གཟུགས་བཟང་དང་གྲགས་པ་དང་དཔོལ་དང་ཡེ་ཤེས་དང་བརྩོན་འགྲུས་དང་དྲུག་གོ།། དྲི་ལུ་དབང་ཕྱུག་ནི་གཞན་དབང་མ་ཡིན་པ་སྟེ། བཅོམ་ལྡན་འདས་དེའི་ཚོགས་པས་བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་སྤངས་པའི ་ཕྱིར་རོ།། གཟུགས་ཀྱི་ཚོགས་པ་ནི་བླ་ན་མེད་པའི་མཚན་དང་དཔེ་བྱད་ཀྱིས་ལྷམ་མངའི་སྐུའི་ཕྱིར་རོ།། གྲོགས་པའི་ཚོགས་པ་ནི་ཕྱོགས་སུ་སྒྲ་ཆེན་པོའི་ཕྱིར་རོ།། གང་ཡང་ཕུན་སུམ་ཚོགས་པ་མང་པོ་གང་གི་རྟེན་དུ་གྱུར་པ་དེ་ནི་དཔལ་གྱི་ཚོགས་པ་སྟེ། འཇིག ་རྟོན་པ་ཐམས་ཅད་ལ་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པའི་འདོད་པ་རྣམས་ཀྱི་དཔལ་དུ་བྱེད་པའི་ཕྱིར་རོ།། ཡེ་ཤེས་ཀྱི་ཚོགས་པ་ནི་ཐམས་ཅད་ནས་རྣམ་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་དག་ཅིང་མ་ཆགས་ཞིང་མ་ཐོགས་པའི་ཡེ་ཤེས་ཀྱི་ཕྱིར་རོ ་བརྩོན་འགྲུས་ཀྱི་ཚོགས་པ་ནི་རྣམ་པ་ཐམས་ཅད་དུ་གཞན་གྱི་དོན་ལ་རྟག་པར་མི་དགའ་བ་དང་བྲལ་བའི་ཕྱིར་རོ།། གཞུགས་སྔོ་ཞེས་པ་ནི་འདིར་སོ་སོར་སྡུད་པར་བྱེད་ཅིང་སེམས་ཅན་འདིས་འདྲེན་པར་བྱེད་ཅེས་པས་ཆོ་འཕྲུལ་ལ། ཆོ་འཕྲུལ་དེ་ཉིད་ནི་རྣམ ་པ་གསུམ་སྟེ། རྫུ་འཕྲུལ་དང་། གཞན་གྱིས་སེམས་ཤེས་པ་དང་། ཟག་པ་ཟད་པ་ཤེས་པའོ།། དེ་ལ་རྣམ་པ་སྣ་ཚོགས་པའི་རྫུ་འཕྲུལ་གྱིས་ཆོ་འཕྲུལ་གྱིས་འཇིག་རྟེན་འདས་ལས་འདས་ཤིང་རྨད་དུ་བྱུང་བའི་ཆོས་སྟོན་པའི་ཕྱིར་དང་། ཀུན་རྫོབ་པའི་ཆོ ་འཕྲུལ་གྱིས་ནི་སེམས་ཀྱི་བག་ལ་ཉལ་ཡོངས་སུ་མཁྱེན་ནས་དགེ་བའི་རྩ་བ་རྒྱས་པའི་ཚུལ་གྱིས་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་ནི་ཐེག་པ་གསུམ་གྱི་གདུལ་བྱའི་སེམས་ཅན་རྣམས་ཁྱད་པར་དུ་དྲན་པ་ལ ་སོགས་པར་བྱས་ནས་མངོན་པར་འདོད་པའི་དོན་བྱེད་པའི་སྤྱོད་ལམ་རྣམ་པ་བཞེས་གནས་ཤིང་བཞུགས་པའོ།། དེ་ལ་སངས་རྒྱས་རྣམས་ཀྱི་རྣམ་པ་ཐམས་ཅད་དུ་སྐུའི་འཕྲིན་ལས་ནི་སྤྱོད་ལམ་གྱིས་བཞུགས་པའོ།། ཐམས་ཅད་ནི་གསུང་གི་འཕྲིན་ལས ་ནི་ཆོས་སྟོན་པོས་བཞུགས་པའོ།། གང་རང་བཞིན་གྱིས་མཉམ་པར་བཞག་པ་དང་། གང་ཡང་ཏིང་ངེ་འཛིན་མངོན་དུ་བྱེད་པའི་དེ་གཉིས་ཅར་ཐུགས་ཀྱི་ཕྲིན་ལས་ཏེ། དེ་གཉིས་ཅར་སྙོམས་པར་ཞུགས་པས་བཞུགས་པའོ།། གང་སངས་རྒྱས་ཀྱི་སྤྱན་གྱིས ་སེམས་ཅན་རྣམས་ལ་ཀུན་ཏུ་གཟིགས་པ་ཉིད་དང་དེར་ཉེ་བར་འགྲོ་བའི་སེམས་ཅན་ལ་དམིགས་པའི་ཐུགས་ཀྱི་ཕྲིན་ལས་དེ་གཉིས་ཅར་ནང་དུ་ཡང་དག་པར་འཇོག་པ་ལ་གནས་པར་བཞག་པར་བྱ་སྟེ། འཇིག་རྟེན་ལ་དམིགས་པའི་ཕྱིར་རོ།། རྒྱལ་པོའི་ཁོབ་ཅེས ་བྱ་བ་ནི་རྒྱལ་པོ་ཆེན་པོ་མང་པོས་བཀུར་བའི་རྒྱལ་པོའི་ཕོ་བྲང་གིས་འཁོར་གྱི་གྲོང་ཁྱེར་ཆེན་པོ་སྟེ། དེའི་ས་ཕྱོགས་སུ་བྱ་རྒོད་ཕུང་པོ་སྟེ། རིན་པོ་ཆེ་རྣམ་པ་སྣ་ཚོགས་པའི་རང་བཞིན་ལ། རི་ནི་ལྷ་ལ་སོགས་པ་རྣམས་ཀྱིས་དུས་ཚིགས ་ལྟུང་མོ་གསལ་བར་བྱེད་པའི་ཕྱིར་ཏེ། མཆོད་རྟེན་དུ་གྱུར་པས་སེམས་ཅན་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་ཉེ་བར་གསོག་པའི་དོན་དུ་གནས་བསྟན་པའོ།། ཅིའི་ཕྱིར་རྒྱལ་པོའི་ཁབ་ཏུ་བསྟན་ཅེ་ན། མང་པོས་བཀུར་བ་ཆེན་པོའི་གྲོང་ཁྱེར་ཆེན་པོའི་གན ་ཉིད་བཞིན་དུ། མདོ་སྡེ་འདི་ཆོས་ཀྱི་རྒྱལ་པོ་ཆེན་པོར་སེམས་ཅན་ལ་གསལ་བའི་དོན་དུ་སྟེ། འདྲིར་ཡང་མདོ་སྡེ་བསྟན་པ་གང་བཅོམ་ལྡན་འདས་མ་ལ་རབ་ཏུ་བཞུགས་པའོ།། ཅིའི་ཕྱིར་བྱ་རྒོད་ཕུང་པོར་ཞེ་ན། ཉན་པ་པོ་རྣམས་ཀྱི་བསྟེན་པ་ལ་རིང་ནས ་མངོན་པར་འཕགས་པ་ཉིད་ཀྱི་གསལ་བའི་དོན་དུའོ།། ཆེན་པོ་ཞེས་བྱ་བ་ནི་ཡོན་ཏན་དང་གྲངས་ཀྱིས་ཆེ་བའི་ངག་གིས་སོ།། ཉོན་མོངས་པ་བཅོམ་པ་ཉིད་ཀྱིས་དགེ་སློང་ནི་དགྲ་བཅོམ་པ་སྟེ། དེ་འདྲིར་མ་བཟུང་བས་རྒྱུན་ཏུ་ཞུགས་པའི་འཕགས་པ་ཀུན་དག ་བློ་མ་བཟུང་བས་ནས་ཐལ་བྱར་འགྱུར་བས། ཅུང་ཞིག་གངྒཱ་བསྙེན་པར་རྫོགས་པ་དེ་འདིར་གཟུང་བར་བྱའོ།། དགེ་སློང་རྣམས་ཀྱི་དགེ་འདུན་གྱི་ཚོགས་ཏེ། དེ་ཅི་ལྟར་དགེ་འདུན་ཅེ་ན། དཀོན་མཆོག་གསུམ་ལ་བདུད་ལུ་སོགས་པ་རྣམས་ཀྱིས་མི་ཕྱེད་པ ་ཉིད་ཀྱི་སྟེ། ཀུན་ཏུ་བཅོམ་པའི་ཕྱིར་རོ།། དེ་ལ་གྲངས་ཀྱི་ཆེ་བོ་ཉིད་ནི་བྱེད་ཅེས་ཏེ། བརྒྱ་ཕྲག་བྱེད་མ་ཚང་བའི་བརྒྱ་ཕྲག་བཅུ་གསུམ་མོ།། འདིར་ཐམས་ཅད་ཅེས་པ་ལ་སོགས་པའི་ཚིག་བཅོ་ལྔས་ནི་ཡོན་ཏན་གྱི་ཆེ་བ་ཉིད་བརྗོད་དེ། ངག་ནི་ཉི ་མོངས་པ་སྟེ་དེ་བཅོམ་པས་དགྲ་བཅོམ་པ་འམ། བསྒྲུབ་པའི་མཆོད་པ་ཡང་དག་པུས་དེ་བཞིན་གཤེགས་པ་ལ་རྣམས་ལ་བསྙེན་བཀུར་བྱེད་མཆོད་པར་བྱེད་པས་མཆོད་བྱེད་དམ། ཡང་ན་ལྷ་དང་མི་རྣམས་ཀྱིས་མཆོད་པ་དང་ཡོན་ཏན་གྱི་འོས་སུ་གྱུར་པས ་ན་མཆོད་འོས་སོ།། དེ་བཞིན་དུ་དགྲ་བཅོམ་པ་ཉིད་ཀྱི་ཡོན་ཏན་ཐབས་ཅིག་པ་ཉིད་བརྗོད་པ་ནི་སྲིད་པའི་རྩེ་མོ་དང་མནར་མེད་པའི་བར་དུ་ཀུན་ཏུ་ཟག་པོར་བྱེད་ཅིང་སྐྱེད་པར་བྱེད་པའི་ཇི་སྲིད་དུ་སེམས་ཅན་རྣམས་ཀྱིས་དགེ་བ་གཡོ་བའི་ཟག་པ་གསུམ ་སྟེ། དེ་ལ་མ་རིག་མ་རྟོགས་པ་འདོད་པ་ན་ཀུན་ཏུ་སྤྱོད་པའི་ཉོན་མོངས་པ་རྣམས་ནི་འདོད་པའི་ཟག་པའོ།། གཟུགས་དང་གཟུགས་མེད་ན་ཀུན་ཏུ་སྤྱོད་པ་ནི་སྲིད་པའི་ཟློག་པའོ།། ཁམས་གསུམ་པ་ཅན་གྱི་ལྷན་ཅིག་སྐྱེས་པ་དང་། ཀུན་ཏུ་བརྟགས་པའི ་མ་རིག་པ་དང་། ལྟ་བ་དྲུག་ཅུ་རྩ་གཉིས་གང་ཡིན་པོ་དེ་ནི་མ་རིག་པའི་ཟག་པའོ།། འདི་རྣམས་ཟད་པས་ན་ཟག་པ་ཟད་པའོ།། ཟག་པ་ཟད་པ་ཉིད་ཀྱི་རྣམ་པར་དག་པའི་ཡོན་ཏན་གསུངས་པ་ནི། ཉོན་མོངས་པ་མེད་ཅེས་པ་སྟེ་ཀུན་ནས་ཉོན་མོངས་པ ་རྣམས་ཀྱི་ཉོན་མོངས་པ་དང་། ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་བླ་སྟེ་གོ་རིམ་ཇི་ལྟ་བ་བཞིན་དུ་གང་གིས་ཉོན་མོངས་པར་གྱུར་པ་དང་། གང་ཉོན་མོངས་པར་བྱེད་ཅིང་སྡུག་བསྔལ་བར་གྱུར་པ་དང་། གང་དུ་ཉོན་མོངས་པ་དེ་རྣམས་མེད་པའི་ཕྱིར་རོ།། ། ་ཀུན་ནས་ཉོན་མོངས་པའི་སྡུག་བསྔལ་རྣམས་ཉོན་མོངས་པ་མེད་པ་ཉིད་ལ་སྡུག་བསྔལ་མེད་པས་དེའི་ཡོན་ཏན་གསུངས་པ་ནི་དབང་དུ་གྱུར་པ་ཞེས་པ་སྟེ། ཇི་ལྟར་རྫུ་འཕྲུལ་ལ་དབང་བས་སེམས་ཅན་དང་སྣོད་དག་ལ་དབང་སྒྱུར་བའི་ཕྱིར་རོ།། ་དབང་པོ་ལྔ་དབང་བས་སྤྱོད་ལམ་ཉེ་བར་ཞི་ནས་དེ་རྣམས་ཀྱིས་འཇིག་རྟེན་ལ་དབང་བའི་ཕྱིར་རོ།། ཏིང་ངེ་འཛིན་ལ་དབང་བས་ནི་རྣམས་སེམས་དེ་རྣམས་དབང་དུ་བྱེད་པ་ལ་འཇོག་པའི་ཕྱིར་རོ།། ཤེས་རབ་ལ་དབང་བསྡུ་ནི་ཉོན་མོངས ་པ་དང་ལས་དང་རྣམ་པར་སྨིན་པ་ཐམས་ཅད་ཀུན་ཏུ་བཅད་ནས་འཆིང་བ་ལས་རྣམ་པར་གྲོལ་བ་རྣམས་བཞིན་དུ་རང་ཉིད་ལ་དབང་བྱེད་པའི་ཕྱིར་རོ།། སེམས་ཤིན་ཏུ་རྣམ་པོར་གྲོལ་བས་ན་སེམས་ཤིན་ཏུ་རྣམ་པར་གྲོལ་བ་སྟེ། སྲིད་པའི ་ཕྱོགས་ཀྱི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་སྤོང་ཞིང་ཐོབ་པར་བྱ་བའི་ཏིང་ངེ་འཛིན་རྣམས་ལ་སྙོམས་པར་འཇུག་པ་ནི་སེམས་རྣམ་པར་གྲོལ་བའོ།། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ་ནི་ཤེས་རབ་རྣམ་པར་གྲོལ་བས་མ་རིག་པའི ་ཕྱོགས་ཀྱི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་སྤོང་བར་འགྱུར་ཞིང་དགྲ་བཅོམ་པའི་ལམ་གྱི་ཡེ་ཤེས་ཐོབ་པ་ནི་ཤེས་རབ་རྣམ་པར་གྲོལ་བའོ།། ཅང་ཤེས་པ་ནི་འཇིགས་པ་རྣམས་མེད་པ་སྟེ། འཇིགས་པའི་དོགས་པ་རྣམ ་པ་བཞི་མེད་པས་གྱོ་རིམ་ཇི་ལྟ་བ་བཞིན་དུ་བླདེ་བླ་རྙེད་པ་འཇིགས་པ་མེད་པ་རྙེད་པ་བགེ་ཚ་བ་མེད་པ་རྙེད་པ་དབུགས་འབྱིན་པ་ཐོབ་པ་ཞེས་བརྗོད་དེ། དེ་ལ་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་རྣམས་མེད་པས་ནི ་སྡུག་བསྔལ་གྱི་ངོགས་པ་མེང་པའོ།། བདག་ཉིད་ཀྱི་གནོད་པ་དང་གཞན་གྱི་སྐུར་པོ་འདེབས་པ་དང་ངན་འགྲོ་དང་འཚོ་བ་ཆང་པོ་དང་མྱ་ངན་དང་འཆི་བའི་འཇིགས་པ་རྣམས་མེད་པས་འཇིགས་པའི་ངོགས་པ་མེད་པའོ།། རྙེད་པ་དང་མ་རྙེད་པ་དང་གྲགས ་པ་དང་མ་གྲགས་པ་དྲུང་བསྟོད་པ་དང་སྨད་པ་དང་བདྲ་བ་དང་སྡུག་བསྔལ་བ་རྣམས་ཀྱིས་རྗེས་གོས་སུ་འཇིག་རྟེན་པའི་རྒྱས་ཀྱིས་རིགས་པ་ལྡང་པའོ།། ཡེ་ཤེས་ཀྱི་ཡོངས་སུ་སྦྱངས་པ་རྣམས་ལ་མི་ཤེས་པ་དང་ཐེ་ཚོམ་དང་ལོག་པའི་ཤེས ་པ་རྣམས་མེད་པས་ནཱ་མི་ཤེས་པའི་དོགས་པ་མེད་པའོ།། ལྟ་རྟོགས་པ་དང་བྲལ་བའི་ཕྱིར་ན་ཅིང་ཤེས་པའོ།། གླང་པོ་ཆེན་པོ་ནི་གཙོ་བོ་ཆེན་པོ་སྟེ། རིག་པ་གསུམ་ལ་སོགས་པ་ཉིད་ཀྱིས་ཁྱང་བར་གྱུར་པའི་རྟོགས་པའི་ཆོས་ཐོས་པས་སོ།། ་འཕྲུལ་དང་གཞན་གྱི་སེམས་ཤེས་པ་དང་ཟག་པ་ཟད་པའི་མངོན་པར་ཤེས་པ་རྣམ་པ་གསུམ་རིག་པ་ལ་ནི་གཞན་དག་ཏུ་དེ་ལ་རིག་པ་གསུམ་ཞེས་བརྗོད་དོ།། བྱ་བ་བྱས་པ་ནི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་རྣམས་ཡོངས་སུ་རྫོགས་པར ་སྡུག་བསྔལ་ཐམས་ཅད་ལས་རྣམ་པར་གྲོལ་བའི་བྱ་བ་ངེས་པར་བྱས་པས་སོ།། བྱ་བ་བྱེད་པ་ནི་འདོད་པ་ཆུང་བ་ལ་ཞུགས་པ་དང་། ཆོག་ཤེས་པ་ལ་འཇུག་པ་དང་སྦྱངས་པར་གྲགས་པ་ལ་འཇུག་པ་དང་། ཀུན་ཏུ་མཉེས་པར་བྱེད་པ་ལ་འཇུག་པ་ཞེས་པ ་ལ་སོགས་པ་བྱེད་པ་ལ་རང་གླེ་མོས་པ་འཇུག་པའི་ཕྱིར་རོ།། ཁུ་བོར་བཱ་ནི་ཁུར་རྣམ་པོ་བྱཞི་སྟེ། དེ་རྣམས་བོར་བ་སྟེ། དེ་ལ་ཕུང་པོའི་ཁུར་བཏང་ཏེ་སྡུག་བསྔལ་ཡོངས་སུ་ཤེས་པས་ཕུང་པོ་ལྷག་མ་མྱེད་པའི་བདེ་བ་རྩོམ་པ་ལ་སྦྱོར་ནུས་པ་ཉིད་དོ།། ཉོན ་མོངས་པའི་ཁུར་སྤངས་པས་ནི་ཀུན་འཐུང་སྤངས་པསོ་རྣམ་པར་གྲོལ་བའི་བདེ་འི་ཐོབ་པའོ།། དེས་བཅས་པའི་ཁུར་བོར་བས་ནི་འགོག་པ་མངོན་དུམ་དུ་བྱས་པས་རྫོགས་པའི་བྱང་ཆུབ་བདེ་བ་ཐོབ་པའོ།། བྱོར་བ་རྩོས་པའི་རླུང་གྱི་ཡོངས་སུ་རྗེགས ་པ་ནི་ལམ་བསྒོམས་པས་ཉེ་བར་ཞི་བའི་བདེ་བ་ཐོབ་པའོ།། ཁུར་བོར་བ་ཉིད་ཀྱིས་ཁུར་བོར་ནས་བདེ་བ་ཐོབ་པའི་ཡོན་ཏན་གསུངས་པ་ནི། རང་གི་དོན་རྗེས་སུ་ཐོབ་པ་ཞེས་པ་ལ། རང་གི་དོན་རྗེས་སུ་ཐོབ་པ་ནི་རྣམ་པ་གཉིས་ཏེ། དེ་ལ་དོན་མིན ་པ་སྤོང་བ་ནི་རང་གི་ཉོན་མོངས་པའི་འམ་རིག་པ་སྤངས་པས་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་སྤངས་པ་དང་དོན་རྟོགས་པས་གང་ཞིག་གིས་རིག་པ་བསྐྱེད་ནས་མྱ་ངན་ལས་འདས་པ་རྟོགས་པའོ།། ཡོངས་སུ་ཟད་པ་ཞེས་པའི་སྲེད་པར་ཀུན་ཏུ་སྦྱོར་བ་ནི་དགུ་སྟེ། སྐྱེས ་བུ་སྲིད་པར་ཀུན་ཏུ་སྦྱོར་བའི་ཕྱིར་ཏེ། འདོད་ཆགས་དང་ཁོང་ཁྲོ་བ་དང་ང་རྒྱལ་དང་མ་རིག་པ་དང་ཐེ་ཚོམ་དང་ལྟ་བ་མཆོག་ཏུ་འཛིན་པ་དང་། ཕྲག་དོག་དང་སེར་སྣང་རྣམས་གཞན་དུ་སྤངས་པས་སོ།། དེ་ལ་ཟག་པ་མེད་པའི་ཡང་དག་པའི་ལྟ་བ་ནི་ལྟ་བ་མཆོག ་ཏུ་འཛིན་པ་དང་ཐེ་ཚོམ་རྣམས་སྤོང་ངོ་།། འདིར་འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་དང་། ལོག་པར་ལྟ་པ་སྟེ་ལྟ་བ་རྣམ་གསུམ་མོ།། ལྟ་བ་མཆོག་ཏུ་འཛིན་པ་དང་ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཞེས་པའི་མཆོག་ཏུ ་འཛིན་པ་རྣམ་པ་གཉིས་སོ།། ཟག་པ་མེད་པའི་ཏིང་ངེ་འཛིན་ཐོབ་པས་ཕྲག་དེག་དང་སེར་སྣ་དང་ཁོང་ཁྲོ་བ་རྣམས་དང་འདོད་པའི་ཁམས་ཀྱི་འདོད་ཆགས་རྣམས་སྤངས་ཤིང་། ང་རྒྱལ་དང་མ་རིག་པ་དང་སྲིད་པའི་འདོད་ཆགས་རྣམས་དགྲ་བཅོམ་པའི་ལམ་གྱི ་ཡེ་ཤེས་ཀྱིས་ཟད་པས་སོ།། ཡང་དག་པར་ཞེས་པ་ནི་ཡང་དག་པར་ཀུན་ཏུ་ཤེས་ཤིང་ཡང་དག་པར་ཀུན་ཏུ་རྟོགས་པས་དཀོན་མཆོག་གསུམ་དང་ཡོན་ཏན་རྣམས་དང་ཐེག་པ་གསུམ་པོ་རྣམས་སྟོན་ཅིང་། འཕགས་པའི་བདེན་པ་བཞི་པོ་རྣམས་དང་བྱང་ཆུབ ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་ཡང་དག་པར་མོས་པ་དེའི་མི་མཐུན་པའི་ཕྱོགས་དང་བྲལ་བས་སེམས་ཤིན་ཏུ་རྣམ་པར་གྲོལ་བའོ།། སེམས་ཀྱི་དབང་ཐམས་ཅད་ཅེས་པ་ནི་སེམས་གང་གིས་ཏིང་ངེ་འཛིན་དབང་དུ་བྱས་ནས་དབང་སྒྱུར་བར་འགྱུར་ཏེ། དེའི་སེམས ་ལ་དབང་བ་དེ་ཐམས་ཅད་ལ་ཡང་ངོ་།། དེ་རྣམས་ལ་དམ་པའི་ཕ་རོལ་ནི་ཕ་རོལ་ཏེ། མཐར་ཐུག་པ་འདིར་འགྲོ་བ་དང་འདིར་ཕྱིན་པའི་དོན་གྱིས་སོ།། ཕ་རོལ་ནི་མཐར་ཐུག་པར་འགྲོ་བ་ལ་དམ་པའི་ཕ་རོལ་ཏུ་སོན་པ་ནི་ངེས་ཐོབ་པའོ།། དབང་ནི་གང་དུ་ཇི་ལྟར ་འདོད་པར་ལུགས་ལས་འབྱུང་བ་དང་ལུགས་ལས་བཟློག་པ་ཞེས་ཉིད་ལ་དང་པོའི་རིམ་པ་ནས་སྙོམས་པར་འཇུག་པ་རྣམ་པ་དགུ་པོ་རྣམས་ཀུན་ཏུ་བསྒྲུབས་པ་ལ་སྙོམས་པར་ཞུགས་པ་དང་། གནས་པ་དང་ལྡང་བ་རྣམས་ལ་སོ་སོར་རྟོགས་པ་ལ་དབང ་ཐོབ་པའི་ཕྱིར་རོ།། ཐམས་ཅད་ཅེས་སྨོས་པས་ན་དེ་མི་འཕགས་པ་ཀུན་དགའ་བོ་ཡང་ཡོན་ཏན་དེ་རྣམས་དང་ལྡན་ནོ་ཞེས་ན་མིན་པར་གསུངས་པ་ནི་གཅིག་ཅེས་པ་ལ་སོགས་པ་སྟེ། གང་ཟག་གི་ཚིག་ནི་དོན་མཐུན་པའི་འཕགས་པའི་ཟ་གང་ཟག་བརྒྱད་པོ་རྣམས ་ལས་བཞིན་ཡིན་པའི་ཕྱིར་རོ།། མ་རྟོགས་པ་ནི་ཡོངས་སུ་སྤངས་པའོ།། འདི་ལྟ་སྟེ་ཞེས་བྱ་བ་ནི་གཞན་ལ་ཉེ་བར་སྟོན་པའོ།། ཚེ་དང་ལྡན་པ་ཞེས་པ་ནི་ཁྱད་པར་དུ་མཉེས་པར་བྱེད་པའི་དོན་ཏེ། འཇིག་རྟེན་དུ་ཚེ་འདོད་པས་དེ་ཡིས་དེ་བཞིན་དུ་དེ་མཉེས་པའོ།། ། ་འདིར་ཉན་ཐོས་ཀྱི་དགེ་འདུན་བཤད་པ་ནི། རྗེས་ལ་ཐེག་པ་ཆེན་པོ་ལ་འཇུག་པ་ལ་དགོངས་པ་དང་། རབ་ཏུ་གྲགས་པའི་འཁོར་གྱི་ཕྱིར་དང་། ངེས་པའི་འཁོར་གྱི་ཕྱིར་ཏེ། དེ་ཡང་རབ་ཏུ་གྲགས་པ་ནི་རབ་ཏུ་བྱུང་བའི་འཁོར་ཉིད་ལ་ངེས་པ་ནི་རང་གི་རྫོགས ་སངས་རྒྱས་ཀྱི་དྲུང་ན་རྟག་པར་ཀུན་ཏུ་གནས་པའི་ཕྱིར་རོ།། བྱང་ཆུབ་སེམས་དཔའ་ནི་དེ་ལྟར་མ་ཡིན་ཏེ། ཕལ་ཆེར་ཁྱིམ་པ་དེ་ཡིན་པའི་ཕྱིར་དང་། འདི་ནས་ཀྱང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་སུ་འགྲོ་བའི་ཕྱིར་དང་། དེ ་རྣམས་ནས་ཀྱང་འདི་རུ་འོང་བས་ན་དེའི་ཕྱིར་བྱང་ཆུབ་སེམས་དཔའི་དགེ་འདུན་ནི་འདིར་མ་བཤད་དེ། དེའི་ཐེག་པ་གསུངས་པ་དེ་ཉིད་པས་ན་བྱང་ཆུབ་སེམས་དཔའི་འཁོར་ནི་དཔག་ཏུ་མེད་པ་ཡིན་པར་གསལ་བའི་ཕྱིར་དང་ཡུམ་འདིར་བསྡུས་པའི ་སྐབས་ཡིན་པའི་ཕྱིར་རོ།། དེ་ལ་སྒྲུབ་པ་པོ་རྣམ་པ་གསུམ་སྟེ་གཅིག་ནི་གསུངས་ན་གོ་བས་ཚིག་ལྷུར་ལེན་པ་སྟེ་དེ་ནི་རྒྱས་པ་ལ་དགའ་བའོ།། གཉིས་པ་ནི་མང་དུ་བཤད་པས་ལྷག་མ་ཡང་གོ་བས་རྣམ་པར་སྤྲོས་ནས་གོ་བ་སྟེ། དེ་ནི་འབྲིང་ལ་དགའ་བའོ།། ། ་གསུམ་པ་ནི་ཉུང་ངུ་བཤད་པས་མོང་དུ་རྟོགས་པའི་མགོ་སྨོས་པས་གོ་ལ། དེ་ནི་བསྡུས་པ་ལ་དགའ་བ་སྟེ། དེ་རྣམས་ལ་རིམ་པ་ཇི་ལྟ་བ་བཞིན་དུ་བཅོམ་ལྡན་འདས་སྟོང་ཕྲག་བརྒྱ་པ་དང་། སྟོང་ཕྲག་ཉི་ཤུ་ལྔ་པ་དང་། བརྒྱད་སྟོང་པ་གསུངས་ཏེ། དེ ་ལ་གཞུང་འདི་ནི་བསྡུས་པར་འདོད་པས་ནི་གཞུང་འདིའི་གླེང་གཞི་ཡང་བསྡུས་པ་སྟེ། དགེ་སློང་དང་དགེ་སློང་མ་དང་། སྒྱུ་མ་དང་མི་དང་ལྷ་མ་ཡིན་དང་དྲི་ཟ་ལ་སོགས་པའི་འཁོར་ཡང་འདིར་ཤེས་པར་བྱའོ།། དེ་རྣམས་བཤད་པས་ནི་གང་དུ་བཅོམ་སྤུན ་འདས་བྱ་རྒོད་ཕུང་པོ་ལ་ཇི་སྐད་བཤད་པའི་འཁོར་དང་བཞུགས་པར་འགྱུར་བ་དེར་བདག་གིས་བཅོམ་ལྡན་འདས་ལ་ཐོས་སོ་ཞེས་པ་སྟེ་གླེང་གཞིའོ།། བསྟན་པ་གོ་བའི་སྐབས་གསུངས་པ་ནི་དེ་ནས་ཞེས་པ་ལ་སོགས་པ་སྟེ། ཡང་ཞེས་བྱ་བ་ཚིག་གི། ་རྒྱན་ལ་དེར་བཞུགས་པར་གྱུར་པས་སམ་དེར་གནས་པའི་དགེ་འདུན་གྱི་ནང་ན་འབྱོར་པས་རབ་འབྱོར་ལ། གནས་བརྟན་ཞེས་སྨོས་པ་ནི་མཆོད་པའི་དོན་ཏེ། དགྲ་བཅོམ་པར་འགྱུར་བའི་ཉོན་མོངས་པ་མེད་པ་ལ་གནས་པ་རྣམས་ཀྱི་མཆོག་གི་ཕྱིར་རོ།། ་བཀའ་སྩལ་པ་ནི་རབ་ཏུ་འབྱོར་པ་ཞེས་པ་སྟེ། གསུང་གིས་བྱིན་གྱིས་བརླབས་པའོ།། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པའི་དོན་དུ་རྣམ་པ་གསུམ་གྱིས་བྱིན་གྱིས་རློབ་སྟེ། ཁ་ཅིག་ཏུ་ཕྱག་གིས། ཁ་ཅིག་ཏུ་གསང་གིས། ཁ་ཅིག་ཏུ་ཐུགས་ཀྱིས་སོ།། ་ཅིའི་ཕྱིར་ཞེ་ན་དེའི་རིགས་ཅན་རྣམས་ཀྱི་སྤྲོ་བ་བསྐྱེད་པའི་དོན་དུའོ།། སྤོབས་པར་གྱིས་ཤིག་ཅེས་པ་ནི། ཁྱོད་ཀྱིས་རྫོགས་སངས་རྒྱས་ཀྱིས་མངོན་སུམ་དུ་བགྱིས་ཞེས་པའོ།། གང་དུ་རབ་འབྱོར་ལ་བོས་ནས་བསྟན་པའི་སྐད་ཅིག་ལ་གཞན་འདུལ་བར་བྱ ་བ་མང་པོ་རྣམས་ཀྱིས་སོ་སོར་བཅོམ་ལྡན་འདས་ནི་ཞལ་འཛུམ་པས་བདག་ལ་གཟིགས་ནས་ཆོས་སྟོན་ཏོ་སྙམ་དུ་སེམས་པར་གྱུར་ཏེ། དེ་ལྟར་ན་ཡང་རབ་འབྱོར་ནས་བཀའ་སྩལ་པས་ན། དེ་གཉིས་བསྡུས་པའོ།། ལྗོ་ན་བྱང་ཆུབ་སེམས་དཔའ་རྣམས ་ཀྱི་ཐེག་པ་རྣམས་སྟོན་པ་དེ་རྣམས་ཀྱང་ལན་ཅིག་གིའི་ཕྱིར་མ་བོས་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་བོས་ནས་བསྟན་པ་ལ་མདོ་འདི་ནི་ཟབ་པས་བདག་ཅག་རྣམས་སྦྱོར་བར་མི་ནུས་ཞེས་ཁ་ཅིག་ལུང་ལ་འཛིན་པར་མི་འགྱུར་ལ། རབ་འབྱོར་ལོ ་བརྩམས་ནས་བསྟ་ན་ནི་སྐྱེ་བོ་ཐམས་ཅད་ཀྱི་ཐུན་མོང་བོ་སྟེ། ཤིན་ཏུ་ཟབ་པ་མ་ཡིན་ཅེས་སྙམ་དུ་སེམས་ནས་རབ་ཏུ་འཇུག་པར་འགྱུར་ལ། ཐུན་མོངས་པར་ཡང་སྟེ་ཀུན་མཁྱེན་པ་གསུམ་གྱི་སྐ། བས་ཀྱི་ཕྱིར་ན་ངེས་པས་ཀྱང་དཔེ་སོང་རྣ ་འཁོར་གཞན་གྱི་ཆོས་མངོན་པར་རྟོགས་པ་ཐོས་པས་སོ།། གང་ཡང་བླ་མས་གསོལ་བ་བཏབ་པའི་སློབ་མ་མེད་ཀྱང་དེ་ལྟ་ན་ཡང་འདི་གསོལ་བ་བཏབ་པ་ནི་ཆོས་ལ་གུས་པ་ཉིད་ཀྱིས་སོ།། དེ་ལྟ་ན་ཡང་བཤད་པ་གནས་བརྟ་འབྱོར་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་ལ་ཆུང་ངུ་ན་ལྷག་པར་མོས་ཞེས་པས་སོ།། གང་གི་དབང་དུ་བྱས་ཤེས་ན་གསུངས་པ་ནི། ཤེས་རབ་ཅེས་པ་ལ་སོགས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཙོ་བོ་ཆོས་ཀྱི་སྐུ་རྟོགས་པ་སྟེ། དགོས་པའི་དགོས་པའོ།། དོན་དེ་ལ་སྦྱོར་བས ་ཟུང་དང་ལམ་དག་ལ་ཡང་དེའི་སྒྲས་སོ།། དེ་ལ་བརྩམས་ནས་ཞེས་པ་ནི་སྐྱེས་བུ་དམ་པས་དོན་དུ་གཉེར་བར་བྱ་བའི་ཕྱིར་དང་། ཐབས་ལས་བྱུང་བ་ཉིད་ཀྱི་ཆེད་དུའོ།། ཞེས་བྱ་བའི་དོན་ཏོ།། ཅི་ནས་ཞེས་པ་ནི་ཇི་སྲིད་དུ་ཐོས་པ་དང་བསམ་པ་དང་སྒོམ་པའི་བྱེ་བྲག ་གིས་སོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་པ་ནི་ཀུན་མཁྱེན་པ་རྣམ་པ་གསུམ་ལ་སྟེ། དེ་ལམ་ལ་བརྟེན་ནས་བགྲོད་པས་ངེས་པར་འབྱུང་བར་འགྱུར་བ་སྟེ། མ་ལུས་པར་འགྲོ་བའོ།། ཇི་ལྟར་དེ་ཡི་བགྲོད་ཅེ་ནི། སྦྱོར་བ་དང་སྦྱོར་བའི་རབ་ཏུ་ཕྱིན་པ་དང་། སྦྱོར ་བའི་གོ་རིམ་དང་། སྦྱོར་བའི་མཐར་ཐུག་པ་སྟེ། དགོས་པའི་ཚུལ་དེས་མ་ལུས་པར་གྱིས་ཞེས་པའི་དོན་ཏོ།། དེ་ལ་ངག་གཉིས་པོ་འདིས་ནི་འཕགས་པ་རབ་འབྱོར་ལ་ཡང་བརྗོད་པར་བྱ་བའི་མངོན་པར་རྟོགས་པ་བརྒྱད་ཀྱིས་སོ་སོར་སྟོན་པ་སྟེ། དེ་ལྟར་ཡང་བསྟན ་བཅོས་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི།། དངོས་པོ་བརྒྱད་ཀྱིས་ཡང་དག་བཤད་ཅེས་པ་སྟེ། སྟོང་པ་ཉིད་ལ་དམིགས་པའི་ཕྱིར་དང་། དོན་དམ་པ་སྟོང་པ་ཉིད་ཀྱི་ངོ་བོའི་ཕྱིར་ན་རབ་ཀྱི་ཤེས་པ་ནི་ཤེས་རབ་ལ་ཤེས་རབ་འདིའི་ཕ་རོལ་པས་ན་ཕ་རོལ ་ཏུ་ཕྱིན་པ་སྟེ། འདིས་ཀྱིས་ཨུ་ཕྱིས་པའོ།། གང་གི་ཕ་རོལ་ཅེ་ན་རྣམ་པར་རྟོག་པའི་སྟེ། ཅི་རིགས་པར་འཕགས་པ་དང་བྱང་ཆུབ་སེམས་དཔའ་རྣམས་དང་དག་པའི་དེ་བཞིན་གཤེགས་པ་རྣམས་ཕ་རོལ་ཏུ་ཕྱིན་ཅིང་སོ་སོར་རྟོགས་པས་ཕ་རོལ་ཏུ་ཕྱིན་པའོ།། སྦྱོར ་བོའི་ལམ་ལ་ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། དེ་ནི་དོན་གྱི་བྱ་བ་སྟེ། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཅེ་ན། དེའི་འབྲས་བུ་ཡིན་པའི་ཕྱིར་རོ།། ཡང་དག་པ་ཅེས་པ་ནི་མངོན་པར་རྟོགས་པ་བརྒྱད་ཀྱིས་བསྡུས་ནས་བསྟན་པའོ།། བརྒྱད་གང་ཞེ་ན། ་རྣམ་ཀུན་མཁྱེན་ཉིད་ལམ་ཤིས་ཉིད།། དེ་ནས་ཐམས་ཅད་ཤེས་པ་ཉིད།། རྣམ་ཀུན་མངོན་རྫོགས་པ་རྟོགས་པ་དང་།། རྩེ་མོ་བྱིན་དང་མཐར་གྱིས་པ།། སྐད་ཅེག་གཅིག་མངོན་རྫོགས་བྱུང་ཆུབ།། ཆོས་ཉིད་སྐུ་དང་དེ་རྣམ་བརྒྱུད།། རྣམ་པ་ཀུན་མངོན་པར་རྫོགས་པར ་རྟོགས་པའི་རྣམས་པ་རྣམ་པ་ཐམས་ཅད་ཀྱིས་རྟོགས་པར་བྱ་བ་ལ་མངོན་དུ་ཕྱོགས་ཤིང་ཡང་དག་པར་རྟོགས་པ་ཉིད་ཀྱིས་ནི་མངོན་པར་རྟོགས་པ་སྟེ། རྟོགས་པའི་རྟོག་ཕྱིར་རོ།། རྩེ་མོ་ནི་རབ་ཐོབ་པའོ།། མཐར་གྱིས་པ་ནི་རིམ་གྱིས་ན་མཐར་གྱིས་པ་སྟེ། ་མཐར་གྱིས་པ་དེར་སྦྱོར་བར་མངོན་པར་བྱང་ཆུབ་ཅེས་པར་འཇུག་པ་སྟེ། རྩེ་མོའི་མངོན་པར་རྟོགས་པ་དང་མཐར་གྱིས་པའི་མངོན་པར་རྟོགས་པ་དག་གིས་ཞེས་པའི་དོན་ཏོ།། འདིར་མངོན་པར་རྟོགས་པར་བྱ་བའི་མངོན་པར་རྟོགས་པ་དང་རྣམས་པ་བརྒྱད་ལ་མངོན ་པར་ཉེ་བར་བྱེད་ཐོབ་པར་བྱེད་པའི་མངོན་པར་རྟོགས་པ་ནི་རྣམ་པ་བདུན་ཏེ། བདུན་པོ་དེ་རྣམས་ཀྱིས་མངོན་པར་རྟོགས་པར་བྱེད་ཅིང་ཐོབ་པར་བྱེད་ཅེས་པའི་མངོན་པར་རྟོགས་པའི་ཆོས་ཀྱི་སྐུ་དང་རྣམ་པ་བརྒྱད་དེ། འདིས་རྣམས་ནི་དངོས་པོ་བརྒྱད་རྣམས་སོ།། གང་དུ ་འདིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་རྣམས་ཀྱི་གོ་རམ་ཇི་ལྟ་བུ་བཅོམ་ལྡན་འདས་མ་ཉིད་ལས་བསྟན་ཏེ་ཇི་ལྟར་ན་མངོན་པར་རྟོགས་བརྒྱད་པོ་རྣམས་ཏེ་གང་ཟག་གི་དབྱེ་བས་ཇི་ལྟ་བུའི་རིགས་ཐ་དད་ནས་ཉན་ཐོས ་ལ་སོགས་པའི་ཐེག་པ་རྣམས་གསུམ་ནི་དེ་ཡང་རྗེས་སུ་འགྲོ་བའི་སྒོ་ནས་རིགས་ལ་གནས་པ་མ་ཡིན་ལ། བྱང་ཆུབ་སེམས་དཔའི་གང་ཟག་གཅིག་པུ་ཁོ་ནའི་དབང་དུ་བྱས་ནས་བཅོམ་ལྡན་འདས་མ་བསྟན་ན། དེ་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ ་ཉིད་ཁོ་ན་རྒྱུ་དང་འབྲས་བུའི་གནས་སྐབས་སུ་བསྒྲུབ་པས་ཇི་ལྟ་ན་གཞན་རྣམས་དགོས། གང་ཡང་ཉན་པ་པོའི་འདོད་པའི་ངོར་རྣམ་པ་གཉིས་སུ་བསྟན་ཏེ། གཅིག་ནི་རྒྱུ་དང་འབྲས་བུར་རྟོགས་པའི་གོ་རིམ་གྱིས་ཏེ། དཔེར་ན་དྲན་པ་ཉེ་བར་བཞག་པ་དང་། ་ཡང་དག་པར་སྤོང་བ་རྣམས་བཞིན་ནོ།། གཉིས་པ་ལ་འབྲས་བུ་དང་རྒྱུ་ཡིས་བསྒྲུབས་པའི་གོ་རིམ་སྟེ་དཔེར་ན་སྡུག་བསྔལ་དང་། ཀུན་འབྱུང་གི་བདེན་པ་དག་དང་། འགོག་པ་དང་། ལམ་གྱི་བདེན་པ་དག་བཞིན་ནོ།། མངོན་པར་རྟོགས་པ་འདི་རྣམས་ཀྱི ་དང་པོ་ནི་འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། དེ་ནས་ལམ་ཤེས་པ་དང་། དེ་ནས་ཐམས་ཅད་ཤེས་པ་དང་། དེ་ནས་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པར་འདོད་ཅེས་པ་ནི་རིགས་པས་མི་འཐད་དེ། དང་པོ་མངོན་པར་རྟོགས་པའི་ཐ ་མའི་གནས་སྐབས་ཀྱི་མཐར་ཐུག་པ་ཅན་གྱི་འབྲས་བུ་ལ་ཡང་གཉིས་པ་མེད་ལ། སེམས་བསྐྱེད་པ་ནས་ཀྱི་སྔོན་གྱི་གནས་སྐབས་སུ་ལ་མི་ཤེས་ལ་སོགས་པའི་སྲིད་པ་མེད་པས་གང་བརྒྱད་པོ་འདི་རྣམས་རྒྱུ་དང་འབྲས་བུའི་རིམ་པ་བསྒྲུབ་པར་འགྱུར་བ་ནི་མིན་པ ་ཉིད་དོ།། ཇི་ལྟར་ཞེ་ན། བརྗོད་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་རྣམ་པ་གཉིས་ཏེ། གཙོ་བོ་ནི་འབྲས་བུའི་གནས་སྐབས་ཀྱི་སངས་རྒྱས་ཀྱི་རྟོགས་པ་ཁོ་ནའོ།། གཙོ་བོ་མ་ཡིན་པ་ན་རྒྱུའི་གནས་སྐབས་སུ་དེ་ཉིད་ལམ་ཤེས་པས་གང་ཟག་དང་ཆོས ་བདག་མེད་པར་སོ་སོར་རྟོགས་པ་སྟེ་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་ཀྱང་སྔོན་གྱི་གནས་སྐབས་སུ་ཐམས་ཅད་ཤེས་པ་ཉིད་ཀྱི་གང་ཟག་གི་སྟོང་པ་ཉིད་ཙམ་དུ་ཡོངས་སུ་ཤེས་པའི་ཕྱིར་ཐམས་ཅད་ཤེས་པ་དང་མ་ལམ་ཤེས་གཉིས་པ་མེད་ལ། ་དེ་ལྡོག་བྲིའི་སྒོ་ནས་ནི་ཉན་ཐོས་རྣམས་ཀྱི་སྟེ། དེ་ལྟར་གསུམ་པོ་རྣམས་འབྲས་བུ་དང་རྒྱུའི་གོ་རིམ་བསྒྲུབ་པར་བྱ་ཞེས་པའོ།། འདི་རྣམས་ཀྱི་ཡང་དང་པོའི་མངོན་པར་རྟོག་པ་གསུམ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ལ་མཚོན་པར་བྱེད་ཅེས་པས ་མཚན་ཉིད་ད་། ཡུལ་ཞེས་པས་ཡུས་ཆེན་གྱི་མངོན་པར་རྟོགས་པའི་རྒྱུ་མ་མཚོ་སྦྱོང་བ་དང་བཅས་པ་ཅན་སྟེ། དེ་ལ་དང་པོའི་ཀུན་སུ་ཁྱེན་པ་གསུམ་པོ་རྣམས་ལ་ཐོས་པ་དང་བསམ་པའི་རང་བཞིན་བྷྱོ་ཤེས་པ་དག་གི་ས་ཤེས་རབ་གྀ་པ་དུ་ཕྱིན ་པའི་ངོ་བོ་ཉིད་ཀྱིས་སྤྲོས་པ་ཐམས་ཅད་རྣམ་པར་ལོག་པ་དེས་ཅིག་ཅར་དུ་མངོན་པར་མི་མཚོན་ལ། སོ་སོར་རང་གི་རྣམ་པ་རྣམས་སྤྲོས་པའོ་བསམ་པའི་རང་བཞིན་གྱི་འདུན་པའི་སེམས་བསྐྱེད་པ་ལ་སོགས་པའི་བསྒོམ་པའི་རང་བཞིན་གྱིས་སྦྱོར ་བརྩམས་ཏེ། གང་དུ་འཕགས་པ་རྣམ་པར་གྲོལ་བའི་སྡེས་ཀུན་མཁྱེན་པ་རྣམ་པ་གསུམ་གྱི་ཡུལ་གྱི་རྣམ་པ་སོ་སོར་ངེས་པ་རྣམས་སམ། མ་ལུས་པའི་རྣམ་པའི་ཡུལ་ཅན་ནི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་སྟེ། མཚན་ཉིད་ཅན་གྱི་ཀུན་མཁྱེན་པ ་གསུམ་དུ་རྣམ་པར་བཞག་པའོ།། སྦྱོར་བ་ལ་ནི་རྣམ་པ་ཀུན་མངོན་པར་རྫོགས་པ་རྟོགས་པ་ཞེས་གསུངས་སོ།། དེ་ཉིད་ཀྱིས་ན་སྡུད་འགྲེལ་དུ་རྣམ་པ་ཐམས་ཅད་དུ་ཀུན་མཁྱེན་གསུམ་ཐོབ་པ་ལ་དབང་དུ་བྱེད་པའི ་དོན་ཀུན་མཁྱེན་པ་རྣམ་པ་གསུམ་གྱི་རྣམ་པ་རྣམས་ནི་ཁྱད་པར་གྱི་ལམ་ལ་བསྒོམ་པས་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པར་འགྲོ་བར་འགྱུར་ཅེས་པོའི་སེང་གེ་བཟང་པོས་བཤད་པ་ནི་རིགས་པ་མ་ཡིན་པར་འཐད་པས་བཤད་ཅིང་འཆད ་པར་ཡང་འགྱུར། དེའི་རབ་ཏུ་སོན་པའི་མཐར་གྱིས་པོ་རྣམས་མཐར་ཕྱིན་པའི་ཐ་མ་ལ་འབྲས་བུ་འབྱུང་ངོ་ཞེས་པ་འདི་ཉིད་ནི་རྒྱུ་དང་འབྲས་བུའི་མཐར་གྱིས་པ་སྟེ། དེ་ལྟར་ཡང་བསྟན་པ་ཆོས་ཀྱི་མཐར་མཚན་ཉིད་དེའི་སྦྱོར་བ་དང་། དེ་རབ་དེ་ཡི ་གོ་རིམ་དང་།། དེ་མཐའ་དེ་ཡི་རྣམ་སྨིན་ནི།། གཞན་དུ་དོན་བསྡུས་རྣམ་པོ་དྲུག། ཡུལ་གྱི་རྒྱུ་ནི་རྣམ་པ་གསུམ།། སྦྱོར་བ་བཞི་ཡི་བ་ག་ཉིད་དང་།། ཆོས་སྐུ་འཕྲིན་ལས་འབྲས་བུ་ནི།། གཞན་དུ་ངན་བསྡུས་པ་རྣམ་པ་གསུམ།། ཞེས་སོ།། དེའི་མཚན ་ཉིད་ལ་རབ་ཏུ་སྦྱོར་བས་དེའི་སྦྱོར་བ་སྟེ། འདིར་བལྔ་པའི་རྣམ་པ་ཐམས་ཅད་མཁྱེན་པོ་ཉིད་ཀྱི་རྒྱུ་ལྔ་ཕྲལ་པའི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་སྦྱོར་བའོ།། གཙོ་བོ་ནི་འབྲས་བུའི་བདག་ཉིད་ཅན་པས་གཙོ་བོ་སྟེ། དེ་ལ་རྣམ་པ ་ཅན་མངོན་པའི་སྡིགས་པར་རྟོགས་པའི་སྦྱོར་བ་ནས་ཇི་ལྟར་བརྗོད་ཅེན། སྦྱོར་པོའོ་འབྲས་བུ་སོན་པའི་ཕྱིར་ན། ཉེ་བར་བཏོགས་པ་སྟེ། འབྲས་བུ་ནི་སྔོན་དུ་སྦྱོར་བ་མེང་ན་མི་སྐྱེ་བ་ཞེས་པ་ས་སོར་བསྒྲུབ་པར་འདོད་ནས་འཆད་པར་འགྱུར་བའི ་བསྐྱེད་པ་ཉི་ཤུ་རྩ་གཉིས་རྣམས་སུ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་དེ་རྣམས་ཀྱི་ཐ་མའི་དངོས་གཞིའི་རྗེས་གཉིས་ཀྱི་ངོ་བོ་ཉིད་ནི་འབྲས་བུ་ལ་ཐབས་ནི་ཇི་སྲིད་དུ་ཉི་ཤུ་པོའི་ཤེས་པ་ནི་ཕས་པའི་རྣམ ་པ་ཐམས་ཅད་མཁྱེན་པ་ཉིད་དང་། ཕལ་པའི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་སྟེ། དེ་ལ་དང་པོ་ལྔ་པོ་ནི་ཐམས་ཅད་ཤེས་པ་ཉིད་དོ།། བཅཝ་ལྔ་པ་དང་བཅུ་དྲུག་པ་དང་བཅུ་བདུན་པའི་དབྱེ་བའི་དང་པོ་གཉིས་ནི་རྩེ་མོའི་མངོན་པར་རྟོགས་པའོ།། ་དེའི་དབྱེ་བ་གཉིས་སྤངས་པའི་བཅུ་བདུན་པ་དང་བཅོ་བརྒྱད་པ་བཅུ་དགུ་པ་ནི་མཐར་གྱིས་པའི་མངོན་པར་རྟོགས་པའོ།། ཉི་ཤུ་པ་ནི་སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པའོ་ཞེས་རྣམས་པར་བཞག་ནས་འདི་རྣམས་ཀྱི་རིགས་པ་བཤད་པ་རྒྱ་ཆེན ་པོ་ལ་དགོས་པ་མེད་དོ།། གང་ངེས་པར་འབྱུང་ཞེས་པ་གསུངས་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་པ་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་ཞེས་བྱ་བའི་དོན་ཏེ། དེ་ལྟར་ཡང་བསྟན་བཅོས་སུ། སེམས་བསྐྱེད་པ་དང་གདམས་ངག ་དང་། ངེས་འབྱེད་ཡན་ལག་རྣམ་བཞི་དང་།། སྒྲུབ་པ་ཡིན་རྟེན་གྱུར་པ།། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་།། དམིགས་པ་དགྲ་དང་ཚད་དྲང་ནི།། གོ་ཆ་འཇུག་པའི་བྱ་བ་དང་།། ཚོགས་དང་ངེས་པར་འབྱུང་བཅས་རྣམས།། ཐུབ་པོའི་རྣམ་ཀུན་མཁྱེན་པ ་ཉིད། སེམས་ཅེས་པ་ནི་ཐུབ་པ་དེ་བཞིན་གཤེགས་པ་དེ་ཉིད་ཀྱིས་དེ་རྣམས་མཐའ་དགོ་མངོན་སུམ་དུ་བྱས་པའི་ཕྱིར་ལ། དེ་ཉིད་ལེའུ་འདིས་རྗོད་པར་བྱེད་པ་སྟེ། དེ་ཡང་སེམས་བསྐྱེད་ལ་སོགས་པའི་ཆོས་སྤྱོད་བཅུ་སྟེ་སྒྲུབ་པའི་སྦེད་པ་ཞེས་པའི་རྣམ ་གྲངས་སོ།། འདིར་ཆོས་ཀྱི་དབྱིངས་སྟོང་པ་ཉིད་ལ་རབ་ཏུ་གནས་ནས་འདུན་པ་ལ་སོགས་པ་ཅན་བསྐྱེད་ནས་དགུ་པོ་འབྱུང་བའི་ཕྱིར་དམིགས་པ་དང་། ཆེད་དུ་བྱ་བ་དང་གོ་ཆ་བགོ་བའོ།། དེའི་རྗེས་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ ་སོགས་པ་ཅན་བསྐྱེད་ནས་རབ་ཏུ་གནས་པས་དེ་ཡང་དག་པར་འབྱེད་ཅིང་ངེས་པར་འབྱུང་ཞེས་པ་ལ་སོགས་པ་ནི་འདིར་ཡང་སེམས་བསྐྱེད་པ་ལ་སོགས་པ་གསུམ་ནི་རྟོགས་པའི་གོ་རིམ་སྟེ། དེའི་རྒྱུ་ཆོས་ཀྱི་དབྱིངས་ལ་དམིགས་པ་དང་ཆེད་དུ་བྱ་བ་ཡིད་ལ ་བྱེད་པ་ནི་སེམས་བསྐྱེད་པའི་ཡུལ་ལ་ཞེས་པ་ནི་འབྲས་བུ་དང་རྨྱིའི་སྒྲུབ་པའི་གྲོ་རིམ་དུ་བསྒྲུབས་པའོ།། གཉིས་དོན་གྱི་གོ་རིམ་མོ།། ཚིག་ལེའུར་བྱས་པ་ནི་བཅོམ་ལྡན་འདས་མའི་བརྗོད་པའི་རིམ་པས་སོ།། དེ་ཡང་ཉན་པ་པོའི་འདོད་པའི་ཁྱད་པར་གྱིས་སོ།། ་དེ་བཞིན་དུ་ཕྱི་མ་ལ་ཡང་ཇི་ལྟར་རིགས་པར་བསྒྲུབ་པར་བྱའོ།། འདི་རྣམས་ཀྱི་རྟིང་ལ་བརྗོད་པའི་མོག་མོག་པོར་བྱེད་ཅེས་པ་ལ་སོགས་པའི་ཚིག་ལེའུར་བྱས་པ་བཅུ་གཅིག་ནི་ཇི་ལྟར་མངོན་པར་རྟོགས་པ་རྣམ་པར་བཤད་པར་འགྱུར་ཏེ། འདིར་བཅོམ་ལྡན ་འདས་མའི་དང་པོའི་ཚིག་གཉིས་པོའི་ཚིག་འདི་གཉིས་ཀྱིས་ནི་སེམས་བསྐྱེད་པར་བཤད་དོ།། བྱང་ཆུབ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་རབ་ཀྱི་མཐར་སོན་པ་ལ་དེ་ལ་སེམས་པ་ན་མངོན་པར་སེམས་ཤིང་འདོད་པ་རྣམས་ཏེ་བྱང་ཆུབ་སེམས་དཔའོ་ཞེས་བྱ་བ ་ལ་སེམས་ཅན་ཐམས་ཅད་ཀྱི་མཆོག་ཉིད་དུ་བྱེད་པར་འདོད་པ་ལ་གང་མངོན་པར་སེམས་པ་དེ་ནི་ཆེན་པོས་ན་ངེས་ན་འདི་རྣམས་ཆེན་པོ་ཉིད་དེ་ཞེས་པ་ནི་སེམས་དཔའ་ཆེན་པོ་སྟེ། ལྟར་ཡང་བཤད་པ། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། ཡང་དག་རྫོགས་པའི ་བྱང་ཆུབ་འདོད།། དེ་དང་དེ་ནི་མདོ་བཞིན་དུ།། བསྡུས་དང་རྒྱས་པའི་སྒོ་ནས་བརྗོད།། ཅེས་པ་སྟེ། སེམས་བསྐྱེད་པ་ནི་མཚོན་བྱ་ལ་ལྷག་མ་ནི་མཚན་ཉིད་དེ། སེམས་ནི་འདིར་ཡིད་ཀྱི་རྣམ་པར་ཤེས་པ་སྟེ། དེས་དཀར་པོའི་ཆོས་ཐམས་ཅད་ལ་དམིགས་པ ་འབྱུང་བ་སྟེ། འདིར་སེམས་དང་ཡིད་དང་འདོད་པ་དང་འདུན་པ་དང་། མོས་པ་དང་དོན་དུ་གཉེར་བ་ཞེས་པ་རྣམས་ནི་རྣམ་གྲངས་སོ།། དེ་ལྟར་ཡང་འགྲོ་བར་འདོད་ནས་བརྗོད་པ་བདག་གི་སེམས་འགྲོ་བར་འདོད་པ་དག་གི་ཡིད་འགྲོ་བར་འདོད་ཅེས་པ་སྟེ། དེ ་བསྐྱེད་པ་ནི་སེམས་བསྐྱེད་པ་སྟེ། གཞན་སེམས་ཅན་དེ་དག་ཐམས་ཅད་ཀྱི་དོན་དང་ཕན་པ་ནས་ཇི་སྲིད་དུ་ཤིན་ཏུ་མཐར་ཐུག་པའི་མྱ་ངན་ལས་འདས་པའི་བླ་ན་མེད་པའི་བྱང་ཆུབ་ཅེས་པའི་བར་དུ་སྟེ། དེ་ཡིས་དྲིའི་དོན་དུ་དེ་ཆེད་དུ་གཉེར་བས་ནི་ཡང་དག་པར ་རྫོགས་པའི་བྱང་ཆུབ་འདོད་ཅིང་མོས་པའི་བྱང་ཆུབ་འདོད་ཅིང་མོས་པ་གང་གིས་དེ་ལྟར་དེའི་ངོ་བོ་ཉིད་དེ་རྣམས་འདོད་ཅེས་པའི་དོན་ཏོ།། སེམས་བསྐྱེད་པ་ནི་མ་འཁྲུལ་པ་སྟེ། བསྐྱེད་ཅེས་སྨོས་པ་ནི་མ་སྐྱེས་པ་ཤེས་པར་བྱེད་པ་སྟེ། སེམས་ཀྱིས་རྟོགས་པའི ་ཆོས་ཀྱི་སོ་སོར་དང་པོའི་མཚམས་སུ་གྱུར་པ་ཤེས་པའི་དོན་དང་། ཁྱད་པར་ཡོངས་སུ་འཛིན་པའི་དོན་ཏེ།། གཞན་གྱི་དོན་གྱི་ཚད་དུ་བྱས་པ་དང་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དམིགས་པའི་སེམས་བསྐྱེད་པའི་སེམས་ཀྱི་ཁྱད་པར་སྟོང་པ་དང ་སྙི་རྗེ་དབྱེར་མེད་པ་བྱང་ཆུབ་ཀྱི་སེམས་ཏི་འདིར་འདི་ནི་མཚན་ཉིད་དོ།། འོན་དོན་དུ་གཉིར་བའི་རྣམ་པར་རྟོག་པ་དང་ལྷན་ཅིག་རྒྱུ་ཟིས་སེམས་ནི་བཅོམ་ལྡན་འདས་ལ་ཇི་ལྟར་འགྱུར་ཞེ་ན། བདེན་ཏེ་དོན་དུ་གཉེར་བོར་བྱ་བ་དང་། དོན་དུ་གཉེར་བར་བྱེད་པ ་ཅན་ཉིད་ནི་བྱེད་པ་པོའི་ཆོས་གང་སྔོན་དུ་སོ་སོར་སེམས་ཀྱིས་ཇི་ལྟར་རིག་པར་དོན་དུ་གཉེར་བ་ཉིད་དང་འདོད་པ་ཉིད་ཀྱི་ལས་དང་ཆོས་ནི་མཆོག་གི་སྲས་ལ་འདིར་བཅོམ་ལྡན་འདས་ལ་ནི་དོན་དུ་གཉེར་བའི་སེམས ་ཀྱི་རྣམ་པར་རྟོག་པ་མེད་པ་ཉིད་དེ། དེ་ཡང་ཇི་ལྟར་སྡུག་བསྔལ་དང་བྲལ་བར་འདོད་པའི་ཐུགས་རྗེ་ཆེན་པོ་ནི་རྣམ་པར་མི་རྟོག་པའི་བདག་ཉིད་ཅན་ཏེ། སྔ་ནས་དེ་བཞིན་གཤེགས་པ་ལ་རྣམ་པར་རྟོག་པ་མེད་པས་དེ་ལྟར་ཡང་དག་པར་རྫོགས ་པའི་བྱང་ཆུབ་འདོད་ཅེས་པ་ནི་ཁ་ན་མ་ཐོ་བ་མེད་དོ།། ཡང་དག་པར་རྫོགས་པའི་བྱང་ཆུབ་དང་གཞན་གྱི་དོན་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་འདི་ལ་ཡང་སེམས་བསྐྱེད་པའི་མཚན་ཉིད་འབའ་ཞིག་ལས་མ་གསུངས་པ་མ་ཡིན་ཏེ། ཇི་ལྟར་ན ་རང་དོང་གཞན་གྱི་དོན་དག་གིས་ཐབས་ཀྱང་ངོ་།། དེ་ལ་རང་གི་དོན་ནི་ཡང་དག་པོར་རྫོགས་པའི་བྱང་ཆུབ་ལ་གཞན་གྱི་དོན་ནི་སེམས་ཅན་གྱི་དོན་ཏེ། དེ་དག་གི་ཐབས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ཏེ། དེ་མ་ནི་ན་དེ་དག་མི་འགྲུབ་ལ་དེའི་དེ ་ཉིད་བསྡུས་པ་དང་རྒྱས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ལྟར་བཤད་ལ་གཞན་གྱི་དོན་ནི་བསྡུས་པ་དང་རྒྱས་པས་སོ།། དེ་ལ་སེམས་བསྐྱེད་པ་འདི་ངོ་བོ་བཅོམ་ལྡན་འདས་མ་ལས་གསུངས་པ་དེ་སྲིད་ཀྱི་གནས་སྐབས་ཐོབ་པས་ན་རབ་ཏུ་དབྱེ་བ་ནི་མ ་གསུངས་ཏེ། གནས་སྐབས་ཐ་དད་པ་ནི་ཐོབ་པར་བྱ་བའི་ཕྱིར་རོ།། དེ་ཡང་སྟོང་ཕྲག་ཉི་ཤུ་ལྔ་པ་དང་སྟོང་ཕྲག་བརྒྱ་པའི་བཅོམ་ལྡན་འདས་མ་ཡུམ་ཚན་མོ་ལས་ནི་གསུངས་སོ།། དེ་ཡང་བསྟན་བཅོས་ལས། དེ་ཡང་ས་གསེར་ཟླ་བ་མེད།། གཏེར་དང་རིན ་ཆེན་འབྱུང་གནས་མཚོ།། རྡོ་རྗེ་རི་སྨན་པ་ཤེས་གཉེན་དང་།། ཡིད་བཞིན་ནོར་བུ་ཉི་མ་གླུ།། རྒྱལ་པོ་མཛོད་དང་ལམ་པོ་ཆེ།། བཞོན་པ་བཀོད་མའི་ཆུ་དང་ནི།། སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས།། རྣམ་པ་ཉི་ཤུ་རྩ་གཉིས་སོ་ཞུས་ཏེ།། ཆུ་བོ་ཞེས་བྱ་བ་ནི་ཆུ་ཀླུང་གི་རྒྱུན ་ཏེ། དེ་ལ་སེམས་བསྐྱེད་པ་གསུམ་པའི་མཐའ་ལ་མཉམ་ཞེས་པས་ནང་དུ་བསྡུ་བར་བྱའོ།། དང་པོའི་འདུན་པ་དང་ལྷན་ཅིག་པའི་ཆེད་དུ་བྱས་པའི་བྱང་ཆུབ་དོན་དུ་གཉེར་བའི་མཚན་ཉིད་ནི་ས་དང་འདྲ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ཚོགས་བསྐྱེད་པའི ་རྟེན་དུ་གྱུར་པའི་ཕྱིར་རོ།། བསམ་པ་དང་ལྷན་ཅིག་པར་གྱུར་པ་ནི་གསེར་བཟང་པོ་ལྟ་བུ་སྟེ། དེས་ཕྱིས་གང་དུ་ཡང་འགྱུར་བ་མེད་པའི་ཕྱིར་རོ།། འཇམ་པ་ལས་ཁྱད་པར་རྟོགས་པའི་ལྷག་པའི་བསམ་པ་དེ་དང་ལྷན་ཅིག་པར་གྱུར་པ་དང་། སྦྱོར་བ་དང་ལྷན ་ཅིག་ཏུ་སོན་པ་ནི་དཀར་པོའི་ཕྱོགས་ཀྱི་ཟླ་བ་ཚེས་པ་ལྟ་བུ་སྟེ། དེས་དགེ་བ་རྣམས་བསྐྱེད་ཅིང་འཕེལ་བ་ཐོབ་པའི་ཕྱིར་རོ།། སྦྱོར་བ་དང་ལྷན་ཅིག་པར་གྱུར་པའི་ལྷག་པའི་བསམ་པ་དང་ལྷན་ཅིག་ཏུ་གྱུར་པ་ནི་མེ་དང་འདྲ་སྟེ། དེས་དེའི་ཁྱད་པར་དུ་འགྲོ་བ་སྟེ། བུད ་ཤིང་གི་ཁྱད་པར་ལས་མེ་བཞིན་ནོ།། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་པར་གྱུར་པ་ནི་གཏེར་ཆེན་པོ་ལྟ་བུ་སྟེ། ཆོས་དང་ཟེང་ཟིང་གྲི་འོངས་སྤྱོད་རྣམས་ཀྱིས་ཚད་མེད་པའི་སེམས་ཅན་རྣམས་ཚིམ་པས་མྱི་ཟད་པའི་ཕྱིར་རོ།། ཚུལ་ཁྲིམས ་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་ཏུ་གྱུར་པ་ནི་རིན་པོ་ཆེའི་འབྱུང་གནས་ལྟ་བུ་སྟེ། ཡོན་ཏན་རིན་པོ་ཆེ་རྣམས་ཐམས་ཅད་དེ་ཡིས་འཕེལ་བར་བྱེད་ཅིང་རིན་པོ་ཆེའི་འབྱུང་གནས་སུ་བསྐྱེད་པའི་ཕྱིར་རོ།། བཟོད་པའི་ཕ་རོལ་ཏུ་ཕྱིན་པོ་དང་ལྷན་ཅིག་པར་གྱུར་བ ་ནི་རྒྱ་མཚོ་དང་འདྲ་སྟེ། མི་འདོད་པ་ཐམས་ཅད་ཐོག་ཏུ་བབས་ཀྱང་མི་འཁྲུག་པའི་ཕྱིར་རོ།། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྷགཅིག་པར་གྱུར་པ་ནི་རྡོ་རྗེ་ལྟ་བུ་སྟེ། བརྟན་པའི་ཕྱིར་དང་འཇིགས་པ་མེད་པའི་ཕྱིར་རོ།། ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་པར་གྱུར་པ་ནི་རི་ལྟ་བུ་སྟེ། མི་བསྐྱོད་པ་དང་མི་གཡེང་བའི་ཕྱིར་རོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་པར་གྱུར་པ་ནི་སྤྱན་གྱི་རྒྱལ་པོ་ལྟ་བུ་སྟེ། སྒྲིབ་པའི་ནད་ཐམས་ཅད་ཞི་བོར་བྱེད་པའི ་ཕྱིར་རོ།། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་ཏུ་གྱུར་པ་དང་ཚད་མེད་པ་དང་ལྷན་ཅིག་ཏུ་གྱུར་པ་ནི་བཤེས་གཉེན་ཆེན་པོ་ལྔ་བུ་སྟེ། གནས་སྐབས་ཐམས་ཅད་དུ་སེམས་ཅན་གྱི་དོན་མི་གཏོང་བའི་ཕྱིར་རོ།། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང་ལྷན ་ཅིག་པ་དང་མངོན་པར་ཤེས་པ་དང་ལྷན་ཅིག་པ་ནི་ཡིད་བཞིན་གྱི་ནོར་བུ་དང་འདྲ་སྟེ། མོས་པ་ཇི་ལྟ་བ་དེའི་འབྲས་བུ་སྤེལ་བའི་ཕྱིར་རོ།། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་པར་གྱུར་པ་དང་སྦྱིན་པ་དང་། ངག་སྙན་པ་དང་། དོན་སྤྱོད་པ ་དང་། དོན་མཐུནྡ་པའི་མཚན་ཀྱིས་བསྡུ་བའི་དངོས་པོ་དང་ལྷན་ཅིག་པར་གྱུར་པ་ནི་ཉི་མ་དང་རཱ་སྟེ། གདུལ་བར་བྱེ་བའི་མེ་ཏོག་སྨིན་པར་བྱེད་པའི་ཕྱིར་རོ།། དེ་ལ་སྦྱིན་པ་ནི་རླུང་དང་ཕྱི་རོལ་གྱི་ཡོ་བྱད་སྦྱིན་པའོ།། སྙན་པར་སྨྲ་བ་ནི་འཇིག་རྟེན་ལ ་གྱི་བྱེད་དུ་། དྲང་བྱེང་པའི་ཚུམ་ལ་ཡང་དྲག་པར་ལེན་དུ་ལབྱ་པར་བྱེད་པའོ།། དོན་སྦྱིན་པའི་གྲོང་གཞན་པ་ཡིང་དགྲོ་པར་འོནོ་འཆུས་པ་རློ་མོ་བདག་ཉིང་རྗེས་སུ་ག་པ་ཕྱི་རྒྱས་པ་རྣཾ་ས་བྱས ་ཐབས་རྣམས་སོ།། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་པ་ནི་དྲི་ཟའི་དབྱངས་འཇམ་ཞིང་སྙན་པ་དང་འདྲ་སྟེ། གདུལ་བྱ་འདུན་པའི་ཆོས་སྟོན་པའི་ཕྱིར་རོ།། མངོན་པར་ཤེས་པ་དང་ལྷན་ཅིག་པར་གྱུར་པ་ནི་རྒྱལ་པོ་ལྟ་བུ་སྟེ། བར་མ་ཆད་པར ་མཐུ་ཡིས་གཞན་གྱི་དོན་ལ་རྗེས་སུ་གནས་པ་ལ་རྣམ་པར་འཇུག་པའི་རྒྱུའི་ཕྱིར་རོ།། རྒྱལ་པོའི་ལྕགས་ཀྱུས་ནི་སྐྱེ་དགུ་ལམ་ལོག་པ་ནས་མི་ལྟུང་ངོ་།། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སོ་སོར་རྟོན་པོའི་ལྕགས་ཀྱུའི་སྟེ། དེ་ལ་དོན་ལ་རྟོན་གྱི་ཡི ་གེ་ལ་མ་ཡིན་ཏེ། ལེགས་པར་སྦྱར་བ་ལ་སོགས་པ་ཅན་ལ་མ་ཡིན་ནོ།། ཆོས་ཀྱི་རིགས་པ་ལ་སོ་སོར་རྟོན་གྱི་གང་གིས་གང་དེ་ལྟར་བརྗོད་པའི་ཆོས་ཐམས་ཅད་སྟོང་པ་མ་ཡིན་ཞེས་པ་ལ་མ་ཡིན། བསྒོམ་པ་ལས་བྱུང་བའི་ཤེས་རབ་ཀྱི་ཡེ་ཤེས་ལ ་རྟོན་གྱི་རྣམ་པར་ཤེས་པས་ཐོས་པ་དང་བསམས་པའི་ཤེས་རབ་ལ་མ་ཡིན་པ་དང་། ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་གྱི། དྲང་བའི་དོན་གྱི་མདོ་སྡེ་ལ་མ་ཡིན་ཞེས་པ་ནི་རྟོན་པ་རྣམ་པ་བཞིའོ།། ངེས་པའི་དོན་ནི་གང་དུ་བཅོམ་ལྡན་འདས་རྣམས་ཀྱིས ་གཏན་ལ་ཕབ་པའི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་མཚན་ཉིད་དོན་གང་དེ་ཉིད་དེ་ལྟར་རོ།། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྷན་ཅིག་པ་ནི་བང་མཛོད་ལྟ་བུ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མང་པོའི་གནས་ཀྱི་མཛོད་ཡིན་པའི་ཕྱིར ་རོ།། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་ལྷན་ཅིག་པ་ནི་རྒྱལ་པོའི་ལམ་པོ་ཆེ་ལྟ་བུ་སྟེ། འཕགས་པའི་གང་ཟག་ཐམས་ཅད་གཤེགས་ཤིང་རྗེས་སུ་གཤེགས་པའི་ཕྱིར་རོ།། ཞི་གནས་སུ་གྱུར་པ་དང་སྙིང་རྗེ་དང་ལྷག་མཐོང་དང་ལྷན་ཅིག ་པ་ནི་བཞོན་པ་དང་འདྲ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་གཞན་དུ་མི་ལྟུང་བས་བདེ་བར་འགྲོ་བའི་ཕྱིར་རོ།། གཟུངས་དང་སྟོབ་པ་དང་ལྷན་ཅིག་པར་གྱུར་པ་ནི་བཀོད་མ་ལྟ་བུ་སྟེ། ནུ་འཛིན་པ་དང་མི་ཟད་པ་དང་འབྱུང་བ་དང་ཆོས ་མཐུན་པ་སྟེ། ཐོས་པ་དང་མ་ཐོས་པའི་ཆོས་ཀྱི་དོན་འཛིན་པ་དང་མི་བདེ་པ་བསྟན་པ་འབྱུང་བའི་ཕྱིར་རོ།། འདུས་བྱས་ཐམས་ཅད་མི་རྟག་པ་དང་། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ་དང་། ཆོས་ཐམས་ཅད་བདག་མེད་པ་དང་། མྱ་ངན་ལས ་འདས་པ་ཞི་བ་ཞེས་བྱ་བའི་ཆོས་ཆེད་དུ་བྱེད་པ་དེ་དང་ལྷན་ཅིག་པ་ནི་སྒྲ་སྙན་པ་ལྟ་བུ་སྟེ། ཐར་པོ་འདོད་པ་རྣམས་ཀྱིས་སྙན་པ་ཐོས་པའི་ཕྱིར་རོ།། ཆོས་ལ་སྐྱེ་བ་མེད་པ་ཅན་གྱི་བཟོད་པ་ཐོབ་པ་ཅན་གྱི་བདེ་བ་ཡིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འབྲས་བུའི་བྱ ་བ་ཐ་མི་དད་པའི་ཕྱིར་བགྲོད་པ་གཅིག་པའི་ལམ་དེ་དག་ལྷན་ཅིག་གྱུར་པ་ནི། ཆུ་ཀླུང་གི་རྒྱུན་ལྟ་བུ་སྟེ། ངང་གིས་འབབ་པའི་ཕྱིར་རོ།། དགའ་ལྡན་གྱི་གནས་ལ་སོགས་པ་ན་གནས་པར་ཀུན་ཏུ་བསྟན་པའི་ཐབས་ལ་མཁས་པ་དེ་དང་ལྷན་ཅིག་ཏུ་གྱུར་པའི ་ཆོས་ཀྱི་སྐུ་དང་ལྷན་ཅིག་དུ་གྱུར་པ་ནི་སྤྲིན་ལྟ་བུ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་བྱ་བ་རྣམས་ལ་དེ་ཡིས་འཇུག་སྟེ། སྤྲིན་བཞིན་དུ་སྣོད་ཀྱི་འཇིག་རྟེན་གྱི་ཕུན་སུམ་ཚོགས་པའོ།། སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་པོ་འདི་ནི་བློ་གྲོས་མི་ཟད་པའི ་མདོར་ཏེ། ཚད་མེད་པ་དང་དངོས་དང་ཡང་དག་པར་རིག་པ་དང་མི་རྟོན་པ་དང་ཆེད་དུ་བརྗོད་པ་ལྔ་ལ་བཞི་བཞི་སྟེ་གཉིས་པ་ཚོགས་དང་ཞི་གནས་དང་གཟུངས་ཀྱིས་ཟིལ་གྱིས་གནོན་པ་གསུམ་ལ་གཉིས་གཉིས་དང་མངོན་པར་ཤེས་པ་ལྔ་རྣམས་དང་། བྱང་ཆུབ ་ཀྱི་ཕྱོགས་དང་། དང་པོའི་སེམས་བསྐྱེད་པ་བཅུ་དང་བགྲོད་པ་གཅིག་པའི་ལམ་དང་ལྷན་ཅིག་ཏུ་གྱུར་པའི་ཐབས་ལ་མཁས་པ་ལས་བྱུང་བ་ཞེས་པའི་བརྒྱད་ཅུ་མི་ཟད་པར་བཤད་དོ།། འདིར་སྦྱོར་བ་དང་ལྷན་ཅིག་པའི་བསམ་པ་དག་བཟློག་ནས་བསྟན་པ་ནི་གཉིས ་ཀ་ལྀ་གཉིས་ཅར་གང་དུ་སྲིད་པའི་ཕྱིར་རོ།། དེ་ཉིད་ཀྱིས་འཕགས་པ་ཐོགས་མེད་ཀྱིས་སྨོན་པ་ཕན་ཚུན་གྱི་བརྒྱུད་པ་ལ་སྦྱོར་བ་བཤད་པས་སེམས་བསྐྱོད་པ་བཅོ་ལྔ་པ་ལ་འབྲིང་གི་བཅོམ་ལྡན་འདས་མར་མངོན་པར་ཤེས་པར་བསྒྲུབ་པ་ནི་གང་དུ་ཡང་འགལ་བ ་མེད་དོ།། དེ་ལ་དང་པོའི་སེམས་བསྐྱེད་པ་གསུམ་ནི་ཐོས་པ་དང་བསམ་པའི་རང་བཞིན་གྱི་ཤེས་རབ་དག་མཐར་ཕྱིན་པའི་གནས་སྐབས་ཀྱི་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་སྟེ། ལས་དང་པོ་པའི་སའི་ཚོགས་ཀྱི་ལམ་གྱི་ཚོགས་ཀྱི་ས་སྟེ། ཆོས་ཀྱི ་རྒྱུན་ལས་སངས་རྒྱས་ལས་གདམས་ངག་ཐོབ་པར་འགྱུར་ཅེས་པས་གོ་རིམ་ཇི་ལྟ་བ་བཞིན་ཆུང་ངུ་དང་འབྲིང་དང་ཆེན་པོ་དང་། ཆེན་པོ་ལ་ཆེན་པོ་དང་འབྲིང་དང་ཆུ་རུའི་གང་ཟག་གི་ཡུལ་རྣམས་ཏེ་དྲན་པ་ཉེ་བར་བཞག་པ་དང་ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ ་གྱི་རྐང་པ་དང་ལྷན་ཅིག་པའི་གོ་ཆའི་སྒྲུབ་པ་ནི་སྨོན་པའི་སེམས་ལ་དེའི་གོང་གི་བཅུ་དགུ་ནི་འཇུག་པའི་སེམས་སོ།། སེམས་བསྐྱེད་པ་བཞི་པ་ནི་མོས་པ་སྤྱོད་པའི་ས་སྟེ་རབ་ཏུ་དགའ་བའི་ས་ལ་སྦྱོར་བའི་ལམ་འཇིག་རྟེན་པའི་སྒོམ་པའི་རང་བཞིན་ཟག་པ་དང ་བཅས་པའི་བསྒོམ་པའི་ལམ་ངེས་པར་འབྱེད་པའི་མ་དང་མཐུན་པའི་དགེ་བའི་རྩ་བའི་དབང་པོ་དང་སྟོབས་དང་ལྷན་ཅིག་པ་ནི། འཇུག་པའི་སྒྲུབ་པའོ།། མདོ་དཀོན་མཆོག་སྤྲིན་དུས་འདི་རྣམས་སུ་བྱང་ཆུབ་སེམས་དཔའ་སོ་སོའི་སྐྱེ་བོ་ཡིན་ཡང་བྱིས་པའི་ཕུན་སུམ ་ཚོགས་པ་དང་བ་བ་རྣམས་ཅང་ལས་ལས་དང་། གྲངས་མང་པའ་ཏིང་བབརྫུན་དང་ག་རྒྱས་དང་རྣམ་པ་སར་པ་དང་མངོན་པར་ཤེས་པ་དང་ལྡན་ནས་གསུས་སོ།། ན་ཇིག་ན་འས་འདས་པ་སེམས་བསྒྱུར ་པྲ་དང་ཟ་སྟེ། དེ་ལ་ལྔ་པ་རབ་ཏུ་དགར་པའི་ས་མཐོང་བའི་ལམ་གྱི་བྱང་ཆུབ་ཀྱི་ལམ་གྱི་ཡན་ལག་དང་ལྷན་ཅིག་པའོ།། དྲུག་པ་ནི་འཇིག་རྟེན་ལས་འདས་པའི་སྒོམ་པའི་ལམ་གྱི་སེམས་བསྐྱེད་པ་བཅོ་ལྔ་པའི་དང་པོ་སྟེ་འཕགས་པའི་ལམ་སྡེ་ཡན་ལག་དང་ལྡན ་ཅིག་པའོ།། འདིའི་དང་པོའི་དགུ་ནི་དྲི་མ་མེད་པ་ལ་སོགས་པའི་ས་དགུ་ལའོ།། གཞན་དྲུག་ནི་ཆོས་ཀྱི་སྤྲིན་གྱི་སའི་གནས་སྐབས་ཀྱི་ཁྱད་པར་གྱི་ལམ་ལའོ།། འདིའི་ཐ་མ་བར་ཆད་མེད་ལམ་གྱི་སངས་རྒྱས་ཀྱི་ས་ལ་གཅིག་གོ།། རྒྱུ་འདིས་ན་སངས་རྒྱས་ཀྱི ་སས་བསྡུས་ཞེས་པའི་སེང་གེ་བཟང་པོའི་འདོད་པས་ཉེ་བར་བརྟགས་པ་དགོས་པ་མེད་པས་མི་རིགས་སོ།། སེམས་བསྐྱེད་པ་ཉི་ཤུ་རྩ་གཅིག་པ་དང་རྩ་གཉིས་པ་ནི་དངོས་གཞི་དང་རྗེས་ཀྱི་སངས་རྒྱས་ཀྱི་ས་ཞེས་པ་སྟེ་དེ་ནི་སེམས་བསྐྱེད་པ་རབ་ཏུ་དབྱེ་བོའོ།། ཤཱ ་རིའི་བུ་ནི་མའི་མིང་ལ་ཤཱ་རི་ནི་རིགས་ཡིན་པས་ཤཱ་རདྭ་ཏི་སྟེ། དེའི་བུ་ནི་ཤཱ་རིའི་བུ་སྟེ། ཤཱ་རདྭ་ཏིའི་བུ་ཞེས་པ་སྟེ་མོང་ངོ་།། འདིས་འཆད་པར་འགྱུར་བ་འདི་རྣམས་ལ་རྣམ་པར་རྟོག་པའོ།། བདག་ཉིད་ཅེས་པ་ནི་རང་གི་རྒྱུད་དུ་གྱུར་པའོ།། རང་གི་ཞེས་པ ་ནི་རང་དབང་གིས་སོ།། ཤེས་རབ་དང་སྤོབས་པ་དེ་དག་གིས་སྟོབས་བསྐྱེད་པ་པོ་ནི་ནུས་པའི་བག་ཆགས་སོ།། དེའི་བསྐྱེད་པ་ནི་མངོན་དུ་སྐྱེས་པས་སོ།། དེའི་བྱིན་གྱིས་བརླབས་ན་ཕྱིས་སད་པས་སོ།། སངས་རྒྱས་ཀྱི་བྱིན་གྱིས་བརླབས་ནི་མཐུ་དང ་ནུས་པས་སོ།། འོན་ཏེ་སངས་རྒྱས་ཀྱི་མཐུ་ཞེས་པ་ནི་ཉན་ཐོས་རྣམས་ནི་མཉམ་པར་མ་བཞག་ན་གཞན་གྱིས་ཤེས་པ་ལ་མི་འཇུག་པས་སོ།། སེམས་པ་དང་སེམས་ན་རྣམས་གྲངས་ཏེ་མངོན་པར་ཤེས་པའི་ཚིག་གོ།། སེམས་ཀྱི་ཡོངས་སུ་རྟོག་པ་ནི ་དེ་ཉིད་ན་གནས་པས་ན་མི་གསལ་བ་སྟེ། ཡོངས་སུ་འཆོལ་བ་པོའི་ཡིད་ཀྱི་བརྗོད་པའོ།། བཅོམ་ལྡན་འདས་ཀྱིས་གསུངས་པ་ནི་འཁོར་ལ་མདོ་སྡེ་ལ་སོགས་པ་རྣམས་སོ།། སྟོན་པ་ནི་དེ་ཉིད་གཞན་ལའོ།། འཆད་པ་ནི་དྲི་བ་ལ་སོགས་པ་ལའོ།། ཉེ ་བར་བསྟན་པ་ནི་ཕྱོགས་ནས་ཉེ་བར་སོང་ཞིང་གདུལ་བྱ་རྣམས་གསུངས་པའོ།། དེ་བཞིན་དུ་གང་བཅོམ་ལྡན་འདས་ཀྱིས་དེ་ལྟ་བུའི་དངོས་པོ་སྟོན་པ་དང་བཤད་པ་དང་འཁོར་ལ་རབ་ཏུ་སྟོན་པར་བྱེད་པ་དེ་ཉིད་གཞན་རྣམས་ཀྱིས་ཡང་དག་པར་རབ་ཏུ་སྟོན་པར ་བྱེད་པ་སྟེ། ཁོར་ཡུག་ཏུ་སོན་ནས་རང་གིས་རབ་ཏུ་སྟོན་པར་བྱེད་པའི་གསུངས་པ་ལ་སོགས་པ་ལ་དེ་ཐམས་ཅད་སྐྱེས་བུའི་བྱེད་པ་སྟེ། དེའི་བྱིན་གྱིས་བརླབས་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར་ན་ཉན་ཐོས་ལ་སོགས་པ་རྣམས་ཀྱིས་རང་དབང་གིས་ནི་མ་ཡིན་ནོ།། ་འདིར་རྒྱུ་དེས་ན་ཞེས་པ་ཀུན་ཏུ་བཤད་པར་འདོད་ནས་རང་གིས་དྲིས་པ་ནི་དེ་ཅིའི་ཕྱིར་ཞེས་པ་སྟེ། གང་གི་ཕྱིར་དེའི་རྒྱུ་གསུངས་པ་ནི་ཆོས་གང་ཞེས་ཏེ། ཉན་ཐོས་ཀྱི་ཐབ་པ་དང་ཐེག་པ་ཆེན་པོ་ལ་སློབ་པར་བྱེད་པས་ཐོས་པ་དང་། བསམ་པ་དང ་བསྒོམ་པ་རྣམས་ཀྱིས་ཏེ་དེ་ལ་ཇི་ལྟར་ཐོས་པ་རྣམས་མངོན་སུམ་དུ་བྱེད་པ་ནི་ཉན་ཐོས་ཀྱིས་ཐེག་པ་ཅན་རྣམས་སོ།། འཛིན་པར་བྱེད་པ་ནི་ཐེག་པ་ཆེན་པོ་པ་སྟེ། ཆོས་དེས་ཇི་ལྟར་ཐོས་པའི་ཐོས་པ་དང་བསམ་པ་དག་གིས་བརྟན་པར་གྱུར་པས་དྲན་པའི ་ས་བོན་འཇོག་པའི་ཕྱིར་རོ།། རྒྱུ་མཐུན་པ་ནི་འདྲ་བ་སྟེ་མཐུན་པའོ།། འདིས་ནི་དེ་བཞིན་གཤེགས་པ་ཉིད་ཀྱི་སྐྱེས་བུའི་བྱེད་པ་གསུངས་པ་སྟེ། དེས་ཇི་ལྟར་ཐོས་པ་ཉིད་ཀྱི་ཆོས་དེས་རང་གི་སྟོན་པ་དེས་ནའོ།། འགལ་བར་མི་བྱེད་ཅེས་པ ་ནི་ཉན་ཐོས་རྣམས་བདག་ཉིད་ཆེན་པོར་གསུངས་སོ།། འདི་ལྟར་ཤཱ་རིའི་བུས་རྣམ་པར་རྟོག་པ་ཉིད་ནི་རབ་འབྱོར་གྱིས་འདིར་བསྟན་པས་སྟོན་པ་མ་ཡིན་ཅེས་ཁ་ཅིག་དག་གི་དོགས་པ་དེ་བཟློག་པ་སྟེ། འདིར་གང་བཅོམ་ལྡན་འདས་ནི་ཐམས་ཅད་ནས ་ཐམས་ཅད་དུ་ཆོས་ཐམས་ཅད་དོན་དམ་པར་མཐོང་བའི་མཆོག་ཏུ་ཚད་མར་གྱུར་པས་རང་གིས་སམ་ཉན་ཐོས་ལ་སོགས་པའི་ཞལ་ནས་སྟོན་པ་ཐམས་ཅད་དེ་ཉིད་ལས་གཞན་དུ་མེད་ཅེས་གསུངས་སོ།། གདམས་ངག་བསྟན་པར་འདོད་ནས་ཉེ་བར་འཇུག་པ་ནི ་དེ་ནས་ཞེས་པོ་ལ་སོགས་པ་སྟེ། དེ་ལ་དེ་ནི་ཕྱོགས་བསྟན་པའོ།། ཚིག་བླ་དགས་ནི་མིང་སྟེ། ཆོས་ཀྱི་དངོས་པོ་ནི་གང་དུ་ཇི་ལྟར་མད་ལཾ། བདག་གི་དངོས་པོ་ནི་ཀུན་རྫོང་དུ་ཡང་མེད་ཅེས་བྱ་བར་དྭགངས་སོ།། ཆོས་ནི་ཟུང་ལྔ་ལ་སོགས་པ་ཅན་ལ། རང ་དག་པར་རྗེས་སུ་མ་མཐོང་བ་ནི་དོན་དམ་པར་ངོ་བོ་ཉིད་མེད་པའི་ཕྱིར་རོ།། བྱང་ཆུབ་སེམས་དཔའ་མ་དམིགས་པ་ནི་གང་ཟག་ལ་བདག་མེད་པའི་ཤེས་པ་ལ་ཕུང་པོ་ལ་སོགས་པ་མི་དམིགས་པ་ནི་ཆོས་ལ་བདག་མེད་པའི་ཤེས་པ་སྟེ། དེ་གཉི་ག་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ཡང་དོན་དམ་པར་ངོ་བོ་ཉིད་ཀྱིས་སྟོང་ཞེས་པ་ནི་མི་དམིགས་པའོ།། འདི་ལྟ་བུའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁ་ཅིག་ཏུ་གཅིག་པུ་ཞིག་ཏུ་དབེན་པར་སོང་ནས་ལུང་གི་དོན་ལ་ངེས་པར་རྟོགས་པ་ལས་སྐྱེ་བར་འགྱུར་བ་དེ་ནི་ཐོས ་པ་ལས་བྱུང་བའོ།། དེ་ལྟར་ཡང་ཐེ་ཚོམ་གང་དུ་ཡང་མེད་པ་རྗེས་སུ་དཔག་པ་ལ་སོགས་པ་སྟོབས་ཀྱིས་སྐྱེ་བར་འགྱུར་བའི་རིགས་པ་དེ་ནི་བསམ་པ་ལས་བྱུང་བའོ།། དེ་དག་གི་ཐེ་ཚོམ་དྲུངས་ཕྱུང་ནས་དང་དུ་ལེན་པར་བྱེད་པའི་ཏིང་ངེ་འཛིན་ཐོབ་ནས་སྒོམ་པ ་ནི་བསྒོམ་པ་ལས་བྱུང་བའོ།། དེ་ལ་དང་པོ་གཉིས་བསྟན་པར་འདོད་ནས་གསུངས་པ་ནི་བདག་གིས་ཞེས་པ་ལ་སོགས་པ་སྟེ། བྱང་ཆུབ་སེམས་དཔའི་ཆོས་ནི་ནང་གི་བདག་ཉིད་ཅན་གྱི་ཕུང་པོ་ལྔ་ལ་སོགས་པའོ།། མ་འཚལ་བ་ནི་ཐོབ་པ་མེད་པ་སྟེ་ཚད་མས་གནོད ་བའི་ཕྱིར་རོ།། དེ་ཉིད་ལ་གནོད་པ་བསྟན་པར་འདོད་ནས་གསུངས་པ་ནི་མ་དམིགས་ཞེས་པ་སྟེ། ལུང་ལས་སྐྱེས་པའི་མི་དམིགས་པས་གནོད་པར་བྱེད་པ་ཡང་དག་པར་རྗེས་སུ་མ་མཐོང་བའོ།། རྗེས་སུ་དཔག་ལ་སོགས་པས་གནོད་པར་བྱེད་པ་འདིས་རྗེས་སུ་མ ་དམིགས་ཞེས་པ་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་གསུངས་པའོ།། ཡང་དག་པར་རྗེས་སུ་མ་མཐོང་ཞེས་པའི་རིགས་པ་ནི་བསམ་པའི་རང་བཞིན་ཅན་ནོ།། རིགས་པ་བརྗོད་དེ་གང་ཞིག་ནི་ཅི་ཡང་མེད་པའོ།། གང་འདིར་ཞེས་པ་ནི་དོན་དམ་པར་གང་དུ་ཡང་མེད་པའོ།། ། ་ཀུན་རྫོབ་ཏུ་ནི་རྟོགས་པར་བྱེད་པ་ལ་འདོམས་པས་གདམས་ངག་ལ་རྗེས་སུ་འཇུག་པར་བསྟན་པ་ནི་རྗེས་སུ་བསྟན་པའོ་ཞེས་བྱ་བར་དགོངས་པའོ།། རྟོགས་པའི་ཞི་གནས་ལ་རབ་ཏུ་འཇུག་པར་བྱེད་པ་གང་དེ་དང་ལྷན་ཅིག་དུ་སྤྱོད་པ་ཅན་རྫི་ཤེས་རབ་དེ་ནི་ལྷ ་བ་དང་རིགས་པ་དང་བློ་དང་སྣང་བ་དང་ལྷག་མཐོང་ལ། དེ་གཉི་གཟུང་དུ་འབྲེལ་པ་ཅན་ནི་བསྒོམ་པའི་རང་བཞིན་ཅན་གྱི་ཤེས་རབ་སྟེ། དེ་བསྟན་པར་འདོད་ནས་གསུངས་པ་ནི། འོན་ཀྱང་ཞེས་པ་དང་གལ་ཏེ་ཞེས་པ་ནི་དོན་ལ་འཇུག་པ་ན་གལ་ཏེའོ།། འདི་ལྟར་ཞེས ་པ་དང་། དེ་བདག་གིས་ཞེས་པ་ལ་སོགས་པས་ཏེ་སྨྲ་བར་བྱེད་པ་ལ་ཞེས་པ་ནི་ལ་སོགས་པ་ནི་ད་ལྟ་བ་ལ་ཉེ་བའི་ཕྱིར་ན་གསུངས་པར་བྱེད་པ་དོན་གསུངས་ཞེས་པ་ལ་སོགས་པར་ཤེས་པར་བྱའོ།། འདིའི་རྒྱས་པར་བཤད་པ་ནི་བསྟན ་པར་བྱེད་པ་ནི་ཐོས་པའི་རང་བཞིན་གྱི་ཤེས་རབ་ཀྱི་མཚན་ཉིད་ཀྱིས་སོ།། ཉེ་བར་བསྟན་པར་བྱེད་ཞེས་པ་ནི་བསམ་པའི་རང་བཞིན་གྱི་ཤེས་རབ་ཀྱི་མན་ཉིད་ཀྱིས་མངོན་སུམ་དུ་དཔྱོད་པར་འགྱུར་རོ།། ཞེས་པ་ལྷག་མའོ།། འདིར་ཐར་པ་འདོད་པ་རྣམས་ཏིང་ངེ་འཛིན ་གྱི་ཡོན་ཏན་རྣམས་ལ་མངོན་པར་ཡིད་ཆེས་པའི་མཚན་ཉིད་ལ་དད་པ་དེ་ལས་འདོད་པ་སྐྱེ་བར་འགྱུར་ལ། དེའི་སྟོབས་ལས་བརྩོན་འགྲུས་དེའི་སྟོབས་ལ་ལུས་དང་སེམས་སྦྱངས་པ་ཉིད་དོ།། དེ་ཡིས་ལེ་ལོ་རྣམ་པར་མི་འཇུག་ནས་དྲན་པས་ཡང་དག་པར་དམིགས ་པ་ལ་ཉེ་བར་གནས་པར་འགྱུར་རོ།། དེས་ཤེས་བཞིན་ལ་དེས་དགའ་བའི་དངོས་པོ་སངས་རྒྱས་ལ་སོགས་པའི་ཡོན་ཏན་ཡིད་ལ་བྱས་ནི་དེ་ཡི་དེ་ཉིད་ཇི་ལྟར་ཐོས་པ་དང་བསམ་པའི་དོན་དེ་ཉིད་ལ་ཏིང་ངེ་འཛིན་ལ་དམིགས་པའི་སེམས་ལ་བརྙས་པ་མེད་ནས་ཞུམ ་པར་མི་འགྱུར་ཏེ། དེ་ཉིད་ཀྱིས་ངེས་པར་བཅིངས་པའི་ཕྱིར་རོ།། ཀུན་ཏུ་ཞུམ་པར་མི་འགྱུར་བ་ནི་རྒྱུན་ཏུ་འཇུག་པས་ཀྱང་ཞུམ་པར་འོང་བར་མི་འགྱུར་ཏེ། གཞན་དུ་འགྲོ་བ་བཀག་པའི་ཕྱིར་རོ།། རང་བཞིན་གྱིས་གཡོ་བའི་ཕྱིར་རྒོད་ནས་གཞན་དུ་འགྲོ་བ་ཡང་མྱུར་དུ ་ཤེས་པར་བྱས་ལ་ཡང་བསྡུས་ན་ཡང་མི་གོ་བའོ།། ཀུན་ཏུ་མི་ཞུམ་པ་ནི་བསྟན་པར་འགྱུར་བའི་སེམས་ཀྱི་རང་བཞིན་རིགས་པའི་ཕྱིར་ན། གཞན་དུ་རྣམ་པར་འཕྲོ་བ་གོང་དུ་ནས་གོང་དུ་ཞིབ་མོར་བྱེད་པ་ལ་དུབ་པ་མེད་པའི་ཕྱིར་རོ།། ཕྱིར་ཕྱོགས་པར་མི་འགྱུར ་ཏེ། ཏིང་ངེ་འཛིན་བྱེད་པ་ལ་ཡང་བཏང་སྙོམས་སུ་གནས་པའི་ཕྱིར་རོ།། ཇི་ལྟར་ན་དེ་ཉིད་ལ་སེམས་དགའ་བར་བྱེད་ཅེ་ན། ཏིང་ངེ་འཛིན་རྣམས་ཀྱི་ཡོན་ཏན་མཐོང་བའི་ཕྱིར་རོ།། བཅོམ་ཞིང་ཕྱིར་ཕྱོགས་པར་མི་འགྱུར་བ་ནི་དེ་ལ་དགའ་བ་དང་བདེ་བས་རྣམ ་པར་གཡེང་བར་བྱེད་པ་ཅན་དུ་མི་བྱེད་པ་སྟེ། རྣམ་པར་གཡེང་བའི་སྐྱོན་མཐོང་བའི་ཕྱིར་ཏེ། སྐྱོན་ནི་འཁོར་བའི་སྡུག་བསྔལ་རྣམས་སོ།། མི་དངང་བ་ནི་བརྣབ་སེམས་དང་ཡིད་མི་བདེ་བ་ལ་སོགས་པ་ལྡང་བས་མི་སྐྲག་སྟེ། ཇི་ལྟར་ཞེ་ན། དེ་ཉིད་བཅོམ ་སྟེ། རྣམ་པར་གཡེང་བའི་ཕྱིར་རོ།། ཀུན་ཏུ་མི་སྐྲག་སྟེ། སེམས་རང་བཞིན་གྱི་སྐྱོན་མེད་པར་རང་གི་ངང་གིས་འཇུག་པའི་དོན་དུ་འདུ་བྱེད་ལ་འབད་པ་དེ་ཡིས་སྐྲག་པར་མི་བྱེད་ཅེས་པའི་དོན་ཏོ།། ཀུན་ཏུ་སྐྲག་པར་མི་འགྱུར་བ་ནི་ལྷུན་གྱིས་གྲུབ་པར་ངང ་གིས་འཇུག་པ་ཉིད་ཀྱིས་སོམས་ལྟ་སྒྲུས་པ་ཀུན་ཏུ་འབྱུང་བ་མི་འགྱུར་ཏེ། ལྷུན་གྱིས་གྲུབ་པ་དེ་ཉིད་དང་གིས་འཇུག་པ་ཉིད་ཀྱིས་སེམས་ལ་སྐྲག་པ་ཀུན་ཏུ་འབྱུང་བར་མི་འགྱུར་ཏེ། སྤྱན་གྱིས་གྲུབ་པ་ཉིད་དང་གིས་འཇུག་པ་བཛིན་པར་འགྱུར་ན། ་པའི་དོན་ཏོ།། གཞན་ཡང་ལྷུན་གྱིས་མ་གྲུབ་པ་ནི་སེམས་རྣམ་པར་གཡེང་བར་འགྱུར་བའི་ཕྱིར་ཏེ། དེ་ལྟར་ཡང་མདོ་སྡེ་རྒྱན་ལས། དམིགས་པས་སེམས་ནི་ངེས་བཅིངས་ལ།། ང་རྒྱུན་རྣམ་པར་གཡེང་མི་བྱ། རྣམ་གཡེང་མྱུར་དུ་རྟོགས་བྱས་ལ།། དེ ་ཡིས་སོ་སོར་ཡང་བསྡུ་བྱ།། སོ་སོར་དག་ལ་ཀུན་བསྡུས་སེམས།། གོང་ནས་གོང་དུ་བློ་ལྡན་གྱིས།། ཏིང་འཛིན་ཡོན་ཏན་མཐོང་འགྱུར་བ།། དེ་ཡིས་སེམས་ནི་དགའ་བྱས་ལ། རྣམ་གཡེང་སྐྱོན་ནི་མཐོང་འགྱུར་བ།། དེ་ཡིས་དགའ་མིན་ནི་བར་བྱ།། ་སེམས་ཡིད་མི་བདེ་ལ་སོགས།། ལངས་པ་དེ་བཞིན་ཞི་བར་བྱ།། དེ་ཡིས་མངོན་པར་འདུ་བྱས་པའི།། སེམས་ཀྱིས་ངང་དུ་གྱུར་པ་ཉིད།། དེ་ལ་གོམས་པའི་རྣལ་འབྱོར་པས།། དེས་ནི་མངོན་འདུས་མ་བྱས་ཐོབ།། ཅེས ་ཏེ། དེ་བཞིན་དུ་ཞི་གནས་རྫོགས་པར་གྱུར་པའོ།། འདི་ཉིད་ཞེས་པ་ནི་ཇི་སྐད་དུ་བཤད་པའི་ཏིང་ངེ་འཛིན་མཐར་ཐུག་པའི་ཀུན་རྫོབ་དང་དོན་དམ་པའི་རྣམ་པར་དབྱེ་བ་ཤེས་པའོ།། འདི་ཉིད་ཅེས་པ་ནི་དེའི་ཏིང་ངེ་འཛིན་དང་ཡང་དག་པར་རབ་ཏུ་ལྡན་པའི ་ཤེས་རབ་བོ།། འདི་ཉིད་གདམས་པ་སྟེ། གང་དག་ཞི་གནས་དང་ཤེས་རབ་དག་ཕན་ཚུན་ཡང་དག་སྦྱོར་བའི་ཡོན་ཏན་གྱིས་སོ།། སེམས་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའི་དེ་ཁོ་ན་ཉིད་ལ་དེ་ལས་ཕྱིར་ཕྱོགས་པ་ཐམས་ཅད་ནི་རྣམ་པར་གཡེང ་པའི་ཞེས་བརྗོད་ལ། དེ་ཁོ་ན་ཉིད་གཅིག་ཏུ་མཐར་ཐུག་པ་ནི་ཀུན་རྫོབ་དུ་སྐད་ཅིག་གིས་འཇིག་པ་ཅན་ཡིན་ཀྱང་མཉམ་པར་བཞག་པའོ།། དེ་ཉིད་ཀྱིས་ན་ཞི་གནས་དང་ལྷག་མཐོང་དག་ནི་འགལ་བ་མྱོད་དོ།། དེ་ཁོ་ན་ཉིད་མ་ཡིན་པ་ལ་དམིགས་པ ་ལས་ལྡོག་པའི་བདག་ཉིད་ཅན་གྱིས་སེམས་རྩེ་གཅིག་པ་ཉིད་དང་ཡང་དག་པའི་ཤེས་པ་དག་ཕན་ཚུན་རྗེས་སུ་སྦྱར་ནས་བསྐྱེད་པས་རབ་ཀྱི་མཐར་ཐུག་པ་ན་རོ་གཅིག་པར་འགྱུར་རོ།། དེ་ལྟར་འདིར་ཞི་གནས་དང་ཤེས་རབ་ཀྱི་རང་བཞིན་གྱི་ཀུན ་རྫོབ་དང་དོན་དམ་པར་རོ་གཅིག་པའི་ཏིང་ངེ་འཛིན་ལ་གནས་པ་ནི་འདིར་ཉམས་པར་མི་འགྱུར་ཏེ། འདི་ཉིད་འདིའི་གདམས་པ་དང་རྗེས་སུ་བསྟན་པའོ།། གདམས་པའི་རྒྱུན་ནི་རྗེས་སུ་བསྟན་པའོ།། དེ་ལྟར་དང་པོའི་བྱང་ཆུབ་ཀྱི་སེམས་དང་དེ ་ཡིས་བསྡུས་པའི་ཆོས་ཀྱི་ངོ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལས་མི་འདའ་ཞིང་དམིགས་པ་མེད་པའི་སྤྱོད་པས་སོ་སོར་བསྒྲུབ་པའི་གདམས་དག་ནི་སྒྲུབ་པ་ལ་གདམས་པ་སྟེ། འདིར་ནི་བསྡུས་པའི་དོན་ནོ།། ་སྒྲུབ་པ་ལ་སྙིང་པོར་བྱེད་པ་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བརྙེད་པར་མི་དཀའ་ལ། སྒྲུབ་པ་དེ་ཡང་མདོར་བསྡུ་ན་བྱང་ཆུབ་ཀྱོ་སེམས་བསྒོམ་པ་དང་སྦྱིན་པ་ལ་སོགས་པའི་ཐབས་ལ་རྗེས་སུ་གནས་པའོ།། དེ་ལ་བྱང་ཆུབ་ཀྱི་སེམས ་ནི་སྟོང་པ་ཉིད་དང་སྙིང་རྗེའི་རང་བཞིན་ཏེ། དེ་ལ་ཕུང་པོ་ལྔ་པོ་རྣམས་ལ་ཇི་སྲིད་དུ་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་དེ་ཐམས་ཅད་ནི་ཕྱིན་ཅི་ལོག་གིས་སྤྲོས་པ་ལ། སྤྲོས་པ་མེད་པ་ནི་ཆོས་ཀྱི་དབྱིངས་སྟོང་པ་ཉིད་དོ།། སྟོང་པ་ཉིད་དུ་བརྗོད་པ་ནི ་སྒྲོ་བཏགས་པ་ཐམས་ཅད་ལས་ལྡོག་པར་རབ་ཏུ་བསྒྲུབས་པས་གདུལ་ཕྱིའི་རྒྱུད་ལ་དེ་ཁོ་ན་ཉིད་ཀྱི་ངོ་བོ་མངོན་པར་གསལ་བར་བྱེད་པར་འགྱུར་ཞེས་པ་དེས་ན་འདིར་བརྗོད་པར་བྱ་བ་ལ་ཉེ་བར་བཏགས་ནས་སྟོང་པོ་ཉིད་ལྔ་སོགས་པའི་སྒྲ་བརྗོད་དེ། སྒྲོ་བཏགས ་པ་མ་ལུས་པ་དང་བྲལ་བའི་ངོ་བོ་དེ་ཁོ་ན་ཉིད་ལ་དམིགས་པའི་ཕྱིར་རོ།། ཇི་སྐད་དུ་བཅོམ་ལྡན་འདས་མ་བདུན་བརྒྱ་པ་ལས་གསུངས་པ། བཅོམ་ལྡན་འདས་གང་དུ་ཡང་རབ་ཏུ་མི་གནས་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་སྟེ། ཆོས་གང་ལ ་གནས་པ་ཉེ་བར་དམིགས་པ་དང་མི་གནས་པ་ཡང་མ་ཡིན་ནོ།། ཆོས་གང་ལ་ཡང་མི་སེམས་ཤིང་མི་ཤེས་གང་ཁོ་ནར་སེམས་པ་མེད་པ་དེ་ཉིད་མྱ་ངན་ལས་འདས་པ་མ་སྐྱེས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཀྱི་དབྱིངས་ཀུན་ཏུ་སྤྱོད་པ་མེད་པའི་དབྱིངས་ཞེས ་པ་དང་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་པ་གང་ཁོ་ནའི་ཡེ་ཤེས་དེ་སངས་རྒྱས་ཀྱི་ཡེ་ཤེས་ཏེ། དམིགས་པ་མེད་པའི་རྣལ་འབྱོར་གྱིས་སོ་ཞེས་པ་དང་ཡང་དེ་གཉིད་ལས་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས ་པ་ནི། ཆོས་གང་ཡང་ཉེ་བར་དམྱིགས་པས་སོ་སོར་གནས་པ་མེད་དེ། ཆོས་གང་འཇིག་པ་འམ་སྐྱེ་བ་མེད་དོ།། བཅོམ་ལྡན་འདས་མ་སྐྱེས་པ་ལ་ཉམས་པ་འམ་འཕེལ་བ་མེད་ཅེས་གསུངས་ལ། ཆོས་ཐམས་ཅད་རྗེས་སུ་མི་དམིགས་པའི་མདོ་ལས་ཀྱང་། ་གང་ལས་སོ་སོར་བརྟགས་ནས་ཆོས་གང་ཡང་གཅིག་པ་ཉིད་དང་དུ་མ་ཉིད་དུ་བྱེད་པ་མེད་དེ་རྣམ་པར་འགྱུར་བ་མེད་ཅིང་བཅོམ་ལྡན་འདས་རྣམ་པར་རྟོག་པ་མེད་པའི་ཡང་དག་པ་སོ་སོར་རིག་ཅེས་པ་དང་། འཕགས་པ་ཀླུ་བསྒྲུབ་ཀྱིས་ཀྱང་ཆོས་ཀུན་གནས་མེད ་ཞི་བ་ཡི།། དོན་འདི་རྟག་ཏུ་བསྒོམ་པར་བྱ།། གནས་མེད་པ་དང་སྒྱུ་འདྲ་ཡི།། སྟོང་ཉིད་སྲིད་པ་འཇིག་བྱེད་པ།། སྐྱེ་བ་མེད་ཅེས་དང་སྟོང་པ་ཞེས།། དམིགས་མེད་ཅེས་དང་སྟོང་ཉིད་ལ།། བདག་ཉིད་དམན་པས་གང་བསྒོམས་པ།། དེས་ནི་འདི་ལ་བསྒོམ་པ ་མིན། དགེ་དང་མི་དགེ་རྣམ་རྟོག་རྣམས།། རྒྱུན་ཆད་པ་ཡི་མཚན་ཉིད་ཅན།། སངས་རྒྱས་རྣམས་ཀྱི་སྟོང་ཉིད་གསུངས།། གཞན་དུ་སྣོང་ཉིད་འདོད་པ་མིན།། དམིགས་པ་མེད་པར་འགྱུར་བའི་སེམས།། ནམ་མཁའི་མཚན་ཉིད་ཅན་དུ་གནས།། གང་དག་སྟོང ་པ་ཉིད་བསྒོམ་པ།། དེ་ནི་ནམ་མཁའ་བསྒོམ་པར་འདོད།། ཅེས་གསུངས་པ་སྟེ།། སྙིང་རྗེ་ཆེན་པོ་དང་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའི་དམིགས་པ་མེད་པས་སྐྱེད་པར་བྱེད་པའི་དམིགས་པ་མེད་པའི་ཞེས་པའི་སྟོང་པ་ཉིད་སྙིང་རྗེ་དག་དེའི་བདག་ཉིད་ཁོ་ནས ་བསྒོམ་པའོ།། སྟོང་པ་ཉིད་དང་སྙིང་རྗེའི་ཐ་སྙད་ཀྱི་དབྱེ་བ་ནི་ལྡོག་པས་བྱས་པ་སྟེ། དེ་ལ་རིམ་པ་ནི་འདིའོ།། ཕུང་པོ་ལྔ་པོ་རྣམས་ལ་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི་ཡིད་ལ་བྱེད་པ་མཐའ་དག་བཟློག་ནས་ཐམས་ཅད་ལ་ཡིད་བསྡུས་ནས ་ཅུང་ཟད་ཀྱང་སེམས་པར་མི་བྱ་སྟེ། དེ་ཉིད་ཀྱིས་གང་ཞིག་རྣམ་པར་མི་རྟོག་པའི་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྐྱེད་པར་གྱུར་ནས། དེའི་མཐོང་བ་མེད་པའི་སྦྱོར་བས་མངོན་སུམ་དུ་སོ་སོར་རྟོགས་ནས་དེ་སེམས་ཅན་གྱིས་ཀྱང ་རྟོགས་པར་བྱ་ཞེས་རྣམ་པར་སེམས་ཞི་དེའི་བདག་ཉིད་ཅན་དུ་དེ་ལྟར་འགྲོ་བ་མཐའ་དག་དམིགས་པར་བྱས་ནས་དམི་གས་པོ་མེད་པའི་ངོ་བོའི་སྙིང་རྗེ་ཆེན་པོ་སྐྱེ་བར་གྱུར་ནས་དེ་ཡིས་ཤེས་རབ་དང་སྙིང་རྗེ་དག་དབྱེར་མེད་པའི་ངོ་བོ་གཉིས་སུ་མེད་ཅིང ་གཅིག་ཏུ་འདྲེས་པར་གྱུར་པ་མཐོང་ངོ་།། དེའི་གནས་དང་ཤེས་རབ་དག་གིས་བདག་ཉིད་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་དུ་རྟོགས་པའི་མཚན་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་སྙིང་རྗེ་ཆེན་པོ་དབྱེར་མེད་པའི་ཕྱིར་ཀུན་རྫོབ་དང་། ་དོན་དམ་པ་གཉིས་གཅིག་པ་ཉིད་ཀྱིས་ཟུང་དུ་འབྲེལ་པའི་ལམ་གྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ངོ་བོ་མཆོག་ཏུ་རྣམ་པར་མི་རྟོག་པའི་རྣལ་འབྱོར་བསོད་ནམས་དང་ཡེ་ཤེས་ཐམས་ཅད་ཀྱི་རང་བཞིན་གྱི་མངོན་པར་རྟོགས་པ་བརྒྱད་པོ་རྣམས་ཀྱིས་ཇི་ལྟར ་རིགས་པར་མི་མཐུན་པའི་ཕྱོགས་ལྡོག་པ་ནི་འཆད་པར་འགྱུར་བའི་རྣམ་པ་ཀུན་ཇི་ལྟར་རིགས་པར་མཉམ་པར་བཞག་པའི་གནས་སྐབས་སུ་རོ་གཅིག་པ་ཉིད་ནི་སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་ཀྱི་སྐབས་སུ་མགོན་པོས་རྣམ་པར་བཞག་པར་བྱས ་སོ།། དེ་ལས་ལངས་ནས་མཉམ་པར་མ་བཞག་པའི་གནས་སྐབས་སུ་སྦྱིན་པ་ལ་སོགས་པའི་ཐབས་བསྟེན་པའི་དུས་སུ་ཡང་མོས་པ་དེ་ཉིད་བསྒོམ་པར་བྱ་ཞེས་པ་ཉིད་ནི་ཟུང་དུ་འབྲེལ་པས་བགྲོད་པའི་ལམ་ལ་འདི་ཉིད་བསྒྲུབ་པ་ལ ་གདམས་པས་ཏེ། བཅོམ་ལྡན་འདས་མ་འདིར་ཚོགས་ཤིང་བསྡུས་ནས་གསུངས་ལ། འདི་ལས་གཞན་པའི་གདམས་ངག་རྣམས་ནི་ཞད་ཙམ་དུ་གསུངས་པ་ཡིན་ལ། ཡུམ་ཚོན་མོ་ལ་ནི་བཅུ་ཆར་ཡང་རྒྱས་པར་གསུངས་ཏེ། འདིར་བསྟན་བཅོས་ལས།། ་སྒྲུབ་དང་བདེན་པ་རྣམས་དང་ནི།། སངས་རྒྱས་ལ་སོགས་དཀོན་མཆོག་གསུམ།། མ་ཞེན་ཡོངས་སུ་མི་ངལ་དང་།། ལམ་ནི་ཡོངས་སུ་འཛིན་པ་དང་།། སྤྱན་ལྔ་དང་ནི་མངོན་ཤེས་ཀྱི།། ཡོན་ཏན་དྲུག་དང་མཐོང་ལམ་དང་།། སྒོམ་ཞེས་བྱ་ལ་གདམས་ངག་ནི། ་བཅུ་ཡི་བདག་ཉིད་ཤེས་པར་བྱ།། ཞེས་སོ། དེ་ལ་གཟུགས་ལ་སོགས་པ་རྣམས་དང་དེའི་སྟོང་པ་ཉིད་ནི་གང་དུ་ཅུང་ཟད་ལྡན་པ་འམ་མི་ལྡན་པར་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་རྣམས་ཀྱང་དེའི་ངོ་བོ་ཉིད་ཀྱིས་ན་ཐ་དད་པ་དང་ཐ་མི་དད་པ་དག་ཏུ་མི་སྦྱོར་བས ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བར་རིག་པར་བྱ་ཞེས་པ་ནི་སྡུག་བསྔལ་གྱི་བདེན་པ་ལ་གདམས་པའོ།། གཟུགས་ལ་སོགས་པ་ཅན་ལ་སྐྱེ་བ་དང་འགག་པ་དང་ཀུན་ནས་ཉོན་མོངས་པ་དང་རྣམས་པར་བྱང་བའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མི་མཐོང ་ལ་གཟུགས་ནས་ཇི་སྲིད་དུ་རྣམ་པར་ཤེས་པའི་བར་ཉིད་སྟོང་པ་ལ་སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པའོ་ཞེས་དབྱེར་མེད་པའི་སྒྲོ་འདོགས་དང་སྐུར་པའི་མཐའ་ཡོངས་སུ་སྤངས་པ་ནི་ཀུན་འབྱུང་གི་བདེན་པའོ།། སྟོང་པ་ཉིད་ནི་སྐྱེ་བར་མི་འགྱུར་འགག་པར་མི ་འགྱུར་ཞེས་པ་ནས་ཇི་སྲིད་དུ་འཕེལ་བར་མོ་འགྱུར་ལ་དེ་ལ་གཟུགས་ལ་སོགས་པ་མེད་ཅིང་ཀུན་འབྱུང་དང་འགོག་པ་དང་ལམ་མེད་པ་ནས་ཇི་སྲིད་དུ་སངས་རྒྱས་མེད་བྱང་ཆུབ་མེད་ཅེས་པ་ནི་འགོག་པའི་བདེན་པ་ལའོ།། དེ་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་ལ་སྤྱོད་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་དང་བདག་ལྡན་པ་འམ་མི་ལྡན་པར་ཡང་དག་པར་རྗེས་སུ་མི་མཐོང་ཞེས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པོ་ཉིད་འདས་པ་ལ་སོགས་པ་རྣམས་སུ་སྦྱོར་བར་མི་བྱེད་དེ། དུས་གསུམ ་སྟོང་པ་ཉིད་ཉེ་བར་བཟུང་བའི་ཕྱིར་ཞེས་པ་ནི་ལམ་གྱི་བདེན་པའོ།། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ལམ་དུ་བཤད་པ་རྣམས་ལ་སངས་རྒྱས་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ལ་ཕུང་པོ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བར་བྱེད ་པ་གང་དེ་ཡང་དག་པར་རྗེས་སུ་མི་མཐོང་ཞེས་པ་ནས་ཇི་སྲིད་དུ་སངས་རྒྱས་དང་སྦྱོར་བར་བྱེད་པ་གང་དེ་ཡང་དག་པར་མི་རྗེས་སུ་མི་མཐོང་བ་སྟེ། དེ་ལ་དེས་གང་དུ་དེ་མཐོང་བ་མེད་ལ་དེ་བཞིན་དུ་བྱང་ཆུབ་མེད་ཅིང་དེས་དེའི་བྱང་ཆུབ་པར་བྱབ ་མེད་དོ།། དེ་ལྟར་ན་འདིས་སངས་རྒྱས་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ། དེ་ཉིད་སངས་རྒྱས་དང་བྱང་ཆུབ་ཉིད་དེ། དེ་ཉིད་བྱང་ཆུབ་ཉིད་ཅེས་པས་དམིགས་པར་བྱ་བ་དང་། དམིགས་པའོ་མཉམ་པ་ཉིད་དུ་ཤེས་པ་ནི་སངས་རྒྱས ་སོ།། ཞེས་པ་ནི་སངས་རྒྱས་དཀོན་མཆོག་ལ་གདམས་པའོ།། ཆོས་ཀྱི་ནི་ལམ་གྱི་འབྲས་བུ་སྟེ། བྱང་ཆུབ་དངོ་སངས་རྒྱས་དཀོན་མཆོག་ཅེས་བཤད་ལ། འདིར་ཆོས་ནི་ལམ་གྱིས་བདེན་པའི་སྟོང་པ་ཉིད་ཀྱི་རྣལ་འབྱོར་གྱི་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་ཉིད་ཆོས་དཀོན་མཆོག་སྟེ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའི་ཕྱིར་དེ་ལ་ཅུང་ཟད་ཀྱང་ཇི་ལྟར་ཡང་སྤྱོད་པ་མེད་པ་ལ་གང་དུ་ཡང་ཅུང་ཟད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡང་མེད་ཅེས ་པས་རྒྱས་པར་ཏེ། དེ་ལྟ་བུ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣལ་འབྱོར་དམ་པ་སྟེ། འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་རྣལ་འབྱོར་ཞེས་གཞན་མིན་པར་ཐམས་ཅད་སྦྱོར་ཞིང་ཟིལ་གྱིས་མནན་ནས་ཀུན་ཏུ་གནས་སོ་ཞེས་པ་ནི་ཆོས་དཀོན་མཆོག ་ལ་གདམས་པའོ།། དེ་ལ་དགེ་འདུན་དཀོན་མཆོག་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ཚོགས་སོ་ཞེས་འཕགས་པ་རྣམ་པར་གྲོལ་བའི་སྡེས་བཤད་ལ་དེ་ནི་གཟག་ཉི་ཤུ་སྟེ། དེ་དག་རྣམས་ཉན་ཐོས་ཀྱི་གང་ཟག་རྣམས་དང་མི་འདྲ་བ ་ནི་དགེ་འདུན་ཉིད་དུ་ཡིད་ཆེས་པའི་དོན་དུའོ།། འགྲོ་བ་དང་འོང་བའི་དབྱེ་བ་ནི་དེ་རྣམས་ལས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཁྱད་པར་བརྗོད་པའི་དོན་ཏེ། དེ་ནི་བར་མ་ཇི་ལྟ་བ་བཞིན་ནོ།། འདིར་བསྟན་བཅོས་ཀྱིས་རྒྱུན་ཏུ་ཞུགས་པ་དང་ལན ་ཅིག་ཕྱིར་འོང་བ་དང་དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པ་ནི་གོ་སློ་བ་ཉིད་ལས་མ་བསྡུས་སོ།། དབང་པོ་བརྟུལ་དང་རྣོན་པོ་དག། དད་དང་མཐོང་ཐོབ་རིགས་ནས་རིགས།། བར་ཆད་གཅིག་པར་སྐྱེས་ནས་དང་།། བྱེད་དང་བྱེད་མིན་འོག ་མིན་འགྲོ། འཕར་གསུམ་སྲིད་རྩེ་མཐར་ཐུག་འགྲོ། གཟུགས་ཀྱི་འདོད་ཆགས་བཅོམ་པ་དང་།། མཐོང་ཆོས་ཞི་ལུས་མངོན་སུམ་བྱེང་།། བསེ་རུ་དང་ནི་ཉི་ཤུའོ།། ཞེས་ཏེ་འཆད་པར་འགྱུར་བ་མཐོང་བའི་ལམ་གྱི་སྐད་ཅིག་མ་བཅོ་ལྔ་ལ་རྒྱུན ་ཏུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་པོ་བརྒྱད་པ་ལས་རྣམ་པ་གཉིས་ལ་དད་པའི་རྗེས་སུ་འབྲང་བ་ནི་དབང་པོ་བརྟུལ་པོ་དེ་ཉིད་དེ་དད་པས་དེའི་ལམ་གྱི་རྗེས་སུ་འབྲང་བའི་ཕྱིར་རོ།། ཆོས་ཀྱི་རྗེས་སུ་འབྲང་བ་ནི་ཆོས་མཐོང་བའི་ཤེས་རབ ་དེས་དེ་ལམ་གྱིས་རྗེས་སུ་འབྲང་བས་དབང་པོ་རྣོན་པོ་ཉིད་དེ་ཕྱིར་མི་ལྡོག་པའི་ཕྱིར་རོ།། དེ་ལྟར་ཡང་ཡུམ་པར་མར་དད་པའི་རྗེས་སུ་འབྲང་བ་ནི་གང་ཞིག་མི་དག་ལས་ཤི་འཕོས་ནས་མི་རྣམས་སུ་སྐྱེས་ནས་དེ་ཕྱིར་མི་ལྡོག་པའི་བྱང་ཆུབ ་སེམས་དཔར་གནས་པར་འགྱུར་པ་ཉིད་ནི་དབང་པོ་སོམ་ཉིད་ཅན་དུ་འགྱུར་ཞེས་པ་ལ་སོགས་པ་དང་། ཆོས་ཀྱི་རྗེས་སུ་འབྲང་བ་ནི་དགའ་ལྡན་གྱི་ལྷ་རྣམས་ནས་ཤི་འཕོས་ནས་འདིར་སྐྱེས་ནས་དེའི་དབང་པོ་རྣམས་ཀྱང་རྣོན་པོར་འགྱུར ་རོ་ཞེས་པ་ལ་སོགས་པའོ།། སྐད་ཅིག་མ་བཅུ་དྲུག་པ་ནི་རྒྱུན་ཏུ་ཞུགས་པ་སྟེ། དེ་ཉིད་ཀྱིས་སྒོམ་པའི་ལམ་གྱིས་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་བྱེ་བྲག་རྣམ་པ་བཞི་པོ་སྤངས་ཤིང་རྟོགས་པོའི་བྱེ་བྲག་རྣམ་པ་བཞི་དང་ལྡན་པའི་སྦྱང་དཀའ ་བའི་ས་ལ་རྣམ་པ་གཉིས་ཏེ། མིའི་རིགས་ནས་རིགས་དང་ལྷོའི་རིགས་ནས་རིགས་སོ།། འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་བྱེ་བྲག་རྣམ་པ་ལྔ་པ་སྤངས་ནས་རྣམ་པ་ལྔས་མངོན་དུ་གྱུར་པའི་ས་པོ་སྟེ། ལན་ཅིག་ཕྱིར་འོང་བའི་འབྲས་བུ ་ལ་ཞུགས་པ་ཅན་གྱི་དབང་པོ་བརྟུལ་པོ་དད་པ་དང་མཐོང་བས་ཐོབ་པ་ཉིད་ནི་གཅིག་གོ།། འདོད་པ་ན་ཀུན་ཏུ་སྤྱོད་པའི་ཉོན་མོངས་པ་རྣམ་པ་དྲུག་སྤངས་ཤིང་རྣམ་པ་དྲུག་གིས་རིང་དུ་སོང་བ་ལ་ལན་ཅིག་ཕྱིར་འོང་བ་སྟེ། འཇིག་རྟེན་འདིར་ལན་ཅིག ་ཕྱིར་འོས་ནས་གཞན་དུ་མྱ་ངན་ལས་འདས་པའི་ཕྱིར་རོ།། དེ་ཉིད་ལ་སྐྱེ་བ་གཅིག་གིས་ལྷག་མ་དང་བཅས་པའི་ཕྱིར་འདིར་སྐྱེ་བ་གཅིག་གིས་བཪྵ་ཙྪེད་ཅེས་པས་ན་རྒྱུད་གཅིག་པ་ཅན་ཏེ། བར་ཆོད་པའི་མཐར ་སངས་རྒྱས་ཉིད་དུའོ།། འདོད་པ་ན་ཀུན་ཏུ་སྤྱོད་པའི་ཉོན་མོངས་པ་རྣམ་པ་བདུན་པོ་སྤངས་ནས་བྱེ་བྲག་བདུན་གྱིས་ལ། འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་བྱེ་བྲག་མེད་པ་སྤངས་པ་ནི་མི་གཡོ་བ་དང་ལེགས་པའི་བློ་གྲོས་སུ་ནི་ཕྱིར་མི་འོང་བའི་འབྲས་བུ ་ལ་ཞུགས་པ་ཅན་ཏེ། སྔ་མ་བཞིན་དུ་དང་པོ་དང་མཐོང་བས་ཐོབ་པའོ།། འདོད་པ་ན་སྤྱོད་པའི་བྱེ་བྲག་དགུ་པ་སྤངས་པས་དེ་ཆོས་ཀྱི་སྤྲིན་ལ་ཕྱིར་མི་འོང་བ་སྟེ། དེ་ལྟར་ཡང་ཐེག་པ་ཆེན་པོའི་མངོན་པ་ཀུན་ལས་བཏུས་པ་ལས་བཤད་པ། སྒོམ་པའི ་ལམ་ལ་འདོད་པ་ན་ཀུན་ཏུ་སྤྱོད་པའི་ཉོན་མོངས་པ་རྣམ་པ་དགུ་པ་རྣམ་པར་སྤངས་པས་ཕྱིར་མི་འོང་བར་འགྱུར་རོ་ཞེས་པ་དང་། འཕགས་པ་རྣམ་པར་གྲོལ་སྡེས་ཀྱང་སེམས་ཅན་གྱི་དོན་གྱིས་ངེས་པར་འབྱུང་བའི་འབྲེལ་པར་ས་བཅུ་པ་ལ་ནི་རྣམ ་པར་རྟོག་པ་ཆུང་ངུའི་ཆུང་ངུའི་གཉེན་པོར་ལམ་ཆེན་པོའི་ཚུན་པོས་རྣམ་པར་བྲལ་བ་ཙམ་དུ་བཤད་ཅེས་པའི་ཕྱིར་རོ།། ཇི་ལྟར་ཕྱིར་མི་འོང་བ་ཞེ་ན། ཇི་ལྟར་གང་དང་གང་དུ་སྐྱེས་པ་དེ་དང་དེར་སྐྱེ་བ་གཉིས་པར་མི་འཇུག་པའོ།། དེ་ཡང་རྣམ་པ་ལྔ་སྟེ། ་བར་མི་དོར་མྱ་ངན་ལས་འདའ་བ་ནི་ཚངས་རིས་ནས་འོག་མིན་གྱི་བར་དུ་མངོན་པར་རྫོགས་པར་སངས་རྒྱས་ནས་འདིར་མངོན་པར་རྫོགས་པར་སངས་རྒྱས་པ་ལ་སོགས་པ་སྟོན་པར་བྱེད་པའོ།། སྐྱེས་ནས་མྱ་ངན་ལས་འདའ་བ་ནི་འོག་མིན་ནས་དགན ་ལྡན་དང་དེ་ནས་འཛམ་བུའི་གླིང་དུ་འོངས་ནས་ཁྱིམ་ན་གནས་པ་ལས་ངེས་པར་བྱུང་ནས་དེ་མ་ཐག་ཏུ་བྱང་ཆུབ་ཀྱི་ཤིང་དྲུང་དུ་སྐྱིལ་མོ་ཀྲུང་བཅས་ནས་གང་དང་པོའི་སེམས་བསྐྱོད་པ་དེ་ཡོས་བསྐྱོད་པ་ཉིད་ཀྱི་འཆད་པར་འགྱུར་བའོ་མཚན ་ཉིད་ཅན་གྱི་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདའ་བའོ།། མངོན་པར་འདུས་བྱས་ནས་མྱ་ངན་ལས་འདའ་བ་ནི་འདིར་སེམས་ཅན་གྱི་དོན་རྣམས་བརྩོམ་པ་ཉིད་དུ་མངོན་པར་འདུ་བྱེད་པའོ།། མངོན་པར་འདུ་བྱེད་པ་མེད་པར ་མྱ་ངན་ལས་འདའ་བ་ནི་འདི་ནི་རིགས་ཀྱི་ཁྱད་པར་གྱིས་མྱུར་བར་འགྱུར་ཏེ་འབད་པ་ཆུང་ངུ་ཉིད་ཀྱིས་མངོན་པར་བྱང་ཆུབ་པའོ།། ལྔ་པ་གོང་དུ་འཕོ་བ་ནི་དེ་ནས་འོག་མིན་དང་སྲིད་པའི་རྩེ་མོའི་མཐར་ཐུག་པ་སྟེ། དང་པོ་ནི་ཚངས་རིས་ནས ་འཕར་བ་དང་ཕྱེད་དུ་འཕར་བ་དང་གནས་ཐམས་ཅད་ལས་འཕྲོ་བས་འོག་མིན་དུ་འཇུག་པ་སྟེ་རྣམ་པ་གསུམ་མོ།། སྲིད་པའི་རྩེ་མོའི་མཐར་ཐུག་པ་ནི་རྣམ་པ་གཉིས་ཏེ། གཟུགས་ཀྱི་འདོད་ཆགས་དང་བྲལ་བ་ནས་དང་མཐོང་བའི་ཆོས་ལ་ཞི་བ ་མྱ་ངན་ལས་འདོའ་བ་སྟེ། སྐྱེ་བ་རྣམས་ཐམས་ཅད་དུ་རྒྱུན་མི་འཆད་པར་མཐོང་བ་ལ་སྦྱིན་པ་དང་། ཚུལ་ཁྲིམས་ལ་སོགས་པའི་ཆོས་ཀྱིས་འདི་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས ་རྒྱས་པར་འགྱུར་བ་དང་།། ལུས་ཀྱིས་མངོན་སུམ་བྱེད་པ་ནི་མྱ་ངན་ལས་འདས་པ་དང་འདྲ་བའི་ཆོས་ལ་ལུས་ཀྱི་མངོན་སུམ་དུ་བྱེད་པའི་ཕྱིར་ན་ཇི་ལྟར་འགོག་པའི་སྙོམས་པར་འཇུག་པས་ལུས་ཀྱིས་མངོན་སུམ་དུ་བྱེད་ན་སེམས་མེད་དེ་ལུས ་ལ་བརྟེན་ནས་དེ་སྐྱེ་བ་སྟེ། གང་ཡང་ཡུམ་པར་མ་ལས། དེ་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་ཤིང་དེ་ལས་ལངས་ནས་འགོག་པ་ལ་སྙོམས་པར་འཇུག་པའོ།། དེ་ལས་ལངས་ནས་བསམ་གཏན་གཉིས་པ ་ལ་སྙོམས་པར་འཇུག་ལ་ཞེས་པ་ནས་ཇི་སྲིད་དུ་ཐབས་མཁས་པའི་ཐོས་རྒལ་གྱི་སྙོམས་པར་འཇུག་པས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་པ་རྣམས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར ་འགྱུར་རོ་ཞེས་གསུངས་སོ།། གང་ཞིག་ཕྱིར་མི་འོང་བ་ལྔ་པོ་རྣམས་ཀྱིས་ཁྱད་པར་གྱི་ལམ་དུ་ཉོན་མོངས་པའི་བྱེ་དྲགྲོ་བདུན་ཅུ་རྩ་གཅིག་པོ་རྣམས་སྤངས་ནས་གཉེན་པོའི་བྱེ་བྲག་བདུན་ཅུ་རྩ་གཅིག་པོ་རྟོགས་པ་རྣམས་ནི་དགྲ་བཅོམ་པའི་འབྲས ་བུ་ལ་ཞུགས་པ་ཅན་ཏེ། དང་པ་དང་མཐོང་བས་ཐོབ་པ་སྤྲུལ་པ་མཆོད་པའི་ཚུལ་གྱིས་དད་པ་དང་མཐོང་བས་ཐོས་པའི་སྤྱིའི་རྗེས་སུ་འཇུག་པའི་ཞུགས་པ་པོ་གསུམ་ནི་ཚིག་ལེའང་བྱས་པས་སོ་སོར་བསྒྲུབས་ལ། དེ་ཉིད་ཁོ་ན་འཕགས་པ ་རྣམ་པར་གྲོལ་སྡེའི་སྔ་མ་དང་ཕྱི་མའི་ངག་རྣམས་ཀྱིས་གསུངས་སོ།། གང་དུ་ནི་ད་ལྟར་འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་བྱེ་བྲག་དགུ་པ་སྤངས་པའི་ཕྱིར་ཕྱིར་མི་འོང་བ་རྣམས་པ་ལྟའོ།། དེ་ནས་འདིར་སྲིད་པའི་རྩེ་མོའི་ཉོན་མོངས་པའི ་བྱེ་བྲག་བརྒྱད་པ་སྤངས་པས་དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པའོ་ཞེས་པ་སྟེ། དགྲ་བཅོམ་པ་ནི་མི་སློབ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པས་ན་དགེ་འདུན་གྱི་ནང་དུ་མི་འདུའོ།། སོ་སོའི་སྐྱེ་བོ་ནི་སློབ་པ་དང་མི་སློབ་ཀྱང་རུང་སྟེ། ་སྟོབཔ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་ཏེ། སྨོན་ལམ་བཏབ་པའི་ཕྱིར་རོ།། རང་སངས་རྒྱས་དང་ཉི་ཤུ་སྟེ། གང་དུ་གསུངས་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་གང་སངས་རྒྱས་མི་བཞུགས་པའི་འཇིག་རྟེན་རྣམས་སུ་སྣང་ཞིང་ཉན་ཐོས། ་མས་སམ་རང་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པར་གྱུར་ནས་དེའི་ཐབས་ལ་མཁས་པས། སྲོག་ཆགས་བརྒྱ་སྟོང་མང་པོ་དང་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ཡོངས་སུ་སྨིན་པར་བྱས་ནས་བླ་ན་མེད་པ་ཡང ་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་བ་ཡང་ཡོད་ཅེས་པའོ།། དེ་ནི་རྣམ་པ་གཉིས་ཀྱིས་རང་སངས་རྒྱས་དང་ཆོས་མཐུན་ཏེ། གཅིག་པའི་རང་བན་ཉིད་ཀྱིས་དང་གཞན་རྣམས་ལ་ཐོས་པ་མེད་པར ་ངས་རྒྱས་ཀྱི་ཆོས་ཀུན་ཏུ་གསལ་བར་བྱེད་པའི་ཕྱིར་དང་གཞན་དུ་རང་སངས་རྒྱས་ཀྱི་ཆ་བྱབ་ཀྱིས་ཀྱང་བྱེད་པའི་ཕྱིར་རོ།། གང་ཟག་ཉི་ཤུ་པོ་འདི་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བའི་བསྒྲུབ་པ་ལ་གདམས་པ་ལས་ཞད་ཙམ ་དུབཤད་དེ། དེ་ལྟར་ཕྱིར་མི་ལྡོག་པའི་ཕྱིར་བྱང་ཆུབ་སེམས་དཔའི་དགེ་འདུན་ནི་ཤུ་པོ་ལ་སློབ་པ་རྣམས་ཀྱིས་སྐྱོ་བ་མེད་པར་རབ་ཏུ་འདུག་ཅེས་པ་ན་དཀོན་མཆེག་གསུམ་ལ་གང་མོས་པའོ།། བྱང་ཆུབ་སེམས་དཔས་ལུས་དང་ངག་དང་སེམ ་ས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམས་ལ་སྤྱོད་པ་ནི་དེ་ཉེ་བར་དམིགས་པར་ཡང་མི་འགྱུར་ཏེ། ཕ་རོལ་ཏུ་ཕྱིན་པ་ཡང་མང་བ་ལ་ལུས་ལ་སོགས་པས་བདེ་བ་མྱོང་བ་ཡང་མེད་དེ། ལུས་ལ་སོགས་པ་རྣམས་ནི་དོན་དམ་པར་ན་ངོ་བོ་ཉིད་ཀྱིས ་མེད་ཅེས་པ་ནི་མ་ཞེན་པ་ལ་གདམས་པའོ།། དུས་ཡུན་རིང་པོར་སྦྱངས་པས་ཀྱང་མཉམ་པར་བཞག་པའི་དོན་མ་གྲུབ་ན་ཡོངས་སུ་ངལ་བ་མེད་དེ་གཟུགས་ལ་སོགས་པ་ན་སཱ་ཇི་སྲིད་དུ་བླ་ན་མེད་པ་ཡང ་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་ལ་རློམ་པ་མེད་ཅེས་པ་ནི་མི་ངལ་བ་ལ་གདམས་པའོ།། དེས་ཕྱོགས་རེ་རེ་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་ལ་བལྟ་བ་དང་། དེ་རྣམས་ཀྱིས་ཆོས་བསྟན་པ་རྣམས་ཉན ་པ་དང་དགེ་འདུན་ལ་བསྙེན་བཀུར་བྱེད་པ་དང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ལ་བལྟ་བ་དང་། དེས་བདག་ཉིད་དང་གཞན་ཐམས་ཅད་ཀྱིས་མི་ཤེས་པས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤྱོད་པ་དང་ཞེས་པ་ནས་ཇི་སྲིད་དུ་སངས་རྒྱས ་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་ལ། དེ་ཡང་ཐམས་ཅད་ངོ་བོ་ཉིད་མེད་པའི་ཕྱིར་རློམ་པ་མེད་པའི་སྤྱོད་པ་རྣམས་ཀྱིས་ཀུན་ནུས་ཡང་དག་པར་ཡོངས་སུ་ཟིན་པས་སོ་ཞེས་པ་ནི་ཡོངས་སུ་འཛིན་པ་ལ་གདམས་པའོ།། དེས ་སྤྱན་ལྔ་དང་མངོན་པར་ཤེས་པ་དྲུག་སོ་སོར་ཐོབ་ཀྱང་དེ་དང་དེ་ཐམས་ཅད་ཀྱང་ཀུན་ཏུ་ཤེས་པ་མེད་ཅིང་ཉེ་བར་དམིགས་པར་མི་འགྱུར་རོ།། དེ་ལ་ཤའི་སྤྱན་གང་གིས་ནི་དཔག་ཚད་བརྒྱ་ནས་ཇི་སྲིད་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག ་རྟེན་གྱི་ཁམས་ཀྱི་གཟུགས་མཐོང་ངོ་།། ལྷའི་སྤྱན་ནི་གཟུགས་དང་སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་དང་སྐྱེ་བའོ།། ཤེས་རབ་ཀྱི་སྤྱན་གྱིས་དོན་དམ་པར་ཆོས་ཐམས་ཅད་རྗེས་སུ་མི་དམིགས་པ་དང་། ཀུན་རྫོབ་ཏུ་ནི་ཐམས་ཅད་རྗེས་སུ ་དམིགས་པའོ།། ཆོས་ཀྱི་སྤྱན་གྱིས་ནི་འཕགས་པའི་གང་ཟག་གིས་གང་རྟོགས་པ་ཡང་དག་པར་རྗེས་སུ་མཐོང་བའོ།། སངས་རྒྱས་ཀྱི་སྤྱན་གྱིས་ཆོས་ཐམས་ཅད་དུ་རྣམ་པ་ཐམས་ཅད་དུ་ཞེས་པ་ནི་སྤྱན་ལྔ་ལྔ་གླ་དམས་པའོ།། ་རྫུ་འཕྲུལ་གྱི་རྣམ་པ་དང་ལྷའི་མིག་དང་ལྷའི་རྣ་བ་དང་སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་ཤེས་པ་དང་སྔོན་གྱི་གནས་རྗེས་སུ་དྲན་པ་དང་གང་ཟག་པ་ཟད་པར་ཤེས་པ་ཞེས་པ་ནི་མངོན་པར་ཤེས་པ་དྲུག་སྟེ། ལྷོའི་མིག་གིས་མངོན་པར ་ཤེས་པས་ནི་སེམས་ཅན་རྣམས་ཀྱི་འཆི་འཕོ་དང་སྐྱེ་བ་ཤེས་པ་སྟེ། འདི་ནི་མངོན་པར་འདུ་བྱས་པའི་སྔོན་གྱི་ལྷའི་མིག་གི་རྣམ་པར་སྨིན་པ་ལུས་བྱུང་བ་ཅན་ལ་སངས་རྒྱས་ཀྱི་སྤྱན་དང་ཟག་པ་ཟད་པའི་ཡེ་ཤེས་ནི་ས་བརྒྱད་པ་ནས ་བརྩམས་ཏེ། སྐྱེ་བར་འགྱུར་ཞིང་། བཅོམ་ལྡན་འདས་ཀྱིས་ནི་ཡིད་ཀྱི་བློ་བཞིན་དུ་དབང་པོས་རྟོགས་པར་བྱ་བ་ལ་སོགས་པ་རྣམས་ཀྱི་ཡུམ་ཡོངས་སུ་གཅོད་པས་རྣམ་པོར་ཤེས་པ་ཐམས་ཅད་ཀྱི་ཡུལ་དུ་ཐམས་ཅད་འདོད་དེ། ཇི་སྐད ་དུ་དང་བའི་སྟོབས་བསྐྱེད་པའི་མདོ་ལས། དེ་བཞིན་དུ་འཇམ་དཔལ་དེ་བཞིན་གཤེགས་པའི་གཙུག་ཏོར་གྱིས་ཀྱང་གཟིགས་སོ།། དེ་བཞིན་དུ་མཛོད་སྤུ་དང་མཚན་རེ་རེས་ཀྱང་གཟིགས་སོ།། དེ་བཞིན་དུ་དུས་གཅིག་ལ་ཕྱོགས་བཅུའི་འཇིག ་རྟེན་གྱི་ཁམས་རབ་འབྱོམས་རྣམ་པ་ཐམས་ཅད་མཐོང་ཞེས་གསུངས་པ་དེ་ལྟ་ན་ཡང་དབང་པོའི་བློ་ནི་སྔོན་གྱི་རྗེས་སུ་འབྲངས་ནས་རྣམ་པར་བཞག་པར་བྱ་ཙས་པ་ནི་མངོན་པར་ཤེས་པ་དྲུག་ལ་གདམས་པའོ།། དེ་ཉིད་ཀྱིས་བསྒྲུབས་པའི་ཏིང་ངེ་འཛིན ་གྱི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་ཡོངས་སུ་བརྟགས་པའི་ལྷག་མཐོང་དག་མངོན་དུ་བྱས་ནས། དེ་ཡོངས་སུ་སྨིན་ནས་ལྷུན་གྱིས་གྲུབ་པའི་སྤྲོས་པ་མེད་པའི་དབྱིངས་སུ་སེམས་པ་ཡང་དག་འཇོག་ནས ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་དེ་ལྟར་གང་ཡང་མ་མཐོང་བའི་དོན་དེས་མཐོང་ངོ་ཞེས་པ་ནི་མཐོང་བའི་ལམ་ལ་གདམས་པའོ།། གང་དུ་མཐོང་བའི་ཁོ་ནའི་རྒྱུན་གྱི་ཡེ་ཤེས་དེས་བསྒོམ་པར་བྱ། ཞེས་པ་ནི་སྒོམ་པའི་ལམ ་ལ་གདམས་པ་སྟེ། དེ་ཉིད་མི་དམིགས་པའི་རྣམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་བསྒྲུབ་པ་ལ་དམིགས་པ་དང་། བདེན་པ་ཤེས་པ་དང་། རྟེན་སྐྱབས་རིག་པ་དང་། ཞེན་པ་མེད་པ་དང་། ཡོངས་སུ་མི་ངལ་བ ་དང་། ཕྱོགས་བཅུར་ལྟ་དགོངས་ཀྱང་ངེས་འདིར་ཐེག་པ་གཞན་དུ་མི་འགྲོ་བའི་རྒྱུར་ལམ་ཡོངས་སུ་འཛིན་པའི་ཕྱིར་དང་། སྤྱན་ལྔ་དང་། གཞན་མངོན་པར་ཤེས་པ་དྲུག་དང་། མཐོང་བ་དང་། བསྒོམ་པའི་ལམ་གྱི་འཕགས་པའི་ས ་རྣམས་ལ་ཀུན་ཏུ་སྤྱོད་དོ་ཞེས་པ་ནི་འདིར་གདམས་ངག་རིམ་པའོ།། འདིར་ཚོགས་ཀྱི་ས་ལ་གནས་པའི་བྱང་ཆུབ་སེམས་དཔས་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་ནས་སྟན་ཅིག་ལ་འདུག་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ ་རྣམས་ལ་ཆོས་ཉན་ཅིང་གཞུང་དང་དོན་དག་འཛིན་པ་རྣམས་ལ་བསམ་གཏན་དང་། མངོན་པར་ཤེས་པ་མངོན་པར་བསྒྲུབས་ནས་འཇིག་རྟེན་གྱི་ཁམས་རྣམས་སུ་དེ་འགྲོ་བར་འགྱུར་ཏེ། སངས་རྒྱས་དཔག་ཏུ་མེད་པ་རྣམས།། མཆོད་པའི ་དོན་དང་གཞན་དོན་དུ།། ཞེས་གསུངས་པ་དང་། དེའི་རྗེས་ལ། གདམས་ངག་གིས་བསྟན་མངོན་ཤེས་ཀྱིས།། སྤྱོད་པའི་ས་ལ་རབ་ཏུ་འཇུག་ཅེས་པ་སྟེ། སེམས་བསྐྱེད་པ་བཞི་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་པས་རྣམ་པར་མི ་རྟོག་པ་མཐོང་བའི་ལམ་འབྱེད་ཅིང་སོ་སོར་ཕྱེ་ནས་མངོན་སུམ་དུ་བྱེད་པའི་ངེས་པར་འབྱེད་པའི་ཆ་ཤས་དེ་ཡིས་བརྟན་ཅིང་ཐོབ་པ་དེས་ན་ངེས་པར་འབྱེད་པའི་ཡན་ལག་སྟེ། ངེས་པར་འབྱེད་པའི་ཡན་ལག་ནི་རྒྱུའོ།། ཡང་ན་ངེས་པར་འབྱེད་པ་ནི། ་ངེས་པ་ལ་དེའི་ཡན་ལག་ནི་ཚེ་ཤས་ཏེ། ཆུང་ངུ་དང་འབྲིང་དང་ཆེན་པོ་དང་ཆེན་པོའི་ཆེན་པོ་ཉིད་ཀྱིས་རྣམ་པ་བཞིའོ།། དེ་ལ་དྲོད་ནི་ཤིང་གཙུབས་པའི་མེ་བཞིན་དུ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་མེའི་སྔ་ལྟོས་སོ།། རྩེ་མོ་ནི་དགེ་བའི་རྩ་བ་མི ་གཡོ་བའི་ཕྱིར་རྩེ་མོའོ།། བཟོད་པ་ནི་མི་སྐྱེ་བའི་ཆོས་ལ་མོས་པ་བརྟན་པོས་བཟོད་པའི་ཕྱིར་རོ།། ཆོས་ཀྱི་མཆོག་ནི་འཇིག་རྟེན་པའི་ཆོས་ཀྱི་མཆོག་ཡིན་པའི་ཕྱིར་རོ།། ཡང་དྲོད་ལ་སོགས་པ་ནི་སོ་སོར་ཆུང་ངུ་དང་འབྲིང་དང་ཆེན་པོ་ཉིད་ཀྱིས་ན་རབ་ཏུ་དབྱེ་བ ་བཅུ་གཉིས་ཏེ། གང་དུ་སྐད་ཅིག་མ་གཅིག་པ་ཉིད་དུ་ཆོས་མཆོག་ཅེས་བཤད་པ་ནི་དེ་རང་དོན་གྱིས་སྐབས་པས་ཉན་ཐོས་རྣམས་ཀྱི་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་མིན་ཏེ། དེ་དག་གི་ནི་གཞན་གྱི་དོན་ནི་དེ་སྲིད་དུ་དེ་གནས་པར་བྱེད་པ་སྲོད ་ཅེས་པ་དེས་ན་དེ་དང་འདི་ལ་འགལ་བ་མེད་དོ།། དེ་ཡང་དྲོད་ལ་སོགས་པ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཡང་ཡོད་དོ།། བདེན་པ་བཞི་ལ་དམིགས་པའི་མི་རྟག་པ་ལ་སོགས་པའི་རྣམ་པ་བཅུ་དྲུག་ནི་བདག་ཏུ་བལྟ་བའི་གཉེན་པོའི ་ཕྱིར་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་དེ་རྣམས་ལ་ཁྱད་པར་དུ་འཕགས་པ་སྟེ་ཆོས་སུ་བལྟ་བའི་གཉེན་པོའི་ཕྱིར་རོ།། དེ་ལྟར་བསྟན་བཅོས་ལས། དམིགས་པ་དང་ནི་རྣམ་པ་དང་།། རྒྱུ་ཕྱིར་ཡོངས་སུ་འཛིན ་པ་ཡིས།། རྣམ་རྟོག་བཞི་པོ་དང་ལྡན་པས།། ཇི་ལྟར་རང་གི་རྟེན་བཞིན་དུ།། ཉན་ཐོས་བསེ་རུ་བཅས་པ་ལས།། བྱང་ཆུབ་སེམས་དཔའ་སྐྱོབ་བྱ་ཡོས།། ཆུང་ངུ་འབྲིང་དང་མཆོག་རྣམས་ཀྱི།། དྲོད་སོགས་རྣམས་ནི་ཁྱད་པར་འཕགས།། ཞེས་སོ།། སེམས ་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པའི་བསམ་པ་ཅན་གྱི་ཕྱིར་སྐྱོབ་པ་ནི་བྱང་ཆུབ་སེམས་དཔའ་སྟེ། དེ་རྣམས་ཀྱི་དྲོད་ལ་སོགས་པ་རྣམས་ནི་ཉོན་ཐོས་ལ་སོགས་པ་རྣམས་ལས་ཁྱད་པར་དུ་འཕགས་པ་ཉིད་དེ། དམིགས་པ་དང་། རྣམ་པ་དང་། རྒྱུའི་ཕྱིར ་དང་། ཡོངས་སུ་འཛིན་པ་དང་། རྣམ་པར་རྟོག་པ་བཞི་པོ་དང་ལྡན་པོས་ཇི་ལྟར་རང་གི་ཞེས་པའི་ཁྱད་པར་རྣམ་པ་ལྔ་རྣམས་ཀྱིསོ།། རྣམ་པར་རྟོག་པ་བཞི་པ་ཡོད་ཀྱང་ཉན་ཐོས་ལ་སྩོགས་པ་ལ་ནི་རང་གི་བྱང་ཆུབ་ཀྱི་ལམ་དང་མི་མཐུན་པ་མེད་པས ་རྣམ་པར་བཞག་པ་མ་བྱས་སོ།། དེ་ལ་དྲོང་ཆུང་ངུ་ནི། དམིགས་པ་མི་རྟག་ལ་སོགས་པ།། བདེན་པོའི་རྟེན་ཅན་དེ་བྱེད་པའི།། རྣམ་པ་མངོན་ཞེན་ལ་སོགས་འགོག། ཞེས་བསྟན་བཅོས་ལས་ཏེ། བདེན་པ་བཞིའི་ཡུལ་གྱི་མི་རྟོག་པ་ལ་སོགས་པའི་རྣམ ་པ་བཅུ་དྲུག་ལ་དམིགས་པ་དེ་ཡིས་དམིགས་པ་རྣམ་པ་སོ་སོར་མངོན་པར་ཞེན་པ་མེད་པས་མི་གནས་པ་དང་འདུ་ཤེས་པ་མེད་པའོ།། འདིར་ཆེན་པོ་ནི་དངོས་པོར་འཛིན་པ་ཉིད་ལ། འབྲིང་ནི་མངོན་པར་ཞེན་པས་གནས་པ་ཆུང་ངུ་ནི་འདུ་ཤེས་པའོ།། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་པ་ནི་བདེན་པ་དང་འབྲེལ་པ་ཅན་གྱི་རྟག་པ་ཉིད་ལ་སོགས་པ་ལ་དམིགས་པའི་རྣམ་པར་ཞེན་པ་མེད་པ་ལ་སོགས་པ་ཉེ་བར་དམིགས་པ་བྱས་ལ་མཉམ་པར་མ་བཞག་པའི་ཡེ་ཤེས་སྤྱོད་པས་སོ།། མ་ཉེ ་པར་བཞག་པས་ནི་སྒོམ་ཞེས་ཏེ། དེས་ཉེ་བར་དམིགས་པ་མེད་པ་ལ་དེ་ལྟར་དམིགས་པའི་རྣམ་པ་ནི་རློམ་པ་མེད་པའོ།། དེ་ལྟར་ཞེས་པ་ནི་འཆང་བར་འགྱུར་པའི་རིམ་པས་སོ།། དེས་ཀྱང་ཞེས་པ་ནི་ངོ་བོ་ཉིད་མེད་པ་འབོའ་ཞིག་གིས་མིན ་ཏེ་དེས་ཉེ་བར་དམིགས་ནས་རློམ་སེམས་མེད་པ་སྟེ། ཉན་ཐོས་ལ་སོགས་པ་རྣམས་དང་ཐུན་མོང་པ་ཡིན་པས་རྒྱུན་ཆད་པ་མེད་པས་སེམས་ཅན་གྱི་དོན་གྱི་བྱ་བ་མངོན་པར་ཞེན་པ་མེད་པའི་བདག་ཉིད་ཅན་གྱི་ཆོས་སུ་འཛིན་པའི་གཉེན་པོའི ་ཤེས་པ་ཡིས་ཀྱང་རློམ་སེམས་མེད་པ་སྟེ། མངོན་པར་ཞེན་པར་མི་བྱེད་པའི་ཕྱིར་རོ།། ཡང་དག་པ་མ་ཡིན་པའི་རྟོག་པས་ཀུན་ནས་བསླང་བའི་ཡོད་པ་དང་མེད་པར་འཛིན་པའི་མི་མཐུན་པའི་ཕྱོགས་དག་དེ་ཉིད་དུ་མེད་ཅེས་པའི་ཤེས་པ་ནི་གཉེན ་པོའོ།། དེ་ཞེས་པ་ནི་རློམ་པ་མེད་པའོ།། དེ་ཅི་ཞེས་པ་ནི་ཅིའི་ཕྱིར་ཏེ། གཏན་ཚིགས་དེ་ཚད་མའི་ཕྱིར་རོ།། འདི་ལྟར་ཞེས་པ་ནི་སྒྲུབ་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་དང་། གནོད་པར་བྱེད་པ་སྲིད་པའི་ཕྱིར་རོ།། སེམས་ནི་སེམས་མ་མཆིས ་ཞེས་པ་ནི་སེམས་དེ་དོན་དམ་པར་ཡོད་པ་མིན་ཞེས་པའི་དོན་ཏོ།། འོ་ན་སྔོན་པོ་ལ་སོགས་པའི་རྣམ་པའི་ངོ་བོ་ཉིད་ཁོ་ན་སེམས་ཏེ། དེ་ཡང་སྔོན་པོ་ལ་སོགས་པ་གསལ་བར་བྱེད་པས་དོན་དམ་པར་སོ་སོར་རང་རིག་པ་ཡིས་མངོན་སུམ ་གྱིས་གྲུབ་ཅེས་པ་ནི་ཇི་ལྟ་བའི་དེ་ཁོ་ན་ཉིད་མིན་པའི་རང་རིག་པའི་མངོན་སུམ་གྱིས་རིག་པ་ལ་ཇི་ལྟ་བ་བཞིན་རིག་པར་འདོད་པའི་ཕྱིར་རོ།། དེའི་ཕྱིར་ཁྱོད་ཀྱིས་གཟུང་བ་དང་འཛིན་པའི་རྣམ་པ་མེད་པའི་གཉིས ་སུ་མེད་པར་འདོད་པ་དེ་ནི་མིན་ཏེ། གཉིས་སུ་རིག་པའི་ཕྱིར་ཏེ། རྣམ་པར་ཆད་པའི་སྔོན་པོ་ལ་སོགས་པ་ཕྱི་རོལ་ཏུ་ངེས་ངེས་པར་བྱེད་པའི་རྣམ་པར་རྟོག་པ་མེད་པ་ནི་སེམས་པ་མ་སྦྱངས་པའི་ཐ་སྙད་རྣམས་ཀྱི་བྱིས་པ་རྣམས་ཀྱིས་ཀྱང ་གསལ་བར་གཉིས་སུ་མེད་པ་ན་གཉིས་སུ་མེད་པའི་འཁྲུལ་པ་འདི་ནི་གཉིས་སུ་མེད་པས་བསྐྱེད་པ་སྟེ་རིག་པར་འགྱུར་ལ། རྣམ་པར་ཤེས་པ་གཅིག་གཉིས་ཀྱི་ངོ་བོ་ཡང་མིན་ཏེ། གཉིས་དང་གཉིས་མེད་པ་དག་ཕན་ཚུན་འགལ་བའི་ཕྱིར་རོ།། ་དེ་ནས་གཟུང་བ་དང་འཛིན་པ་མི་མཐད་ཅིང་གཉིས་སུ་མེད་པ་ནཱ་གཉིས་སུ་མེད་པའི་འཁྲུལ་པ་འདི་ནི་གཉིས་སུ་མེད་པས་བསྐྱེད་པ་སྟེ། དེ་བསྐྱེད་པས་གཉིས་སུ་མེད་པ་ཡང་འཁྲུལ་ལ། དེ་ཉིད་ཀྱིས་ན་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི ་སེམས་དང་སེམས་ལས་བྱུང་བ་ནི་ཁམས་གསུམ་པ་ཅན་གྱིའོ་ཞེས་གསུངས་སོ།། ཕྱི་རོལ་གྱི་སྟོན་པའོ་ཞེས་པའི་རྣམ་པར་རྟོག་པའི་རང་རིག་པའི་བྱ་བ་ཡིད་ལ་ཐོག་མ་མེད་པ་ནས་འཇུག་པ་དབང་པོའི་ཤེས་པའི་བྱ་བའི་རྗེས་སུ་འཇུག་ཅིང ་གཅིག་ཏུ་ངང་གིས་འབྱུང་བའི་ཕྱིར་ཞེས་བྱ་ཞེ་ན། མིན་ཏེ། འཁྲུལ་པ་ཡང་རང་རིག་པའི་མཐར་ཐུག་པ་སྟེ། གཉིས་སུ་མེད་པས་ཕྱི་རོལ་དམིགས་པར་འགྱུར་བས་དེའི་འདོད་པའི་རྣམ་པར་རྟོག་པས་གསལ་བའི་ཆ་ནི་རང་གི་སྣང་བའི་ཆ་ལ་དམིགས ་པ་མ་ཡིན་ཏེ། ངོ་བོ་ཉིད་གསལ་བ་ཐམས་ཅད་ནི་རྣམ་པར་རྟོག་པའི་ཕྱིར་ན་གཞན་གྱི་ཕྱི་རོལ་དེ་ཡིས་ངེས་པར་མ་ཡིན་ཏེ། ཕྱི་རོལ་གྱི་གསལ་བའི་མངོན་སུམ་མེད་དེ་དེ་ལྟར་རྟོགས་པར་མི་འགྱུར་ཞིང་སྒྲ་དོན་ནི་གསལ་བར་མངོན་སུམ་དུ ་དམིགས་པ་ཡང་མ་ཡིན་ནོ།། བདག་མེད་པས་གསལ་བར་སྦྱོར་བ་མེད་པའི་ཕྱིར་ཏེ། བདག་ཉིད་གསལ་བ་ཉིད་ན་བདག་མེད་པ་གསལ་བ་ཡང་ཡིན་ཏེ། སྨིག་རྒྱུར་གསལ་བ་ཉིད་ལ་ཆུར་གསལ་བ་མེད་དེ།། དེ་ཉིད་ཀྱིས་ན་མདོ་སྡེ་པའི ་པའི་འཇིག་རྟེན་པའི་ཕྱི་རོལ་གྱི་དོན་མེད་དེ། སྔོན་པོ་ལ་སོགས་པ་རིག་པ་ཉིད་ཀྱིས་རིག་པར་མི་འཐད་དོ།། དེས་ན་འཇིག་རྟེན་པའི་སྔོན་པོ་ལ་སོགས་པ་ལས་རྟོག་པར་ལྐོག་ཏུ་གྱུར་པ་ལ་ནི་རྗེས་སུ་འགྲོ་པ་འམ་ལྡོག་པ་ཡེང ་མེད་ལ་མེད་པས་ན་རྨི་ལམོཾ་ལཱ་སོགས་པ་རྣམས་ལ། དེའི་རིགས་མཐུན་པའི་གཏན་ཚིགས་སྲིད་པའི་ཕྱིར་ན་རང་གིས་རིག་པ་ནི་དོན་རིག་པའི་འབྲས་བུས་བལྟ་བར་བྱ་ཞེས་པ་ནི་ཤིན་ཏུ་ཡང་མི་འཐུང་དེ། སྔོན་པོ་ལ་སོགས་པའི་རྣམ ་པའི་འཁོར་ལོ་ལ་རང་རིག་པའི་མངོན་སུམ་གྱི་ངོ་བོ་ཉིད་མི་འགྲུབ་ལ། འབྲས་བུ་མི་དམིགས་པས་དམིགས་པ་ཉིད་སྐྱེད་པར་ཞེས་པའི་དམ་པ་མ་ཡིན་པ་འདི་ནི་མདོ་སྡེ་པའི་འདོད་པའོ།། དེ་ནས་སྣ་ཚོགས་པ་ནི་རྣམ་པར་རིག་པ་ཙམ་ཉིད ་ལ་མ་རིག་པའི་བདག་ཉིད་ཅན་གྱིས་རྣམ་པར་བརྟགས་པས་ཕྱི་རོལ་མ་ཡིན་པ་ལ་ཕྱི་རོལ་ཏུ་སོང་ནས་སྐྱེ་བར་འགྱུར་ཞེ་ན། མིན་ཏེ། རང་རིག་པ་ཙམ་ལ་ནི་རྣམ་པར་རྟོག་པ་གཞན་ལ་བརྟེན་པའི་མ་རིག་པ་ཉིད་ཀྱང་མེད་དོ།། དེ་ནས་མི་འཛིན། ་ཀྱང་གཞན་དུ་འཇུག་པའི་སྐྱེད་པ་ཕོར་དམིགས་ན། དེ་ལྟ་ན་ཡང་རྣམ་པར་རྟོག་པ་གང་གིས་ཉེ་བར་སྐྱེད་པར་བྱེད་པ་མེད་པ་ཉིད་ཀྱིས་ཕྱི་རོལ་འདི་ཉིད་ཞེས་པ་ལ་སོགས་པ་དམིགས་པའི་ངོ་བོའི་དོན་གྱི་བྱ་བས ་དྲན་པ་དང་འདོད་པ་ལ་སོགས་པའི་རྒྱུན་གྱིས་བྱེད་ལ། དེ་ལས་དོན་གྱི་བྱ་བ་དོན་དུ་གཉེར་བས་ཕྱི་རོལ་གྱི་དོན་དང་རྗེས་སུ་མཐུན་པ་ལ་ཞུགས་པས་མངོན་པར་འདོད་པའི་དོན་གྱི་བྱ་བ་ཐོབ་པ་ནི་གཞན་དུ་ན་དཔྱད་མི་དགོས་ཏེ། འདི་ལྟར་ཡང ་གཞན་གྱི་ཕྱི་རོལ་གྱི་རིག་པ་མེད་པ་ལ་དེ་ཡིས་ཁྱད་པར་ཅན་དུ་རབ་ཏུ་འཇུག་པའི་ངེས་པ་བསྐྱོད་པ་པོ་ཉིད་ཀྱི་རང་རིག་པའི་མཐར་ཐུག་པའི་རྣམ་པར་རྟོག་པ་ནི་མི་སྲིད་དོ།། དམིགས་པ་ལ་སོགས་པ་ལ་ཡང་རང་རིག་མཐར་ཐུག་པ་འདིའོ་ཞེས ་འཇུག་པའི་ངོ་བོ་མེད་ལ་དམིགས་པ་མེད་པས་ཕྱི་རོལ་གྱི་འཁྲུལ་པའི་རྣམ་པར་རྟོག་པའི་སྒྲོ་བཏགས་ཀྱི་མངོན་པར་རློམ་པས་འཛིན་པ་ལ་འཛིན་པ་ཉེ་བར་བཏགས་པའི་ཐེ་ཚོམ་དང་ངེས་པ་དག་ཏུ་མངོན་པར་ཞེན་པ་ནི་རྣམ་པར་བརྟགས་ན ་ཁ་ཕྱིར་ཕྱོགས་པ་ཉིད་དེ། གཞན་གྱི་ངོ་བོ་རང་གི་ངོ་བོ་ལ་རབ་ཏུ་བསྒྲིབས་ནས་ཕྱི་རོལ་དང་གཅིག་ཏུ་བྱེད་པ་ལ་སོགས་པའི་སྒྲ་ལ་འཇུག་པའི་རྒྱུ་མཚན་གྱི་དབྱེ་བ་ནི་དམིགས་པའི་རབ་ཏུ་དབྱེ་བ་ལ་རང་རིག་པ་ཙམ་དུ་ཆུད་པ་ཉིད་ཅེ ་ན་ནི། གཟུང་བ་དང་འཛིན་པའི་འཁྲུལ་པའི་མ་རིག་པའི་འཁོར་བ་གང་དེ་མང་པོས་གཉིས་སུ་མེད་པ་དེ་ཁོ་ན་ཉིད་ལ་འབད་མི་དགོས་པར་མངོན་སུམ་དུ་བྱས་ཞེས་པས་སེམས་ཅན་རྣམས་ཐམས་ཅད་རྟག་ཏུ་དེ་ལྟར་གྲོལ་བའི་སངས ་རྒྱས་སུ་འགྱུར་རོ།། གང་ཡང་གཞན་ལ་བལྟོས་ཏེ་བློ་མ་གསལ་བའི་འཁྲུལ་པའི་རྣམ་པར་རྟོག་པ་དུ་མ་ནི་རང་གི་ངོ་བོར་ནི་ཐམས་ཅད་མ་འཁྲུལ་བར་གཞན་གྱི་ངོ་བོར་ནི་ཕྱིན་ཅི་ལོག་ཏུ་འགྱུར་ཅེས་ཁྱོད་ཀྱིས་འདོད་ན། གཞན་གྱི་དང་པོར་སོ། ་སོར་སྣང་བ་ལ་དམིགས་པ་དག་ནི་མི་སྦྱོར་ཏེ། མི་གསལ་བར་ངེས་པའི་ཕྱིན་ཅི་ལོག་གི་ཐེ་ཙོམ་ངེས་པ་ཕྱི་རོལ་ཏུ་མངོན་པར་འདོད་པའི་མི་མཐུན་པའི་ཕྱོགས་ལ་ཞུགས་པས་སྒྲ་དོན་གྱི་རྣམ་པ་ཡོད་པ་བཀག་པ་ལ་རབ་ཏུ་འཇུག་པ་དང་། ལྡོག་པ ་ལ་སོགས་པའི་ཐ་སྙད་རྒྱུན་ཆད་པར་འགྱུར་རོ།། འོན་ཏེ་འཁྲུལ་པ་དང་ནི་མ་འཁྲུལ་པ།། བརྟགས་དང་མ་བརྟགས་པ་དག་ནི།། དཀར་པོ་ནག་པོ་ལ་སོགས་པའི།། དབང་པོ་ལས་སྐྱེས་མཐའ་དག་ནི།། ཤེས་པ་ལས་གཞན་ཐ་དད་དེ།། ལྷན ་ཅིག་དམིགས་ཀྱི་སྔ་མ་དང་།། ཕྱི་མ་ཉིད་ནི་རེག་པ་མེད།། ཅེས་པ་སྣ་ཚོགས་གཉིས་སུ་མེད་པའི་རྣམ་པར་ཤེས་པའི་ཕྱོགས་ལ་འདི་ཤིན་ཏུ་ཡང་ཐལ་བར་འགྱུར་རོ།། དེས་ན་འདིད་མི་འདོད་པ་མེད་ན་འདི་ཇི་ལྟར་རིག་པས་བསྐྱེད་པ་ཉིད་པས ་དེ་ལྟར་མི་འགྱུར་ཞེ་ན། ཇི་ལྟར་ནི་མི་འདོད་པ་མ་ཡིན་ཏེ། དེ་ཉིད་ཀྱི་ནི་གཉིས་སུ་མེད་པའི་རིའི་རྩེ་མོ་ལ་ཞོན་པ་ལ་འཇུག་པ་དང་ལྡོག་པ་མེད་དེ་དེས་འདི་ལྟར་འཁོར་བ་ཞེས་པ་དང་དེའི་རྒྱུ་ཇི་ལྟར་དུ་འདོད་ཅེས་བརྗོད་དེ། སེམས་ཀྱི་འཇུག་པས ་འཕགས་པའི་ཀུན་ཏུ་བརྟགས་པ་ལས་བྱུང་བའི་སྟོབས་ཀྱི་བདག་ཉིད་ཅན་གྱི་བག་ཆགས་ཀྱང་འབྱུང་བར་མི་འགྱུར་བས་དགེ་བའི་ལས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ལམ་ལ་གོམས་པར་བྱེད་པ་ཡང་དོན་མེད་པར་འགྱུར་བས་གང་ཡང་གོམས་པར་མི་བྱེད ་ལད་མི་དགེ་བའི་ལས་སྲོག་ཆགས་གསོད་པ་ལ་སོགས་པ་ལས་ལྡོག་པ་ཡང་མི་སྲིད་པ་ཉིད་དོ།། རང་རིག་པ་ཉིད་ནི་གཅིག་པུ་གཉིས་སུ་མེད་པ་ལས་གཞན་མེད་པའི་ཕྱིར་ན་གང་ཇི་ལྟར་སྣང་བ་དེ་ཤེས་པའི་ངོ་བོ་ལ་དོང་། ་དེ་ཉིད་གལ་ཏེ་ཡང་འཁོར་བར་འཇུག་ན་ནི་དེ་ལྟར་ན་ནི་ཐར་པར་ནམ་ཡང་མི་འགྱུར་ལ། གྲོལ་བའི་གནས་སྐབས་སུ་གྱུར་ཀྱང་གཉིས་མེད་ལ་གཉིས་མེད་གཞན་སྐྱེ་བར་འགྱུར་བས་དེ་ཉིད་དུ་འཇུག་པ་སྟེ། ཁྱོད་ཀྱིས་འདོད་པས་ནི་འཁོར་བར ་འདོད་པའི་གནས་སྐབས་ཀྱིས་འདི་འདྲའོ།། ཞེས་པའི་ཀུན་ནས་ཉོན་མོངས་པའི་བདག་ཉིད་ཀྱི་འཁོར་བར་ཐམས་ཅད་དུ་འགྱུར་གྱི་རྣམ་པར་བྱེད་པ་གང་དུ་ཡང་མིན་ནོ།། འདིར་མ་བརྟགས་ན་ཉམས་དགའ་བའོ་བྱིས་པ་ལ་ཀུན་ཏུ་མ་གྲགས ་པའི་ཐ་སྙད་དུ་ཉེ་བར་གཟུང་བའི་སྒྲོ་བཏགས་པའི་ཐ་སྙད་ཀྱི་བདག་ཉིད་མི་འཁྲུལ་པའི་ཀུན་རྫོབ་ལ་ཐམས་ཅད་དུ་གཞན་དུ་སྒྲོ་འདོགས་པ་ཉིད་ན་འཁྲུལ་པ་ལ་གནས་སོ་ཞེ་ན། རྣམ་པར་བརྟགས་པ་ནི་རྗེས་སུ་དཔག་པས་སམ་མ་ཡིན་པ་དགག ་བའི་མངོན་སུམ་གྱི་ཤེས་པ་བཞན་གྱིས་ཏེ། དེ་ལ་རང་རིག་པའི་མངོན་སུམ་གྱིས་ངེས་པ་ནི་རྟོགས་པ་མེང་ལ་ཡུལ་ལ་བལྟས་ན་ནི་ཤེས་ན་གཞན་ནི་རྟོག་པ་ཉིད་དེ། དེ་ལ་རྣམ་པར་རྟོག་པས་རྣམ་པར་རྟོག་པ་རང་གར་ཏེ་བདག་ཉིད་ཀྱིས་བདག ་ཉིད་ངེས་པར་རྟོགས་པ་ཡིན་ཞེས་བརྗོད་པ་སྟེ། རྣམ་པར་རྟོགས་པ་གཞན་གྱིས་རྟོགས་པ་ལ་སྦྱོར་བ་མ་ཡིན། པའི་ཕྱིར་ལ་དེ་ཡང་རང་རེག་པའི་མངོན་སུམ་ཉིད་ནི་རྣམ་པར་རྟོག་པར་མི་རིགས་སོ།། དེའི་ཕྱིར་གཟུང་བ་དང་འཛིན་པའི་རྣམ་པ ་མེད་པའི་སྟོང་པའི་ཚུ་རོལ་མཐོང་བ་རྣམས་ཀྱིས་རིག་པར་འགྱུར་བའི་ཤེས་པའི་དེ་ཁོ་ན་ཉིད་ཀྱི་འདིར་དོན་དམ་པར་རང་རིག་པར་ཡོད་པ་མ་ཡིན་པར་ནི་མངོན་སུམ་གྱིས་མ་གྲུབ་ལ། རྗེས་སུ་དཔག་པས་ཀྱང་མི་འགྲུབ་སྟེ། རང་བཞིན་ལས་སྐྱེས ་པའི་རྟགས་མེད་དེ། རང་བཞིན་དེ་ཉིད་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ།། འབྲས་བུའི་རྟགས་ལས་སྐྱེས་པ་ཡང་མིན་ཏེ། གཉིས་སུ་མེད་པ་དེ་དང་ལྷན་ཅིག་གང་དུ་ཡང་རྒྱུ་དང་འབྲས་བུའི་དངོས་པོར་མ་གྲུབ་སྟེ། དེ་དབང་པོ་ལས་ཤིན་ཏུ ་འདས་པའི་ཕྱིར་དང་དེ་ལས་གཞན་པའི་འབྲས་བུ་ཡང་ཡོད་པ་མ་ཡིན་ཞིང་། གཉིས་སུ་མེད་པས་ནི་རྒྱུ་དང་འབྲས་བུའི་དངོས་པོར་འཛིན་པ་ཡང་མིན་ནོ།། མི་དམིགས་པ་ནི་མེད་པས་བསྒྲུབ་པའི་གོ་སྐབས་མེད་དོ།། དེ་ནས་གང་གསལ་བར ་བྱེད་པ་དེ་ཤེས་པ་སྟེ། དཔེར་ན་རྨི་ལམ་དུ་མཐོང་བའི་གསལ་བ་བཞིན་ཏེ། སྔོན་པོ་ལ་སོགས་པ་ཡང་ངོ་ཞེས་སྔོན་པོ་ལ་སོགས་པར་གསལ་བར་བྱེད་པ་ཉིད་ཀྱི་རང་བཞིན་གྱི་གཏན་ཚོགས་ཀྱིས་རྣམ་པར་ཤེས་པའི་ཐ་སྙད་ཙམ་སྒྲུབ་པར ་བྱེད་པ་ནི་མ་ཡིན་ཏེ། སྔོན་པོ་ལ་སོགས་པ་ནི་ཕྱི་རོལ་ཏུ་རྣམ་པར་ཆད་པའི་ཡུལ་དུ་གསལ་བར་བྱ་བ་ཉིད་དུ་ངེས་པར་འབྱེད་པས་གསལ་བར་བྱེད་པ་ཞོས་མ་གྲུབ་པ་ལ་གསལ་བར་བྱེད་པའི་སྔོན་པོ་ལ་སོགས་པ་ཞེས་པའི་ཚིག་ནི་གསལ་བར ་བྱེད་པའི་བྱེད་པ་པོའི་ཆོས་ཀྱི་གཏན་ཚིགས་ཏེ། རང་རིག་པའི་མངོན་སུམ་མ་གྲུབ་པས་དེའི་འཐད་པ་མ་གྲུབ་པའི་ཕྱིར་ཇི་ལྟར་ན་གསལ་བར་བྱེད་པའི་གཏན་ཚིགས་ལ་བདེན་པར་རང་གསོལ་བ་ཡོད་པས་ཐ་སྙད་ཀྱི་བྱ་བ་མ་གྲུབ་པའི་གསལ་བས ་གསལ་བ་གྲུབ་ཅེས་པ་ནི་མེད་དེ། ཕན་ཚུན་རྟེན་པའི་སྐྱོན་གྱིས་ན་གཅིག་ཀྱང་གྲུབ་པ་མིན་ནོ།། ཐ་སྙད་དུ་ཡང་སོ་སོ་སྐྱེ་བོས་རྣམ་པར་མ་བརྟགས་པས་གཟུང་བ་དང་འཛིན་པ་ལ་ཐེ་ཚོམ་མེད་པར་ཐ་སྙད་བྱེད ་ཀྱི་གང་དུ་རང་རིག་པའི་མངོན་སུམ་གྲུབ་པའི་ཐོས་ཟློས་ཙམ་ཡང་མེད་པ་གང་དེ་ནི་བསྒྲུབ་པར་བྱ་བ་མ་ཡིན་པར་བརྗོད་དོ།། རྨི་ལམ་དང་སྒྱུ་མ་དང་རྨི་ལམ་ལ་སོགས་པའི་དཔེ་ལ་ཡང་བསྒྲུབ་པར་བྱ་བ་དང་སྒྲུབ་བྱེད་དག་ཏུ་ཁྱབ་པ་ངེས་པོ་མེད ་པས་གཏན་ཚིགས་མ་ངེས་པ་ཉིད་དོ།། དེ་ནས་གཞན་གྱི་དབྱིབས་ཀྱི་གསལ་བའི་ལས་དང་ཆོས་ཐ་དད་པའི་དབྱིབས་ནི་བྱེད་པ་པོའི་ཆོས་དང་དེ་གཉི་ག་ཁས་མ་བླངས་ན་སྔོན་པོ་ལ་སོགས་པའི་གསལ་བ་ཙམ་པའི་བསྒྲུབ་པར་བྱ་བ ་ཅན་གྱི་དབང་པོའི་མངོན་སུམ་ན་ནི་གྲུབ་པ་ལ་སྒྲུབ་པ་སྟེ། འདི་ཉིད་གདོད་ནས་གཉིས་མེད་པ་རིགས་པར་བཤད་པ་ནི་གསལ་བའི་བདག་ཉིད་མི་ཟློག་སྟེ། འདི་ཉིད་གང་གིས་བཟློག་ཀྱང་ནི།། མི་བཟློགས་མངོན་སུམ་ཉིད་མཐོང་ངོ་།། ཞེས་ཏེ།། ་དེ་ལྟར་ན་ནི་དབང་པོའི་མངོན་སུམ་གྱིས་རྟོགས་བཞིན་པའི་སྔོན་པོ་ལ་སོགས་པའི་གསལ་བའི་ལཱ་ལ་ཆོས་སུ་བཤད་པར་འགྱུར་ལ། འོན་ཏེ་གཉི་ག་མ་ཡིན་པའི་ཆོས་ཉིད་ཀྱིས་གསལ་བ་ཙམ་གྲུབ་ཀྱང་རང་རིག་པའི་བསྒྲུབ་པར་བྱ་བའི ་དཔེ་སྔོན་དུ་བཤད་པའི་རིག་པས་ཁྱབ་པ་མ་ངེས་པ་ཁོ་ན་བས་འདིར་རྗེས་སུ་དཔག་པས་ཀྱང་བདག་ཉིད་ཀྱིས་རིག་པ་མ་གྲུབ་པའོ།། འདི་ཉིད་ཀྱིས་ན་སྒྲ་དོན་རྣམ་པར་རིག་པར་སྨྲ་བའི་སློབ་དཔོན་ཞི་བའི་འཚོ་དང་དེའི་འདོད་པའི་རྗེས་སུ་འབྲང་བའི ་སེང་གེ་བཟང་པོ་ལ་སོགས་པས་ཀུན་རྫོབ་ཏུ་ཡང་ཕྱི་རོལ་མེད་པས་གཉིས་སུ་མེད་དེ་ཀུན་རྫོབ་ཏུ་སྔོན་པོ་ལ་སོགས་པ་ནི་རང་རིག་པའི་མངོན་སུམ་གྱི་བདག་ཉིད་ཅན་གྱི་སྒྲ་དོན་ལ་དོན་དམ་པར་ནི་ངོ་བོ་ཉིད་མེད་ཅེས་པའི་འདོད་པ་ནི་མི་འཐད ་དེ། སྔོན་པོ་ལ་སོགས་པ་ནི་གཉིས་སུ་མེད་པའི་ངོ་བོ་ཉིད་དུ་མ་གྲུབ་པས་འདིར་སྔོན་པོ་ལ་སོགས་པའི་རྣམ་པའི་འཁོར་ལོ་རིག་པའི་ངོ་བོ་ཉིད་ཅེས་པར་འདོད་པ་ནི་མི་རིགས་པ་ཉིད་དེ། རྣམ་པ་མེད་པའི་རྣམ་པར་ཤེས་པ་ནི་རང་ཉིད་གསལ ་བར་བྱེད་པས་སྔོན་པོ་ལ་སོགས་པའི་སྒྲ་དོན་གསལ་བར་བྱེད་པ་དེ་ཉིད་ཀྱང་མ་ཡིན་ཏེ། སྔོན་པོ་ལས་གཞན་པའི་རྣམ་པ་མེད་པ་མངོན་སུམ་གྱིས་གསལ་བ་ཡང་མ་ཡིན་ཏེ། རྨི་ལམ་དུ་ཡང་ཉམས་སུ་མྱོང་བ་དེ་ཇི་སྲིད་པའི་གནས་སྐབས་སུ ་ཡང་སྟེ། དེ་ཉིད་ཀྱིས་ན་རྟག་པར་ལྡོག་ཏུ་གྱུར་པའི་གསོལ་བ་ལ་རྗེས་སུ་འགྲོ་བ་དང་ལྡོག་པས་རྗེས་སུ་རྟོགས་པའི་རྟགས་ཅུང་ཟད་ཀྱང་ཡོད་པ་མིན་ཞེས་པས་ན་རྗེས་སུ་དཔག་པ་དེ་ངེས་པ་ཡང་མ་ཡིན་ལ། གང་ཡང་རང་གི་རྒྱུད་ཀྱི་གསལ་བའི ་བདག་ཉིད་རྗེས་སུ་དཔག་པས་ངེས་ཞེས་པ་འདི་ནི་གསལ་བར་བྲམ་ཟེའི་ལྟེ་བ་སྟེ། དེ་ལ་འདིར་གང་སྣང་དུ་རུང་བའི་བདག་ཉིད་མ་དམིགས་པར་བྱེད་པ་ནི་མེད་པའི་ཐ་སྙད་དུ་བྱ་སྟེ། འདིར་སྔོན་པོ་རྟོགས་པར་བྱེད་པས་རྟོགས་པ་གྲུབ་ན་དེ་ཡང་རྣམ་པ ་མེད་པས་སྔོན་པོ་ལ་སོགས་པ་ལ་གནོད་པའི་ཕྱིར་རོ།། དེ་ལ་བ་ལང་ཁྲ་བོ་གང་ཞིག་མཐོང་བར་བྱེད་པ་དང་ཁྲ་བོའི་ཕྲུ་གུ་དག་ལ་བང་ཡང་དག་ཉིད་དུ་སོ་སོར་རྟོག་པ་ཡོད་པ་ལ་བ་ལང་ཉིད་དུ་ཡང་མངོན་སུམ་གྱིས་གྲུབ་པོ་ཞེས་པ་ན་ནི། ཇི་ལྟར་གོང་བུ ་ཙམ་དུ་རྟོགས་པ་ཐ་དད་པས་ནི་པ་ཐ་དད་པའི་ལམ་དུ་མིན་ཏེ། དེ་ལྟར་དཀར་པོ་ཙམ་དུ་རྟོགས་པར་བྱེད་པ་དང་ཐ་དད་དུ་གསལ་བ་མ་ཡིན་ཀྱང་མ་རིག་པའི་བྱེ་དབང་གིས་གསལ་བ་དང་། སྔོན་པོ་དག་ཐ་དད་པར་གསལ་ཞེ་ན། སྤྱི་དང་རྫས། ་དག་ལ་ཡང་དེ་བཞིན་དུ་འགྱུར་ལ་ཅི་མ་རིག་པའི་དབང་གིས་སོ་སོར་མྱོང་བའི་དོན་མེད་པ་ཉིད་དུ་ནུས་ཞེས་པ་ནི་གཉིས་ལ་ཡང་ཐེ་ཚོམ་མོ།། གལ་ཏེ་སྔོན་པོར་མཐོང་བ་འཁོ་ན་གསལ་བའི་སྣང་བ་དང་། དེ་ལྟ་ན་ནི་གོང་བུ་མཐོང་བ་ཁོ་ན་སྤྱི་ལ་སོགས ་པ་ཡང་མཐོང་ཞེས་པ་ནི་ནུས་པའོ།། གནོད་བྱེད་སྐྱེ་བོ་ལ་སོགས་པས་མི་གནོད་དེ། རྟོགས་པའི་ཐ་དད་པ་ཡིན་ཞེ་ན། གནོད་པ་མེད་པར་མ་གྲུབ་སྟེ། སྔོན་པོ་ཐ་དད་དུ་གསལ་བ་མེང་པའི་ཕྱིར། གཞན་གྱི་བདག་ཉིད་ཀྱིས་གསལ་བ་གང་དེས ་སྔོན་པོ་ཅུང་ཟད་གསལ་བ་མེད་དོ།། མར་མེ་འབུམ་པ་གསལ་བས་གསལ་བ་བཞིན་ནོ་ཞེ་ན། དེ་ལ་ཡང་གལ་ཏེ། ཐ་དད་ན་དེ་བཞིན་ཁོ་ནར་འགྱུར་ལ་དེ་ཡིས་གཞན་བདེན་པ་མ་ཡིན་པ་ལ་བདེན་པ་གསལ་བ་མེད་དོ།། སྔོན་པོ་ནི་གཞན་ཉིད་དུ ་མེད་པའི་ཕྱིར་སྒྲ་དོན་ནོ་ཞེ་ན། གཞན་ཉིད་དུ་མེད་ན་གསལ་བའི་རང་ཡང་ཡོད་པར་མི་འགྱུར་ཞེས་པ་ཉིད་དེས་ན་འདིའི་རིགས་པ་མེད་པར་འགྱུར་རོ།། མ་རིག་པའི་དབང་གིས་རྗེས་སུ་མེད་ཀྱང་སྔོན་པོའི་སྒྲ་དོན་དུ་གསལ་བར་བྱེད་ལ་སྔོན་པོ་དང་གསལ ་བ་དག་ཏུ་བཏགས་པ་ཡང་དེའི་བདག་ཉིད་ལ་སོགས་པའོ་ཞེས་པའི་འདོད་པ་ནི་ཅི་ཡང་མིན་ཏེ། ཤེས་པ་རྣམ་པ་ཐམས་ཅད་རང་རིག་པ་ཙམ་པོ་ཉིད་དུ་བརྟགས་པའི་དམིགས་པ་ལ་བཀག་པའི་ཕྱིར་རོ།། མ་རིག་པའི་དབང་གིས་དེ་ལྟར་གྲགས་ཞེས་པའི ་བའི་མ་རིག་པས་སྔོན་པོ་གསལ་བར་བྱེད་པ་ཉིད་ན་མ་རིག་པའི་སྐྱེད་པ་པོར་གྱུར་པས་གསལ་བར་མི་འགྱུར་ཞེས་པ་ནི་སྔོན་པོ་སྒྲ་དོན་དུ་རྟོགས་པར་ཡང་མི་འགྱུར་རོ།། སྒྲ་དོན་གྱི་སྔོན་པོ་ལ་སོགས་པ་ནི་འབྲས་བུ་ཉིད་དུ་མེད་ཅེ་ན་མིན་ཏེ། རང་ཉིད ་གྲུབ་པ་ལ་གཞན་གྱི་བྱ་བ་ལ་བལྟོས་པ་དང་བཅས་པ་ལ་ནི་འབྲས་བུར་བརྗོད་ལ། སྔོན་པོ་ནི་ཡུལ་དུ་ངེས་པ་ཡིས་སྐྱེས་པས་འབྲས་བུ་གཞན་བཞིན་དུ་ཇི་ལྟར་གཞན་ལས་འབྱུང་བར་མི་འདོད། སྔོན་པོ་ནི་གཞན་ལས་སྔོན་པོ་སྐྱེ་བ་མཐོང་ལ ་དེའི་ཕྱིར་མེད་པས་ཤེས་པ་ནི་སྣང་བ་མེད་པའི་ཞེས་པ་ལ་སོགས་པ་ནི་འདོད་པས་རྟོགས་པར་བྱས་ཏེ། མ་མཐོང་བ་ལ་རྗེས་སུ་འགྲོ་བ་དང་ལྡོག་པ་མི་རྟོགས་པས་མི་འགྲུབ་པོ།། འདིར་བདེ་བ་ལ་སོགས་པ་ཅན་གྱི་རྗེས་སུ་གཟུང་བ་ལ་སོགས ་པའི་བདག་ཉིད་ཅན་ནི་རང་གི་ནང་དུ་གསལ་བར་བྱེད་ལ། བདེ་བ་ལ་སོགས་པའི་རྣམ་པ་ཉིད་ལ་ཡང་སྔོན་པོ་ལ་སོགས་པའི་རྣམ་པ་གནས་པར་རྣམ་པ་མེང་པའི་ཤེས་པ་རློམ་པར་བྱེད་པའི་གནས་པ་ནི་དོན་ལ་མ་རིག་པའི་དབང་གིས་རྣམ་པར ་ཆད་པའི་ཡུལ་དུ་སྔོན་པོ་ལ་སོགས་པའི་སྒྲ་དོན་གྱིས་གསལ་བ་ཅན་དུ་ཉམས་སུ་མྱོང་བར་འགྱུར་ལ། སྒྲ་དོན་དོན་དམ་པར་མེད་པའི་ཕྱིར་ན་དེ་ལ་བལྟོས་པས་འདིར་འཛིན་པ་ཡང་མ་ཡིན་ཞེས་པས་ན་གཉིསུ་མེད་ཅེས་བྱ་ཞེ་ན། རང་རིག་པ་ཙམ ་ལ་ནི་བདེ་བ་ལ་སོགས་པ་མེད་ལ། གཞན་རིག་པ་ན་མ་རིག་པ་མི་སྲིད་པའམ་འཛིན་པ་མེད་པའི་ཕྱིར་ཇི་ལྟར་གཞན་རིག་སྟེ། དེ་ཡང་ཐམས་ཅད་དུ་ཁྱད་པར་མེད་པས་དེ་སྲད་དུ་དུས་གཅིག་ཡིན་པའི་ཕྱིར་གཞན་གྱི་རྒྱུད་ལ་ཡོད་པའི་སྔོན་པོ་ལ ་སོགས་པའི་རིག་པ་ཐ་དད་པའི་བདག་ཉིད་ཅན་གྱི་དུས་ཅན་རྣམས་འདིར་རིགས་པར་ཐལ་བར་འགྱུར་ཏེ། ཚོགས་པ་གཅིག་ལ་ཡང་རག་མི་ལས་པའི་ཕྱིར་རོ།། ཁྱེད་ཀྱི་འདོད་པས་ནི་སྒྲ་དོན་གྱི་སྔོན་པོ་ལ་སོགས་པར་འབྲས ་བུར་མི་འགྱུར་ཏེ། རག་མི་ལས་པ་ཉིད་ཅེས་པ་སྟེ། རྒྱུ་གཅིག་ལས་བྱུང་བ་རྣམས་ཀྱང་ལྷན་ཅིག་ཏུ་ཡོད་པར་དེས་རིག་པ་ཡང་མིན་ཏེ། དུས་གཅིག་པར་ཡང་རང་རང་གི་ངོ་བོར་ངེས་པ་ཉིད་ཀྱིས་རང་དང་གཞན་གྱི་ངོ་བོ་ཡོངས་སུ་སྤངས་པའི་ཕྱིར་རོ ་གང་ཡང་ཉེ་བར་ལེན་པ་མེད་པ་རྣམས་ནི་ཀུན་རྫོབ་དུ་ཡང་མེད་པས་ཚུ་རོལ་མཐོང་བའི་སྤྱོད་ཡུལ་མིན་པའི་རྣམ་པ་མེད་པའི་ཤེས་པར་གཅིག་ཏུ་བདེན་པར་འདོད་དེ། ཇི་ལྟར་དམིགས་པ་དང་རྣམ་པ་ཡོངས་སུ་མ་ཆད་པའི་ཀུན་གཞིའི་རྣམ་པར་ཤེས་པ ་ཞེས་འདོད་ལ། དེ་ལ་བདེན་པའི་རང་རིག་པའི་རང་གི་རྒྱུད་ལ་ལྐོག་ཏུ་གྱུར་པས་རྗེས་སུ་དཔོག་པས་བསྒྲུབ་ཅེས་པའི་རྟགས་ནི་སྒྲ་དོན་གྱིས་སྔོན་པོ་ལ་སོགས་པ་ཅན་ནོ་ཞེས་པ་ཉེ་བར་དགོད་པ་ནི་མི་རིགས་སོ།། ཉེ་བར་ལེན་པའི་ནི་ཀུན་རྫོབ་དེ་ཀུན་རྫོབ་ཏུ ་གང་ཞིག་དེའི་རྗེས་སུ་འགྲོ་བ་དང་ལྡོག་པས་རྗེས་སུ་བརྟགས་ན་མ་དམིགས་པ་ལས་ས་བོན་དང་མྱུ་གུ་ལྟ་བུ་ནི་མི་མཁས་པ་ལ་མཁས་པར་མངོན་པར་རློམ་པའི་ཤེས་པ་ལ། དངོས་པོ་མེད་པའི་ངོ་བོའི་ཀུན་རྫོབ་ཀྱིས་རང་གི་ངོ་བོས་དངོས་པོ་མེད་པར་གྱུར ་པ་ཉིད་ལ་ས་བོན་དུ་རིགས་པའི་དངོས་པོར་མེད་དེ། དེའི་དེ་འགལ་བའི་ཕྱིར་རོ།། དོན་དམ་པའི་ས་བོན་ནི་གང་དུ་ཡང་མེད་པས་རྗེས་སུ་འགྲོ་བ་ལ་སོགས་པ་མ་གྲུབ་པ་སྒྲ་དོན་གྱི་སྔོན་པོར་སྣང་བ་ཉིད་ཅེས་པ་ལ་ནི་གང་དུ་འཇུག་སྟེ། ཤེས་པ་ལ་སོགས ་པ་ལ་མཉམ་པར་བརྟེན་པས་བདག་སྨྲ་བ་དང་འདྲ་བ་ཉིད་དོ།། ཁྱད་པར་གྱི་གཞལ་བྱ་བདག་ཉིད་ཀྱིས་མི་གསལ་ཡང་དེ་གནས་པ་མི་འགལ་ཅེས་པའི་གསལ་བ་བདག་ཉིད་ཀྱིས་བརྗོད་པར་མི་ནུས་པ་ལ་ནི་སུན་འབྱིན་པ་གཞལ་བྱ་ལ་བལྟོས་པ་མང་ང།། ། ་འདི་རྣམས་ཀྱིས་ནི་གང་ཞིག་རྟོགས་པ་ཙམ་གྱི་རྗེས་སུ་འཇུག་པའི་ངོ་བོ་ཀུན་གཞིའི་རྣམ་པར་ཤེས་པ་ནི་དངོས་པོ་སྔོན་པོ་ཞེས་པ་ལ་སོགས་པའི་ངོ་བོ་ཡིས་རྗེས་སུ་འཇུག་སྟེ། དེའི་ཕྱིར་བག་ཆགས་ལ་བརྟེན་པས་སྔོན་པོ་ལ་སོགས་པའི་ཤེས་པ ་སྐྱེ་བར་འགྱུར་ལ། རང་གི་སྐད་ཅིག་ལ་ནི་དེ་རྣམས་ཀྱང་ཡང་ཀུན་གཞིའི་རྣམ་པར་ཤེས་པ་ལས་སྔོན་པོ་ལ་སོགས་པའི་ཤེས་པ་དེ་རྣམས་ནི་མེད་དེ། བག་ཆགས་ལ་གནོད་པ་བྱེད་ན་ནི་སྔོན་པོ་ལ་སོགས་པའི་དངོས་པོ་མེད་པ་བསྒོམས་པར་འགྱུར ་བོས། དེས་སྟོང་པའི་རྣམ་པར་ཤེས་པ་ཙམ་སྐྱེས་ནས་གཉིས་སུ་མེད་པའི་རྣམ་པར་ཤེས་པ་མངོན་སུམ་དུ་བྱེད་ཅེས་བཤད་དེ་དེ་ལ་རྣམ་པ་མེད་པའི་ཀུན་གཞིའི་རྣམ་པར་ཤེས་པ་དང་སྔོན་པོ་ལ་སོགས་པའི་ཤེས་པའི་རྣམ་པ་དང་བཅས་པ་དེ ་ཉིད་དཔྱད་དེ་རྣམ་པར་ཤེས་པ་གཅིག་ལ་ནི་རྣམ་པ་དང་བཅས་པ་དང་། རྣམ་པ་མེད་པ་ཞེས་པ་ནི་ཕན་ཚུན་འགལ་བ་ལ་དེ་ཇི་ལྟར་འཇུག་པ་ཡིད་ཀྱི་རྣམ་པར་ཤེས་པ་རྣམས་ཀྱི་རྣམ་པ་དང་བཅས་པ་ཉིད་ལ་རྣམ་པ་མེད་པའི་ཀུན་གཞིའི་རྣམ་པར ་ཤེས་པ་ཡང་དེའི་ངོ་བོས་རྗེས་སུ་འཇུག་པ་ཡང་དཔྱད་པར་ཡང་བྱ་སྟེ། གཅིག་ལ་གཉིས་ཀྱི་བདག་ཉིད་ཅེས་པ་འདི་ནི་སྐྱེས་བུ་ང་རྒྱལ་ཅན་གྱི་འཁྲུགས་པའི་བཤད་པ་སྟེ། དེ་བརྟགས་པ་ལ་དགོས་པ་མེད་དོ།། གང་འདིའི་འདོད་པས་དབེན་པའི་སྔོན ་པོ་ལ་སོགས་པའི་རྣམ་པའི་ཤེས་པ་ན་མཁའ་བཞིན་དུ་བསྒོམ་པར་བྱས་ན་བསྒོམས་པའི་སྟོབས་རྫོགས་པ་ན། དེ་ལྟར་རྣམ་པ་མེད་དེ་གང་ཡང་གཞན་དུ་དེ་ཉིད་ན་མཁའ་བཞིན་དུ་ཀུན་སོན་པ་ཉིད་ཀྱིས་ཁྱབ་པ་ཞེས་འདོད་པ་ནི་གཉི་ག ་ཡང་ཤིན་ཏུ་འཁྲུལ་ཏེ། སྔོན་པོའི་རྣམ་པར་ཤེས་པ་མི་འགྲུབ་ལ། གྲུབ་ན་དེའི་འདོད་པས་དེ་ཉིད་དོན་དམ་པའི་ངོ་བོ་ཉིད་ལ་དེའི་རྣམ་པ་བཟློག་ནས་བསྒོམས་པས་ཡང་དག་པ་མ་ཡིན་པར་འགྱུར་བས་དྲི་ཡིས་བསྐྱེད་པའི་ཤེས་པ་ཡང་ཁོ་ན་ཉིད་མིན ་ཏེ། ཟད་པར་ས་དང་། རྣམ་ཤེས་མཐའ་ཡས་ཀྱི་སྐྱེ་མཆེད་ལ་སོགས་པ་བཞིན་ནོ།། གང་དུ་སོ་སོའི་སྐྱེ་བོའི་གནས་སྐབས་རྣམས་ལ་ཚད་མས་འཐད་པའི་རྣམ་པ་མེད་པའི་རྣམ་པར་ཤེས་པ་སྒྲ་དོན་གྱི་རྣམ་པ་ཉེ་བར་བསྡུས་ནས་བསྒོམས་པས ་གསལ་བར་འགྱུར་བས་རྣམ་པར་རྟོག་པ་མེད་པ་སྟེ། ཐོག་མ་མེད་པའི་འཁྲུལ་པ་ལོག་པས་རྣམ་པའི་འཁོར་ལོ་མི་སྣང་ནས་རྣམ་པ་མེད་པའི་ཤེས་པ་འབའ་ཞིག་གསཔ་ལ་བཅོམ་ལྡན་འདས་ཀྱི་གཟུགས་ཀྱི་སྐུ་དེའི་ནང་ན་རྣཾས་ཀྱིས་སྣང་བའོ་ཞེས ་འདོད་པ་དེ་ཡང་བཅོམ་ནས་སྣང་བ་མེད་པ་ལ་མྱོང་བ་ནི་གང་དུ་ཡང་མ་གྲུབ་ལ། དེའི་རྗེས་ཀྱི་སེམས་དག་པ་འཇིག་རྟེན་པའི་རྣམ་པར་རྟོག་པའི་བདག་ཉིད་ཅན་ནི་བདག་ཉིད་མེད་པས་མྱོང་བ་པོ་མེད་ཅེས་པ་སྟེ། སྔར་བརྩད་ཟིན་ཏོ།། འོན་ཏེ་ཡང་དག་པའི ་བདེན་པའི་གཟུང་བ་དང་འཛིན་པ་ལ་མངོན་པར་ཞེན་ནས་འཇིག་རྟེན་པ་བཞིན་དུ་རྣམ་པར་རྟོག་པའི་སྒྲ་དོན་སྔོན་པོ་ལ་སོགས་པ་ལ་དམིགས་པའི་ཕྱིར་དམིགས་པ་དེ་ཡང་རྣམ་པར་དཔྱད་ཟིན་ཏོ།། དེ་ནས་རྒྱུད་ལམ་ན་གཟུགས་ཀྱི་སྐུ་བཅོམ་ལྡན་འདས ་ལ་སོ་སོར་སྣང་ན། སོ་སོའི་རྣམ་པ་ཉིད་ཀྱི་སྒྲ་དོན་གྱི་གཟུགས་ཀྱི་སྐུ་གཉིས་སུ་སྒྲ་དོན་གྱི་བརྟགས་པའི་ངོ་བོའི་སྐྱེད་པ་སོ་སོར་རྩ་བའི་ཤེས་པའི་ཡོདས་སུ་སབ་པའི་ཕ་བོ་ཡང་འཁྲུལ་པར་འགྱུར་ལ། དེས་དེ་བཞིན་གཤེགས་པ་ཡང་འབྲལ། ་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལ་དེ་མི་སྣང་ན་ནི་བཅོམ་ལྡན་འདས་ཀྱི་སྨོན་ལམ་དང་གདུལ་བྱའི་བསོད་ནམས་ཀྱིས་གདུལ་བྱ་རྣམས་ལ་ལོངས་སྤྱོད་གས་སྤྲུལ་པ་སྒོའི་ས་སོར་སྣང་བས་རྣམ་པ་མེད་པའི་རྟོགས་པ་ཇི་ལྟར་གྲུབ ་སྟེ། གང་གི་ནི་སྨོན་པ་གང་ནི་བཅོམ་ལྡན་འདས་གང་ནི་གདུལ་བྱ་གང་གི་གང་ནི་སྲས་རུང་བའི་བསོད་ནམས་ལ་ཇི་ལྟར་གཟུགས་ཀྱི་སྐུ་དག་ལ་སོ་སོར་སྣང་བས་ང་ལྟར་ཐམས་ཅང་དུ་ཡང་གཟུགས་ཀྱི་སྐུ་གཉིས་སུ་སྣང་བའི་མཚན་ཉིད་ཅན་ལ ་སོགས་པ་གསུངས་པའི་དོན་དམ་པར་འགྱུར་ཞེས་པའི་ལུང་གིས་འགལ་བ་ཡང་སྦྱངས་པ་དཀའ་བ་ལ་གང་ཡང་སྣང་བ་མེད་པའི་གསལ་བར་སྨྲ་བའི་སྔོན་གྱི་སླེབ་དཔོན་རྣམས་ཀྱི་ས་དང་སེཾས་ཀྱི་རྣམས་ཀྱི་འཁྲུལ་པ་བརྗོད་པར་བྱས། དེ་ནི་རབ ་ཏུ་འཇུག་པར་བྱ་སྟེ། དེ་ཉིད་ནི་དོན་མེད་པར་ཡོད་པ་མ་ཡིན་ཏེ། རང་རིག་པའི་མངོན་སུམ་སྔོན་པོ་ལ་སོགས་པའི་འཛིན་པ་དག་ཐ་དད་ཀྱང་མིནི་ལ་མེད་པ་ཡང་ཡིན་ཞེས་པར་འདོད་པ་ནི་གཉིས་ཀྱི་བདག་ཉིད་ཅན་ཡང་མེད་པ་ཉིད་དེ། དེ་ཉིད་མི་རྩོད་པ ་དང་། སུར་བྱུང་བ་ཡང་ནི་གྲངས་ཅན་གྱི་གྲུབ་མཐར་འགྱུར་རོ།། གཅེར་བུ་པས་ཀྱང་རྣམ་པར་ཤེས་པ་དེ་རྣམ་པར་བྱུང་བ་དང་། རྣམ་པར་མེད་པར་འགྱུར་བའོ་ཞེས་ཕྱི་རོལ་དང་རྣམ་པར་ཤེས་པ་དག་གང་དུ་ཡང་ཐ་དད་པ་དང་ཐ་མི་དད་པ་མེད་པས་ངོས ་པོ་རྣམས་མཐའ་གཅིག་པ་ཉིད་ཀྱི་ཕྱི་རོལ་དུང་ནང་ཉིད་མེད་པར་འདོད་དོ།། ཐ་དད་པའི་གསལ་བ་དག་ལས་ཐ་མི་དད་པའི་སྤྱི་ཞེས་ནི་བྱ་བ་སྟེ། ཐ་དད་པ་དང་ཐ་མི་དད་པའི་དངོས་པོ་ཁོ་ནས་འགྲོ་བ་ཞེས་བརྗོད་དོ།། དེ་ལ་གལ ་ཏེ་དཀར་པོ་དང་ནག་པོ་དག་གིས་གཉིས་ཀྱིས་བདག་ཉིད་ཅན་ཉིད་ན། དེ་ལ་ཁྲ་བ་དང་སྐྱ་བོ་དག་མཐོང་བར་བྱེད་པ་དག་ལ་ཡང་བ་ལང་ཉིད་དུ་ངེས་པ་ཡོད་པར་མངོན་སུམ་གྱིས་གྲུབ་པ་དེ་ཡང་ཞོག། ཇི་ལྟར་ཡང་གོང་བུ་ཙམ་དུ་ངེས་ཀྱི་ཐ་དད་པ་མིན ་ཏེ། གསལ་བ་ཉིད་དང་། སྔོན་པོ་ཙམ་དང་། བདེ་བ་ཙམ་དུ་གསལ་བ་ནི་ཐ་དད་པ་མིན་པས་དེ་དག་གཅིག་ཏུ་གསལ་བའོ།། གལྤ་ཏ་རང་རིག་བྱའི་མངོན་སུམ་གྱིས་དཀར་པོ་དང་ནག་པོ་དག་ཐ་མི་དད་པར་རྟོགས་ཀྱང་མ་རིག་པའི་དབང་གིས་ཐ ་དད་པར་དམིགས་པ་དེ་ཡིས་ན་གཉིས་སུ་མེད་པར་ཡིད་མི་ཚས་ན། དེ་ལྟར་ན་ནི་ཁྲ་བོ་དང་། མང་པོ་དག་གི་བ་ལང་ཉིད་ལ་ཡང་དེ་བཞིན་དུ་འགྱུར་རོ།། ཅི་མ་རིག་པའི་དབང་གིས་གཉིས་སུ་མེད་པར་ངེས་མ་མྱོང་སྟེ། འདིར་མེད་པ་ཉིད་ཀྱིས་ཞེས་པ ་ནི་གཉི་ག་ལ་ཡང་ཐེ་ཚོམ་དུ་འགྱུར་ལ། གལ་ཏེ་སྔོན་པོ་དང་བདེ་བ་མཐོང་བ་ཁོ་ན་གཉིས་སུ་མེད་པར་ངེས་མཐོང་བ་ན། དེ་ལྟ་ན་ནི་གོང་བུར་གང་ཞིག་མཐོང་བ་ཉིད་ལ་སྤྱི་ལ་སོགས་པར་མཐོང་བའོ་ཞེས་ནུས་པའོ།། གལ་ཏེ་ཡང་གསལ་བ་དྲི་ཉིད་བདེ ་བའི་ངོ་བོ་དང་། སྔོན་པོའི་ངོ་བོ་ནི་སྔོན་པོ་འདི་ཉིད་བདེ་བར་འགྱུར་བ་འམ། བདེ་བ་སྔོན་པོ་ཉིད་དུ་འགྱུར་ན། དེ་ལྟར་ཡང་མིན་ཏེ། བདེ་བ་དང་སྔོན་པོ་དག་ནི་རྣམ་པར་ཆད་པའི་ཡུལ་ཉིད་པས་སྦྱོར་བ་མེད་པར་ཉམས་སུ་མྱོང་བས་གྲུབ་པའི་ཕྱིར་རོ།། ་འོན་ཏེ་སྔོན་པོ་དང་བདེ་བ་དག་ཀྱང་ཐ་མི་དད་པ་ཡང་མ་ཡིན་པས་རང་རིག་པའོ་ཞེས་ཏེ། གྲང་སྔོན་པོ་དེ་ཉིད་བདེ་བ་ཞེས་པ་དང་། བདེ་བ་ཡང་གཞན་ལ་སྔོན་པོ་ཡང་གཞན་ཞེས་པ་ནི་ཕན་ཚུན་འགལ་ཏེ། དེས་གང་ལས་ཐ་དད་པའི་གོ ་སྐབས་ཉིད་ཀྱི་མཚམས་སུ་རྟོགས་པར་བྱེད་པ་མེད་པའི་ཕྱིར་རོ།། རྣམ་པར་རིག་པ་ཙམ་གྱི་ཚུལ་གང་ཞིག་ནི་གསལ་བ་གཅིག་པུའི་ངོ་བོ་ཡོད་དེ། མི་གསལ་བ་མེད་པའི་ཕྱིར་འདི་ཉིད་ཐ་མི་དད་པར་གནས་ལ། ཕྱི་རོལ་དག་པ་ནི་དེ་ཁོ ་ན་ཉིད་དུ་མི་གསལ་བ་ཉིད་ཀྱིས་དེ་ནི་མི་དམིགས་པ་ལས་གཞན་པའི་མེད་པ་ནི་མེད་པས། དེའི་ཕྱིར་གཞན་དུ་མངོན་པར་འདོད་པའི་ཞད་ཙམ་ཡང་རྟོགས་པ་མེད་པ་ཉིད་ལ་གང་ལས་ཐ་དད་དེ། འདས་པ་ལ་སོགས་པ་ལ་ནི་རིག་པ་མེད་དེ ་མེད་པའི་ཕྱིར་དང་། དེ་ལྟར་སྔ་མ་དང་ཕྱི་མ་ཉིད་ལ་གསལ་བ་མེད་ལ། གསལ་བར་བྱ་བ་ཡང་སྔ་མ་དང་ཕྱི་མ་ཉིད་དུ་མི་སྦྱོར་བའི་ཕྱིར་ཏེ། དེ་བརྗོད་པ་ནི་འཁྲུལ་དང་མ་འཁྲུལ་བརྟགས་དང་མ་བརྟགས་པ།། དཀར་པོ་ནག་པོ་ལ་སོགས་དབང་སྐྱེས ་མ་ལུས་རྣམས།། ཤེས་ལས་གཞན་དུ་ཐ་མི་དད་པར་ལྷན་ཅིག་དམིགས།། སྔོན་དང་ཕྱི་མ་ཉིད་ལ་རིག་པོ་མེད་པ་ཉིད་ཅེས་བྱ་ཞེ་ན། ཅི་གྲུབ་པའི་མཐའ་ཡང་ས་ནི་ལྟུང་བར་བྱེད་པ་བརྩོམ་པ་འདིས་ནི་གཞན་གྱིས་རྒྱུད་མེད་པར་བྱེད་པར་འགྱུར་བ་སྟེ། ་རྒྱུད་གཞན་སྲིད་པ་ན་ནི་ངེས་པར་རང་གི་སེམས་དེ་ལས་ཐ་དད་པ་ཅན་ལ་ཐ་མི་དད་པ་ནི་རང་གི་རྒྱུད་ལས་གཞན་གྱི་རྒྱུད་དུ་འདིར་མི་འགྱུར་རོ།། དེ་ལྟར་འདོད་པའི་ཕྱིར་མི་འགྱུར་ཏེ། གང་དུ་བརྗོད་པ། མངོན་སུམ་རང་རིག་པ་ཙམ་དང་། གང་དུ་ཀུན ་ཏུ་གནས་གྱུར་པས།། འདོད་པས་དག་ཡོད་ཅེས་བརྗོད་པ།། འདི་ལ་ཁོ་བོས་མཚར་དུ་བརྩིས།། ཞེས་བྱ་བ་ན།། ཚུལ་ཆེན་པོའི་དེ་ཁོ་ན་ཉིད་ལས་ཕྱིན་ཅི་ལོག་པའི་སངས་རྒྱས་པས་རིག་བྱེད་ཀྱི་གྲུབ་པའི་མཐའ་ཁས ་བླངས་པ་ཏེ། སྣ་ཚོགས་ཚངས་པར་སྨྲ་བ་རྣམས་ཀྱི་ནི་གཟུང་བ་དང་འཛིན་པའི་སྐྱོན་གྱིས་མ་གོས་པའི་བདག་གི་ངོ་བོར་ཡོངས་སུ་གསལ་བའི་ཆུ་དང་། མེ་ལ་སོགས་པའི་རྣམ་པའི་རྒྱུན་ཆད་པ་མེད་པ་རྟག་པའི་རང་རིག་པ་ཙམ་གྱི་གཉིས་སུ ་མེད་པ་ནི་ཚངས་པ་ཤེས་པ་སྟེ། དོན་དམ་པའོ་ཞེས་པའི་གྲུབ་པའི་མཐའ་སྟེ། གང་དུ་སེམས་ཀྱི་འཁོར་ལོ་མེད་པའི་གཅིག་མེད་པའོ།། བདག་ཉིད་འདིས་ནི་ནམ་མཁའ་ཁྱབ་བདག་དེ་ལྟ་ནའང་།། དེ་བཞིན་གཤེགས་པའི་དེ་ལྟར་ཐུགས་ཀྱིས་གསལ ་བ་ཡིས།། སྒྲུབ་པར་བྱས་པ་དེ་ནི་ཤིན་ཏུ་དེ་ཉིད་མིན་ཞེས་ན།། དེ་ཉིད་ནི་ཅུང་ཟད་མིན་ཅིང་དེ་ཡང་ངེས་པར་དམ་པ་མ་ཡིན་ཏེ། མ་རེག་པ་དང་བཅས་པའི་ཤེས་པ་ལ་ནམ་མཁའ་བཞིན་གྱི་ཡུལ་དང་དུས་ལ་ཁྱབ་པ་པོ་ཉིད་ཀྱི་དེ་ཁོ་ན་ཉིད་སོ་སོར་སྣང ་བ་ཁྱོད་ཀྱི་ལྟེ་ར་ན། མ་རིག་པ་མེད་པའི་དེ་བཞིན་གཤེགས་པའི་ཐུགས་ཀྱི་གསལ་བ་དེ་ཡང་དེ་ཁོ་ན་ཉིད་མིན་པ་མིན། སྣ་ཚོགས་གསལ་བ་ཙམ་གྱི་གཉིས་སུ་མེད་པ་ཞེས་པའི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ལ། ཅུང་ཞིག་དེ་ཁོ་ན་ཉིད་མིན་ཞེས ་འདིར་བཅོམ་ལྡན་འདས་འཁྲུལ་པ་ཉིད་ཅེས་སྨད་པ་བརྗོད་པའི་ཕྱིན་ཅི་ལོག་གི་ལམ་འཛིན་པ་སྟེ། དེའི་ཕྱིར་ན་འདིར་ཁྱབ་པར་མེད་པའི་སྣ་ཚོགས་པ་དང་འདིར་ནི་གཉིས་མང་དང་གསལ་བའི་སྒྲ་དོན་གྱི་རྣམ་པ་དང་བཅས་པས་གཉིས་སུ་གསལ ་ཞེས་པའི་གསུམ་གོ་ཁྱད་པར་མེད་དོ།། ཐ་མའི་འདོད་པ་ཡང་ནི་སྔ་མ་བཞིན་དུ་མི་དམིགས་པས་རྒྱུད་གཞན་མེད་པར་འགྱུར་ཏེ། རྣམ་པ་མེད་པའི་ཤེས་པ་ནི་རང་གསལ་བ་ཙམ་མོ།། གཉིས་སུ་མེད་པའི་སྔ་མ་དང་། ཕྱི་མ་མྱོང་བ་མེད་པའི་ངོ་བོའི ་རྣམ་པ་མེད་པར་སྨྲ་བའི་སངས་རྒྱས་པས་གཞན་གྱི་རྒྱུད་མེད་ཅེས་པ་ཁས་མི་ལེན་ཅིང་བདག་ཉིད་མེད་པའི་སྒྲ་དོན་གྱི་སྔོན་པོ་ལ་སོགས་པ་བཞིན་དུ། གཞན་གྱི་རྒྱུད་ཀྱི་གསལ་བ་མེད་པས་མེད་ཅེས་པ་ཉིད་ནི་སྣང་བ་མེད་པའི་ཚངས་པ་དང་ཁྱད་པར་མེད ་པར་ཐལ་བར་འགྱུར་ཏེ། རྣམ་པར་འཕྲོ་བའི་ཡུལ་གྱི་རྣམ་པ་ནི་རྟོགས་པའི་བདག་ཉིད་ལ་གསལ་བ་ཙམ་པོའི་ཚངས་པ་གཉིས་སུ་མེད་པ་ནི་དོན་དམ་པ་སྟེ། ཚུ་རོལ་གྱི་གནས་སྐབས་སུ་ནི་མ་རིག་པ་ཀུན་ཏུ་བསྒྲིབས་པ་སྟེ། དེ་ལ་རྟག་པ་དང ་ཁྱབ་བདག་ཉིད་ལ་སོགས་པའི་ཁྱད་པར་ལ་གོམས་པས་མ་ལུས་པའི་མ་རིག་པ་ཟད་ནས་དེའི་ཁྱད་པར་ལས་བྱུང་བ་འདིར་གསལ་བར་འགྱུར་ཞེས་པ་ནི་རིག་བྱེད་ཀྱི་གྲུབ་པའི་མཐའ་སྟེ། གཞན་གྱི་རྒྱུད་མི་སྲིད་ན་ཐུགས་རྗེ་ཆེན་པོའི་སྦྱིན ་པ་ལ་སོགས་པའི་དགེ་བའི་ཚོགས་ལ་སོགས་པས་མེད་པས་གང་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སྒྲུབ་པར་བྱ་བས་སྐྱེས་བུའི་དོན་མཆོག་ཏུ་འགྱུར། ཇི་ལྟ་ན་དེ་བཞིན་གཤེགས་པ་རྣམས་ཀྱིས་དཔག་ཏུ་མེད་པའི་གཞན་གྱི་སེམས་ཤེས ་པ་ལ་སོགས་པ་ཅན་ལ་ཡང་སྨོད་པར་འགྱུར་བས་དེའི་ཕྱིར་ཐ་དད་པར་འཛིན་པ་བཞིན་ཐ་མི་དད་པར་འཛིན་པ་ཡང་ཐོང་ཞིག། དེ་འདི་ལྟར། གང་ལས་ཐ་དད་མཐོང་བ་དང་།། མ་འདྲེས་ཐ་མི་དད་པར་ཤེས།། ཐ་དད་ཐ་མི་དད་དག་ལས།། གཞན་པའི ་དངོས་དང་དངོས་འཛིན་མེད་ཅེས་ཏེ། གང་དུ་ཡང་མེད་དོ།། དོན་དམ་པར་ནི་དངོས་པོ་གཟུང་བ་དང་འཛིན་པ་ཐ་དད་པ་འམ་ཐ་མི་དད་རྣམས་མེད་དོ་ངོ་བོ་ཉིད་མེད་པའི་ཕྱིར་ན་ཆོས་རྣམས་ཐམས་ཅད་ཀྱི་གཉི་ག་མེད་པའོ ་དེ་ཉིད་སྤྲོས་པར་དེས་རིག་པའི་ཕྱིར་རོ།། བདེན་པ་ཉིད་ལ་ནི་གཟུང་བ་ལ་སོགས་པ་དང་གཞན་པའི་བྱེ་བྲག་གི་བདེན་པ་དང་མི་བདེན་པ་ལ་སོགས་པའི་སྤྲོས་པ་དང་བྲལ་ཞིང་མེད་པས་དེ་ལ་མི་སྲིང་ངོ་།། དེ་ཉིད་ཀྱིས་ན་རང་དང་གཞན་གསལ་བའི ་ལྡོག་པའི་མ་བརྟགས་ན་ཉམས་དགའ་བས་མྱོང་བའི་བདག་ཉིད་ཀྱི་བྱེ་བྲག་གཞན་གསལ་བ་ནི་རིགས་པ་ཁོ་ནའོ།། བམ་པོ་ལས་ལྡོག་པ་ཙམ་གྱིས་ཀུན་རྫོབ་ཏུ་རང་གི་རིག་པའི་ངོ་བོར་ཡང་ཐ་སྦྱང་བྱེད་དེ་ཀུན་རྫོབ་ཏུ་ཡང་རྣམ་པར་ཆད་པའི་སྔོན་པོ་ལ ་སོགས་པ་ཅན་གྱི་ཕྱི་རོལ་ཉིད་ཀྱི་དངོས་པོ་མ་བརྟགས་ན་ཉམས་དགའ་བ་དེ་ནི་རྣམ་པར་རྟོག་པ་མེད་པའི་ཤེས་པ་དེས་ངེས་པར་འགྱུར་ལ། རྣམ་པར་རྟོག་པས་ནི་བདེན་པ་ལ་སོགས་པ་ཉིད་དུ་སྒྲོ་འདོགས། སྒྲོ་བཏགས་ནས་ཡང་ཐ་སྙད་རབ་ཏུ་འཇུག ་པ་པོའི་བྱེད་པ་པོ་སྟེ། རྗོད་བྱེད་དང་ལྡན་པའི་རྗོད་བྱེད་སྦྱོར་བའི་སྦྱོར་བྱའི་དོན་གསལ་བར་མ་ངེས་པ་ནི་རྣམ་པར་རྟོག་པའི་རྣམ་པར་འཇོག་ལ། རྣམ་པར་རྟོག་པ་ཉིད་ལ་དམིགས་པ་དང་མངོན་པར་རློམ་པ་ལ་སོགས་པ་ནི་རྣམ་གྲངས་ཏེ། དེ་ཉིད་ཀྱིས ་ཁོ་ན་ཉིད་མིན་པར་སྒྲོ་བཏགསོ་ནས་ཕྱིན་ཅི་ལོག་པས་དེ་ཁོ་ན་ཉིད་དང་དེ་ཁོ་ན་ཉིད་མིན་པ་གཏན་ལ་མ་ཕེབས་ནས། ཐེ་ཚོམ་དང་དེ་ཁོ་ན་ཉིད་མཐའ་གཅིག་པའི་ཡུལ་གྱི་ཕྱིར་ངེས་པ་ཞེས་པ་ལ་སོགས་པ་རྣམ་པར་བཞག་པར་རིག་པར་བྱའོ།། དེ ་ཉིད་ལ་ཀུན་རྫོབ་ཏུ་ཕྱི་རོལ་གྱི་དངོས་པོས་གནས་པ་འདི་ཐམས་ཅད་དང་གཞན་གྱི་སེམས་ཡོད་པ་ཉིད་ནི་ཁ་ན་མ་ཐོ་བ་མེད་པའོ།། ཐོག་མ་མེད་པའི་སྲིད་པ་ནས་གོམས་པའི་ཐ་སྙད་ཀྱི་བག་ཆགས་ཀྱི་དབང་གིས་ན་བྱིས་པ་དང་བུད་མེད་ལ ་སྩོགས་པ་དང་། ཡང་འཇིག་རྟེན་པས་སྐྱེས་བུ་ལ་སོགས་པ་ཅན་དུ་མངོན་སུམ་ཉིད་ཀྱི་སེམས་པ་དང་སེམས་པ་མེད་པ་དང་བདེན་པ་དང་མི་བདེན་པ་ལ་སོགས་པ་ཉིད་དུ་ཡོངས་སུ་གཅོད་ཅིང་། མྱུར་དུ་འཁྱུད་པ་དང་བརྡེག་པ་ལ་སོགས་པའི ་དོན་ལ་ཉེ་བར་འཇུག་ལ། ཐོས་པ་ལ་སོགས་པས་ཐེ་ཚོམ་མི་སྐྱེ་བ་ཉིད་དུ་གཞན་གྱི་སེམས་རྗེས་སུ་དཔག་སྟེ། དེ་ལྟར་ཡང་འདོད་སེམས་ཀྱི་དེ་མ་ཐག་ཏུ་ཚིག་གི་བརྗོད་པའི་བྱ་བ་སྟོན་ལ་དེ་མེད་པ་ནི་མི་སྟོན་པའི་རྗེས་སུ་འགྲོ་བ་དང་ལྡོག་པའི ་བདག་ཉིད་ཅན་དུ་འདོད་པའི་སེམས་དང་ལྷན་ཅིག་པས་ཚིག་ཏུ་བརྗོད་པ་ལ་སོགས་པས། རྒྱུ་དང་འབྲས་བུའི་དངོས་པོར་རྟོགས་པའི་བདག་ཉིད་ཀྱིས་དེའི་འདོད་པའི་སེམས་ཀྱིས་མྱོང་བའི་དུས་སུ་རྣམ་པར་ཆད་པའི་ཚིག་གིས་བརྗོད་པ་ལ་སོགས་པ་མཐོང ་ནས་དེའི་རྒྱུར་གྱུར་པའི་འདོད་པའི་རྗེས་སུ་དཔོག་པར་བྱེད་པས། རྒྱུད་གཞན་ལ་གནས་པ་སྟེ། ཚད་མ་དང་གཞལ་བྱའི་དངོས་པོ་ཐམས་ཅད་ནི་ཀུན་རྫོབ་པས་ན་ཡང་དག་པའི་ཀུན་རྫོབ་ལ་བརྟེན་པ་ཉིད་དུ་བྱ་སྟེ། གཞན་དུ་ནཱ་ནཱི་ཐམས་ཅད་འགྲུབ ་པར་འགྱུར་བའི་ཕྱིར་རོ།། དེ་ལྟར་ཡང་རྨི་ལམ་ལ་སོགས་པ་བཞིན་དུ་ཇི་ལྟར་འདོད་པའི་དོན་ཏུ་ཐོབ་པ་ཙམ་གྱི། དོན་དམ་པར་ནི་མ་ཡིན་པ་ཅན་གྱི་དངོས་པོའི་ཡུལ་ཉིད་ནི་ཐ་སྙད་བའི་ཚད་མར་རྣམ་པར་བཞག་པ་ལས་གཞན་དུ་ནི་མིན་ནོ།། དེ་ལྟར་ཡང ་xxx ་xxx ་xxx ་xxx ་ས་པ་ཡང་པག་པས་གནོད་པར་འགྱུར་གྱི། ཟིང་པོས་སེམས་པའི་དོན་བྱུང་སྦྱི་ན་མུ་ཡིན་ནི།། གང་མ་ལ་ཞུ་དང་ནི་མངོན་སུམྦྷ་དེ་ལ་ཛྙཱས་སྱཱ་ཤྲཱི་པས་སོ་གནང་ལ་གནོད་པ་ནི་བདན་པར་སྣ་བརྟགས་པ་ཉིད་ལ་སོགས་པ ་ས་པ་ན་གྱུང་བ་ལ་མ་མ་གྱུང་མོ།། དེས་མམམས་ཅ་མི་ཡང་པོ་བ་ནི། ཤིན་ཅིའི་ཐམས་པར་ས་ཐོས་པ་དང་དཔཔ་འང་བམེན་ཐ་པ་ཀྱང་། ས་། ་སྒྱུ་མ་ལྟ་བུའོ།། རྟེན་ཅིང་འབྲེལ་པར་འབྱུང་བ་ལས་སྐྱེས་པའི་རྩོད་པའི་གནས་སུ་གྱུར་པའི་དངོས་པོ་རྣམས་ཀྱང་ངོ་ཞེས་པ་ནི་རང་བཞིན་གྱིས་གཏན་ཚིགས་ཏེ། དེ་ཡང་བ་ལང་རྫི་ལ་སོགས་པ་རྣམས་ལ་གྲགས་པས་ཆོས་ཅན་མ་གྲུབ་པ་མེད་ལ། ་མིགས་པར་རུང་བ་མ་དམིགས་པ་ལ། གང་གང་དུ་དེ་བདེན་པར་དམིགས་པ་དེ་དེའི་འབྲས་བུ་ཞེས་རྗེས་སུ་འགྲོ་བའི་སྒོ་ནས་སམ། གཞན་རྣམས་ཡོད་པའི་མཐུ་དང་ལྡན་པའི་རྒྱུད་རྣམས་གང་མེད་ན་གང་མི་འབྱུང་བས་དེ་དེའི་འབྲས་བུའོ་ཞེས་ལྡོག་པའི་སྒོ ་ནས་ཀུན་རྫོབ་པའི་རྒྱུ་དང་འབྲས་བུའི་དངོས་པོར་གྲུབ་པ་ནི་ཀུན་རྫོབ་པའི་དེ་ཉིད་འཐད་ལ། སྔ་ནས་ཡོད་པའི་ཆོས་ལ་བྱེད་པ་པ་ཉིད་དང་། བྱ་བ་དག་གི་བྱེད་པ་པོ་གཅིག་པ་ཉིད་ནི་བརྟགས་པ་སྟེ། རྒྱུ་དང་རྐྱེན་ཚོགས་པའི་རྟེན་ཅིང་འབྲེལ་པ་ལས་སྐྱེ་བར་འགྱུར་བ ་ལ་ནི་ཆོས་ཞེས་བརྗོད་དེ། སྐྱེ་བའི་ཆོས་ནི་ཆོས་གཞན་ལ་བརྟེན་ནས་བདག་ཉིད་ཐོབ་ལ། དེ་ནི་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། འདི་ཡོད་པ་ལས་འདི་འབྱུང་བ་དང་འདི་སྐྱེས་པས་འདི་སྐྱེ་བར་འགྱུར་ཞེས་པས་ནི་འགལ་བ་མེད་དེ་མཐུན་པའི་ཕྱོགས་ལ ་ཡོད་པའི་ཕྱིར་རོ།། མ་ངེས་པ་ཡང་མ་ཡིན་ཏེ། དོན་དམ་པ་པའི་རང་བཞིན་གྱི་སྐྱེ་བ་མི་འཐད་པའི་ཕྱིར་དང་། མི་སྦྱོར་བ་ནི་འཐད་པའི་ཕྱིར་རོ།། དོན་དམ་པར་རྒྱུ་དང་འབྲས་བུའི་དངོས་པོ་གྲུབ་པ་མེད་པའི་ཕྱིར་རོ།། མ་གྲུབ་པ་ནི་དོན་དམ་པར་ཤེས་པའི་བདག ་ཉིད་ཀྱིས་བདག་ཉིད་ལ་འཛིན་པ་ལ་སྦྱོར་བར་མི་འཐང་བའི་ཕྱིར་རོ།། རང་རིག་པའི་ཤེས་པ་རྣམས་ཀྱང་རང་རིག་པ་ཙམ་དུ་བྱ་བས་སྔ་མོ་དང་ཕྱི་མའི་དངོས་པོ་གང་དུ་ཡང་འཛིན་པའི་ཕྱིར་རྒྱུད་གཅིག་ཉིད་དུ་བཏགས་པས་དངོས་པོར་མེད་པའི་ཕྱིར་དང་། རྒྱུ་ཐ་དད ་པ་ཅན་རྣམས་ཀྱང་ཕན་ཚུན་མི་རིགས་པའི་ཕྱིར་དང་། དམིགས་པའི་དུས་སུ་ཡང་རྒྱུ་དང་འབྲས་བུར་མངོན་པར་འདོད་པ་དག་འགེགས་པའི་ཕྱིར་རོ།། རིམ་གྱིས་འབྱུང་བའི་བློ་སྔ་མ་དང་ཕྱི་མའི་དངོས་པོ་ཉམས་སུ་མྱོང་ནས་དེའི ་རྗེས་ལ་དེ་ལ་སེམས་རྣམ་པ་ཅན་གྱི་བློས་རྗེས་སུ་མཚམས་སྦྱོར་བས་སྔ་མ་ཁྱད་པར་ཅན་དུ་འདུས་བྱས་པའི་སྒྲོ་ན་ས་སྔ་མ་དང་ཕྱི་མའི་དངོས་པོ་རྟོགས་པ་ཉིད་དང་རྒྱུ་དོང་འབྲས་བུའི་དངོས་པོ་རྟོགས་པ་ཉིད་ཞེས་བྱ་ཞོ་ན། དེ་ནི་ཀུན་རྫོབ་ཀྱི་བདག་ཉིད་དུ་འགྱུར་ཏེ། ་ཀུན་ཏུ་མྱོང་བའི་དུས་ཀྱི་རང་གི་ངོ་བོ་ཙམ་རིག་པ་སྟེ། གང་དུ་འདི་ཉིད་རྣམ་པར་བཞག་པ་མེད་པས་དེ་ཉིད་ལ་མངོན་སུམ་གྱིས་ནི་རྒྱུ་དང་འབྲས་བུའི་དངོས་པོར་གྲུབ་པ་མེད་དོ།། དེ་ཉིད་ཀྱིས་ན་རྗེས་སུ་དཔག་པ་ཡང་མེད་པ་སྟེ། གང་ཡང་ཇི་ལྟར་འབྲས་བུ་སྐད ་ཅིག་ལ་རང་གི་རྒྱུའི་སྐད་ཅིག་གི་དངོས་པོ་མཐོང་ལ་དེ་མེད་ན་དེ་དེའི་རྒྱུའི་སྐད་ཅིག་དང་དུས་མཉམ་པའི་དངོས་པོ་མ་ལུས་པ་སྣ་ཚོགས་པར་གྱུར་པའི་སྐད་ཅིག་མའི་དངོས་པོ་ཡང་མཐོང་ལ་དེ་མེད་ན་མི་མཐོང་ཞེས་པ་ནི་དེའི་རྒྱུ་ཉིད་དུ་འགྱུར་བའི་ཕྱིར་ན། རྒྱུད་གང ་ཞིག་གི་རྒྱུ་དང་འབྲས་བུའི་དངོས་པོ་ནི་རིག་པ་མ་ཡིན་ཏེ། འདིར་ནི་དོན་དམ་པ་པའི་རྒྱུ་དང་འབྲས་བུའི་དངོས་པོའི་སྒྲུབ་པའི་སྐབས་ཡིན་པའི་ཕྱིར་རོ།། སྐད་ཅིག་མ་ལུས་གཞན་པ་ཡང་དོན་དམ་པའི་རྒྱུ་ནི་མ་གྲུབ་ལ། རྟག་པའི་དོན་ནི་རྒྱུ་དང་འབྲས་བུའི ་དངོས་པོར་མེད་པས་མངོན་སུམ་གྱི་ལྷན་ཅིག་གཟུང་བར་མི་ནུས་པ་ཉིད་པས་བདག་དང་དབང་ཕྱུག་ལ་སོགས་པའི་འབྲས་བུ་བདེ་བ་ལ་སོགས་པོར་ནི་རྗེས་སུ་འགྲོ་བ་གྲུབ་པ་མེད་པ། བདེན་པ་དེ་དང་མ་བྲལ་བར་གང་དུ་ཡང་བདེ་བ་མི་སྐྱེའོ།། དེ་ལ་ལྡོག ་པ་ཡང་མེད་དེ། རྟག་པ་ཉིད་ཀྱིས་ལྡོག་པ་ཅན་མིན་པའི་ཕྱིར་རོ།། དེའི་ཕྱིར་ན་དོན་དམ་པར་རྒྱུ་དང་འབྲས་བུའི་དངོས་པོར་གྲུབ་པའི་ཚད་མ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ།། གང་ཡང་དོན་དམ་པ་པའི་འབྲས་བུའི་སྐྱེད་པ་པོར་རང་ལས་སམ་གཞན་ལས ་སམ་གཉི་ག་ལས་སམ་གཉི་ག་མ་ཡིན་པ་ལས་སམ། རྒྱུ་མེད་པ་ལས་གྱུར་ཏེ། དེ་ལ་ཐོག་མ་མེད་པ་ནས་ཡོད་པ་དང་མེད་པའི་དངོས་པོའི་བདག་ཉིད་ལ་ནི་རྒྱུ་ཉིད་མི་འཐང་ལ། མེད་པ་ནི་མོ་གཤམ་གྱི་བུའི་རྗེས་སུ་འགྲོ་བ་བཞིན་དུ་མེད་པ་ཅིང་རང ་ཉིད་མ་སྐྱེས་པ་ལ་རང་ལས་སྐྱེ་བ་ནི་མེད་ལ། རྫོགས་ཀྱང་ཆ་ནས་མེད་པར་སྐྱེས་པས་ན་སེམས་པ་བཞིན་རང་ལས་ཇི་ལྟར་སྐྱེ་བར་འགྱུར། གང་ཞིག་རྫོགས་པ་མིན་པས་གང་ཞིག་རྫོགས་པར་འགྱུར་བ་ནི་དེ་དེའི་ངོ་བོ་ཉིད་དུ་སྦྱོར་བ་ནི་ཆོས་ཐལ་བར ་འགྱུར་བའི་ཕྱིར་རོ།། ཐམས་ཅད་དུ་ཡང་དངོས་པོ་རྣམས་ནི་གྲངས་ཅན་གྱི་འདོད་པས་རྟག་ཏུ་ངོ་བོ་ཉིད་ཀྱིས་གནས་པའི་མངོན་པར་གསལ་ཏེ། མངོན་པར་གསལ་པར་བྱེད་པ་རྣམས་ཀྱིས་མངོན་པར་གསལ་བར་རྟག་ཏུ་གནས་པའི་ཕྱིར་མངོན་པར ་མི་གསལ་པོ་ལ་སོགས་པའི་རྣམ་གཞག་མི་རིགས་པས། གསལ་བར་བྱེད་པ་རྣམས་ཀྱིས་ཅུང་ཟད་མ་བྱས་པའི་ཕྱིར་ནི་རྟག་ཏུ་ཡང་ཐམས་ཅད་རྟག་ཏུ་མངོན་པར་གསལ་བ་ལ་སོགས་པར་ཐལ་བ་ནི་བཟློག་པར་དཀའོ།། གཞན་ཡང་གང་དུ་གང་རང ་ལས་སྐྱེ་བ་ལ་ནི་ཡུལ་ལ་སོགས་པ་ངེས་པར་མི་འགྱུར་ཏེ། གཞན་ལ་བལྟོས་པ་འདི་གཞན་ལས་སྐྱེ་བར་འགྱུར་བའི་ཉེ་བར་མཁོ་བ་མེད་པ་ལ་བལྟོས་པ་ནི་རིག་པ་མ་ཡིན་ཞིང་བལྟོས་པ་བྱ་བ་ནི་རྟག་ཏུ་ཉེ་བའི་ཕྱིར་རྟག་ཏུ་འདི་ཉིད་སྐྱེ་བར་འགྱུརོ།། ། ་དེ་ཉིད་ཀྱིས་ན་ཐ་སྙད་དུ་ཡང་རང་ལས་སྐྱེ་བ་མི་སྲིད་ལ། གཞན་ལས་ནི་དུས་སྔ་མ་དང་ཕྱི་མའི་དུས་དག་ངོ་བོ་གཅིག་པར་མངོན་པར་འདོད་པས་རྟག་པ་ལ་སྐྱེ་བའི་ཐ་སྙད་ཀྱང་མི་རིགས་ཏེ། རྟག་པ་ལ་རིམ་དང་ཅིག་ཅར ་གྱི་བྱ་བ་བྱེད་པ་ཉིད་མེད་པའི་ཕྱིར་ན། དེ་ལ་ཚད་མས་གཞོན་དུ་ཉེ་བར་བརྗོད་པས་ཅི་ཞིག་བཏགས་པ་འཐད་དེ། དེའི་རྟག་པ་ནི་ནུས་པ་ཐམས་ཅད་དང་བྲལ་བའི་ངོ་བོ་རི་པང་གི་རྭ་དང་ཁྱད་པར་མེད་དེ། དངོས་པོ་ཐམས་ཅད་དང་བྲལ་བ ་ཉིད་ནི་དངོས་པོ་མེད་པའི་མཚན་ཉིད་དོ།། མི་རྟག་བྱ་སྐད་ཅིག་མའི་དངོས་པོ་ལ་སྐྱེ་བར་ཡང་མི་རིགས་ཏེ། མི་རྟག་པའི་དངོས་པོ་ནི་སྐད་ཅིག་མས་གནས་པའི་ཆོས་ཉིད་གཞན་དུ་འཐད་པས་བྱོས་སོ།། དེ་འདས་པ་ལས་མི་སྐྱེ་སྟེ། འདས་པ་མེད ་པ་ཉིད་ཀྱིས་ན་རྒྱུ་མེད་པ་ལས་སྐྱེ་བར་འགྱུར་བས་སོ།། མ་འོངས་པ་ལས་ཀྱང་མིན་ཏེ། མེད་པ་ཉིད་ཀྱིས་འབྲས་བུ་བསྐྱེད་པ་ནི་ན་མཁའི་མེ་ཏོག་ལ་སོགས་པ་བཞིན་ནོ།། ད་ལྟར་བྱུང་བས་ཀྱང་མིན་ཏེ། དེའི་ཡང་སྐྱེད་པར་བྱེང་བའི་འབྲས་བུ ་དང་དུས་མཉམ་པ་འམ་དུས་ཐ་དད་པ་སྟེ། དང་པོ་ནི་མིན་ཏེ། འབྲས་བུ་བསྐྱེད་པའི་སྔོན་དུ་རྒྱུ་མེད་པ་ཉིད་ཀྱིས་རེ་བོང་གི་ར་བཞིན་དུ་ནུས་པ་ལ་སྦྱོར་བ་མེད་པའི་ཕྱིར་རོ།། གང་ཡང་རྒྱུའི་བདག་ཉིད་ཐོབ་པའི་དངོས་པོ་དེས་འབྲས་བུ་ཡང་དེ ་དང་དུས་མཉམ་དུ་དེས་རྫོགས་ཤེ་ན་ནི། གང་གང་གི་རྒྱུ་ལ་དུས་ཐ་དད་པས་ཀྱང་ལམ་མངོན་པ་མིན་དེ་འདས་པས་མ་འོངས་པ་བསྐྱེད་པ་ལ་སྦྱོར་བ་མེད་པའི་ཕྱིར་རོ།། དེ་ནས་རྒྱུ་ཡོད་པའི་སྐད་ཅིག་མ་གཉིས་པ་ལ་སྐད་ཅིག་མས་བར་ཆད ་པར་འབྲས་བུ་ཡོད་པ་ཉིད་དུ་བསྐྱེད་ན་དེ་ལ་ཡང་རྒྱུ་མེད་དེ་སྐད་ཅིག་མ་ཡིན་པའི་ཕྱིར་ན། དེ་ལྟ་ན་རྒྱུ་སྐད་ཅིག་ཏུ་ཡོད་པས་འབྲས་བུ་དུས་གཞན་གྱིས་པར་མ་ཆོད་པའི་འབྲས་བུའི་ནང་དུ་ཕྲ་མོར་གྱུར་པའི་དུས་གཞན་ནི་མེད་པས་དུས་གཅིག་ཏུ ་འགྱུར་རོ།། ཆ་ཤས་མེད་པའི་སྡོ་མ་དང་ཕྱི་མའི་སྐད་ཅིག་ནི་དག་ནི་ཐམས་ཅད་ཀྱི་བདག་ཉིད་ཀྱིས་ཀུན་ཏུ་རེག་པས་ངོའི་ཡང་སྐད་ཅིག་མ་གཅིག་གི་ནང་དུ་སྐད་ཅིག་མ་ཐམས་ཅད་འདུས་པས་བསྐལ་པ་ཡང་སྐད་ཅིག་ཙམ་དུ་འགྱུར་ཏེ། རྡུལ་ཕྲ ་རབ་རྣམས་ཐམས་ཅད་ཀྱི་བདག་ཉིད་ཀྱིས་ཀུན་ཏུ་སྦྱོར་བ་གོང་པུ་ཡང་རྡུལ་ཕྲན་ཙམ་དུ་འགྱུར་བ་བཞིན་ནོ།། དེའི་ཡང་ཇི་ལྟར་དངོས་པོ་རྣམས་ཀྱི་ཡུལ་རིམ་གྱིས་སྣང་བའི་ཀུན་རྫོབ་པའི་ཚད་མས་གནོད་པའི་ཕྱིར་ལ། དེ་ལྟར་དུས་ཀྱི ་རིམ་པ་ལ་ཡང་འགྱུར་ཏེ། རྨི་ལམ་ལ་སོགས་པ་རྣམས་སུ་བསྐལ་པ་ལ་སོགས་པའི་སྣང་བ་བཞིན་ནོ།། ཡུལ་གཅིག་པའི་སྐད་ཅིག་མས་པར་མ་ཆོད་པ་ལ་ཆ་ཤས་དང་བཅས་པའི་ཕྱིར་དུས་ཀྱི་མཐའི་བར་ཉིད་དུ་དེའི་མཚན་ཉིད་ཉམས ་པར་འགྱུར་ཏེ། དངོས་པོ་རབ་ཏུ་བཅོམ་པ་དངོས་མེད་དང་ལྷན་ཅིག་པར་མ་ཆོད་ཀྱང་དུས་གཅིག་པ་ཉིད་དུ་མི་འགྱུར་པས། དེ་ལྟར་རྒྱུ་དང་འབྲས་བུ་དག་རྒྱུན་མ་ཆད་ཀྱང་དུས་མཉམ་མིན་ཞེས་པ་ནི་མི་འཐད་དེ། དངོས་པོ་མེད་པ་ནི་གང་དུ་ཐ་སྙད་དུ ་ཡང་ཡོད་པ་མིན་ཏེ། ཇི་ལྟར་སྔོན་པོ་ནི་ཡུལ་གཞན་དུ་ཡང་སྔོན་པོ་མིན་པ་ལས་ལོག་པར་རང་གི་རྒྱུ་ལས་སྐྱེས་ལ། དེ་ལྟར་དུས་གཞན་ལ་ཡང་ངོ་།། དངོས་པོའི་ངོ་བོ་ཉིད་འཇིག་པར་འགྱུར་བའི་འཇིག་པ་ནི་འདིར་ཡུལ་དང་དུས་དག་གི་ངོ་བོ་ལྡོག་པ ་ཙམ་འབའ་ཞིག་ལ། ཐ་སྙད་དུ་བྱེད་པ་ལས་ཅི་ཡང་མིན་ཏེ།། འཇིག་པས་ན་འཇིག་ཅེས་པའི་མེད་པའི་བདག་ཉིད་ནི་དོན་དམར་དངོས་པོ་མེད་པ་ཉིད་ཀྱིས་དེ་ཉིད་དང་གཞན་ཉིད་སྦྱངས་པ་ཁོ་ན་སྟེ། དངོས་པོ་ལ ་དངོས་པོ་མེད་དོ་ཞེས་པ་དངོས་པོ་དགག་པའི་ཐ་སྙད་ཙམ་ཡིན་ནོ།། དེའི་ཕྱིར་འདིར་བར་མ་ཆོད་པ་ལ་སོགས་པ་ཅན་གྱིས་མ་ཡིན་ནོ།། རྒྱུ་དང་འབྲས་བུ་དག་ནི་དངོས་པོ་ཉིད་དུ་ཁས་ལེན་པས་བར་ཆད་པ་ལ་སོགས་པར་སེམས་པར་བྱ་སྟེ། ་དེ་ཉིད་ནི་དོན་དམ་པར་གཞན་ལས་སྐྱེ་བར་ཡང་རིགས་པ་མ་ཡིན་ལ། གཙོ་བོ་དང་དབང་ཕྱུག་དང་རང་དང་གཞན་ལས་སྐྱེ་བ་ཡང་མ་ཡིན་ཏེ། སོ་སོར་བརྗོད་པའི་སྐྱོན་མ་ལུས་པའི་ཕྱིར་རོ།། ཁ་ཅིག་དག་ནི་ཆེར་མ་ལ་སོགས་ཀྱི་བ་རྣམས་ཀྱི ་རྣོ་བ་ལ་སོགས་པའི་རྒྱུ་མ་མཐོང་བསོ་མེད་པ་ཉིད་བཞིན་དུ་དངོས་པོ་རྣམས་རང་བཞིན་གྱིས་སྐྱེ་བར་བརྗོད་དེ། དེ་ལ་མ་མཐོང་བ་ཉིད་དུ་མ་གྲུབ་སྟེ། དོན་དམ་པར་ནི་ཆོས་རྣམས་ཐམས་ཅད་མ་སྐྱེས་པའི་ཕྱིར་ལ། ཀུན་རྫོབ་ཏུ་ནི་སྐྱེ་བའི་རྒྱུ་མེད ་པ་ཅན་དུ་བསྒྲུབ་པ་མི་འགྲུབ་པོ།། གང་དུ་ཡང་ས་བོན་ལ་སོགས་པ་དང་ལས་ཚེར་མ་ལ་སོགས་པ་དག་སྐྱེ་བར་འགྱུར་བ་དེ་རྣམས་ཀྱི་རྣོ་བ་ལ་སོགས་པ་གང་དུ་རྒྱུ་མེང་བ་ཅན་ལས་མི་སྐྱེ་སྟེ། རྒྱུ་མོད་པ་ཅན་ཉིད་རྣོ་བ་ལ་སེམས་པའི་ཚེར ་མ་ལ་སོགས་པ་ངེས་པར་འགྱུར་ན་ཁྱད་པར་མེད་པས་དེ་ལྟ་ན་ནི་ཐམས་ཅད་ལ་ཐམས་ཅད་ཀྱི་བདག་ཉིད་ཀྱིས་འགྱུར་ན། ས་བོན་ལ་སོགས་པ་རྣམས་ནི་འཇིག་རྟེན་པ་ལ་མངོན་སུམ་ཉིད་དུ་རྒྱུ་དང་འབྲས་བུའི་དངོས་པོར་གྲུབ་པའི་ཕྱིར་དམ ་བཅའ་བ་མངོན་སུམ་དང་འགལ་བའོ།། གཏན་ཚིགས་ནི་གཞན་དག་ལ་བསྒྲུབ་པར་བྱ་བ་ལ་ངེས་པ་བསྐྱེད་པར་ཁས་བླངས་པའི་ཕྱིར་རང་གི་ཚིག་དང་འགལ་བ་དང་གཞན་ལ་རྒྱུའི་རྐྱེན་གྱི་སྦྱོར་བ་དོན་མེད་པར་འགྱུར་རོ།། དེ་ལ་འདིར་རྒྱུ་མང ་པར་སྨྲ་བ་དག་ལ་ཐ་སྙད་དུ་ཡང་མངོན་སུམ་ལ་སོགས་པ་རྣམས་ཀྱིས་གནོད་ལ། གང་ཡང་ཡོད་པ་ལ་འབྲོས་བུ་སྐྱེ་བ་ནི་དེའི་ཆ་ཤསཽ་མེད་པས་གཞན་རྣམས་ཀྱིས་སྔར་མེད་པའི་ཁྱད་པར་མ་ཁོ་སྐྱེད་པའི་ཕྱིར་རོ།། མོད་པ་ལས་ཀྱང་མི་སྐྱེ་སྟེ། ་ཡོད་པ་དང་མེད་པ་དག་ཕན་ཚུན་འགལ་བའི་ཕྱིར་རོ།། འོ་ན་མེད་ཅེས་པ་ཅི་ཞིག་ཡོད་ཅུང་ཞིག་གང་སྐྱེ་བར་འགྱུར་བ་དེ་སྔ་ན་མེད་ཅེས་པ་དེ་རྒྱུ་འདི་ལས་མེད་པ་སྐྱེ་བར་འགྱུར་ཞེས་པའི་བྱ་བ་ནི་ཁྱོད་པར་གཞན་གྱི་ཐ་སྙད་ལོ།། དེ་ལྟ་ན་ནི་དེ་ལྟ ་བུའི་ལྟ་བ་ནི་བདག་ཅག་གིས་དགག་པར་མི་བྱེད་དོ།། སྒྲ་དོན་གྱི་སྒྱུ་མ་དང་རྨི་ལམ་ལ་སོགས་པར་ཡོང་མི་འབྱུང་བ་འབྱུང་ལ། བྱུང་བ་ཡང་མ་བྱུང་བར་མཐོང་པོའི་ཕྱིར་ན། གང་དུ་ཡང་ཀུན་རྫོགས་དངོས་པོ་རྣམས་སྒྱུ་མ་ལ་སོགས་པ་བཞིན ་དུ་སྐྱེས་ནས་གནས་པ་དེ་རྣམས་ལ་བདག་ཅག་གིས་སྒྲོ་བཏགས་པའི་རྣམ་པ་དག་པ་ལས་འགལ་བ་ལས་བྱུང་བ་མེད་པས་སྒྲ་དོན་ཉིད་དུ་ཐམས་ཅད་ཀྱི་གཞན་དུ་ནི་མ་ཡིན་ནོ།། ཡོད་པ་དང་མེད་པ་ཉིད་ངོ་བོ་གཅིག་པ་ཉིད་དུ་མེད་དོ།། དངོས ་པོ་དང་དངོས་པོ་མེད་པ་དག་འགལ་བའི་ཕྱིར་རོ།། འགག་པ་དང་སྐྱེ་བ་ནི་རྗེས་སུ་འགྲོ་བ་དང་བཅས་པའོ་ཞེས་པའི་འདོད་པ་ནི་ཅི་ཡང་མིན་ཏེ། གང་ཡང་རྒྱུ་ལས་འཕོ་བའི་ཆ་དེ་ལ་རྒྱུ་གཞན་གྱིས་བྱ་བ་མེད་ལ། གང་དུ་ཡང་བྱ་བ་སྔོན་དུ་འགྲོ་བ་དང་། ་བཅས་པ་ནི་མེད་པ་ཉིད་དོ།། ཡོད་པ་དང་མེད་པའི་བྱེ་བྲག་དང་བྲལ་བའི་རྣམ་པ་གཞན་ལ་སྐྱེ་བ་ཡང་ཡོང་བ་མ་ཡིན་ཏེ། ཕན་ཚུན་སྤངས་ནས་གནས་པའི་མཚན་ཉིད་ཅན་འདི་དག་ལ་ནི་རྣམ་པ་གཞན་མི་སྲིད ་བའི་ཕྱིར་རོ།། ངོ་བོ་ཉིད་ཀྱིས་མེད་པ་ལ་ནི་དངོས་པོ་འམ་དངོས་པོ་མེད་པར་དེའི་ངོ་བོ་ཉིད་མེད་པའི་ཕྱིར་དང་རྣམ་པ་གཞན་ཏོ་ཡང་ཡོད་པ་དང་མེད་པར་འདུས་པའི་ཕྱིར་རོ།། དེ་ཉིད་ཀྱིས་ན་བསྟན་བཅོས་སུ་དེ་ཡོངས་སུ་བཅད་ཅིང་དེ་ལས་གཞན་རྣམས་པ ་བཅད་པས་རྣམ་པ་དེ་ལས་གཞན་ན་མེད་པར་གསལ་བར་བྱས་ཞེས་སོ།། དེ་ཉིད་དོན་དམ་པའི་ངོ་བོ་ལས་ལོག་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་དངོས་པོ་ལ་ངོ་བོ་ཉིད་ཀྱི་མེད་པ་ལ་སོགས་པ་དེས་ཁྱབ་པའོ་ཞེས་པས་ཁྱབ་པ་གྲུབ་ལ། མ་ངེས་པ་ཡང ་མ་ཡིན་ཏེ། ཐ་སྙད་དུ་ནི་སྔགས་ལ་སོགས་པའི་རྟེན་གྱིས་སྒྱུ་མ་ལ་སོགས་པ་ཇི་ལྟར་སྐྱེ་བར་མཐོང་བ་ནི་གཉི་ག་ལ་གྲུབ་པའོ།། འོ་ན་ཁྱོད་ཀྱི་འདོད་པས་དངོས་པོ་ཐམས་ཅད་ལ་དངོས་པོ་ཉིད་ཙམ་བཀག་ན་དོན་གྱི་བྱ་བའི་ནུས་པའི་མཚན་ཉིད་ཁོ་ནའི་དངོས ་པོའི་མཚན་ཉིད་མེད་པས་འོན་ཀྱང་གསལ་བ་ཡང་ཡོད་པ་མ་ཡིན་ནོ་ཞེ་ན། དེ་ལ་ཐོག་མོ་དགག་པ་ནི་རྣམ་པར་ཤེས་པ་ནི་སྔོན་པོ་ལ་སོགས་པའི་རྣམ་པ་དོན་དམ་པར་ནུས་པ་ཐམས་ཅད་ཀྱིས་སྟོང་པའོ།། ཀུན་རྫོབ་ཏུ་རྟེན་ཅིང་འབྲེལ་པར་འབྱུང་བ་ནི ་དངོས་པོ་མེད་པར་རང་རིག་པའི་མངོན་སུམ་གྱིས་འགྲུབ་པས། དེས་གསལ་བའི་མཚན་ཉིད་ཅན་གྱིས་སེམས་ཅན་མེད་པའི་ཕྱིར་རོ།། དེའི་གསལ་བར་བྱེད་པ་ཡང་གསལ་བ་ཉིད་དུ་བདེན་པར་འགྱུར་ཞེས་པའི་གསལ་བའི་མཚན་ཉིད་ཀྱི་དངོས་པོའི་ངོ་བོ་ཉིད ་སྟོང་པ་ཉིད་དུ་བསྒྲུབ་པར་བྱ་བ་ལ་སྒྲུབ་བྱེད་དང་བྲལ་བ་སྟེ། དཔེ་དང་ཕྱོགས་ལ་མངོན་སུམ་གྱིས་གནོད་པས་གཏན་ཚིགས་མ་ངེས་པར་འགྱུར་ཞེས་བྱ་ཞེ་ན། དེ་ལྟར་མིན་ཏེ། དོན་དམ་པའི་མངོན་སུམ་ནི་ཇི་ལྟར་ཡང་གྲུབ་པ་མེད་ལ། གང་དུ་གསལ ་བ་བདེན་པར་ཡོད་ཅེས་པ་ནི་གང་དུ་བསྒྲུབ་པར་བྱ་བ་བཏགས་པ་ལ་སོགས་པ་ཅན་དུ་འགྱུར་ལ། རང་གསལ་བའི་སྔོན་པོ་ལ་སོགས་པའི་རྣམ་པ་ལ་ལྐོག་ཏུ་གྱུར་པས་ཐེ་ཚོམ་ཞེས་པ་ནི་བྱིས་པ་ཡིས་ཀྱང་བརྗོད་པར་མི་ནུས་སོ།། སྐྱེ་བ་ཉིད་དུ་ཤེས ་ཤིང་མཐོང་ཡང་དེ་གང་དུ་གསལ་བ་མེད་པ་སོ་གནས་ཞེས་པ་ནི། རྣམ་པར་རིག་པར་སྨྲ་བ་རྣམས་ཀྱི་གྲུབ་མཐའ་སྟེ། དེ་གང་དུ་གཏན་ཚིགས་ལ་ཐེ་ཚོམ་ཟ་ན། ལྡོག་པའི་དོགས་པ་ཡང་མེད་དོ།། དེ་ནས་རིགས་པས་གང་གིས་དངོས་པོ་རྣམས ་ཀྱི་དངོས་པོ་སྐྱེ་བ་ལ་གནོད་པར་འགྱུར་བ་དེ་ཀུན་རྫོབ་དུ་ཡང་གནོད་པར་འགྱུར་བས། དེའི་གཏན་ཚིགས་མ་གྲུབ་པ་ཞེ་ན། མིན་ཏེ། གང་གི་ཕྱིའི་རྒྱུ་ལ་སོགས་པ་སྐྱེ་བ་བཞིན་དུ་འདིར་སྐྱེ་བ་ཐམས་ཅད་ཡུལ་དང་དུས་དང་རྒྱུའི་ཁྱད་པར་ལ་བལྟོས ་པ་ཡང་ཁྱོད་ཀྱིས་ཀུན་རྫོབ་ཉིད་དུ་རྣམ་པར་བཞོག་པར་བྱ་སྟེ། ཐོག་མ་མེད་པ་ནས་རང་རང་གི་རྗེས་སུ་མཐུན་པའི་རྒྱུ་དང་རྐྱེན་གྱིས་ཕན་ཚུན་རྗེས་སུ་བསྐྱེད་ལ། དེ་ཡང་ཇི་ལྟར་ངེས་པོར་རྣམ་པར་བཞག་པར་བྱེད་པ་ནི་དུས་མཉམ་པའི་དུས་ཐ་དད་པ ་གལ་ཏེ་རྣམ་པར་བཞག་པ་ངོ་ལྟར་ནི་འགལ་བ་མེད་དོ།། སྐད་ཅིག་མ་མ་ཡིན་པ་ཉིད་ལ་སོགས་པའི་སྐྱོན་ཡང་དེ་ལ་འཇུག་པ་མད་དེ། སྒྲ་དོན་ལ་འགལ་བ་འཇུག་པ་མེད་པའི་ཕྱིར་རོ།། སྒྱུ་མ་དང་རྨི་ལམ་ལྟ་བུའི་ཆོས་རྣམས་ཀྱི་ངོ་བོ་ཉིད་ནི་སྐད་ཅིག་མདོང ་སྐད་ཅག་མ་མ་ཡིན་པའི་ཆོས་སུ་མི་སྦྱོར་བའི་ཕྱིར་རོ།། གང་དུ་གཞན་དུ་འདུས་བྱས་པ་རྣམས་སྐད་ཅིག་མ་ཉིད་དུ་གསུངས་པ་དེ་ནི་བག་མེད་པ་རྣམས་འདུས་བྱས་དྲུག་ལ་ཀུན་ཏུ་ཡིད་བྱུང་ནས་རིམ་གྱིས་དང་། ་མེད་པའི་དེ་ཁོ་ན་ཉིད་ལ་གཞུགས་པའི་ཕྱིར་རོ།། གལ་ཏེ་དོན་དམ་པ་ངོ་བོ་ཉིད་མེད་ཀྱང་དངོས་པ་ཡུལ་དང་དུས་ལ་སོགས་པ་ངེས་པས་སོ་སོར་སྣང་ན་ངེས་རི་བོང་གི་རྭ་ལ་སྩོགས་པ་ཡོད་ཅིའི་ཕྱིར་ངེས་པར་མི་འགྱུར་ཞེ་ནཱ། ཁྱོད་ལ ་ཡང་འདི་འདྲི་བར་བྱའོ།། རབ་རིབ་ཅན་ལོ་སོགས་པ་ལ་ཡུལ་སྒྲ་དོན་ལ་སོགས་པ་དང་རི་བོང་གི་རཱ་ལ་སོགས་པ་དངོས་པོ་མེད་པ་ཉིད་མཉམ་ཡང་། ཇི་ལྟར་ན་སྐྲ་ཤད་ལ་སོགས་པ་ཉིད་སྒྲ་དོན་ཏུ་སྣང་བར་འགྱུར་ལ། རི་བོང་གཽ་རཱ་ལ ་སོགས་པར་མ་ཡིན། འདིར་རབ་རིབ་ལ་སོགས་པ་ནི་རྒྱུའི་ནུས་པས་དེ་ལྟར་ངས་ཤེ་ན། ཇི་ལྟར་དངོས་པོ་མེད་པ་ལ་ནུས་པ་ངེས་པས་མཐོང་བའི་ཕྱིར་ཞེ་ན། གཞན་དུ་ཡང་དྷའི་ནུས་པ་ངེས་པོས་དེ་ལྟར་རྣམ་པར་བནག་པར་ས ་པར་ཅིའི་ཕྱིར་མི་འདོད་། ཤེས་པའི་ངོ་བོ་ཉིད་ཀྱིས་ན་རིབ་རིབ་ཅན་ལ་སྐྱེ་ཤད་ལ་སོགས་པ་རྣམས་ལ་བདེན་པ་ཉིད་དུ་མོ་རིགས་གས་བརྗོད་པ་ཉི་དོན། ཤེས་པ་དང་ཤེས་བྱ་དག་ལས་གཞན་པའི་དངོས་པོའི་ངོ་བ་ཉིད་དུ་ཡང ་ཡོད་པ་མ་ཡིན་ནོ།། སྣང་བ་ཉིད་ཀྱི་སྒྲ་ཤད་ལ་སོགས་པ་རྣམས་ནི་འཇིག་རྟེན་དུ་ཆད་མས་རབ་ཏུ་གྲགས་པ་ཉིད་ལ་དངས་པར་ནི་མེད་པ་ཉིད་དོ།། ང་ཉིད་ཀྱིས་ན་གང་ཞིག་དོན་དམ་པར་མ་སྐྱེས་པ་དོ་ནི་ཀུན་རྫོབ་ཏུ་ཡང་མི་སྐྱེ ་དཔེར་ན་མོ་གཤམ་གྱི་བུ་ལ་སོགས་པ་རྣམས་བཞིན་ལ་དོན་དམ་པར་དངོས་པོ་མ་སྐྱེས་ཞེས་པས་ཐལ་བར་འགྱུར་བའི་གཏན་ཚིགས་ལ་སྒྱུ་མ་ལ་སོགས་པ་གཟུང་བ་ལ་སོགས་པ་རྣམས་ཀྱིས་གཏན་ཚིགས་མ་ངེས་པར་འགྱུར་བ་ལ་ནི་བཟློག ་པ་ལས་ཡང་ཚད་མ་མེད་པས་ལྡོག་པ་ལ་ཐེ་ཚོམ་ཟ་ལ། དོན་དམ་པར་མེད་པས་ཀུན་རྫོབ་ཏུ་ཡང་མེད་ན། ཀུན་རྫོབ་ཀྱི་བདེན་པ་ནུབ་པར་འགྱུར་ལ། གང་དུ་ཀུན་རྫོབ་ཏུ་ཡང་མོ་གཤམ་གྱི་བུ་ལ་སོགས་པ་མི་སྐྱེ་བ་ནི་དེ་ལ ་སོགས་པའི་ཚོགས་པ་དང་བྲལ་བ་ལ་སྟེ། དོན་དམ་པའི་རང་བཞིན་དང་བྲལ་བས་ནི་མ་ཡིན་ནོ།། འོ་ན་ཇི་ལྟར་གཏན་ཚིགས་མ་གྲུབ་པ་ལ་སོགས་པར་ཡོངས་སུ་སྤོང་བའི་ནུས་པ་མེད་དེ། དངོས་པོ་རྣམས་ཐམས་ཅང་རྟག་ཏུ ་ཡོད་པ་མིན་པ་ལ་དགག་པའི་སྦྱོར་བས་སྒྲོ་འདོགས་པ་ཉིད་ཀྱི་ངོ་བོ་ཉི་དགག་པའི་སྦྱོར་བས་ཞེས་བརྟགས་པའི་ངོ་བོ་ཉིད་དགས་པ་ནི་བསྒྲུབ་པར་བྱ་བ་གྲུབ་པ་ལ་བསྒྲུབ་པར་འགྱུར་བའི་དོན་མེད་ཅེས་པ་ནི་སྤང་དཀའ་བའོ་ཞེས་པ་ལ་མིན་ཏེ། ་མས་གནོད་པ་ནི་བརྟགས་པའི་ངོ་བོ་ཉིད་ལ་ཡིན་པའི་ཕྱིར་ཏེ། རང་རིག་པའི་མངོན་སུམ་ནི་དོན་དམ་པར་ཡོད་པའི་ཡོངས་སུ་གྲུབ་པའི་ངོ་བོའི་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་རྣམས་ལ་ཚོད་མས་གནོད་ཅེས་པ་སྟེ། དེ་ཡང་བརྟགས་པའི་ངོ་བོ་ལ ་གཞན་དུ་རིགས་པས་སྒྲོ་བཏགས་པ་དང་ལྡན་པས་གཟུང་བ་དང་འཛིན་པའི་ངོ་བོ་ཉིད་དུ་རིག་པ་མིན་པས་གྲུབ་པ་ལ་བསྒྲུབ་པ་ནི་མ་ཡིན་ཏེ། འདིར་ཇི་ལྟར་སྒྱུ་མ་མཁན་གྱིས་ཤེས་པ་ལ་སྒྱུ་མའི་སྐྱེས་པ་དང་བུད་མེད་ལ་སོགས་པའི་ཡུལ་ལ་དེ ་ཉིད་ལ་དེའི་ངོ་བོ་ཉིད་མེད་པས། དེའི་གཟུགས་ལ་མངོན་པར་ཞེན་པར་འགྱུར་བ་ལ་མངོན་པར་ཞེན་པ་མེད་པས་དབེན་པ་ཉིད་དུ་དམིགས་པའི་ངེས་པ་སྐྱེད་པའི་རྒྱུར་དེའི་ཡུལ་དུ་རྣམ་བཞག་བྱེད་པ་དེ་བཞིན་དུ་གཞན་ལ་མངོན ་སུམ་རྟོགས་པ་དང་ལྡན་པ་རྣམས་ཀྱི་མཉམ་དུ་བྱུང་བའི་འཁྲུལ་པའི་རྒྱུ་མཚན་སྐྱེ་བར་བྱེད་ལ། དེ་ཁོ་ན་ཉིད་དུ་དེའི་ངོ་བོ་མངོན་པར་ཞེན་པ་མེད་པར་ངེས་པའི་རྒྱུ་ཉིད་ཀྱིས་ན། དེས་དབེན་པའི་ཡུལ་རྣམ་པར་བཞག་པའོ།། དེ་བཞིན་དུ་རྗེ་སུ་དཔག ་པའི་ཤེས་པའི་ཡུལ་ནང་གི་སྒྲོ་བཏགས་པའི་དངོས་པོ་ཐུན་མོང་གི་ཡིན་ཡང་དངོས་པོ་ཇི་ལྟ་བ་བཞིན་ལ་དམིགས་པའི་ཚུལ་གྱིས་དེའི་ཡུལ་ཡང་ཚད་མར་འདོད་དོ།། དེའི་ངོ་བོ་ཉིད་མེད་ཀྱང་དེ་ཉིད་པས་ན་རང་གི་བདག་ཉིད་ལ་མི་འཇུག་པའི ་འགལ་བ་ཡང་མེད་དེ། སྤྱིའི་ངོ་བོས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་རྣམ་པར་བཞག་པའི་ཕྱིར་ཏེ། དེ་ལ་སྤྱིའི་མཚན་ཉིད་ཀྱི་བློའི་ངོ་བོ་ནི་ནང་དུ་སོན་པའི་ཕྱིར་རོ།། ཡོད་པའི་གཏན་ཚིགས་སྐད་ཅིག་མས་འཇིག་པའི་བློ་བཞིན་དུ། འོ་ན་སྒྲོ་བཏགས ་པས་རྣམ་པས་སྟོང་པའི་གཟུགས་ལ་སོགས་ལ་སོགས་པ་ཁོ་ན་ངོ་བོ་ཉིད་མེད་པའི་སྒྲས་བརྗོད་ལྀ། དེའི་ཡང་གཟུགས་ལ་སོགས་པའི་ངོ་བོ་ནི་མངོན་སུམ་གྱི་ཕྱིར་དེའི་ངོ་བོ་ཉིད་དུ་གྱུར་པ་ལ་ངོ་བོ་ཉིད་མེད་པ་ཡང་མངོན་སུམ་གྱི་བུམ་པས་དབེན་པའི ་ས་ཕྱོགས་བཞིན་དུ་དམིགས་པས་དེའི་བདག་ཉིད་དུ་གྱུར་པའི་བུམ་པས་དབེན་པས་བྱིས་པས་དང་དམིགས་པར་མི་བྱེད་ལ། འདིར་ཡང་དེ་ལྟར་མངོན་སུམ་གྱིས་དེ་ལྟར་དམིགས་པར་རུང་བའི་མཚན་ཉིད་མ་དམིགས་པ་ནི་མེད་པའི་ཐ་སྙད་དུ ་རུང་བའི་ཕྱིར་ན། མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་ཅེས་པ་ལ་རྗེས་སུ་དཔག་པས་གནོད་ཅེ་ན། མིན་ཏེ། དངོས་པོ་རྣམས་ལ་སྒྲོ་བཏགས་པའི་རྣམ་པས་དབེན་པ་ཉིད་ལ་ངོ་བོ་ཉིད་མེད་པར་བརྗོད་དེ། དེ་ལ་དངོས་པོའི་ངོ་བོ་སྐད་ཅིག་མ་བཞིན་དུ ་བཟུང་ནས་འཛིན་ཀྱང་འཁྲུལ་པས་སྒྲོ་བཏགས་པ་མ་ཡིན་པའི་དེ་ཁོ་ན་ཉིད་ཅན་གྱི་སྐྱེ་བ་ལ་སོགས་པའི་རྣམ་པ་ལོག་པའི་ངོ་བོའི་ཕྱིར་ན། ཚུ་རོལ་མཐོང་བ་རྣམས་ཀྱིས་ངེས་པར་མི་འགྱུར་ལ། དེ་འདིར་ངེས་པར་མི་འཐད་པའི་མངོན་སུམ་ཉིད་མོད ་ལ་མངོན་སུམ་གྱིས་གནོད་པ་མེད་ལ། ངེས་པ་སྐྱེད་པ་བྱེད་པ་ཅན་ནི་མངོན་སུམ་དུ་བྱས་པའི་ཐ་སྙད་དུ་བྱེད་པའི་མཐོང་བའི་ལམ་ལ་སོགས་པ་རྣམས་སུའོ།། དེ་ལྟར་གཟུང་བ་ཡང་ཐ་སྙད་དུ་མི་རུང་བའི་ཕྱིར་གཟུང་བ་མེད་པས་བརྟགས་པ་སྟེ། ་འདིར་དམིགས་པའི་རིག་བྱར་མ་གྱུར་པ་ཉིད་ཡོད་པས་ངོ་དེ་ལ་རྗེས་སུ་དཔག་པའི་གནོད་པ་མེད་དོ།། དོན་དམ་པར་ཞེས་པས་ཁྱད་པར་དུ་བྱས་པས་མ་བརྟགས་ན་ཉམས་དགའ་བའི་དངོས་པོའི་ངེས་པ་མ་དགོག་པས་ཡིད་ཆེས་པའི་གནོད་པ་ཉིད་དོ།། ་དེ་ཉིད་ཀྱིས་ན་འདི་ཐམས་ཅད་ལ་བཅོམ་ལྡན་འདས་ཀྱིས་དགོངས་ནས་གསུང་བ་སྟེ། གང་ཞིག་རྐྱེན་རྣམས་ཀྱིས་བསྐྱེད་དེ་ལོ་སྒྱུ་མེད་དེ།། དེ་ཡི་སྐྱེ་བ་ངོ་བོ་ཉིད་དུ་ཡོད་པ་མིན།། གང་ཞིག་རྐྱེན་ལ་རག་ལས་དེ་ནི་སྟོང་པར་བཤད།། གང་ཞིག་སྟོང ་ཉིད་ཤེས་པ་དེ་ནི་བག་ཡོད་ཡིན།། ཞེས་སོ།། དེ་བཞིན་དུ་དེ་ཁོ་ན་ཉིད་རྟོགས་པ་དང་རྗེས་སུ་མཐུན་པའི་རྗེས་སུ་དཔག་པ་བསམ་པའི་རང་བཞིན་ཅན་ནམ། སྦོམ་པའི་རང་བཞིན་ཅན་གྱིས་ཇི་ལྟ་བ་བཞིན་དུ་རབ་ཏུ་རྣམ་པར་འབྱེད་པའི་ཤེས་པས་ཆོས ་རྣམས་ཐམས་ཅད་ཀྱི་བུད་ཤིང་བསྲེགས་པ་ཉིད་ཀྱི་རྗེས་སུ་ཐོབ་པ་སྟེ། དེ་ཡང་ཐམས་ཅད་དུ་ནི་འདི་ལྟར་དེས་སྒྲོ་བཏགས་པའི་ཆོས་ཀྱི་བུད་ཤིང་བསྲེགས་པས་རབ་ཏུ་ཞི་བ་རྣམ་པར་འབྱེད་པ་འབར་བས་བརྟགས་པ་ཉེ་བར ་ཞི་བའི་མཚན་ཉིད་ཀྱི་མཆོག་ཏུ་མྱ་ངན་ལས་འདས་པའི་འགྲོ་བར་འགྱུར་ཏེ། དེ་ལྟར་ཡང་དབུ་མ་རྩ་བ་ལས། དངོས་དོད་དངོས་མེད་མཆོག་འཛིན་པ།། ཟད་ལ་མྱ་ངན་འདས་ཞེས་བརྗོད།། ཅེས་ཏེ། རྣམ་པར་རྟོགས་པ་མེད་པའི་འཇིག་རྟེན་ལས ་འདས་པའི་ཡེ་ཤེས་ཀྱི་རྒྱུན་མུར་ཐུག་པ་མེད་པ་ནི་ནམ་མཁའ་ཇི་སྲིད་དུ་རྗེས་སུ་གནས་པ་ཁོ་ནའོ།། ཆོས་མཆོག་ལས་ཕྱིན་ཅི་ལོག་གི་བདག་ཉིད་ཀྱང་མོས་པ་ལ་སོགས་པས་རྗེསུ་དཔག་པ་ལ་འཇུག་པས་མངོན་སུམ་དུ་བྱ་བ་ཐོབ་ནས་ཆོས་ཀྱི ་དབྱིངས་ཀུན་ཏུ་འགྲོ་བ་སོ་སོར་རྟོག་པ་ཞེས་པའི་རྗེས་སུ་དཔག་པས་བཀག་ཀྱང་འཇིག་རྟེན་པའི་ལས་འདས་པའི་ཡེ་ཤེས་ཉེ་བར་ཞི་བ་ནི་མ་ཡིན་ནོ།། བུད་ཤིང་མེད་ཟད་ལ་ཟད་པའི་གསེར་བཟང་པོ་བཞིན་དུ་སྟེ། དེ་ཉིད་ཀྱིས་ན་དམིགས་པ་མེད ་པས་རབ་ཏུ་ཞི་ཞེས་པ་སྟེ། རྣམ་པར་རྟོག་པ་ཅན་གྱི་བློ་ཞེས་པའི་དོན་ནོ།། བརྟགས་པའི་རྣམ་པ་ལ་སོགས་པའི་ཁྱད་པར་གཞན་པ་དེ་ཁོ་ན་ཉིད་རྟོགས་པའི་ཐབས་ཀྱང་ཡོད་པ་མ་ཡིན་པས། འདིར་ཡང་བསྒྲུབ་བྱ་དང་སྒྲུབ་བྱེད་ལ་སོགས་པའི་ཐ ་སྐད་ཐམས་ཅད་ཀུན་རྫོབ་ལ་ཀུན་རྫོབ་ཅི་ཞིག་ཅེ་ན། བརྗོད་པ་ངོ་བོ་ཉིད་མེད་པའི་དངོས་པོ་རྣམས་ལ་ངོ་བོ་ཉིད་ཅན་དུ་ཕྱིན་ཅི་ལོག་པའི་རྣམ་པས་སྒྲོ་བཏགས་པ་ཅན་གྱི་འཁྲུལ་པའི་བློ་སྟེ། ཀུན་རྫོབ་ནི་འདིར་དེ་ཁོ་ན་ཉིད་ལ་ཀུན་ཏུ་སྒྲིབ་པར་བྱེད་ཅིང ་གཡོགས་པས་སོ།། དེ་སྒྲོ་བཏགས་པའི་དངོས་པོ་ལ་ཀུན་རྫོབ་པ་ཞེས་བརྗོད་པ་འམ། བརྟག་ཏུ་མེད་པས་ཀུན་རྫོབ་སྟེ། ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་ལ་དམིགས་པ་ལ་འཇུག་པའི་རྗེས་སུ་དཔག་པ་དེའི་སྟོབས་ལས་བྱུང་བ་ཅན་གྱི་བསམ་པ་ལཱ། ་བྱུང་བ་ཅན་གྱི་ཤེས་རབ་དང་བསྒོམས་པ་ལས་བྱུང་བ་ཅན་གྱི་མངོན་སུམ་གྱིས་དེ་ཁོ་ན་ཉིད་ནི་རྗེ་སུ་མ་བརྟགས་པ་སྟེ། དེའི་རྒྱུ་མཐུན་པ་ནི་བརྟགས་པ་ཞེས་བརྗོད་ལ། དེ་ཁོ་ན་ཉིད་ཀྱི་དོན་ལ་རྒྱབ་ཀྱིས་ཕྱོགས་ནས་འདི་ཐམས་ཅད་ལ་ཕྱིན་ཅི་ལོག་པ ་སྒྲ་དོན་གྱི་རྣམ་པས་འཛིན་པའི་ཤེས་པ་ནི་མ་བརྟག་པ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་མ་ཡིན་ཞིང་རྣམ་པར་བརྟགས་ན་དངོས་པོ་མེད་པ་ཙམ་ཡང་མ་ཡིན་ནོ།། དེ་གྲགས་པའི་ཕྱིར་འདི་ཐམས་ཅད་སྒྲ་དོན་གྱི་ངོ་བོ་ལས་མེད་པས་ཀུན་རྫོབ ་པོའོ།། ཡང་ན་འཇིག་རྟེན་ལས་འདས་པས་ཡིད་ཆེས་པས་ཀུན་རྫོབ་སྟེ། འཇིག་རྟེན་ལ་རབ་ཏུ་གྲགས་པའི་དོན་འདི་ཐམས་ཅད་ཀུན་རྫོབ་ཉིད་དུ་མཐར་ཐུག་པའི་ཕྱིར་ལ། ཅུང་ཞིག་ཤིན་ཏུ་ལྐོག་ཏུ་གྱུར་པའི་རྣམ་པ་ཐམས་ཅད་དུ་སོ་སོར ་ངེས་པའི་ལས་དང་འབྲས་བུ་ལ་སོགས་པའི་རྣམ་པར་བཞག་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁོ་ན་ལས་གཞན་པས་ཀྱང་འདི་མི་ཤེས་པས་གང་དུ་དངོས་པོ་རྣམས་ལ་རྟག་པ་ལ་སོགས་པ་ཉིད་དུ་བརྟགས་པ་དེ་ནི་ལོག་པའི་ཀུན་རྫོབ་ཏུ་བརྗོད་དེ། ་ངེས་པར་གཟུང་ཡང་དེ་མེད་པའི་ཕྱིར་རོ།། བདག་ལ་སོགས་པ་དང་བྲལ་བའི་ཆོས་འདི་རྣམས་ནི་རྒྱུ་དང་བཅས་པ་ཅན་ཞེས་པ་ནི་ཡང་དག་པའི་ཀུན་རྫོབ་ཏུ་ཡོད་པར་བརྗོད་དོ།། ཡང་ནི་ཤེས་པ་དང་ཤེས་བྱའི་ངོ་བོའི་ཕུང་པོ་ལྔ་ཅན་ནི་ཀུན་རྫོབ་སྟེ། གང ་དུ་འཕགས་པ་ཀླུ་སྒྲུབ་ཀྱིས་གསུངས་པ། རྒྱུ་དང་རྐྱེན་ལས་ཀུན་བྱུང་བའི།། གཞན་གྱི་དབང་ནི་ཀུན་རྫོབ་པས།། གཞན་གྱིས་དབང་ཞེས་གྲགས་པ་སྟེ།། དོན་དམ་ཉིད་ནི་བཅོས་མ་ཡིན།། ཞེས་སོ།། དེ་རྣམས་རྟེན་ཅིང ་འབྲེལ་པ་ལས་འབྱུང་བ་དེས་ན་གཞན་གྱི་དབང་སྟེ། གང་ཕུང་པོ་ལྔའི་མཚན་ཉིད་ནི་ཀུན་རྫོབ་ཏུ་སྒྱུ་མ་ལྟ་བུའི་རང་བཞིན་ལ་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་ཀྱི་མཚན་ཉིད་ཅན་གྱི་སྟོང་པ་ཉིད་དོ།། གལ་ཏེ་དོན་དམ་པར་སྤྲོས་པ་ཐམས ་ཅད་ལས་འདས་པ་ན། དེས་དོན་ཅི་ཞིག་གྲུབ་ནས་འདི་དག་དོན་དམ་པར་འགྱུར་བ་མེད་པས། ཇི་ལྟར་ན་དེ་ཤེས་པས་ཀུན་ཏུ་བརྟགས་པ་ན་ཅི་ཡང་མ་ཡིན་པའི་ཕྱིར་རོ་ཞེ་ན། བརྗོད་པ། ཆོས་ཐམས་ཅད་ལ་བདག་མེད་པའི་མཚན་ཉིད་ཅན ་ཁོ་ན་ཉིད་ཀྱི་རིག་དང་ལྡན་པ་དེས་མཆོག་ཏུ་བསྒྲིབས་པ་མཐར་སོང་བ་དང་བཅས་པ་སྤང་བར་འདོད་ཅིང་དོན་དུ་གཉེར་བ་རྣམས་ཀྱི་དོན་དུ་འགྱུར་ཞེས་པའི་དོན་ནི་དོན་དམ་པ་ཞེས་བརྗོད་དོ།། དམ་པ་ནི་ཕྱིན་ཅི་མ་ལོག་པའི་ཡེ་ཤེས་ཀྱི་ཡུལ ་གྱི་དོན་ཏེ། དོན་དམ་པའོ།། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱང་སྒྱུ་མ་ལ་སོགས་པ་དང་ཁྱད་པར་མེད་པ་ཉིད་ཀྱིས་ཡང་དག་པའི་ཀུན་རྫོབ་ཀྱི་ངོ་བོ་འདི་ཡང་དོན་དམ་པའི་ཡུལ་ཞེས་པས་དོན་དམ་པའོ།། གང་ཡང་རྗེས་སུ་དཔག ་པའི་བདག་ཉིད་ཀྱིས་ཐོས་པ་དང་བསམས་པ་དང་བསྒོམས་པ་ལས་བྱུང་བའི་ཤེས་རབ་ནི་དོན་དམ་པ་རྟོགས་པ་དང་རྗེས་སུ་མཐུན་པས་དེ་ཡང་ཉེ་བར་བཏགས་པ་སྟེ། ཕྱིན་ཅི་མ་ལོག་པའི་དོན་ཡུལ་ཡིན་པའི་ཕྱིར་ན་དོན་དམ་པའོ།། ་ཀུན་རྫོབ་དང་དོན་དམ་པའི་བྱེ་བྲག་འདི་རྣམས་ཀྱིས་འཆད་པར་འགྱུར་བའི་ངག་རྣམས་ཀྱི་ནི་སོ་སོའི་སྐྱེ་བོའི་གནས་སྐབས་རྣམས་དང་། དེ་ཁོ་ན་ཉིད་རྟོགས་པའི་སྐབས་ལ་ཇི་ལྟར་རིགས་པར་ཤེས་པར་བྱའོ།། དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ཀྱི ་དོན་དམ་པ་སྒོམ་པ་རྣམས་ཀྱིས་གང་དུ་ཀུན་ནས་ཉོན་མོངས་པའི་ལྷག་མ་མ་ལུས་པར་སྤངས་པའི་རྣལ་འབྱོར་པ་རྣམས་ཀྱིས་གོང་ནས་གོང་དུ་ཤེས་རབ་ལ་སོགས་པའི་ཡོན་ཏན་གྱི་ཁྱད་པར་ཡང་རྟོགས་པར་འགྱུར་པས། ངོ་དོན་ཆེན ་པོའི་བསྒྲུབ་པ་པོའི་ཕྱིར་དེ་ཉིད་ལྔ་དམ་པོའི་སྒྲས་བརྗོད་པར་བྱེད་པར་རིགས་པའོ།། ཞེས་པ་ཡང་དོན་དམོ་པའོ།། མ་ལུས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ལ་གནས་པར་བྱེད་པས། དོན་ཆེན་པོའི་བསྒྲུབ་པའོ།། ཉིད་ཅེས་བྱ་བ་ནི ་དོན་དམ་པར་ཅུང་ཟད་བྱེད་པ་ཉིད་ཀྱིས་ནི་མ་ཡིན་ནོ།། འདི་ཉིད་ནི་ཡང་དག་པའི་ཤེས་པའི་བདག་ཉིད་ཅན་ཏེ། དོན་དམ་པའི་དབང་དུ་བྱས་ན་དོན་དམ་པར་དངོས་པོ་མེད་ཅེས་པ་དང་། མི་སྐྱེ་ཞེས་བྱ་བར་བརྗོད་པ་ནི་ཡང་དག་པའི་ཤོས་པས ་གྲུབ་པ་ལས་འདི་རྣམས་སྐྱེ་བ་མེད་ཅེས་བྱ་བར་དགོངས་ཏེ། གང་ཡང་རུང་བ་ནི་དོན་དམ་པར་ནི་དེ་ཁོ་ན་ཉིད་ཀྱིས་རྣམ་པར་བརྟགས་པར་བྱས་ན་ཡོད་པ་མིན་ཞེས་བྱ་བ་དང་། སྐྱེ་བར་མི་འགྱུར་རོ་ཞེས་པའི་དོན་ཏོ།། དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ཅན ་ཀྱི་དོན་དམ་པ་དང་འདུས་བྱས་པའི་མཚན་ཉིད་ཅན་གྱི་ཀུན་རྫོབ་དག་ལྷན་ཅིག་མ་ནི་ཞིང་ཐ་དད་པ་ཉིད་ཀྱང་མིན་ལེ། གཉི་ག་ཉིད་དུ་ཡང་མི་འདོད་ཀྱི། ཅུང་ཞིག་ངོ་ཁོ་ན་ཉིད་དང་གཞན་ཉིད་དག་ཏུ་བརྗོད་དུ་མེད་པ་ཉིད་དེ། འདུས་བྱས་པ་ཉིད་དང་། ་དམ་པའི་མཚན་ཉིད་ཀྱི་དངོས་པོ་ཉིད་ལ་ནི་དེ་ཉིད་དང་གཞན་པ་ཉིད་ཀྱི་རྣམ་པར་རྟོགས་པ་སྲིད་པའི་ཕྱིར་རོ།། སྤྱིའི་མཚན་ཉིད་ཀྱང་དོན་དམ་པར་དངོས་པོ་མེད་པའི་མིང་དེ་ཉིད་དང་གཞན་ཉིད་དུ་འདི་གཉིས་སུ་བརྗོད་དུ་མེད་པ ་ཁོ་ནའོ།། ཡོད་པའི་དངོས་པོ་ལ་དེ་ཉི་དང་གཞན་པ་ཉིད་དུ་བརྟགས་ཀྱི་དངོས་རྣམས་ཀྱི་ངོ་ཉིད་མེད་པ་ལ་ནི་དེ་མི་སྲིད་ཅེས་པས་ན་འགེགྲེལ་བ་མེད་པ་ཁོ་ནའོ།། དམིགས་པར་སྒྲོ་བཏགས་པའི་ཚུལ་གྱིས་རྗོད་པར་བྱེད་པས་དོན་དམ་དང་ཀུན་རྫོབ་ཉིད་དུ་འགྱུར་གྱིས།། ་དེདྲི་ནི་སྦས་པ་ཐམས་ཅད་ལས་ཤིན་ཏུ་འདས་པའི་ཕྱིར་རོ།། དེ་ཡང་མི་ལུས་པའི་རྟོག་པའི་དྲ་བ་དང་བྲལ་བའི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་སྒྲོ་བཏགས་པའི་ཆོས་ཐམས་ཅད་ཀྱི་སྣང་བ་མེད་པས་སོ་སོར་རང་གིས་དམིགས་པ་མེད་པར ་རིག་པར་འགྱུར་གྱི། དེ་ཡང་རིག་དམིགས་པ་ནི་མ་ཡིན་ཏེ། ཇི་སྐད་དུ་ལྷའི་བུ་ཛ་སྲིད་དུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ལས་འདས་པ་ནི་དོན་དམ་པའི་བདེན་པའོ།། ཞེས་གསུངས་ཏེ། ་སྒྱུ་མ་ལ་སོགས་པ་དང་ཁྱད་པར་མེད་པའི་ཕྱིར་དང་། ཡེ་ཤེས་ཀྱི་བདག་ཉིད་དང་དོན་དམ་པར་ན་ཡང་དག་པའི་ཀུན་རྫོབ་ཀྱི་ངོ་བོ་དེ་ཁོ་ན་ཉིད་རྟོགས་པ་དང་རྗེས་སུ་མཐུན་པའི་ཕྱིར་དང་ཡུལ་དེ་ཁོ་ན་ཉིད་ཀྱི་ཕྱིར་ན་དོན་དམ་པའི་ངོ་བོའོ་ཞེས་པ ་བལྟོས་པའི་དབྱེ་བས་གཅིག་གཉི་གའི་ངོ་བོ་ཉིད་ཀྱང་འགལ་བ་མ་ཡིན་པ་ཉིད་དོ།། གང་ཞིག་ས་བཅུ་པར་ཁམས་གསུམ་པོའི་འདི་རྣམས་སེམས་ཙམ་ཞེས་པ་དང་། གང་ཡང་ལང་ཀར་གཤེགས་པར།། དོན་ཡོད་མ་ཡིན་སེམས་ཉིད་དེ།། བག ་ར་གྱི་དེ་དཀུན་པའི་དང་ལྡང་ས་བྱ་ན་གསུམ་ཉི་རྒྱརྒྱན་པོར་རྫིས་མ་ལས་དང་ས་ན་མ་ཉིད་མེ་དུ་ལྟར་པ་གསུམ་ད་དང་པ་ཉི་པ་པ་ཡིན་ནེ་སུ་ཕྱིས་ཀྱི་བང་ཉིད་ལྡམ་ར་བྱེ་སུ་འིའི་སསལ་བདུན་པ་བྱེད་ཕྱིར་མམམ་མ་གྱི་སྟན་ཉིང་གཅིནས་ན་ལ་སྨྲམ་རྙེ་མ་མས་ཉིད་ན་བྱལ་བྱེད་བྱམ་སཤད་པ ་ལྷ་ཆེ་ས་མམ་པ་མ་མ་ངབ་ཉིད་ཀྱང་གཟུང་བ་དང་འཛིན་པའི་བག་ཆགས་ཀྱིས་དཀྲུགས་པའི་དབང་གིས་སེམས་ཕྱིན་ཅི་ལོག་ནས་རྣམ་པར་ཆད་པའི་སྔོན་པོ་ལ་སོགས་པ་ཅན་གྱི་དོན་དམ་པར་ཡོད་པར་སྣང་བར་བྱེད་ཅིང་སྒྲོ་འདོགས་པར ་བྱེད་པའི་སྒྲོ་འདོགས་པའི་རྣམ་པར་རྟོགས་པ་བསྐྱེད་པའི་དོན་དུ་སྣང་བ་ལ། ཀུན་རྫོབ་ཏུ་ནི་རྣམ་པར་ཤེས་པ་བཞིན་དུ་ཕྱི་རོལ་གྱི་དོན་ཡང་ཡོད་དེ། གཞན་དུ་ན་ས་བཅུ་པ་ལ། ས་བརྒྱད་པའི་བྱང་ཆུབ་སེམས་དཔའི་སོ་རྡུལ་ཕྲ་རབ་ཀྱི་ཚད་ཉིད ་དང་། དབེན་པ་ཉིད་དུ་ཤེས་ཤིང་འཇིག་རྟེན་གྱི་ཁམས་ཇི་སྙེད་པའི་སའི་ཁམས་ཀྱི་རྡུལ་ཕྲ་རབ་ཀྱི་དཀར་པོར་གྱུར་པ་ཤེས་ལ། དེ་བཞིན་དུ་ཆུའི་ཁམས་དང་མེའི་ཁམས་དང་རླུང་གི་ཁམས་སུ་ཡང་ཤེས་ཞེས་གསུངས་པ་དང་འགལ་བར་འགྱུར ་རོ། ཡིད་ཆེས་པ་དང་འགལ་ཏེ། རྣམ་པར་ཤེས་པ་བཞིན་དུ་ཕྱི་རོལ་གྱི་དོན་ཀྱང་ངེས་པའི་ཕྱིར་ཏེ། ཐ་སྙད་དུ་དངོས་པོ་གཉིས་སུ་བདེན་པ་ནི་བཾ་ལང་རྫིང་ལ་ཡང་གྲགས་ལ། རིགས་པས་དཔྱད་པར་བྱས་ན་གཉི་ག་ཡང་དཔྱང་མི་བཟོད་པ་དེས་ན ་དངོས་པོ་མེད་པའོ།། དེ་ལྟ་བས་ན་ཤེས་རབ་ཀྱི་བསྒྲུབ་པའི་དབང་དུ་བྱས་ནས་བཅོམ་ལྡན་འདས་མ་ལ་ཕུང་པོ་ལྔ་པོ་རྣམས་ཀྱང་ཁྱད་པར་མེད་པར་སྟོང་པ་ཉིད་དུ་བསྟན་ཏོ།། དེ་ཉིད་ཀྱིས་ན་ཤེས་པ་དང་ཤེས་བྱས་སྟོང་པའི་གཉིས་སུ་མེད་པའི་ཤེས ་པས་པོ་མེད་པ། དེ་ཉིད་ཀྱིས་ན་འཕགས་པ་ལང་ཀར་གཤེགས་པར་ཡང་གསུངས་ཏེ་བློ་བོས་ཆེན་པོ་ཡི་མཔ་བ་གགས་སྟོང་པ་ཉིད་པས་ཐམས་ཅད་ཀྱང་སྨད་པར་བྱ་བ་སྟེ། ་དེ་ཁྱོད་ཀྱིས་ཡོངས་སུ་སྤང་། ཞེས་པ་དང་། འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་། འདི་དག་ཐམས་ཅད་སེམས་ཙམ་ཞེས།། གང་དྲུག་ཐུབ་པ་རྣམས་ཀྱི་སྐྲག་པ་ནི།། སྤོང་བའི་དོན་ལ་དེ་ཉིད་མིན།། ཅེས་ཏེ། ་འོན་ཀྱང་མདོ་དག་ལས། སེམས་ཙམ་དུ་བསྟན་པ་ནི་གཞན་བྱེད་པ་པོ་དང་སྤྱོད་པ་པོའི་འབྲས་བུར་ཀུན་ཏུ་བརྟགས་པས་དགག་པ་སྟེ། སེམས་ལས་མ་གཏོགས་པ་གཞན་བྱེད་པ་པོ་ལ་སོགས་པ་ནི་ཐ་སྙད་དུ་ཡང་མ་གྲུབ་པའི་ཕྱིར་རོ།། དེ ་ལྟར་ན་ཡང་ཕྱི་རོལ་མེད་པར་སྨྲ་བའི་སངས་རྒྱས་པ་རྣམས་ཀྱིས་སེམས་ཅན་གྱི་འཇིག་རྟེན་དང་འདི་ལྟར་སྣོད་ཀྱི་འཇིག་རྟེན་སེམས་ཁོ་ནར་བྱེད་པ་ནི་ཤིན་ཏུ་ངོ་མཚར་ཏེ། ལས་ལོས་སྐྱེས་པའི་འགྲོ་བར་བརྗོད་པའི་ལུས་དང་ལས་དང་སེམས་པ ་ལས་གང་ཡོད་པ་མིན་ཅེས་རྗོད་པ་ནི་སེམས་ལ་ནི་ཆོས་ཐམས་ཅད་བལྟོས་པས་གཙོ་བོ་ཉིད་དུ་བསྒྲུབ་པའི་ཕྱིར་ཏེ། ཆོས་རྣམས་ཐམས་ཅད་ཀྱི་སྔོན་དུ་སེམས་འགྲོ་བའི་ཕྱིར་རོ།། དེ་ཉིད་ལ་དེ་ཁོ་ན་ཉིད་ཅན་གྱི་དངོས་པོ་ཁས་མི་ལེན་ལ། ་གང་ཡང་དངོས་པོ་མེད་པ་ཡང་མིན་ཏེ། དངོས་པོ་དང་དངོས་པོ་མེད་པ་ལས་ལོག་པའི་མཚན་ཉིད་ཅན་གྱི་ཕྱིར་རོ།། དེའི་དངོས་པོ་མ་གྲུབ་པས་ཡུལ་མེད་པ་ལ་དགག་པའི་སྦྱོར་བ་མེད་དེ། མེད་པ་ལ་དགག་བྱ་དང་དགག་བྱེད་ཀྱི་འཇུག་པ་མེད་པས ་དེ་སྔོན་དུ་འགྲོ་བ་ཅན་གྱི་དེ་ཡང་མི་གྲུབ་ལ། དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་དག་གིས་ནི་རྣམ་པར་རྟོག་པ་རྣམས་ཐམས་ཅད་ལ་ཁྱབ་པའི་ཕྱིར་ཁྱབ་བྱེད་མེད་པ་ལ་ཁྱབ་བྱ་མི་སྲིད་པས་དེ་ཁོ་ན་ཉིད་དུ་ན་དངོས་པོ་དང ་དངོས་པོ་མེད་པར་མཆོག་ཏུ་འཛིན་པ་དང་བྲལ་བས། མ་བརྟགས་ན་ཉམས་དགའ་བའི་དངོས་པོ་འདི་རྣམས་ལ་ཤེས་རབ་ཀྱི་སྦྱིན་གྱིས་བརྟགས་ནས་ནང་དང་ཕྱི་རོལ་གྱི་སྙིང་པོ་དང་བྲལ་པོའི་གང་དུ་བསྒོམ་པའི་སྟོབས་རྫོགས་པས་སྐྱོན ་ཐམས་ཅད་བཀག་ནས་བདག་མེད་པ་མཐོང་བ་མངོན་སུམ་དུ་གྱུར་ནས་དེ་དང་གསལ་བའི་ཕྱིར་ཉོན་མོངས་པའི་སྒྲིབ་པ་དང་ཤེསོ་བྱའི་སྒྲིབ་པ་སྤོང་བར་འགྱུར་ཏེ། འདི་འཆིང་བ་མེད་པས་སྤྲིན་དང་བྲལ་པའི་ཉི་མའི་འོད་ཟེར་བཞིན་དུ་རྣམ ་མཁའི་མཐའ་ཀླས་པར་རྟེན་ཅིང་འབྲེལ་བར་ལས་ལས་འབྱུང་བའི་དངོས་པོ་དོན་དམ་པར་སྐྱེ་བོ་ལ་སོགས་པའི་བརྟགས་པ་དང་བྲལ་བར་རྒྱུན་མི་འཆད་པར་རྣལ་འབྱོར་པའི་མངོན་སུམ་གྱི་སྙིང་རྗེ་དང་ཤེས་རབ་ཀྱི་རང་བཞིན་གྱི་ཀུན་རྫོབ་པའི ་ཡེ་ཤེས་ཀྱི་སྣང་བ་ཡང་དག་པར་སྐྱེ་ལ། འདི་ཉིད་དེ་ཁོ་ན་ཉིད་མཐོང་བ་སྟེ། གང་དུ་ཤེས་རབ་ཀྱིས་བརྟགས་པ་ན། ཆོས་ཐམས་ཅད་མི་མཐོང་གི། གང་དུ་ཡོད་ལ་བྱེད་པ་དང་། གཉིད་ལོག་པ་འམ་མིག་བཙུམ་པ་བཞིན་གྱིས་ནི་མ ་ཡིན་ནོ།། དེ་ལྟ་བུའི་བག་ཆགས་མ་སྤངས་ན། འདུ་ཤེས་མེང་པའི་སྙོམས་པར་འཇུག་པ་ལ་སོགས་པས་ལངས་པ་ཉིད་ན། གཟུགས་ལ་སོགས་པ་མངོན་པར་ཞེན་པོའོ་རྩ་བ་ཅན་གྱི་འདོད་ཆགས་ལ་སོགས་པ་རྣམས་སྐྱེ་བར་འགྱུར་བས ་རྣལ་འབྱོར་པ་གྲོལ་བར་མི་འགྱུར་རོ།། གཟུགས་ལ་སོགས་པའི་ཡུལ་གྱི་ཐེ་ཙོམ་སྤངས་པ་མེད་ན། དེའི་ཡིད་ལ་བྱེད་པ་སྤོང་བར་མི་ནུས་ཏེ། སྲེད་བྱེད་ཡོངས་སུ་མ་སྤངས་པར་སྲེག་པ་ཡོངས་སུ་མི་སྤོང་བ ་བཞིན་ནོ།། དེའི་ཕྱིར་ན་ཇི་སྐད་དུ་བཤད་པའི་མཐོང་བ་མེད་པའི་སྦྱོར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས་ཐེ་ཚོམ་གྱི་ས་བོན་དང་བྲལ་བ་ཉིད་ཀྱིས་གཟུགས་ལ་སོགས་པ་ལ་མངོན་པར་ཞེན་པ་གསལ་བར་བྱའོ།། དེ་ལྟར ་ཡང་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི་ཚུལ་གྱིས་དཔྱད་པས་ཐེ་ཚོམ་དང་ལྡན་པ་དེ་དང་བྲལ་ནས་གཟུགས་ལ་སོགས་པ་ལ་མངོན་པར་ཞེན་པ་དང་བྲལ་བས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་རྟོགས་ལ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་ཞེས་སྔ་ནས་བཤད་དོ།། འདིར་ཆོས་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་ནི་སྒྲིབ་པ་ཐམས་ཅད་སྤངས་པ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྟོགས་པར་བྱེད་པ་ལམ་གྱི་མཆོག་སྟེ། དེ་ཉིད་ཀྱིས་ན་འདིས་མངོན་པར་འདོད་པ ་ཐམས་ཅད་ཉེ་བར་བསྒྲུབས་པས་འཕགས་པ་རབ་འབྱོར་ལ་འཐད་པ་ཉེ་བར་བསྟན་པའོ།། སེམས་ཀྱི་རང་བཞིན་འོད་གསལ་ཞེས་པ་ནི་རང་བཞིན་ནི་ངོ་བོ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཉིད་ལ། འོད་གསལ་བ་ནི་དེའི་ངོ་བོ་ཉིད་ལ་གློ་བུར་བའི ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་བརྟགས་པའི་མུན་པོ་མཐའ་དག་ནུབ་པ་སྟེ། འདིར་མངོན་པར་ཞེན་པ་མེད་པ་ལ་སོགས་པའི་རྣམ་པ་དང་ཐ་མི་དད་པའི་ཀུན་རྫོབ་ཀྱི་ངོ་བོ་སེམས་ལ་དོན་དམ་པར་ངོ་བོ་ཉིད་མེད་པས་སེམས་མ་མཆིས་ཞེས ་པའི་མ་ཡིན་པར་དགག་པ་དང་མེད་པར་དགག་པ་སྟེ། ཀུན་རྫོབ་ཏུ་ཡོད་པ་ལ་དོན་དམ་པར་དོན་ཡོད་པ་ཡིན་ཞེས་པ་ཉིད་ཙམ་ལ་ཡིད་རྗེས་སུ་གནས་པས་ཕྱིན་ཅི་ལོག་པར་མཐོང་ནས་སྨྲས་པ་ནི་ཡོད་དམ་ཞེས་པ་སྟེ། རིགས་པས་དངོས་པོ ་མེད་པའི་ཕྱིར་སྟེ། མ་ཡིན་པར་དགག་པའི་སྦྱོར་བ་མིན་གྱི་འོན་ཀྱང་མེད་པར་དགག་པ་ལ་སྟེ། དེ་ལ་ཡང་ཡོད་པ་དང་མེད་པ་ཙམ་དུ་བཏགས་པ་ཡང་ཡོད་པ་མིན་ཞེས་པ་ལ་སོགས་པ་སྟེ། སེམས་ནི་དངོས་པོ་ཙམ་ལ་སེམས་མེད་པ ་ནི་དེའི་དངོས་པོའི་སེམས་མེད་པ་ཉིད་དེ། དེ་ལ་བརྗོད་པ་ནི་མེད་ཅེས་པ་སྟེ། འདི་བརྗོད་མ་ཐག་པའི་གཉི་གའི་ཡོད་པ་ཉིད་དང་མེད་པ་ཉིད་དུ་མི་དམིགས་པ་སྟེ་སྒྲུབ་པ་པོ་མེད་པའི་ཕྱིར་རོ།། མེད་པ་ནི་གནོད་བྱེད་དམ་པ་སྤོང་བའི་ཕྱིར་ཏེ། ་དངོས་པོ་དང་དངོས་པོ་མེད་པ་གཉི་ག་ལས་ཡང་དག་པར་འདས་པའི་ཕྱིར་ཞེས་པ་དེ་ལ་དགོངས་ནས་སླར་དྲི་ཞིང་རྒོལ་བ་ལ་སྦྱོར་བའོ།། སེམས་མེད་ཅེས་པ་ནི་སེམས་དངོས་པོ་མེད་པ་ཙམ་ཉིད་མངོན་པར་འདོད་པ་ལ་དགོངས་པོའོ།། ་ཡོད་པ་དང་མེད་པའི་ངོ་བོས་ཡོད་པའི་སྒྲོ་བཏགས་པ་ནི་མི་རིགས་པ་ཉིད་ལ། སེམས་ཆོས་ཅན་གྱི་ཡུལ་མེད་པ་ཉིད་ལ་དགག་པའི་སྦྱོར་བ་མེད་པས། སེམས་མེད་པ་ཉིད་ཀྱང་མེད་ཅེས་གསུངས་པ་ནི་ཇི་ལྟར་ཡང་འདི་ཞེས་པ ་ལ། རྣལ་འབྱོར་པའི་ཀུན་རྫོབ་ཏུ་སོ་སོར་རིག་པར་འདོད་ནས་གསུངས་པ་ནི་འགྱུར་བ་མེད་ཅེས་པ་སྟེ། རང་བཞིན་གྱིས་འོད་གསལ་བའི་ཕྱིར་དང་། སེམས་འགྱུར་བའི་འདོད་ཆགས་ལ་སོགས་པ་རྣམས་ཀྱིས་མཾ་གོས་པའི་ཕྱིར་ན ་འགྱུར་བ་མེད་པའོ།། སྤྲོས་པ་ཐམས་ཅད་ཉེ་བར་ཞི་ཞིང་རྣམ་པར་རྟོག་པ་ཐམས་ཅད་ཀྱིས་སྤྱོད་ཡུལ་མ་ཡིན་པའི་ཕྱིར་ན་རྣམ་པར་རྟོག་པ་མེད་པའོ།། དེའི་ཕྱིར་སེམས་དེས་ཀྱང་རློམ་སེམས་སུ་མི ་བྱེད་དེ། དེ་ཡང་ངོ་བོ་ཉིད་སྟོང་པ་ཉིད་དང་རོ་གཅིག་པའི་ཕྱིར་རོ།། དེ་ལྟར་ཡིན་ཡང་དེའི་སེམས་རང་བཞིན་གྱིས་འོད་གསལ་ཞེས་དམིགས་པ་དེའི་ཡོང་རློམ་སེམས་མེད་པའི་རྣམ་པ་སྟེ། ཇི་ལྟར་སེམས་ནི་སེམས་མེད་པའི་དང་། དེ ་སྔར་གཟུགས་ལ་སོགས་པ་རྣམས་ལ་གཟུགས་ལ་སོགས་པ་མེད་ཅེས་པ་དོན་གྱིས་རྟོགས་ཏེ་གང་དུ་ཕུང་པོ་ལྔ་པོ་རྣམས་སྟོང་པ་ཉིད་དུ་མཉམ་པར་གསུངས་ལ་འདིར་ནི་རང་བཞིན་གྱི་ཕྱིར་དང་མཆོག་ཏུ་སྐྱེས་བུའི་དོན་གྱི་རྒྱུ་ཉིད་ཀྱིས་ན ་གཙོ་བའི་ཕྱིར་ན། གཟུགས་ལ་སོགས་པ་རྣམས་ཀྱང་བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད་དུ་བསྒྲུབ་པར་མངོན་པར་འདོད་པ་ཉིད་དོ།། དྲོད་ལ་སོགས་པ་དབྱེ་བ་རྣམས་ཀྱི་དམིགས་པ་དང་རྣམ་པ་སྟེ། དེ་དང་དེའི་མི་མཐུན་པའི་ཕྱོགས་མི་ལྡོག་པའི ་དབྱེ་བས་ཤེས་པར་བྱའོ།། འོན་ཀྱང་མི་ཞེས་པ་ནི་གསལ་བ་འདི་རྣམས་ཞེས་པའི་དོན་ཏོ།། ཉོན་མོངས་པ་མེད་པ་ཞེས་པའི་སྙོམས་པར་འཇུག་པ་ནི་རྣམ་པ་གཉིས་ཏེ། གཅིག་གིས་ནི་ཕ་རོལ་གྱི་རྒྱུད་ཀྱི་ཉོན་མོངས་པོ་ཡང་མི་འགོག་སྟེ། ་དེ་འདིར་གཟུང་བར་བྱ་བ་མ་ཡིན་ལ། གང་དུ་རྣམ་པར་རྟོག་པའི་ཉོན་མོངས་པ་འགོགས་པ་དེ་འདིར་གཟུང་བར་བྱ་སྟེ། སྐབས་ཡིན་པའི་ཕྱིར་རོ།། འདིར་ཡང་ཞེས་པ་ནི་འདི་ལྟ་བུའི་དམིགས་པ་དང་། རྣམ་པ་ཁྱད་པར་དུ་འཕགས་པ་ནི ་དྲོད་ཆུང་ངུ་ནས་ཕྱིར་མི་ལྡོག་པའོ།། ཞེས་པ་སྟེ། གང་ཞིག་དབང་པོ་རྣོན་པོ་དང་འབྲིང་དང་ཤེས་རབ་རྟུལ་པོས་ནི་རབ་ཏུ་དགའ་བ་དང་། མི་གཡོ་བ་དག་ལའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་ཞེས་པ་ནི་དེས་གོང་ནས་གོང་དུ་ཡང་ངོ་།། ་དྲོད་ཆུང་ངུའི་རང་བཞིན་ནི་གོང་གི་རྣམས་ལ་ཡང་རྗེས་སུ་སྦྱོར་བའི་ཕྱིར་བཅུ་གཉིས་པོ་རྣམས་ཀྱི་རྒྱུ་ཉིད་ཀྱི་ཁྱད་པར་གྱིས་དབང་དུ་བྱས་ནས་བསྟན་བཅོས་སུ། ཐེག་པ་སུམ་ཆར་ཐོབ་པའི་རྒྱུ་ཞེས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲོད་ལ་སོགས ་པ་ནི་བྱང་ཆུབ་རྣམ་པ་གསུམ་ཐོབ་པའི་རྒྱུ་སྟེ། ཁ་ཅིག་ཕྱིར་མི་ལྡོག་པས་ལས་རིགས་ཀྱི་སྟོབས་ཀྱིས་དམན་པའི་བྱང་ཆུབ་ཀྱང་ཐོབ་པའི་ཕྱིར་ལ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ཅན་ངག་གི་དྲོད་ལ་སོགས་པ་ནི་བླ་ན་མེད་པའི ་བྱང་ཆུབ་གང་དུ་ཡང་ཐོབ་པར་མི་བྱེད་དོ།། གང་དུ་གསུངས་པའི་ཉན་ཐོས་ཀྱི་ས་ཞེས་པ་ནི་འདིར་འབྱུང་བར་འགྱུར་ཞེས་པས་ས་སྟེ། དེ་དེའི་རྒྱུ་མཚན་ནོ།། མཉན་པར་བྱ་བ་ནི་གཞུང་ངོ་།། གཟུང་བར་བྱ་བ་ནི་སེམས་ལ་བཞག་པར་བྱ་བའོ།། ་བཀླག་པར་བྱ་བ་ནི་བརྗེད་པའི་ཕྱིར་ཁ་ཏོན་དུ་བྱ་བའོ།། ཀུན་ཆུབ་པར་བྱ་བ་ནི་དོན་ཏེ་རྣམ་པ་ཐམས་ཅད་ཤེས་པར་བྱའོ།། རབ་ཏུ་འདོན་པར་བྱ་བ་ནི་གཞན་རྣམས་ལ་ཡང་དོན་དང་གཞུང་དག་ཀུན་ཏུ་བསྒྲགས་པའི་ཕྱིར་རོ།། བསླབ ་བར་བྱ་བ་ནི་སེམས་པས་སོ།། རྣལ་འབྱོར་དུ་བྱ་ཞེས་པའི་རྣལ་འབྱོར་ནི་ཞི་གནས་དང་ལྷག་མཐོང་ལ་སྙོམས་པར་འཇུག་པའི་བྱ་བས་སོ།། བསྒོམས་པར་བྱ་བ་ནི་ངེས་པར་དུས་དང་དངོས་པོར་གྱུར་པས་སོ།། རྟོགས་པར་བྱ་ཞེས་པ་ནི་རྣམ ་འབྱོར་གྱི་ལས་ཉིད་ཀྱིས་སོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་རབ་ཏུ་དགའ་བ་ནས་ཇི་སྲིད་དུ་ཆོས་ཀྱི་སྤྲིན་གྱི་བར་དུའོ།། ཐབས་ལ་མཁས་པ་ནི་ཀུན་རྫོབ་དང་དོན་དམ་པར་རོ་གཅིག་པའི་སེམས་ཀྱི་ཁྱད་པར་ལ་ཡང ་དག་པར་འདུ་བ་ནི་རྫོགས་པའོ།། འབྲིང་ནི་བསྟན་བཅོས་ལས།། གཟུགས་སོགས་སྐྱེ་འཇིག་ཅེས་ཏེ་མིང་གིས་ཞེས་པ་ནི་ལྷག་མའི།། གནས་བྲལ་དང་གནས་དང་ཞེས་ཏེ། མིང་དེ་ཡང་མེད་ཅེས་པ་ནི་ལྷག་མའོ།། འདི་ཉིད་གསུངས་པ་ནི་དེ་ནས ་ཞེས་པ་ལ་སོགས་པ་སྟེ། མ་འཚལ་བ་ནི་དོན་དམ་ལ་སྟེ་མི་ཤེས་པའོ།། མ་འཚལ་ཞེས་མདོར་བསྟན་པའི་རྒྱས་པར་བཤད་པ་ནི་མ་དམིགས་ཞེས་པ་སྟེ། མངོན་སུམ་གྱིས་སོ།། ཡང་དག་པར་རྗེས་སུ་མ་མཐོང་ཞེས་པ་ནི་རྗེས་སུ་དཔག་པས་སོ།། ་དན་དུ་བྱེད་པའི་དངོས་པོ་ནི་ཡིད་ལ་གཅགས་པ་སྟེ། མི་རིགས་པར་བྱས་པ་ཉིད་དོ།། མིང་དུ་བཏགས་པ་ཙམ་ཞེས་པ་ནི་དོན་གྱིས་སྟོང་པས་མིང་ངོ་།། འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་ཞེས་པ་ནི་བྱང་ཆུབ་སེམས་དཔའ་ཞེས་ཟེར་ཡང་ཉེ་བར ་མཚོན་པ་ཡིན་པར་ཤེས་པར་བྱའོ།། ཡོད་པའི་སྐྱེ་བ་དང་འཇིག་པ་མི་འོག་ག་སྟེ། དོན་དམ་པར་ནི་ཡོད་པ་དང་དགག་པ་ལས་ངེས་པར་གྲོལ་བས་གཟུགས་ལ་སོགས་པ་ཅན་ལ་དམིགས་པའི་ཞེས་གསུངས་པ་ཡིན་ནོ།། མི་གནས་པའི་ཐེར་ཟུག ་པའི་རྟག་པ་དང་། དེ་དང་འདྲ་བ་རབ་ཏུ་རྒྱུ་བའི་རྟག་པས་སོ།། དགག་བྱ་མེད་པ་ལ་དེ་ཁོ་ན་ཉིད་དུ་ངེས་པར་དགག་པ་ཡོད་པ་མིན་ཅིང་ཡུལ་མེད་པ་ལ་བསྒྲུབ་པའི་སྦྱོར་བ་ཡོད་པ་ཡང་མིན་ཏེ། དགག་པ་རྣམ་པར་རྟོགས་པ་ལ་བརྟེན་པ་ཉིད་ཀྱང ་ཀུན་རྫོབ་པར་འགྱུར་གྱི་དེ་ཁོ་ན་ཉིད་ནི་ཡིན་ནོ།། ཞེས་པའི་རིགས་པས་མི་གནས་པ་ཡང་མ་ཡིན་ནོ།། རྣམ་པར་མི་གནས་པ་ནི་རྒྱུན་མི་འདྲ་བ་ཉིད་ཀྱིས་དེ་ལྟ་བུ་ལ་རྣམ་པར་མི་གནས་པ་སྟེ། ཐེར་ཟུག་པ་དང་འདྲ་བ་དང་མི་འདྲ་བའི་རྒྱུན ་དང་བྲལ་བ་ཉིད་ཀྱི་རྣམ་པས་སོ་ཞེས་པའི་དོན་ཏོ།། མེད་པ་ཉིད་ཀྱིས་ཞེས་པ་སྟེ། དེ་ཁོ་ན་ཉིད་དུ་ཞེས་པ་ནི་ལྷག་མ་སྟེ། ཀུན་རྫོབ་ཏུ་ནི་སྐྱོན་མེད་ཅེས་པ་ལ་དགོངས་པའོ།། རབ་ཀྱི་ནི་བསྟན་བཅོས་ལས། བཏགས་དང་བརྗོད་དུ་མེད་ཅེས་ཏེ་ཡུམ ་བར་མེ་ལས། གང་ཡང་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་པའི་ཆོས་ནི་བརྡར་བཏགས་པ་ཅན་ནོ་ཞེས་གསུངས་ཏེ། བཏགས་པཅོམ་ཙམ་གྱི་སྡུག་བསྔལ་ལ་སོགས་པ་ནི་དམིགས་པ་ལ། དེ་ནི་གང་དུ་ཡང་བརྗོད་པར་མི་ནུས་ཏེ། ཕུང ་པོ་དང་ཁམས་དང་སྐྱེ་མཆེད་ནས་ཇི་སྲིད་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་གྱི་ཆོས་ཀྱིས་སོ་ཞེས་བརྗོད་དུ་མེད་པ་ཉིད་རྣམ་པ་སྟེ། འདི་ལ་གསུངས་པ་ནི་དེ་ལྟར་ཞེས་པ་ནི་མིང་ལ་དོན་མེད་པ་ཉིད་ཀྱིས་སོ།། མིང་དང་བཏགས་པ་གང་ངོ་ཞེས ་པ་ནི་མིང་དུ་བཏགས་པ་ནི་སྡུག་བསྔལ་ལ་སོགས་པའི་བདེན་པ་ལའོ།། མི་གནས་པ་ནི་དེ་ཁོ་ན་ཉིད་དུ་རྣམ་པར་མི་གནས་ལ། མི་གནས་པ་ཡང་མ་ཡིན་པ་ནི་ཐ་སྙད་དུ་ངེས་པའི་ཕྱིར་ཏེ་དེ་ནི་བཏགས་པ་ཙམ་མོ་ཞེས་པ་ལ་དགོངས་པ་སྟེ། རྣམ ་པར་མི་གནས་པ་ནི་དེ་ཡང་བཏགས་པའི་ངོ་བོ་ལས་རྣམ་པ་སྣ་ཚོགས་པའི་ཕུང་པོ་དང་ཁམས་ལ་སོགས་པའི་ངོ་བོ་མི་གནས་ལ། གང་གི་ཕྱིར་དེས་ན་བརྗོད་དུ་མེད་ཅེས་པ་ལ་དགོངས་པའོ།། རྣམ་པར་མི་གནས་པ་ཡང་མ་ཡིན་པ་ནི་ཐ་སྙད་ཀྱི ་གང་དུ་ཡང་བརྗོད་པར་བྱ་བའི་ཕྱིར་ཞེས་པ་ནི་དམིགས་པ་དང་རྣམ་པའོ་གལ་ཏེ་ཞེས་པ་ལ་སོགས་པ་སྟེ། འདི་ལྟར་ཞེས་པ་ནི་ཇི་སྐད་དུ་བཤད་པའི་དམིགས་པ་དང་རྣམ་པ་རྣམས་ཀྱིས་སོ།། རྗོད་པར་བྱེད་པ ་ནི་གཞུང་ལའོ།། བསྟན་པར་བྱེད་པ་ནི་དོན་ལའོ།། ཉེ་བར་བསྟོན་པར་བྱེད་པ་ནི་དོན་ལ་སེམས་པའི་རང་བཞིན་གྱི་ཤེས་རབ་སྐྱེད་པར་བྱེད་པས་སོ།། སེམས་ཞུམ་པར་མི་འགྱུར་ཞེས་པ་ལ་སོགས་པ་ནི་ཞི་གནས་བསྐྱེད་པ་གསུངས་པོ་སྟེ། ་དོན་ནི་སྔ་མ་བཞིན་ནོ།། ལྷོག་པར་མོས་པ་ནི་ཞི་གནས་དང་ལྷག་མཐོང་གི་སྟོབས་ཀྱིས་ངེས་པར་བྱེད་པའོ།། ལྷག་པའི་བསམ་པས་རྩི་གཅིག་པས་སོ།། ཕྱིར་མི་ལྡོག་པའི་ཞེས་པ་ནི་ཕྱིར་མི་ལྡོག་པའི་སྟེ་ཡང་དག་པོར་རྫོགས་པའི་བྱང་ཆུབ ་ལས་ཕྱིར་མི་ལྡོག་པར་ངེས་པའོ།། དེ་ནི་དེ་རྣམས་ལའོ།། ལེགས་པར་གནས་པ་ནི་ཡང་དག་པར་གནས་པའོ།། གནས་པ་མེད་པའི་སྦྱོར་བ་ནི་འཁོར་གསུམ་མི་དམིགས་པའི་སྦྱོར་བས་སོ།། རྩེ་མོ་ཆུང་ངུ་ནི་གཟུགས་ལ་སོགས་མི་གནས ་དེ་དག་གི། དེ་ཡི་ངོ་བོ་རང་བཞིན་མེད།། དེ་དག་གཅིག་གིས་རང་བཞིན་གཅིག་ཞེས་པ་སྟེ། གཟུགས་ལ་སོགས་པ་རྣམས་ལ་མི་གནས་པ་ནི་གང་གི་ཕྱིར་གཟུགས་ལ་སོགས་པའི་ངོ་བོས་སྟོང་པ་ཉིད་ཅེས་སེམས་པས་གནས་པ་མི ་རིགས་པས་གཟུགས་ལ་སོགས་པ་ལ་དམིགས་པའོ།། གཟུགས་ལ་སོགས་པ་དང་ཆོས་ཐམས་ཅད་སྟོང་པ་ཉིད་དག་ཕན་ཚུན་ངོ་བོ་གཅིག་སྟེ་གཟུགས་ལ་སོགས་པ་ཉིད་སྟོང་པ་ཉིད་ལ་སྟོང་པ་ཉིད་ཁོ་ན་གཟུགས་ལ་སོགས་པའོ།། ་ཞེས་དབྱེ་བ་དང་བྲལ་བའི་རྣམ་པའོ།། དེ་ལྟར། དེ་མི་རྟག་སོགས་པར་མི་གནས།། དེ་རྣམས་དེ་ཡི་ངོ་བོས་སྟོང་།། ཞེས་པ་སྟེ། དེ་ཡིས་གཟུགས་ལ་སོགས་པ་ལ་མི་རྟག་པ་ཉིད་ལ་སོགས་པ་རྣམས་སུ་མི་གནས་ཏེ། གང་ཡང ་འདིར་དེ་རྣམས་ཀྱི་རྟག་པ་ལ་སོགས་པ་རྣམས་ནི་མི་རྟག་པ་ལ་སོགས་པའི་ངོ་བོས་ཉིད་ཀྱིས་སྟོང་པ་ཉིད་དོ་ཞེས་པ་ནི་དམིགས་པའོ།། དེ་དག་གཅིག་གིས་རང་བཞིན་གཅིག་ཅེས་ཏེ། མི་རྟག་པའོ་ཞེས་མི་རྟོག་པ་དང་སྟོང་པ་ཉིད ་དག་ཕན་ཚུན་ངོ་བོ་གཅིག་སྟེ། གཟུགས་ལ་སོགས་པ་དང་སྟོང་པ་ཉིད་དག་བཞིན་ནོ་ཞེས་པ་ནི་རྣམ་པའོ།། དེ་བཞིན་དུ་གཟུགས་ལ་སོགས་པ་དང་དེའི་མི་རྟག་པ་ལ་སོགས་པར་མི་གནས་ཞེས་པ་ནི་བཅོམ་ལྡན་འདས་ཡུམ་ཆེན་མོར ་རྒྱ་ཆེར་གསུངས་ལ། དེ་ཉིད་འདིར་བསྡུས་ནས་གསུངས་པ་ནི་གཞན་ཡང་ཞེས་པ་ལ་སོགས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་པ་ནི་རྩེ་མོ་རླུང་ངུའི་མཚན་ཉིད་ལའོ།། སྤྱོད་པ་ནི་ཐོས་པ་དང་བསམ་པ་དག་གིས་སོ།། དེ་བསྒོམ ་པར་བྱ་ཞེས་པ་ནི་ཞི་གནས་དང་ལྷག་མཐིང་དག་གིས་སོ།། དེ་ཅིའི་ཕྱིར་ཞེས་པ་སྟེ། གནས་པ་ནི་དངོས་པོར་དམིགས་པ་ལ་རབ་ཏུ་གནས་པ་ནི་སེམས་པས་སོ།། དེ་ལྟར་གནས་པ་ནི་གང་དུ་གཟུགས་ལ་སོགས་པ་ལ་མངོན་པར་འདུ་བྱེད་པ་སྟེ། ་གཟུགས་ལ་སོགས་པའི་རྩོལ་བ་དང་བཅས་པ་རྣམས་པར་རྟོག་པ་ལ་སྤྱོད་པ་མ་ལགས་པ་ཞེས་པ་ནི་རྣམ་པར་རྟོག་པ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྟེ། དེ་དེ་ལ་སྤྱོད་པ་གང་ན་མ་ཡིན་པ་ནི་ཡོངས་སུ་འཛིན་པ་མི་ལེགས་པ་ནི ་དམིགས་པས་སོ།། རྣལ་འབྱོར་དུ་བྱེད་པ་མ་ལགས་པ་དང་། ཡོངས་སུ་རྫོགས་པར་བགྱིད་པ་མ་ལགས་པ་ནི་གོ་རིམ་ཇི་ལྟ་བ་བཞིན་དུ་སྦྱོར་བ་དང་དངོས་གཞི་དང་རྗེས་ཀྱི་གནས་སྐབས་རྣམས་ལའོ།། ཐམས ་ཅད་མཁྱེན་པ་ཉིད་ལ་ཞེས་པ་ནི་ཀུན་མཁྱེན་གསུམ་པོ་རྣམས་ལའོ།། ཡོངས་སུ་མི་གཟུང་བར་རིགས་པའོ།། ཡོངས་སུ་མི་གཟུང་ཞེས་པ་ནི་གཟུགས་ལ་སོགས་པ་གང་དུ་མི་གནས་པ་སྟེ། དེ་ནི་མི་དམིགས་པའོ།། གང་ཡང་ངོ་བོ་ཉིད་མེད་པས ་གཟུགསོ་ལ་སོགས་པས་ཡོངས་སུ་གཟུང་བ་མ་མཆིས་པ་གང་ལགས་པ་དེ་གཟུགས་ལ་སོགས་པ་མ་ལགས་ཞེས་པ་ནི་རྣམ་པའོ།། ཐམས་ཅད་ཅེས་པ་ནི་གང་ཆོས་ཐམས་ཅད་ལ་ཡོངས་སུ་གཟུང་བ་མ་མཆིས་པ་དེའོ།། ཆོས་ཀྱི་དབྱིངས ་ལ་དམིགས་པ་རྒྱ་ཆེ་བས་ཡ་ངེས་པའོ།། མངོན་དུ་བྱས་པ་ནི་ཇི་སྐད་དུ་བཤད་པའི་དམིགས་པ་དང་རྣམ་པའི་ཁྱད་པར་དག་གི་སེམས་པས་མདུན་དུ་གནས་པའི་ཕྱིར་དང་། སངས་རྒྱས་ཐམས་ཅད་ཀྱིས་བསྔགས་པའི་ཕྱིར་རོ།། ཚད་མེད་པ་ནི་སངས ་རྒྱས་པའི་དོན་དུ་སྙིང་རྗེ་ཆེན་པོ་འམ་ཤེས་རབ་ཀྱི་སྦྱོར་བས་ཚད་མེད་པའི་སེམས་ཅན་གྱི་དོན་བྱེད་པར་ངེས་པའི་ཕྱིར་ཚད་མེད་པར་ངེས་པའོ།། ཐུན་མོང་མ་ལགས་པ་ནི་དམིགས་པ་རྟོགས་པ་ལ་སོགས་པ་ལྔ་པོའི་ཁྱད་པར་རྣམས་ཀྱིས་སོ།། རྩེ་མོ ་འབྲིང་གི་དབང་དུ་བྱས་ནས་བསྟན་བཅོས་སུ་ཆོས་རྣམས་མི་འཛིན་གང་ཉིད་དང་། དེ་དག་མཚན་མར་མི་མཐོང་ཕྱིར་ཞེས་ཏེ། གང་ཞིག་ཆོས་རྣམས་ཐམས་ཅད་མི་འཛིན་པ་དེ་ནི་དེའི་དམིགས་པ་ལ་ཆོས་ཀྱི་མཚོན་མ་མ་མཐོང་བ་ནི་རྣམ་པ་སྟེ། ་འདིར་དེ་གསུང་བ་ནི་དེ་ཡང་ཞེས་པ་ལ་སོགས་པ་སྟེ། མི་རྟག་པ་ལ་སོགས་པ་དང་སྟོང་པ་ཉིད་ཀྱང་སྟེ་མཚན་མ་ནི་ཆོས་རྣམས་ཀྱི་ཁྱད་པར་གྱི་མཚན་ཉིད་དོ།། གཟུགས་ཞེས་པ་དང་ཚོར་བ་ཞེས་པ་ནས་ཇི་སྲིད་དུ་སངས་རྒྱས་ཀྱི་ཆོས་ཞེས་པའི ་བར་རོ།། བསྟན་པར་བྱེད་པ་གསུངས་པ་ནི་གལ་ཏེ་ཞེས་པ་ལ་སོགས་པ་ནི་འདིར་སངས་རྒྱས་ཀྱིས་བསྟན་པའོ།། ན་ནི་གང་གི་ཕྱིར་རོ།། ཕྲེང་བ་ཅན་ནི་མི་ལ་ཀུན་ཏུ་རྒྱུའི་དཀའ་ཐུབ་ཅན་ནོ།། འདི་ལྟ་སྟེ་བསྟན་པ་ལ་ཞུགས་པའོ།། ཐམས་ཅད་མཁྱེན ་པའི་ཡེ་ཤེས་ལ་ཞེས་པ་ནི་རྩེ་མོ་འབྲིང་ལའོ།། དེ་ལྟ་བུ་ནི་བྱེད་ཅེས་པས་སོ།། དད་པས་རྗེས་སུ་འབྲང་བར་གྱུར་པ་ནི་བསྟན་པའི་ཕྱོགས་གཅིག་ལ་རབ་ཏུ་འབྱུང་བའི་ཕྱིར་རོ།། ཕྱོགས་གཅིག་པའི་ཡོ་ཤེས་ཀྱིས་ཞེས་པ་ནི་རྩེ་མོ་འབྲིང་གིས ་སོ།། གཟུགས་ཡོངས་སུ་མི་འཛིན་ཅེས་པ་ནི་དེའི་མཚན་མར་ཡིད་ལ་མི་བྱེད་པའི་ཕྱིར་རོ།། དགའ་བ་དང་བདེ་བ་ནི་ཡིད་དང་ལུས་ཀྱིས་ཏེ་ཏིང་ངེ་འཛིན་གང་དང་ལྡན་པས་སོ།། རྣམ་པའི་ཁྱད་པར་གསུངས་པ་ནི། དེ་ནང་གི་གཟུགས་ཀྱི་ཡིན་པར ་ཡང་དག་པར་རྗེས་སུ་མི་མཐོང་ཞེས་པ་ལ་སོགས་པ་སྟེ། དེ་ངོ་བོ་ཉིད་མེདོ་པས་དེའོ་མཚན་མར་ཡིད་ལ་མི་བྱེད་པ་ཉིད་ཀྱིས་སོ།། གཞན་དུ་ཡང་དག་པར་རྗེས་སུ་མི་མཐོང་ཞེས་པ་ནི་མཚན་མར་ཡིད་ལ་མི་བྱེད་ཀྱང་ཕུང་པོ་ལྔ་པོ་རྣམས་ཀུན ་རྫོབ་ཏུ་སྣང་བའི་ཕྱིར་ཏེ། དེ་ནི་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ཞེས་པའི་ཕུང་པོ་ལྔ་པོ་ལའོ།། དེ་ལ་ཚོགས་པར་བྱེད་ཅིང་འདུས་བྱས་བྱེད་པས་གཟུགས་ཏེ། མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ཀྱི་དབང ་པོ་དང་། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ཞེས་པའི་ཡུལ་ལྔ་དང་བཅུ་ཞེས་པ་ནི་གཟུགས་ཀྱི་ཕུང་པོའི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་ཅན་གྱི་ངོ་བོའོ།། དེ་ལ་འབྱུང་བ་ནི་ས་དང་ཆུ་དང་མ་དང་རླུང་ལ། ་རེག་བྱ་དང་མིག་ལ་སོགས་པ་བཅུ་པོ་ནི་འབྱུང་བ་ལས་གྱུར་པའོ།། ཚོར་བའི་གསུམ་ལ་སོགས་པ་ནི་སེམས་ཀྱི་བྱ་བའི་ངོ་བོའི་གནས་སྐབས་ཀྱི་ཁྱད་པར་གྱི་སེམས་ལས་བྱུང་བ་སྟེ། དེ་ལ་ཚིམ་པ་པོ་དང་ཡོངས་སུ་གདུང་བ་པོ་དང ་བཏང་སྙོམས་ཀྱི་ཡུལ་མངོན་སུམ་དུ་བྱེད་པའི་བྱ་བའི་ཡུལ་གྱི་རྗེས་སུ་མྱོང་བ་པོའི་རྣམ་པར་ཤེས་པའི་ཉམས་སུ་མྱོང་བ་ཚོར་བ་ཞེས་པས་ན་ཚོར་བ་ཞེས་བརྗོད་ལ། དེ་ཡང་རྣམ་པ་གསུམ་སྟེ། བདེ་བ་དང་སྡུག་བསྔལ་དང་བདེ་བ་ཡང་མ ་ཡིན་སྡུག་བསྔལ་ཡང་མ་ཡིན་ཞེས་པ་ནི་ཚེར་བའི་ཕུང་པོའོ།། མཚན་མ་ནི་ཡངས་ཤིང་ཞབས་ཡངས་ཤིང་ལྡིང་བ་ལ་སོགས་པ་ཅན་དུ་སེམས་ལས་བྱུང་བ་གང་གིས་འཛིན་ཅིང་ཡོངས་སུ་གཅོད་པར་བྱེད་པ་དེ་ནི་མཚན་མར་འཛིན་པའི་བདག ་ཉིད་ཅན་གྱི་འདུ་ཤེས་ཞེས་བྱ་སྟེ་འདུ་ཤེས་ཀྱི་ཕུང་པོའོ།། འདི་འདུ་ཤེས་ཀྱི་ཕུང་པོ་འདི་རྣམས་ལས་ལོགས་སུ་སྟོན་པ་ནི་རྩོད་པའི་རྩ་བར་གྱུར་པའི་ཕྱིར་དང་། འཁོར་བའི་རྒྱུར་གྱུར་པའི་ཕྱིར་ཚོར་བ་དང་འདུ་ཤེས་ལོགས་པས་ཤིན་ཏུ ་ཕུང་པོར་བྱས་པས་སོ།། གཉི་ག་ཡང་རྩོད་པའི་རྩ་བ་སྟེ། འདོད་པ་ལ་དམིགས་པ་དང་ལྟ་བ་ལ་དམིགས་པས་ཚོར་བ་དང་འདུ་ཤེས་དེ་དག་གོ་རིམ་བཞིན་དུ་འཁོར་བའི་རྒྱུའི་ཡང་གཙོ་བོའི་རྒྱུ་སྟེ། ཚོར་བ་ལ་ཆགས་ཤིང་འདུ་ཤེས་ཀྱིས ་ཕྱིན་ཅི་ལོགས་པས་དེ་འཁོར་བའོ།། བཅོམ་ལྡན་འདས་ཀྱིས་སྒྲིབ་པ་སྤངས་པའི་ཀུན་རྫོབ་པའི་ཕུང་པོ་ལྔའི་བདག་ཉིད་ཅན་ནི་རྣམ་པར་རྟོག་པ་མེད་པའི་མཆོག་ཏུ་བདེ་བ་མྱོང་བ་ཅིག་ཏུ་མཐར་ཐུག་པ་ལ་ཚོར་བའི་ཕུང་པོ་གཙོ་བོ་ཡིན་པས ་ལོགས་སུ་རྣམ་པར་བཞག་གོ།། འདུ་ཤེས་ཀྱི་ཕུང་པོ་ནི་སྔོན་གྱི་གནས་སྐབས་ཀྱི་རྗེས་སུ་འབྲངས་ནས་གདུལ་བྱ་རྣམས་ཀྱི་བསམ་པའི་ངོར་ཇི་ལྟར་རིགས་པར་འདི། བྱེད་ཀྱི་ཕུང་པོའི་ཁོངས་སུ་གཏོགས་པའི་དྲན་པ་ཉེ་བར་བཞག་པ་ལ ་སོགས་པ་རྣམས་ཀྱི་རྒྱུའི་གནས་སྐབས་ཀྱི་རྗེས་སུ་འབྲང་བས་ལོགས་སུ་རྣམ་པར་བཞག་པའོ།། དོན་དམ་པར་ནི་ཐ་དད་པ་དང་ཐ་མི་དད་པ་ལ་སོགས་པའི་སྤྲོས་པ་ཐམས་ཅད་ཀྱིས་སྟོང་པ་ཉིད་ལ། གཟུགས་ལ་སོགས་པའི་ཕུང་པོ ་རྣམས་ནི་འཁོར་བ་དང་ཅིག་ཤེས་ཀྱི་གནས་སྐབས་དག་ཏུ་བསྒྲུབ་ཤིང་བསྒྲུབ་པར་ཡང་འགྱུརརོ།། ཚོར་བ་དང་འདུ་ཤེས་དག་གིས་གཞན་དུ་སེམས་པའི་སྤང་བྱ་དང་བླང་བ་ནི་འདུ་ཤེས་ཀྱི་ཕུང་པོའོ།། དེ་ཡང་གང་དུ་གོ་སྐབས་ཇི་ལྟ་བ་བཞིན ་དུ་འཆད་པར་འགྱུར་བའོ།། གང་དུ་དོན་འཛིན་ཅིང་ཡོངས་སུ་གཅོད་པ་ནི་རྣམས་པར་ཤེས་པས་རྟོགས་ལ་ངའི་ཤེས་པ་ནི་དྲུག་སྟེ། མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་ཕྱང ་བོ་སྟེ། དེ་ལྟར་མཐའ་ཡས་མུ་མེད་པའི་ཕྱོགས་རྣམས་དང་དུས་རྣམས་ཀྱི་བགྲང་བ་ལས་ཤིན་ཏུ་འདས་པའི་ཁམས་ཀྱི་འགྲི་བ་ལ་སོགས་པའི་དབྱེ་བ་ཐ་དད་པ་རྣམས་ཀྱི་རང་གི་མཚན་ཉིད་འཛིན་པའི་ཆོས་རྣམས་ཐམས་ཅད་མདོར ་བསྡུས་ན་ཕུང་པོ་ལྔའོ།། འདི་ཉིད་འདིར་ཤེས་པ་གསལ་བར་བྱེད་སྐྱེད་པར་བྱེད་ཅེས་པའི་སྐྱེ་མཆེད་ནི་བཅུ་གཉིས་ཏེ། དབང་པོའི་དང་ཡུལ་གྱི་བཅུ་དང་ཡིད་དང་ཆོས་ཀྱི་སྐྱེ་མཆེད་དང་བཅུ་གཉིས་སོ།། དེ་ལ ་སྤྱོད་ཀྱི་སྐྱེ་མཆེད་ནི་བདུན་གྱི་དངོས་པོ་ཅན་ཏེ། ཡུལ་དྲུག་གྲི་རྣམ་པར་ཤེས་པ་དང་ཡིད་ཀྱི་དབང་པོ་སྟེ། དེ་ནི་རྣམ་པར་ཤེས་པོ་དྲུག་པོ་རྣམས་ཀྱི་ནང་ན་གང་ཞིག་རྣམ་པར་ཤེས་པའི་དྲི་མ་ཐག་ཏུ་འདས་པའོ།། ཆོས་ཀྱི་སྒྱུ་མཆོད་ལ་རྣལ་འབྱོར ་སྤྱོད་པའོ་ས་ལས་ནི་ཆོས་ཐམས་ཅད་ལ་དམིགས་ཤིང་གཅིག་པུ་མ་ཡིན་པའི་ཤེས་པ་གཞན་དང་ཐུན་མོང་མ་ཡིན་པ་སྟེ། ཚོར་བའི་ཕུང་པོ་དང་འདུ་ཤེས་ཀྱི་ཕུང་པོ་དང་འདུ་བྱེད་ཀྱི་ཕུང་པོ་ལ་འདུས་མ་བྱས་དང་བསྔོན་དུ་མེད་པ་དང་ཐོགས ་པོ་མེད་པའི་ངོ་བོ་དང་སྐྱེ་མཆེད་དྲུག་དང་ཀུན་རྫོབ་ཀྱི་ས་བོན་ཞེས་བཤད་དོ།། ཡིད་ཀྱི་སྐྱེ་མཆེད་རྣམ་པ་བདུན་དུ་ཕྱེ་བས་ནི་ཁམས་བཅོ་བརྒྱད་ཅེས་བརྗོད་ངོ་།། མིག་གི་ཁམས་དང་གཟུགས་ཀྱི་ཁམས་དང་མིག་གི་རྣམ་པར་ཤེས་པའི ་ཁམས་ཞེས་པ་ནས་ཇི་སྲིད་དུ་ཡོད་ཀྱི་ཁམས་དེང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཞེས་པའི་བར་ལ་ཁམས་དྲུག་གི་སྐྱེས་བུ་ཞེས་པ་ནི་འདས་དང་ཆུ་དང་མ་དང་རླུང་དང་ན་མཁའི་ཁམས་དང་རྣམ་པར་ཤེས་པའི་ཁམས་ཏེ། དེ་ལ་ལུས ་ཀྱི་ནང་གི་ཁོང་སྟོང་ནི་ནམ་མཁའི་ཁམས་སོ།། གང་ཞིག་ལང་ཀར་གཤེགས་པར་རྣམ་པར་ཤེས་པའི་ཚོགས་བརྒྱད་དུ་རྣམ་པར་བཞག་པོ་ནི་དབང་པོ་ལྔའི་ཤེས་པ་དང་ཡིད་ཀྱི་རྣམ་པར་ཤེས་པ་དྲུག་དང་། དེ་ཉིད་བདག་དང་བདག་གི ་སྒྲོ་བཏགས་པ་ལས་འཇུག་པའི་ཉོན་མོངས་པ་ཅན་གྱི་ཡིད་དང་འདུ་ན་ལ། དྲུག་པོ་ཉིད་ཀྱི་བག་ཆགས་མ་ལུས་པའི་བདག་ཉིད་ཅན་གྱི་གནས་ངན་ལེན་ལ་སོགས་པའི་གནས་དེས་དགེ་བའི་རྩ་བ་བར་དུ་གཅོད་པའི་མཚམས་སྦྱོར་བ ་ཁམས་ཀྱིས་ལ་འདོད་ཆགས་དང་བྲལ་བ་ཡོངས་སུ་བཅོམ་ཞིང་སྐྱེ་བོ་དང་འཆི་ཞེས་པའི་ཆོས་དྲུག་པོའི་གནས་ཉིད་དེ། གནས་པར་འགྱུར་བའི་གནས་ངན་ལེན་ལ་སོགས་པ་འདིར་ཀུན་ཏུ་ཞུགས་པར་བྱེད་ཅེས་པ་ཀུན་བཞིའི་རྣམ་པར ་ཤེས་པ་དང་བརྒྱུད་དེ།། དེ་ཉིད་ཡང་དེ་ལས་གཞག་པའི་རྣམ་པར་ཤེས་པ་དེ་རྣམས་དང་ལྷན་ཅིག་ཏུ་གྱུར་ནས་ཆོས་གཞན་རྣམས་ཀྱི་དགེ་བ་དང་མི་དགེ་བ་རྣམས་ལ་སེམས་པར་བྱས་པས་ཇི་ལྟར་རིགས་པའི་བག་ཆགས་ཀྱི་བདག ་ཉིད་ཀྱིསཾ་ས་བོན་རྒྱས་པར་བྱས་པ་ལས།། གང་ཞིག་རྒྱུད་ཡོངས་སུ་སྒྱུར་བའི་ཁྱད་པར་བྱེད་པའི་སྟོབས་ཇི་ལྟ་བ་བཞིན་གྱིས་དངོས་པོ་ལས་མི་ལྡོག་པ་ཐོས་ནས་བདེན་པར་དུས་ཕྱིས་དེའི་འབྲས་བུ་དགའ་བའམ་མི་དགའ་བར་མངོན་པར ་འབྱུང་བར་འགྱུར་ཏེ། དཔེར་ན་རྒྱ་སྐྱེགས་ཀྱི་ཁུ་བས་སྤགས་པའི་ར་ས་བལ་པའི་ས་བོན་གྱི་མེ་ཏོག་དང་འབྲས་བུ་ཡང་དམར་པོར་སྐྱེ་བར་འགྱུར་ཏེ། འབྲས་བུ་དེ་རུ་དེ་ཉིད་སྐྱེ་དེ་ཉིད་ཡང་།། མདོ་དགོངས་པ་ངེས་པར་འགྲེལ་པར་གདུལ ་བྱའོ་ཁྱད་པར་གྱི་ངོར་གསུངས་ཏེ། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་འབྲུ།། ས་བོན་ཐམས་ཅད་ཆུ་བོའི་རྐྱེན་བཞིན་འབབ།། བདག་ཏུ་རྟོག་པར་འགྱུར་ན་མེ་རུང་ཞེས།། འོད་ནི་བྱིས་པ་རྣམས་ལ་ངས་མ་བསྟན།། ཅེས་སོ།། དེ་ཡང ་ཡང་སྲིད་པར་ཉིང་འཚམས་སྦྱོར་བ་རྣམས་སུ་ཉེ་བར་ལེན་པའི་ལེན་པ་སྟེ། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་དང་རྣམ་པར་ཤེས་པའི་ས་བོན་ཐམས་ཅད་ཆུ་བོའི་རྒྱུན་གྱི་གཞིའི་རྣམ་པར་ཤེས་པར་ཞེས་པ་ལའོ།། འདི་ནི། ་བྱིས་པ་རྣམས་ལ་ནི་བྱེ་བྲག་ཏུ་སྨྲ་བའི་ཁྱད་པར་རྣམས་ལ་སྟེ། སེམས་དེ་བདག་ཉིད་ཅེས་མངོན་པར་རློམ་པར་བྱེད་པས་ཉན་ཐོས་ཀྱི་ཐེག་པར་མ་བསྟན་ཏོ།། དེ་ཉིད་ཀྱིས་དེ་ཐོས་ནས་དེ་ལ་རྣམ་པར་ཤེས་པའི་བདག་ཅེས་ཤིན་ཏུ་བརྟན་པའི་མངོན ་པོའི་ང་རྒྱལ་ཅན་དུ་མ་གྱུར་ཅིག་ཅེས་ཀྱི།། གང་ཡིད་འདི་ལྟར་ངར་རྣམ་པར་རིག་པར་སྨྲ་བ་རྣམས་ཀྱིས་མཚན་ཉིད་དང་དྲལ་ཞིང་དམིགས་པ་དང་རྣམ་པ་ཡོངས་སུ་མ་ཆད་པའི་མ་ལུས་པའི་བག་ཆགས་ཀྱི་གཞི་ལ་ཀུན་གཞིའི་རྣམ་པར་ཤེས ་པཱ་ཞེས་པོའི་བཏགས་པ་ནི་དྲི་ལ་མི་འཐད་དེ། དམིགས་པ་དང་རྣམ་པརྟེན་འབྲེལ་མ་ཡིན་པ་ནི་རྣམ་པ་ཐམས་ཅད་དུ་ཡུལ་མེ་ངེས་པ་སྟེ། དེ་ནི་དྷའི་རི་བཞིན་ཏེ། དོ་ནི་དམ་པར་ཡོད་པའི་རང་རིག་པའི་མངོན་སུམ་དང་དེའི་མཚན་ཉིད་ནི་སྔ་ནས་དཔྱང ་ཟིན་པས་འདིར་རྒྱ་ཆེན་པོས་ཅི་ཞིག་བྱ་སྟེ། འདི་ནི་བདུན་པ་དང་བརྒྱད་པ་དག་ཏུ་ཕྱེ་བའི་འདོད་པ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཁོ་ནར་རྣམ་པར་བཞག་གོ།། ཞེས་པའོ།། དབང་པོ་དྲུག་དང་ཡུལ་དྲུག་དང་རྣམ་པར་ཤེས་པ་དྲུག་དང་། ཞེས་པོ་བཅོ ་བརྒྱད་ཀྱིས་རང་རང་གི་མཚན་ཉིད་འཛིན་པའི་ཁམས་ཞེས་པའོ།། འདིར་ནས་པོ་ལ་སོགས་པ་སྟེ། ཚིག་ནི་རྩེ་མོ་ལས་ཏེ། དེའི་རྣམ་གྲངས་ནི་རབ་ཏུ་ཕྱེ་བ་སྟེ་རྩེ་མོ་འབྲིང་ལས་ཞེས་པའི་དོན་ཏོ།། མོས་པ་ནི་མཐར་ཐུག་པའི་ངེས་པ་མ་སྐྱེས ་པའོ།། འདི་ལ་ཐམས་ཅད་དུ་ཞེས་པ་ནི་མངོན་པར་བསྟན་པའོ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་པ་ནི་རྒྱས་པར་བཤད་པའོ།། ཆོས་ཉིད་ནི་སྔོན་གྱི་བདེན་པའི་སྟོབས་ཀྱིས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ལའོ།། ཡོངས ་སུ་གཟུང་བ་ནི་ནང་གི་སྒྲོ་བཏགས་པའོ།། མ་དམིགས་པ་ནི་དངོས་པོར་ཉེ་བར་མཐོང་བས་སོ།། མྱ་ངན་ལས་འདས་པ་ནི་ཐམས་ཅད་ཀྱི་མཆོག་གོ།། དེ་ཡང་རློམ་སེམས་སུ་མི་བྱེད་པ་ནི་དངོས་པོ་ཉིད་ཀྱིས་སོ།། འོད་ནི་མུ་སྟེགས་ཀྱི་ཏིང་ངེ་འཛིན ་ལས་ལངས་ནས་མོས་པའི་སྟོབས་ཀྱིས་དེ་ཉིད་ཀྱི་ཕྱིར་བཏང་བ་དབང་པོའི་ཉིད་དུ་ཤེས་པའི་ཕྱིར་རོ།། འདི་ཡང་ནི་འཆད་པར་འགྱུར་བ་ལ་ཡང་ངོ་།། གང་གིས་ནི་གང་གི་ཕྱིར་གཟུགས་ལ་སོགས་པ་ཅན་དུ་སྒྲོ་འདོགས་པར་མི་འགྱུར་བའོ།། ། ་དེའི་ནང་གིས་སྒྲོ་འདོགས་པ་ཐམས་ཅད་འགགས་པས་རཱིམ་གྱིས་ཉན་ཐོས་བཞིན་དུ་མྱ་ངན་ལས་འདས་པར་མི་འགྱུར་ཞེ་ན་གསུངས་པ། བར་མ་དོར་མིན་ཞེས་པ་ལ་སོགས་པའོ།། རྩེ་མོའི་རབ་ནི་བསྟན་བཅོས་ལས། ཡོངས་སུ་བརྟགས ་པའི་ཤེས་རབ་ཀྱིས།། ཐམས་ཅད་རྗེས་སུ་མི་དམིགས་ཉིད།། ཅེས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡོངས་སུ་བརྟགས་པ་ནི་འདིར་དམིགས་པ་ལ་ཐམས་ཅད་རྗེས་སུ་མི་དམིགས་པ་ནི་རྣམ་པའོ།། དེ་ལ་གསུངས་པ་ནི་གཞན་ཡང ་ཞེས་པ་ལ་སོགས་པ་སྟེ། འདི་གང་འདི་གང་གི། ཞེས་འཚོལ་བ་ནི་སྤྱིའི་འཚོལ་བའོ།། ཅི་ཞེས་པ་ལ་སོགས་པ་ནི་ཁྱད་པར་གྱིས་སོ།། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པ་ནི་དེའི་དོན་གྱི་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། ་ཞེས་པའོ།། ཉེ་བར་བཏགས་པ་ནི་མེད་པར་བྱེད་པ་ལ་མི་དམིགས་པར་བྱེད་པས་ཞེས་པ་ནི་རྣམ་པར་བརྟགས་ནའོ།། ཉེ་བར་དམིགས་པ་ནི་མཐའ་གཅིག་ཏུ་ངེས་པའོ།། མི་འགོང་ཞེས་པ་ལ་སོགས་པ་ནི་སེམས ་མེད་ཅེས་པ་དང་སྦྱར་བར་བྱའོ།། ལྷག་མ་ནི་སྔ་མ་བཞིན་ནོ།། བཟོང་པོ་ཆུང་ངུའི་དབང་དུ་བྱས་པ་ནི་བསྟན་བཅོས་ལས།། གཟུགས་སོགས་ངོ་བོ་ཉིད་མང་ཉིད།། དེ་མེད་པ་ཡི་ངོ་བོ་ཉིད།། ཅེས་ཏེ། གཟུགས་ལ་སོགས་པ་ནི་གཟུགས ་ལ་སོགས་པའི་ངོ་བོ་ཉིད་དང་བྲལ་བའོ།། ཞེས་པའི་ཆོས་ཐམས་ཅད་ལ་ངོ་བོ་ཉིད་མེད་ཅེས་པོ་ནི་དམིག་པ་སྟེ། ཀུན་རྫོབ་ཀྱི་སྒོ་ནས་སོ།། དེའི་ངོ་བོ་ཉིད་མེད་པ་ཉིད་ཀྱི་དངོས་པོ་མེད་པའི་ངོ་བོ་གཟུགས་ལ་སོགས་པ་ཞེས་པ་ནི་རྣམ་པ་སྟེ། དོན་དམ ་པའི་སྒོ་ནསོ།། དེ་ལ་གསུངས་པ་ནི།། དེ་ནས་ཞེས་པ་སོགས་པ་སྟེ། གཟུགས་ལ་སོགས་པ་གཟུགས་ལ་སོགས་པའི་ངོ་བོ་དང་བྲལ་བས་ཞེས་པ་ནི་དམིགས་པ་ལ། ངོ་བོ་ཉིད་ཀྱང་ངོ་བོ་ཉིད་ཀྱི་མཚན་ཉིད་དང་བྲལ་བ་ཞེས་དེའི་ངོ་བོ་ཉིད་དང་། ་བྲལ་བའི་ངོ་བོ་ནི་གཟུགས་ལ་སོགས་པའི་རང་བཞིན་ནོ།། ཞེས་པ་ནི་རྣམ་པ་སྟེ། གང་དུ་ཡང་མཚན་ཉིད་ཅུང་ཟད་མེད་ཅེས་པ་ལ་དགོངས་པའོ།། བཟོད་པ་འབྲིང་ནི་བསྟན་བཅོས་ལས། དེ་ལ་སྐྱེ་མེང་ངེས་འབྱུང་མེད།། ངག་དང་། ཞེས་ཏེ། དེ་གསུང ་པ་ནི། དེ་ཅིའི་ཕྱིར་ཞེ་ན། ཞེས་པ་ལ་སོགས་པ་སྟེ། ཐམས་ཅད་ལ་སྐྱེ་བ་མེད་པ་དང་ངེས་པར་འབྱུང་བ་མེང་པ་ནི་འདིའི་དམིགས་པ་ལ། དེ་ཐོས་པར་བྱེད་པའི་བྱང་ཆུབ་སེམས་དཔའི་ལུས་དང་ངག་དང་ཡིད་ཡོངས་སུ་དག་པ་ནི་རྣམ་པ་སྟེ། ལུས ་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པ་དང་བྲལ་བའོ།། གནས་ན་གནས་ཤིང་གསལ་ལ་རྫོགས་པ་ནི་མཚན་མ་ཡོངས་སུ་དག་པའོ།། སེམས་ཅན་དང་སྣོད་དག་པ་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའོ།། ཆེན་པོའི་བསྟན་བཅོས ་ལས། དེ་ཡི་མཚན་ཉིད་མེད།། དེ་ཡི་མཚན་མར་མི་རྟེན་པས།། མོས་མིན་འདུ་ཤེས་མེད་པ་ཡིན།། ཞེས་ཏེ། གཟུགས་ལ་སོགས་པའི་མཚན་མས་དབེན་པ་ཉིད་ནི་འདིའི་དམིགས་པ་ལ། གཟུགས་ལ་སོགས་པའི་མཚན་མ་རྣམས ་དང་གཟུགས་ལ་སོགས་པ། ཞེས་པ་གང་ལ་གནས་པ་དང་མོས་པའི་འདུ་ཤེས་དེ་རྣམས་ལས་ལྡོག་པ་རྣམ་པ་སྟེ། དེ་ལ་མོས་པ་བརྟན་པོར་གྱུར་པ་ནི་མི་གནས་པ་ལ་ངེས་པ་ནི་མོས་པ་ལའོ།། ཐ་སྙད་ནི་འདུ་ཤེས་ཏེ། དེ་ལ་གསུངས ་པ་ནི་གཞན་ཡང་ཞེས་པ་ལ་སོགས་པ་སྟེ། འགུག་པ་ནི་སྐད་ཅིག་མས་འཇིག་པ་ལ་འཇིག་པ་ནི་རྒྱན་གྱིས་སོ།། ཡོད་དང་སོ་སོར་འགག་པ་ཡི།། དངོས་དང་ལྷན་ཅིག་གྱུར་པ་ཡང་།། སོ་སོར་དཀག་པས་དེ་དག་ཉིད།། རྣམ་པ་ཐམས ་ཅད་ཤེས་པ་མིན།། ཞེས་སོ།། མཚན་མའི་སྤྱོད་པ་དགག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོད་པ་སྟེ། མཚན་མའི་སྤྱོད་པ་ནི་གཟུགས་ལ་སོགས་པའི་མཚན་མ་དང་། གཟུགས་ལ་སོགས་པ་ལ་བརྟན་པ་དང་། ་མོས་པ་དང་འདུ་ཤེས་པའི་མཚན་ཉིད་ཅན་ཏེ། དེའི་སྟོབས་ཀྱི་རྣམ་པ་ཡང་གསུངས་པ་ཡིན་ཏེ། དེ་ཡང་སྤྱོད་ཅེས་པ་ལ་སོགས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ནི་རློམ་སེམས་མེད་པ་རྣམ་པ་བརྒྱད་བསྟན་པ་སྟེ། མིན ་ཅེས་པ་ནི་མི་འཛིན་ཅེས་པའི་དོན་ཏོ།། དེ་ལྟར་བཟོད་པ་ཐོབ་པས་ལས་ལ་དབང་དུ་གྱུར་པས་ངན་འགྲོར་མི་འགྲོ་ཞིང་རྟག་པར་རྫུས་ཏེ་སྐྱེ་བ་ཡིན་ནོ།། ཆོས་ཀྱི་མཆོག་ཆུང་ངུའི་དབང་དུ་བྱས་པ་ནི་བསྟན ་བཅོས་ལས། ཏིང་ངེ་འཛིན་དེ་ཡི་བྱེད་པ་ནི།། ཞེས་པ་སྟེ། ཆོས་ཐམས་ཅད་ལེན་པ་མེད་པ་ནི་འདིའི་དམིགས་པ་ལ། དེའི་བྱེད་པ་ནི་རྣམ་པ་སྟེ། དེའི་བྱེད་པ་ནི་འདིར་བྱེད་པ་པོའོ།། དེ་ལས་གསུངས་པ་དེ་ནི་ཅིའི་ཕྱིར་ཞེས་པ་ལ་སོགས་པ་སྟེ། ཕྱིར ་ནི་གཏན་ཚིག་སོ།། ཉེ་བར་མ་གཏོགས་པ་ཞེས་པ་ན་བསྟན་པ་ལ་བཤད་པ་ནི། ཉེ་བར་མ་ཟིན་ཞེས་པ་སྟེ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའི་ཕྱིར། ཞེས་པ་ལ་དགོངས་པ་སྟེ། གང་དུ་ཆོས་རྣམས་ཐམས་ཅད་ཡོད་པ་མིན་པ་ཉེ་བར་གཟུང ་ནས་གང་དུ་དེ་ལྟར་གསུངས་པ་ནི་འདིའི་དམིགས་པ་ལ་འདི། ཞེས་པ་ལ་སོགས་པ་ནི་རྣམ་པའོ་འབྲིང་ནི་བསྟན་བཅོས་ལས། ལུང་བསྟན་པ་དང་རློམ་པ་ཟད་ཅེས་པ་སྟེ། གང་ཞིག་ཏིང་ངེ་འཛིན་འདིས་གནས་པ་ལ་སངས་རྒྱས་རྣམས་ཀྱིས་ལུང ་བསྟན་པ་དེ་ནི་དམིགས་པ་སྟེ། ལུང་བསྟན་པར་བྱེད་པ་དང་། ལུང་བསྟན་པའི་རྒྱུ་ཉིད་དམ། ཁྱད་པར་གྱི་གཟུགས་ལ་དམིགས་ཞེས་པའི་དོན་ཏོ།། གང་ཞིག་ཏིང་ངེ་འཛིན་དེའི་རློམ་པ་ཟད་པ་དེ་ནི་རྣམ་པ་སྟེ། དེ་ལ་གསུངས་པ་ནི་སངས ་རྒྱས་ཀྱི་མཐུས་ཞེས་པ་ལ་སོགས་པ་སྟེ། དེས་ཀྱང་ཞེས་པ་ལ་སོགས་པ་ནི་རྣམ་པའོ།། དེ་ལྟ་བུ་དོ་ལ་ཞེས་པ་ནི་ཇི་སྐད་བཤད་པའི་རློམ་པ་མེད་པའོ།། ཐམས་ཅད་ནས། ཞེས་པ་ནི་ཆོས་ཐམས་ཅད་ལེན་པ་མེད་པའི་ཏིང་ངེ་འཛིན་ཞེས་བྱ་བ ་ལ་སོགས་པའི་ཁྱད་པར་གྱིས་སོ།། ཐམས་ཅད་ཅེས་པ་ནི་ཡོངས་སུ་རྫོགས་པའོ།། ཐམས་ཅད་ཀྱི་ཆུང་ངུའི་ཆུང་ངུའི་བྱེ་བྲག་གིས་ཀྱང་ངོ་།། ཐམས་ཅད་ཀྱི་ཏིང་ངེ་འཛིན་ཐོབ་པ་ལས་བརྩམས་ནས་དུས་ཐམས་ཅད་དུའོ།། ཆེན་པོ་ནི་བསྟན་བཅོས་ལྔ ་གསུམ་པོ་ཕན་ཚུན་ངོ་བོ་གཅིག། ཏིང་འཛིན་རྣམ་པ་མི་རྟོག་པས།། ཞེས་པ་སྟེ། ཏིང་ངེ་འཛིན་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྱང་ཆུབ་སེམས་དཔའ་ཞེས་པ་ནི་གསུངས་ལ། དེའི་ཕན་ཚུན་གྱི་ངོ་བོ་ནི་འདིའི་དམིགས་པ་སྟེ། ཏཱིང་འཛིན ་རྣམ་པར་མི་རྟོག་པ་ནི་རྣམ་པའོ།། དེ་ལ་གསུངས་པ་ནི་དེ་སྐད་ཅེས་གསོལ་པ། ཞེས་པ་ལ་སོགས་པ་སྟེ། བྱང་ཆུབ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དམ་པ་རྟོགས་པ་སྟེ། དེ་ཉིད་ལ་སེམས་པ་ནི་འདིར་དེའི་བདག་ཉིད་ཀྱིས ་སོ།། ཞེས་པ་ནི་བྱང་ཆུབ་སེམས་དཔའོ།། རང་བཞིན་གྱིས་ཏིང་ངེ་འཛིན་ཆེ་བ་ཉིད་འདི་ས་སངའ་སདེའ་ཆེན་པོ་སྟེ། བྱང་ཆུབ་སེམས་དཔའ་འདི་ཉིད་ཀྱི་སྐབས་ཡིན་པའི་ཕྱིར་རོ།། འདིར་འདི་གསུམ་གྱི་ངོ་བོ་གཅིག་པ་ནི་དམིགས ་པ་ལ་ནུས་སམ། ཞེས་པ་ལ་སོགས་པས་རྣམ་པ་གསུངས་ཏེ། བསྟན་པར། ཞེས་པ་ནི་ཚིག་གིས་གསལ་བར་ཞེས་པའོ།། མི་ཤེས་པར་ནི་དོན་དམ་པར་ངོ་བོ་ཉིད་མེད་པས་མི་སྣང་ཞིང་རྣམ་པར་རྟོག་པ་མེད་པའོ།། ཡང་དག་པར་མི་ཤེས ་བ་ནི་བརྗོད་དུ་མེད་ཅིང་རྣམ་པར་རྟོག་པ་མེད་པ་སྟེ། འདིར་ཉོ་བར་བསྡུ་བ་ནི། དེ་ལྟར་ངེས་འབྱེད་ཆ་མཐུན་ནི།། ཆུང་ངུ་འབྲིང་དང་ཆེན་པོ་ཡིན།། ཅེས་པསོ།། བྱང་ཆུབ་སེམས་དཔའི་ཉོན་མོངས་པ་ནི་རྣམ་པར་རྟོག་པའོ།། ཞེས་པས་རྣམ་པར ་རྟོག་པ་དང་ལྡན་པའི་དབང་དུ་བྱ་བ་ནི་བསྟན་བཅོས་ལས། གཞི་དང་དེ་ཡི་གཉེན་པོ་ཡིས།། གཟུང་བར་རྟོག་པ་རྣམ་པ་གཉིས།། རྨོངས་དང་ཕུང་སོགས་བྱེ་བྲག་གིས།། རྣམ་པ་དགུ་ཞེས་ཏེ། གཟུང་བྱར ་རྣམ་པར་རྟོགས་པས་ན། གཟུང་བའི་རྣམ་པར་རྟོག་པ་ནི་རྣམ་པ་གཉིས་ཏེ། གཅིག་ནི་གཞིའི་རྣམ་པར་རྟོག་པ་སྟེ། མ་རིག་པའི་གཟུགས་ལ་སོགས་པའི་ཕུང་པོ་དང་། མཐའ་གཉིས་དང་། མིང་དང་གཟུགས་དང་། ཀུན་ནས་ཉོན་མོངས ་པ་དང་། རྣམ་པར་བྱང་བ་དང་། འཕགས་པའི་ལམ་ལ་མི་གནས་པ་དང་། ལམ་དུ་ཉེ་བར་དམིགས་པ་དང་། བདག་ཉེ་བར་དམིགས་པ་དང་། རྣམ་པར་དག་པའི་རྟོག་པའི་བདག་ཉིད་ནི་འཇིག་རྟེན་ལས་གྲགས་པས་ཡིན་ལ། གཉིས་པ ་དེའི་གཉེན་པོའི་ཕྱོགས་ནི་ཕུང་པོ་དང་། སྒོ་གང་དང་། རིགས་དང་། སྐྱེ་བ་ལ་སོགས་པ་དང་། སྟོང་པ་ཉིད་དང་། ཕ་རོལ་ཏུ་ཕྱིན་པ་དང་། མཐོང་བའི་ལམ་དང་། བསྒོམ་པའི་ལམ་དང་། མི་སློབ་པའི་ལམ་གྱིས་རྣམ་པར་རྟོག་པ ་ངོ་བོ་སྟེ། འདི་རྣམས་དེ་ནས་ཚེ་དང་ལྡན་པ། ཞེས་པ་ལ་སོགས་པ་ནི་གོ་སྐབས་ཕྱེ་བ་དང་། བཅོམ་ལྡན་འདས་ལ་ཡང་ཤཱ་རིའི་ཨ། དེ་ཉིད་བསྟན་པའི་དོན་དུ་གསོལ་པ་ལ་ཤཱ་རིའི་བུ་ལ་གསལ་བར་འདོད་ནས་གསུངས་པ་སྟེ། ཆོས ་འདི་གང་གི་ཡིན། ཞེས་པ་ནི་ཅི་རྫས་དང་ཡོན་ཏན་དང་། ལས་དང་གཙོ་བོ་དང་སྐྱེས་བུ་ལ་སོགས་པའི་འམ། ཕུང་པོ་དང་ཁམས་དང་སྐྱེ་མཚད་ལ་སོགས་པའི་སྟེ། དེ་ལ་དམིགས་ནས་སློབ་པའི་ཕྱིར། ཞེས་པ་ལ་དགོངས་པའོ།། གང ་དུའང་མིན། ཞེས་པ་ནི་ཆོས་ཐམས་ཅད་ལ་བདག་མེད་པ་ཉིད་ལ་སློབ་པས་སོ།། ཞེས་པ་ལ་དགོངས་པའོ།། དེ། ཞེས་པ་ནི་ཆོས་རྣམས་ཐམས་ཅད་ལ་མི་སློབ་སྟེ་རྫས་ལ་སོགས་པ་དང་གཟུགས་ཀྱི་ཕུང་པོ་ལ་སོགས་པ་ལ་ཡང་ངོ་།། དེ ་ལྔར་ནི་དེའི་ངོ་བོ་ཉིད་ཀྱིས་ཏེ། ཇི་ལྟར་ནི་གང་གི་ངོ་བོ་ཉིད་ལ་མངོན་པར་ཞེན་པ་མེད་པར་བདེན་པའོ།། སོ་སོའི་སྐྱེ་བོ་ནི་འཕགས་པ་མི་ཐོབ་པ་རྣམས་སོ།། དེ་ཡང་བྱས་པར་གྱུར་པའི་གང་དུ་ཐོས་པ་དང་མི་ལྡན་པ་ནི་མང་དུ་ཐོས་པ་མེད་པའོ།། ་ཡོད་པ་མིན་པ་ནི་དོན་དམ་པར་ཡོད་པ་མིན་པ་སྟེ། གནོད་པ་ཡོད་པས་ཞེས་པའི་དོན་ཏོ།། དེ་ལྟར་ཡོད་ན་པ་ནི་ཀུན་རྫོབ་ཏུ་སྒྲ་དོན་གྱི་ངོ་བོས་ཡོད་ཅེས་པའི་དོན་ཏོ།། མི་རིགས་ཞེས་པ་ནི་ཡུལ་མེད་པའི་ཕྱིར་མི་རིགས་པའོ།། དེ་ནི་མི་རྟགས་པ ་ལ་སོགས་པ་དེའི་ཡུལ་དུ་རྣམ་པར་རྟོག་པ་བསྟན་པ་སྟེ། འདི་ནི་མ་རིག་པའི་རྣམ་པར་རྟོག་པ་དང་པོའོ།། དེ་རྣམས་ཀྱི། ཞེས་པ་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་སོ།། ཆོས་ཐམས་ཅད་ནི་ཕུང་པོ་ལ་སོགས་པའོ།། བརྟག་ཅེས ་པ་ནི་དངོས་པོ་ཉིད་དུའོ།། གཟུང་བར། ཞེས་པ་ནི་གཟུགས་ལ་སོགས་པའི་ཕུང་པོའི་རྣམ་པར་རྟོག་པས་སོ།། མཐའ་གཉིས། ཞེས་པ་ནི་སྐྱོ་བ་དང་འགག་པ་དག་གོ།། མི་ཤེས་ཞེས་པ་ནི་སྦྱོར་བའི་ལམ་མ་ཐོབ་པས་དེ་ཁོ་ན་ཉིད་དུ་མི་ངེས་པོ། ་མ་མཐོང་བ་ནི་འཇིག་རྟེན་ལས་འདས་པའི་ལམ་མ་རྟོགས་པས་སོ།། དེའི་ཕྱིར་ཞེས་པ་ལ་སོགས་པ་ནས་མངོན་པར་ཞེན་པར་མི་བྱེད་ཅེས་པའི་བར་གྱིས་ནི་ཉེ་བར་བསྡུ་བ་སྟེ། དེ་དག་གི་ནི་མཐའ་གཉིས་ལ་ཞེན་པའི་རྣམ་པར་རྟོག་པའོ།། ་མངོན་པར་ཞེན་ཅེས་པ་ནི་གཉིས་དང་ལྡན་པ་སྟེ། དེའི་ངེས་པ་དང་དེའི་རྩ་བའོ།། ཉེ་བར་དམིགས་པ་ནི་ལོག་པའི་ཤེས་པའོ།། མིང་ནི་གཟུགས་ལ་སོགས་པའི་ཕུང་པོ་རྣམས་ལ་གཟུགས་ནི་གཟུགས་ཀྱི ་ཕུང་པོ་སྟེ། དེ་གཉིས་ནི་མིང་དང་གཟུགས་ཏེ་ཕུང་པོ་ལྔ་རྣམས་སྟེ། འདི་ནི་མིང་དང་གཟུགས་ལ་མངོན་པར་ཞེན་པའི་རྣམ་པར་རྟོག་པ་སྟེ། ལྔ་པོ་ནི་གཞན་རྣམས་ལ་ཡང་ཤེས་པར་བྱའོ།། འདི་ནི་གཟུགས་ལ་སོགས་པ་སྟེ། ཀུན ་ནས་ཉོན་མོངས་པ་ལ་འདི་ནི་རྣམ་པར་བྱང་བ་ཉིད་ཅེས་པ་མི་ཤེས་ཤིང་མི་མཐོང་ནས་ཁམས་གསུམ་དང་ཐེག་པ་དམན་པ་ལས་ངེས་པར་མི་འབྱུང་ངོ་།། ཞེས་པ་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་མི་ཤེས་པའི་རྣམ་པར ་རྟོག་པའོ།། དེ་སྟོང་པ་ཉིད་ལ་དད་པ་མི་བསྐྱེད་ཅིང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམས་ལ་གནས་པར་མི་འགྱུར། ཞེས་པ་ནི་འཕགས་པའི་ལམ་ལ་རབ་ཏུ་མི་གནས་པའི་རྣམ་པར་རྟོག་པའོ།། དེ་ལ་ཕ་རོལ་ཏུ་ཕྱིན་པ་ལ་སོགས ་པ་དམིགས་པར་བྱེད་པས་ངེས་པར་འབྱུང་བར་མི་འགྱུར། ཞེས་པ་ནི་ལམ་ཉེ་བར་དམིགས་པའི་རྣམ་པར་རྟོག་པའོ།། དེ་བདག་དང་ཆོས་སུ་ཉེ་བར་དམིགས་པ་ལ། ཞེས་པ་ནི་བདག་ལ་སོགས་པ་ཉེ་བར་དམིགས་པོའི་རྣམ་པར་རྟོག ་པའོ།། མ་སྐྱེས་པོ་དང་མ་བྱུང་བ་དང་མངོན་པར་འདུ་བྱ་བ་མེད་པ་དང་རྣམ་པར་དག་པ། ཞེས་པ་ནི་རྣམ་པར་དག་པའི་རྣམ་པར་རྟོག་པ་སྟེ་དགུ་པའོ།། །། རྣམ་པར་རྟོག་པ་དེ་རྣམས་དྲོད་ཀྱིས་བསྲབ་པར་བྱེད་ཅིང་རབ་ཏུ་སྤོང ་པར་ནི་མི་བྱེད་དེ།། དེའི་ཕྱིར་དེ་རྣམས་དང་ལྡན་པའོ།། དེའི་ཡང་རྣམ་པར་རྟོག་པའི་མུན་པ་བསྲབས་པའི་ཕྱིར་ན། སྣང་བ་ཐོབ་པའི་ཏིང་ངེ་འཛིན་ལ་གནས་ཞེས་གསུངས་པ་སྟེ། གཟུང་བའི་རྣམ་པར་རྟོག་པ་དང་པོའི་དགུ་པའོ།། གཉིས ་པའི་དབང་དུ་བྱས་ཏེ་གསུངས་པ་ནི། དེ་དག་གིས། ཞེས་པ་ལ་སོགས་པ་སྟེ། ཆོས་ཐམས་ཅད་ནི་ཕུང་པོ་ལ་སོགས་པ་སྟེ། ཆོས་ཐམས་ཅད་ནི་ཕུང་པོ་ལ་སོགས་པ་ལ་བརྟགས་པ་ནི་ཕུང་པོ་ལ་སོགས་པ་ལས་བྱེ་བྲག་གིས་ཞེས་པ ་སྟེ། ཕུང་པོ་ལ་སོགས་པར་བརྟགས་པའི་ཕུང་པོ་ལ་སོགས་པའི་རྣམ་པར་རྟོག་པ་རྣམ་པ་དགུ་སྟེ། དུ་ལ་གཟུགས་སུ་བརྟག་པར་བྱེད་པས་མངོན་པར་ཞན་པར་འགྱུར་ཞིང་ཇི་སྲིད་དུ་རྣམ་པར་ཤེས་པའི་བར། ཞེས་པ་ནི་ཕུང་པོའི་དོན ་གྱི་རྣམ་པར་རྟོག་པའོ།། མིག་ཏུ་རྟོག་པར་བྱེད་ཅེས་པ་ནས། ཇི་སྲིད་ཆོས་ཞེས་པའི་བར་ནི་སྐྱེ་བའི་སྒོའི་དོན་གྱི་རྣམ་པར་རྟོག་པའོ།། མིག་དང་གཟུགས་དང་མིག་གི་རྣམ་པར་ཤེས་པའི་ཁམས་ཞེས་པ་ནས། ཇི་སྙེད་དུ་ཡིད་དང་ཡིད ་ཀྱི་རྣམ་པར་ཤེས་པ་དང་ཆོས་ཀྱི་ཁམས་ཞེས་པའི་བར་ནི་རིགས་ཀྱི་དོན་གྱི་རྣམ་པར་རྟོག་པའོ།། མ་རིག་པ་ནས་ཇི་སྲིད་དུ་རྒ་ཤི་ཞེས་པའི་བར་ནི་སྐྱེ་བའི་དོན་གྱི་རྣམ་པར་རྟོག་པའོ།། ནང་སྟོང་པ་ཉིད་ཅེས་པ་ནས། ཇི་སྲིད་དུ་དངོས ་པོ་མེད་པའི་ངོ་བོ་ཉིད་ཅེས་པའི་བར་ནི་སྟོང་པ་ཉིད་ཀྱིས་དོན་གྱི་རྣམ་པར་རྟོག་པའོ།། ཕ་རོལ་ཏུ་ཕྱིན་པ་དྲུག། ཅེས་པ་ནི་ཕ་རོལ་ཏུ་ཕྱིན་པའི་དོན་གྱི་རྣམ་པར་རྟོག་པའོ།། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན། ཞེས་པ་ནི ་མཐོང་བའི་ལམ་གྱི་རྣམ་པར་རྟོག་པའོ།། བསམ་གཏན་དང་གཟུགས་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ཅེས་པ་ནི། བསྒོམ་པའི་ལམ་གྱི་རྣམ་པར་དག་པའོ།། དེ་བཞིན་གཤེགས་པའི་སྟོབས ་བཅུ་ཞེས་པ་ནས། ཇི་སྲིད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་པའི་བར་ནི་མི་སློབ་པའི་ལམ་གྱིས་རྣམ་པར་རྟོག་པའོ།། ལཱམ་ཞེས་པ་ནི་བདག་མེད་པའི་ཤེས་པ་ལ། ཡང་དག་པ་ནི་ཁོ་ན་ཉིད་ལ། དེ་དག་གི་མཐའ་ནི་རྩེ་མོ་དང ་སྤྱི་བོ་སྟེ། དེ་ཡང་ལྷག་པའི་དེ་ཁོ་ན་ཉིད་མེད་དེ། ཡང་དག་པའི་མཐའ་ནི་སྟོང་པ་ཉིད་ཅེས་པའི་དོན་ཏོ།། གྲངས་སུ་བགྲང་བའི་རྣམ་པར་རྟོག་པ་དགུ་པོ་འདི་རྣམས་ནི་རྩེ་མོས་བསྲབས་པར་བྱེད་ཅིང་རབ་ཏུ་སྤོང་བར་ནི་མི་བྱེད་དོ།། ་འོད་རྣམས་དང་ལྡན་པས་སྔོན་དུ་འགྲོ་བ་ཅན་གྱི་རྣམ་པར་རྟོག་པ་རྣམ་པ་དགུ་པོ་རབ་ཏུ་སྤོང་བ་ཉིད་དེ། སྤངས་པ་ཡང་འདིར་ཕྱི་མའི་གཉིས་པོ་དང་ཕྲ་མོར་ཀུན་ཏུ་རྒྱུ་བས་སོ།། རྣམ་པར་རྟོག་པ་ནི་ཡོད་པ་མ་ཡིན་པ་ལ་རྣམ་པར ་རྟོག་པའི་ཕྱིར་ལ། རྣམ་པ་ཐམས་ཅད་དུ་སྤོང་བ་ནི་མཐོང་བའི་ལམ་ལ་རིག་པར་བྱའོ།། དེས་སྣང་བ་འཕེལ་བའི་ཏིང་ངེ་འཛིན་ལ་གནས་པར་འགྱུར། ཞེས་པ་ནི་གཟུང་བའི་རྣམ་པར་རྟོག་པ་གཉིས་པའི་རྣམ་པ་དགུ་པའི་བཤད ་པའོ།། རྗེས་དང་བཏགས་པའི་རྟེན་ཅན་གྱིས།། འཛིན་པ་རྣམ་པ་གཉིས་སུ་འདོད་ཅེས་པ་ནི་རྟེན་ལ་དམིགས་པ་སྟེ། རྫས་ལ་བརྟེན་པ་དང་བཏགས་པ་ལ་བརྟེན་པའི་ཞེས་པའི་འཛིན་པའི་རྣམ་པར་རྟོག་པ་རྣམ་པ་གཉིས་ཏེ། འཛིན ་པས་རྣམ་པར་རྟོག་པའི་ཕྱིར་རོ།། དེ་ཡང་གོ་རིམ་ཇི་ལྟ་བ་བཞིན་དུ་རང་དབང་བདག་སོགས་ངོ་བོ་ཡིས།། ཕུང་སོགས་རྟེན་ལ་དེ་བཞིན་དུ། དེ་ནི་སོ་སོར་རྣམ་པ་དགུ། ཞེས་སྦྱར་ཏེ། དེ་ལ་དང་པོའི་དབང་དུ་བྱས་ནས་གསུངས་པ་ནི།། ་དེ་དག་བདེན་པ། ཞེས་པོ་ལ་སོགས་པ་སྟེ། དམ་པ་ཡང་དག་པའི་དོན་བསྟན་པ་རྣམ་པར་མཐོང་བར་མ་གྱུར་ནས་བདག་ཉིད་ཀྱིས་འདི་ལྟ་བུའི་རྣམ་པ་དགུར་རྟོག་པར་བྱེད་ནས་མངོན་པར་ཞེན་པར་བྱེད་ཅོང་བདག་ཉིད་ཉེ་བར ་དམིགས་པར་བྱེད་དོ།། འདིར་ཉེ་བར་མི་དམིགས་པའི་མི་མཐུན་པའི་ཕྱོགས་ཉིད་ཀྱི་རྣམ་པར་རྟོག་པ་དགུ་སྟེ། བདག་དང་སེམས་ཅན་དང་། ཞེས་པ་ནས་ཇི་སྲིད་དུ་མཐོང་བ་པོར་ཉེ་བར་མི་དམིགས་ཏེ། དེ་ཤིན་ཏུ་མེད་པའི ་ཕྱིར། ཞེས་པའི་བར་ནི་རང་དབང་གི་བདག་ཉིད་ཀྱི་རྣམ་པར་རྟོག་པའོ།། གཟུགས་ཞེས་པ་ནས་ཇི་སྲིད་དུ་རྣམ་པར་ཤེས་པའི་བདག་ཉིད་ཀྱིས་དམིགས་སུ་མེད་ཅེས་པའི་བར་ནི་རྒྱུའི་བདག་ཉིད་ཀྱི་རྣམ་པར་རྟོག་པའོ།། མིག་ནས ་ཇི་སྲིད་དུ་ཡིད་ཀྱི་བར་དང་གཟུགས་ནས་ཇི་སྲིད་དུ་སངས་རྒྱས་ཀྱི་ཆོས་ཀྱི་བདགེ་ཉིད་གཅིག་གིས་དམིགས་སུ་མེད་ཅེས་པའི་བར་ནི་རྒྱུའི་བདག་ཉིད་ཀྱི་རྣམ་པར་རྟོག་པའོ།། མིག་དང་གཟུགས་དང་མིག་གི་རྣམ་པར་ཤེས་པ། ་ཞེས་པ་ནས་ཇི་སྲིད་དུ་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པ་དང་གཞན་པའི་བདག་ཉིད་ཀྱིས་དམིགས་སུ་མེད་ཅེས་པའི་བར་ནི་ལྟ་བ་ལ་སོགས་པའི་བདག་ཉིད་ཀྱིས་རྣམ་པར་རྟོག་པའོ།། རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པ ་ནས་ཇི་སྲིད་གཟུགས་མེད་པའི་ཁམས་ཀྱི་བདག་ཉིད་ཀྱི་རྟེན་དུ་དམིགསུ་མེད་ཅེས་པའི་བར་ནི་ཀུན་ནས་ཉོན་མོངས་པའི་རྟེན་གྱི་བདག་ཉིད་ཀྱི་རྣམ་པར་རྟོག་པའོ།། བསམ་གཏན་དང་པོ་ནུས་ཇི་སྲིད་དུ ་གཟུགས་མེད་པའི་སྙོམས་པར་འཇུག་པའི་བདག་ཉིད་ཀྱི་རྟེན་ཉིད་ཀྱིས་ཉེ་བར་མི་དམིགས་ཞེས་པའི་བར་ནི་འདོད་ཆགས་དང་བྲལ་བའི་རྟེན་གྱི་བདག་ཉིད་ཀྱི་རྣམ་པར་རྟོག་པའོ།། འཕགས་པའི་བདེན་པ་དང་གཞན་པའི་བདག་ཉིད་ཀྱི ་རྟེན་གྱིས་ཉེ་བར་མི་དམིགས་པ། ཞེས་པ་ནི་མཐོང་བ་ལ་བརྟེན་པའི་བདག་ཉིད་ཀྱི་རྣམ་པར་རྟོག་པའོ།། རྣམ་པར་ཐར་པ་བརྒྱད་དང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་བདག་ཉིད་ཀྱིས་ཉེ་བར་དམིགས་པ། ་ཞེས་པ་ནི་སྒོམ་པ་ལ་བརྟན་པའི་བདག་ཉིད་ཀྱི་རྣམ་པར་རྟོག་པའོ།། སྟོབས་བཅུ་ནས་ཇི་སྲིད་དུ་རྣམ་པ་ཐམས་ཅིང་མཁྱེན་པ་ཉིད་ཀྱི་བདག་ཉིད་ཀྱི་རྟེན་གྱིས་ཉེ་བར་དམིགསུ་མེད་ཅེས་པའི་བར་ནི་དོན་བྱས་པ་ཉིད་ལ་བརྟན་པའི ་བདག་ཉིད་རྣམ་པར་རྟོག་པ་སྟེ། དགུ་པོ་འདི་རྣམས་ནི་བཟོད་པས་སྲབས་པར་བྱེད་ཅིང་སྤོང་བར་ནི་མི་བྱེད་དོ།། འདིར་འདི་རྣམས་དང་ལྡན་པས་སྔོན་དུ་འགྲོ་བ་རབ་ཏུ་སྤོང་བ་ཁོ་ནའོ།། དེའི་རྗེས་ལ་གཟུང་བ་མེད་པར་ངེས་པའི་རྩེ ་གཅིག་པར་ངེས་པའི་ཕྱིར་དེ་ཁོ་ན་ཉིད་ཀྱི་དོན་གྱི་ཕྱོགས་གཅིག་ལ་རབ་ཏུ་ཞུགས་པའི་ཏིང་ངེ་འཛིན་ལོ་གནས་པ་ཤཱ་རིའི་བུས་ཚད་དུ་གཉེར་ནས་འདི་སྙམ་དུ་བསམས་ནས་གལ་ཏེ་ཐམས་ཅད་ཤེས་པ་ཉིད་ལ་སློབ་ན་དེ་རྣམས ་ལ་ཇི་ལྟར་མི་དམིགས་ཞེས་པའོ།། སློབ་པར་མི་བྱེད་ཅེས་པ་ནི་དམིགས་པའི་སྦྱོར་བ་ཞེས་པ་ལ་དགོངས་པའོ།། དེ་ལྟར་མི་དམིགས་པའི་སྦྱོར་བས་ཆོས་ཐམས་ཅད་དང་ས་ཐམས་ཅད་ཐོབ་པ་དང་། ཡོན་ཏན་རྣམས་ལ་ཉེ་བར ་འགྱུར་བའི་འཇིག་རྟེན་ལས་འདས་པའི་ས་ཐོབ་པོའི་ཕྱིར་དེ་ལྟར་བཤད་པ་ནི་འཛིན་པའི་རྣམ་པར་རྟོག་པ་དང་པོའི་དགུ་པའོ།། དེ་ནས་ཡང་། ཞེས་པ་ལ་སོགས་པ་ནི་འདིར་འདྲི་བར་འདོད་པའོ།། འདིར་ཆོས་ཀྱི་མཆོག་ལ་བྱང ་ཆུབ་སེམས་དཔས་སྒྱུ་མའི་སྐྱེས་བུ་བཞིན་དུ་དེ་ལྟར་བྱང་ཆུབ་ལ་སློབ་པར་འགྱུར་ན། དེ་ལྟར་ན་ནི་སྒྱུ་མའི་སྐྱེས་བུ་ཡང་སློབ་པར་འགྱུར་ཞེས་པའོ།། དེ་ནས། ཞེས་པ་ནི་གང་གིས་འདིར་སྒྱུ་མའི་སྐྱེས་བུ་ཉིད་དུ་མི་འདོད་པ་སྟེ་རྒྱུ ་མཚན་དེས་ནའོ།། ཡང་ན་ཚིག་གིས་རྒྱུན་ཏེ། ལྷོར་ཉན་པ་ནི་ཁས་བླངས་པའོ།། འདི་ཞེས་པ་ནི་ངག་ཉོ་བར་དགོད་པའོ།། དེ་ཅི་ཕུང་པོ་ཡང་གཞན་ལ་སྒྱུ་མ་ཡང་གཞན་ཞེས་པ་ནི་སླར་འདྲི་བའི་དོན་ནོ།། སྒྱུ་མ་ཉིད་ཕུང་པོ་ལ། ་ཞེས་པ་ནི་རབ་འབྱོར་གྱི་ལན་གྱི་དོན་ཏོ།། གོང་ཞིག་གིས་དོན་སྒྱུ་མ་མཁན་གྱིས་སྤྲུལ་པ་བཞིན་མེད་པ་ཉིད་དུ་གྲགས་ཏེ། དེ་ནི་འདིར་སྒྱུ་མའི་སྒྲའི་དོན་ཏོ།། དེའི་ཕྱིར་ན་སྣུམ་ཉིད་དུ་བཤད་པའོ།། སྒྱུ་མའི་དོན་པ་ཤད་ནས་སྐྱེས་བུའི ་ངན་གསུངས་པ་ནི།། འདི་དག་ཅེས་པ་སྟེ། ཁྱད་པར་ཤེས་པ་ནི་མིང་སྟེ། ཤེས་རབ་བྱེང་ཅེས་པ་ཤེས་པ་སྟེ་ཟླའོ།། བྱིས་པ་ཐམས་ཅད་དང་ཐུང་མོང་གི་བླ་ནི་ཀུན་ཤེསོ་པའོ།། བྱིས་པ་རྣམས་ཀྱི་རབ་ཏུ་འཇུག་པ་ཅན་དུ་ཤེས་པར་བྱེད ་ཕྱིན་ཅི་ལོག་པར་ཉིད་དུ་ཡོངས་སུ་མི་ཤེས་པའི་ཕྱིར་བཏགས་པའོ།། འཕགས་པ་དང་འཕགས་པ་མ་ཡིན་པ་ཐམས་ཅད་ཀྱིས་ཐ་སྙད་དུ་བྱེད་པ་འདི་ནི་ཐ་སྙད་ངོ་།། དེ་ལ་འཕགས་པ་རྣམས་ཀྱིས་ནི་བཏགས་པ་ལས། ་པ་ཉིད་དུ་རྟོགས་ཤིང་གཞན་ཡོད་རྟོགས་པར་བྱེད་ལ། འཕགས་པ་མ་ཡིན་པ་རྣམས་ནི་བདེན་པ་ཉིད་དུ་འདོད་ཅིང་བདག་ཉིད་ཀྱང་རབ་ཏུ་འཇུག་པར་བྱེད་དོ།། འདི་ལ་ཞེས་པའི་བཤད་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་ལ། ཞེས་པའོ།། ་མིང་ལ་སོགས་པའི་བཤད་པ་ནི་བྱང་ཆུབ་སེམས་དཔའ། ཞེས་ཏེ། ངོ་བོ་ཉིད་མེད་ཅིང་བདག་མེད་པའི་ཕུང་པོ་ལྔ་རྣམས་ལ་བྱང་ཆུབ་སེམས་དཔའོ།། ཞེས་པ་ནི་བཏགས་པ་ལ། དེའི་ཕྱིར་འདི་ནི་སྒྱུ་མའི་སྐྱེས་བུ་ལྟ་བུའོ།། ཞེས་པ་ནི་བསྡུས ་པའི་དོན་ཏོ།། འཕགས་པ་རྣམ་པར་གྲོལ་བའི་སྡེས་ནི།། རིགས་ཀྱི་གནས་སྐབསུ་བྱང་ཆུབ་སེམས་དཔའ། ཞེས་པ་ནི་མིང་ཉིད་གཅིག་པུ་ལ་སེམས་བསྐྱེད་པའི་གནས་སྐབས་སུ་ནི་ཤེས་པར་བྱེད་ཅེས་པས་ཤེས་པ་སྟེ། གང་གི་ཀུན ་ཤེས་པ་སེམས་ལ་འཇུག་པའི་རྒྱུ་མཚན་གྱིས་བྱང་ཆུབ་སེམས་དཔའ་ཞེས་པ་ནི་རྣམ་པར་རིག་པ་ལ་སྟེ། རྒྱུ་མཚན་དེ་ཀུན་ཤེས་པ་ནི་ཀུན་ཤེས་པའོ།། སྦྱོར་བའི་ས་བདུན་རྣམས་ལ་ཆོས་ཐམས་ཅད་བཏགས་པ་ཙམ་ཉིད་དུ་རྟོགས་པ་ནི ་བཏགས་པའོ།། བརྒྱད་པ་ལ་སོགས་པར་མཚན་མ་མེད་ཅིང་ལྷུན་གྱིས་གྲུབ་པའི་ལམ་ཐོས་པས་ཐ་སྙད་དུ་ཙམ་གྱི་ཆོས་ཐམས་ཅད་བརྗོད་པས་ཐ་སྙད་ཅེས་གསུངས་སོ།། དེ་དེ་བཞིན་ནོ།། ཞེས་པ་གཉིས་ནི་ཡོངས་སུ་མགུ་པའོ།། དེས་ན ་ཞེས་པ་ནི་བྱང་ཆུབ་སེམས་དཔའ་སྒྱུ་མའི་སྐྱེས་བུ་བཞིན་དུ་ཞེས་པ་ནི་ཀུན་རྫོབ་དུ་སྒྱུ་མའི་རང་བཞིན་དོན་དམ་པར་ངོ་བོ་ཉིད་མེད་པ་དང་རོ་གཅིག་པའི་སྐྱེས་བུ་དེ་བཞིན་དུ་བདག་ཉིད་མཐོང་ཞེས་པའི་དོན་ཏོ།། སྒྱུ་མ་མཁན་གྱིས་སྔགས་ལ ་སོགས་པའི་ཚོགས་པའི་སྤྲུལ་པ་ཉིད་ཀྱི་སྒྱུ་མ་དེའི་ངོ་བོ་ཉིད་སྐྱེས་བུ་དེ་བཞིན་དུ་ཉོན་མོངས་པ་དང་ལས་ཀྱི་ཚོགས་པས་སྤྲུལ་པས་སྒྱུ་མ་ཉིད་བཞིན་དུ་སྐྱེས་བུར་ངེས་པར་བྱས་ལ། འདིར་སྒྱུ་མའི་སྐྱེས་བུ་ཉིད་ཡིན་ཡང་ཇི་ལྟར་ཀུན་ནས་ཉོན ་མོངས་པ་དང་རྣམ་པར་བྱང་བའི་གནས་སྐབས་མཐོང་བས་སོ།། འདི་ཞེས་པ་ནི་ཅི་འདྲ་བའོ།། དེ་ལ། ཞེས་པ་ནི་དེ་འདྲ་བ་རྣམས་སོ།། དེ་ལྟར་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་སྒྱུ་མ་ལྟ་བུར་གསུངས་སོ།། སྔགས་སོགས་པས་སྤྲུལ་པའི་སྒྱུ་མའི ་སྐྱེས་བུ་ནི་སེམས་མེད་པོའི་ཕྱིར་གཟུགས་ཀྱི་ཕུང་པོ་ཉིད་ལ། སྐྱེ་མཚད་དྲུག་ནི་གང་དུ་སྐྱེས་བུས་བཏགས་ལ། ཡོད་ཅེས་པ་ནི་ཞར་ལ་འོངས་པ་སྟེ། དབང་པོ་དྲུག་གཟུང་ངོ་།། རང་བཞིན་དུ་ནི་ཕུང་པོ་རྣམས་ལ་སྐྱེས་བུ་ཞེས་པར་བཏགས་པ ་སྟེ། ལྷག་མ་ལ་ཡང་ཤེས་པར་བྱའོ།། དེ་ལྟར་ན་དགུ་པ་ཉིད་ནི་ཕུང་པོ་ལ་སོགས་པ་ལ་སྐྱེས་བུར་བཏགས་པའི་རྣམ་པར་རྟོག་པའོ།། སྒྱུ་མ་ཉིད་གཟུགས་ལ། ཞེས་པ་ནས་ཇི་སྲིད་དུ་རྣམ་པར་ཤེས་པ་ཞེས་པའི་བར་ནི་ཕུང་པོར་བཏགས ་པའི་རྣམ་པར་རྟོག་པའོ།། སྒྱུ་མ་ཉིད་མིག་ཅེས་པ་ནས་ཇི་སྲད་དུ་ཆོས་ལ། ཞེས་པའི་བར་གྱི་སྐྱེ་མཆེད་དུ་བཏགས་པའི་རྣམ་པར་རྟོག་པའོ།། སྒྱུ་མ་ཉིད་མིག་དང་གཟུགས་དང་རྣམ་པར་ཤེས་པ། ཞེས་པ་ནས་ཇི་སྲིད་དུ་སྒྱུ་མ་ཉིད་ཡིད་དང ་ཆོས་ཀྱི་དང་ཡིད་ཀྱི་རྣམ་པར་ཤེས་པ། ཞེས་པའི་བ་རཱ་ནི། ཞེས་པ་ནས་ཇི་སྲིད་དུ་སྒྱུ་མ་ཉིད་ནམ་མཁའི་ཁམས་ལ། སྒྱུ་མ་ཉིད་རྣམ་པར་ཤེས་པའི་ཁམས། ཞེས་པ་ནི་ཁམས་ཀྱི་རྣམ་པར་རྟོག་པའོ།། སྒྱུ་མ ་ཉིད་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སྒྱུ་མ་ཉིད་མ་རིག་པ་ནས་ཇི་སྲིད་དུ་སྒྱུ་མ་ཉིད་རྒ་ཤི། ཞེས་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བར་བཏགས་པའི་རྣམ་པར་རྟོག་པའོ།། སྒྱུ་མ་ཉིད་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན། ཞེས་པ ་ནི་རྣམ་པར་བྱང་བར་བཏགས་པའི་རྣམ་པར་རྟོག་པའོ།། སྒྱུ་མ་ཉིད་སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་ནི་མཐོང་བའི་ལམ་དུ་རྣམ་པར་རྟོག་པའོ།། སྒྱུ་མ་ཉིད་བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ། ་ཞེས་པ་ནི་བསྒོམ་པའི་ལམ་གྱིས་རྣམ་པར་རྟོག་པའོ།། སྒྱུ་མ་ཉིད་ཐམས་ཅད་སྟོང་པ་ཞེས་པ་ནི་ཁྱད་པར་གྱི་ལམ་དུ་བཏགས་པའི་རྣམ་པར་རྟོག་པའོ།། སྒྱུ་མ་ཉིད་སྟོབས་བཅུ་ཞེས་པ་ནས་ཇི་སྲིད་དུ་བྱང་ཆུབ་ཅེས་པའི་བར་ནི་མི་སློབ་པའི ་ལམ་དུ་བཏགས་པའི་རྣམ་པར་རྟོག་པའོ།། དགུ་པོ་འདི་རྣམས་ནི་ཆོས་ཀྱི་མཆོག་གིས་སྲབས་པར་བྱེད་ཅིང་སྤོང་བར་ནི་མི་བྱེད་དེ། འདིར་འདི་རྣམས་དང་ལྡན་པས་སྔོན་དུ་འགྲོ་བ་ཅན་གྱི་རྣམ་པར་རྟོག་པ་དགུ་པོ་སྤོང་བ་ཉིད་དོ།། དེའི ་རྗེས་ལ་བར་ཆད་མེད་པ་ཏིང་ངེ་འཛིན་ལ་གནས་པར་བྱེད་དོ།། བར་ཆད་ཀྱིས་བར་ཆད་བྱེད་པར་མི་ནུས་པར་བར་ཆད་མེད་པའོ།། བར་ཆད་མེད་པའི་ཏིང་ངེ་འཛིན་དེའི་རྗེས་ལ་མཐོང་བའི་ལམ་དུ་འཐད། འདི་ནི་འཛིན་པའི་རྣམ་པར་རྟོག་པ་དགུ ་པའི་གཉིས་པ་གསུངས་པའོ།། ཡོངས་སུ་འཛིན་པའི་ཁྱད་པར་གྱི་རྣམ་པར་རྟོག་པ་རྣམས་སྔོན་དུ་མདོར་བསྟན་ནས། རིགས་ལས་དང་པོ་རྒྱས་པར་བཤད་པ་ནི་ཐེག་པ་ཆེན་པོའི་རིགས་ཕུན་སུམ་ཚོགས་པ་རྣམས་འདིར་གང་།། ཞེས་སོ་སོར ་སྒྲུབ་པ་ལ་དགོངས་ནས་འདིར་དེའི་དབང་དུ་བྱས་པ་ནི་བསྟན་བཅོས་ལས། སེམས་མི་འགོང་བ་ཉིད་སོགས་ཀྱིས།། ངོ་བོ་ཉིད་མེད་སོགས་སྟོན་བྱེད།། དེ་ཡི་མི་མཐུན་ཕྱོགས་བོར་བ།། རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན།། ཞེས་ཏེ། གང་གིས ་ཡང་དག་པར་འཛིན་པར་བྱེད་ཅིང་ནང་དུ་འཇོག་པ་དང་འདྲེན་པས་ཡང་དག་པར་ཡོངསུ་འཛིན་པ་ལ་རྣམ་པ་ཀུན་ནི་རྣམ་པ་བཞི་སྟེ། ཐབས་ལ་མཁས་པ་དང་། དགེ་བའི་བཤེས་གཉེན་དང་། དེ་དག་གི་སོ་སོའི་མི་མཐུན་པའི་ཕྱོགས་བོར་བའོ། ་དགེ་བའི་བཤེས་གཉེན་གྱི་གནས་སྐབས་སུ་གསུངས་པ་ནི། སྐྲག་པར་མི་འགྱུར་རམ། ཞེས་པ་ལ་སོགས་པ་སྟེ། འདི་ལྟར་སྒྱུ་མའི་སྐྱེས་བུ་བསྟན་པ་ལ་དངང་བ་ནཱི་སྐྲག་ནས་བྱེད་པཱ་ལ། སྐྲག་པ་ནི་སྐྲག་པ་དང་ལྡན་པའོ།། ཀུན་ཏུ་སྐབ ་པ་ནི་ཀུན་ཏུ་སྐྲག་པ་སྟེ། དེ་ཉིད་ཀྱི་རྒྱུན་ལ་ཀུན་ཏུ་སྐྲག་པ་དང་ལྡན་པའོ།། དེའི་གཉེན་པོའི་ཕྱོགས་ནི་མི་ཞུམ་པ་ཉིད་དེ། ཀུན་ཏུ་མི་ཞུམ་པོ་ཉིད་དེ། སྒྱིང་མི་ལུག་པ་ཉིད་དེ། སེམས་མི་འགོང་བ་ཉིད་སོགས།། ཞེས་པས་གང་དུ་དེ་བཤད ་དེ་ཐབས་ལ་མཁས་པ་ཞེས་དོན་ཏོ།། དེ་ལ་གང་ཞོག་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ལ་ངེས་པར་བསྟན་པ་དག་གི་མི་དམིགས་པའི་སྦྱོར་བས་དགེ་བའི་རྩེ་བའི་ཆོས་རྣམས་ལ་སྤྱོད་པ་དེ་རྣམས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས ་སུ་བསྔོ་བ་ནི་དེའི་ཐབས་ལ་མཁས་པ་ལ་བཟློག་པའི་ཐབས་ལ་མི་མཁས་པ་ལ་ནི་བདུད་ཀྱིས་བྱིན་གྱིས་བརླབས་པ་འབྱུང་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་ལ་སོགས་པའི་བྱ་བའི་བདུད་ཀྱི་སྐྱོན ་རྣམས་སོ།། འདི་ལྟར་ཞེས་པ་ནི་བྱང་ཆུབ་ཀྱི་སྤྱོད་པ་ལ་བར་ཆད་བྱེད་པ་ཉིད་དེ་དེ་རྟོགས་པར་བྱབྱའོ།། འདི་ཞེས་པ་ནི་ངས་ཁྱོད་ལ་ཀུན་ཏུ་བཤད་པའོ།། བདུད་ཀྱི་ལས་ནི་བདུད་རང་ཉིད་ཀྱིས་སངས་རྒྱས་ལ་སོགས་པའི་ཆ་བྱེད་བྱས་ནས ་གང་ཞིག་གིས་ལོག་པའི་ལམ་སྟོན་པར་བྱེད་པ་རྣམས་སོ།། འདི་དག་ཅེས་པ་ནི་བྱང་ཆུབ་ཀྱི་སྤྱོད་པ་ལ་འབྱེད་པ་པོ་ཉིད་རྟོགས་པར་བྱ་བ་སྟེ། དོན་གྱིས་གང་ཕ་རོལ་ཏུ་ཕྱིན་པ་འདི་རྣམས་དག་ལ་འབྱེད་པར་བྱེད་པ་དང་གང་འདི ་བདུད་ཀྱི་ལས་མི་སྟོན་པ་དེ་ནི་སྡིག་པའི་གྲོགས་པོའོ།། ཞེས་དོན་གྱིས་རྟོགས་པར་བྱའོ།། འདི་དག་ཅེས་པ་ནི་ཉེ་བར་བསྡུ་བའོ།། གོ་ཆ་ཆེན་པོ་བགོས་པ་ཡི།། ཞེས་པ་འདིས་ནི་འདིར་ནི་གོ་ཆའི་སྒྲུབ་པ་ཡང་བསྡུས་ལ་དེ་སྒྲུབ་པའི ་བསྒྲུབ་པར་བྱ་བའི་རྟེན་གྱི་དབང་དུ་བྱས་པ་ནི་བསྟན་བཅོས་ལས། རྟོགས་པ་ཡིནི་ཆོས་དྲུག་དང་། གཉེན་པོ་དང་ནི་སྤོང་བ་དང་། དེ་དག་ཡོངས་སུ་གཏུགས་པ་དང་། ཤེས་རབ་སྙིང་རྩེར་བཅས་པ་དང་། སློབ་མ་ཐུན་མོང་མིན་ཉིད ་དང་། གཞན་གྱི་དོན་གྱི་གོ་རིམ་དང་།། ཡེ་ཤེས་རྩོལ་བ་མི་མངའ་བ།། འཇུག་པའི་རྟེན་ལ་རིགས་ཞེས་བྱ།། ཞེས་ཏེ། སོ་སོར་ངེས་པ་འདིར་རྟེན་ཏེ་སྒྲུབ་པའི་རྟེན།། ཞེས་པ་ལ་སོགས་པས་འདུན་པ་ལ་སོགས་པ་རྟོགས་པའི་གོ། ་ཆའི་སྒྲུབ་པའི་རྟེན་མདོར་བསྟན་ཅིང་། དེའི་ནང་དུ་ཡོད་པའི་འཇུག་པ་ལ་སོགས་པའི་སྒྲུབ་པ་རྣམས་ཀྱི་རྟེན་ཡང་བསྟན་ནས། རྟོགས་པའི་ཆོས་དྲུག་ཉེས་པ་ལ་སོགས་པ་སྟེ། རྒྱས་པར་བཤད་དེ། ཤུགས་ཀྱིས་རྟོགས་པར་བྱ་བ་ནི་སེམས ་དང་པོ་བསྐྱེད་པར་བྱ་བ་ནས་བརྩམས་པའི་ངང་དང་རྩེ་མོ་དང་བཟོད་པ་དང་། ཆོས་ཀྱི་མཆོག་དང་མཐོང་བ་དང་བསྒོམ་པའི་ལམ་དྲུག་པོ་རྣམས་ལ་དྲོད་ལ་སོགས་པ་བཞི་པའི་རྟོགས་པ་ནི་ཆོས་ཉིད་རྟོགས་པར་བྱེད་པ་འདི་དེ་ཁོ་ན་ཉིད་ལ་མོས་པ ་བརྟན་པོ་ཡིས་གཉེན་པོའི་ཚོགས་ཡེ་ཤེས་ཀྱི་མི་མཐུན་པའི་ཕྱོགས་ཟད་པ་དང་། དེ་དག་ཡོངས་སུ་གཏུགས་པ་ནི་མཐར་ཐུག་པར་འགྲོ་བ་སྟེ། གཉེན་པོའི་ཕྱོགས་རབ་ཏུ་སོན་ནས་མཐར་ཐུག་པ་ཉིད་ཀྱིས་མི་མཐུན་པའི་ཕྱོགས་ཟད ་པའི་མཐར་ཐུག་པ་སྟེ། དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ལ་སོགས་པའི་ཕུང་པོས་ཚུལ་ཁྲིམས་འཆལ་པ་ལ་སོགས་པ་སྤངས་ཞེས་པའི་དོན་ཏེ། ཤེས་རབ་དང་སྙིང་རྗེ་དག་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་དང་ཐུན་མོང་མ ་ཡིན་པ་ནི་ཡེ་ཤེས་སོ།། གཞན་གྱིས་དོན་གྱི་གོ་རིམ་ནི་རྒྱུན་མ་ཆད་པ་དང་། ལྷུན་གྱིས་གྲུབ་པས་ཡེ་ཤེས་འཇུག་པའོ།། གང་ཞིག་རང་བཞིན་རྣམ་པར་དག་པ་གློ་བུར་གྱི་དྲི་མ་རྣམས་ཀྱིས་ནང་དུ་ཆུད་པ་དེ་ཉིད་ནི་བྱང་ཆུབ་ཀྱི་རིགས་སོ།། ་དེ་བཞིན་གཤེགས་པའི་སྙིང་པོ་རང་བཞིན་གྱིས་གནས་པ་ཞེས་པའི་མིང་ཅན་ཉིད་ཀྱི་མ་རིགས་པ་ལ་སོགས་པའི་མུན་པ་ནུབ་པ་ནི་རིམ་གྱིས་སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་པོ་རྣམས་ཀྱི་རྟེན་ཏེ། དེ་ལྟར་ཡང་འཕགས་པ་རྣམ་པར་གྲོལ་བའི ་སྡེས་སེམས་བསྐྱེད་པ་ནས་བརྩམས་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་པོ་རྣམས་ལ། ཞེས་པ་ལ་སོགས་པ་གསུངས་པའོ།། དེ་ཉིད་ཀྱིས་ན་སེང་གེ་བཟང་པོའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ནི་ཆོས ་ཀྱི་དབྱིངས་ཀྱི་རྟེན་ནོ་ཞེས་པ་ནི་མི་འཐད་དོ།། དེ་ཡང་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱི་མེད་པ་ཉིད་ནི་མཚན་ཉིད་ནི་འཕགས་པའི་ཆོས་ཀྱི་རྒྱུ་ཡིན་པའི་ཕྱིར་ན་ཆོས་ཀྱི་དབྱིངས་ཉིད་དེ། འདིར་དེ་བསྟན་པ་ནི་བསྟན་བཅོས་ཀྱིས།། ཆོས་ཀྱི་དབྱིངས་ལ ་དབྱེར་མེད་ཕྱིར།། རིགས་ནི་ཐ་དད་རུང་མ་ཡིན།། ཅེས་ཏེ། འདི་ནི་སངས་རྒྱས་ཀྱི་རིགས་འདི་ནི་རང་སངས་རྒྱས་ཀྱི་རིགས་འདི་ནི་ཉན་ཐོས་ཀྱི་རིགས་ཞེས་པ་ཇི་ལྟར་དབྱེ་ཞེ་ན། འདིར་ལན་བསྟན་བཙས་ལས། རྟེན་པའི་ཆོས་ཀྱི་དབྱེ་བ ་ཡིས། དེ་ཡི་དབྱེ་བ་ཡོངས་སུ་བསྒྲག། ཅེས་པ་སྟེ། རྟེན་པའི་སངས་རྒྱས་ལ་སོགས་པའི་ཆོས་དང་ལྡན་པ་རྣམས་ཀྱིས་ཏེ། དེའི་ཆོས་ནི་དབྱེར་མེད་ལ། འདིར་དེའི་དབྱེ་བས་རིགས་ཀྱི་དབྱེ་བ་སྟེ། དཔེར་ན་ནམ་མཁའ་ཐ་མི་དད་པ་ལ ་ལལ་བགྲོད་པ་པོ་མཐའ་དག་སྟེ། ཉི་མའི་ལམ་དང་། བྱཱ་ཁྱུང་གི་ལམ་དང་། ཕྱེ་མ་ལེབ་གྱི་ལམ་བཞིན་ཅེས་པ་སྟེ། འདི་རྣམས་བསྡུས་ནས་བསྟན་པར་འདོད་ནས་རབོ་འབྱོར་ལ་འདྲི་བ་ནི། དེ་སྐད་ཅེས་སྨྲས་པ་དང་། ཞེས་པ་ལ ་སོགས་པ་སྟེ། གཞིའི་དོན་གང་ལགས། ཞེས་པ་ནི་རིགས་ཅི་འདྲ་བས་ཡོད་ཅེས་པོའི་དོན་ཏོ།། གཞིའི་དོན་ཅེས་པ་ནི་དེའི་རིགས་དངོས་པོར་མེད་པ་སྟེ་ཆོས་ཀྱི་དབྱིངས་ཞེས་པའི་དོན་ཏོ།། བྱང་ཆུབ་སེམས་དཔའི་ཐ་སྙད་ཀྱི་ཡུལ་གྱི་ཕུང ་པོ་ལ་སོགས་པ་གང་ངོ་བོ་ཉིད་མེད་པ་ཉིད་དང་། སྟོང་པ་ཉིད་དང་། ཆོས་ཉིད་དེ་ནི་དེའི་ཆོས་ཀྱི་དབྱིངས་ལ་དེ་ཉིད་དག་པར་མཐར་སོན་པ་རྟོགས་པར་འགྱུར་ཞེས་པ་ནི་བྱང་ཆུབ་ཅེས་བརྗོད་དོ།། དེའི་ཕྱིར་ན་རིགས་སུ་གྱུར་པ་ནི་དངོས་པོ ་མེད་པའོ།། དངོས་པོ་མེད་པའི་མཚན་ཉིད་ཀྱི་ཕྱིར་སྟོང་པ་ཉིད་དོ།། ཡང་ན་བྱང་ཆུབ་ནི་རིགས་སུ་གྱུར་པ་ལ་རྟེན་ནི་མེད་དོ།། ཀུན་རྫོབ་དང་ཕན་ཚུན་དབྱེར་མེད་པས་བརྟེན་དང་བརྟེན་པའི་དངོས་པོའི་དབྱེ་བ་མེད་དེ། ཏགས ་པས་བྱས་པའི་ཕྱིར་རོ།། དེ་ཅིའི་ཕྱིར་ཞེ་ན། ཞེས་པ་ནི་ཆོས་ཀྱི་དབྱིངས་ཏེ། བྱང་ཆུབ་ཀྱི་རིགས་ཉིད་དུ་ཇི་ལྟར་རོ།། ཆོས་ཐམས་ཅད་རྟོགས་པ་ཡིན་ཆོས་དྲུག་དང་། ཞེས་པ་ལ་སོགས་པ་རྣམས་ཀྱིས་བསྟན་ཏོ།། ཆགས་པ ་ནི་མི་མཐུན་པའི་ཕྱོགས་ཏེ། ཡང་དག་པར་མ་ཡིན་པའི་དངོས་པོ་ལ་ཉེ་བར་དམིགས་པའི་ཕྱིར་རོ།། དེ་དང་འགལ་བའི་ཕྱིར་མ་ཆགས་ཆོས་ཏེ། ཇི་ལྟར་རགས་པར་དེའི་གཉེན་པོའི་ཕྱིར་རམ། དེ་འགོག་པའི་ཕྱིར་རོ།། ་དྲི་རྣམས་ལ་མ་ཚོགས་པ་ཉིད་དུ་སློབ་པ་ནི་དགེ་བར་འགྱུར་རོ།། འདིར་དེ་རྣམས་ཀྱི་མ་ལུས་པའི་དྲི་མ་བསལ་ནས་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དུག་པ་ལས་བྱུང་བའི་བྱང་ཆུབ་ཡང་དག་པར་སྐྱེ་བར་འགྱུར་རོ།། དེའི ་ཕྱིར་ན་འདི་ལྟར་བྱང་ཆུབ་ལ་རིགས་ལོགས་ན་མེད་དོ།། ཆོས་རྣམས་འདིར་ཇི་ལྟར་རབ་ཏུ་བསྟེན་ཏེ། རིགས་དམན་པ་ལ་སོགས་པོས་དེ་རྣམས་ལ་རབ་ཏུ་མི་བརྟེན་ཅེ་ན། འདིར་བགྲོད་པར་གནས་པས་ཡོད་པ་སྟེ། ཐམས་ཅད ་དུ་སོན་པའི་ན་མཁའོ་ཞེས་པ་བཞིན་ནོ།། བགྲོད་པ་དང་གནས་ཞེས་པས་རིགས་ལས་མི་གཡོ་བའི་སྦྱོར་བས་འཛིན་པའི་ཕྱིར་ན་རྟེན་ན།། དེ་ལྟར་ཡང་ཅི་ཡང་མེད་པའི་ཆོས་ཀྱི་དབྱིངས་མེད་པ་ཉིད་ལ་ཇི་ལྟར་དེ ་རྣམས་བརྟེན་ཅེ་ན། དཔེར་ན་ན་མཁའ་ཅི་ཡང་མེད་པ་ལ་ཟླ་བ་དང་ཉི་མའི་འོད་གཟེར་གྱིས་མུན་པ་ཟད་པར་བྱེད་པ་བཞིན་ནོ།། དམིགས་པའི་དབང་དུ་བྱས་པོ་ནི་བསྟན་བཅོས་ལས། དམིགས་པ་ཆོས་རྣམས་ཐམས་ཅད་དེ།། དེ་ཡང་དགེ ་ལ་སོགས་ཡིན།། འཇིག་རྟེན་པའི་རྟོགས་པ་དང་།། གང་དག་འཇིག་རྟེན་འདས་འདོད་དང་།། ཟག་བཅས་ཟག་པ་མེད་ཆོས་དང་།། གང་དག་འདུས་བྱས་འདུས་མ་བྱས།། སློབ་མ་ཐུན་མོང་ཆོས་རྣམས་དང་།། གང་དག་ཐུབ་པའི་ཐུན ་མོང་མིན།། ཅེས་ཏེ། སོགས་པས་ནི་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཉིད་ལྔ་རྟོགས་པར་བྱ་བས་ན་རྟོགས་པ་སྟེ། དག་པ་ལ་འཇིག་རྟེན་པ་དང་འཇིག་རྟེན་ལས་འོདས་པའི་རྟོགས་པ་ཞེས་པ་ནི་ཕུང་པོ་གཉིས་ཏེ། དེ་གསུངས་པ་ནི ་ཆོས་རྣམས་ཐམས་ཅད་ཅེས་པ་ལ་སོགས་པ་སྟེ། མངོན་པར་རྟོགས་པ་བདུན་གྱི་དོན་རིམ་གྱིས་རྟོགས་པར་བྱ་བ་ལ་གང་ཆོས་རྣམས་ཐམས་ཅད་དེའི་དོན་གྱི་ཐབས་སུ་འདིར་དོན་དུ་གཉེར་བར་བྱེད་ཅིང་ཚོལ་བར་བྱེད་པས་སོ།། དེས་ན ་དེ་རྣམས་ལ་མ་ཞེན་པས་ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པ་གཉིས་ལས་མི་འདའ་བས་དམིགས་པས་དག་པར་རྟོགས་པར་གྱུར་ནས་མངོན་པར་སངས་རྒྱས་པར་འགྱུར་ཏེ། དེའི་ཕྱིར་ན་དམིགས་པས་ཆོས་རྣམས་ཐམས ་ཅད་དེ་ཤེས་འདིས་རང་བཞིན་རྗེས་སུ་རྟོགས་པའི་རང་བཞིན་དང་བྲལ་བ་ལས་དམིགས་པའི་ཆོས་ཀྱི་དེ་ཁོ་ན་ཉིད་བསྒོམས་པའི་སྟོབས་ཀྱིས་ཆོས་འཕེན་པར་འགྱུར་ཏེ། དེ་ལྟ་ན་ཡང་རང་བཞིན་ལ་དམིགས་དགོས་ཏེ། དེ་ཁོ་ན་ཉིད ་ཙམ་པོ་ལ་དམིགས་པ་དེ་དོན་དུ་གཉེར་བའི་ཕྱིར་རོ།། དེ་ཉིད་ཀྱིས་ནི་རབ་འབྱོར་རྣམས་པ་ཐམས་ཅད་མཁྱེན་པ་ཉིད་ནི་དངོས་པོ་མེད་པ་ལ་དམིགས་པའོ།། ཞེས་གསུངས་ལ། བསྟན་བཅོས་སུ་ཡང་རྣམ་པ་ཞི་ཉིད་ཅེས་སོ།། འོ་ན་ཆོས ་རྣམས་དངོས་པོ་མེད་པ་སྟེ།། ངོ་བོ་མེད་པས་ཅི་ཡང་མེད།། ཅེས་པས་ཇི་ལྟར་དམིགས་པར་འགྱུར་ཞེ་ན། དངོས་མེད། ཅེས་པ་ནི་དངོས་པོ་ལ་དམིགས་པ་མིན། ཞེས་པ་ལ་དགོངས་པས་སོ།། དངོས་པོ་མེད་པ་ནི་གཉིསུ་མེད་པ་སྟེ། ་རབ་འབྱོར་གཉིས་ནི་དངོས་པོ་ལ་གཉིས་མེད་པ་ནི་དངོས་པོ་མེད་པའོ།། ཞེས་གསུངས་པ་སྟེ། དོན་དམ་པ་ལ་ནི་གྲང་དུ་ཡང་དམིགས་པར་བྱ་བ་དང་། དམིགས་པར་བྱེད་པ་དང་། དམིགས་པའི་སྤྲོས་པ་མེད་དེ། རྟེན་ཅིང་འབྲེལ་པར ་འབྱུང་བ་ཉིད་ནི་ངོ་བོ་ཉིད་ཀྱིས་མ་སྐྱེས་པའི་ཕྱིར། ཡོད་དང་མེད་པའི་མཐའ་དང་དབུས་སུ་ཡོངས་སུ་བརྟགས་པའི་ཁྱད་པར་གྱི་དམིགས་པར་མི་ནུས་པའི་ཕྱིར་དང་། དམིགས་པ་མེད་པ་ལ་བྱིས་པ་རྣམས་ཀྱིས་སྐྲག་པར་བྱེད་པའི ་ཕྱིར་དང་། དེ་ཉིད་གཏིང་དཔོགས་པོར་མི་ནུས་པའི་ཕྱིར་ན་ཟབ་པ་སྟེ། དེ་ལྟར་ཡང་འཕགས་པ་ཀླུ་གྲུབ་ཞབས་ཀྱིས་གསུངས་ཏེ། ཡོད་དང་མེད་ལས་རྣམ་འདས་པས།། གང་རྣམས་ལ་ནི་བློ་མི་གནས།། དེ་ཡིས་ཟབ་མོ་དམིགས་མེད་པའི ་རྐྱེན་གྱིས་དོན་ལ་རྣམ་པར་བསྒོམ།། ཞེས་པ་སྟེ། སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་ལས་གྲེགྲོལ་པ་དེ་ནི་ཟབ་པ་ཉིད་དོ།། གང་ལ་དངོས་མེད་དངོས་མེད་མིན།། བློ་ཡི་མདུན་ན་མྱི་གནས་པ། ་དེ་ལ་རྟོག་པ་གཞན་མེད་པས།། དམིགས་པ་མེད་ནས་རབ་ཏུ་ཞི།། རང་བཞིན་གྱིས་ཞི་བའི་རྣམས་པ་ཡིས་སོ།། དེ་ཉིད་མཉམ་པར་མ་བཞག་པའི་གནས་སྐབས་སུ་ཀུན་རྫོབ་དང་དོན་དམ་པའི་བདེན་པའི་བདག་ཉིད་དུ་ཆོས་ཐམས་ཅད ་ལ་དམིགས་ལ། མཉམ་པར་བཞག་པའི་གནས་སྐབས་སུ་ནི་རྣམ་པར་རྟོག་པའི་སྐྱེས་པ་མ་ལུས་པ་ལས་ལོག་པའི་ཅིར་ཡང་དམིགས་པ་མེད་པ་ལ་སོགས་པ་ལ་གནས་ཞེས་པའོ།། དམིགས་པ་ལ་བསྒྲུབ་པའི་དུས་སུ་ནི། མཐའ ་རྩོམ་པ་བཞིན་ལ། འབྱུང་བར་འགྱུར་བའི་དེའི་འབྲས་བུའི་གནས་སྐབས་ནི་རང་བཞིན་གྱི་ཆེད་དུ་བྱ་བ་ནི་མཚོན་བྱ་བཞིན་ནོ།། དེའི་དབང་དུ་བྱས་པ་ནི་བསྟན་བཅོས་ལ། སེམས་ཅན་ཀུན་མཆོག་ཉིད་སེམས་དང་།། སྟོང་དང་རྟོགས་དང ་གསུམ་པོ་ལ།། ཆེན་པོ་གསུམ་གྱི་རང་འབྱུང་གིས།། ཆེད་དུ་བྱ་བ་འདི་ཞེས་བྱ།། ཞེས་ཏེ། རང་ལས་འབྱུང་བར་འགྱུར། ཞེས་པས་རང་འབྱུང་སྟེ། བྱང་ཆུབ་སེམས་དཔའ་རྣམས་ལ་དེ་རྣམས་ཀྱི་ཚད་དུ་བྱ་བ་ནི་འདིར་གང་ཆེད་དུ ་གཉེར་བར་བྱ་བའི་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པོར་འགྱུར་བའོ།། སེམས་ཅན་ཀུན་གྱིས་མཆོག་ཉིད་དུ་སྒྲུབ་པར་བྱེད་པ་ལ་ཆེན་པོ་གསུ་མོ་རྣམས་ཀྱིས་ཏེ། དེ་ལ་གསུམ་ནི་སེམས་དང་། སྤོང་བ་ད་།། རྟོགས་པ་དང་འདུ ་སྐྱེ། དེ་ལ་སེམས་ཆེ་བ་ཉིད་ནི་རྡོ་རྗེ་ལྟ་བུ་ལ་སོགས་པའི་སེམས་སོ།། ལྟ་བ་རྣམས་ཐམས་ཅད་སྤོང་བའི་དོན་དུ་བསྟན་པ་ནི་སྤོང་བ་ཆེན་པོ་ཉིད་ལ། བྱང་ཆུབ་ཀྱི་སེམས་ལ་སོགས་པ་ཉིད་ལ་ཞེན་པ་མེད་པ་ཉིད་ནི། རྟོགས་པ་ཆེན་པོ་ཉིད་དོ།། སེམས ་ཆེན་པོ་ཉིད་དང་། སྤོང་བ་ཆེན་པོ་ཉིད་དང་། རྟོགས་པ་ཆེན་པོ་ཉིད་ཀྱིས་ཚད་དུ་གཉེར་བར་བྱེད་ཅེས་པ་ནི་ཆེད་དུ་བྱེད་པ་ཆེན་པོའོ།། འདིར་ཆེད་དུ་བྱ་བ་ཆེན་པོའི་ཡུལ་ཡིན་པའི་ཕྱིར་སེམས་ཅན་ཆེན་པོ་ལ་དགོངས་པའོ།། ཞེས་པ་ནི་སེམས ་ཅན་ཚན་པོའོ།། འདིར་དེ་ཉིད་སྐབས་སུ་བབ་ཅེས་པས་རྟོགས་པར་བྱ་བའི་དོན་དུ་ཞེས་པ་ལ་སོགས་པ་སྟེ། རྟོགས་པའི་དོན་ནི་དོན་མེད་པར་མི་དམིགས་པས་འདོད་པ་སྟེ། རྒྱུ་མཚན་དེས་ནའོ།། སེམས་ཅན་གྱི་ཕུང་པོ།། ཞེས་བྱ་ནི་མདོར་བསྡུ ་པ་ལ་སེམས་ཅན་གྱི་རིས། ཞེས་བྱ་བ་ནི་རྒྱས་པར་བཤད་པའོ།། དེའི་མཆོག་ནི་ཐེག་པ་ཆེན་པོས་ཡང་དག་པར་བསྡུས་པའི་སའི་ཆེད་དུའོ།། མ་ལུས་པའི་འཁོར་བར་བཞུགས་པ་ལ་སོགས་པའི་སེན་གྱི་ཕུང་པོའི་མཆོག་ཉིད་ཆེན་པོ་ནི་སེམས་ཅན་གྱི ་ཕུང་པོ་ཆེན་པོ་ཉིད་ཀྱིས་བརྗོད་པ་ཡིན་ནོ།། དེ་ནས་ཞེས་པ་ལ་སོགས་པ་སྟེ། དེའི་དུས་ལ། ཞེས་པ་ནི་གོ་སྐབས་ཏེ། འདིར་བདག་ལ་སོགས་པ་བཞི་ནི་ཡུམ་ཚན་མོར་ནི་བཅུ་གསུམ་གསུངས་ཏེ། ཐམས་ཅད་ཀྱང་གྲུབ་མཐའ་ཐ་དད་པ་ལས ་དོན་གཅིག་གོ།། སྒྲ་བཤད་པ་ཙམ་གྱིས་ཐ་དད་དེ།། དེ་ལ་ངར་འཛིན་པའི་རྒྱུ་ཉིད་ཀྱིས་ན་བདག་གོ། འགྲོ་བ་རྣམས་ཆུད་པ་ན་སེམས་ཅན་ནོ།། སྲོག་གི་དབང་པོའི་དབང་གིས་རིས་མཐུན་པའི་ལུས་ཟད་པ་དང་མི་གནས་པའོ།། ཞེས ་བ་ནི་སྲོག་གོ།། ཉོན་མོངས་པ་དང་ལས་ཀྱི་དབང་གིས་སྨྲ་བར་འགྱུར་བསྡུ་བཅོམ་པས་འགྲོ་བའོ།། ཁམ་ལ་སོགས་པའི་ཟས་ཀྱིས་གསོ་བར་བྱེད། ཅེས་བྱས་གསོ་བའོ།། སྐྱེས་བུའི་ལུས་ལ་གནོད་པར་བྱུང་པུས་ན་སྐྱེ ་བུ་སྟེ། སྐྱེས་བུའི་དབང་པོ་དང་ལྡན་པས་ནི་མ་ཡིན། གཟུགས་ཀྱི་ཁམས་པའི་སྐྱེས་བུ་རྣམས་ཉིད་ལ་སྐྱེས་པ་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ།། ཡང་ནས་ཡང་དུ་འགྲོ་བ་རྣམས་སུ་འཇུག་པར་འགྱུར་བས་ན་གང་ཟག་གོ།། ་བོ་ཡིད་ཀྱི་ལས་རྣམས་ཀྱིས་འགྲོ་བ་རྣམསུ་སྐྱེ་བར་བྱེད་ཅེས་པས་ན་ཤེད་ཅན་ནོ།། ཤེད་ཀྱི་བདག་པོའོ།། ཞེས་པས་ནི་ཤེད་བདག་གོ། དགེ་བ་ལ་སོགས་པའི་ལས་ཀྱིས་རྟེན་དུ་གྱུར་པས་ན་བྱེད་པ་པོའོ།། ལས་ཀྱི་རྣམ་པར་སྨིན་པར་མྱོང་བས་ན ་ཚོར་བ་པའོ།། ཡིད་ཀྱི་རྣམ་པར་ཤེས་པ་གནས་ཡིན་པའི་ཕྱིར་ཤེས་པ་པའོ།། མིག་ལ་སོགས་པ་རྣམ་པར་ཤེས་པ་ལྔའི་གནས་ཡིན་པའི་ཕྱིར་མཐོང་བ་པོའོ།། དེ་རྣམས་ཀྱི་ལྟ་བ་ནི་དངོས་པོ་ཡོད་པར་མངོན་པར་ཞེན་པའོ།། འབྱུང་བ་ནི ་འཁོར་བའོ།། འཇིག་པ་ནི་མྱ་ངན་ལས་འདས་པ་སྟེ། དེ་གཉིས་ལ་ལྟ་བ་མཆོག་ཏུ་འཛིན་པ་ཉིད་དུ་ངེས་པའོ།། མྱ་ངན་ལས་འདས་པ་ཐོབ་ནས་འཆད་པར་འགྱུར་ཞེས་པས་ནི་ཚད་པར་འགྱུར་ཞེས་ལྟ་བའོ།། རྟག་པར་འབྱུང་བར་འགྱུར། ཞེས ་པ་ནི་རྟག་པར་ལྟ་བའོ།། འོན་ཀྱང་འདི་རྣམས་ནི་སྔོན་དུ་བྱུང་བས་ལས་ཕྱིས་མེད་པའོ།། ཞེས་པ་ལ་ཆད་པ་ལ་གང་ཞིག་ངོ་བོ་ཉིད་ཀྱིས་ཡོད་ཅིང་མེད་པ་ལ་མེད། ཅེས་པ་ནི་རྟག་པའོ།། ཕུང་པོ་ལྔ་པོ་རྣམས་ཀྱི་ལུས་ངོ་བོ་ཉིད་མེད་པ་དེ་རྣམས ་ལ་ངོ་བོར་ཞེན་པ་ནི་འཇིག་ཚོགས་ལ་ལྟ་བའོ།། དེ་བཞིན་དུ་དེ་ལ་སོགས་པའི་ལོག་པར་ལྟ་བ་མཆོག་ཏུ་འཛིན་པ་ལ་སོགས་པ་རྣམས་སོ།། ཆོས་ཞེས་པ་ནི་རིགས་པའི་ལམ། ཞེས་པ་སྟེ་སྤོང་བ་ཆེན་པོའོ།། དེ་ནས་ཞེས་པ་ལ་སོགས ་པ་སྟེ། བྱང་ཆུབ་ཀྱང་སེམས་འདི་ཉིད་ལ་ཐམས་ཅད་མཁྱེན་པ་ཡང་སེམས་འདི་ཉིད་དོ།། ཟག་པ་མེད་པ་ནི་བག་ཆགས་དང་བཅས་པའི་འཆི་འཕོ་བའི་ཟག་པ་ཐམས་ཅད་མེད་པའོ།། མཉམ་པ་མེད་པ་ནི་སོ་སོའི་སྐྱེ་བོ་རྣམས་དང ་ངོ།། མི་མཉམ་པ་ནི་སངས་རྒྱས་དེ་རྣམ་དང་ངོ་།། མཉམ་པོ་དང་མི་མཉམ་པ་སྟེ་མི་མཉམ་པ་མེད་པའོ།། མ་ཆགས་པ་ནི་བསྟན་པའོ།། ཡོངས་སུ་མ་ཟིན། ཞེས་པ་ནི་བཤད་པའོ།། ལྷག་མ་རྣམས་ནི་རྣམ་པར་བཤད་ཟིན་ཏོ།། ཞེས་པ་ནི། ་རྟོགས་པ་ཆེན་པོའོ།། སྒྲུབ་པ་ནི་རྣམ་པ་བཞི་སྟེ། དེ་ལ་གོ་ཆ་དང་འཇུག་པའི་སྒྲུབ་པ་ནི་སེམས་དཔའ་ཆེན་པོའི་སྒྲའི་འཇུག་པའི་རྒྱུ་མཚན་གསུངས་ལ། གང་པོ་ཡིས་དེ་བརྗོད་པ་ནི་དེ་ནས། ཞེས་པ་ལ་སོགས་པ་སྟེ། གང་དུ་འཇུག ་པ་ཉིད་བགྲོད་པ་སྟེ། འཇུག་པའི་སྒྲུབ་པ་ཐེག་ཆེན་ལ། འཛེག་པ་ཡིན་པར་ཤེས་པར་བྱ།། ཞེས་གསུངས་སོ།། གོ་ཆ་བགོས། ཞེས་པ་དང་། ཐེག་པ་ཡང་དག་པར་གནས་ཞེས་པའི་བར་གྱིས་ཚིག་ཕྱིས་པས་སེམས་དཔའ་ཆེན་པོའོ།། ་དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམས་ཀྱི་སོའི་གོ་ཆ་རེ་རེ་ལ་མ་ལུས་པ་ཉེ་བར་གནས་པོ་ནི་གོ་ཆའི་སྒྲུབ་པ་སྟེ། དཔུང་གི་ཚོགས་ཀྱིས་གོ་གོན་པ་བཞིན་ཏེ། རྒྱས་པ་ནི་བཅོམ་ལྡན་འདས་མ་ཡུམ་ཆེན་མོ་ལའོ།། བཅོམ་ལྡན་འདས་མ ་འདིར་ནེ་གོ་ཆ་སྟེ་བསྲུང་བ་དང་བསྲུང་བའི་སྒྲུབ་པ་ནི་བར་མར་རོ།། ཐམས་ཅད་དུ་ནི་རྣམས་པ་ཐམས་ཅད་རྣམས་ཀྱིས་ཏེ། ཇི་ལྟར་ཚད་དུ་བྱེད་པ་ལ་གཞན་གྱིས་མི་ཐུབ་པའོ།། འདིས་ནི་བར་དུ་གཅོད ་པ་ཐམས་ཅད་ལ་མདའ་སོ་སོར་བསྣུན་པར་འགྱུར་ཏེ། འདིར་བསྟན་བཅོས་ལས། སྦྱིན་པ་ལ་སོགས་རྣམས་དྲུག་ལ།། དེ་དག་སོ་སོར་བསྡུས་པ་ཡིས།། གོ་ཆའི་བསྒྲུབ་པ་གང་ཡིན་དེ།། དྲུག་ཚན་དྲུག་གིས་ཇི་བཞིན་བཤད།། ་ཅེས་ཏེ། གང་གིས་སྦྱིན་པར་བྱེད་པ་དེ་ནི་སྦྱིན་པ་སྟེ། རང་གི་རང་ཉིད་ཡོངས་སུ་གཏང་ཞིང་གཞན་རང་གི་རྭ་བྱེད་པའི་སེམས་ཀྱིས་ཏེ། ཟང་ཟིང་དང་། མི་འཇིགས་པ་དང་། ཆོས་ཀྱི་དབྱེ་བ་རྣམ་པ་གསུམ་མོ།། དེ་ལ་ཟང་ཟིང ་གི་སྦྱིན་པ་ནི་འབྲས་བུ་དང་བཅས་པ་ཇི་སྲིད་དུ་བདག་ཉིད་ཀྱི་དངོས་པོ་ཡང་ཡོངསུ་གཏོང་བའོ།། མི་འཇིགས་པའི་སྦྱིན་པ་ནི་ཚུལ་ཁྲིམས་དང་བཟོད་པ་བསྐྱེད་པས་བྱས་པ་དང་མ་བྱས་པའི་གནོད་པས་གཞན་རྣམས་ལ་ཉེ་བར་མི ་མཛོད་པའི་ཕྱིར་རོ།། ཆོས་ཀྱི་སྦྱིན་པ་ནི་བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་དུབ་པ་མེད་པར་བསམ་གཏན་གྱིས་གཞན་དུ་བསྐྱེད་པར་བྱོས་པས་གཞན་རྣམ་ཀྱི་བས་པས་ངག་ལ་ཉལ་ཤྲེ་པར ་བྱས་ནཱ་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བའི་དོན་ཉེ་བར་སྟོན་པའོ།། རང་བཞིན་གྱིས་ཁ་ན་མ་ཐོ་བ་རྣམས་ཀྱིས་མི་དགེ་བཅུ་རྣམས་དང་། བཏགས་པའི་ཁ་ན་མ་ཐོ་བ་རྣམས་ལས་ལྡོག་པར་བྱེད་པའི་ཚུལ་ཁྲིམས་སོ།། བཟོད་པ་དང་ལྷན ་ཅིག་པ་ནི་རྣམ་པ་གསུམ་སྟེ། གཞན་གྱིས་གནོད་པ་བྱས་པ་ལ་བཟོད་པ་དང་། སྡུག་བསྔལ་ལ་ལྷག་པར་གནས་པའི་བཟོད་པ་དང་། མི་སྐྱེ་བའི་ཆོས་ཀྱི་བཟོད་པའི་མཚན་ཉིད་ཀྱི་ཆོས་ལ་དམིགས་པའོ།། དགེ་བའི་ལས ་ལ་སྤྲོ་བའི་བརྩོན་འགྲུས་དང་། སེམས་རྩེ་གཅིག་པས་སེམས་པར་བྱེད་པའི་བསམ་གཏན་དང་། སྟོང་པ་ཉིད་དང་། སྙིང་རྗེ་དབྱེར་མེད་པའི་བར་དུ་མི་གནས་པའི་བྱང་ཆུབ་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བྱང ་ཆུབ་སེམས་ཀྱི་གཞི་ཡིན་པའི་ཕྱིར་རྟེན་དམ་པ་དང་། དངོས་པོ་མཐའ་དག་ཀུན་ཏུ་སྤྱོད་པས་དངོས་པོ་དམ་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཕན་པ་དང་བདེ་པ་ལ་དབང་པོ་ཡིན་པའི་ཕྱིར་དབང་དམ་དམ་པ་དང་། རྣམ་པར ་མཱི་རྟོག་པའི་ཡེ་ཤེས་ཀྱིས་གཟུང་བའི་ཕྱིར་ཐབས་ལ་མཁས་པ་དམ་པ་དང་། བླ་ནི་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་ཕྱིར་ཡོངས་སུ་བསྔོ་བ་དམ་པ་དང་། ཉོན་མོངས་པ་དང་ཤེས་བྱའི ་སྒྲིབ་པ་མེད་པར་བྱེད་པས་ཀུན་ནས་འདུ་བ་རྣམ་པར་དག་པ་དམ་པ་རྣམས་ནི་སོ་སོར་སྦྱིན་པཱ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་མཚན་ཉིད་དུ་བྱང་ཆུབ་སེམས་དཔའ་ས་ལས་བཤད་དོ།། འདིར་སྦྱིན་པ་དང་ཚུལ ་ཁྲིམས་དང་བཟོད་པོ་ནི་ལྷག་པར་ཚུལ་ཁྲིམས་ཀྱི་བསླབ་པ་བསམ་གཏན་ནི་ལྷག་པའི་སེམས་ཀྱིའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ལྷག་པ་ཤེས་རབ་ལ། བརྩོན་འགྲུས་ནི་གསུམ་ཆར་གྱི་ཡང་ལྷན་ཅིག་བྱེད་པ་ཅན་ནོ།། སྦྱིན ་པ་དང་། ཚུལ་ཁྲིམས་དང་། བཟོད་པ་ནི་བསོད་ནམུས་ཀྱི་ཚེགས་ལ། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡེ་ཤེས་ཀྱི་ཚིགས་སོ།། བརྩོན་འགྲུས་ཚོགས་གཉི་གའི་གླེགས་ཏེ། ་མདོར་བསྡུས་ན་ནི་སྙིང་རྗེའི་ལས་ཀུན་སེམས་ཅན་དོན་དུ་བྱེད་པའི་ཕྱིར་བསོད་ནམས་ཀྱི་ཚོགས་སོ།། ཤེས་རབ་ཀྱིས་དོན་རྟོགས་པའི་ཕྱིར་ཡེ་ཤེས་ཀྱི་ཚོགས་སོ།། སྦྱིན་པ་ལ་སོགས་པ་རྣམས་ནི་དོན་དམ་པར་དམིགས་སུ་མེད་ཀྱང ་ཀུན་རྫོབ་ཏུ་ཡོད་པའི་ཕྱིར་རྒྱུན་མ་ཆད་པར་མཉམ་པར་མ་བཞག་པོའི་གནས་སྐབསཱ་ལ་རབ་ཏུ་འཇུག་ལ་ཏིང་ངེ་འཛིན་གྱི་གནས་སྐབས་ནི་སྦྱིན་པ་ལ་སོགས་པ་བཏང་སྙོམས་སུ་བྱས་ནས་བོར་བའི་ཕྱིར་རོ།། དེ་དག་གི་སྦྱིན་པ་ལ་སོག ་པ་རྣམས་ལ་སོ་སོར་རོ་རེས་མཐའ་དགྲ་བསྡུས་པ་ལ་ཉེ་བར་གནས་པས་གང་ཞིག་གི་བསྒྲུབ་པར་རྒྱས་པར་བཤད་པར་བྱེད་པ་ནི་ཐར་པའི་ཆ་དང་མཐུན་པའི་མཚན་ཉིད་ཀྱིའོ།། གོ་ཆའི་སྒྲུབ་པ་གསུངས་པོ་ནི། དེ་ནས། ཞེས་བྱ་བ་ལ་སོགས ་བ་སྟེ། འདི་ལྟར་ཞེས་པ་ནི་འདི་འདྲ་བའི་སེམས་སོ།། ཕྱོགས་དང་ཡུལ་གྲངས་ཀྱིས་ཡོངསུ་མཱི་ཆོད་པའི་ཕྱིར་གོ་རིམས་བཞིན་དུ་གཞལ་དུ་མེད་པ་དང་བགྲང་དུ་མེད་པའོ།། ཡོངས་སུ་མྱ་ངན་ལས་བཟླ་བར་བྱ།། ཞེས་པ་ནི་ཇི་སྐད་ཀྱི་ཆེད་དུ ་བྱ་བ་ལས་གཞན་དུ་མི་འགྱུར་བ་སྟེ་སྐུར་པ་འདེབས་པའི་གཉེན་པོར་གསུངས་པའོ།། ཡོད་པ་མ་ཡིན། ཞེས་པོ་ལ་སོགས་པ་ནི་སྒྲོ་འདོགས་པའི་གཉེན་པོར་རོ།། དེ་ལྟར་ན་མཐའ་གཉིས་ཀྱི་གཉེན་པོའི་དབུ་མ་བསྒྲུབས་པས།། དེ་བཞིན་དུ་ཐོས་པ ་ལས་བྱུང་བའི་ཤེས་རབ་ཀྱིས་གོ་ཆ་གསུངས་ནས་བསམ་པའི་རང་བཞིན་བརྗོད་པར་འདོད་ནས་རིགས་པས་འདྲི་བ་ནི།། དེ་ཞེས་པ་སྟེ། དེ་ལ་མཐའ་གཉིས་དང་བྲལ་བ་ཉིད་ལ་བྱེད་པ་གང་ཡང་མི་འཐད་པའོ།། ཆོས་རྣམས་ནི་ཕུང་པོ་ལྔ་པོ་ལ་དེ ་རྣམས་མཐའ་གཉིས་དང་བྲལ་བ་ཉིད་ཀྱི་ཆོས་ཉིད་ནི་རང་བཞིན་ནོ།། སྒྱུ་མ་ནི་རྒྱུ་གཞན་གྱི་དབང་གི་ཀུན་རྫོབ་ཀྱི་སྒྲའི་དོན་ཏེ། དེ་ལ་ཡོད་པ་ཉིད་ལ་སོགས་པ་རྣམས་ཀྱིས་བརྟོགས་ལ། སྟོང་པ་ཉིད་ནི་ཆོས་ཉིད་ཉེ་བར་བཟུང་བ་ཉིད་དུ་འདོད་དོ།། ་དེ་ལྟ་བས་ན་རྒྱུ་དང་རྐྱེན་གཞན་གྱི་དབང་གིས་ཕུང་པོ་ལྔ་པོ་རྣམས་ནི་ཀུན་རྫོབ་ཀྱི་ངོ་བོའི་སྒྲ་དོན་ལ་དེ་རྣམས་ལ་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པ་རྣམས་ནི་བརྟགས་པའི་ངོ་བོ་ཉིད་རྣམས་སོ།། སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱི་རང་བཞིན་ནི ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱི་དོན་དམ་པ་སྟེ། ཀུན་རྫོབ་དང་དེ་དག་རོ་གཅིག་པ་ཉིད་པས་མཐའ་དག་མཐའ་གཉིས་དང་བྲལ་བའོ།། ཞེས་པས་མཐའ་གཉིས་དང་བྲལ་བ་གྲུབ་པ་སྟེ། དེ་ཉིད་ཀྱི་དཔེ་གསུངས་པ་ནི། འདི་ལྟ་སྟེ། དཔེར་ན། ་ཞེས་པ་སྟེ་མཁས་པས་ནི་ཕུལ་དུ་ཕྱིན་པའོ།། ཉེ་གནས་ནི་སློབ་མའོ།། དེ་ཇི་སྙམ། ཞེས་པ་ནི་ཐུན་མོང་དུ་དྲི་བའོ།། གང་ཡང་། ཞེས་པ་ནི་ཁྱད་པར་གྱིའོ།། བསད་པ་ནི་བཅོམ་པའོ།། འཆི་བ་ནི་རང་ཉིད་དོ།། བཤིག་པ་ནི་མི་སྣང་བར་བྱས་པའོ།། ་མི་སྣང་བ་ནི་རང་ཉིད་ཀྱིས་སོ།། བསམ་པའི་རང་བཞིན་གྱི་ཤེས་རབ་གསུངས་ནས། བསྒོམས་པའི་རང་བཞིན་གྱི་བརྗོད་པར་བྱ་བ་ལ། བསྒོམ་པ་ནི་རྣམ་པ་གསུམ་སྟེ། ཞི་གནས་དང་། ལྷག་མཐོང་དང་། ཟུང་ངུ་འབྲེལ་བའོ།། དེ་ལ་ཞི་གནས ་ཀྱི་དབང་དུ་བྱས་ནས་གསུངས་པ་ནི། གལ་ཏེ་ཞེས་པ་ལ་སོགས་པ་སྟེ། མིང་དང་ནི་དེ་ཉིད་དམིགས་པ་ལ་སྟེ། སྔོན་དུ་བཱ་ཤད་པའི་རྣམ་པ་དྲུག་གིས་མདོར་སྨྲས་པའི་སེམས་ལ་ཡང་ལངས་པ་ན་བརླབ་སེམས་དང ་ཡིད་མི་བདེ་བ་ལ་སོགས་པ་མི་སྐྲག་པ་སྟེ། ཇི་ལྟར་ཞེ་ན། དེ་ཉིད་ཀྱིས་མི་ཉམས་ཏེ་རྣམ་པར་གཡེང་བའི་སྐྱོན་མཐོང་བའི་ཕྱིར་རོ།། ཀུན་ཏུ་མི་སྒེག་པ་ནི་ངང་དུ་གྱུར་པའི་ཕྱིར་རོ།། ཀུན་ཏུ་སྐྲག་པ་དང་ལྡན་པར་མི་འགྱུར་བ་ནི་ལྷུན་གྱིས ་གྲུབ་པའི་དབང་དུ་གྱུར་པས་མཉམ་པར་བཞག་པའི་སེམས་ལ་འབད་རྩོལ་མི་བྱེད་པའི་ཕྱིར་རོ།། འདི་ཙམ་ཞེས་པ་ནི་ཞོག་ནས་འདིས་སེམས་ཅན་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པའི་གོ་ཆ་བསྟན་པས་སོ།། དེ་ནས། ཞེས་པ་ལ ་སོགས་པ་ལྷག་མཐོང་གསུངས་པ་ནི། དམིགས་པ་དོན་དམ་པ་མིན་ཏེ། དོན་དམ་པ་སྟོང་པ་ཉིད་དེ་སྟོང་པ་ཉིད་མཐོང་ནས་གང་དུ་གང་གང་གིས་མྱ་ངན་ལས་འདའ་བར་བྱེད་པར་མཐོང་བ་ཡོད་པ་མ་ཡིན་ལ་དོན་ནི་དོན་དམ་པའོ།། རྣམ་པ ་ཐམས་ཅད་མཁྱེན་པ་ཉིད་དང་སེམས་ཅན་གྱི་དོན་ལ་སོ་སོར་གོ།། ཇི་ལྟར་བགོས་ཀྱང་བགོས་པ་མེད། ཅེས་གསུངས་པ་ནི། དེ་ཅིའི་ཕྱིར་ཞེ་ན། ཞེས་པ་སྟེ་བྱེད་པ་པོ་དང་རྒྱུ་མེད་པའི་ཕྱིར་མ་བྱས་པའོ།། འཇིགས་པའི་རྒྱུ་མེད་པ་ཉིད་ཀྱི་ནི ་རྣམ་པར་མ་བསྒྱུར་བའོ།། གཉི་གའི་ལྷན་ཅིག་བྱེད་པའི་རྐྱེན་མི་འཐད་པ་ལ་མངོན་པར་འདུས་མ་བྱས་པའི་སྟེ། མ་བྱུང་བ་དང་འབྱུང་བ་དང་དེ་ཁྱད་པར་དུ་འགྲོ་བ་དང་། འབྲས་བུ་ཐོབ་པ་ལ་མངོན་དུ་ཕྱོགས་པར་བྱེད་པའི་དབང་དུ་བྱས་ནས ་གོ་རིམ་བཞིན་དུ་ཚིགས་གསུམ་མོ།། ཡང་ན་ཐམས་ཅད་ཤེས་པ་ནི་ཆོས་ཀྱི་དབྱིངས་ཉིད་ནི་རྣམ་པར་དག་པ་ལ་དེ་ནི་དེའི་རང་བཞིན་ཏེ། དེ་བཞིན་དེ་ཉིད་རྟག་པའི་ཕྱིར་མ་བྱས་པའོ།། འདོད་ཆགས་ལ་སོགས་པའི་སྐྱོན་གྱིས་མ་གོས་པར ་བྱས་པས་མངོན་པར་འདུས་མ་བྱས་པ་སྟེ། གཉེན་པོ་རྣམས་ཀྱིས་སྦྱང་དུ་མེད་པའོ།། སེམས་ཅན་ཞེས་པ་ནི་དེ་རྣམས་ཀྱང་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་ཀྱི་ཆོས་དབྱིངས་ཀྱི་ངོ་བོའི་ཕྱིར་རོ།། དེ་ཅིའི་ཕྱིར། ཞེས་པོ་ལ་སོགས་པས་རབ ་འབྱོར་ལ་ཟུང་དུ་འཇུག་པས་བགྲོད་པའི་ལམ་གསུངས་པ་སྟེ། དེ་ལ་ཕུང་པོ་ལྔ་རྣམས་དོན་དམ་པར་ངོ་བོ་ཉིད་ཀྱིས་སྟོང་ལ་དེ་རྣམས་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་གྱི་ངོ་བཞིན་ཉིད་ཀྱི་རང་བཞིན་དང་ཡང་བྲལ་བ་ཉིད་དེ། ་དེའི་དེ་ཉིད་མ་བཅིངས་མ་གྲོལ་བའོ།། ཡང་དག་པ་མ་ཡིན་པའི་ཕྱིར་དང་། དབེན་པའི་ཕྱིར་དང་། མ་སྐྱེས་པའི་ཕྱིར་དང་། ཞེས་པ་གསུམ་ནི་མངོན་སུམ་དང་རྗེས་སུ་དཔག་པ་དང་། ལུང་རྣམས་ཀྱིས་དེ་ཁོ་ན་ཉིད་དུ་སྐྱེ་བ་ལ་སོགས ་པ་བཟློག་པའི་ཕྱིར་ལ། ཀུན་རྫོབ་ཏུ་ནི་བཅིངས་པ་དང་གྲོལ་བ་ཉིད་དོ།། ཀུན་རྫོ་བ་དང་དོན་དམ་པ་དག་དབྱེར་མེད་པ་ནི་ཟུང་དུ་འབྲེལ་བའི་ལམ་མོ།། འདིར་གསུངས་པ། ཞེས་པ་ལ་སོགས་པའི་ཚིག་ནི་འཇུག་པའི་དུས་སུ་ཡང་གོ་ཆ་མི ་གཏོང་བའི་ཕྱིར་རོ།། གང་པོའི་སྨྲ་བ་རྫོགས་ནས་མི་སྨྲ་བ་དང་། རབ་འབྱོར་གྱི་དྲི་བ་དྲུག་སྟེ། ཤེས་རབ་དང་སྙིང་རྗེའི་སྦྱོར་བ་དང་དེ་དག་ཕན་ཚུན་ཐ་དད་པ་མེད་པ་ཉིད་དང་མི་མཐུན་པའི་ཕྱོགས་ལས་ཤིན་ཏུ་འདས་པ་དང་། གནས་པར ་ངེས་པ་དང་། གཉེན་པོའི་སྦྱོར་བས་ཤིན་ཏུ་སྦྱངས་པ་དང་། རྟོགས་པ་པོའི་དབང་དུ་བྱས་ཏེ་གང་ཇི་ལྟར་གང་ནས་གང་གིས་གང་དུ་གང་ཞིབ་ངེས་པར་འབྱུང་བར་འགྱུར། ཞེས་པ་ནི་འཕགས་པ་རྣམ་པར ་གྲོལ་སྡེས་ཏེ་འདིས་གྲོལ་བའི་དོན་གྱིས་ཐེག་པའོ།། ཞེས་པའི་ཐེག་པའི་དོན་ནི་ལྷག་མ་སྟེ་གོ་སླ་བའོ།། ཇི་ལྟར་ན་ཆེན་པོ་ཉིད། ཅེས་པ་ནི་འདྲི་བ་དང་པོ་སྟེ། ཤེས་རབ་དང་སྙིང་རྗེའི་སྦྱོར་བ་མངོན་པར་འདོད་པའོ།། ཅི་ལྟར་ན་དེ་ལ་ཡང་དག ་པར་ཞུགས་པར་འགྱུར་ཞེས་པ་སྟེ་གང་གིས་བགྲོད་པས་དེ་ཐེག་པ་སྟེ། འགྲོ་བར་བྱ་བ་གང་ལ་འདི་བྱ་བ་དེས་འགྲོ་བར་འགྱུར་ཞེས་པའི་དོན་ཏོ།། འགྲོ་བ་ནི་ངེས་པར་འབྱུང་བར་དོན་ཏེ། འདི་ལ་འདྲི་བ་ནི་གང་ནས་ངེས་པར་འབྱུང་བར ་འགྱུར་ཞེས་པའོ།། མཚན་ཉིད་གང་གིས་འགྲོ་བར་འགྱུར་བ་འདིའི་འདྲི་བ་ནི། གང་གོས་དེ་ཡང་དག་པར་ཞུགས། ཞེས་པའོ།། འགྲོ་བ་དང་སེང་བའི་གནས་སྐབས་གང་དུ་མེད་པར་འདོད་པ་འདྲི་བ་ནི་གང་དུ་གནས་པར་འགྱུར། ་ཞེས་པའོ།། འདིར་ནི་རིགས་དམན་པ་ལ་ངེས་པར་འབྱུང་བ་མེད་པར་འདོད་པས་དྲིས་པ་ནི། གང་ཞིག་གནས་ངེས་པར་འབྱུང་བར་འགྱུར། ཞེས་པའོ།། ཐེག་པ་ཆེན་པོ་ཞེས་པ་ནི་འདིར་རོ།། འདི་ནི་ཞེས་པས་ཆེ་ནི་ཆེན་པོ་བཟུང ་ལ། ཚིག་བླ་དགས་ནི་བརྗོད་པའོ།། ཚད་མེད་པ་ཉིད་ཀྱིས་ཞེས་པ་ནི་ཚད་མེད་པས་སོ།། དེ་ལ་དང་པོས་ནི་དགེ་བའི་ཆོས་ཐམས་ཅད་འབྱུང་བའི་ཕྱིར་ལ། གཉིས་པས་ནི་གུས་པ་དང་། རྒྱུན་མ་ཆད་པ་དང་། དུས་སུན་རིང་པོར ་ཉེ་བར་བསགས་པའི་ཕྱིར་ཏེ་སྔ་ནས་བཤད་ངོ་།། ཀུན་ཏུ་གནས་ཞེས་པ་ནི་གོ་ཆ་ལ་རབ་ཏུ་གནས་པ་སྟེ། འདིར་གོ་ཆ་གོང་དུ་ངེས་པར་འབྱུང་བའི་སྔོན་དུ་འགྲོ་བ་གང་ནི་བསྒྲུབས་པ་ལ་ནི་རྣམ་པ་གཉིས་ཏེ། འཇུག་པའི་སྒྲུབ་པ་དང་། ཚེགས ་ཀྱིཀྱི་བསྒྲུབ་པའོ།། དེ་ལ་འགྲོ་བ་རྩོམ་པ་ནི་འཇུག་པ་ལ་བྱ་བའི་བསམ་པ་ལྕི་བའི་ཕྱིར་ཚོགས་ཏེ། ཐམས་ཅད་ཀྱི་རྣམ་པར་ཚོགས་པའི་ཕྱིར་ཚོགས་སམ། བྱང་ཆུབ་ཆེན་པོ་འདས་ཀུན་ཏུ་བསགས་པས་ན་ཚེགས་ཞེས་པ་སྟེ། དེ་གཉི་ག ་ཡང་སྟོང་པ་དང་སྙིང་རྗེ་དྲུག་རོ་གཅིག་པ་ཉིད་དུ་ངེས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་རྣམས་ཀྱིས་ཐམས་ཅད་བསྡུས་པའི་ཕྱིར་རམ། ཕ་རོལ་ཏུ་ཕྱིན་པའི་ངོ་དེའི་ཕྱིར་རམ། ཕ་རོལ་ཏུ་ཕྱིན་པ་དང་རྗེས་སུ་མཐུན་པའི་ཕྱིར་རམ། ཕ་རོལ ་ཏུ་ཕྱིན་པའི་འབྲས་བུའི་ཕྱིར་ཏེ། ཇི་ལྟར་རིགས་པས་སོ།། ཁམས་གསུམ་ལས་ཞེས་པ་ནི་གང་ཅུང་ཞིག་མི་ཤེས་པས་ཉོན་མོངས་པ་འམ། ཉོན་མོངས་པ་དེ་ནི་འདིར་ཁམས་གསུམ་པ་སྟེ། ཡང་དགྲ་པ་མ་ཡིན་པའི་ཡོངས་སུ་བརྟགས ་བའི་སེམས་དང་སེམས་ལས་བྱུང་བ་ནི་ཁམས་གསུམ་པའོ་ཞེས་གསུངས་པའི་ཕྱིར་ཏེ། ཉན་ཐོས་ཀྱི་ཐེག་པས་ནི་ཉོན་མོངས་པ་དེ་ཉིད་ལ་ངེས་པར་འགྱུར་བའོ།། དམིགས་པ་མེད་པ་ནི་མི་དམིགས་པའི་ཆོས་ཀྱི་དབྱིངས་ཏེ། དེས་མཚོ་ནས ་ལྗོན་པ་དང་ལྷའི་རིགས་ལ་སོགས་པས་སྔར་མེད་པའི་ཚོགས་བཞིན་ནོ།། ཚིག་དྲུག་པོའི་ལན་རྣམ་པ་དྲུག་པོ་རྣམས་ཀྱིས་ནི་ཐེག་པ་ཆེན་པོའི་ཆེ་བ་ཉིད་གསུངས་ཏེ། གཞལ་དུ་མེད་པས་ཆེན་པོ་ཉིད་དང་འཇུག་པ་ཆེན་པོ་ཉིད་དང་། ངེས་པར ་འབྱུང་བ་ཆེན་པོ་ཉིད་དང་། མཚོན་བྱ་ཆེན་པོ་ཉིད་དང་། ཐོབ་པ་ཆེན་པོ་ཉིད་དང་། གནས་ཆེན་པོ་ཉིད་དེ། གཞལ་དུ་མེད་པ་ཉིད་དང་ཚད་མེད་པ་ཉིད་ཀྱི་དབྱེ་བས་རྣམ་པས་བདུན་ཀྱང་རུང་བའོ།། སྐུར་པ་འདེབས ་པ་སློང་བའི་ཕྱིར་ན་ཀུན་རྫོབ་གསུངས་ལ་ངོན་པར་ནི་སྒྲོ་འདོགས་པ་སྤོང་བའི་ཕྱིར་ཏེ། དེ་གསུངས་པ་ནི་འོན་ཀྱང་། ཞེས་པ་ལ་སོགས་པ་སྟེ། དེ་སྐད་ཅེས་བཀའ་སྩལ་པ་དང་། ཞེས་པ་ནི་འདིར་སྔོན་དུའོ།། དེ་ལ་འཇུག་པའི་སྒྲུབ་པའི ་དབང་དུ་བྱས་པ་ནི་བསྟེན་བཅོས་ལས། བསམ་གཏན་གཟུགས་མེད་སྦྱིན་སོགས་དང་།། ལམ་དང་བྱམས་ལ་སོགས་པ་དང་།། དམིགས་པ་མེད་པར་ལྡན་པ་དང་།། འཁོར་གསུམ་རྣམ་པར་དག་པ་དང་།། ཆེད་དུ་བྱ་དང་མངོན་ཤེས ་དྲུག། རྣམ་ཀུན་མཁྱེན་པའི་ཚུལ་ལ་ནི།། འཇུག་པའི་སྒྲུབ་པ་ཐེག་ཆེན་ལ།། འཛེག་པ་ཡིན་པར་ཤེས་པར་བྱ།། ཞེས་ཏེ། བསམ་གཏན་བཞི་དང་གཟུགས་མེད་པ་རྣམས་ནི་གཞན་དུ་རྣམ་པར་འཆད་པར་འགྱུར་ལ། སྦྱིན་སོགས་ནི་པ ་རོལ་ཏུ་ཕྱིན་པ་དྲུག་གོ། ལམ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱིས་བསྐོར་བའི་མཐོང་བ་དང་། བསྒོམ་པ་དང་། ཁྱད་པར་གྱི་དང་། མི་སློབ་པའི་ལམ་གྱི་ངོ་བོ་ལ་མི་སློབ་པོ་ནི་རྫོགས་པའི་སངས་རྒྱས་ཏེ། བགྲོད་པར་བྱ་བས་ན ་ལམ་ཞོས་པའོ།། སེང་གེ་བཟང་པོས་ན་མི་སློབ་པའི་ཁྱད་པར་གྱི་ལམ་གྱི་ངོ་བོ་ཞེས་རྣམ་པར་བཞག་པ་ནི་ངན་པ་ལ་གནས་པ་སྟེ། བྱང་ཆུབ་སེམས་དཔའི་གནས་སྐབསུ་ནི་མི་སློབ་པ་ཉིད་མི་སྲིད་པའི་ཕྱིར་རོ།། བྱམས་པ་ལ་སོགས ་པས་འདོད་པ་ལ་སྤྱོད་པའི་སེམས་ཅན་ལ་དམིགས་པའི་ཚངས་པའི་གནས་བཞི་རྣམས་ནི་སེམས་ཅན་ཐམས་ཅད་ལ་དམིགས་པའི་ཕྱིར་ཚད་མེད་པའོ།། བཞི་ནི་བྱམས་པ་དང་། སྙིང་རྗེ་དྲང་། དགའ་བ་དང་། བཏང་སྙོམས་ཏེ་གོ་རིམ ་བཞིན་དུ་བདེ་བ་དང་ཕྲད་པ་དང་། སྡུག་བསྔལ་དང་བྲལ་བ་དང་བདེ་བ་དང་མི་འབྲལ་ཞིང་ཉོན་མོངས་པ་མེད་པའི་བསམ་པ་རྣམས་ཏེ། ཀྱེ་མ་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་ན་ཅི་མ་རུང་སྙམ་པ་དང་། སྡུག་བསྔལ་དང་བྲལ ་ན་ཅི་མ་རུང་སྙམ་པ་དང་། བདེ་བ་དང་མི་འབྲལ་ནི་ཅི་མ་རུང་སྙམ་པ་དང་། ཉོན་མོངས་པ་ལས་གྲོལ་ན་ཙ་མ་རུང་སྙམ་པ་ཉིད་ཀྱི་རྣམ་པ་རྣམས་ལ་མཉམ་པར་བཞག་པ་ནི་ཚད་མེད་པའི་འཇུག་པ་སྟེ། བཞི་ཆར་ཡང་མོས་པར ་སྤྱོད་པའི་ས་སྟེ། སེམས་ཅན་ལ་དམིགས་པའོ།། རབ་ཏུ་དགའ་བ་ལཱ་སོགས་པའི་བདུན་པ་རྣམས་ལ་ནི་དེ་བཞིན་ཉིད་ལ་དམིགས་པའོ།། དེའི་གྲོང་དུ་ནི་དམིགས་པ་མེད་པ་རྣམས་ཏེ། སྟོང་པ་ཉིད་ཉི་ཤུ་པོ་རྣམས་དང་། ་ཆོས་རྣམས་ཐམས་ཅད་ལ་དམིགས་པ་མེད་པའི་སྦྱོར་བས་བསྒོམ་པ་ནི་མི་དམིགས་པའི་སྦྱོར་བའི་འཇུག་པའོ།། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སྦྱིན་པ་དང་གཏོང་བ་པོ་དང་། ལེན་པ་པོ་མི་དམིགས། ཞེས་པ་ནས་ཇི ་སྲིད་དུ་ཤེས་རབ་ཀྱི་ཕྱིན་པ་ལ་སྤྱོད་ཅིང་། དེ་བྱང་ཆུབ་སེམས་དཔའ་ཡིད་ལ་བྱེད་པར་ཡོང་མི་དམིགས། ཞེས་པོ་ནི་འཁོར་གསུམ་རྣམ་པར་དག་པའི་འཇུག་པའོ།། བསྒོམ་པ་པོ་དང་བསྒོམ་པར་བྱ་བ་དང་། བསྒོམ་པ་རྣམས ་གང་དུ་ཡང་ཡོད་པ་མ་ཡིན་ཞེས་པ་བསྒོམ་པ་དམིགས་སུ་མེད་པས་བསྒོམ་པ་དང་བྲལ་བར་བསྒོམ་པའི་དོན་དམིགས་པ་མེད་པས་དེ་སྦྱོར་བས་ཆེད་དུ་བྱེད་པས་དགེ་བའི་ཆོས་རྣམས་ཐམས་ཅད་ལ་བསྒོམ་པ་དེ་ནི ་ཆེད་དུ་བྱེད་པའི་འཇུག་པའོ།། སེང་གེ་བཟང་པོས་ནི་སེམས་ཅན་ཀུན་མཆོག་ཉིད་སེམས་ལ་སོགས་པ་ཅན་ཚད་དུ་བྱེད་པའོ།། ཞེས་ཟེར་བ་ནི་འཕགས་པས་བྲིས་པའི་ཡུམ་པར་མའི་ཚིག་མ་མཐོང་ངོ་།། ཞེས་ཤེས་སོ།། མངོན་པར ་པ་དྲུག་པོ་རྣམས་ཀྱིས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ལ། དེར་ཡང་སངས་རྒྱས་རྣམས་ལ་མཆོད་པ་དང་། དེ་རྣམས་ལ་ཐོག་པ་ཆེན་པོ་ཉན་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པ་དང་། རང་གི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ ་དང་། ཞེས་པ་ནི་མངོན་པར་ཤེས་པ་དྲུག་གི་འཇུག་པའོ།། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་ནས་ཆེས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ་ནི་རྣམས་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འཇུག་པའོ།། འཇུག་པ་འདི་རྣམས་ཀྱིས ་འགྲོ་བར་རྩོམ་པ་ནི་མོས་པ་ཡིས་སོ།། འགྲོ་བའི་རབ་ཏུ་དགའ་བ་ལ་སོགས་པས་སོ་བདུན་པོ་རྣམས་ལ་ནི་འབྲང་རྩོལ་གྱིས་སོ།། ཐེག་པར་ཞུགས་ནས་བགྲོད་པ་ལ་མི་གཡོ་བ་ལ་སོགས་པ་རྣམས་ལ་ནི་འབད་པ་མེད་པས་སོ།། ཚོགས ་ཀྱི་སྒྲུབ་པའི་དབང་དུ་བྱས་ནས་བསྟན་བཅོས་ལས་བརྩེ་དང་སྦྱིན་པ་ལ་སོགས་དྲུག། ཞི་གནས་ལྷག་མཐོང་བཅས་པ་དང་།། ཟུང་ངུ་འབྲེལ་པོའི་ལམ་གང་དང་།། ཐབས་ལ་མཁས་པ་གང་ཡོན་དང་།། ཡེ་ཤེས་དང་ནི་བསོད་ནམས་དང་། ་ལམ་དང་གཟུངས་དང་ས་བཅུ་ནི།། གཉེན་པོ་ཚོགས་ཀྱི་བསྒྲུབ་པ་ཡིས།། རིམ་པ་ཡིན་པ་ཤེས་པ་བྱ།། ཞེས་ཏེ། ཚོགས་རྣམས་ཀྱི་མཐར་ཇི་ལྟར་སྲིད་པར་སྒྱུ་མའི་ཆོས་ཉིད་དུ་སོ་སོར་བལྟ་སྟེ། དེ་ལ་དམྱལ་བ་རང་ཡི་དགས་དང་དྲང ་འགྲོར་གྱུར་པ་རྣམས་ཀྱི་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་ཅིང་སངས་རྒྱས་དང་བཅས་པའི་ཞིང་རྣམས་སུ་ལྷ་དང་མི་རྣམས་སུ་སྐྱེད་པ་ནི་སྙིང་རྗེའི་ཆོ་གས་སོ།། སྦྱིན་པ་ལྔ་སྩོགས་པའི་ཚོགས་པའི་ཚོགས་དྲུག་སྟེ། ཕ་རོལ་ཏུ་ཕྱིན་པ ་དྲུག་པོ་རྣམས་དང་། ཞི་གནས་དང་ལྷག་མཐོང་དང་ཟུང་ངུ་འབྲེལ་པའི་ཚོགས་གསུམ་པོ་ནི་གོ་ཆའི་སྒྲུབ་པ་ཇི་ལྟ་བ་བཞིན་ལ་གང་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ལེགས ་པར་སྤྱོད་པ་དང་། གཞན་རྣམས་ལ་ཡང་དག་པར་ལེན་དུ་གཞུག་པ་སྟེ། དམིགས་སུ་མེད་པའི་སྦྱོར་བ་ཡིས་ཞེས་པ་ནི་ཐབས་ལ་མཁས་པའི་ཚོགས་སོ།། གོང་ཞིག་སྟོང་པ་ཉིད་ཉི་ཤུ་ཡོངས་སུ་ཤེས་པ་ནི་ཡེ་ཤེས་ཀྱི་ཚོགས་ཏེ། དེ་ཡང་བཅོ ་ལྡན་འོངས་མ་ཡུམ་ཆེན་མོ་ལས་གསུངས་ཏེ། དེ་ལ་ནང་སྟོང་པ་ཉིད་ནི་ནང་གི་བདག་ཉིད་ཅན་གྱི་ཆོས་རྣམས་ཏེ་མིག་ལ་སོགས་པའི་དྲུག་པོ་རྣམས་ཏེ། དེ་དེ་རྣམས་ཀྱིས་སྟོང་པའོ།། ཕྱི་སྟོང་པ་ཉིད་ཅེས་པ་ནི་ཕྱིའི་ཆོས་རྣམས་ཏེ། གཟུགས ་ལ་སོགས་པ་དྲུག་པོ་ལ། དེ་དེ་རྣམས་ཀྱིས་སྟོང་ངོ་།། ཕྱི་ནང་སྟོང་པ་ཉིད་ཅེས་པ་ནི་ཕྱི་ནང་གི་བདག་ཉིད་ཅན་གང་ཞིག་དབང་པོ་གནས་པས་བསྡུས་པ་སྟེ། དེ་ཡང་ནང་གི་བདག་ཉིད་ཅན་གྱིས་མ་ཟིན་པའི་ཕྱིར་དང་། ཕྱི་རོལ་གྱི་དབང་པོས ་ཀྱང་མ་བསྡུས་པའི་ཕྱིར་ན་དེ་དེས་སྟོང་ལ། སྟོང་པ་ཉིད་དུ་ཉེ་བར་དམིགས་པ་ཡང་སྟོང་པ་ཉིད་དོ།། སྟོང་པ་ཉིད་སྟོང་པ་ཉིད་ནི་སྟོང་པ་ཉིད་དུ་དམིགས་པའི་ཤེས་པ་ཡང་འདིར་སྟོང་པ་ཉིད་དེ། དེ་ནི་ཆོས་ཐམས ་ཅད་སྟོང་པ་ཉིད་དུ་ཤེས་པས་སྟོང་། ཞེས་པའི་དོན་ཏོ།། ཆེན་པོ་སྟོང་པ་ཉིད་ཅེས་པ་ནི་ཕྱོགས་ཕྱོགས་ཀྱིས་སྟོང་ལ། སྣོད་རྣམས་ཀྱང་སྣོང་རྣམས་ཀྱིས་སྟོང་པའོ།། དོན་དམ་པ་སྟོང་པ་ཉིད་ཅེས་པ་ནི་དོན་དམ་པ་ནི་མྱ་ངན་ལས་འདས་པ ་སྟེ། དེ་དེས་ན་སྟོང་པ་ཉིད་དོ།། འདུས་བྱས་སྟོང་པ་ཉིད་ཅེས་པ་ནི་འདུས་བྱས་པ་རྣམས་ཏེ། འདོད་པ་དང་གཟུགས་དང་གཟིགས་མེང་པའི་ཁམས་ཏེ། དེ་དེ་རྣམས་ཀྱིས་སྟོང་པའོ།། འདུས་མ་བྱས་སྟོང་པ་ཉིད་ཅེས་པ་ཉིད་གང་ལ་སྐྱེ་བ་མེད ་ཅིང་འགག་པ་མེད་ལ། གནས་པ་ལས་གཞན་དུ་འགྱུར་བ་མེང་པ་དེ་ནི་འོདུས་མི་བྱས་སྟོང་པ་ཉིད་དོ།། མཐའ་ལས་འདས་པ་སྟོང་པ་ཉིད་ཅེས་པ་ནི་གང་གི་མཐའ་རྟག་པ་དང་ཆད་པར་ཉེ་བར་མི་དམིགས་པས་མཐའ་དང་དབུས་ཏེ། དེས ་སྟོང་པའོ།། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཅེས་པ་ནི་འཁོར་བའི་ཐོག་མ་མེད་ཅིང་ཐ་མ་མེད་ལ་དེའི་དབུས་མེད་དེ། ཐོག་མ་དང་དབུས་དང་ཐ་མ་ནི་དེ་རྣམས་ཀྱིས་སྟོང་པའོ།། དོར་བ་མེད་པ་སྟོང་པ་ཉིད་ཅེས་པ་ནི་གང་ལ་འབྱུང་བ་མེད ་པ་དེ་ནི་འགྱུར་བ་མེད་པ་སྟེ། དགེ་བའི་ཕྱོགས་དེ་དེས་ན་སྟོང་པའོ།། རང་བཞིན་སྟོང་པ་ཉིད་ཅེས་པ་ནི་གང་ཞིག་ཆོས་རྣམས་ཐམས་ཅད་ཀྱི་རང་བཞིན་ནི་ཉན་ཐོས་ལ་སོགས་པ་རྣམས་ཀྱིས་མ་བྱས་ལ། བྱས་པ་དང་བྲལ་བས། དེ་དེས་སྟོང་པའི། ་ཆོས་ཐམས་ཅད་སྟོང་པ་ཉིད། ཅེས་པ་ནི་ཆོས་ཐམས་ཅད་ལ་ཆོས་རྣམས་ཀྱིས་སྟོང་པའོ།། རང་གི་མཚན་ཉིད་སྟོང་པ་ཉིད། ཅེས་པ་ནི་གཟུགས་ནི་མཚན་ཉིད་མེད་པའི་གཟུགས། ཞེས་པ་ལ་སོགས་པ་རྒྱས་པ་སྟེ། ཆོས་དེ་རྣམས་ཐམས་ཅད་རང ་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་ཀྱིས་སྟོང་པའོ།། མི་དམིགས་པ་སྟོང་པ་ཉིད་ཅེས་པ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་དམིག་སུ་མེད་དོ།། ཞེས་པ་ནི་དེའི་མི་དམིགས་པ་སྟོང་པ་ཉིད་དེ། གདོད་ནས་རྣམ་པར་དག་པའི་ཕྱིར་དང་། དུས ་མེད་པ་རྣམས་ཀྱི་ངོ་བོ་ནི་བརྟགས་པ་ཙམ་གྱིས་ཕྱིར་རོ།། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་པ་ནི་གང་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དེ། དེ་ལྟར་ཡང་ཆོས་རྣམས་ཀྱི་ངོ་བོ་ཉིད་ལ་ཡང་དག་པར་སྦྱོར་བ་པོ ་གང་ཡང་མེད་དོ།། རྟེན་ཅིང་འབྲལ་བ་ལས་འབྱུང་བའི་ཕྱིར་ན་ཡང་དག་པར་སྦྱོར་བས་རང་གིས་སྟོང་པ་ཉིད་དོ།། དངོས་པོ་མེད་པ་སྟོང་པ་ཉིད། ཅེས་པ་ནི་དངོས་པོ་ནི་ཕུང་པོ་ལྔ་པོ་རྣམས་ཏེ་དེ་ནི་སྟོང་པའོ།། དངོས་པོ་མེད་པ་སྟོང་པ་ཉིད ་ཅེས་པ་ནི་དངོས་པོ་མེད་པ་ནི་འདུས་མ་བྱས་པ་ན་མཁའ་ལ་སོགས་པ་སྟེ། དེ་ནི་དྲིས་སྟོང་པ་ཉིད་དོ།། རང་བཞིན་སྟོང་པ་ཉིད་ཅེས་པ་ནི་རང་བཞིན་གྱིས་སྟོང་པ་ཉིད་དེ་དེས་ན་སྟོང་པ་ཉིད་དོ།། གཞན་གྱི་ངོ་བོ་སྟོང་པ་ཉིད་ཅེས་པ་ནི་གཞན་ཡང ་འདི་ལ་དམ་པའི་ཕྱིར་ངོ་བོ་ཡང་གིཞན་རྣམས་ཀྱིས་མ་བྱས་པ་ཉིད་ཀྱིས་ངོ་བོའི་ཕྱིར་ཏེ། གཞན་གྱི་དངོས་པོ་ནི་དེ་བཞིན་ཉིད་ཆོས་ཀྱི་དབྱིངས་ཏེ། དེ་ནི་ངེས་སྟོང་པ་ཉིད་དེ།། དཔའ་བར་འགྲོ་བ་དང་རིན་ཆེན་ཕྱག་རྒྱ་དང་ན་མཁའི་མཛོད་དང་། ་སེང་གེ་རྣམ་པར་བསྒྱིང་བ་ལ་སོགས་པའི་ཏིང་ངེ་འཛིན་ནི་བསོད་ནམས་ཀྱི་ཚོགས་ལ་ལམ་གྱི་ཚོགས་ནི་རྣམ་པ་མང་སྟེ། འདིར་བྱང་ཆུབ་ཀྱི་ཕྱོགས་དང་རྣམ་པར་ཐར་པ་དང་། སྙོམས་པར་འཇུག་པ་དང་ཟིལ ་གྱིས་གནོན་པའི་སྐྱེ་མཆེད་དང་། ཟད་པ་དང་། གཞན་ཉིད་བཤད་པར་བྱ་སྟེ། དེ་ལ་གང་རྣམས་ལ་རྗེས་སུ་ལྟ་བ་རྣམས་ཀྱིས་དྲན་པ་ཉེ་བར་གནས་པ་དེ་ནི་དྲན་པ་ཉེ་བར་བཞག་པ་སྟེ། དེ་ཡང་དམིགས་བྱའི་དབྱེ་བས་རྣམ་པ་བཞི ་སྟེ། ལུས་དྲན་པ་ཉེ་བར་གཞག་པ་དང་། ཚོར་བ་དྲན་པ་ཉེ་བར་བཞག་པ་དང་། སེམས་དྲན་པ་ཉེ་བར་བཞུག་པ་དང་། ཆོས་དྲན་པ་ཉེ་བར་བཞག་པའོ།། དེ་ལ་ཡུམ་པར་མ་ལས།། ནང་གི་ལུས་དང་ཚོར་བ་དང་། སེམས་དང་ཆོས ་རྣམས་ལ་ལུས་ལ་སོགས་པའི་རྗེས་སུ་ལྟ་ཞིང་གནས་ནས་ལུས་ལ་སོགས་པ་དང་ལྷན་ཅིག་ཏུ་གྱུར་པའི་རྟོགས་པ་རྟགས་པར་མི་བྱེད་དེ། དེ་ཡང་མི་དམིགས་པའི་རྣལ་འབྱོར་གྱིས་སོ།། དེ་བཞིན་དུ་ཕྱི་རོལ་གྱིས་ལུས་ལ་སོགས ་པ་རྣམས་དང་། དེ་བཞིན་དུ་ཕྱི་དང་ནང་གི་ལུས་ལ་སོགས་པ་རྣམས་ལ་སྤྲོ་བ་བསྐྱེད་ཅིང་དྲན་པ་དང་ལྡན་ཞིང་ཤེས་བཞིན་དང་ལྡན་པས་འཇིག་རྟེན་གྱི་བརྣབ་སེམས་དང་ཡིད་མི་བདེ་བ་སེལ་བར་བྱེད་ཅེས་པ་སྟེ། དེ་ལ་ནང་གི་ལུས ་ནི་རང་གི་མིག་ལ་སོགས་པ་དྲུག་པོ་རྣམས་སོ།། ཕྱིའི་ལུས་ནི་ནང་གི་ལུས་ལས་ཕྱི་རོལ་གྱི་འདུས་བྱས་པ་རྣམས་སོ།། ཕྱི་ནང་གི་ལུས་ནི་རང་གི་ལུས་སུ་སོན་པའི་ལྷག་མའི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་སྟེ། དེ་ཡང་དབང་པོ ་ནི་རང་གི་བདག་ཉིད་ཅན་གྱི་སེམས་ཀྱིས་མ་ཟིན་པའི་ཕྱིར་དང་། ཕྱི་རོལ་ཏུ་ཡང་མ་ཡིན་པའི་ཕྱིར་རོ།། ཚོར་བ་ལ་སོགས་པ་རྣམས་ལ་ཡང་རྣམ་པ་གསུམ་སྟེ། ལུས་ལ་དམྱིགས་པའི་དབྱེ་བས་རྣམ་པ་གསུམ་ཕྱེ་བས་ཏེ། བདེ ་བུ་དང་། སྡུག་བསྔལ་དང་། བདེ་བ་དང་སྡུག་བསྔལ་མོད་པའོ།། ཆོས་ནི་སེམས་ལས་བྱུང་བ་རྣམས་ཏེ། དགེ་པ་དང་། མི་དགེ་བ་དང་ལུང་མ་བསྟན་པ་རྣམས་སོ།། ལུས་ལ་སོགས་པར་རྗེས་སུ་ལྟ་ཞེས་པ་ནི་ལུས་ལ་སོགས་པར ་ཆོས་ཉིད་དུ་རྗེས་སུ་བལྟ་བའོ།། ལུས་ལ་སོགས་པ་དང་ལྷན་ཅིག་ཏུ་གྱུར་པ་ཞེས་པ་ནི་ལུས་ལ་སོགས་པའི་འདུ་ཤེས་དང་ལྷན་ཅིག་ཏུ་གྱུར་པས་སོ།། རྣམ་པར་མ་བརྟགས་ཞེས་པ་ནི་རྣམ་པར་རྟོགས་པས་ཏེ། ལུས་འདི་ནི་བདག ་གི་ལུས་ཏེ། མི་རྟག་པ་དང་རྟག་ཅེས་པ་ལ་སོགས་པའོ།། དེ་ཡང་རྗེས་སུ་ལྟ་བ་ནི་རྣམ་པར་མི་རྟོགས་པའི་དམིགས་པ་མེད་པའི་རྣལ་འབྱོར་གྱིས་ཏེ། རྒྱུན་ཏུ་བསྙེན་བཀུར་བྱས་པ་ལ་ཡང་དེ་དེའི་སྦྱོར་བས་སྤྲོ་བ་མེད་པའོ།། རྗེ ་ལྟ་བ་ནི་དེ་ཤེས་བཞིན་གྱི་རྣལ་འབྱོར་གྱིས་རབ་ཏུ་ཤེས་པའོ།། བརྗེད་པ་མེད་པའི་བདག་ཉིད་ཅན་དང་། བསྲུང་བ་མེད་པ་ཅན་གྱི་རྣམ་པར་གཡེང་བ་མེད་པས་འཇུག་ཅིང་དྲན་པ་ལ་མི་སྦྱོར་བས་དྲན་པ་དང་ལྡན་པ་སྟེ། འདི ་རྣམས་ཀྱིས་ནི་བརྩོན་འགྲུས་དང་ཤེས་རབ་དང་དྲན་པ་རྣམས་ཀྱི་ཕན་ཡོན་གསུངས་པའོ།། སེལ་ལ། ཞེས་པ་ནི་སྤངས་པ་ལའོ།། འཇིག་རྟེན་ཞེས་པ་ནི་འཇིག་རྟེན་གྱི་ཆོས་རྣམས་ཏེ། རྙེད་པ་དང་གྲགས་པ་དང་བདེ་བ ་དང་བསྟོད་པ་རྣམས་ལྔ་བརྣབ་སེམས་ཏེ། འདོད་པའོ།། མ་རྙེད་པ་དང་མ་གྲགས་པ་དང་། སྡུག་བསྔལ་བ་དང་། སྨོན་པ་རྣམས་ལ་ནི་ཡིད་མི་བདེ་བའོ།། ཡང་དག་པར་འདི་སེམས་ལ་གཅེར་བྱེད ་ཅེས་པས་ཡང་དག་པ་འམ་གཙོ་བོ་ལ་བཅོམ་པ་ཉིད་ཀྱིས་ཡང་དག་པར་སྤོང་བའོ།། དེ་ནི་རྣམ་པ་བཞི་སྟེ། འདི་ལྟ་སྟེ། མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར་འདུན་པ་བསྐྱེད་པ་འབད་པས་དོན་དུ་གཉེར་ཞིང ་བརྩོན་འགྲུས་བརྩོམ་སེམས་ཀྱི་ཡང་དག་པར་རབ་ཏུ་འཛིན་ཅིང་ཡང་དག་པར་རབ་ཏུ་འཇོག་གོ།། དེ་བཞིན་དུ་སྐྱེས་པ་རྣམས་སྤངས་པ་ལ་ཡང་ངོ་།། དེ་བཞིན་དུ་དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པ་ལ་ཡང་ངོ་།། དེ་བཞིན་དུ ་སྐྱེས་པ་རྣམས་གནས་པ་དང་ཕྱིར་ཞིང་འགྱུར་བའི་འདུན་པ་བསྐྱེད་པར་བྱེད་པ་ནི་གོ་ཆའི་བརྩོན་འགྲུས་ཀྱིས་དེ་བཞིན་དུ་བྱ་ཞེས་པའོ།། འབད་པས་དོན་དུ་གཉེར་བ་ནི་སྦྱོར་བའི་བརྩོན་འགྲུས་ཀྱིས་སོ།། བརྩོན་འགྲུས་རྩོམ་པ་ནི་ཞུམ ་པོ་མེད་པའི་བརྩོན་འགྲུས་ཀྱིས་སོ།། སེམས་ཀྱིས་རབ་ཏུ་འཛིན་པ་དང་ཡང་དག་པར་རབ་ཏུ་འཇིག་པ་ནི་ཐབས་ཀྱིས་བརྩོན་འགྲུས་ཀྱིས་སོ།། དེ་ལ་རབ་ཏུ་འཛིན་པ་ནི་བྱེད་པོ་ལས་སེམས་སྟོད་པར་བྱེད་པའོ།། ཡང་དག་པར་རབ་ཏུ ་འཇིག་པ་ནི་རྒོད་པ་ལམ་བཀུག་ནས་མངོན་པར་སྡུད་པར་བྱེད་པའོ།། རྫུ་འཕྲུལ་ནི་འཇིག་རྟེན་འདས་པའི་ཆས་རྣམས་ལ་རྫུ་འཕྲུལ་གྱི་རྐང་པ་ནི་གནས་ཀྱི་ཕྱིར་ན་རྫུ་འཕྲུལ་གྱི་རྐང་པ་བཞི་སྟེ། འངན་པའི་ཏིང་ངེ་འཛིན་དང་། བརྩོན ་འགྲུས་ཀྱི་ཏིང་ངེ་འཛིན་དང་། སེམས་ཀྱི་ཏིང་ངེ་འཛིན་དང་། དཔྱོད་པའི་ཏིང་ངེ་འཛིན་ནོ།། དེ་ལྟར་ཡང་ཁ་ཅིག་ཏུ་ནི་འདུན་པ་དྲག་པོ་དེ་ཉིད་ཀྱིས་ལེགས་པར་རབ་ཏུ་སྦྱོར་བ་ལས་སེམས་རྩ་གཅིག་པའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་སྐྱེད ་པར་འགྱུར་རོ།། ཁ་ཅིག་ཏུ་ནི་ཡང་དག་པར་སྤོང་བའི་བརྩོན་འགྲུས་རྣམས་ཀྱིས་མི་དགེ་བ་སྤོང་བ་དང་། དགེ་བ་སྐྱེད་པ་ལ་རབ་ཏུ་སྦྱོར་བའི་འོ།། ཁ་ཅིག་ཏུ་ནི་ཞི་གནས་རབ་ཏུ་འཛིན་པའི་བཏང་སྙོམས་དང་། མཚན་མ་མེད་པ་རྣམས ་ཀྱིས་སེམས་ཡོངས་སུ་སྦྱང་བ་དང་། ཁ་ཅིག་ཏུ་ནི་བདག་གིས་མི་དགེ་བ་ཕྲ་མོ་ལ་ཀུན་ཏུ་དཔྱོད་ངམ། ཅི་མིན་ནམ། ཞེས་བདག་ལ་ཡོངས་སུ་སྤྱོད་པར་བྱེད་ཅེས་ཡང་དག་པར་ཉེ་བར་སེམས་པ་སྟེ། འདི་རྣམས་ནི་འདུན་པ་ལ ་སོགས་པའི་ཏིང་ངེ་འཛིན་ཏོ།། སྐྱེས་པ་འདི་རྣམས་ལ་རིང་དུ་གྱུར་ནས་ཀུན་ནས་དཀྲིས་པ་རྣམས་ཀྱི་ས་བག་ལ་ཉལ་རྣམས་སློངས་པའི་ཡང་དག་པར་སྤོང་བའི་བརྩོན་འགྲུས་རྩོམ་པར་བྱེད་པས་སྤོང་བའི་འདུ་ཤེས་བརྒྱད་པོ་དང ་ལྡན་པར་འགྱུར་བ་ཡིན་ཏེ། འདུན་པ་དང་། བརྩོན་འགྲུས་དང་། དད་པ་དང་། ཤིན་ཏུ་སྦྱངས་པ་དང་། དྲན་པ་དང་། ཤེས་བཞིན་དང་། སེམས་པ་དང་། བཏང་སྙོམས་རྣམས་ཏེ། དེ་ལ་གང་དུ་འཇིག་རྟེན་པ་དང་། འཇིག ་རྟེན་ལས་འདས་པ་རྣམས་ཀྱི་སྙོམས་པར་འཇུག་པ་བསྐྱེད་པར་བྱའོ།། ཞེས་པ་ནི་འདུན་པའོ།། མི་དགེ་བའི་ཆོས་ཐམས་ཅད་ནི་ངེས་པར་འཇོམས་པ་ནི་བརྩོན་འགྲུས་སོ།། གོང་མའི་རྟོགས་པའི་ཆོས་ཡོད་པ་ཉིད་ཀྱིས ་ཡོན་ཏན་དང་ལྡན་པར་ནུས་པ་ཉིད་ཀྱིས་ཡིད་ཆེས་པ་ནི་དད་པའོ།། དེ་སྔོན་དུ་འགྲོ་བ་ཅན་ལས་ཤིན་ཏུ་སྦྱངས་པའོ།། དེ་ལ་དྲན་པ་ནི་ཤེས་བཞིན་གྱིས་ཕྱོགས་ལ་ལྷག་མཐོང་གི ་ཆོས་ནི་ཡང་དག་པའི་ཤེས་རབ་བོ།། དེ་ལ་སེམས་མངོན་པར་འདུ་བྱེད་པ་ནི་སེམས་པའོ།། ཀུན་ནས་ཉོན་མོངས་པ་མེད་པ་ནི་བཏང་སྙོམས་ཏེ། འདུན་པ་ལ་སོགས་པའི་ཏིང་ངེ་འཛིན་སློང་པའི་འདུ་བྱེད་དང་ལྡན་པའི ་རྫུ་འཕྲུལ་གྱི་རྐང་པ་བསྒོམ་པར་བྱང་ངོ་།། དབེན་པ་ལ་གནས་པ་དང་། འདོད་ཆགས་དང་བྲལ་བ་ལ་གནས་པ་དང་། རྣམ་པར་གཏོང་བས་ཡོངས་སུ་བསྒྱུར་བ་སྟེ། དེ་ལ་དབེན་པ་ནི་ཉོན་མོངས་པ་རྣམས་ཀྱིས་སོ།། འདོད་ཚིགས ་དང་བྲལ་བ་ནི་སྲིད་པའི་འདོད་ཆགས་དང་བྲལ་བའོ།། འགོག་པ་ནི་སྡུག་བསྔལ་ལོ།། རྣམ་པར་གཏོང་བ་ནི་ལུས་ཀུན་ཏུ་གཏོང་བའོ།། དེ་ཉིད་ཡོངས་སུ་བསྒྱུར་བ་ལ་དབང་བྱེད་པས་དབང་པོ་སྟེ། འཇིག་རྟེན་ལས་འདས་པའི་ཆོས ་སྐྱེད་པར་བྱེད་པ་ལ་དབང་ཐོབ་པའི་ཕྱིར་ན་སྟེ། དད་པ་དང་། བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་དང་ལྔའོ།། རྫུ་འཕྲུལ་གྱི་རྐང་པ་རྣ་མས་དང་། རབ་ཏུ་ལྡན་པས་རྟགས་མཐོང་ནས་གོང་དུ་ཁྱད་པར་སྐྱེ ་བ་ལ་ངེས་པོ་བསྐྱེད་པས་སྟོན་པའི་ཉན་ཐོས་རྣམས་ཀྱིས་རྟོགས་པ་ཡང་ཀུན་ཏུ་ཡིད་ཆེས་པ་སྐྱོ་བར་མི་འགྱུར་ཏེ། དེ་ནི་དེའི་དང་པོའི་དབང་པོའོ།། ངང་པ་ལ་ལྷག་པས་བརྩོན་འགྲུས་ལ་སོགས་པ་རྣམས་བླ་ལྷག་ནས་དབང་པོ་སྒོམ ་པར་བྱེད་པས་དེ་ལྟར་འཕེལ་བར་འགྱུར་ཏེ། ཇི་ལྟར་བདུད་ལ་སོགས་པ་རྣམས་ཀྱིས་རྣམ་པར་གཡེང་བས་ཐུབ་པར་དཀའ་བའི་ཕྱིར་དང་། བསྐྱོད་པར་མི་ནུས་པའི་ཕྱིར་སྟོབས་སུ་བསྒྲགས་པར་ཐོབ་པར་འགྱུར་ཏེ། དད་པའི་སྟོབས་ནས ་ཇི་སྲིད་དུ་ཤེས་རབ་ཀྱི་སྟོབས་ཀྱི་བུར་རོ།། མཐོང་བའི་ལམ་ལ་ཡང་དག་པར་ཇི་ལྟ་བ་བཞིན་གྱི་དོན་རྟོགས་པས་བྱང་ཆུབ་ནི་རྫོགས་པའི་བྱང་ཆུབ་བོ།། དེའི་ཡན་ལག་ནི་བདུན་ཏེ། ཡང་དག་པར་རྟོགས་པར་བྱེད་པའི་ཕྱིར་ཡན་ལག་སྟེ། དྲན་པ ་དང་ཆོས་རབ་ཏུ་འབྱེད་པ་དང་། བརྩོན་འགྲུས་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་སོ།། དེའི་རྗེས་ལ་འཕགས་པའི་ལམ་ཡན་ལག་བརྒྱད་སྒོམ་པར་བྱེད་དེ། ཡན་ལོག་བརྒྱད་ནི་ཡང་དག་པའི་ལྟ ་བ་དང་། ཡང་དག་པའི་རྟོགས་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། རྩོལ་བ་དང་། དྲན་པ་དང་། ཏིང་ངེ་འཛིན་ཏོ།། དེ་ལ་མཐོང་བའི་ལམ་གྱིས་ཡོངས་སུ་བཅད་པ་ནི་ཡང་དག ་པའི་ལྟ་བའོ།། ཕ་རོལ་ཡང་དག་པར་ཐོབ་པ་ནི་ཡང་དག་པའི་རྟོག་པའོ།། ཡང་དག་པའི་དག་ནི་ཡང་དག་པར་ཀུན་ནས་ལྟ་བའི་ངག་གང་དེ་ཐོབ་པའི་ཕྱིར་རོ།། ཡང་དག་པའི་ངག་དང་ལས་ཀྱི་མཐའ་འཚོ་བ་རྣམས་ནི་གོ་རིམ་ཇི་ལྟ་བ ་བཞིན་དུ་གསུམ་པོ་རྣམས་ཡང་དག་པར་བསྒོམས་པ་ལས་འབྱུང་བར་འགྱུར་བ་ནི་འབྲེལ་བའི་གཏམ་རྣམ་པར་ངེས་པའི་ཤེས་རབ་དང་། བྱ་བ་མ་ཡིན་པ་མི་བྱེད་པའི་ཚུལ་ཁྲིམས་དང་། ཚོང་རིག་པས་ཆོས་གོས་ལ་སོགས་པ་ཚོར་བ་སྦྱང ་སྡོམ་སྟེ། དེ་རྣམ་པ་ཀྱིས་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་སུམ་ཅུ་རྩ་བདུན་པོ་རྣམས་ཕྱོགས་གཅིག་ཏུ་བཤད་ཟིན་ཏོ།། ཟད་པ་དང་མི་སྐྱེ་བ་ཤེས་པ་ནི་བྱང་ཆུབ་ལ་དེའི་ཕྱོགས་ཏེ། རྗེས་སུ་མཐུན། ་ཞེས་པ་ནི་བྱང་ཆུབ་ཀྱི་ཕྱོགས་སོ།། དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་རྣམ་པ་ཐམས་ཅད་དུ་ཆོས་ཐམས་ཅད་དོན་དུ་གཉེར་བའི་ཕྱིར་དང་། སེམས་ཅན་ཐམས་ཅད་ལ་ཕན་པ་སྐྱེད་པར་བྱེད་པའི་རྒྱུའི་ཕྱིར་རྗེས་སུ་མི་དམིགསྟེ། ་པའི་སྦྱོར་བ་ངོ་བོ་ལས་སོ་སོ་རྟག་པའི་དོན་དུ་སྟོང་པ་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་ནང་དུ་སེམས་ཀྱི་ནང་དུ་བསྡུས་ནས་བསྒོམ་པར་བྱའོ།། འདི་རྣམས་ཀྱིས་དེ་ལྟར་སྤྲུལ་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བསོ་ཞེས་པའི་སྒྲིབ་པའི ་གཉེན་པོར་རྣམ་པར་ཐར་པ་བརྒྱད་དེ།། དེ་ལ་དང་པོས་ནི་གཙང་བ་དང་མི་གཙང་པོ་གསུམ་པོས་གང་ཞིག་རྣལ་འབྱོར་པས་འདོད་པ་ནི་ཀུན་ཏུ་སྦྱོང་བ་ལས་བསྔགསྔོ་བ་དང་། འདོད་ཆགས་ལ་སོགས་པའི་གཉེན་པོར་ནི་ནང་གི་སྒྲ་ལ་སོགས ་པ་ལ་དམིགས་ནས་སྙོམས་པར་འཇུག་པ་ལ་མཉམ་པར་བཞག་ཅིང་། དེའི་རྫས་ལ་འདི་ལྟར་ཕྱི་རོལ་རྣམས་ལ་རྣམ་པར་སྔོས་པ་ཅན་ལ་སོགས་པར་དམིགས་པའི་བྱེད་པས་བསམ་གཏན་དང་པོ་ལ་སྙོམས་པར་གྱུར་ཏོ།། བསམ་གཏན་དང་པོའི ་ས་པའི་བསྔགས་པ་ལ་འདོད་ཆགས་པའི་གཉེན་པོར་བསམ་གཏན་གཉིས་པོ་སྟེ། དེ་བརྗོད་པ་ནི་གཟུགས་ཅན་གཟུགས་ལ་ལྟ་ཞེས་པ་སྟེ། ནང་གི་བདག་ཉིད་ཅན་གྱི་གཟུགས་ལ་སོགས་པར་དམིགས་པའི་གཟུགས་ཅན་གྱི་ཕྱི་རོལ་གྱི ་གཟུགས་ལ་སོགས་པ་ལ་དམིགས་ནས་གཟུགས་མཐོང་བ་སྟེ། མོས་པས་སྤྲུལ་པའི་སེམས་ཀྱིས་མཐོང་ཞེས་པའི་དོན་ཏོ།། ཁ་ཅིག་ཏུ་ནང་གི་བདག་ཉིད་ཅན་མི་དམིགས་པ་ཉིད་ཀྱིས་ཕྱི་རོལ་ལ་རྣམ་པར་སྤྲོས་པ་ལ་སོགས་པར ་དམིགས་ནས་དང་པོ་འམ་གཉིས་པའི་བསམ་གཏན་ལ་སྔ་མ་བཞིན་དུ་སྙོམས་པར་འཇུག་པར་འགྱུར་ཏེ། དེ་བརྗོད་པ་ནི་རླུང་གི་བདག་ཉིད་གཟུགས་མེད་པའི་འདུ་ཤེས་ཅན་གྱིས་ཕྱི་རོལ་གྱི་གཟུགས་རྣམས་མཐོང་ཞེས་པ་ནི་གཉིས ་པའོ།། དེ་ལྟར་མི་གཙང་བ་བསྒོམས་པས་སེམས་གནས་པ་རྣམས་ཀྱི་རྒྱུ་དེ་ལ་དགའ་བར་འབྱུང་བར་འགྱུར་ཏེ། ཅི་བདག་ལ་ཡིད་དུ་འོང་བ་ཅན་གྱི་གཟུགས་གཙང་བར་ཡིད་ལ་བྱེད་པར་བསྔགས་པ་དང་འདོད་ཆགས་ལ་སོགས་པར་སྐྱེ ་བར་འགྱུར་རམ། འོན་ཏ་མིན་ཅེས་ཉམས་ཚད་པའི་ཕྱིར་ཡིད་དུ་འོང་བའི་གཟུགས་ལ་དམིགས་པར་བྱེད་པས་བསམ་གཏན་བཞི་པ་ལ་སྙོམས་པ་ལ་འཇུག་པར་བྱེད་པས་གཙང་བ་དང་། མི་གཙང་བའི་གཟུགས་སྤྲུལ་པར་བྱེད་པ ་རྣམས་ལ་རོ་གཅིག་པའི་འདུ་ཤེས་ཐོབ་པས་གོ་རིམ་བཞིན་དུ་ཀུན་ཏུ་ལོངས་སྤྱོད་པ་དང་མི་མཐུན་པས་སྤོང་བར་བྱེད་པ་ལ་སྡུག་པའོ་ཞེས་མོས་པར་འགྱུར་བ་ཞེས་བརྗོད་དོ།། དེ་ལྟར་ན་གཟུགས་ཅན་གྱི་རྣམ་པར་ཐར་པ་གསུམ་དང ་གཟུགས་མེད་པའི་ལྔ་སྟེ། ན་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་པར་ཐར་པོ་ནས་ཇི་སྲིད་དུ་ཚོར་བ་དང་འདུ་ཤེས་འགོག་པའི་རྣམ་པར་ཐར་པའི་བར་དུའོ།། དེ་ལ་གཟུགས་མེད་པ་བཞི་སྟེ། དག་པ་ཅན་དུ་དེ་ལ་རོ་མྱང་བའི་སྒྲིབ་པའི ་གཉེན་པོའི་ཕྱིར་རྣམ་པར་ཐར་པ་སྟེ། ཞི་བའི་གནས་ཞེས་བརྗོད་དོ།། འདུ་ཤེས་དང་ཚོར་བ་འགོག་པ་ནི་ཐར་པ་དང་འདྲ་བའི་གནས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ལ་གནས་ཤིང ་ཤིན་ཏུ་འདས་ནས་མཚན་མ་རྣམས་ཐམས་ཅིང་ཡང་ལ་མི་བྱེད་ཅིང་འགོག་པ་ཞི་བར་ཡིད་ལ་བྱེད་པས་གང་སེམས་དང་སེམས་ལས་བྱུང་བ་རྣམས་འགོག་ལ། མཆོག་ཏུ་ཞི་བ་ལ་གནས་པས་སྔོན་གྱི་ལས་ལྡང་བ་སྟེ། དེའི་སྒྲིབ་པ་རབ་ཏུ ་སྤོང་བས་རྣམ་པར་ཐར་པའོ།། འདིར་ཇི་ལྟར་འདུ་ཤེས་མེད་པ་ལ་སྙོམས་པར་འཇུག་པ་རྣམས་ཀྱི་སེམས་ཀྱི་རྒྱུན་ཆད་པར་མི་འགྱུར་ཞེ་ན། སྔོན་དུ་སེམས་ཀྱི་རྒྱུད་ལ་བསྒོས་པའི་ལས་ཀྱི་འབྲས་བུ་འོང་ཞིང་སྐྱེ་བར་འགྱུར་ཏེ། ཡང་སྐྱེ་བ་དེ ་ཉིད་ལས་དེའི་ལས་སེམས་ཀྱི་རྒྱུད་ལ་བསྒོས་པས་མཚམས་སྦྱོར་བར་འགྱུར་བའི་ཕྱིར་རོ།། དེ་ཉིད་གང་གིས་མཚམས་སྦྱར་བར་འགྱུར་ན། གང་དུ་སྙོམས་པར་འཇུག་པའི་སེམས་ཡུན་རིང་དུ་འགགས་པས་དེའི་དེ་མ་ཐག་པོའི ་རྐྱེན་གྱིས་ཞེས་པ་ནི་གཅིག་གོ།། སློབ་དཔོན་དབྱིག་གི་བཤེས་གཉེན་གྱིས་ནི་སེམས་དང་བཅས་པའི་འགོག་པའི་སྙོམས་པ་འཇུག་པ་ཞེས་བཤད་ལ། དེ་ལ་སེམས་ཇི་ལྟ་བུ་ན་ཡིད་ཀྱི་རྣམ་པར་ཤེས་པ་ཞེས་པ་ནི་གཅིག་གོ།། ཀུན ་བཞིའི་རྣམ་པར་ཤེས་པའོ་ཞེས་པའི་རྣམ་པར་རིག་པ་ཙམ་དུ་སྨྲ་བ་སྟེ། དེའི་ཡང་བསམ་པར་བྱ་བའོ་ཞེས་པ་ནི་གཞན་དག་གིའོ།། བསམ་གཏན་བཞི་དང་གཟུགས་མེད་པ་བཞི་དང་། འདུ་ཤེས་དང་ཚོར་བ་འགོག་པའོ་ཞེས་པ ་ནི་ནུ་མར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་ཞུགས་པས་འཇིག་རྟེན་ལས་འདས་པའི་ལམ་སྡུད་པའི་དོན་དུ་འགོག་པ་ལ་སྙོམས་པར་འཇུག་པ་སྟེ། དེས་ཐོབ་པར་བྱེད་པའི་ཕྱིར་རོ།། སེམས་གནས་པས ་དམིགས་པ་ཟིལ་གྱིས་མནན་པས་ཟིལ་གྱིས་མནོན་པ་སྐྱེ་མཆེད་ལ། ཟིལ་གྱིས་མནོན་པའི་སྐྱེ་མཆེད་དེ་ནི་གཞན་དུ་བརྒྱད་དེ། དེ་ལ་དང་པོར་རྣམ་པར་ཐར་པས་གཉིས་མངོན་པར་བསྡུས་པ་གཉིས་པས་ཀྱང་གཉིས་སོ།། གསུམ་པས ་ནི་བཞི་སྟེ། དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། ནང་གཟུགས་ཀྱི་འདུད་ཤེས་ཅན་གྱིས་ཕྱི་རོལ་གྱི་གཟུགས་ཆུང་ངུ་མཐོང་ཡང་དེ་དག་ཟིལ་གྱིས་མནན་ནས་ཤེས་སོ།། ཟིལ་གྱིས་མནན་ནས་མཐོང་བ་ལ་དེ་ལྟར་འདུ་ཤེས་ཅན ་དུ་མ་གྱུར། ཞེས་པ་ནི་དང་པོའོ།། དེ་བཞིན་དུ་ཆེན་པོ་ཡིས། ཞེས་པ་ནི་གཉིས་པའོ།། ནང་གཟུགས་མེད་པའི་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་མཐོང་སྟེ། ཆུང་ངུ་དེ་དག་ཅེས་པ་ལ་སོགས་པ་ནི་གསུམ་པའོ།། དེ་བཞིན་དུ་ཆེན ་པོ་ཞེས་པ་ལ་སོགས་པ་ནི་བཞི་པའོ།། ནང་གཟུགས་མེད་པ་ཅན་གྱིས་ཕྱི་རོལ་གྱི་གཟུགས་མཐོང་སྟེ། སྔོན་པོ་དེ་དག་ཅེས་པ་ལ་སོགས་པ་ནི་ལྔ་པའོ།། དེ་བཞིན་དུ་སེར་པོ་ཞེས་པ་ནི་དྲུག་པའོ།། དེ་བཞིན་དུ་དམར་པོ་ཞེས་པ་ནི་བདུན ་པའོ།། དེ་བཞིན་དུ་དཀར་པོ་ཞེས་པ་ནི་བརྒྱད་པའོ།། དེ་ལ་གཟུགས་ཆུང་ངུ་ནི་སེམས་ཅན་དུ་བཤད་པ་སྟེ། དེ་ནི་ཚད་ཆུང་བའི་ཕྱིར་རོ།། ཆེན་པོ་ལ་ནི་སེམས་ཅན་གྱི་གྲངས་དང་། ཁྱིམ་དང་ཁང་བཟངས་དང་རྀ་ལ་སོགས་པ་ནི་ཚད་ཚ་བའི་ཕྱིར ་ཏེ། དེས་ནི་ཇི་ལྟར་རིགས་པར་རྣམ་པར་ཐར་པ་རྣམས་ཀྱིས་ལྷག་པར་མོས་པ་ཟིལ་གྱིས་མནོན་པའི་སྐྱེ་མཆེད་རྣམས་ཀྱིས་ཟིལ་གྱིས་མནན་ཏེ། ཡང་ནས་ཡང་དུ་མི་སྣང་བར་བྱས་ཤིང་མཐོང་བའི་ཕྱིར ་རོ།། ཟིལ་གྱིས་མནན་ནས་ཤེས་ཞེས་པ་ནི་ནི་གནས་ཀྱིས་སོ།། མཐོང་བ་ནི་ལྷག་མཐོང་གིས་སོ།། དེ་ལྟ་བུའི་འདུ་ཤེས་ཅན་དུ་གྱུར་པ་ནི་མངོན་པའི་ང་རྒྱལ་མེད་པའི་ཕྱིར་རོ།། ཟིལ་གྱིས་གནོན་པའི་སྐྱེ་མཆེད་ཀྱིས་ཟིལ་གྱིས་གནན་པོའི ་ས་ལ་སོགས་པ་རྣམས་ཀྱིས་ཟད་པར་ནི་ཁོར་ཡུག་རྣམས་སུ་སྤྲོ་བས་གཞན་དུ་འདིར་ཟད་པར་ཞེས་བརྗོད་ལ། ཁ་ཅིག་ཏུ་དེ་ལས་གཞན་པའི་སྐྱེ་མཆེད་ལ་ཞེས་པ་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ཅེས་བརྗོད་དེ། ཁ་ཅིག་ཏུ་ས་ལ ་སོགས་པ་རྣམས་ཀྱིས་ཁྱད་པར་དུ་བྱས་པ་སྟོན་པར་འགྱུར་ཏེ་ཟད་པར་ས་དང་ཟད་པར་ཆུ་དང་ཟད་པར་མེ་དང་ཟད་པར་རླུང་དང་། ཟད་པར་སྔོན་པོ་དང་ཟད་པར་སེར་པོ་དང་ཟད་པར་དམར་པོ་དང་ཟད་པར་དཀར་པོ་དང་། ཟད་པར་ན་མཁ ་མཐའ་ཡས་སྐྱེ་མཆེད་དང་། ཟང་པོར་རྣམ་པར་ཤེས་མཐའ་ཡས་སྐྱེ་མཆེད་དང་ཞེས་ཏེ། འདི་རྣམས་ཀྱང་འབྲུའི་དོན་དུ་དེ་ཁོ་ན་ཉིད་མ་ཡིན་པ་ཉིད་དུ་བསྒོམ་ཞིང་། དེ་ཡང་དེ་ཁོ་ན་ཉིད་མ་ཡིན་པའི་ངོ་བོ་ཉིད་ཀྱིས་རྣལ་འབྱོར་པ་རྣམས་ལ ་འདི་ལྟར་སོ་སོར་སྣང་བར་འགྱུར་རོ།། འདི་རྣམས་ལས་གཞན་པོའི་ལམ་རྣམས་ཀྱང་མ་ལུས་པའི་ལམ་གྱི་ཚོགས་ནི་ཇི་ལྟར་རིགས་པར་བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡང་དག་པར ་བསྡུས་སོ་གཟུངས་ཞེས་པ་ནི་མཐའ་དག་གཟུང་བར་བྱ་བར་ན་གཟུངས་ཀྱི་ཚོགས་ཏེ། ཨ་ར་བ་ཙ་ན་ལ་སོགས་པའི་ཡི་གེ་རྣམས་ལས་དེ་བཞིན་ཉིད་བསྐྱེད་ནས་སྒོམ་པར་བྱེད་པའི་དོན་དུ་སྟེ། བསྒོམ་པར་ཡོངས་སུ་རྫོགས ་པ་ནི་དེ་ལ་ཡི་གེའི་དོན་གྱི་བཟོད་པ་སྐྱེ་བར་འགྱུར་ཏེ། དེ་ནི་བཟོད་པའི་གཟུངས་སོ།། བློ་གཟུངས་དང་ལྡན་པས་དེས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྟན་པའི་ཕུང་པོའི་ཛིན་པའི ་རྒྱུ་ནི་ཆོས་ཀྱི་གཟུངས་དང་། དྲན་པ་དང་ཤེས་རབ་ཀྱིས་གཅིག་ཏུ་བྱས་ནས་དེ་ཡིས་འཛིན་པ་ནི་དོན་གྱི་གཟུངསོ།། དྲན་པ་དང་ཤེས་རབ་ཀྱིས་གཅིག་ཏུ་བྱས་ནས་དེ་ཡིས་སེམས་ཅན་རྣམས་རྗེས་སུ་གཟུང་བར ་བྱེད་པའི་སྒྱུ་མ་ལྟ་བུའི་སྔགས་རྣམས་གསུངས་པ་ལ་དབང་བྱེད་པ་ནི་སྔགས་ཀྱི་གཟུངས་སོ།། མན་ནི་ཤེ་ས་པཱ་ལ་ཏྲེ་ད་ནི་སྐྱོང་བའོ།། མ་ན་ནི་ཡིད་ལ། ཏཱ་ནཱི་སྐྱེ་བ་པཱ་སྟེ། སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། སྙིང་རྗེ་དག་དབྱེར་མེད ་པོ་ནི་སྡུག་ས་སོ།། དེའི་རྒྱུ་མཐུན་པའི་ཕྱིར་ཡི་གེ་ལ་ཡང་སྔགས་ཞེས་བརྗོད་དོ།། དེ་ལ་ཨཱ་ནི་གདོད་ནས་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒྲའོ་ཞེས་པ་ནི་སྒོ་ནི་ཆོས་རྣམས་ཐམས་ཅད་ཀྱི་ཡང་དག་པ་ཛཱི་ལྟ་བ ་བཞིན་སོ་སོ་རིག་པའི་ཐགས་ཏེ། ཅི་ལྷོར་ཞེ་ན། གདོད་ནས་མ་སྐྱེས་པའི་ཕྱིར་རོ།། གང་གི་ཕྱིར་ཆོས་རྣམས་ཐམས་ཅད་ནི་གདོང་མ་ནས་དྲི་མ་དང་བཅས་པའི་གནས་སྐབས་ཉིད་དུ་ཡང་མ་སྐྱེས་པ་ཉིད་དེ་མ་སྐྱེས་ཤིང་ངོ ་ཉིད་མེད་པ་འདིའི་མ་སྐྱེས་པ་ཉིད་ནི་ཨའི་དོན་ལ། དེ་བཞིན་དུ་ར་ལ་སོགས་པ་རྣམས་ཀྱིས་དོན་དུ་ཡང་རིག་པར་བྱ་སྟེ། འདིར་ནི་སྦྱིན་པ་ལ་སོགས་པའི་གཟུངས་མཐར་ཐུག་པ་ནི་ཚོགས་ཀྱི་སྒྲུབ་པ་སྟེ། ཆོས་མཆོག་རབ་ཀྱི་ངོ་བོ་ཉིད།། ། ་ཤེས་པ་ཉིད་གོང་ནས་གོང་དུ་ཡོན་ཏན་གྱི་གྲངས་མཐུ་ཆེར་ཐོབ་པར་བྱེད་པའི་ཕྱིར་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལ་ལྷག་པར་གནས་པའི་རྣམ་པར་སྨིན་པ་རབ་དབྱེ་བས་བྱེ་བར་བྱས་པའི་ཡོན་ཏན་ལ་རབ་ཏུ་གནས་པར ་འགྱུར་བའི་ཕྱིར་ས་ཞེས་བརྗོད་དོ།། དེ་ལ་རབ་ཏུ་དགའ་བ་ལ་སོགས་པའི་བྱང་ཆུབ་སེམས་དཔའི་ས་བཅུ་ནི་སཱའི་ཚོགས་ཏེ། དེ་ལ་དང་པོ་ལ་རང་བཞིན་གྱི་དོན་བསྒྲུབ་པའི་འཇིག་རྟེན་ལས་འོདས་པའི་ལམ་ཐོབ་པའི་ཕྱི་རོ་རབ་ཏུ་དགའ ་བར་འགྱུར་ཏེ། འདི་ནི་བྱང་ཆུབ་སེམས་དཔེའི་དེ་ནི་རབ་ཏུ་དགའ་བའི་སོའོ།། འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་དང་བྲལ་བས་དྲི་མ་མེད་པའོ།། ཏིང་ངེ་འཛིན་ལ་གནས་ནས་ཆོས་ཆེན་པོའི་སྣང་བ་བྱེད་པའི་ཕྱིར་འོད་བྱེད་པའོ།། བྱང་ཆུབ ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱིས་ཀུན་ནས་ཉོན་མོངས་པའི་བུདྲི་ཤིང་བསྲེགས་པའི་ཕྱིར་འོང་འཕྲོ་བའོ།། གང་ཞིག་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་དགེ་རིག་པ་དང་མི་བདེན་པའི་ཤེས་པོ་དག་དགྲོལ་བས་ཡོངས་སུ་རྒལ ་བར་དཀའ་བ་དེའི་ཕྱིར་སྦྱང་དཀའ་བའོ།། གང་གིས་འདིར་རྟེན་ཅིང་འབྲེལ་པར་འབྱུང་བ་རབ་ཏུ་རྣམ་པར་ཕྱེ་བས་མངོན་དུ་ཕྱོགས་པར་བརྗོད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེའི་ཕྱིར་མངོན་དུ་གྱུར་པའོ།། གང་དུ ་བདིར་བྱང་ཆུབ་ཀྱི་ཕྱོགས་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་དམིགས་པའི་མཚན་མ་མེད་པ་ལ་གནས་པ་ལ་འབད་པས་བརྩལ་བས་དེའི་ཕྱིར་རིང་དུ་སོང་བའོ།། གང་དུ་འདིར་དེ་ཉིད་རླུང་དུ་གྱུར་པའི་ཕྱིར་གཡོ་བ་སྟེ། དེའི་ཕྱིར་མི ་གཡོ་བོ་སྟེ། རྣམ་པར་སྨིན་པའི་སའི་ཆོས་རྣམས་ཐམས་ཅད་ལྷུན་གྱིས་གྲུབ་པས་རྣམ་པར་སྨིན་པའི་བདག་ཉིད་ཅན་དུ་བྱུང་བའི་ཕྱིར་རོ།། གང་དུ་འདིར་སོ་སོར་ཡང་དག་པར་རིགས་པ་རྣམས་ཀྱིས་ཆོས་སྟོན་པའི་ཕྱིར་བྱང་ཆུབ་སེམས ་དཔའི་ལེགས་པ་སྟེ། དེའི་ཕྱིར་ན་ལེགས་པའི་བློ་གྲོས་སོ།། གང་དུ་འདིར་བྱང་ཆུབ་སེམས་དཔའི་རྒྱལ་ཚབ་ཏུ་མངོན་པར་དབང་བསྐུར་བར་འགྱུར་ཏེ། དེའི་ཕྱིར་ན་ཆོས་ཀྱི་སྤྲིན་ནོ།། བཅུ་པོ་འདི་རྣམས་ཀྱིས་སོ་སོར་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། ་རྣམས་ཡང་དག་པར་བསྡུས་པའི་གོ་རིམ་ཇི་ལྟ་བ་བཞིན་གྱི་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང་། བསམ་གཏན་དང་ཤེས་རབ་དང་ཐབས་དང་སྟོབས་དང་། སྨོན་ལམ་དང་ཡེ་ཤེས་རྣམས་ནི་ཕ་རོལ་ཏུ་ཕྱིན་པར་བརྗོད ་དེ། དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ཉེ་བར་བསགས་པའི་དགེ་བའི་རྩ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཡོངས་སུ་བསྔོ་བ་ནི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། དེའི་ཐབས་ཀྱིས་དེ་མི་ཟད་པར་བྱེད་པའི་ཕྱིར་རོ།། ་བཟང་པོ་སྤྱོད་པ་ལ་སོགས་པའི་སྨོན་ལམ་ནི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའོ།། གང་གི་སྐྱེ་བ་སོ་སོ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་བསྒོམ་པའི་སྟོབས་དང་སོ་སོར་བརྟགས་པའི་སྟོབས་ནི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། གང་གིས་ཉི་མ ་རེ་རེ་དང་སོ་སོ་སྐད་ཅིག་རེ་རེ་ལ་སྤྱོད་ཅིང་དགོངས་པ་ཇི་ལྟ་བའི་སྒྲ་ཇི་བཞིན་མ་ཡིན་པའི་ཐེག་པ་ཆུན་པོ་ཡོངས་སུ་ཤེས་པ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་རྣམ་པར་མི་རྟོག་པའོ།། སེང་གེ་བཟང་པོས་ནི་རྣམ ་པར་མི་རྟོག་པའི་ཡེ་ཤེས་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་རྟོག་པའི་བདག་ཉིད་ཅེས་ཟེར་བ་དེ་ནི་མི་རིགས་ཏེ། སྔ་ནས་རྣམ་པར་རྟོག་པ་མཐའ་དོག་སྤངས་པས་འདིར་རྟོགས་པ་རབ་ཀྱི་མཐར་ཐུག་པའི ་གནས་སྐབས་སུ་དག་པ་འཇིག་རྟེན་པའི་རྣམ་པར་རྟོག་པ་ཐམས་ཅད་ནི་སྲིད་པའི་དོགས་པ་ཡང་མེད་དེ། དེ་ལྟར་ཡང་འཕགས་པ་བྱམས་པས་ཐེག་པ་ཆེན་པོ་རྒྱུད་བླ་མར་གསུངས་པ། སྔོན་གྱི་འཕེལ་བའི་དབང་གྱུརསྣ་ལས།། རྣམ ་རྟོག་ཐམས་ཅད་དང་བྲལ་བས།། ཡང་ནི་འབད་པ་མི་མཛད་དེ།། ལུས་ཅན་རྣམས་ནི་ཡོངས་སྨིན་ཕྱིར།། ལྷུན་གྱིས་གྲུབ་པས་དེ་ཉིད་ཀྱི།། རྟག་ཏུ་རྒྱུན་མི་འཆད་པར་ནི།། འགྲོ་ལ་ན་མཁའ་གནས་ཀྱི་བར།། བརྟན་པ་ལ་ནི་ཡང་དག ་འཇུག། རྟོགས་པ་འདི་རྣམས་རྗེས་ཐོབ་པའི།། བྱང་ཆུབ་སེམས་དཔའི་བདེ་གཤེགས་རྣམས།། སེམས་ཅན་ཡང་དག་སྒྲོལ་བ་ལ།། འཇིག་རྟེན་ནོ་ནུ་མཉམ་པ་ཉིད།། ཅེས་སོ།། ས་རྣམས་ཀྱིས་རྒྱས་པ་ནི་ཐུབ་པའི་དགོངས་པའི་རྒྱན ་ལས་སོ།། ཡོངས་སུ་སྦྱོང་བ་འདི་རྣམས་ནི་བཅོམ་ལྡན་འདས་མ་ཡུམ་ཆེན་མོ་ལས་བསྟན་པ་དང་བཅས་པས་སོ།། དེའི་དབང་དུ་བྱས་ནས་བསྟན་བཅོས་ཀྱི་ཚིགས་སུ་བཅད་པ་ཉི་ཤུ་རྩ་གསུམ་སྟེ། དེ་རྣམས་པས་ཇི་ལྟ་བས་སོ་སོར ་བྱས་ནས་བཤུད་པར་བྱ་སྟེ། ཡོངས་སུ་སྦྱོང་བ་རྣམ་བཅུ་ཡིས།། ས་ནི་དང་པོ་འཐོབ་འགྱུར་ཏེ།། བསམ་དང་ཕན་པའི་དངོས་ཉིད་དང་།། སེམས་ཅན་རྣམས་ལྔ་སེམས་མཉམ་ཉིད།། གཏོང་དྲང་བཱ་ཤ་སྭཱ་གཉེན་བསྟེན་པ་དང་།། དམ་ཆོས ་དམིགས་པ་འཆོལ་བ་དང་།། རྟག་ཏུ་ངེས་འབྱུང་སེམས་ཉིད་དང་།། སངས་རྒྱས་སྒྱུར་འདོད་དགའ་བ་དང་།། ཆོས་སྟོན་པ་དང་བདེན་པ་ཡི།། ཚིག་ནི་བཅུ་པ་ཡིན་པར་འདོད།། འདི་དག་རང་བཞིན་མི་དམིགས་པས།། ཡོངས་སུ་སྦྱོང་བར ་ཤེས་པར་བྱ།། ཞེས་ཏེ། བསམ་པ་ནི་དད་པ་དང་འདུན་པའོ།། ཕན་པའི་དངོས་པོ་ནི་སེམས་ཅན་ཐམས་ཅད་ཀྱི་ཕན་པ་འཚོལ་བ་ཉིད་དོ།། འདི་རྣམས་ཀྱི་རྒྱུ་ནི་སེམས་ཅན་རྣམས་ལ་སེམས་མཉམ་པ་ཉིད་དོ།། གཏོང་བ་ནི་སྦྱིན་པའི་ཕ་རོལ ་ཏུ་ཕྱིན་པའོ།། དམ་པའི་ཆོས་སྟོན་པ་པོ་རྣམས་ལ་བསྙེན་བཀུར་དང་ཆོས་འཚོལ་བ་དང་།། ཁྱིམ་གྱི་གནས་ནས་ངེས་པར་འབྱུང་བས་ན་ངེས་པར་འབྱུང་བ་སྟེ། ངེས་པར་འབྱུང་བ་དེ་ཉིད་འདོད་པས་དེ་འདོད་པ་ཉིད་དོ་རྟག་ཏུ་འདོད་པའོ། ་དམ་པའི་ཆོས་འཆད་པ་དང་། བདེན་པའི་ཚིག་དང་། བསམ་པ་ལ་སོགས་པ་འདི་རྣམས་ཀྱིས་ནི་རབ་ཏུ་དགའ་བའི་ས་ལའོ།། ཚུལ་ཁྲིམས་བྱས་པ་གཟོ་དང་བཟོད།། རབ་ཏུ་དགའ་བོ་དང་སྙིང་བརྩེ་ཆེ།། བླ་མ་བཀུར་སྟི་གུས་པས ་ཉོན།། བརྒྱད་པ་སྦྱིན་ལ་སོགས་པ་བརྩོན།། ཅེས་ཏེ། ཚུལ་ཁྲིམས་ཡོངས་སུ་དག་པ་དང་།། བླ་མ་ལ་སོགས་པ་རྣམས་ཀྱིས་མཛད་པའི་ཕན་པ་ཆུང་ངུ་ལ་ཡང་ཆར་དྲན་པ་དང་། བཟོད་པ་ནི་སེམས་ཅན་རྣམས་ལ་གནོད་སེམས ་ལ་སོགས་པ་མེད་པའོ།། མགུ་བ་ཉིད་ནི་རབ་ཏུ་དགའ་བའོ།། སེམས་ཅན་ཐམས་ཅད་ལ་ཡོངས་སུ་གཏོང་བ་ཆེན་པོ་དང་། བླ་མ་དང་མཆོད་པར་འོས་པ་བཀུར་སྟི་དང་། དགེ་བའི་བཤེས་གཉེན་རྣམས ་ལ་སྟོན་པའི་འདུ་ཤེས་དང་། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་ནི་དྲི་མ་མེད་པ་ལའོ།། འོད་བྱེད་པ་ལ་ནི། ཐོས་པས་མི་ངོམས་ཉིད་དང་ནི།། ཟང་ཟིང་མེད་པར་ཆོས་སྦྱིནྡ་དང་།། སངས་རྒྱས་ཞིང་ཀུན་སྦྱོང་བ་དང་།། ། ་འཁོར་བས་ཡོངས་སུ་མི་སྐྱོ་དང་།། ངོ་ཚ་ཁྲེལ་ཡོད་ཅེས་བྱ་བ།། རློམ་མེད་བདག་ཉིད་དེ་རྣམས་ལྔ།། ཞེས་ཏེ། ཐོས་པ་མང་བ་དང་། ཟང་ཟིང་ནི་ལོངས་སྤྱོད་ཀྱི་དངོས་པོ་སྟེ། འདིར་ཟང་ཟིང་ནི་ཟང་ཟིང་འདོད་པའོ།། དེའི་སྦྱིན་པ་ནི་ཆོས ་ཀྱི་སྦྱིན་པ་ལ། ཡོངས་སུ་སྦྱོང་བ་ནི་དག་པར་དེ་ཡིས་དེ་བཞིན་དུ་བསོད་ནམས་ཡོངས་སུ་བསྔོ་བ་ཡིས་སོ།། ཡོངས་སུ་མི་སྐྱོ་བ་ནི་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་རོ།། ཉན་ཐོས་དང་རང་སངས་རྒྱས་ཡིད་ལ་བྱེད་པས་ངོ་ཚ་བ་སྟེ། རང་ལ ་བལྟོས་ནསོ།། ཁྲེལ་ཡོད་པ་ནི་གཞན་ལ་བལྟོས་ནས་ཏེ་ངོ་ཚ་ཁྲེལ་ཡོད་དོ།། རློམ་པ་མེད་པའི་བདག་ཉིད་ཅན་ཏེ་དེས་ན་རློམ་པ་མེད་པའོ།། རྣམ་ལྔ་ཞེས་པ་ནི་ཡོངས་སུ་སྦྱོང་བའོ།། འོད་འཕྲོ་བ་ལ་ནི་ནགས་གཽ་ནས་འདོད་ཆུང་ཆོག་ཤེས་དང ་སྦྱངས་པ་ཡོན་ཏན་སྡོམ་བསྟན་དང་།། བསླབ་པ་ཡོངས་སུ་མི་གཏོང་དང་།། འདོད་པ་རྣམས་ལ་སྨོད་པ་དང་།། མྱ་ངན་འདས་དང་བདོག་ཀུན་གཏོང་།། མི་ཞུམ་པ་དང་བལྟོས་པ་མེད་ཅེས་ཏེ།། དགོན་པར་གནས་པར་འདོད་པ་ཉིད ་དང་། འདོད་པ་ཆུང་བ་དང་། ཆོག་ཤེས་པ་དང་། སྦྱངས་པའི་ཡོན་ཏན་དང་སྡོམ་པ་མི་གཏོང་བའོ།། དེ་ཡང་ཟབ་མོའི་ཆོས་ཀྱི་བཟོད་པ་མི་གཏོང་། ཞེས་པ་གཞན་དག་གིའོ།། ཚུལ་ཁྲིམས་འཆལ་པ་ལ་སོགས་པ་དང་བྲལ་བ་དང ་བཟུང་བ་རྣམས་མི་གཏོང་བ་དང་།། འདོད་པ་རྣམས་ལ་སྨོད་པ་དང་།། མྱ་ངན་ལས་འདས་པ་སྟེ་ཆོས་རྣམས་ཐམས་ཅད་ལ་མངོན་པར་འདུ་མི་བྱེད་པ་དང་། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་དང་། སེམས་ཞུམ་པ་མེད་པ་ཉིད ་ནི་དགེ་བའི་ཆོས་ལ་དམིགས་པའི་སེམས་ཀུན་ཏུ་མི་ཞུམ་པ་ཉིད་དང་། དངོས་པོ་ཐམས་ཅད་ལ་བལྟོས་པ་མེད་པ་ཉིད་དོ།། སྦྱང་དཀའ་བ་ལ་ནི། འདྲིས་དང་ཁྱིམ་ལ་འཁྲེན་པ་དང་།། འདུ་འཛིར་གྱུར་པའི་གནས་དང་ནི།། བདག་བསྟོ།། ་གཞན་ལ་སྨོད་པ་དང་།། མི་དགེ་ལས་ཀྱི་ལམ་བཅུ་དང་།། རློམ་པས་ཁེངས་དང་ཕྱིན་ཅི་ལོག། ཡིད་གཉིས་དང་ནི་ཉོན་མོངས་བཟོད་།། བཅུ་པོ་འདི་དག་རྣམས་སྤངས་ནས།། ས་ལྔ་པ་ནི་ཡང་དག་འཐོབ།། ཅེས་ཏེ། འདྲིས་པ་ནི་ཁྱིམ་པ་ལ ་རབ་ཏུ་འབྱུང་བ་རྣམས་ཀྱིས་ཏེ། ཁྱིམ་རྣམས་སུ་ཉེ་བར་འགྲོ་བའོ།། འདུ་འཛིར་གྱུར་པ་ནི་ཚུལ་དང་མི་མཐུན་པའི་གཏམ་རྣམས་ཀྱིས་དང་བསྟོད་པ་དང་། བརྙས་པ་དང་། སྨད་བྱར་བྱེད་པའོ།། ལས་ཀྱི་ལམ་རྣམས་དང་། རློམ་པ་སྟེ། ་སེམས་གཟེངས་མཐོ་བ་དང་། ཁེངས་པ་ནི་བླ་མ་རྣམས་ལ་ལུས་ཀྱིས་མི་འདུད་པ་ཉིད་དང་། ཕྱིན་ཅི་ལོག་ནི་དོན་ཕྱིན་ཅི་ལོག་ཏུ་འཛིན་པ་དང་། ཡིད་གཉིས་ཏེ། ཐེ་ཚོམ་དང་། འདོད་ཚོགས་དང་། ཞེ་སྡང་དང་། གཏི་མུག་ལྷག་པར ་གནས་པའོ།། མངོན་དུ་གྱུར་པ་ནི། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས།། བསམ་གཏན་ཤེས་རབ་རབ་རྟོགས་པས།། སློབ་མ་དང་ནི་བསེ་རུ་ལ།། དགའ་བ་སྐྲག་པའི་སེམས་སྤངས་ལ།། ་སྤངས་ན་མི་ཞུམ་བདོག་པ་ཀུན།། གཏོང་ཡང་མི་དགའ་མེད་པ་དང་།། དབུལ་ཡང་སློང་བ་མི་སྤོང་བས།། ས་ནི་དྲུག་པ་ཡང་དག་འཐོབ།། ཅེས་ཏེ། ཡོངས་སུ་སྦྱོང་བ་བཅུ་གཉིས་པོ་རྣམས་ཀྱིས་ཏེ། སྐྲག་པ་ནི་ཡོངས་སུ་ཞུམ་པའོ།། ། ་རིང་དུ་སོང་བ་ལ་ནི། བདག་དང་སེམས་ཅན་འཛིན་པ་དང་།། སྲོག་དང་གང་ཟག་ཆད་བརྟག་དང་།། མཚན་མ་རྒྱུ་དང་ཕུང་པོ་དང་།། ཁམས་དང་སྐྱེ་མཆོད་དག་དང་ནི།། ཁམས་གསུམ་ས་ལ་གནས་ཆགས་དང་།། སེམས་ནི་ཀུན་ཏུ ་ཞུམ་པ་དང་།། དཀོན་མཆོག་གསུམ་དང་ཚུལ་ཁྲིམས་དང་།། དེ་ལྟ་བ་ལ་མངོན་ཞེན་དང་།། སྟོང་པ་ཉིད་ལ་རྩོད་པ་དང་།། དེ་དང་འགལ་བའི་ཉེས་པ་ནི།། ཉི་ཤུ་གང་ལ་རྣམ་ཆད་པ།། དེ་ཡིས་ས་ནི་བདུན་པ་འཐོབ།། རྣམ་ཐར་སྒོ་གསུམ ་ཤེས་པ་དང་།། འཁོར་གསུམ་རྣམ་པར་དག་ཉིད་དང་།། སྙིང་རྗེ་དང་ནི་རློམ་མེད་དང་།། ཆོས་མཉམ་ཉིད་དང་ཚུལ་གཅིག་ཤེས།། མི་སྐྱེ་བ་དང་བཟོད་ཤེས་དང་།། ཆོས་རྣམས་རྣམ་པ་གཅིག་ཏུ་སྟོནྟ།། རྟོག་པ་ཀཱནྡེ་ཏྱཱ་འཇོམས་པ ་དང་།། འདུ་ཤེས་ལྷ་དང་ཉོན་མོངས་སྤོང་།། ཞེ་ནས་ངེས་པར་སེམས་པ་དང་།། ལྷག་མཐོང་ལ་ནི་མཁས་པ་དང་།། སེམས་དུལ་བ་དང་ཐམས་ཅད་ལ།། ཐོགས་པ་མང་པོའི་ཡེ་ཤེས་དང་།། ཆགས་པའི་ས་མིན་ག་རི་འདོད་པར།། ་ཞིང་གཞན་དུ་ནི་མཉམ་འགྲོ་དང་།། ཀུན་ཏུ་བདག་གི་དྲོ་བོ་ནི།། སྟོན་པ་ཉིད་དང་ཉི་ཤུའོ།། ཞེས་ཏེ། ཡོན་ཏན་རྣམས་ཡོངས་སུ་རྫོགས་པའོ།། ཞེས་པ་ནི་ལྷག་མའོ།། བདག་ཏུ་འཛིན་པ་ལ་སོགས་པ་སྟེ། ཉེས་པ་ནི་སྐྱོན་ནོ།། འཛིན ་པ་ནི་མངོན་པར་ཞེན་པའོ།། བདག་ཏུ་འཛིན་པ་ནས་ཇི་སྲིད་དུ་སྐྱེ་མཆེད་དུ་འཛིན་པའི་བར་རོ།། ཁམས་གསུམ་པ་ལྔ་རབ་ཏུ་གནས་པ་ནི་དེམིགས་པ་ལ་ཀུན་ཏུ་གནས་པ་རྣམས་སོ།། དེར་ལྟ་བ་ནི་སངས་རྒྱས་དཀོན་མཆོག་ལ་སོགས། ་པར་ལྟ་བའོ།། དེ་ལ་མངོན་པར་ཞེན་པ་ཉིད་ནི་ངེས་པ་སྟེ། སངས་རྒྱས་སུ་ལྟ་བ་ལ་གནས་པ་ནས་ཇི་སྲིད་དུ་ཚུལ་ཁྲིམས་སུ་ལྟ་བའི་བར་ལ་གནས་པའོ།། སྟོང་པ་ཉིད་ཆོས་ཞེས་རྩོད་པ་སྟེ། སྟོང་པ་ཉིད་ལ་འགལ་བའི ་གནོད་པའོ།། སྟོང་པ་ཉིད་ཡོངས་སུ་རྫོགས་པ་དང་། མཚན་མ་མེད་པ་མངོན་སུམྦྷ་དུ་བྱ་བ་དང་། སྨོན་པ་མེད་པའི་ཡེ་ཤེས་དང་འཁོར་གསུམ་རྣམ་པར་དག་པཱ་དང་། སེམས་ཅན་ཐམས་ཅད་ལྟ་སྙིང་རྗེ་བ་དུང་། ་དེ་རྣམས་སུ་ཡིད་ལ་མི་བྱེད་པ་དང་། ཆོས་ཐམས་ཅད་མཉམ་པ་ཉིད་དུ་སྟོན་པ་དང་། ཐེག་པོ་ཆེན་པོའི་ཚུལ་གཅིག་ཏུ་གྱུར་པར་སོ་སོར་རྟོག་པ་དང་། མི་སྐྱེ་བ་ལ་བཟོད་པའི་ཡེ་ཤེས་དང་། ཐེག་པ་ཆེན་པོའི་ཚུལ་གཅིག་ཏུ ་སྟོན་པ་དང་། ཆོས་རྣམས་ཐམས་ཅད་ལ་རྣམ་པར་རྟོག་པ་ཐམས་ཅད་ཀུན་ཏུ་བཅོམ་པ་དང་། འདུ་ཤེས་དང་ལྟ་བ་ལོག་པ་དང་། ཞི་གནས་ལ་ངེས་པརོ་སེམས་པ་དང་། ལྷག་མཐོང་ལ་མཁས་པ་དང་། ཉོན་མོངས་པ ་དང་ལྷུབ་ལས་ལོག་པ་སྟེ། མཚན་མར་འཛིནྡ་པའི་འཇིག་ཚོགས་ལ་སོགས་པའི་ལྷ་ང་དང་། འདོད་ཆགས་ལ་སོགས་པ་སྤོང་བའོ།། སེམས་དུལ་བ་ཉིད་དང་། མངོན་པར་ཞེན་པའི་གནས ་མ་ཡིན་པ་དང་། གང་དུ་འདོད་པའི་ཞིང་དུ་འགྲོ་བ་སྟེ། མཉམ་ཞེས་པ་ནི་ལྷན་ཅིག་པ་སྟེ། དེ་ཡིས་དེ་ལྟར་སངས་རྒྱས་ཀྱི་དཀྱིལ་འཁོར་རྣམས་སུ་བདག་གི་ལུས་ཀུན་ཏུ་སྟོན་པའོ།། བརྒྱད་པ་ལ་ནི་སེམས་ཅན་ཡཱིད་ཤེས་པ་དང་། ་མངོན་པར་ཤེས་པས་བརྩེ་བ་དང་།། སངས་རྒྱས་ཞིང་བཟང་སྒྲུབ་པ་དང་།། ཡོངས་སུ་བརྟགས་ཕྱིར་སངས་རྒྱས་བསྟེན།། དབང་པོ་ཤེས་དང་རྒྱལ་བ་ཡིས།། ཞིང་སྦྱོང་སྒྱུ་མ་ལྟར་གནས་དང་།། བསམས་བཞིན་སྲིད་པ་ལེན་པ ་དང་། ལས་ཀྱི་རྣམ་པ་འདི་བརྒྱད་བཤད།། ཅེས་པ་ནི་དགེ་པ་ཡོང་ས་སུ་དག་བསྒྲུབ་པ་དང་། རྣམ་པ་ཐམས་ཅད་ཀྱི་ཆོས་རྣམས་ལ་ཡོངས་སུ་བརྟགས་པ་དང་། དབང་པོ་ཤེས་པ་ནི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས ་པའོ།། སྦྱོང་བ་ནི་ཡོངས་སུ་སྦྱོང་བྱའོ།། སྒྱུ་མ་ལྟ་བུ་ནི་ཏིང་ངེ་འཛིན་གྱིས་མྱུར་བར་སྙོམས་པར་འཇུག་པའོ།། སངས་རྒྱས་ཀྱི་ཞིང་ནི་རྣམ་པ་གཉིས་ཏེ།། ཐོག་མ་ནི་སྣོད་ཀྱི་འཇིག་རྟེན་ལ།། དྲའི་རྫས་ལ་སེམས་ཅན་གྱི་འཇིག་རྟེན་ནོ། ་ཞེས་པའོ།། ལེགས་པའི་བློ་གྲོས་ལ་ནི།། སྨོན་ལམ་དག་ནི་མཐའ་ཡས་དང་། ལྷ་ལ་སོགས་པའི་སྐད་ཤེས་དང་། སྤོབས་པ་ཆུ་བོ་ལྟ་བུ་དང་། མངལ་དུ་འཇུག་པ་མཆོག་དང་ནི།། རིགས་དང་རུས་དང་ཆོ་འབྲང་དང་།། འཁོར ་དང་སྐྱེ་བ་དག་དང་ནི།། ངེས་འབྱུང་བྱང་ཆུབ་ཤིང་རྣམས་ནི།། ཡོན་ཏན་ཕུན་སུམ་ཚོགས་པ་ཡིན།། ཅེས་པ་སྟེ། ཆུ་བོ་ལྟར་ཡོངས་སུ་གང་བའི་སྤོབས་པ་དང་།། མངལ་དུ་འཇུག་པ་མཆོག་ལ་སོགས་པའི་ཕུན་སུམ ་ཚོགས་པ་དགུ་སྟེ།། དེ་ལ་རིགས་ནི་སྐྱེ་བོ་ཐམས་ཅད་ཀྱིས་བསྔགས་པའི་མངལ་དུ་འཇུག་པ་སྟེ། རྒྱལ་པོ་ལ་སོགས་པའོ།། རས་ནི་ཉི་མ་ལ་སོགས་པར་སྐྱེས་པའི་རུས་ལ། ཆོ་འབྲང་ནི་མ་ལ་སོགས་པ་དང་། འབྲལ་བའི ་གཉེན་ནོ།། རང་ལ་རྟེན་པ་ནི་འཁོར་ལ་བརྒྱ་བྱིན་ལ་སོགས་པ་མངོན་པར་དགའ་བ་ནི་སྐྱེ་བའོ།། གང་སངས་རྒྱས་ལ་སོགས་པས་ཡང་དག་པར་བསྐུལ་བ་ནི་ངེས་པར་འབྱུང་བའོ།། བྱང་ཆུབ་ཤི་ང་ནི་ཡིད་བཞིན་ནོར་བུ་དང་འདྲ ་བའི་ཨ་ཤྭཏྠ་ལ་སོགས་པའོ།། སངས་རྒྱས་ཀྱི་ཆོས་ཀྱི་ཆོས་ཐམས་ཅད་ཀྱི་ཡོན་ཏན་གྷི་ངོ་བོ་ཡོངས་སུ་རྫོགས་པའོ།། ཆོས་ཀྱི་སྤྲིན་ལ་ནི་ས་དགུ་འདས་ནས་ཡེ་ཤེས་ནི།། གང་གིས་སངས་རྒྱས་སར་གནས་པ།། དེ ་ནི་བྱང་ཆུབ་སེམས་དཔའི་ས།། བཅུ་པ་ཡིན་པ་ཤེས་པར་བྱ།། ཞེས་ཏེ། ས་ནི་རིགས་ཀྱི་ས་ལ་སོགས་པ་དགུ་སྟེ། དེ་ལ་རིགས་ཀྱི་ས་ནི་མྱ་ངན་ལས་འདས་པའི་རིགས་ཅན་རྣམས་ཀྱི་ངེས་པར་འབྱེད་པའི ་ཚེཆོ་དང་མི་ཐུན་པའི་གནས་སྐབས་སོ།། ཁ་ཅིག་ཏུ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་གསུམ་ལ་དཀར་པོ་རྣམ་པར་མཐོང་བའི་ས་ལ།། རིགས་ཀྱིས་ནི་ཆོས་མཆོག་གི་གནས་སྐབས་ཞེས་རྣམ་པར་བཞག་པ་སྟེ། ་དེ་འདིར་བསྒྲུབ་པར་མི་བྱའོ།། བརྒྱད་པའི་ས་ནི་རྒྱུན་ཏུ་ཞུགས་པཱའི་འབྲས་བུ་ལ་ཞུགས་པ་ཡིས་སོ།། མཐོང་བའི་ས་ནི་རྒྱུན་ཏུ་ཞུགས་པའིའོ།། བསྲབས་པའི་ས་ནི་ལན་ཅིག་ཕྱིར་འོང་བའི་འོ།། འདོད ་ཆགས་དང་བྲལ་བའི་ས་ནི་ཕྱིར་མི་འོང་བའོ།། བྱས་པ་དང་ཡེ་ཤེས་ཀྱིས་བྱས་པ་རྟོགས་པ་ནི་དགྲ་བཅོམ་པ་སྟེ། དེའི་ས་ནི་བྱས་པ་རྟོགས་པའི་སའོ།། ཞུགས་པ་པོ་རྣམ་པ་གསུམ་དང་དྲུག་པོ་རྣམས་བསྡུས་པ་ནི་ཉན་ཐོས ་ཀྱི་ས་ལའོ།། ཉན་ཐོས་ཀྱི་ས་ཐེག་པ་གསུམ་དུ་རྣམ་པར་བཞག་པ་ལ་དགོངས་ནས་བདུན་དུ་གསུངས་པའོ།། རང་སངས་རྒྱས་ཀྱི་ནི་རང་སངས་རྒྱས་ཀྱི་སའོ།། བྱང་ཆུབ་སེམས་དཔའི་ས་ནི་བྱང་ཆུབ་སེམས་དཔཱ་སི་སྟྭཾ། སྔོན ་དུ་བཤད་པའི་ས་དགུ་པོ་སྟེ། ས་དགུ་པོ་འདི་རྣམས་ཞེས་པ་ནི་སའི་ཚོགས་སོ།། འདིར་བྱང་ཆུབ་སེམས་དཔའ་མོས་པར་སྤྱོད་པོའི་ས་ལ་ཐེག་པ་ལ་དང་པོ་ཡང་དག་པར་རབ་ཏུ་ཞུགས་པའི་མོས་པ་དང་།། རབ་ཏུ་དགའ་བ་ལ ་ལྷག་པའི་བསམ་པ་རྣམ་པར་དག་པ་ཅན་འཇིག་རྟེན་ལས་འདས་པའི་སེམས་བསྐྱེད་པ་རྣམས་ཀྱི་སེམས་དང་པོ་བསྐྱེད་པ་ཅན་དང་། དེ་ལ་སོགས་པ་ནས་ས་བདུན་པ་རྣམས་ཡོངས་སུ་འབད་རྩོལ་དང་བཅས་པས་མཚན་མ་མེད ་པའི་སྤྱོད་པ་ལ་གནས་པ་རྣམས་དང་། ས་བརྒྱད་པ་ལ་སོགས་པ་ནས་ས་གསུམ་པོ་མཚན་མ་མེད་པར་ལྷུན་གྱིས་གྲུབ་པས་གནས་པ་ཅན་ངེས་པར་སྤྱོད་པ་ལ་ཞུགས་པའི་རྣམ་པར་སྨིན་པ་ཅན་དང་། སྐྱེ་བ་གཅིག་གིས ་ཐོགས་པ་ཁྱད་པར་གྱི་ལམ་ལ་ཉེ་བའི་སྐྱེ་བ་གཅིག་གིས་ཐོགས་པ་སྟེ། ངེས་པར་སྐྱེ་བ་གཅིག་གིས་རྒྱུ་བས་པར་ཆོད་པ་ནི་སངས་རྒྱས་ཀྱི་སའི་ཕྱིར། ཞེས་པ་ནི་རྣམ་པར་བཞག་པའོ།། གཉེན་པོའི་ཚོགས་ཀྱི་དབང་དུ་བྱས ་ནས་བསྟན་བནོས་ལས།། མཐོང་དང་གོམོས་པའི་ལམ་དག་ལ།། གཟུང་དང་འཛིན་པའི་རྣམ་རྟོག་རྣམས།། ཉེ་བར་ཞི་བར་བྱ་བའི་ཕྱིར།། གཉེན་པོ་རྣམ་པ་བརྒྱད་ཅེས་བྱ།། ཞེས་ཏེ། གོམས་པ་ནི་བསྒོམས་པས་སོ།། འཛིན་པ ་ནི་འཛིན་པ་པོ་སྟེ། རྩེ་མོའི་མངོན་པར་རྟོགས་པའི་འོ།། མཐོང་བའི་ལམ་གྱི་གཟུང་བའི་རྣམ་པར་རྟོག་པ་ནི་རྣམ་པ་གཉིས་ཏེ། དངོས་པོ་ཙམ་ལ་བརྟེན་པ་དང་། གཽཉེན་པོའི་ཕྱོགས་ལ་བརྟེན་པའོ།། འཛིན་པའི་རྣམ་པར་རྟོག ་པ་གཉིས་ནི་གང་ཟག་རྫས་ལ་བརྟེན་པ་དང་། གང་ཟག་བཏགས་པ་ལ་བརྟེན་པོའོ།། དེ་བཞིན་དུ་སྒོམ་པའི་ལམ་ལ་བརྒྱད་པོ་འདི་རྣམས་སྤྱོང་ལ་གཉེན་པོ་བརྒྱད་ནི་གཉེན་པོའི་ཚོགས་ཏེ། དེ་ལ་མཐོང་བའི་ལམ་ལ་དེ་བཞིན ་ཉིད་ལ་སོགས་པ་རྣམས་དང་། རྨི་ལམ་ལ་སོགས་པ་རྣམས་ཀྱིསྐུ་གཟུང་བའི་དངོས་པོར་དམིགས་པའི་རྣམ་པར་རྟོག་པ་སྟེ། དེ་རྣམས་ངོ་བོ་ཉིད་ཀྱིས་སྟོང་པར་རྟོགས་པ་ནི་གཉེན་པོའོ།། སྦྱིན་པ་ལ་སོགས་པ་ནས་སངས ་རྒྱས་ཀྱི་ཆོས་ཀྱི་བར་རྣམས་ལ་གཉེན་པོའི་གཉེན་པོར་ཉེ་བར་དམིགས་པའི་རྣམ་པར་རྟོག་པའོ།། དེ་རྣམས་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་ཞེས་པས་ཉེ་བར་དམིགས་པ་མེད་པ་ནི་གཉེན་པོའོ།། དགྲ་བཅོམ་པ་ལ་སོགས་པ ་རྣམས་ཀྱི་གང་ཟུག་རྫས་སུ་ཉེ་བར་དམིགས་པའི་རྣམ་པར་རྟོག་པའོ།། དེ་ལྟར་མི་དམིགས་པ་ནི་གཉེན་པོའོ།། མིང་དང་བརྡ་དང་ཐ་སྙད་ལ་སོགས་པ་ཉེ་བར་དམིགས་པ་ནི་རྣམ་པར་རྟོག་པ་ལ་དེ་ལྟར་མི་དམིགས ་པ་ནི་གཉེན་པོའོ།། བསྒོམ་པའི་ལམ་ལ་ནི་ཆོས་ཐམས་ཅད་ལ་མི་གནས་པའི་སྦྱོར་བས་མི་གནས་ཤིང་མི་གན་པ་ལ་ཡང་མ་ཡིན་ཏེ། ཆོས་ཀྱི་དབྱིངས་ཀྱི་རྣལ་འབྱོར་གྱིས་སོ།། ཞེས་པའི་དོན་ཏོ།། དེ་ལྟར་ན་གཟུང་བའི་དངོས་པོ་རྣམས ་ཉེ་བར་མི་དམིགས་པ་དང་། སྦྱིན་པ་ལ་སོགས་པ་རྣམས་ཀྱིས་གཉེན་པོའི་དངོས་པོ་མི་དམིགས་པ་དང་། རྒྱུན་ཏུ་ཞུགས་པ་ལ་སོགས་པོའི་གང་ཟག་གི་རྫས་མི་གནས་དམིགས་པ་དང་། རྒྱུན་ཏུ་ཞུགས་པ་ལ་སོགས ་པའི་གང་ཟག་བཏགས་པ་ལ་བརྟེན་པའི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སོགས་པ་རྣམས་མི་དམིགས་པའོ།། ངེས་པར་འབྱུང་བར་འགྱུར། ཞེས་པ་འདིས་ངེསྔ་པར་འབྱུང་བའི་སྒྲུབ་པའི་གོ་སྐྱབས་ཏེ། དེ་དག་གི་ངེས་པར་འབྱུང ་བ་ནི་མ་ལུས་པར་འགྲོ་བའི་སྒྲུབ་པ་སྟེ། རྩེ་མོའི་མངོན་པར་རྟོགས་པ་ནི་བསྒོམ་པའི་ལམ་གྱི་གོང་གི་ཇི་སྲིད་དུ་སེམས་བསྐྱེད་པ་ཉི་ཤུ་པ་ལ། དེའི་གོང་དུ་འབྲས་བུའི་གནས་སྐབས་སུ་བྱས་པའི་ངོ་བོ་སྒྲུབ་པ་མེད་པས་ངེས་པར་འབྱུང ་བའི་འབྲས་བུ་ངེས་འཐུང་ཐོབ་པ་སྟེ། དེ་ནི་ངེས་པར་འབྱུང་བའི་ཕྱིར་སྒྲུབ་པ་སྟེ། དེ་རྣམས་ཐམས་ཅད་ཀྱི་དབང་དུ་བྱས་པ་ནི་བསྟན་བཅོས་ལས།། ཆེད་དྲི་བྱ་དང་མཉམ་ཉིད་དང་།། སེམས་ཅན་དོན་བྱི་འབད་མེད་དང་།། ཤིན་ཏུ ་ངེས་པར་འབྱུང་བ་དང་།། ངེས་འབྱུང་ཐོབ་པའི་མཚན་ཉིད་དང་།། རྣམ་པ་ཐམས་ཅད་མཁྱེན་ཉིད་དུ།། ངེས་འབྱུང་ལམ་གྱི་སྤྱོད་ཡུལ་ཅན།། རྣམ་པ་བརྒྱད་ཀྱི་བདག་ཉིད་ནི།། དེས་འབྱུང་བསྒྲུབ་པ་ཡིན་ཞེས་བྱ། ཞེས་ཏེ། དེ་རྣམས་གསུངས ་པ་ནི། དེ་སྐད་ཅེས་བཀའ་སྩལ། ཅེས་པ་ལ་སོགས་པ་སྟེ། གང་གི་ཕྱིར་འཇིག་རྟེན་ཟིལ་གྱིས་མནན་ནས་བྱང་ཆུབ་སེམས་དཔའ་ངེས་པར་འབྱུང་བར་འགྱུར་ཏེ། དེའི་ཕྱིར་ཐེག་པ་འདི་ལ་ཐེག་པ་ཆེན་པོ་ཞེས་བརྗོད་དོ།། ཅིའི་ཕྱིར་འདིས ་འཇིག་རྟེན་ཟིལ་གྱིས་མནན་པ་ཡིན་ན། དེ་ཐོབ་པས་བདག་ཉིད་ཆེན་པོ་ཐོབ་པའི་ཕྱིར་རོ།། དེ་ཡང་ཇི་ལྟར་ན་སེམས་ཅན་གྱི་ཕུང་པོའི་མཆོག་ཉིད་དུ་སྒྲུབ་པ་ལ་སེམས་ཅན་ཆེན་པོ་དང་། སྤོང་བ་ཆེན་པོ་དང་། རྟོགས་པ་ཚ་བས་ཆེན་པོའོ། ་ཞེས་པ་ནི་ཚད་དུ་བྱེད་པའི་ངེས་པར་འབྱུང་བ་སྟེ། དེའི་ཐེག་པ་ནི་ཆེན་པོ་བརྗོད་ཅིས་དང་འབྲལ་ཏོ་ཇི་ལྟར་ན་མཉམ་པ་ཉིད་ནི། ཇི་ལྟར་ན་མཁའི་ཕྱོགས་ཀྱི་དབྱེ་བས་ཕྱེ་ཡང་དོན་དམ་པར་ངོ་བོ་ཉིད་མེད་པ་ཁ་དོག་མེད་པ་དབྱིབས་མེད ་པ། བསྟན་དུ་མེད་པ་ཐོགས་པ་མེད་པ་མཐའ་མེད་པ་དབུས་མེད་པ། ཉམས་པ་མེད་པ་འཕེལ་བ་མེད་པ་སྐྱེ་བ་མེད་པ་འགག་པ་མེད་པ། འདོད་པོ་དང་གཟུགས་དང་གཟུགས་མེད་པའི་ཁམས་དང་མི་ལྡན་པ་དེ་བཞིན་དུ་ཐེག་པ ་ཆེན་པོའོ།། ཞེས་པ་ནི་མཉམ་པ་ཉིད་ཀྱི་ངེས་པར་འབྱུང་བའོ།། ནམ་མཁའ་གོ་ཕྱེ་བའི་ནང་དུ་འདུས་པའི་ཕྱིར་ཏེ། ཐེག་པ་ཆེན་པོ་ཡང་དེ་བཞིན་དུ་སྟེ། དེས་དེ་རྣམས་ཀྱི་དོན་བྱེད་པའི་ཕྱིར་རོ།། འཇིག་རྟེན་གྱི་ཁམས་རྣམས་དང་། ཕྱོགས ་རྣམས་གྲངས་ཀྱིས་ཡོངས་སུ་མ་བཅད་པའི་ཕྱིར་ན་གཞལ་དུ་མེད་པ་དང་། བགྲང་བ་མེད་པ་དང་། ཚད་མེད་པའོ།། རྣམ་གྲངས་འདིས་ནི་བྱེ་བྲག་གིས་སོ།། ཇི་ལྟར་ན་དེ་སྲིད་དུ་དུ ་རྣམས་ཀྱི་གོ་འབྱེད་ན། གང་ཞིག་སེམས་ཅན་དང་ན་མཁའ་དང་ཐེག་པ་ཆེན་པོ་དང་། ཆོས་ཐམས་ཅད་ནི་དོན་དམ་པར་ངོ་བོ་ཉིད་ཀྱིས་སྟོང་།། དེ་བཞིན་དུ་སེམས་ཅན་འདི་རྣམས་ནི་ཐེག་པ་ཆེན་པོས་གོ་འབྱེད་ཅེས ་པ་ནི་སེམས་ཅན་གྱི་དོན་གྱི་ངེས་པར་འབྱུང་བའོ།། འོང་བ་ནི་འོང་ལ་འགྲོ་བ་ནི་འགྲོ་བའོ།། གནས་ངང་འགྲོ་བ་དང་ལྡོག་པ་སུམ་ཆར་ཐེག་པ་ཆེན་པོ་ལ་ཡོད་པ་མ་ཡིན་ནོ།། ཆོས་རྣམས་ཐམས་ཅད་མི་བསྐྱེད་པ་ནི ་གང་ཞིག་དེ་རྣམས་ཀྱི་ངོ་བོ་རང་བཞིན་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་པས། གང་ནས་འོངས་པ་མེད་ཅིང་གང་དུ་འགྲོ་བ་ཡང་མེད་ལ་གང་དུ་གནས་པ་ཡང་མ་ཡིན་ནོ།། ཡོངས་སུ་རྫོགས་པ་ལ་ལོངས་སྤྱོད་ཅེས་པོ་ནི་ལྷུན ་གྱིས་གྲུབ་པའི་ངེས་པར་འབྱུང་བའོ།། དེ་བཞིན་དུ་ཞེས་པ་ནི་ནམ་མཁའ་ལའོ།། སྔོན་གྱི་མཐའ་ནི་འདས་པའི་དུས་སོ།། ཕྱི་མའི་མཐའ་ནི་མ་འོངས་པའོ།། དབུས་ནི་ད་ལྟར་བྱུང་བའོ།། ཇི་ལྟར་དུས་གསུམ ་མཉམ་པ་ཉིད་ནི་གང་ལ་དུས་གསུམ་མེད་པས་དུས་གསུམ་མཉམ་པ་ཉིད་དེ།། ཐེག་པ་ཆེན་པོ་དང་བྱང་ཆུབ་སེམས་དཔའ་ཡོད་རང་བཞིན་གྱིས་སྟོང་ལ། སྟོང་པ་ཉིད་ལ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར ་བྱུང་བ་ཡང་མེད་ལ། དེ་ལྟ་ཀུན་ནས་ཉོན་མོངས་པ་དམིགས་སུ་མེད་དོ།། རྣམ་པར་བྱུང་བ་མེདོ།། འཁོར་བ་མེད་དོ།། མྱ་ངན་ལས་འདས་པ་མེད་དོ།། ཞེས་པའི་མཐའ་མེད་པ་ནི་ཤིན་ཏུ་ངེས་པར་འབྱུང་བའོ།། དེ་ནས་ཞེས ་པ་ལ་སོགས་པ་ནི་ཐོབ་པའི་ངོས་འབྱུང་གཱི་གོ་སྐྱབས་ཏེ། ཐམས་ཅད་མཁྱེན་པ་ཉིད་ཅེས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ།། རྗེས་སུ་མཐུན། ཞེས་པ་ནི་ཁྱེད་ཀྱིས་ཆོས་ཐམས་ཅད་ཐེག་པ་ཆེན་པོ་ཞེས་པའི་ངོ་བོ ་ཉིད་མེད་པར་བསྟན་པ་དེའི་ནང་དུ་འདུས་པའི་ངོ་བོ་ཉིད་མེད་པའི་ཡེ་ཤེས་ལྀ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་བས་ན་རྗེས་སུ་མཐུན་པར་བསྟན། ཞེས་པར་དགོངས་པའོ།། གཞན་ཡང་ཞེས་པ་དང་། དེ་ཅིའི་སླད ་དུ། ཞེས་པ་དང་། གཟུགས་ཞེས་པ་དང་། དེ་བཞིན་དུ་ཞེས་པ་དང་། སངས་རྒྱས་ཞེས་པ་དང་། ཇི་ལྟར་ཞེས་པ་དང་། དེ་བཞིན་དུ་ཤེས་པ་དང་། ཇི་ལྟར་ཞེས་པ་དང་། དེ་བཞིན་དུ་ཞེས་པ་དང་། དེ་ཅིའི་དུཞེས་པ་དང་། ་མེད་ཅེས་པ་དང་། དེ་ཡང་ཞེས་པའི་ཚིག་བཅུ་གཉིས་པོ་རྣམས་ནི་རང་བཞིན་གྱིས་ཐོབ་པའི་ངེས་པར་འབྱུང་བའི་དངང་དུ་བྱས་པ་ལ། དེ་རྣམས་ཀྱིས་ཐོད་པའི་ཁྱད་པར་བཅུ་གཉིས་གསུངས་པ་ནི། དེ་ལ་ཆོས་ཐམས་ཅད ་ལ་མངོན་པར་ཞེན་པ་མེད་པ་ལ་གོམས་པ་མཐར་ཕྱིན་པ་དེ་རྣམས་ཀྱིས་མངོན་པར་ཞེས་པ་སྐྱེ་བའི་སྒྲིབ་པ་དང་བཅས་པའི་ཕུང་པོ་ལྔ་པོ་རྣམས་ཐམས་ཅད་དུ་ལོག་ནས་སློབ་པ་མེད་པའི་ཀུན་རྫོབ་ཀྱི་ཚུལ་གྱིས་སྐྱེ་བའི་རྣམ་པ་ཐམས ་ཅད་མཁྱེན་པ་ཉིད་ནི་བྱང་ཆུབ་སེམས་དཔས་ཐོབ་པར་འགྱུར་རོ།། ཞེས་པ་ནི་བསྡུས་པའི་དོན་ཏོ།། སོ་སོ་དོན་བཅོམ་ལྡན་འདས་ཀྱིས་གསུངས་པ་བརྗོད་དོ།། ཐེག་པ་ཆེན་པོ་འདིར་སློབ་པ་ཉིད་ཅེས ་བ་ནས་ཇི་སྲིད་དུ་རྗེས་སུ་ཐོབ་པར་འགྱུར་ཞེས་པའི་བར་ཏེ། དེ་ལ་སྔོན་གྱི་མཐའ་ལ་སོགས་པ་ཐམས་ཅད་ཀྱིས་གཉིས་སུ་བྱར་མེད་པས་དེའི་ཕྱིར་མེད་ཅིང་འགྲོ་བ་མེད་པའོ།། དེ་ཅིའི་ཕྱིར་ཞེས་པ་ནི། དེའི་སྔོན་གྱི་མཐའ་ནི་སོགས ་པ་རྣམས་ནི་གང་དུ་ཡང་མེད་པ་ཉིད་དེ། གང་གི་ཕྱིར་གཟུགས་ལ་སོགས་པ་ནི་ན་མཁའ་དང་མཉམ་པ་སྟེ། གཟུགས་ལ་སོགས་པ་ངོ་བོ་ཉིད་ཀྱིས་སྟོང་པས་འདིར་ཕྱི་མའི་མཐའ་དང་། སྔ་མ་དང་ཕྱི་མའི་མཐའི་དབུས་དང་བྲལ་བ ་ལ་དེ་བཞིན་དུ་བྱང་ཆུབ་སེམས་དཔའོ།། མེད་ཅིང་མི་དམིགས་པ་ནི་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཉེ་བར་གཟུང་བས་སོ།། བྱང་ཆུབ་སེམས་དཔའི་ཆོས་ཞེས་པ་ནི་བྱང་ཆུབ་སེམས་དཔར་བསྒྲགས་པའི་གཟུགས་ལ་སོགས་པའི་ཕུང ་པོ་ལྟའོ།། ཐམས་ཅད་ནས་ཞེས་པ་ནི་ཕུང་པོ་དང་ཁམས་ལ་སོགས་པའི་སྡེ་ཚན་གྱི་དབྱེ་བས་སོ།། ཐམས་ཅད་ཇི་ལྟར་གྱུར་པའི་ཡོངས་སུ་རྫོགས་པའི་ཆ་ཤས་ཀྱི་སྡེ་ཚན་རྣམས་ཀྱིའོ།། ཡང་ཐམས་ཅད་ཅེས་པ་ནི་སྔ་དེ་རྣམས་ཀྱི ་རེ་རེའི་ཐམས་ཅད་དོ།། རྣམ་པ་ཐམས་ཅད་ནི་རང་རང་གིས་སྟོང་པའི་ཕྱིར་རོ།། ཐམས་ཅད་ཤེས་པ་ཉིད་ནི་རྣམ་པ་ཐམས་ཅད་ཤེས་པ་ཉིད་དོ།། ཆོས་གང་ནི་བྱང་ཆུབ་སེམས་དཔའ་ལ་བརྗེད་དོ།། ཆེས་གང་གིས་ནི་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པར་བསྒྲགས་པས་སོ།། ཆོས་གང་ལ་ནི་རྣམས་པ་ཐམས་ཅད་མཁྱེན་པ་ཉིད་དུ་བསྒྲགས་པའི་ཐོབ་པར་བྱ་བ་ལའོ།། གདམས་པར་བགྱི་བ་ན་མེད་པ་ཉིད་ཅེས་པའི་དོན་ཏེ། དེ་ལྟར་གདམས་པ་མེད་པ་ལ་ཛྷ་སུ་གནས ་པ་མང་པོ་གང་གིས་ཀྱང་བཅུང་ཞིག་ཐོབ་པ་མེད་ཅིང་ཞེས་པའི་དོན་ཏོ།། སངས་རྒྱས་ཞེས་བྱ་བ་ནི་སངས་རྒྱས་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ།། མིང་དུ་གཏོགས་པ་ཙམ་སྟེ། དོན་གྱིས་སྟོང་པའི་མིང་ངོ་།། མངོན་པར་མ ་གྲུབ་པ་མེད་པ་ནི་མིང་དུ་བཏགས་པ་ཉིད་པས་གྲུབ་ལ། འདིར་མངོན་པར་མ་གྲུབ་པའི་བྱང་ཆུབ་སེམས་དཔའི་མིང་མ་གྲུབ་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམས་ཐོབ་པ་མ་ཡིན་ནོ་ཞེས་པའི་དོན་ཏོ།། དེ་བཞིན་དུ་ཆོས་ལ ་བདག་མེད་པའི་སྒོ་ནས། མིང་གི་སྒོ་ནས་ཐོབ་པ་བཀག་ནས། གང་ཟག་ལ་བདག་མེད་པོའི་སྒོ་ནས་ཐོབ་པ་བཀག་ནས་གང་ཟག་ལ་བདུག་མེད་པའི་སྒོ་ནས་དགག་པ་གསུངས་པ་ནི། ཅི་ལྟར་ཞེས་པ་ལ་སོགས་པ་སྟེ། ཤིན་ཏུ་མེད ་པ་ནི་མཐའ་གཅིག་ཏུའོ།། མངོན་པར་མ་གྲུབ་པ་ནི་ཡང་དག་པ་མ་ཡིན་པའོ།། དེ་བཞིན་དུ་ཤེས་པ་ལ་སོགས་པ་སྟེ། དངོས་པོ་མེད་པའི་ངོ་བོ་ཉིད་ཅེས་བུ་འདི་རྣམས་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ནི་ངོ་བོ་ཉིད་མེད་ཅེས་པའི་དོན་ཏོ།། ། ་གང་ཞག་གཟུངས་པ་དང་འཛིན་པ་དང་བྲལ་བ་ལ་འཇུག་པ་མེད་པ་འམ། མ་སྐྱེས་པ་དང་གཟུགས། ཞེས་པ་ནས་ཇི་སྲིད་དེ་རྣ་ཤེས་པ་ཇི་ལྟར། ཞེས་པའི་བར་ནི་ཡོད་པ་ཉིད་མ་ཡིན་ནོ།། ཞེས་པའི་དོན་ཏོ།། གང་ཞིག་ཀུན ་རྫོབ་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་རྣམས་ཀྱི་དངོས་པོ་མེད་པ་ཉིད་ཀྱི་ངོ་བོ་ཉིད་སྟོང་པ་ཉིད་དེ་ནི་མངོན་པར་འཇུ་ག་བ་མེད་པ་སྨྲ་བ་མེད་པ་དེ་ཁོ་ན་ཉིད་དུ་ང་ནི་དོན་དམ་པའོ།། དེ་མང་ཅས་པ་རྒྱུ ་དབྱང་མེང་པ་དགག་ལ། དེ་ཛེ་སྒྱུམ། ཞེས་པ་ལྔ་སོགས་པས་ནི་དབྱེངས་ཏེ། མངོན་པར་གྲུབ་པ་མེད་པའི་སྟོང་པ་ཉིད་ཙམ་པོའི་བྱང་ཆུབ་སེམས་དཔའ་ལ་མངོན་པར་མ་གྲུབ་པའི་སྟོང་པ་ཉིད་ཙམ་པོའི་གདམས་པར་བགྱི་བའོ།། ་གྲོང་དུ་ཡང་ཡོད་པ་མིན་ཞེས་པ་སྟེ། དོན་དམ་པའི་དེ་ཁོ་ན་ཉིད་ནི་ཐ་དོད་པ་དང་ཐ་མི་དད་པ་ལ་སོགས་པའི་སྒྲོ་བཏགས་པ་མ་ལུས་པ་དང་བྲལ་བའི་དེ་བོའི་ཕྱིར་རོ།། གཞན་དུ་ཡང་མེད་ཅེས་པ་ནི་ཀུན་རྫོབ་དང་དོན་དམ་པ་དག་རོ་གཅིག ་པའི་ཕྱིར་རོ།། དེ་ཉིད་ཀྱིས་ན་འཕགས་པས་ཀུན་རྫོབ་ལ། རྟེན་ཅིང་འབྲེལ་བར་འབྱུང་བ་གང་།། ད་ནི་སྟོང་པ་ཁོ་ནར་བཞེད།། དངོས་པོ་རིང་དབང་མེད་ཅེས་པའི།། སེང་གེའི་སྒྲ་ཁྱོད་དང་མཉམ་མེད་ཅེས་པ་དང་།། རང་དབང་མེད་པ་འདིར། ་ཡང་འཕགས་པས་གང་ཕྱིར་རྟེན་འབྱུང་མ་ཡིན་པའི། ཆོས་འགའ་གང་དུ་ཡོད་མིན་པས།། དེ་ཕྱིར་སྟོང་པ་པ་ཡིན་པའི།། ཆོས་འགའ་གང་ན་ཡོད་པ་མིན།། མཁའ་སོགས་རྣམས་ལ་མཁས་མིན་གྱི།། འཇིག་རྟེན་པ་ཡིས་དེ་རྣམས་ལ ་རྟག་དང་མི་རྟག་འགྱུར་ཀྱང་།། མཁས་པས་དོན་དུ་མཐོང་བ་མེད་ཅེས་ཏེ། ཆོས་ཐམས་ཅད་ནི་ཕུང་པོ་ལ་སོགས་པའོ།། སངས་རྒྱས་ཀྱི་ཆོས་ནི་ཐོབ་པར་བྱ་བའི་སྟོབས་དང་མི་འཇིགས་པ་ལ་སོགས་པའོ།། བྱང་ཆུབ་སེམས་དཔའི་ཆོས ་ནི་སྔོན་དུ་ཐོབ་པའི་ཡོན་ཏན་རྣམས་སོ།། གང་ཞིག་རིག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་འོ།། སེམས་དང་བར་མི་འགྱུར། ཞེས་པ་ལ་སོགས་པའི་ཚིག་ལྔ་རྣམས་ཀྱིས་ནི་ཞི་གནས་ཀྱི་རྣམ་པ་ལྔ་གསུངས་པའོ།། ཕྱིར་ཕྱོགས་པར་མི ་བྱེད་ཅེས་པའི་ཚིག་བཞི་པོ་འདི་དང་། ཞི་བར་བྱེད་ཉེ་བར་ཞི་བར་བྱེད་ཅེས་པ་ནི་སེམས་པ་ལ་གཅིག་ཏུ་བྱས་ནས་མཉམ་པར་འཛིན་པར་བྱེད་ཅེས་པ་སྟེ། འདི་རྣམས་ཀྱིས་ནི་ངོ་བོ་མེད་པ་ལ་མཉམ་པར་བཞག་པའི་སེམས་ཕྱིར་ཉམས་པར ་གྱུར་ནས་དངོས་པོ་ལ་ཆགས་པར་འགྱུར་བ་མ་ཡིན་པའོ།། འདིར་བཞིས་རྗེས་ལ་ཉམས་པར་དཀག་ནས་ཡིད་རྫས་ལ་ཉམས་པར་མི་འགྱུར་བའོ།། དེ་ལྟར་ཚིག་དྲུག་གིས་ནི་ཞི་གནས་ཀྱི་ཚིག་དགུ་གསུངས་པའོ།། སྒྲོག་པར་མི་འགྱུར། ་ཞེས་པ་ལྷག་མཐོང་ལ། མི་དངང་། ཞེས་པ་ལ་སོགས་པ་ཚིག་གཉིས་ཀྱིས་ནི་ཟུང་དུ་འབྲེལ་པའི་ལམ་གསུངས་པའོ།། དེ་ལྟར་ན་ཏིང་ངེ་འཛིན་ལ་སྐྲག་པར་མི་འགྱུར། ཞེས་པ་ནི་ཞེ་གནས་ཀྱི་ཆ་ལ། ཡང་དག་པར་རབ་ཏུ་ཤེས་པས ་ཀུན་ཏུ་སྐྲག་པར་མི་འགྱུར་བ་དང་། ཀུན་ཏུ་སྐྲག་པ་དང་ལྡན་པར་མི་འགྱུར། ཞེས་པ་ནི་ལྷག་མཐོང་ག་ཆའོ།། སྤྱོད་ཅེས་པ་ནི་བསྟན་པ་ལ་ལྷག་མ་ནི་བཤད་པའོ།། སྒོམ་པའོ་ཞེས་པ་ནཱི་ཞི་གནས་ཀྱིས་སོ། ཉེ་དར་རྟོགས་པ་ནི ་ལྕུག་མཐོང་གིས་ཏེ། ངོ་བོ་ཉིད་མེད་པའི་རྣམ་པ་ཡིས་སོ།། ངེས་པར་སོམས་པ་ནི་ཉེ་བར་རྫོགས་པར་བྱས་ནས་མཁས་པ་རྣམས་ཀྱིས་ཟུང་དུ་འབྲེལ་པའི་ལམ་གྱིས་སེམས་པར་བྱེད་པ་སྟེ། འདིར་འབད་པ་ནི་དེ་ཅིའི་ཕྱིར་ཞེས་པ་ནི་འདྲལ ་ལ། གང་གི་ཆ། ཞེས་པ་ལ་སོགས་པ་ནི་ལན་ནོ།། ཆོས་ནི་ཚྭས་ཐམས་ཅད་དོ།། ཤེས་རབ་ཀྱི་ཕ་རོལ་ཏུ་བྱོན་པ་ལ་ཞེས་པ་ནི་མངོན་སུམ་དུ་གྱུར་པ་ལའོ།། ཉེ་བར་མི་རྟོག་ཅེས་པ་ནི་ཉེ་བར་མི ་དམིགས་པའོ།། ཉེ་བར་མི་འཛིན་པ་ནི་རྣམ་པར་རྟོག་པར་མི་བྱེད་དེ། རྣམ་པར་མི་རྟོག་པའི་ཕྱིར་རོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་པས་ངོ་བོ་ཉིད་ལ་རྣམ་པར་རྟོག་པ་རྣམས་བཀག་ནས་ཁྱད་པར་ལ་རྣམ་པར་རྟོག་པ ་དགག་པའི་ཕྱིར་གསུངས་པ་ནི། གཟུགས་སྐྱེ་བར་ཡང་དག་པར་རྗེས་སུ་མི་མཐོང་ཞེས་པ་ལ་སོགས་པ་སྟེ། དོན་དམ་པར་ན་སྐྱེ་བ་ལ་མི་སྦྱོར་བས་ན་གང་དུ་འགག་པ་ཡང་ཡོད་པ་མ་ཡིན་ནོ།། དེ་བཞིན་དུ་ཞུས་པ་ལ་སོགས་པ་ནི ་གཟུགས་ལ་སོགས་པ་ལ་མ་སྐྱེས་པ་དང་། མ་འགགས་པ་དག་གི་དབྱེ་པ་མེད་པའི་དགག་བྱར་བྱ་བ་ལ། དབྱེ་བ་དགག་པའི་ཕྱིར་གསུངས་པ་ནི། དེ་ལྟར་ཞེས་པ་ལ་སོགས་པའོ།། འོ་ན་གཟུགས་ལ་སོགས་པ་ལ་རང་བཞིན ་མེད་པས་གཉིས་སུ་མེད་པའི་དངོས་པོ་མི་འཐད་ཅེ་ན། གསུངས་པོ་ནི། གང་ཡང་ཞེས་པ་ལ་སོགས་པ་སྟེ། གང་དུ་ཀུན་རྫོབ་ཀྱི་ངོ་བོ་གཟུགས་ལ་སོགས་པའི་ཕུང་པོ་ལྔ་པོ་ནི་སྐྱེ་བར་བྱེད་ལ། དོན་དམ་པར་དངོས་པོ་མེད་པའི ་མཚན་ཉིད་ཀྱི་སྐྱེ་བ་མེད་པ་དང་ཟད་པ་མེད་པ་དག་རོ་གཅིག་པས་གཉིས་སུ་མེད་དེ། གཉིས་སུ། ཞེས་པ་ནི་གཉིས་ཀྱི་དངོས་པོ་མེད་པའོ།། གཉིས་སུ་བྱར་མེད་པ་ན་གཞན་དུ་རྣམ་པ་གཉིས་ཀྱི་ངོ་བོ་དང་བྲལ་བ་ལ་བྱེད་པ་པོའི ་ཚད་མ་མེད་ཅེས་པའོ་ཞེས་པ་ནི་གཞན་དག་གི་སྟེ། ཐོབ་པའི་དེས་འབྱུང་ངོ་།། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངེས་པར་འབྱུང་བ་བསྟན་པར་འདོད་ནས་གསུངས་པ་ནི། དེ་བཞིན་དུ་བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་སྟེ། ་དེ་བཞིན་དུ་ནི་རྣམ་པ་ཐམས་ཅད་ཅེས་པ་དང་འབྲལ་ཏོ།། བྱ་བའི་ཁྱད་པར་ལས་འདིའི་དོན་ནི་སྔ་མ་བཞིན་ནོ།། དེས་ན། ཞེས་པ་ནི་གང་གིས་གཉིས་སུ་མེད་པར་འདི་རྣམས་བགྲང་བར་བྱས་པའི་རྒྱུ་མཚན་དེས་ནའོ།། དེའི་སྐྱོན་གསུངས ་པ་ནི། གལ་ཏེ་ཡང་ཞེས་པ་ལ་སོགས་པ་སྟེ། དཀའ་བའི་ལས་ཀྱིས་སྤྱོད་པ་པོསུ་སྤྱོད་པ་གང་དྭ་ཅིའི་ཕྱིར་སྤྱོད་པར་འགྱུར་བ་ནི་སྤྱོད་པའི་བརྩོན་འགྲུས་ཀྱིས་སོ།། ཆུང་ངུའི་དོན་ལའོ།། དཀའི་བ་ནི་ལག་པ་དང་རྐང་པ་དང་མགོ་དང ་ལུས་གཏོང་བ་ལ་སོགས་པ་རྣམས་ཀྱིའོ།། དེ་དག་ཉམས་སུ་མྱོང་བར་བྱེད་པའི་ཅིའི་ཕྱིར་སྤྲོ་བ་ནི་གོ་ཚེའི་བརྩོན་འགྲུས་ཀྱིས་སོ།། དེ་ལ་སྤྱོད་པ་མེད་ཅིང་དམིགས་པ་མེད་ཅེས་པ་ནི་རྒོལ་བ་ལ། དེ་སྐད་ཅེས། ཞེས་པ་ལ་སོགས ་པ་ནི་རབ་འབྱོར་གྱི་ལན་ནོ།། དེ་ལ་ཐོག་མ་འདྲིས། ཞེས་པ་ལ་སོགས་པ་སོ་ནི་ཁས་བླངས་པས་སོ།། ཅི་ལྟར་མི་འདོད་པར་འགྱུར་ཏེ། དོན་ངོམ་པར་ནི་སྐྱེད་པར་བྱེད་པ་མི་འཐད་ལ། ཀུན་རྫོབ་ཏུ་ནི་དཀའ་བའི་འདུ་ཤེས་ཀྱིས ་དཀའ་བར་སྤྱོད་པ་ཡིད་ལ་གཅགས་པས་ནི་རྫོགས་སངས་ལས་རྣམ་པར་ལྡོག་པར་འགྱུར་བ་སོ།། ཡང་མི་འགྱུར་ཞེས་པ་ལ་སོགས་པའི་ལན་གཉིས་པ་ནི་མོ་འགྱུར་བ་ནི་རྫོགས་པར་མི་འགྱུར་བའོ།། འོན་ཀྱང་ཞེས་པ་ལ་སོགས ་བའི་ལན་གསུམ་པ་ནི། སྡུག་བསྔལ་ཐམས་ཅད་ཅེས་པ་ནི་ཟག་པ་དང་བཅས་པ་ཐམས་ཅད་ཀྱི་ཕུང་པོ་ལྔ་པོ་དེ་རྣམས་ཐམས་ཅད་ལས་གྲོལ་བར་བྱའོ།། ཐམས་ཅད་ནས་ནི་ཁམས་དང་འགྲོ་བ་དང་གང ་ཞིག་གཞན་ལ་སོགས་དབྱེ་བས་སོ།། ཐམས་ཅད་ནི་ཇི་ལྟར་གྱུར་པའི་སྡུག་བསྔལ་གསུམ་པོ་རྣམས་ཀྱིས་སོ།། རྣམ་པ་ཐམས་ཅད་ནི་དམིགས་པ་རྣམས་ཐམས་ཅད་ཀྱིས་སོ།། ཐམས་ཅད་ནི་ལྷག་མ་ལུས་པར་སྒྲོལ་བར་བྱ་བའོ།། ་སྡུག་བསྔལ་གྱི་ཕུང་པོ་ནི་སྡུག་བསྔལ་གྱི་ཚོགས་ཏེ། སེམས་ལ་སོ་སོར་རབ་ཏུ་སྐྱོན་ཏེ། ཁོང་ཁྲོ་བའོ།། གཞན་ཡང་ཞེས་པ་ལ་སོགས་པའི་ལན་བཞི་པ་ནི་ཐམས་ཅད་ནས་ནི་བདག་དང་སེམས་ཅན་དང་སྲོག་དང་གསོ་བ་དང་སྐྱེས། ་བུ་ལ་སོགས་པའི་དབྱེ་བས་སམ། མངོན་སུམ་ལ་སོགས་པའི་ཚད་མས་སོ།། ཐམས་ཅད་ནི་ཇི་ལྟར་གྱུར་པའི་སྣང་བ་དང་མི་སྣང་བ་ཕྱེ་བའི་ཁྱབ་པ་དང་། ཅིག་ཤེས་གཉིས་ཀྱི་ངོ་བོའོ།། རྣམ་པ་ཐམས་ཅད་ནི་ཕུང་པོ་ལ་སོགས་པ ་རྣམས་ལས་ཐ་དད་ཀྱིས་ཇི་ལྟར་ཐ་མི་དད་པས་སོ།། ཐམས་ཅད་ནི་ཇི་ལྟར་གྱུར་པའི་སོ་སོའི་སྡེ་ཚན་སོ་སོ་བ་དང་བསྡུས་པ་དེ་རྣམས་ལ། བྱེད་པ་པོ་ལ་སོགས་པ་འམ། ངོ་བོ་ཉིད་དུ་དེ་ལྟར་ཆོས་ཐམས་ཅད་ཡོད་པ་མ་ཡིན་ནོ།། ཐམས ་ཅིད་ཀྱིས་ནི་ཕུང་པོ་དང་ཁམས་ལ་སོགས་པའི་སྡེ་ཚན་གྱི་དབྱེ་བས་སམ་རང་གི་མཚན་ཉིད་ལ་སོགས་པས་སོ།། ཐམས་ཅད་ནི་ཆ་ཤས་ཐམས་ཅད་ལས་ཇི་ལྟར་གྱུར་པའི་སྡེ་ཚན་རྣམས་ཀྱི་ཆ་ཤས་ཡོངས་སུ་རྫོགས་པའི་ཕྱིར ་རམ། ཕྱི་རོལ་དང་ནང་གི་བདག་ཉིད་ཅན་ནོ།། ཡང་ཐམས་ཅད་ནི་ཇི་ལྟར་གྱུར་པའི་སྡེ་ཚན་ལ་སོགས་པ་དེ་ཐམས་ཅད་ཅེས་པའི་དོན་ཏོ།། རྣམ་པ་ཐམས་ཅད་ནི་དབྱེ་བ་དེ་ཐམས་ཅད་ཀྱི་བདག་ཉིད་གང་མ་ལུས་པ་བསྡུས་པ ་དེ་རྣམས་ཐམས་ཅད་ལ།། ཞེས་པའི་དོན་ཏོ།། དེ་ཉིད་ལ་དཀའ་བ་སྤྱོད་པ་ཅན་གྱི་སྤྱོད་པ་མེད་པར་ཐལ་བྱར་འགྱུར་བ་ལ་ལན་རྣམ་པ་བཞི་གསུངས་པ་སྟེ། བཞི་གོས་ཀྱང་དེ་ལྟར་གསལ་བར་བྱ་བ་ནི་དཀའ་བ་སྤྱོད་པ་པོ ་ཡང་སྐྱེ་བ་མེད་པའི་དེ་ལྟ་བུའི་དེ་ཁོ་ན་ཉིད་ལ། དེ་ལྟར་དེ་ཁོ་ན་ཉིད་དུ་མཐོང་པོ་ཉིད་ཀྱིས་དེ་ལྟར་སྤྱོད་པར་བྱ་བའོ།། གང་དུ་ནི་འདི་ནུས་པར་གྱུར་ནི་འབྲས་བུ་ཆེན་པོར་འགྱུར་ཞེས་པའོ།། རྣམ་པ་ཐམས་ཅད་དུ ་ཆོས་ཐམས་ཅད་ལ་རྣམ་པར་རྟོག་པ་བཀླག་ཅིང་བཅོམ་པའི་ཕྱིར་གནས་བརྟན་ནོ།། གང་ཡང་ཚེ་དང་ལྡན་པོ། ཞེས་པ་ལ་སོགས་པ་ནས་བརྩམས་པའི་སྒྲ་ནི་དེ་ལྟར་ལྔ་ནས་བཤད་དོ།། འདིར་ནི་ཐམས་ཅད་ཤེས ་པ་ཉིད་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་སངས་རྒྱས་ཀྱང་ངོ་ཞེས་པའི་དོན་ཏོ།། ཐམས་ཅད་མཁྱེན་པའི་ཆོས་རྣམས་ནི་སངས་རྒྱས་སུ་བྱེད་པ་པོའི་ཆོས་རྣམས་སོ།། སྐྱེ་བ་མེད་པ་ནི་འཕགས་པའི་ལམ་མོ།། ་སོ་སོ་སྐྱེ་བོའི་ཆོས་རྣམས་ནི་འདོད་ཚོགས་པའོ།། དེ་ཐོབ་པའི་རྣམ་པར་རྟོག་པ་འགག་པའི་དོན་དུ་གསུངས་པ་ནི། དེ་སྐད་ཅེས་སྨྲས་པ་དང་། ཞེས་པ་ལ་སོགས་པ་ནས་ཇི་སྲིད་དུ་སྤོང་བས་སམ་ཞེས་པའི་བར་དུའོ།། ཐམས ་ཅད་མཐུན་པ་ཉིད་ཅེས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ།། རྗེས་སུ་སྤྱོད་ཅས་པ་ན་གདོད་ནས་དང་ལྟར་དེ་ཐམས་ཅད་རྒྱས་ཀྱི་དབྱངས་ཀྱི་རང་བཞིན་གྱི་ཕྱིར་ལ། ཆོས་ཀྱུ་དབྱིངས་ཀྱང་མ་སྐྱེས་པའི ་བོའི་རང་བཞིན་ཉིད་དུ་རྣམ་པ་ཐམས་ཅད་དུ་རྣམ་པར་དག་བྱའི་ཕྱིར་རོ།། དེ་སྐད་ཅེས་པ་ལ་སོགས་པ་ནོ་ལན་ཏེ། ཆོས་ནི་བྱང་ཆུབ་སེམས་དཔར་བརྗོད་པའི་འོ།། ཐོབ་པ་ནི་ཐོབ་པར་བྱེད་པ་པོ་ཉིད་དེ། སྦྱོར་བའི་གནས་སྐབསུའོ།། ཐོབ ་པ་ཡང་མེད་ཅིང་མངོན་པར་རྟོགས་པ་མེད་པའི་རྟོག་པ་ནི་དངོས་གོ་ཞིའི་གནས་སྐབས་སུ་ཏེ། འདིར་མི་འདོད་པ་ནི་མི་རིགས་པས་ཐོབ་པར་ཐལ་བར་འགྱུར་བའི་ཕྱིར་རོ།། རིགས་པ་ཡང་གསུངས་པ་ནི། ཡང་མེད། ཅེས་པ་ལ་སོགས་པ། ་སྟེ། ཆོས་ཀྱིས། ཞེས་པ་ནི་ཐོབ་པོས་ཏེ། ཐོབ་པ་དང་ཐོབ་བྱའི་མཚན་ཉིད་གཉི་ག་དག་ངོ་བོ་ཉིད་མེད་པའི་ཕྱིར་རོ།། རབ་འབྱོར་གྱིས་གཞན་ཡང་སྐྱེ་བའི་ཕྱོགས་ཀྱིས་འཐད་པ་དང་བྲལ་བའི་ཕྱིར་གསུངས་པ་ནི། ཅི་ཞེས་པ་ལ་སོགས་པ་སྟེ། ་མ་སྐྱེས་པའི་ཕྱིར་སྐྱེ་བ་ཉིད་འགྱུར་བ་འམ་མ་སྐྱེས་པ་ཉིད། ཅེས་པའི་གཞན་དུ་ཇི་ལྟར་ཐེ་ཚོམ་གཉིས་སྐྱེ་བོ་ལ་དང་པཱ་ནཱ་ནི་གལ་ཏེ་མུ་སྐྱེས་པ་ནི་མེད་པ་ཉིད་དོ།། དེ་ནི་ཇི་ལྟར་ཡོད་པར་བྱེད་དེ། དེ་ལྟར་ཡང་གསུངས་པ། ཚངས་པ་གང ་ཞིག་རྟེན་ཅིང་འབྲེལ་པར་འབྱུང་བ་ལས་རྣམ་པ་རོམ་གྲོལ་བའི་ཆོས་ནི་རྡུལ་ཕྲ་མ་ཙོ་མ་ཡིང་སྐྱེ་བ་ཡང་དག་པར་རྗེས་སུ་མཐོང་ཞེས་ཏེ། དེ་ཕྱིར་ན་གཉི་ག་ཡང་མི་སྐྱེས་པ་ནི་གསུངས་པས་ཐོས་པའི་རྣམ་པར་རྟོག་པ་དགག་པས་སོ།། ་གང་དུ་འབད་པ་མེད་པར་ཐོབ་པ་སྟེ། ཀུན་རྫོབ་ཏུ་ནི་བྷྱ་སྟེ། མི་གཡོ་བ་ལ་སོགས་པའི་ས་རྣམས་ལ་སྤྱདང་འབྲང་བ་མེད་པར་འཇུག་པ་ཡ་ཤེས་པ།། གླང་གི་ཕྱིར་ཆོས་རྣམས་ཐམས་ཅད་ནི་དོན་དམ་པར་ནི་སྐྱེ་བ་མེད་པར་སྤྱོང ་པ་ཉིད་ངོ་བོ་ཉིད་མེད་པ་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ཡང་དག་པའི་མཐའ་འཇིག་རྟེན།། ཞེས་པས་ནི་ངོ་བོ་ཉིད་ངོ་བོ་ཉིད་ཅེས་པ་ནི་གང་གི་གང་བདག་ཉིད་ཀྱི་ངོ་བོ་སྟེ་མོའི་ཆུ་བ་བཞིན་དེའི་དེ་ལ་ངོ་བོ་ཉིད་ཅེས་བརྗོད་ལ། གང་བཅོས ་མ་དེ་ནི་དེའི་བདག་ཉིད་མིན་ཏེ། དཔེར་ན་ཆུའི་ཚ་བ་བཞིན་ཏེ། དེ་ལྟར་འདིར་ཆོས་ཐམས་ཅད་ངོ་བོ་ཉིད་ཡོད་པ་མིན་ལ་མེད་པ་ཡང་ཅུང་ཟད་ཡང་པ་མ་ཡིན་པའི་ཕྱིར་ཏེ། གང་ཡང་འཕགས་པས་སྟོང་པ་ཉིད་ལ་མི་བརྗོད་ཅིང ་མི་སྟོང་ཞེས་ཀྱང་འགྱུར་བར་མིན།། གཉིས་དང་གཉིས་མིན་ཞེས་བྱ་བར། བཏགས་པས་དོན་ནི་བརྗོད་པར་བྱ། ཞེས་པ་ལ་སོགས་པའི་ཚིག་རྣམས་ཀྱིས་བརྗོད་པར་བྱེད་པ་སྟེ། བདེན་པའི་ངོ་བོ་ནི་བཅོས་མ་མ་ཡིན་པའི་ཕྱིར་ཏེ།། ་གང་དུ་འཕགས་པས་བཅོས་མིན་ངོ་བོ་ཉིད་ལ་ནི།། གཞན་ལ་བལྟོས་པ་ཡོད་མ་ཡིན་ཅེས་ལ། དེ་ཡང་མི་སྐྱེས་པ་སྟེ། རང་བཞིན་གྱིས་འོད་གསལ་བའི་ཕྱིར་དང་། ཐོག་མ་དང་ཐ་མ་མེད་པའི་ཕྱིར་ཐོབ་པར་བྱ་བ་ཡོང་མང ་ལ་ཐོབ་པ་ཡང་མེད་པ་སྟེ། མ་འདྲེས་པར་བལྟ་བར་བྱ་སྟེ། གང་དེ་ལྟར་མཐོང་བ་དེ་ཉིད་ཆོས་ཐམས་ཅད་ཀྱི་བདོན་པ་ཉིད་ཀྱིས་སྒྲོ་བཏགས་པ་རྣམས་ཐམས་ཅད་རྗེས་སུ་ཉེ་བར་མི་དམིགས་པ་སྟེ་དེ་ཉིད་ཡང་དག་པའི་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དེ། དེས་ཕུང་པོ་ལྔ་ལྔ་བདེན་པར་མངོན་པར་ཞེན་པ་ཟད་པར་བྱེད་ཅིང་ངའི་མངོན་པར་ཞེན་པ་མང་པའི་རྒྱུ་ཅན་ངེས་སྒྲུབ་པ་ཐམས་ཅད་ཀུན་ཏུ་འཛིན་པ་ཅན་གྱིས་གནས་ཀྱི ་ཕུང་པོ་ལྔ་པོ་རྣམས་ཟད་པར་འགྱུར་ཏེ། སྔོན་གྱི་རླུང་དུ་གྱུར་པ་རྣམས་འགག་པའི་ཕྱིར་དང་། རྒྱུ་མེད་པས་དྲིས་དང་འདྲ་བ་རྣམས་ཀྱི་ཕྱི་མ་རྣམས་མི་སྐྱེ་བའི་ཕྱི་ར་རོ།། བྱང་ཆུབ་སེམས་དཔའི་དེ་རང་བཞིན་གྱིས་འོད་གསལ ་བའི་ཀུན་རྫོབ་དང་དོན་དམ་པར་རོ་གཅིག་པའི་བྱང་ཆུབ་ཀྱི་སེམས་ཀྱི་བྱདག་ཉིད་ཡིན་ཀྱང་གློ་བུར་པའི་སྒྲིབ་པའི་དྲི་མ་རྣམས་ཀྱིས་དྲི་མ་ནྡན་དུ་བྱས་པ་དེའི་ངོ་རྣམས་ཟང་པོ་སྟེ། དེ་ཟད་པའི་མཚན་ཉིད་ཀྱི་རྣམ་པར་དག་པ་སྔ་ན ་མེད་པའི་ཕྱིར་ན་ཐོབ་པའོ།། འཁྲུལ་པ་ཐམས་ཅད་ལོག་པ་ལས་ཀུན་རྫོབ་ཏུ་སྐྱེས་པའི་ཤིན་ཏུ་རྣམ་པར་དག་པའི་ཕུང་པོ་ལྔ་པོ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་མཚན་ཉིད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སྔ་མ་མེད་པའི་ཕྱིར ་བྱང་ཆུབ་སེམས་དྲཔས་ཐོབ་པ་སྟེ། དེའི་རྣམ་པར་དག་པ་ཡང་དགེ་བར་རིགས་པ་དེ་ཉིད་ཀྱིས་ཐོབ་པ་དང་མངོན་པར་རྟོགས་པ་ཡང་དག་པར་སྐྱེ་བར་འགྱུར། ཞེས་པ་ནི་གྲུབ་པའི་མཐའོ།། དེ་ལ་འདི་ནི་གློ་བུར་གྱི་སྒྲིབ་པ ་རྣམ་པར་དག་པའི་གནས་བརྟན་དག་ཏུ་བརྗོད་པར་བྱ་སྟེ། ཀུན་རྫོབ་དང་དོན་དམ་པར་ལ་གནས་ནས་སྐྱེས་པ་དང་མ་སྐྱེས་པའི་རྣམ་པར་བཞོག་པ་དེ་རྣམས་ཐོབ་པ་ལ་འང་སླར་དྲིལ་ང་ལ་དགོངས་ནས་གསུངས་པ་ནི། སྐྱེས ་པ་ཉིད་ཅེས་པ་ལ་སོགས་པ་སྟེ། སྐྱེ་བ་ཞེས་པ་ནི་སྐྱེ་བའི་རྒྱུ་དང་རྐྱེན་ལ་རགས་ལས་པའི་ཆོས་ལ་མི་སྤོབས། ཞེས་པ་ནི་སྐྱེས་པ་དང་མ་སྐྱེས་པ་དེ་ཁོ་ན་ཉིད་དུ་ངོ་བོ་ཉིད་མེད་པའི་ཕྱིར་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་ལ་དམིགས ་པའི་སེམས་ཀྱི་རྒྱུད་གང་དེ་ཁོ་ནས་འཁྲུལ་པ་རྣམས་ཐམས་ཅད་ལས་ལྡོག་ཅིང་ང་དག་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྐྱེའོ་ཞེས་པ་ལ་དགོངས་པའོ།། བརྗོད་པའི་རྣམ་པ་དང་རྟོག་པ་དགག་པ་གསུངས་པ་ནི་མ་སྐྱེས་པས ་ཀྱང་ཞེས་པ་སྟེ། མ་སྐྱེས་པ་ནི་ཚད་མེས་གྲུབ་པར་འདོད་པའི་ཕྱིར་དེ་སྐད་ཅེས་བརྗོད་པའོ།། དེ་ཡང་མེད་ཅེས་པོ་ནི་འབད་པ་ས་འདྲི་བའི་བརྗོད་པ་རྣམས་དང་ཡིད་དང་སྒྲས་སྤོབས་ཤིང་བརྗོད་པའི་བརྗོད་པར་བྱ་བའོ།། ཤིན་ཏུ་ནི། ་དངོས་པོ་དང་དངོས་པོ་མེད་པའི་མཐའ་དང་བྲལ་བ་དང་སྤོབས་པ་དང་བརྗོད་པ་དང་བཅས་པའི་བློ་གསུམ་པོ་འདིར་མ་སྐྱེས་པ་སྟེ། དེ་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པར་རྟོག་པ་མེད་པ་ཉིད་ཀྱིས་དེ་ལྟ་བུ་ཆོས་རྣམས་ཐམ ་ཅད་དེ་ལ་སྣང་བར་བྱེད་ཅེས་པ་ལ་དགོངས་པའོ།། དེ་རྣམས་བཤད་པས་ནི་སྤྲོས་པ་མེད་པའི་དོན་དམ་པའི་རྗེས་སུ་མཐུན་པའི་ཕྱི་མུ་སྐྱེས་པ་ལ་དོན་དམ་པ་ཞེས་བརྗོད་དོ།། མངོན་པར་རྟོགས་པའི་དུས་སུ་ནི་རྣམ་པར་རྟོགས་པ ་ཐམས་ཅད་ལས་གྲོལ་བ་གཟུང་བར་བྱར་མེང་པ་ཉིད་ཀྱིས་སྐྱེ་བ་མེང་པའི་གཟུང་བར་བྱ་བ་ལ་སྤོབས་པ་སྟེ། འཛིན་པ་མེད་པ་ཉིད་ནི་འཛིན་པོའི་སྤོབས་པ་སྟེ། རྣམ་པར་རྟོགས་པ་མེད་པའོ།། ཇི་ལྟར་དེའི་ངོ་བོ་ཉིད་མེད་ཀྱང་དེའི་ངོ་བོ་ཉིད ་ལ་སྤོབས་ཞེས་པས་ཉེ་བར་བསྡུས་གསུངས་པ་ནི། དེ་ཁོ་ན་བཞིན་ཞེས་པ་སྟེ། ཇི་ལྟར་མཐོང་བ་སྤོང་བ་ལ་སྒྲིབ་པར་མི་ནུས་པའི་ཕྱིར་ཀུན་རྫོབ་ཏུ་ནི་གང་དག་ཞེས་པ་མ་བརྟགས་ནས་ཉམས་དགའ་བ་ཉིད ་ཀྱིས་སྤོབས་ཞེས་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངེས་པར་འབྱུང་བའོ།། ལམ་གྱི་ངེས་པར་འབྱུང་བའི་གོ་སྐབས་རྣམས་ཀྱི་བྱེད་པ་ནི། དེ་སྐད་ཅེས་སྨྲས་པ། ཞེས་པ་ལ་སོགས་པ་སྟེ། གང་དང་གང་། ཞེས་པ་ནི་གང ་དུང་གང་གི་གནས་ཉིད་ལའོ།། འབྱུང་ཞེས་པ་ནི་མཐོང་བའོ།། མྱི་གཡོ་བ་ནི་ཐེ་ཚོམ་དང་མི་ཤེས་པ་དག་མང་པོའི་ཕྱིར་རོ།། འདྲལ་བར་མི་བྱེད་པ་ནི་ཕྱིན་ཅི་ལོག་པར་མི་བྱེད་དེ། ལོག་པའི་ཤེས་པ་མེད་པའི་ཕྱིར་རོ།། འདི་རྣམས་ཀྱིས ་ཞེས་པ་ནི་ལམ་གྱི་ངེས་པར་འབྱུང་བའོ།། མི་གནས་པ་ནི་མངོན་པར་ཞེན་བྱ་ལ་ཆོས་ནི་གང་དེ་ད་ལྟར་བཤད་པ་རྣམས་སོ།། མཱི་གཡེ་ཞེས་པ་འདིའི་རྒྱས་པར་བཤད་པ་ནཽ་གང་ལ་ཡང་གནས་པ་མེད་པ་དང་། སྤྲོས་པ་མེད་པའི་ཕྱིར ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་རྣམས་ཀྱི་ནང་ནུ་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་འདའ། ཞེས་པ་ནི་ཉམས་པར་མི་འགྱུར་བ་སྟེ། མཱི་ཤཾསྟྲ་པཱ་དང་ཐེ་ཚོམ་དག་མང་བའི་ཕྱིར་རོ།། འདི་ཞེས་པ་ནི་བཤད་མ་ཐགས་པའོ།། ་འདི་ནི་ཆོས་ཐམས་ཅད་ཉིད་ལས་གཞན་མ་ཡིན་ནོ།། ཐེག་པ་ཐམས་ཅད་པ་ནི་ཐོག་པ་གསུམ་གྱི་ཐུན་མོང་བའོ།། དེ་ལྟར་ན་ནི་གང་དང་ངོ་།། དེ་ཉིད་ངའི་ཕྱིར་རོ།། བུམ་པར་མི་འགྱུར་བ་ནི་སྒྱིད་ལུག་པས་སོ།། ནམ་ནུར་དུ་མི་འགྱུར ་བ་ཉིད་ནི་ཐེ་ཚོམ་གྱིས་སོ།། ཅི་འདིར་གཞན་ཞེས་པ་ནི་ལམ་གྱི་བར་དུ་གཅོད་པར་འདོད་པས་སོ།། རྨོངས་པར་མི་འགྱུར་བ་ནཱི་དེ་ཁོ་ན་ཉིད་མ་ཤེས་པའི་ངོ་བོ་ས་བསྒྲུབ་པ་མིན་པའོ།། གཞན་དུ་མཱི་འ་གྱུར་པ་ནི་ཁ་ཕྱིར་ཕྱོག ་པར་གྱུར་པ་འམ། ལོག་པའི་ཤེས་པས་ཕྱིན་ཅི་ལྡོག་ཏུ་སྒྲུབ་པའི་མཚན་ཉིད་ཅན་ནོ།། གནས་པ་ནི་ལམ་གྱི་ངོ་བོས་སོ།། ཡིད་ལ་བྱེད་པ། ཞེས་པ་ནི་རྣམ་པར་རྟོག་པ་མེད་པའི་ཡིད་ཀྱི་ལམ་གྱི་བདག་ཉིད་ཀྱིས་མཉམ་པར་བཞོག་པའི ་གནས་སྐབས་རྣམས་ལའོ།། ཅི་ལྟར་ཞེས་པ་ལ་སོགས་པ་སྟེ། རྟོག་པ་པོ་ཡིས་ཡིད་ལ་བྱེད་པར་འདོད་པའི་འདྲི་བ་ནི་ཡིད་ལ་མི་བྱེད་པ་དང་། གནས་པ་དག་ལྷན་ཅིག་མི་གནས་པའི་འགལ་བའི་ཕྱིར་རོ།། མི་འགལ་བ་ན་ནི་སེམས་ཅན་ཐམས ་ཅང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་ཐལ་བར་འགྱུར་རོ།། ལེག་སོ་ལེགས་སོ།། ཞེས་པ་ནི་རྒོལ་བ་རྒྱ་ཆེན་པོས་བྱས་པའི་ཕྱིར་རོ།། འོན་ཀྱང་ཞེས་པ་ལ་སོགས་པ་ལན་ནོ།། དོན་དུ་གཉེར་བར་བྱ་བས་དོན་ཏེ། དེ་ཉིད ་ནི་བདག་གིས་བསྟན་པ་ཉིད་ལ་ཀླན་ཀ་འ་ཚལ་བའི་བསམ་པས་བསྟན་པའོ།། ཡང་དག་པའི་གནས་མངོན་པར་བརྗོད་པ་ཡིས། ཞེས་པ་ནི་རྣམ་པར་རྟོག་པས་ཡིད་ལ་བྱས་པ་ནི་ཕྱིན་ཅི་ལོག་ལ་ཀུན་ཏུ་གནས་པ་ལས་ཡང་དག་པའི ་དེ་ཁོ་ན་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ནི་རྣམ་པར་རྟོག་པ་ཡིད་ལ་བྱེད་པ་མཐའ་དག་བྲལ་བ་སྟེ། དེ་ལ་ནི་ཡིད་ལ་བྱེད་པ་ཉིད་ཡིད་ལ་བྱང་བར་འདོད་ཀྱི་རྣམ་པར་རྟོག་པས་ནི་མ་ཡིན་ནོ།། དེ་ཡིས་ཡང་དག་པའི་ཚིག ་མངོན་པར་བརྗོད་པར་ཐལ་བར་འགྱུར་བ་ལས་བཟློག་པ་ལས་བསམས་ནས་མཱི་འདོད་པས་མེད་པས་རྒོལ་ཞིང་མི་འདོད་པར་བརྗོད་པའི་ཀླན་ཀ་ལ་རིགས་པས་བསྟན་པར་འདོད་ནས་རང་ཉིད ་ཀྱིས་སླར་ཇི་བ་དེ་ཅིའི་ཕྱིར་ཞེས་པ་སྟེ། དེ་གང་དུ་ཡང་དག་པའི་གནས་ཏེ། སེམས་ཅན་རྣམས་ནི་ཕུང་པོ་ལྔའི་བདག་ཉིད་ཅན་དེ་ངོ་བོ་ཉིད་མེད་པ་ཉིད་ཀྱི་ངོ་པོ་ཉིད་ནི་སྟོང་པ་ཉིད་ལ་ཇི་ལྟར་སེམས་ཅན་རྣམས་ངོ་བོ་ཉིད་མེད་པ ་ཉིད་དེ། དོ་ལྟ་ང་དང་ཐཱ་དོད་པ་མ་ཡིན་པའི་ཡིད་ལ་བྱེད་པ་ཡང་ངོ་།། སེམས་ཅན་མི་བདེན་པའི་ངོ་བོ་ཉིད་ཀྱིས་ན་སེམས་ཅན་ངོ་བོ་ཉིད་མེད་པ་སྟེ། དེ་ཁོ་ནར་སྐྱེ་བ་ལ་སོགས་པས་དབེན་པའོ།། སེམས་པ་ལྔས་ཤིན་ཏུ་འདུས ་པའི་ཕྱིར་བསམ་གྱིས་མི་ཁྱབ་པའོ།། མངོན་པར་བྱ་མ་ཆུབ་པ་ཉིད་ནི་ཡང་དག་པའི་ཤེས་པའི་ཡུལ་མ་ཡིན་པ་ཉིད་དང་། ཡང་དག་པ་ཇི་ལྟ་བ་མ་ཡིན་པ་ཉིད་དང་། ལོག་པའི་དངོས་པོ་ཉིད་དང་སྒྲ་དོན་ཉིད་ཀྱི་ཕྱིར་རོ།། ་མངོན་པར་རྟོགས་པར་བྱང་མ་ཆུབ་པ་ནི་ཡང་དག་པའི་ཤེས་པ་འདིས་ཞེས་པ་སྟེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་མངོན་པར་རྫོགས་པར་བྱང་མ་ཆུད་པ་ཉིད་དེ། ཚིག་དྲུག་པོ་འདི་རྣམས་ན་གོ་རིམ་ཇི་ལྟ་བ་བཞིན་དུ་ངེས ་པར་འབྱེད་པའི་ཆ་དང་མཐུན་པ་རྣམ་པ་བཞི་དང་། མཐོང་བ་དང་སྒོམ་པའི་གནས་སྐབས་སུ་སྦྱར་བར་བྱའོ།། འདིས། ཞེས་པ་ནི་ཇི་སྐད་དུ་བཤོད་པས།། དེ་ལྟ་བུའི་ངོ་བོས་ནི་ཡང་དག་པའི་དོན་སོ་སོར་རྟོགས་པ་ཅན་གྱིས་ཏེ།། ་ཕྱིན་ཅི་མ་ལོག་པའི་ཕྱིར་འཇུག་པའི་ཕྱིར་འདོད་པའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་ཀྱིས་གནས་པ་ནི་ཞོ་གནས་ཀྱི་ངོ་བོའི་ལམ་གྱིས་ངེས་པར་འབྱུང་བའི་མཚན་ཉིད ་ཀྱིས་ཏེ། འདི་ནི་ལེའུའི་དོན་རྫོགས་པའོ།། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྤྱོད་པ་སྤྱད་པ་ནི་སེམས་བསྐྱེད་པ་ལ་སོགས་པའི་དོན་བཅུ་ལ་དྲྀ་གསལ་བར་བྱེད་པས་ལེའུ་སྟེ་དེའི་ལེའུ་།། ། ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་འགྲེལ་པ་པཎྜི་ཏ་ཆེན་པོས་འཇིགས་མེང་འབྱུང་གྲོ་ནས་སྦས་པས་མཛད་པའི་གནད་ཀྱི་ཟླ་བའི་འོད་ལས་ལེའུ་དང་པོའོ།། ། རྣམ་པ་ཐམས ་ཅད་མཁྱེན་པ་ཉིད་ཀྱི་རྒྱས་ལ། དེ་ཁྱང་པཽར་དུ་བསྒྲུབ་པའི་ཕྱིར་རམ། ཐ་དད་དུ་ཕྱི་བའི་ཕྱིར་ལམ་ཤེས་པ་ཉིད་བརྗོད་པར་བྱ་སྟེ། གང་དུ་བསྟན་བཅོས་ལས། མོག་མོག་པོར་བྱེད་ལ་སོགས་དང་།། སྒྲིབ་མ་བས ་རཌཱི་ལ་མོ་གང་དང་།། འདི་དང་གཞན་པའི་ཡོན་ཏན་གྱིས།། ཕན་ཡོན་ཚ་བ་མཐིང་པོའི་ལོམ།། བྱེད་པ་དང་ནི་མོས་པ་དང་།། བོ་སྟོང་དང་བཀུ་དང་བསྔག་པ་དང་།། བསྔོ་དང་རྗེས་སུ་ཡཱི་རང་དང་།། ཡིང་ལྔ་བྱེད་པ་བླ་མེད ་ངག། སྒྲུབ་དང་ཤིན་ཏུ་དག་པ་ཡིས།། བྱ་བ་འདི་ནི་བསྒོམ་པའི་ལམ།། བྱང་ཆུབ་སེམས་དཔའ་མཁས་པ་རྣམས་ཀྱིས།། ལམ་ཤེས་ཉིད་ནི་དེ་འདྲར་བཤད། ཅེས་ཏེ། གང་དུ་ལམ་འདིས་མཐོང་བའི་ལམ་ནི་བྱང་ཆུབ་སེམས ་དཔའ་སྟེ། ཤིན་ཏུ་དག་པ་ཞེས་པ་ནི་རྗེ་སུ་འཇུག་པ་སྟེ། ཤིན་ཏུ་རྣམ་པར་དག་པ་ཅན་ནི་སངས་རྒྱས་ཀྱི་ཞེས་བཤང་ངོ་།། འདིར་འབྲས་བུའི་གནས་སྐབས་ཀྱི་དག་པ་ནི་ཞིང་ལ་འདིར་བཤད ་ཀྱི། ལམ་ཤེས་པའི་ནང་དུ་འདུས་པ་མ་ཡིན་པ་ཉིད་དོ།། བསྒོམ་པ་ཉིད་ཀྱི་ལམ་ནི་བསྒོམ་པས་ཇི་ལྟར་ན་ཤིན་ཏུ་རྣམ་པར་དག་པ་བསྒོམ་པའི་ལམ་གྱི་འབྲས་བུ་ཡིན་པའི་ཕྱིར་རོ།། དེ་ལ་ཐོག་མར། ལྷ་རྣམས་རུང་བར་བྱ ་བའི་ཕྱིར།། འོད་ཀྱི་མོགོ་མོགོ་པར་མཛད་དང་།། ཡུལ་ངེས་པ་དང་ཁྱབ་པ་དང་།། རང་བཞིན་དང་ནི་ང་ཡི་ལས།། ཞེས་པ་ནི་རྒྱས་པར་བཤད་པ་སྟེ། ལམ་ཤེས་པར་རུང་བ་ཉིད་ནི་སེམས་བསྐྱེད་པ་ལ་ལྷ་དེ་རྣམས་ཀྱི་དོན་དུ ་མོགོ་མོག་པོར་མཛད་པ་ཉིད་ནི་དམན་པ་དང་ངན་པར་བྱས་པ་སྟེ། བཅོམ་ལྡན་འདས་ཀྱི་རང་བཞིན་གྱི་འོད་ཀྱིས་ཟིལ་གྱིས་མོནན་པ་ནི་ལམ་ཤེས་པ་རྣམས་ཀྱི་རྩ་བ་ནི་སེམས་བསྐྱེད་པ་སྟེ། དེ་དང་འབྲལ་བ་རྣམས་ཀྱིས་དེ་ལ་མི ་རུང་བའི་ཕྱིར་ལ། དེ་ཉིད་ཀྱིས་ན་འདིར་རུང་བ་ཞེས་བརྗོད་དོ།། དེས་ན་འདི་ཉིད་གཙོ་བོ་ལ། ལྷག་མ་ནི་དེའི་འཁོར་རོ།། དེ་ལ་མོགོ་མོག་པོར་བྱེད་ཀྱི་དབང་དུ་བྱས་ནས་གསུངས་པ་ནི། དེ་ནས་ཡང་ཞེས་པ་ལ་སོགས་པ་སྟེ། དེའི་ཚེ་ནི ་དུས་སོ།། འདུས་པ་ནི་ཕྱག་བྱས་པ་ལ་སོགས་པའོ།། འཁོད་པ་ནི་ཉེ་བ་ན་འདུག་པའོ།། རིས་ནི་སྡེའོ།། རྒྱལ་པོ་ཆེན་པོ་ནི་རྣམ་ཐོས་སྲས་ལ་སོགས་པའོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དག་ཉིད་ནི་མི ་མཇེད་དེའི་བདག་པོའོ།། ལྔ་པོ་ནི་གནས་གཙང་མའི་རིས་རྣམས་ལ་སྟོང་ཕྲག་ལྔ་ཉིད་དོ།། འདིར་གཟུགས་ཅན་གྱི་ལྷའི་རིས་ཇི་ལྟ་བའི་གོང་གི་ཁྱད་པར་ཅན་རྣམས་ཀྱི་འོད་མཐུ་ལ་སོགས་པ་རྣམས་ཀྱི་སྣང་བས་འོད་ཟིལ་གྱིས་མནན ་པ་ནི་སེམས་བསྐྱེད་བའི་དོན་གྱི་ཕྱིར་བཅོམ་ལྡན་འདས་ཀྱིས་མགོ་མོག་པོར་བྱས་ནས་ཐམས་ཅད་ཟིལ་གྱིས་མནན་ཅེས་མཁས་པ་ཉིད་ཀྱིས་དེའི་ངོ་བོ་ལ་དགའ་བ་སྐྱེང་པར་འགྱུར་བའི་ཕྱིར་རོ།། ལྷན་ཅིག་སྐྱེས་པ་ནི་མངོན་པར་འདུས ་བྱས་པ་ཅན་མ་ཡིན་པའོ།། སངས་རྒྱས་ཀྱི་བྱིན་གྱིས་བརླབས་ནི་ཉེ་བར་བྱེད་པ་པོ་གང་གིས་བྱས་ཤེས་ན། སངས་རྒྱས་ཀྱི་གཟི་བརྗིད་ཀྱིས་ཏེ། བཅོམ་ལྡན་འདས་ཀྱིས་རང་བཞིན་གྱི་འོད་ཀྱིས་སོ།། སངས་རྒྱས་ཀྱི་མཐུས། ཞེས་པ་སྟེ། སངས ་རྒྱས་ཀྱི་མཐུས་སོ་སོར་བཅོམ་མོ།། ཞེས་པ་ནི་མགོ་མོག་པོར་བྱེད་པ་ཉིད་ཀྱིའོ།། མི་མཛོད་ལ་སོགས་པ་རྣམས་ཀྱི་ཇི་ལྟར་སྐྱེ་བ་དང་གནས་པ་མདོར་བསྡུས་ནས་བརྗོད་དེ། འདིར་སེམས་ཅན་རྣམས་ཀྱི་ལས་ཀྱི་དབང་གིས་མངོན་པར ་ལྡོག་ཅིང་ན་མཁའ་རབ་ཏུ་གནས་པ་འོག་ཏུ་རླུང་གི་དཀྱིལ་འཁོར་དཔག་ཚད་འབུམ་ཕྲག་བཅུ་དྲུག་པ་ཁ་ཁྱེར་ཡོངས་སུ་བསྐོར་བ་ལ་གྲངས་མེད་པའོ།། དེའི་སྟེང་དུ་གློག་མའི་སྤྲིན་དང་བཅས་པའི་སྤྲིན་ཆེན་པོ་ལས་ཆར་བའི ་ཆུའི་དཀྱིལ་འཁོར་འཕངས་སུ་འབུམ་ཕྲག་བརྒྱད་པའོ།། དེའི་སྟེང་དུ་ཆུ་ཡོངས་སུ་གྱུར་པ་ལས་གསེར་གྱི་དབང་ཚན་གྱི་དཀྱིར་འཕངས་སུ་འབུམ་ཕྲག་གསུམ་དང་སྟོང་ཕྲག་ཉི་ཤུའོ།། འདི་གཉིས་ཀྱོ་རྒྱའི་ཚད་ནི་དཔག་ཚད ་འབུམ་ཕྱག་བཅུ་གཉིས་དང་། སྟོང་ཕྲག་གསུམ་དང་། བརྒྱ་ཕྲག་ཕྱེད་དང་ལྔ་ནི་དབུས་ཀྱི་རྒྱའི་ཚད་ངོ་།། ཁོར་ཡུག་ཏུ་ནི་དབུས་ཀྱི་དྲང་ཐད་ཀྱི་སུམ་འགྱུར་རོ།། དེའི་སྟེང་དུ་རི་རབ་གྲུ་བཞི་པ་བཻ་ཌཱུརྱ ་དང་ཤེལ་དང་གསེར་དང་དངུལ་གྱི་རིན་པོ་ཆེ་བཞིའི་རླུང་བཞིན་ལ་ལྷོ་ལ་སོགས་པའི་ལོགས་བཞི་ལ་ལོགསཱ་ར་རེ་ལ་ཐང་དཀར་དཔག་ཚད་སྟོང་ཕྲག་བརྒྱད་ཅུ་ལ། དེའི་ཁོར་ཡུག་ཏུ་ནི་ཟླུམ་པོས་ཡོངས་སུ་བསྐོར་བ་ལ་ཆུ་ཡན་ལག ་བརྒྱད་དང་ལྡན་པའི་རོལ་མཚོ་བདུན་དང་། གསེར་གྱི་རི་བདུན་ཏེ། མཚོ་རེ་རེའི་ཕྱི་རོལ་ཏུ་རིས་བསྐོར་བའི་ནང་གི་རྒྱ་མཚོ་ལ་ནི་དཔག་ཚད་སྡོང་ཕྲག་བརྒྱད་ཅུའོ།། དེ་ལས་གཞན་པའི་ཆུ་ལ་ནི་བཅུ་དྲུག་པ་ལས་རིམ་གྱིས་ཕྱེད་ཕྱེད ་ཀྱིས་དམན་པའོ།། མཐའི་རི་མུ་ཁྱུད་འཛིན་གྱི་ཕྱི་རོལ་ཏུ་བ་ཚ་ཅན་གྱི་ཆུའི་རྒྱ་མཚོའི་ཚད་ནི་འབུམ་ཕྲག་གསུམ་དང་། སྟོང་ཕྲག་ཉི་ཤུ་རྩ་གཉིས་སོ།། དེའི་ཕྱིའི་རོལ་ཏུ་ལྕགས་ཀྱི་ལྕགས་རི་ཁྱུད་མོ་སྟེ། རི་བརྒྱད་པའོ།། རི་རབ་ལ་སོགས ་པའི་རི་རྣམས་དང་གླིང་རྣམས་ཀྱི་ཚྭའི་ནང་དུ་ནུབ་པ་ནི་དཔག་ཚད་བརྒྱ་དེ་ཁཱ་ལ། ཆུའི་སྟེང་དུ་ཡང་རི་རབ་ལ་ནརྀ་སྟོང་ཕྲག་བརྒྱད་ཅུ་སྟེ། བརྒྱད་པོ་རྣམས་ཀྱི་དཔངས་སུ་ན་ཕྱང་ཕྱུང་ཕྲི་བའི་རྔམས་འཕངས་དང་མཉམ་པའོ།། མུ་ཁྱུད ་འཛིན་གྱི་བ་ཚ་ཅན་ལས་ཕྱི་རོལ་གྱི་རྒྱ་མཚོ་ལ་འདུག་པའི་རང་བཞིན་གྱི་གླིང་བཞི་དང་། གླིང་ཕྲན་མང་པོ་སྟེ། དེ་ལ་ལྷོ་ང་ནུབ་ཀྱི་ཕྱོགས་ལ་སོགས་པ་ལ་གོ་རིམ་ཇི་ལྟ་བ་བཞིན་དུ་ཛམ་བུའི་གླིང་དང་། བ་ལང་སྤྱོད་དང་། བྱང་གི ་སྒྲ་མི་སྙན་དང་། ཤར་གྱི་ལུས་འཕགས་པོའོ།། སོགས་ཀ་པ་ནི་ཛམྦུའི་གླིང་སྟེ་ངོས་གསུམ་ལ། སྟོང་ཕྲག་གཉིས་ཡོང་ཤིང་རྟའི་དབྱིབས།། གཅིག་ལ་དཔག་ཚང་ཕྱེང་དང་བཞིའོ།། ཤར་གྱི་ལུས་འཕགས་ཟླ་གམ་འདྲ།། ངོས ་གསུམ་འདི་དང་འདྲ་གཅིག་ལ།། དཔག་ཚད་ཕྱེད་དང་བཞི་བརྒྱའོ།། བ་ལང་སྤྱོད་གླིང་ཟླུམ་པོ་སྟེ།། སྟོང་ཕྲག་ཕྱེད་དང་བརྒྱད་ཡིན་ནོ།། ཕྱེད་དང་གཉིས་ནི་དབུས་ཀྱིའོ།། སྒྲ་མི་སྙན་བརྒྱད་གྲུ་བཞིའི་དབུས་སུ་ལྡོང་གཉིས ་སོ།། ཚད་བྱས་པ་འདི་རྣམས་ཀྱི་གང་ཞིག་གི་ཕྱོགས་ལ་ཆེ་ལ་མི་གནས་ཏེ། ཕྱོགས་གང་དུ་ཟླ་བ་འཆར་བ་དང་། ཟད་པའི་རིམ་གྱིས་རྒྱ་མཚོ་དབའ་རླབས་རྣམས་ཀྱིས་ནུབ་པར་འགྱུར་བ་དང་། གཏོང་བར་འགྱུར་བ་རྟོགས་པ ་ཁང་བུ་བརྩེགས་པའི་མདོ་ལྔས་ནི། ཛམྦུའི་གླིང་ནི་དཔག་ཚད་སྟོང་ཕྲག་བདུན་ལ། ཤུར་གྱི་ལུས་འཕགས་ལ་ནི་བརྒྱད་དོ།། བ་ལང་སྤྱོང་ལྔ་དགུ། སྒྲ་མི་སྙན་ལ་བཅུ་ཞེས་གསུངས་ལ། རྣལམ་འབྱོར་སྤྱོད་པའི་ས་ལས་ནི། ཤཱ ་རྟའི་དབྱིབས་ཀྱི་ལྷོ་ཕྱོགས་ཀྱི་ཐ་མར་ནི་དཔག་ཚད་ལྔ་བརྒྱ་ལ། ལུས་འཕགས་པོའི་ནཾ་ལོགས་གཅིག་ལ་དཔག་ཚད་སྟོང་ཕྲག་གཙོག་ཅེས་བཤད་དོ།། ཛམྦུའི་གླིང་གི་འོག་ནི་དཔག་ཚད་སྟོང་ཕྲག་ཉི་ཤུ་ན་མནར་མེད་པའི ་སེམས་ཅན་དམྱལ་པོ་དང་། ཡི་དགས་དང་། ཀླུ་དང་། ལྷ་མ་ཡིན་ཏེ། གོང་ནས་གོང་དུ་ཉི་ཚེ་བའི་དམྱལ་བ་དང་། ཡི་དྭགས་དང་། དུད་འགྲོ་དང་། མི་རྣམས་ཇི་ལྟར་རིགས་པས་གླིང་དང་གླིང་ཕྲིན་དང་། རཾ་དང་རྒྱ་མཚོ་ཆེན ་པོ་ལ་སོགས་པ་རྣམས་ལ། ཆུའི་གཏིང་གྲི་རི་རབ་ཀྱི་བར་ཐག་རེ་རེ་ལཱ་སྟོང་ཕྲག་བཅུ་ཡོད་པའི་བང་རིམ་བཞི་པའི་རྒྱལ་པོ་བཞི་སྟེ། རྣམ་ཐོས་སྲས་དང་། ཡུལ་འཁོར་སྐྱོང་དང་། སྤྱན་མི་བཟང་དང ་འཕགས་སྐྱེས་པོ་རྣམས་སོ།། དེའི་ཕྱིའི་རོལ་ཏུ་དེ་དག་གཉའ་ཤིང་འཛིན་དང་མཉམ་པའི་ན་མཁའི་ཁང་བཟངས་ལ་སྤྱོད་པའི་ཉི་མ་དང་ཟླ་བ་ལོ་སོགས་པའོ།། བང་རིམ་རྣམས་དང་རི་རྣམས་ལ་རྒྱལ་ཆེན་བཞིའི་རིས་རྣམས་སོ།། ་རཱིརི་རབ་ཀྱི་རྩེ་མོ་ནི་སུམ་ཅུ་རྩ་གསུམ་པོ་རྣམས་སོ།། ཟུར་གྱི་ལྕོག་ལ་གནས་པ་ནི་ལག་ན་རྡོ་རྗེ་ལ་སོགས་པ་གནོད་སྦྱིན་རྣམས་སོ།། དེའི་སྟེང་དུ་ན་མཁའི་ཁང་བཟངས་ན་གནས་པའི་ལྷ་དེ། ཇི་སྲིད་དུ་འོག་མིན་གྱི་བར་དགོ ་རིམ་ཇི་ལྟ་བ་བཞིན་དུ། འཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ལ་སོག་པ་དང་། དེ་ལ་དམྱལ་བ་དང་། ཡི་དགས་དང་། དུད་འགྲོ་དང་། མི་དང་ལྷ་དྲུག་ནི་འདོད་པའི་ཁམས་། ་དེའི་གོང་དུ་བསམ་གཏན་གསུམ་པ་རེ་རེ་ལས་གསུམ་གསུམ་མོ།། འདུ་ཤེས་མེད་པའི་སེམས་ཅན་ནི་འབྲས་བུ་ཚ་བ་རྣམས་ཀྱི་ཕྱོགས་གཅིག་ན་གནས་པའོ།། དེ་ལ་ཚངས་རིས་དང་། ཚངས་པ་འདུན་ན་འདོན་དང་། ཚངས ་བྱ་ཆེན་པོ་དང་། འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་དང་། དགེ་ཆུང་དང་། ཚད་མེད་དག་དང་། དགེ་རྒྱུས་དང་། སྦྱིན་མོང་དང་། བསོད་ནམས་འཕེལ་དང་། འབྲས་བུ་ཆེ་བ་དང་། མི་ཆེ་བ་དང་། མི་གདུང་བ་དང་། ་ཤིན་ཏུ་མཐོང་དང་། གྱ་ནོམ་སྣང་བ་དང་། འོག་མིན་ནོ།། འདི་ལ་བཅུ་གཉིས་ནི་སོ་སོའི་སྐྱེ་བོའི་སའོ།། མི་ཆེ་བ་ལ་སོགས་པ་ལྔ་ན་གནས་གཙང་མའི་སྟེ། འདི་རྣམས་ལ་ནི་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས ་དང་། འབྲས་བུ་ལ་གནས་པ་རྣམས་སྐྱེ་བར་འགྱུར་རོ།། འོག་མིན་གྱི་སྟེང་ན་དེ་དང་རབ་ཏུ་འབྲལ་བ་ཉིད་དུ་གནས་པ་ནི་གང་དུ་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་ཆེན་པོའི་ས་བཅུ་པོའི་དབང་ཕྱུག་རྣམས ་གནས་ཞེས་པ་ནི་གཟུགས་ཀྱི་ཁམས་ཏེ། འདིར་བུད་མེད་ནི་མེད་དོ།། ལྷའི་གནས་ཉི་ཤུ་རྩ་གསུམ་པོ་འདི་རྣམས་ཀྱིས་གནས་དང་གནས་འོག་ཇི་སྲིད་པོར། དེ་ནས་དེའི་གོང་དེ་སྲིད་ལ། དཔག་ཚད་ཀྱི་ཚད་ནི་ཐམས ་ཅད་དུ་ཛམ་བུའི་གླིང་པོ་རྣམས་ཀྱིའོ།། གཟུགས་དང་བྲལ་བ་ཉིད་ངམ་ཅུང་ཟད་ཙམ་པ་ཉིད་ཀྱིས་ན་གཟུགས་མེ་པ་ཉིད་ཀྱི་གཟུགས་མེད་པའི་ཁམས་ནི་དམིགས་པ་ཐ་དད་པ་སྟེ། ན་མཁའ་མཐའ་ཡས་སྐྱེ་མཆེད་དང་། ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཚད་ཅེས་པ་རྣམ་པ་བཞི་སྟེ། གནས་ནི་མེད་དེ་ན་མཁའ་ཉིད་ལ་གནས་པའི་ཕྱིར་རོ།། ཇི་ལྟར་སྣང་བ ་མེད་པའི་འགྲོ་བ་པོའི་སེམས་ཅན་རྣམས་གང་ཡང་ཐམས་ཅད་དུ་ན་མཁའ་བཞིན་དུ་གནས་པ་སྟེ། དེ་ནི་བྱང་ཆུབ་སེམས་ད་པའི་རྣམས་ཀྱིས་ཀྱང་མི་མཐོང་སྟེ། དེ་བཞིན་གཤེགས་པ་ཉིད་ཀྱིས་གཟིགས་པར་འགྱུར ་པའོ།། དེ་ལ་ཡང་ཤིང་རྟའི་པང་ལོང་གི་ཚད་ཙམ་གྱི་ན་མཁའ་ཆ་མཐོ་དམའ་ཇི་སྲིད་པ་དེ་སྲིད་ལ་སྟོང་གསུམ་གྱིས་འཇིག་རྟེན་གྱི་ཁམས་ལྷ་དང་མི་ཙམ་མོ།། ཞེས་པ་ནི་ཁམས་གསུམ་པའོ།། ཁམས ་གསུམ་པ་དེ་ལས་གཞན་དུ་ཡང་སྟེ། ཁམས་གསུམ་པ་རྣམས་ལ་མཐའ་མེད་དེ་ཕྱོགས་བཅུའི་ནམ་མཁའ་ཇི་སྲིད་པ་དེ་སྲིད་དུ་འཇིག་རྟེན་གྱི་ཁྱམས་ཏེ། འོག་མིན་གྱི་གོང་དུ་ཡང་འདོད་པའི་ཁས་འདོད་པི་ཁམས་ཀྱི་འོག་ཏུ་ཡང་འོག་མི་མོ།། ་དེ་ལ་འདོད་པའི་ཁམས་དང་བསམ་གཏན་དང་པོ་རྣམས་བསམ་གཏན་དང་པོ་པ་རྣམས་སྟོང་ལ་ནི་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་སོ།། དེ་སྟོང་འགྱུར་གཉིས་ལ་ནི་སྟོང་གཉིས་སོ།། དེ་སྟོང་འགྱུར་གསུམ་ལ་ནི་སྟོང་གསུམ་སྟེ།། ་མི་མཛད་ཀྱི་འཇིག་རྟེན་གྱི་ཁམས་ཞེས་གྲགས་སོ།། གླིང་བཞི་པ་བྱེ་བ་ཕྲག་བརྒྱ་རྣམས་ཀྱི་འཇིག་རྟེན་གྱི་ཁམས་རྣམས་དུས་གཅིག་ཏུ་འབྱུང་བ་དང་འཇིག་པའོ།། དམྱལ་བའི་འགྲོ་བ་ནས་བཟུང་སྟེ། སེམས་ཅན་རྣམས་འཇིག ་ལ། ཆུའི་དཀྱིལ་འཁོར་ནས་བརྩམས་ཏེ་སྣོད་འཇིག་པའོ།། དེ་ལ་འདིར་གང་ཞིག་སེམས་ཅན་རྣམས་འཇིག་རྟེན་གྱི་ཁམས་གཞན་དུ་སྐྱེས་ནས་རིམ་གྱིས་རྒྱུན་ཆད་པོའི་སྣོད་སྟོང་པ་ལ་ཉི་མ་བདུན་གྱི་མེས་ཇི་སྲིད་བསམ་གཏན་དང ་པོའི་བར་དུ་འཇིག་པར་འགྱུར་རོ།། ཆུས་ཇི་སྲིད་དུ་གཉིས་པའོ།། རླུང་གིས་ནི་ཇི་སྲིད་དུ་བསམ་གཏན་གསུམ་པའི་བར་རོ།། དེ་བཞིན་དུ་འཇིག་པ་གསུམ་པོ་རྣམས་ལ་རི་རས་འཇིག་པ་ལ་བར་གྱི་བསྐལ་པ་ཉི་ཤུ་འཇིག་པར ་འགྱུར་རོ།། དེ་ནས་ཉི་ཤུ་ལ་ན་མཁའ་སྟོང་པ་ཉིད་དུ་གནས་སོ།། དེ་ནས་ཉི་ཤུ་ལ་ཆགས་པར་འགྱུར་རོ།། ཆགས་པ་དང་གནས་པར་འགྱུར་བའི་ཉི་ཤུ། ཞེས་པའི་བར་གྱིས་བསྐལ་པ་བརྒྱད་ཅུ་ལ་ནི་བསྐལ་པ་ཆེན་པོའོ།། དེ་ལ ་བསྐལ་པ་དང་པོར་མི་རྣམས་ཀྱི་ཚེ་ལོ་དཔག་ཏུ་མེད་པ་ནས་རིམ་གྱིས་ཐུང་ངུ་ནས་ལོ་བཅུའི་ཆེའི་བེར་ཇི་སྲིད་དེ་ནི་བར་གྱི་བསྐལ་པའོ།། དེ་ལ་ཆེ་འཕེལ་ནས་ཆེ་ལོ་སྟོང་ཕྲག་བརྒྱད་ཅུ་རྣམས་ནས་ཡང་ཐུང་ནས་ཆེ་ལོ་བཅུའི་བར་རྗེ ་སྲིད་པ་དེ་ནི་གཉིས་པའོ།། དེ་བཞིན་དུ་འཕེལ་དང་། འགྲིབ་པ་གཞན་བཅུ་བདུན་ལ་ཇི་སྲིད་དུ་ཆེ་ལོ་སྟོང་ཕྲག་བརྒྱད་ཅུར་དེ་རབ་ཀྱི་མཐར་ཐུག་པ་ཉིད་དུ་གཅིག་ཤེས་པ་དང་། ཉི་ཤུའི་བརྒྱད་ཅུ་པོ་རྣམས་ཀྱི་ཚད་ནི་མཉམ ་པ་སྟེ། དེ་ལྟར་བརྒྱད་ཅུ་བསྐལ་པ་བཟང་པོའོ།། དེ་ལྟར་གཞན་ཡང་བསྐལ་པ་ཆེན་པོ་ཕལ་ཆེ་བ་དབྱེ་སྐར་མ་ལྟ་བུའི་བསྐལ་པའི་འགྲིབ་པ་ཡང་འདི་ཉིད་ཀྱི་དུས་ཀྱི་ཇི་སྐད་དུ་བཤད་པའི་བར་གྱི་བསྐལ་པའི་ཚད་ཀྱི་དུས་ཀྱིས་ཡོངས་སུ ་བཅད་པའི་བསྐལ་པའི་སྟོང་ཕྲག་ཉི་ཤུའོ།། དེ་བཏང་ནས་བཟང་པོ་ལ་སོགས་པའི་བསྐལ་པ་ཆེན་པོ་དེ་གྲངས་ཀྱི་གནས་གཞན་དྲུག་ཅུར་གྱུར་པ་རྗེས་ཐོབ་པ་གྲངས་མེད་ཅེས་བརྗོད་དོ།། དེ་ལས་བཟློག་ནས་གྲངས་གཞན་ཡང་ཞེས ་པ་སྟེ་གྲངས་མང་གསུམ་མོ།། དེ་ལྟར་བསྐལ་པ་གྲངས་མེད་པ་གསུམ་ལ་སྦྱིན་པ་ལ་སོགས་པའི་བྱ་བ་ལས་བྱུང་བའི་གང་ཞིག་ཐབས་གོམས་པས་བསྒྲུབ་པར་བྱ་བ་ནི་སངས་རྒྱས་ཉིད་དེ། དེ་ལྟར་ཡང་གྲངས་མེད་དང་པོས་ནི་ས་དང་དོ་ཐོབ ་པར་འགྱུར་ལ་གཉིས་པ་ཡིས་ནི་དྲི་མ་མེད་པ་ལ་སྩོགས་པའོ།། གསུམ་པ་ཡིས་ནི་མི་གཡོ་བ་ལ་སོགས་པའོ།། ཞེས་མདོ་སྡེ་ལས་བཤད་ལ། འདིར་བཅོམ་ལྡན་འདས་ཀྱིས་བསྐལ་པ་བྱེ་བ་མཐའ ་ཡས་པའི་དགེ་བས་ངེས་པར་འབྱུང་བའི་བྱང་ཆུ་སེམས་དཔའ་ཞེས་གསུངས་སོ།། དེ་ལྟ་བུ་ལ་བརྩོན་འགྲུས་ཆེན་པས་སློབ་པར་བྱེད་པ་ན་བསྐལ་པ་མང་པོར་རྣམ་པར་ལྡོག་པར་འགྱུར་ཏེ། ཇི་ལྟར་བདག་ཅིག་གི་སྟོན་པ་བྱང་ཆུབ་སེམས ་དཔར་གྱུར་པས་སངས་རྒྱས་ཉེ་རྒྱལ་ལ་བརྟེན་པས། བསྐུལ་པ་དགུ་བཅུ་རྣམ་པར་ལོག་ཅིང་དེ་བཞིན་དུ་ཤིན་ཏུ་སྦྱོར་བ་དང་། ཐབས་ཆེན་པོའི་ཁྱད་པར་གྱིས་བསྐལ་པ་བྱེ་བ་མང་པོ་རྣམས་ལ་ཇི་སྲིད་དུ་བསྐལ་པ་གྲངས་མེད་པ་གཉིས ་རྣམ་པར་ལོག་པར་གྱུར་པ་དང་། ཇི་སྲིད་དུ་དུས་གཅིག་ན་ཡང་སྐྱེ་བ་ཉུང་ངུ་རྣམས་ཀྱིས་དང་། ཇི་སྲིད་དུ་ཛྙཱ་ན་མེང་པའི་ཚུལ་ལས་སྐྱེ་བ་འདི་ལོ་མངོན་པར་བྱང་ཆུབ་ཅེས་གསུངས་པ་ན། དེ་བས་འདོད་པ་གཞན་མི་འདོད་དོ།། ཛམྦྷའི ་གླིང་བ་རྣམས་ཚེ་ལོ་སྟོང་ཕྲག་བརྒྱད་ཅུར་སོང་ནས་མར་འགྲིབ་པའི་ལོ་བརྒྱའི་བེར་ལ་རྫོགས་སངས་རྒྱས་བྱུང་བར་གྱུར་ཏེ།། རྗེས་གཅིག་ཏུ་གླིང་བཞི་པར་ནི་དེ་བཞི་ནི་གཤེགས་པ་གཅིག་ཁོ་ན་འབྱུང་བར་འགྱུར་བ་ནི་གདུལ་བྱའི་སྐུ ་བ་རྣམས་དགུས་པ་བསྐྱེད་པའི་ཕྱིར་རོ།། སངས་རྒྱས་མང་པོས་གདུལ་བྱར་བྱ་བའི་སེམས་ཅན་སྲིད་པ་ལ་ནི་དུས་གཅིག་ཏུ་དེ་བཞིན་གཤེགས་པ་དུ་མ་སྐྱེ་བར་འགྱུར་བ་ཉིད་དེ། ཚོགས་གཉིས་ལ་གོམས་པའི་རྒྱུའི་མཐུས ་དུས་གཅིག་ལ་མཐའ་ཡས་པའི་སྟོང་གསུམ་འཇིག་རྟེན་པ་རྣམས་ན་དེ་བཞིན་གཤེགས་པ་མཐའ་ཡས་པ་སྐྱེ་བར་འགྱུར་ལ། སྐྱེས་ནས་ཀྱང་མྱ་ངན་ལས་འདའ་བ་ཆོས་དང་། ལོངས་སྤྱོད་རྫོགས་པ་དག་ནི་མེད་ལ། སྤྲུལ་པའི ་སྐུ་གཟུགས་དང་དབྱིབས་ཀྱི་ཁྱད་པར་ལ་ནི་ཡོད་པ་ཉིད་དེ། ཇི་ལྟར་བསོད་ནམས་ཆུད་པ་རྣམས་ལ་མི་འབྱུང་ལོ། དེ་ཡང་བསོད་ནཱཾས་བསགས་པ་རྣམས་ཀྱིས་ནི་མཐོང་བར་འགྱུར་གྱི། བདོག་ཅིག་ལེགས་སྦྱང་མ་བྱས་པ་རྣམས ་ཀྱི་ས་ནཱི་མི་མཐོང་སྟེ། ལོང་བ་རྣམས་བཞིན་ནོ།། བདག་ཅག་གི་སྟོན་པ་ནི་འོག་མིན་དུ་མངོན་པར་རྫོགས་པར་སངས་རྒྱས་ནས་སྤྲུལ་པའི་སྐུ་རྣམས་ཀྱིས་ནི་མི་མཛད་ཀྱི་ནང་དུ་ཆུད་པའི་གླིང་བཞི་བྱ་བ་ཕྲག་བརྒྱ་རྣམས་ལ་རིམ་དང་ཅིག ་ཅར་གྱིས་དགའ་ལྡན་དུ་སྐྱེ་བ་དང་ཤི་ནས་ཛམྦུའི་གླིང་རྣམས་སུ་སྐྱེ་བ་ལ་སོགས་པ་ནས་ཇི་སྲིད་དུ་དགོངས་པ་ཅན་གྱིས་མྱ་ངན་ལས་འདའི་བའི་བར་བསྟན་པ་མཛད་དོ།། རྣམ་པ་ཐམས་ཅད་དུ་བཅོམ་ལྡན་འདས་མར་མེ་བཞིན་དུ ་མྱ་ངན་ལས་འདས་པ་ན་གོང་འདིར་སངས་རྒྱས་ལ་སྐྱབས་སུ་སྐྱེ་བོ་ཇི་ལྟར་འགྲོ། ཞེས་པ་ལ་སོགས་པའི་སུན་འབྱིན་པ་སྲིད་པས། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱི་མྱ་ངན་ལས་འདས་པ་ཞེས་པ་ནི། མི་རིགས་པ་ཉིད་དེ་ང་ཇི་ལྟར ་རྒྱ་ཆེ་བར་འགྱུར་བས་ཉེས་པ་འཇུག་པར་བྱོང་། དེ་ནས་ཡང་ཞེས་པ་ལ་སོགས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་ལམ་ཤེས་པ་ལའོ།། ཉེ་བར་བསྟན་པ་ན་གདམས་ངག་གོ།། དེའི་དོན་དེ་ཉིད་ལའོ།། གནས་པར་བྱ་བ་ནི ་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སོ།། བསླབ་པར་བྱ་བ་ནི་བསམ་པ་ལས་བྱུང་བ་ཡིས་སོ།། རྣལ་འབྱོར་དུ་བྱ་བ་ནི་བསྒོམ་པ་ལས་བྱུང་བ་ཡིས་སོ།། བྱིན་གྱིས་བརླབས་པ་ལ་སོགས་པ་ནི་མཐུའི ་རྣམ་གྲངས་ཏེ། དེ་ལ་མཐུ་ཤེས་པ་ནི་བསྟན་པའོ།། ཅིག་ཤེས་དག་གིས་བཤད་པའོ།། གཟི་བརྗིད་ཀྱིས་ནི་སྤོབས་པར་ནུས་པ་བསྐྱེད་པའི་མཐུ་ཡིས་སོ།། བྱིན་གྱིས་བརླབས་པ་ནི་རབ་ཏུ་རྟགས་པས་སོ།། དེ་བཞིན་དུ་སྦྱོར་བར་ནུས་པ ་རྣམས་ཀྱི་གནས་སྐབས་སུ་བྱས་ནས། དེ་གསུངས་པ་ནི་གང་། ཞེས་པ་ལ་སོགས་པ་སྟེ། དེས་བསྐྱེད་པར་བྱ། ཞེས་པས་ནི་སྦྱོར་བར་ནུས་པས་སོ།། དེ་དག་གིས། ཞེས་པ་ལ་སོགས་པ་ནི་ལན་དམན་པས་ཐོབ་པར་བྱ་བའི་མྱ ་ངན་ལས་འདས་པ་ཡང་དག་པ་ཉིད་དུ་ངེས་པ་དེ་དེས་ཐོབ་པས་སོ།། མཚམས་བཅད་པ་ནི་མཚམས་བཅད་པ་སྟེ། རྒྱུན་ཏུ་ཞུགས་པ་ལ་སོགས་པ་ཡིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་གང་ཡང་ནས་ཡང་དུ་དེ ་འཁོར་བའི་སྐལ་བ་མེད་དེ། ཇི་སྲིད་དུ་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་མ་བརླབས་ཀྱི་བར་དུ། ཞེས་པ་ནི་སྦྱོར་བར་ནུས་པའི་ཡུལ་སོ་སོར་ངེས་པའོ།། འོན་ཀྱང་ཞེས་པ་ལ་སོགས་པས་ནི་ཁྱབ་པ་སྟེ། ཉན་ཐོས་རྣམས་ཀྱིས་ནི་ངག ་ལ་ཉལ་ཆད་ནས་སྐྱེ་བ་མེད་པ་སྐྱེ་བ་ཕན་ཚུན་གྱིས་བསྒྲུབ་པར་བྱ་བའི་སངས་རྒྱས་ཉིད་དུ་བྱེད་ཅེས་པ་ནི་མི་འཐད་ཅེ་ན། ཉོན་མོངས་པ་སྤངས་པས་སོ་སོའི་སྐྱེ་བོ་དང་། ཐུན་མོང་གི་འཁོར་བ་རྒྱུན་ཆད་ཀྱང་མ་རིག་པའི་ཉོན་མོངས་པའི ་བག་ལ་ཉལ་མ་སྤངས་པ་དེའི་རྐྱེན་དང་ཟག་པ་མེད་པའི་དགེ་བའི་རྩ་བའི་རྒྱུ་དེ་བསོད་ནམས་ཀྱི་ཚོགས་འཚོལ་བས་ཆོག་ཤེས་པ་མེད་པ་ཉིད་དང་། སེམས་ཅན་ཡོངས་སུ་སྨིན་པས་དུབ་པ་མེད་པ་ལ་སོགས་པ་སྟེ། དེ་ལ་ཉོན་མོངས ་པའི་ཀུན་ནས་ཉོན་མོངས་པ་བཞིན་གྱི་མ་རིག་པའི་བག་ཆགས་དང་། ལས་ཀྱི་ཀུན་ནས་ཉོན་མོངས་པ་བཞིན་དུ་ཟག་པ་མེད་པའི་ལས་མངོན་པར་འདུ་བྱེད་ལ། སྐྱེ་བའི་ཉོན་མོངས་པ་བཞིན་དུ་ཉན་ཐོས་དང་རང་སངས་རྒྱས་དང་དབང ་དུ་གྱུར་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འགྲོ་བ་དྲུག་ཏུ་མ་འདུས་པ་དེ་ཡིད་ཀྱི་རང་བཞིན་གྱི་ལུས་ཀྱིས་འཇུག་ལ། དེའི་རྐྱེན་གྱིས་ཡང་སྐྱེ་བོའི་རྐྱེན་བཞོན་དུ་རྒས་པ་དང་ཤི་བ་ལ་ནི་བསམ་གྱིས་མི་ཁྱབ་པའི་ཡོངསུ་བསྒྱུར ་བ་ཅན་གྱི་འཆི་འཕོ་བོ་ཞེས་དངལ་འཕེལ་སེང་གེའི་ང་རོའི་མདོ་ལས་གསུངས་ཏེ། དེ་ཉིད་ཀྱིས་ན་ཐེག་པ་གསུམ་དུ་གསུངས་པ་ནི་དགོངས་པ་ཅན་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐེག་པ་ཆེན་པོའི་བདག་ཉིད་འདིས ་འགྲོ་ཞེས་པ་དང་དེར་འགྲོ། ཞེས་པའི་ལམ་དང་། འབྲས་བུའོ་ངོ་བོའི་ཐེག་པ་ནི་གཅིག་ཉིད་ལ་ཐེག་པ་གསུམ་དུ་རྣམ་པར་བཞག་པ་ནི་བྱིས་པ་རྣམས་ཐེག་པ་ཆེན་པོ་ལ་གཞུགས་པའི་དྲང་བའི་དོན་དུ་སྟེ། དེ་ལྟར་ཡང་ལང་ཀར ་གཤེགས་པ་ལས་བདག་གི་ཐེག་གཅིག་བཤད་པ་ལས།། ཐེག་པའི་རྣམ་བཞག་ཡོད་མིན་ཏེ།། བྱིས་རྣམས་ཡོངས་སུ་དྲང་དོན་དུ།། ཐེག་པ་ཐ་དད་བདག་གིས་བཤད།། ཅེས་པ་དང་། འཕགས་པས་ཀྱང་། ཆོས་ཀྱི ་དབྱིངས་ལ་དབྱེར་མེད་པས།། ཐེག་པ་ཐ་དད་ཡོད་མ་ཡིན།། ཐེག་པ་གསུམ་ནི་ཀུན་བཤད་པ།། ཁྱོད་ཀྱིས་སེམས་ཅན་གཞུག་པ་ཉིད་ཅེས་སོ།། ཆོས་ཀྱི་དབྱིངས་ནི་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད ་གཅིག་པ་ཉིད་དེ། དེ་ཉིད་གྲུབ་པའི་མཐིའི་དབྱེ་བས་ཐ་དད་པ་ཉིད་ན་ནི་མཐར་ཐུག་པ་མེད་པར་ཐལ་བར་འགྱུར་ལ། ཕྱོགས་གཅིག་པའི་ཡེ་ཤེས་རྣམས་ཀྱིས་ནི་དེ་ཁོ་ན་ཉིད་རྟོགས་པོ་མེད་དེ། རྟོགས་ན་ནི་ཚྭས་ཐལ་བར་འགྱུར།། ་དེའི་ཕྱིར་ནི་གང་ཟག་ཆོས་ལ་བདག་མེད་པའི་ངོ་ཁོ་ན་ཉིད་མངོན་སུམ་དུ་བྱེད་པའི་ཡེ་ཤེས་དེ་ཉིད་ཀྱིས་མྱ་ངན་ལས་འོངས་པ་ཐོབ་པ་ལ་ཡང་དག་པའི་ཆོས་ལས་གཞན་གྱིས་ནི་མིན། ཅེས་པས་ན་ཐེག་པ་ནི་གཅིག་ཉིད་དོ།། ཕྱི ་ཕྱིར་ནི་ལམ་གཞན་ལ་ཡང་དག་པའི་ཐུར་བ་མེད་ཅེས་པ་བསྒྲུབ་པ་ནི་བདེན་པ་གཉིས་ལ་འཇུག་པའི་མདོ་ལས། དེ་ལ་ཡང་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་བསྒོམས་པས་གང་གིས་ཉོན་མོངས་པ་སྤོང་གི། ལམ་གཞན ་གྱིས་མིན་ཏེ། ཉོན་མོངས་པ་རྣམས་ནི་དངོས་པོ་ལ་མངོན་པར་ཞེན་པའི་རྩ་བ་ཅན་ཡིན་པའི་ཕྱིར་ཞེས་གསུངས་སོ།། གང་དུ་ཡང་གསུངས་པ་འཇམ་དཔལ་ཇི་ལྟར་ཉོན་མོངས་པ་རྣམས་ཡོངས་སུ་ཤེས་པར་འགྱུར་བས་ཉོན ་མངས་པ་རྣམས་འདུལ་བར་འགྲོ་བར་འགྱུར།། སྨྲས་པ། དོན་དམ་པར་མ་སྐྱེས་པའི་ཆོས་རྣམས་ཀྱི་ཡོད་པ་མ་ཡིན་པའི་ཡུལ་རྣམས་ལ་ཡོད་པར་སྒྲོ་བཏགས་པས་ཕྱིན་ཅི་ལོག་གི་བདག་ཉིད་ཀྱི་ལྟ་བ་ཀུན་ཏུ་ལྡང་ལ། དེ་ལས ་ཉོན་མོངས་པ་རྣམས་རབ་ཏུ་འཇུག་གོ།། གང་ཡང་ལྷའི་བུ་དོན་དམ་པར་ཆོས་རྣམས་མ་སྐྱེས་རབ་ཏུ་ཤེས་ཤིང་། ཤེས་རབ་ཀྱི་སྦྱོར་བ་མི་བྱེད་པ་ནི་ཕྱིན་ཅི་མ་ལོག་པའི་རྣམ་པར་རྟོག་པ་མེད་པ་སྟེ། ཡོད་པ་མ་ཡིན་པ་ལྟ་སྒྲོ ་འདོགས་པར་མི་བྱེད་ཅིང་ལྟ་བ་ཀུན་ནས་ལྡང་བར་མི་བྱེད་དོ།། སྐྱེ་བ་མེད་པ་དེ་ཉིད་ལ་གནོས་པ་ཉོན་མོངས་པ་ཤིན་ཏུ་འདུལ་བ་ཉིད་དུ་ལྟོ་བར་བྱ་སྟེ། མཐོང་བ་མེད་པའི་སྦྱོར་བས་སོ།། གང་དུ་དོན་དམ་པར་སྐྱེ་བ་མེད་པའི ་ངོ་བོར་རབ་ཏུ་ཤེས་ནས་ཀྱང་རབ་ཏུ་ཤེས་པ་ལ་སྦྱོར་བ་མེད་པས་ནི་དེ་ལྟར་ཉོན་མོངས་པ་རྣམས་རབ་ཏུ་ཤེས་པ་མེད་པའི་སྦྱོར་བ་ཡིས་ཡོངས་སུ་ཤེས་པ་ཡིན་ཏེ། འདི་ལྟ་སྟེ་དཔེར་ན། མཆེ་བ་དྲུག་ཅན་གྱི་རིགས་བརྗོད་པ ་དུག་ཞི་བར་འགྱུར་རོ།། དེ་བཞིན་དུ་གང་ཉོན་མོངས་པའི་རིགས་ཤེས་པ་ནི་དེའི་ཉོན་མོངས་པ་རྣམས་ཤིན་ཏུ་མི་དམིགས་པའི་རྣལ་འབྱོར་གྱིས་རབ་ཏུ་ཞི་བར་འགྱུར་རོ།། གང་དུ་ཡང་ལྷའི་བུ་དོན་དམ་པར་ཤིན་ཏུ་སྐྱེ་བ ་མེད་པའི་དངོས་པོ་རྣམས་ཀྱིས་ཆོས་རྣམས་ཐམས་ཅད་ལ་ཀུན་ཏུ་བརྟགས་པ་འདི་ནི་ཉོན་མོངས་པ་རྣམས་ཀྱི་རིགས་ཤེས་གསུངས་སོ།། མདོ་ཏིང་ངེ་འཛིན་གྱི་རྒྱལ་པོར་ཡང་འགྲོ་བ་འདི་རྣམས་ཐམས་ཅད་སངས་རྒྱས ་འགྱུར་ཅེས་ཏེ། འདིར་ཡང་དྲི་མ་རྣམས་ནི་གློ་བུར་པའི་ཕྱིར་ན་སེམས་རང་བཞིན་གྱིས་འོད་གསལ་བས་མ་ལུས་པའི་འགྲོ་བ་རྣམས་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་ཅན་གྱི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཏེ། ཡོང ་དག་པར་རྫོགས་པའི་སངས་རྒྱས་ཉིད་དུ་སྦྱོར་བར་རུང་བར་ཡོད་པ་ཉིད་དོ་ཞེས་པ་ལ་དགོངས་པའོ།། འདིར་ཐེག་པ་གསུམ་བསྟན་པ་ནི་ངེས་པའི་དོན་ལ་ཐེག་པ་གཅིག་བསྟན་པ་ནི་དགོངས་པ་ཅན་ཉིད་ཅེས ་པ་དང་། རིགས་མེད་པའི་སེམས་ཅན་ཡང་ཡོད་ཅེས་པའི་བརྟགས་པ་ནི་ཤིན་ཏུ་མ་བརྟགས་པ་སྟེ། སྦྱང་བར་བྱའོ།། སེམས་ཅན་རྫོགས་སངས་རྒྱས་ལ་སྦྱོར་མི་རུང་བ་ནི་གཅིག་ཀྱང་མེད་ཅེས་པས་གནས་པ་སྟེ། དེ་ལྟར་ཡང ་དབང་པོ་ཐམས་བདེན་པ་བསྒོམས་པ་ནི་བདག་མེད་པར་མཉམ་པོ་ཡིས་འདོད་ཚོགས་དང་བྲལ་བར་འགྲོ་བར་འགྱུར་རོ།། འབྲིང་གིས་ནི་ཅུང་ཞིག་གཞན་གྱི་དོན་འདོད་པས་འདོད་ཆགས་དང་བྲལ་བ་རྟོགས་ཀྱང་འདོད་པའི་ཁམས ་རྣམས་སུ་དམ་པའི་ཆོས་ནུབ་པ་ནཱ་ཀུན་ཏུ་འཇུག་ཅིང་ཤེས་བྱའི་སྒྲིབ་པའི་ཕྱོགས་གཅིག་གཟུང་བའི་རྣམ་པར་རྟོག་པ་སྤངས་ནས་རང་སངས་རྒྱས་མངོན་སུམ་དུ་བྱས་ནས་རྫུ་འཕྲུལ་རྣམས་དང་ལུས་ཀྱིས་ཆོས་རྣམས་སྟོན་པར་བྱེད ་དོ།། དབང་པོ་རབ་ཀྱིས་ནི་བརྩེ་བའི་རང་བཞིན་ཉིད་ཀྱིས་སེམས་ཅན་ཐམས་ཅད་འདྲེན་པའི་བསམ་པ་སྦྱིན་ཏེ། གསུམ་ཆར་ཡང་ཁམས་གསུམ་པའི་ཉོན་མོངས་པའི་སྒྲིབ་པ་ཙམ་ལས་གྲོལ་བའི་མྱ་ངན་ལས་འདས་པ་མང་ཅིང ་མར་མེ་ཟད་པ་བཞིན་དུ་མྱ་ངན་ལས་འདས་པའི་འདུ་ཤེས་ཅན་གྱི་ཟག་པ་མེད་པོའི་ཁམས་ན་པདྨའི་སྙིང་པོ་ལ་བསྐུལ་བ་འམ་ཇི་སྲིད་དུ་གནས་པ་ལ། དེའི་དེ་བཞིན་གཤེགས་པའི་འོད་ཟེར་རྣམས་ཀྱིས་རབ་ཏུ་སད་པར་བྱས ་ནས་སེམས་བསྐྱེད་པ་བྱས་སྐྱེ་བ་ལ་དབང་བ་དང་། སྟོབས་ནི་མི་གཡོ་བ་ལ་སོགས་པའི་དབང་ཕྱུག་གི་བྱང་ཆུབ་སེམས་དཔའ་བཞིན་གྱི་སྐྱེ་བོ་རྣམས་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་པས ་བསྐལ་པ་གྲངས་མེད་པ་བཞིས་ཡང་དག་པར་རྫོགས་པའི་སངས་རྒྱས་རྟོགས་པར་འགྱུར་ཞེས་པ་ནི་ཁྱབ་པའོ།། སྨྲས་པ། ཞེས་པ་ལོ་སོགས་པ་ནི་རང་བཞིན་ཏེ། དགེ་བའི་ཕྱོགས་ནི་དགེ་བའི་ཚོགས་ཏེ། དགེ་བོའི་ཆོས ་ཐམས་ཅད་སེམས་བསྐྱེད་པ་འདིས་བསྡུས་པའི་ཕྱིར་རོ།། ཞེས་པས་དགེ་བའི་ཕྱོགས་ཉིད་དེ་སྦྱོར་བར་རུང་བ་ཉིད་ཀྱི་རང་བཞིན་ལའོ།། ཁྱད་པར་དུ་འཕགས་པའི་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ཏུ་བསྡུས་པ ་དེ་རྣམས་ཀྱིས་ཏེ། རྒྱུ་ལྔ་པའོ།། ཆེས་ཁྱོད་པར་དུ་འཕགས་པ་ནི་ཐེག་པ་ཆེན་པོས་ཀུན་ཏུ་བསྡུས་པ་ཉིད་དོ།། འབྲས་བུར་གྱུར་པ་ལ་ལྷག་པར་དམིགས་པར་བྱ་ཞེས་ཏེ་ཐོས་པར་བྱ་བའོ།། དེའི་ཕྱིར་ན་བར་ཆོད་མི་བྱ།། ་ཞེས་པ་ནི་སྒྲའི་དོན་ཅེས་པ་ནི་བྱང་ཆུབ་ཀྱི་སེམས་དེའི་ལས་སོ།། དེ་ལྟར་བྱང་ཆུབ་ཏུ་སོམས་བསྐྱེད་པའི་ཕྱིར་ན་བྱང་ཆུབ་སེམྦྷས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྒྱུད་ལམ་ཤེས་པ་ཉིད་ལ་སྤྲོ་བ་བསྐྱེད་པ་ལ་འདིར ་གསུངས་པ་ནི། དེ་ན་ཞེས་པ་ལ་སོགས་པ་སྟེ། ཁྱོད་ལེགས་སོ།། ནོས་བྱ་བ་ནི་གཞན་གྱི་དོན་བྱེད་པའི་ཕྱིར་རོ།། ཇི་ལྟར་སྔོན་གྱི་རྒྱལ་བའི་སྲས་ལ། བཅོམ་ལྡན་འདས་དང་། དེའི་ཉན་ཐོས་རྣམས་ཀྱིས་མང་དུ ་བྱས་པ་དེ་ལྟར་བདག་ཅག་གི་བཅོམ་ལྡན་འདས་དང་དེའི་ཉན་ཐོས་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་སྲས་བྱང་ཆུབ་སེམས་དཔའ་རྣམས་ལ་མང་དུ་བྱའོ།། ཞེས་པ་ནི་བཀའ་དྲིན་གཟོ་བའི་དོན་ཏོ།། ་སྔོན་གྱི་ཉིད་ནི་སྔོན་གྱིས་རྣམས་སོ།། ཚངས་པ་ནི་མྱ་ངན་ལས་འདས་པ་དེ་ལྔ་ཕན་པར་སྤྱོད་པ་ནི་ཚངས་པར་སྤྱོད་པའོ།། གང་དག་ཅེས་པ་ནི་རྣམ་པར་ཕྱེ་བའི་ནང་ནི་ཕྱིན་ཅི་ལོགས་པ་ཅན་དུ་མ་ལྷུང་བའི་ཇི་ལྟ་བའི་དོན་ནོ།། ་མ་རྟོགས་ཞེས་པའི་གཞུང་ཡང་ཁ་ཅིག་གིས་གདམས། ཞེས་པ་ནི་བསྟན་པའི་སྒྲ་ཞེས་པ་དང་། སྐད་ཀྱི་དབྱིངས་དོན་དུ་མ་ལ་འཇུག་པའི་ཕྱིར་རྗེས་སུ་གཟུང་བར་བྱ་བ་ནི་གདམས་པར་བྱ་བས་རྗེས་སུ་བསྐོར་བར་བྱ་བ་ནི་རྗེས་སུ ་བསྟན་པར་བྱ། ཞེས་པའི་ཕྱི་མའི་ཚིག་གཉིས་པ་ཡང་དག་པའི་སྒྲ་ནི་དོན་ཡང་དག་པའོ།། བདག་ཅག་ཉནྡོ་ཐོས་རྣམས་ཀྱིས་ཀྱང་ནི་རང་དང་རིས་མཐུན་པ་རྣམས་ཡོང་བདག་ཉིད་ཀྱི་ཐ་སྙད་བྱེད་པའི་ཕྱིར་རོ།། ལེགས་པ་ནི་གཡོ ་བ་མེད་པས་ཉན་པ་ལའོ།། རབ་ཏུ་གཡེང་བའི་ཡིད་ཀྱིས་སོ།། ཕྱིན་ཅི་མ་ལོག་པ་ལ་བསྟན་པར་བསྒྲུབ་པའི་དོན་དུ་ཡིད་ལ་བགྱིས་པ་བསམ་པ་དང་སྒོམ་པ་དག་གིས་སོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ། ཞེས་པ་ནི་ལམ ་ཤེས་པ་ལའོ།། གནས་པར་བྱ་བ་ནི་སྤྱད་པར་བྱ་བའོ།། དེ་ལ་ཉན་ཐོས་ཀྱི་མཐོང་བའི་ལམ་གྱི་དབང་དུ་བྱས་ཏེ་གསུངས་པ་ནི། སྟོང་པ་ཉིད་ལ། ཞེས་པ་ལ་སོགས་པ་སྟེ། འཕགས་པ་རྣམས་ལ་བདེན་པ་ཉིད་དང་། ཕྱིན་ཅི་མ་ལོག ་པ་ཉིད་ལས། བྱིས་པ་རྣམས་ལ་ནི་མ་ཡིན་ཞེས་པ་ནི་འཕགས་པའི་བདེན་པ་སྟེ། སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་མོ།། ནད་ཀྱི་སྡུག་བསྔལ་བ་ལ་དེའི་ངེས་བཟད་པའི་སྨན་འཚོལ་བ་བཞིན་གྱི་རིམ་པ་སྟེ། གཉི ་ག་ལ་ཡང་བདག་མེད་པར་བསྟན་པའི་སྐབས་སུ་སྒྲིབ་པ་གཉིས་སྤངས་པའི་མཚན་ཉིད་ཅན་གྱི་འགོག་པོའི་བདེན་པ་དོན་དམ་པ། གསུམ་ནི་ཀུན་རྫོབ་ཀྱི་བདེན་པ། ཞེས་པའི་གཉིས་པོ་ཉིད་ནི་བདེན་པ་གཉིས་ཏེ། ཇི་སྐད་དུ་ཡབ ་སྲས་འཇལ་བའི་མདོ་སྡེར། རྣམ་པར་བལྟ་དཀའ་བདེན་པ་འདིར་ནི་མཁས་རྣམས་ཀྱིས།། རང་གི་མཐོང་འགྱུར་གཞན་གྱི་མཉན་སོགས་རྣམས་ཀྱིས་མིན།། ཀུན་རྫོབ་དང་ནི་གང་ཡང་དེ་བཞིན་དོན་དམ་ལས།། བདེན་པ་གསུམ་པོ ་ཅུང་ཟད་ཡོད་པར་འགྱུར་བ་མིན།། ཅེས་ཏེ། ཉན་ཐོས་རྣམས་ལས་ནི་འཁོར་བ་ལས་ཡིད་འབྱུང་བའི་དོན་དུ་གང་ཟག་གི་བདག་མེད་ཙམ་ལ་གཞུག་པའི་རྣམ་པར་བཞི་པོ་བསྟན་ཏོ།། དེ་ལ་སྡུག་བསྔལ་ནི་སྡུག་བསྔལ་གྱི་སྡུག ་བསྔལ་དང་། རྣམ་པར་འགྱུར་བའི་སྡུག་བསྔལ་དང་། འདུ་བྱེད་ཀྱི་སྡུག་བསྔལ་རྣམས་ཀྱིས་སྡུག་བསྔལ་བའི་འཁོར་བ་པའི་ཕུང་པོ་རྣམས་ལ་སྡུག་བསྔལ་གྱི་རྒྱུ་ནི་ཀུན་འབྱུང་བའོ།། སྡུག་བསྔལ་ཟད་པ་ནི་འགོག་པའོ།། དེ ་ཐོབ་པའི་ཡེ་ཤེས་ནི་ལམ་སྟེ། གང་འདི་རྣམས་ཀྱི་རྣམ་པ་དེ་རྣམས་སྟོང་པ་ཉིད་ལ་གནས་ཤིང་སྟོང་པ་ཉིད་དུ་མཐོང་བའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་ཉན་ཐོས་ཀྱི་གང་ཞིག་མཐོང་བའི་ལམ་ལ་གནས་པར་བྱ་བ་མཉེ ་པར་བཞག་པའི་སེམས་ཀྱིས་ཏེ། སྟོང་པ་ཉིད་དུ་མཐོང་བ་དང་མི་དམིགས་པ་ཉིད་ཀྱིས་ཏེ། དེ་ནི་བསྟན་བཅོས་ལས། ལམ་ཤེས་པ་ཉིད་ཀྱིས་ཚུལ་ལ་ནི།། འཕགས་པའི་བདེན་པ་བཞི་དག ་གི། རྣམ་པ་མི་དམིགས་སྒོ་ནས་ནི།། ཉན་ཐོས་ལམ་འདི་ཤེས་པར་བྱ།། ཞེས་ཏེ། ཉན་ཐོས་ཀྱི་སྡེ་སྣོད་ལ་རྣམ་པ་བཅུ་དྲུག་ཏུ་བཤད་དེ། འདི་ལྟར་ཏེ། རྟག་པ་དང་བདག་དང་བདག་གིར་སྒྲོ་བཏགས་པ་ལས་ལྡོག་པའི་སྡུག ་བསྔལ་དང་། མི་རྟག་པ་དང་སྡུག་བསྔལ་བ་དང་བདག་མེད་པ་དང་སྟོང་པ་ཉིད་དུ་ཡོངསུ་ཤེས་པའོ།། ཀུན་འབྱུང་བ་ལ་ཆོས་རྣམས་ཐམས་ཅད་ལ་རྒྱུ་མེད་པ་ཅན་དང་དུས་ལ་སོགས་པའི་སེམས་མེད་པའི་རྟོག་པའི་རྒྱུ་ཅན་དང་། ་གཙོ་བོ་དང་སྒྲའི་ཚངས་པ་ལ་སོགས་པས་ཡོངས་སུ་བསྒྱུར་བའི་དངོས་པོའི་རྒྱུ་ཅན་དང་། དབང་ཕྱུག་ལ་སོགས་པའི་བློ་དང་ལྡན་པའི་རྒྱུ་ཅན་ཞེས་པར་སྒྲོ་བཏགས་པའི་གཉེན་པོར་རྒྱུ་དང་ཀུན་འབྱུང་བ་དང་རབ་ཏུ་སྐྱེ་བ་དང ་རྐྱེན་ནོ།། འགོག་པ་མེད་ཅིང་ཐར་པ་དང་སྡུག་བསྔལ་བ་ལས་ཐར་པ་མེད་དེ། བསམ་གཏན་གྱི་བདེ་བ་ཁོ་ན་ལས་གྱ་ནོམ་པ་མེད་པ་སྟེ། གྲོལ་ཀྱང་ཡང་འཁོར་བ་ན་ལྟུང་། ཞེ་ས་པའི་གཉེན་པོར་འགོག་པོ་ཞི་བ་གྱ ་ནོམ་པ་ངེས་པར་འབྱིན་པའོ།། ལམ་མེད་དེ། བདག་མེད་པའི་མཚན་ཉིད་ཀྱི་ལམ་བདག་ཉིད་ཀྱིས་རྟག་པར་ཡོད་པའི་ལམ་ངན་པ་ལས་འདིར་གཞན་དུ་ལམ་མེད་པ་དང་ཡིས་ཡང་དག་པར་ལྡོག་པས་སོ།། ཞེས་པའི ་གཉེན་པོར་ལམ་རིག་པ་བསྒྲུབ་པ་ངེས་པར་འབྱུང་བ་སྟེ། འདིར་དེ་གཟུང་བར་མི་བྱ་ལ། གང་དུ་ཡུམ་ཆེན་མོ་ལས་གསུངས་པ་དེ་འདིར་གཟུང་བར་བྱ་སྟེ། རེ་བར་འགྱུར་ན་ཉན་ཐོས་ཀྱི་བྱང་ཆུབ་ཀྱང་ཚོགས་ཆུང་ངུ་དེ་རྣམས ་ཀྱིས་ཐོབ་པའི་ཕྱིར་རོ།། དེ་ལ་སྡུག་བསྔལ་ནི་རྣམ་པ་བཞི་རྣམས་ཀྱིས་ཡིད་ལ་བྱེད་པ་དེ་སྔ་མ་བཞིན་ནོ།། མི་རྟག་པ་ལས་བྱུང་བ་འཇིག་པ་དང་བྲལ་བར་སྦྱོར་བའི་ཕྱིར་དང་། སྡུག་བསྣོལ་བ་ལ་སོ་སོར་མི་མཐུན་པའི ་ཕྱིར་དང་། བདོག་མེད་པ་ལ་བདག་གི་མཚན་ཉིད་དང་བྲལ་བའི་ཕྱིར་དང་། ཞི་བ་ལ་བདག་གིས་སྟོང་པའི་ཕྱིར་ཏེ།། བདག་གིས་སྟོང་པ་ནི་ཞི་བ་སྟེ། རེ་བོཞིན་ནོ།། ཀུན་འབྱུང་པོ་ལ་ནི་དབྱེ་བ་བཅུ་གཅིག་སྟེ། དེ་ལ ་རྣམ་པ་བཞིས་སྤངས་པས་དགྲ་བཅོམ་པ་ཤེས་པའི་ཕྱིར་ནང་དང་འབྲས་དང་ཟུག་རྔུ་དང་སྡིག་པ་དང་། སྡུག་བསྔལ་གྱི་རྒྱུའི་ཕྱིར་དང་། སྡུག་བསྔལ་གཟེངས་བསྟོད་པའི་རྒྱུའི་ཕྱིར་དང་། འདྲེན་པར་དཀའ་བའི ་ཕྱིར་དང་། འདིའི་དང་གཞན་པའི་སྡུག་བསྔལ་གྱི་རྒྱུ་ཉིད་ཀྱིས་ན་སྡིག་པ་དང་ཆོས་མཐུན་པའོ།། ཡང་བཞི་རྣམས་ཀྱིས་ནུས་པ་ཉིད་དུ་ཡོངས་སུ་ཤེས་པའི་ཕྱིར་ཏེ། ཕ་རོལ་དང་། རབ་ཏུ་འཇིག་པའི་ཚེ་དང་། གཡོབ ་དང་རབ་ཏུ་འཇོམས་པ་སྟེ། བདག་ནི་བཅོམ་པར་མི་ནུས་པ་འདིར་ཕ་རོལ་ལ་སོ་སོར་སྐད་ཅིག་ལ་འཇིག་པའི་ཕྱིར་ནི་རབ་ཏུ་འཇིག་པའི་ཆོས་སོ།། དགྲ་བཅོམ་པ་རྣམས་ཀྱི་དྲུངས་འབྱིན་པའི་ཕྱིར་གཡོ་བའོ།། རང ་བཞིན་གྱི་ལམ་གྱིས་རབ་ཏུ་བཅོམ་པའི་ཕྱིར་རབ་ཏུ། འཇོམས་པ་ཉིད་དོ།། གདུང་བར་མི་བྱེད་པའི་དོན་དུ་ཡང་གསུམ་རྣམས་ཀྱིས་ཏེ། འཇིགས་པ་ཉིད་དང་། ཉེ་བར་འཚེ་བ་ཉིད་དང་། ཉེ་བར ་བསྒྱུར་བ་ཉིད་དེ། ཀུན་ཏུ་འདུས་པ་ལ་སོགས་པ་བཞིན་དུ་འཇིགས་པའི་རྒྱུའི་ཕྱིར་དང་འབྱུང་པོ་དང་སྲིན་པོ་ལ་སོགས་པ་དང་ཆོས་མཐུན་པ་དང་། མུ་གེ་དང་ཕས་ཀྱི་དགྲ་བོ་ལ་སོགས་པ་དང་ཆོས་མཐུན་པ་ཞེས་པའོ།། རྟེན ་ཅིང་འབྲེལ་པར་འབྱུང་པོ་ལུགས་དང་མི་མ་ཐུན་པ་ནི་མ་རིག་པ་འགག་པས་འདུ་བྱེད་འགག་ཅེས་པ་དེ་ནས་བརྩམས་ཏེ། ཇི་སྲིད་དུ་དེ་བཞིནི་ཉིད་དུ་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་འགག་པར་འགྱུར་རོ། ་ཞེས་པའི་བར་དུའོ།། དེ་ལ་བཀག་པས་འགག་ཅེས་པས་འགོག་པའི་བདེན་པ་ལ། འདིས་འགགས་པར་འགྱུར་ཅེས་པ་ནི་འགོག་པའི་ལམ་གྱི་བདེན་པ་སྟེ། དེ་ལ་འགོག་པའི་བདེན་པ་ལ་ནི་རྣམ་པ་བདུན་གྱི་སྟེ། ་བདག་མེད་པ་ཉིད་དང་། ཞི་བའི་ཉིད་དང་། དབེན་པ་ཉིད་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་ཉིད་དང་། སྨོན་པ་མེད་པ་ཉིད་དང་། མངོན་པར་འདུ་བྱ་བ་མེད་པ་ཉིད་དོ།། བདག་ནི་རྣལ་འབྱོར་པའི་སྡུག་བསྔལ་གྱི ་བདག་ཉིད་ཀྱི་ཕུང་པོ་ལ་རྣམས་ལ་འདིར་སྡུག་བསྔལ་མེད་པས་བདག་མེད་པའོ།། ཉོན་མོངས་པ་ཉེ་བར་ཞི་པས་ཞི་བའོ།། སྡུག་བསྔལ་དང་ཉོན་མོངས་པའི་མི་གཙང་བ་དག་ཉེ་བར་ཞི་བས་དབེན་པ་སྟེ་ཞེས་པའི་དོན་ཏེ། ་བདག་དང་བདག་གི་དང་བྲལ་བས་སྟོང་པའོ།། འདུས་བྱས་པའི་མཚན་མ་ཐམས་ཅད་མེད་པའོ།། དེའི་ཁམས་གསུམ་པ་ལ་སྨོན་པའི་སྨོན་པ་ཟད་པས་སྨོན་པའོ།། འབྱུང་བར་འགྱུར་པས་ལས་མངོན་པར་འདུ་བྱེད་པ ་མེད་པའོ།། མངོན་པར་འདུ་བྱེད་པ་མེད་པའོ།། ལམཽ་གྱི་བདེན་པ་ལ་ཡང་རྣམས་བདུན་པོ་འདི་རྣམས་ཉིད་ཀྱིས་ཏེ། འགྲོག་པའི་ཐོབ་པ་པོ་ནི་ལམ་ལི་དེས་ན་བདག་མེད་པ་དང་ཞི་བ་དང་དབེན་པ་ལ་སོགས་པའི་ཐོབ་པར ་བྱེད་པ་པོའི་ཕྱིར་ན་ལམ་ཡང་བདག་མེད་པ་དང་། ཞི་བ་དང་དབེན་པ་དང་སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་མངོན་པར་འདུ་བྱ་བ་མེད་པ་སྟེ། དེ་ལྟ་བུའི་རྣམ་པ་ཉི་ཤུ་རྩ་དགུས་ནི་འདིར་ཉན་ཐོས ་ཀྱི་ལམ་མྱུར་བར་དེའི་བྱང་ཆུབ་ཐོབ་པའི་ཕྱིར་རོ།། དེ་ཡང་རྣམ་པ་འདི་རྣམས་མི་དམིགས་པ་ནི་ལམ་ཤེས་པ་ཉིད་ལ་རབ་ཏུ་འཇུག་སྟེ། གང་གིས་དམན་པའི་ལམ་བསྒོམ་པའི་བྱང་ཆུབ་སེམས་དཔའ་ཐབས་ལ་མི་མཁ ་པ་དམན་པའི་བྱང་ཆུབ་ཏུ་འགྲོ་བར་ནུས་ཏོ། དེའི་ཕྱིར་རྒྱུ་ངས་ན་འདི་ལ་མ་ཤེས་པ་ལ་གོ་ཆ་ཆེན་པོ་དང་ཐབས་ལ་མཁས་པ་ཆེན་པོ་བདག་ཉིད་བསྲུང་བའི་ཕྱིར་གློ་བགོ་བར་བྱའོ།། དེ་ལ་འདིའི་གོ་ཆ་ཆེན་པོ་ནི་འདི་ལྟ་སྟེ། ་ཕུང་པོ་ལྔ་པོ་རྣམས་དང་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་དོ་ལས་ཐ་མི་དད་ཅེས་པའི་སྟོང་པ་ཉིད་དང་། སྙིང་རྗེ་རོ་གཅིག་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པོ་ཉིད་དོ།། འདི་ནི་ཉན་ཐོས་རྣམས་ཀྱི་མཐོང་བའི་ལམ་མོ།། ངེས་པར ་འབྱེད་པའི་ཆ་དང་མཐུན་པ་གསུངས་པ་ནི། གཟུགས་ལ་གནས་པར་མི་བྱ། ཞེས་པ་ལ་སོགས་པ་སྟེ། དེ་ལ་གཟུགས་ལ་སོགས་པ་རྣམས་ལ་གནས་པ་མེད་པ་དང་། མངོན་པར་ཞེན་པ་པ་མེད་པ་ནི་དྲོད ་དོ། དེ་ལྟར་གཟུགས་ཞེས་པ་ལ་སོགས་པ་སྟེ། གཟུགས་ལ་སོགས་པ་རྣམས་ལ་འདིར་དེ་ཡིས་རང་གི་མཚན་ཉིད་དམིགས་སུ་མེད་པས་ནི་རྩེ་མོའོ།། གཟུགས་རྟག་ཅེས་པ་ལ་སོགས་པ་སྟེ། གཟུགས་ལ་སོགས་པ་རྣམས་ལ ་གཉིས་སུ་མི་དམིགས་པས་ནི་བཟོད་པའོ།། སྟོང་པའོ།། ཞེས་དམིགས་པས་ཉེ་བར་དམིགས་པར་བྱེད་པ་དང་། དེ་ལྟར་དམིགས་པ་ནི་དེའི་ཕྱིར་སྟོང་པ་ཉིད་ཉེ་བར་དམིགས་པའོ།། ཞེས་བྱ་བ་གཉིས་དང་། རྒྱུན་ཏུ་ཞུགས་པའི ་འབྲས་བུ་ལ་སོགས་པ་རྣམས་ཀྱི་ཁྱད་པར་ལ་གནས་པ་མེད་པས་ཆོས་མཆོག་སྟེ། འདིར་བསྟན་བཅོས་ལས། འཕགས་པས་ཉན་ཐོས་ལམ་ལ་ནི།། གཟུགས་སོགས་ཕུང་པོ་སྟོང་པོའི་ཕྱིར།། སྟོང་པ་ཉིད་ལ་དབྱེར་མེད་པས།། ་དྲོ་བ་དེ་དག་མི་དམིགས་པར།། རྩེ་མོར་གྱུར་པ་དག་ཏུ་འདོད།། དེ་ལ་རྟག་ལ་སོགས་ཚུལ་གྱིས།། གནས་པ་བཀག་པས་བཟོད་པ་རྣམས།། ས་བཅུ་དག་ལ་བརྩམས་ནས་ནི།། མི་གནས་རྒྱས་པོར་བསྟན་པ་ཡིས།། ཆོས་ཀྱི་མཆོག་ཏུ ་འགྱུར་བཤད་དེ།། ཅིའི་ཕྱིར་ཞེ་ན་སངས་རྒྱས་ཀྱིས།། མཁྱེན་ནས་ཆོས་རྣམས་མ་གཟིགས་ཕྱིར།། ཞེས་ཏེ། ལམ་ཤེས་པ་ནི་བཤད་མ་ཐག་པའི་ལམ་གྱི་རྒྱུ་མཚན་ལ་གཟུགས་ལ་སོགས་པའི་ཕུང་པོ་དེ་རྣམས་ཀྱང་སྟོང་པ ་ཉིད་པས་སྟོང་པ་ཉིད་དང་གཟུགས་ལ་སོགས་པ་རྣམས་ཐ་མི་དད་དེ། གཟུགས་ལ་སོགས་པ་དེ་རྣམས་ཀྱི་གཟུགས་ལ་སོགས་པ་དེ་རྣམས་ལ་མི་རྟག་པ་ལ་སོགས་པར་སྦྱོར་བ་རྣམས་ཀྱིས་དེ་ལ་གནས་པ་ཉེ་བར་དམིགས་པ་བཀག ་པས་ས་དང་པོའི་ཞེས་པ་ལ་སོགས་པའི་ཡུམ་ཚན་མར་ཉེ་བར་དམིགས་པ་རྒྱ་ཆེན་པོས་བསྟན་པའི་ཕྱིར་རོ།། ཇི་ལྟར་བསྟན་ཞེ་ན། ཆོས་རྣམས་མ་མཐོང་བའི་ཕྱིར་རོ།། ཞེས་པ་ལ་སོགས་པསོ།། བཅོམ་ལྡན་འདས་མ་འདིར་ནི་རྒྱུན་ཏུ ་ཞུགས་པའི་འབྲས་བུ་ལ་སོགས་པའི་ཁྱད་པར་རྣམས་ལ་མི་གནས་པ་གསུངས་པས་ས་བཅུ་རྣམས་མི་གནས་པ་ཉེ་བར་མཚོན་པས་སོ།། མིག་གི་འདུས་ཏཽ་རེག་པ་ཞེས་པ་སྟེ། གང་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་འདུས ་བར་གྱུར་པས་བདེ་བ་ལ་སོགས་པའི་ཚོར་བ་སྐྱེ་བར་འགྱུར་བ་དང་རྗེས་སུ་མཐུན་པའི་དབང་པོ་རྣམས་པར་འགྱུར་བའི་ཡོངས་སུ་གཅོད་པ་པོ་ལ་འདྲ་བ་ཙམ་གྱི་བདེ་བ་ལ་སོགས་པའི་དང་བཅས་པའི་ཚོར་བ་སྐྱེད་པ་པོའི་སེམས ་ལས་བྱུང་བ་རེག་བྱའི་དབང་པོ་ལས་བྱུང་བའི་རྣམ་པར་འགྱུར་བ་དང་འདྲ་བ་རིག་པར་བྱེད་པར་འགྱུར་ཞེས་པ་ཉིད་དེ། འདིར་དབང་པོའི་དབྱེ་བ་ནི། མིག་གི་འདུས་ཏེ་རེག་པ་ནས་ཇི་སྲིད་དུ་ཡིད་ཀྱི་འདུས་ཏེ་རེག་པའི་བར་དེ་དང་། ་སྡུག་པོ་ནི་གཙང་པོའོ།། མི་སྡུག་པ་ནི་མི་གཙང་བའོ།། རི་དུས་མ་བྱས་པས་དབང་དུ་ཕྱེ་བ་ནི་ཉོན་མོངས་པ་དང་། མ་རིག་པ་ཟད་པའི་འདུས་མ་བྱས་པའི་ཕྱིར་རོ།། འཇིག་རྟེན་འདི་ནི་འདོད་པའི་ཁམས་ཏེ་དེ་ཉིད་ལ་འདོད་པ ་དང་ལྡན་པའི་འཇིག་རྟེན་ལའོ།། འདི་ཉིད་ནི་སྐྱེ་བ་འདི་ཉིད་ལའོ།། སོ་སོའི་སྐྱེ་བོའི་ས་ནི་མོས་པར་སྤྱོད་པའི་ས་ལའོ།། ཕུང་པོ་ལྷག་མ་མེད་ཅེས་པ་ནི་ཕུང་པོ་ནི་ཕུང་པོ་ལྔ་ལ་དེ་ཉིད་ཀྱི་གང་དུ ་ལྷག་མ་དེ་ནི་འདི་ཕུང་པོ་ལྷག་མ་ལ་ཉོན་མོངས་པ་འགགས་པའི་མཚན་ཉིད་ཅན་མྱ་ངན་ལས་འདས་པ་ལ་གོང་དུ་དེ་ཡང་འགྲགས་པར་འགྱུར་བ་དེ་ནི་ཕུང་པོ་ལྷག་མ་མེད་པའོ།། དེ་ཡང་ཉན་ཐོས་རྣམས་དང་རང་སངས ་རྒྱས་རྣམས་ལ་ཤེས་བྱའི་སྒྲིབ་པ་ཡོད་ཀྱང་གཉིས་པོ་དག་གི་མར་མེ་བཞིན་དུ་མྱ་ངན་ལས་འདས་པའི་འདུ་ཤེས་པ་ཉིད་ཀྱིས་རྣམ་པར་བཞག་ལྔ། རྫོགས་སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུའི་བདག་ཉིད་རྣམས་ནི་རྣམ ་པ་ཐམས་ཅད་དུ་ཤེས་བྱའི་སྒྲིབ་པ་ལྔ་སྤངས་ཤིང་འགགས་པའི་མྱ་ངན་ལས་འདས་པའོ།། འདིར་གཉིས་པ་བཤད་པ་ནི་གཞན་དུ་ན་གདུལ་བྱའི་ངོ་བོའི་ཕྱིར་རོ།། ཆོས་དང་ལོངས་སྤྱོད་པའི་སྐུའི་ངོ་བོ་རྣམས་ནི་སྒྲིབ་པ་གཉིས་པའི ་བག་ཆགས་དང་བཅས་པའི་གནས་སྐབས་ཀྱི་ཕུང་པོ་ལྔ་འགགས་ནས་ཤིན་ཏུ་རྣམ་པར་དག་པའི་སྟོང་པ་ཉིད་དང་རོ་གཅིག་པའི་ཀུན་རྫོབ་ཀྱི་ཕུང་པོ་ལྔའི་བདག་ཉིད་ཅན་ཕུང་པོ་ལྷག་མ་མེད་པ་ཉིད་དུ་མྱ་ངན་ལས་འདའ་བར་འགྱུར་ཏེ། ་འདིར་རྣམས་པར་རྟོག་པ་ཐམས་ཅད་དེ་ལྟར་མྱ་ངན་ལས་འདས་པ་སྟེ་རབ་ཏུ་མི་གནས་པ་ཡིས་སོ།། འཛིན་ཅེས་པས་དབྱིངས་ཏེ། གཞན་གྱི་དོན་བྱ་བའི་རྒྱུ་སྟེ། ཕུང་པོ་ལྷག་མ་དང་བཅས་པ་ལས་གཞན་དུ་འདི་དག་ཡོད་པ་མ ་ཡིན་ནོ།། དེ་ཉིད་ཀྱིས་ནི་གསུངས་པ་ནི། སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་ཞེས་པ་སྟེ། འཁོར་བ་ཀུན་ཏུ་བརྟགས་པ་དང་། མྱ་ངན་ལས་འདས་པ་དག་ལ་མི་གནས་པ་དེས་ན། གོ་རིམ་བཞིན་དུ་ཀུན་ནས་ཉོན་མོངས་པ་ཅན་གྱི་ཆོས ་ཐམས་ཅད་ཟད་ནས་ཟག་པ་མེད་པའི་ཕུང་པོ་ལྔ་པོ་རྣམས་ཀྱིས་ན་མཁའ་ཇི་སྲིད་པར་འགྲོ་བའི་དོན་བྱེད་པས་གནས་པའི་ཕྱིར་རོ།། དེ་ལས་གཞེངས་པ་ཡང་མ་ཡིནཔ་ཞེས་པ་ནི་ཐོབ་པ་དང་ཉམས་པ་ལྔའོ།། གནས་པ་མཱ་ཡིན་ལ་མི་གན ་པ་ཡང་མ་ཡིན་པ་ནི་ཡིད་ཀྱིས་རབ་ཏུ་མི་གནས་པའི་ཕྱིར་དང་ལངས་པ་མིན་པའི་ཕྱིར་རོ།། མི་མཐུན་པར་གནས་པ་མ་ཡིན་ཞིང་མི་མཐུན་པ་མེད་པར་གནས་པ་ཡང་མ་ཡིན་པའི་ཕྱིར་ནི་རབ་ཏུ་རྒྱུ་བའི་སྦྱོར་བས་སྔོན་བཞིན་དུའོ།། ཡུལ ་མེད་པ་ལ་འགག་པ་མི་སྲིད་པས་གིཉི་ག་ལ་མི་མཐུན་པར་མི་གནས་པའོ།། ལྷག་མ་ནི་གོ་སླའོ།། ཞེས་པ་ནི་ཆོས་ཀྱི་མཆོག་གོ། ཇི་ལྟར་ན་ངེས་པར་འབྱེད་པའི་ཆ་དང་མཐུན་པ་འདི་རྣམས་ཉན་ཐོས་རྣམས་ཀྱིས་ན། ངེས་འདིར་འཕགས ་པའི་ལམ་ལ་ཚད་དུ་བྱེད་པ་བསྒོམ་པའི་ཕྱིར་རོ།། བསེ་རྱའི་ལམ་བསྟན་པར་འདོད་ནས་གཟུངས་པ་ནི། དེ་ནས་ཡང་ཞེས་པ་ལ་སོགས་པ་སྟེ། གང་ཡང་ཁ་ཅིག་གིས་གང་ཉན་ཐོས་ཀྱི་ལམ་ཡང་རབ་འབྱོར་གྱིས་སྟོན་པར་བྱེད་པ་ལ ་འདི་ནི་ཤིན་ཏུ་ཟབ་སྟེ། ཇི་ལྟར་གནོད་སྦྱིན་རྣམས། ཞེས་པོ་ནི་དེང་བརྗོད་པའོ།། ཇི་ལྟར་གནོད་སྦྱིན་གྱི་སྐད་ལ་སོགས་པ་ནི་ངས་སྨྲ་བའི་ཕྱིར་རོ།། དེ་ལ་སྐད་ཅེས་པ་ནི་བསྟན་པ་ལ། ལྷག་མ་ནི་བཤད་པ་སྟེ། སྨན་ངག་གི། ཚིག་ནི་ངག ་ཚོགས་རྣམས་སོ།། སྨྲས་པ་ནི། ཚིག་གི་ངག་རྣམས་ཀྱིས་སོ།། རབ་ཏུ་བརྗོད་པ་ནི་ངག་གི་ཚོགས་རྣམས་ཀྱིས་སོ།། འཆང་བ་ནི་གདམས་པའོ།། བརྗོད་པ་ནི་རྗེས་སུ་བསྟན་པའོ།། འདི་ཡང་གློ་སྐབས་ཐོབ་པའི་ཕྱིར ་བློ་ལ་གནས་པའི་བསེ་རུའི་ཡེ་ཤེས་ཀྱིས་མཆོག་ཏུ་བརྟག་པར་བྱས་པའོ།། ཤེས་པར་མི་རུང་བ་ནི་གཞན་ལས་ཏེ། ཚིག་གཉིས་ཀྱིས་ཀུན་ཏུ་བརྩེགས་པའི་ཕྱིར་འདིར་དེ་རྣམས་ལས་གཞན་གྱིས་ཉེ་བར་བསྟན་པའི་དོན་མེད་དོ།། འདོར ་ཞེས་པ་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པའོ།། ཆོས་གང་ཡང་སྨོས་པར་མ་བྱས་པར་ནི་བསྟན་པར་རོ།། ཐོས་པ་མེད་པར་ནི་རྣ་བས་ཏེ། ཆོས་རྣམས་ཐམས་ཅད་ངོ་བོ་ཉིད་མེད་པའི་ཕྱིར་ཏེ། དཔེར་ན་སྤྲུལ་པའི་སངས ་རྒྱས་ཀྱིས་སྤྲུལ་པའི་ཁོར་རྣམས་ལ་ཆོས་སྟོན་པར་བྱེད་པའི་སྟོན་པ་པོ་བསྟན་པ་དང་། འཁོར་སྲི་པའོ།། གསལ་བ་ནི་ཟབ་མོའོ།། གཟེངས་བསྟོད་པ་ནི་གཉིས་བརྗོད་པའོ།། འཕགས་པ་མིན་པའི་སྤྱོད་ཡུལ་མ་ཡིན་ཀྱིས་ནི་རིང ་བྲོའོ།། སྤྲོས་པ་མེད་པའི་ཕྱིར་ཕྱེ་བའོ།། གཏིང་དཔོགས་པར་དཀའ་བའི་ཕྱིར་ན་ཟབ་པའོ།། ཉན་ཐོས་ཀྱི་ལམ་ལས་ཆོས་རིང་བ་དང་། ཆོས་ཕྲ་བ་དང་། ཆེས་ཟབ་པའི་ཡེ་ཤེས་ལ་རབ་ཏུ་འཇུག་པའི་སེམས་པས་སོ།། སྟོན་པར་བྱེད ་ཅིང་ནི་གཞུང་ངོ་།། འཆད་པོ་ནི་དོན་ཏོ།། དེ་ལྟ་བས་ན་འདིར་མེད། ཅེས་པ་ལ་སོགས་པས་ནི་གཏིང་དཔག་དཀའ་བའི་ཕྱིར་ཏེ། ཡེ་ཤེས་ཟབ་པ་སྟོན་ཏོ།། འདིར་བསྟན་བཅོས་ལས། གཞན་གྱིས་བསྟན་ཡང་མི་དགོས་ལ།། རང ་འབྱུང་རང་གིས་རྟོགས་པའི་ཕྱིར།། བསེ་རུ་ལྟ་བུའི་ཡེ་ཤེས་ནི།། ཟབ་པ་ཉིད་དུ་མངོན་པར་བརྗོད་།། ཅེས་པ་སྟེ། གང་དུ་གཞན་དག་གིས་བསྟན་པའི་དོན་མེད་དེ། སྲིད་པར་སྦྱོར་བ་ལས་རང་འབྱུང་བ་ཉིད་ལ། དེ་རྣམས་ཀྱིས་རང ་གི་མངོན་དུ་ཕྱོགས་པས་བསྒོམོ་བྱ་མངོན་པར་རྟོགས་པས་སོ།། བསེ་རུ་རྣམས་ཀྱིས་གཞན་གྱི་དོན་གྱི་བྱ་བ་ཇི་ལྟ་བུ་ཞེས་ན། འདོད་པ་ཙམ་གྱིས་དོན་གྲུབ་ལ་ཇི་ལྟར་དེ་རྣམས་ལ་ཐོས་པ་ནི་ལེགས་པར་མཉམ་པ་ཙམ་གྱིས་ཏེ། གང་དུ ་བསྟན་བཅོས་ལས། གང་གང་དོན་ནི་གང་གང་ལ།། ཅི་ལྟ་ཅི་ལྟར་ཉན་དེ་དང་།། དེ་ལ་སྒྲ་མེད་ཀྱང་དོན་ཏོ།། དེ་ནི་དེ་ལྟ་དེ་ལྟར་སྣང་།། ཞེས་པ་སྟེ། གདུལ་བར་བྱ་བ་གང་དང་གང་གི་དོན་གང་དང་གང་ལ་སྟེ། ངེས་པར་འབྱེད་པའི་ཆ་དང ་མཐུན་པ་རྣམས་སམ། འཕགས་པའི་ལམ་ལའོ།། དེ་ནས་ཡང་ཚེ་དང་ལྡན་པ་ཞེས་པ་ལ་སོགས་པ་སྟེ། བཟོད་པ་འདི་ལ་མི་བརྟེན་པར། ཞེས་པ་ནི་དེ་ལྟ་བུ་ནི་འདིར་མེད་ཅེས་པ་ལ་སོགས་པ་བཤད་དེ། གཟུང་བ་མེད་པའི་ཤེས་པས ་ཐོབ་བྱ་ཐོབ་པ་མེད་ཅེས་པའི་དོན་ཏོ།། དེ་བཞིན་དུ་སྦྱར་ཏེ། ཞེས་པ་ནི་མདོར་བསྡུས་ནས་གསུམ་ཀའི་འབྲས་བུ་ཡང་བཟོད་པ་འདི་ལ་མ་བརྟེན་པར་ཞེས་པ་དང་འབྲེལ་པར་བྱའོ།། ཞེས་པའི་དོན་ཏོ།། འདིར་ཡང་ཉན་ཐོས་རྣམས ་ཀྱིས་ཀྱང་རང་གི་ཤེས་པ་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་བླང་བར་བྱ་བ་ལ་ཤིན་ཏུ་མྱུར་བར་བསེ་རུ་རྣམས་ཀྱིས་རྟོགས་པར་བྱ་བ། ཞེས་པ་ལ་དགོངས་པ་ནི་དེ་ལྟར་བསེ་རུ་རྣམས་ཀྱིས་གཟུང་བའི་རྣམ་པར ་རྟོག་པ་སྤོང་བའོ།། སྔགས་ལ་སོགས་པའི་མཐུས་སོ་སོར་སྣང་བར་བྱེད་པའི་སྒྱུ་མའི་སྐྱེས་བུ་དང་རྫུ་འཕྲུལ་སྤྲུལ་ནས་བསྟན་པ་དང་དེ་དང་འདྲ་བའོ།། སྒྱུ་མ་དང་གཉིས་སུ་མེད་ཅེས་པ་ནི་ཀུན་རྫོབ་ཀྱི་ངོ་བོ ་ཉིད་ཁོ་ན་སྒྱུ་མ་ཉིད་དུ་སེམས་པའོ།། རབ་འབྱོར་གྱིས་ཀུན་རྫོབ་ཀྱི་ཁྱད་པར་དང་། སྒྱུ་མ་དང་རྨི་ལཱམོ་དེ་དག་འ་དྲ་བསོ་ཀུན་རྫོབ་ཉིད་ཁོ་ནའོ།། དེའི་ཕྱིར་ན་སྒྱུ་མ་དང་སེམས་ཅནྡ་དང་གཞན་མ་ཡིན་པའི་དངོས་པོ་རྣམས་ཀྱང་མེད་དེ། རྟེན ་ཅིང་འབྲེལ་པར་འབྱུང་བའི་ཕྱིར་རོ།། དོན་དམ་པར་ནི་ཡོད་པ་དང་མྱོད་པའི་ཁྱད་པར་མེད་པའི་ཕྱིར་ལཱ། རིགས་པས་སེམས་ཅན་ལ་སོགས་པ་ཡང་སྒྱུ་མ་དང་བདག་ཉིད་གཅིག་པ་ཉིད་དོ།། ཞེས་པ་ལ་དགོངས་པའོ།། ཡང་དག ་པར་རྫོགས་པའི་སངས་རྒྱས་ནི་གཟུགས་ཀྱི་སྐུ་སྟེ། ཡང་དག་པར་རྫོགས་པའི་བྱང་ཆུབ་ཉིད་རྟོགས་པའི་བདག་ཉིད་ཆོས་ཀྱི་སྐུ་ནི་མྱ་ངན་ལས་འདས་པས་སྤྲོས་པ་མེད་པའི་རང་བཞིན་གྱི་སྐུ་ཞེས་ཁས་བླངས་ནས་བརྗོད་ཀྱི། མྱ་ངན ་ལས་འདས་པ་ལས་ཁྱད་པོར་དུ་གྱུར་པ་ནི་ཡོད་པ་མ་ཡིན་ནོ།། སོ་སོར་འདོད་པར་བྱེད་ཅེས་པ་ནི་ཡིད་ཆེས་པར་བྱེད་པ་ལ་དེ་རྣམ་སྡེ་མེད་པ་ནི་ཡིད་ཆེས་པ་པོ་སྟེ། སེམས་ཅན་རྣམས་དོན་དམ་པར་མེད་པའི་ཕྱིར་རོ།། ཕྱིར་མི་ལྡོག་པ་ནི ་རང་གི་ངེས་པར་འབྱེད་པའི་ཆ་དང་མཐུན་པར་རྟོགས་པའི་རང་རྒྱལ་གྱི་བྱང་ཆུབ་ལའོ།། དེ་ལ་མངོན་པར་བྱ་རང་གི་བྱང་ཆུབ་ལ་སྟེ། འདིར་རང་གི་བྱང་ཆུབ་པོ།། འདོད་པས་ནི་བྱང་ཆུབ་སེམས་དཔའ་ལོ་ལུས་ཀྱི་སེམས་ཅན་གྱི་དོན ་བྱེད་པ་པོ་ལཱ་མོས་པས་སེམས་དཔའ་ཆེན་པོའོ།། ལྟ་བ་ཕུན་སུམ་ཚོགས་པས་ནི་ཤེས་རབ་འབྲིང་པོས་སོ།། དགྲ་བཅོམ་པས་ནི་རང་གི་མཐོང་བའི་ལམ་གྱི་སྒྲིབ་པ་སྤངས་པའི་ཕྱིར་ན་མཆོད་འོས་སོ།། སྨྲས་པ་སྟེ་སྣང་བར་མ ་བྱས་པས་ནི་བསྟན་པས་སོ།། ཡོངས་སུ་གསལ་བ་ནི་གསལ་བར་རོ།། བརྟགས་པ་ནི་ཉན་པ་པོ་དང་སྟོན་པ་པོ་རྣམས་ཀྱིས་ཐ་སྙད་དུ་བྱེད་པའོ།། དེའི་ཕྱིར་རྣམ་པ་ཐམས་ཅད་དུ་དོན་དམ་པ་མེད་པ་ལ་སེམས་ཅན་ཀུན་རྫོབ་ཏུ ་ནཱི་ནང་གི་བདག་ཉིད་ཅན་ཁོ་ནའི་ཕུང་པོ་ལ་སོགས་པ་ལ་སེམས་ཅན་དུ་བཏགས་པ་འབའ་ཤིག་ལ། དེ་ཡིས་སེམས་ཅན་དུ་བཏགས་པ་ལོ་བརྟན་ནས་ཕུང་པོ་ལ་སོགས་པ་ལ་འཛིན་པ་པོ་འདི་རྣམས་ཡོད་ཅེས་པ་ནི་བསེ་རུ་རྣཾས་ཀྱིས ་འཛིན་པའི་རྣམ་པར་རྟོག་པ་མ་སྤངས་པའོ།། དེ་ནས་ཞེས་པ་ལ་སོགས་པ་ནི་བཱསེ་རུཿརྣམས་ཀྱི་རིགས་གསུངས་ཏེ། འདིར་ཆོས་ཀྱི་རྣམ་གྲངས་ནི་ཆོས་ཀྱི་དབྱེ་བ་སྟེ། བསེ་རཥྚི་ལམ་ལའོ།། ཡང་གི་སྒྲ་ཚིག་གི་བརྒྱན་ལ། རབ་འབྱོར ་ཅེས་བྱ་བ་ནི་ཆོས་སྟོན་པ་པོ་ལ་མཆོད་པས་ཆོས་ལ་མཆོད་པའི་ཕྱིར་ནའོ།། བརྒྱ་བྱིན་ལ། ཞེས་པ་ནི་བརྒྱ་བྱིན་ལ་སྟེ། འཆད་པར་འགྱུར་བ་འདི་རྣམསུ་རྣམ་པར་རྟོག་སྟེ། མི་རྟོགས་ཅེས་པ་ནི་དྲི་མ་མེང་པ་ཉིད་ཀྱིས་མེ་ཏོག་དང་ཆོས ་མཐུན་པ་སྟེ་བསེ་རུའི་ལམ་གྱིས་བསྡུས་པའི་དགེ་བའི་རྩ་བའོ།། ལྷ་རྣམས་སུ་མ་མཐོང་བ་ནི་ཟག་པ་མེད་པ་ཉིད་ཀྱིས་ཁམས་ལས་བྱུང་བ་ཉིད་ཅེས་པ་ལ་དགོངས་པའོ།། མངོན་པར་གཏོར་བ་ནི་འཁོར་ལ་སྤྲུལ་པའི་མེ་ཏོག་རྣམས ་ཀྱིས་གསལ་བར་བྱས་པའོ།། ཡིད་ལས་བྱུང་ཞེས་པ་ནི་ཉེ་བར་བསྡུས་པ་སྟེ། ཡིད་ཀྱི་སྤྲུལ་པ་ཞེས་པའི་དོན་ཏོ།། མ་སྐྱེས་པ་ནི་ཡིད་ལས་བྱུང་བ་ཡང་དག་པ་སྟེ། དོན་དམ་པར་སྐྱེ་བ་མེད་པའི་ཕྱིར་རོ།། ཇི ་ལྟར་ཡང་གཟུང་བྱ་ཤིང་ལ་སོགས་པ་རྣམས་ལ། ཡོད་པ་མ་ཡིན་ཅེས་པ་ནི་དེ་རྣམས་ལས་སྐྱེས་པ་མ་ཡིན་པའོ།། དེ་ལྟར་ཡིད་ལ་ཡང་སྟེ། འཛིན་པ་པོ་ལ་ཡང་སྐྱེས་པ་ཡོད་པ་མ་ཡིན་པ་སྟེ། གང་ཡང་སྐྱེས་པོ་དེ་ནི་མ་ཡིན་ཅེས་པ་ནི ་བས་རུའི་ལམ་གྱི་རྟེན་དུ་གྱུར་པ་མ་ཡིན་ཅེས་པ་ལ་དགོངས་པ་སྟེ། དེ་ལྟར་གཞན་དུ་ཁྱད་པར་མེད་པར་སྐྱེས་པས་སྐྱེས་པ་སྟེ། རིགས་མཐུན་པའོ།། ཞེས་པའི་དོན་ཏོ།། འདིས་བསེ་རུ་ཡིས་གཟུང་བའི་དོན་གྱི་རྣམ་པར་རྟོག་པ་སྤངས ་པས་རིས་མཐུན་པའི་ཆོས་ཀྱི་དབྱིངས་ནི་དེ་ལྟར་བསེ་རུའི་ལམ་གྱི་རིགས་ལ། ཉན་ཐོས་ཀྱི་ཆོས་ཀྱི་དབྱིངས་ལས་སྐྱེས་པས་རིགས་མཐུན་པའི་བཱ་སེ་རུའི་ལམ་གྱི་རྟེན་ནི་མ་ཡིན་ཏེ། གསུངས་པ། རྟེན་པའི་ཆོས་ཀྱི་བྱེ་བྲག་གིས།། དེ་ཡི ་དབྱེ་བ་ཡོངས་སུ་བརྗོད་ཅེས་པ་སྟེ། འདིར་བསྟན་བཅོས་ལས། གཟུང་བའི་རྟོག་པ་ཉམས་ཕྱིར་དང་།། འཛིན་པ་མོ་སྤངས་ཕྱིར་དང་ནི།། རྟེན་གྱི་བསེ་རུ་ལྟ་བུའི་ལམ།། ཡང་དག་བསྡུས་པར་ཤེས་པར་བྱ།། ཞེས་པ་སྟེ། ཇི་སྐད་དུ ་བཤད་པའི་ཉན་ཐོས་ཀྱི་ལམ་དང་འདི་གཉིས་ནི་སྤོང་བའི་རྟེན་གྱི་ཁྱད་པར་དུག་གིས་རང་སངས་རྒྱས་ཀྱི་ལམ་མོ།། ཞེས་པའི་དོན་ཏོ།། ངེས་པར་འབྱེད་པའི་ཆ་དང་མཐུན་པ་བསྟན་པར་འདོད་ནས་གསུངས་པ་ནི། དེ་ནས་ཞེས་པ་ལ ་སོགས་པ་སྟེ། མིང་གི་ཚོགས་རྣམས་སོ།། བཏགས་པ་ནི་ཐ་སྙད་དེ།། དེ་ལྟར་ཡང་གཟུགས་ལ་སོགས་པ་ནི་བཏགས་པ་ཙམ་ཉིད་ལ། བཏགས་པ་ཙམ་གྱིས་ཆོས་ཉིད་དུ་འདི་ཉེ་བར་སྟོན་པར་འགྱུར་རོ་ཞེས་པ་ནི་དྲོད་དོ།། གང ་ཞིག་ཚད་མེད་པ་རྣམས་ལ་ཞེས་པ་ལ་སོགས་པ་ནི་ཇི་ལྟར་སློབ་པར་མི་འགྱུར་ཏེ་དམིགས་པ་མེད་པས་ཞེས་པ་ནི་རྩེ་མོའོ།། གང་གཟུགས་འཕེལ་ཞེས་པ་ལ་སོགས་པ་སྟེ། འདིར་གཟུགས་ལ་སོགས་པ་ལ་ཡོངས་སུ་གཟུང ་པ་མེད་པར་རིགས་པ་ནི་བཅོམ་ལྡན་འདས་མ་ཡུམ་ཆེན་མོ་ལས་ནང་སྟོང་པ་ཉིད་ལ། ཞེས་པ་ནས་ཇི་སྲིད་དུ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དུ་ཉེ་བར་གཟུང་སྟེ། ཞེས་པ་ནི་བཟོད་པའོ།། དེ་ནས་ཡང་ཚེ་དང་ལྡན་པ ་ཞེས་པ་ལ་སོགས་པས་ནི་ཆོས་ཀྱི་མཆོག་གོ།། དེ་ལྟར་ཞེས་པ་ནི་བློ་ལ་གནས་པ་གསལ་བས་མཆོག་ཏུ་བརྟགས་པའོ།། བཅོམ་ལྡན་འདས་མ་ཡུམ་ཆེན་མོ་ལས་གང་ཞིག་གསུངས་ཏེ། དེ་ལྟར་ཡང་གཟུགས་སྐྱེ་བར་ཡང ་དག་པར་རྗེས་སུ་མི་མཐོང་། འགགས་པར་ཡང་མ་ཡིན། ཡོངས་སུ་གཟུང་བར་ཡང་མ་ཡིན། ནུས་པར་ཡང་མ་ཡིན་ཞེས་པ་སྟེ། འདིར་བསྟནྡ་བཅོས་ལས། བཏགས་པ་དང་ནི་མི་འགལ་བས།། ཆོས་ཉིད་བསྟན་པས་དྲོད ་གྱུར་པ།། རྩེ་མོར་གྱུར་པ་གཟུགས་ལ་སོགས།། འགྲིབ་པ་མེད་ལ་སོགས་པས་བྱེ།། ནང་སྟོང་ཉིད་ལ་སོགས་པ་ཡིས།། གཟུགས་སོགས་མི་འཛིན་ཕྱིར་བཟོད་པ།། གཟུགས་སོགས་སྐྱེ་བ་མེད་སོགས་ཀྱིས།། རྣམ་པ ་རྣམས་ཀྱིས་ཆོས་ཀྱི་མཆོག། ཅེས་ཏེ། རྩེ་མོར་སོན་པ་དང་རྩེ་མོར་སོན་པར་གྱུར་པ་དང་། རྩེ་མོར་རྟོགས་པ་དང་། རྩེ་མོའི་གནས་སྐབས་ཞེས་པའི་དོན་གཞན་མ་ཡིན་ནོ།། དེ་བཞིན་དུ་ཇི་སྲིད་ཏུ་ཆོས་མཆོག ་བདེ་བར་རོ།། ཞེས་གསུངས་པ་ནི་རང་སངས་རྒྱས་ཀྱི་ལམ་མོ།། བྱང་ཆུབ་སེམས་དཔའི་ལམ་གྱི་དབང་དུ་བྱས་པ་ནི་བསྟན་བཅོས་ལས། བདན་དང་བདེན་ལ་བཟོད་པ་དང་།། ཤེས་པའི་སྐད་ཅིག་རྣམ་བཞི་ནི།། ལམེ་ཤེས་ཉིད་ལས ་མཐོང་བའི་ལམ།། ཕན་ཡོན་བཅས་པ་འདི་བཤད་དོ།། ཞེས་ཏྭོ། བདུན་པུ་རེ་རེ་ལ་བཟོད་པ་གཉིས་དང་ཤེས་པ་གཉིས་ཏེ། འདིར་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་བར་ཆད་མེད་པའི་ཏིང་ངེ་འཛིན་གྱི་སྦྱོར་བའི་ལམ་གང་གིས ་ཉོན་མོངས་པ་རབ་ཏུ་སྤོང་ལ། དེའི་རྗེས་ལ་དམིགས་པ་མེད་པའི་ཏིང་ངེ་འཛིན་མཐོང་བའི་ལམ་མོ་ཞེས་ཐེག་པ་ཆེན་པོའི་ཆོས་མངོན་པ་ཀུན་ལས་བཏུས་པར་བཤད་ལ། རྣམ་པར་གྲོལ་བ་དང་བར་ཆད་མེད་པའི་ལམ་གྱི་བདག་ཉིད ་ཅན་གྱི་མི་སྐྱེ་བའི་ཆོས་ལ་བཟོད་པའི་ངོ་བོ་ལས་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་ཆོས་ཤེས་པ་དང་། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་དང་སྡུག་བསྔལ་ལ་རྗེསུ་ཤེས་པའོ།། དེ་བཞིན་དུ་ཀུན ་འབྱུང་བ་དང་། འགོག་པ་དང་ལམ་ལ་སྟེ། ད་ལྟར་བྱུང་བའི་དེ་ལྟར་ཕུང་པོ་ལྔ་ནི་སྔོན་གྱི་ཉོན་མོངས་པ་དང་བཅས་པའི་ཕུང་པོ་ལྔའི་བདག་ཉིད་ཅན་གྱི་ཀུན་འབྱུང་གི་དབང་གིས་འཁོར་བའི་ཕྱིར་སྡུག་བསྔལ་ལོ།། བསྒོམ་པའི་ལམ་གྱིས་སྤང ་བར་བྱ་བ་ཉོན་མོངས་པ་དང་ལྡན་པས་ཕྱི་མའི་སྡུག་བསྔལ་བའི་རྒྱུར་གྱུར་པའི་ཕྱིར་ཀུན་འབྱུང་བའོ།། འདུན་པའི་སེམས་བསྐྱེད་པ་ནས་བརྩམས་ཏེ། ལམ་བསྒོམས་པས་དེ་ཁོ་ན་ཉིད་རྟོགས་པར་གྱུར་ནས་སྔོན་དུ་མཐོང་བའི་ལམ་གྱིས ་སྤང་བར་བྱ་བའི་ཉོན་མོངས་པ་སྟེ། དེ་ཡང་ཀུན་འབྱུང་དང་དེས་བྱས་པའི་སྡུག་བསྔལ་ཉིད་འདི་འགགས་པར་འགྱུར། ཞེས་པ་ལ་འགོག་པའོ།། དེ་ཉིད་ནི་བསྒོམ་པའི་ལམ་གྱིས་སྤང་བྱའི་ཉོན་མོངས་པས་བྱས་པའི་སྡུག་བསྔལ་གྱི ་དེ་ཁོ་ན་ཉིད་དུ་ཡོད་པ་ཉིད་ལ། ཕྱིས་རྟོགས་པ་རྫོགས་པའི་ཕྱིར་སྟོང་པ་ཉིད་དང་རོ་གཅིག་པས་བསྒོམ་པར་བྱེད་པའི་ཕྱིར་ན་ལམ་ལ། དེ་ཉིད་ཀྱི་ནི་སྒོམ་པ་པོ་རྣམ་པར་ཤེས་པ་གཙོ་བོ་བས་ན་ལམ་ཞེས་བརྗོད་ལ། དེ་ལྟར་དེའི་བདེན་པ་བཞི ་པོའི་བདག་ཉིད་ཅན་གྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་ངོ་བོ་ཉིད་མེད་པ་ཉིད་ཀྱི་རྣམ་པ་ནི་ཐམས་ཅད་དུ་དེ་ཁོ་ན་ཉིད་དུ་དེ་ལྟར་ཆ་ཤས་མེད་པས་དུས་གཅིག་ཉིད་ཀྱིས་ཡོངས་སུ་ཆད་པར་འགྱུར་ལ། འཛིན་སྟངས་ཀྱི་ཁྱད་པར་དེ་བཞིན ་དུ་གསལ་བར་འགྱུར་བས་རྣམ་པ་མཐའ་དག་མངོན་སུམ་དུ་བྱེད་དེ་གང་དུ་རིགས་མི་མཐུན་པའི་རྣམ་པར་རྟོག་པ་དང་ནི་མ་འདྲེས་ལ། མངོན་པར་འདོད་པའི་རྣམ་པར་རྟོག་པ་རྣམས་ཀྱང་། ཅིག་ཅིར་མི་སྲིད་པའི་ཕྱིར་ན་རིམ ་གྱིས་འགྱུར་ཏེ། དཔེར་ན་སྔོན་པོ་བསྐྱོད་པ་ཅན་ལ་སོགས་པའི་ཁྱད་པར་ལ་སྐྱེ་བོས་ཨུཏྤ་ལར་མཐོང་ལ་དེ་བཞིན་དུ་གཞན་སྣ་ཡིན་པ་སྐད་ཅིག་ལ་གཞན་དང་གཞན་མ་ཡིན་པ་རྣམས་སུ་མྱོང་བས་མངོན་སུམ་དུ་བྱེད་པ་ལ་རྣམ་པར་རྟོག་པ་ནི ་ཇི་ལྟར་མངོན་པ་ལ་རབ་ཏུ་འཇུག་ཅིང་འཛིན་ནས་རྗེས་སུ་མཚམས་སྦྱོར་བའི་ངོ་བོ་རྣམས་ཏེ། རྣམ་པ་ཀུན་གྱི་ངོ་བོ་འཛིན་པ་ཉིད་ཡིན་ཀྱང་རྣམ་པར་ཤེས་པའི་འགོག་པ་གསལ་བ་ལ་སོགས་པ་གང་ཞིག ་སྒྲོ་བཏགས་པའི་རྣམ་པ་བཟློག་པར་ནུས་ལ། དེ་ཉིད་ཀྱིས་སྒྲོ་བཏགས་པ་ལོག་པའི་ཆུ་དེ་དང་རྗེ་སུ་འབྲེལ་པའི་སྒྲིབ་པ་སྤང་བ་ནི་ཚད་མཱ་ལས་གཞན་མེད་པས་དེ་ལྟར་མི་སྐྱེ་བའི་ཆོས་ལ་བཟོད་པའི་ངོ་བོ་སྡུག་བསྔལ་ལ་ཆོས་ཤེས་པའི ་བཟོད་པའི་སྐད་ཅིག་མ་ལས་གཞན་པའི་ཞ་ཉེ་དཀར་པོ་ལ་དངུལ་བཞིན་དུ་འཁྲུལ་པའི་རྒྱུ་མཚན་གྱིས་སྒྲོ་བཏོགས་པའི་རྣམ་པ་ཕྱིན་ཅི་ལོག་པར་རབ་ཏུ་སྐྱེ་བའི་ཉོན་མོངས་པ་དྲུངས་འབྱིན་པ་པོ་ཉིད་ཀྱི་སྡུག་བསྔལ་ལ་ཆོས་ཤེས་པ ་ལ་སོགས་པའི་སྐད་ཅིག་བཅོ་ལྔ་ཞེས་པ་དང་། སྐད་ཅིག་མ་བཅུ་དྲུག་པས་མཐོང་བའི་ལམ་རབ་ཏུ་དགའ་བའི་སའི་དངོས་པོ་སྟེ། དེ་ཡིས་ཞུགས་པ་པོ་ལ་སོགས་པའི་རྣམ་པར་བཞག་པ་ཉིད་ལ་གང་དུ་སེང་གི་བཟང་པོས་སའི་ཚོགས ་སུ་རབ་ཏུ་དགའ་བའི་ས་སྐད་ཅིག་མ་དང་པོ་ནི་མཐོང་བའི་ལམ་ལ་དེ་ལས་གཞན་པ་སྔ་མ་དེ་མ་ཐག་པའི་སྐད་ཅིག་མ་ནས་བརྩམས་པའི་གཉིས་པ་ལ་སོགས་པའི་སྐད་ཅིག་མ་རྣམས་ནི་ཇི་སྲིད་དུ་སངས་རྒྱས་ཀྱི་སའི་བར་གྱི་བསྒོམ ་པའི་ལམ་དུ་བཤད་དེ། དེ་ལ་ཡང་འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་དང་མ་རིག་པ་དང་འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བའི་འདོད་པ་ན་སྤྱོད་པ་དྲུག་དང་། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་དེ་ལྟར ་ཞེ་སྡང་སྤངས་པས་བཅུ་ཞེས་པ་སྟེ། དེ་ལྟར་བཅུ་དྲུག་རབ་ཏུ་སྤོང་བར་འགྱུར། ཞེས་པ་དང་། ལམ་ཤེས་པར་ནི་མཐོང་བའི་ལམ་དུ་རྣམ་པར་བཤད་དེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐོང་བའི་ལམ་སྐད་ཅིག་མ་བཅུ་དྲུག་པའི་མཐོང་བཱི ་ལམ་དེ་ལ་རྒྱུད་པ་ལ་སོགས་པར་རྣམ་པར་བཞག་ཅེས་པར་ཡང་བཤད་དེ། དེ་ལ་འདིས་ནི་སྔ་མ་དང་ཕྱི་མ་འགལ་བར་ཡང་མ་ཤེས་པ་ཉིད་དོ།། དེ་ནས་གཉིས་པ་ལ་སོགས་པའི་སྐད་ཅིག་བཅོ་ལྔ་པོ་རྣམས་ཀྱང་བསྒོམ་པའི་བདག་ཉིད་ཅན་གྱིས ་ནི་སྒོམ་པའོ་ལམ་ནི་ཞེས་བརྗོད་པ་ཙམ་ན་ནི་དེ་ལྟར་ན་ནི་དྲི་མ་མེད་པ་ལ་སོགས་པའི་སའི་རང་བཞིན་ཉིད་བསྒོམ་པའི་ལམ་ལ་དེ་ཡིས་སྤང་བར་བྱ་བའི་བག་ལ་ཉལ་སྤངས་པ་ལན་ཅིག་མ་ཡིན་པས་སོར་སྒྲུབ་པས་སྐད་ཅིག་མ་བཅཝོ་ལྔ་པོ་རྣམས ་ལ། ཇི་ལྟར་རིགས་ཞེས་པའི་ཚུལ་ངན་པ་མང་པོ་ལ་དོན་མེད་ཡང་སེམས་ཀྱི་སྐད་ཅིག་ཉི་ཤུ་རྩ་གཉིས་པོའི་སེམས་བསྐྱེད་པའི་དབྱེ་བའི་རྣམས་ཀྱང་ཀུན་ཏུ་ཐ་སྙད་པ་སྟེ། དུས་ཀྱི་ཁྱད་པར་གྱིས་འབྲས་བུ་ཡོངས་སུ་རྫོགས་པའི་མཚན་ཉིད ་ཅན་གྱི་ཤེས་བྱ་བ་ལ་ཤེས་པ་ཡོངས་སུ་རྫོགས་པ་ལ་ཇི་སྐད་དུ་རིགས་པར་བྱ་སྟེ། དཔེར་ན་མི་ཁོམ་པ་བརྒྱད་ལ་སོགས་པའི་སྐད་ཅིག་བཞིན་ནོ།། དེ་ལ་ཉོན་མོངས་པ་སྤོང་བའི་བར་ཆད་མེད་པའི་ལམ་གྱི་བདག་ཉིད་ཅན་དུ་གཞན་བརྒྱད ་པོ་རྣམས་ལ་སྡུག་བསྔལ་ལ་སོགས་པ་མཐོང་བ་ནི་བཟོད་པར་བརྗོད་ལ། འདིར་རྗེས་སུ་ཤེས་པའི་བཟོད་པས་ནི་ཁམས་གསུམ་པའི་ཆོས་རྣམས་ལ་བརྗོད་དུ་མེད་པ་ཉིད་དུ་སོ་སོར་རིག་པར་འགྱུར་བའི་སྐད་ཅིག་མ་གཉིས་པ་ཐོབ་པས ་ཤེས་རབ་ཏུ་འགྱུར་ནས་སྔོན་དུ་འདོད་པའི་ཁམས་ལ་ཤེས་རབ་མེད་ནས་དེར་ལྟུང་བ་རྣམས་ཀྱི་ཆོས་རྣམས་ལ་ངོ་བོ་ཉིད་མེད་པར་སོ་སོར་རིག་པར་འགྱུར་ལ། འདིར་དེ་དང་མཉམ་པ་དང་དེའི་རྒྱུན ་གྱིས་དེའི་རྗེས་སུ་བཟོད་པར་གྱུར་པ་ལ་ནི་རྗེས་སུ་ཤེས་པའི་བཟོད་པ་ཞེས་བརྗོད་དེ། རྣམ་པར་གྲོལ་བའི་ལམ་གྱི་ངོ་བོ་དེས་ནི་ཉོན་མོངས་པ་དང་བྲལ་བར་བྱས་པ་ལ་མངོན་སུམ་དུ་བྱེད་པའི་རྗེས་སུ་ཆོས་ཤེས་པ་བརྒྱད་དོ།། དེ་དང་ལྷན ་ཅིག་སྤྱོད་པའི་ཡང་བརྒྱད་པོ་ནི་ངེས་པར་ཤེས་པས་ན་གཞན་དུ་ཉེ་བར་བརྟགས་ནས་རྗེས་སུ་ཆོས་ཤེས་པར་གཞན་དུ་བརྗོད་ལ། འདིའི་གནས་སྐབས་སུ་ནི་སྣང་བ་དང་མ་དམིགས་པ་དག་གི་ཁོ་ནའི་མངོན་སུམ་དུ་བྱེད་པར་རྣམ ་པར་བཞག་པའོ།། འདོར་བཟོད་པའི་རྗེས་སུ་ཉོན་མོངས་པ་ལས་རྣམ་པར་གྲོལ་བས་མངོན་སུམ་དུ་བྱས་པའི་ཤེས་པ་དང་ལྷན་ཅིག་སྤྱོད་པ་ཉིད་ཀྱིས་བཟོད་པ་ལ་རྟོག་པའི་ཤེས་པ་ལ་ཡང་གཞན་དུ་མངོན་སུམ་དུ་བྱེད་པར་བརྗོད་དོ།། ། ་དེ་ཉིད་ཀྱིས་ཉེ་བར་མཚོན་པ་ཉིད་ཀྱིས་ན་གང་གིས་རྗེ་སུ་ཤེས་པའི་བཟོད་པ་ལ་ཀུན་ཏུ་རྟོག་པར་བྱེད་པ་དེ་ལ་སྡུག་བསྔལ་ལ་རྗེས་སུ་རློ་ཤེས་པ་ཞེས་ཆོས་མངོན་པ་ཀུན་ལས་བཏུས་པར་བཤད་དོ།། ལམ་ལ་རྗེས་སུ་ཤེས་པ་ཡིས་ནི་མ ་མཐོང་བ་མཐོང་བ་མེད་པས་མཐོང་བའི་ལམ་མ་ཡིན་པ་ཉིད་ཅེས་འདོད་ན་བཟོད་པ་ལ་རྟག་པའི་ཤེས་པ་གཞན་རྣམས་ཀྱང་མཐོང་བའི་ལམ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུརརོ།། དེ་ལ་ཆོས་ཤེས་པའི་བཟོད་པ་བཞི་པོས་ནི་འདོད ་ཆགས་དང་ཁོང་ཁྲོ་དང་ང་རྒྱལ་དང་མ་རིག་པ་དང་། ཐེ་ཚོམ་དང་། འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པ་ལྟ་བ་དང་། ལོག་པར་ལྟ་བ་དང་། མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ ་འཛིན་པ་རྣམས་འདོད་པའི་ཁམས་པ་ལ་སོ་སོར་བཅུ་ཞེས་པས་བཞི་བཅུ་ལ། རྗེས་སུ་ཤེས་པའི་བཟོད་པ་བཞི་པ་ལ་ནི་དེ་ཉིད་ལ་ཁོང་ཁྲོ་བ་སྤངས་པ་ཡིས་བསམ་བཏན་བཞི་དང་གཟུགས་མེད་བཞིར་སོན་པའི་བདུན་ཅུ ་རྩཝ་གཉིས་ཞེས་པ་དང་། ཉོན་མོངས་པ་བརྒྱད་རྩ་བཅུ་གཉིས་ཀྱི་མཐོང་བས་སྤངས་པར་བྱ་བ་སྤོང་བར་འགྱུར་རོ།། དེ་ལ་འདོད་ཆགས་ནི་བག་ལ་ཉལ་གྱིས་ཞེན་པའོ།། ཁོང་ཁྲོ་བ་ནི་ཞེ་སྡང་ངོ་།། ཡང་དགྲ་པ་འམ་ཡང་དག་པ་མ ་ན་བའི་ཁྱད་པར་གྱིས་སེམས་ཀྱིས་གཟེངས་བསྟོད་པ་ནི་ང་རྒྱལ་ལོ།། རྟག་པ་ལ་སོགས་པར་ནང་དུ་སྒོ་བཏགས་ནས་དེ་ལ་མཆོག་ཉིད་དུ་མངོན་པར་ཞེན་པ་ནི་ལྟ་བ་མཆོག་ཏུ་འཛིན་པའོ།། དེ་ཉིད་ལ་རྣམ་པར་གྲོལ ་བའི་ལམ་ཉིད་དུ་མངོན་པར་ཞེན་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དེ། ལྷག་མ་ནི་བཤུད་ཟིན་ཏོ།། འཇིག་ཚོགས་ལ་ལྟ་བ་ན་མདོ་སྡེ་ཚངས་པའི་དྲ་བ་ནས་བཤད་པའི་ལྷ་བ་དྲུག་ཅུ་རྩ་གཉིས་ནང ་དུ་འདུས་པ་ཅན་ཏེ། དེ་ཡང་འདིར་འཇིག་ཚོགས་ལ་ལྟ་བ་ནི་གཞན་གྱི་གྲུབ་པའི་མཐའ་མན་ངག་གིས་བདག་ཏུ་འཛིན་པ་དེ་རབ་ཏུ་སྤོང་བར་འགྱུར་ལ། ལྷན་ཅིག་སྐྱེས་པའི་འཇིག་ཚོགས་ལ་ལྟ་བ་ནི་རིང་མོ་ནས་འཇུག་པའི ་ཕྱིར་བསྒོམ་པའི་ལམ་དེ་ཉིད་ཀྱིས་རབ་ཏུ་སྤོང་སྟེ། ལྷན་ཅིག་སྐྱེས་པ་ནི་སེམས་ཅན་དུ་ལྟ་བའི་བག་ཆགས་ཐོག་མ་མེད་པ་ནས་ཀྱི་སྟོབས་ཀྱིས་བྱུང་བར་འགྱུར་བའི་འདི་རྣམས་ལ་བདག་གིའོ།། ཞེས་པའི་བློ་ན ་རིམ་གྱིས་ཉོན་མོངས་པ་མཐའ་དག་དང་འགལ་བའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་མཐོང་ནས་ཉོན་མོངས་པ་འབྱུང་བ་མེད་དེ། གང་ཡང་སེམས་ཀྱིས་རང་བཞིན་འོད་གསལ་འདིར།། གློ་བུར་བའི་དྲི་མ་རྣམས།། དེའི་སྔ་ནས་ནུས་མེད་ན།། ཕྱིས ་ནི་ནུབ་པ་གང་ནས་བྱུང་སྟེ། དེ་ཉིད་ཀྱིས་ན་བདག་དེའི་ཚེ་དེའི་དུས་སུ་རི་དྭགས་ཀྱི་རྒྱལ་པོ་སློད་མེད་ལུས་ཞེས་བྱ་བར་གྱུར། ཞེས་པ་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་ནི་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་ཞེས་པ་སྟེ། རྒྱས ་པར་དགོས་པ་མེད་དོ།། འདིར་མཐོང་བའི་ལམ་ལ་འཇིག་རྟེན་པའི་ངེས་པརའི་འབྱེད་པའི་ཚེ་དང་མཐུན་པ་རྣམས་སུ་མངོན་དུ་གྱུར་པ་དག་ཅེས་གསུངས་ཀྱང་། བཅོམ་ལྡན་འདས་ལ་འཛིན་པ་ཡོད་པ་པ་རྣམས་ཀྱིས་གཟུང་བ་དང་འཛིན་པའི ་རྣམ་པར་རྟོག་པ་བཞིར་ཕྱེ་བ་རྣམས་ཀྱིས་རྣམ་པར་རྟོག་པ་ཉིད་ཀྱིས་ཕྱིན་ཅི་ལོག་པའི་ཕྱིར་དང་། དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པ་ལ་མངོན་པར་ཞེན་པའི་ངོ་བོ་ནི་ཕྱིན་ཅི་ལོག་པས་བསྐྱེད་པའི་ཕྱིར་ལ། དེ་ཡང་མ་རིག་པའི ་ནང་དུ་འདུས་པས་མ་རིག་པོ་སྤངས་པས་དེ་ལྟར་སྤོང་སྟེ། དེ་ལྟར་ཡང་མདོ་སྡེ་རྒྱན་ལས་ངེས་པར་འབྱེད་པ་ནི་ཆ་དང་འཐུན་པ་རྣམས་ལས་གཞན་པའི་མཐོང་བའི་ལམ་གྱི་གནས་སྐབས་ནི་གཉིས་ལས་གྲོལ་བའི་ཤེས་པ་གཟུང་བ་དང ་འཛིན་པ་ལ་སྦྱོར་བ་དང་བྲལ་བའི་ཕྱིར་དང་། རྣམ་པར་རྟོག་པ་མེད་པས་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་ལ་མི་སྦྱོར་བའི་ཕྱིར་དང་དྲི་མ་དང་ལྡན་པའི་མཐོང་བའི་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པའི་ཕྱིར་ཟག་པ་དང ་ཅས་པའི་ཕྱིར་ཐག་པ་དང་བཙོས་པ་གནས་གཞན་དུ་མི་འཇུག་པས་དེ་ལྟར་འདིར་ས་དང་པོར་འདོད་དོ་ཞེས་བཤད་ལ། འཕགས་པ་རྣམ་པར་གྲོལ་སྡེས་ཀྱང་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བཞི་པ་རྣམས་ཀྱིས ་བན་པོའི་མཐོང་བའི་ལམ་ཞེས་སོ།། དེའི་ཕྱིར་ན་སེང་གེ་བཟང་པོས་སྔོན་དུ་བསྟན་པ་བཞི་པོའི་ངེས་པར་འབྱེད་པའི་ཆ་དང་འཐུན་པ་རྣམས་ནིས་ཅི་རིགས་པར་མངོན་དུ་རྒྱུ་བའི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་རྣམས་ནི ་ཁྱད་པར་གྱི་ལམ་གྱི་རྩེ་མོའི་མངོན་པར་རྟོགས་པ་ལ་བསྡུས་པའི་མཐོང་བ་དང་བསྒོམ་པའི་ལམ་བདག་ཉིད་ཀྱིས་སྤང་པར་བྱའོ།། ཞེས་བཤད་པ་ནི་འཐད་པ་མ་ཡིན་པས་འདི་རྣམས་སུ་ནི་བྲག་ཆགས་འདི་ལྟར་རབ་ཏུ་སྤོང་བར ་འགྱུར་བ་དག་གོ། ཞེས་པའི་འཐད་པ་དང་བཅས་པ་བཤད་པར་བྱ་སྟེ། འདི་རྣམས་ཀྱི་སྐད་ཅིག་མ་བཅུ་དྲུག་པ་རྣམས་ཀྱིས་ཁྱད་པར་གྱི་མཚན་ཉིད་ལ་ཚིགས་སུ་བཅད་པ་ལྔ་སྟེ། དེ་བཞིན་ཉིད་དང་སངས་རྒྱས་དག། ཕན་ཚུན ་རྟེན་ལ་རྟེན་མེད་ཕྱིར།། རྣམ་གྲངས་ཁས་མི་ལེན་པ་དང་།། ཆེན་པོ་ཚད་མེད་ཉིད་དང་བཅས།། དཔག་མེད་མཐའ་གཉིས་མེད་པ་དང་།། དར་གནས་གཟུགས་ལ་སོགས་པ་ལ།། སངས་རྒྱས་ཉིད་དུ་ངེས་འཛིན་དང་།། བླང་མེད་དོར་བ ་མེད་སོགས་དང་།། བྱམས་ལ་སོགས་དང་སྟོང་ཉིད་དང་།། སངས་རྒྱས་ཉིད་ནི་ཐོབ་པ་དང་།། རྣམ་པར་བྱང་ཀུན་ཡོངས་བསྡུས་དང་།། ཉམ་ང་བ་དང་ནད་ཀུན་སེལ།། མྱ་ངན་འདས་འཛིན་ཞི་ཉིད ་དང་། སངས་རྒྱས་རྣམས་ཀྱིས་བསྲུང་ལ་སོགས།། སྲོག་མི་གཅོད་པ་ལ་བརྩམས་པའི།། རྣམ་པ་ཀུན་མཁྱེན་ཚུལ་ལ་ནི།། བདག་ཉིད་གནས་ཏཱཾ་སེམས་ཅན་དག། འོག་དེ་དང་སྦྱིན་པ་ལ་སོགས་པ།། རྫོགས་པའི་བྱང་ཆུབ་ཏུ་བསྔོ་ག། ་ལམ་ཤེས་ཉིད་ཀྱི་སྐད་ཅིག་མ།། ཞེས་ཏེ། གཟུགས་ལ་སོགས་པ་ཞེས་པ་ནི་སྐད་ཅིག་མ་བརྒྱད་པ་རྣམས་ཀྱིས་སྔོན་གྱི་ལ་སོགས་པ་དང་འབྲེལ་པར་འགྱུར་ཏེ། གཟུགས་ལ་སོགས་པ་ཉིད་དུ་སྡུག་བསྔལ་པོ་དང་། ཀུན་འབྱུང ་བའི་ཕྱིར་སྐད་ཅིག་མ་བརྒྱད་པ་ལ་བྱམས་པ་ལ་སོགས་པའི་གཟུགས་སུ་མཐོང་བས་དེ་ལྔ་དམིགས་པ་སྟེ། གཟུགས་ལ་སོགས་པ་ཉིད་ནི་སེམས་ཅན་དུ་བཤད་དེ། འཕགས་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས་གསུངས་པ། གཟུག ་ལ་སོགས་པའི་དེ་བཞིན་ཉིད་ལ་ཡང་དེ་བཞིན་གུ་ཤེན་པ་མེད་ལ། དེ་བཞིན་ག་ཤྲཱི་པ་ཡང་གཟུབ་ལ་སོག་ངའི་དེ་བཞིན་ཉིད་མེད་ཅེས་ཏེ། གཟུགས་ལ་སོགས་པ་རྣམས་ཀྱི་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་མེད་པ་ཉིད་དེ་བཞིན་གཤེགས་པ་ལ་འདིར་སེམས ་ཅན་རྣམས་ནི་དེ་བཞིན་ཉིད་ཁོ་ན་ཇི་ལྟ་བ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཏེ། འདིར་ཕན་ཚུན་དུ་རྟེན་དང་རྟེན་པའི་དངོས་པོར་ནི་ཡོད་པ་མ་ཡིན་ནོ།། རྣམ་གྲངས་ནི་ཐ་དད་པ་ལ་ཁས་མི་ལེན་པ་ནི་ཐ་དད་པར་ཁས་མི་ལེན་ཅེས ་པའི་དོན་ཏེ། གཟུགས་ཀྱི་དེ་བཞིན་ཉིད་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མེད་ལ། དེ་བཞིན་གཤེགས་པ་ལས་གཞན་དུ་ཡང་གཟུགས་ཀྱི་དེ་བཞིན་ཉིད་མེད་ཅེས་རྣམ་གྲངས་ཀྱིས་ཏེ། བྱེ་བླཀྵ་གཞན་གྱིས་ཁས་མི་ལྡན ་ཅིང་ཐ་དད་པ་མེད་ཅེས་པས་ཐ་དད་པ་དང་ཐ་མི་དད་པར་ཉེ་བར་དམིགས་སུ་མེད་པ་གསུངས་ལ། དེའི་རྗེས་ལ་དེར་ཡང་གསུངས་ཏེ། གཟུགས་ལ་སོགས་པར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པོ་མ་ཡིན་ལ་གཟུགས་ལ་སོགས ་པ་ལས་གཞན་དུ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་ཅེས་པས་དེ་བཞིན་ཉིད་རྗེས་སུ་རྟོགས་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་ཉིད་ཀྱིས་ན་ཐ་དད་པ་དང་། ཐ་མི་དད་པར་ཉེ་བྱོར་དམིགས་པར་གསུངས་ལ། བཅོམ ་ལྡན་འདས་མ་འདིར་ནི་མདོར་བསྔོས་ནས་གསུངས་པའི་དང་པོའི་སྐད་ཅིག་གི་གནས་སྐབས་ནི་དེ་ནས་ཡང་ལྷའི་དབང་པོ་བརྒྱ་བྱིན་ཞེས་པ་ལ་སོགས་པ་སྟེ། ལེའུ་བསྟན་པ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཟུགས་ལ་སོགས་པ་ལས ་དོན་དམ་པར་ཐ་དད་པ་ཡང་མ་ཡིན་ལ། ཐ་མི་དད་པ་ཡང་མ་ཡིན་ཏེ། དེ་ལྟར་ཡང་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། གང་གཟུགས་ལ་སོགས་པ་དང་། གང་ཡང་གཟུགས་ལ་སོགས་པའི་དེ་བཞིན་ཉིད་དང་། གང ་ཡང་འཆོལ་བའི་ཆོས་འདི་རྣམས་ཐམས་ཅད་ནི་དོན་དམ་པར་ངོ་བོ་ཉིད་མེང་པའི་ཕྱིར་ལ་ཐ་དད་པ་དང་ཐ་མི་དང་པོ་དོག་ནི་དངོས་པོ་ཆོས་ཀྱི་ཕྱིར་ཞེས་པའི་སྡུག་བསྔལ་དང་སྡུག་བསྔལ་གྱི་མཚན་ཉིད་མི་དམིགས་པ་ནི་སྡུག་བསྔལ ་ལ་ཆོས་ཤེས་པའི་བཟོད་པའོ།། བརྒྱ་བྱིན་གྱིས་ཆེན་པོ་ལ་སོགས་པ་ནི་མདོར་བསྟན་པ་ཡིན་ལ། རབ་འབྱོར་གྱིས་བསྟོད་པ་དང་བཅས་པས་རྗེས་སུ་རྩོམ་པ་ནི་རྒྱས་པར་བཤད་པའོ།། དེ་ལ་གཟུགས་ལ ་སོགས་པ་རྣམས་ལས་ཆེན་པོ་མེད་ཅེས་པ་ཉིད་དུ་ཡོངས་སུ་མི་གཅོད་པའི་ཕྱིར་རམ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས་ན་ཆེན་པོ་ལ། དེ་ལ་དམིགས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཡང་ཆེན་པོ་ཉིད་ཅེས་པ་ནི་སྡུག ་བསྔལ་ལ་ཆོས་ཤེས་པའོ།། ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ལ་སོགས་པའི་ཤེས་པ་འདི་རྣམས་ཀྱི་ཆོས་ཀྱི་དབྱིངས་དང་རོ་གཅིག་པས་མངོན་པར་ཞེན་པ་མེད་པར་བལྟ་བར་བྱས་པས་མངོན་པོར་ཞེན་པ་མེད་པ་ཞེས་བཤད་དེ། གཟུགས ་ལ་སོགས་པ་རྣམས་ན་མཁའ་ལྟ་བུའི་སྟོང་པ་ཉིད་པས། གང་ཡང་ཚད་ཀྱིས་ཡོངས་སུ་མ་ཆོད་པས་ཚད་མེད་ཅེས་པ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པའོ།། གཟུགས་ལ་སོགས་པ་རྣམས་ལ་གྲངས་ཀྱིས་ཡོངས་སུ་མ ་ཆོད་པས་གཞལ་དུ་མེད་ཅེས་པ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པའོ།། མཐའ་ཉིད་ནི་མཐའ་ལ་གཟུགས་ལ་སོགས་པ་རྣམས་ལ་མཐའ་མེད་པ་ཉིད་དེ་ཡུལ་གྱིས་ཡོངས་སུ་མ་ཆོད་པ་དང་། རྩོམ་པ་མཐའ་མེད་དེ། རྩོམ ་པའི་ཆོས་དེ་རྣམས་ཐམས་ཅད་ལ་མཐའ་ཡོད་པ་མ་ཡིན་པ་ལ་བགྲང་བ་ལས་ཤིན་ཏུ་འདས་པའི་ཕྱིར་དང་། མེད་པ་ཉིད་ཀྱིས་ན་སྐྱེ་བ་དང་འཇིག་པའི་མཐའ་དག་མེད་པའི་ཕྱིར་རོ།། དེའི་ཕྱིར་ན་དབུས་གནས་པ་མེད་ལ། སེམས ་ཅན་ལ་དམིགས་པ་ཉིད་ག་ལ་ཡང་བདག་མེད་པའི་ཤེས་པ་ལ་དེ་ཡང་མཐའ་མེད་ཀྱི། ཅུང་ཞིག་བགྲང་བ་དང་ལྷན་ཅིག་སྦྱོར་བ་མེད་པའི་བགྲང་བ་ལས་ཤིན་ཏུ་འདས་པ་ཉིད་ཀྱིས་ན་མཐའ་མེད་པ་མ་ཡིན་ལ། མི་བརྗོད་པ་ནི་གྲངས་མེད ་པའོ།། ཆོས་ཀྱི་ཚིག་བླ་དགས་ཞེས་པ་ནི་ཆོས་ཀྱི་ཕུང་པོ་ལ་སོགས་པ་ལ་བདག་དང་རྫས་ནི་མེད་པས་ཚིག་བླ་དགས་ཏེ་མེད་པའི་ཕྱིར་རོ།། ཆོས་ཉིད་ཀྱི་རང་གི་དོན་མངོན་པར་བརྗོད་པའི་ཆོས་ཀྱི་ཚིག་བླ་དགས་ནི་མ་ཡིན་གྱི། རྨོངས ་པ་རྣམས་ཀྱིས་རབ་ཏུ་སྤྲོས་པ་དང་ལྡན་པ་གང་ཞིག་བློ་བུར་བར་ཡོད་པ་ནི་རྣམ་པར་བརྟགས་ན་གཡོ་བའི་ཕྱིར་རོ།། གང་དུ་དངོས་པོར་མེད་པ་ཅན་ནི་བདག་དང་རྫས་ནི་མེད་པའི་ཕྱིར་རོ།། བདག་ཏུ་བཏགས་པའི་ཡུལ་ཕུང་པོ་ལ ་སོགས་པ་ལ་བདག་གོར་བྱེད་པ་གང་དེ་ཡང་མེད་པས་བདག་གི་བྱ་བ་མེད་པ་ལ་རྩོམ་པའི་ཡུལ་དེ་ལ་མེད་པོས་རྩོམ་པ་མེད་པའོ།། འདི་ལ་ཞེས་པ་ནི་སྟོན་པའི་བསྟན་པ་ལྔ་སྟེ། འདིས་ནི་ཚིག་ཐོབ་ནས་ཀྱང་གྲུབ་པ་མེད་པར་གྲུབ ་པ་སྟོན་པར་བྱེད་པའོ།། ཙྭི་ལྟར་སེམས་ཅན་མཐའ་ཡས་ཞེས་པོ་ནི་བགྲང་བ་ལས་ཡང་དག་པར་འདས་པ་ཉིད་ཀྱིས་དང་། གང་དུ་ཡང་བདག་མེད་པར་ཚད་མས་གྲུབ་པ་ནི་གཞན་ཡང་ཞེས་པ་ལ་སོགས་པ་སྟེ། དབྱངས་ཀྱིས ་ནི་ཚིག་ལ་མཐའ་ཡས་པ་ནི་འཇིག་རྟེན་ཏེ། རྣམ་པར་རིག་པ་ནི་དོན་ཤེས་པར་བྱེད་པའི་སྒྲ་དབྱངས་སོ།། སྒྲ་ཞེས་པ་ནི་དེ་ལྟར་བརྗོད་པས་སོ།། དེ་ལྟར་ཤིན་ཏུ་དབྱངས་ཆེ་བའི་ཕྱིར་ན་ཟབ་མོའི་དབྱངས་ཏེ། རྟ་བྲན་གྱིས་དབྱིངས་བཞིན ་དུ་རྣམ་པ་སྣ་ཚོགས་པའོ།། སྒྲ་ཡིས་ཞེས་པ་ལ་དེ་ལྟར་བརྗོད་དོ།། མ་ཞུགས་པ་ནི་ངལ་མ་བསྔོས་པས་སོ།། ཟིན་ཀྱང་ནི་ཅུང་ཞིག་གོ།། གདོད་ནས་དག་པའི་ཕྱིར་ནི་གླདོད་ནས་དེ་ལྟར་མེད་པ་ཉིད་དེ། ཡོངས ་སུ་དག་པ་ཉིད་ནི་ཐམས་ཅད་མུ་མེད་པ་ཉིད་ཀྱིས་སོ།། རྣམ་གྲངས་འདིས་ཞེས་པ་ནི་བྱེ་བྲག་འདིས་སོ།། སེམས་ཅན་མཐའ་མེད་པ་ཞེས་པ་ནི་སེམས་ཅན་ལ་སྐྱེ་བ་དང་འགག་པའི་མཐའ་དང་བྲལ་བའི་ཕྱིར་རོ།། འདི་ལྟར་ཡང་ཞེས་པ་ནི ་དེ་ལྟ་བུ་ཉིད་དོ།། བགྲང་བ་ལས་ཤིན་ཏུ་འདས་པ་ཉིད་མིན་ཅེས་པ་ནི་ཀུན་འབྱུང་བ་ཆོས་ས་པའི་བཟོད་པའོ།། དེའི་ཞེས་པ་ནི་གཟུགས་ལ་སོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ལ་སངས་རྒྱས་ཉིད་དུ་འཛིན་པསོ།། ་སངས་རྒྱས་ཉིད་དུ་བལྟ་བར་བྱ་ཞེས་པོ་ནི་སྐད་ཅིག་མ་དྲུག་པ་སྟེ། དེའི་གནས་སྐབས་སུ་གསུངས་པ་ནི་དེ་ནས་ཞེས་པ་ལ་སོགས་པ་སྟེ། སྐྱེ་དགུའི་བདག་མོ་ནི་འཇིག་རྟེན་སྐྱོང་བ་བཞི་རྣམས་ཏེ། ཁྱད་པར་དུ་འཕགས་པའི་ཆོས ་ཐོས་ནས་རབ་ཏུ་མ་གུས་ནས་འབད་པ་མེད་པར་ཚིག་གིས་ཚད་དུ་བརྗོད་པས་ཚད་དུ་བརྗོད་དོ།། ཆོས་བསྟན་པས་ནི་ཆོས་གང་ལ་ཡང་ཆོས་ནི་ཆོས་རབ་ཏུ་གསལ་བར་བྱ་བ་སྟེ། མཐོང་བའི་ལམ་མོ།། ཆོས་དྲི་རྣམས་ཀྱི་ཆོས་ཉིད་ནི ་རང་བཞིན་ཏེ། དེ་བཞིན་གཤེགས་པ་འབྱུང་བའོ།། དེའི་ཕྱིར་ན་གསོལ་བ་ནི་གང་། ཞེས་པ་ལ་སོགས་པ་སྟེ། རབ་ཏུ་བྱུང་། ཞེས་པ་ནི་སྐྱེ་བ་ཟག་པ་མེད་པའི་ཡེ་ཤེས་ཀྱི་མཚན་ཉིད་ལ་སྨོས་པ་ནི་དེའི་ཚིག་ལས་ཐོག་མར ་ཅུང་ཞིག་ཡིད་ཆེས་པའོ།། དེ་ནས་རིམ་གྱིས་གསལ་ཞིང་གསུལ་བར་གྱུར་ནས་གསལ་བ་དང་གྱུར་ནས་གསལ་བ་དང་ཡིད་ཆེས་པར་གྱུར་པ་ལ་བསྟན་པར་འགྱུར་བ་དང་། རབ་ཏུ་བཤད་པར་འགྱུར་བ་དང་། རབ་ཏུ་བརྗོད་པར་འགྱུར ་རོ།། དེ་བཞིན་གཤེགས་པ་ལ་ཞེས་པ་ལ་སོགས་པ་ནི་སྐད་ཅིག་མ་དྲུག་པོ་དེ་ཉིད་གསོལ་བའོ།། དེ་ནས་ཞེས་པ་ནི་དེ་ནས་བརྩམས་ནས་སོ།། མ་བྲལ་བ་ནི་ཐོབ་པ་ལས་མ་ཉམས་པས་སོ།། གནས་པར་འགྱུར་ཅེས་པ་ནི་མངོན་དུ ་གྱུར་པའི་ཕྱིར་རོ།། དེ་བཞིན་གཤེགས་པ་ཉིད་དུ་གཟུང་བར་བགྱི། ཞེས་པ་ནི་གང་ཞིག་བཤད་པའི་དེ་བཞིན་གཤེགས་པ་ཉིད་དུ་ངེས་པའི་ཁྱད་པར་དེས་ཐོབ་པས་སོ།། དེ་ཐོབ་པས་ལུང་བསྟན་པ་ཐོབ་ལ། དེ་ལ་གསུངས་པ་ནི། གང ་དུ་བདག་ཙོས་པ་ལ་སོགས་པ་སྟེ། ལོ་ཉུང་བའི་གཙང་སྒྱུ་ཅན་ལ་བྲམ་ཟེའི་ཁྱེའུ་ཞེས་བརྗོད་དོ།། ཆོས་རྣམས་ཇི་ལྟ་བ་དེ་བཞིན་ཉིད་རྟོགས་པས་ན་དེ་བཞིན་གཤེགས་པའོ།། དགྲ་ནི་ཉོན་མོངས་པ་ལ་དེ་བཅོམ་པ་དང་ལྡན་པས་དགྲ ་བཅོམ་པའོ།། ཡང་དག་པར་ཕྱིན་ཅི་ལྡོག་མ་སྨྲས་པར་རྟོགས་པ་འདིས་ནི་ཡོད་དགེ་པར་རྫོགས་པའི་སངས་རྒྱས་ཏེ། དེ་ཉིད་ཀྱིས་ནི་སྟོང་པ་ཉིད་ཕུན་སུམ་ཚོགས་པ་གསུངས་པའོ།། མི་གསུང་བ་མེད་པ་འམ། ཕྱིན་ཅི་མེ་ལོག་པ ་གསུངས་པས་སྟོན་པ་ཡིན་ཏེ། ཕྱིན་ཅི་ལོག་གི་ཚིག་ནི་ཉོན་མོངས་པའི་དབང་གིས་སམ། མི་ཤེས་པ་ལས་འབྱུང་ལ། དེ་གཉི་ག་ལ་ཡང་འདི་ལ་མེད་པས་གི་རིམ་བཞིན་དུ་དགྲ་བཅོམ་པའི་ཕྱིར་དང་། ཡང་དག་པར་རྫོགས ་སངས་རྒྱས་པའི་ཕྱིར། འཁོར་བ་པས་ཅི་ལྟར་འདི་འདྲ་བ་ཅན་དུ་ནུས་ཤེ་ན། གསུངས་པ་བདེ་བར་གཤེགས་པ་ནི་ཡང་སྲིད་པ་ལས་གྲོལ་བའོ།། བདེ་བའི་སྒྲ་ནི་བཀྲ་ཤིས་པ་དང་། ཡང་ཕྱིར་མི་ལྡོག་པ་དང་། ་མ་ལུས་པའི་དོན་ཏེ། གཟུགས་མཛེས་པ་ལྟ་བུ་དང་། རིམས་ནད་ལེགས་པར་བྱང་བ་ལྟ་བུ་དང་། བུམ་པ་ལེགས་པར་གང་པ་ལྟ་བུ་སྟེ། ཕྱི་རོལ་གྱི་སློབ་པ་དང་། མི་སློབ་པ་རྣམས་རྣམ་པར་བཅད་པ་གོ་རིམ་བཞིན་ནོ།། དེ་ལ་འཇིག་རྟེན་ལས ་འདས་པའི་ལམ་གྱིས་གཤེགས་པའི་ཕྱིར་བཀྲ་ཤིས་པར་གཤེགས་པས་བདེ་བར་གཤེགས་པའོ།། དེ་བཞིན་དུ་ཕྱི་རོལ་པ་རྣམས་ཀྱིས་ནི་མ་ཡིན་ཏེ། དུས་མཚམས་དང་བཅས་པ་ཉིད་ཀྱིས་དེའི་ཐར་པ་ནི་ཐར་པ་མ་ཡིན་པའི་ཕྱིར་རོ།། ཡང ་མི་ལྡོག་ཅེས་བཤད་པ་ནི་སློབ་པ་དེ་རྣམས་ལ་སྐྱེ་བའི་སྐྱོན་ཀུན་ཏུ་འབྱུང་ལ། བཅོམ་ལྡན་འདས་ལ་ནི་སློབ་པ་མེད་དེ། དེའི་ཕྱིར་ཡང་མི་ལྡོག་པར་གཤེགས་པས་བདེ་བར་གཤེགས་པའོ།། ཉོན་མོངས་པའི་རིམས་ནད་ཀྱི་ལྷག་མ་མ་ལུས ་པ་མེད་པས་ལུས་དང་ངག་དང་བློ་ལ་ལམ་བཤད་པའི་ཡོན་ཏན་ཐམས་ཅད་ལ་གསལ་བ་དང་མི་ལྡན་པ་མེད་པསོ།། དེ་ལ་སློབ་པ་རྣམས་ཀྱི་ཐེག་པ་རྣམས་ཀྱི་ཐེག་པ་དམན་པ་ལ་ནི་དགྲ་བཅོམ་རྣམས་ཇི་ལྟར་སྲིད་ཅིང་ཡོད་པ་ན་མ་ཡིན་ཏེ། བཅོམ ་ལྡན་འདས་ཀྱིས་ནི་དེ་མ་ལུས་པ་ལ་གཤེགས་པས་བདེ་བར་གཤེགས་པའོ།། བདེ་བའི་སྒྲ་གཅིག་པུ་གཅིག་གིས་དོན་གསུམ་འགྲེལ་པའི་ཚུལ་གྱིས་བརྗོད་དོ།། ཇི་ལྟར་བདེ་བར་གཤེགས་པ་ནི་གང་དུ་རིག་པ་དང་ཞབསུ་ལྡན་པ་སྟེ། འདིར་རིག ་པ་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ལ། ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་ཀྱི་བསླབ་པ་ནི་ཞབས་ཏེ། རིག་པ་དེ་དག་གི་སྔོན་དུ་འགྲོ་བའི་ཕྱིར་རོ།། འདིར་རིག་པའི་སྤྱན་གྱིས་བལྟས་ནས་ཅིག་ཤོས་དག་གི་རྐང་པ་གཉིས་བཞིན་དུ་དེ ་བཞིན་གཤེགས་པས་བདེ་བར་གཤེགས་པའོ།། དེ་ལ་ཚིག་འདི་གཉིས་ཀྱིས་ནི་སྟོན་པ་པོ་ཉིད་ཀྱི་རྒྱུ་ཕུན་སུམ་ཚོགས་པ་གསུངས་པའོ།། འཇིག་རྟེན་འདུལ་བར་བྱ་བ་ལ་དུས་དང་། དུས་མ་ཡིན་པ་ཡོངས་སུ་མི་མཁྱེན་པ་མེད་པས་འཇིག་རྟེན ་མཁྱེན་པའོ།། སྐྱེས་བུ་འདུལ་བ་ནི་གདུལ་བྱའི་གདུལ་བར་བྱ་བ་འདུལ་བའི་ཕྱིར་རོ།། དེ་རྣམས་ཀྱི་ཁ་ལོ་བསྒྱུར་བ་སྟེ། ཡང་དག་པར་དུལ་བ་ཉིད་དེ། མཛེས་དགའ་དང་། སོར་ཕྲེང་དང་། ལྟེང་རྒྱས་འོད་སྲུང་དང་། སེར་སྐྱ་ལ་སོགས། ་པ་བཞིན་ནོ།། དེ་ལས་ལྷག་པ་མེད་པ་ནི་བློ་ནི་མེད་པ་སྟེ། སྐྱེས་བུ་འདུལ་བ་དང་ཁྭ་ལོ་བསྒྱུར་བའི་ཚིག་འདི་གོ་ཉིས་ནི་སྟོན་པ་ཕུན་སུམ་ཚོགས་པ་ཉིད་ཀྱི་ལས་གསུངས་པའོ།། དེ་ལྟ་བུའི་ལས་ཀྱི་ཡུལ་ཅི་ངན་སོང་དུ་སོང་བ་འམ་ཞེ་ན། ་མིན་ཅེས་གསུངས་པ་ནི་དེ་ལྷ་དང་མོ་རྣམས་ཀྱི་སྟོན་པ་ཞེས་པ་སྟེ། རང་ཉིད་མངོན་པར་བྱ་ང་ཆུབ་པས་ཤིན་ཏུ་པའི་བློ་འདི་ལ་ཡོད་ཅེས་པས་ནི་སངས་རྒྱས་སོ།། དྲང་སེང་གི་ཐོག་མའི་ཕྱིར་དང་དེ་དང་འདྲ་བའི་རང་རྒྱལ་བ་ཡང་མེད་ཅེས་རྣམ ་པར་བཅད་པའི་ཕྱིར་བཅོམ་ལྡན་འདས་ཞེས་སྨོས་པ་སྟེ། རྣམ་པ་དྲུག་དང་ལྡན་པ་དང་བཅོམ་པའི་ཕྱིར་ལ། དེ་ལ་ནི་མི་ལྡན་པའི་ཕྱིར་ཅེས་པ་ནི་ཀུན་འོབྱུང་ལ་ཆོས་ཤེས་པའོ།། ངོ་མཚར་བ་ནི་སྐྱེད་པ་ཉིད་ལའོ།། མཆོག་ཏུ་ངོ་མཚར ་བ་ནི་རྗེས་སུ་ཡོངས་སུ་འཛིན་པ་སྟེ། ཇི་སྲིད་ཀྱི་སྒྲ་ནི་མཐའ་ཐུག་པའི་དོན་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས་ཇི་སྲིད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཞེས་པའི་དོན་ཏོ།། སྐྱེད་པར་བྱེད་པ་ནི་འགུགས།། ་པར་བྱེད་པའོ།། རྗེས་སུ་ཡོངས་སུ་འཛིན་པ་པོ་ཞེས་པའི་རྗེས་སུའི་སྒྲ་ནི་ཆེད་དྲིའི་དོན་ལ། ཚད་དུ་དང་ལྡན་པོ་དག་ནི་རིགས་པའོ།། ཡོངས་སུ་གཟུང་བ་དང་། མ་བཏང་བདག་སྒྲུབ་པར་བྱེད་པའི་རྒྱུར་ཡོངས་སུ་འཛིན་པ་སྟེ། ཇི་ལྟར་ཡོངས ་སུ་བླང་བ་མེད་པ་ཅིང་དོར་བ་མེད་པ་དེ་ལྟར་ཡོངསུ་བླང་བ་ཞེས་པའི་དོན་ཏེ། འདིར་བསྟན་བཅོས་ལས། བླང་མེད་དོར་བ་མེད་སོགས་དང་། ཞེས་སོ།། བླང་བ་མེད་པ་ནི་རྣམ་པར་རྟོག་པ་མེད་པ་སྟེ། འདི་ནི་བླང་བ་མེད་པའི་དོན་ཏོ།། ། ་དོངོར་བ་མེད་པ་ཉིད་ནི་མི་དོར་བ་སྟེ། འདིར་མི་གཏོང་བའི་དོན་ཏོ།། ཀུན་ཏུ་ལེན་པ་ནི་ཐོག་མ་ནས་ཡོངས་སུ་འཛིན་པ་སྟེ། མི་འཇིགས་པ་དང་མི་གཏོང་བ་ཉིད་ནི་ཐོག་མ་ནས་དེ་ལྟར་རོ་ཞེས་པ་སྟེ། དེ་ལྟར་མི་ལེན་པ་དང་། མི་འདོར་བ་དག ་ལ་ནི་བྱང་ཆུབ་སེམས་དཔས་བླང་དུ་མེད་ཅེས་པའི་དོན་ཏོ།། ཞེས་པ་ནི་ཀུན་འབྱུང་བ་ལ་རྗེས་སུ་ཤེས་པའི་བཟོད་པའོ།། བརྒྱ་བྱིན་གྱིས་གོ་སྐབས་ཕྱེ་བའི་ཕྱིར་ཉེ་བར་མཚོན་པའི་ལེའུ་ནི་བརྒྱ་བྱིན་གྱི་ལེའུའོ།། །། འཕགས ་པ་ཤོས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་འགྲེལ་པ་གནད་ཀྱི་ཟླ་བའི་འོད་ཅེས་བྱ་བ་པཎྜི་ཏ་ཆེན་པོ་འཇིགས་མོང་འབྱུང་གནས་སྦས་པས་མཛད་པ་ལས་ལེརུ་གཉིས་པའོ།། བྱམས་པ་ལ་སོགས་ཞེས་པ་ནི ་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཏེ་ཚད་མེད་པ་བཞི་སྟེ། དེའི་བདག་ཉིད་ཅན་མཐོང་བའི་སྐད་ཅིག་མ་པ་པ་ལ་ཞེས་པའི་དོན་ཏོ།། དེ་སྟོན་པའི་གླེང་གཞི།། དེ་ནས་ཞེས་པ་ལ་སོགས་པ་ནི་སྡུད་པ ་པོས་སྨྲས་པ་སྟེ། དབང་དུ་བྱས་པ་ནི་སྐད་ཅིག་མ་བརྒྱུད་པ་ན་ཐག་པ་དམན་པར་ལྟུང་བའི་གཉེན་པོ་ལ་ཤིན་ཏུ་གུས་པ་བསྐྱེད་པའི་ཕྱིར་ཏོ། སྐད་ཅིག་མ་དེ་ཉིད་ལ་བཅོམ་ལྡན་འདས་ཀྱིས་གསུངས་པ་ནི། གང་ལ་ལཱ་ཞེས་པ་ལྔ་སོགས་པ ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པ་ནི་རབ་ཏུ་འབྱེད་པའི་མཐོང་བའི་སྐད་ཅིག་ནི་ཤེས་རབ་ལ་དེ་ཉིད་ཀྱིས་ཐེག་པོ་དམན་པོར་ལྷུང་བའི་ས་ལས་ཕ་རོལ་ཏུ་འགྲོ་བ་ནཱི་ག་འདིར་གང་ཞིག་ཚད་མེད་པ་བཞིའི་བདག་ཉིད་ཅན་དུ ་མཐོང་བ་ལ་དེ་ལྟར་ནི་བྱང་ཆུབ་སེམས་དཔའ་དེས་ཐོབ་པ་སྟེ། སེམས་ཅན་ཐམས་ཅད་ལ་བདག་ཉིད་དང་མཉམ་པ་ཉིད་དུ་བལྟས་ནས་དེས་སྐྱོབ་པ་དང་། ཕན་པའི་བདག་ཉིད་ཀྱི་ཕན་པ་འགའ་ཞིག་གིས་འདིར་དེ་གང་ཡང་ཐེག་པ་དམན།། ་བར་མི་ལྟུང་བས་དེའི་ཕྱིར་བྱམས་པ་ལ་སོགས་པའི་མཐོང་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ཉིད་སྐད་ཅིག་མ་བརྒྱད་པའོ།། དེ་རྣམས་ཀྱིས་གང་ཞིག་ཅེས་པ་ནས་ཇི་སྲིད་དུ་ཀུན་ཆུབ་པར་བྱེད་པའི་བར་ཏེ། མངོན་སུམ་དུ ་བྱེད་པའི་ཕྱིར་ཏོ།། རབ་ཏུ་འདོན་པར་བྱེད་པ་ནི་གཞན་དག་ལས་རབ་ཏུ་སྟོན་པའི་ཕྱིར་དེ་རྣམས་ལ་དེས་འཛིན་པ་ནས་ཇི་སྲིད་དུ་འཆང་བའི་བར་གྱི་ཕྱིར་རོ།། དེའི་ཞེས་པ་ལ་སོགས་པ་ནི་ཕན་ཡོན་ཏེ། རབ་ཏུ་འདོན་པར་འགྱུར ་ཞེས་པའི་བར་ཏེ། གླགས་འཚོལ་བ་ནི་འཇུག་པ་ལ་སྐབས་ནི་སྐྱོན་ཏེ། དེ་དང་ལྡན་པ་ནི་གླགས་བལྟ་བའི་བསམ་པ་ནི་གླགས་འཚོལ་བའོ།། ཞེས་པ་ནི་ཀུན་འབྱུང་བ་ལ་རྗེས་སུ་ཤེས་པའོ།། འགོག་པ ་ལ་བཅུ་དྲུག་ཅེས་པ་བསྟན་བཅོས་སུ་བཤད་དེ། སྟོང་པ་ཉིད་བཅུ་དྲུག་རྣམས་ཀྱིས་ཐོབ་པ་ནི་མཐོང་བའི་སྐད་ཅིག་མ་དགུ་པ་ལ་སྟེ། དེ་གསུངས་པ་ནི། གཞན་ཡང་ཞེས་པ་ལ་སོགས་པོ་སྟེ། འདིར་ཡང་མཐོང་བའི་སྐད་ཅིག་མ་ནི་ཤེས། ་རབ་ལ། ཕ་རོལ་ཏུ་ཕྱིན་པ་ནི་སྟོང་པ་ཉིད་བཅུ་དྲུག་རྣམས་ཀྱང་ཀུན་ཏུ་མཐོང་བའི་ཕྱིར་རོ།། གྲོང་ལས་གཞུ་འདོམ་ལྔ་བརྒྱའི་ཕ་རོལ་གྱི་གནས་ནི་དགོན་པའོ།། ཐོག་མ་ཕུག་པའི་ས་ཕྱོགས་ནི་བླ་གབ་མེད་པའོ།། དགོན་པ་ལས་གྲོང་དུ་འབྲོག ་དགོན་པ་སྟེ། དེ་ཉོལ་བ་ནི་ཉལ་བའོ།། འབྱུང་བར་འགྱུར་བ་ནི་རྒྱུན་གྱིས་འཇུག་པ་ལ་སྲུང་བ་དང་། བསྐྱབ་པ་དང་། བཅས་པ་ནི་སྦ་བའོ།། དེ་ལ་སྔགས་ལ་སོགས་པ་ནི་བསྲུང་བའོ།། སྲུང་བ་པོ་ངེས་པར་སྦྱོར་བ་ནི་བསྐྱབ་པའོ།། རང ་ཉིད་ཉེ་བར་སོན་ནས་བྱིན་གྱིས་བརླབ་པ་ནི་སྦྲིད་པའོ།། ཡང་ན་ལུས་ཀྱི་བདེ་བ་ཉེ་བར་སྒྲུབ་པ་ནི་བསྲུང་བ་ལ་ཕྱི་རོལ་གྱི་ཉེ་བར་འཚེ་བ་བཟློག་པ་ནི་བསྐྱབ་པའོ།། ནང་གི་ནང་ལ་སོགས་པ་ལས་བཟློག་པ་ནི་སྦེང་པོའོ།། དེ་རྣམས་ཀྱི་བགྱི་བ་ནི ་ཡང་དག་པའི་སྦྱོར་བ་སྟེ་ངག་དང་ཡོད་དོ།། ཞེས་པ་ཉེ་བར་སོན་ནས་བྱིན་གྱིས་བརླབ་པ་ནི་སྦེད་པའོ།། སངས་རྒྱས་ཀྱི་དངོས་པོ་ཉིད་ནི་སངས་རྒྱས་ཉིད་ལ་གང་གིས་སངས་རྒྱས་འབྱུང་བར་འགྱུར་བར་དེ་ཡོངས་སུ་འཛིན་ཏེ་མཚན་དང་འོང ་དང་དབྱངས་དང་ཏིང་ངེ་འཛིན་དང་གཟུངས་ལ་སོགས་པ་ཕུན་སུམ་ཚོགས་པས་སངས་རྒྱས་མེད་པའི་ཞིང་རྣམས་སུ་སངས་རྒྱས་ཀྱི་གཟུགས་སུ་བདག་ཉིད་ཀྱིས་སྟོན་ཏེ། དེ་གསུངས་པ་ནི། དེ་ནས་ཡང་བརྒྱ་བྱིན་ཞེས་པ་ལ་སོགས་པ་སྟེ། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་པ་ཞེས་པ་ནི་མཐོང་བའི་སྐད་ཅིག་མ་བཅུ་པ་ལའོ།། འདི་ལ་ནི་ཁྱད་པར་དུ་འཕགས་པས་སོ།། མཐོང་བའི་ཆོས་ནི་སྐྱེ་བས་ཐོབ་པའོ།། དེ་ལས་བྱུང་བའི་ཡོན་གྱིས་མཚན་ཕུན་སུམ་ཚོགས་པ་ལ ་སོགས་པ་ཐོབ་ཅེས་པ་ནི་བསྟན་པའོ།། བཤད་པ་ནི་ཡོངས་སུ་འཛིན་པར་གྱུར་ཞེས་པ་སྟེ། འགོག་པ་ལ་ཆོས་ཤེས་པའོ།། རྣམ་པར་བྱང་བར་བྱེད་པས་ན་རྣམ་པར་བྱང་བ་སྟེ། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལ ་སོགས་པའོ།། དེ་ཡིས་ནི་ཐམས་ཅད་ཡོངས་སུ་བསྡུས་པའོ།། དེ་གསུངས་པ་ནི། ཡང་ཅི་ཞེས་པ་ལ་སོགས་པ་སྟེ། མིན། ཞེས་པ་ནི་འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པའོ།། ཀླ་ནི་ཀ་དང་གནོད་པར་བྱེད་པའི་མུ་སྟེགས་རྣམས ་དང་ལྷན་ཅིག་རྩོད་པ་དང་རྒོལ་བ་དང་འགྲེལ་པ་དེ་རྣམས་ཞི་ལ། དེ་ལྟར་ཡང་དེ་ཞི་ནས་ཇི་ལྟར་དེ་རྣམས་ཀྱིས་ཕྱིས་ཐེག་པ་གསུམ་པོ་འདི་ཐོས་པ་དང་ལྡན་པ་རྣམས་ཀྱིས་ཉོན་མོངས་པ་དང་། ངན་འགྲོ་དང་། འཁོར་བར ་བསྒྲགས་པའི་ནང་ཟད་པར་འགྱུར་ལ། དེའི་ཕྱིར་གནོད་པའི་ནད་ཐམས་ཅད་ཞི་བར་བྱེད་པ་ནི་མཐོང་བའི་སྐད་ཅིག་མ་བཅུ་གཉིས་ལ་སྟེ། དེ་གསུངས་པ་ནི། གཞན་ཡང་། ཞེས་པ་ལ་སོགས་པ་སྟེ། ཆོས་སྟོན་པ་ལ་རྩོད་པར ་བྱེད་པ་ནི་བཞད་གད་ཀྱིས་སོ།། རྒོལ་བར་བྱེད་པ་ནི་འཐབ་མོས་སོ།། འགལ་བར་བྱེད་པ་ནི་ཕན་ཚུན་ལ་ཞེ་སྡང་བས་སོ།། དེས་རྩོད་པ་ལ་སོགས་པའི་བསམ་པ་ལ་དེ་བཞིན་ནི་དེ་ཡིན་ཞེས་པ་སྟེ། ཆོས ་འདི་ཉིད་ལ་ཞེས་པའི་དོན་ཏོ།། སྐད་ཅིག་མ་བཅུ་གཉིས་པོ་འདི་རྣམས་ཀྱིས་མཚན་ཉིད་ལའོ།། སྨན་ནི་སྟོབས་དང་ལྡན་པའོ།། སྦྲུལ་གདུག་པ་ནི་དེ་འདིར་མཆེ་བ་དུག་རྒན་པས་སྦྲུལ་གདུག་པའོ།། སྐྱེ་བོ་ནི་ལུས་ཅན་ལ། སྲོག་ཆགས། ་སུ་གྱུར་པ་ནི་དུད་འགྲོའི་བྱེ་བྲག་གོ། གཟི་བརྗིད་ཀྱིས་ནི་མཐུས་སོ།། སྟོབས་ནི་གནོད་པར་བྱེད་པ་ཉིད་ཀྱིས་ཏེ། མཐུ་ཡཱིས་ནི་གནོད་པར་བྱར་མེད་པ་ཉིད་དུའོ།། སྟོབས་བསྐྱེད་པ་ནི་དོ་ལ་སྦྱོར་བའི་ནུས་པ་པོསྐྱེད་ནས་སོ་ཞེས་པ་ནི་འགོག་པ ་ལ་རྗེས་སུ་ཤེས་པའོ།། འཛིན་པ་ལ་མངོན་པར་ཞེན་པ་དེ་གསུངས་པ་ནི། འི་ཕྱིར་ཞེས་པ་ལོ་སོགས་པོ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྐད་ཅིག་མེ་བཅུ་གསུམ་ཤོས་པ་སྟེ། ལམ་ལ་ཆོས་ཤེས་ཕྱི་བཟོད་པའོ།། སངས་རྒྱས ་རྣམས་དང་། ལྷ་རྣམས་ཀྱིས་བསྲུང་བ་སྟེ། དེ་གསུངས་པ་ནི། རྒྱལ་པོ་བཞིས་ཞེས་པ་ལ་སོགས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྐད་ཅིག་མ་བཅུ་བཞི་པ་སྟེ། ལམ་ལ་ཆོས་ཤེས་པའོ།། སྲོག་གཅོད་པ་སྤོང་བ་ནི་སྲོག་མི ་གཅོད་པ་ལ་དེ་ཐོག་མར་བྱས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ནས་ཇི་སྲིད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་གནས་ཤིང་། དེ་ཉིད་ལ་གཞན་དག་ཀྱང་དགོད་པ་ནི་སྐད་ཅིག་མ་བཅོ་ལྔ་ལ་སྟེ། དེ་གསུངས་པ་ནི ་གཞན་སྣང་། ཞེས་པ་ལ་སོགས་པ་སྟེ། ས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྐད་ཅིག་མ་བཅོ་ལྔ་ལ་སྟེ། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམས་གཞན་དག་ལ་ཉེ་བར་སྟོན་པའི་ཚིག་གཟུང་བར་འོས་པ་སྟེ། དེ་ལ་རང་ཉིད་ཀྱང་དེ་རྣམས ་གནས་པའི་ཕྱིརརོ།། ཞེས་པའི་ཚིག་གཟུང་བར་འོས་པའོ།། འདིའི་ཚིག་འཇམ་ཞིང་སྤྱན་པ། ཞེས་པ་ནི་ཚིག་འཛ་པ་སྟེ། སྦྱིན་པ་ལ་སོགས་པ་དྲུག་པོ་རྣམས་ལ་གནས་པ་རྣམས་གསུངས་པའི་ཕྱིར་རོ།། ཚིག་ངན་པ་ནི་གསུང་དེ་ཉིད་དོ།། ཚིག་འཆལ ་པ་མེད་པ་ནི། དེས་ཕན་པ་མུ་ཡིན་པ་དང་འདྲེས་པའི་ཚིག་མི་སྨྲ་བས་སོ།། ཞེས་པ་ནི་ལཱམ་ལ་རྗེས་སུ་ཤེས་པའི་བཟོད་པའོ།། སྐད་ཅིག་མ་བཅུ་དྲུག་གསུངས་པ་ནི། ཁྲོ་བས་ཞེས་པ་ལ་སོགས་པ་སྟེ། ཡོངས་སུ་འདུལ་བར ་བྱེད་པ་ནི་ཁྲོ་བ་ཞི་བར་བྱེད་པའི་ཕྱིར་རོ།། ཡོངས་སུ་སྦྱར་བར་བྱུ་པའི་ཁེངས་པའི་མཚན་ཉིད་ཀྱི་དེ་རྒྱལ་ཟད་པར་བྱེད་པའི་ཕྱིར་རོ།། ཁོན་དུ་འཛིན་པ་ནི་དག་པོར་རོ།། གནོད་སེམས་ནི་ཞེ་སྡང་ལ། བག་ལ་ཉལ་ནི་འདུད་པར་རོ།། དྲན་པ ་གསུངས་པ་ནི། དེའི་ཞེས་པ་སོགས་པ་སྟེ། དེ་ཞེས་པ་ནི་གནོད་སེམས་ཀྱིས་ཏེ། ཡོངས་སུ་ཕྱེ་བོ་ནི་རྣམ་པར་འགྱུར་བས་ཏེ། དེ་བཞིན་དུ་སྡང་བར་བྱེད་པ་འཁོར་དང་བཅས་པ་སྤང་བར་བྱས་ལ། བདག་ཉིད་ཀྱི་སྦྱིན་པ་ལ ་སོགས་པ་རྣམས་ཀྱིས་སེམས་ཅན་གྱི་ཕུང་པོ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་པའི་ཕྱིར་ཡོངས་སུ་བསྔོ་བ་བསྟན་པ་ནི་ལམ་ལ་རྗེས་སུ་ཤེས་པའོ།། ལམ་ཤེས་པའི་སྐད་ཅིག་མ་འདི་རྣམས་ནི་མཐོང་བའི་ལམ ་གྱིའོ།། མཐོང་བའི་ལམ་འདིར་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་བཤད་པའི་ངེས་པར་འབྱེད་པའི་ཆུ་དང་མཐུན་པ་ཡང་ཤེས་པར་བྱས་ལ། ཐར་པའི་ཆ་དང་མཐུན་པའི་ག་ཆའི་སྒྲུབ་པར་བཤད་པའི ་འཆད་པར་འགྱུར་བའི་མཚན་ཉིད་ཀྱི་རབ་ཏུ་དགའ་བ་ལ་སོགས་པ་ལ་ཡང་ངོ་།། དེ་ལ་སེམས་ནི་འདིར་ཞེས་པ་སྟེ། མཐོང་བ་ལ་སོགས་ལམ་གྱི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ།། མཐོང་བའི་ལམ་ནི་འཇིག་རྟེན་ལས་འདས་པ་ཉིད ་ལ། བསྒོམ་པའི་ལམ་དེ་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་སྟེ། དེ་རྣམས་ནི་རྟིང་ལ་བརྗོད་པར་བྱ་སྟེ། དེ་དག་གི་བྱེད་པ་ནི་ཆོས་མཆོག་ཆེན་པོའི་བྱེ་བྲག་ནས་བརྩམས་ནས་ཉེ་བར་སོགས་ཤིང ་དྲོད་ནས་བརྩམས་ནས་འབྱུང་བར་འགྱུར་བ་དང་། འབྲས་བུ་འདོད་པས་རབ་ཏུ་འཇུག་ཅེས་པ་ནི་དང་པོ་བརྗོད་པར་བྱ་བ་སྟེ། དེ་ལ་བསྟན་བཅོས་ནས། ཀུན་ནས་དུལ་དང་ཐམས་ཅད་ནས།། ཉོན་མོངས་ཀུན་ལས་རྒྱལ་བ་དང་།། གནོད ་པས་རྩུ་བ་མེད་ཉིད་དང་།། བྱང་ཆུབ་དང་ནི་རྟེན་མཆོད་ཉིད།། ཅེས་པ་སྟེ། ཀུན་ནིས་ཞེས་པ་ནི་ཡོངས་སུ་ཤེས་པའི་སྒོ་དོན་ལ། བདག་དང་བདག་གི་དག་ལ་ནི་ནེ་པ་མེད་པ་ནི་དུལ་བ་ལ། བདག་གི་རྗེས་སུ་ཡིད་དགོའ་བར་མི་བྱེད་པས ་ན་ཡོངས་སུ་དུལ་བ་དེང་། ཡོངས་སུ་ཁེངས་པ་མེད་པ་སྟེ། གོ་རིམ་བཞིན་དུ་ནི་སྡང་དང་། ང་རྒྱལ་དག་ཡོངས་སུ་ཟད་པའི་ཕྱིར་རོ།། དེ་སྐད་ཅེས་སྨྲས་པ་གཉིས་དང་བརྒྱ་བྱིན་ཞེས་པ་ལ་སོགས་པ་གསོལ་བ་ནི་བྱེད་པོ་སྡུག ་པ་འདི་རྣམས་ལྔའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བསྒོམ་པའི་ལམ་མོ།། ཇི་ལྟར་ཞེས་པ་ནི་གལ་ཏེ་ཞེས་པའི་དོན་ཏོ་ཞེས་པ་ནི་ཡོངས་སུ་དུལ་བ་དང་། ཡོངས་སུ་སྒྱུར་བར་བྱེད་པའོ།། བཅོམ་ལྡན་འདས་ཞེས་པ་ལ་སོགས ་པ་སྟེ། སྲོག་གི་བར་ཆད་དུ་འགྱུར། ཞེས་པ་ནི་དེ་ཉིད་ལ་མཚོན་ཆས་བསྣུན་པས་སོ།། གཞན་གྱི་གནོད་པ་ཞེས་པ་ནི་རི་དགས་ལ་སོགས་པའི་ནང་དུ་སོང་ཡང་ངོ་།། གཞན་གྱི་གནོད་པ་ནི་གཞན་རྣམས་ཀྱིས་ཏེ། དེས་ན་རང ་བཞིན་གྱི་ཉོན་མོངས་པ་རྣམས་ཀྱིས་འདི་ལྟ་སྟེ། བཅོམ་ལྡན་འདས་མ་དེས་ནི་ལས་རྒྱལ་བ་ཉིད་དེ། དེའི་འདི་ནི་རྒྱུ་མཐུན་ཞེས་པ་དང་དངོས་པོ་ཞེས་པས་ནི་ཀུན་ནས་ཉོན་མོངས་པ་ལས་རྒྱལ་བར་བྱེད་པའོ།། གལ་ཏེ་ཞེས་པ ་ལ་སོགས་པ་སྟེ། དེ་ལ་ནི་ལུས་ལའོ།། དེ་ཅིའི་ཕྱིར་ཞེ་ན། དེ་ལ་གང་དུ་མི་འཕོག་སྟེ། དུས་ཐམས་ཅད་དང་། ཡུལ་ཐམས་ཅད་དུ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་མཐུ་ཐོགས་པོ་མེད་པའི་ཕྱིར་གོ་རིམ་བཞིན་དུ་ཆེན་པོ ་དང་། ཚད་མེད་པ་དང་། གཞལ་དུ་མེད་པའོ།། དེ་ལས་ལྷག་པ་མེད་པའི་ཕྱིར་བླ་ནུ་མེད་པའོ།། མཉམ་པ་མེད་པས་ནི་མཉམ་པའོ།། མི་མཉམ་པ་དང་མཉམ་པས་མི་མཉམ་པ་དང་མཉམ་པའོ།། རྣམ་པར་གནོད་པ་ནི་ཉེ་བར ་འཇོམས་པ་སྟེ། དེའི་སྲོག་གི་བར་ཆད་བྱེད་པ་རྣམས་ཀྱིས་སོ།། གཞན་གྱི་ཉེ་བར་འོངས་པས་དེ་ལ་གླགས་རྙེད་པར་མི་འགྱུར་ཞེས་པ་ནི་དེ་རྣམས་ཀྱི་རྫིབ་མེད་པ་ཉིད་དེ། འདི་རྣམས་ནི་ལས་ཀྱིས་ཉེ་བར་གནོད་པས་རྫི་བ་མེད་པའི ་བྱེད་པའོ།། འདི་ལ། ཞེས་པ་ལ་སོགས་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ངེས་སོ།། རྣམ་པར་གཟིགས་པ་ནི། གདུལ་བར་བྱ་བ་ཡལ་བར་མི་འདོར་བ་ཉིད་དོ།། ཅིའི་ཕྱིར་ཞེས་པ་ནི་དེ་ལྟར་ཐམས ་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སོ་གང་དུ་སངས་རྒྱས་ཀྱི་ཆོས་རྣམས་ཐམས་ཅད་ལ་དེ་ཡིས་མི་ཐོབ་པ་གང་ཡང་ཅུང་ཟད་ཡོད་པ་མ་ཡིན་ལ། ཐོབ་པར་བྱ་བ་འདིས་ཐོབ་པར་མི་འགྱུར་ན་འདི་ཐམས་ཅད་མཁྱེན་པར་མི་འགྱུར་བའི ་ཕྱིར་རོ།། དེ་ཡིས་ཐོབ་པར་བྱ་བ་དང་། ཅིག་ཤོས་དག་ཐམས་ཅད་ཤེས་པ་ཤེས་རབ་ཀྱི་མཐར་སོན་ནས་མངོན་སུམ་དུ་བྱས་པའི་ཡེ་ཤེས་ལ་འདིར་གཟུང་བར་བྱ་སྟེ། དེའི་ཕྱིར་འདིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ནི་ཡང ་དག་པར་རྫོགས་པའི་བྱང་ཆུབ་ལ་དབྱེ་བ་ནི་ཐ་སྙད་ཀྱི་ལྡོག་པའི་དབྱེ་བ་ལས་དངོས་པོར་ཡོད་པ་ནི་མ་ཡིན་ཞེས་པ་ནི་རྫོགས་པའི་བྱང་ཆུབ་ཀྱི་བྱེད་པའོ།། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། ཆུང་ངུ་ནི། ཞེས་པ་ནི་མཆོག་ཏུ་ཕྲ་བའོ།། ་མ་རྟོགས་པ་ནི་ཕྱི་རོལ་ཏུ་བྱེས་པ་སྟེ། སྟོན་གྱི་སྐྱེ་བ་ལེ་ཕྱིས་ལན་གྲངས་ཀྱིས་མྱོང་བ་འགྱུར་བར་དྲིས་པའི་མི་དགེ་བའི་རྣར་སྲིན་པོ་དེ་རྣམ་པར་སྨིན་པའི་ལྕུག་མའི་འབྲས་བུའོ།། འདི་ལྟ་སྟེ་དཔེར་ན་ཞེས་པ་དཔེ་སྟེ་སྙིང་པོ་ནི་སྙིང་པོ་སྟེ། ་བྱང་ཆུབ་པའི་དོན་གྱི་སྙིང་པོ་ནི་བྱང་ཆུབ་པའི་སྙིང་པོ་ལ། དེ་ལ་འདུག་པ་ནི་བྱང་ཆུབ་རྟིག་ས་པ་སྟེ། དེ་ལྟར་ཡང་རྣམ་པར་གནས་པའི་བསྐལ་པའི་ཐོག་མ་ལ་གསེར་གྱི་རང་བཞིན་གྱི་ས་གཞི་རྣམས་ཀྱི་སྙིང་པོ་ཁྱད་པར་དུ་འཕག ་པའི་འཛམ་བུའི་གླིང་གི་ལྟེ་བ་ཀུན་ཏུ་འདུས་པ་སྟེ། དེ་ཡང་རྡོ་རྗེའི་རང་བཞིན་ཡིན་པའི་ཕྱིར་དང་། བྱང་ཆུབ་པའི་གདན་ཡིན་པའི་ཕྱིར་ནི་རྡོ་རྗེའི་གདན་ཞེས་བརྗོད་དེ། དེར་བྱང་ཆུབ་ཀྱི་སྙིང་པོ་ལ་དེ་ཐོབ་པའི་ཁོར་ཡུག་ཏུ་གྱུར་པ་ནི ་ཁོར་ཡུག་ཏུ་བསྐོར་བའོ།། ཡོངས་སུ་ཁོར་ཡུག་ནི་ཡོངས་སུ་བསྐོར་བའོ།། ནང་ནི་དབུས་སུའོ།། བྱང་ཆུབ་པའི་ཤིང་ནི་བྱང་ཆུབོ་པའི་ཤིང་སྟེ། དེའི་དྲུང་ན་འདུག་ནས་བྱང་ཆུབ་རྟོགས་པའི་ཕྱིར་རོ།། དེའི་རྩ་བ་སྟེ་མངོན་པར ་ཡོངས་སུ་བཅད་པའི་ས་ཕྱོགས་སོ།། རྣམ་པར་འཚེ་བར་འདོད་པ་ནི་རྣམ་པར་སྡང་བར་འདོད་པའོ།། གནོད་པར་འདོད་པ་ནི་བཅོམ་པར་འདོད་པའོ།། འབེབས་པར་འདོད་པ་ནི་འབྱུང་པོ་དང་ཤ་ཟ་ལ་སོགས་པ་རབ་ཏུ་འཇུག་པའི་ཕྱིར། ་རོ།། འཇིགས་པ་ལ་སོགས་པའི་གཉེན་པོའི་ཕྱིར་འཇིགས་པ་མེད་པའོ།། ཁོ་ན་མེད་པ་དང་མི་སྐྲག་པ་ནི་བྱམས་པ་ཆེན་པོ་ལ་སོགས་པའི་མིང་ཅན་མེད་པས་སོ།། རབ་ཏུ་སྒོམ་པར་མཛད་པ་ནི་རྫོགས་པར་མཛད་པོའོ།། རབ་ཏུ ་སྟོན་པར་མཛད་པ་ནི་བདུད་སྡེ་དང་བཅས་པ་རྣམས་ཀྱི་བགེགས་བྱེད་ཀྱང་བཟོད་པའི་ཕྱིར་རོ།། མཆོད་རྟེན་ནི་མཆོད་པའི་རྟེན་ལ། དེར་གྱུར་པ་ནི་དེ་དང་འདྲ་བའོ།། བཀུར་སྟིང་བྱེད་པ་ལ་སོགས་པ་ནི་བཤད་ཟིན་ཏོ།། ཉེ་བར་ཕྱིན་པ ་ལ་སྐྱོབ་པར་བྱེད་པས་སྐྱོབ་པའོ།། མངོན་སུམ་དུ་ཉེ་བར་ཕྱིན་པའི་འཇིགས་པ་ལ་བསྐྱོབ་པའི་ཕྱིར་སྐྱབས་སོ།། འཇིགས་པ་མེད་པ་དེར་གནས་པར་བྱེད་ཅེས་པས་གནས་སོ།། མཆོག་ཏུ་དཔུང་དུ་གྱུར་པས་དཔུང་གཉེན་ལོ་དེས ་ཕ་རོལ་ཏུ་འགྲོ། ཞེས་པ་ནི་མཆོད་རྟེན་པ་བྱེད་པའོ།། འཇིག་རྟེན་པའི་སྒོམ་པའི་ལམ་ཟག་པ་དང་བཅས་པ་ནི་རྣམ་པ་གསུམ་སྟེ། མྱོས་པ་ཡིད་ལ་བྱེད་པ་དང་། བསྔོ་བ་ཡིད་ལ་བྱེད་པ་དང་། རྗེས་སུ ་ཡི་རང་བ་ཡིད་ལ་བྱེད་པ་སྟེ། དེ་ལྟར་ཡང་འཇིག་རྟེན་པས་བསམ་གཏན་དོང་། གཟུགས་མེད་པ་ལ་དམིགས་པ་ཉིད་ཀྱིས་འཇིག་རྟེན་པ་སྟེ། ཟག་པ་དང་བཅས་པའི་བསྒོམ་པའི་ལོམ་གྱི་སེ་མས་པ་དང་། བསྔོ་བེ་ད་། རྗེས་སུ་པ ་རང་བ་ཡིད་ལ་བྱེད་པ་ལ། ཟག་པ་མེད་པ་ནི་སྒྲུབ་པ་དང་། ཤིན་ཏུ་དག་པ་ཞེས་འཕགས་པ་རྣམ་པར་གྲོལ་བའི་སྡེས་བཤད་དོ།། གང་དུ་ཐེག་པ་ཆེན་པོའི་མངོན་པ་ཀུན་ལས་བཏུས་པ་ལས་བཤད་དེ། བསྒོམ་པའི་ལམ་ནི་མཐོང ་བའི་ལམ་ལས་གོང་གི་འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་པའོ།། འཇིག་རྟེན་པའི་ལམ་གང་ཞེ་ན། འཇིག་རྟེན་པའི་བསམ་གཏན་དང་། གཟུགས་མེད་པ་བརྒྱད་ཅེས་སོ།། དེ་ལ་འཇིག་རྟེན་ལས་འདས་པ་ཉིད་ཀྱི ་བསྒོམ་པའི་ལམ་གང་ལ་གཞན་གྱི་དོན་དུ་བསམ་གཏན་དང་པོ་ལ་སོགས་པ་ལ་དམིགས་པར་བྱེད་པ་དེ་ལ་ནི་འཇིག་རྟེན་པ་ཞེས་ཐ་སྙད་དུ་བྱེད་ཀྱི། ཉེ་བར་བཏགས་པ་མ་ཡིན་པའི་འཇིག་རྟེན་པ་ཟག་པ་དང་བཅས་པ་རང་ཉིད ་རྟོགས་པ་ལ་བལྟོས་པ་ནི་མ་ཡིན་ཞེས་པའི་དོན་ཏོ།། དེ་ལ་མོས་པའི་དབང་དུ་བྱས་ནས་བསྟན་བཅོས་ལས། མོས་པ་རྣམ་གསུམ་ཤེས་བྱ་སྟེ།། རང་གི་དོན་དང་རང་གཞན་དོན།། གཞན་གྱི་དོན་ནི་དེ་དག་ནི།། སོ་སོར་རྣམ ་བ་གསུམ་དུ་འདོད།། ཆུང་དང་འབྲིང་དང་ཆེན་པོ་ལྔ།། ཆུང་ངུའི་ཆུང་སོགས་དབྱེ་བ་ཡིས།། དེ་ཡང་རྣམ་གསུམ་དེ་ལྟ་བུར།། རྣམ་པ་ཉི་ཤུ་བདུན་དུ་འདོད་ཅེས་ཏེ། གོ་རིམ་བཞིན་དུ་རང་ཉིད་དང་།། རང་གཞན་དག་དང་གཞན་ཉིད་དེ། ་དོན་གཙོ་བོར་སེམས་པ་གང་གིས་དེ་ལྟར་ཏེ། འདི་དག་ནི་རང་གྲི་དོན་ལ་སོགས་པའི་ཡང་ཆུང་ངུ་ལ་སོགས་པ་རྣམས་ལ་སོ་སོར་ཆུང་ངུ་ལ་སོགས་པར་བྱ་བ་སྟེ། ཇི་ལྟར་རང་བཞིན་གི་དོན་གྱི་མོས་པའི་ཆུང་ངུའི་ཆུང་ངུ་དང་། ཆུང་ངུའི ་འབྲིང་དང་། ཆུང་ངུའི་ཆེན་པོ་དང་། འབྲིང་གི་ཆུང་ངུ་དང་། འབྲིང་གི་འབྲིང་དང་། འབྲིང་གི་ཆེན་པོ་དང་། ཆེན་པོའི་ཆུང་ངུ་དང་། ཆེན་པོའི་འབྲིང་དང་། ཆེན་པོའི་ཆེན་པོ་སྟེ། དགུ་ནི་དྲོད་ལའོ།། དེ་བཞིན་དུ་རང་གཞན་དོན་གྱི་དགུ་ནི ་རྩེ་མོ་ལའོ།། གཞན་གྱི་དོན་གྱི་དགུ་ནི་བཟོད་པའི་ཞེས་པ་སྟེ། མོས་པ་དང་། དད་པ་དང་། འདུན་པ་དང་། ཡིད་ཆེས་པ་དང་། མངོན་པར་འདོད་པའི་མཚན་ཉིད་རྣམས་ཀྱི་སོ།། གང་ལ་མོས་ན་མདོ་དང་མདོའི་དོན་གྱི་ངོ་བོའི་བཅོམ ་ལྡན་འདས་མ་ལས་ཏེ། དེ་ལ་དང་པོ་ནི་དེ་སྐད་ཅེས་བཀའ་སྩལ་པ་དང་། བརྒྱ་བྱིན་ཞེས་པ་ལ་སོགས་པ་སྟེ། བྲིས་པ་ནི་རང་ཉིད་ཀྱིས་ལ། གླེགས་བམ་དུ་ཆུད་པར་བྱས་པ་ནི་གཞན་གྱིས་སོ།། ལྷའི་ཞེས་པ་ནི་ཁྱད་པར་དུ ་འཕགས་པ་རྣམས་ཀྱིས་སོ།། མེ་ཏོག་ནི་སིལ་མའོ།། ཕྲེང་བ་ནི་བརྒྱུས་པ་ལས་བྱུང་བའོ།། བྱུག་པ་ནི་མཉམ་དུ་སྦྱོར་བའོ།། ཕྱེ་མ་ནི་གཞན་ཨ་ཀ་རུ་དང་། ཙི་ནེ་དན་ལ་སོགས་པ་རྣམས་ཀྱིས་སོ།། ཆོས་གོས་ནི་གོས་ལ། མཆོད། ་པ་རྣམས་ཀྱིས་ནི་ཞལ་ཟས་ལ་སོགས་པ་རྣམས་ཀྱིས་སོ།། རྣམ་པ་མང་པོ་རྣམས་ཀྱིས་ནི་བཟའ་བཅའ་དང་། བདུག་པ་ལ་སོགས་པའི་བྱེ་བྲག་གི་མཆོད་པ་རྣམས་ཀྱིས་ནི་བཀུར་སྟི་བྱེད་པ་དང་འབྲེལ་ཏེ། མཆོད་པར ་བྱེད་ཅེས་པའི་དོན་ཏོ།། བླ་མར་བྱེད་པ་ནི་གུས་པས་ཡིས་སོ།། རིམ་གྲོར་བྱེད་པ་ནི་དད་པར་བྱེད་པ་ལ། མཆོད་པར་བྱེད་པ་ནི་ཕྱག་དང་། ཐལ་མོ་སྦྱོར་བ་དང་བསྟོད་པ་ལ་སོགས་པ་རྣམས་ཀྱིས་སོ།། རྗེད་པར་བྱེད་པ་ནི་གཡས་ཀྱིས་བསྐོར ་བ་རྣམས་ཀྱིས་སོ།། གསོལ་བར་བྱེད་པ་ནི་སྙིང་པོ་ལ་སོགས་པ་བོར་བ་རྣམས་ཀྱིས་སོ།། སྐུ་གདུང་བ་ནི་གདུང་སྟེ་མཆོད་རྟེན་རྣམས་སུ་གཞག་པར་བྱེད་པའོ།། ཡོངས་སུ་འཛིན་པར་བྱེད་པ་ནི་ཟ་མ་ཏོག་ལ་སོགས་པར་བྱས་ནས་སོ།། འཆང ་བར་བྱེད་པ་ནི་ཟ་མ་ཏོག་ལ་སོགས་པ་ཁྱེར་བ་སྟེ། མཆོད་རྟེན་གྱི་ཟ་མེ་ཏོག་ལ་སོགས་པ་དེ་རྣམས་ནི་ཐམས་ཅད་མཁྱེན་པའི་བདག་ཉིད་ཀྱིས་ལུས་སོ།། གང་ཐམས་ཅད་མཁྱེན་པོ་ཉིད་ཅེ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་ཀྱི་ཐམས་ཅད་མཁྱེན་པ་ཉིད་དོ།། མངོན་པར་རྫོགས་པའི་དོན་གསུངས་པ་ནི་མངོན་པར་རྫོགས་པར་སངས་རྒྱསོ་ཞེས་པ་འདིའི་ཡང་དོན་གསུངས་པ་ནི་སོ་སོར་ཐོབ་ཅེས་པའོ།། འདིར་ནི་འདི་ཉིད་དུའོ།། བདག་གི་དངོས་པོ ་འདིར་བདག་ཏུ་བཏགས་པོ་ལ། ལུས་ནི་གཟུགས་ཀྱི་སྐུའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ལ་མཁས་པ་ནི་དེ་དག་གི་ངེས་པར་འཐུང་བར་འགྱུར་བས་སོ།། འཇིག་རྟེན་ལ་ཞེས་པ་ནི་ཡིད་ཆེས་པའི་རབ་ཏུ་བསྒོམ ་པས་སོ།། འདིར་བཅོམ་ལྡན་འདས་མ་མཆོད་པ་དང་། དེ་བཞིན་གཤེགས་པའི་སྐུ་གདུང་ལ་མཆོད་པས་ཤེས་པ་ནི་རང་གི་མོས་པ་ཆུང་ངུའི་ཆུང་ངུའོ།། དེ་སྐད་ཅེས་བཀའ་སྩལ་དང་། བརྒྱ་བྱིན་ཞེས་པ་ལ་སོགས་པ་སྟེ། རབ་ཏུ་སྟོན་པར ་འགྱུར་ཞེས་པ་ནི་བསྟན་པ་ལ། གསུམ་པོས་ནི་བཤད་པ་སྟེ། སྟོན་པར་འགྱུར་ཞེས་པའི་དོན་ཏོ།། སྟོན་པར་འགྱུར་བ་ནི་གདམས་པར་འགྱུར་བ་ལ། ཉེ་བར་བསྟན་པར་འགྱུར་བ་ནི་གཞུང་ངོ་།། ཁ་ཏོན་བྱེད་པར་འགྱུར་ཞེས་པ ་ནི་ཁ་ཏོན་ཤིན་ཏུ་གོམས་པར་རོ།། དོན་ཆེན་པོ་ནི་འབྲས་བུ་ཆེན་པོའོ།། ཤེས་པར་མ་གྱུར་པ་ནི་སྒྲ་ཐོས་པར་མ་གྱུར་པའོ།། རིགས་པར་མ་གྱུར་པ་ནི་གླེགས་བམ་ཐོབ་པར་མ་གྱུར་ཞེས་པའོ།། ཕན་ཡོན་ཆེན་པོ་ནི་མོས་པར་སྤྱོད་པ ་ལའོ།། འབྲས་བུ་ཆེན་པོ་ནི་རབ་ཏུ་དགའ་བ་ལ་སོགས་པ་ལའོ།། རྣམ་པར་སྨིན་པ་ཆེན་པོ་ནི་སངས་རྒྱས་ཀྱི་ས་ལའོ།། རིག་པར་མ་གྱུར་པ་ནི་རིག་པར་བྱེད་པས་རིག་པ་སྟེ། དོན་ཤེས་པར་མ་གྱུར་ཞེས་པའི་དོན་ཏོ།། མ་རིག་ཅེས་པ ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་བདེན་པར་ཤེས་པ་ཉིད་ཀྱི་སེམས་ཀྱི་ནང་དུ་སོན་པའི་ཆོས་ཉིད་ལ་མ་དད་པའོ།། གང་གིས་སེམས་ཤིན་ཏུ་རྙོག་པ་མེད་པར་བྱེད་པའི་རྒྱུན་དེ་ལ་ཞུགས་པ་དེ་ཉིད་ཀྱི་འབྲས་བུའོ།། བདག་ཉིད ་གཅིག་པུའི་སོན་སོའི་བྱང་ཆུབ་ནི་རང་བྱང་ཆུབ་བོ།། ཉེ་བར་འཕེལ་བར་བྱེད་ཅེས་པ་ནི་ཉེ་བར་འཚེ་བ་ནི་མི་མཐུན་ཕྱོགས་ལ། ཉེ་བའི་སྒྲས་ནི་ཉེ་བར་མཚོན་པ་མ་ཡིན་ཏེ། རབ་ཏུ་སྦྱིན་པ་ལ་སོགས་པ་བཞིན་ནོ།། ཕྱིར་མི་ལྡོག་པ ་རྣམས་ལ་ཕན་པས་ན་ཕྱིར་མི་ལྡོག་པའོ།། འབྱུང་བར་དཀའ་བ་ནི་རྙེད་པར་དཀའ་བའོ།། བརྩོན་འགྲུས་ནི་དགེ་བའི་ལས་ལ་སྤྲོ་བའོ།། ངན་པའི་ལས་ལ་ཞེན་པ་ནི་ལེ་ལོ་ལ། སེམས་པ་ནི་བསྟན་པའོ།། སེམས་ནི་ཏིང ་དེ་འཛིན་ཏོ།། འདུ་ཤེས་ནི་དྲན་པ་ལ་མོས་པ་ནི་དད་པའོ།། དེ་ཁོ་ན་ཉིད་རབ་ཏུ་རྣམ་པར་འབྱེད་པ་ནི་ཤེས་རབ་པོ།། འབྱུང་བར་དཀའ་བ་ཉིད་དུ་ཤེས་པའི་འཐོད་པ་དང་བཅས་པའི་སྤྱོད་པ་ལྷག་མ་ཅན་ལ་བསོད་ནམས་ལྷག་པར་ཤེས་པར ་བྱའོ་ཞེས་པ་ནི་ཆུང་ངུའི་འབྲིང་ངོ་།། དེ་ལྟ་བས་ན། ཞེས་པ་ལ་སོགས་པ་སྟེ། མྱུར་དུ་ནི་མཉན་པ་ལ་སོགས་པའོ།། ཡོངས་སུ་འདྲི་བ་ནི་ཐེ་ཚོམ་གཅོད་པའི་ཕྱིར་རོ།། འདིར་གཞུག་པར་བྱ་བ་ནི་དེ་དག་གི་འཐད་པ་དང་བཅས་པའི་ཤེས ་པས་ན་ནང་དུ་སྤྱོད་པས་ན་ནང་དུ་སྤྱོད་པ་ལྷག་པ་ལ་བསོད་ནས་ལྷག་པར་ཤེས་པར་བྱ། ཞེས་པ་ནི་ཆུང་ངུའི་ཆེན་པོའོ།། དེ་ལྟ་བས་ན་ཞེས་པ་ལ་སོགས་པ་སྟེ། གསེར་དང་དངུལ་དང་བཻ་ཌཱུརྱ་དང་སྤུག་དང་། རྡོའི་སྙིང་པོ་དང་མུ་ཏིག ་དམར་པོ་དང་། ཀ་ར་ཀེ་ཏ་ན་སྟེ་རིན་པོ་ཆེ་སྣ་བདུན་ནོ།། དེའི་གཞི་ནི་དྲི་ཡི་རྒྱུས་སོ།། བཅོམ་ལྡན་འདས་མ་ལ་དད་པ་དང་མོས་པ་དང་དང་པ་རྣམས་བསྐྱེད་པ་དང་ལྷགས་པའི་བསམ་པ་དང་ཉན་པ་ལ་སོགས་པ་དང་། དོན་རྣམ་པར་འབྱེད་པ ་དང་ཡིད་ཀྱིས་རྗེས་སུ་རྟོག་པ་དང་སྤྱོད་པས་ཚུལ་ཀུན་ཏུ་བཞག་པའི་དཔྱོ་པ་བླ་ལྷག་པ་ལ་བསོད་ནམས་བླ་ལྷག་པ་ནི་གཞུང་ཇི་ལྟ་བ་བཞིན་ནོ།། ཞེས་པ་ནི་འབྲིང་གི་ཆུང་ངུའོ།། ཞོག་ཅེས་པ་ལ་སོགས་པ་སྟེ། རྫ་རྔ་ཅན་གྱི་འབྲས་བུ ་དང་ལྡན་པའི་ཛམ་བུའི་ཤིང་གིས་མཚོན་པའི་ཕྱིར་ཛམ་བུའི་གླིང་སྟེ། འདི་ལ་བརྩམས་ནས་གླང་དུ་ཕན་ཡོན་བསྟན་པ་སྟེ། སྤྱོད་པ་བླ་ལྷག་པ་མིན་ནོ།། དེ་ལ་གང་དང་གུང་དུ་བཤད་པའི་ཕན་ཡོན་ལ་དད་པ་ལ་སོགས་པས་སྤྱོད་པ་དང ་བླ་ལྷག་པ་དང་བཅས་པ་ཞེས་བྱ་བ་ནི་འབྲིང་གི་འབྲིང་ངོ་།། ཞོག་ཅེས་པ་ལ་སོགས་པ་སྟེ། གླིང་ཆེན་པོ་བཞི་པ་འདིར། ཞེས་པ་ནི་གླིང་ཆེན་པོ་བཞི་ལ་འཇིག་རྟེན་འཛིན་པར་བྱེད་པས་ཁམས། ཞེས་པ་ནི་རང་གི་དོན་གྱི་མོས་པ་འབྲིང ་གི་ཆེན་པོའོ།། ཞོག་ཅེས་པ་ལ་སོགས་པ་སྟེ། གླིང་བཞི་པ་རྣམས་ཀྱིས་ཡོངས་སུ་བསྒྲེས་པ་སྟོང་ཞེས་པ་སྟེ། དེ་དེ་ལྟར་ཡོངས་སུ་བཀང་བ་ཉིད་ཀྱིས་ན་སྤྱི་ཕུད་དང་འདྲ་བས་སྤྱི་ཕུད་ཅེས་པ་ནི་རང་གི་དོན་གྱིས་མོས་པ་ཆེན་པོའི་ཆུང་ངུའོ།། ། ་ཞོག་ཅེས་པ་ལ་སོགས་པ་སྟེ། འདི་སྟོང་གཉིས་སུ་ཡོངས་སུ་བསྒྱུར་བ་ཞེས་པ་ནི་སྟོང་གཉིས་པའི་སྟོང་གི་སྟོང་ཞེས་པའི་དོན་ཏོ།། དེ་ནི་བར་མའི་སྟོང་སྟེ་སྟོང་དང་སྟོང་ཆེན་པོའོ་བར་གྱི་ཕྱིར་རོ།། ཞེས་པ་ནི་རང་གི་དོན་གྱི་མོས་པ་ཆེན་པོའི ་འབྲིང་ངོ་།། ཞེས་ཅེས་པ་ལ་སོགས་པ་སྟེ། འདི་ལྟ་བུའི་སྟོང་ག་ཉིས་པ་རྣམས་ཀྱིས་ཡོངས་སུ་བསྒྲེས་པའི་སྟོང་གསུམ་མོ་ཞེས་པའི་དོན་ཏེ། དེ་ལྟར་དེ་བཞིན་དུ་སྟོང་ཆེན་པོ་ཞེས་པ་ནི་རང་གི་དོན་གྱི་མོས་པ་ཆེན་པོའི་ཆེན་པོའོ།། ་ཞོག་ཅེས་པ་ལ་སོགས་པ་སྟེ། སེམས་ཅན་ཐམས་ཅད་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་འགྱུར་བ་ཞེས་པ་ནི་སྔ་ཕྱི་མེད་པར་ལྷན་ཅིག་ཏུ་ཞེས་པའི་དོན་ཏོ།། ཡོངས་སུ་བརྟགས་པ་ནི་ཡོངས་སུ་བརྟགས་པས་སོ།། ཇི་སྲིད་འཚོའི ་བར་དུ་ནི་མཆོད་རྟེན་ལ་མཆོད་པ་ཐམས་ཅད་ཀྱིས་འདིར་བསྐལ་པ་འམ་བསྐལ་པ་ལས་ལྷག་པས་ནི་བཅོམ་ལྡན་འདས་མ་ལ་མཆོད་པའི་བསོད་ནམས་ཀྱི་ལས་བླ་ལྷག་པར་ཉེ་བར་བསྐྱེད་པའི་ཤེས་པས་སྤྱོད་པ་དང་། ་བླ་ལྷག་ཅེས་པ་ནི་རང་གཞན་དོན་གྱི་མོས་པ་ཆུང་ངུའི་ཆུང་ངུའོ།། ཞོག་ཅེས་པ་ལ་སོགས་པ་སྟེ། འདི་འདྲ་བ་ཉིད་ཅེས་བསམ་པ་ལས་འདས་པས་བསམ་གྱིས་མི་ཁྱབ་པའོ།། འདྲ་བ་མེད་པས་མི་མཉམ་པའོ།། བསོད་ནམས་མངོན་པོར་འདུ ་བྱེད་པའི་བསོད་ནམས་ཀྱི་ལས་ལ་ཆ་ནི་ཆ་ཤས་སོ།། མི་ཕོད་ཅེས་པ་ནི་མི་རུང་མི་ཐོབ་ཅེས་པའི་དོན་ཏོ།། ཆར་ཡང་མི་ཕོད་ཞེས་པ་ནི་སྙམས་ན་ཞེས་པའི་དོན་ཏོ།། ཅི་ལྟོར་བགྲངས་ཀྱང་གྲངས་བླ་ལྷག་པས་མི་མཉམ་པ་སྟེ། སྔོན་གྱི་བསོད་ནམས ་ཀྱིས་ཇི་སྲིད་དུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་ཀྱང་ཕྱི་མའི་བསོད་ནམས་དང་བསྙམས་ན་མི་བཟོད་ལ། ཡང་དུས་ཕྲ་མོར་གྱུར་པས་གྲངས་སུ་བགྲངས་པས་ད་ལྟར་བྱུང་བ་ལ་སོགས་པ་དེ་རྣམས་ཀྱིས་ཇི་ལྟར་ཡང་མི་ཕོད་པའོ།། དེ་ལས་བླ ་ལྷག་པས་ནི་མཉམ་པའི་ཕྱིར་རོ།། སྔོན་གྱི་བསོད་ནས་ཀྱིས་ཇི་སྲིད་དུ་བྱེ་བའི་འགྱུར་གྱིས་ཀྱང་ཕྱེ་མའི་བསོད་ནམས་ལ་བསྡུར་ཡང་མི་བཟོད་པའོ།། ཐ་མི་དད་པའི་དཔེ་མེད་པས་ཟླ་མེད་པའོ།། བགྲངས་པའི་དཔེའི་རྒྱུ་མེད་པས་རྒྱུར་མེད་པ ་སྟེ། དེ་ལ་འདིས་བསྡུར་པོར་མི་བཟོད་པའོ།། དཔེ་དང་རྒྱུར་ཡང་། ཞེས་པ་ནི་དེ་ལྟར་ཤིན་ཏུ་ཡང་མཉམ་པ་མེད་པས་རྒྱུར་ཡང་ཞེས་པ་སྟེ། མཉམ་པའི་དོན་གྱི་གང་ཞིག་དཔེའི་རྒྱུ་དང་ཉེ་བར་འདུག་ནས་དྲུང་ན་གནས་པ་དེ་ཡང་རིགས་པ་མ་ཡིན ་ཞེས་པའི་དོན་ལ། ཀྵེ་མ། ཞེས་པ་ནི་བོད་པ་སྟེ། འཕགས་པ་ཞེས་པའི་དོན་ཏོ།། ཀུན་ཏུ་རྒྱུ་བ་ཞེས་པ་ནི་བསམ་པའོ།། བརྟགས་པ་ནི་དྲན་པས་སོ།། ཁ་ཏོན་དུ་ནི་ཡིད་ཀྱིས་བཟླས་པར་བྱས་པ་འདི་ནི་ཞེས་པ་ལ་སོགས་པ་གསུམ་དུ་རྣམ་པར། ་བཤད་དེ། འདིར་འདི་ལས་ལྷག་པའི་རིག་སྔགས་མེད་པས་གོང་ན་མེད་པའོ།། འདིར་འདི་ལོས་ལྷག་པའི་དགེ་བའི་ཆོས་མེད་པས་བླ་ན་མེད་པའོ།། མཉམ་པའི་རིག་སྔགས་གཞན་མེད་པས་མི་མཉམ་པའོ།། མི་མཉམ་པའི་དེ་བཞིན་གཤེགས ་པ་རྣམས་དང་མཉམ་པའི་ཕྱིར་མི་མཉམ་པ་དང་མཉམ་པའོ།། རབ་ཏུ་ཕྱེ་བར་བགྱི་ཞིང་རབ་ཏུ་གསལ་བར་བགྱིའོ།། བྱང་ཆུབ་ཀྱི་ཡན་ལག་བདུན་དང་ལྡན་པ་ནི་དེའི་རྟེན་ཡིན་པའི་ཕྱིར་ན་དེ་རྣམས་ཀྱིས་ཡོངས་སུ་བཟུང་ནས་གནས་པའོ།། བརྒྱད ་ཁྲི་བ་ནི་སྟོང་ཞེས་པ་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་རྣམས་ཏེ། འདོད་ཆགས་ལ་སོགས་པ་ལ་སྤྱོད་པ་རྣམས་ཀྱི་རེ་རེའི་སྤྱོད་པའི་གཉེན་པོར་ཇི་སྲིད་དུ་གཞུང་གིས་ཡོངས་སུ་རྫོགས་པ་དེ་སྲིད་ནི་ཆོས་ཀྱི་ཕུང་པོ་སྟེ། ཆོས་ཀྱི་ཕུང་པོ ་གཅིག་གོ། སངས་རྒྱས་རྣམས་ཀྱི་ཡེ་ཤེས་ནི་རང་གིས་བྱུང་བས་རང་བྱུང་བའོ།། བསམ་པ་ལས་ཤིན་ཏུ་འདས་པས་བསམ་གྱིས་མི་ཁྱབ་པའོ།། སྔོན་དུ་ཐོས་ནས་ཞེས་པ་ནི་སྔོན་དུ་ཐོས་པ་ལས་བྱུང་བས་སོ།། སྨན་དང་སྐར་མ་ནི་སྨན་དང ་སྐར་མ་ཡང་གསལ་བར་བྱེད་པར་འགྱུར་རོ།། ཆོས་ནི་མྱ་ངན་ལས་འདས་པ་སྟེ། ཆོས་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་ཕྱིར་རོ།། དེ་ཉིད་ཀྱི་མཉམ་པ་ནི་ཉོན་མོངས་པའི་སྡུག་བསྔལ་ཉེ་བར་ཞི་བར་བྱེད་པའི་ཕྱིར་རོ།། དེའི་སྤྱོད་པ ་ནི་དགེ་བ་ལ་ལེགས་པར་སྤྱོད་པའོ།། ཡང་བ་ནི་འཆི་བའི་རྒྱུ་ལ། དེ་མ་སྦྱངས་པ་ནི་སྤང་བ་མ་སྤངས་པའོ།། འདིའི་རྒྱས་པར་བཤད་པ་ནི་ལྷག་མ་སྟེ། ཆད་པས་ཞེས་པ་ནི་ལྡོག་པ་ལ་སོགས་པས་སོ།། ་བརྗོད་པ་ནི་འོངས་པའི་ཚིག་གོ། མངོན་པར་བརྗོད་པ་ནི་གཏམ་གྱི་རྒྱུན་ལ། སོ་སོར་དགའ་མགུ་བ་ནི་གསོ་ལ་སོགས་པ་ཉེ་བར་སྟོབས་པས་སོ།། བྱམས་པའི་སེམས་ཀྱིས་དང་ཕན་པའི་སེམས་ཀྱིས་ཏེ། སྒྱུ་མ་ལ་སོགས་པ་ནི་མ་ཡིན་པའོ།། ། ་སྙིང་རྗེ་ནི་འབྲས་བུ་ལ་སྟེ། འདིར་སྙིང་རྗེ་བ་དེས་སོ་སོར་གདོང་ནས་སྡུག་བསྔལ་གསལ་བར་སེམས་པས་སོ།། གདུག་པ་ནི་རི་དགས་གཏུམ་པོའོ།། སྡིག་སྦྲུལ་ནི་སྦྲུལ་ལོ།། མ་གཏོགས་ཞེས་པ་ནི་འི་འཇུག་པ་ལས་ཕྱི་རོལ་ཏུ་བྱས་པའོ། ་ཀུན་ཏུ་བརྟགས་པ་ནི་ཡིད་ལ་བྱས་ནས་སོ།། ཀླན་ཀ་འཆོལ་བའི་བསམ་པ་ནི་སྡང་བ་དང་བཅས་པའི་སེམས་ཀྱིས་སོ།། མིག་གིས་མི་རྩོལ་བ་ནི་ཡིད་ཀྱིས་སོ།། དཔུང་གི་ཚོ་གས་ནི་དཔུང་གི་ཚོགས་ལ། དེ་ནི་ཡན་ལག་བཞི་སྟེ། གླང་པོ ་དང་། རྟ་དང་། བདག་པོའི་ཤིང་རྟ་དང་། བཀོད་པ་འདུས་པའོ།། སླར་ལོག་པ་ནི་མ་ཞུགས་པའོ།། བར་སྣང་ཞེས་པ་ནི་ན་མཁའ་ནས་ནཱ་མཁར་སོཙཱ་པ་རྣམས་ཀྱིས་སོ།། ཡུན་རིང་མེ་ནི་ཡུན་རྙིང་མོ་ནུས་སོ།། ཚད་དུ་བརྗོད་པ་ནི་ཡུང་ཡང ་བརྗོད་པའོ།། དོན་ནི་ཉུང་ངོ་།། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་དེ་ལྟར་དངོས་པོ་མེད་པ་ཉིད་འིའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱི་རྒྱ་མཚོ་ཆེན་པོ་ཞེས་པ་ནི་ཆུང་ངུའི་འབྲིང་པོའོ།། དེ་ནས་ཡང་ཞེས་པ་ལ་སོགས་པ་སྟེ། ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་འདྲེན་པ་པོ་ཉིད་ལ་སོགས་པར་ཤེས་པར་འཐད་པ་དང་བཅས་པའི་སྤྱོད་པ་བླ་ལྷག་པར་ཤེས་པར་བྱེད་པའོ།། བསྔགས་པ་ནི་བསྟོད་པ་འམ་ཡོན་ཏན་ནོ།། སྔོན་དུ་འགྲོ་བ་ནི་མདུན་དུ་འགྲོ་བའོ།། འདྲེན་པ་ནི་སྡུད ་པ་པོ་ལ། ཡོངསུ་འདྲེན་པ་ནི་ཀུན་ཏུ་འཕེལ་བར་བྱེད་པའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རང་ཉིད་ཀྱིས་མཆོག་ཡིན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་སྟེ། ཅིག་ཤོས་ཏེ་དེ་རྣམས་ཉིད་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྤྲོ་བར་བྱེད ་ཀྱིས་སོ་ཞེས་པ་ནི་ཆུང་ངུའི་ཆེན་པོའོ།། དེ་ནས་ཞེས་པ་ལ་སོགས་པ་སྟེ། གླེགས་བམ་དུ་ཆུད་པ་ནི་དམ་པའི་ཆོས་ཡུན་རིང་དུ་གནས་པའི་ཕྱིར་མཆོད་པའི་ཕན་ཡོན་ཞེས་པས་འདིར་སྤྱོད་པ་བླ་ལྷག་པ་ཞེས་པ་ནི་འབྲིང་དང་ཆུང་ངུའོ།། དེ་སྐད ་ཅེས་བཀའ་སྩལ་པ་ཞེས་པ་ལ་སོགས་པ་ནི་སྤྱོད་པ་བླ་ལྷག་པ་སྟེ། མདོ་ཇི་ལྟ་བ་བཞིན་ཏེ་འབྲིང་གི་འབྲིང་ངོ་།། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། སྣག་གི་གཉེན་མཚམས་ནི་མངལ་གཅིག་ནས་སྐྱེས་པའོ།། ཕན་ཚུན་རྗེས་སུ་སྦྱོར་བ་ནི ་འདྲི་བ་སྟེ། འབྲིང་གི་ཆེན་པོའོ།། གང་སུ་ཞེས་པ་ལ་སོགས་པ་སྟེ། ལྷ་ཐམས་ཅད་ཉེ་བར་འོངས་པ་ནི་དད་པས་སོ།། དེ་རྣམས་ལ་ཆོས་ཀྱི་དབྱིངས་ཀྱི་སྦྱིན་པ་སྦྱིན་པའི་སྤྱོད་པ་བླ་ལྷག་པ་ཞེས་པ་ནི་ཆེན་པོའི་ཆུང་ངུའོ།། དེ་སྐད་ཅེས་བཀའ་སྩལ་པ ་ཞེས་པ་ལ་སོགས་པ་སྟེ། ལྷ་ལ་ཐམས་ཅད་སོགས་པ་གང་ཞིག་འོངས་ནས་མཆོད་པར་ཤེས་པས་རབ་ཏུ་གཟེངས་བསྟོད་པར་འགྱུར་ཞེས་ད་པའི་མཐུ་ལ་དད་པ་བླ་ལྷག་པ་དང་སྤྱོད་པའི་ལྷག་པའོ།། ཀུན་ཏུ་ཤེས་ཏེ་ནི་ཀུན་ཏུ་མཚོན་པའོ།། ་མཐར་ཐུག་པ་ནི་ངེས་པའོ།། འགྲོ་བར་བྱ་བྱ་ནི་བྱ་བ་ལའོ།། མི་མ་ཡིན་པའི་དྲི་ཞེས་པ་ནི་མིའི་ལུས་ནཱི་མི་ལ། དེ་ལྟ་མ་ཡིན་པ་ནི་མི་མ་ཡིན་ནོ།། མི་གཙང་བ་མེད་པ་ནི་གཙང་སྒྲ་ལ་མེ་ཏོག་ལ་སོགས་པ་དང་ལྡན ་པས་གཙང་མའོ།། བྱོལ་བ་ནི་འཕྱོས་ནས་སོ།། ངལ་བ་ནི་གནོད་པོའོ།། རྒྱ་ཆེན་པོ་ནི་ཆེན་པོ་ལ། སོ་སོར་མྱོང་བར་འགྱུར་བ་ནི་རྟོགས་པར་འགྱུར་བས་སོ།། བརྐམ་པ་ནི་འདོད་པ་ལ། འདུ་ཤེས་ནི་དྲན་པའི་ཞེས་པ་ནི་ཆེན་པོའི་འབྲིང་ངོ་།། ། ་ཀོ་ཤི་ཀ་གཞན་ཡང་ཞེས་པ་ལ་སོགས་པ་ནས་ལེའུ་ཡོངས་སུ་རྫོགས་པའི་བར་ནི་ཆེན་པོའི་ཆེན་པོའོ།། གཞལ་དུ་མེད་པའི་ཡོན་ཏན་ན་གླེགསྣ་བུམ་གླང་གིས་བཅངས་ནས་གཟུང་བ་ལ་སོགས་པས་འཛིན་པ་ནི་དེ་སྐད་ཅེས་བརྗོད་ལ། དེ་ཡང་ཕ ་རོལ་ཏུ་ཕྱིན་པ་དང་། མཆོད་རྟེན་ཅེས་པ་གཉིས་ཏེ། དེ་དག་ལ་བསྙེན་བཀུར་ནི་མེ་ཏོག་ལ་སོགས་པའི་མཆོ་པ་སྟེ། དེ་བརྗོད་པ་ཅན་གྱི་ལེའུའོ།། །། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང ་པའི་འགྲེལ་པ་གནད་ཀྱི་ཟླ་བའི་འོད་ཅེས་བྱ་བ། པཎྜི་ཏ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ་ལས་ལེའུ་གསུམ་པའོ།། །། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དང་ཆོས ་ཀྱི་སྐུ་ཉིད་རོ་གཅིག་པའི་ཕྱིར་ན་ཤིན་ཏུ་མཆོད་པར་བྱའི། གཟུགས་ཀྱི་སྐུ་ལ་ནི་མ་ཡིན་ཏེ། འཇིག་ཚོགས་ཡིན་པའི་ཕྱིར་ཞེས་པ་འདིའི་དོན་ལ་གང་ཞིག་དད་པ་དང་དང་བའི་སྟོབས་ལ་བརྟེན་ནས་ཀྱང་ཆོད་བླ་ལྷག་པ་སྟེ། དེ་ནི་འདིར་སྤྱོད ་པཟླ་ལྷག་པའོ།། དེ་བཞིན་གཤེགས་པ་རྣམས་ཀྱི་སྒྲ་ནཱི་གང་དྷ་སྟེ། དེ་རྣམས་ཀྱིས་བཀང་ནས་འདམ་པར་བྱེད་པ་ནི་གཅིག་ཁྱེར་ཅིག་ཅེས་བརྗོད་པར་བྱེད་ནའོ།། རི་མོར་བགྱི་བ་ནི་ཤིན་ཏུ་ཡང་གུས་པ་སྟེ། དེ་དག་ལས་བླ་མར་གྱུར་པ་ནི ་བཅོམ་ལྡན་འདས་མའོ།། འདི་ནི་ཞེས་པ་ནི་བྲིས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལའོ།། ཡང་དག་པ་ནི་འདིར་དེ་ཁོ་ན་ཉིད་དེ་ཆོས་རྣམས་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་ལ། དོན་དུ་གཉེར་བར་བྱ་བས་དོན་ཏེ། ཡང་དག་པའི་དོན་ཏོ།། ་དོན་དམ་པ་ནི་ཆོས་ཀྱི་སྐུ་ལ། དེའི་རྗོད་པར་བྱེད་པ་དེས་དེ་ལྟར་སྦྱོར་ནས་དོན་དུ་གཉེར་བ་པོ་ལ་གཙོ་བོའི་སྐུ་མངོན་པར་བརྗོད་པས་ཉེ་བར་བཏགས་པ་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུའོ།། དེ་ཞེས་པ་ནི་གང་དུ་ཡང་དག་པའི་དོན་གྱི་ངོ་བོ ་སྐུ་སྟེ། ཡུམ་ཆེན་མོར་གསུངས་པ་དེ་འདོར་བཤད་དེ། ཆོས་ནི་ངོ་བོ་ཉིད་མེང་པ་ཉིད་ཀྱི་དོན་དམ་པ། སྐུ་ནི་གང་དག་ལ་དེའོ།། འོ་ན་འདི་ལྟར་སྐུ་གཞན་ལ་ཡོད་པ་མ་ཡིན་ནམ་ཞེ་ན། གསུངས་པ་ནི་མིན་ཅེས་པ་སྟེ། མཚན་དང་དཔེ་བྱད་ཀྱི ་འབོར་བའི་སྒྲ་སྤྱོད་ན་འདི་ནི་རང་བཞིན་གྱིས་རྟག་པར་ཡོད་པར་བྱེད་པའི་དོན་དམ་པ་པའི་སྐུ་སྙམ་དུ་མ་སེམས་ཤིག། ལོངས་སྤྱོད་རྫོགས་པ་དང་སྦྲུལ་པའི་སྐུ་དག་ནི་ཀུན་རྫོབ་པའི་ཕྱིརརོ།། ཡང་ན་དམིགས་པར་བྱེད་པ་ཡོད་པ་དེ་ཡང་འདིར ་རབ་ཏུ་གཡོ་བའི་ཆུའི་ནང་གི་ཟླ་བ་བཞིན་ཏེ། སྐད་ཅིག་རེ་རེས་འཇིག་པ་ཅན་གྱི་སྐུ་ཞེས་པས་འཇིག་ཚོགས་པ་སྟེ། གཟུགས་ཀྱི་སྐུ་དེ་ལ་དོན་དམ་པའི་སྐུ་དེ་ལ་དོན་དམ་པའི་སྐུར་མ་སེམས་ཤིག་པའོ།། ཆོས་ཀྱི་སྐུས་ཡོངས་སུ་རྫོགས ་བ་ནི་བག་ཆགས་དང་བཅས་པའི་སྒྲིབ་པ་རབ་ཏུ་སྤངས་ནས་རྟོགས་པ་རྫོགས་པ་སྟེ། དེའི་ཡང་དག་པའི་དོན་ཉིད་ཀྱི་ཕྱིན་ཅི་མ་ལོག་པར་ཡོངས་སུ་རྫོགས་པ་རྟོགས་པ་ལ་ཆོས་ཀྱི་སྐུ་ཞེས་བརྗོད་ལ། དེ་ཁོ་ན་དོན་དམ་པའི་སངས། ་རྒྱས་སོ།། བལྟོས་ཞེས་པ་ནི་མཐོང་བ་མེད་པའི་སྦྱོར་བ་སྟེ། དེ་ལྟར་ཡང་སུམ་བརྒྱ་པ་ལས། ཆོས་ཉིད་དུ་ཡང་འདི་ཤེས་ན། དེ་ནི་ཤེས་པར་མི་ནུས་སོ།། ཞེས་གསུངས་ཏེ། ཆོས་ཉིད་ཤེས་པར་མི་ནུས་ཞེས་པ་ནི་འདིར་དོན་དམ་པ་ཆོས་ཐམས་ཅད་མ ་མཐོང་བ་ཉིད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་མཐོང་ཞེས་པ་ལ་དགོངས་པ་སྟེ། འདིར་གསུངས་པ་ནི། འདི་ཞེས་པ་ནི་ཆོས་ཀྱི་སྐུ་སྟེ། ཡང་དག་པའི་མཐའ་དེ་བཞིན་ཉིད་ཀྱི་མཆོག་སྟེ། དེས་རྒྱུའི་གནས་སྐབས་རྣམས་སུ་ལེགས་པར་བསྒོམས ་པས་རྟོག་ནས་རབ་ཏུ་ཕྱེ་བ་སྟེ། ཀུན་ཏུ་སྐྱེས་ནས་དེ་ལྟར་རབ་ཏུ་ཕྱེ་བའོ།། དེའི་བདག་པོ་ཉིད་ཀྱིས་གཟུགས་ཀྱི་སྐུ་ཡོངས་སུ་དག་པ་འབར་བ་དག་བསྐྱེད་པའོ།། དེ་ཉིད་ཆོས་ཀྱི་སྐུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་དམ་པ་སྟེ། དེ་རྟོགས་པ་དེའི་རང་བཞིན ་ཡིན་པའི་ཕྱིར་དང་། ཡུལ་ཡིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཀུན་རྫོབ་ཀྱི་ངོ་བོ་ལ་འོན་ཀྱང་ཀུན་རྫོབ་ཀྱི་ངོ་བོ་ཉིད་ཀྱང་དོན་དམ་པ་ངེས་པ་ཉིད་ཀྱིས་ན་གཟུགས་ཀྱི་སྐུ་གཉིས་པོ་དང་ངོ་བོ་ཉིད་མཆོག་ཏུ་ཤིན་ཏུ་མཆོག་ཉིད་ཀྱིས་བྱང་ཆུབ་ཀྱི ་ཕྱོགས་ལ་སོགས་པའི་ཆོས་ཀྱི་ཕུང་པོ་ཡང་ཀུན་རྫོབ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་ཅན་ནོ།། དེའི་ཕྱིར་ན་དེ་ནི་ཆོས་སྐུས་ཀུན་ཏུ་བསྡུས་ཞེས་བཤད་དོ།། དེ་ལྟ་བུའི་དེ་ཁོ་ན་ཉིད་དང་། དེ་ཁོ་ན་ཉིད་རྟོགས་པའི་བརྗོད་པ་པོ་ཉིད་ཀྱི ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྲིས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་ཡང་གུས་པའི་ཡུལ་ཡིན་ཞེས་བརྒྱ་བྱིན་གྱིས་བསྟན་ཤེས་པ་ནི་གཞན་གྱི་དོན་གྱི་མེབ་ཆུང་ངུའི་ཆུང་ངུའོ།། འོན་ཀྱང་ཞེས་པ་ལ་སོགས་པ་སྟེ། འོན་ཀྱང་གི་སྒྲ་ནི་ཁྱད་པར་གྱི། ་དོན་ཏེ། གང་ཡང་དེ་རྣམས་ལ་ཡང་གུས་ཏེ། དེ་ལྟ་ན་ཡང་ཞེས་པོའི་དོན་ཏོ།། ཆོས་སྟོན་པའི་གཞི་ཡིན་པའི་ཕྱིར་ཆོས་བཟང་ལྷའི་མདུན་ས་ཡིན་པའི་ཕྱིར་ལྷའི་མདུན་ས་སྟེ། ཤིན་ཏུ་ཡངས་པ་ལྷའི་གྲོང་ཁྱེར་བལྟ་ན་སྡུག་པའི་བདེན་བྲལ་གྱིས་ཕྱོགས་སུའོ།། ་འདྲོད་ཅེས་པས་ན་དབང་པོ་སྟེ། སྐྱེས་བུ་ཆེན་པོ་དེ་ཡིས་ཀུན་ཏུ་བསྒྲགས་པ་ལ་བལྟ་བར་འདོད་པའོ།། ཤིན་ཏུ་དབང་ཆེ་བར་གྲགས་པས་འདིར་དབང་ཆེ་བར་གྲགས་པ་སྟེ། བསམ་པ་ཆེན་པོའི་ཞེས་པའི་དོན་ཏེ། དེ་ཡང་འདིར་ཡང་དག་པར་རྫོགས ་པའི་སངས་རྒྱས་ཏེ། དེའི་ཡེ་ཤོས་ཀྱི་སྐུའི་རྒྱུའི་ངོ་བོ་དང་རྐྱེན་གྱི་ངོ་བོ་སྟེ། འདི་ལ་གསུངས་པ་ནི། དེ་བཞིན་གཤེགས་པ་ནི་ཤེས་པ་ལ་སོགས་པ་སྟེ། དེ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་བརྒྱ་བྱིན་ལ་དེ་བཞིན་གཤེགས་པའི་གདུང་ནི ་འདིར་རྒྱུ་དང་རྐྱེན་དུ་གྱུར་པ་མ་ཡིན་ཏེ། བརྒྱ་བྱིན་གྱིས་སྟན་བཞིན་ཏེ། སྔོན་དུ་ཆོས་ཀྱི་སྐུའི་རྟེན་དུ་གྱུར་པས་གཟུགས་ཀྱི་སྐུ་ལ་ཡང་སྐུ་ཉིད་དུ་བཤད་དོ།། འདིར་དབང་ཆེ་བར་གྲགས་པའི་ཡེ་ཤེས་ཀྱི་སྐུའི་གདན་ལྟ་བུའོ།། ཞེས་པའི ་དོན་འདི་ལ་གང་ཞིག་དད་པ་དང་དང་བླ་ལྷག་པར་སྤྱོད་ཅེས་པ་ནི་ཆུང་ངུའི་འབྲིང་ངོ་།། ཞོག་ཅེས་པ་ལ་སོགས་པ་སྟེ། འདིར་བཅོམ་ལྡན་འདས་མར་བཤད་པའི་བདག་ཉིད་ཆེན་པོ་ལ་གང་ཞིག་དད་པ་དང་དང་བ་དང་བཅས་པ་ཉིད་ཀྱིས་བླ་ལྷག ་པར་སྤྱོད་ཅེས་པ་ནི་ཆུང་ངུའི་ཆེན་པོའོ།། འོན་ཀྱང་ཞེས་པ་ལ་སོགས་པ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་དེ་བཞིན་གཤེགས་པ་མ་ཆོད་པར་བྱ་བ་ཉིད་ལ། སྐྱེད་པ་པོ་དེ་བས་ན་གདུང་བས་དེ་མཆོད་པ་ལ་སྨོས ་ཀྱང་ཅི་དགོས་ཞེས་པ་འདིར་དད་པ་ལ་སོགས་པ་བླ་ལྷག་པར་སྤྱོད་པའོ་ཞེས་པ་ནི་འབྲིང་གི་ཆུང་ངུའོ།། འོན་ཀྱང་ཞེས་པ་ལ་སོགས་པ་དང་། གཟུང་བར་མི་འགྱུར་ཞེས་པ་ནི་གོ་རིམ་ཇི་ལྟ་བ་བཞིན་དུ་དམན་པར་བྱས་ནས་མི་འབེལ་བར་བྱས་ཤིང་རྩ་བ ་དང་བཅས་པ་བསལ་བར་བྱ་ཞེས་པའི་དོན་ཏོ།། ཇི་ལྟར་ཕྱུང་ཡང་ནོར་བུ་རིན་པོ་ཆེ་དེ་ཟ་མ་ཏོག་དེ་ལ་སྙིང་དུ་སྡུག་པར་འགྱུར་རོ།། དེ་བཞིན་དུ་སངས་རྒྱས་ཀྱི་དེ་སྙེད་ཀྱི་ཡོན་ཏན་རྣམས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་ཀྱང་བཅོམ་ལྡན་འདས་ཀྱི་རིང ་བསྲེལ་མཆོད་པར་བྱ་བར་འགྱུར་ཞེས་པའི་དོན་འདི་ལ་བླ་ལྷག་པར་སྤྱོད་ཅེས་པ་ནི་འབྲིང་གི་འབྲིང་ངོ་།། ཅི་ལྟར་བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་སྟེ། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སྐྱེས་པའི་ཕྱིར་བསྟན་པའི་ཆོས་གཞན་རྣམས། ་ཀྱིས་ཀྱང་སྟོན་པར་བྱེད་པས་ན་མཆོད་པའི་འོས་སུ་འགྱུར་བ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སྐྱེས་པའི་ཕྱིར་དེའི་ན་ཐུས་རིང་བསྲེལ་ཡང་མཆོད་པའི་འོས་སུ་འགྱུར་ཞེས་པོ་འདོད་པ་ལ་སོགས་པ་ཅོན་གྱིས་སྦྱོང་། བླ་ལྷག་པའི་འབྲིང ་གི་ཆེན་པོའོ།། འོན་ཀྱང་ཞེས་པ་ལ་སོགས་པ་སྟེ། བཅོམ་ལྡན་འདས་ལ་མཆོད་པས་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་མཆོད་པར་འགྱུར་ཞེས་པའི་དད་པ་ལ་སོགས་པ་ཅན་གྱིས་སྤྱོད་པ་བླ་ལྷག་པ་སྤྱོད་ཅེས་པ་ནི་ཆེན་པོའི་ཆུང་ངུའོ།། ། ་གཞན་ཡང་ཞེས་པ་ལ་སོགས་པ་སྟེ། དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་དེ་སྟོན་པར་བྱེད་པའི་བཅོམ་ལྡན་འདས་མའི་དོན་འདི་ཉིད་ལ་བླ་ལྷག་པའི་ངང་པས་བླ་ལྷག་པར་སྤྱོད་དེ་ཆོས་ཉིད་ནི་ཆོས་ཀྱི་སྐུ་སྟེ། དེ་ཡང་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པའོ་ཞེས་པ་ལ་སོགས་པའོ།། བཅོམ་ལྡན་འདས་མ་ཆོས་ཀྱི་སྐུ་ཉིད་དུ་གསལ་བར་བྱེད་པ་ལ་ཡང་བརྒྱ་བྱིན་གྱིས་གསོལ་པ་ནི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ཞེས་པ་ལ་སོགས་པ་སྟེ། ཡང་དག་པར་རབ་ཏུ་ཤེས་པ་དང་། སྤྲོས་པ་མེད་པའི ་ཡེ་ཤེས་ཀྱིས་རིག་པའོ།། ཡང་དག་པར་རབ་ཏུ་མཐོང་བ་ནི་རྣམ་པ་ཐམས་ཅད་ཀྱིས་ཡང་དག་པར་ཀུན་ཏུ་མཐོང་ཞེས་པ་ནི་ཆེན་པོའི་འབྲིང་ངོ་།། དེ་ནས་ཡང་བརྒྱ་བྱིན་ཞེས་པ་ལ་སོགས་པ་སྟེ། ཐེག་པ་ཆེན་པོ་ཐམས་ཅད་ནི་ཕ་རོལ་ཏུ་ཕྱིན་པ་རྣམས ་ཀྱི་རབ་ཏུ་བསྡུས་ལ་བཅོམ་ལྡན་འདས་མ་ནི་དེ་རྣམས་ཀྱི་གཙོ་བོ་དང་སྔོན་དུ་འགྲོ་བའི་ཕྱིར་དང་། ཀུན་ཏུ་སྤྲོས་པའི་ཕྱིར་ཞེས་པ་འདི་ལ་དད་པ་ལ་སོགས་པས་བླ་ལྷོག་པར་སྤྱོད་པ་སྟེ། ཐབས་ཀྱིས་ཞེས་པ་ལ་སོགས་པ་ནི་བསྟན་པ་ལ་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་དང་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པ་རྣམས་ཀྱི་ཞེས་པ་ནི་བཤད་པའོ།། དེ་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་དཔེའི་ཤིང་དེ་རྣམས་ཀྱི་གྲིབ་མ་མཉམ་དུ་རོ་གཅིག་པ་ནི་ཐབས་ལ་མཁས་པས་ཡོངསུ་མ་ཟིན་པ་རྣམས་ཀྱི་དཔེལ། ཡོན་ཏན་དང ་པོ་དང་ལྡན་པའི་ཕན་ཡོན་མང་པོ་ནི་རང་གི་དོན་གྱི་མོས་པ་རྫོགས་པར་བྱེད་པའི་ཕྱིར་ལ། གཞལ་དུ་མེད་པའི་ཡོན་ཏན་དང་ལྡན་པ་ནི་གྲངས་མེད་ཅིང་ཚད་མེད་པ་ནི་ཡུལ་ཏེ། རང་དང་གཞན་གྱི་མོས་པ་ལ་སྦྱོར་བའི་ཕྱིར་རོ།། མུ་མེད་པའི་ཡོན ་ཏན་དང་ལྡན་པ་ནི་མཐའ་ཡས་པའི་སེམས་ཅན་གྱི་ཁམས་སུ་གཞན་གྱི་དོན་གྱི་མོས་པ་འབྱུང་བའི་ཕྱིར་ཅེས་པ་ནི་ཆེན་པོའི་ཆེན་པོའོ།། རང་བཞིན་ཡིན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གང་ཞིག་གི་ཡིན ་ཏན་དེ་རྣམས་ཡོངས་སུ་བསྒྲགས་པ་ལེའུ་བཞི་པའོ།། །། དེ་ལྟར་མོས་པ་ཉི་ཤུ་རྩ་བདུན་སྒོམ་པ་པོའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྲོ་བ་སྐྱེས་པའི་ཕྱིར་སངས་རྒྱས་ལ་སོགས་པ་རྣམས་ཀྱི་གོ་རོ་མ་ཇི་ལྟ་བ་བཞིན་དུ་དེ་ཉིད་ལ ་ཤུ་རྩ་བདུན་གྱི་བསྟོད་པོ་ལ་སོགས་པ་གསུང་བར་མཛད་དེ། བསྟེང་པས་ན་བསྟོད་པའོ།། བཀུར་བས་ན་བཀུར་བ་ལ། བསྔགས་པས་ན་བསྔགས་པ་ཞེས་པའི་དོན་ཏེ། བསྟན་བཅོས་ལས། ཤེས་རབ་ཕ་རོལ་ཕྱིན་པ་ཡི།། མོས་པའི་གནས ་སྐབས་རྣམས་ལ་ནི།། དགུ་ཆེན་གསུམ་གྱིས་བསྟོད་པ་དང་།། བཀུར་བ་དང་ནི་བསྔགས་པར་འདོང་།། ཅེས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གང་ཞིག་མོས་པ་སྔོན་དུ་བཤད་པའི་མོས་པ་གསུམ་དགུར་བྱས་པ་དེའི་ཡོན་ཏན་འབྱུང་བ ་སྙེད་ཀྱི་དབྱེ་བ་རྣམས་ཀྱི་གསུམ་པོ་ལ་དགུར་བྱས་པ་རྣམས་གོ་རིམ་བཞིན་དུ་བསྟོད་པ་དང་བཀུར་བ་དང་སྔགས་པར་འདོད་དེ། དེ་ལ་གསུངས་པ་ནི། དེ་ནས་ཞེས་པ་ལ་སོགས་པ་སྟེ། གང་ཞིག་ལྷག་པར་མོས་པས་འབྲེལ་ཏེ། ཇི་ལྟར་ཚུལ་དང ་མ་བྲལ་པོ་ཞེས་བྱ་བའི་བར་རོ།། མངོན་པར་དོད་པས་ཞེས་པའི་འདིའི་དོན་བཤད་པ་ནི་རབ་ཏུ་རྟོགས་པས་ཞེས་པ་སྟེ། འདི་ཉིད་ཁེ་ན་ལ་དད་པར་བྱ་ཞེས་པའི་དོན་ཏོ།། བསམ་པ་ལ་དེའི་དགེ་བའི་ཆོས་འདིར་བསམ་པས་བསམ་པ་སྟེ། ཆུ་ཡི་ཟ་མ ་པ་ལྟ་བུའོ།། དེ་ཡང་དད་པ་དང་འདུན་པ་དག་སྟེ། ལྷག་པར་ཁྱད་པར་དུ་འཕགས་པའི་བསམ་པའི་ལྷག་པའི་བསམ་པ་དེས་སོ།། ཉན་པར་བྱེད་པ་ནི་དོན་དང་གཞུང་དག་གོ།། གཟུང་བར་བྱེད་པ་ནི་བརྗོད་པར་བྱེད་པའོ།། འཆང་བར་བྱེད་པ་ནི་སེམས་ལ ་གཞག་པ་བྱེད་པ་ལ་ཀློག་པར་བྱེད་པ་ནི་འདོན་པར་བྱེད་པའོ།། ཀུན་ཆུབ་པར་བྱེད་པ་ནི་རྣམས་པ་ཐམས་ཅད་རྟོགས་པར་བྱེད་པ་ལ། རབ་ཏུ་འདོན་པར་བྱེད་པ་ནི་གཞན་རྣམས་ལ་ཀུན་ཏུ་སྤེལ་པར་བྱེད་པའོ།། འདིའི་རྒྱས་པརོ་བཤད་པ་ནི་གཞན ་དག་ལ་སྟོན་པར་བྱེད་པ་ནི་གཞུང་གིས་སྨྲ་བར་བྱེད་པའི་ཕྱིར་ལ། ཉེ་བར་སྟོན་པོ་བྱེད་པ་ནི་དོན་ཏོ།། ལུང་འབོགས་པ་ནི་དོན་སྨྲ་བའོ།། ཁ་ཏོན་དུ་བྱེད་པ་ནི་ཤིན་ཏུ་གོམས་པར་བྱེད་པའི་ཕྱིར་ཡོད་ནས་ཡང་དུ་ཁ་ཏོན་བྱེད་པས་སོ།། ཆ ་བཅས་པ་ནི་མང་པོ་རྣམས་ལ་ཀུན་ཏུ་སྟོན་པས་སོ།། ཡོང་དག་པར་རབ་ཏུ་སྟོན་པ་ནི་བྱ་བ་རྟག་པར་རབ་ཏུ་སྟོན་པར་བྱེད་པ་སྟེ་གཞུང་གིས་སོ།། རྣམ་པར་འབྲེལ་པ་ནི་རྒྱ་ཆེན་པོས་སོ།། ཡིད་ཀྱིས་རྗེ་སུ་རྟོག་པ་ནི་སེམས་ཀྱིས་རྗེས ་བ་ལ་ཀུན་ཏུ་སྦྱོར་བར་བྱས་ནས་ལྟེ་བར་བྱེད་པ་སྟེ། ཞི་གནས་སྐྱེད་པར་བྱེད་པའོ།། ཡོངས་སུ་སྤྱོད་པར་བྱེད་པ་ནི་རྣམ་པོར་བརྟགས་པ་རྣམས་ཀྱིས་ལྷག་མཐོང་བསྐྱེད་པའི་ཕྱིར་རོ།། འདིས་ནི་སྤྱོད་པ་སྟོན་ཏེ། འདི་ལས་མེད་པས་ན་རུང་ཕྱུ་ནས ་པའོ།། འཚོང་བར་བྱེད་པ་ནི་མི་འཇིགས་པར་བྱེད་པ་ལ། འཇོག་པ་ནི་རང་གི་ཁྱིམ་ལ་སོགས་པར་ཏེ། བསྟོད་པ་གསུམ་པོ་རྣམས་ཀྱིས་ཞེས་པ་སྟེ། ཚུལ་དང་མ་གྲོལ་བར་ཞེས་པའི་བར་གྱིས་སོ།། འཕགས་པ་དམ་པ་རྣམས་ཀྱི་ལམ་གྱི་ཆོས་ནི ་དམ་པའི་ཆོས་ལ། དེ་ཡུན་རིང་དུ་གནས་པར་བྱེད་པ་སྟེ། འདི་ནི་ཐུན་མོང་གིའོ།། དམ་པའི་ཆོས་ཞེས་པ་དང་པོའི་བསྐྱོད་པ་ནི་ཐེག་པ་ཐམས་ཅད་པའི་དབང་དུ་བྱས་པའོ།། སངས་རྒྱས་རྣམས་ཀྱི་ཚུལ་ནི་རྟོགས་པ་སྟེ། ་ཕལ་ཆེ་བ་ཅན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། དེ་ལས་སངས་རྒྱས་ཀྱི་ཚུལ་རྒྱུན་ཆད་པར་མ་གྱུར་ཅིག་ཅེས་པས་འདི་བཞག་པར་བྱ་ཞེས་པའི་བསྟོད་པ་གཉིས་པ་ནི་སངས་རྒྱས་ཀྱི་དབང་དུ་བྱས་པའོ།། ཚུལ་དང་མ་བྲལ་བར་ཞེས་པ་འདི་བཞག ་པར་བྱ་ཅེས་པ་ནི་བསྟོད་པ་གསུམ་པ་སྟེ། བྱང་ཆུབ་སེམས་དཔའི་དབང་དུ་བྱས་པའོ།། འདིར་ཆེན་པོ་དང་འབྲས་བུ་ཆེན་པོ་ཞེས་པ་ནི་དོན་དུ་གཉེར་བ་པོ་འདི་ཡིས་ཏེ། འདི་ནི་བསྟན་པ་ལ་གཞན་ནི་བཤད་པའོ།། ཕན་ཡོན་ཆེན་པོ་ནི་ཇི་སྐད་བཤད་པའི ་ཕན་ཡོན་རྣམས་ཀྱིས་སོ།། འབྲས་བུ་ཆེན་པོ་ནི་རྒྱུན་ཏུ་ཞུགས་པ་ཉིད་ལ་སོགས་པ་རྣམས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་རྣམས་ཀྱིའོ།། རྣམ་པར་སྨིན་པ་ཚ་བ་ནི་འཕགས་པ་རྣམས་ཐམས་ཅད་ཀྱི་ཕུན་སུམ་ཚོགས་པའི་ཕྱིར་རོ ་དེ་བཞིན་དུ་མང་པོ་ཞེས་པ་ལ་སོགས་པ་ནི་ཉེ་བར་བསྡུ་བའོ།། ཡོངས་སུ་མ་བཏང་བར་བྱ་བ་ནི་ཡོངས་སུ་གཟུང་བཞིང་བཏང་བར་མི་བྱའོ།། བསྲུང་བར་བྱ་བ་ནི་མ་དང་བྱི་བ་ལ་སོགས་པ་རྣམས་ལའོ།། སྨྲ་བར་བྱ་བ་ནི་རྐུན་པོ་ལ་སོགས་པ་རྣམས་ལའོ།། ་དེ་ཅིའི་ཕྱིར་ཞེ་ན། ཤིན་ཏུ་རྙེད་པར་དཀའ་བས་སོ།། ལྷག་པར་མོས་པ་ནི་དེ་བཞིན་དུ་དེ་ལྟར་སེམས་པར་བྱེད་པའོ།། བདེན་པ་མི་ཡིན་པ་ལ་རབ་ཏུ་འཇུག་པ་ཡོས་ནི་མོས་པ་བསྟན་པར་མི་འགྱུར་རོ།། དོན་དུ་གཉེར་བས་དོན་ཏེ་མཆོད་པར་འདོད ་པས་དེར་གཉེར་བ་ལ་ཤིན་ཏུ་དེར་སྦྱོར་བས་ན་འདུན་པའོ།། སྦྱིན་པར་བྱེད་པ་ནི་ཁས་ལེན་པར་བྱེད་པའོ།། བཏོད་པ་ནི་ཉེ་བར་བྱེད་པ་ལ། འབུམ་པ་ལ་ནི་ལེན་དུ་འཇུག་པར་བྱེད་པའོ།། ཡོངས་སུ་གཏོང་བ་ནི་ཡིད་ལ་གཅགས་པ་མེད་པ་སྟེ། བློ་ནི ་འདོད་པའོ།། ཡང་དག་པར་རབ་ཏུ་སྟོན་པར་བྱེད་པ་ནི་ཡོན་ཏན་དང་ངོ་བོ་ཉིད་ལའོ།། སྦྱིན་པོར་བྱེད་པ་ནི་མཆོད་པའི་ཕྱིར་ལྀ། ཡང་དག་པར་འགྱེད་པ་ནི་དྲན་པས་དེ་རྣམས་ཀྱི་ལྷག་པར་རོ་མྱང་བའི་ཕྱིར་རོ།། རྒྱ་ཆེ་བ་ནི་ཡངས་པ་སྟེ། དེས་སྤྱོད ་ཅེས་པས་ན་ཡངས་པ་ཅན་ནོ།། སོ་སོར་རང་གི་བདག་ཉིད་ཀྱིས་ཞེས་པ་ནི་བསྟོད་པ་ཆུང་ངུའི་ཆུང་ངུའོ།། གཞན་ཡང་ཞེས་པ་ལ་སོགས་པས་ནི་བསྟོད་པ་ཆུང་ངུའི་འབྲིང་ངོ་།། གཞན་ཡང་ཞེས་པ་ལ་སོགས་པས་ནི་བསྟོད་པ་ཆུང་ངུའི་ཆེན་པོའོ།། གཞོན ་ཡང་ཞེས་པ་ལ་སོགས་པ་སྟེ། ཡང་དག་པར་ལེན་དུ་གཞུག་པ་ནི་ཡང་དག་པར་འཛིན་དུ་གཞུག་པའོ།། རབ་ཏུ་གཞོག་པར་བྱེད་པ་ནི་རིམ་པ་ལས་མི་འདའ་བས་སོ།། མངོན་པར་དད་པ་ནི་བཅོམ་ལྡན་འདས་མའི་ཡོན་ཏན་ལའོ།། གཞན་དུ་ན་ནི ་ཡང་དག་པའི་སྦྱིན་པ་པོར་མི་འགྱུར་རོ།། མངོན་པར་དད་པོ་ལས་གཞན་དུ་ན་ནི་རྟག་པར་ཡང་དག་པར་ལེན་པའི་སྣོད་དུ་མི་འགྱུར་རོ།། སྙོམས་ལས་ནི་ངན་ལ་ཞེན་པ་སྟེ། སྙོམས་ལས་མེད་པ་ནི་བརྩོན་འགྲུས་སོ།། འདི་ནི་བྱང་ཆུབ་སེམས་དཔའ་ལ ་བཅོམ་ལྡན་འདས་མ་འཛིན་དུ་འཇུག་པ་ནི་བྱང་ཆུབ་སྒྲུབ་པའི་ཐབས་ཉིད་པས་སོ།། ཡང་དག་པར་རབ་ཏུ་སྟོན་པར་བྱེད་པ་སྟེ། རིགས་པ་རྣམས་ཀྱིས་སོ།། ཡང་དག་པར་འཛིན་དུ་འཇུག་པ་ནི་ཀློག་པ་དང་མཆོད་པ་ལ་སོགས་པ་རྣམས ་ལྷ་རབ་ཏུ་གཟུ་པར་བྱེད་ལ། རབ་ཏུ་ཞུགས་པ་ན་གཟེངས་སྤྱོད་པར་བྱེད་པ་སྟེ་སྤྲོ་བར་བྱེད་པའོ།། བརྩོན་འགྲུས་རྩོམ་པ་རྣམས་ལ་ནི་བསྟོད་པ་རྣམས་ཀྱིས་ཡང་དག་པར་རབ་ཏུ་དགའ་བར་བྱེད་པའོ།། འཇིག་རྟེན ་ཕྱིན་ཅི་ལོག་པས་དེ་ཡིས་མི་ནུས་སོ།། ཞེས་གསུངས་པོ་ནི་ཚིགས་གིས་མཚན་པ་ནི་དད་པ་ཅན་ལ་དེས་མཐུ་དང་ལྡན་པའི་ངོང་ཉིད་དུ་གྱུར་པས་སོ།། ཁ་ཕྱིར་ཕྱོགས་པ་རྣམས་ལ་རྣམ་པར་མཚོན་པ་སྟེ། ལྟ་བ་ངན་པ་རྣམས་ལ་རིག་པ་རྣམས་ཀྱིས ་གནོད་པར་བྱེད་པའི་ཕྱིར་རོ།། བཏང་སྙོམས་པ་ལ་རྗེས་སུ་མཚོན་པ་སྟེ། རྗེས་སུ་ཆགས་པར་བྱེད་པའི་ཕྱིར་བཅོམ་ལྡན་འདས་མ་དེའི་ཡོན་ཏན་བརྗོད་པའི་ཕྱིར་རོ།། དེ་ལྟར་སྣོད་དུ་བྱས་པ་ལ་དོན་ཞེས་པའོ།། རྣམ་པར་སྦྱོང་བར་བྱེད་པ་ནི་ལྟ་བ་ངན ་པ་རྣམས་ལོ་གནོད་པར་བྱེད་པའི་ཕྱིར་རོ།། འདི་ལྟར་ནི་ཐེ་ཚོམ་ཅན་རྣམས་ཐེ་ཚོམ་མེད་པར་བྱེད་པར་འགྱུར་ཏེ། རིག་པ་གཞན་རྣམས་ཀྱིས་སོ།། སློབས་ཤིག་པ་ནི་བསླབ་པོ་གསུམ་པོ་རྣམས་ཀྱིས་སློབ་པར་བྱེད་པ་སྟེ། བསམ་པས་སྤྱད ་པ་ནི་ནི་གནས་ཀྱིས་སོ།། འབང་པོ་ནི་ལྷག་མཐོང་གིས་ལ་སེམས་ཅན་གྱི་ཁམས་ནི་སེམས་ཅན་གྱི་ཕུང་པོའོ།། ཤིན་ཏུ་མཐར་ཐུག་པར་འགྱུར་བའི་ཕྱིར་བླ་ན་མེད་པ་ལ། ཕུང་པོ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པ་སྟེ། ཟག་པ་དང་བཅོས ་པ་རྣམས་སོ།། དེ་རྣམས་མ་ལུས་པར་ཟད་པར་བྱེད་པ་ནི་དེའི་རྒྱུ་མཚན་གྱི་མངོན་པར་ཞེན་པར་འགྱུར་བའི་སྒྲིབ་པ་རྣམས་ཟད་པའི་ཕྱིར་རོ།། ཡང་དག་པའི་མཐའི་རབ་ཏུ་དབྱེ་བའི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་ཉིད་དང་རོ་གཅིག་པ། ་ཉིད་ཀྱིས་ཟག་པ་མེད་པའི་ཕུང་པོ་ལྔ་ཙམ་ལྷག་པ་ཉིད་དོ།། དེ་ཡིས་དེ་ལྟར་ཞེས་པ་སྟེ། དགེ་བ་བཅུ་ལ་རབ་ཏུ་དགོད་པ་ལ་སོགས་པའོ།། ཞེས་པ་ནི་ཆུང་ངུའི་ཆེན་པོའོ།། བསྟོད་པ་ལྔ་པོ་རྣམས་ཀྱི་ཞོག་ཅེས་པ་ལ་སོགས་པ་ནི་སྔ་མའི་ཆ་ལ།། ་ཇི་སྙམ་དུ་སེམས་ཞེས་པ་ལ་སོགས་པ་ནི་ཕྱི་མའི་ཆ་སྟེ། འདི་རྣམས་མདོ་ལས་བཤད་པ་ལས་བསོད་ནམས་བློ་ལྷག་པ་དང་དད་པ་ལ་སོགས་པའི་མཐུ་བསྟེན་ནས་བླ་ལྷག་པའི་ཆ་རྐྱེན་གྱིས་བླ་ལྷག་པར་སྤྱོད་པས་སོ།། རྣམ་གྲངས་ཀྱིས་ནི་བྱེ ་བྲག་གིས་ཏེ། དངོས་པོ་གསུམ་གྱི་མོས་པས་གནས་ཞེས་པའི་དོན་ཏེ། འདི་རྣམས་གོ་རིམ་བཞིན་དུ་འབྲིང་གི་ཆུང་ངུ་དང་འབྲིང་གི་འབྲིང་དང་། འབྲིང་གི་ཆེན་པོ་དང་། ཆེན་པོའི་ཆུང་ངུ་དང་། ཆེན་པོའི་འབྲིང་གི་བསྟོད་པའོ།། གཞན་ཡང་ཞེས ་པ་ལ་སོགས་པ་ལྔ་དང་། ཞོག་ཅེས་པ་དགུ་མདོ་ལས་བཤད་པས་བསོད་ནམས་བླ་ལྷག་པ་ལ་སོགས་པ་བླ་ལྷག་པའི་སྤྱོད་པ་སྟེ། སྔ་མ་དང་ཕྱི་མ་རྣམས་ཀྱི་གཞུང་མ་ཚང་བ་ཡོད་ན་ཡང་བསྟན་པར་བྱ་བྱའོ།། བསམ་གཏན་བཞི་ལ་བཀོད་ཅེས་པ་ནི ་དེ་ཡང་བསམ་གཏན་དང་པོ་ནི་འདོད་པའི་ཉོན་མོངས་པ་རྣམས་ལ་མི་སྦྱོར་ཞིང་། འདོད་པའི་དངོས་པོ་རྣམས་ལ་དམིགས་པ་མེད་པའི་ཕྱིར་ན་འདོད་པ་རྣམས་ཀྱིས་དབེན་པ་ལ་ཉོན་མོངས་པ་དང་། འདོད་པའི་རྒྱུ་རྣམས་ཀྱི་ལུས་དང་ངག་དང་ཡིད ་ཀྱིས་ཉེས་པར་སྤྱོད་པའི་མི་དགེ་བ་རྣམས་དང་བྲལ་བའི་ཕྱིར་རྣམས་པར་རྟོག་པ་དང་བཅས་ཤིང་རྣམ་པར་སྤྱོད་པ་དང་བཅས་པའོ།། འདོད་པའི་གཉེན་པོར་རྣམ་པར་རྟོག་པ་དང་རྣམ་པར་སྤྱོད་པ་དག་དང་ཀུན་ཏུ་སྦྱོར་བས་འདོད་པའི་དོན་གྲུབ་སྟེ། ་ལུས་དང་སེམས་ཤིན་ཏུ་སྦྱངས་པས་དགའ་བ་དང་བདེ་བ་དང་ལྷན་ཅིག་པར་གྱུར་པ་ལ་སྙོམས་པར་ཞུགས་ན་སོ་སོར་ཉམས་སུ་མྱོང་བར་འགྱུར་རོ།། གཉིས་པ་ན་ནི་རྣམ་པར་རྟོག་པ་དང་། རྣམ་པར་སྤྱོད་པ་དག་གིས ་སེམས་སྤྱོད་པར་བྱེད་པ་དག་གི་སྐྱོན་མཐོང་བས་དེ་དག་ལོས་སེམས་རྣམ་པར་ལོག་པ་ལ་མཉམ་པར་བཞོག་པ་དེ་རྣམས་ཐམས་ཅད་ནས་ཐམས་ཅད་རབ་ཏུ་སྤངས་ནས་རྣམ་པར་རྟོག་པ་མེད་ཅིང་རྣམ་པར་སྤྱོད་པ་མེད་པ་ཉིད་ཀྱིས་ནང་གི་བདག ་ཉིད་རབ་ཏུ་དང་བ་ལ་སྦྱོར་བ་ཅན་ནོ།། གསུམ་པ་ནི་བཏང་སྙོམས་པ་རིགས་པ་ཉིད་ཀྱིས་རྣམ་པར་རྟོག་པ་དང་རྣམ་པར་སྤྱོད་པ་བཞིན་དུ་དགའ་བ་དང་བཏང་སྙོམས་པའི་ཕྱིར་དྲན་པ་དང་ཤེས་བཞིན་དང་ལྷན་ཅིག་པས་དགའ་བའི་གོ་སྐབས ་མི་ཕྱེད་ནས་དེ་གཉིས་ཀྱིས་ཤེས་རབ་ལན་མང་དུ་བྱེད་པས་གཟུགས་ཀྱི་ལུས་དང་ཡིད་བདག་གི་བདེ་བ་མྱོང་ན་ཤིན་ཏུ་སྦྱོངས་པ་ལ་སྦྱོར་བས་བདེ་བ་དང་བཅས་པའོ།། བཞི་པ་ལ་ནི་བདེ་བ་ཡང་མེད་ཅིང་སྡུག་བསྔལ་བ་ཡང་མེད་ལ། བདེ ་བ་དང་སྡུག་བསྔལ་བའི་ཡིད་བདེ་བ་དང་།། ཡིད་མི་བདེ་བ་དག་ཀྱང་སྔ་ནས་སྤངས་པས་བསམ་གཏན་བཞི་པ་ཡིས་བདེ་བ་ཡོང་བཏང་སྙོམས་པར་དྲན་པ་ཡོངས་སུ་དག་ནས་དེ་དག་གིས་འདིར་ཤིན་ཏུ་རྣམ་པར་དག་པ་ཐོབ་པས་སོ།། དེ་ལ་བསམ ་གཏན་དང་པོ་ལ་ཡན་ལག་ལྔ་སྟེ། རྣམ་པར་རྟོག་པ་དང་རྣམ་པར་སྤྱོད་པ་དག་ནི་གཉེན་པོའི་ཡན་ལག་སྟེ། དེ་གཉིས་ཀྱི་འདོད་པ་དང་། གནོད་སེམས་དང་། རྣམ་པར་འཚེ་བ་དང་། རྣམ་པར་རྟོག་པ་དང་བཅས་པ་སྤོང་བའི་ཕྱིར་རོ།། ་དགའ་བ་དང་། བདེ་བ་ནི་ཕན་ཡོན་གྱི་ཡན་ལག་གོ།། སེམས་རྩེ་གཅིག་པ་ཉིད་ནི་དེ་གཉིས་ཀའི་རྟེན་གྱི་ཡན་ལག་སྟེ། ཏིང་ངེ་འཛིན་ལ་རྟེན་པའི་མཐུས་དགེ་བ་ལ་རྣམ་པར་རྟོག་པ་ལ་སོགས་པ་ལ་འཇུག་པས་སོ།། གཉིས་པ་ལ ་བཞི་སྟེ། ནང་རབ་ཏུ་དང་པ་གཉེན་པོའི་ཡན་ལག་ལ། ལྷག་མའི་ཡན་ལག་ནི་སྔ་མ་བཞིན་ནོ།། གསུམ་པ་ལྔ་སྟེ། བཏང་སྙོམས་དང་། དྲན་པ་དང་། ཤེས་བཞིན་ནི་གཉེན་པོའི་ཡན་ལག་ལ། བདེ་བ་ནི་ཕུན་ཡོན་གྱི་ཡན་ལག་གོ།། ་རྟེན་གྱི་ཡན་ལག་ནི་སྔ་མ་བཞིན་ནོ།། བཞི་པ་ལ་ཡན་ལག་བཞི་སྟེ། བཏང་སྙོམས་ཡོངས་སུ་དག་པ་དང་། དྲན་པ་ཡོངས་སུ་དག་པ་ནི་གཉེན་པོའི་ཡན་ལག་ལ། སྡུག་བསྔལ་མེད་ཅིང་བདེ་བ་མེད་པ་མྱོང་བ་ནི་ཕན་ཡོན་གྱི་ཡན ་ལག་གོ། རྟེན་གྱི་ཡན་ལག་ནི་གོང་མ་བཞིན་ནོ།། དེ་ལ་བསམ་གཏན་དང་པོ་བསྒོམས་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་ཚུལ་གྱིས་གློ་རཱིམ་བཞིན་དུ་ཚངས་རིས་དང་། ཚངས་པ་མདུནྡ་ན་འདོན་དང་། ཚངས་པ་ཆེན་པོ་དང ་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ།། གཉིས་པ་ཡིས་ནི་འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་རྣམས་དང་ངོ་།། གསུམ་པ་ཡིས་ནི་དགེ་ཆུང་དང་། དགེ་ཆེན་དང་། ཚང་མང་དག་རྣམས་སོ།། བཞི་པ་ཡིས་ནི་སྤྲིན་མེད ་དང་། བསོད་ནམས་འཕེལ་དང་། འབྲས་བུ་ཆེ་རྣམས་དང་ངོ་།། དེ་ལྟ་བུ་ནི་བསམ་གཏན་བཞི་པོ་དེ་རྣམས་ལ་དགོད་པར་བྱེད་པའོ།། དེའི་གོང་དུ་ནི་གནས་གཙང་མ་ལྔ་སྟེ། དེ་རྣམས་སུ་ནི་འཕགས་པ་ཁོ་ན་སྐྱེ་བར་འགྱུར་བ་སྟེ།། ་འདི་ནི་སྐུར་པ་ཆེན་པོའི་ཆེན་པོའོ།། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། མཆོག་བསྣན་པ་ནི་སྔ་མ་བཞིན་ལ། ཚད་མེད་པ་ནི་རྣམ་པར་བཤད་ཟིན་ཏོ།། གཟུགས་མེད་པ་བཞི་ཉིད་ནི་གཟུགས་མེད་པ་རྣམས ་ལ་དེ་ལ་སྔོན་པོ་དང་སེར་པོ་ལ་སོགས་པ་གཟུགས་ཀྱིས་སྒྲིབ་ཅིང་ཐོགས་པ་ན། འདུ་ཤེས་སྣ་ཚོགས་པ་བདེ་བར་ཆགས་པ་རྣམས་ཐམས་ཅད་དུ་ན་མཁའི་འདུ་ཤེས་བསྒོམ་པས་དེ་རྣམས་རྣམ་པ་ཐམས་ཅད་དུ་སྣང་བར་མི་འགྱུར་ནས་ན་མཁ ་མཐའ་ཡས་པ་ཉིད་དོ།། ཞེས་པ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀུན་ཏུ་དམིགས་པ་འདི་ནི་དེ་ལྟར་ན་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཉེ་བར་བསྐྱེད་ནས་གནས་སོ།། དེ་ཤེས་པ་གང་གིས་ནམ་མཁའ་མཐའ་ཡས་པའི་སྐྱེ་མཆེད་ལ ་མོས་པ་དང་ལྡན་པ་དེ་ཉིད་ལ་མཐའ་ཡས་པར་མོས་པས་ཐམས་ཅད་དུ་ནཱ་མཁོའི་འདུ་ཤེས་ལས་རྣམ་པར་ལོག་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལའོ།། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཉེ་བར་བསྐྱོད་ནས་ཅི་ཡང་མེད་པའི་སྐྱེ་མཚད ་ལ་དམིགས་པས་ལྟ་བར་འགྱུར་ལ། ཅུང་ཟད་མེད་ཅེས་ཅུང་ཟད་མེད་པ་ཉིད་ལ་དམིགས་པར་བྱེད་པ་ནི་ཅུང་ཟད་མེད་པའི་སྐྱེ་མཆེད་དོ།། ཅི་ཡང་མེད་པའི་འདུ་ཤེས་ལ་ཡང་ཞེན་པ་དང་བྲལ་ཞིང་དེ་ལས་ཡོང་རྣམ་པར་ལོག་ལ་ཅུང་ཟད་ཀྱི ་འདུ་ཤེས་ནི་སྔ་ནས་ནུབ་པས་འདུ་ཤེས་ནི་མེད་པ་ལ་ཕྲ་མོའི་འདུ་ཤེས་ནི་རབ་ཏུ་འཇུག་པ་ཉིད་དེ་དེ་ལས་འདུ་ཤེས་མེད་པ་སྟེ། གང་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་ཏིང་ངེ་འཛིན་དེ་ནི་འདུ་ཤེས་མེད་འདུ་ཤེས་མེང་མིན་གྱི་སྐྱེ་མཆེད ་དེ། སྲིད་པའི་རྩེ་མོའི་སྙོམས་པར་འཇུག་པ་སོ་སོར་ཉམས་སུ་མྱོང་བར་འགྱུར་རོ།། ཡན་ལག་གི་རྣམ་པར་བཞག་པ་ནི་འདི་རྣམས་ལས་གཞན་པའི་ཡན་ལག་གི་རྣམ་པར་བཞག་པར་ཡོད་པ་མ་ཡིན་ཏེ། ཞི་གནས་སུ་རོ་གཅིག་པའི་ཕྱིར་རོ་ཞེས་པ་ནི ་བཀུར་པ་དང་པོའོ།། ཞོག་ཅེས་པ་ལ་སོགས་པ་དང་། རེ་རེ་བཞིན་ཕ་རོལ་ཏུ་ཕྱིན་པས་དེ་ཇི་སྙམ་དུ་སེམས། ཞེས་པ་ལ་སོགས་པ་དང་བཅས་པའི་གོ་རིམ་བཞིན་དུ་ཆུང་ངུའི་འབྲིང་དང་། ཆུང་ངུའི་ཆེན་པོ་དང་། འབྲིང་གི་ཆུང་ངུ་དང་། ་འབྲིང་གི་འབྲིང་དང་། འབྲིང་གི་ཆེན་པོ་བསྐུར་བའོ།། གཞན་ཡང་ཞེས་པ་ལྀ་སོགས་པ་སྟེ། འདི་རེ་རང་གིས་ཀྱང་ཀློག་པ་དང་གཞན་དག་ལ་ཡང་བྲིས་ནས་སྦྱིན་པར་བྱེད་པའི་སྤྱོད་པ་བླ་ལྷག་པའོ།། ཞེས་པ་ནི་ཆེན་པོའི་ཆུང་ངུའི་བཀུར ་པའོ།། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། འདིའི་དོན་རྣམ་པར་འབྱེད་པར་བྱ་ཞེས་པ་ལ་སོགས་པ་ནི་སྔ་ནས་བཤད་ཟིན་ཏོ།། དེའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པོ་རྣམས་ནི་རྒྱ་ཆེན་པོའི་ངོ་བོ་ལ་མ་དད་པ་རྣམས་ལ་རབ་ཏུ་དད་པར་བྱེད ་པར་འདོད་ལ། འདིར་འཁོར་གསུམ་མི་དམིགས་པ་ལ་སོགས་པ་ཅན་ནི་དོན་དམ་པ་ལ་མངོན་པར་དགོངས་ནས་གསུངས་པ་ནི་དོན་ལ་མཁས་པ་ཞེས་པ་ལ་སོགས་པ་སྟེ། དོན་ལོ་མཁས་པ་དེ་ཉིད་ཀྱི་དོན་ཡིད་ལ་བྱས་ནས་ཀློག་པའི་ཕྱིར ་རོ།། ཡིག་འབྲུ་དང་བཅས་པ་རྣམས་ཀྱིས་དེ་ཉིད་ཀྱི་དོན་རྗོད་པར་བྱེད་པ་ནི་ཡི་གེ་རྣམས་སོ།། ཉེ་བར་སྟོན་པ་ནི་དེའི་དོན་མདོ་ཡིས་ཡང་དག་པར་ངེས་པའི་ཕྱིར་རོ།། ཡོངས་སུ་གསལ་བར་བྱང་པ་ནི་རིགས་པ་རྣམས་ཀྱིས་ཞེས་པ་ནི་བློ ་ལྷག་པའི་སྤྱོད་པ་ཞེས་བྱའོ།། འདིར་ཞེས་པ་ནི་བརྒྱད་པ་ལ་གནས་པ་དེ་ནས། ཞེས་པ་ནི་བདུན་པ་ལ་གནས་པའི་ཕྱིར་རོ།། འདི་ཡང་ཉེ་བར་བསྟན་པར་བྱ་འམ་ཞེས་པ་ནི་མགོ་སྨད་ནས་གསོལ་པ ་འདེབས་པ་འདྲི་བའོ།། ཉེ་བར་བསྟན་པར་མི་བྱ་ཞེས་པ་ནི་ཡོངས་སུ་མི་གསལ་བའི་ཕྱིར་ཞེས་པ་ལ་དགོངས་པའོ།། རྟོགས་པར་མ་གྱུར་པ་ནི་བློ་རྨོངས་པ་སྟེ། ངས་ལུང་དང་རིག་པ་དག་གིས་ཡང་དག་པར་ཟིན་པའི་གཞན་གྱི ་ཚིག་དེ་ལས་མི་གཡོ་བའི་ཕྱིར་རོ།། དེ་ཞེས་པ་ནི་གང་དུ་གཡོ་བའོ།། བཅོས་མ་ནི་མི་མཐུན་པར་སྣང་བ་ལ་དེའི་སྟེ། སྐྱེ་བའི་རྣམ་པར་བཤད་པ་དེ་གསུམ་གྱིས་དེ་སྟོན་པའི་ཕྱིར་རོ།། དེ་ལ་ཞེས་པ་ནི་དེ་ལྟར་གྱུར་པས་སོ།། ཆུང ་ཟོང་ན་མི་རུང་བ་ནི་རྫོགས་པོའི་བྱང་ཆུབ་ཀྱི་ལམ་ལ་ཉམས་པར་མ་གྱུར་པའོ།། དབང་པོ་གཟུགས་ཅན་ལྔ་ནི་ལུས་ཀྱིས་བསྡུས་པའི་ཕྱིར་རམ། རྡུལ་ཕྲ་རབ་བསྔགས་པའི་ཕྱིར་ལུས་རྣམས་སོ།། ངོ་མ་སྒོམས་པའི་ནི་གོམས་པར་མ ་བྱས་པས་བསྡུས་པའི་མི་གང་དག་དེ་རྣམས་སོ།། དབང་པོ་མ་བསྡམས་པའི་ཕྱིར་ན་ཚུལ་ཁྲིམས་མ་སྒོམས་པའོ།། དེ་ལ་སེམས་མི་བསྒོམས་པ་སྟེ། ཏིང་འཛིན་གོམས་པར་མ་བྱས་པའོ།། དེ་ལས་ཤེས་རབ་མ་བསྒོམས་པ་སྟེ། ་མཉམ་པར་བཞག་པའི་སེམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་མ་ཤེས་པའོ།། དེ་ལ་ཤེས་རབ་འཆལ་པ་སྟེ་ལྟ་བ་ངན་པའོ།། དེ་ཡིས་ལུག་ལྟར་ལྐུག་པའི་ངང་འདྲ་བ་སྟེ། གཞོན་གྱིས་ལེགས་པར་བཤད་པ་རྣམས་ལ་མི་ཉན ་པའི་ཕྱིར་དང་། རང་གིས་ལེགས་པར་གསུངས་པ་མི་སླུ་བའི་ཕྱིར་རོ།། ཤེས་རབ་ཡོངས་སུ་ཉམས་པ་ཡང་དག་པའི་ལྟ་བ་ལས་ཉམས་པའི་ཕྱིར་རོ།། གཟུགས་མི་རྟག་ཅེས་པ་ནི་ཉེ་བར་མཚོན་པ་སྟེ། སྡུག་བསྔལ་བ་ལ་སོགས་པ ་ལ་ཡང་ལྟ་བར་བྱའོ།། ཐེག་པ་ཆེན་པོ་ལ་རྟག་པ་མེད་ཅེས་པོས་མི་རྟག་པ་ཉིད་དེ། འདི་ལ་གསུངས་པ་ནི་དོན་ཞེས་པ་སྟེ། དོན་དམ་པ་ནི་ཕུང་པོ་ལྔ་པོ་རྣམས་སྟོང་པ་ཉིད་ངོ་བོ་ཉིད་མེད་པའི་མཚན་ཉིད་ཀྱིས་སོ།། གཞན་དུ་ཐེག ་པབཆེན་པོ་པ་རྣམ་པར་རིག་པར་སྨྲ་རྣམས་ཀྱིས་ནི་སྟོང་པ་ཉིད་ཀྱི་ཚིག་ལ་ཕྱིན་ཅི་ལོག་ལ་གཞན་དུ་རྣམ་པར་བཤད་པའི་ཚུལ་ནི་གཡངས་བཞིན་དུ་ཡོངས་སུ་སྤང་བར་བྱའོ།། དེས་ནི་ཡང་དག་པའི་གསུང་རབ་མ་རྟོགས ་ནས་དེ་ཡིས་སྒྲ་དོན་ལ་མངོན་པའི་ང་རྒྱལ་གྱིས་དངོས་པོའི་ངོ་བོར་ཉེ་བར་རྟོགས་པར་བྱེད་པའི་ཕྱིན་ཅི་ལོག་གིས་དེ་ཁོ་ན་ཉིད་སྟོན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷོར་ཉེ་བར་སྟོན་པར་འགྱུར་རོ།། དེ་ལྟར་བཅོམ་ལྡན ་འདས་ཀྱིས་རྣམ་པར་བཤད་ཅེས་པས་རང་ཉིད་ཆུད་གསན་ཞིང་གཞན་ཡང་འཇིག་པོར་བྱེད་དོ།། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་སྨྲ་བས་ནི་ཕྱིན་ཅི་ལྡོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉེ་བར་སྟོན་པར་འགྱུར། ཅེས ་པ་ནི་ཆེན་པོའི་འབྲིང་གི་བཀུར་བའོ།། གཞན་ཡང་ཞེས་པ་ལ་སོགས་པ་ལྔ་དང་ཞོག་ཅེས་པ་དགུ་སྟེ། རྒྱུན་ཏུ་ཞུགས་པ་ཉིད་ཀྱི་འབྲས་བུ་རབ་ཏུ་འབྱེད་ཅེས་པ་ནི་རྫོགས་པར་བྱེད་ཅེས་པོ་སྟེ། ཆེན་པོའི་ཆེན་པོའི་བཀུར་བའོ།། ་གཞན་ཡང་ཞེས་པ་ལ་སོགས་པ་ལྔ་ནི་ཆུང་ངུའི་ཆུང་ངུའི་བསྔགས་པའོ།། གཞན་ཡང་ཞེས་པ་ལ་སོགས་པ་ལྔ་དང་ཞོག་ཅེས་པ་ལྔ་ནི་ཆུང་ངུ་འབྲིང་ངོ་།། གཞན་ཡང་ཞེས་པ་ལ་སོགས་པ་ལྔ་དང་ཞོག་ཅེས ་པ་ལྔ་ནི་ཆུང་ངུའི་ཆེན་པོའོ།། གཞན་ཡང་ཞེས་པ་སྟེ་རང་མངོན་པར་བྱང་ཆུབ་པས་སངས་རྒྱས་ལ། བདག་ཉིད་གཅིག་པུས་སོ་སོར་སངས་རྒྱས་པས་རང་སངས་རྒྱས་སོ།། ཞེས་པ་ནི་འབྲིང་གི་ཆུང་ངུའོ།། ཞོག་ཅེས་པ་ལ་སོགས ་པ་ལྔས་ནི་འབྲིང་གི་འབྲིང་ལའོ།། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། ཁ་ཅིག་ཉིད་ཅེས་པོ་ནི་དང་པོའོ།། ནང་ཞེས་པ་ནི་གཉིས་པའོ།། གང་ཞིག་རིག་ཅེས་པ་ནི་གསུམ་པའོ།། འདི་དག་ཅེས་པ་ནི་འཕེལ་བ་ལ་སོགས་པ་གྱུར་པ་སྟེ། ་འཕེལ་བ་ནི་མཐོང་བའི་ལམ་ལའོ།། བསྟན་པ་ནི་བསྒོམ་པའི་ལམ་ལའོ།། ཡངས་པ་ནི་ཁྱད་པར་གྱི་ལམ་ལའོ།། ཡོངས་སུ་རྫོགས་པར་འགྱུར་བ་ནི་དེ་བཞིན་གཤེགས་པའི་ས་ལའོ།། འདིར་ཞེས་པ་ནི་གསུམ་པའོ།། དེ་ཅིའི ་ཕྱིར་ཞེས་པ་ནི་དང་པོ་ནས་དང་གསུམ་པ་ནས་ཞེས་པ་ནི་འབྲིང་གི་ཆེན་པོའོ།། ཞོག་ཅེས་པ་ལ་སོགས་པ་ལྔས་ནི་ཆེན་པོའི་ཆུང་ངུའོ།། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། གྲངས་སྔ་མའི་བསོད་ནམས་ལས་ཕྱི་མའི་བསོད་ནམ ་བརྒྱ་འགྱུར་སྟོང་འགྱུར་ཞེས་པ་ལ་སོགས་པ་དང་བགྲང་བ་ནི་བཅུ་འགྱུར་བརྒྱ་འགྱུར་ཅེས་པ་ལ་སོགས་པའོ།། དཔེ་ནི་གངྒཱའི་ཀླུང་གི་བྱེ་མ་སྙེད་འགྱུར་ཞེས་པ་ལ་སོགས་པ་སྟེ། རྒྱུར་ནི་བཅུ་འགྱུར་ཏེ་གངྒཱའི་ཀླུང་བརྒྱའི་བྱེ་མ་སྙེད ་ཅེས་པ་ལ་སོགས་པའོ།། ཚད་ཤིན་ཏུ་ཡང་མི་སྲིད་པའི་ཕྱིར་ལ། དེའི་དོན་དུ་གང་ཞིག་དཔེ་འམ། རྒྱུ་དང་ཉེ་བ་ན་མི་འདུག་པས་དེ་ཡང་བྱེད་པར་སླ་བ་མ་ཡིན་ནོ་ཞེས་པ་ནི་ཆེན་པོའི་འབྲིང་ངོ་།། ཞོག་ཅེས་པ་ལ་སོགས་པས་ནི་ཆེན་པོའི་ཆེན ་པོའི་བསྔགས་པའོ།། བསོད་ནམས་ཀྱི་རྣམ་གྲངས་ནི་ཐ་དད་པ་ལ། དེ་གསལ་བར་བྱེད་པ་ནི་དེའི་ལེའུ་སྟེ་ལྔ་པའོ།། །། ཆོས་ཀྱི་མཆོག་གི་ཆུང་ངུའི་རྣམ་པ་ནི་ཡོངས་སུ་བསྔོ་བ་ཡིད་ལ་བྱེད་པ་སྟེ། དེའི ་དབང་དུ་བྱས་པ་ནི་བསྟན་བཅོས་ལས། ཡོངས་སུ་བསྔོ་བ་ཁྱད་པར་ཅན།། དེ་ཡི་བྱེད་པ་མཆོག་ཡིན་ནོ།། དེ་ནི་དམིགས་མེད་རྣམ་པ་ཅན་།། ཕྱིན་ཅི་མ་ལོག་མཚན་ཉིད་དོ།། དབེན་དང་སངས་རྒྱས་བསོད་ནམས་ཚོགས།། རང་བཞིན་དྲན ་པའི་སྤྱོད་ཡུལ་ཅན།། ཐབས་མཁས་མཚན་མ་མེད་པ་དང་།། སངས་རྒྱས་རྗེས་སུ་ཡི་རང་དང་།། ཁམས་སུ་གཏོགས་པ་མ་ཡིན་དང་།། ཆུང་དང་འབྲིང་དང་ཆེན་པོ་དང་།། རང་བཞིན་གཞན་གྱི་ངོ་བོ་སྟེ།། བསོད་ནམས་ཆར་འབྱུང ་བདག་ཉིད་དོ།། ཞེས་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བསྒོམ་པ་ལས་བྱུང་བའི་བསོད་ནམས་པས་འདི་ཁྱད་པར་འཕགས་པས་ན་ཁྱད་པར་ཅན་ཏེ། དེ་ཡང་འདིར་སེམས་ཅན་ཐམས་ཅད་དང ་ཐུན་མོང་དུ་བྱས་ནས་བླ་ན་མང་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེད་དེ། དེ་ཡང་མི་དམིགས་པའི་སྦྱོར་བའི་ས་ཞེས་པ་ཡུམ་ཚན་མོ་ལས་བཤད་དེ། ཁྱད་པར་ངེས་ཡོངས་སུ་བསྔོ་བ་ནི་ཁྱད་པར་ཅན་གྱིས ་ཡོངས་སུ་བསྔོ་བའོ།། དེ་གསུངས་པ་ནི་དེ་ནས་ཡང་ཞེས་པ་ལ་སོགས་པ་སྟེ། དཔའ་མ་ཞེས་པ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པའོ།། ཇི་སྐད་དུ་བཤད་པས་ཁྱད་པར་དུ་གྱུར་པའི་ཕྱིར་སེམས་དཔའ་ཆེན་པོ་སྟེ། ་འདི་ཡོངས་སུ་བསྔོ་བ་ལ་དམིགས་པའི་ཕྱིར་རོ་ཞེས་པས་སེམས་དཔའ་ཆེན་པོའི་རྗེས་སུ་ཡི་རང་བ་ལས་བྱུང་བ་ནི་དགེ་བ་ལས་རྗེས་སུ་ཡི་རེང་བ་སྟེ། དེ་ཡང་འདིར་ཐོག་མར་མི་དམིགས་པས་ཡོངས་སུ་བསྔོ་བ་རྒྱ་ཚར་བཤད་དེ། དེའི་ཡོངས ་སུ་བསྔོ་བ་དེ་དང་ལྷན་ཅིག་པར་གྱུར་པ་ནི་མཆོག་ཏེ། མཆོག་ལ་སོགས་པའི་འབྲས་བུའི་རྒྱུ་ཡིན་པའི་ཕྱིར་ཏེ། དེ་ཡང་གང་དུ་གོ་རིམ་ཇི་ལྟ་བ་བཞིན་དུ་རབ་ཏུ་དགའ་བ་ལ་སོགས་པ་ནས་ས་བཅུ་གཅིག་གིས་བསྡུས་པ་སྟེ། རང་དང ་གཞན་གྱི་དོན་དུ་ཕུན་སུམ་ཚོགས་པའི་རྒྱུའི་ཕྱིར་རོ།། མི་མཉམ་པ་ནི་སངས་རྒྱས་རྣམས་དང་སྟེ། དེ་རྣམས་ཐུན་མོངོམ་ཡིན་ཞིང་ཁྱད་པར་ཅན་ནོ།། ཕྱིས་མཉམ་པ་དང་མི་མཉམ་པ་ནི་ཀུན་ཏུ་འོད་ཀྱི་ས་དང་། ཆོས་ཀྱི་སྤྲིན་དག་ཇི་ལྟར ་མཉམ་སྟེ། མི་མཉམ་པར་ཆོས་མཐུན་པའི་ཕྱིར་རོ།། ས་བཅུའི་དབང་ཕྱུག་གི་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་ཉིད་དུ་བལྟ་བར་བྱའོ།། ཡང་དག་པར་རྫོགས་པའི་སངས་རྒྱས་ནི་མ་ཡིན་ནོ་ཞེས་རབ་ཏུ་གསུངས་པའི་ཕྱིར་རོ།། དེ་ལྟར་ན ་མཆོག་ལ་སོགས་པའི་ཚིག་རྣམས་ཀྱིས་ནི་ཁྱོད་པར་དུ་སྡེ་པའི་བྱེད་པ་གསུངས་སོ།། དེ་སྐད་སྨྲས་པ་དང་ཞེས་པ་ལ་སོགས་པ་སྟེ། འདིར་ཕྱོགས་བཅུ་ཞེས་པ་ནི་ཕྱོགས་བཅུའོ།། ནམ་མཁའི་ཁམས་ཀྱི་མཆོག་ནི་སྣོད་ཀྱི་འཇིག་རྟེན་ཏེ། ཐམས ་ཅད་ནི་ཕྱོགས་དེ་རྣམས་ཐམས་ཅད་ལ་ཐམས་ཅད་དུ་སོང་བ་ནི་དེ་ཡིས་ཁྱབ་པ་སྟེ་ལྷག་པས་ཞེས་པའི་དོན་ཏོ།། གཞལ་དུ་མེད་པ་ལ་སོགས་པ་རྣམས་ཀྱི་ཁྱབ་པའི་ཕྱོགས་རྣམས་རེ་རེ་ཞིང་མངོན་པར་འབྲེལ་པའི་དོན་ལའོ།། མཐའ་ཡས་མུ ་མེད་པོ་ནི་མཐའ་ཡས་པའི་ཡང་མཐའ་ཡས་པ་རྣམས་ལའོ།། དེ་ལ་ཕྱོགས་ཤིན་ཏུ་རིང་ཞིང་རྒྱུན་མི་འཆད་པས་གཞལ་དུ་མེད་པ་རྣམས་སོ།། གྲངས་ཀྱིས་ཡོངས་སུ་ཆད་པ་མེད་པས་གྲངས་མེད་པའོ།། ཕྱོགས་སུ་རྒྱ་དང་སྤངས་ལ་ཚང་ཆད་པ་མེད ་པས་ཚད་མེད་པ་རྣམས་སོ།། རེ་རེ་ཞིང་བསམ་པར་མི་ནུས་པའི་ཕྱིར་བསམ་གྱིས་མི་ཁྱབ་པ་རྣམས་སོ།། དེ་རྣམས་རང་ཉིད་ཀྱིས་བསམ་གྱིས་མི་ཁྱབ་ཅིང་རང་ཉིད་ཀྱིས་མཐར་སོན་པ་མེད་པས་མཐའ་ཡས་པ་སྟེ། དེ་བཞིན་དུ་ཕྱོགས་རེ་རེ ་ཞིང་མཐའ་ཡས་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་སྟེ། འཇིག་རྟེན་གྱི་ཁམས་རྣམས་ཀྱི་ཕྱོགས་རེ་རེ་ཞིང་སྟོང་གསུམ་གྱི་རིང་བཞིན་གཤེགས་པ་རྣམས་ཞེས་པར་འབྲེལ་ཏོ།། འདི་ཡང་རེ་རེ་བཞིན་དུ་སྟོང་གསུམ་དང་འབྲེལ་པའི་དོན ་གྱིས་ན་ཁྱབ་པའོ།། འོ་ན་སྟོང་གསུམ་པོ་གཅིག་ལ་དེ་བཞིན་གཤེགས་པ་གཅིག་ཉིད་དང་ཞེ་ན། གསུངས་པ་ནི་འདས་པའི་དུས་ཞེས་པ་སྟེ། དེ་ལ་དུས་གཅིག་ཏུ། དེ་བཞིན་གཤེགས་པ་གཅིག་ཏུ། ཐམས་ཅད་དུ་ནི་མ་ཡིན་ནོ།། འདས ་པའི་ཡང་དུས་མེད་དེ། ཐོག་མ་མེད་པའི་ཕྱིར་གཞལ་དུ་མེད་པའོ།། དེའི་འཇིག་རྟེན་གྱི་ཁམས་གཅིག་གི་ཡང་འདས་པའི་དུས་ཀྱི་གཞལ་དུ་མེད་པའི་དེ་བཞིན་གཤེགས་པ་རྣམས་ཏེ། དུས་ཡུན་རིང་པོར་རྒྱུན་མ་ཆད་པའི་ཕྱིར་རོ།། དེ་སྲིད ་དུ་དེ་རྣམས་གྲངས་ཀྱིས་ཡོངས་སུ་མ་ཆོད་པའི་གྲངས་མེད་པའོ།། ཡིད་ཀྱིས་ཆུ་དང་རྒྱར་ཡངས་པས་ཡོངས་སུ་ཆད་པ་མེད་པའི་ཕྱིར་གཞལ་དུ་མེད་པའོ།། གཅིག་གཅིག་བསམ་གྱིས་མི་ཁྱབ་པ་རྣམས་སོ།། གཅིག ་གཅིག་སེམས་པ་ལ་མཐའ་ཡས་པར་འགྱུར་བས་མཐའ་ཡས་པ་རྣམས་སོ།། ཉོན་མོངས་པའི་ངགྲ་བཅོམ་པས་དགྲ་བཅོམ་པ་རྣམས་སོ།། ཕྱིན་ཅི་མ་ལེག་པར་ཆོས་ཐམས་ཅད་ཤེས་པས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས ་སོ།། སྲིད་པའི་ལམ་གྱི་ཕྱིར་ལམ་སྟེ་ངར་འཛིན་པའོ།། འཇུག་པ་ནི་སྲིད་པ་དང་སྲིད་པའི་གནས་ཀྱི་ཕྱིར་རོ།། སྤྲོས་པ་ནི་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པར་བརྟགས་པ་ལ་སྲིད་པ་ནི་འཁོར་བའོ།། དེ་དག་ཏུ་འདྲེན་པ་སྟེ། གོ་རིམ ་བཞིན་དུ་ཆེས་སུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་དང་དེ་དག་ཟད་པས་ནི་ཆད་པསོ།། འཆིང་བ་ཞེས་པོ་ནི་ཡང་སྲིད་པ་མེད་པ་སྟེ། ཡང་འཆིང་བའི་མྱ་ངན་མེད་པས་འཆིང་བ་མེད་པ་སྟེ། དེ་ཡིས་འཆིང་བ་ཡོངས་སུ་ཟད་པའོ།། ཚེར་མ་དང ་འདྲ་བས་ཚར་མ་སྟེ། ལྟ་བ་ངན་པ་ལ་དེ་རྣམས་དཀྲུགས་པས་ན་ཚེར་མ་བཅོམ་པའོ།། ལྷག་མ་ནི་གླེང་གཞི་ན་མང་དུ་བཤད་ཟིན་ཏོ།། སེམས་དང་པོ་བསྐྱེད་པ་ནི་ས་ལྟ་བུ་སྟེ། དེ་ནས་རྩམས་ནས་ཟག་པ་མེད་པའི་ཚུལ་ཁྲིམས་དང་། ཏིང ་ཛིན་དང་། ཤེས་རབ་རྣམས་གོ་རིམ་ཇི་ལྟ་བ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། སྒྲིབ་པ་ཐམས་ཅད་སྤངས་པའི་རྣམ་པར་གྲོལ་བའི་ཕུང་པོ་དང་རྣམ་པར་གྲོལ་བའི་ཡེ་ཤེས ་མངོན་སུམ་དུ་བྱེད་པའི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོའོ།། བྱང་ཆུབ་སེམས་དཔའ་རྣམས་ལ་ནི་སྟོབས་ལ་སོགས་པ་ཡོད་ཀྱང་དེ་ཕ་རོལ་ཏུ་སོན་པ་མ་ཡིན་པས་དེ་རྣམ་པར་བཅད་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་གཟུང་ངོ་།། ་ཡོངས་སུ་ཤེས་པ་ནི་ཟག་པ་མེད་པའི་ལམ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ནི་བདེ་བ་སྟེ། ཉེ་བར་ཞི་བའི་བདེ་བའི་ཕྱིར་རོ།། ཆོས་ཐམས་ཅད་ཀྱི་དབང་ཕྱུག་ལ་དབང་བྱེད་པ་ནི་རྫུ་འཕྲུལ་མངོན་པར་འདུ་བྱེད་པོའི་བྱ་བ་ལ། སྒྲིབ་པ ་མེད་པ་ནི་དག་པའི་ཕྱིར་རོ།། ཆགས་པ་མེད་པ་ནི་ལྟོས་པ་མེད་པའི་ཕྱིར་རོ།། ཐོགས་པ་ནི་ཐམས་ཅད་དུ་རྣམ་པ་ཐམས་ཅད་ཀྱི་ཤེས་བྱ་བ་ལ་རབ་ཏུ་འཇུག་པའོ།། དཔེ་མེད་པ་ནི་དེ་ཡིས་རྗེས་སུ་དཔག་པ་ལ་ཁྱད་པར་ཅན་གྱི་དཔེ་མེད་པའི ་ཕྱིར་རོ།། ཡོངས་སུ་མཱ་བཅད་པས་ན་དཔག་ཏུ་མེད་པའོ།། ཁྱད་པོར་མ་ལུས་པ་གཞན་དང་བྲལ་བའི་ངོ་བོ་འཛིན་པ་ནི་མངོན་སུམ་ལ། དེ་ཡིས་དེ་ལ་ཡོངས་སུ་གཞལ་དུ་མེད་པའོ།། ཡང་དག་པའི་ཤེས་པ་ཁོ་ན་སྟོབས་ཏེ། ཐམས་ཅད ་ཟོཟིལ་གྱིས་མནན་པའི་ཕྱིར་རོ།། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྟོབས་ནི་ནུས་པ་ཚད་མེད་པས་རྒྱུན་མ་ཆད་པར་རྣམ་པ་ཐམས་ཅད་དུ་འགྲོ་བའི་དོན་གྱི་བྱ་བ་ལའོ།། སྟོབས་རྣམས་ཀྱི་ནང་ན་གང་ཞིག་སངྱས་རྣཾས་ཀྱི་ཡེ་ཤེས་དང་། གཟིགས ་བ་སྟེ། ཐོས་པ་མངོན་སུམ་དུ་བྱས་སོ།། མི་འཇིགས་པ་བཞིས་ལེགས་པར་གང་བ་ནི་རྟོགས་པའི་ཆོས་རྣམས་ཐམས་ཅད་ཀྱིས་སོ།། དོན་དམ་པར་ནི་ཡང་དག་པའི་ཡེ་ཤེས་རྫོགས་པར་བྱེད་པས་སོ།། ལེན་གསུམ་དུ་བཟླས་ཤིང་རྣམ ་པ་བཅུ་གཉིས་དང་ལྡན་པ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་ཆོས་ཏེ། དེ་ཉིད་འཁོར་ལ་སྭཱ། ལྷ་དང་མི་རྣམས་ལ་འཁོར་བའི་ཕྱིར་རོ།། ངའི་བསྐོར་བ་ནི་ཕྱོགས་བཅུར་རོ།། འདིའི་རྒྱས་པར་བཤད་པན ་ཡན་ལག་དགུ་རྣམས་ཀྱིསྐུ་ཏེ། དེའི་ཆོས་ཀྱི་གསལ་བྱེད་ཀྱི་ངག་ནི་ཆོས་ཀྱི་སྒྲོན་མའོ།། དེ་རྣམས་འཛིན་པ་ནི་ཡིད་ལ་རྣམ་པར་བཞག་པ་ལ། དེ་གཉིས་ཀྱི་ངག་ནི་ཆོས་ཀྱི་རྔའོ།། དེ་རྣམས་ཡང་དག་པར་བརྡུང་བའི་གདུལ་བྱའི་སྐྱེ་བོས་ཐོས་པར ་བྱེད་པའོ།། དེ་ཉིད་ཀྱི་ངག་ནི་དུང་ལ་དེ་གདུལ་བྱ་རྣམས་ཀྱིས་ཤེས་པ་ནི་རབ་ཏུ་འབུད་པའོ།། ཆོས་ཀྱི་དུང་དེའི་རབ་ཏུ་བརྗེད་པ་དེ་ཉིད་ལ་དམིགས་ནས། དེ་དོན་དུ་གཉེར་བའི་རྣམ་པ་ཡིད་ལ་བྱེད་པའི་སེམས་པ་དང་། བསྒོམ་པ་དག་གིས ་ཡོངས་སུ་རྫོགས་པའོ།། བསྒོམ་པའི་སྟོབས་ལས་སྐྱེས་པའི་དེ་ཉིད་ཀྱིས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་རལ་གྲི་འབེབས་པ་སྟེ། ཉོན་མོངས་པ་རྣམས་རྣམ་པར་འཇོམས་པའོ།། དེ་ཉིད་ཀྱིས་ཡང་སྐྱེ་བོ་མང་པོ་ལ་རབ་ཏུ་འཇུག ་པའི་ཆོས་ཀྱི་ཆར་དེས་རབ་ཏུ་འབེབས་པའོ།། དེ་ཉིད་སྒོ་གླེགས་མེད་པའི་མཆོད་སྦྱིན་གྱི་ཕྱིར་མཆོད་སྦྱིན་ནོ།། ཆོས་དེའི་སྦྱིན་པས་སེམས་ཅན་རྣམས་ཐམས་ཅད་ཚིམ་པར་བྱེད་པ་ནི་ཡང་དག་པར་འཛུད་ཅིང་ཡོངས་སུ་སྟོབས་པའོ།། བཏུལ། ་བ་ནི་དྲན་པ་ཉེ་བར་བཞག་པ་རྣམས་དང་བདེན་རྣམས་ལ་རབ་ཏུ་གཞུག་པའི་ཕྱིར་རོ།། པོསླབ་པ་ནི། ཡང་དག་པར་སྤོང་བ་རྣམས་དང་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་ལེ། མོས་པ་ནི་དབང་པོ་དང་སྟོབས་རྣམས་ཀྱིས་མཐའ་གཅིག་ཏུ། ་ངེས་པའོ།། ངེས་པ་ནི་མྱ་ངན་ལས་འདས་པར་རོ།། ཡིད་ཀྱིས་བསྒོམས་པ་ནི་ངེས་པར་བྱེད་པ་ལ། དེས་ནི་ཕན་པ་སྟེ་དང་བར་བྱ་ཞེས་པའི་དོན་ཏོ།། མ་ལུས་པར་གཅིག་ཏུ་བསྡུས་པ་ནི་རྗེས་སུ་ཡི་རང་བ་མ་ལུས་པ་ཞེས་པ་དང་འབྲེལ་ཏོ།། ། ་གཅིག་ཏུ་ནི་ཕུང་པོ་གཅིག་ཏུའོ།། གཅིག་ཏུ་མངོན་པར་བསྡུས་པ་ཞེས་པའི། རྣམ་པར་འགྲེལ་པ་ནི་བསྡོམ་ཞེས་པའོ།། གཞལ་བ་ནི་མཉམ་པར་བཞག་པའི་ཡིད་ཀྱིས་རྟོགས་པའོ།། མཆོག་ནི་རབ་ཏུ་འཕགས་པའོ།། ཇི་ལྟར་ན ་ཚིག་བཅུ་གཅིག་ཅེ་ན། དམིགས་པ་བཅུ་གཅིག་ལ་སྟེ། དེ་རྣམས་ནི་རབ་ཀྱི་ཕྱིར་རོ།། དེ་གང་དུ་ན་དབུས་དང་ཕྱོགས་བཅུའི་ཡང་དེ་བཞིན་གཤེགས་པ་དེ་རྣམས་འཁོར་དང་བཅས་པ་རྣམས་ལ་ཕུལ་བའི་དགེ་བའི་རྩ་བ་གང་ཡིན་པ ་དེ་ལ་དམིགས་པའི་ཕྱིར་དེ་རྣམས་ལའོ།། དེ་ལ་ཞེས་པ་ལ་སོགས་པས་རབ་འབྱོར་གྱིས་དྲི་བ་སྟེ། དངོས་པོ་གང་དག་ནི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་ལ། དམིགས་པ་གང་དག་ནི་དེ་ཉིད་ཀྱི་དགེ་བའི་རྩ་བ་གང ་ངག་གོ། རྣམ་པ་གང་དག་ནི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་གྱི་ཕུང་པོ་ལ་སོགས་པ་རྣམས་ཀྱི་དེའི་སེམས་རྗེས་སུ་ཡཽ་རང་བའི་སེམས་ཀྱི་ཉེ་བར་དམིགས་པར་བྱེད་པ་དེ་དམིགས་པར་འགྱུར་རམ་མོ།། མཚན་མར་བྱེད་པ་ནི་རྣམ་པར ་རྟོག་པར་བྱེད་པ་སྟེ། གཞན་དུ་ནི་རྗེས་སུ་ཡི་རང་བ་དང་ཡོངས་སུ་བསྔོ་བར་མི་སྦྱོར་བའི་ཕྱིར་རོ།། འདུ་ཤེས་ཕྱིན་ཅི་ལོག་པ་ནི་ཡོད་པ་མ་ཡིན་པ་ལ་མཚན་མར་ཡོད་པ་ཉིད་དུ་གཟུང་བའི་ཕྱིར་རོ།། སེམས་ཕྱིན་ཅི་ལོག་པ་ནི་ཡོད་པ་མ ་ཡི་པ་ལ་དམིགས་པའི་གཟུང་བའི་ཕྱིར་རོ།། ལྟ་བ་ཕྱིན་ཅི་ལོག་པ་ནི་ཡོད་པ་དང་བདག་ཏུ་ཕྱིན་ཅི་ལོག་པའི་ཡང་དག་པ་མ་ཡིན་པའི་ཡུལ་ལ་ཀུན་ཏུ་འཇུག་པའི་ཕྱིར་རོ།། འདི་རྣམས་བསྒྲུབས་པའི་ཕྱིར་འདོད་ཆགས་ཀྱི་དཔེ་སྟེ། ་རྣམ་པར་བཏགས་པ་ནི་སྒྲོ་བཏགས་པའོ།། ཀུན་ཏུ་བཏགས་པ་ནི་རྒྱུད་ལ་ཡང་ནས་ཡང་དུ་དམིགས་པའོ།། དེ་ལྟར་སེམས་པ་ནི་ཡོངས་སུ་རྟོག་པའི་སེམས་ལ། ཆོས་ཐམས་ཅད་ཅེས་པ་ནི་འདིའི་རྒྱས་པར་བཤད་པའོ།། ཁམས་ཐམས་ཅད ་ཅེས་པ་ནི་དངོས་པོ་ལ་སོགས་པ་རྣམས་ཀྱི་རྗེས་སུ་ཡི་རང་བའི་སེམས་དང་འབྲེལ་པ་རྣམས་ཀྱིས་སོ།། སེམས་ནི་ཡོངས་སུ་བསྔོ་བའི་སེམས་ལ། དེ་ཡང་ངོ་བོ་ཉིད་མེད་པའི་ཕྱིར་རོ།། གང་དུ་ཞེས་པ་ནི་གང་དུ་ཡོངས་སུ་བསྔོ་བ་ཉིད་དུ་མི ་འགྱུར་ཞེས་པར་དགོངས་པའོ།། འགྱུར་ཞེས་པ་ནི་རྗེས་སུ་ཡི་རང་བ་དང་ཡོངས་སུ་བསྔོ་བས་སོགས་པར་འགྱུར་བ་དག་གི་ཙམ་གཟུང་བས་ནི་རྗེས་སུ་གནས་པ་རྣམ་པར་གཅོད་པའི་ཕྱིར་རོ།། དད་པ་ནི་ཡིད་ཆེས་པའོ།། དགའ་བ ་ནི་མོས་པའོ།། དང་བ་ནི་ཡིད་རྙོག་པ་དང་བྲལ་བའོ།། གུས་པ་ནི་འདུད་པའོ།། ཉེ་བར་བརྟན་པ་ནི་བརྟན་པར་བྱས་པའོ།། འགོད་པ་ནི་ཞུམ་པའོ།། ཀུན་ཏུ་ཞུམ་པ་ནི་ཐེ་ཚོམ་གྱིས་སོ།། བག་ཚ་བ་ནི་དུབ་པའོ།། འཁུམས་པར ་གྱུར་པ་ནི་དུབ་པར་གྱུར་པས་སོ།། སྐྲག་པར་རྩོམ་པ་ནི་སྐྲག་པའོ།། འཚོགས་པའི་སྐྲག་པ་ནི་ཀུན་ཏུ་སྐྲག་པོའོ།། དེའི་རྒྱུན་ནི་ཀུན་ཏུ་སྐྲག་པ་དང་ལྡན་པའོ།། དེ་ལྟར་ཞེས་པ་ནི་འགོང་བ་ལ་སོགས་པ་མེད་པའོ།། གལ་ཏེ། ཞེས ་པ་ནི་རྗེས་སུ་ཡི་རང་བ་པོའི་སེམས་ལ་ཟད་ཅེས་པ་ནི་བསྟན་པའོ།། ལྷག་མ་ནི་བཤད་པ་སྟེ། འགགས་པ་ནི་རྣམ་པར་ཞིག་པའི་ཕྱིར་རོ།། བྲལ་བ་ནི་མི་གནས་པའི་ཕྱིར་རོ།། རྣམ་པར་གྱུར་པ་ནི་ཡང་མི་སྐྱེ་བའོ།། གང་ཞེས་པ་ནི་དེ ་ནི་ཅི་ཡང་མིན་ཏེ། ངོ་བོ་ཉིད་མེད་པའི་ཕྱིར་རོ།། ཕྲད་པ་མེད་པ་ནི་དུས་མཉམ་དུའོ།། སེམས་ཀྱི་ཆོས་ཉིད་རྟག་པ་མ་ཡིན་ཞེ་ན། གསུངས་པ། མི་ནུས་ཞེས་ཏེ། དེ་རྣམས་དོན་དམ་པར་ནི་ངོ་བོ་ཉིད་མེད་པོའི་མཚན་ཉིད་ཀྱི་འདུས་མ ་བྱས་པ་ཉིད་པས་ཡོངས་སུ་བསྔོ་བ་ལ་སྦྱོར་བ་མེད་པའི་ཕྱིར་རོ།། ལེགས་པར་ཡོངས་སུ་གཟུང་བ་ནི་ཚིག་ལེགས་པ་མ་ཡིན་པར་གཟུང་བ་ལ་ནི་ལེགས་པར་ཡོངས་སུ་བསྔོ་བ་ཉིད་ལ་སྦྱོར་བ་མེད་པའི་ཕྱིར་རོ།། བརྩམས་པ་ནི་དབང་དུ ་བྱས་པའོ།། གཞིར་བྱས་པ་ནི་འདྲི་བའི་གནས་སྐབས་སུའོ།། འཕགས་པ་བྱམས་པས་ལན་གསུངས་པ་ནི། གལ་ཏེ་ཞེས་པ་ལ་སོགས་པ་སྟེ། འདི་ནི་གཉི་ག་འདིའོ།། དེ་ལྟར་ཞེས་པ་ནི་ལེགས་པར་གཟུང་བའི་ཕྱིར་ལ། ཡོངས་སུ་བསྔོ། ་བ་ནི་ལེགས་སུ་བསྔོ་བའོ།། འདི་ལྟར་ཡང་དག་པར་ཤེས་ཞེས་པ་ནི་བསྟན་པ་ལ། འདི་ལྟར་སེམས་ཞེས་པ་བཤད་པ་སྟེ། ཕྱིན་ཅི་མ་ལོག་པས་ཡིད་ལ་བྱ་ཞེས་པ་དོན་ཏོ།། ཟད་པ་ནི་འདས་པའི་ཕྱིར་ལ། ཟད་པ་ཞེས་པ་ལ་སོགས་པ ་རྣམས་ཀྱིས་ནི་རྣམ་གྲངས་ཀྱིས་ཡིད་ལ་བྱེད་པའོ།། མི་ནུས་པ་ནི་མེད་པའི་ཕྱིར་རི་བོང་གི་རྭ་བཞིན་ནོ།། དེའི་ཆོས་ཉིད་ཅེས་པ་ནི་ངོ་བོ་ཉིད་མེད་པ་ཉིད་ལ། ཆོས་ཞེས་པ་ནི་སེམས་ལས་བྱུང་བ་རྣམས་ཀྱིས་སོ།། དད་པ་ནི་སེམས་ལ ་སོགས་པ་རྣམས་ཀྱིས་སོ།། ཆོས་རྣམས་ལ་ནི་སངས་རྒྱས་ཀྱི་ཆོས་རྣམས་ལ། གལ་ཏེ། ཞེས་པ་ལ་སོགས་པ་ནི་ཉེ་བར་བསྡུ་བའོ།། འདི་ལྟར། ཞེས་པ་ནི་དམིགས་པ་མེད་པ་སྟེ། ཐམས་ཅད་དུ་སྟོང་པ ་ཉིད་དང་། རོ་གཅིག་པར་ཡིད་ལ་བྱེད་པས་ཞེས་པའི་དོན་ཏོ།། འདིར་འདི་ནི་འཕགས་པ་བྱམས་པས་འདས་པའི་སངས་རྒྱས་ཀྱི་དབང་དུ་བྱས་ནས་གསུངས་ལཾ། མ་འོངས་པའི་དབང་དུ་བྱས་ནས་གསུངས་པ་ནི། གཞན་ཡང་ཞེས་པ་ལ་སོགས ་པའོ།། ད་ལྟར་བྱུང་བའི་དབང་དུ་བྱོས་ནས་གསུངས་པ་ནི། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། གང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་གདུལ་བ་མེད་པས་མྱ་ངན་ལས་འདས་པ་བསྟན ་པས། དེ་དག་གཞན་གྱི་མེ་མཐོང་བ་ནི་འདས་པའི་ཞེས་བྱ་ལ། གང་མངོན་པར་རྫོགས་པར་སངས་རྒྱས་པའི་དོན་བསྒྲིབས་པ་རྣམས་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་བ་ནི་མི་འོངས་པོ་ཞེས་བྱའོ།། གང་ཡང་གདུལ་བ ་བ་ཡོད་པ་རྣམས་ཀྱིས་མཐོང་བར་བྱེད་པས་གཞུགས་པ་ནི་དེ་ལྟར་བྱུང་བའོ།། ཞེས་པ་ནི་མི་དམིགས་པའི་ཡོངས་སུ་བསྔོ་བ་གཉིས་པའོ།། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། འདིར་མདོར་བསྡུས་ན་དུས་གསུམ་གྱི་སངས་རྒྱས་ལ་སོགས ་བ་རྣམས་ཀྱི་བསོད་ནམས་ལ་རྗེས་སུ་ཡི་རང་བ་རྣམས་ཀྱིས་སོ།། དགོངས་ཞེས་པ་ནི་ཡང་དག་པར་ཡིད་ལ་བྱེད་པ་ལ། ཆོས་དའི་ཞེས་པ་ནི་ཡོངས་སུ་བསྔོ་བར་བྱའོ།། ཆོས་ནི་ཟད་པ་མེད་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཉིད་རྟོགས་པའི་མཚན་ཉིད་ཡོངས་སུ་བསྔོས་པ་མ་ཡིན་ཏེ། ཕྱིན་ཅི་མ་ལོག་པས་སོ།། ཞེས་པ་ལ་དགོངས་པའོ།། ཆོས་ཀྱིས་ཆོས་ལ་ཡོངས་སུ་མི་བསྔོ།། ཞེས་པ་ནི་ཆོས་རྣམས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད ་པའི་ཕྱིར་རོ།། དེ་ལྟར་ན་ཡང་ཞེས་པས་རྣམ་པ་གཞན་གསུངས་པ་ནི། གལ་ཏེ་ཡང་ཞེས་པ་ལ་སོགས་པ་དང་། འདི་ཞེས་པ་ལ་སོགས་པས་ནི་ཉེ་བར་བསྡུ་བའོ།། ཞེས་པ་ནི་ཕྱིན་ཅི་མ་ལོག་པའི་ཡོངས་སུ་བསྔོ་བ་སྟེ་གསུམ་པའོ།། གལ་ཏེ ་ཡང་ཞེས་པ་སོགས་པ་སྟེ། བསོད་ནམས་མངོན་པར་འདུ་བྱེད་པ་ནི་བསོད་ནམས་ཀྱི་ལས་ལ། འདུ་ཤེས་ནི་མངོན་པར་ཞེན་པ་མེད་པའོ།། དབེན་པ་དང་ཞི་བ་ནི་གོ་རིམ་ཇི་ལྟ་པ་བཞིན་དུ་རང་དང་སྤྱིའི་མཚན་ཉིད་དག་གིས་སྟོང་པའི་ཕྱིར་རོ།། ་ཡང་གལ་ཏེ་ཞེས་པ་ལ་སོགས་པས་དེ་གསུངས་པ་ནི། ཤེས་པ་དབེན་ཞིང་ཞི་བ་ཉིད་ཡིན་པས་གལ་ཏེ་དེས་དངོས་པོ་ལ་མངོན་པར་ཞེན་པར་གྱུར་ན་དེའི་ཡང་དག་པར་ཡོངས་སུ་བསྔོ་བར་མི་འགྱུར་རོ།། དེ་ལྟར་ཞེས་པ་ལ་སོགས་པ་ནི་ཉེ། ་བར་བསྡུ་བའོ།། ཞེས་པ་ནི་དབེན་པའི་ཡོངས་སུ་བསྔོ་བ་གང་ཁོ་ན་ཡང་དག་པའི་ཡོངས་སུ་བསྔོ་བ་སྟེ། བཞི་པའོ།། གང་ཡང་ཞེས་པ་ལ་སོགས་པས་ནི་རང་བཞིན་དྲན་པའི་སྤྱོད་ཡུལ་གྱི་དྲན་པ་སྟེ། ཅི་འདྲ་བ་ཉིད་ཅེས་པ་ལ་སོགས་པས ་བརྟག་པ་སྟེ། ཅི་འདྲ་བ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལ། དགེ་བའི་རྩ་བ་ནི་རྗེས་སུ་ཡི་རང་བ་ལས་བྱུང་བའི་འོ།། གང་གིས་ཡོངས་སུ་བསྔོ་བ་ནི་སེམས་ཀྱིསོ།། དེ་ཡང་ནི་དེ་གཉི་གའོ།། དེའི་རིགས་ཅན་ནི་དེ་ཉིད་ཀྱི་རིགས་ཏེ། གང ་ཞིག་གི་སྤྱིའོ།། དེའི་མཚན་ཉིད་ནི་གང་དེ་ཉིད་ཀྱི་སྤྱིའི་མཚན་ཉིད་དོ།། དེའི་རིགས་སུ་གཏོགས་པ་ནི་དེའི་ཚོགས་ཅན་ནོ།། དེའི་རང་བཞིན་ཅན་ནི་དེའི་ངོ་བོ་ཉིད་དོ།། གལ་ཏེ་གང་འདིས་ཀྱང་ངོ་།། དེ་འདྲ་བ་ཉིད་ལ ་སོགས་པའི་དེ་ཁོ་ན་ཉིད་མ་ཡིན་པ་ལ་མངོན་པར་ཞེན་པ་ནི་དེ་ལྟར་ན་ཡང་དག་པོར་ཡོངས་སུ་བསྔོས་པ་མ་ཡིན་པའོ།། གང་འདས་པ། ཞེས་པ་ལ་སོགས་པས་ནི་དེ་ལས་གཞན་པའི་དེ་ཁོ་ན་ཉིད་མ་ཡིན་པའི་རྣམ་པར་རྟོག་པ་གསུངས་པ། མ ་ཐོབ་པ་ནི་མ་སྐྱེས་པས་སོ།། གནས་པ་མི་དམིགས། ཞེས་པ་ནི་རང་བཞིན་གྱིས་འཇིག་པའི་ཕྱིར་དང་། དོན་དམ་པར་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ།། དེའི་ཕྱིར་གསུམ་པོ་མེད་པས་ནའོ།། དེ་ལ་མཚན་མ་མེད་པས་ནི་རྒྱུ་མེད་པའི་ཕྱིར་རོ།། ་རྣམ་པ་ནི་ཡུལ་མེད་པའོ།། དེ་ལྟར་ཞེས་པའི་ཟད་པ་ཉིད་ལ་སོགས་པ་ནི་དེ་ཁོ་ན་ཉིད་པས་སོ།། མཚོན་མ་ཅན་དུ་བྱེད་ན། ཞེས་པ་ནི་ཉེ་བར་དམིགས་པ་སྟེ། དེ་ལྟར་ན་ཡང་དག་པར་ཡིད་ལ་བྱེད་པ་ཡིན་པའོ།། དེ་ལ་ནི་མིན་ཅེས་པའོ།། དེ་ལྟར ་ན་ཡང་སྟེ། དེ་ལྟར་མཚན་མ་མེད་པ་ཅན་དུ་མི་བྱེད་ན་ཡང་ངོ་།། དེ་སྟེ། ཞེས་པ་ནི་དེ་འདྲ་བ་ཉིད་ལ་སོགས་པ་ཅན་གྱི་མཚན་མ་མེད་པ་ཉིད་དང་། ཡུལ་མེད་པ་ཉིད་ལའོ།། མཚན་མ། ཞེས་པ་ནི་ཡང་དག་པའི་ཤེས་པས་དམིགས་པའོ།། ། ་སེམས་པ་ནི་ཡང་དག་པར་ཡིད་ལ་བྱེད་པའོ།། མཚན་མར་མི་བྱེད་པ་ནི་མངོན་པར་ཞེན་པར་མི་བྱེད་པ་ལ། དེ་བཞིན་དུ་འདིར་ཞེས་པ་ལ་སོགས་པ་ནི་ཉེ་བར་བསྡུས་པའོ།། དེ་ལྟར་སངས་རྒྱས་ཀྱི་བསོད་ནམས་ཀྱི་ཆུ་བོ་ལ་གང་གིས་ངོ་བོ་ཉིད་ཀྱིས ་ཆོས་ཉིད་འདིར་དྲན་ནས། རྗེས་སུ་ཡི་རང་བ་ལ་སོགས་པ་རྣམས་ཀྱིས། ཞེས་པ་ནི་སངས་རྒྱས་ཀྱི་བསོད་ནམས་ཆུ་བོའི་རང་བཞིན་དྲན་པའི་སྤྱོད་ཡུལ་གྱིས་ཡོངས་སུ་བསྔོ་བ་ལྔ་པའོ།། འདི་ལྟར་ཞེས་པ་ནི་དེ་གཉི་ག་ལ་དེ་ཁོ་ན་ཉིད་ཡིད་ལ ་བྱེད་ཅིང་མཚན་མར་མི་བྱེད་པའོ།། འདི་ཉིད་ཅེས་པ་ནི་མདོ་བདག་ཉིད་ལའོ།། ཐོས་པ་དང་མི་ལྡན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཞེས་པ་ནི་གང་ཡོངས་སུ་བསྔོ་བ་དེ་ཉིད་བསོད་ནམས་ཀྱི ་བྱ་བ་ལ་འཇུག་པ་ནི་གཏོང་དཔོག་པར། ཞེས་པ་ནི་ཐབས་དང་བཅས་པའི་ཡོངས་སུ་བསྔོ་བ་སྟི་དྲུག་པའོ།། དེ་ཅིའི་ཕྱིར་ཞེ་ན། ཞེས་པ་ལ་སོགས་པ་སྟེ། འདི་དེ་ཡཽ། ཞེས་པ་ནི་གོང་དུ་བཤད་པ་གང་དེ་ལའོ།། བདག་གི་དངོས་པོ་ནི། ་ལུས་རྣམས་སོ།། འདུ་བྱེད་དེ་དག་ནི་དགེ་བའི་རྩ་བ་སྟེ། འདིར་ཡང་དེ་དག་དབེན་ཞིང་ཞི་ལ་ངོ་བོ་ཉིད་མེད་པའོ།། ཞེས་པའི་དོན་དང་། འདི་དང་བྲལ་བ་ཉེ་བར་ཐོབ་པ་རྣམས་སུ་དམིགས་པར་མི་འགྱུར་རོ།། ཞེས་པའི་དོན་ཏོ།། འོན་ཀྱང ་ཞེས་པ་ནི་གལ་ཏེ་དམིགས་པར་མི་འགྱུར་བ་དེ་ལྟར་ན་ཡང་ངོ་།། ཡང་དག་པའི་ཇི་ལྟ་བ་བཞིན་ནི་ཕྱིན་ཅི་མ་ལོག་པས་སོ།། འགགས་པ་ནི་ལུས་ལ་སོགས་པའོ།། མཚན་མར་བྱེད་པ་ནི་གཟུང་བར་བྱེད་པའོ།། རྣམ་པར་བརྟགས ་པ་ནི་མངོན་པར་ཞེན་པར་བྱེད་པས་སོ།། ཡང་དག་པ་ཇི་ལྟ་བ་མ་ཡིན་པ་ནི་རྣམ་པར་རྟོག་པའི་སྣང་བ་ལ་ཡང་དག་པ་ཇི་ལྟ་བ་ནི་འགགས་པ་ལ་སོགས་པའི་འདུ་ཤེས་ཅན་གྱི་ཉེ་བར་དམིགས་པའི་བདག་ཉིད་ཅན་འདིར་དམིགས་པ་མེད ་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེད་པའོ།། ང་ཉིད་དེའི། ཞེས་པ་ནི་ཤིན་ཏུ་ཡང་ཞེས་པའི་དོན་ཏོ།། ངའི་ཤིན་ཏུ་མཚན་མ་ཅན་དུ་བྱེད་པས་སྦྱོར་བ་མེད་པའི་ཕྱིར་རོ།། ་དེ་ཡང་དུག་དང་བཅས་པ་ནི་ཆོས་ཀྱི་དེ་ཁོ་ན་ཉིད་རྟོགས་པ་ལས་ཉམས་པའི་མཚན་ཉིད་ཀྱིས་འཆི་བའི་རྒྱུའི་ཕྱིར་རོ།། ཟུག་རྔུ་དང་བཅས་པ་ནི་འབྱིན་དཀའ་བ་སྟེ། འཁོར་བའི་སྡུག་བསྔལ་གྱི་རྒྱུའི་ཕྱིར་རོ།། ཞེས་པ་ནི་མཚན་མ་མེད ་པའི་ཡོངས་སུ་བསྔོ་བ་སྟེ་བདུན་པའོ།། འདི་ལྟ་སྟེ་དཔེར་ན། ཞེས་པ་ལ་སོགས་པ་སྟེ། བཟང་པོ་ནི་ཁཾ་དོག་ལ་སོགས་པའི་རབ་ཀྱི་མཐར་ཕྱིན་པའོ།། དེ་ལྟར་ཡང་གལ་ཏེ་ཡང་འོན་ཀྱང་དེ་ལྟར་ཡང་གཞོན་ཡང་། ཞེས་པ་ནི་ཚིག་གི་རྒྱན ་ནོ།། བསམས་ཏེ། ཞེས་པ་ནི་ཁ་དོག་ལ་སོགས་པ་ལ་ཆགས་པས་སོ།། རོ་མྱངས་པ་ནི་རོ་མྱང་བར་བྱེད་པ་སྟེ། ཡོངས་སུ་ལོངས་སྤྱོད་པའོ།། ཞུ་བ་ནི་ཐ་མར་རྣམ་པར་སྨིན་པའི་འབྲས་བུ་ལའོ།། ལོག་པར་གཟུང་བ་ནི་ལོག་པར་ཐོས་ནས་སོ།། ་ལོག་པར་རིག་པ་ནི་ལོག་པར་བརྟགས་པས་སོ།། ལོག་པར་ཁ་ཏོན་བྱས་པ་ནི་ལོག་པར་གོམས་པར་བྱས་པས་སོ།། ལེགས་པར་གསུངས་པ་ནི་སངས་རྒྱས་ཀྱིས་གསུངས་པའོ།། དུག་དང་བཅས་པ་ནི་དོན་མེད་པར་བྱེད་པ་ལ་ཞན་པས་འདིར ་དུག་ཉིད་ལ། འདི་ཞེས་པ་ལ་སོགས་པ་ནི་ལན་ནོ།། བསྐུར་པ་ནི་སྨོད་པ་སྟེ། ཡང་དག་པ་མ་ཡིན་པར་སྨྲ་བ་དེས་སྨོད་པའི་ཕྱིར་རོ།། སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་མཁྱེན་པ་དང་། སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པ་ནི་ཡོངས་སུ་རྫོགས་པའི་སྦྱོར ་བ་དང་། རྗེས་སུ་དག་གི་གནས་སྐབས་སུ་རྒྱས་པའི་ཕྱིར་ཡོངས་སུ་རྫོགས་པ་ལ། དངོས་གཞིའི་སྐབས་སུ་ཡང་དག་པར་རབ་ཏུ་འཇུག་པའི་ཕྱིར་རོ།། ཞེས་པ་ནི་སངས་རྒྱས་ཀྱིས་རྗེས་སུ་གནང་བའི་ཡོངས་སུ་བསྔོ་བ་སྟེ། བརྒྱད་པའོ།། ་གཞན་ཡང་ཞེས་པ་ལ་སོགས་པ་སྟེ། ཚུལ་ཁྲིམས་ཞེས་པ་ལ་སོགས་པ་ནི་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་ལ། མ་གཏོགས་པ་ནི་མཐའ་ཡས་པར་གྱུར་པ་སྟེ། ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་རྣམས ་ནི་སྟོང་པ་ཉིད་དང་རོ་གཅིག་ཅེས་པ་ལ་དགོངས་པའོ།། ཡོངས་སུ་བསྔོ་བ་ནི་ཡོངས་སུ་བསྔོ་བར་བྱེད་པའོ།། ཆོས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིའོ།། ཆུང་མ་གསན་པ་ནི་མ་ཉམས་པའོ།། མ་གཏོགས་པ་ནི་སངས ་རྒྱས་ཀྱིས་རྗེས་སུ་གནང་བའི་ཡོངས་སུ་བསྔོ་བའོ།། གང་ཡང་ཆོས་ཀྱི་དབྱིངས་སུ་བསྔོ་བ་ཉིད་དང་། མཉམ་པ་ཉིད་བསྟན་པར་འདོད་ནས་གསུངས་པ་ནི། དེ་ལ། ཞེས་པ་ལ་སོགས་པ་སྟེ། གང་འདིར་ཞེས་པ་ཡང་དག་པར་ཡོངས་སུ ་བསྔོས། ཞེས་པ་དང་འབྲེལ་ལོ།། འདིས། ཞེས་པ་ནི་བཤད་མ་ཐག་པ་སྟེ། མ་གཏོགས་པར་ཡོངས་སུ་བསྔོས་པ་དང་། སངས་རྒྱས་ཀྱིས་གནང་བར་ཡོངས་སུ་བསྔོས་པས་སོ།། དེ་ལྟར་ན་ཞེས་པ་ནི་ཉེ་བར་བསྡུས་པའོ།། ཞེས་པ་ནི་མ ་གཏོགས་པའི་ཡོངས་སུ་བསྔོ་བ་སྟེ། དགུ་པའོ།། དེ་ནས་ཡང་ཞེས་པ་ལ་སོགས་པ་སྟེ། གང་། ཞེས་པ་ནི་མ་གཏོགས་པ་ཀུན་ཏུ་བཤད་ལ། འདི་ནི། ཞེས་པ་ནས་ཡོངས་སུ་བསྔོ་བར་བྱའོ།། ཞེས་པའི་བར་གྱིས་ནི་སངས་རྒྱས་ཀྱི་རྗེསུ ་གནང་བའི་ཡོངས་སུ་བསྔོ་བའི་རྒྱས་པར་བཤད་པའོ།། འདི་ནི། ཞེས་པ་ནི་ཆོས་ཀྱི་དབྱིངས་སུ་ཡོངས་སུ་བསྔོ་བ་འདི་དག་གིས་སོ།། མཆོག་ལ་སོགས་པ་ཉིད་ནི་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་གཅིག ་པའི་རབ་ཀྱི་མཐར་འགྲོ་བའི་རྒྱུའི་ཕྱིར་རོ།། འདི་བཤད་པའི་བསོད་ནམས་ཆེན་པོ་འབྱུང་བ་ལ་གང་དད་པ་ལ་སོགས་པ་སྔོན་དུ་འགྲོ་བ་ཅན་ནི་ཁྱད་པར་གྱི་རྒྱུའོ།། ཞེས་པ་ནི་བསོད་ནམས་ཆེན་པོ་འབྱུང་བའི་ཡོངས་སུ་བསྔོ་བ་ཆུང་ངུ་སྟེ། ་བཅུ་པའོ།། ཞོག། ཅེས་པ་ལ་སོགས་པས་འདིར་བཤད་པའི་བླ་ལྷག་པའི་བསོད་ནམས་ལ་དད་པ་ལ་སོགས་པ་སྔོན་དུ་འགྲོ་བ་ནི་ཁྱད་པར་གྱི་རྒྱུའོ།། ཞེས་པ་ནི་བསོད་ནམས་ཆེན་པོ་འབྱུང་བའི་འབྲིང་གི་ཡོངས་སུ་བསྔོ་བ་སྟེ་བཅུ ་གཅིག་པའོ།། ཞོག་ཅེས་པ་ལ་སོགས་པ་སྟེ། གང་ཡང་རབ་འབྱོར་ཅེས་པ་ལ་སོགས་པས་ནི་བསྟན་པ་ལ། ལྷག་མ་སྦྱིན་པར་བྱེད། ཅེས་པའི་བར་གྱིས་ནི་བཤད་པའོ།། འདི་རྣམས་ཀྱིས། ཞེས་པ་ནི་འཆད་པར་འགྱུར་བས ་སོ།། ན་བ་ནི་ནད་པ་ལ། དེའི་རྐྱེན་ནི་ན་ཚད་དུ་སྨན་ནོ།། ཡོ་བྱད་ནི་ཡོངས་སུ་གདིང་བ་ལ་སོགས་པའོ།། བདེ་བར་སྦྱར་བ་ནི་རྒྱོ་བདེ་བའི་རྒྱུ་ལ་དེ་རྣམས་སྟོབས་པ་རྣམས་ཀྱིས་སོ།། བདེ་བ་ལ་རེག་པ་ནི་བྱེདེ་བ་ཉམས་སུ་མྱོང་བ་དེས་གནས ་པ་སྟེ། འཆགས་པ་ལ་སོགས་པའོ།། རེ་རེས། ཞེས་པ་ནི་ཡོངས་སུ་ལྷག་པ་གཟུང་བ་སྟེ། རིམ་གྲོ་བྱ་བ་ཉིད་དུ་སོ་སོར་གནས་པར་བྱས་ལ། དེ་རྣམས་ལ་ཡང་བྱང་ཆུབ་སེམས་དཔའ་རིམ་གྲོར་བྱེད་པ་པོའི་རེ་རེའི་ཡོངས་སུ ་བརྟག་པར་བྱས་ལ་སོ་སོར་གནས་པར་བྱེད་པས་སོ།། རིམ་གྲོང་གནས་པ་གང་ལ་ཞེ་ན། རང་བཞིན་ཡིན་པའི་ཕྱིར་སེམས་ཅན་དེ་རྣམས་ཐམས་ཅད་ལའོ།། སྦྱིན་པར་བྱེད་པ་ནི་སེམས་ཅན་དེ་རྣམས་ཀྱིས་སོ།། དེ་ནི་འདིར་དུས་དེ་རེང་དུ ་བསྔགས་པོའོ།། དེའི་གཞི་ལ་ནི་དུས་དེ་རིང་དུ་བསགས་པའོ།། ད་ལྟར་རྒྱ་ཆེན་པོ་ཀུན་ཏུ་སྤྱད་པ་དེ་སྲིད་དུ། རྒྱ་ཆེན་པོ་སྐྱེད་པར་འགྱུར་བའོ།། ཞོག་ཅེས་པ་ལ་སོགས་པ་སྟེ། སྔོན་གྱི་ཇི་སྲིད་དུ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི ་འཇིག་རྟེན་གྱི་ཁམས་ཀྱི་བྱང་ཆུབ་སེམས་དཔའི་རིམ་གྲོ་པ་སོ་སོར་གདྷཱིའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ཀྱིས་དེ་ལ་དེ་སྲིད་དུ་རིམ་གྲོ་བྱེད་ལ། སེམས་ཅན་རྣམས་ཀྱིས་དེ་ལ་དེ་སྲིད་དུ་རིམ་གྲོར་བྱ ་བའི་བྱང་ཆུབ་སེམས་དཔའ་ནི་སོ་སོར་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱིའོ།། ཞེས་པའི་ཁྱད་པར་ནི་དེ་ལྟར་བསོད་ནམས་ཆེན་པོ་འབྱུང་བའི་ཆེན་པོའི་ཡོངས་སུ་བསྔོ་བ་སྟེ། བཅུ་གཉིས་པའོ།། ཆོས་མཆོག ་འབྲིང་གི་བྱེ་བྲག་གི་རྗེས་སུ་ཡི་རང་ཡིད་ལ་བྱེད་པའི་དབང་དུ་བྱས་ནས་བསྟན་བཅོས་ལས། ཐབས་དང་མི་དམིགས་པ་དག་གིས། དགེ་བའི་རྩཝ་ལ་ཡི་རང་བ།། རྗེས་སུ་ཡི་རང་ཡིད་བྱེད་པ།། བསྒོམ་པ་ཡིན་པར་འདིར ་བརྗོད་དོ།། ཞེས་ཏེ། དེ་གསུངས་པ་ནི། དེ་ནས་ཡང་ཚེ་དང་ལྡན་པ། ཞེས་པ་ལ་སོགས་པ་སྟེ། མ་ལུས་པ་ནི་མ་ལུས་པར་བྱས་པའོ།། མཆོག་ལ་སོགས་པ་བཅུ་བཞི་ནི་མཆོག་ཉིད་དེ། ཕྱོགས་བཅུ་དང་། དབུས་དང་། དུས ་གསུམ་གྱི་དགེ་བ་ལ་དམིགས་པ་ཉིད་དང་རྣམ་པ་བཅུ་བཞི་ཡིན་ནོ།། ཚིག་བཅུ་གསུམ་ཡོད་པ་རྣམས་ཀྱིས་ནི་ཕྱོགས་བཅུ་དང་དུས་གསུམ་དུ་ཕྱེ་བས་རྣམ་པ་བཅུ་གསུམ་ཉིད་།། དེ་ལ་དབུས་ཀྱི་ཕྲ ་མོའི་དབང་དུ་བྱས་ནས་ཕྱོགས་ཀྱི་རྣམ་པར་བཞག་པར་སྟེ། འཇིག་རྟེན་གྱི་ཁམས་ཀྱི་ཕྱོགས་གཅིག་ལ་ཡང་འཇིག་རྟེན་གྱི་ཁམས་ཞེས་བརྗོད་པའི་ཕྱིར་རོ།། རྗེས་སུ་ཡི་རང་བ་ནི་བྱེད་པའི་བསམ་པའི་དད་པ་ཤིན་ཏུ་གཟེངས ་བསྟོད་ཅིང་རང་ཉིད་ཀྱིས་དེ་ཐམས་ཅད་བསྒྲུབ་པའི་བསམ་པ་ཤིན་ཏུ་ཡང་བྱེད་པས་སོ།། མི་འཛིན་པ་ནི་གཟུང་བར་བྱ་བ་མི་སྣང་བའི་ཕྱིར་རོ།། རློམ་སེམས་སུ་མི་བྱེད་པ་ནི་དངོས་པོ་ཉིད་མི་དམིགས་པ་སྟེ། རང་གི་ངོ་བོ ་མི་སྣང་བའི་ཕྱིར་ལ། མི་རྟོག་པ་ནི་སྤྱིའི་མཚན་ཉིད་དུའོ།། རྣམ་པར་མི་རྟོག་པ་ནི་ཁྱད་པར་གྱི་མཚན་ཉིད་ཀྱིས་སོ།། མི་མཐོང་བ་ནི་ལྟོ་བ་ལ་མངོན་པར་ཞེན་པ་མེད་པའི་ཕྱིར་རོ།། ཡང་དག་པར་རྗེས་སུ་མ་མཐོང་བ་ནི་ཡོད་པར ་མངོན་པར་ཞོན་པ་མེད་པའི་ཕྱིར་ཏེ། ཡོང་དག་པ་མ་ཡིན་པའི་རྟོག་པས་ཡོངས་སུ་བརྟོགས་པས་རྣམ་པར་སྐྱེད་པ་རྣམས་ཀྱིས་ཀུན་ཏུ་མཐོང་བའི་ཕྱིར་རོ།། མ་སྐྱེས་པ་ནི་ས་བོན་མེད་པའི་ཕྱིར་ལ། ངེས་པར་མ་སྐྱེས་པ་ནི་མ་གྲུབ ་བའོ།། འོང་བ་མེད་པ་ནི་མ་འོངས་པའི་དུས་མེད་པ་ལ། འགྲོ་བ་མེད་པ་ནི་འདས་པའི་དུས་སོ།། དེ་ལྟར་ཇི་སྲིད་དུ་འགགས་པར་ཡང་མི་འགྱུར། ཞེས་པའི་བར་ནི་ངོ་བོ་ཉིད་མེད་པའི་ཕྱིར་རོ།། ཞེས་པའི་གཏན་ཚིགས་ཏེ། ཆོས ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་དོ།། རྗེས་སུ་ཡི་རང་བའི་སྐབས་སུ་ཡང་དེ་ལྟར་རྗེས་སུ་ཡི་རང་བྱ་བ་དེ་ལྟར་ཡོངས་སུ་བསྔོ་བར་བྱའོ།། ཞེས་གསུངས་པས་ནི་ངེས་པར་ཡོངས་སུ་བསྔོ་བར་བྱ་བའི་ཕྱིར་རོ།། རྗེས་སུ་ཡི་རང་བའི་རྣམ ་པ་ལས་སྐྱེས་པའི་རྗེས་སུ་ཡི་རང་བ་པོ་ཉིད་ཀྱི་སེམས་ནི་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་ཞེས་བརྗོད་དོ།། ཞེས་པ་ནི་མི་དམིགས་པའི་རྗེས་སུ་ཡི་རང་བ་སྟེ་དང་པོའོ།། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། ་རྣམ་པར་གྲོལ་བ་ནི་མྱ་ངན་ལས་འདས་པ་སྟེ། དེ་ཡང་ཆོས་ཀྱི་དབྱིངས་སྒྲིབ་པ་ཐམས་ཅད་རྣམ་པར་དག་པ་ཉིད་ཀྱི་དོན་དམ་པ་དེ་ཉིད་བཞིན་དོན་དམ་པར་རང་བཞིན་གྱིས་ཡོངས་སུ་དག་པའི་སྤྲོས་པ་མེད་པའི་སྦྱིན་པ་ལ་སོགས ་པ་ཐམས་ཅད་དོ།། ཞེས་པའི་དོན་ཏོ།། ཆགས་པ་ནི་སྲེད་པ་ལྔ་དོ་མེད་པ་ནི་ཆགས་པ་མེད་པའོ།། སྲེད་པའི་རྒྱུ་ཅན་གྱི་སྐྱེ་བ་མེད་པས་ནི་མ་བཅིངས་པ་ལ། དེ་ལས་མ་གྲོལ་བ་རྣམས་ཀྱིས་སོ།། ཡོངས་སུ་བསྔོ་བ་མེད་པའི ་ཚུལ་གྱིས། ཞེས་པ་ནི་དེ་ཡང་མི་དམིགས་པའི་ཕྱིར་རོ།། དེ་ཅི་ལྟར་ཞེ་ན། མི་འཕོ་བའི་སྟེ། གནས་གཞན་དུ་འཕོ་བ་མེད་པར་ཡོངས་སུ་བསྔོ་བ་སྟེ། སྔ་མ་འཇིག་པས་སམ། གཞན་སྐྱེས་པས་མ་ཡིན་པ་སྟེ། ཆོས་ཀྱི ་དབྱིངས་ལས་གནས་གཞན་དུ་འཕོ་བ་དང་འཇིག་པ་མེད་པས་སོ།། ཡང་དག་པར་ལེན་པ་ནི་ཡང་དག་པའི་བླ་མ་ལ་སྟེ། དུས་མཚམས་དང་བཅས་པ་ཡང་དག་པར་བླངས་པའོ།། ཁྲོས་པ་ནི་སྨོན་པ་དོར་བ་ལ་རྡེག་པ་ནི ་གདུང་པའོ།། སྤྱོད་པ་ནི་སྐྱོན་དུ་གྱུར་པ་དང་མ་གྱུར་པ་རྣམས་ཀྱིས་སོ།། ང་རྒྱལ་དང་བཅས་པ་ནི་ཡོད་པ་ལས། ཐབས་ནི་རྣམ་པར་གྲོལ་བ་དང་འདྲ་བ་སྟེ། དེས་འདི་རྗེས་སུ་ཡི་རང་བ་ནི་མི་དམིགས་པས་སོ།། ་ཞེས་པ་ནི་ཐབས་ཀྱི་རྗེས་སུ་ཡི་རང་བ་སྟེ་གཉིས་པའོ།། ཡོངས་སུ་བསྔོ་བ་དང་རྗེས་སུ་ཡི་རིང་བ་འདི་རྣམས་ནི་འདུན་པ་ལ་སོགས་པ་རྣམས་ལ་ཡོད་མོད་ཀྱི། རུང་ཞིག་འདིར་རབ་དང་བཅས་པས་སོ།། བཅོམ་ལྡན་འདས་ཀྱིས་གཞན་དུ་རྫུས ་སུ་ཡི་རང་བ་སྔོན་དུ་འགྲོ་ཡིན་ཀྱང་ཡོངས་སུ་བསྔོ་བ་ནི་ཁ་ཅིག་གིས་བདག་ཉིད་ཀྱི་དགེ་བ་མི་ཟད་པར་བྱེད་པར་འདོད་ནས་ཡོངས་སུ་བསྔོ་ཞིང་རྗེས་ཀྱི་སེམས་ཀྱིས་ཡོངས་སུ་རྒྱས་པར་བྱེད་པ་དང་། བསོད་ནམས་རྒྱས་པར་བྱེད་པ་དང་། སེར ་སྣ་ལ་སོགས་པའི་སེམས་ཀྱིས་མི་འཛིན་པའི་ཕྱིར་གཞན་གྱི་སྦྱིན་པ་ལ་སོགས་པ་ལ་རྗེས་སུ་ཡི་རང་བའོ།། ཁ་ཅིག་ཏུ་ནི་དེ་ལྟར་རྗེས་སུ་ཡི་རང་བར་བྱས་པ་དེ་ལྟར་ཡོངས་སུ་བསྔོ་བར་བྱའོ།། ཞེས་པས་འདི་དག་གི་རིམ་པ་ནི་ངེས་པ་མེད་པ་ཉིད ་དེ།། དེའི་ཕྱིར་ན་མཐར་རྗེས་སུ་ཡི་རང་བ་འམ་ཡོངས་སུ་བསྔོ་བ་སྟེ། དེའི་དེ་དག་བརྗོད་པའི་ལེའུ་ནི་རྗེས་སུ་ཡི་རང་བ་དང་ཡོངས་སུ་བསྔོ་བའི་ལེའུ་སྟེ་དྲུག་པའོ།། །། འཇིག་རྟེན་ལས་འདས་པའི་བསྒོམ་པའི་ལམ་གྱི ་སྒྲུབ་པ་དང་ཤིན་ཏུ་དག་པ་ཞེས་པ་རྣམ་པ་གཉིས་བསྟན་ཏེ། དེ་ལྷན་ཅིག་པ་སྐྱེས་པའི་འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་དང་འཇིག་ཚོགས་ལ་ལྟ་བ་དང་། ལོག་པར་ལྟ་བ་དྲུག་སྟེ། འདོད་པ་ན་སྤྱོད་པ་རྣམས་ཀྱི ་དེ་ཉིད་ལ་ཁོང་ཁྲོ་སྤངས་པས་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་བཅུ། ཞེས་པའི་ཉོན་མོངས་པ་བཅུ་དྲུག་རབ་ཏུ་སྤོང་བར་འགྱུར་བ་ནི་བག་ལ་ཉལ་ལས་མངོན་དུ་རྒྱུ་བའི་གནོད་པ་ཅན་ནི་མེད་དེ། སྔོན་ཉིད་དུ་སྤངས་པའི་ཕྱིར་རོ།། བག། ་ལ་ཉལ་ཡང་རྣམ་པ་གཉིས་ཏེ། གནས་དང་བག་ཆགས་སོ།། འདིར་བརྟེན་ཅིང་འབྲེལ་པར་འབྱུང་བ་ལས་བྱུང་བའི་ཕུང་པོ་ལ་སོགས་པ་ལ་ངོ་བོ་ཉིད་དང་བཅས་པར་སྒྲོ་བཏགས་པ་ཉིད་ཀྱི་ལོག་པར་ལྟེ་བ་ལས་རྒྱུ་དང་འབྲས་བུ་མེད་ཅེས ་བའི་སྐུར་པ་འདེབས་པ་ནི་མ་ཡིན་ནོ།། ཆོས་མངོན་པ་ཀུན་ལས་བཏུས་པར་ནི་ཐར་འཛིན་པར་ལྟ་བ་བཤད་དོ། འདི་ཡང་ལོག་པར་ལྟ་བའི་བྱེ་བྲག་ཡིན་པའི་ཕྱིར་རོ།། དེ་ལ་ཉོན་མོངས་པ་གཅིག་གཅིག་ཆུང་ངུ་དང་འབྲིད་དང་ཆེན ་པོའི་བྱེ་བྲག་གིས་དང་། ཆེན་པོའི་ཆེན་པོའི་དབྱེ་བས་རྣམ་པ་དགུ་སྟེ། འདོད་པའི་ཁམས་དང་བསམ་གཏན་བཞི་དང་། གཟུགས་མེད་པར་གཏོགས་པ་ཉིད་ཀྱིས་བརྒྱད་ཅུ་རྩེ་གཅིག་ལ། ཉོན་མོངས་པའི་གཉེན་པོས་སྐྱོན་མེད་པར ་རྩོམ་པོར་བཅོམ་ཞིང་སྐྱོན་དང་འགལ་བ་ཅན་ནོ་བསྒོམ་པའི་ལམ་སྟེ། བསྒོམ་པ་བསྒོམ་པས་ལམ་བྱེད་པ་ཉིད་ཀྱིས་སོ།། ཤིན་ཏུ་བསྒོམ་པའི་ལམ་གྱི་མཐའ་ནི་སེམས་བསྐྱེད་པ་གཉིས་ཀྱི་བདག་ཉིད་ཅནྡ་ཏཾ། གང་ཡང་ཆུང་ངུ་དང ་འབྲིང་དང་ཆེན་པོའི་རྣམས་ལ་ཡང་ཆུང་ངུ་ལ་སོགས་པར་ཕྱེ་བས་བྱེ་བྲག་བརྒྱད་ཅུ་རྩ་གཅིག་ལ། འདིར་དང་པོའི་བརྒྱད་ཅུ་ནི་གཉེན་པོའི་བྱེ་བྲག་སོ་སོར་བར་ཆད་མོད་པ་དང་། རྣམ་པར་གྲོལ་བའི་ལམ་གྱི་བདག་ཉིད་ཅན་རྣམ ་ཏེ། འདིར་བར་ཆད་མེད་པ་ཉིད་ཀྱི་ལམ་དུ་བྱེད་པའི་ཕྱིར། ཞེས་པས་ལམ་གྱི་རྒྱུ་ཡིན་ན་བར་ཆད་མེད་པའི་ལམ་ཞེས་བྱ་བ། དེ་ཉིད་ཀྱིས་ཉོན་མོངས་པ་མི་སྐྱེ་སྟེ། རང་གི་སྐད་ཅིག་ལ་ནུས་པ་མེད་ཅིང་མི ་སྐྱེ་བ་ནས་རྣམ་པར་གྲོལ་བར་འགྱུར་ཞེས་རྣམ་པར་གྲོལ་བ་སྟེ། སྔོན་དུ་ལམ་གྱིས་རྟོགས་ཞེས་པས་ལམ་ཞེས་བྱ་སྟེ། རྣམ་པར་གྲོལ་བའི་ལམ་ལ་རྣམ་པར་གྲོལ་བའི་ཕྱིར་ན་གཉེན་པོས་ཉོན་མོངས་པ་སྐྱེ་བར་མི་འགྱུར་བའི་ངོ་བོས་སྤོང ་བོའི་ཕྱིར་རོ།། དེ་ལྟར་ཡང་ཆོས་མངོན་པ་ཀུན་ལས་བཏུས་པར་གཉེན་པོའི་བྱེ་བྲག་སྐྱེས་པས་ཉོན་མོངས་པ་སྐྱེ་བར་མི་ནུས་ཞིང་། བག་ཆགས་སུ་བསྒྲགས་པའི་གནས་ངན་ལེན་གྱི་བྱེ་བྲག་འགགས་པ་དུས་མཉམ་དུ་སྣང་བ་སྐྱེས ་པས་མོན་པ་འགག་པ་བཞིན་ལ། དེ་འགགས་པས་མ་འོངས་པའི་ཉོན་མོངས་པ་མི་སྐྱེ་བོའི་ཆོས་ཉིད་དུ་གནས་པ་དེ་ལ་ཡང་སྤངས་སོ།། ཞེས་བཤད་དོ།། དེའི་དང་པོ་འདོད་པའི་ཁམས་ཀྱི་རྒྱུ་མཚན་ནི་སྒྲུབ་པའི་སྒོམ་པའི་ལམ་གྱི་ངོ་བོ ་རྣམས་སེམས་བསྐྱེད་པ་དྲུག་པ་ལ་སོགས་པའི་རང་བཞིན་གྱིས་དྲི་མ་མེད་པ་ལ་སོགས་པའི་ས་དགུ་ལའོ།། དེ་ནས་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་བྱེ་བྲག་བདུན་ཅུ་རྩ་གཅིག་ནི་ཁྱད་པར་ལམ་གྱི་བྱེ་བྲག་རྣམ་པར་དག་པའི ་བསྒོམ་པའི་ལམ་གྱིས་ངོ་བོ་ཤིན་ཏུ་རྣམ་པར་དག་པའི་བསྒོམ་པའི་ལམ་གྱི་བདག་ཉིད་ཅན་ཞེས་བརྗོད་དེ། སྒྲུབ་པ་ལ་བལྟོས་ནས་ཤིན་ཏུ་རྣམ་པར་དག་པའི་ཕྱིར་དང་། བདུན་ཅུ་རྩ་གཉིས་པའི་རྒྱུ་ཡིན་པའི་ཕྱིར་རོ།། བྱེ་བྲག་བདུན ་ཅུ་རྩ་གཉིས་པ་ནི་བསྒོམ་པའི་ལམ་གྱི་འབྲས་བུ་ཤིན་ཏུ་བའི་རྣམ་པར་དག་པའི་ངོ་བོ་ནི་ལམ་ཤེས་པར་མ་བཤད་དེ། རྫོགས་པའི་སངས་རྒྱས་ཀྱི་རྣམ་པར་དག་པར་ཐལ་བར་འགྱུར་བའི་ཕྱིར་རོ།། དེ་ལ་སྒྲུབ་པའི་དབང་དུ་བྱས་ནས ་བསྟན་བཅོས་ལས། དེ་ཡི་ངོ་བོ་ཉིད་མཆོག་ཉིད།། ཀུན་ལ་མངོན་པར་འདུ་མི་བྱེད།། ཆོས་རྣམས་དམིགས་པ་མེད་པར་ནི།། གཏོད་པར་བྱེད་པ་དོན་ཆེན་ཉིད།། ཅེས་ཏེ། སྒྲུབ་པའི་ཡན་ལག་ནི་རྣམ་པ་ལྔ་སྟེ། དེ་སྒོམ་པའི་ལམ ་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཁྱད་པར་གྱི་ངོ་བོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པ་པོ་ཉིད་ལ་སོགས་པ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་བར་ཏེ། མཆོག་ཉིད་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམས་ཀྱིས ་མངོན་པར་སྒྲུབ་པའི་ཆོས་རྣམས་ཐམས་ཅད་ལ་མངོན་པར་འདུ་མི་བྱེད་པ་སྟེ། ཉེ་བར་དམིགས་པ་མེད་པས་ཆོས་རྣམས་ཐམས་ཅད་ལ་གཏོང་བར་མི་བྱེད་པ་ནི་གཏོང་བ་ལ། ཆོས་རྣམས་ཐམས་ཅད་ལ་ཉེ་བར་དམིགས་པ་མེད ་པ་དེ་ལྟར་རྟོགས་པ་ཐོབ་པས་དོན་ཆེན་པོ་ཉིད་དེ་འདིར་གསུངས་པ་ནི། དེ་ནས་ཡང་། ཞེས་པ་ལ་སོགས་པ་སྟེ། འདིར་བསྒོམ་པའི་ལམ་ནི་གཟུགས་ལ་སོགས་པ་ཕྱིན་ཅི་མ་ལོག་པར་མཐོང་བའི་ངོ་བོ་ཉིད་ཀྱི་རང་བཞིན་གྱི ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཇི་ལྟའུ་ཞེ་ན། གང་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་འགྱུར་པ་དེ་ལ་བརྗོད་དོ།། ཐམས་ཅད་མཁྱེན་པ་ཉིད་ནི་སྒྲིབ་པ་ཐམས་ཅད་བག་ཆགས་ཀྱི་མཚམས་སྦྱོར་བ ་དང་བཅས་པ་སྤངས་པའི་ཡེ་ཤེས་ཏེ། སྤངས་པ་ཕུན་སུམ་ཚོགས་པ་དང་ལྷན་ཅིག་པས་ཡེ་ཤེས་ཕུན་སུམ་ཚོགས་པ་ཞེས་པའི་དོན་ཏོ།། འདིར་དེར་སྐྱེས་པ་ནི་སྣང་བར་བྱེད་པའོ།། ཞེས་པ་སྟེ།། ་སྒྲིབ་པའི་མུན་པ་ཐམས་ཅད་སྤངས་པའི་ཕྱིར་སྣང་བ་ལ། དེ་ལ་བགྱིད། ཅེས་པ་ནི་སྤངས་པ་ཕུན་སུམ་ཚོགས་པས་ཆོས་ཐམས་ཅད་སོ་སོར་སྣང་བ་དང་ཀུན་ཏུ་སྣང་བར་དེས་བགྱིད་པའོ།། ཞེས་པ་ནི་ཡེ་ཤེས་ཕུན་སུམ་ཚོགས ་པའོ།། ཕྱག་བགྱི་བར་འོངས་པའི་རྗེ་སྔོ་ལ་ནི་བསྐོར་བ་ཡང་ངོ་།། འདི་ནི་སྤངས་པའི་ཚིགས་གཉིས་ཀྱིས་རྒྱས་པར་བཤད་དེ། གོས་པ་མེད་པ་ནི་སྒྲིབ་པའི་དྲི་མ་ཐམས་ཅད་ཟད་པའི་ཕྱིར་རོ།། འཇིག་རྟེན་ཐམས་ཅད་ཀྱིས་ཉེ ་བར་མ་གོས་པ་ནི་ཁམས་གསུམ་པའི་སྒྲིབ་པའི་བག་ཆགས་ཀྱི་དྲི་མ་ཟེད་པའི་ཕྱིར་རོ།། ཚིག་གསུམ་གྱིས་ནི་ཡེ་ཤེས་རྒྱས་པར་བཤད་དེ། ཆོས་ཐམས་ཅད་དོན་དམ་པར་སོ་སོར་སྣང་བས་སྣང་བ་སྟེ་ང་བྱེད་པའོ།། རབ ་རིབ་ནི་མི་ཤེས་པ་སྟེ་རབ་རིབ་དེ་དང་བྲལ་བ་ནི་ཡེ་ཤེས་སོ།། ཁམས་གསུམ་ཐམས་ཅད་ནི་གང་དུ་དེ་ཡིས་དོན་དམ་པར་ཁམས་གསུམ་པའི་ཉོན་མོངས་པ་དང་ལྟ་བའི་མུན་པ་རྣམས་སོ།། འདི་ཐམས་ཅད་ཀྱིས་ནི་རང་གི་དོན ་ཕུན་སུམ་ཚོགས་པ་གསུངས་ལ། གཞན་གྱི་དོན་ཕུན་སུམ་ཚོགས་པའི་དབང་དུ་བྱས་ནས་གསུངས་པ་ནི། བརྟན་པར་བགྱི་བ་ནི་ཐམས་ཅད་མཁྱེན་པའི་གོ་འཕང་འདོད་པ་རྣམས་ཀྱིས་སོ།། མཆོག་ཏུ་བགྱིད་པ་ནི་གནས་ཏེ། ་རྒྱུན་ཏུ་ཞུགས་པ་ལ་སོགས་པ་དེ་རྣམས་ཀྱིས་ཐབས་སོ།། བྱང་ཆུབ་ཀྱི་ཕྱོགས་ནི་སུམ་ཅུ་རྩ་བདུན་ལ། དེ་རྣམས་ཀྱི་བདེ་བར་བགྱིད་པ་ནི་བགེགས་སེལ་བའི་ཕྱིར་རོ།། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ལ་སྔ་ནས་ལྡོངས་པ ་རྣམས་ཀྱིའོ།། འཇིགས་པ་དང་ཉེ་བར་འཚེ་བ་ཐམས་ཅད་རབ་ཏུ་སྤོང་བ་དང་སྣང་བ་ནི་འཇིག་རྟེན་ལས་འདས་པ་ཉིད་ཀྱི་བསྒོམ་པའི་ལམ་སྟེ། འདི་རྣམས་ཀྱིས་ནི་ཐེག་པ་དམན་པ་ཅན་གྱིས་དོན་གསུངས་ནས། བྱང་ཆུབ ་སེམས་དཔའ་རྣམས་ཀྱི་དོན་གྱི་དབང་དུ་བྱས་ནས་གསུངས་པ་ནི་སྤྱན་ལྔ། ཞེས་པ་ནི་དེ་ཡང་གཞན་གྱི་དོན་གཙོ་བོར་བྱེད་པས་དེས་དེ་ཉིད་བསྒྲུབ་པ་ལ་དམིགས་པའི་དབྱེ་བ་སྟེ། ལྔ་ནི་ཤ་དང་། ལྷ་དང་། ཤེས་རབ་དང་། ་སངས་རྒྱས་དང་། ཆོས་ཀྱི་སྤྱན་རྣམས་ཀྱིས་ཡོངས་སུ་བསྐོར་བའོ།། དབྱེར་མེད་པས་སྤྱན་ཏེ། ཆོས་ཐམས་ཅད་དོན་དམ་པར་མཐོང་བའི་ཕྱིར་རོ།། མཐོང་བའི་འཚང་བ་ནི་རྣམས་པ་གསུམ་སྟེ། དེ་ལ་གཏི་མུག་ནི་མི་ཤེས ་པ་ལ་མུན་པ་ནི་མུན་གནག་གོ། རབ་རིབ་ནི་མུན་པ་སྟེ། དེ་ལ་ཆུང་དང་འབྲིང་དང་ཆེན་པོའི་དབྱེ་བས་གཏི་མུག་རྣམ་པ་གསུམ་ཞེས་པའི་དོན་ཏེ། དེ་རྣམས་རྣམ་པར་འཇོམས་པར་བྱེད་དེ། མདོར་བསྡུས་ན་རྗེས་ཀྱི་གནས་སྐབས་སུ་རབ་རིབ ་དང་བྲལ་བར་བྱེད་པ་སྟེ། རབ་རིབ་ནི་ཅི་ཡིན་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་ཕུང་པོ་ལྔ་ལོ། དེ་མི་བྱེད་པ་ནི་དོན་དམ་པོར་ན་ངོ་བོ་ཉིད་མེད་པའི་ཕྱིར་དེ་རྣམས་དེ་བཞིན་ཉིད་དང་དེ་རྣམས་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱིས་བདག་ཉིད་ཅན ་པས་མི་བྱེད་པ་སྟེ། དེའི་ཐོག་མ་དང་ཐ་མ་མེད་པའི་ཕྱིར་རོ།། ཡང་དག་པའི་ཡེ་ཤེས་བྱེད་ངོ་ཞེ་ན་ནི་སྟེ། མ་རིག་པའི་བག་ཆགས་ལ་སོགས་པ་དང་། བཅས་པ་ལ་སོགས་པ་ཉིད་ཀྱིས་ཡང་དག་པའི་ཡེ ་ཤེས་སུ་གྲུབ་པ་ཡང་དོན་དམ་པར་རང་བཞིན་དང་བྲལ་བའི་ཕྱིར་རོ།། དེ་ལྟར་ཅི་བྱེད་ཅེ་ན། ལམ་ལོག་པ་ནི་ཆོས་རྣམས་ལས་རྣམ་པར་རྟོག་པ་ལ། དེར་ལྷུང་བ་རྣམས་ལ་ལམ་སྟེ། ཆོས་ལ་བདག་མེད་པའི་ཡེ་ཤེས་ལ་གཞུག་པའོ།། ་གང་གི་ལམ་ལ་ཞེ་ན། ཐབས་ཅད་མཁྱེན་པའི་ལའོ།། གང་ཞིག་བཤད་པོའི་ཐམས་ཅད་མཁྱེན་པ་ཉིད་ཅེས་པ་དེ་ནི་གཞན་གྱི་དོན་དུ་ཡང་གསུངས་པ་ནི། ཐམས་ཅད་ཅེས་པ་ལ་སོགས་པ་སྟེ། གང་གི་ཕྱིར་བག་ཆགས་ཀྱི ་མཚམས་སྦྱོར་བ་རབ་ཏུ་སྤངས་པ་དེའི་དེ་འདིར་ཐམས་ཅད་མཁྱེན་པ་ཉིད་ཅེས་པའི་དོན་ཏོ།། སྐྱེ་བ་མེད་པ་ཅན་ནི་རྣམ་པར་བྱང་པ་རྣམས་ལ་འགགས་པ་མེད་པ་ཀུན་ནས་ཉོན་མོངས་པ་མེད་པ་རྣམས་སོ།། གང་ཡོང་སེང་གེ་བཟང་པོས ་སྣང་བར་བྱེད་པ། ཞེས་པ་ལ་སོགས་པའི་ཚིག་རྣམས་གོ་རིམ་ཇི་བཞིན་དུ་དྲོང་ལ་སོགས་པོ་བཞི་དང་། མཐོང་བའི་ལམ་གྱི་སྐད་ཅིག་མ་བཅུ་དྲུག་རྣམས་ཀྱི་དང་། བསྒོམ་པའི་ལམ་ཟག་པ་དང་བཅས་པ་རྣམས་སུ་དོན་དམ་པར ་བཞག་པ་ནི་མི་རིགས་ཏེ། སྒྲུབ་པའི་བསྒོམ་པའི་ལམ་ཟག་པ་མེད་པར་གསུངས་ཏེ། དེའི་ངོ་བོ་ཉིད་ཁོ་ནའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར་བསྒྲུབ་པར་བྱ་བ་ནི་དྲོད་ལ་སོགས་པའི་གནས་སྐབས་སུ་ཇི་ལྟར་རིགས་ལ། གང་ཡང ་བཤད་པའི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་རང་གིས་མཐོང་བས་སྤང་བར་བྱ་བའི་ཁམས་གསུམ་པའི་ཉོན་མོངས་པ་སྤངས་ཁམས་གསུམ་ཐམས་ཅད་ཀྱི་རབ་རིབ་དང་བྲལ་བར་བྱེད་ཅེས་པ་ནཱི་ད་ནི་ཤིན་ཏུ་ཡང་བློ་མཚ་བར་བྱེད་པ ་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པས་ནི་འདོད་པའི་ཁམས་ཀྱི་ཉོན་མོངས་པ་སྤོང་བར་འགྱུར་ལ། གཟུགས་དང་གཟུགས་མེད་པའི་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ཉིད་ཀྱིས་སོ།། ཞེས་པའི་སྔོན་གྱི་སློབ་དཔོན ་རྣམས་ཀྱིས་བསྒྲུབས་པའི་འདི་དང་ཡང་ཇི་ལྟར་མི་འགལ་ལ། དེ་བཞིན་དུ་སྔ་མ་དང་ཕྱི་མར་བཅོམ་ལྡན་འདས་མའི་གསུང་རབ་ལ་རྣམ་པར་བཤད་པའི་ཚུལ་ཉེས་པ་མང་པོ་རྣམས་ནི་གཞུང་མངས་ཀྱི་དོགས་པས་བདག་གིས་མ་སྤྲོས་ཏེ། ་ལེགས་པར་ཤེས་པ་རྣམས་ཀྱིས་ནི་རྣམ་པར་ཤེས་པར་བྱས་ལ་རང་ཉིད་ཀྱིས་འདོར་བ་ཉིད་དོ།། མ་སྐྱེས་པ་དང་མ་འགགས་པ་ནི་དོན་དམ་པར་སྟོང་པ་ཉིད་ཀྱིས་ངོ་བོ་དང་བྲལ་བའི་ཕྱིར་ན་གོང་དུ་གསུངས་པ་སྟེ། རང་གི་མཚན་ཉིད་སྟོང ་པ་ཉིད་ཅེས་པས།། ཀུན་རྫོབ་ཀྱི་ངོ་བོ་ཉིད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་ཀྱི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདུས་པ་རྣམས་ལ་ནི་སྐྱིད་པ་པོ་ལ་སོགས་པར་འགལ་བ་མེང་དེ། དེའི་ཕྱིར་གསུངས་པ་ནི། ཡུལ ་ཞེས་པ་ལ་སོགས་པ་སྟེ། ཡུམ་ནི་སྐྱེད་པ་པོ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཉིད་ཀྱི་རིན་པོ་ཆེ་དེ་རྣམས་ལ་སྦྱིན་པ་པོའི་ཕྱིར་རོ།། དེ་ལས་གཞན་པོ་ཉིད་ཀྱི་ཚོགས་པའི་རྒྱུའི་གནས་སྐབས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི ་ལུས་ལ་དེའི་དེ་སྦྱིན་པས་སྐྱེད་པ་པོའོ།། སངས་རྒྱས་སུ་གཟུང་བས་སངས་རྒྱས་ཀྱི་ཡུམ་དུ་དོན་གྱི་རྟོགས་པར་བྱའོ།། དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས ་དང་། ལུས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང་། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང་། མོས་པ་སྣ་ཚོགས་མཁྱེན་པའོ་སྟོབས་དང་། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང་། ཐམས་ཅད ་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང་། བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དང་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ལས་ལྡང་བ་མཁྱེན་པའི་སྟོབས་དང་། སྔོན་གྱི་གནས་རྗེས ་སུ་དྲན་པ་མཁྱེན་པའི་སྟོབས་དང་། འཆི་འཕོ་དང་སྐྱེ་བ་ཤེས་པའི་སྟོབས་དང་། ཟུག་པ་ཟད་པ་མཁྱེན་པའི་སྟོབས་སོ།། དེ་ལ་སྲིད་པ་དང་མི་སྲིད་པ་ནི་གནས་དང་གནས་མ་ཡིན་པ་སྟེ། དེ་ནི་འདི་ལྟ་སྟེ་ངན་དུ་སྤྱོད་པ་ཅན་རྣམ ་ལ་མེ་འདོད་པའི་རྣམ་པར་སྨིན་པ་ནི་གནས་ཡིན་ལོ། འདོད་པ་ནི་གནས་མ་ཡིན་ཞིང་། ལས་དང་རྣམ་པར་སྨིན་པ་ཡང་ངོ་།། ཁམས་སྣ་ཚོགས་པ་ནི་བསོད་ནམས་དང་། བསོད་ནམས་མ་ཡིན་པའོ།། མི་གཡོ་བ་དང་། ་ལྷག་པའི་བསམ་པ་སྟེ། གཟུགས་དང་གཟུགས་མེད་པའི་ལས་དང་རབ་ཏུ་ལྡན་པའི་བསོད་ནམས་ནི་མི་གཡོ་བའོ།། མོས་པ་སྣ་ཚོགས་པ་ནི་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་རྣམས་ལ་གནས་པ་རྣམས་ཀྱི་ཞེ་སྡང་དང ་འདོད་ཆགས་ལ་སོགས་པ་ལ་དགའ་བའོ།། དབང་པོ་ནི་དད་པ་དང་བརྩོན་འགྲུས་དང་དྲན་པ་དང་ཏཱིང་ངེ་འཛིན་དང་ཤེས་ར་པ་ལ། དེ་རྣམས་མཆོག་དང་མཆོག་མ་ཡིན་པ་ཆུང་ངུ་དང་འབྲིང་དང་ཆེན་པོ་ཉིད་དེ། འདི་ནི་དབང་པོ་དམན ་པའོ།། འདི་ནི་འབྲིང་ངོ་ཞེས་པ་ལ་སོགས་པའོ།། ཐམས་ཅད་དུ་འགྲོ་བའི་ལམ་ནི་འདོད་ཆགས་ཀྱི་གཉེན་པོའི་ལམ་ནི་འདིའོ།། འདི་ནི་ཞེ་སྡང་གི་ཞེས་པ་ལ་སོགས་པའོ།། བསམ་གཏན་བཞི་དང་། རྣམ་པར་ཐར་པ་བརྒྱད་དང ་ཏིང་ངེ་འཛིན་གསུམ་སྟེ། རྣམ་པར་རྟོག་པ་དང་དཔྱོད་པ་དང་བཅས་པ་དང་། རྣམ་པར་རྟོག་པ་མེད་པ་ལ་དཔྱོད་པ་ཙམ་པོ་དང་། རྣམ་པར་རྟོག་པ་མེད་ཅིང་རྣམ་པར་དཔྱོད་པ་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར ་འཇུག་པ་བཞི་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། ཀུན་ནས་ཉོན་མོངས་པ་ལ་སོགས་པ་ཅན་ནོ།། དེ་ལ་ཀུན་ནས་ཉོན་མོངས་པ་ནི་རོ་མྱོང་བ་ལ་སོགས་པས་སོ།། རྣམ་པར་བྱང་བ་ནི་ཉེ་བར་མི་དམི ་པ་ལ་སོགས་པ་སྟེ། རྣམ་པར་ལྡང་བ་ནི་སང་གི་རྣམ་པར་བསྒྱིངས་པས་སམ་ཐོང་ཚལ་གྱིས་སོ།། སྔོན་གྱི་གནས་ནི་སྔོན་གྱི་སྐྱེ་བོ་སྟེ། དེ་རྫས་སུ་དྲན་པའོ།། འོ་ཆི་འཕོ་བ་དང་སྐྱེ་བ་དག་ནི་སེམས་ཅན་རྣམས་ཀྱི་འཆི་བ་དང ་སྐྱེ་བའོ།། ཟག་པ་ནི་ཉོན་མོངས་པ་རྣམས་ལ། དེ་རྣམས་གང་དེ་ཟད་པ་དང་ལམ་གང་ཞིག་གིས་ཟད་པ་དེ་གཉི་གའི་ཟག་པ་ཟད་པའོ།། གནས་དང་གནས་མ་ཡིན་པ་འདི་རྣམས་ལ་ཐམས་ཅད་ནས་ཐམས་ཅད་དུ་ཡང་དག་པའི ་ཤེས་པ་དེ་ཉིད་སྟོབས་ཏེ། ཅིག་ཤོས་ཀྱིས་མི་ཐུབ་པའི་ཕྱིར་དང་། དེ་རྣམས་ཟིལ་གྱིས་མནན་པའི་ཕྱིར་རོ།། མི་ཐུབ་ཞེས་པ་ནི་ཟིལ་གྱིས་མནན་པར་མི་ནུས་པའོ།། སེང་གེ་བཞིན་དུ་ཤིན་ཏུ་དོགས་པ ་མེད་ཅིང་རིགས་པར་སྨྲ་བ་ལ་མི་འཇིགས་པ་སྟེ། དེའི་མི་འཇིགས་པ་ནི་རྣམ་པ་བཞི་སྟེ། མངོན་པར་བྱང་ཆུབ་པ་ལ་མི་འཇིགས་པ་དང་། ཟག་པ་ཟད་པ་ལ་མི་འཇིགས་པ་དང་། བར་དུ་གཅོད་པའི་ཆོས་ལ་མི་འཛེགས་པ་དང་། ་ངེས་པར་འབྱུང་བའི་ཆོས་ལྔ་མི་འཇིགས་པ་རྣམས་སོ།། མངོན་པར་བྱིང་ཆུབ་པ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཕུན་སུམ་ཚོགས་པའོ།། ཟག་པ་ཟད་པ་ནི་སྤངས་པ་ཕུན་སུམ་ཚོགས་པ་སྟེ། གཉི་ག་ཡང་རང་གི་དོན ་ཏོ།། བར་དུ་གཅོད་པའི་ཆོས་ནི་མྱ་ངན་ལས་འདས་པའི་ཆོས་ཀྱི་བགགས་ལ། ངེས་པར་འབྱུང་བའི་ཆོས་ནི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་སྟེ། དེ་གཉི་ག་ལ་ཡང་གཞན་གྱི་དོན་ཏེ། གཞན་རྣམས་ལ་དེ་བཤད་པས ་དེ་རྣམས་ལ་མི་འཇིགས་པ་སྟེ། དེ་དམ་བཅས་པ་རབ་ཏུ་གནས་པ་ཉིད་ཅེས་པའི་དོན་ཏོ།། མགོན་མེད་པ་ནི་སྐྱབས་མེད་པ་སྟེ། དེ་རྣམས་ཀྱི་མགོན་དང་སྐྱབས་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ། དེའི་བགྱིད་པ་ནི་འདིས ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པ་སྟེ། རྣམ་པ་དགུ་ཞེས་པ་དང་ལྡན་པའོ།། འདི་ཉིད་ཐམས་ཅད་མཁྱེན་པ་ཉིད་ཅེས་པས་མཐུ་དང་ལྡན་པར་འདོད་ནས་གསུངས་པ་ནི། འཁོར་བ་ཞེས་པ་ལ་སོགས་པ་སྟེ། ་འཁོར་བ་ནི་ཟག་པ་དང་བཅས་པའི་ཕུང་པོ་ལྔ་རྣམས་ལ། དེའི་གཉེན་པོ་འཇོམས་པར་བྱེད་པ་པོ་ནི་ཆོས་ཀྱི་དབྱིངས་དེའི་འཇོམས་པར་བྱེད་པ་ཟ་སྟེ། དེ་གསུངས་པ་ནི། བར་ཟུག་ཅེས་པ་སྟེ། ཆོས་ཀྱི་དབྱིངས་ནི་ཐོར་ཟུག་པར ་གནས་པ་སྟེ། ཐེག་མེ་དང་ཐ་མར་རོ་གཅིག་དེ་བཱིའི་ཕྱིར་རོ།། དེ་ཕྱུང་གཉེན་པོར་གྱུར་ན་ནི་གདོད་ནས་དེ་ཉིད་པོས་འཁོར་བདེ་མི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཐིག་མར་བློ་དང་ལྡན་པས་གོང་ནས་གོང་དུ་ཁྱད་པར ་དུ་འགྲོ་བར་བྱེད་པའི་ལམ་ཞེས་པ་སྟེ། དེ་ཉིད་དེའི་གཉེན་པོ་སྟེ། འདིས་ནི་སྤངས་པ་ཕུན་སུམ་ཚོགས་པ་གསུངས་ལ། ཡེ་ཤེས་ཕུན་སུམ་ཚོགས་པ་གསུངས་པ་ནི་ཆོས་ཐམས་ཅད་ཅེས་པ་སྟེ། ཆོས་རྣམས་ཐམས་ཅད་ཀྱི་ངོ་བོ་ཉིད ་ནི་ངོ་བོ་ཉིད་མེད་པ་ཉིད་དེ། དེའི་ཁྱད་པར་ནི་སྟོན་པ་པོ་སྟེ། རང་དང་གཞན་རྣམས་ལའོ།། གཞན་གྱི་དོན་དུ་ནི་ཡོངས་སུ་རྫོགས་པ་སྟེ། གཅིག་གིས་ཀྱང་མ་རྫོགས་པ་མེད་པའི་ཕྱིར་རོ།། ལན་གསུམ་དུ་བཟླས་པ་རྣམ་པ་བཅུ ་གཉིས་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་ནི་ཆོས་བསྟན་པ་ལ་དེ་ཉིད་འཁོར་ལོ་སྟེ། གདུལ་བྱའི་རྒྱུད་ལ་འཁོར་ལོའི་ཕྱིར་རོ།། དེའི་བསྐོར་བ་པོ་ནི་སངས་རྒྱས་རྣམས་ཏེ། དེ་ཉིད་དེའི་བསྐོར་བའི་ཕྱིར་རོ།། དེ་ལ་ཆོས་ཀྱི་འཁོར་ལོ་བདེན་པ ་བཞི་ལ་ལན་གསུམ་དུ་འདས་པ་ནི་འདི་ནི་སྡུག་བསྔལ་ལོ།། འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ།། འདི་ནི་སྡུག་བསྔལ་འགོག་པའོ།། འདི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མོ།། ཞེས་པ་ནི་བདེན་པ་བཞིའི་ངོ་བོའི་ལེའུ་དང་པོའོ།། ། ་དེ་ཉིད་ལ་གོ་རིམ་བཞིན་དུ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་སྤང་བར་བྱ་བ་དང་། མངོན་སུམ་དུ་བྱ་བ་དང་། བསྒོམ་པར་བྱ་བ་ཉིད་ནི་ལེའུ་གཉིས་པའོ།། ངའི་དེ་ཉིད་ལ་བདག་ཉིད་ཀྱིས ་ཡོངས་སུ་ཤེས་པ་དང་། སྤངས་པ་དང་། མངོན་སུམ་དུ་བྱས་པ་དང་། བསྒོམ་པ་ཉིད་ནི་ལེའུ་གསུམ་པ་སྟེ། འདི་ནི་རྣམ་པ་བཅུ་གཉིས་སོ།། ཀུན་རྫོབ་ཏུ་མོ་གཤམ་གྱི་རང་གི་སྐད་ཅིག་སྐྱེ་བ་ཉིད་རྒྱུན་འགགས་པ་ནི་མས ་གྲང་བ་འགགས་པ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱིས་ལོག་པའི་ཤེས་པ་འགག་པར་འགྱུར་བ་ནི་སྔོན་ནས་འབྱུང་བར་འགྱུར་བའི་ཡང་དག་པའི་ཤེས་པ་དེའི་རྒྱུ་ཅན་དེས་འགགས་པ་སྟེ། ཀུན་རྫོབ་ཏུ་ནི་ཅི་ཡང ་མེད་པ་ཉིད་དུ་མི་སྦྱོར་བས་བྱང་ཆུབ་ཀྱི་སེམས་ཉིད་ཀྱིས་ཇི་ལྟར་རིགས་པར་འགོག་པའི་ཡང་དགུ་པའི་ཤེས་པ་ནི་བསྒོམ་པའི་ལམ་གྱི་ངོ་བོའོ།། མཆོག་ཉིད་གསུངས་པ་ནི་ཇི་ལྟར་ཞེས་པ་ལ་སོགས་པ་སྟེ། གནས་པར་བགྱི་བ་ནི་གནྡྷ ་པར་བྱས་ཤིང་མཆོད་པ་རྣམས་ཀྱིས་སོ།། ཡིད་ལ་བགྱི་བ་ནི་ཡོན་ཏན་རྗེས་སུ་དྲན་པ་རྣམས་ཀྱིས་སོ།། ཕྱག་འཚལ་བར་བགྱི་བ་ནི་ལུས་ངགྲ་ཡིད་གསུམ་གྱིས་སོ།། ཅིའི་ཕྱིར་འདི་ནི་གནས་སྐབས་ལ་འདྲི་བའི་རྒྱུ་ནི་བཅོམ་ལྡནི ་འདས་མ་མཆོག་ཉིད་དུའོ།། ཡོངས་སུ་འདྲེན་པ་མེད་པ་ནི་ཡོངས་སུ་འདྲེན་པ་དང་བྲལ་བའོ།། སྐལ་བ་མེད་པ་ནི་བསྐོར་བར་མི་ནུས་པ་ལ་དམུས་ལོང་དུ་གྱུར་པ་ནི་དམུསཽ་ལོང་དང་འདྲ་བའོ།། ཞེས་པ་ནི་མཆོག་ཉིད་དོ།། དེ ་ཡང་ཞེས་པ་ལ་སོགས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བསྒོམ་པའི་ལམ་མོ།། གང་ཞིག་ཕུང་པོ་ལྔ་རྣམས་ཀྱི་ཆོས་རྣམས་ཐམས་ཅད་ཇི་སྲིད་དུ་མངོན་པར་འདུ་མི་བྱེད་ཅིང་ཉེ་བར་མི་དམིགས་པ་དེ་ཉིད་འདིའི་སྒྲུབ་པ་ཡོངས་སུ་རྫོགས ་བར་བྱེད་པའོ།། དེ་སྐད་ཅེས་བཀའ་སྩལ་པ་ཞེས་པ་ལ་སོགས་པ་སྟེ། ཆོས་གང་ཞེས་པ་ནི་ཟག་པ་མེད་པའོ།། ཆོས་གང་ཡང་གཏོད་པར་མི་བྱེད་ཅེས་པ་ནི་ཆོས་རྣམས་ལ་གཏོང་བར་བྱེད་པ་ཡང་ཉེ་བར་མི་དམིགས་ཞེས་པའི་གཏོང ་པའོ།། དེ་ནས་ཡང་ཞེས་པ་ལ་སོགས་པ་སྟེ། མིང་ནི་འདུ་ཤེས་ལ་མངོན་པར་འདུ་བྱེད་པ་ནི་བཏགས་པས་སོ།། ཇི་ལྟར་གཏོད་པར་མི་བྱེད་ཅེས་པ་ནི་ཆོས་རྣམས་ལ་གཏོད་པར་མི་བྱེད་པའི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ།། དེ ་ལྟར་ཞེས་པ་ནི་རྣམ་པར་རྟོག་པ་མེད་པས་སོ།། ཅི་ཡང་མེད་ཅེས་པ་ནི་ཆོས་རྣམས་ལ་སྐྱེ་བ་ལ་སོགས་པ་རྣམསུ་ཡང་རྣམ་པར་རྟོག་པ་མེད་པས་སོ།། ཞེས་པ་ལ་དགོངས་པའོ།། ཉེ་བར་ཞེས་པ་ནི་སྐྱེ་བ་མེད་ཅིང་འགགསོ་པ་ཡང་མེད ་ཅེས་པའི་དོན་ཏེ། འདིར་ཉེ་བར་མི་གནས་པ་ནི་ཅུང་ཟད་བྱེད་པ་མེད་པའི་ཕྱིར་རོ།། དེ་ལྟར་ཡང་ཞེས་པ་ནི་ཐམས་ཅད་མཁྱེན་པ་ལ་གཏོད་པར་བྱེད་པ་པོ་ཉིད་ཀྱང་ངོ་།། རིང་དུ་བྱེད་པར་འགྱུར་ཞེས་པ་ནི་མངོན་དུ་བྱེད་པ་མེད་པའི་ཕྱིར ་ལ། གསོག་ཏུ་བགྱིད་པ་ནི་མངོན་དུ་གྱུར་པའི་ཡེ་ཤེས་ཀྱི་མཚན་ཉིད་མོང་པའི་ཕྱིར་རོ།། གསོབ་ཏུ་བགྱིད་པ་ནི་དེའི་འབྲས་བུ་མེད་པའི་ཕྱིར་རོ།། མི་བགྱིད་ཞེས་པ་ནི་སྐྱེ་བོར་འགྱུར་བར་མི་བྱེད་པའོ།། ཡོད་པོ་ནི་འདི་དག་ཉིད་ཀྱི་རྣམ ་གྲངས་དག་གི་དོན་ཇི་ལྟར་ཁྱོད་ཀྱི་སྐུ་གསུངས་པའོ།། ཡོངས་སུ་གསལ་བར་མ་བྱས་པ་ནི་བསྟན་པ་སྟེ། གཟུགས་གསལ་བར་མ་བྱས་ཞེས་པ་ནས་ཇི་སྲིད་དུ་སངས་རྒྱས་ཉིད་ཅེས་པའི་བར་ནི་ཆོས་གང་ཡང་མེད ་ཅེས་པའི་དོན་ཏོ།། དེའི་ཕྱིར་ཆོས་གང་ཡང་མ་མཐོང་བ་སྟེ། རིང་དུ་བྱེད་ཅེས་པ་ལ་སོགས་པ་ཅན་ལ། ཆེན་པོར་མི་བགྱིད་ཅེས་པ་ལ་སོགས་པ་ནི་ཆོས་རྣམས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པའི་ཕྱིར་རོ།། སྡུད་པར་མི་བྱེད་གཡེངས་པར་མི ་མི་བྱེད་ཅེས་པ་ནི་གཉིས་སུ་མེད་པའི་ཕྱིར་རོ།། དེ་ལྟར་ཡང་དོན་ཆེན་པོར་ཡང་ངོ་།། རྒྱུ་མཐུན་པ་ནི་དེའི་རྗེས་སུ་གྱུར་པའི་ངེས་པས་སོ།། སེམས་ཅན་ནི་ཕུང་པོ་ལྔའི་བདག་ཉིད་ཅན་ལ། གང་ཟག་གམ་རྗེས་ཀྱང་དེ་བཞིན་ནོ།། ངོ་བོ་ཉིད ་ནི། མཚན་ཉིད་ལ་སྐྱེ་བ་ནི་སྐྱེད་པ་སྟེ། དེ་དང་བྲལ་བ་ཉིད་དོ།། འདི་ཡི་རྒྱས་པར་བཤད་པ་ནི་སེམས་ཅན་ངོ་བོ་ཉིད་མེད་པ་ལ་སོགས་པ་སྟེ། དབེན་པ་ན་སྟོང་པ་ཉིད་ལ། བསམ་གྱིས་མི་ཁྱབ་པས་དམིགས་སུ་མེད་པའོ།། མངོན་པར ་བྱང་མ་ཆུབ་པ་ནི་མངོན་སུམ་གྱི་བྱ་བ་དེ་ལ་མེད་པས་སོ།། ཡང་དག་པ་ཇི་ལྟ་བ་ནི་ཡང་དག་པའི་དོན་དེ་ཡིས་མ་བཟུང་བས་སོ།། སྟོབས་ཡང་དག་པར་སྒྲུབ་པ་ནི་སྤོབས་རྫོགས་པར་བྱེད་པ་ཅུང་ཟད་མེད་དོ།། དེ་ལྟར་དེ་བཞིན་གཤེགས་པ་ནི། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཞེས་པ་དོན་ཆེན་པོ་ཉིད་དོ།། སྒྲུབ་པའི་ཡན་ལག་དྲུག་པ་དང་བདུན་པ་ལ་ཡང་མོས་པའི་རྒྱུ་དང་སྤོང་བའི་རྒྱུ་ཡོད་དེ། དེའི་དབང་དུ་བྱོས་ནས་བསྟན་བཅས་ལས། སངས་རྒྱས་བསྟེན་དང་སྦྱིན ་སོགས་དང་།། ཐབས་ལ་མཁས་པ་གང་ཡིན་པ།། འདི་ལ་མོས་པའི་རྒྱུ་དག་ཡིན།། ཆོས་ཀྱིས་ཕོངས་པའི་རྒྱུ་དག་ནི།། བདུད་ཀྱི་ཐིབས་ཀྱིས་ནོན་པ་དང་།། ཟབ་མོའི་ཆོས་ལ་མ་མོས་དང་།། ཕུང་པོ་ལ་སོགས་མངོན་ཞན་དང་།། སྡིག་པའི་གྲོགས ་པོས་ཟིན་པའོ།། ཞེས་པ་སྟེ། མེས་པ་ནི་བསྒོམ་པའི་ལམ་འདི་ལྟ་སྟེ། དེ་གསུངས་པ་ནི་དྲི་ནས་ཡང་ཞེས་པ་ལ་སོགས་པ་སྟེ། མོས་ཞེས་པ་ནི་ངེས་པའི་དངོས་པོ་ཉིད་ལས་གཞན་མ་ཡིན་ཞེས་རྟོགས་པར་བྱེད་ཅིང་མོས་པར་བྱེད་པར་འགྱུར་བ་སྟེ། ་དེའི་བཤད་པ་ནི་མི་བགྱིད་ཞེས་པ་ལ་སོགས་པ་སྟེ། ནེམྦ་ནུར་ནི་གནོད་པ་ལ། ཐེ་ཙོམ་ནི་སེམ་ཉིའོ།། རྨོངས་པ་ནི་སྒྲུབ་པ་དང་མི་ལྡན་པས་སོ།། རྨོངས་པར་འགྱུར་ཞེས་པ་ནི་རྨོངས་པར་བྱེད་པར་འགྱུར་བའོ།། དོན་དང་ཞེས་པ་ནི་མངོན་པར ་རྟོགས་པ་བརྒྱད་པོ་རྣམས་ཀྱིས་སོ།། དོན་གྱི་ཚུལ་ཞེས་པ་ནི་ཇི་ལྟར་རགས་སེམས་བསྐྱེད་པ་དང་། གདམས་ངག་ཞེས་པ་ལ་སོགས་པ་དེ་རྣམས་ཀྱིས་དངོས་པོ་རྣམས་ཀྱིས་སོ།། ཆོས་ཉིད་ནི་མིང་དང་ཚིག་དང་ཡི་གེ་འདི་རྣམས་ཀྱིས་ལ། ཆོ་ས ་ཀྱི་ཚུལ་ནི་སྡུས་པ་དང་རྒྱས་པ་ལ་སོགས་པ་རྣམས་ཀྱིས་སོ།། རྗེས་སུ་རྟོགས་པར་འགྱུར་བ་ནི་རྗེས་སུ་འབྲང་བའི་ཕྱིར་རོ།། རྗེས་སུ་འཚལ་བར་འགྱུར་བ་ནི་དེ་བཞིན་དུ་ཤེས་པས་སོ།། རྗེས་སུ་རྟོགས་འགྱུར་བ་ནི་དེ་ལྟར་གཞན་ཉིད་དོ།། དེ་ཅི ་ཕྱིར་ཞེས་པ་ནི་གང་དུ་རྟགས་ཀྱིས་ཏེ། རྟགས་གསུངས་པས་ནི་ཇི་སྲིད་ཅེས་པ་སྟེ། ཡུན་རིང་པོར་སྤྱོད་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ལའོ།། ཚུལ་ཁྲིམས་བསྲུངས་པ་ནི་འདི་ཡིས་ཚུལ་ཁྲིམས་ཏེ། ཡུན་རིང་པོར་སྤྱོད་པ་ཅན་ནོ།། ཞེས་པ་ནི། ་སངས་རྒྱས་བསྟེན་པ་དང་། སྦྱིན་པ་ལ་སོགས་པའི་སྤྱོད་པའོ།། དེ་ནས་ཞེས་པ་ལ་སོགས་པ་སྟེ། ནུས་ཞེས་པ་ནི་གང་གིས་གང་ལའོ།། ཉན་པར་འདོད་པ་ནི་སྒྲ་ལའོ།། རྟོགས་པ་ནི་དོན་ལའོ།། བསམ ་པ་ནི་དུས་གཞན་དུ་དྲན་པར་རོ།། བསྐྱོད་པ་ནི་བསམ་པའི་དུས་སུའོ།། ཉེ་བར་བཟུང་བ་ནི་བསྒོམ་པའི་དུས་སུ་སེམས་པ་ཡིས་རྟེན་པར་བྱེད་པའི་ཕྱིར་རོ།། འདི་ནི་སྣང་བར་བྱེད་པའོ།། འདི་དང་འདི་ལ་ཞེས་པ་ནི་སོ་སོར་སྣང་བར་བྱེད ་པའི་ན་རྣམས་ལའོ།། འདི་ལྟར་ཞེས་པ་ནི་སྣང་བར་བྱེད་པ་ཡིས་ལ། རྣམ་པ་ནི་མཚན་ཉིད་ཀྱིས་ཏེ། དཔེར་ན་བ་ལང་གི་ལྐོག་ཤལ་ལ་སོགས་པ་ཉིད་ཀྱིས་སོ།། རྟགས་ཀྱིས་ནི་བཅོས་མ་ཡིས་ཏེ། དཔེར་ན་བ་ལང་གི་དྲིལ་བུ་ལ་སོགས་པ ་བཞིན་ལ། མཚན་མ་ནི་རང་བཞིན་གྱི་མཚན་མི་སྟེ། དཔེར་ན་བ་ལང་དཀར་པོ་ཉིད་ལ་སོགས་པ་བཞིན་ནོ།། བསྟན་པ་ནི་གཞན་ལའོ།། མཉན་པར་བྱེད་པ་ནི་གཞན་ལས་སོ།། ཕུང་པོ་ནི་ཕུང་པོ་ལ་སོགས་པ་རྣམས་ཀྱིས་སོ།། ཆོས ་རྣམས་ཐམས་ཅད་ལ་ཕུང་པོ་ལ་སོགས་པ་རྣམས་ཀྱིས་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཕྱིར་ནི་ཆོས་ཐམས་ཅད་དབེན་པ་ཉིད་ལ་རྒྱུ་དང་འབྲས་བུ་ནི་ཐོག་མ་དང་ཐ་མ་གཉིས་དང་བྲལ་བས་ནི་ཤིན་ཏུ་དབེན་པ་ཉིད་དེ། གཞན་མ་མེད་ཅེས ་བ་ནི་གཞན་གང་ན་ཡང་ངོ་།། ཅིའི་ཕྱིར་ན་སྐྱེ་བའི་རྒྱུ་དང་བྲལ་བ་ཉིད་ཀྱིས་སྟོང་པ་ཉིད་ལ་རང་གི་ངོ་བོ་དང་བྲལ་བའི་ཕྱིར་དབེན་པའོ།། འབྲས་བུའི་ནུས་པ་དང་བྲལ་བས་ཞི་བའོ།། དེ་ལྟར་ན་ཞེས་པ་ལ་སོགས་པ་ནི་ཉེ་བར་བསྡུས་པའོ།། ་གང་དམིགས་སུ་མེད་པ་ཞེས་པ་ནི་དོན་དམ་པར་ལ། ཀུན་རྫོབ་ཏུ་ནི་ཉེ་བར་དམིགས་པ་སྟེ། དམིགས་པ་མེད་པ་ཙམ་པོ་མ་ཡིན་ཞེས་པ་ནི་ཐབས་ལ་མཁས་པའོ།། ཆོས་ཀྱིས་ཕོངས་པ་ནི་ཕུན་སུམ་ཚོགས་པ་དང་བྲལ་ནས་ཡུན་རིང ་པོར་ངན་འགྲོར་གནས་པས་དེ་ཡིས་ཉེན་པ་ལ་སོགས་པ་མེད་པ་སྟེ། དེའི་རྒྱུ་ནི་དམ་པའི་ཆོས་སྤོང་བ་ལ་དེ་ཉིད་ནི་ཆོས་ཀྱིས་ཕོངས་པ་དང་མཐུན་པར་འགྱུར་བའི་ལས་ཏེ། དེ་ཡིས་རྒྱུའི་བྱ་བས་བྱས་པའི་ཕྱིར་རོ།། དེའི་གནས་སྐབས ་ནི་དེ་ལྟར་གནས་བརྟན་ཞེས་པ་ལ་སོགས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་པ་ནི་འདིར་བསྒོམ་པའི་ལྷམ་ལའོ།། རྣལ་འབྱོར་ནི་ཡང་དག་པར་ལེན་པས་ལ། རྣམ་པར་ཕྱེ་སྟེ་ཞེས་པོ་ནི་ཁ་ཅིག་ནི་ཡུན་རིང་པོར་སྤྱོད་པ ་ཡིན་ལ། ཁ་ཅིག་ནི་མིན་ཅེས་བྱ་སྟེ། དེ་ཇི་ལྟར་ཞེ་ན། དད་པ་ལ་སོགས་པའི་དབང་པོ་རྣམས་ཀྱིས་ཚད་ཀྱིས་སྣ་ཚོགས་པ་ཉིད་དེ་གསུངས་པ་ནི། བསྙེན་བཀུར་བྱེད་པར་མི་འགྱུརརོ་ཞེས་པ་དང་འབྲེལ་ཏོ།། སངས་རྒྱས་རྣམས་ལ ་བསྙེན་བཀུར་མ་བྱས་པ་དང་། ཡོངས་སུ་མ་དྲིས་པ་ནི་དད་པ་དང་བྲལ་བས་སོ།། བྱས་པ་ནི་ལན་ཅིག་བྱས་པས་སོ།། བསགས་པ་ནི་ཡང་ཡང་བྱེད་པའི།། ཀུན་ནས་བསགས་པ་ནི་ཡོངས་སུ་རྫོགས་པའོ།། ཉེ་བར་བསགས་པ ་ནི་རྣམ་པར་སྨོན་པོ་སྟེར་བའི་ནུས་པ་ཐོབ་པའོ།། ལུས་ཀྱི་ཚོགས་པ་ནི་ཉན་དུ་འོང་བའོ།། སེམས་ཀྱིས་ནི་རྣམ་པར་གཡེང་བ་མེད་པའོ།། ངག་གིས་ནི་སྐབས་སུ་བབ་པོ་མི་སྨྲ་བའོ།། མི་སྦྱིན་པ་ནི་ཡང་དག་པར་མཉན་པའོ།། མ་ཤེས ་པ་ནི་གཟུངས། མི་མཐོང་བ་ནི་དོན་ནོ།། ཁྱོད་དུ་མི་ཆུད་པ་ནི་བདུན་པ་གཉིས་ཀྱི་བདག་ཉིད་ཀྱིསཱ་ལ། རིག་པར་མི་བྱེད་པ་ནི་ཕྱེན་ཅི་ལོག་ཏུ་རྟོགས་པས་སོ།། སྟོང་པར་འགྱུར་བ་ནི་ཡིད་ཀྱིས་བཏང་བྱས་སོ།། སྐཱར་པ་ནཱཾ་ངག ་གིས་སོ།། ཁྲོ་བ་ནི་སྨོད་པ་ལ། ཉེ་བར་བཅོས་པ་ནི་སུན་འབྱིན་པ་ཉིད་དོ།། བསྲེགས་པ་ནི་མི་དགེ་བ་རྣམས་ཀྱིས་དགེ་བའི་རྩ་བ་བསྲེགས་པའི་ཕྱིར་ལོ།། འདུན་པ་ནི་དཔུང་གིས་དངོས་པོའི།། ཕྱིར་བཟློག་པ་ནི་འདུན་པ་ལུས་སོ།། འབྲལ་བར་བྱེད ་ནི་འདིས་མདུན་པ་དང་བྲལ་བར་བྱེད་པའི་ཕྱིར་རོ།། མི་འཇུག་པར་བྱེད་པ་ནི་ཡིད་ཀྱིས་གཏོང་བར་བྱེད་པའི་ཕྱིར་རོ།། ལྡོག་པར་བྱེད་པ་ནི་སྒུར་མི་འཛིན་པར་བྱེད་པའི་ཕྱིར་རོ།། འདི་རྣམས་ཀྱིས་ནི་སྤྱོང་བུར་སྨྲ་སྟེ། སྦྱོང་བར་སྨྲ་བ་ནི། འདི་ལ་པོ་སྒྲུབ ་པར་མི་བྱ་ཞེས་པ་ལ་སོགས་པའོ།། བར་སྨྲ་བ་ནི་འདི་ནི་སངས་རྒྱས་ཀྱི་གསུང་མ་ཡིན་ཞེས་པའོ།། དེ་ལྟར་ནི་དང་པོའི་སྟོབས་རྣམས་བཅོམ་པའི་སེམས་རྨོངས་པས་རྟོགས་ནཱ་ཤྭ་འཁོན་དུ་འགྱུར་བ་སྟེ། གང་གི་ཕྱིར་མདོ་སྡེ་ལས་འདུག་པ་འདུ ་བ་ལ་སྣང་བ་ཆོས་ཉིད་དང་མི་འགལ་བ་དེ་ནི་སངས་རྒྱས་ཀྱི་གསུང་ལ། ཐེག་པ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནི་མདོ་སྡེ་ལ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་སོགས་པ་ནི་འདུལ་བ་སྟེ། ཆོས་ཉིད་ནི་ཁྱད་པར་དུ ་གྱུར་པས་བཤད་པ་ནི་ཐེག་པ་དམན་པ་ལ་ནི་ཐེག་པ་ཆེན་པོའི་ཡོན་ཏན་གྱི་ཚོགས་མེད་པ་ཉིད་དེ། ཁྲོན་པ་ལ་སོགས་པ་ལ་རྒལ་བ་མེད་པའི་ཕྱིར་དང་། རྒྱ་མཚོ་ཆེན་པོ་རྣམས་ཀྱི་ནང་དུ་མ་སོང་བའི་ཕྱིར་ན་ཆུའི་རྟེན་དུ་མ་གྱུར་ཅེས་པ་སྟེ། ་འདིར་མང་དུ་བརྗོད་པ་ནི་དགོས་པ་མེད་པ་ཉིད་དོ།། བྱོལ་སོང་ནི་ཡོངས་སུ་བཏང་བ་སྟེ། ཕྱི་རོལ་ཏུ་འགྱུར་ཞེས་པ་དང་དོན་གཅིག་གོ།། ཐམས་ཅད་ནས་ནི་ཇི་ལྟར་གྱུར་པ་དེ་ལྟར་ན། ཐམས་ཅད་ཀྱི་ནི་ཡན་ལག་གིས་སོ།། ཐམས་ཅད་ནི་ཇི་ལྟར ་འགྱུར་བ་དེ་ཐམས་ཅད་ཀྱིས་ཏེ། བྱེ་བྲག་རྣམས་ཀྱིས་སོ།། ལས་མངོན་པར་འདུ་བྱེད་པ་ནི་ལས་ཀྱིས་བྱ་བའོ།། ཉེ་བར་གནས་པ་ནི་བྱས་པའོ།། ཀུན་ནས་བསླང་བ་ནི་ཉེ་བར་བསགས་པའོ།། འཇིག་པ་ནི་བཤིག་པ་སྟེ། གང་གིས་མི་ཡིས ་ཟད་པར་བྱེད་པ་དེ་ནི་མེ་ཡིས་འཇིག་པའི།། འདོར་བར་འགྱུར་བ་ནི་སྲིད་པ་བར་མའི་ལུས་ཀྱིས་སོ།། ལྟུང་བར་འགྱུར་བ་ནི་སྐྱེ་བའི་ལུས་ཀྱིས་ཏེ། རྒྱུད་མཉམ་དུ་ཡང་སྡུག་བསྔལ་མང་པོ་རྣམས་ངེས་གང་གི་ཕྱིར་དེ་ལྟར་མྱོང་བར་འགྱུར་བའོ།། མ ་བསད་པ་དང་། ཕ་བསད་པ་དང་། དགྲ་བཅོམ་པ་བསད་པ་དང་། དགེ་འདུན་གྱི་དབྱེན་བྱས་པ་དང་། དེ་བཞིན་གཤེགས་པོ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་ཞེས་པ་ནི་མཚམས་མེད་པ་ལྔའི་ལས་ཏེ། བར་མཚམས་མེད་པར་མནར་མེད་པར་སྐྱེ ་བའི་རྒྱུའི་ཕྱིར་རོ།། མཚམས་མེད་པའི་རྒྱུ་དང་འབྲས་བུ་རྣམས་དང་། འདྲ་བ་མེ་བས་གོ་རིམ་ཇི་ལྟ་བ་བཞིན་དུ་གཟུགས་བརྙན་དུ་ཡང་ངམ། རྗེས་སུ་མཐུན་པ་འམ་ཚུལ་མཐུན་པ་ཙམ་ཡང་མ་ཡིན་ཞེས་པ་སྟེ། གཟུགས་བརྙན་ལ་སོགས ་པའི་ཚིག་གསུམ་ནི་དོན་མཐུན་པའི་ཤེས་པ་ནི་གཞན་དག་གིའོ།། རྙེད་པ་དང་བཀུར་སྟི་ནི་དེ་ཉིད་ལས་ཏེ། ཅིའི་ཕྱིར་ན་དེ་ལ་ལྟ་བར་ཡང་ངོ་།། སོ་རྩེའི་ལོ་མའི་འདབ་མ་རུལ་བ་ནི། དམ་བོར་ན་གཞན་རྣམས་ཀྱང་འཇིག་པར་བྱེད་པའོ།། སོ་རྩེའི ་ལོ་མ་བཞིན་དུ་རིགས་སུ་སྐྱེས་པ་འདི་རྣམས་དེ་བཞིན་ནོ།། ནག་པོ་ནི་རྩིའི་བྱེ་བྲག་ལ་སྲེད་ནི་རབ་ཏུ་གྲགས་པ་སྟེ། ཞེང་ལམ་བསལ་ན་ཞིང་འཇིག་པར་བྱེད་པའོ།། ནག་པོའང་སྲིན་བུ་ཞེས་པ་ཁྭ་ཅིག་སྟེ། ་ནག་པོ་རང་བཞིན་གྱི་རིགས་ལས་སྐྱེས་པ་འདི་རྣམས་ཀྱང་དེ་བཞིན་ནོ།། ནག་པོ་ལ་ནི་རེག་ནས་སོ་མུ་བཏབ་ཀྱང་དུག་དང་བཅས་པར་འགྱུར་ཏེ། འདི་ཉིད་ཀྱིས་ན་དེ་དག་ལས་ཉན་པ་དང་། དད་པ་ལ་སོགས་པ་རྣམས་ལམ་མ་ཡིན་པས ་ཕོངས་ཤིང་དམྱལ་བ་ལ་སོགས་པོའི་སྡུག་བསྔལ་གྱིས་ཏེ། སྡུག་ཅིང་དྲག་ལ་གནོད་པ་ཆེན་པོས་སོ།། སྣང་བར་བྱས་པ་ནི་རང་བཞིན་གྱི་ལས་ཀྱི་རྣམ་པར་སྨིན་པ་ཤེས་པར་རོ།། དཀར་པོའི་སྐལ་པ་ནི་དགེ་བའི་སྐལ་བའོ།། དེ་དང་ལྡན ་པར་ནི་ཡང་དག་པར་སྐྱེད་པའོ།། སྦྱོར་བཞེས་པ་ནི་ཆོས་ཀྱིས་ཕོངས་པས་སོ།། བདུད་ཀྱི་བྱིན་གྱིས་བརླབས་པ་ཞེས་པ་ལ་སོགས་པ་ནི་བདུད་ཀྱི་བྱིན་གྱིས་བརླབས་པ་གསུངས་ལ། ཆོས་ཟབ་མོ་ལ་མི་མོས་པས་དེ་ལ་དད་པ་དང་དང་བ ་མེད་པར་གསུངས་སོ།། གཞན་ཡང་ཞེས་པ་ལ་སོགས་པ་རྒྱུ་རྣམ་པ་བཞི་གསུངས་པོ་ནི། བདག་ལ་བསྟོད་པ་དང་གཞན་ལ་སྨོད་པ་ཉེས་པའི་སྐབས་ཚོལ་བར་འགྱུར་ཞེས་པ་ནི་ཕུང་པོ་གཅིག་ལ། བསྟན་བཅོས་སུ་ནི་དེའི་འདིར་ཆོས ་ཀྱིས་ཕོངས་པའི་རྒྱུ་དྲུག་གསུངས་པ་ལ་མདོར་བསྡུས་ནས་བཞི་སྟེ། ལྷག་མ་རྣམས་ནི་ཕུང་པོ་ལ་སོགས་པར་མངོན་པར་ཞེན་པའི་ནང་དུ་བསྡུས་པའི་ཕྱིར་ཏེ། བདག་ལ་བསྟོད་པ་ལ་སོགས་པ་རྣམས་ཀྱིས་ཕུང་པོ་ལ་སོགས་པ་ལ་མངོན་པར་ཞེན་པ ་སྒྲུབ་པའི་ལེའུ་འདིར་ཡན་ལག་བདུན་གྱིས་སྒྲུབ་པ་གསལ་བར་བྱས་པའི་ཕྱིར་རོ།། དེ་ལྟར་ན་ཡང་ངན་འགྲོའི་གཞུང་མང་བའི་ཕྱིར་དམྱལ་བའི་ལེའུ་བརྗོད་པ་སྐྱེ་བདུན་པའོ།། ། དག་པ་བརྗོད་པར་བྱ་སྟེ། དེ་ན་མོས ་པར་དཀའ་བ་ཉིད་པས་དེ་གསུངས་པ་ནི། དེ་ནས་ཞེས་པ་ལ་སོགས་པ་སྟེ། དོན་དུ་མི་གཉེར་བ་ནི་འདུན་པ་དམན་པས་སོ།། ཉེ་བར་བསྟན་པ་ནི་བགེགས་ཀྱིས་སོ།། ལེགས་པར་མི་ཉན་པ་ལ་སོགས་པ་ནི་དགེ་བའི་བཤེས་གཉེན་རྣམས ་ལའོ།། ཇི་ཙམ་དུ་ཟག་པ་ཞེས་པ་ནི་མིང་དུ་ཙམ་དུ་ཟབ་པས་མོས་པར་དཀའ་བ་ལ། གཟུགས་ལ་སོགས་པའི་སྔོན་གྱི་མཐའ་ལ་སོགས་པ་ལ་ཡང་མ་བཅིངས་མ་གྲོལ་བ་སྟེ། དུས་གསུམ་གྱི་ངོ་བོ་ཉིད་མེད་པའི་ཕྱིར་རོ།། མཆོག་ཏུ་མྱོ ་པར་དཀའ་བ་ནི་མཆོག་ཏུ་ཟབ་པའི་ཕྱིར་རོ།། སྔ་ནས་རབ་ཏུ་འཇུག་པ་ནི་འཆིང་བ་ལ་སྔ་ནས་དག་པའི་ཕྱིར་དེ་ལྡོག་པའི་ཐར་པ་སྟེ། དག་པ་ཞེན་རབ་ཏུ་གྲགས་པའོ།། འདིར་ཡང་བཅིངས་པ་དང་གྲོལ་བ་དག་ནི་ཤིན་ཏུ་མེད་ཅིང་དག་པ་ཞེས ་པ་ནི་མཆོག་ཏུ་ཟབ་པའོ།། རྣམ་པར་དག་པའི་མཚན་ཉིད་ནི་བསྟན་བཅོས་ལས། འབྲས་བུ་དག་པ་གཟུགས་ལ་སོགས།། དག་པ་ཉིད་དེ་གང་གི་ཕྱིར།། དེ་ཉིད་ཐ་དད་མུ་ཡིན་ཞིང་།། གཅད་དུ་མེད་པས་དག་པར་བརྗོད།། ཅེས་ཏེ། འབྲས་བུ ་དག་པ་ནི་བསྒྲུབ་པར་བྱ་བ་སྟེ། དེ་ཡང་གཟུགས་ལ་སོགས་པའི་དག་པ་ཉིད་དོ།། དེ་ཅིའི་ཕྱིར་ཞེས་པ་ནི་དེ་ལ་འདིས་གང་དུ་མོས་པར་དཀའ་བའོ།། གཉིས་སུ་མེད་པ་ནི་དེའི་བདག་ཉིད་ཀྱིས་ལ། གཉིས་སུ་བྱར་མེད་པ་ནི་ཕན་ཚུན་དུ་མ་འཁྲུལ ་བའི་ཕྱིར་རོ།། འདི་ཉིད་ཀྱི་བཤད་པ་ན་ཐ་མི་དད་ཅིང་བཅད་དུ་མེད་པ་ཞེས་པའོ།། ཡུམ་ཆེན་མར་གསུངས་པའི་རྣམ་པར་དག་པ་རབ་ཏུ་དབྱེ་བའི་ཕྱིར་བསྟན་བཅོས་སུ་ཉོན་མོངས་ཤེས་བྱ་ལམ་གསུམ་གྱི། ཉམ ་ཕྱིར་སློབ་མ་བསེ་རུ་དང་།། རྒྱལ་སྐྱེས་རྣམས་ཀྱི་དག་པ་སྟེ།། སངས་རྒྱས་རྣམ་ཀུན་ཤིན་ཏུ་བ།། ཞེས་ཏེ། ཉོན་མོངས་པ་རྣམས་དང་། གཟུང་བའི་རྣམ་པར་རྟོག་པ་དང་། ལོམ་དང་གསུམ་པ་རྣམས་ལ་སྲིད་པ་མི་ཤེས་པའི་ལམ་གསུམ་དེ ་ཡིས་སྤངས་པ་རྣམ་པར་དག་པ་ནི་གོ་རིམ་ཇི་བཞིན་དུ་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཏེ། དེ་ནི་རྒྱལ་བ་རྣམས་ཀྱི་སྲས་ལ་སངས་རྒྱས་ཀྱིས་ནི་མཐའི་མཚམས་དེ་ལས་ཤིན་ཏུ་འདས་པས་ཤིན་ཏུ་བ་ལ་ཤིན་ཏུ། ་བ་ནི་སྲིད་པ་མཐར་གྱུར་པ་སྟེ། བག་ཆགས་དང་བཅོས་པའི་སྒྲིབ་པ་སྤངས་པའི་ཕྱིར་རོ།། རྣམ་ཀུན་ནི་རྣམས་པ་ཐམས་ཅད་ཀྱི་སྟེ། རྣམ་ཀུན་ཞེས་པ་རྒྱས་པར་བཤད་པ་ནི་དེ་ལ་བསྟན་བཅོས་ལས་ཆུང་ངུའི་ཆུང་ལ་སོགས་པའི་ལམ། ་དག་པ་ས་དགུ་པོ་རྣམས་ལ།། ཆེན་པོའི་ཆེན་པོ་ལ་སོགས་པའོ།། དྲི་མ་ཡི་ནི་གཉེན་པོ་ཉིད།། ཅེས་ཏེ། ས་རྣམས་ལ་དག་པ་དགུ་སྟེ། འདོད་པའི་ཁམས་གཟུགས་དང་གཟུགས་མེད་པ་བརྒྱད་པོ་རྣམས་ཏེ། ལམ་སོ་སོ་ལ་ས་རྣམ་པ་དགུ ་སྡེ། ཆུང་ངུའི་ཆུང་ངུ་ལ་སོགས་པ་ཕྱེ་བས་བྱེ་བྲག་བརྒྱད་ཅུ་རྩ་གཅིག་ལ་ཆེན་པོའི་ཆེན་པོ་ལ་སོགས་པའི་དབྱེ་བས་ས་རེ་རེ་ལ་སྐྱོན་རྣམ་པ་དགུ་དགུ་སྟེ་བརྒྱད་ཅུ་རྩ་གཅིག་གི་གཉེན་པོས་སོ།། འདིར་རྣམ་པ་དགུའི་ལམ་གསུངས་པ་ནི། གཞན ་ཡང་ཞེས་པ་ལ་སོགས་པ་སྟེ་ཐམས་ཅད་མཁྱེན་པ་ཞེས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་པ་ནི་ལམ་ཆུང་ངུའི་ཆུང་ངུ་དང་ཆུང་ངུའི་འབྲིང་དང་། དེ་ནས་ཞེས་པ་ལ་སོགས་པ་སྟེ། ཟབ་མོའི་གཏིང་དཔག་དཀའ་བ་སྟེ། རྣམ་པར་དག ་པའི་ཕྱིར་ཞེས་པ་ནི་དེ་ཁོ་ན་ཉིད་དུ་ངོ་བོ་ཉིད་མེད་པའི་ཕྱིར་ཞེས་པ་ནི་ལམ་ཆུང་ངུའི་ཆུན་པོའོ།། གསལ་བར་བགྱིད་པ་ནི་མུན་པ་སེལ་བ་སྟེ། ཆོས་རྣམས་ཐམས་ཅད་རྣམ་པར་དག་པའི་ཕྱིར་ཞེས་པ་ནི་འབྲིང་གི་ཆུང་ངུའོ།། སྣང་བ་དང་བཅས་པ ་ནི་མཐོང་བ་སྟེ། རྣམ་པར་དག་པའི་ཕྱིར་ཞེས་པ་ནི་འབྲིང་གི་འབྲིང་ངོ་།། མཚམས་སྦྱོར་བ་མཆིས་པ་ནི་སྲིད་པ་གཞན་དུ་འཕྲོ་བ་སྟེ། རྣམ་པར་དག་པའི་ཕྱིར་ཞེས་པ་ནི་འབྲིང་གི་ཆེན་པོའོ།། ཀུན་ནས་ཉོན་མོངས་པ་མ་མཆིས་པ་སྟེ། རྣམ་པར ་དག་པའི་ཕྱིར་ནི་རང་བཞིན་གྱིས་ཆོས་ཐམས་ཅད་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་ཞེས་པ་ནི་ཆེན་པོའི་ཆུང་ངུའོ།། ཐོབ་པ་མེད་བ་ཅིང་མེད་མངོན་པར་རྟོགས་པ་མེང་དེ། རྣམ་པར་དག་པའི་ཕྱིར་ནི་ཆོས་རྣམས་ཐམས་ཅད་ཐོབ་པ་མེད ་ལ་མངོན་པོར་རྟོགས་པ་མེད་ཅེས་པ་ནི་ཆེན་པོའི་འབྲིང་ངོ་།། མངོན་པར་གྲུབ་པ་མ་མཆིས་པ་སྟེ། རྣམ་པར་དག་པའི་ཕྱིར་ནི་ཆོས་རྣམས་ཐམས་ཅད་མངོན་པར་འགྲུབ་པ་མེད་ཅེས་པ་སྟེ། ལོམ་ཆེན་པོའི་ཆེན་པོའོ།། རྣམ་པ་འདི་དགུ་ནི ་ལམ་སྟེ་ས་རེ་རེ་ལ་ཤེས་པར་བྱའོ།། བཀའ་སྩལ་པ་ཤིན་ཏུ་སྐྱེ་བ་མ་མཆིས་ཞེས་པ་ལ་སོགས་པ་ལས་ཤེས་པ་ཉིད་ཡོངས་སུ་རྫོགས་པ་སྟེ། འདིར་བསྟན་བཅོས་ལས། ཁམས་གསུམ་པ་ཡི་གཉེན་པོ་ཉིད།། གཞལ་དང་གཞལ ་བྱ་མཉམ་ཉིད་ལ།། ཀླན་ཀ་ཡོངས་སུ་སྤངས་པ་ཡང་།། ལམ་ཡང་དཱི་ཡི་གཉེན་པོར་འདོད།། ཅེས་པ་སྟེ། ཁམས་གསུམ་པའི་མ་སྐྱེས་པའི་རྣམ་པར་དྲག་པའི་ལམ་སྟེ། དེ་གསུངས་པ་ནཾ་ཤཱིནཱ་ཏུ་ཞུས ་པ་སྟེ། རྣམ་པར་དག་པའི་ཕྱིར་འདོད་པའི་ཁམས་ལ་སོགས་པའི་ངོ་བར་སྐྱེ་བ་མ་མཆིས་ཞེས་པ་ནི་དེའི་ཁམས་གསུམ་གྱི་གཉེན་པོ་ཉིད་ལ་འདིར་ཡང་གཞལ་དང་གཞལ་བྱ་མཉམ་པ་ཉིད་གང་དུ་གསུངས་པ་ནི་མི་འཚལ་བ་ནི་མི་འཛིན ་པ་ལ་ཡང་དག་པར་མ་འཚལ་བ་ནི་རྣམ་པར་རྟོགས་པར་མི་བྱེད་པའོ།། དེ་གསལ་བར་འདོད་ནས་འདྲི་བ་ནི། ཅི་ཞིག་ཅེས་པ་ལ་སོགས་པ་སྟེ། རྣམ་པར་དག་པའི་ཕྱིར་ཞེས་པ་ནི་ཤིན་ཏུ་མེད་པའི་ཕྱིར་ཞེས་པ་སྟེ། ཤེས་པ་དང་ཤེས ་བྱ་མཉམ་པ་ཉིད་དོ།། ཀླན་ཀ་ནི་འདིར་རྣམ་པར་དག་པའི་མཚན་ཉིད་ནི་བསྒོམ་པའི་ལམ་དུ་མི་འཐད་དོ་ཞེས་པའི་གང་དུ་སྐྱོན་བརྒྱད་པོ་འདིར་གསུངས་པ་ནི། ལ་མོ་གང་དེ་ཡང་ཞེས་པའི་ཡང་ནི་ཀུན་ཏུ་རྟོག་པ་དཱ་ད་ཐ་དད་པའི་རིམ ་པ་སྟེ། ཀླན་ཀའི་ཞེས་ནི་སྐྱེད་པ་ལ་དང་པོའི་ཚིག་གོ། བསྒོམ་པའི་ལམ་ཉིད་དུ་མི་འདོད་ལ་འདིར་ཀླན་ཀ་དེ་རྣམས་ཀྱི་ལན་ནི་གོང་དུ་བཏབ་ཅེས་པའི་དོན་ཏོ།། འདིའི་གྲུབ་མཐའ་ལ་དེ་ལྟར་ཞུམ་པས་འདྲི་བོ་སྟེ། འདི་ནི་ཞེས་པ་ནི་རྒྱུ་ལ ་བལྟོས་པ་དང་བཅས་པའི་ཀློན་ཀ་སྨོས་པ་སྟེ། ཀླན་ཀ་གཞན་བརྒྱད་པོ་རྣམས་ལ། གྲུབ་པའི་མཐའ་རྒྱུ་ནི་ལམ་བརྒྱད་པོ་རྣམས་སོ།། ཕན་པར་ཡང་མ་བགྱིད་ལ་གནོད་པར་ཡང་མི་བགྱིད་ཅེས་པ་ནི་གྲུབ་པའི་མཐའ་ལ། གལ་ཏེ་དེ ་གང་དུ་ཅུང་ཞིག་མི་བྱེད་ན་དེ་གང་དུ་ཇི་ལྟར་ན་ལམ་ཞེས་པ་ནི་ཀླན་ཀ་ལ། ལན་ནི་རྣམ་པར་དག་པའི་ཕྱིར་རོ་ཞེས་པ་སྟེ། ཐམས་ཅད་མཁྱེན་པ་ཉིད་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཉིད་དེ། དེ་ཡང་རང་བཞིན་གྱིས་རྣམ་པར་དག་པ ་དེའི་དེ་ལ་ནི་འདིར་ཅུང་ཟད་བྱེད་དུ་མེད་ལ། གློ་བུར་གྱི་སྒྲིབ་པ་འབའ་ཞིག་ཟད་པར་འདོད་པ་ལ་བརྗོད་དེ།། མི་འཛིན་ཞེས་པ་ལ་སོགས་པ་གྲུབཱ་པཱའི་མཐའ་ལ། གལ་ཏེ་གཟུང་ན་རྣམ་པར་རྟོག་པར་གྱུར་ལ་དེ་ནས་མི་འཛིན་པ་ནི ་ཤེས་རབ་ཉིད་དུ་མི་འགྱུར་ཞེས་པ་ནི་ཀླན་ཀཱ་སྟེ། རྣམ་པར་དག་པའི་ཕྱིར་ཞེས་པ་ནི་ལེན་ཏུ་གང་དུ་འདི་ལྟར་ཆོས་འདི་དག་ངོ་བོ་ཉིད་མེད་པའི་ཕྱིར་དོན་ངན་པར་ན་མངོན་པ་སྟེ། དེའི་ཕྱིར་མཐོང་བ་མེད་པའི་སྦྱོར་བས་མཐོང་བ ་སྟེ། དེ་ཉིད་ཀྱིས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ།། རྣམ་པར་དག་པའི་ཕྱིར་མི་འཛིན་པ་ནི་དོན་དམ་པ་ལ། ཀུན་རྫོབ་དུ་ནི་གཏོང་བའོ།། ཕུང་པོ་རྣམ་པར་དག་པ་དང་འབྲས་བུ་རྣམ་པར་དག་པ་དང་ཐམས ་ཅད་མཁྱེན་པ་རྣམ་པར་དག་པ་གསུངས་ཏེ། དེ་ཡང་དེ་རྣམ་པར་དག་པས་བདག་རྣམ་པར་དོག་པ་སྟེ་ཇི་ལྟར་བདག་རྣམ་པར་ཤིན་ཏུ་མེད་པ་དོན་དམ་པར་ཞེས་པ་ནི་གྲུབ་པའི་མཐའ་ལ། གལ་ཏེ་ཕུང་པོ་དང་འབྲས་བུ་དང་ཐམས ་ཅད་མཁྱེན་པ་ཉིད་རྣམས་ཤིན་ཏུ་མེད་པ། འདི་ནི་ཅུང་ཟད་མིན་ཞེས་པ་ནི་ཀླན་ཀ་ལ། ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཞེས་པ་ནི་ལེན་ནོ།། དོན་དམ་པར་ཆོས་རྣམས་ཐམས་ཅད་ཤིན་ཏུ་མེད་པ་ཉིད་དོ།། དེའི་ཕྱིར་ནི་དེ་སྟོང ་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཆོས་ཉིད་ལ་དེ་ཡང་ཀུན་རྫོབ་དང་རོ་གཅིག་པས་ཡོད་ཅེས་པའི་དོན་ཏོ།། བདག་རྣམ་པར་དག་ཐོབ་པ་ཡང་མེད་ལ་མངོན་པར་རྟོགས་པ་ཡང་མེད་ཅེས་པའི་གྲུབ་པའི་མཐའ་ལ ་ཐོབ་པ་ནི་བར་ཆད་མེད་པའི་ལམ་གྱིས་མངོན་པར་རྟོགས་པ་ནི་རྣམ་པར་གྲོལ་བའི་ལམ་གྱིས་ཐོབ་ཅེས་པ་སྟེ་ཀླན་ཀ་ནི་སྔ་མ་བཞིན་ལ། ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཞེས་པ་ནི་ལན་ཏེ་གང་དུ་འདི་ལྟར་ཆོས་ཀྱིས་ངོ་བོ་ཉིད་ཀྱིས་ཆོས ་རྣམས་ཤིན་ཏུ་མེད་ལ། དེའི་དེ་ཉིད་ཀྱི་ཆོས་དང་རོ་གཅིག་པས་ཀུན་རྫོབ་ཏུ་ཡོད་དེ། དེ་ཡང་རང་བཞིན་གྱིས་དག་པ་སྟེ། དེའི་དག་པ་ཉིད་ལ་ནི་ཐམས་ཅད་མཁྱེན་པར་དེ་ལྟར་མི་འགྱུར་བ་ཐོབ་པས་མངོན་པར་རྟོགས་པ་མེད་ཅེས་པའི ་དོན་ཏོ།། བདག་མེད་པས་གཟུགས་དང་ཚོར་བ་ལ་སོགས་པ་མུ་མེད་པ་ཞེས་པ་ནི་གྲུབ་པའི་མཐའ་ལ། དེ་གང་དུ་མཐོང་བར་འགྱུར་བའི་ཕུང་པོ་ལ་སོགས་པའི་མཐའ་ནི་ཇི་ལྟར་མུ་མེད་པ་ཡིན་ཞེས་པ་ནི་ཀླན་ཀ་སྟེ། ཤིན་ཏུ་རྣམ་པར་དག ་པའི་ཕྱིར་ཞེས་པ་ནི་ལན་ཏེ། ཇི་ལྟར་ན་བདག་ནི་ན་ཏུ་མེད་པ་ཉིད་དེ། དེའི་ཕྱིར་གྲང་ཡང་གཟུགས་ལ་སོགས་པ་ཡང་དེ་ཁོ་ན་ཉིད་དུ་དེ་ལ་མེད་པ་དེ་རྣམས་ཀྱི་མུ་ཇི་ལྟར་ཆོས་ཉིད་དང་རོ་གཅིག་པས་རོ་གཅིག་པ་ཡོད་པ་མིན་ནམ་ཞེ ་ན། ད་ནི་རང་གི་ངོ་བོས་སྟོང་པའི་ཤིན་ཏུ་ཡེ་བུ་མེད་པོ་ཉིད་ནི་ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ཡིན་པའི་ཕྱིར་དང་། ཁྱད་པར་ཅ་ནི་དེའི་དབྱེ་བ་ནི་དོན་དམ་པ་མ་ཡིན་པའི་ཕྱིར་རོ།། དེའི་ཕྱིར་གང་ཡང་གཟུགས་ལ་སོགས་པ་རྣམ ་རྣམ་པར་དག་པ་དེ་ཉིད་འབྲས་བུ་རྣམ་པར་དག་པ་དང་། ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ཞེས་པའི་དོན་ཏོ།། གང་དེ་དེ་ལྟར་དོན་དམ་པར་མེད་པར་ཆོས་རྣམས་ཐམས་ཅད ་རྟོག་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པ་ནི་གྲུབ་པའི་མཐའ་ལ། དེ་གལ་ཏེ་དེ་གང་དུ་རྟོགས་ན་དེ་ལྟར་ན་ཤིན་ཏུ་རྣམ་པར་དག་པ་མ་ཡིན་ཞེས་པ་ནི་ཀླན་ཀ་ལ། ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་པ་ནི་ལན་ཏེ། འདི་ཉིད་འདིའི ་ཤིན་ཏུ་རྣམ་པར་དག་པ་སྟེ། གང་གིས་འདིར་དོན་དམ་པར་ཤིན་ཏུ་མེད་པར་རང་དང་ཆོས་ཐམས་ཅད་རྟོགས་ཤིང་མཐོང་བའོ།། གང་དུ་ཆོས་རྣམས་ཐམས་ཅད་ཀུན་རྫོབ་ཏུ་ནི་ཡོད་ཅིང་དོན་དམ་པར་ནི་ཤིན་ཏུ་མེད་དེ་དངོས་པོ་དང་། དངོས ་པོ་མེད་པའི་རྟོག་པ་ལས་སྐྱེས་པ་ནི་དེ་ལྟར་ཀླནྡ་ཀ་དང་ལན་ནོ།། ལམ་ཤེས་པའི་རྗེས་ལ་དེ་རྣམས་བདེ་བར་རྟོགས་པའམ་རྣམ་པར་སྤྲོས་པའི་དོན་དུ་ཐམས་ཅད་ཤེས་པ་ཉིད་བརྗོད་པར་བྱ་ལ། དེ་ནི་དངོས་པོ་བརྒྱད་དེ་དེ་ལྟར་ཡང ་བསྟན་བཅོས་ལས། ཤེས་པས་སྲིད་ལ་མི་གནས་ཤིང་།། སྙིང་རྫས་ཞི་ལ་མི་གནས་དང་།། ཐབས་མ་ཡིན་པས་རིང་བ་དང་།། ཐབས་ཀྱིས་རང་བ་མ་ཡིན་ཉིད།། མི་མཐུ་ནི་གཉེན་པོའི་ཕྱོགས་དག་དང་།། སྦྱོར་དང་དེ་ཡི་མཉམ ་ཉིད་དང་།། ཉན་ཐོས་ལ་སོགས་མཐོང་བའི་ལམ།། དེ་འདྲ་ཀུན་ཤེས་ཉིད་དུ་འདོད།། ཅེས་ལ། འདི་ཡི་རྒྱས་པར་བཤད་པ་ནི།། ཚུ་རོལ་ཕ་རོལ་མཐའ་ལ་མིན།། དེ་དག་པར་ནི་མི་གནས་ཤིང་།། དུས་རྣམས་མཉམ་པོ་ཉིད་ཤེས་ཕྱིར།། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འདོད།། ཅེས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐམས་ཅད་ཤེས་པ་ཉིད་དོ།། ཚུ་རོལ་ནི་འཁོར་བ་ལ་ཕ་རོལ་ནི་མྱ་ངན་ལས་འདས་པའོ།། བར་ནི་དབུས་ལ་ཡང་མི ་གནས་པ་སྟེ། གསུམ་ཆུར་མི་དམིགས་ཞེས་པའི་དོན་ཏོ།། ཤེས་རབ་དང་སྙིང་རྗེ་དག་ཡང་དག་པར་རིག་པས་འཁོར་བ་དང་མྱ་ངན་ལས་འདས་པ་དང་གཉི་གའི་ཉེ་བར་དམིགས་པ་དང་བྲལ་བས་གང་དུ་ཡང་སྟེ། ཆོས་ཉིད་ལ་ནི་དུས་གསུ ་མཉམ་པའི་ཕྱིར་དང་། ཆོས་རྣམས་ནི་ངོ་བོ་ཉིད་ཉེ་བར་མི་དམིགས་པའི་ཕྱིར་དང་། དེ་གསུངས་པ་ནི། ཚེ་དང་ལྡན་པ་ཞེས་པོ་ལ་སོགས་པ་སྟེ། དེ་ནི་ཐུན་མོང་དུ་སྟོན་བཤད་ནས་འདིར་ནི་ཁྱད་པར་གྱི་རང་བཞིན་ལ་འམ། ཡང་ན ་གང་དུ་མི་གནས་པ་སྟེ། གང་གི་རང་བཞིན་དང་བྲལ་ལ་རྗེས་སུ་མི་དམིགས་པ་གསུམ་གྱིས་མི་གནོད་པ་རྣམས་སོ།། ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཞེས་པ་ནི་དོན་དམ་པར་ཡོད་པ་མ་ཡིན་པས། ཆོས་རྣམས་རྟག་ཏུ་ཤིན་ཏུ་རྣམ ་པར་དག་པའི་ཕྱིར་རོ།། ཉན་ཐོས་རྣམས་ནི་ཉོན་མོངས་པའི་མ་རིག་པ་ཙམ་པོ་སྤངས་པའི་རང་གི་སྡུག་བསྔལ་ཟད་པ་ཙམ་པོ་འཚལ་དེ། འཁོར་པ་ཡོངས་སུ་བརྟགས་ཤིང་ཤིན་ཏུ་ཡིད་བྱུང་ནས་མྱ་ངན་ལས་འདས་པར་བརྟགས་ཤོང ་དང་ཤིམ་ཏུ་འདོད་ནས་འབད་པ་ཉིད་ཀྱིས་མྱུར་བར་མྱུར་བ་ཉིད་ཡོངསུ་མྱ་ངན་ལས་འདའོ།། བྱང་ཆུབ་སེམས་དཔའ་རྣམས་ནི་དེ་ལྷ་མ་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་ཕྱིར་བླ་ན་མེད་པའི་བྱང་ཆུབ་འདོད་ཅེས་པས་འཁོར་བ་དང་། མྱ་ངན ་ལས་འདས་པ་ལ་མི་གནས་པ་ཉིད་དེ། དེ་ནི་བསྟན་བཅོས་ལས། དེ་ཡི་མཚན་མ་བཅས་དམིགས་སྒོ་ནས། ཐབས་མ་ཡིན་པར་རིང་བ་སྟེ།། ཞེས་ཏེ། མཚན་མ་དང་བཅས་པར་དམིགས་པས་ཐབས་མ་ཡིན་པའོ།། འདི་ལྟར་ཡང་ཞེས་པ་ནི་མིང ་དང་མཚན་མ་དག་གིས་ལ། གསོག་ཏུ་བྱེད་པར་འགྱུར་བ་དང་། གསོབ་ཏུ་བྱེད་པ་ནི་མིང་གིས་སོ།། རྒྱང་རིང་དུ་བྱེད་པར་འགྱུར་ཞེས་པ་ནི་མཚན་མས་རྒྱང་རིང་དུ་འགྱུར་བའོ།། བསྟན་བཅོས་ལས། དེ་ནི་ཐབས་ལ་མཁས་པ་ཡིས ་ཡང་དག་ཉེ་བ་ཉིད་དུ་བཤད།། ཅེས་པ་སྟེ། ཆགས་པ་མེད་པར་འཇུག་པ་ནི་ཐབས་ལ་མཁས་པ་ལ་ཆགས་པ་དང་ཞེན་པ་དང་བདེན་པ་དང་ཅིག་ཤེས་ཀྱི་ངོ་བོ་ནི་སྒྲོ་བཏགས་པ་སྟེ། དེ་ལ་གསུངས་པ་ནི། དེ་དེ་བཞིན་ནོ་ཞེས་པ་ལ ་སོགས་པ་སྟེ། ལེགས་པར་བཤད་པ་ནི་མཐོང་བའི་ལམ་དུ་སྐད་ཅིག་བཅུ་དྲུག་རྣམས་ཀྱིས་སོ།། ལེགས་པར་བསྟན་པ་ནི་སྦྱོར་བ་བཅུ་ག་ཉིས་རྣམས་ཀྱིས་སོ།། ཤིན་ཏུ་མཐར་གཏུགས་པ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་ལ ་རབ་ཏུ་མི་གནས་པས་སོ།། ཤིན་ཏུ་ཡོངས་སུ་དག་པ་ནི་ཆགས་པའི་མཐའ་རྣམས་རྣམ་པར་སྤངས་པས་སོ།། གང་དུ་ཡང་ཇི་ཙོམ་དག་ནི་ཚིག་གི་རྒྱན་ནོ།། ངོ་མཚར་ནི་མིང་ལའོ།། ཆགས་པ་སྤོང་བའི་ཐབས་ལ་མཁས་པ་ཞེས་པ་ནི་ཉེ་བར ་འགྱུར་བ་སྟེ། དེ་ཡང་ཆགས་པ་རྣམས་སྤྱིར་བསྟན་ནས་ཁྱད་པར་བཤད་པར་བྱ་སྟེ། འདིར་བསྟན་བཅོས་ལས། གཟུགས་སོགས་ཕུང་པོ་སྟོང་ཉིད་དང་། དུས་གསུམ་རྟོགས་པའི་ཆོས་རྣམས་དང་།། སྦྱིན་སོགས་བྱང་ཆུབ་ཕྱོགས ་རྣམས་ལ།། སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས།། ཞེས་ཏེ། གཟུགས་ལ་སོགས་པ་ནི་ཆོས་རྣམས་ལ་ཕུང་པོ་ནི་སྤུངས་པའོ།། སྤྱོད་པའི་འདུ་ཤེས་ཏེ། མིང་ངམ་མཚན་མར་བྱེད་པའི་མི་མཐུན་པའི ་ཕྱོགས་ཉིད་པས་མི་མཐུན་ཕྱོགས་ཏེ། ཆགས་པ་དང་བཅས་ཞེས་པའི་དོན་ཏེ། དེ་གསུངས་པ་ནི། དེ་ནས་ཞེས་པ་ལ་སོགས་པ་སྟེ། ཡུམ་པར་མར་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་ལ་སྤྱད ་པར་བྱ་ཞེས་པར་ཀུན་ཏུ་ཤེས་པ་ནི་ཆགས་པའོ།། ཞེས་གསུངས་པ་རྣམས་ནི་འདིར་ཉེ་བར་མཚོན་པའི་ཕྱིར་ཐོབ་པར་འགྱུར་རོ།། ཆགས་པ་ལྷག་མ་གསུངས་པ་ནི་འདི་ཙམ་དུ་བསྐྱེད་ཅེས་པ་ལ་སོགས་པ་སྟེ། རྣམ་གྲངས་གང་གིས ་ཞེས་པ་ནི་བྱེ་བྲག་གི་ལས་འདི་ནི་བྱང་ཆུབ་ཀྱི་སེམས་དང་པོ་ཞེས་པ་ནི་རྟོགས་པས་དང་པོར་ཆགས་པའོ།། བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ་ཞེས་པ་ནི་རྣམ་པར་བརྟགས་ནས་ཡོངས་སུ་བསྔོ་བ་ནི་གཉིས་པའི་འདིའི་ཆགས་པ་ནི་དོན་དམ ་པར་ངོ་བོ་ཉིད་མེད་པའི་ཕྱིར་དང་། སེམས་མི་རྟོགས་པ་ལ་དེའི་ཕྱིར་གསུངས་པ་ནི་མི་ནུས་ཞེས་པ་ནི་སེམས་རང་བཞིན་གྱི་ངོ་བོ་ཉིད་མེད་པ་ཉིད་ལ། ཆགས་པར་བརྗོད་པ་དེ་རྣམས་སྦྱོང་བའི་དོན་དུ་གསུངས་པ་ནི། འདིར་བསྟན་བཅས་ལྔ།། ་སྦྱིན་པ་ལ་སོགས་པར་འཛིན་མེད།། གཞན་དག་དེ་ལ་འཛུད་པ་དང་།། དེ་ནི་ཆགས་པའི་མཐའ་འགོག་པར།། ཞེས་ཏེ། སྦྱིན་པ་ལ་སོགས་པ་རྣམས་ལ་ངར་འཛིན་པ་མེད་པ་ནི་དངོས་པོ་ཉིད་དུ་མངོན་པར་རློམ་པ་མེད་པའི་མཐུས་ཏེ།། ་སྔོན་དུ་བཤད་ནས། གཞན་དག་རློམ་པ་མེད་པ་དེ་ལ་འཛུད་པར་གསུངས་པ་ནི། དེའི་ཕྱིར་ཞེས་པ་ལ་སོགས་པ་སྟེ། དེའི་མིང་ཞེས་པ་ནི་རང་གི་ཆགས་པ་སྤངས་པ་དེའི་རྒྱུས་སོ།། ཕྱིར་ཞེས་པ་ནི་གཞན་རྣམས་ལ་ཡང་དག་པར་སྟོན ་པ་ལ་སོགས་པའི་དུས་སུའོ།། ཡང་དག་པར་བསྟན་པར་བྲི་བ་ནི་སྔོན་དུ་ཐོས་པ་དང་མི་ལྗོན་པ་ལ་ཉན་དུ་གཞུག་པའོ།། ཡང་དག་པར་དགོད་པ་ནི་རྗེས་སུ་སྒྲུབ་པའི་ཕྱིར་ཡང་དག་པར་ལེན་དུ་གཞུག་པའོ།། ཡང་དག་པར་གཟིངས་བསྟོད ་པ་ནི་བདག་ཉིད་ཀྱིས་བྲོད་པ་བསྐྱེད་པའོ།། ཡང་དག་པར་རློབ་ཏུ་དགའ་བར་བྱ་བ་ནི་བརྩོན་འགྲུས་རྩོམ་པ་ལེགསོ་སོ་ལ་སོགས་པ་རྣམས་ཀྱིས་སོ།། ཡང་དག་པར་རྗེས་སུ་རྟོགས་པས་ནི་ཆགས་པ་སྤངས་པའི་ཕྱིར་རོ།། གནོད་པར་མི་བྱེད ་པ་ནི་སངས་རྒྱས་རྣམས་ལ་གནོད་པ་མི་བྱེད་པའོ།། དེ་བཞིན་དུ་ངར་འཛིན་པོ་མེད་པ་དང་། སྦྱོར་བ་རྣམས་གཉིས་ཀྱིས་ཆགས་པའི་མཐའ་རགས་པ་རྣམས་བཀག་ནས་བསྟན་བཅོས་ལས། རྒྱལ་ལ་སོགས་ལ་ཆགས་པ་ཕྲ།། ཞེས་ཏོ།། ་སངས་རྒྱས་ལ་སོགས་གང་ལ་ཡང་ཆགས་པ་དེ་ཡང་ཕྲ་མོ་སྟེ། སྩོགས་པའི་སྒྲས་ནི་དེ་དག་དང་གཞན་དག་གི་དགེ་བའི་རྩ་བ་རྣམས་ལ་རྗེས་སུ་ཡི་རང་བ་ལ་སོགས་པ་གང་ཡང་མཚན་མ་དང་བཅས་པས་དམིགས་པ་སྟེ། དེ་གསུངས ་པ་ནི། དེ་ནས་ཡང་ཞེས་པ་ལ་སོགས་པ་སྟེ། དེ་ནི་ཡོངས་སུ་བསྔོ་བར་མི་ནུས་ཞེས་པ་ནི་དུས་གསུམ་དུ་ཐལ་བར་འགྱུར་བས་ན་མཚན་མར་བྱེད་པར་མི་ནུས་ཞིང་དམིགས་པར་བྱེད་མི་ནུས་ཏེ། རྒྱུ་མེད་པའི་ཕྱིར་དང་རྟགས་པར ་དཀའ་བའི་ཕྱིར་རོ།། གང་དུས་གསུམ་ལས་གྲོལ་ཞེས་པ་ནི་གོ་རིམ་ཇི་ལྟ་བ་བཞིན་དུ་མིག་གི་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་རྣམས་ཀྱིས་མི་རིག་པ་ཉིད་དོ།། མངོན་པར ་བྱང་ཆུབ་ཅེས་པ་ནི་གང་དུ་དེ་རང་བཞིན་ཉིད་དུ་ཅུང་ཟད་མེད་པའོ།། གང་ཡང་འདི་རྣམས་ཀྱི་རང་བཞིན་དེ་ནི་དངོས་པོ་མེད་པའོ།། གང་དངོས་པོ་མེད་པ་དེ་ན་འདི་རྣམས་ཀྱི་རང་བཞིན་ལ་བསམ་གྱིས་མི་ཁྱབ་པ་ནི་བསམ་པ་ལས་འདས་པའི ་ཕྱིར་ལ། དེ་ནི་གཟུགས་དང་ཚོར་བ་ནས་སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་ཡོད་པ་མིན་ཏེ། འདིར་བསྟན་བཅོས་ལས། ཆོས་ཀྱི་ལམ་ནི་རང་བཞིན་གྱིས། དབེན་པའི་ཕྱིར་ན་དེ་ཟབ་ཉིད།། ཆོས་རྣམས་རང་བཞིན་གཅིག་པར་ནི།། ཤེས་པས་ཆགས།། ་པོ་སྤོང་བ་ཡིན།། མཐོང་བ་ལ་སོགས་བཀག་པའི་ཕྱིར།། དེ་ནི་རྟོག་པར་དཀའ་བར་བཤད།། གཟུགས་ལ་སོགས་པར་མི་ཤེས་ཕྱིར།། ང་ནི་བསམ་མི་ཁྱབ་པར་འདོད།། ཙས་ཏེ། དེ་ནི་ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི ་ཟབ་མོའོ།། དབེན་པ་ནི་སྟོང་པའི་ཕྱིར་ལ། ཆོས་ཀྱི་ལམ་ནི་ཆོས་ཀྱི་ཚོགས་རྣམས་ཏེ། ཆོས་རྣམས་རང་བཞིན་གཅིག་པར་ཤེས་ཞེས་པ་དང་འབྲེལ་ཏོ།། གཅིག་ཅེས་པ་ནི་དེ་རྣམས་ཀྱི་རང་བཞིན་ངོ་བོ་ཉིད་མེད་པ་ཉིད་གོང་དེ་ལ་སྟེ། ་དེ་ལྟར་བཤད་དོ།། འདིར་བསྟན་བཙོས་ལས། དེ་ལྟར་ཀུན་ཤེས་ཉིད་ཚུལ་ལ།། མི་མཐུན་ཕྱོགས་དང་གཉེན་པོ་དག། རྣམ་པར་དབྱེ་བ་མ་ལུས་པ།། ཇི་སྐད་བཤད་པ་འདི་ཤེས་བྱ།། ཞེས་ཏེ། འདི་ཞེས་པ་ནི་ཆགས་པ་དང་། ཆགས ་པ་མེད་པར་བརྗོད་པར་བྱས་པའོ།། དེའི་ཕྱིར་ཆགས་པས་དམིགས་པའི་རྣམ་པར་རྟོག་པ་ནི་མི་མཐུན་པའི་ཕྱོགས་ལ་ཆགས་པ་མེད་པ་ཅིང་དམིགས་པ་མེད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། གཉེན་པོའི་ཕྱོགས་སོ།། སྦྱོར་བརྗོད ་པར་བྱེད་པ་ནི་འདིར་བསྟན་བཅོས་ལས། གཟུགས་སོགས་དེ་མི་རྟག་སོགས་དང་།། དེ་མ་རྫོགས་དང་རབ་རྫོགས་དང་།། སྦྱོར་བ་བཀག་པས་སྤྱོད་པ་ནི།། དེ་ལ་ཆགས་པ་མེང་ཉིད་དང་།། མི་འགྱུར་བྱེད་པོ་མེད་ཉིད་དང་།། སྦྱོར་པོ་དཀའ་བ ་རྣམ་གསུམ་དང་།། སྐལ་བ་ཇི་བཞིན་འབྲས་ཐོབ་པས།། དེ་ནི་འབྲས་བུ་ཡོད་འདོད་དང་།། གཞན་ལ་རག་ལས་མིན་གང་དང་།། ཤེས་བྱེད་རྣམས་བདུན་སྣང་བ་ལ། ཞེས་ཏེ། དེ་མི་རྟག་སོགས་དང་ཞེས་པ་ནི་གཟུགས་ལ་སོགས་པ་ལ་མི ་རྟག་པ་ཉིད་དང་རྟག་པ་ལ་སོགས་པའོ།། རྫོགས་པ་ནི་ཆགས་པ་མེད་པའི་མི་མཐུན་པའི་ཕྱོགས་ཀྱི་ཕྱིར་ནི་དེའི་སྒྲས་ནི་ཆགས་པ་བཟུང་སྟེ། གཉི་གའི་མཉམ་པོར་ཟས་བཞིན་གྱི་གཟུགས་ལ་སོགས་པ་ལ་ཆགས་པ་དང་མ་ཆགས་པ ་ངག་གིས་སོ་ཞེས་པའི་དོན་ཏོ།། སྤྱོད་པ་ནི་སྤྱོད་པར་བྱེད་པ་སྟེ། དེ་དགག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་སྦྱོར་བ་ནི་གཟུགས་ལ་སོགས་པ་རྣམས་ལ་སྟེ། འདིར་སྦྱོར་བ་བཅུ་གཉིས་གསུངས་ཏེ། འདིར་དེ་འདྲ་བ་ནི། ་རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ལྟར་ནོ་ཞེས་པ་ལ་སོགས་པ་སྟེ། ཇི་ལྟར་ན་སྤྱད་པར་བགྱི་ཞེས་པ་ནི་ཇི་ལྟར་སྤྱོད་པར་བགྱི་ཞེས་པའོ།། མི་སྤྱོད་ན་ཞེས་པ་ནི་ཡང་དག་པར་མི་ཤེས་ནའོ།། དེ་ལ་སྤྱོད་ཅེས་པ་ནི་གཟུགས ་ལ་སོགས་པའི་སྦྱོར་བའོ།། གལ་ཏེ་ཞེས་པ་ལ་སོགས་པ་ལ། གཟུགས་ལ་སོགས་པ་ལ་མི་རྟག་པ་དང་བདེ་བ་དང་སྡུག་བསྔལ་བ་དང་། སྟོང་པ་དང་མི་སྟོང་པ་དང་། བདག་དང་། བདག་མེད་པ་ཞེས་མི་སྤྱོད ་ན་སྟེ། དེ་ལ་མི་སྤྱོད་ཅེས་པ་ནི་གཟུགས་ལ་སོགས་པ་ལ་མི་རྟག་པ་ཉིད་ལ་སོགས་པའི་སྦྱོར་བའོ།། གལ་ཏེ་ཞེས་པ་ལ་སོགས་པ་སྟེ། སྤྱོད་པ་ནི་འདི་ལ་ཞེས་པ་སྟེ། མ་རྫོགས་པ་དང་། རྫོགས་པའི་སྦྱོར་བའོ།། དེ་སྐད་ཅེས་བཀའ་སྩལ ་ཅེས་པ་ལ་སོགས་པ་ནས་སྤྱོད་པར་བྱ་བ་ཞེས་པའི་བར་གྱིས་སོ།། འདིར་ཞེན་པ་མེད་པ་སྟེ། ཆགས་པ་ཐམས་ཅད་མེད་པའི་ཕྱིར་རོ།། དེ་ལས་མ་བཅིངས་པ་སྟེ། ཁམས་གསུམ་པའི་ཉོན་མོངས་པ་རྣམས་ཀྱིས་སོ།། དེ་ལས་མ ་གྲོལ་བ་ནི་ཉོན་མོངས་པ་རྣམས་ལས་སོ།། ཡང་དགུ་པར་མ་འདས་པ་ནི་ཁམས་གསུམ་ལས་སོ།། དེ་ལྟར་ཞེས་པ་ལ་སོགས་པོ་ལ་ཉེ་བར་བསྡུ་བའོ་ཞེས་པ་ནི་གཟུགས་ལ་སོགས་པ་ལ་ཆགས་པ་དང་མ་ཆགས་པའི་སྦྱོར་བའོ།། རབ ་འབྱོར་གྱིས་གསོལ་བ་ཞེས་པ་ལ་སོགས་པ་སྟེ། འཕེལ་བ་དང་འགྲིབ་པ་མེད་པར་འགྱུར་པ་མེད་པ་སྟེ་ན་མཁའ་བཞིན་ལ། བསྔགས་པས་ནི་ཡོན་ཏན་མེ་ཞེས་པ་ནི་མི་འགྱུར་བའི་སྦྱོར་བའོ།། འདི་ལྟ་སྟེ་དཔེར་ན་ཞེས་པ་ལ་སོགས་པ་སྟེ། ་དང་པོའི་ཀུན་ནས་ཉོན་མོངས་པར་མི་འགྱུར་བ་ནི་སྒྲའི་དོན་ལ་ཁོང་ཁྲོ་བར་མི་འགྱུར་ཞེས་པའོ།། གཉིས་པའི་རྗེས་སུ་ཆགས་པར་མི་འགྱུར་ཞེས་པ་ནི། བསྟན་པ་རྣམས་ལ་ཉམས་པ་དང་འཕེལ་བར་མི་བྱེད་པས་བྱེད་པ་པོ་མེད་པའི ་སྦྱོར་བའོ།། གནས་བསྟན་ཞུས་པ་ལ་སོགས་པ་སྟེ། བཅོམ་ལྡན་འདས་མ་བསྒོམ་པར་བྱ་བར་དཀའ་བས་དེ་ལྟར་གནས་པ་རྣམས་ཀྱི་ཚད་དུ་བྱ་བ་ལ་སོགས་པ་རྣམས་བྱ་བའི་ཕྱིར་དེ་གསུངས་པ་ནི་སྤྱོད་པ་ནི་ཞི་གནས་ཀྱིས་སོ།། ཞུས་པ་ནི ་དམན་པའོ།། ཡ་ཡ་པེ་ནི་རྒོད་པས་སོ།། ཕྱིར་མི་ལྡོག་པ་ནི་མི་ལྡོག་པའོ།། ནམ་མཁའ་བསྒོམ་པ་ནི་མཚན་ཉིད་གཅིག་པའི་ཕྱིར་རོ།། གོ་ཚེ་མིང་པ་ནི་གང་ཞིག་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱིའོ།། ་ནམ་མཁའ་དང་ཞེས་པ་ནི་ནམ་མཁའ་དང་འདྲ་བའི་རྣལ་འབྱོར་གྱིས་སོ།། དེ་མི་གཏོང་བས་དེའི་བགྱི་བ་དཀའ་བ་ཉིད་དོ།། སེམས་ཅན་རྣམས་དམིགས་སུ་མེད་པའི་ཕྱིར་དང་། ཀུན་རྫོབ་ཏུ་མཐའ་ཡས་པའི་ཕྱིར་རོ།། འགྲོ་བའི་དོན་དང་བྱང་ཆུབ་ཚད ་དུ་བྱེད་པ་དེ་ནི་ཚད་དུ་བྱ་བའི་གོ་ཆའོ་ཞེས་པ་ནི་ཚད་དུ་བྱ་བར་དཀའ་བའི་སྦྱོར་བའོ།། ནམ་མཁའ་ཞེས་པ་ལ་སོགས་པ་སྟེ། མཐོ་བ་དང་འགྲོ་བའི་བགེགས་བཙོམ་ཞིང་ཡོངས་སུ་ཐར་པར་བྱེད་པ་དང་། མཐོན་པོར་མིག་འདེགས་པ་སྟེ། འདི ་རྣམས་དང་ལྡན་པ་ནི་སེམས་ཅན་དོན་གྱི་སྦྱོར་བའོ།། དེ་ཡང་བྱ་བ་དཀའ་སྟེ་ནམཔའ་བཞིན་དུ་སེམས་ཅན་གྱི་ཕུང་པོ་ལ་ངོ་བོ་ཉིད་མེད་པས་དང་ཀུན་རྫོབ་ཏུ་མཐའ་ཡས་པའི་ཕྱིར་ཞེས་པ་ནི་སྦྱོར་བ་དཀའ་བའི་སྦྱོར་བའོ།། དེ་ནས་ཡང་ཞེས་པ ་ལ་སོགས་པ་སྟེ། སྦྱོར་བའི་འབྲས་བུ་ནི་མི་ཕྱེད་པ་སྟེ། ཀུན་ནས་ཉོན་མོངས་པ་ཅན་གྱི་ཆོས་སྤོང་བ་དང་། རྣམ་པར་བྱང་བ་ཅན་གྱི་ཆོས་བསྐྱེད་པ་དང་། དེ་གཉི་ག་བྱ་བར་དཀའ་བ་སྟེ། བཅོམ་ལྡན་འདས་མ་ལ་དེ་དག་གིས་མཛད་པས་ཞེས་པ ་ནི་བྱེད་པར་དཀའ་བའི་སྦྱོར་བའོ།། དེ་ནས་ཡང་ཞེས་པ་ལ་སོགས་པ་སྟེ། གང་དེ་ལྟར་རྣལ་འབྱོར་དུ་བྱེད་ཅེས་པ་ནི་རྒྱུའི་གནས་སྐབས་སུ་ལུ་ཅི་ལ་ཞུས་པ་ནི་འབྲས་བུའི་གནས་སྐབས་སུའོ།། ནཱམ ་མཁའ་ནི་སྐར་མའི་ལམ་སྟེ། འདིར་དེ་དང་ཆོས་མཐུན་པ་ནི་བླ་ན་མེད་པའི་བྱང་ཆུབ་པོ།། བླ་གབ་མེད་པ་ནི་ས་སྟེང་དུ་མ་བཀབ་པས་གནས་ཀྱི་ཚུལ་མེད་མེད་པ་ཅན་ལ། འདིར་ནི་དེ་དང་ཆོས་མཐུན་པ་ནི་དམན་པའི་བྱང་ཆུབ་སྟེ། དེ་ནི་གཉི ་གའི་འབྲས་བུ་ལ་དེའི་སྐལ་པ་ཇི་བཞིན་འབྲས་བུ་ཐོབ་པའི་མི་སླུ་བའི་སྦྱོར་བའོ།། དེ་ནས་ཡང་ཞེས་པ་ལ་སོགས་པ་སྟེ། བསྲུང་བ་དང་བསྐྱབ་པ་དག་དང་བཅས་པ་ནི་སྦེང་པའོ།། དེ་ལྟར་ཞེས་པ་ནི་ཆོས་ཐམས་ཅད་ལ་དམིགས་པ་མེད ་པ་སྟེ། དེའི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་པ་ཉིད་ངའི་བསྲུང་བ་སྟེ། དེ་གཞན་ལ་མི་བརྟེན་ཞེས་པ་ནི་གཞན་ལ་རག་ལས་པ་མིན་པའི་སྦྱོར་བའོ།། འོན་ཀྱང་ཞེས་པ་ལ་སོགས་པ་སྟེ། ་བཅོམ་ལྡན་འདས་མ་ཡུམ་ཆེན་མོར་རྣམ་པ་བདུན་དུ་བསྒྲགས་པ་གསུངས་ཏེ། ཆོས་རྣམས་ཐམས་ཅད་སྒྱུ་མ་དང་སྨིག་རྒྱུ་དང་རྨི་ལམ་དང་། བྲག་ཅ་དང་མིག་ཡོར་དང་། གཟུགས་བརྩོན་དང་དྲི་ཟའི་གྲོང་ཁྱེར་བཞིན་ནོ་ཞེས་སོ།། གང ་ཡང་རྣམ་པ་བདུན་དུ་སྣང་བ་དེ་ཐམས་ཅད་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པར་བཤད་དེ། གང་ཞི་ནི་ཆོས་རྣམས་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དུ་གནས་པའི་རྟེན་ཅིང་འབྲེལ་པ་ལས་བྱུང་བ་རྣམས ་ཀྱི་ཀུན་རྫོབ་ཀྱི་ངོ་བོ་ཉིད་ལ་དོན་དམ་པར་བརྗོད་པ་སྟེ། དེ་ནི་དཔེ་གཅིག་གིས་ཀྱང་བསྟན་པར་ནུས་པ་ལས། གདུལ་བྱ་ཁ་ཅིག་ལ་དཔེ་ཁ་ཅིག་གང་གང་གྲགས་པ་དེའི་ངོ་བོར་དཔེ་མང་པོ་གསུངས་ཏེ། དེས་ཉེ་བར་མཚོན་པས་བཅོམ་ལྡན ་འདས་མ་འདི་ལ་བྲག་ཆ་ཉིད་གསུངས་པའོ།། མཉམ་པར་བཞག་པའི་གནས་སྐབས་ཀྱི་དབང་དུ་བྱས་ཏེ་གསུངས་པ་ནི། ནམ་མཁའི་ཞེས་པ་ལ་སོགས་པའོ།། མཉམ་པར་མཱ་བཞག་པའི་གནས་སྐབས་ཀྱི་དབང་དུ་བྱས་ནས་གསུངས ་པ་ནི། དེ་ཇི་སྙམ་ཞེས་པ་ལ་སོགས་པ་སྟེ། ཡོངས་སུ་ཤེས་པར་གྱུར་ན་ཞེས་པའོ།། དེའི་དེའི་ཅིག་ཞིག་སྲུང་བར་བྱེད་དེ་སྲུང་བ་རྣམས་ལ་དེ་ཁོ་ན་ཉིད་དུ་ངོ་བོ་ཉིད་མེད་པའི་ཕྱིར་རོ་ཞེས་པ་ནི་ཤེས་བྱེད་རྣམས་བདུན་གྱི་སྦྱོར་བའོ།། སྦྱོར ་པ་མཉམ་པ་ཉིད་ཀྱི་དབང་དུ་བྱས་པ་ནི་བསྟན་བཅོས་ལས། གཟུགས་ལ་སོགས་པ་རློམ་མེད་པ།། རྣམ་བཞི་དེ་ཡི་མཉམ་པ་ཉིད།། ཅེས་ཏེ། གཟུགས་ལ་སོགས་པ་ལ་གནས་པ་རྣམ་པ་བཞིར་རློམ་པོའི་སྦྱོར་བའི་མཉམ་པ་ཉིད་དེ། ་ལྟར་ཡུམ་ཚན་མོ་ལས། གཟུགས་ལ་རློམ་སེམས་སུ་མི་བྱེད་དེ། གཟུགས་ཀྱིས་དང་བདག་གི་གཟུགས་དང་། གཟུགས་ལ་དང་། དེ་བཞིན་དུ་ཚོར་བ་ལ་སོགས་པ་ལ་གནས་ནས་ཏེ། འདིས་ཉོ་བར་མཚོན་པ་ནི་གཟུང་བའི ་རྣམ་པར་རྟོག་པ་བཞི་དང་། འཛིན་པའི་རྣམ་པར་རྟོག་པ་བཞི་དང་། རྣམ་པར་རྟོག་པ་བརྒྱད་པོ་རྣམས་ཏེ། དེ་ལ་རྟོག་པའི་སྦྱོར་བ་ནི་མཉམ་པ་ཉིད་དེ། དེ་གསུངས་པ་ནི། དེ་བས་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་ཞེས་པ་ཡང ་གཞུང་ཁ་ཅིག་ལའོ།། གང་དུ་བྲག་ཅ་ལྟ་བུའི་ཆོས་རྣམས་ཐམས་ཅད་ལ་འདིར་དེས་དངོས་པོ་ལ་མངོན་པར་ཞེན་པ་དེས་རློམ་སེམས་པ་མེད་པའོ།། ཡང་དག་པར་རྗེས་སུ་མི་མཐོང་བ་ནི་ལྟ་བུར་བྱ་བ་རྣམས ་སུའོ།། མི་ཤེས་པ་ནི་འཛིན་པས་སོ།། ཡང་དག་པར་མི་ཤེས་པ་ནི་བརྟགས་པས་སོ།། དེ་ལྟར་བཟུང་བའི་རྣམ་པར་རྟོག་པ་རྣམ་པ་བཞི་དང་འཛིན་པའི་རྣམ་པར་རྟོག་པ་བཞི་གསུངས་པ་ནི། དེ་དག་ཀྱང་ཞེས་པ་སྟེ། མེད་ཅིང་ཞེས་པ་ནི་སེམས ་ཅན་གྱི་རློམ་པ་དེ་བརྟགས་ནའོ།། ཡང་དག་པར་མི་སྣང་ཞེས་པ་ནི་ལྟ་བར་བྱ་བར་གཟུང་དུ་མེད་ལ། ཡང་དག་པར་མེད་ཅིང་ཞེས་པ་ནི་མཉམ་པར་བཞག་པའི་སེམས་ཀྱིས་ཤེས་པར་གྱུར་པའོ།། མི་དམིགས་ཞེས་པ་ནི་མཉམ་པར་མ་བཞག་གིས ་ཡིད་ཀྱིས་རྣམ་པར་བརྟག་བྱར་མི་འགྱུར་བའོ།། དེ་ལྟས་ནི་རྣམ་པར་རྟོག་པ་རྣམ་པ་བརྒྱད་པོ་དེ་ཡིས་ཆོས་ཐམས་ཅད་ལ་མི་སྤྱོད་པ་སྟེ། དེ་ལ་གལ་ཏེ་ཞེས་པ་ནི་སྦྱོར་བ་མཉམ་པ་ཉིད་དོ།། སྦྱོར་བའི་མཉམ་པ་ཉིད་ཀྱི་ཞར་ལ་བསྟན་པ་མཉམ ་པ་ཉིད་ཀྱང་འདིར་བསྟན་ན་ཡང་དག་པར་ཡིད་ཆེས་པའི་ཕྱིར་གསུངས་པ་ནི་དེ་ནས་ཞེས་པ་ལ་སོགས་པ་སྟེ། འཇིག་རྟེན་གྱི་ཁམས་ནི་འདི་ཉིད་དེ་མི་མཇེད་ཀྱིའོ།། སངས་རྒྱས་སྟོང་ནི་གང་འདོར་མི་མཇེད་འདི་ཉིད་ཀྱི་བསྐལ་པ་བཟང་པོ་ལ ་སོགས་པར་བྱང་ཆུབ་པ་རྣམས་ཏེ། དེ་ལ་ཐོག་མ་བཞི་མངོན་པར་སངས་རྒྱས་ཏེ། འཁོར་བ་འཇིག་དང་། གསར་ཐུབ་དང་།། འོད་སྲུངས་དང་། ཤཱཀྱ་ཐུབ་པ་རྣམས་ཏེ། དེ་རྣམས་ཀྱིས་བསྟན་པའི་ཕྱིར་མཉམ་པར་བསྟན་པར་འདོད་ན ་གསུངས་པ་ནི། འདི་དག་གིས་ཞེས་པ་ལ་སོགས་པ་སྟེ། བྱམས་པས་ཀྱང་དེའི་རྗེས་ལ་སྟོང་ཕྲག་ལྔ་ཡང་འདི་ཉིད་ཞེས་པ་ནི་བསྟན་པ་མཉམ་པ་ཉིད་དོ།། གཙོ་བོར་གསུངས་ཤིང་རྣམ་པར་དག་པའི་མངོན་པར་བརྗོད་པ་པོའི་ལེའུ་ནི ་རྣམ་པར་དག་པའི་ལེའུའོ།། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་འགྲེལ་པ་གནད་ཀྱི་ཟླ་བའི་འོད་ཅེས་བྱ་བ་པཎྜི་ཏ་ཆེན་པོ་འཇིགས་མེང་འབྱུང་གནས་སྦས་པས་མཛད་པ་ལས་ལེའུ་བརྒྱད་པའོ།། ་བཤད་མ་ཐག་པའི་བསྟན་པ་མཉམ་པ་ཉིད་ལ་རྣམ་པར་སློབ་པར་འདོད་ནས་གསུངས་པ་ནི། དེ་ནས་ཞེས་པ་ལ་སོགས་པ་སྟེ། མིང་ཙམ་ཞེས་པ་ནི་མིང་གི་དོན་ཏེ། ཁོ་ན་ཉིད་དུ་ནི་ཡོད་པ་མ་ཡིན་པའོ།། འདིའོ་ཞེས་པ་ནི་འདི་ལྟར ་གང་དུ་གང་གིས་གང་དུ་དངོས་པོའི་ངོ་བོ་དོན་དམ་པར་ཡོད་པ་མཱ་ཡིན་ཞིང་མིང་གིས་བརྗོད་པ་རྣམས་ནི་འཁྲུལ་པ་སྟེ། དེ་ནི་དངོས་པོ་ཡོད་པར་མ་ཡིན་ལ། ཀུན་རྫོབ་པའི་བརྗོད་པ་པོ་རྣམས་ནི་བྲག་ཅུ་ལྟ་བུ་ན་དེ་ལྟ་ན་ནི་བརྗོད་པར ་བྱ་བ་ཡོད་དམ་ཞེ་ན། དེ་གསུངས་པ་ནི་དེ་ཡང་ཞུས་ཏེ། འདིར་མི་དམིགས་ཏེ། གང་དུ་ཆོས་གཉིས་དོན་དམ་པར་མེད་དེ། དེའི་ཕྱིར་ཉེ་བར་དམིགས་པ་མེད་པ་སྟེ། བརྗོད་བྱེ་དང་རྗོད་བྱེད་ཀྱི་ཐ་སྙད་ནི་ཀུན་རྫོབ་པའོ་ཞེས་པ་ལ་དགོངས ་པོའོ།། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོད་པ་མ་ཡིན་པ་ནི་བསྒྲུབ་པར་བྱ་བ་ལ་དེས་ན་བསྟན་པ་མཉམ་པ་ཉིད་ལ་སློབ་པར་བྱེད་དེ།། ཅིའི་སླད་དུ་ཞེ་ན་ཞེས་པ་ནི་རྒྱུ་གང་གིས་གང་དུ་ཡང་མེད་དོ་ཞེས་པའི་དོན་ཏེ། ཡོད་པ་མ་ཡིན ་པས་ན་མངོན་པར་བྱང་ཆུབ་པར་མི་ནུས་ཞེས་པ་ལ་དགོངས་པའོ།། དེ་ལྟར་ཡང་ཞེས་པ་ནི་འདིར་ཁྱོད་ཀྱི་ཆོས་རྣམས་སྟོང་པ་ཉིད་དུ་མཐོང་བ་དེ་བཞིན་དུ་དེ་རྣམས་ཀྱིས་མངོན་པར་བྱང་ཆུབ་ནས་བསྟན་པར ་འགྱུར་ཞེས་པའི་དོན་ཏོ།། འདིར་མཐོང་བའི་ལམ་གྱི་དབང་དུ་བྱས་ནས་བསྟན་བཅོས་ལས། སྡུག་བསྔལ་ལ་སོགས་བདེན་པ་ལས།། ཆོས་ཤེས་རྗེས་སུ་ཤེས་བཟོད་དང་།། ཤེས་པའི་སྐད་ཅིག་བདག་ཉིད་འདོ།། ཀུན་ཤེས་ཚུལ་ལས ་མཐོང་བའི་ལམ།། ཞེས་ཏེ། ཆོས་ནི་འདིར་ངོ་བོ་ཉིད་མེད་པ་ཉིད་ལ་ཆོས་ཀྱི་ཡུལ་ཤེས་པ་ནི་ཆོས་ཤེས་པའོ།། ཆོས་ཤེ་བ་དང་རྗེས་སུ་ཤེས་པ་དག་དང་བཟོད་པ་དང་ཆོས་ཤེས་པ་དག་དང་དེ་ལས་གཞན་པའི་སྐད་ཅིག་མ་རྣམས་ཀྱང་དེའི ་བདག་ཉིད་ཅན་ཏེ། དེ་ནི་རིམ་གྱིས་བསྟན་བཅོས་ལས། གཟུགས་རྟག་མ་ཡིན་མི་རྟག་མིན།། མཐའ་ལས་འདས་དང་རྣམ་དག་དང་།། མ་སྐྱེས་མ་འགགས་ལ་སོགས་དང་།། མཁའ་འདྲ་ཆགས་པ་སྤངས་པ་དང་།། ཡོངས་སུ་འཛིན ་ལས་གྲོལ་བ་དང་།། ངོ་བོ་ཉིད་ཀྱི་བརྗོད་མེད་དང་།། གང་ཕྱིར་འདི་དོན་བརྗོད་པ་ཡིས།། གཞན་ལ་སྦྱིན་དུ་མེད་པ་དང་།། དམིགས་པ་མེད་པོར་བྱེད་པ་དང་།། ཤིན་ཏུ་རྣམ་དག་ནད་མི་འབྱུང་།། ངན་སོང་ཆ་དང་འབྲས་བུ་ནི།། མངོན་དུ ་བྱ་ལ་མི་རྟོག་ཉིད།། མཚན་མ་དག་དང་མ་འབྲེལ་དང་།། དངོས་དང་མིང་དང་གཉིས་པོ་ལ།། ཤེས་པ་སྐྱེ་བ་མེད་པ་ནི།། ཀུན་ཤེས་ཉིད་ཀྱི་སྐད་ཅིག་མ།། ཞེས་ཏེ། མཐའ་ལས་འདས་ཞེས་པ་ནི་རྣམ་པར་དག་པ་སྟེ། སྐད་ཅིག་མ ་གཉིས་པ་ལ་རྣམ་པར་དག་པས་ཡོངས་སུ་དག་ཅེས་པ་ནི་གསུམ་པའོ།། བརྗོད་པ་ཡིས་ཞེས་པ་དང་གྲོལ་བ་དང་ཞེས་པས་རྗེས་སུ་སྦྱར་བའི་གང་ཕྱིར་ཞེས་བྱ་བ་ནི་རུང་བའོ།། དེ་ལྟར་འདི་ནི་ཐམས་ཅད་ཤེས་པའི་བདག་ཉིད་ཀྱི་མཐོང་བའི ་ལམ་གྱི་སྐད་ཅིག་མ་བཅུ་དྲུག་སྟེ། དེ་ལ་དེ་ལྟར་ཡང་ཞེས་པ་ལ་སོགས་པས་ནི་སྐད་ཅིག་མ་གཉིས་གསུངས་པའོ།། གཟུགས་ལ་སོགས་པ་རྟག་པ་མ་ཡིན་བཅིངས་པ་མ་ཡིན་གྲོལ་བ་མ་ཡིན་ལ་རང་ཉིད་ཀྱིས་ཡོད་པ་མ་ཡིན་པ་དེ་ནི་མི་རྟག་ཉིད ་ལ་སོགས་པ་ལ་མི་སྦྱོར་བའོ་ཞེས་པའི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ།། གཟུགས་ལ་སོགས་པ་ནི་ཤིན་ཏུ་རྟག་ཅིང་དག་པའོ་ཞེས་པ་ནི་སྡུག་བསྔལ་ལ་ཆོས་ཤེས་པའོ།། དེ་སྐད་ཅེས་བཀའ་སྩལ་པ་ཞེས་པ་ལ་སོགས་པ་སྟེ། ཡོངས ་སུ་དག་པའི་གཟུགས་ལ་སོགས་པ་རྣམས་རྣམ་པར་དག་པས་སྟོང་པ་དང་། མི་སྟོང་པ་དང་བྲལ་བའི་ཕྱིར་ཞེས་བྱ་བ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པའོ།། གཟུགས་ལ་སོགས་པ་རྣམས་རྣམ་པར་དག་པས་སྐྱེ་བ་མེད་ཅིང ་འགགས་པ་མེད་པ་ཀུན་ནས་ཉོན་མོངས་པ་མེད་པ་རྣམ་པར་བྱང་བ་རྣམ་པར་བྱང་བ་མེད་པའི་མཚན་ཉིད་དོ་ཞེས་པ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའོ།། ཆོས་རྣམས་ཐམས་ཅད་ན་མཁའ་བཞིན་དུ་སྐྱེ་བ་ལ་སོགས་པ་མེད་པས་ན་མཁའ ་ལ་ཞེས་པ་ལ་སོགས་པ་ནི་ཀུན་འབྱུང་བ་ལ་ཆོས་ཤེས་པའི་ཕྱིར་བཟོད་པའོ།། ནམ་མཁའ་བཞིན་དུ་ཆོས་རྣམས་ཐམས་ཅད་ཀྱིས་གོས་པ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ།། ཞེས་པ་ནི་ཀུན་འབྱུང་བའི་ཆོས་ཤེས ་པའོ།། ཆོས་རྣམས་རྣམ་པར་ལྟར་ཡོངས་སུ་འཛིན་པ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ།། ཞེས་པ་ནི་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པའོ་ན་མཁའ་ནས་པ་ལ་སོགས་པ་སྟེ། ་སྨྲསྦྱར་མེད་ཅིང་བརྗོད་དུ་མེད་པ་ནི་ཇི་ལྟ་ན་མཁའ་ལ་རི་བོ་དང་ཆུ་དང་རླུང་གི་བྲག་ཅས་ཅུང་ཟད་བརྗོད་དུ་མེད་དེ། དེ་བཞིན་དུ་ཆོས་རྣམས་ཐམས་ཅད་ཅེས་པ་སྟེ། ནམ་མཁའ་ལ་བརྗོད་དུ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ ་དགེ་བའོ།། ཞེས་པ་ནི་ཀུན་འབྱུང་ལ་རྗེས་སུ་ཤེས་པའོ།། གང་གིས་བརྗོད་པའི་འདོད་པའི་དོན་གཞན་གྱིས་ཐོབ་པར་བྱེད་པ་དེ་ཐོབ་པ་པོའི་བརྗོད་པས་བརྗོད་པ་ནི་ཇི་ལྟར་ན་མཁའ་ལ་བྲག་ཅེས་ཅུང་ཟད་བརྗོད་དུ་མེད་པ་དེ་བཞིན་དུ་ཆོས་རྣམས ་ཐམས་ཅད་ན་མཁའ་ལྟར་བརྗོད་དུ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ་ཞེས་པ་ནི་འགོག་པོ་ལ་ཆོས་ཤེས་པའི་བཟོད་པ་ཉེ་བར་དམིགས་པ་མེད་ལ། གང་དམིགས་པ་མེད་པ་ནི་བྲག་ཅེས་སྨྲར་མེད་ཅིང་ང ་བརྗོད་དུ་མེད་ཅེས་པ་ནི་སྡུས་པ་སྟེ། དེ་ཡང་དེའི་མི་དམིགས་པ་ནི་དེའི་དོ་དེ་ལ་དེ་ཡིསྟ་ཏེ། ཇི་ལྟར་ན་ནམ་མཁའ་ལ་ཅུང་ཟད་དམིགས་སུ་མེད་པ་དེ་ལྟར་ཆོས་རྣམས་ཏེ། འདིར་ན་མཁའ་བཞིན་དུ་དམིགས་སུ་མེད་པས་ཡོངསུ ་དག་པའི། ཞེས་པ་ནི་འགོག་པ་ལ་ཆོས་ཤེས་པའོ།། ཐམས་ཅད་དུ་ཡང་དེས་གོས་པའི་ཀུན་ནས་ཉོན་མོངས་པ་ཅན་དང་། གོས་པ་མེད་པའི་རྣམ་པར་བྱང་བ་ཅིན་གྱི་ཆོས་དེ་རྣམས་ཀྱིས་མགོས་པ་ནི་གོས་པ་མེད་པ་ཉོ། གཉི་ག་ཡང ་མི་དམིགས་པའི་ཕྱིར་ཡོངས་སུ་དག་པའོ་ཞེས་པ་ནི་འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པའོ།། དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་པ་ལ་སོགས་པ་ནས་འཆི་བའི་དུས་ཞེས་པའི་བར་ནི་འགོག་པ་ལ་རྗེས་སུ་ཤེས་པའོ།། མང་པོ་ཞེས ་པ་ལ་སོགས་པ་ནས་འདི་ལྟར་ཞེས་པ་ནི་བླ་ན་མེད་པའི་རིན་པོ་ཆེ་བསྲུང་བས་ཀྱང་སྟེ་འོ་ན་འདི་ཉིད་རིན་པོ་ཆེ་ཆེན་པོ་ལ་བསྲུང་བ་ཆེན་པོ་སྟེ་འདི་ལས་བསྲུང་བ་གཞན་རྣམས་ཀྱིས་ཅི་བྱ་ཞེ་ན། གསུངས་པ་ནི། འོན་ཀྱང་ཞེས་པ་ལ་སོགས ་པ་སྟེ། དགྲ་ནཱི་བར་ཆད་བྱེད་པའོ།། ཅི་ཙམ་དུ་ཞེས་པས་འགྱུར་བ་ནི་ཅི་ཙམ་དུ་རབ་ཏུ་གྱུར་པའོ།། འདིར་བསོད་ནམས་ལ་བསྟོད་པ་གསུངས་པས་ངན་སོང་ལ་སོགས་པ་ཆོད་པ་དོན་གྱི་གསུངས་པའོ།། ཞེས་པ་ནི་ལམ་ལ ་ཆོས་ཤེས་པའི་བཟོད་པའོ།། བླ་ན་མེད་པ་ཞེས་པ་ལ་སོགས་པ་སྟེ། ཞུགས་པ་ནི་འཇུག་པ་ལ་འདིའི་རྣམ་པར་འགྲེལ་པ་ནི་ཐམས་ཅད་ཅེས་པ་ལ་སོགས་པ་སྟེ། མི་འཇིག་པའི་ཚུལ་གྱིས་ཞེས་པ་ནི་རྟག་པའི་ཚུལ་གྱིས་སོ།། ་དེ་ལྟ་ན་ནི་རྣམ་པར་རྟོག་པ་ཅན་ནོ་ཞེ་ན། གསུངས་པ་ནི། སྐྱེ་བ་མེད་ཅེས་པ་ལ་སོགས་པ་སྟེ། མི་ཞུམ་པ་ནི་མངོན་པར་མི་ཞེན་པའོ།། ཀུན་ནས་ཉོན་མོངས་པར་མི་འགྱུར་བ་ནི་མི་གནས་པའོ།། ཡོངས་སུ་མི་འཛིན་པ་ནི་ཡང ་དག་པར་མི་ཤེས་པ་སྟེ། རྣམ་པ་གསུམ་དུ་ཡང་རྟོག་པར་མི་བྱེད་པས་དེ་ལྟར་རྣམ་པར་རྟོག་པ་མེད་པའོ།། ཞེས་པ་ནི་ལམ་ལ་ཆོས་ཤེས་པའོ།། མ་སྐྱེས་ཞེས་པ་ལ་སོགས་པ་སྟེ། འབྲས་བུ་སྐྱེ་བ་མ་དམིགས་པ་ནི་མ ་སྐྱེས་པའོ།། དེའི་རྒྱུས་གོས་པ་མེད་པ་སྟེ། འབྲས་བུ་བསྐྱེད་པའི་མཚན་མ་རྣམས་ནི་དྲི་མ་རྣམས་སུ་གྱུར་པས་སོ།། དེ་ལྟར་ན་ཅིའི་ཕྱིར་མ་གོས་ཤེ་ན། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྟག་པར ་རྟོག་པའི་ཕ་རོལ་ཏུ་སོན་པའི་ཕྱིར་རོ།། ཇི་ལྟར་གོས་པ་མེད་པ་ཉིད་ན་གསུངས་པ་ནི་དེ་ལྟར་ཡང་ཞེས་པ་ལ་སོགས་པ་སྟེ། སྐྱེ་བར་བྱེད་པའི་འབྲས་བུ་རྣམས་ལ་ཡང་ཆོས་ཐམས་ཅད་ཀྱི་མཚན་མའི་དྲི་མ་རྣམས་ནུབ་པར་གྱུར་པས ་གོས་པ་མེད་པ་ནི་ལམ་ལ་རྗེས་སུ་ཤེས་པའི་བཟོད་པའོ།། གལ་ཏེ་ཡང་ཞེས་པ་ལ་སོགས་པ་སྟེ། དེ་ལྟར་ཡང་ཞེས་པ་ནི་རོ་ཤིན་ཏུ་ཕྲ་མོའི་དངོས་པོ་ཡང་ཡི་གེ་དང་མིང་རྣམས་ཀྱིས་ཏེ། འདིར་དངོས་པོ་དང་། ཡི་གེ་དང་གཉིསུ་སྣང ་བ་རྣམས་སུ་གསུམ་ཆར་ཡང་ཕྱིན་ཅི་ལོག་ཅིང་མེད་པའི་ཕྱིར་སྤང་བར་བྱ་བའོ།། ཕྱིན་ཅི་ལོག་གི་སྤྲོས་པ་དེ་རྣམས་ནི་མེད་པ་ཉིད་པས་འདིར་དེ་ལྟར་སྤྲོས་པར་མི་བྱེད་ཅེས་པ་ནི་ཤིན་ལམ་ལ་རྗེས་སུ་ཤེས་པའོ།། ཐམས་ཅད་ཤེས ་པ་ཉིད་འདི་རྣམས་ལ་ཡང་འཁོར་བ་དང་མྱ་ངན་ལས་འདས་པ་ལ་རབ་ཏུ་མི་གནས་པ་ཉིད་ལ་སོགས་པར་སྦྱོར་བར་འགྱུར་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འགྱུར་ལ། དེ་ལྟར་མ་གྱུར་པས་ནི་ཉོན་ཐོས་ལ་སོགས་པ་རྣམས་སུ ་འགྱུར་ཏེ། ཆོས་ལ་བདག་མེད་པ་ལས་ལྡོག་པའི་སྒོ་ནས་སྲིད་པ་དང་ཞི་བ་ཀུན་ཏུ་གནས་པ་ལ་སོགས་པའི་ངོ་བོའི་ཐམས་ཅད་ཤེས་པ་ཉིད་ནི་ཇི་སྲིད་སེམས་བསྐྱེད་པ་ལྔ་པོའི་བར་དུ་སྟེ། བཅོམ་ལྡན་འདས་མ་འབྲིང་པོ་ལས་དེ་གསུངས ་བ་ནི། ཐམས་ཅད་ཤེས་པའི་ཡེ་ཤེས་ཀྱིས་མཐོང་ནས་ཀྱང་མཐོང་བ་ལས་ཤིན་ཏུ་འདའ་བར་འདོད་པ་དང་། ལམ་ཤེས་པ་ཉིད་ཡོངས་སུ་རྫོགས་པར་འདོད་པའི་བྱང་ཆུབ་སེམས་དཔའ་ཞེས་ཏེ། དེ་ལ་ཡེ་ཤེས་ནི་བྱང་ཆུབ་སེམས་དཔའ ་མཐོང་བའི་ལམ་གྱི་མངོན་པར་རྟོགས་པ་ལ། བྱང་ཆུབ་སེམས་དཔའི་མཐོང་བའི་ལམ་ཉིད་ལ་ཉན་ཐོས་ལ་སོགས་པའི་རྟོགས་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། རྗེས་སུ་དཔག་པ་རྣམ་པར་བཅད་པས་མཐོང་བའོ།། ཡེ་ཤེས་ཀྱིས ་མཐོང་བའི་ཚིག་ནི་འཁྲུལ་པ་གཅོད་པ་སྟེ། བྱང་ཆུ་བ་སེམས་དཔའི་བསྒོམ་པའི་ལམ་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་རྣམས་བསྒོམ་ལམ་དུ་མེ་ང་བར་ཤེས་པའི་དོན་དུའོ།། ཤིན་ཏུ་འདས་ནས་ཡང་རྣམ་པ་ཀུན་མངོན ་པར་རྫོགས་པར་རྟོགས་པ་ལ་ཞུགས་པའོ་ཞེས་འཕགས་པ་རྣམ་པར་གྲོལ་བསྔོས་བཤད་ལ། ངའི་ཕྱིར་ན་བསྟན་བཅོས་ལས། ཉན་ཐོས་ལ་སོགས་མཐོང་བའི་ལམ་ཞེས་ཏེ། འདི་ཉིད་ཀྱིས་ན་སྡུད་པ་ཚིགས་སུ་བཅད་པའི་འགྲེལ ་པ་ལས། ཐམས་ཅད་ཤེས་པ་ཉིད་ས་བདུན་པར་རྣམ་པར་བཞག་པའི་སེང་གེ་བཟང་པོའི་བཤད་པ་ནི་མི་འཐད་དོ།། གཞན་ཡང་དེའི་མངོན་པར་རྟོགས་པ་ལ་སོགས་པའི་ཁྱད་པར་རྣམ་པར་བཞག་པ་དང་བདག་ཅག་གི་ངག་ནི་མཁས་པ ་རྣམས་ཀྱི་རིག་པས་སོ་སོར་བརྟགས་པར་བྱ་སྟེ། ཅུང་ཞིག་བདག་ཅག་གིས་ནི་མི་བདེན་པར་མཐོང་ནས་སྤང་བྱར་བྲི་བར་བྱའོ།། གཞན་གྱི་དོན་དུ་ཇི་ལྟར་མཐོང་བ་ཉིད་ཀྱི་དོན་ཡོད་ནས་ཡང་དུ་མངོན་དུ་བྱེད་པ་ནི་བྱང་ཆུབ་སེམས་དཔའ ་རྣམས་ཀྱི་བསྒོམ་པའི་ལམ་མྱོ་ཞེས་ཉེ་བར་བསྟན་པ་ནི་གོ་སླའོ།། འཕགས་པས་བཅུ་པའི་མདོ་སྡེ་ཡང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་རྣམས་ཀྱིས་རབ་ཏུ་དགའ་བར་ཉན་ཐོས་དང་རང ་སངས་རྒྱས་ཀྱི་ལམ་གྱི་མཐོང་བ་ལས་ཤིན་ཏུ་འདས་པས་བསྒོམ་པ་ནི་མ་ཡིན་ནོ་ཞེས་པ་དང་ཡང་བཤད་དེ། སེམས་བསྐྱེད་པ་ལྔ་པ་ལས་བྱང་ཆུབ་སེམས་དཔའི་བྱོས་པ་སོ་སོའི་སྐྱེ་བོ་ཐམས་ཅད་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས ་ལས་ཤིན་ཏུ་འདས་པར་གྱུར་ཏེ། ཀུན་ཏུ་འདས་པར་གྱུར་ནས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་ནས་དེ་བཞིནི་གཤེགས་པའི་རིགས་སུ་ངེས་པ་ང་སྐྱེ་བོར་འགྱུར་རོ་ཞེས་པ་དང་། རིང་དུ་སོང་བ་ལ་ནི་བྱང་ཆུབ་སེམས་དཔའ ་རང་གི་ཡུལ་གྱི་ཡེ་ཤེས་ཀྱི་བདག་ཉིད་ཆེན་པོ་ལ་གནས་པའི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱ་བ་ལས་ཤིན་ཏུ་འདའ་བར་འགྱུར་རོ་ཞེས་གསུངས་སོ།། དེའི་ཕྱིར་ན་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཆོས་ཐམས་ཅད་ངོལ ་ཉིད་མེད་པའི་ཤེས་པ་ཡང་ཡོད་ཅེས་པར་ཤེས་པར་འགྱུར་ཏོ། དེ་ཡོད་པ་མ་ཡིན་ན་ཕྱི་རོལ་པ་བཞིན་དུ་ཁམས་གསུམ་པའི་མངོན་དུ་རྒྱུ་བ་དང་བག་ལ་ཉལ་འདི་རྣམས་སྤོང་བར་མི་འགྱུར་ཏེ། གཟུགས་ལ་སོགས་པའི་ངོ་བོ་ཉིད ་དུ་དམིགས་པས་ཕྱིན་ཅི་ལོག་པའི་ཕྱིར་རོ།། ཆོས་ཐམས་ཅད་ལ་ངོ་བོ་ཉིད་མེད་པར་ཡོངས་སུ་ཤེས་པར་ཡོངས་སུ་རྫོགས་པའི་ཆོས་ལ་བདག་མེད་བསྒོམ་པ་ནི་མེད་ལ་ཁམས་གསུམ་པའི་ཉོན་མོངས་པ་མངོན་དུ་རྒྱུ་སྤོང་བའི་ཐབས ་ཙམ་ཡོད་པ་ཉིད་དང་། གང་ཟག་གི་བདག་མེད་པ་མ་ལུས་པར་བསྒོམ་པ་ལ་དེ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པར་རྣམ་པར་བཞག་གོ་ཞེས་པ་ནི་སློབ་དཔོན་ཟླ་བའི་གྲགས་པ་ལ་སོགས་པ་རྣམས་ཀྱིས་བཞད་ལ། ་གང་ཟག་ལ་བདག་མེད་པའི་ཤེས་པ་ཉིད་ནི་ཡོད་པ་ལ་ཆོས་ལ་བདག་མེད་པའི་ཤེས་པ་ནི་མེད་དེ། སྐད་ཅིག་མས་བདོག་མེད་པར་ཤེས་པས་ཀྱང་ནི་ཁམས་གསུམ་གྱི་ཉོན་མོངས་པ་སྤོང་བར་འགྱུར་ཞེས་པ་ནི་གཞན་དག་གིའོ།། དེ་ལྟར ་འདི་དང་ཡང་འདི་དང་ཡང་འདི་ཡིན་ཏེ་རྣམ་གསུམ་པོ།། འདིར་ནི་གནས་སྐབས་གསུམ་པོ་དག་རྫོགས་པར་ཡོངས་སུ་བསྟན་པ་ཡིན། ཞེས་བསྟན་བཅོས་ལས་ཏེ། འདིར་མཁྱེན་པ་རྣམ་པ་གསུམ་ཉེ་བར་བསྡུ་བའི་ཕྱིར་གསུངས་པ་ནི། ཡང ་ཞེས་པ་ལ་སོགས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། ལམ་ཤེས་པ་དང་། ཐམས་ཅད་ཤེས་པ་ཉིད་ལ། དེ་ལྟར་ཤེས་པ་ནི་སྔོན་དུ་མདོར་བསྟན་པའི་སེམས་བསྐྱེད་པ་ཞེས་པ་ལ ་སོགས་པས་སོ།། འདི་དང་ཞེས་པ་ནི་གོང་གི་དྲོའི་རྒྱས་པར་བཤད་པས་ཏེ། ལེའུ་གཅིག་དང་། ལེའུ་ཕྱེད་དང་བདུན་དང་། ལེའུ་ཕྱེད་དང་གཉིས་པ་དག་གིས་གོ་རིམ་ཇི་ལྟ་བ་བཞིན་དུའོ།། ཆོས་གང་ལ་ཡང་མོད་ཅེས་པ་ནི་དེའི ་སེམས་ཀྱི་སྦྱོར་བ་ཡིས་སོ།། འཇུག་པར་བྱེད་པ་ནི་དམིགས་པ་ལ་ཉེ་བར་བཞག་པར་བྱེད་པས་སོ།། ངེས་པར་འཇུག་པར་བྱེད་པ་ནི་དེའི་དེ་ཉིད་ལ་བཞག་པས་ཞི་གནས་རྫོགས་པར་བྱེད་པའོ།། ཡང་དག་པར་སྟོན་པར་བྱེད་པ་ནི་མངོན་སུམ ་དུ་བྱེད་པས་སོ།། ངེས་པར་སྟོན་པར་བྱེད་པ་ནི་ཡོན་ཏན་ཁྱད་པར་རྣམས་སོ།། ཡོངས་སུ་ཐོབ་པར་བྱེད་པ་ནི་འབྲས་བུར་གྱུར་པའི་ཆོས་ཀྱིས་འཕེན་པར་བྱེད་པའོ།། ངེས་པར་འཐོབ་པར་བྱེང་བ་ནི་ང། ་ཉིད་མཐར་ཕྱིན་པའི་ཚུལ་ཅན་ནོ།། མེད་ཅེས་པ་ནི་ཐམས་ཅད་ངུ་དེ་ཐམས་ཅད་གང་དུ་ཆོས་ཐམས་ཅད་ལ་དམིགས་པ་མེད་པས་སོ།། འདིར་བསྟན་པ་ཐོས་ནས་ལྷ་རྣམས་ཀྱིས་ཇི་ལྟར་བྱས་པ་དེ་གསུངས་པ་ནི། དེ་ནས་ཞེས་པ་ལ་སོགས།། ་པ་སྟེ། སྐྱེ་བོའི་ཚོགས་ཆེན་པོའི་དགའ་བ་སྐྱེས་ནས་ཀུ་ཙེ་དང་ག་ཞ་དྲག་བྱེད་དེ། ཉིད་ཀྱིསྐུ་མཐོར་ཞིང་གཏོར་ནས་གཏོང་པའི་ཕྱིར་རོ།། འདི་ཆོས་ཀྱི་འཁོར་ལོ་བསྐོར་བ་མ་ཡིན་ཞེས་པ་ནི་གཉི་ག་དག་མི་དམིགས་པའི་ཕྱིར་རོ།། གང ་ལ་ཡང་ཞེས་པ་ནི་ཆོས་ཀྱི་འཁོར་ལས་གཞན་དུ་ཡང་མི་ཆགས་ཤིང་མ་ཆགས་པས་དམིགས་པ་དང་བྲལ་བའི་ཕྱིར་ལ། གང་དམིགས་པར་འགྱུར་ན་ནི་གང་དུ་མངོན་པར་བྱང་ཆུབ་པར་མི་འགྱུར་བ་ཞིག་ན། གང་ཞིག་མ་སྨོས་པ་དེ ་ཡོད་པ་མ་ཡིན་པས་གང་ལ་ཡང་དག་པར་བསྟན་པར་འགྱུར་བའི་རྣམ་པར་བྱང་བ་ཅན་གྱི་ཆོས་ཅུང་ཞིག་ཡོད་པ་མ་ཡིན་ནོ།། མངོན་པར་མ་གྲུབ་པ་ནི་མ་སྐྱེས་པས་སོ།། ཆོས་ནི་ཀུན་ནས་ཉོན་མོངས་པ་ཅན་གྱིས་ལ། སྟོང་པ་ཉིད་ལ་སོགས། ་པའི་ཏིང་ངེ་འཛིན་རྣམས་ནི་རྣམ་པར་བྱང་བ་རྣམས་སུ་བརྗོད་དོ།། བསྟན་པོ་ཞེས་པ་ནི་དོན་དམ་པར་བསྟན་པས་སོ།། སྦྱིན་པའི་གནས་སུ་བྱས་པ་མེད་པ་ནི་གང་ཟག་མེད་པས་ཞེས་པ་ལ་དགོངས་པས་སོ།། ཞེས་པ་ནི་ཐམས་ཅད་ཤེས་པ། ་ཉིད་ཀྱི་སྐབས་རྫོགས་པའོ།། །། ཀུནྡ་མཁྱེན་པ་རྣམ་པ་གསུམ་གྱི་མཚན་ཉིད་བཤང་ནས། སྦྱོར་བ་བརྗོད་པར་བྱ་སྟེ། དེ་ནི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་སྟེ། དེ་ཡང་རྣམ་པ་ཐམས་ཅད ་མཁྱེན་པ་ཉིད་ཀྱི་སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་ཀྱི་བདག་ཉིད་ཅན་ཏེ། དེའི་མཐའི་སེམས་བསྐྱེད་པ་གཉིས་ནི་སྲིད་པ་དང་ཞི་བ་མཉམ་ཞིང་རོ་གཅིག་པའི་ཞིང་དག་པའི་ཐབས་ལ་མཁས་པའི་བདག་ཉིད་ཅན་ནི་སངས་རྒྱས་ཀྱི་ས ་ལ་མི་སློབ་པའི་འབྲས་བུ་སྟེ། དེ་ལྟར་ཡང་འཕགས་པ་རྣམ་པར་གྲོལ་སྡེས་སྲིད་དང་ཞི་བ་མཉམ་པ་ཉིད་དང་ཞེས་པའི་འགྲེལ་པར་བཤད་དེ། འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དུ་རྟོག་པ་ན་བདེན་པ་མི་སློབ ་པར་འགྱུར་ཞེས་པ་དང་། མདོ་སྡེ་དགོངས་པ་ངེས་པར་འགྲེལ་པར་ཡང་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ཕྲ་བ་སྤངས་པས་ཤེས་བྱ་ཐམས་ཅད་ལ་ཐོགས་པ་དང་ཆགས་པ་མེད་པའི་རྣམ་པ་ཀུན་མངོན་པར་རྫོགས་པར ་རྟོགས་པས་བསྡུས་པ་ནི་ས་བཅུ་གཅིག་པའི་སངས་རྒྱས་ཀྱི་སར་བརྗོད་ཅེས་གསུངས་པས་ན། སེང་གེ་བཟང་པོའི་ཁྱད་པར་གྱི་ལམ་ལ་རྣམ་པར་ཀུན་མངོན་པར་རྫོགས་པར་རྟོག་པ་རྣམ་པར་བཞུག་པ་ནི་མི་འཐད་པ་ཉིད་དེ། དེ ་ལྷར་འཕགས་པ་རྣམ་པར་གྲོལ་བའི་སྡེས་མཚན་མེད་རོབ་ཏུ་སྦྱིན་ལ་སོགས་པའི་བྱས་པའི་འགྲེལ་པར་སེམས་བསྐྱེད་པོ་དང་པོ་ནས་བཟུང་སྟེ། ཐབས་ལ་མཁས་པ་དང་མ་བྲལ་བར་སྦྱིན་པ་སྦྱིན་པར་བྱེད་ཅིང་མཚན་མར་ནི་མི་བྱེད་དོ། ་ཞེས་པ་དང་། བཅོམ་ལྡན་འདས་མ་བྲིས་ཤིང་གཞན་ཡང་རང་ཉིད་ཀྱིས་ངང་པ་ལ་སོགས་པའི་ཚིག་ལེའུ་ཐར་པའི་ཆ་དང་མཐུན་ལ་འཇུག་གི། ངང་པ་ལ་སོགས་པའི་དབང་པོར་བརྗོད་པར་བྱ་བ ་ནི་མེད་དེ། དབང་པོའི་དོན་མེད་པའི་ཕྱིར་རོ།། ཞེས་གསུངས་པས་ནི་དྲོད་ལ་སོགས་པ་དབང་པོ་འདི་རྣམས་ཉིད་འབྱུང་བར་འགྱུར་ཞེས་པ་ལ་དགོངས་པའི་ཕྱིར་ཏེ། ཁྱད་པར་གྱི་ལམ་ལ་དབང་པོའིའདི་རྣམས་མེད་པ ་ཉིད་ན་ཆོས་ཀྱི་སྐུའི་དབང་པོ་ཡང་མེད་པོར་ཐལ་བར་འགྱུར་བའི་ཕྱིར་རོ་སྔ་མའི་བྱེ་བྲག་རྟོགས་ནས་འདིར་ཕྱི་མ་ལ་རྗེས་སུ་འཇུག་ཅེས་པ་རིགས་ལ། དེའི་ཡང་ཐོས་པོ་དང་བསམ་པའི་རང་བཞིན་ཐམས་ཅད་ཀྱང་དང་པོ་ཉིད་དུ་ཤེས ་པར་བྱ་སྟེ། བསྟན་པ་ལ་འཇུག་པའི་རྒྱུའི་ཕྱིར་རོ་ཞེས་བཤུང་ལོ། ཕྱིར་མི་ལྡོག་པའི་རྟགས་བཤད་པ་ཡང་སྡུས་ལ་རྗེས་སུ་ཤེས་པའི་བཟོད་པའི་སྐད་ཅིག་མ་རྗེས་སུ་ཤེས་པ་དང་འབྲེལ་པས་ཉན་ཐོས་ལ་སོགས་པའི་སར ་ལྟུང་བར་སྲིད་པར་འགྱུར་ཏེ། དེ་ནི་ཁམས་གསུམ་པའི་གཉེན་པོ་འབྱིན་པ་པོའི་ཕྱིར་རེ་ཞེས་གསུངས་ལ། འདི་ཡང་ལྟུང་བ་འདི་རྟོགས་པ་ཇི་ལྟར་ཁྱད་པར་གྱི་ལམ་ལ་གནས་པའི་མཚན་མ་མེད་པ་ལྷུན་གྱིས་གྲུབ་པ་ལ་གནས། ་པ་ནས་གཞན་པ་རྣམས་སུ་སྲིད་པར་འགྱུར། གང་ཞིག་བྱང་ཆུབ་སེམས་དཔའི་སོ་འོག་མ་ལ་གནས་པ་དེའི་ཡང་གང་ཡང་ཀུན་འབྱུང་ལ་རྗེས་སུ་ཤེས་པ་ལ་ཚད་མེད་པ་རྣམས་དགོངས་ཏེ། དེ་ལས་གཞན་དུ་ན་དགུ་པ་ལ་འགོག། ་པར་ལྟུང་ཞེས་བཤད་ཅིང་། གང་ཡང་སློབ་དཔོན་དཔའ་བོས་ཀྱང་རིང་དུ་སོང་བ་ལ་ཡིད་ཀྱིས་ཡོངས་སུ་ལོག་པ་ཀུན་ཏུ་སྲིད་ཅེས་བཤད་ལ། ས་མི་གཡོ་བ་ལ་ཡོངས་སུ་མྱ་ངན་ལས་འདའ་བར་དགོངས་ཞེས་པ་དང་། བསྟན་པར་འཕགས། ་པ་རྣམ་པར་གྲོལ་བའི་སྒྲས་བཤད་ངོ་།། དེ་ལྟར་ཡང་དག་པའི་རྟོགས་པའི་གནས་སྐབས་སུ་མྱ་ངན་མི་འདའ་བའི་ཕྱིར་སྙིང་རྗེ་ཆེན་པོ་བྱེད་ཅེས་གསུངས་སོ།། དེ་ལ་འགོག་པ་དང་ཡོངས་སུ་ལྡོག་པ་དང་། ཡོངས་སུ་མྱ་ངན་ལས་འདའ། ་བར་ལྟུང་བ་ནི་དུས་དེ་སྲིད་དུ་སེམས་ཅན་གྱི་དོན་མི་འབྱུང་བ་ཉིད་དེ། དེ་ལྟར་ཡང་ས་བཅུ་པར་དེ་ཉིད་ཀྱི་འདིར་མྱ་ངན་ལས་འདས་པར་འགྱུར་བ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་རྒྱུན་ཆད་པར་འགྱུར་བའོ་ཞེས་གསུངས་སོ།། ་གང་དུ་བསྒོམ་པོའི་ལམ་རབ་ཀྱི་བྱེ་བྲག་གིས་ས་བཅུ་པོ་ཅན་གྱི་འདོད་པའི་ཁམས་ཀྱི་ཐ་མ་འཆད་པར་འགྱུར་བ་དང་བཅས་ཞེས་པའི་ཁྱད་པར་གྱི་ལམ་དུ་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ནི་མ་ཡིན་ཏེ། དེ་ནི་སེམས ་བསྐྱེད་པ་ཉི་ཤུ་རྩ་གཉིས་ལ་རྣམ་པར་གནས་པ་ཡིན་ཞེས་བྱ་སྟེ་མཐོང་བ་པོ་མེད་པ་དང་མི་འཕོ་བ་དང་དུལ་བ་མེད་པ་དང་རྨི་ལམ་དང་སྒྲོ་བརྙན་དང་མིག་ཡོར་དང་། སྨིག་རྒྱུ་དང་སྒྱུ་མ་དང་ཀུན་ནས་ཉོན་མོངས་པ་མེད་པ་དང་རྣམ་པར ་བྱང་བ་མེད་པ་དང་། གོས་པ་མེད་པ་དང་སྤྲོས་པ་མེད་པ་དང་རློམ་པ་མེད་པ་མེད་པ་དང་གཡོ་བ་མེད་པ་རྣམས་ཏེ། བྱེད་པ་པོ་མེད་པ་ལ་སོགས་པའི་རྣམ་པའི་ཕྱིར་ན་དེའི་ཕ་རོལ་ཏུ་ཕྱིན་པའོ།། ལམ་ནི་བྱེད་པ་པོ་མེད་པ་སྟེ། དེ་ནས ་བྱེད་པ་དམིགས་སུ་མེད་པའོ།། ལམ་ལ་ཤེས་པ་པོ་དང་མཐོང་བ་པོ་མེད་པ་སྟེ། དེས་ན་ཤེས་པ་པོ་དང་མཐོང་བ་པོ་དམིགས་སུ་མེད་པའོ།། ལམ་ལ་ཀུནྡ་ཏུ་འཕོ་བ་མེད་དེ། དེས་ན་འཆེ་འཕོ་བ་དང ་སྐྱེ་བ་དག་ཏུ་མེ་སྦྱོར་བ་སྟོན་པའི་ཕྱིར་རོ།། ལམ་ལ་དྲིས་པ་སྟེ། དུས་ན་དུས་གསུམ་སྒྱུ་མའི་རང་བཞིན་པས་དུལ་བ་མེད་པའི་ཕྱིར་རོ།། རྨི་ལམ་ལ་སོགས་པ་དང་འདྲ་བའི་ཕྱིར་རྨི་ལམ་ལ་སོགས་པ་སྟེ། ལམ་ནི་རྨི་ལམ་སྟེ། གདུལ ་བྱི་ལྟ་བ་པོ་ལ་འདོད་པའི་དོན་སྟོན་པོའི་ཕྱིར་རོ།། ལམ་ནི་བྲག་ཅུ་སྟེ། ཡོད་པ་མ་ཡིན་པའི་སྒྲ་ལ་སྒྲར་དམིགས་པའི་ཕྱིར་རོ།། ལམ་ནི་མིག་ཡོར་དང་གཟུགས་བརྙན་དང་མཉམ་པ་སྟེ། གཟུགས་ཀྱི་གཟུགས་བརྙན་དམིགས ་པོའི་ཕྱིར་རོ།། ལམ་ནི་སྨིག་རྒྱུ་སྟེ། དེ་ནི་ཆུའི་ཕུང་པོ་བཞིན་དུ་མེད་བཞིན་འཇིག་རྟེན་ཁམས་སུ་སྣང་བའི་ཕྱིར་རོ།། ལམ་ནི་སྒྱུ་མ་སྟེ། རང་གི་རང་བཞིན་གྱིས་མི་སྣང་བའི་ཕྱིར་དེ་མ་སྐྱེས་པར་ཤེས་པ་ཉིད་ཅེས་པའོ།། གང་དུ ་ལྔ་པོ་འདི་རྣམས་ཀྱིས་ཀྱང་ལཱ་མ་མཱ་སྐྱེས་པར་གསལ་བར་བྱེད་པ་སྟེ། ལམྲ་ནི་ཀུན་ནས་ཉོན་མོངས་པ་མེད་པ་སྟེ། དེས་ན་འདོད་ཆགས་ལ་སོགས་པ་དམིགས་སུ་མེད་པའོ།། ལམི་ནི་རྣམ་པར་བྱང་བ་མེད་པ་སྟེ། དེས་ན་སེམས ་ཙམཉན་མོངས་བཙོན་མོ་དམིགས་པོའི་ཕྱིར་རོ།། ལམ་ན་ཉོ་བ་རིགས་པ་མེད་པ་མི་ནི་མཐའ་བཞིན་དུ་ཉེ་བར་མགོས་པ་མེད་ངའི་ཆོས་ཀྱི་དབྱིངས་ཏེ། དེས་ན་རྒྱ་མ་བ་མེང་པའི་སྦྱར་བས་མཐང་པོར་ཕྱིར་རོ།། ལ་མ་ནི་སྤྲས ་མེད་པ་སྐུ། སྤྲོས་པའི་གཉེན་པོ་ཡིན་པའི་ཕྱིར་རོ།། ལམ་ནཱི་རློམ་པ་མེད་བསྟྲ། རྣམ་པ་ཐམས་ཅད་ཡང་དག་པར་བཅོམ་པར་གྱུར་རོ།། འམ་ན་མ་གཡོ་བཱ་སྟེ། ཆོས་དབྱིངས་ཀྱི་བ་ཉུད་ཀྱིས་རྟག་པའི་ཕྱིར་རོ།། འབྲས་བུའི་གནས ་སྐབས་ཉིད་ཀྱིས་ཐམས་ཅད་ཤེས་པའི་རྣམ་པ་རྣམས་ནི་ཉན་ཐོས་རྣམས་ཀྱི་སྟེ། ཟག་པ་མེད་པ་ཉིད་ལ། ལམ་ཤེས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་ཟག་པ་དང་བཅས་པ་སྟེ། ཉོན་མོངས་པ་ཤིན་ཏུ་མ་སྤངས་པའི་ཕྱིར་རོ།། ། ་རྫོགས་པར་སངས་རྒྱས་པ་རྣམས་ཀྱི་ཐམས་ཅད་མཁྱེན་པའི་རྣམ་པ་ནི་ཟག་པ་མེད་པ་ཉིད་དོ།། མཛོད་དུ་ནི་དྲི་མ་མེད་པར་བཅུ་དྲུག་ལས་གཞན་པའི་རྣམ་པ་ཞེས་པ་ནི་ཉོན་མོངས་པའི་སྒྲིབ་པ་ཙམ་གྱིས་གཉེན་པོ་ཉིད་པས ་ནི་དེ་ལྟར་འདིར་འགལ་བ་མེད་དོ།། ལམ་ཤེས་པའི་རྣམ་པ་སུམ་ཅུ་རྩ་དྲུག་ནི་གང་དུ་བསྟན་བཅོས་ལས། རྒྱུ་དང་ལམ་དང་སྡུག་བསྔལ་དང་།། འགོག་པ་ལ་ནི་གོ་རིམ་བཞིན།། དེ་དག་བརྒྱད་དང་བདུན་དང་ནི།། ལྔ་དང ་བཅུ་དྲུག་ཞེས་བསྒྲགས་སོ།། ཞེས་ཏེ། ཀུན་འབྱུང་བ་དང་། ལོ་མ་དག་སྔོན་དུ་བཤད་པ་ནི་རྒྱུ་ཡིན་པའི་ཕྱིར་ལ། སྡུག་བསྔལ་དང་འགོག་པ་དག་ནི་འབྲས་བུའོ།། དེ་ལ་ཀུན་འབྱུང་བའི་བརྒྱད་དེ། འདོད་ཆགས་དང ་བྲལ་བ་དང་། ཀུན་ནས་ལྡང་བ་མེད་པ་དང་ཞི་བ་དང་འདོད་ཆགས་མེད་པ་དང་། ཞི་སྡང་མེད་པ་དང་། གཏི་མུག་མེད་པ་དང་། ཉོན་མོངས་པ་མེད་པ་དང་། སེམས་ཅན་མེད་པར་བརྗོད་དེ། སྔོན་དུ་བཤད་པའི་ཕུང་པོ་ལྔ ་རྣམས་ནི་ཀུན་འཐུང་བའོ།། འདུར་ཆགས་པར་བྱུང་བས་འདོད་ཆགས་ཏེ། དེའི་མདོར་བསྟན་པ་ནི་བསྟན་བཅོས་ལས། རྣམ་པར་སྦྱོར་བ་བཅས་རྣམས་དང་།། ཡོན་ཏན་སྣརོནྡ་ནི་མཚན་ཉིད་བཅས།། ་ཐར་དང་ངེས་འབྱེད་ཆ་འཐུན་དང་།། སློབ་པ་ཕྱིར་མི་ལྡོག་པའི་ཚོགས།། སྲིད་དང་ཞི་པ་མཉམ་ཉིད་དང་།། ཞིང་ངག་བླ་ན་མེད་པ་ནི།། རྣམ་ཀུན་མངོན་རྫོགས་རྟོགས་པ་སྟེ།། འདི་ནི་ཐབས་མཁས་བཅས་པ་ཡིན།། ཞེས་ཏེ། དངོས ་པོ་བཅུ་གཅིག་གིས་སོ།། དེ་ལ་རྣམ་པའི་བཤད་པ་ནི་བསྟན་བཅོས་ལས། གཞི་ཤེས་པ་ཡི་བྱེ་བྲག་རྣམས།། རྣམ་པ་ཤེས་བྱའི་མཚན་ཉིད་དེ།། ཀུན་མཁྱེན་པ་ཉིད་ནི་རྣམ་གསུམ་ཕྱིར།། དེ་ནི་རྣམ་པ་གསུམ་དུ་འདོང་།། ཅེས་ཏེ། གཞི་ལ ་དམིགས་པའི་བདེན་པ་བཞི་ལ་སོགས་པ་ལ། དེའི་ཤ་སྡེ་པ་དེའི་བྱེ་བྲག་རྣམས་ཏེ། གང་གི་དེ་ཡོངས་སུ་ཤེས་པ་དེ་རྣམས་ཀྱི་རྣམ་པ་ཞེས་པ་ནི་མཚན་ཉིད་ཀྱི་མིང་ལི། དེ་ལ་ཐམས་ཅད་ཤེས་པའི་རྣམ་པ་ནི་ཉི་ཤུ་རྩ་བདུན་ཏེ། འདིར ་བསྟན་བཅོས་ལས། མེད་པའི་རྣམ་པ་ནས་བཟུང་སྟེ། མི་གཡོ་བོ་ཡི་རྣམས་པའི་བར།། བདེན་པ་སོ་སོ་ལ་བཞི་དང་།། ལམ་ལ་དེ་ནི་བཅོ་ལྔར་བཤད།། ཅེས་ཏེ། དེ་ལ་སྡུག་བསྔལ་གྱི་བདེན་པ་ལ་བཞི་སྟེ། མེད་པ་དང་མཉམ་པ་ཉིད ་དང་དབེན་པ་ཉིད་དང་མི་རྫི་བ་ནི་དེའི་རྣམ་པའི་ཕྱིར་དེའི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ།། ནམ་མཁའ་ནི་མེད་པ་ཉིད་ལ། ནམ་མཁའ་བཞིན་དུ་གཟུགས་ལ་སོགས་པ་ཡང་མེད་པ་ཉིད་དོ།། ཆོས་ཐམས་ཅད་དམིགས་སུ་མེད་པ་ཉིད་ནི་བདེ་བ་དང་། སྡུག ་བསྩལ་བ་བདག་མཉམ་པ་ཉིད་དེ། གཞུང་ཁ་ཅིག་ཏུ་ནི་མི་མཉམ་པ་དང་མཉམ་པ་ཉིད་ཅེས་ཏེ། མི་མཉམ་པ་ནི་སྡུག་བསྔལ་ལ། དེ་ཡིས་མཉམ་ཞེས་པའི་དོན་ཏོ།། ཤིན་ཏུ་སྟོང་པ་ཉིད་ནི་གང་ཟག་དང་རང་བཞིན་གྱིས་སྟོང་པ་ཉིད་དོ།། ་གནོད་པ་པོ་སྡུག་བསྔལ་གྱིས་གནོད་པར་བྱ་བའི་ཕྱིར་ན་བརྗོད་པ་ནི་བདག་ལ། རྫི་བ་མེད་པ་ནི་བདག་མེད་པ་སྟེ། དེའི་རྣམ་པའི་ཕྱིར་ནི་རྫི་བའི་ཕ་རོལ་ཏུ་ཕྱིན་པ་ཉིད་དེ། ཆོས་རྣམས་ཐམས་ཅད་ལ་གནོད་བྱ་དང་གནོད་བྱང་མི་དམིགས་པ་ཉིད ་ཀྱིས་དམིགས་སུ་མེད་པའི་ཕྱིར་རོ།། ཀུན་འབྱུང་བ་ལ་བཞི་སྟེ། དེ་ལྟར་ཡང་གནས་ནི་རྒྱུ་སྟེ། ཐ་མལ་པའི་ཕུང་པོ་རྣམས་སོ།། ངོ་བོ་ཉིད་ནི་བདག་ཉིད་ཀྱི་དངོས་པོ་སྟེ། ལུས་ཀྱི་ལས་དང་། བརྗོད་པ་ངག་གི་ལས་དང་། མིང་ནི་ཡིད་ཀྱིས་ཏེ། ལས ་དང་ཉོན་མོངས་པ་ལ་འདི་རྣམས་མེད་པས་ག་རམ་བཞིན་དུ་བ་ནས་མེད་པ་སྟེ། ངོ་བོ་ཉིད་མེད་པ་དང་། བརྗོད་དུ་མེད་པ་དང་། མིང་མེད་པ་སྟེ། དེའི་རྣམ་པའི་ཕྱིར་ན་དེའི་ཕ་རོལ་ཏུ་ཕྱིན་པའོ།། མིང་ནི་གཟུགས་ཅན་མ་ཡིན་པའི་ཕུང་པོ་ལ་ཕུང་པོ ་ནི་ལུས་ཏེ་གཟུགས་ཀྱི་ཕུང་པོའོ།། དེ་དག་མེད་པ་ནི་མིང་མེད་པ་དང་། ལུས་མེད་པ་ཉིད་དོ།། འགྲོ་བ་དང་འོང་བ་ནི་ལུས་ཀྱི་ལས་ཏེ། དེ་མེད་པ་ནི་འགྲོ་བ་དང་། འོང་བ་མེད་པའོ།། བརྗོད་པའི་རྒྱུ་ནི་རྣམ་པར་རྟོག་པ་ལ་དེ་མེད་པ་ནི་རྟོག་པ་མེད ་བ་ཉིད་དོ།། འགོག་པའི་གཞི་ནི་དེ་ལྟར་ཡང་འདིར་འགྲོ་བར་འགྱུར་བ་འམ། གཟུང་བ་འམ། ཟད་པ་འམ། སྐྱེ་བ་རྣམས་མེད་པས་གོ་རིམ་ཇི་ལྟ་བ་བཞིན་དུ་འགྲོ་བ་མ་མཆིས་པ་དང་། མི་འཕྲོགས་པ་དང་། མི་ཟད་པ་དང་མི་སྐྱེ་བ་སྟེ། ་དེའི་རྣམ་པའི་ཕྱིར་དེའི་ཕ་རོལ་ཏུ་ཕྱིན་པའོ།། ཆོས་ཐམས་ཅད་འགྲོ་བ་དང་། འོང་བ་མེད་པ་དང་། ཆོས་རྣམས་ཐམས་ཅད་ལ་གཟུང་དུ་མེད་པ་ཉིད་ནི་ཆོས་ཀྱིས་ཆོས་ལ་གཟུང་དུ་མེད་དེ། དོན་དམ་པར་ན ་མེད་པའི་ཕྱིར་རོ།། ཟད་པ་ཉིད་ཀྱིས་ཆོས་དེས་ངོ་ལ་སྦྱོར་བ་མེད་པོས་མི་ཟད་པའི་ཆོས་དང་ལྡན་པ་ཉིད་དོ།། མངོན་པར་འགྲུབ་པ་ནི་སྐྱེ་བ་སྟེ། དེ་ལ་མེད་པས་མངོན་པར་མ་གྲུབ་པ་ཉིད་དོ།། ལམ་ལ་བཅོ་ལྔ་ནི་བྱེད་པ་པོ་མེད་པ ་དང་ཤེས་པ་པོ་དང་། ཆོས་རྣམས་ཐམས་ཅད་ལ་ངོ་བོ་ཉིད་དུ་སྒྲོ་བཏགས་པ་ལ། འདིར་འདོད་ཆགས་དེ་དང་བྲལ་ཞེས་པས་འདོད་ཆགས་དང་བྲལ་བ་སྟེ། ཀུན་འབྱུང་བའི་ཆོས་རྣམས་ཐམས་ཅད་ཀྱི་ཕྱིན་ཅི་ལོག་གི་སྒྲོ་བཏགས་པའི་ངོ ་བོ་ཉིད་ཀྱིས་སྟོང་པ་ཉིད་དོ།། ཀུན་ནས་ལྡང་བ་ནི་ཉོན་མོངས་པའི་རྒྱུ་སྟེ། རྣམ་པར་རྟོག་པ་ལ། དེ་ལ་འདི་མེད་པ་ནི་ཀུན་ནས་ལྡང་བ་མེད་པ་སྟེ། ཀུན་འབྱུང་བའི་ཆོས་རྣམས་ཐམས་ཅད་ཀྱི་རྣམ་པར་རྟོག་པ་མེད་པ་ཉིད་ངེས་འཛིན་པ་མེད ་པའི་ཕྱིར་རོ།། ཞི་བ་ནི་ཀུན་འབྱུང་བའི་ཆོས་རྣམས་ཐམས་ཅད་ཀྱི་མཚན་མ་དང་ཆོས་ཀྱི་ཁྱད་པར་རྣམས་དོན་དམ་པར་ཉེ་བར་དམིགས་པ་མེད་པ་ཉིད་ལེ་དེའི་ཕྱིར་ན་འདོད་ཆགས་མེད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཞེ་སྡང་མེད་པའི ་ཕ་རོལ་ཏུ་ཕྱིན་པ་དང་། གཏི་མུག་མེད་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། སྐྱོན་མེད་པ་ཞེས་པ་ནི་འདིར་ཡོན་ཏན་གསུམ་གྱི་ཕྱིར་ཏེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཟད་པའོ།། ཉོན་མོངས་པ་ཐམས་ཅད་མེད་པས་ཉོན་མོངས་པ་མེད་པའོ།། ་ཀུན་འབྱུང་བར་ཡོངས་སུ་བརྟགས་པ་མེད་པ་དང་། འཛིན་པ་མེད་པས་སེམས་ཅན་ཉིད་དུ་ཉོན་མོངས་པར་འགྱུར་བའི་སྡུག་བསྔལ་དེ་ལ་མེད་པས་སེམས་ཅན་མེད་པ་སྟེ། ཀུན་འབྱུང་བའི་ཡང་དག་པའི་མཐའ་ཉིད་ལ་ཆོས་དང་གང་ཟག ་གིས་སྟོང་པ་ཉིད་།། ལམ་གྱི་བདུན་ནི་ཚད་མེད་པ་དང་། མཐའ་གཉིས་རྗེས་སུ་རིག་པ་དང་། ཀུན་ཏ་ཐ་དད་མེད་པ་དང་། གཞན་གྱི་དྲིང་མི་འཇོག་པ་དང་། རྣམ་པར་རྟོག་པ་མེད་པ་དང་། གཞལ་དུ་མེད་པ་དང་། མ་ཆགས་པའོ།། ལམ ་ནི་ཚད་མེད་པ་སྟེ། ཆོས་རྣམས་ཐམས་ཅད་ཀྱི་ཀུན་ནས་ལྡང་བ་ནི་ཀུན་རྫོབ་ཏུ་སྐྱེ་བ་ལ། ཀུན་ནས་ལྡང་བ་མེད་པ་ནི་དོན་དམ་པར་སྐྱེ་བ་མེད་པ་ཉེ་བར་བཟུང་བའོ།། ལམ་ནི་མཐའ་གཉིས་རྗེས་སུ་རིག་པ་སྟེ། མངོན་པར་ཞེན་པ་མེད་པ་ཉིད་དུ ་དངོས་པོ་དང་དངོས་པོ་མེད་པ་གཉིས་རྗེས་སུ་རིག་པོ་མེད་པས་སོ།། ལམ་ནི་ཀུན་ནས་ཐ་དད་པ་མེད་པ་སྟེ། ཐ་དད་པ་ཉེ་བར་མི་དམིགས་པའི་ཕྱིར་རོ།། ལམ་ནི་གཞན་གྱི་དྲིང་མི་འཛག་པ་སྟེ། དེས་ཐེག་པ་དམན་པ་ལ་མི་དགའ་བའི་ཕྱིར་རོ ་ལམ་ནི་རྣམ་པར་རྟོག་པ་མེད་པ་སྟེ། རྣམ་པར་རྟོག་པ་རྣམས་རྗེས་སུ་མི་དམིགས་པས་སོ།། ལམ་ནི་གཞལ་དུ་མེད་པ་སྟེ། གཞལ་དུ་མེད་པའི་ཆོས་ཉིད་ལ་དམིགས་པའི་ཕྱིར་རོ།། ལམ་ནི་ཆགས་པ་མེད་པ་སྟེ། ཆོས་རྣམས་ཐམས་ཅད་ལ ་ཆགས་པ་མེད་པ་ཉིད་ལས་དམིགས་པ་མེད་པ་ཉིད་དོ།། སྡུག་བསྔལ་གྱི་ལྔ་ནི། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་དང་། མཚན་ཉིད་མེང་པའོ།། ཟག་པ་དང་བཅས་པའི་ཕུང་པོའོ།། ལྔ་ནི་སྡུག ་བསྔལ་བ་སྟེ། དེ་ལ་མི་རྟག་པ་ནི་རྟག་པར་འགྱུར་བ་མེད་པ་ཉིད་ཅེས་པཱ་སྟེ། ཆོས་ཐམས་ཅདསྒྱུ་མ་བྱས་པ་དང་མ་སྐྱེས་པ་ཉིད་དོ།། སྡུག་བསྔལ་ལ་སྡུག་བསྔལ་ནི་ན་མཁའ་དང་འདྲ་སྟེ། རང་གི་མཚན་ཉིད་དང་བྲལ ་བའི་ཕྱིར་སྡུག་བསྔལ་སྟོང་པ་དང་། སྡུག་བསྔལ་བདག་མེད་པ་སྟེ། འདུས་བྱས་པའི་མཚན་ཉིད་ཀྱི་སྐྱེ་བ་དང་རྒ་བ་དང་མི་རྟག་པ་གསུམ་དེ་ལ་མེདོ་པས་སྡུག་བསྔལ་མཚན་ཉིད་མདོ་པའོ།། འགོག་པ་ལ་བཅུ་དྲུག་སྟེ། དེ་ལྟར་ཡང་འགོག་པ་ནི ་སྟོང་པ་ཉིད་ཁོ་ན་རྣམ་པར་དག་པ་ཉིད་ལ་སྟོང་པ་ཉིད་ལ་ནི་དབྱེར་མེད་དེ། དབྱེ་བོ་པོ་རྣམས་དམིགས་སུ་མེད་པས་དེའི་ཕྱིར་ན་མཁའ་བཞིན་དུ་འགོག་པ་ནི་མཐའ་མེད་པ་དང་། མུ་མེད་པས་རྒྱ་ཆེ་བ་སྟེ། དུས་གསུམ་གྱིས་ཀྱང་ཡོངས་སུ་མ་ཆོད་བྱས ་གོ་རིམ་བཞིན་དུ་དེའི་སྟོང་པ་ཉིད་བཅུ་དྲུག་འདིར་རོ།། གཅིག་པ་ཉིད་དེ་འདི་རོ་གསུངས་པ་ནི། འདི་ནི་ནང་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། ཞེས་པ་ནས་ཇི་སྲིད་དུ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ཞེས་པའི་དོན་ཏོ།། འདིར་དངོས ་པོ་དང་དངོས་པོ་མེད་པ་རང་གི་དངོས་པོ་དང་གཞན་གྱི་དངོས་པོ་སྟོང་པ་ཉིད་ནི་ཇི་ལྟར་རིགས་པ་བཅུ་དྲུག་གི་ནང་དུ་བསླུ་བའོ།། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པ་རྣམས་ཀྱི་ནི་བརྒྱ་རྩ་བཅུ་སྟེ། གང་དུ་བསྟན་བཅོས་ལས། དྲན་པ་ཉེ་བར ་བཞག་ནས་གཟུང་སྟེ།། ཐ་མ་སངས་རྒྱས་ཉིད་རྣམ་པར།། སློབ་མི་བྱང་ཆུབ་སེམས་དཔའ་དང་།། སངས་རྒྱས་རྣམས་ལ་རང་བཞིན་དུ།། སུམ་ཅུ་བདུན་དང་སུམ་ཅུ་བཞི།། སུམ་ཅུ་རྩ་དགུ་དག་ཏུ་བཞེད།། ཅེས་ཏེ། དེའི་དབང་དུ་བྱས་ནས ་གསུངས་པ་ནི། དྲན་པ་ཉེ་བར་བཞག་པ་ལ་སོགས་པ་སྟེ། བྱང་ཆུབ་ཀྱི་ཕྱོགས་རྣམས་ཀྱི་རེ་རེ་ཞིང་དམིགས་པས་མེད་པ་དེའི་རྣམ་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། ལུས་དྲན་པ་ཉེ་བར་བཞག་པའི་ཕ་རོལ་ཏུ་ཕྱིན་པ་ནས་ཇི་སྲིད་དུ་ཡང་དག་པའི་ཏིང་ངེ་འཛིན ་ཕ་རོལ་ཏུ་ཕྱིན་པ་ཞེས་པའི་བར་ཏེ། ཉན་ཐོས་ཀྱི་ལམ་ལ་བརྟན་པའི་རྣམ་པ་ཐམས་ཅད་མཁྱེན་པའི་སུམ་ཅུ་རྩ་བདུན་ནོ།། རྣམ་པར་ཐར་པའི་སྒོ་གསུམ་པོ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག ་པ་དགུ་དང་། བདེན་པ་བཞི་དང་སྦྱིན་པ་སོགས་པ་བཅུ་རྣམས་མི་དམིགས་པ་ལ་ར་རེ་ཞིང་ཕ་རོལ་ཏུ་ཕྱིན་པ་སྟེ། འདིའི་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པ་ནས་ཇི་སྲིད་དུ་འདི་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པའི་བར་ནི་བྱང་ཆུབ་སེམས ་དཔའི་ལམ་ལ་བརྟན་པའི་སུམ་ཅུ་རྩ་བཞིའོ།། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པ་ནི་སྟོབས་བཅུ་སྟེ། འདིར་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ལ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པ་ནས་ཇི ་སྲིད་དུ་ཟག་པ་ཟད་པ་མཁྱེན་པའི་སྟོབས་ཀྱི་བར་ནི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རྫིབ་མེད་པ་ཉིད་ནི་སྟོབས་ཀྱི་དོན་ཏོ།། མི་འཇིགས་པའི་ཕ་རོལ་ཏུ་ཕྱིན་པ་ནི་བཞི་སྟེ། མངོན་པར་བྱང་ཆུབ་པ་དང་། ཟག་པ་ཟད་པ་དང་། བར་ཆད་ཀྱི ་ཆོས་དང་ངེས་པར་འབྱུང་པོ་ཅན་གྱི་ཆོས་རྣམས་ལ་མི་འཇིགས་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་དང་། དེ་ཤིན་ཏུ་ཞུམ་པ་མེད་པ་ནི་མི་འཇིགས་པའི་དོན་ཏོ།། ཆོས་དང་དོན་དང་ངེས་པའི་ཚིག་དང་སྤོབས་པ་ནི་སོ་སོ་ཡང་དག་པར་རིག་པའི་ཕ་རོལ་ཏུ ་ཕྱིན་པ་ནི་རྣམ་པ་བཞི་སྟེ། ཐམས་ཅད་དུ་ཆོས་དང་དོན་དང་ངེས་པའི་ཚིག་དང་སྤོབས་པ་རྣམས་མཁྱེན་པས་ཐམས་ཅད་མཁྱེན་པ་ལ་དེ་ནི་ཆགས་པ་དང་ཐོགས་པ་ལས་འདས་པ་ཉིད་དེ་དེ་ནི་སོ་སོ་ཡང་དག ་པར་རིག་པའི་དོན་ཏོ།། དེ་ལ་གསུང་རབ་ཡན་ལག་བཅུ་གཉིས་ནི་ཆོས་ཏེ། དེའི་བརྗོད་པར་བྱ་བའི་དོན་ཏོ།། ཆོས་ཀྱི་མིང་གི་ཚེ་གོས་ལ་སོགས་པ་རྣམས་ཀྱི་ངེས་པའི་ཚིག་དང་འགྲོ་བ་དྲུག་གི་སྐད་ནི་ངེས་པའི་ཚིག་སྟེ། དེ་རྣམས་སོ། ་སོར་རིག་པའི་ཕྱིར་རོ།། ཆོས་ལ་སོགས་པ་རྣམས་གཞན་ལ་སྟོན་པའི་ཕྱིར་ལ་སོགས་པ་སོ་སོ་ཡང་དག་པར་མངོན་སུམ་དུ་འབྱུང་བ་ནི་སྤོབས་པ་དེ་ཉིད་སོ་སོ་ཡང་དག་པར་རིག་པའོ།། སངས་རྒྱས་ཀྱི་ཆོས་དེ་ཐམས་ཅད་ལ་མ་འདྲེས ་པར་སྤྱོད་ཅེས་པས་མ་འདྲེས་པ་སྟེ། གཞན་རྣམས་དང་ཐུན་མོང་མ་ཡོན་པའི་ཕྱིར་རོ།། དེའི་རྣམ་པ་ནི་བཅོ་བརྒྱད་ཡིན་པའི་ཕྱིར་དེའི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་ལྟ་སྟེ། འཁྲུལ་པ་མི་མངའ་བ་དང་། ཅ་ཅོ་དང་དྲན་པ་ཉམས་པ ་མི་མངའ་བ་དེའི་ཕ་རོལ་ཏུ་ཕྱིན་པ་ནི་གསུམ་མོ།། སེམས་མཉམ་པར་མ་གཞག་པ་དང་། འདུ་ཤེས་སྣ་ཚོགས་པ་དང་། མ་བརྟགས་པའི་བཏང་སྙོམས་མི་མངའ་བ་སྟེ། དེའི་ཕ་རོལ་ཏུ་ཕྱིན་པ་གསུམ་མོ།། འདུན་པ་དང་། བརྩོན་འགྲུས། ་དང་། དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་དང་། རྣམ་པར་གྲོལ་བ་རྣམས་ཡོངས་སུ་ཉམས་པ་མི་མངའ་བ་སྟེ། དེའི་ཕ་རོལ་ཏུ་ཕྱིན་པ་ནི་དྲུག་གོ། ལུས་དང་ངག་དང་ཡིད་ཀྱི་ལས་ཐམས་ཅད་ཀྱི་སྔོན་དུ་ཡེ་ཤེས་འགྲོ་ཞིང་ཡེ་ཤེས ་ཀྱི་རྗེས་སུ་འབྲང་བ་སྟེ། དེའི་ཕ་རོལ་ཏུ་ཕྱིན་པ་ནི་གསུམ་མོ།། དུས་གསུམ་པ་ཐམས་ཅད་མ་ཆགས་ཤིང་མ་ཐོགས་པའི་ཡེ་ཤེས་འདུག་སྟེ། དེའི་ཕ་རོལ་ཏུ་ཕྱིན་པ་གསུམ་མོ་ཞེས་པ་ནི་མ་འདྲེས་པ་བཅོ་བརྒྱད་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། ་འདྲ་བ་དང་བསམ་པ་དང་གཞལ་བ་ལ་ངོ་ཡིས་སྦྱོར་བ་དང་འབྲེལ་པ་ནི་འདྲེས་པ་དང་། དེ་ལས་ཡང་དག་པར་འདས་ཤིང་ཤིན་ཏུ་འདས་པ་ནི་མ་འདྲེས་པའི་དོན་ཏོ།། ཆོས་ཀྱི་ཇི་ལྟ་བ་བཞིན་དེ་ཉིད་དུ་གཤེགས་པ་ལ་དེ་བཞིན་གཤེགས།། ་པ་སྟེ། དེའི་དེ་བཞིན་ཉིད་ནི་དེ་བཞིན་གཤེགས་པ་ཉིད་ལ་དེའི་རྣམ་པ་ཡིན་པའི་ཕྱིར་དེའི་ཕྱིར་དེའི་ཕ་རོལ་ཏུ་ཕྱིན་པའོ།། སངས་རྒྱས་ཀྱི་ཆོས་གསུངས་པའི་ཆོས་རྣམས་ཐམས་ཅད་ཀྱི་དེ་རྣམས་ཀྱི་བདེན་པ་ཉིད་ལ། རང་གི་སེམས་ཀྱི ་བདག་ཉིད་ཀྱིས་སྒོམ་པར་བྱེད་ཅིང་གནས་པར་བྱེད་པའི་ཆོས་ཐམས་ཅད་ནི་རང་འབྱུང་བ་ལ་དེའི་རྣམ་པའི་ཕྱིར་ན་དེའི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བས་འདིའི་ཁོངས་སུ་སྡུད་པའི་དོན་ཏམ། རང་གིས་འདོད་པས་འདིར་འབྱུང་བར་འགྱུར ་ཞེས་པ་ནི་རང་འབྱུང་བའོ།། དེའི་ཕྱིར་ན་ཡུམ་ཆེན་མོ་ལས་ཆོས་ཐམས་ཅད་ལ་དབང་སྒྱུར་བ་ཉིད་ནས་ཉེ་བར་གཟུང་སྟེ། ཞེས་གསུངས་པའི་དེ་འདིར་ནི་རྒྱུར་གསུངས་ཏེ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་ལ་ཞེས་པ་ནི་ཆོས་རྣམས ་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་དེ། དེའི་ཕྱིར་ན་དེ་བཞིན་གཤེགས་པ་རྣམས་ཀྱི་དབང་སྒྱུར་བའོ་ཞེས་པ་ལ་དགོངས་པ་སྟེ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་རྟོག་པར་ནི་གཞན་གྱི་དྲི་ང་ལ་མི་འཇོག་པའི་ཕྱིར་ཆོས་ཐམས་ཅད་ལ་དབང ་སྒྱུར་བའོ།། རང་འབྱུང་བའི་རྣམ་པའོ་ཞེས་པ་ནི་གཞན་དག་གིའོ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་སངས་རྒྱས་ཀྱི་ཞེས་པ་ནི་དོན་གཅིག་གོ།། འདིར་སངས་རྒྱས་ཉིད་ཀྱི་རྣམ་པ་ཐ་མ་ནི་ཡུམ་ཆེན་མོ་ལ ་འདིར་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཏེ། དེ་གསུངས་པ་ནི་ཐམས་ཅད་མཁྱེན་པ་ཞེས་པ་སྟེ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དང་རྣམ་པ་ཐམས་ཅད་དང་དེ་རྣམས་ཡེ་ཤེས་དེའི་ངོ་བོ་ཉིད་ཀྱིས་མཁྱེན་པའི་སངས་རྒྱས་ཀྱི་ལམ ་འཚོལ་བར་བྱེད་ཅེས་པའི་འབྲས་བུའི་གནས་སྐབས་ལ་བརྟན་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པ་ནི་སུམ་ཅུ་རྩ་དགུ་སྟེ། མེད་པའི་རྣམ་པ་ནས་བཟུང་བའི་རྣམ་པ་ནི་བརྒྱ་བདུན་ཅུ་རྩ་གསུམ་མོ།། རྟག་པ་དང་མི་རྟག་པ་ལ་སོགས ་པ་སྒྲོ་བཏགས་པ་མ་ལུས་པར་ལོག་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཉིད་ཀྱི་ངོ་བོ་ལས་གདུལ་བྱའི་བསམ་པའི་ཁྱད་པར་གྱི་ངོར་དེ་དང་དེའི་ལྡོག་པའི་དབྱེ་བས་ཐ་དད་པ་བཞིན་དུ་རྣམ་པར་བཞག་པ་སྟེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་ནི་སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་ལ་ཇི་ལྟར་རིག་པའི་རྣམ་པ་རྣམས་དང་འདྲེས་པ་རྣམས་ལ་འདི་ནི་ཇི་ལྟར་རིགས་པ་སྟེ། སྦྱོར་བའི་གཟུགས་ལ་སོགས་པ་ཞེས་པ་ལ་སོགས་པའི་ཚིགས་སུ་བཙང་བ་བཞིན་བཤད་པ་ནི། རྣམ་པ་ཀུན ་མངོན་པར་རྫོགས་པར་རྟོགས་པའི་སྐབས་ལ་གང་དུ་ཐམས་ཅད་དུ་ཤེས་པ་ཉིད་ཀྱི་སྐབས་སུ་ནི་གཟུགས་ལ་སོགས་པ་ཞེས་པ་ནས་ཀྱི་ཚིགས་སུ་བཅད་པ་ཕྱེ་དང་གསུམ་གྱི་སྦྱོར་བ་གསུངས་པ་སྟེ། དེ་ནི་ལྡོག་པའི་སྒོ་ནས་བསྟན་པ་སྟེ། ཉན་ཐོས ་རྣམས་ཀྱི་ལ་རྗེས་སུ་འགྲོ་བའི་སྒོ་ནས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྒོམ་པར་བྱའོ།། དེ་ལ་དང་པོའི་སེམས་བསྐྱེད་པ་གསུམ་ནཱི། མཚན་མེང་རབ་ཏུ་སྦྱིན་ལ་སོགས།། ཡང་དག་བགྲོང་ལ་མཁས་པ་ནི།། རྣམ་པ་ཐམས་ཅད་རྟོག་འདི་ལ། ་ཐར་པའི་ཆ་དང་མཐུན་པར་འདོད་ཅེས་པའོ།། སེམས་བསྐྱེད་པ་བཞི་པོ་ནི་དྲོད་ལ་སོགས་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་ལ་དྲོད་ལ་སོགས་པ་རྣམས་ལ་རེ་རེ་བཞིན་ཆུང་ངུ་དང་འབྲིང་པོ་དང་ཆེན་པོའི་དབྱེ་བས་རྣམ་པ་བཅུ་གཉིས་ཀྱི། ་དམིགས་པ་མི་རྟག་ལ་སོགས་པ་ཚིགས་སུ་བཅད་པ་བདུན་གྱིས་བསྟན་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྐབས་སོ།། དེ་ལྟར་ཐ་དད་མ་བྱས་པ་ཉིད་ཀྱི་དམིགས་པ་མི་རྟག་ལ་སོགས་པ་ཞེས་པ་ནི་ཚིགས་སུ་བཅད་པ་གསུམ་གྱིས་བཞི ་བ་བཤད་པ་ཉིད་ནི་དེ་ལྟར་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་སྐབས་ལ་ལྡོག་པའི་སྒོ་ནས་ནི་ཉན་ཐོས་རྣམས་ཀྱིའོ།། གཟུགས་ས་གོས་ཕུང་པོ་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་གྱིས་ནི་རང་སངས་རྒྱས་ཀྱི་ཡང ་སྟེ། ཚིག་ལེའུ་བྱས་པ་དག་གིས་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དྲོང་ལ་སོགས་པ་རྣམ་པ་བཞིའི་བདག་ཉིད་ཅན་གསུངས་ལ། རྗེས་སུ་འགྲོ་བའི་སྒོ་ནས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཤེས་པའི་སྐབས་ལའོ།། སེམས ་བསྐྱེད་པ་ལྔ་པོ་ནི་མཐོང་བའི་ལམ་གྱིས་མདོར་བསྟན་པའི་རྒྱས་པར་བཤད་པ་ནི་ལམ་ཤེས་པའི་སྐབས་ཀྱི་ཆོས་ཤེས་རབ་ཏུ་དགའ་བའི་ས་ཞེས་པ་ནི་མདོའི་བསྟན་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྐབས་དང་ལམ་ཤེས་པའི་སྐབས་ཀྱི ་བཟོད་པ་ཞེས་པ་ལ་སོགས་པའི་ཚིག་སུ་བཅད་པ་དྲུག་གིས་ནི་རྒྱས་པར་བཤད་པའོ།། ཉན་ཐོས་རྣམས་དང་རང་སངས་རྒྱས་རྣམས་ཀྱིས་མཐོང་བའི་ལམ་གྱིས་མདོར་བསྟན་པའི་རྒྱས་པར་བཤད་པ་ནི་ལམ ་ཤེས་པའི་སྐབས་ཀྱི་ཆོས་ཤེས་པ་ལ་སྩོགས་པ་ཚིག་ལེའུར་བྱས་པ་ལྔ་སྟེ། ཐམས་ཅད་ཤེས་པའི་སྐབས་སུ་ཏེ། དེ་ལྟར་འདི་ཉིད་ཀྱི་དོན་གྱི་རྣམ་པར་བཞག་པ་ནི་ལེགས་པར་བཞག་པས་གཞན་དུ་མ་ཡིན་ནོ།། ཀུན་མཁྱེན་པ་རྣམ་པ ་གསུམ་གྱི་རྣམ་པ་འདི་རྣམས་ཀྱིས་བཅོམ་ལྡན་འདས་མ་དོ་སྟོང་པར་བྱེད་པའི་ལེའུ་ནི་བསྟོད་པའི་ལེའུ་སྟེ་དགུ་པའོ།། རྣམ་པ་རྣམས་ཀྱི་སྦྱོར་བ་བརྗོད་པར་བྱ་སྟེ། དེ་ལ་བཅོམ་ལྡན་འདས་མ་ནི་ཐོས་པར་ཡང་རྙེད་པར་དཀའ་ནི་ཇི་ལྟར ་ན་སྦྱོར་བ་གསུངས་ཞེས་པ་བསྟན་པ་ནི་བསྟེན་བཅོས་ལས། སངས་རྒྱས་རྣམས་ལ་བསྟན་བཀུར་བྱས།། དེ་ལས་དགེ་བའི་རྩ་བ་བསྐྲུན།། དགེ་བའི་བཤེས་ཀྱིས་མགོན་བཅས་པ།། འདི་མཉན་པ་ཡི་སྣོད་ཡིན་ནོ།། སངས་རྒྱས་རྟེན་དང ་ཀུན་འདྲི་དང་།། སྦྱིན་དང་ཚུལ་ཁྲིམས་སོགས་སྤྱོད་པས།། ལེན་དང་འཛིན་པ་ལ་སོགས་པའི།། སྣོད་དུ་དམ་པ་རྣམས་བཞེད་དོ།། ཞེས་ཏེ། སྔོན་སངས་རྒྱས་རྣམས་ལ་སྨན་ལ་སོགས་པ་རྣམས་ཀྱི་བསྙེན་བཀུར་བྱས་པའི་བསོད་ནམས་དང ་དེ་རྣམས་ལ་ཡང་སྐྱོད་མོས་ཚལ་དང་མལ་སྟན་དང་། སྟོན་མོ་ལ་སོགས་པ་རྣམས་ཀྱིས་དགེ་བའི་རྩ་བ་རྣམས་བསྐྱེད་ནས་ཚུལ་ཁྲིམས་དང་ཐོས་པ་ལ་སོགས་པ་དང་ལྡན་པ་རྣམས་ཀྱིས་གང་འདིར་བཅོམ་ལྡན་འདས་མཉན་པ་དེ་ནི་མ་ཚང་བ ་མེད་པའི་བསྟན་བཀུར་ལ། གང་གིས་ཇི་སྲིད་དུ་འཛིན་པ་དང་། དེ་བཞིན་ཉིད་དུ་སྒྲུབ་པ་དེ་ནི་དེ་ལྟར་ཡང་སངས་རྒྱས་ལ་སོགས་པར་ཡང་རིགས་པས། དེ་ལ་གསུངས་པ་ནི། དེ་ནས་ཡང་ཞེས་པ་ལ་སོགས་པ་སྟེ། དེ་བཞིན་ཉིད་དུ་སློབ ་པ་ནི་ཞི་གནས་ཀྱིས་ལ། སྒྲུབ་པ་ནི་ལྷག་མཐོང་གིས་སོ།། རྣལ་འབྱོར་དུ་བྱེད་པ་འགྱུར་བ་ནི་ཞི་གནས་དང་ལྷག་མཐོང་དག་གིས་སོ།། དད་པ་མེད་ཅེས་པ་ལ་སོགས་པ་སྟེ། དེ་བཞིན་གཤེགས་པས་གསུངས་པའི་ཕྱིར་ཕྱིན་ཅི་མ་ལོག་པའོ། ་ཞེས་ཡང་དག་པར་ཡིད་ཆེས་པ་ནི་དད་པའོ།། གཟུང་བར་འདོད་པ་ནི་བཟོད་པ་སྤོང་བར་མི་འདོད་པ་ནི་འདོད་པའོ།། དོན་དང་གཞུང་དག་ལ་ཉན་པར་འདོད་པ་ནི་འདུན་པ་ལ་བརྩོན་འགྲུས་ནི་སྤྲོ་བའོ།། དགེ་བ་ལ་བར་དུ་གཅོད་པར་བྱེད་པའི་ཆགས ་པ་དང་། ཞེ་སྡང་དང་གཏི་མུག་དང་། ལེ་ལོ་རྣམས་ཀྱི་གཉེན་པོར་ནི་བག་ཡོད་པ་ལ་མངོན་སུམ་དང་རྗེས་སུ་དཔག་པ་ལས་ཐོབ་པའི་ཚིག་རྣམས་ཀྱིས་ངེས་པ་ཉིད་ཀྱི་དངོས་པོ་ལ་དེ་ཉིད་འདི་ལས་གཞན་དུ་མིན་ཞེས་པ་རྟོག་པར་བྱེད་པ་ནི་མོས་པ ་སྟེ། གང་གིས་མི་འཕྲོག་པ་ཉིད་ལ་ཀུན་ཏུ་གནས་པ་ནི་སྦྱིན་པའི་ལས་ལ་གཙོ་བོ་སྟེ། ཕས་ཀྱི་རྒོལ་བ་རྣམས་ཀྱིས་མི་འཕྲོག་པའི་ཕྱིར་རོ།། ཡོངས་སུ་མ་དྲིས་པ་ནི་ཐེ་ཙོམ་གྱི་གནས་ལའོ།། ཆུང་བ་ནི་བྱས་པ་སྟེ། གང་གིས་དྲི་བ་ཡང་དེ ་བཞིན་ནོ།། འདི་ཞེས་པ་ལ་སོགས་པ་སྟེ། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ངག་ཕོན་ཚུན་གྱི་རྒྱུ་ཉིད་དུ་ངེས་པར་བསྐྱེད་པས་འདི་རྣམས་ལ་ཕྱག་འཚལ་ཞེས་པའི་དོན་ཏོ་ཞེས་པ་ནི་སྦྱོར་བ་པོ ་རྙེད་པར་དཀའ་བ་ཉིད་དོ།། དེ་ནས་ཞེས་པ་ལ་སོགས་པ་ནི་སྦྱོར་བའི་གོ་སྐབས་ཏེ། དེ་ཡང་སྡུས་ན་ནི་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཉིད་ལ་རྒྱས་པ་ནི་བསྟན་བཅོས་སུ།། གཟུགས་ལ་སོགས་པར ་མི་གནས་ཕྱིར།། དེ་ལ་སྦྱོར་བ་བཀག་པའི་ཕྱིར།། དེ་ཡི་དེ་བཞིན་ཉིད་ཟབ་ཕྱིར།། དེ་རྣམས་གཏིང་དཔག་དཀའ་བའི་ཕྱིར།། དེ་དག་ཚད་ནི་མེད་ཕྱིར་དང་།། ཚེགས་ཆེན་ཡུན་རིངས་རྟོགས་ཀྱི་ཕྱིར།། ལུང་བསྟན་ཕྱིར་མི་ལྡོག་ཉིད་དང་།། ། ་དས་འབྱུང་བར་ཆད་མེད་བཅས་དང་།། བྱང་ཆུབ་ཉེ་དང་མྱུར་བ་དང་།། གཞན་དོན་འཕེལ་མེད་འགྲིབ་མེད་ཕྱིར།། ཆོས་དང་ཆོས་མེད་སོགས་མི་མཐོང་།། གཟུགས་སོགས་བསམ་མི་ཁྱབ་མི་མཐོང་།། གཟུགས་སོགས་དེ་ཡི་མཚན་མ ་དང་།། དེ་ཡི་ངོ་བོར་རྣམ་མི་རྟོག། འབྲས་བུ་རིན་ཆེན་སྦྱིན་པ་བྱེད།། ད་ནི་དག་པ་མཚམས་དང་བཅས།། ཞེས་ཏེ། སྦྱོར་བ་དང་བཅས་པ་རྣམ་པར་བཤད་པ་རྣམས་ཀྱི་རང་བཞིན་ལ་སྦྱོར་བའི་ཕྱིར་ན་ཚད་མེད་པི་བར་གྱི་དེ་རྣམས་ལ ་སྦྱོར་བ་དགག་པའོ་ཞེས་རྗེས་སུ་འབྲང་བར་བྱས་ལ། དེ་རྣམས་ཐོབ་པའི་ཕྱིར་དང་།། གཏིང་དཔོགས་པར་དཀའ་བའི་ཕྱིར་དང་། ཚད་མེད་པའི་ཕྱིར་ནི་དེ་རྣམས་ལ་སྤྱོད་པ་བཀག་པའོ།། དེའི་སྦྱོར་བ་གསུངས་པ་ནི། ཀཽ་ཤི་ཀ་འདིར ་ཞེས་པ་ལ་སོགས་པ་སྟེ། སྤྱོད་པ་ནི་ཡིད་ལ་བྱེད་པས་སོ།། གཟུགས་ལ་སོགས་པ་ལ་མི་གནས་པའི་ནི་མདོར་བསྟན་པོ་ལ། གཟུགས་ལ་སོགས་པའི་ཞེས་མི་གནས་ཞེས་པ་ནི་རྒྱས་པར་བཤད་པ་སྟེ། མངོན་པར་ཞེན་པ་མེད་ཅེས ་པའི་དོན་ཏོ།། མི་གནས་ཞེས་པ་ནི་གཟུགས་ལ་སོགས་པ་རྣམས་ལ་མི་གནས་པའི་སྦྱོར་བའོ།། གཟུགས་ཞེས་པ་ལ་སོགས་པ་སྟེ། མི་སྦྱོར་བ་ནི་མིང་དང་མཚན་མ་ངག་གིས་ཡིན་ལ་དེ་ལྟར་ན་མི་གནས་པ་ནི་ཡང་དག་པར་མི་ཤེས་པ་སྟེ། ་གནས་པ་ནི་རྣམ་པར་རྟོག་པ་མེད་པའི་ཕྱིར་ཞེས་པ་ནི་གཟུགས་ལ་སོགས་པ་ལོ་སྦྱོར་བ་མེད་པའི་སྦྱོར་བའོ།། དེ་ནས་ཞེས་པ་ལ་སོགས་པ་སྟེ། ཟབ་ཅེས་པ་ནི་གཟུགས་ལ་སོགས་པ་ནི་དེ་བཞིན་ཉིད་ཟབ་པའི་ཕྱིར་ཞེས་པ་སྟེ། ཟབ་པའི ་སྦྱོར་བའོ།། གཏིང་དཔོགས་པར་དཀའ་བ་ནི་གཟུགས་ལ་སོགས་པ་རྣཾས་ཀྱིས་གཏིང་དཔག་དཀའ་བའི་ཕྱིར་རོ།། འོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ངེས་པར་འབྱེད་པར་ནུས་པར་འདོད་པ་མ་ཡིན་ནམ་ཞེ་ན་གསུངས་པ་ནི་གཟུང་བར་དཀའ་བ་སྟེ། ་ངེས་པའི་མཚན་མར་འཛིན་པ་སྟེ། དེ་ལས་ནི་རྣམ་པར་རྟོག་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་རྣམ་པར་རྟོག་པ་མེད་དེ། དེའི་ཕྱིར་ན་གཏིང་དཔོག་པར་དཀའ་བའོ།། ཞེས་པ་ནི་གཏིང་དཔོག་པར་དཀར་བའི་སྦྱོར་བའོ།། གཟུགས ་ལ་སོགས་པ་ལ་ཚད་མེད་པའི་ཕྱིར་ཞེས་པ་ནི་ཚད་མེད་པའི་སྦྱོར་བའོ།། གཟུགས་ཟབ་ཅེས་པ་ལ་སོགས་པ་སྟེ། མི་གནས་པ་ནི་མངོན་པར་ཞེན་པ་ལ་སྦྱོར་བ་མི་བྱེད་པ་ནི་ཡང་དག་པར་མི་ཤེས་པས་སོ།། ཞེས་པ་ནི་ཟབ་པ་ཉིད་དོ།། མི ་སྦྱོར་བའི་སྦྱོར་བའོ།། དེ་བཞིན་དུ་གཏིང་དཔོགས་པར་དཀའ་བ་ཉིད་ནི་སྦྱོར་བ་མེད་པའི་སྦྱོར་བའོ།། དེ་ལྟར་ཚད་མེད་པ་ནི་སྦྱོར་བ་མེད་པའི་སྦྱོར་བའོ།། དེ་སྐད་ཅེས་གསོལ་པ་དང་ཞེས་པ་ལ་སོགས་པ་སྟེ། སྐྱོན་ཅིར་འགྱུར་ཞེས་པ་སྟེ ་འདྲི་བ་ལན་ནི་ཡུམ་ཚན་མོར་གསུངས་པར་དྲན་པར་བྱེད་དོ།། དེ་བརྗོད་པ་ནི་དེ་ཡང་ཐོས་ནས་འདི་ལ་དད་པ་མི་བྱེད་ཅིང་སོ་སོར་སློང་བར་བྱེད་པས་ངེས་ངན་འགྲོར་ཡུན་དུ་གནས་ནས་ཚོགས་ཆེན་པོ་དང་ཡུན ་རིང་པོར་མངོན་པར་བྱང་ཆུབ་པར་འགྱུར་ཞེས་པ་ནི་ཚེགས་ཚན་ཡུན་རིངས་ཀྱིས་མངོན་པར་རྟོག་པའི་སྦྱོར་བའོ།། དེ་སྐད་ཅེས་གསོལ་ཞེས་པ་ལ་སོགས་པ་སྟེ། རྒྱ་ཆེན་པོས་ལུང་བསྟན་པར་འགྱུར་ནས་མངོན་པར་རྟོག་པར་འགྱུར ་ཞེས་པའི་བར་དུ་སྟེ། གཅིག་མ་ཡིན་ཞེས་པ་ནི་གཞུང་ནོར་བ་ཅན་ལ། གཅིག་ཅེས་པ་ནི་མ་ནོར་བའོ།། བརྙེས་པར་འགྱུར་བ་ནི་ཐོབ་པར་འགྱུར་བའོ།། ཐུགས་བྱུང་བར་བྱེད་པར་མི་འགྱུར་བ་ནི་རྟོན་པར་བྱེད་པར་འགྱུར་རོ་ཞེས་པ་ནི ་ལུང་བསྟན་པ་ཐོབ་པའི་སྦྱོར་བའོ།། ཡུན་རིང་པོར་ཐེག་པ་ཞེས་པ་ལ་སོགས་པ་སྟེ། ཡང་དག་པར་ཞུགས་པ་སྟེ། ཡང་དག་པར་ཞུགས་པའོ།། ཡང་ནས་ཡང་དུ་ནི་དེས་མང་དུའོ།། མི་མཐུན་པ་ནི་ཁ་ཕྱིར་བལྟས་པའོ།། ཡོངས ་ལྡོག་པ་ནི་རྣམ་པར་ལྡོག་པར་འགྱུར་བ་ལ་རབ་ཏུ་ཐོབ་པར་ལ་ལྡོག་པ་མེད་པའི་སྦྱོར་བས་སྦྱོར་བར་འགྱུར་ཞིང་རྙོག་པ་མེད་པས་རབ་ཏུ་རྩོལ་བར་འགྱུར་ཞེས་པ་ནི་ཕྱིར་མི་ལྡོག་པའི་སྦྱོར་བའོ།། འདི་ལྟ་སྟེ་དཔེར་ན་ཞེས་པ་ལ་སོགས ་པ་ལས། ཉན་པ་ལས་ཞེས་པའི་བར་ནི་ངེས་པར་འབྱུང་བའི་སྦྱོར་བའི།། དེ་སྐད་ཅེས་གསོལ་པ་དང་ཞེས་པ་ལ་སོགས་པ་ནས་མཉན་པ་ཞེས་པའི་བར་སྟེ། སྡོང་པོ་ནི་ཕུང་པོ་ལ་སྡོང་པོ་དང་དྲི་དག་གི་མཚན་མ་ནི་རྩེ་མོ་ལ་སོགས་པའོ།། ་ཇི་ལྟར་ཡང་ནི་གལ་ཏེ་ཡང་ཞེས་པའི་དོན་ཏོ།། མཐར་ཐུག་པ་ནི་ངེས་པའོ་ཞེས་པ་ནི་བར་ཆད་མེད་པའི་སྦྱོར་བའོ།། འདི་ལྟ་སྟེ་དཔེར་ན་ཞེས་པ་ལ་སོགས་པ་སྟེ། རྙིང་མ་རྣམས་ལྷགས་པ་ཞེས་པ་ནི་མངོན་པར་བྱང་ཆུབ་པ་ལ་ཉེ་བར ་སྦྱོར་བའོ།། འདི་ལྟ་སྟེ་དཔེར་ན་ཞེས་པ་ལ་སོགས་པ་སྟེ། སྙོམས་པར་འཇུག་པ་འགྱུར་བ་ནི་ངལ་བྱར་འགྱུར་བའོ།། སྡུག་བསྔལ་ནི་ནུ་བའོ།། སྨྲ་བ་ནི་ཉིད་ནི་སྨྲ་བ་འམ་སྐྱེ་བར་བྱའོ།། ཉམས་ནི་སྟོབས་སོ།། གྲོགས་ནི་སྐྱེས་བུ་དང ་ལྷོགཅིག་ཉལ་བྱའོ།། གང་གི་ཕྱིར་སྔོན་གྱི་ཞེས་པ་སྟེ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི་འདོད་ཆགས་ཀྱི་རྒྱུ་བ་ལི་བརྟན་པ་ནི་རྟོག་པས་ཀུན་བརྟེན་པས་དྲི་སྐྱེད་པས་སོ།། ངེས་པར་སྐྱེས་པ་ནི་འདོད་ཆགས་སྐྱེས་པས་སོ།། བསྒོམ ་པས་ནི་ཀུན་ཏུ་སྦྱོར་བས་སོ།། མོང་དུ་བྱས་པ་ནི་ཡང་དང་ཡང་དུ་དེ་ལྟར་བྱས་པས་སོ།། དགའ་ཞིང་ནི་རྗེས་སུ་ཡི་རིང་བ་སྟེ་ཞེས་པ་ནི་མྱུར་དུ་མངོན་པར་བྱང་ཆུབ་པའོ་སྦྱོར་བའོ།། དེ་སྐད་ཅེས་གསོལ་པ་དང་ཞེས་པ་ལ་སོགས་པ་སྟེ། ་གང་དུ་གཞན་ཕན་འདོགས་པར་བྱེད་པ་པོ་མེད་པ་ཉིད་དེ་ནི་ངོ་མཚར་བའོ།། ཅིག་ལ་ཏེ་ཞེས་པ་ནི་ཡང་དག་པར་བསྟན་པ་དང་ཡང་དག་པར་ལོན་དུ་འཇུག་པ་དང་ཡང་དག་པོར་དགའ་བར་བྱེད་པ་དང་། ཡང་དག་པར་གཟེངས་བསྟོད་པ་འབའ ་ཞིག་མ་ཡིན་ཏེ། ཇི་ལྟར་ཞེ་ན་ལོགས་པར་ཡོངས་སུ་གཟུངས་པ་ནི་རྗེས་སུ་གཟུང་བ་ཡང་དག་པར་ཁས་ལེན་པའོ།། ལེགས་པར་ཡོངས་སུ་གཏད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་དག་པར་གཏད་ནས་ཐོས་པ་ལ་སྦྱོར་བ ་ཡོངས་སུ་གཏད་པ་དེ་ལ་ཡང་དེ་རྣམས་ཀྱིས་བསླབ་པའི་ཕྱིར་སྦྱོར་བ་ཞེས་པ་ནི་གཞན་གྱི་དོན་གྱི་སྦྱོར་བའོ།། རབ་འབྱོར་གྱིས་གསོལ་པ་ཞེས་པ་ལ་སོགས་པ་ནི་འཕེལ་བ་དང་འགྲིབ་པ་མེད་པའི་སྦྱོར་བའོ།། ་ཆོས་མ་ཡིན་པ་ཞེས་པ་ལ་སོགས་པ་ནི་དེ་ལྟར་ཆོས་དང་ཆོས་མ་ཡིན་པ་དང་ལུང་དུ་མ་བསྟན་པ་ལ་སོགས་པར་མི་མཐོང་བའི་སྦྱོར་བའོ།། རབ་འབྱོར་གྱིས་གསོལ་པ་ཞེས་པ་ལ་སོགས་པ་སྟེ། ཆོས་རྣམས་ཀྱིས་མི་ཁྱབ་པ་མི་མཐོང་བའི ་སྦྱོར་བའོ།། དེ་ནས་ཡང་ཞེས་པ་ལ་སོགས་པ་སྟེ། རྣམ་པར་མི་རྟོག་པའི་སྦྱོར་བའོ།། རིན་པོ་ཆེའི་ཕུང་པོ་ཞེས་པ་ནི་འབྲས་བུ་རིན་པོ་ཆེས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་རྣམས་ཀྱི་རྒྱུའི་ཕྱིར་རོ་ཞེས་པ་ནི ་འབྲས་བུ་རིན་པོ་ཆེ་རབ་ཏུ་སྦྱིན་པའི་སྦྱོར་བའོ།། དག་པའི་ཕུང་པོ་ཞེས་པ་ལ་སོགས་པ་སྟེ། དེ་རྣམས་ཉིད་ཀྱི་འབྲས་བུ་རྣམས་ནི་ནམ་མཁའ་བཞིན་དུ་རྣམ་པར་དག་པ་མཐོང་བས་སོ་ཞེས་པ་ནི་དག་པའི་སྦྱོར་བའོ།། ངོ་མཚར་ཏོ་ཞེས་པ ་གས་པ་སྟེ། ཡི་གེ་རོ་འདྲི་བ་ནི་བྲོ་བར་ནུས་པའོ།། རབ་ཏུ་སྒྲུབ་པར་མི་འགྱུར་པ་ནི། རབ་ཏུ་འབྱུང་བར་མི་འགྱུར་པ་ལ་ཡི་དམ་མ་ཉམས་པ་ནི་དུམ་པུར་མ་གྱུར་པའོ།། མཚམས་ལས་མི་འདའ་བི་ནོ་མཚམས་དང་བཅས་པའི་སྦྱོར་བའོ།། ་ཡོན་ཏན་ནི་སྦྱོར་བའི་སྔགས་པ་བརྗོད་པར་བྱེད་པ་སྟེ། དེའི་དབང་དུ་བྱས་ནས་བསྟེན་བཅོས་ལས། བདུད་ཀྱི་མཐུ་བཅོམ་ལ་སོགས་པ།། ཡོན་ཏན་རྣམ་པ་བཅུ་བཞིའོ།། ཞེས་པ་སྟེ། དེ་ལ་དེ་ནས་ཡང་ཞེས་པ་ལ་སོགས་པ་སྟེ།། ་དགོངས་པར་འགྱུར་བ་ནི་དྲན་པར་འགྱུར་བའོ།། ཡོངས་སུ་གཟུང་བར་འགྱུར་བ་ནི་རྗེས་སུ་མཐུན་པས་གནས་པ་ལ་སོགས་པས་ཞེས་པ་ནི་བདུད་ཀྱི་མཐུ་རྣམ་པར་བཅོམ་པའི་ཡོན་ཏན་ནོ།། ཤཱ་རིའི་བུ་བར་ཆད་བྱེད་པར་མི་ནུས་ཞེས་པ་ལ ་སོགས་པ་སྟེ། སངས་རྒྱས་ཀྱིས་དགོངས་པའི་ཡོན་ཏན་ནོ།། དེ་སྐད་ཅེས་བཀའ་སྩལ་པ་ཞེས་པ་ལ་སོགས་པ་སྟེ། མཐུ་ནི་ནུས་པ་ལ་བྱིན་གྱིས་བརླབས་ནི་ནུས་པ་ལྷག་པར་སྐྱེད་པའོ།། ཡོངས་སུ་གཟུང་བ་ནི་ཁོས་བླངས་པའོ།། མཁྱེན ་པ་ནི་དེ་ལ་དགོངས་པ་དང་བཅས་པའོ།། བྱིན་གྱིས་རློབ་པ་ནི་རང་གིར་བྱས་པའོ།། གཟིགས་པ་ནི་ཤའི་མིག་གིས་སོ།། རྣམ་པར་གཟིགས་པ་ནི་སངས་རྒྱས་ཀྱི་སྤྱན་གྱིས་ཞེས་པ་ནི་སངས་རྒྱས་ཀྱིས་ཀུན་ཏུ་གཟིགས་པའི་ཡོན་ཏན་ནོ།། ་བྱང་ཆུབ་སེམས་དཔའ་གང་དེ་ཞེས་པ་ལ་སོགས་པ་སྟེ། དེ་བཞིན་ཉིད་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་ལ་ཞེས་པ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཉེ་བའི་ཡོན་ཏན་ནོ།། གང་ཡང་ཞེས་པ་ལ་སོགས་པ་སྟེ། དོན་དུ་གཉ ་བ་ཆེན་པོ་ནི་དེ་ནས་བརྩམས་ནས་བྱང་ཆུབ་སེམས་དཔའི་ས་རྣམས་ཀྱིའོ།། ཕན་ཡོན་ཆེན་པོ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕུན་སུམ་ཚོགས་པའི་འོ།། འབྲས་བུ་ཆེན་པོ་ནི་སྲིད་པ་དགའ་བར་སྤྱོད་ཅེས་པ་སྟེ། རུས་དང་རིགས་དང ་མཚན་ཉིད་ལ་སོགས་པ་ཕུན་སུམ་ཚོགས་པ་རྣམས་ཀྱིས་སོ།། རྣམ་པར་སྨིན་པ་ཚ་བ་ནི་རྗེས་ལ་བླ་ན་མེད་པའི་བྱང་ཆུབ་པའོ།། འབད་པ་ནི་དུབ་པ་སྟེ། ཡོངས་སུ་དུབ་པ་ནི་བྱ་བས་སོ་ཞེས་པ་ནི་དོན་ཆེན་པོ་ཉིད་ལཾ་སོགས་པའི་ཡོན་ཏན་ན ་འདི་དག་ནི་ཞེས་པ་ལ་སོགས་པ་སྟེ། མདོ་སྡེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའོ།། འདས་ནས་ཞེས་པ་ནི་ཡོངས་སུ་མྱ་ངན་ལས་འདས་ནས་སོ།། བར་ཏ་ནི་ཤྭར་ཕྱོགས་ཀྱི་ཡུལ་ལོ།། མངོན ་པར་གསལ་གསར་བས་སྙིང་པོར་བྱུང་བས་སྙིང་པོའོ།། དེ་ཐོབ་ནས་གདུལ་བྱ་རྣམས་ལ་འདིས་ཞེས་པ་ནི་དེ་ལྟར་རོ།། ཆོས་ནི་ཆོས་འདི་བསྟན་པའི་ཕྱིར་ལ། འདུལ་བ་སྟེ་ཉོན་མོངས་པ་འདུལ་བ་ལ་སོགས་པས་སོ།། བཅོམ་ལྡན ་འདས་པ་མྱ་ངན་ལས་འདས་ནས་ལྷོ་སྟོང་ཕྲག་ལྔར་འཇིག་རྟེན་དུ་གནས་ཏེ། དེ་ནས་ནུབ་པའི་ཚེ་དེའི་དུས་དང་ཉེ་བན་བྱང་ཞེས་པ་ནི་ཆའང་གཞན་རྣམ་པར་གཅད་པ་སྟེ། བོད་ཀྱི་ཕྱོགས་ལ་སོགས་པའོ།། བསྟན་པ་དེར་རྒྱས་པ་ནས ་རབ་ཏུ་འཇུག་པར་འགྱུར་ཞེས་པ་ནི་བསྟེན་པ་རྒྱས་པའི་ཡོན་ཏན་ནོ།། ཡུན་རིང་ནས་ཐེག་པ་ལ་ཞེས་པ་ལ་སོགས་པ་སྟེ། དྲི་བར་བྱས་པས་ན་ཡོངས་སུ་དྲིས་པའོ།། ཡོངས་སུ་ཤེས་པའི་ཕྱིར་ཞུས་པ་ནི་ཡོངས་སུ་ཞུས་པའོ།། ་དེའི་ཕྱིར་ཡོངས་སུ་འདྲི་བ་བྱས་པས་ཡོངས་སུ་དྲོས་པའོ།། ཚུལ་ཁྲིམས་ནི་ཚུལ་ཁྲིམས་ལ་སོགས་པ་ཞེས་པ་ནི་དཀར་པོའི་ཆོས་ཡོངས་སུ་སྐྱོང་བའི་ཡོན་ཏན་ནོ།། དེ་ཅིའི་ཕྱིར་ཞེ་ནཱ་ཞེས་པ་ལ་སོགས་པ་སྟེ། ཚེ་རབས་འཕོས་ཀྱང ་ཞེས་པོ་ནི་དེའི་བྱང་གི་ཚེ་རབོས་དེ་ལས་འདས་པ་རྣམས་ལ་ཡང་ངོ་།། ཡང་དག་པར་སྤྱོད་པ་ནི་སྦྱོར་བ་རྣམས་སོ།། མངོན་པར་དགའ་བ་ནི་མངོན་པར་འདོད་པའོ་ཞེས་པ་ནི་སྐྱེས་བུའི་བརྗོད་པའི་ཡོན་ཏན་ནོ་དེ་དག་ལ་ཞེས་པ་ལ་སོགས ་པ་ལ་སོགས་པ་སྟེ་བདུན་པ་འམ་སྔགས་ཀྱིས་ཞེས་པ་ནི་བསམ་པས་སམ་བརྗོད་པས་སོ་ཞེས་པ་ནི་མི་ཕྱེད་པ་ཉིད་ཀྱི་ཡོན་ཏན་ནོ།། དེ་དག་གིས་ཞེས་པ་ལ་སོགས་པ་ནི་སྐྱེ་བོ་མང་པོའི་རིགས་པའི་རྩ་བ་བསྐྱེད་པའི་ཡོན་ཏན་ནོ།། དེ་ཅིའི་ཕྱིར ་ཞེས་པ་ལ་སོགས་པ་སྟེ། གཞག་པར་བྱའོ་ནི་འཇུག་པ་ཙམ་གྱིས་སོ།། ཡང་དག་པར་བསྟན་པར་བྱ་བ་ནི་སྒོམ་པ་རབ་ཀྱིས་ཡང་དག་པར་བསྒྲུབས་པས་སོ།། ཡང་དག་པར་དགོད་པར་བྱ་བ་ནི་རྟནོ་པར་བྱེད་པར་བྱའོ་ཞེས་པ་ནི་དམ ་བཅས་པའི་དངོས་པོའི་དོན་བསྒྲུབ་པའི་ཡོན་ཏན་ནོ།། དེ་ལྟར་ཡང་ཞེས་པ་ལ་སོགས་པ་སྟེ། དེ་ལྟར་ཇི་སྐད་དུ་བཤད་པའི་གཞན་གྱི་དོན་སྒྲུབ་པར་བྱེད་པས་སོ།། མོས་པ་རྒྱ་ཆེན་པོ་ཅན་ཞེས་ཏེ། གཟུགས་ལྀ་སོགས་པའི་ཡུལ ་ལ་སྦྱིན་པ་རྒྱ་ཆེན་པོ་སྦྱིན་པ་ཉིད་དང་གཞན་ཡང་དགེ་བའི་རྩ་བ་མངོན་པར་འདུས་བྱས་པའི་རྣམ་པར་སྨིན་པ་རྒྱ་ཆེན་པོ་ཡོངས་སུ་འཛིན་ཅིང་སེམས་ཅན་རྣམས་ཀྱི་དོན་དུ་རྒྱུ་ཆེན་པོའི་རྣམ་པར་སྨིན་པ་ཡོངས་སུ་འཛིན་པར་འགྱུརརོ་ཞེས ་པ་ནི་རྒྱ་ཆེན་པོའི་འབྲས་བུ་ཡོངས་སུ་འཛིན་པའི་ཡོན་ཏན་ནོ།། གལ་ཏེ་ཞེས་པོ་ལ་སོགས་པ་སྟེ། ལྷགོ་པར་དམིགས་པར་བྱ་བ་དང་ཡང་དག་པར་འཕོ་བར་བྱ་བའོ་ཞེས་པ་ནི་གཞན་གྱི་དོན་གྱི་རྒྱ་ཆེན་པོ་ཡང་དག་པར ་བསྒྲུབས་པའི་ཡོན་ཏན་ནོ།། དེ་སྐད་ཅེས་བཀའ་སྩལ་པ་དང་།། ཞེས་པ་ལ་སོགས་པ་སྟེ། ཆུང་ངུ་ན་ཞེས་པ་ནི་དེ་རྣམས་ཀྱི་ཡོངས་སུ་དག་པའི་སྟོན་དང་ཕཱ་བ་ལོ། ཚོལ་བར་འགྱུར་བ་ལ་ཁ་ཅིག་དག་གིས་རྙེད་པར་འགྱུར་ཞེས ་པ་སྟེ། བཙལ་ཞིང་ནི་འདི་ནས་དེར་སྐྱོང་ནས་སོ།། རྗེས་སུ་བཙལ་བ་ནི་འདིར་ཐོབ་པར་འགྱུར་ཞེས་ཐོས་ནུས་སོ།། ཡོངས་སུ་བཙལ་བ་ནི་ཡང་དག་པར་རོ།། ཉེ་བར་འོངས་པར་འགྱུར་བ་ནི་ཉེ་བར་ནའོ།། ་ཉེ་བར་གཞོལ་བར་འགྱུར་བ་ནི་འབད་པར་འགྱུར་བས་རྙེད་པའོ།། ཉེ་བར་ཕྱོགས་པ་ནི་འབད་པ་མེད་པས་ཐོབ་ཅེས་པས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་དྲིས་པར་ཐོབ་པའི་ཡོན་ཏན་ནོ།། ཇི་སྐད་དུ་བཤད་བྱའི་སྦྱོར་བ་རྣམས ་སེམས་ལ་བཞག་ཅིང་འཛིན་པས་དེའི་ཕན་ཡོན་རྣམས་ཀྱི་ལེའུ་སྟེ་ལེའུ་བཅུ་པའོ།། །། སྦྱོར་བ་ལ་བར་ཆང་བྱེད་པའི་སྐྱོན་གྱིས་དབང་དུ་བྱས་པ་ནི་བསྟན་བཅས་ལས་སྐྱོན་ནོ་བཅུ་ཆེན་བཞིར ་བཅས་པ། དྲུག་ཏུ་ངེས་པར་རྟོགས་པར་བྱ། ཞེས་ཏེ། བཞི་བཅུ་རྩ་དྲུག་པོ་འདིར་གསུངས་པ་དེ་ནས་ཞེས་པ་ལ་སོགས་པ་སྟེ་ཡོངས་སུ་བརྗོད་ཅེས་པ་ལ་སོགས་པའི་ཚིག་གིས་ནི་སྤྱོད་པ་རྣམས་ཐམས་ཅད་ཀྱི་ཉེ་བར ་མཚོན་པའོ།། ཡུམ་མོ་ཞེས་པ་ནི་ཡུན་རིང་པོས་ཕ་རོལ་ཏུ་ཕྱིན་པ་རྣམས་རྫོགས་ནས་དེ་ཡིས་ཡུན་རིང་མོ་ཉིད་ཀྱིས་བྱང་ཆུབ་པར་འགྱུར་ཞེས་པ་ནི་སྤོབས་པ་ཡུན་རིང་པོའི་སྐྱོན་ནོ།། དེ་སྐྱེས་ན་ཡང་ཞེས་ཏེ། རྣམ་པར ་གཡེངས་པར་འགྱུར་བ་ནི་རྒོད་པར་འགྱུར་བ་སྟེ། ཐབས་ལ་མི་མཁས་པས་ཤིན་ཏུ་མྱུར་བར་ངོ་བས་སྐྱེས་པས་ང་རྒྱལ་སྐྱེ་ལ་ངེས་བྱང་ཆུབ་སེམས་དཔའ་གཞན་ལ་བརྙས་པར་བྱང་ན་སོ་ང་རྒྱལ་གྱིས་དམན་པའི་རིགས་སུ ་སྐྱེས་ནས་ཡུན་རིང་པོས་བྱང་ཆུབ་ཐོབ་པར་འགྱུར་ཞེས་པ་ནི་སྤོབས་པ་མྱུར་བའི་སྐྱོན་ནོ།། གླལ་བར་བྱེད་པ་སྟེ། དྲེགས་པ་དང་བཅས་པས་ལུས་བརྒྱད་པ་དང་རྒོད་པ་སྟེ། གང་བརྒྱངས་བྱེད་པ་དང་བཏགས་པ་སྟེ་དྭགས ་པོས་ལྡང་བར་བྱེད་པ་སྟེ་ཞེས་པ་ནི་ལུས་ཀྱི་ལས་ཀྱི་སྟོན་དང་བྲལ་བས་སོ།། རྣམ་པར་གཡེངས་ཞེས་པ་ལ་སོགས་པ་སྟེ། རྣམ་པར་ཤེས་པ་ཕན་ཚུན་དང་ལྡན་པས་ཞེས་པ་ནི་གཞན་རྣམས་ཀྱི་དྲན་པར་བྱས་པས་སོ།། རང་གི་ནི་ངན ་པ་མི་འཐོབ་ཅེས་པ་སྟེ་སྤྱོད་ལམ་ཇི་ལྟར་བདེ་བར་གནས་པས་བརྗོད་པས་སོ།། ཞེས་པ་ནི་སེམས་ཀྱི་ཡོན་ཏན་དང་བྲལ་བའི་སྐྱོན་ནོ།། ཕན་ཚུན་ཞེས་པ་ལ་སོགས་པ་སྟེ། བཞེད་གང་བྱེད་པ་ནི་ཕན་ཚུན་ལྦུ་བར་བྱེད་པའོ།། ་ཚོགས་པ་དང་མི་ལྡན་ཞེས་པ་ནི་ཇི་སྲིད་དུ་ཚོགས་པ་ཉིད་ལ་གླེགས་བམ་ཀུན་འཕྲོགས་པར་འགྱུར་ཏེ། དེ་སྲིད་དུ་ཚོགས་པ་མིན་ཞེས་པ་ནི་རྣལ་འབྱོར་ལ་མི་ཕན་པའི་ཁ་ཏྭེན་ལ་སོགས་པའོ་སྐྱོན་ནོ།། བདག་གིས་ཞེས་པ་སྟེ། ་དེ་ལྟ་དེ་ལྟར་ཞེས་པ་ནི་སྔོན་དུ་བཤད་པ་རྣམས་ཀྱིས་སོ།། ངེས་པར་འབྱུང་བར་མི་འགྱུར་བ་ནི་གནས་པར་མི་འགྱུར་བའོ་ཞེས་པ་ཁ་ཕྱིར་ཕྱོགས་པའི་མཚན་མ་འཛིན་ནོ།། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། སྤངས ་པ་ནི་སེམས་ཀྱིས་སོ།། བོར་བ་ནི་ལུས་དང་ངག་གིས་སོ།། ངེས་པར་འབྱུང་བ་ནི་བསླབ་པ་མཐར་ཐུག་པར་འགྲོ་བའོ་ཞེས་པ་ནི་རྒྱུ་ལས་ཉམས་པའི་སྐྱོན་ནོ།། འདི་ལྟ་སྟེ་དཔེར་ན་ཞེས་པ་ལ་སོགས་པ་སྟེ་ཟ་ནི་ཟས་སོ།། བོར ་བའི་བཏང་བའོ།། ཁམ་ནི་ཁ་ཟས་སོ།། ཀུན་ཆུབ་པར་བྱེད་པ་ནི་མངོན་པར་སྦྱོར་བར་རོ།། ཡལ་ག་དང་ལོ་མ་ནི་མདོ་སྡེ་རྣམས་ལའོ།། དུལ་བ་ནི་དབང་པོ་རྣམས་སོ།། ཞི་བ་ནི་སེམས་པ་དུལ ་བའི་ཕྱིར་རོ།། མངོན་པར་འདུ་བྱེད་པ་ནི་ངེས་པར་རྫོགས་པར་བྱེད་པའོ།། བསླབ་པར་མི་བྱ་ཞེས་པ་ནི་དེ་རྣམས་ཀྱིས་བདག་ཉིད་ཀྱིས་ཀྱང་མི་དམིགས་པས་ཞེས་པ་ནི་གྷ་ནིམ་པའི་རོ་མྱང་བས་ཉམས་པའི་སྐྱོན་ནོ།། འདི་ལྟ ་སྟེ་དཔེར་ན་ཞེས་པ་ལ་སོགས་པ་སྟེ། སྣང་བུ་ནི་གསལ་བ་དང་བཅས་པར་རོ།། དེར་རྟོགས་པ་ནི་མཐོང་ནས་སོ།། ཁ་དོག་དང་དབྱིངས་ནི་ཁ་དོགས་གིས་དབྱིབས་སོ་ཞེས་པ་ནི་བླ་ན་མེད་པའི་ཐེག་པ་ལ་སོ་ཉམས་པའི ་སྐྱོན་ནོ།། འདི་ལྟ་སྟེ་དཔེར་ན་ཞེས་པ་ལ་སོགས་པ་སྟེ། ནང་དུ་ཡང་དག་པར་བཞག་པ་ནི་ཏིང་ངེ་འཛིན་ལ་སྟེ། ཚེ་འདི་ལ་ཞེས་པ་ནི་མཐོང་བའི་ཆོས་ལ་ཐོབ་པའོ།། ལེན་པ་མེད་པ་ནི་ཅུང་ཞིག་ཡོངས་སུ་མི་འཛིན་པ ་སྟེ། དུས་རྟག་ཏུ་བྱང་ཆུབ་པར་མ་གྱུར་པའི་རྟག་པར་དེའི་སོ་སྔོར་སྐྱེ་བ་མེད་པའི་ཕྱིར་རོ།། རྒྱུན་དུ་ནི་སོ་སོར་བདག་གི་དངོས་པོས་སོ་ཞེས་པ་ནི་ཚད་དུ་བྱ་བ་ལས་ཉམས་པའི་སྐྱོན་ནོ་ཞེས་པ་ནི་བཅུ་ཆེན་དང་པོའོ།། ། ་ལྟ་སྟེ་དཔེར་ན་ཞེས་པ་ལ་སོགས་པ་སྟེ། ཤིང་མཁན་ནི་ཤིང་བཟོ་བའོ།། ར་རབ་ཀྱི་སྟེང་དུ་བལྟ་ན་སྡུག་ཅེས་བྱ་བ་ནི་བརྒྱ་བྱིན་གྱི་གསེར་གྱི་གྲོང་ཁྱེར་ལ་དེའི་དབུས་སུ་རྣམ་པར་རྒྱལ་ཞེས་པའི་ཁང་བཟང་སྟེ། ལོགས ་རེ་རེར་དཔག་ཚད་ཉིས་བརྒྱ་ལྔ་བཅུ་སྟེ། གཅིག་ཏུ་བསྡུས་པས་དཔག་ཚད་སྟོང་ལ་ཉི་མ་དང་ཟླ་བ་ནི་རི་རབ་ཀྱི་ཕྱེད་ཀྱི་ཐད་ཀའི་ཕྱི་རོལ་གྱི་ནམ་མཁའ་ལ་རྒྱུ་བའི་ཤེལ་གྱི་ཁང་པ་ཟླུམ་པོ་སྟེ། གོ་རིམ་ཇི་ལྟ་བ་བཞིན་དུ་དཔག ་ཚད་ལྔ་བཅུ་རྩ་གཅིག་དང་དཔག་ཚད་ལྔ་བཅུ་པའི་སྟེང་། དེའི་དབུས་ཀྱི་ཐད་ཀའི་ཚད་ཀྱིས་དེ་དག་ལ་སྟེ་ཁང་བཟོད་ཀྱི་ས་ཚང་ཆེ་ཆུང་ངེས་འདིར་དེ་དག་གི་ཁང་པ་བརྗོད་པར་བྱ་སྟེ། དེ་ཡང་རྣམ་པར་རྒྱལ་བ་ལས་ཤིན་ཏུ ་ཚད་ཆུང་བའོ་ཞེས་པ་ནི་ཐབས་ལ་ཀུན་ཏུ་རྨོངས་པའི་སྐྱོན་ནོ།། འདི་ལྟ་སྟེ་དཔེར་ན་ཞེས་པ་ལ་སོགས་པ་སྟེ། འཇིག་རྟེན་དུ་འཁོར་ལོས་སྒྱུར་བས་ན་འཁོར་ལོ་སྒྱུར་བ་སྟེ། དེའི་འཁོར་ལོ་ནཱི་སྐྱེས་བུ་མེད་པར་ན་མཁའ ་ལ་འགྲོ་བའི་རྩིབས་སྟོང་པ་མུ་ཁྱུད་དང་ལྟོ་བར་བཅས་པོ་སྟེ། ལྕགས་དང་ཟངས་དང་དངུལ་དང་གསེར་གྱི་རྣམ་པ་ཇི་ལྟར་རིག་པའོ།། ཁ་དོག་ནི་འཛམ་བུའི་ཆུ་བོའི་ལ་སོགས་པ་བཞིན་ལ་དབྱི་བླ་ནི་སྐྱེས་བུ་ཆེན་པོའི་མཚན ་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པའི་གཟི་བརྗིད་ཀྱིས་མི་ཐམས་ཅད་ཟིལ་གྱིས་གནོན་པའོ།། མཐུ་ནཱི་འོད་ཀྱི་དཀྱིལ་འཁོར་ཅན་ལ།། རྫུ་འཕྲུལ་ཕུན་སུམ་ཚིགས་པ་ནི་རིན་པོ་ཆེ་སྣ་བདུན་དང་ལྡན་པ་སྟེ། འཁོར་ལོ ་དང་གླང་པོ་དང་རྟ་དང་བུད་མེད་དང་བློན་པོ་དང་ཁྱིམ་བདག་དང་ནོར་བུ་རྣམས་སོ།། རིབ་རིབ་པོར་བྱེད་པ་ནི་རྨོངས་པར་བྱེད་ཅིང་ཡོངས་སུ་མི་གསལ་བར་བྱེད་པའི་ཕྱིར་དང་། ཆུང་བའི་ཕྱིར་རི་བོ་དེ་དག་གི་ཕྱིར་བྱང་ཆུབ་སེམས ་དཔའ་ལ་འབྱུང་བར་འགྱུར་ཞེས་པ་ནི། བྱང་ཆུབ་སེམས་དཔའ་འབྱུང་བར་འགྱུར་པའོ།། ཐོབ་པ་ནི་རྙེད་པ་ཙམ་གྱི་སྟེ། མདོར་བསྡུས་པ་ལ་སོགས་པ་ཐོབ་པ་ལ་སོགས་པ ་རྣམས་ཀྱིས་རྣམ་པར་ལྡོག་ཅིང་ཁ་ཕྱིར་བལྟས་པར་འགྱུར་ཞེས་པ་ནི་འཁོར་ལོ་བསྒྱུར་བ་དང་ཆོས་མཐུན་པ་སྤྲུལ་པའི་སྐུ་ལས་ཉམས་པའི་སྐྱོན་ནོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟ་སྟེ་དཔེར ་ནི། ཞེས་པ་ལ་སོགས་པ་སྟེ། རོ་ནི་དྲུག་སྡེ་རྫས་ཀྱི་དབྱེ་བས་ཕན་ཚུན་སྦྱར་བ་ལས་ནི་བརྒྱར་འགྱུར་རོ།། དེའི་རོ་བརྒྱ་པའི་ཁ་ཟས་སྤངས་པ་ནི་སེམས་ཀྱིས་བོར་བ་ནི་ལུས་ཀྱིས་སོ་ཞེས་པ་ནི་ཁ་ཟས་རྀ་བརྒྱ་དང་ཆོས ་མཐུན་པའི་ལོངས་སྤྱོད་རྫོགས་པའི་སྐུ་ལས་ཉམས་པའི་སྐྱོན་ནོ།། འདི་ལྟ་སྟེ་དཔེར་ན་ཞེས་པ་ལ་སོགས་པ་སྟེ། ཟབ་པ་ནི་གཞན་གྱི་དོན་བྱེད་རྩེ་མོའི་ཕྱིར་དང་། འོད་གསལ་ཞིང་དྲི་མ་མེད་པའི་ཕྱིར་ཞེས་པ་ནི་ནོར་བུ ་རིན་པོ་ཆེ་དང་ཆོས་མཐུན་པའི་ཆོས་ཀྱི་སྐུ་ལས་ཉམས་པའི་སྐྱོན་ནོ།། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། གཟུགས་ལ་སོགས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་རྣམས་ཀྱི་སྤོབས་པོ་བཅོམ་ལྡན་འདས་མ ་ལ་མེད་པའི་ཕྱིར་ན་སེམས་རྣམ་པར་གཡེངས་པར་བྱེད་དོ་ཞེས་པ་ནི་དེ་དང་དེ་ལ་སྤོབས་པའི་སྐྱོན་ནོ།། དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་པ་ལ་སོགས་པ་སྟེ། དེ་ལྟར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྲིར་མེད་དེ། ་གཟུགས་དང་དྲི་ལ་སོགས་པ་དང་བྲལ་བའི་ཕྱིར་དང་། མེད་པའི་ཆོས་ཀྱི་དབྱིངས་དང་རོ་གཅིག་པས་ཡོད་པའི་ཕྱིར་རོ།། ཡི་གེ་མེད་པ་ནི་ཆོས་ཐམས་ཅད་ལ་ཡི་གེ་མེད་པའི་ཕྱིར་རོ།། ཡི་གེ་མེད་པ་མ་ཡིན་པའི་ནི་ཡི ་གེ་འདི་རྣམས་དེའི་རྒྱུ་མཐུན་པའི་ཕྱིར་ཏེ། འདི་རྣམས་ཀྱིས་ཀྱང་དེ་རྣམས་གསལ་བར་བྱེད་པས་སོ།། དེ་རྣམས་ཀྱིས་ནི་གཞན་པའི་དོན་མཚོན་དུ་མེད་པ་རྟོགས་པའི་ཕྱིར་རོ།། དེ་ཉིད་བྲིས་ནས་ཡི་གེ་དང་ཡི་གེ་མེད་པར ་མངོན་པར་ཞེན་པའི་སྟེ་སྐྱོན་བཞིའོ།། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། ཡུལ་ནི་མ་ག་དྷ་ལ་སོགས་པའོ།། གྲོང་ནི་ཕྱུག་པོ་མ་ཡིན་པ་རྣམས་གནས་པའོ།། ཕྱུག་པོ་རྣམས་གནས་པ་ནི་གྲོང་ཁྱེར་རོ།། གྲོང ་ཁྱེར་ཉིད་ཀྱི་ཚོང་པ་མང་པོ་གནས་པ་ནི་གྲོང་རྡལ་ལོ།། ལྗོངས་ནི་ཡུལ་གྱི་མིང་ཀཱ་ཤ་ལ་སོགས་པའི་དཀྱིལ་འཁོར་རོ།། དེའི་ཚོགས་ནི་ཡུལ་འཁོར་རོ།། རྒྱལ་པོའི་ཕོ་བྲང་ཡོད་པའི་གྲོང་ཁྱེར་རྒྱལ་པོའི་ཕོ་བྲང་འཁོར ་རོ།། ཀུན་སྟོན་པ་ནི་ཚིག་རྐྱང་པའི་སྙན་དངགས་སོ།། ལ་གཅན་ནོ་ཤོ་གམ་གྱི་གཅོད་སའོ།། བི་ཤི་ཀ་ནི་སྲང་བར་རོ།། ཤི་བི་ཀ་ནི་ཤིང་གི་ཁྱོགས་ཁྲིའོ།། འཚོ་བའི་དོན་གྱི་ཡོ་བྱད་ན་འཚོ་བའི་ཡོ་བྱད་དོ།། དེ་ལྟར ་གཞང་གང་དང་དང་སྔོན་གྱི་བྱུང་ཚུལ་ལོ་ཞེས་པ་ནི་འགྲོ་བར་བྱ་བ་ལ་སོགས་པ་ཡིད་ལ་བྱེད་པའི་རྣམ་པར་གཡེང་ངའི་སྐྱོན་ཞེས་པ་ནི་བཅུ་ཚན་གཉིས་པའོ།། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། བལྟ་བར་བྱ་བ་རྒྱལ་བ ་ལ་སོགས་པ་ཡིད་ལ་བྱེད་པ་སྟེ། རྣམ་པར་གཡེང་བའི་སྐྱོན་ནོ།། ལ་གཅན་གྱི་ཆོ་ལོ་བལྟ་བ་ནི་ཤོ་གམ་གྱི་གནས་སུ་ཤོ་འགྱེད་པ་ལ་སོགས་པ་ལ་ལྟ་བའོ།། ཡང་ཞེས་པ་ལ་སོགས་པ་སྟེ། ་མེ་ལ་སོགས་པ་ཡིད་ལ་བྱེད་པ་ནི་ཐོབ་པར་བྱ་བ་སྟེ། ཡིད་ལ་བྱེད་པ་རྣམ་པར་གཡེང་བའི་སྐྱོན་ནོ།། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། བར་ཆུད་བྱེང་པ་ནི་རྣམ་པར་འཇིག་པའོ།། རྙེད་པ་ནི་ཆོས་གོས་ལ་སོགས་པ་ཐོབ་པའོ།། ་བཀུར་སྟི་ནི་གུས་པའོ།། ཚིགས་སུ་བཅང་པོ་ནི་གྲགས་པའོ།། དེ་རྣམས་ཀྱི་རོ་མྱང་བ་ནི་ཤིན་ཏུ་དགའ་བའོ།། སེམས་ལ་གདུང་བ་ནི་ཆོས་གོས་ལ་སོགས་པ་ལས་རྣམ་པར་ཉམས་པ་རྣམས་ཀྱིའོ།། ཞེས་པ་ནི་གདུང་བ ་དང་རོ་མྱང་བའི་སྐྱོན་ནོ།། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། ཐབས་མཁས་པ་ནི་གང་གིས་དམན་པའི་བྱང་ཆུབ་ཏུ་མི་ལྟུང་བའོ།། ཞེས་པ་ནི་ཐབས་མཁས་པ་དང་བྲལ་བའོ།། དེ་དྲག་གིས་མདོ་སྡེ་ཟབ་མོ་དག་ལས་དེའི ་ལམ་གྱི་སྐྱོན་ནོ།། འདིར་གཞན་ཡང་ཞེས་པའི་གཞན་ཚིག་གིཉིས་ཏེ། ཆོས་ཉན་པ་ནི་སློབ་མ་ལ། ཆོས་སྟོན་པ་ནི་བླ་མའོ།། སྙོམས་པ་ལས་ནི་ལེ་ལོ་ལ། བྱ་བ་མང་པོ་དང་ལྡན་པ་ནི་ཁྱིམ་པ་རྣམས་ཏེ། དེ་ཡང་ལེ་ལོའོ་ཞེས ་འདུན་པ་དང་སྙོམས་ལས་ཀྱིས་བཅོམ་པའོ།། གཞན་ཡང་གི་ཚིག་གཉིས་ཏེ། ཐ་ན་ཞེས་པ་ནི་ལྷག་པ་མེད་པའོ།། རྙོད་པ་དང་ལྡན་པའི་སྒྲ་ཞེས་པའོ།། བློ་དང་ལྡན་པ་ནི་དོན་ཤེས་པས་སོ།། དྲན་པ་དང་ལྡན་པ་ནི་གཉིས་ཀའི ་འཛིན་པའོ།། སྤོང་བར་འགྱུར་ཞེས་པ་ནི་ལས་བྱེད་པ་པོས་ཏེ། འགྲོ་བར་འགྱུར་ཞེས་པའི་དོན་ཏེ། འདིར་འདུན་པ་དང་ཡུལ་གཞན་དུ་འགྲོ་བས་ཉམས་པ་དང་། མགོ་སྨོས་པས་གོ་བ་དང་ཅིག་ཤོས་ཉིད་ཀྱིས་ཉམས་པ ་དང་། རྣམ་པར་སྤྲོས་ཏེ་གོ་བ་དང་། ཅིག་ཤོས་ཉིད་ཀྱིས་ཉམས་པ་དང་། མངོན་པར་ཤེས་པ་དང་། ཅིག་ཤོས་ཀྱིས་ཉམས་པའོ་ཞེས་པའི་གཞི་སྟེ། དེ་ལྟར་བཅུ་ཆེན་གསུམ་པའོ།། གཞན་ཡང་ཞེས་པ་ལ་སོགས ་པ་སྟེ། ཟང་ཟིང་ནི་རྫས་ལ་དེ་ལྷུར་ལེན་པ་ནི་རིན་ཚ་བར་བྱེད་པས་ན་ཞེས་པ་འདི་ནི་ཟང་ཟིང་ལྷུར་ལེན་པའོ།། དེ་བཞིན་དུ་རྙེད་པ་ལ་སོགས་པ་ལྷུན་ལེན་པའོ།། འདོད་པ་ཆུང་བྱ་ནི་ཇི་ཙམ་གྱི་རང་ཉིད་འཚེ་བ་དེ་ཙམ་འདོད ་ཅེས་པ་ནི་འདོད་པ་ཆུང་བའོ།། ཆོག་ཤེས་པ་ནི་ལྷག་མཽ་མི་འདོད་པའོ།། རབ་ཏུ་དབེན་པ་ནི་ཁྱིམ་པ་དང་མི་འབྲེལ་པའོ།། དེ་ལྟར་ནོར་སྦྱིན་པར་མི་འདོད་པ་ནི་ཟང་ཟིང་འདོད་པ་ལ་སོགས་པ་མི་སྦྱིན་པས་ཉམས་པའོ།། ་གཞན་ཡང་ཞེས་པ་ལ་སོགས་པ་སྟེ། ཉན་པར་འདོད་པ་ནི་སྨྲ་བའོ།། ཡོངས་སུ་གཏོང་བར་འདོད་པ་ནི་བལྟོས་པ་མེད་པར་སྦྱིན་པས་སོ།། དེ་ལྟར་ཡང་ཉམས་པ་གསུམ་སྟེ། དད་པ་དང་ཅིག་ཤོས་ཀྱིས་ཉམས་པ་དང་། སྦྱིན ་པར་འདོད་པ་དང་། ལེན་པར་མི་འདོད་པས་ཉམས་པ་དང་། ཉན་པར་འདོད་པ་དང་། ཆོས་ལ་སེར་སྣས་ཉམས་པའི་གཞན་ཡང་ཞེས་པ་ལ་སོགས་པ་སྟེ། དེ་ཞེས་པ་ནི་གང་ཞིག་ཉན་པར་འདོད་པ་ལ་སྔོན ་གྱི་སྐྱེ་བ་རྣམས་ལ་དམ་པའི་ཆོས་སྤོང་བ་ལ་སོགས་པའི་ཆོས་ཀྱིས་ཕོངས་པར་འགྱུར་བ་དེ་ལ་ཡོད་པས་དེའི་དེས་ཆོས་ཀྱི་བར་ཆད་དུ་འགྱུར་བའོ།། འཇུག་པར་མི་འགྱུར་བ་ནི་གཞན་དུ་འགྲོ ་བར་མི་འགྱུར་བྱའོ།། སོ་སོའི་ཚིག་དང་སོ་སོའི་ཀུན་ཏུ་སྤོང་བ་ཞེས་པ་ནི་མདོ་སྡེ་གཞན་མེད་པ་དེས་འདོད་པ་ཉམས་པའོ།། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། མི་འདོད་པ་ནི་ཉན་པར་མི་འདོད་པ་སྟེ། ལས་ཀ་གཞན ་གྱི་བྲེལ་པས་སོ།། འདིར་འདོད་པ་དང་སྙོམས་ལས་ཀྱིས་ཉམས་པ་དང་། གཞན་འདོད་པ་དང་མི་འདོད་པས་ཉམས་པའོ།། དེ་ནས་ཀྱིས་གཞན་ཡང་ཞེས་པ་ལ་སོགས་པའི་ཚིག་གཉིས་ཀྱིས་ནི་གཉིད་ལྷུར་ལེན་པ་དང་འདོད ་པ་གཉིད་ཀྱིས་ཉམས་པའོ།། གཞན་ཡང་གི་ཚིག་གཅིག་གིས་ནི་སྡུག་བསྔལ་གྱིས་འཇིགས་ནས་སྲིད་པ་ལ་རྒྱབ་ཀྱིས་ཕྱོགས་པའི་སྐྱོན་ནོ།། གཞན་ཡང་ཚིག་གཅིག་གིས་ནི་བདེ་འགྲོའི་བདེ་བ་རྣམས་ཀྱང་སྡུག ་བསྔལ་བའི་ཕྱིར་ཞེས། སྲིད་པ་ལ་རྒྱུབ་ཀྱིས་ཕྱོགས་པའི་སྐྱོན་ནོ།། གཞན་ཡང་ཞེས་པའི་ཚིག་གཅིག་གིས་ནི་གཽཅིག་ཏུ་དང་འཁོར་ལྷུ་རོ་ལེན་པས་ཉམས་པ་ཉིད་དོ།། རྗེས་སུ་ཆགས་པས་འདོད་པ་དང་། གོ་སྐབས ་མི་ཕྱེད་པས་ཉམས་པ་དང་། མུ་གོ་ལ་སོགས་པའི་ཕྱོགས་སུ་འགྲོ་བ་དང་། མི་འགྲོ་བས་ཉམས་པའོ།། དེ་ལ་གཅིག་པུ་དང་འཁོར་ལྷུར་ལེན་པ་ཉིད་ཀྱི་བར་ནི་བཅུ་ཆེན་བཞི་པའོ།། གཞན་ཡང་ཞེས་པ་ལ ་སོགས་པ་སྟེ། འཇིག་པ་བཅས་པའི་ཕྱོགས་སུ་འགྲོ་བ་དང་མི་འགྲོ་བས་ཉམས་བྱའོ།། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། ཁྱིམ་ལ་ལྟ་བ་དང་བྱ་བ་མང་པོའི་ཆོས་བསྟན་པ་རྣམས་སོ་སོར་སྤོང་བའི་སྐྱོན་ནོ།། གཞན ་ཡང་ཞེས་པ་ལ་སོགས་པ་སྟེ། དགེ་སྦྱོང་གི་ཆུ་བྱད་ཅན་དུ་འོངས་པ་ནི་བདུད་ཀྱི་ཐེ་ཚོམ་སྐྱེད་པའི་སྐྱོན་ནོ།། གཞན་ཡང་ཞུས་པ་ལ་སོགས་པ་སྟེ། སྤྲུལ་པའི་དགེ་སློང་གི་དགེ་འདུན་དང་། རང་ཉིད་སངས་རྒྱས་ཀྱི་ཆ་བྱང ་ཀྱིས་ཟབ་མོའི་ཆོས་ལ་སྤྱོད་པ་རྣམས་དམན་པའི་བྱང་ཆུབ་ཏུ་ལུང་བསྟན་པའི་སྐྱོན་ནོ།། དེ་ལྟར་རབ་འབྱོར་ཞེས་པ་ལ་སོགས་པས་གཞིའི་དོན་ནི་གསུངས་པ་ནི། བདུད་ཀྱི་ལས་རྣམས་ནི་མང་བ་སྟེ། དེ་རྣམས་ལ་ཡོད ་ཆེས་པ་ནི་བློ་ཆུང་བ་ཉིད་དོ།། ཇི་ལྟར་བདུད་ཀྱིས་དེ་རྣམས་ལ་མངོན་པར་སྦྱོར་བ་དེ་ལྟར་སངས་རྒྱས་རྣམས་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཡོངས་སུ་བཟུང་བར་འགྱུར་ཞེས་པའོ།། བདུད་ཀྱི་ལས་བས ་བར་བྱེད་པའི་ལེའུ་སྟེ་བཅུ་གཅིག་པའོ།། ། མཚན་ཉིད་ཀྱི་དབང་དུ་བྱས་ནས་བསྟན་བཅོས་པས། མཚོན་བྱ་གང་གིས་ཤེས་བྱ་བོ།། དེ་ཡི་མཚན་ཉིད་རྣམ་གསུམ་སྟེ། ཤེས་དང ་ཁྱད་པར་དང་བྱེད་པ།། ངོ་བོ་ཉིད་གང་མཚོན་པར་བྱེད་ཅེས་ཏེ། མཚན་ཉིད་རྣམ་པ་བཞི་སྟེ། དེ་ལ་དེ་བཞིན་གཤེགས་པ་འབྱུང་བ་དང་། འཇིག་རྟེན་འཇིག་མེད་བདག་ཉིད་དང་། སེམས་ཅན་སེམས་ཀྱི་སྤྱོད་པ་དང་།། ་དེ་བསྡུས་པ་དང་ཕྱི་རོལ་སོན།། མེ་བཟད་པ་ཡི་རྣམ་པ་དག། ཆགས་བཅུས་སོགས་དང་རྒྱ་ཆེན་དང་།། ཆེན་པོར་གྱུར་དང་ཆད་མེད་དང་།། རྣམ་ཤེས་བསྟན་དུ་མེད་པ་དང་།། སེམས ་བལྟར་མེད་དང་ཤེས་པ་དེ།། ཕྱེ་བ་ལ་སོགས་ཞེས་བྱ་དང་།། དེ་ལས་གཞན་ཡིད་དེ་དག་ནི།། དེ་བཞིན་ཉིད་ཀྱི་རྣམ་པར་ཤོས།། ཐུབ་པས་དེ་བཞིན་ཉིད་རྟོགས་དང་།། གཞན་ལ་བསྟན་པ་ཞེས་བྱ་འདི།། ཐམས ་ཅད་ཤེས་པ་ཉིད་སྐབས་ཀྱི།། ཤེས་པས་མཚན་ཉིད་བསྡུས་པ་ཡིན།། ཤེས་པ་འདི་རྣམས་ལ་སྦྱར་བར་བྱའོ་ཞེས་ཏེ། དེའི་སེམས་ཀྱིས་བསྡུས་པ་ནི་ལྷན་ཅིག་ཏུ་ལ་ཕྱི་རོལ་དུ་སོན་པ་ནི་རྣམ་པར་གཡེང་བའོ།། རྒྱ ་ཆེན་པོ་ནི་ཡངས་པ་སྟེ། འདོད་པའི་ཁམས་མཐའ་དག་ལ་དམིགས་པ་དང་། ཚུངས་པའི་གནས་པ་སོགས་པ་ལའོ།། ཆེན་པོར་གྱུར་པ་ནི་གཟུགས་ཀྱི་ཁམས་ལ་དམིགས་པ་སྟེ། འདོད་པ་བས་གཟུགས་ཁྱུད ་པར་དུ་འཕགས་པའི་ཕྱིར་རོ།། གང་ཚད་མེད་པ་ནི་གཟུགས་མེད་པའི་ཁམས་ཀྱི་དམིགས་པ་དང་དམིགས་པ་མེད་པ་ལའོ།། འདིར་བྱེ་བ་དང་བཙུམས་པ་དེ་རྣམས་དེ་བཞིན་ཉིད་ཀྱིས་རྣམ་པར་ཤེས་པས་སོ།། ་རྟོགས་པ་ནི་དེ་བཞིན་ཉིད་རྣམས་ཏེ། གཞན་རྣམས་ལའང་བསྟེན་པ་སྟེ། དེ་ལ་གསུངས་པ་ནི། དེ་ནས་ཡང་ཞེས་པ་ལ་སོགས་པ་སྟེ། མ་ཞེས་པ་ནི་ཡུམ་མོ།། རེག་པར་མི་གནས་པ་ནི་བདེ་བར་མི་གནས་པའོ།། ཡིད་དུ་མི་འོང་བ་ནི ་ཡིད་མི་བདེ་བ་སྟེ་ནི་སྡུག་བསྔལ་གྱི་རྒྱུའི་ཕྱིར་རོ།། ལེགས་པར་གཟུང་བ་ནི་ལེགས་པར་རྒྱས་པས་རྒྱས་པར་འགྱུར་བའོ།། སྤྲ་བ་ནི་བསྲུངས་པའོ།། བཅོས་པ་ནི་སྦྱོང་བ་སྟེ། ནད་སེལ་བའི་ཕྱིར་རོ།། སྡུག་བསྔལ ་གྱི་ཚོར་བ་ཞེས་པ་ནི་ཡུལ་དབང་པོ་དང་ཤེས་པ་འདུས་པ་ལས་སྐྱེས་པའི་སེམས་ལས་བྱུང་བའི་རེག་པ་ནི་སྡུག་བསྔལ་གྱི་རྒྱུའི་ཕྱིར་སྡུག་བསྔལ་ལོ།། མི་མ་ཡིན་པ་ནི་དེ་ཡི་འགྲོག་ལ། ཀུན་དུ་འབབ་པ་ནི་ཐོག་ལྔ ་སོགས་པའོ།། བདག་གིར་བྱེད་པ་ནི་རང་གིར་འགྱུར་བར་རོ།། དེ་བཞིན་གཤེགས་པ་ནི་ཤཱཀྱ་ཐུབ་པའོ།། བཞུགས་པར་གྱུར་པ་ནི་ཆོས་སྐུ་ཡིས་སོ།། འཚེ་བ་ཉིད་བཞུགས་པ་སྟེ། ལོངས་སྤྱོད་རྫོགས་པའི ་སྐུ་ཡིས་སོ།། གཞེས་པ་ནི་ཇི་སྲིད་དུ་སྐུ་ཆ་བཞུགས་པའི་བར་ཏེ། སྤྲུལ་པའི་སྐུ་ཡིས་སོ།། སྟོན་པ་ནི་ཐོབ་པར་བྱེད་པའོ།། འདི་ཉིད་ལ་ཞེས་པ་ནི་སྐྱེད་པ་པོ་ཉིད་ཀྱིས་ཏཱཾ། ཀུན་དུ་སྟོན་པ་པོ་ནི་སྟོང་པ་ཉིད་ལ་སྩོགས ་པོའི་ངོ་བོས་ཀུན་ཏུ་རྟོགས་པའི་ཕྱིར་ཞེས་ནི་བཅོམ་ལྡན་འདས་མས་གི་སྐབས་ཕྱི་བ་སྟེ། དེ་བཞིན་གཤེགས་པ་འབྱུང་བའི་ཤེས་པའོ།། དེ་ནས་ཞེས་པ་ལ་སོགས་པ་སྟེ། འཇིགས་པ་ནི་རྣམ་པར་འཇིགས་པ་སྟེ། འཇིག ་པར་འགྱུར་ཞིང་རབ་ཏུ་འཇིག་པར་འགྱུར་ཏེ། སྐད་ཅིག་མའི་ཕྱིར་དང་རྒྱུད་འགོག་པའི་ཕྱིར་ཞེས་པས་འཇིག་རྟེན་ཏེ་བྱེད་པ་པོ་ཡང་ངོ་།། ངེས་པའི་ཚིག་ནི་ཡི་གེ་རྣམས་པ་ལའོ།། ཇི་ལྟར་ཞེས་པ་ནི་དེ་ཡིས་འདིར་ཅི ་ཞིག་ཤིན་དུ་ངེས་ཞེས་པ་ལ་དགོངས་པའོ།། དེ་ལྟར་ཞེས་པ་ལ་སོགས་པ་ནི་ཉེ་བར་བསྡུས་པའོ།། ཞེས་པ་ནི་འཇིག་རྟེན་གྱི་ཤེས་པའོ།། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། སེམས་ཅན་རྣམས ་ཡང་དག་པར་མེད་པ་དང་ངོ་བོ་ཉིད་མེད་པས་ན་ཚད་མེད་པ་དང་གྲངས་མེད་པའོ།། སེམས་ཅན་དངོས་པོ་མེད་པ་ཅེས་པས་ནི་སེམས་ཅན་མེད་པས་སེམས་ཅན་གྱི་སྤྱོད་པ་རྣམས་ཀྱང་མེད་པའི་ཕྱིར་རོ།། འཇིག་རྟེན་གྱི་ཞེས་པ་ནི ་སེམས་ཅན་རྣམས་ཀྱང་འཇིག་རྟེན་པའི་ཕྱིར་ཞེས་པ་ནི་གཞལ་དུ་མེད་པའི་སེམས་ཅན་གྱི་སེམས་ཀྱི་སྤྱོད་པའི་ཤེས་པའོ།། གཞན་ཡང་ཞེས་པ་ལ་སོགས་པའི་ཚིག་གཉིས་ཏེ། སྡུད་པ་ཞེས་པ་ནི་སྒྲོ་བཏགས་པ་ཐམས་ཅད ་འདིར་ཟད་པར་བྱེད་པས་སེམས་རང་བཞིན་གྱིས་བསྡུས་པ་སྟེ། གནས་དེ་ནི་འདིར་ཟད་པ་ལ། དེ་ཡང་སེམས་རང་བཞིན་གྱིས་ནི་མི་ཟཐད་པས་མི་ཟད་ཕྱིར་རོ།། རྣམ་པར་གཡེང་བ་ནི་ཁ་ཕྱིར་བལྟས་པའི་ཕྱིར་རོ།། མཚན་ཉིད་མེད ་ཅེས་པ་ནི་གང་གི་ཕྱིར་རང་གི་མཚན་ཉིད་ཀྱིས་སྟོང་པ་ཉིད་ལ་འདིར་མི་ཟད་པ་ནི་ཆ་ཤས་ཀྱང་མེད་པས་ན་མི་ཟད་པ་དང་མ་བསྡུས་པ་དང་མ་གཡོང་བའི་ཞེས་པ་ནི་སེམས་བསྡུས་པོ་དང་གཡེངས་པའི་ཤེས་པའོ།། གཞན ་ཡང་ཞེས་པ་ལ་སོགས་པ་སྟེ། བྱིན་གྱིས་བརླབས་པ་ནི་དེའི་སེམས་ཀྱི་རང་བཞིན་སྟོང་པ་ཉིད་དང་སྙིང་རྗེ་དག་གིས་སོ།། གནས་པ་མེད་པ་ནི་ཐོག་མ་དང་ཐ་མ་མེད་པ་སྟེ། དོན་དམ་པར་ན་འདིར་དོན་དུ་ན་ངོ་བོ་ཉིད་པས་སོ་ཞེས ་པའོ།། དེའི་ཕྱིར་ན་འདུས་བྱས་པའི་མཚན་ཉིད་མེད་པས་འགག་པ་མེད་པ་ལ་སོགས་པའོ་རྟེན་མེད་པ་ནི་དབང་པོ་དྲུག་པོ་རྣམས་ཀྱིས་ཀྱང་དེ་ལ་བྱ་བ་མེད་པའི་ཕྱིར་རོ།། ཚད་མེད་པའི་ཕྱིར་གཞལ་དུ་མེད་པའོ།། ཆོས་ཀྱི་དབྱིངས ་བཞིན་དུ་དོན་ངོམ་པར་ན་འཇིག་པ་མི་འཐད་པས་ཟད་པ་མེད་པ་ཡིན་ནོ།། གང་གིས་དེ་ལྟར་མི་གནས་པ་ལ་སོགས་པས་སོ་ཞེས་པ་ནི་སེམས་མི་ཟད་པའི་རྣམ་པའི་ཤེས་པའོ།། མི་ཟད་པའི་རྣམ་པ་དང་ཞེས་པའི་དང་ནི་རྗེས་སུ ་ཤད་པ་བསྡུས་པའི་དོན་ཏོ།། དེས་ན་ཀུན་ནས་ཉོན་མོངས་པ་དང་ཀུན་ནས་ཉོན་མོངས་པ་མེད་པའི་ཤེས་པ་དང་། ཞུམ་པ་དང་རབ་ཏུ་གཟུང་བའི་ཤེས་པ་དང་། ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་ཤེས་པ་ཡོངས་སུ་བཟུང ་ར་འགྱུར་རོ།། དེ་ལ་དང་པོ་གསུངས་པ་ནི། གཞན་ཡང་ཞེས་པ་གཉིས་ཏེ། ཀུན་ནས་ཉོན་མོངས་པས་ཉོན་མོངས་པ་མ་ཡིན་ཞེས་པ་ནི། ཀུན་ནས་ཉོན་མོངས་པས་ཀུན་ནས་ཉོན་མོངས་པ་དང་སྟེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས ་རྣམས་ཀྱི་དྲི་མ་ཅན་དུ་བྱས་པ་ལ།། ཉོན་མོངས་པ་མེད་པ་ནི་ཀུན་ནས་ཉོན་མོངས་པ་དེ་རྣམས་མེད་དེ་དེས་ན་ཀུན་ནས་ཉོན་མོངས་པ་མེད་པས་གང་དུ་ཀུན་ནས་མི་གནས་པ་སྟེ། ཀཽ་ཏའི་སྒྲ་ནི་གནས་མ། སེམས་ཀྱི་ཆོས་ཉིད་མ་ནི་ཡང་དག ་པར་ནི་གནས་པ་མེད་དེ་རྣམས་ནི་གློ་བུར་པའི་ཕྱིར་རོ།། རང་བཞིན་ཞེས་པ་ནི་སེམས་ཀྱི་ཆོས་ཉིད་ཀྱི་རང་བཞིན་ཉིད་ནི་རང་བཞིན་གྱིས་འོད་གསལ་བ་དྲི་མ་མེད་པའི་རྟག་པར་ཀུན་ནས་ཉོན་མོངས་པའི་ཞེས་པ་ནི་ཀུན་ནས་ཉོན་མོངས་པ ་དང་ཀུན་ནས་ཉོན་མོངས་པ་མེད་པའི་ཤེས་པའོ།། གཞན་ཡང་ཞེས་པའི་ཚིག་གཉིས་ཏེ། འདི་ཞེས་པ་ནི་གནས་མེད་པ་ནི་ཀུན་དུ་གནས་པ་སྟེ། གནས་མེད་པ་ཉིད་ཀྱིས་གནས་པ་སྟེ།། ་སེམས་གནས་པ་ནི་སེམས་ཀྱི་རང་བཞིན་མ་ཡིན་ནོ།། ཞེས་པ་ནི་སེམས་གནས་པ་དང་རབ་ཏུ་གཟུང་བའི་ཤེས་པའོ།། གཞན་ཡང་ཞེས་པའི་ཚིག་གི་ཉེས་ཏེ། ཟག་པ་ནི་ཡང་དག་པར་མ་ཡིན་པའི་རྟོག་པ་རྣམས ་ལ། དེ་དང་སྦྱོར་བས་ཟད་པ་དང་བཅས་པ་སྟེ། གང་དུ་ཡོད་པ་མ་ཡིན་པའི་རྟོག་པས་ཡོད་པ་མིན་པའི་འདོད་པ་དང་།། གཟུགས་དང་། གཟུགས་མེད་པའི་ངོ་བོ་རྣམས་སུ་བརྟགས་པའི་ཕྱིར་རོ།། དངོས་པོ་མེད་པ་ནི ་སྟོང་པ་ཉིད་ལོ་གཞོལ་བ་ལ། འདི་རྣམས་ཀྱིས་ཞེས་པ་ནི་ངོ་བོ་ཉིད་མེད་པ་ལ་གཞོལ་བའོ།། དེའི་ཕྱིར་ན་ལྷུན་གྱིས་གྲུབ་པ་སྟེ། འདོད་པ་དང་གཟུགས་དང་གཟུགས་མེད་པའི་ངོ་བོ་རྣམས་སུ་རྣམ་པར་འབྱུང་བའི་ཕྱིར་རོ།། ་དེ་ལ་ཟག་པ་མེད་པའོ།། ཞེས་པ་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་སེམས་ཀྱིས་ཤེས་པའོ།། གཞན་ཡང་ཞེས་པ་ལ་སོགས་པའི་ཚིག་གཉིས་ཏེ། གང་ཞེས་པ་ལ་སོགས་པ་སྟེ། སེམས་ཀྱི་འདོད་ཆགས་དང་བཅས་པ་ཉིད ་ནི་སེམས་ཀྱི་རང་བཞིན་མ་ཡིན་ལ། དེའི་ཕྱིར་ན་འདོད་ཆགས་མེད་པ་དང་འདོད་ཆགས་དང་བཅས་པ་གཉིས་སེམས་དང་བྲལ་བ་སྟེ། སྟོང་པ་ཉིད་པས་དེ་ལྟར་འདོད་ཆགས་དང་བཅས་པ་ཁོ་ན་འདོད་ཆགས་དང་བྲལ་བ་ཉིད་དོ་ཞེས་པའི ་དོན་ཏོ་ཞེས་པ་ནི་སེམས་འདོད་ཆགས་དང་བཅས་པ་དང་འདོད་ཆགས་དང་བྲལ་བའི་ཤེས་པའོ།། གཞན་ཡང་ཞེས་པའི་ཚིག་གཉིས་ཀྱིས་ནི་སེམས་ཞེ་སྡང་དང་བཅས་པ་དང་ཞེ་སྡང་དང་བྲལ་བའི་ཤེས་པའོ།། གཞན་ཡང་ཞེས་པའི ་ཚིག་གཉིས་ཀྱིས་ནི་གཏི་མུག་དང་བཅས་པ་དང་གཏི་མུག་དང་བྲལ་བའི་སེམས་ཀྱིས་ཤེས་པའོ།། འདོད་ཆགས་དང་བཅས་པ་ལ་སོགས་པའི་གཞན་གྱི་སེམས་མྱོང་བས་བཅོམ་ལྡན་འདས་འདོད་ཆགས་ལ་སོགས་པ་ཅན་དུ་ནི་ཇི་ལྟར ་ཡང་མི་འགྱུར་ཏེ། གང་དུ་རང་གི་བག་ཆགས་ཀྱི་མཐུ་ལས་འོངས་པའི་འདོད་ཆགས་ཀྱི་འདོད་ཆགས་ལ་སོགས་པ་ཅན་དུ་འབྱུང་བར་འགྱུར་གྱི།། གཞན་གྱི་བག་ཆགས་ཀྱི་སྟོབས་ལས་འོངས་པས་ནི་མ་ཡིན་པས་ན་བཅོམ་ལྡན་འདས ་མྱོང་བར་བྱེད་པ་པོར་ཉེ་བར་གཞག་པར་མི་འགྲུབ་པའོ།། ཚད་མེད་པ་དང་ཞེས་པ་བསྟན་བཅོས་སུ་དང་བཤད་པ་ནི། དེ་ལྟར་རྒྱ་ཆེན་པོ་མུ་ཡིན་པ་དང་རྒྱུ་ཆེན་པོའི་ཤེས་པ་དང་། རྒྱ་ཆེན་པོར་གྱུར་པ་མ་ཡིན་པ་དང་སྟེ། ཆེན་པོར་གྱུར ་པའི་ཤེས་པ་རྣམས་བསྡུས་པའི་དོན་ཏོ།། འདིར་གཞན་ཡང་ཚིག་གཉིས་ནི་ཀུན་ནས་སློང་བ་ནི་རྒྱ་ཆེན་པོ་དང་སྐྱེ་བ་སྟེ། དེ་ཁོ་ན་ཉིད་དུ་ནི་དེ་དང་སྦྱོར་བ་སོ་སོར་བཀག་པས་ཀུན་སློང་བ་མེད་པའི་སྦྱོར་བ་ལ། ཤིན་དུ་འཕྲོ་ཞིང་སྐྱེ་བ་ས ་སོར་བཀག་པ་ཀུན་ནས་སློང་བ་མེད་པ་དང་མི་སྦྱོར་བ་སྟེ། ཆོས་ཉིད་ཀྱིས་སོ།། མི་འབྲི་བ་ནི་བསལ་བ་མེད་པ་སྟེ། དེའི་ཕྱིར་རྒྱ་ཆེན་པོ་མ་ཡིན་པའོ།། མི་འཕེལ་བ་ན་དེའི་ཕྱིར་རྒྱ་ཆེན་པོ་མ་ཡིན་པའོ།། རྣམ་པར་གྲོལ་བ་མེད་པ་ནི་ཁྱད ་པར་དུ་འགྲོ་བ་མེད་པ་སྟེ། རྣམ་པར་བྲལ་བ་མེད་པའི་ཕྱིར་དང་རྣམ་པར་འགྱུར་བ་མེད་པའི་ཕྱིར་རོ།། སེམས་རྣམས་ཞེས་པ་སྟེ། སེམས་ཀྱི་ཆོས་ཉིད་ལའོ་ཞེས་པ་ནི་སེམས་རྒྱུ་ཆེན་པོ་དང་རྒྱ་ཆེན་པོ་མ་ཡིན། ་པའི་ཤེས་པའོ།། གཞན་ཡང་ཞེས་པ་ལ་སོགས་པའི་ཚིག་གཉིས་ཏེ། རྒྱང་རིང་པོ་ནས་དྲུང་དུ་འགྲོ་བཱ་དང་འོང་བ་དང་ལྡན་ས་རྒྱང་རིང་པོའི་འདྲ་བ་དང་འོང་བ་དང་ཡོང་སུ་འགྲོ་བྱ་ནས་ས[]་རྣམས་མེད་པས་ན་ཆེན་པོར་གྱུར་པ་མ་ཡིན་པའོ།། སེམས་དེ་དག ་མཉམ་པ་ཉིད་ནི་ངོ་བོ་ཉིད་མེད་པར་མཉམ་པ་སྟེ། མཉམ་པ་ནི་དེ་རྣམས་རང་བཞིན་གྱིས་ཏེ། དེའི་ཕྱིར་རང་བཞིན་གྱིས་མཉམ་པའོ་ཞེས་པ་ནི་ཆེན་པོར་གྱུར་པ་མ་ཡིན་པ་དང་། ཆེན་པོར་གྱུར་པའི་སེམས་ཀྱིས་ཤེས་པའོ།། གཞན ་ཡང་ཞེས་པ་ལ་སོགས་པ་སྟེ། རྟེན་མེང་པའི་ཕྱིར་ནི་སེམས་ཀྱི་ཆོས་ཉིད་ཀྱིས་ཏེ། མཉམ་པར་མ་བཞག་པས་དང་མཉམ་པར་མ་བཞག་པའི་ཤེས་པ་དང་། རྣམ་པར་གྲོལ་བའི་ངང་རྣམ་པར་ཤེས་པ་རྣམས་གཟུང་སྟེ། འདིར་གསུངས ་པ་ནི་ཡང་ཞེས་པའི་ཚིག་གཉིས་ཏེ། དེ་ཡང་རྟོན་མེད་པའོ།། ཞེས་པ་དང་། ཚང་མང་བའི་ཞེས་པ་ནི་སེམས་ཚད་མེད་པ་ཤེས་པའོ།། བསྟན་བཅོས་སུ་རྣམ་ཤེས་དང་ཞེས་པའི་ངང་གིས་ནི་སེམས་བསྟན་དུ་ཡོངས་པ་དང་བསྟན་དུ་མེད ་པའི་ཤེས་པ་དང་། ཐོགས་པ་དང་བཅས་པ་དང་ཐོགས་པ་མེད་པའི་ཤེས་པ་དང་། བླ་ན་ཡོད་པ་དང་བླ་ན་མེད་པའི་ཤེས་པ་དང་། མཉམ་པར་བཞག་པ་དང་། མཉམ་པར་མ་བཞག་པའི་ཤེས་པ་དང་། རྣམ་པར་མ་གྲོལ་བའི་དང་། རྣམ ་པར་གྲོལ་བའི་ཤེས་པ་རྣམས་གཟུང་སྟེ། འདིར་གསུངས་པ་ནི་གཞན་ཡང་ཞེས་པའི་ཚིག་གཉིས་ཏེ། མཉམ་པ་ནི་བུལྟར་མེད་པ་བལྟ་བར་བྱ་བ་དེ་རྣམས་དེ་ལྟར་བསྟན་དུ་མེད་པ་སྟེ། གང་དུ་སེམས་ཀྱི་རང་བཞིན་ནི་སེམས་ཀྱི་རང་བཞིན ་མེད་པ་ཉིད་དོ་དེ་ཉིད་ཁོ་ན་འདི་རྣམས་ཀྱི་ངོ་བོ་ཉིད་ཅེས་པའི་དབུས་ཀྱི་ཚིག་ཕྱིས་པས་སོ།། མཚན་ཉིད་མེད་པའི་ཕྱིར་ཞེས་པ་ནི་སེམས་ཀྱི་མཚན་ཉིད་ཡང་དག་པར་རིག་པ་ནས། དོན་དམ་པར་ང་གང་དུ་མེད་པའི་ཕྱིར་དང་དངོས་པོ ་དོངོ་བོ་ལ་དོན་དུ་ཕྱིན་ཅི་ལོག་ཏུ་སྒྲོ་བཏགས་པ་དེས་དབེན་པའི་ཕྱིར་རོ།། སྤྱན་གསུམ་ནི་ཤ་དང་ལྷ་དང་ཤེས་རབ་ཀྱིས་སོ།། ཐམས་ཅད་ལ་ཞེས་པ་ནི་ཆོས་དང་སངས་རྒྱས་ཀྱིས་ཀྱང་ཞེས་པ་ནི་སེམས་བསྟན་དུ་ཡོད་པ་དང་། བསྟན་དུ ་མེད་པའི་ཤེས་པའོ།། གཞན་ཡང་ཞེས་པའི་ཚིག་གཉིས་ཏེ། མེད་པ་ཞེས་པོ་ནི་མེད་ཅིང་ཡོད་པ་མ་ཡིན་པ་ལ་ཡོད་པ་ཉིད་དུ་རྒྱུད་ལས་འཁོར་བ་ཐོག་མ་མེད་པར་བརྟོགས་པ་སྟེ། གང་དོན་དམ་པ་སྟོང་པ་ཉིད་དེ་དེའི་ཕྱིར་ན་དམིགས ་པའི་དབང་དུ་གྱུར་པ་སྟེ་སྟོང་པའོ།། ཐོགས་པ་དང་བཙས་པ་ནི་ཚད་མས་གནོད་པའི་ཕྱིར་ཏེ། སྐྱེས་པ་དང་མ་སྐྱེས་པ་དང་ཡོད་པ་དང་མེད་པ་དང་གཟུང་བ་དང་འཛིན་པ་གཉིས་ཀྱིས་རྣམ་པའི་རྟགས་པ་དང་ཆད་པ་ལ་སོགས་པ ་དང་གཉིས་དང་ཡང་དག་པ་དང་བདེན་པ་ཉིད་དུ་སྒྲོ་བཏགས་པ་དེ་མེད་པས་གཉིས་སུ་མེད་པ་ཡང་དག་པ་སྟེ། གང་གི་ཕྱིར་དོན་དམ་པར་ནི་མ་བྱུང་མ་སྐྱེས་ཤིང་ཀུན་ཏུ་འབྱུང་བ་གཞན་དུ་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་ཀུན ་རྫོབ་དུའོ།། དེ་ལྟར་ན་ཚད་མ་རྣམས་ཀྱིས་མི་གནོད་པའི་ཕྱིར་ཐོག་པ་མེད་པའོ་ཞེས་པ་ནི་རྒོ་པ་དང་ཅས་པ་དང་ཐོགས་པ་མེད་པའི་ཤེས་པའོ།། གཞན་ཡང་ཞེས་པའི་ཚིག་གཉིས་ཏེ། གང་ཞེས་པ་ནི་བླ་ན་ཡོད་པ་ཡང་བླ་ན ་ཡོད་པ་མིན་དེ་དེ་ལ་རློམ་པ་མེད་པའི་ཕྱིར་རོ།། རྡུལ་ཕྲ་མོ་ཙམ་ཡང་ཞེས་པ་ནི་གཟུང་བ་དང་འཛིན་པ་དང་བྲལ་བ་གཉིས་སུ་མེད་པའི་བདེན་པ་མྱོང་བ་ཡོད་ཅེས་པ་གང་བརྟགས་པ་དེ་ལ་རྡུལ་ཕྲ་མོ་ཙམ་ཡང་ཉེ་བར་དམིགས་སུ་མེད ་དེ་ངོ་བོ་ཉིད་མེད་པའི་ཕྱིར་ཏེ། འདིར་གསུངས་པ་ནི་སྤྲོས་པ་མེད་ཅེས་པའོ།། དེ་བཞིན་དུ་ཉེ་བར་མི་དམིགས་པ་ནི་བླ་མའི་ཕྱིར་བླ་ན་མེད་པ་སྟེ། དབུས་ཀྱི་ཚིག་ཕྱིས་པའོ།། ཞེས་པ་ནི་སེམས་བླ་ན་ཡོད་པ་དང་བླ་ན་མེད་པའི་ཤེས་པའོ།། ་གཞན་ཡང་ཞེས་པའི་ཚིག་གཉིས་ཏེ། མཉམ་པ་ནི་ཆོས་ཀྱི་དབྱིངས་ཏེ། དེས་མཉམ་ཞིང་དེ་ཉིད་དུ་འཇུག་པའོ།། ད་ལྟར་མིན་པ་ཞེས་པ་སྟེ། མི་མཉམ་པ་དང་མཉམ་པའི་མི་མཉམ་པར་འགྲོ་ཞིང་རོ་སྣ་ཚོགས་པའི་ཕྱིར་ཏེ། དེའི་ཕྱིར ་མཉམ་པར་མ་བཞག་པའོ་ཞེས་པ་ནི། མཉམ་པར་མ་བཞོག་པ་དང་བཞུག་པའི་སེམས་ཀྱིས་ཤེས་པའོ།། གཞན་ཡང་ཞེས་པའི་ཚིག་གཉིས་ཏེ། རྣམ་པར་མ་གྲོལ་བ་ནི་ཀུན་རྫོབ་ཏུ་གློ་བུར་གྱི་སྒྲིབ་པའི་འཆིང་བ་ཡོད་པ་ལ། དངོས ་པོའི་རང་བཞིན་གྱིས་ནི་རྣམ་པར་གྲོལ་བ་སྟེ། གང་དུ་དངོས་པོ་མེད་པ་དང་དངོས་པོ་ཡོད་པ་ཉིད་དང་བྲལ་བའི་ངོ་བོ་ཉིད་གང་དག་དེ་ནི་དེ་ལྟར་མེད་པའི་ཕྱིར་ཞེས་པ་ངོ་བོ་ཉིད་བྲལ་བས་རྣམ་པར་གྲོལ་བའོ་ཞེས་པ་ནི་རྣམ་པར་མ་གྲོལ་བ ་དང་། རྣམ་པར་གྲོལ་བའི་སེམས་ཀྱི་ཤེས་པའོ།། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། བལྟར་མེད་པ་ནི་དོན་དམ་པར་སོར་རང་གིས་རིག་པར་བྱར་མེད་པའི་ཕྱིར་རོ།། རྣམ་པར་རིག་པར་བྱ་བ་མ་ཡིན་པ་ནི་གཞན་གྱིས་རིག ་པར་བྱ་བ་མ་ཡིན་པའོ།། གཟུང་དུ་མེད་པ་ནི་རང་དང་གཞན་གཉི་གས་སོ།། འཇིག་རྟེན་གྱི་ཞེས་པ་ནི་སེམས་ཅན་གྱི་བདག་ཉི་ཀྱི་འཇིག་རྟེན་ནའོ་ཞེས་པོ་ནི་བལྟར་མེད་པའི་སེམས་ཀྱི་ཤེས་པའོ།། གཞན་ཡང་ཞེས་པའི་ཚིག་གཉིས ་ཏཏེ། ཕྱེ་བ་ནི་ཡོད་པ་ལ་མི་མཐོང་བའི་ཚུལ་གྱིས་གཞན་ཀུན་དུ་གནས་པའོ།། ཞེས་པའི་རྣམ་པར་རྟོག་པ་ནི་གྲངས་ཅན་གྱིས་སོ།། བཙུམས་པ་ནི་དགགས་པ་སྟེ། ཐམས་ཅད་ཀྱིས་བདག་ཉིད་ཀྱིས་འཇིག་རྟེན་ཞེས་པ་ནི་རྒྱང ་འཕན་པའོ།། ཀུན་དུ་ཕྱེ་བ་ནི་དེ་དག་འདུས་པ་སྟེ། འབྱུང་བ་དང་མི་འབྱུང་བ་གཅིག་ཏུ་གནས་པའི་ཕྱིར་དང་ཐ་དད་པར་གནས་པའི་ཕྱིར་དང་ཞེས་པ་ནི་གཅེར་བུ་པའི་འོ།། རབ་ཏུ་བཤད་པ་ནི་དེ་དག་དགུག་པ་སྟེ། འབྱུང་བ ་ཡང་མ་ཡིན་ལ་མི་འབྱུང་བ་ཡང་མ་ཡིན་ཏེ། དེ་ཉིད་དང་གཞན་ཉིད་དུ་བརྗོད་མེད་པ་ནི་གང་ཟག་སྨྲ་བའི་འོ།། དེ་ལྟར་ན་རྟགས་པ་ལ་སོགས་པ་རྣམས་ཇི་ལྟར་རིག་པར་ཤེས་པར་བྱ་སྟེ། དེ་ཐམས་ཅད་ནི་ཕུང་པོ་ལྔ་པོ་ལ་བརྟེན་པའོ།། ་ཞེས་པ་ནི་ཕྱེ་བ་དང་བཙུམས་པའི་ཤེས་པའོ།། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། གཟུགས་ལ་སོགས་པའི་ཕུང་པོ་ལྔ་ནི་དེ་བཞིན་ཉིད་དང་དེའི་བདག་ཉིད་དུ་ཤེས་པས་ན་དེ་བཞིན་ཉིད་ཀྱིས་རྣམ་པའི་ཕྱེ་བ་དང་། བཙུམས་པའི་ཤེས ་པའོ།། དེ་ལྟར་ན་ཞེས་པ་ལ་སོགས་པ་སྟེ། དེ་བཞིན་ཉིད་དུ་རབ་ཏུ་ཤེས་པར་བྱེད་ཅིང་དེ་བཞིན་ཉིད་གཅིག་པ་ཅན་དུ་རྣམ་པར་འཇོག་པར་བྱེད་དེ། འདི་རྣམ་པ་རྒྱ་ཆེན་པོས་གསུངས་པ་སྟེ། དངོས་པོ་མེད་པ་དང་དུ་མ ་དང་གཅིག་ཉིད་དང་དུ་མ་ཉིད་དེ་དག་དང་བྲལ་བ་ཉིད་དེ་དག་དང་བྲལ་བ་ཉིད་དེ། དེ་དག་ནི་དངོས་པོའི་ཆོས་ཀྱི་ཕྱིར་རོ།། ཐ་དད་པ་དགག་པ་ཙམ་ནི་དེའི་གཅིག་པ་ཉིད་ཅེས་པའི་དོན་ཏེ་གང་དུ་དུ་མའི་ཕྱིར་དང་སྣ་ཚོགས་པ་མེད་པའི་ཕྱིར་ཞེས ་པ་ནི། དེ་ཁོ་ན་ཉིད་དུ་མ་སྐྱེས་པའི་ཕྱིར་ཞེས་གཅིག་ཉིད་དང་། དུ་མ་ཉིད་དང་བྲལ་བའི་ཕྱིར་དང་། ཟད་པ་མེད་པའི་ཕྱིར་ཏེ། ཟད་པ་ནི་བྲི་བའོ།། དེ་དང་ལྡན་པ་རྣམས་ཀྱི་མི་དང་གླང་པོ་དང་། རྟ་ལ་སོགས་པ་རྣམས་སུ་ཐ་དད་པར་འགྱུར། ་བ་ནི་ནམ་མཁའ་དང་འདྲི་བ་མ་ཡིན་ལ། དེ་བཞིན་ཉིད་ལ་ནི་གནས་སྐབས་ཐ་དད་པས་ཀྱང་ཐ་དད་པར་མི་འགྱུར་ཏེ་འགྱུར་བ་མེད་པའི་ཕྱིར་ལ་ངོ་བོ་ཉིད་ཀྱི་མཚན་ཉིད་ལ་ནི་དེ་ལ་དངོས་པོའི་ཆོས་ཀྱི་དབྱེ་བ་མེང་དེ་གཉིས་སུ་མེད་པའི ་ཕྱིར་རོ།། དབྱིབས་པ་གཅིག་གཅད་ཀྱང་དུ་མར་འགྱུར་པ་བཞིན་དུ་དེ་ལྟར་ཕུང་པོ་ལ་སོགས་པ་རྣམས་ཀྱིས་དེ་བཞིན་ཉིད་ཀྱང་ཐ་དད་པར་འགྱུར་རོ་ཞེ་ན། གསུངས་པ་ནི་གཉིས་སུ་བྱར་མེད་པའི་ཕྱིར་རོ་ཞེས་ཏེ། ངོ་བོ་ཉིད་མེད་དྲི། ་ཕྱིར་དེ་ཡིས་གཅོད་པ་ལ་སྦྱོར་བ་མེད་ཅེས་པ་ལ་དགོངས་པའོ།། འཇིག་རྟེན་ཀུན་ཏུ་སྟོན་པར་འགྱུར་ཞེས་པ་ནི་དེ་གཞན་ལ་བསྟན་པ་ཤེས་པའོ་ཞེས་པ་ནི་དེ་བཞིན་ཉིད་མངོན་པར་བྱང་ཆུབ་པ་གཞན་ལ་བསྟན་པའི་ཤེས་པའོ། ་ཞེས་པ་ནི་ཤེས་པའི་མཚན་ཉིད་ཉི་ཤུ་རྩ་གསུམ་མོ།། སྟོང་ཉིད་མཚན་མ་མེད་བཅས་དང་།། སྨོན་པ་རྣམ་པར་སྤངས་པ་དང་།། སྐྱེ་མེད་འགག་པ་མེད་སོགས་དང་།། ཆོས་ཉིད་རྣམ་པར་འཁྲུག་མེད་དང་།། འདུ་མི་བྱེད་དང་རྣམ་མི་རྟོག། རབ ་དབྱེ་མཚན་མ་མེད་ཉིད་ལ།། ལམ་ཤོས་ཉིད་ཀྱི་སྐབས་ཀྱིས་ནི།། ཤེས་པའི་མཚན་ཉིད་བསྡུས་པ་ཡིན།། ཞེས་བསྟན་ཆོས་ལོས་ཏེ།། ལམ་ཤེས་ཉིད་ཀྱི་ཤེས་པ་ནི་རྒྱུ་ལ། ཤེས་པ་ལ་བལྟོས་པ་ནི་འདུན་པ་སྟེ། དེ་ལ་གསུངས་པ་ནི། དེ་ནས ་ཡང་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཞེས་པ་ལ་སོགས་པ་སྟེ། ཆོས་ཞེས་པ་ནི་ཤེས་པའོ།། འདིར་ཤེས་པ་རྣམས་ཀྱི་དེའི་དམིགས་བྱ་གཞན་བརྗོད་དེ། དེ་བཤད་པས་ཀྱང་དེ་རྟོགས་པ་སྟེ། སྟོང་པ་ཉིད་ལ་སོགས་པ་རྣམས་ལ་གཅིག ་པའི་ཚིག་ནི་དམིགས་པ་གཅིག་པའི་ཕྱིར་རོ།། མཚན་ཉིད་རྣམས་ཞེས་པ་ནི་མང་བའི་ཚིག་སྟེ། མཚན་ཉིད་ཐ་དད་པར་ཕྱེ་བས་སོ།། གཞག་ཅེས་པ་ནི་རྣམ་པར་བཞག་པ་སྟེ། འཇིག་རྟེན་གྱི་བརྡ་ལས་དོན་དམ་པར་ཡོད་པ་ནི་མ་ཡིན ་ནོ།། ཞེས་པ་ནི། སྟོང་པ་ཉིད་དང་མཚན་མ་མེད་དང་སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོའི་ཤེས་པའོ།། སྐྱེ་བ་མེད་པ་ལ་སོགས་བརྒྱད་ནི་གཅིག་ཏུ་བྱས་ཏེ། སྟོང་པ་ཉིད་ཙམ་གྱི་ཕྱིར་ལ། སྟོང་པ་ཉིད་ནི་ངོ་བོ་ཉིད་མེད་པ་ཉིད་དོ།། ་ངོ་བོ་ཉིད་མེད་པ་ལ་ནི་སྐྱེ་བར་འགྱུར་བ་འམ། འགག་པར་འགྱུར་བ་འམ། ཀུན་ནས་ཉོན་མོངས་པར་འགྱུར་བའམ། རྣམ་པར་བྱང་བར་གྱུར་པ་ཡོད་པ་མ་ཡིན་ཞིང་སྲིད་པ་མེད་པ་ཉིད་མྱ་ངན་ལས་འདས་པ་ལ། སྟོང་པ་ཉིད་ནི་ཆོས ་ཀྱི་དབྱིངས་ཏེ། འཕགས་པའི་ཆོས་རྣམས་ཀྱི་རྒྱུ་ཡིན་པའི་ཕྱིར་ཏེ། རྟག་པར་དེ་བཞིན་ནོ་ཞེས་པས་དེ་བཞིན་ཉིད་དེ། འགྱུར་བ་མེད་པའི་ཕྱིར་རོ།། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་ཉིད་ལ ་སོགས་པ་ཅན་ཇི་ལྟར་མིན་ཞེས་པའི་དྲི་བ་ལ། དེ་ཅིའི་ཕྱིར་ཞེས་པ་སྟེ། གང་གི་ཕྱིར་མི་གནས་ཤིང་ན་མཁའ་དང་འདྲ་བར་བསྡུས་ཀྱང་མ་བཞག་པ་སྟེ། གཟུགས་ལ་སོགས་པའི་གྲངས་ཀྱིས་མ་ཡིན་ཞིང་གཟུགས་ལ་སོགས་པའི ་མཚན་ཉིད་ཀྱིས་མ་ཡིན་ཏེ། གཟུགས་ལ་སོགས་པ་རྣམས་ནི་རང་ཉིད་ཀྱིས་མེད་པའི་ཕྱིར་ན་དེ་རྣམས་ལ་ཡང་གཟུགས་ལ་སོགས་པའི་མཚན་ཉིད་མེད་པའི་ཕྱིར་རོ།། མི་རྟག་པ་དང་སྡུག་བསྔལ་པ་ལ་སོགས་པ་ནི་གཟུགས་ལ་སོགས ་པའི་དེ་ཉིད་དུ་དེ་ལ་བརྟེན་པ་མ་ཡིན་ཞེས་པས་དེ་བཞིན་དུ་ཡོད་པ་མ་ཡིན་ཏེ། བྱིས་པས་ཡོངས་སུ་རྟགས་པའོ་ཞེས་གཟུང་དུ་མེད་དོ་ཞེས་པ་ནི་སྐྱེ་བ་མེད་པ་དང་འགག་པ་མེད་པའི་ཤེས་པའོ།། འདི་དག་མ་བཞག་ཅེས་པ་ལ་སོག ་པ་སྟེ། བསྐྱོད་པ་ཞེས་པ་ནི་རྣམ་པར་དཀྲུགས་པ་འམ་གནོད་པར་རོ་ཞེས་པ་ནི་ཆོས་ཉིད་རྣམ་པར་འཁྲུག་པ་མེད་པའི་ཤེས་པའོ།། འདི་དག་ནི་གང་གིས་ཀྱང་ལག་གིས་མ་བཞག་ཅེས་པ་ལ་སོགས་པས་ནི་དུས་མ་བྱས་པས ་ཤེས་པའོ།། དེ་ནས་ཚེ་དང་ལྡན་པ་ལ་སོགས་པ་སྟེ། མངོན་པར་རྫོགས་པར་སངས་རྒྱས་པ་ནི་རྣམ་པར་རྟོག་པར་མ་བྱས་པའོ།། དེའི་ཕྱིར་ཟབ་མའི་ཞེས་པ་ནི་རྣམ་པར་མི་རྟོགས་པའི་ཤེས་པའོ།། དེ་བཞིན་ག་ཤེགོས་པ་རྣམ ་ཞེས་པའི་ཆགས་པ་མེད་པའོ་ཡེ་ཤེས་དང་ཐམས་ཅད་ལ་ཐོགས་པ་མེད་པའི་ཡེ་ཤེས་དང་། གང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ནི་ཀུན་རྫོབ་ཀྱི་མཚན་ཉིད་ཀྱི་དབྱེ་བ་བྱས་པའོ་ཞེས་པ་ནཱི་རབ་ཏུ་དབྱེ་བའི་ཤེས་པའོ།། ་ཆགས་པ་མ་མཆིས་པའི་ཡེ་ཤེས་ཞེས་པ་ལ་སོགས་པ་སྟེ། ཆགས་པ་མ་མཆིས་པའི་ཡེ་ཤེས་ནི་དམིགས་པ་མེད་པའི་སྤྱོད་ཡུལ་ཏེ། དེ་ལ་གནས་པ་རྣམས་ཀྱང་དོན་དམ་པོར་གཟུགས་ལ་སོགས་པའི་མཚན་ཉིད་རྣམས་ནི ་དམིགས་པ་མེད་པའོ་ཞེས་པ་ནི་མཚན་ཉིད་མེད་པ་ཉིད་ཀྱི་ཤེས་པའོ།། དེ་ནི་ཉིད་ཀྱི་ཆོས་བརྟན་ནས། གནས་དང་གུས་པར་བྱ་བ་དང་།། བླ་མ་ཉིད་དང་མཉེས་པ་དང་།། དེ་ལ་མཆོད་དང་བྱེད་མེད་དེ།། ཀུན་འཇུག་མཁྱེན་པ ་གང་ཡིན་དང་།། མ་མཐོང་སྟོན་པར་མཛད་པ་དང་།། འཇིག་རྟེན་སྟོང་ཉིད་རྣམ་པ་དང་།། བརྗོད་དང་ཤེས་མཛད་མངོན་སུམ་མཛད།། བསམ་མི་ཁྱབ་དང་ཞི་ཉིད་སྟོན།། འཇིག་རྟེན་འདུ་ཤེས་འགོག་པ་ལ།། རྣམ་པ་ཀུན་མཁྱེན ་ཚུལ་གྱིས་ནི།། ཤེས་པའི་མཚན་ཉིད་ཅེས་བཤད་དོ།། ཞེས་བསྟན་བཅོས་ལ་སྟེ། ཤེས་པ་ཞེས་པ་ནི་ཐམས་ཅད་འབྲེལ་ལོ།། དེ་ལ་གསུངས་པ་ནི། རབ་འབྱོར་ཇི་ལྟར་ཞེས་པ་ལ་སོགས་པ་སྟེ། ཆོས་ཞེས་པ་ནི་མདོར་བསྟན་ལ། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པ་ནི་རྒྱས་པར་བཤད་པ་སྟེ། མི་གནས་པས་ཞེས་པ་ནི་མངོན་པར་ཞེན་པ་མེད་པས་སོ་ཞེས་པ་ནི་རང་གི་ཆོས་ལ་རྟེན་ཅིང་གནས་པའི་ཤེས་པའོ།། ཆོས་ལ་ཞེས་པ་ནི་ཆོས་ལ་གུས་པར་བྱེད ་པའི་ཤེས་པའོ།། བླ་ན་ཞེས་པ་ནི་བླ་མའི་ཤེས་པའོ།། བཎྜིད་པར་ཞེས་པ་ནི་མཉེས་པའི་ཤེས་པའོ།། མཆོད་པར་ཞེས་པ་ལ་སོགས་པ་སྟེ། རབ་ཏུ་བསྒོམ་པས་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་པ་ནི ་མཆོད་པའི་ཤེས་པའོ།། གཞན་ཡང་ཞེས་པ་ལ་སོགས་པས་མི་བྱེད་པ་པོ་མེད་པ་ཉིད་ཀྱི་ཤེས་པའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཞེས་པ་ལ་སོགས་པས་ནི་ཀུན་ཏུ་འཇུག་པའི་ཤེས་པའོ།། དེ་སྐད་ཅེས་གསོལ་པ་དང་། ཚེ་དང ་ལྡན་པ་ཞེས་པ་ལ་སོགས་པའི་སྒྲ་གཉིས་པ་ནི་ཇི་ལྟར་ཡང་སྔོན་དུའོ།། ཆོས་རྣམས་ཐམས་ཅད་སྟོང་པ་ཉིད་དེའི་ཕྱིར་ཤེས་པ་པོ་མེད་ཅིང་མཐོང་བ་པོ་མེད་པའོ།། མི་གནས་པོ་ནི་ཡོད་པ་དང་མེད་པའི་ཚུལ་གྱིས་མི་གནས་པའི་ཕྱིར་ན། འདིར ་ཤེས་པ་དང་གནས་མེད་པས་ཤེས་པ་པོ་མེད་ཅིང་མཐོང་བ་པོ་མེད་པའོ།། འདིར་དེ་ཁོ་ན་ཉིད་དུ་ནི་ཡང་དག་པའི་ཆོས་རྟོན་ནུས་འཇིག་རྟེན་མ་མཐོང་བ་ཉིད་ནི་མཐོང་བའོ།། ཀུན་རྫོབ་ཏུ་ནི་ཇི་ལྟར་སྣང་བ་ཉིད་ཀྱི་དངོས་པོའི་ཞེས་པ་ནི་མོ་མཐོང་བ ་སྟོན་པའི་ཤེས་པའོ།། ཇི་ལྟར་ཞེས་པ་ལ་སོགས་པ་སྟེ། འཇིག་རྟེན་ནི་ཕུང་པོ་ལྔའི་མཚན་ཉིད་དེ་དེ་སྟོང་པ་ཉིད་དང་། ངོ་བོ་ཉིད་མེད་པ་ཉིད་ཅེས་ད་ལྟར་འཇིག་རྟེན་ལོ་གསལ་བར་བྱེད་དེ་དེ་ལྟར་ཤེས་པར་བྱེད་ཅིང་དེ་ལྟར་མཐོང ་བར་བྱེདདེ་པ་ན་གདུལ་བར་བྱ་བ་རྣམས་ལ་གོ་རིམས་ཇི་ལྟར་བཞིན་དུ་ཐོས་པ་དང་བསམ་པ་དང་བསྒོམ་པ་ལས་བྱུང་བའི་ཤེས་པས་སྐྱེད་པར་བྱེད་དོ་ཞེས་པ་ནི་སྟོང་པ་ཉིད་ཀྱི་རྣམ་པར་གསོལ་བར་བྱེད་པ་ཤེས་པའི་མངོན་སུམ་གྱིས་མཐོ ་བའི་ཤེས་པའོ།། དབང་རྟེན་དུ་གྱུར་པ་ཞེས་པ་འམ་ཁ་ཅིག་སྟེ། དབང་རྟེན་ལ་གནས་པའི་ཕྱིར་མཐོང་བ་པོ་ཞེས་པའི་དོན་ཏོ།། དེ་ལྟར་འཇིག་རྟེན་བསམ་གྱིས་མི་ཁྱབ་པའོ་ཞེས་པ་ནི་བསམ་གྱིས་མི་ཁྱབ་པའི་སྟོན་པའི་ཤེས་པའོ།། ་དེ་ལྟར་ཞེས་པ་ནི་ཞི་བ་ཉིད་སྟན་པའི་ཤེས་པའོ།། དེ་ལྟར་འཇིག་རྟེན་དབེན་པ་ནི་སྟོང་པ་ལ་འཇིག་རྟེན་ནི་འདིར་འཇིག་རྟེན་གྱི་འདུ་ཤེས་དེའི་རྣམ་པར་དག་ཅིང་འགགས་པ་སྟེ། དེ་ལྟར་ན་སྟོང་པ་ལ་གང་དུ་འཇིག་རྟེན་གྱི་དབྱེ་བ ་པ་འདི་རྣམས་གཟུང་བ་འདི་རྣམས་ཡོད་པར་མི་འགྱུར་ཏེ། འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་དེ་ལྟར་མཉམ་པར་བསྟན་ཏེ་ཞེས་པ་ནི་འཇིག་རྟེན་གྱི་འདུ་ཤེས་འགོགས་པའི་ཤེས་པ་སྟེ། དེ་ལྟར་ཤེས་པའི་མཚན་ཉིད་རྣམ ་པ་བཅུ་གཉིས་སོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་གཤེགས་པ་རྣམས་ལ་འཇིག་རྟེན་ཀུན་ཏུ་སྟོན་པའོ།། འཇིག་རྟེན་བསྟན་པ་ལ་གསལ་བར་བྱེད་པའི་ལེའུ་ལ་ཡང་དེ་སྐད་བྱས་ཞེས་ཏཱི་བཅུ་གཉིས་པའོ།། ། ་ཁྱད་པར་གྱི་བདག་ཉིད་ཀྱི་མཚན་ཉིད་རྣམས་བརྗོད་པ་ནི་བསྟན་བཅོས་ལས།། བསམ་མི་ཁྱབ་སོགས་ཁྱད་པར་གྱིས།། ཁྱད་ཞུགས་བདེན་པའི་སྤྱོད་ཡུལ་ཅན།། སྐད་ཅིག་མ་ནི་བཅུ་དྲུག་གིས།། ཁྱད་པར་མཚན་ཉིད་བཤད་པ ་ཡིན་ཞེས་ཏེ།། ལམ་རྣམས་ལ་ཁྱད་པར་གཞན་རྣམས་ཀྱིས་ཏེ།། དེ་ཡང་བསམ་མི་ཁྱབ་དང་མི་མཉམ་དང་།། གཞལ་དང་གྲངས་ལས་ཡང་དག་འདས།། འཕགས་པ་ཀུན་སྡུད་མཁས་པ་ལས།། རིགས་བྱ་ཐུན་མོང་མིན་ཤེས་ཉིད ་ཤེས་མྱུར་དྲི་མེད་གང་མེད་དང་།། བསྒྲུབ་དང་ཡང་དག་འགྲུབ་པ་དང་།། དམིགས་པ་རྟེན་དང་བཅས་པ་དང་།། མཐའ་དག་པ་དང་ཡོངས་འཛིན་དང་།། རོ་མྱད་མེ་དང་ཁྱད་པར་ནི།། བཅུ་དྲུག་བདག་ཉིད ་ཤེས་བྱ་སྟེ།། གང་གི་ལམ་འདི་གཞན་དག་ལས།། ཁྱད་དུ་འཕགས་པས་ཁྱད་པར་ལམ་ཞེས་ཏེ།། དེ་ལ་སྡུག་བསྔལ་གྱི་བདེན་པ་ལ་དམིགས་པའི་མཐོང་བའི་སྐད་ཅིག་མ་བཞི་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ ་དང་། ཆོས་ཤེས་པ་དང་། རྗེས་སུ་ཤེས་པའི་བཟོད་པ་དང་རྗེས་སུ་ཤེས་པའོ།། འདི་རྣམས་ཀྱི་ཁྱད་པར་ནི་གོ་རིམ་ཇི་ལྟ་བ་བཞིན་དུ་བསམ་གྱིས་མི་ཁྱབ་པ་ཉིད་དང་། མི་མཉམ་པ་ཉིད་དང་། གཞལ་དུ་མེད་པ་ཉིད་དང་། ་གྲངས་མེད་པ་ཉིད་དོ།། དེ་རྣམས་གསུངས་པ་ནི། དེ་ནས་ཞེས་པ་ལ་སོགས་པ་སྟེ། བྱ་བ་ཆེན་པོས་ཞེས་པ་གང་དུ་བྱེད་པ་ཆེན་པོས་ཉེ་བར་གནས་པ་སྟེ། དེའི་ཕྱིར་ན་ཟབ་མོ་ལ་སྩོགས་པས་ནི་བྱེད་པ་པོ་མེད་པ་ཉིད་ཀྱིས་ཤེས་པ ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཞེས་པ་ལ་སོགས་པས་ནི་ཀུན་ཏུ་འཇུག་པའི་ཤྲཱིས་པའོ།། དེ་སྐད་ཅེས་གསོལ་པ་དང་། ཚེ་དང་ལྡན་པ་ཞེས་པ་ལ་སོགས་པོའི་སྒྲ་གཉིས་པ་ནི་ཇི་ལྟར་ཡང་སྔནྡི་དུའོ།། ཆོས་རྣམས་ཐམས་ཅད ་སྟོང་པ་ཉིད་དེའི་ཕྱིར་ཤེས་པ་པོ་མེད་ཅིང་མཐོང་བ་པོ་མེད་པའོ།། མི་གནས་པ་ནི་ཡོད་པ་དང་མེད་པའི་ཚུལ་གྱིས་མི་གནས་པའི་ཕྱིར་ན། འདིར་ཤེས་པ་དང་གནས་མེད་པས་ཤེས་པ་པོ་མེད་ཅིང་མཐོང་བ་པོ་མེད་པའོ།། འདིར ་དེ་ཁོ་ན་ཉིད་དུ་ནི་ཡང་དག་པའི་ཆོས་རྟོགས་ནས་འཇིག་རྟེན་མ་མཐོང་བ་ཉིད་ནི་མཐོང་བའོ།། ཀུན་རྫོབ་ཏུ་ནི་ཇི་ལྟར་སྣང་བ་ཉིད་ཀྱི་དངོས་པོའོ་ཞེས་པ་ནི་མ་མཐོང་བ་སྟོན་པའི་ཤེས་པའོ།། ཇི་ལྟར་ཞེས་པ་ལ་སོགས་པ་སྟེ། འཇིག ་རྟེན་ནི་ཕུང་པོ་ལྔའི་མཚན་ཉིད་དེ་དེ་སྟོང་པ་ཉིད་མེད་པ་ཉིད་ཅེས་ད་ལྟར་འཇིག་རྟེན་ལ་གསལ་བར་བྱེད། དེ་ལྟར་ཤེས་པར་བྱེད་ཅིང་དེ་ལྟར་མཐོང་བར་བྱེད་པ་ནི་གདུལ་བར་བྱ་བ་རྣམས་ལ་གོ་རིམོ་ཇི་ལྟ་བ་བཞིན་དུ་ཐོས་པ་དང་བས ་པ་དང་བསྒོམས་པས་བྱུང་བའི་ཤེས་པས་སྐྱེད་པར་བྱེད་དོ་ཞེས་པ་ནི་སྟོང་པ་ཉིད་ཀྱི་རྣམ་པར་གསལ་བར་བྱེད་པ་ཤེས་པའི་མངོན་སུམྦྷ་གྱིས་མཐོང་བའི་ཤེས་པའོ།། དབང་རྟེན་དུ་གྱུར་པ་ཞེས་པ་འམ་ཁ་ཅིག་སྟེ། དབང་རྟེན་ལ་གནྡ ་པའི་ཕྱིར་མཐོང་བ་པོ་ཞེས་པའི་དོན་ཏོ།། དེ་ལྟར་འཇིག་རྟེན་བསམ་གྱིས་མི་ཁྱབ་པའོ་ཞེས་པ་ནི་བསམཽ་གྱིས་མི་ཁྱབ་པའི་སྟོན་པའི་ཤེས་པའོ།། དེ་ལྟར་ཤེས་པ་ནི་ཞི་བ་ཉིད་སྟོན་པའི་ཤེས་པའོ།། དེ་ལྟར་འཇིག་རྟེན་དབེན་པ་ནི ་སྟོང་པོ་ལ། འཇིག་རྟེན་ནི་འདིར་འཇིག་རྟེན་གྱི་འདུ་ཤེས་དེའི་རྣམ་པར་དག་ཅིང་འགགས་པ་སྟེ། དེ་ལྟར་ན་སྟོང་པ་ལ་གོང་དུ་འཇིག་རྟེན་གྱི་དབྱེ་བ་འདི་རྣམས་གཟུང་བ་ནི་ནད་རྣམས་ཡོད་པར་མི་འགྱུར་ཏེ། འཇིག་རྟེན་འདི་དང་འཇིག ་རྟེན་ཞེས་པ་སྟེ། གང་དུ་དེ་ལྟར་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་བྱ་བ་ལ། དེ་ཉིད་ཀྱིས་ན་མི་མཉམ་པ་དང་མཉམ་པའི་བྱ་བ་སྟེ། འདིར་ལྔ་གའི་ཁྱད་པར་གྱི་བྱ་བ་བསྟན་པ་ནི་མ་ཡིན་ནོ།། དེ་བཞིན་གཤེགས་པ་ཉིད་ཅེས་པ་ནི་ཇི ་ལྟ་བའི་ཆོས་དེ་བཞིན་དུ་གཤེགས་པའོ།། སངས་རྒྱས་ཉིད་ནི་རང་ཉིད་མངོན་པར་བྱང་ཆུབ་པའོ།། རང་འབྱུང་བ་ཉིད་ནི་ཆོས་ཐམས་ཅད་ལ་དབང་སྒྱུར་བ་ཉིད་དོ།། ཆོས་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་ལ ་དག་ཅིང་ཆགས་པ་མེད་པ་དང་ཐོགས་པ་མེད་པའི་ཡེ་ཤེས་ནི་ཐམས་ཅད་མཁྱེན་པ་ཉིད་དོ།། ཇི་ལྟར་འདི་བྱ་བ་བསམ་གྱིས་མི་ཁྱབ་ཅེ་ན་གསུངས་པ་ནི། མི་ནུས་ཞེས་ཏེ། སོ་མས་ཀྱིས་ཞེས་པ་ནི་བརྗོད་པ་ཡང་སེམས་ལ་བརྟེན་པའི ་ཕྱིར་བསམ་པས་ཡུལ་ནང་ཞིག་བསམ་པ་རྣམས་ཀྱི་སེམས་དང་བཅས་པ་རྣམསྭཱ་ཏེ། སེམས་ནི་རྣམ་པར་ཤེས་པ་ལ། དེ་ནི་རྣམ་པ་གཉིས་ཏེ། མངོན་སུམ་དང་ཅིག་ཤོས་སོ།། དེ་ལ་དང་པོ་འཇིག་རྟེན་ལ་དེ་བཞིན་གཤེགས་པ་ཉིད་ལ ་སོགས་པ་མེད་ལ། ཅིག་ཤོས་སུ་འགྱུར་ན་ནི། དེ་ཡང་དེའི་ངོ་བོ་ཉིད་གཟུང་བ་མིན་ཏེ། གང་སེམས་ཀྱི་ཡུལ་མེད་པ་ནི་སེམས་ལས་བྱུང་བ་རྣམས་དང་། སེམས་རྣམས་ཡང་དག་པར་རབ་ཏུ་ལྡན་པ་རྣམས་མེད་ལ། གང་བསམ་པར ་ཡང་མི་ནུས་པ་དེ་ནི་ཤིན་ཏུ་ཡང་གཞལ་བར་མི་ནུས་ཞེས་གསུངས་པ་ནི་བསམ་པ་འམ་ནི་སྙན་པ་ཞེས་ཏེ། དེའི་དེ་ཉིད་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་འབྲས་བུའི་ཕྱིར་ན་བསམ་གྱིས་མི་ཁྱབ་པ་ལ་སོགས་པ་ཉིད་ཀྱིས་མཐོང ་བའི་སྐད་ཅིག་མ་རྣམས་སུ་གསུངས་ལ། བསམ་གྱིས་མི་ཁྱབ་པ་དམིགས་པའི་ཕྱིར་ཡང་ཞེས་བྱ་བ་ནི་བརྗོད་པར་བྱ་བའོ།། གནས་བརྟནོ་ཞེས་པ་ལ་སོགས་པས་ནི་དེ་སྐབས་སོ།། རབ་འབྱོར་ཆོས་ཐམས་ཅད་ལ་ཚད་མེད་པའི་ཕྱིར་ཞེས ་པབནཱི་རེ་རེ་བཞིན་དུ་གཟུགས་དང་། ཚོར་བ་ལ་སོགས་པ་རྣམས་ལྷའོ།། ཞེས་པའི་དོན་ཏོ།། གཞན་དུ་ན་བྷསླབ་བྱུ་དང་སྒྲུབ་བྱེད་དག་དབྱེ་བ་མེད་པར་འགྱུར་བའི་ཕྱིར་རོ།། ན་མཁའ་དང་མཉམ་པའི་ཕྱིར་ཞུས་པ་ནི་རྒྱུ་མུཾ་མྦྷཉྫམ ་པ་ཉིད་ཀྱིས་བསམ་གྱིས་མི་ཁྱབ་པ་ལ་སོགས་པ་རྣམས་ཀྱང་ངོ་ཞེས་པ་རྣམས་ཀྱང་ངོ་ཞེས་གསུངས་པའོ།། དེ་ཅིའི་ཕྱིར་ཞེས་པ་དང་འདི་ལྟ་སྟེ། ཞེས་པ་ནི་གཟུགས་ལ་སོགས་པའི་ཁོ་ནའོ།། དེ་མ་ལགས་ཞེས་པ་ནི་དེ་ཁོ་ན ་ཉིད་དུ་ན་ངོ་བོ་ཉིད་མེད་པའི་ཕྱིར་ཞེས་པ་ལ་དགོངས་སོ།། འདིས་ཀྱང་ནི་དེ་བཞིན་གཤེགས་པའི་ཆོས་ཉིད་ཀྱིས་ཀྱང་ངོ་ཞེས་པ་ལ་སོགས་པ་སྟེ། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་ཕྱིར། ངོ་བོ་ཉིད་མེད ་པ་ན་མཁའ་ལྟ་བུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་སོ་ཞེས་བསམ་པའོ།། མི་མཉམ་པར་འགྲོ་བ་ཞེས་པ་དང་འདི་དང་འདི་མཉམ་ཞེས་པ་ནི་གཉིས་མཉམ་པར་ཉེ་བོར་གྱུར་པར་འགྱུར་པ་ལོས་ཏེ། མཉམ་པར ་གྱུར་པ་མེད་ཀྱང་མི་མཉམ་པའོ།། ནམ་མཁའ་བསམ་གྱིས་མི་ཁྱབ་ཅེས་པ་ལ་སོགས་པ་ནི་ཉེ་བར་བསྡུ་བའོ།། རྣམ་པར་ཤེས་པར་གྱུར་ཞེས་པ་ནི་དོན་དམ་པར་ན་ངོ་བོ་ཉིད་མེད་པའི་རྣམ་པར་ཤེས་པ་ལྔ་བསམ་གྱིས་མི ་ཁྱབ་པ་བརྗོད་པ་ལ་སོགས་པ་ནི་ཀུན་རྫོབ་དུའོ།། ཞེས་པའི་དོན་ནོ།། ནམ་མཁའ་ཉེ་བར་ལེན་པ་མེད་པ་ནི་ཉོན་མོངས་པའི་ས་བོན་མ་བཞག་པ་ཉིད་ཀྱིས་ལུས་དང་ངག་དང་བློ་ལ་ཡོན་ཏནི་བྲལ་བའི་མཚན་ཉིད་ཀྱི་བག་ཆགས ་མེད་པའོ།། ཆོས་རྣམས་ལ་ནི་བདེན་པ་བཞི་པོ་རྣམས་ལ་སྟེ། ཆོས་འདི་ནི་ལམ་ཡིན་པའི་ཕྱིར་དང་། མིག་ནི་མཐོང་བའི་ཕྱིར་ཞེས་པ་ནི་ཆོས་ཀྱི་མིག་སྟེ། མཐོང་བའི་ལམ་མོ།། དེའི་བཟོད་པའི་སྐད་ཅིག ་རྣམས་ཀྱིས་རྡུལ་དང་བྲལ་བར་འགྱུར་ཞིང་ཤེས་པའི་སྐད་ཅིག་རྣམས་ཀྱིས་ནི་དྲི་མ་མེད་ཅིང་རྟག་པར་དག་པའོ།། ཆོས་རྣམས་ལ་ནི་ཆོས་རྣམས་ཐམས་ཅད་ལའོ།། བཟོད་པ་ནི་ཟག་བླ་མེད་པའི་ཤེས་རབ་སྟེ། དེ་ཐོབ་པ་ནི་གང་ཞིག ་ས་བརྒྱད་པ་ལའོ།། ཡང་བྱ་བ་ཆེན་པོའི་ཁྱད་པར་བརྗོད་པར་འདོད་ནས་གོ་སྐབས་ཕྱེ་བ་ནི། དེ་ནས་ཞེས་པ་ལ་སོགས་པ་སྟེ། འདིར་འདི་དང་ཡང་དག་པར་ལྡན་པ་ནི་སོ་སོར་ཕྲེང་བའོ་ཞེས་པ་ནི་སྡུག་བསྔལ་གྱི་སྐད་ཅིག་མ་བཞི་པ ་གཟུགས་ཡོངས་སུ་མི་འཛིན་ཞེས་པ་ལ་སོགས་པ་སྟེ། ཡོངས་སུ་འཛིན་པར་བྱེད་ཅེས་པ་ནི་ཡོངས་སུ་འཛིན་པའི་འདུ་ཤེས་སོ།། མངོན་པར་ཞེས་པ་ནི་དངོས་པོར་འཛིན་པ་སྟེ། དེ་དག་གི་རྣམ་པའི་དགྲ་བཅོམ་པ་ཉིད་དོ་ཞེས་པའོ།། ་དེ་བཞིན་དུ་ཐམས་ཅད་ཤེས་པ་ལ་སོགས་པ་རྣམས་ལ་ཡོངས་སུ་འཛིན་པ་མེད་པ་དང་མངོན་པར་ཞེན་པ་མེད་པ་དག་གིས། ཡང་དག་པར་འཛིན་པའི་འཕགས་པ་ཐམས་ཅད་ཀྱིས་ཀུན་ཏུ་འཛིན་པའི་ཁྱད་པར་གྱིས་ནི་ཀུན་འབྱུང ་ལ་ཆོས་ཤེས་པའི་བཟོད་པའོ།། རབ་འབྱོར་གྱིས་གསོལ་པ་ཞེས་པ་ལ་སོགས་པ་སྟེ། འདི་རྣམས་ཀྱིས་བསྟན་པ་སྐལ་པ་མེད་པ་གསུངས་ལ། འོན་ཀྱང་ཞེས་པ་ལ་སོགས་པས་ནི་སྐལ་པ་དང་ལྡན་པ་རྣམས་སོ།། རྒྱུ་ནི་རིགས་ལ ་བགྱི་བ་བགྱིས་པ་ནི་བསོད་ནམས་ལྷག་པར་རོ།། དགེ་བའི་རྩ་བ་ནི་བཅོམ་ལྡན་འདས་མ་མཉན་པ་ལ་སོགས་པའོ།། གང་གིས་ནི་ཟབ་པས་སོ།། བལྟ་བར་དགའ་བ་ནི་བྱང་བར་དཀའ་བའི་ཕྱིར་རོ།། འདི་ཡང་ནི་ཡང་དག་པའི ་བ་ལ་རྟོགས་པར་དཀུའ་བ་ནི་མི་ཤེས་པ་རྣམས་ཀྱིས་རྟོགས་པར་དཀའ་བའི་ཕྱིར་རོ།། བགྲོད་པར་དཀའ་བའི་ཕྱིར་ཏེ། འདིར་ནི་ན་མཁས་པས་རིག་པར་བྱ་བ་སྟེ། ཆོས་ཤེས་པའོ།། གལ་ཏེ་ཞེས་པ་ལ་སོགས་པ་སྟེ། དད་པས ་རྗེས་སུ་འབྲང་བ་ནི་ཚིག་ཀྱིས་པ་སྟེ། ངེས་པར་འབྱེད་པའི་ཆ་དང་མཐུན་པའོ།། ཞེས་པ་ནི་གཞན་དག་གིའོ།། དེའོ་ས་ལ་བསྐལ་པ་དང་དེ་བས་ལྷག་པ་ནི་བསྐལ་པ་པས་ལྷག་པའོ།། བཟོད་པ་ནི་ཆོས་ལ་ངེས་པར་གཞོལ་བའི་བཟོད ་བ་སྟེ། ཟག་པ་མེད་པའི་ཤེས་རབ་བོ།། སྲེད་པ་ནི་མངོན་པར་འདོད་པའོ།། ཚོལ་བ་ནི་ཇི་ལྟར་ན་དེ་ཞེས་པས་སོ།། སེམས་པ་ནི་རིགས་པ་རྣམས་ཀྱིས་སོ།། འཇལ་བ་ནི་ཡོངས་སུ་བཅད་ནས་དེ་ལྟར་གྱུར་པ་ལའོ།། ཉེ་བར་རྟོག་པ་ནི་སོ ་སོར་རྟོག་པས་སོ།། ཉེ་བར་སེམས་པ་ནི་མང་དུ་བྱེད་པས་སོ།། འདི་ཉིད་ཅེས་པ་ནི་ཐུན་མོང་མ་ཡིན་པར་ཤེས་ནས་ཐུན་མོང་མ་ཡིན་པ་དེའི་ཁྱད་པར་བྱེད་པའི་ཕྱིར་རོ།། ཤེས་པར་བྱེད་ཅེས་པས་ནི་ཤེས་པ་ལ། མཐོང་བའི་ཕྱིར་ཞེས ་པ་ནི་ཐུན་མོང་མ་ཡིན་པའི་ཤེས་པ་དེ་ཁྱད་པར་གྱིས་ཏེ། རྗེས་སུ་ཤེས་པའི་བཟོད་པའོ།། དེ་སྐད་ཅེས་གསོལ་པ་དང་། ཞེས་པ་ལ་སོགས་པ་སྟེ། འདི་ལ་སྤྱོད་པ་ན་མྱ་ངན་ལས་འདས་པ་སྟེ། རང་གི་བྱང་ཆུབ་བོ་ཤེས་པ་ནི་མྱུར་དུ ་མངོན་པར་ཤེས་པ་སྟེ་རྗེས་སུ་ཤེས་པའོ།། དེ་ནས་ཞེས་པ་ལ་སོགས་པ་སྟེ། ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ཞེས་པ་ནི་ནམ་མཁའ་དང་མཉམ་པསོ།། དོང་པ་ནི་རྐང་པ་གཉིས་ཀྱིས་སོ།། འདིས་ནི་ཇི་ལྟར་ན་མཁའ་ལ་མི་སྡང་ནས ་རང་གི་གནས་ཐོབ་པར་གྱུར་ཏེ། ནམ་མཁའ་ལ་ནི་བྲི་བ་འམ་གང་བ་མེད་དོ།། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་མི་སྣང་བའི་དམན་པའི་མཆོག་གི་བྱང་ཆུབ་ཐོབ་པར་འགྱུར་ཏེ། དེ་ལ་ནི་བྲི་བ་དང་གང་བ་ཉིད་མེད་དོ་ཞེས་པ་ནི་བྲི་བ་དང་། ་གང་བ་མེད་པའི་ཁྱད་པར་གྱིས་ཏེ། འགོག་པ་ལ་ཆོས་ཤེས་པའི་བཟོད་པའོ།། བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ལེའུ་ནི་བསམ་གྱིས་མི་ཁྱབ་པའི་ལེའུ་སྟེ་བཅུ་གསུམ་པའོ།། །། དེ་ནས་ཞེས་ལ་སོགས ་པ་སྟེ། ཐོས་པ་དང་ལྷན་ཅིག་པ་ནི་ཐོས་པ་དང་ཉིད་ལ་མོས་པ་ནི་མ་ཡིན་པའོ།། མི་འགོང་བ་ནི་སྤྲོ་བ་དམན་པ་མ་ཡིན་པའོ།། ཀུན་ཏུ་མི་ཞུམ་པ་ནི་མི་སྤྲོ་བ་མིན་པའོ།། རྣམ་པར་མི་གནས་པ་ནི་མི་ལྡོག་པའོ།། སོམ་ཉི་ནི་ཕྱིན་ཅི་ལོག ་གིའོ།། རྨོངས་པ་ལ་སོགས་པ་རྣམས་མེད་པ་ན་རྨོངས་པར་མི་འགྱུར་ཞེས་པ་ལ་སོགས་པའོ།། མངོན་པར་དགའ་བ་ནི་མངོན་པར་འདོད་པའོ།། མི་སྤོང་བ་ནི་བཏང་སྙོམས་སུ་མི་བྱེད་པའོ།། ཕྱིར་ཕྱོགས་པ་ནི་རྒྱབ་ཏུ་ཁ་ཕྱིར་བལྟས་པའོ།། ། ་རྗེས་སུ་འབྲང་བ་ནི་ཇི་ལྟར་འདུན་པས་རྗེས་སུ་གནས་པ་སྟེ། རྒྱུན་ཏུའོ།། ཕྱི་བཞིན་འགྲོ་བར་འགྱུར་ཞེས་པ་ནི་མདོར་བསྟན་པ་ལ་མི་གཏོང་བར་འགྱུར་ཞེས་པ་ནི་རྒྱས་པར་བཤད་པ་སྟེ། ལུས་ལ་ཐོགས་པ་ཞེས་པ་ནི་མདུན་དུ ་གྱུར་པ་ཉིད་དོ།། དེ་ལྟར་ན་བྱང་ཆུབ་སེམས་དཔའི་རིགས་གསུམ་རྣམས་ཀྱིས་སྒྲུབ་པ་ལ་གནས་པས་ཁྱད་པར་དུ་འགྱུར་རོ་ཞེས་པ་ནི་ཆོས་ཤེས་པའོ།། གང་གིས་ཞེས་པ་ལ་སོགས་པ་སྟེ། བློ་རྒོད་པར་འགྱུར་བ་ནི་རྣམ་པར་གཡེང་བའོ།། རས ་བལ་གྱི་མདབ་མ་བཞིན་ནི་འཕྲོགས་པར་འགྱུར་བའོ།། འཛིན་པ་ནི་ཤེས་པའོ།། ཞུགས་པ་ནི་རྗེས་སུ་གནས་པའོ།། ཡོངས་སུ་སྐོར་བར་བྱེད་པ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་རྣམས་ཀྱིས་ཡོངས་སུ་བསྐོར་བ་སྟེ། གསུམ་པོ་ལ་རྗེས་སུ་འབྲེལ་པ ་ས་པའི་དོན་ཏེ་ཞེས་པ་ནི་ས་གསུམ་གྱིས་ཡང་དག་པར་སྒྲུབ་པའི་འབྲས་བུའི་ཕྱིར་རོ་ཞེས་པ་སྟེ། རྗེས་སུ་ཤེས་པའི་བཟོད་པའོ།། འདི་ལྟ་སྟེ་དཔེར་ནོ་ཞེས་པ་ལ་སོགས་པ་སྟེ། དུས་ནི་འཆི་བའི་འོ།། བདེ་བ་ཞེས་པ་ནི་མི་འཇིག་པའོ།། ་བར་ཆད་ནི་གེགས་བྱེད་པའི་དངོས་པོའོ།། མ་སྨས་པ་ནི་མ་སྣང་པའོ།། ཉེ་བར་འཚེ་བ་མེད་པ་སྟེ། ཉེ་བར་འཚོ་བའི་བར་ཆད་མེད་པའི་ཕྱིར་རོ།། གང་དུ་ཞེས་པ་ནི་དབུས་སུའོ།། ཡང་བའི་ལས་ནི་ལོག་པའི་ལམ་མོ།། འགྲོ་བར་འགྱུར ་བ་ནི་ཡང་པར་ལྟུང་བའོ།། དད་པ་ལ་སོགས་པ་ཡོད་པས་བཅོམ་ལྡན་འདས་མ་ལ་སྦྱོར་བའོ།། དད་པ་ཡོད་པ་ཉིད་ནི་ཡོན་ཏན་དང་ལྡན་པར་ནུས་པ་ཉིད་ལ་ཡང་དག་པར་ཡིད་ཆེས་པའོ།། བཟོད་པ་ནི་མི་སྐྱེ་བ་ལ་སོགས་པའི་ཆོས་ལ ་བཟོད་པ་དང་སྦྱོར་བ་དང་བཅས་པ་རྩོམ་པ་ཉིད་ལའོ།། སྲེད་པ་ནི་སྦྱོར་བ་རྩོམ་པར་འདོད་པ་ཉིད་ལའོ།། འདུན་པ་ནི་གོང་ནས་གོང་གི་གནས་སྐབས་རྣམས་ལའོ།། བརྩོན་འགྲུས་ནི་སྦྱོར་བ་ལ་སྤྲོ་བའོ།། བག་ཡོད་པ་ནི་དགེ་བ་དང་མི་དགེ ་བ་དག་ལ་གོ་རིམ་ཇི་ལྟ་བཞིན་དུ་རྟེན་པ་དང་མི་རྟེན་པའོ།། མོས་པ་ནི་བསྒྲུབ་པར་བྱ་བ་སྒྲུབ་པ་ལའོ།། དེ་ལྟར་ཞེས་པ་ནི་ངེས་པར་བསྟན་པས་སོ།། ལྷག་པའི་བསམ་པ་ནི་ལྷག་པར་གཞོལ་བའོ།། སྟོང་པ་ནི་སྒྲུབ ་པའི་བར་དུ་གཅོད་པ་རྣམས་སོ།། གུས་པ་ནི་སངས་རྒྱས་ལ་སོགས་པ་རྣམས་བསྒྲུབ་པ་ལས་མི་འདའ་བར་ཐམས་ཅད་དུ་མི་སྟོང་པའོ།། དགའ་བ་ནི་སྒྲུབ་པར་བྱེད་པའོ།། མགུ་བ་ནི་ཆོས་རྣམས་ཐམས་ཅད་སྟོང་པ་ཉིད་དུ་བསྒྲུབ་པས་མངོན ་དུ་བྱེད་པའོ།། རབ་ཏུ་དང་བ་ནི་ཇི་སྐད་དུ་བཤད་པའི་བསྒྲུབས་པའི་ཡོན་ཏན་དང་ལྡན་པས་གུས་པའི་ཁྱད་པར་རོ།། དགའ་བ་ནི་སྒྲུབ་པར་ནུས་པ་ཉིད་ཀྱིས་སོ།། བརྩོན་པ་མི་གཏོང་བཱ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད ་མཁྱེན་པ་ཉིད་ཐོབ་པའི་སྨོན་ལམ་ལ་སྦྱོར་བའི་དམ་བཅའ་བའི་ཁུར་དང་བརྩོན་འགྲུས་ཀྱིས་ཁུར་མི་འདོར་བའོ།། གནས་པར་འགྱུར་ཞེས་པ་ནི་དམིགས་པའི་ཁྱད་པར་གྱིས་ཏེ། རྗེས་སུ་ཤེས་པའོ།། འདི་ལྟ་སྟེ་དཔེར་ནི་ཞེས་པ་ལ ་སོགས་པ་སྟེ། ཐབས་ལ་མཁས་པ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་སྟེ། དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་པོས་ཡོངས་སུ་གཟུངས་པས་ཞེས་པ་ནས་ཇི་སྲིད་དུ་གནས་པར་འགྱུར་ཞེས་པ་ནི་རྟེན་གྱི་ཁྱད་པར་གྱིས་ཏེ། ལམ་ལ་ཆོས་ཤེས་པའི་བཟོད ་བའོ།། འདི་ལྟ་སྟེ་དཔེར་ན་ཞེས་པ་ལ་སོགས་པ་སྟེ། མཉམ་པ་ནི་མ་ལུས་པར་སྦྱོར་བ་ཉིད་ཀྱིས་བྱ་བ་ཐམས་ཅད་ལའོ།། ལྡན་ནས་ནི་རྗེས་སུ་མཐུན་པས་སོ།། ཐེག་པ་ནི་ཐེག་པའི་སྣོད་དུའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས ་ལ་མཁས་པ་དག་གིས་ཏེ། སྟོང་པ་ཉིད་དང་སྙིང་རྗེ་དག་མ་ལུས་པས་སོ།། ཞེས་པ་ནི་ཆོས་ཤེས་པའོ།། འདི་ལྟ་སྟེ་དཔེར་ན་ཞེས་པ་ལ་སོགས་པའོ།། བཤམས་པ་ནི་མཐའ་དག་ལ་སྦྱར་བ་ནི་བྱེད་པ་ཐམས་ཅད་ཀྱིས་སོ།། མཐུན་པ་ནི་རྗེས ་སུ་མཐུན་པས་སོ།། ཐེག་པ་ནི་བཞོན་པ་སྟེ་སྣད་དོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་ལྔ་མཁས་པ་དག་གི་སྟོང་པ་དང་། སྙིང་རྗེ་དག་དང་མ་བྲལ་བས་ཞེས་པ་ནི་ཆོས་ཤེས་པོའོ།། འདི་ལྟ་སྟེ་དཔེར་ན་ཞེས་པ་ལ་སོགས་པ་སྟེ། ་བརྒྱ་ཉི་ཤུ་ཞེས་པ་ནི་ཚེ་ལོ་བརྒྱ་དང་ཉི་ཤུའོ།། ཡོངས་སུ་གཟུང་བ་ནི་གཞན་གྱིས་སོ།། ཁྲི་ནི་མལ་ཁྲིའོ།། འཇིག་པ་ནི་ཟད་པར་རོ།། གང་གིས་ནི་ཕྱོགས་གང་དུ་ཇི་སྲིད་དུ་རིང་པོར་མི། གནས་པ་ནི་གྲོང་ཁྱེར་རོ།། ཞེས་པ་ནི་ཡོངས་སུ ་བཟུང་བས་ཏེ། རྗེས་སུ་ཤེས་པའི་བཟོད་པའོ།། ཉེ་བར་མཚོན་པ་ནི་དཔེ་སྟེ། རྒྱ་མཚོའི་གྲུ་ལ་སོགས་པའོ།། དེ་བརྗོད་པའི་ལེའུ་ནི་དེའི་དཔེའི་ལེའུ་སྟེ་བཅུ་བཞི་པའོ།། །། དེ་ནས་ཞེས་པ་ལ་སོགས་པ་སྟེ། གནྡ ་པར་བྱ་བ་ནི་སྒྲུབ་པས་སོ།། བསླབ་པར་བྱ་བ་ནི་ཡོངས་སུ་ཤེས་པ་ལའོ།། བསྟན་པར་བྱ་བ་ནི་ཡོངས་སུ་གཏོང་བས་སོ།། བསྙེན་པར་བྱ་བ་ནི་ཀུན་ཏུ་བསྟན་པས་སོ།། རྣལ་འབྱོར་ཞེས་པ་ནི་རབ་ཏུ་འབྱོར་པ་འམ་མངོན་པར་སྦྱོར་བའོ།། མ་བསྙེན། ་ཞེས་པ་ནི་དེ་དངོས་པོར་མི་འཛིན་པའོ།། མི་བསྙེམས་པའོ་ཞེས་པ་ནི་ཆོས་རྣམས་ཐམས་ཅད་རྣམ་པར་རྟོག་པ་མེད་པའོ།། ཡོངས་སུ་སྦྱོར་བ་ནི་གོམས་པའོ།། ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཡོངསུ་བསྔོ་བ་ནི་རློམ་པ ་མེད་པ་དང་རོ་མྱང་བ་མེད་པའོ།། ཞེས་པ་ནི་རོ་མྱང་བ་མེད་པའི་ཁྱད་པར་གྱིས་ལམ་ལ་རྗེས་སུ་ཤེས་པའོ།། བྱེད་པ་རྣམ་པ་བཅུ་གཅིག་སྟེ། དེ་ནི་བསྟན་བཅོས་ལས། ཕན་དང་བདེ་བ་སྐྱོབ་པ་དང་།། མི་རྣམས་ཀྱིས་ནི ་སྐྱབས་དག་དང་།། གནས་དང་དཔུང་གཉེན་གླིང་དང་ནི།། ཡོངས་འདྲེན་པ་ཞེས་བྱ་བ་དང་།། ལྷུན་གྱིས་གྲུབ་དང་ཐིག་གསུམ་གྱི།། འབྲས་བུ་སྔོན་དུ་མི་བྱེད་བདག། ཐ་མ་རྟེན་གྱི་མཛད་པ་སྟེ།། འདི་ནི་བྱེད་པའི་མཚན་ཉིད་ཡིན་ཞེས་ཏེ་དེ་ལ་གསུ ་པོ་ནི་རབ་འབྱོར་གྱིས་གསོལ་པ་ཞེས་པ་ལ་སོགས་པ་སྟེ། དཀའ་བ་བགྱིད་པ་ཞེས་པ་ལ་སོགས་པས་ནི་གོ་སྐབས་སོ།། འཇིག་རྟེན་ལ་ཕན་པ་ཞེས་པ་ནི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་འགྲོ་བ་ལྔའི་སེམས་ཅན་ཡོངས ་སུ་དགྲོལ་བར་བྱས་ནས་དེ་རྣམས་མི་འཇིགས་པའི་མྱ་ངན་ལས་འདས་པ་ལ་བཀོད་ཅིང་ཞེས་པའི་ཕན་པའི་བྱེད་པ་པོ་འཇིག་རྟེན་ལ་བདེ་བ་ཞེས་པ་ནི་སེམས་ཅན་རྣམས་མྱ་ངན་འདས་པའི་བདེ་བ་ལ་བཀོད་ནས་ཞེས་པ་ནི་བདེ་བ་བྱེད་པའོ།། ་འཇིག་རྟེན་གྱི་སྐྱོབ་པ་ལ་སོགས་པ་ནི་མདོར་བསྟན་པ་ལ་ཇི་ལྟར་ན་ཞེས་པ་ནི་སྒྲ་བརྒྱད་པོ་རྣམས་ཀྱིས་ནི་རྒྱས་པར་བཤད་དེ། དོན་དུ་གཉེར་ཞེས་པ་ནི་གོ་ཆ་བགོ་བའོ།། བརྩོན་འགྲུས་ནི་སྦྱོར་བ་ལྔའོ།། སྦུབས་སུ་འགྱུར་བ་ནི་སྐྱབས་སུ ་བྱེད་པས་སོ།། ཞེས་པ་ནི་སྐྱབས་ཀྱི་བྱེད་པའོ།། སྐྱེ་བ་ལ་སོགས་པ་ཉིད་ཀྱི་ཆོས་དེ་ལ་སྦྱོར་བས་སྐྱེ་བ་ལ་སོགས་པའི་ཆོས་ཅན་ལ་སྐྱོབ་པར་འགྱུར་རོ་ཞེས་པ་ནི་སྐྱོབ་པའི་བྱེད་པའོ།། གང་ལ་འབྲེལ་པ་མེད་པ་དེ་ནི་སྦྱོར་བ་མེད་པའོ།། གང་ལ ་སྦྱོར་བ་མེད་པ་དེ་ནི་འབྲེལ་པ་མེད་པའོ་ཞེས་པའི་གཉིས་ཀ་ཕན་ཚུན་ཐ་དད་པར་གསུངས་པ་སྟེ། འབྲེལ་པ་མེད་པའི་མཚན་ཉིད་ཀྱིས་ནི་སྐྱེ་བ་མེད་པ་སྟེ་གདོད་མ་ཉིད་ནས་མ་སྐྱེས་པའོ་འགག་པ་མེད་པ་ནི་སྐྱེས་པ་མེད་པ་ཉིད་ཀྱིས་སོ།། དེའི ་ན་སྐྱེ་བ་དང་འགག་པ་དག་གིས་སྦྱོར་བ་མེད་པ་ལ། འབྲེལ་པ་མེད་པ་ཡང་དེ་ཉིད་ཀྱིས་ཏེ། ཆོས་ཉིད་ཙམ་གྱི་ཕྱིར་རོ་ཞེས་དགོངས་པའོ།། དེ་ལྟར་ཤེས་ཤིང་མཐོང་བས་སྦྱོར་བ་མེད་པར་འགྱུར་རོ།། འདིར་ནི་གནས་པར་བྱེད་པས་གནས ་དེ་བསྟན་པས་གནས་སུ་འགྱུར་རོ།། ཞེས་པ་ནི་གནས་ཀྱིས་བྱེད་པའོ།། དཔུང་གཉེན་ནི་ཕ་རོལ་ཐོབ་པ་པོ་ལ་གཟུགས་ཀྱི་ཕ་རོལ་ནི་སྟོང་པ་ཉིད་དེ་དེ་ལ་ནི་གཟུགས་མེད་དེ་ཀུན་རྫོབ་ཏུ་ང་བྱེ་བ་ནི་ཐ་སྙད་ཀྱི་ཕྱིར་རོ།། དོན་དམ་པ་ལ་ནི་ཇི་ལྟར ་གཟུགས་ཀྱི་ཕ་རོལ་སྟོང་པ་ཉིད་དེ་ལྟར་གཟུགས་སོ་ཞེས་པས་སོ།། དེ་ཉིད་གཟུགས་ཀྱི་ངོ་བོ་ཉིད་དེ་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། སྟོང་པ་ཉིད་དག་ཐ་མི་དད་པའི་ཕྱིར་རོ།། དེ་བཞིན་དུ་ཚོར་བ་ལ་སོགས་པ་རྣམས་དང་དེ་ལྟར་ཆོས་རྣམས ་ཐམས་ཅད་ཀྱི་ཡང་ངོ་།། འོ་ན་དེ་ཉིད་མཁྱེན་པ་མངོན་པར་བྱང་ཆུབ་པའོ།། ཞེས་དེ་ལྟར་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། ཆོས་ཉིད་ལ་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ་ཞེ་ན་འདི་ཡང་ཞེས་པ་ལ་སོགས་པ་ནི་ལན་ཏེ།། ་དེ་ལྟར་ན་ཇི་ལྟར་མཁྱེན་པར་འགྱུར་ཞེས་པ་གསུངས་པ་ནི་འདི་ལྟར་བདག་ཅག་གི་ཞེས་པ་ལ་སོགས་པ་སྟེ། མཆོག་ནི་ཕ་རོལ་ལ་དེ་ལས་བྱུང་བའི་ཤེས་པའི་ཆོས་དེ་ཡིས་བརྟན་པས་དཔུང་གཉེན་དུ་འགྱུར་ཞེས་པ་ནི་དཔུང་གཉེན་གྱི ་བྱེད་པའོ།། སྔོན་གྱི་མཐའ་ནི་སྐྱེ་བ་ལ་ཕྱི་མའི་མཐའ་ནི་འགག་པའོ།། འདི་དག་གིས་ཡོངས་སུ་ཆུད་པ་ནི་ཡོངས་སུ་བཏང་བ་སྟེ། ཆོས་རྣམས་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་མེད་པའི་ཕྱིར་རོ།། གང་ཡང་དེ ་དག་གིས་དེ་རྣམས་ཡོངས་སུ་བཅད་པས་འདི་རྣམས་ཞི་བོ་སྟེ། སྡུག་བསྔལ་ཉེ་བར་ཞི་བའི་ཕྱིར་རོ།། གྱ་ནོམ་པ་ནི་མི་གཙང་བའི་ཉོན་མོངས་པ་ཉེ་བར་ཞི་བའི་ཕྱིར་རོ།། མྱ་ངན་ལས་འདས་པ་ན་ཡང་སྲིད་པ་ཟད་པའི་ཕྱིར་རོ།། ཇི་ལྟ་བ་བཞིན ་ནི་དོན་དམ་པའི་ཕྱིར་རོ།། ཕྱིན་ཅི་མ་ལོག་པ་ནི་ཕྱིན་ཅི་ལོག་གི་དམིགས་པ་མེད་ཕྱིར་ལ། དེ་ཉིད་གླིང་དང་ཆོས་མཐུན་པས་གླིང་སྟེ། ངོ་བོ་ཉིད་མེད་པའི་མཚོན་ཉིད་ཀྱི་ཆོས་ཀྱི་དབྱིངས་དེས་སྟོན་པས་ན་གླིང་དུ་གྱུར་པའོ་ཞེས་པ་ནི་གླིང ་གིས་བྱེད་པའོ།། སྒོ་ངའི་ཕྱི་རོལ་གྱི་ཆ་ནི་སྦུབས་ཏེ། གཡོགས་པར་བྱེད་ཅིང་སྦྱོར་བ་མེད་པས་སྒོ་ང་ལས་འདིར་སྐྱེས་ཞེས་བྱ་བའོ།། ལིང་ཏོག་ནི་མཐོང་བ་དང་འགལ་བའི་ཕྱིར་ཏེ། དེ་ནས་མ་རིག་པའི་སྒོ་ངའི་སྦུབས་དང་ལིང་ཏོག་གིས་ཀུན ་དུ་ཁེབས་པ་སྟེ། དེ་ཉིད་ཀྱིས་ན་གཏི་མུག་གི་མུན་པར་བྱས་པའོ།། སྣང་བ་ཞེས་པ་ནི་སྣང་བར་བྱེད་པས་མུན་པོ་བཅོམ་ཞིང་སེལ་བར་བྱེད་ཅིང་། དེ་ལྟར་འདི་རྣམས་ལ་སློང་བར་བྱེད་པས་ན་སྣང་བར་འགྱུར་རོ་ཞེས་པ་ནི་སྣང་བའི་བྱེད་པའི ་དེ་ཡང་གླིང་དང་སྣང་བ་ནི་ཆོས་མཐུན་ཏེ་ལུང་ལའོ།། འོན་ཀྱང་གླིང་ནི་ཐིབ་པར་བྱེད་ཅེས་པས་གླིང་ལ་དེད་དཔོན་དང་དེའི་ལཱ་ཀྱི་གླིང་ནི། འདི་ལྟ་སྟེ་མྱ་ངན་ལས་འདས་པའི་རིན་པོ་ཆེའི་གླིང་གི་ཚུལ་གྱིས་ཏེ། འདིར་ཡུམ་བར་མོ་ལས ་རྣམ་པ་གསུམ་དུ་གླིང་གི་བྱེད་པ་གསུངས་སོ།། རང་བཞིན་གྱིས་ཆོས་རྣམས་ཐམས་ཅད་སྟོང་པ་ཉིད་དེ། དེས་ན་དེ་རྣམས་ལ་སྐྱེ་བ་མེད་དང་འགག་པ་མེད་པའི་ཆོས་བསྟན་པ་ནི་ཡོངས་སུ་འདྲེན་པ་སྟེ། འདི་ཡོངས་སུ་སྒྲོལ་བ་པོ་དང་དོན ་དམ་པར་རྟོགས་པ་པོའི་ཞེས་པ་ནི་ཡོངས་སུ་འདྲེན་པའི་བྱེད་པའོ།། ཐེག་པ་གསུམ་པོ་རྣམས་ཀྱིས་ལྷུན་གྱིས་གྲུབ་པར་སེམས་ཅན་གྱི་དོན་བྱེད་པ་ནི་ལྷུན་གྱིས་གྲུབ་པའི་བྱེད་པའོ།། ཐེག་པ་གསུམ་པོ་རྣམས་ཀྱིས་འབྲས་བུ་མངོན་སུམ་དུ ་མཛད་པའི་བྱ་བའི་བདག་ཉིད་ཅན་ཞེས་པ་ནི་ཀུན་ནས་ཉོན་མོངས་པ་ཅན་དང་། རྣམ་པར་བྱུང་བ་ཅན་གྱི་ཆོས་རྣམས་ལ་གོ་རིམ་ཇི་ལྟ་བ་བཞིན་དུ་བགྲང་བྱ་དང་བགྲོད་པའི་འབྲས་བུ་མངོན་སུམ་དུ་བྱེད་པའི་བྱ་བ་བཀག་པས་སོ།། ཞེས ་པ་ནི་ཐེག་པོ་གསུམ་གྱི་ངེས་པར་འབྱུང་བ་དེའི་འབྲས་བུ་མངོན་སུམ་དུ་མི་བྱེད་པའི་བྱེད་པའོ།། ནམ་མཁའི་རྟེན་ཅན་ནི་ན་མཁའི་མཐར་ཐུག་པའོ།། ཇི་ལྟར་ན་མཁའ་ཞེས་པ་ནི་ན་མཁའ་ནི་རྫས་མེད་པོ་ཙམ་ལ་མི་བྱས་པ་སྟེ་མ་སྐྱེས་པའི ་ཕྱིར་རོ།། རྣམ་པར་མི་འགྱུར་བ་ནི་གནས་སྐབས་གཞན་དུ་སྐྱེ་བ་མེད་པའི་ཕྱིར་རོ།། མངོན་པར་འདུས་མ་བྱས་པ་ནི་རྒྱུ་དང་རྐྱེན་རྣམས་ཀྱིས་སོ།། གནས་པ་ནི་སྐྱེ་བ་མི་འཇིག་པའོ།། ཡང་དག་པར་གནས་པ་ནི་ཁོར་ཡུག་ཏུ་གནོས་པའོ།། ་རྣམ་པར་གནས་པ་ནི་ཁ་ཅིག་དུ་གནས་པ་སྟེ། དེ་ལས་བཟློག་པས་ནི་མི་གནས་པ་ལ་སོགས་པ་གསུང་སྟེ། ཐམས་ཅད་རྣམ་པར་རྟོག་པ་མེད་ཅིང་ལྷུན་གྱིས་གྲུབ་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ་ཞེས་པ་ལ་དགོངས་པའོ།། ཇི་ལྟར་ན་མཁའི ་རྟེན་དེ་བཞིན་དུ་སྟོང་པ་ཉིད་ལ་སོགས་པའི་རྟེན་ཏེ། དེ་ཉིད་ལ་རྟེན་མེད་པ་ཉིད་རྟེན་ནོ།། ཞེས་ཆོས་རྣམས་ཐམས་ཅད་དེ་ལྟར་བསྟན་པས་རྟེན་དུ་འགྱུརརོ་ཞེས་པ་ནི་རྟེན་གྱི་བྱེད་པ་སྟེ། རྟེན་དེ་ཉིད་ཐོབ་པའི་བྱེད་པའོ།། ་མ་སྐྱེས་པའི་རྟེན་ངོ་བོ་གང་ལདག་དེ་བཞིན་ཏེ། འདི་ཡིས་རྒྱས་པར་བཤད་པ་ནི་སྐྱེ་བ་མེད་པའི་རྟེན་ཅན་ཞེས་པའོ།། དེའི་ཕྱིར་ན་དངོས་པོ་མེད་པ་ཉིད་དུ་ཡོད་ཅེས་པ་ནི་དེ་ཁོ་ན་ཉིད་དུ་དངོས་པོ་མེད་པའོ།། དེ་ལྟར་ཀུན་རྫོབ་དང་དོན ་དམ་པར་རོ་གཅིག་པ་ཉིད་ཀྱིས་རྨི་ལམ་གྱི་ངོ་བོ་ཉིད་དོ།། བྱེ་བྲག་གཞན་གསུངས་པ་ནི་བདག་ཅེས་པ་སྟེ། ཇི་ལྟར་བདོག་མེད་པ་དེ་བཞིན་དུ་མེད་ལ། བདག་གིས་རྟེན་བྱས་པ་བཞིན་དུ་རྟེན་དེ་རྣམས་སོ་ཞེས་པའོ།། འདི་རྟག་པ ་དང་ཆད་པའི་མཐའ་དང་བྲལ་བས་ནཱ་མུ་མེད་པའོ།། ཡང་དོག་པའི་ཀུན་རྫོབ་ཀྱི་ངོ་བོ་རྣམས་ཀྱི་མུ་ལ་ངེས་པར་འཇིག་པ་མེད་པས་ཆད་པ་མེད་དེ། མུ་མེད་པའི་ངོ་བོ་ཉིད་དོ།། ཞེས་པ་ནི་གཞན་དག་གིའོ།། དོན་དམ་པར་ཉོན་མོངས་པའི ་སྒྲིབ་པ་ཞེ་བསམ་ཞི་བ་ལ་ཤེས་བྱའི་སྒྲིབ་པ་ཞི་བ་ནི་མྱ་ངན་ལས་འདས་པ་སྟེ་དེའི་རྟེན་ཅན་ནོ།། སྒྲིབ་པ་གཉིས་ཀ་ཡང་ཀུན་རྫོབ་པ་གློ་བུར་པའི་ཕྱིར་ལ་དེ་ཁོ་ནར་ནི་མ་སྐྱེས་པའོ་ཞེས་པ་ལ་དགོངས་པའོ།། དབྱུང་དུ་མེད་པ་ནི་ཆོས ་རྣམས་ཀྱི་ཡང་དག་པའི་ཀུན་རྫོབ་ཀྱི་ངོ་བོ་ཉིད་ནི་དབྱུང་དུ་མེད་དོ།། བར་མཚམས་མེད་པས་ཡོད་པའི་ཕྱིར་དེ་ལ་ཆད་པ་མེད་པས་སོ་སོར་དབྱུང་དུ་མེད་པའི་རྟེན་ཅན་ཏེ་དྲི་མ་དང་བཅས་པའི་གནས་སྐབས་སུ་ཡང་རང་བཞིན་གྱིས།། ་ཡོངས་སུ་དག་པའི་དེ་ཁོ་ན་ཉིད་ཀྱི་སྒྲིབ་པ་མེད་པའི་མྱ་ངན་ལས་འདས་པའི་ངོ་བོ་ཅན་གང་རྣམས་ལ་གང་དུ་དབྱུང་དུ་མེད་ཅེས་པ་ནི་དབྱུང་དུ་མེད་པའོ།། ཀུན་རྫོབ་ཏུ་སྒྲིབ་པ་ལས་འབྱིན་པར་བརྗོད་ཀྱི་དོན་དམ་པར་ནི་མ་ཡིན ་ཡིན་ནོ།། དེའི་ཕྱིར་ན་འཕགས་པས་མྱ་ངན་འདས་དང་སྲིད་པ་ཉིད་གཉིས་སུ་ཡོད་པ་མ་ཡིན་ཏེ། སྲིད་པ་ཡོངས་སུ་ཤེས་པ་ལ་མྱ་ངན་ལས་འདས་ཞེས་བརྗོད་པ་ཡིན་ཞེས་པས་ནི་འགྲོ་བ་དང་འོང་བ་དང་བྲལ་བའོ།། མི་གཡོ ་བ་ནི་ཆོས་ཀྱི་དབྱིངས་དེ་དེ་བཞིན་ཉིད་ཀྱིས་ངོ་བོ་ཉིད་ལ་མི་འདའ་ཞེས་པ་ནི་གཞན་དུ་རྟུན་པ་བཀག་ཅིང་དམིགས་པ་མེད་པའི་སྦྱོར་བས་ཐོབ་པར་འགྱུར་རོ་ཞེས་ནི་རྟེན་གྱི་བྱེད་པའོ།། རྟེན་དུ་འགྱུར་ཞེས་གསུངས་པའི་ཉེ་བར ་འགྱུར་བའི་རྟེན་དུ་འགྱུར་ཞེས་པའོ།། ངོ་བོ་ཉིད་ཀྱིས་དབང་དུ་བྱས་ནས་བསྟན་བཅོས་ལས། ཉོན་མོངས་རྟགས་དང་མཚན་མ་དང་།། མི་མཐུན་ཕྱོགས་དང་གཉེན་པོ་དང་།། དབེན་དང་དཀའ་དང་ངེས་པ་དང་།། ཚད་དུ་བྱ་དང་། ་མི་དམིགས་དང་།། མངོན་པར་ཞེན་པ་བཀག་པ་དང་།། དམིགས་པ་ཞེས་བྱ་གང་ཡིན་དང་།། མི་མཐུན་ཕྱོགས་དང་མེད་དང་དེ།། གཞི་མེད་འགྲོ་མེད་སྐྱེ་མེད་དང་།། དེ་བཞིན་ཉིད་ནི་མི་དམིགས་དང་།། ངོ་བོ་ཉིད་ཀྱི་བཅུ ་དྲུག་བདག། མཚན་ཉིད་ཅན་ལྟར་མཚོན་པ་ཡི།། མཚན་ཉིད་བཞི་པར་བཞེད་པ་ཡིན།། ཞེས་ཏེ། མཚོན་བྱོ་དང་སྦྱོར་བའི་མཚན་ཉིད་འདི་ལ་ཡོད་ཅེས་མཚན་ཉིད་ཅེས་པའོ།། མཚོན་ཞེས་པ་སྟེ། གང་ཡང་མཚོན་བྱ་ལ ་ཞེས་པ་ནི་འདིའི་རྒྱས་པར་བཤད་པའོ།། འདིའི་གློ་སྐབས་ནི་རབ་འབྱོར་གྱིས་གསོལ་པ་ཞེས་པ་ལ་སོགས་པ་སྟེ། སྤྱད་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལའོ།། བསྲུང་བར་འགྱུར་ཞེས་པ་ནི་སྤྱོད་པ་པོའོ།། འདུལ ་བ་ནི་བསལ་བར་རིགས་ཞེས་པའོ།། འདུལ་བར་བྱ་བ་རྣམས་དབེན་པ་ནི་འདི་རྣམས་ཀྱི་ངོ་བོ་ཉིད་དེ་ཆོས་ཀྱི་དབྱིངས་སོ།། ཞེས་པས་དེ་བཞིནི་ཉིད་དུ་བཤད་དོ།། འདི་རྣམས་ཀྱིས་ནི་ངོ་བོ་ཉིད་རྣམ་པ་བཞི་བཤད་དོ།། དེ་དག་ཉོན ་མོངས་པ་ནི་འདོད་ཆགས་ལ་སོགས་པའོ།། ཉོན་མོངས་པའི་རྟགས་ནི་ཉོན་མོངས་པའི་བྱས་པའི་ལུས་ལ་སོགས་པའི་གནས་ངན་ལེན་ལ་ཉོན་མོངས་པའི་མཚན་མ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་སོགས་པའོ།། མི ་མཐུན་པའི་ཕྱོགས་དང་གཉེན་པོའི་ཕྱོགས་ནི་འདོད་ཆགས་དང་འདོད་ཆགས་མེད་པ་དང་། ཞེ་སྡང་དང་ཞེ་སྡང་མེད་པ་དང་། གཏི་མུག་དང་གཏི་མུག་མེད་པའོ།། འདི་ཉིད་ཀྱི་ངོ་བོ་རྟོགས་ནས་གང་ཞིག་མངོན་པར་རྫོགས་པར ་བྱང་ཆུབ་ནས་བསྟན་པར་འགྱུར་བསྲོ་རྟེན་ཏུ་འགྱུར་ཞེས་པའོ།། རབ་འབྱོར་གྱིས་གསོལ་པ་ཞེས་པ་ལ་སོགས་པ་སྟེ། གཟུགས་དང་འབྲེལ་པ་མ་ཡིན་ཞེས་པ་ནི་གཟུགས་ལ་སོགས་པའི་ངོ་བོ་ཉིད་རང་གི་རྟོགས་པའི་ཕྱིར ་མ་ཡིན་ལ། གཟུགས་ལ་སོགས་པའི་ངོ་བོ་རྣམས་སེམས་ཅན་རྣམས་ཀྱི་དོན་གྱིས་ཕྱིར་ཡང་མ་ཡིན་ཞིང་ས་གསུམ་གྱི་ངོ་བོ་ཉིད་རང་གི་རྟོགས་ལ་མ་ཡིན་ཞིང་། བྱང་ཆུབ་པའི་ངོ་བོ་ཉིད་གསུམ་པོས་སེམས་ཅན་གྱི་དོན་ལ ་ཡང་མ་ཡིན་ཏེ། གསུམ་མེད་ཅིང་གཅིག་ཉིད་དུ་གནས་པར་བལྟ་བར་བྱའོ་ཞེས་པ་ལ་དགོངས་པའོ་ཞེས་པ་ནི་དཀའ་བའི་ངོ་བོ་ཉིད་དོ།། དེ་སྐད་ཅེས་གསོལ་པ་དང་ཞེས་པ་ལ་སོགས་པ་སྟེ། མངོན་པར་འདོད་པའི་དོན་ནི་དོན་གྱི ་དབང་དུ་ལ་སངས་རྒྱས་ཀྱིས་ཉིད་ལ་ཞེས་པ་ནི་མཐའ་གཅིག་པའི་ངོ་བོ་ཉིད་ལའོ།། གཞན་གྱིས་ཞེས་པ་ལ་སོགས་པ་ནི་ཚད་དུ་བྱ་བའི་ངོ་བོ་ཉིད་དོ།། རབ་འབྱོར་གྱིས་གསོལ་པ་ཞེས་པ་ལ་སོགས་པ་སྟེ། ཟབ་མོ་ནི་སྒོམ་པ་དང་སྒོམ ་པ་པོ་དང་བསྒོམ་པར་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དངོས་པོ་དང་། དེ་ལྔ་དམིགས་པ་རྣམས་ཡོངས་སུ་གྲུབ་པའི་དངོས་པོར་ཉེ་བར་མི་དམིགས་པའོ།། འདིར་ན་མཁའ་བསྒོམ་པ་ནི་ཆོས་འདི་དག་ཐམས་ཅད་མི ་བསྒོམ་པ་སྟེ། ཆོས་རྣམས་ཐམས་ཅད་སྟོང་པ་ཉིད་དང་རོ་གཅིག་པའི་ཕྱིར་རོ།། དེའི་ཕྱིར་ན་ཆགས་པ་མེད་པར་སྒོམ་པ་འདི་དག་གིས་ཀྱང་མཐའ་ཡས་པ་བསྒོམ་པའོ།། ཆོས་རྣམས་ཐམས་ཅད་དམིགས་པ་ལ་གེགས་མེད ་པ་དེ་ཆོས་རྣམས་ལས་གཞན་མ་ཡིན་པའི་ཕྱིར་རོ།། ཡོད་པ་མ་ཡིན་པ་སྒོམ་པ་མ་ཡིན་ལ། ཡོད་པ་སྒོམ་པའང་མ་ཡིན་ཞིང་ཡོད་པ་དང་མེད་པ་ལའང་མ་ཡིན།། གཉི་ག་མ་ཡིན་པའང་སྒོམ་པ་ཡིན་ཞེས་པ་ནི་ཡོངས་སུ་འཛིན་པ ་མེད་པའི་སྒོམ་པའོ།། ཉེ་བར་བརྟགས་པར་བྱ་བ་ནི་ཤེས་པར་བྱ་བའི་ཞེས་པ་ནི་ཉེ་བར་དམིགས་པ་མེད་པའི་ངོ་བོ་ཉིད་དོ།། གང་ཡང་ཞེས་པ་ལ་སོགས་པ་སྟེ། མངོན་པར་ཞེན་པ་མེད་པ་ནི་ངོ་བོ་ཉིད་དུའོ།། རབ་འབྱོར་གྱིས ་གསོལ་པ་ཞེས་པ་ལ་སོགས་པ་སྟེ། རྣམ་པར་བརྟག་པ་ཉིད་ནི་དམིགས་པ་མེད་དོ།། གཞོལ་བ་དང་བབ་པ་དང་བབ་པ་ནི་སྒྲའི་རྟེན་གྱི་དོན་ལ་སྟེ། སྦྱོར་བ་དང་དངོས་གཞི་དང་རྗེས་ཀྱི་དབྱེ་བས་སོ།། རྒྱུད་ཅེས་པ་ནི་སེམས་ཀྱི་རྒྱུད ་དོ།། ནམ་མཁའ་ལ་གཞོལ་བ་ཞེས་པ་ནི་ནམ་མཁའ་ལྟ་བུའི་ཐམས་ཅད་མཁྱེན་པ་ཉིད་ལའོ།། འདི་ལྟར་ཞེས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལའོ་ཞེས་པ་ནི་ལྷག་མུའོ།། དེ་ལྟར་ན་མཁའ་ལྟ་བུ་ཉིད་ལ་གང་དུ་ཡུལ་དང་དུས་ཀྱི་ཚད་གཟུང་བར་མི ་ནུས་པའི་ཕྱིར་ན་གཞལ་དུ་མེད་པའོ།། དེ་ཉིད་ཚང་དང་བྲལ་བས་ཚད་མེད་པ་སྟེ། དེ་ནི་གཟུགས་ནས་ཇི་སྲིད་དུ་མི་གནས་ཡང་མ་ཡིནོ་ཞེས་པའི་བར་རོ།། ཐོབ་པ་ནི་ཚོགས་ཀྱི་ལམ་ལ་མངོན་པར་རྟོག་པ་ནི་སྦྱོར་བའི་ལམ་མོ།། ཁུང་དུ་ཆུད་པ་ནི་མཐོ ་བའི་ལམ་མོ།། ལམ་ནི་འཇིག་རྟེན་པའི་བསམ་གཏན་དང་། གཟུགས་མེད་པ་ལ་དམིགས་པའི་འཇིག་རྟེན་པའི་སྒོམ་པའི་ལམ་མོ།། ལམ་གྱི་འབྲས་བུ་ནི་འཇིག་རྟེན་ལས་འདས་པའི་སྒོམ་པའི་ལམ་མོ།། ཡེ་ཤེས་ནི་ཆུང་ངུའི་ཆུང་ངུ་ལ་སོགས ་པའི་ངོ་བོའི་ཆུང་ངུའི་ལམ་མོ་རྣམ་པར་ཤེས་པ་ནི་ཆུང་ངུའི་འབྲིང་ལ་སོགས་པའི་མཚན་ཉིད་ཀྱི་འབྲིང་གི་ལམ་མོ།། སྐྱེ་བ་ནི་ཆེན་པོའི་ཆུང་ངུའི་ལ་སོགས་པའི་ངོ་བོ་ཆེན་པོའི་ལམ་མོ།། སྐྱེ་བ་ནི་ཆེན་པོའི་ཆུང་ངུའི་ལ་སོགས་པའི་ངོ་བོ་ཆེན་པོའི ་ལམ་མོ།། འཇིག་པ་ནི་སྒོམ་པའི་ལམ་གྱི་ཉོན་མོངས་པ་སྤོང་བའི་ཐབས་ཀྱི་སྦྱོར་བའི་ལམ་མོ།། འབྱུང་བ་ནི་ཉོན་མོངས་པ་སྤངས་པས་རྣམ་པར་གྲོལ་བ་ཐོབ་པའི་བར་ཆད་མེད་པའི་ལམ་མོ་འགྲིབ་པ་ནི་ཉོན་མོངས་པས་དབེན་པའི་ཡེ་ཤེས ་མངོན་སུམ་དུ་བྱེད་པའི་རྣམ་པར་གྲོལ་བའི་ལམ་མོ།། འགགས་པ་ནི་སྒྲིབ་པ་བག་ཆགས་དང་བཅས་པ་སྤོང་བར་བྱེད་པའི་སྦྱོར་བ་དང་། བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་གྱི་བདག་ཉིད་ཀྱི་ཁྱད་པར་གྱི་ལམ་མོ།། བསྒོམ་པ་ནི་རྡོ་རྗེ ་ལྟ་བུའི་ཏིང་ངེ་འཛིན་ཏེ་འཇོམས་པར་བྱ་བའི་སྒྲིབ་པ་ཐམས་ཅད་ཀྱིས་འཇོམས་པ་པའོ།། རྣམ་པར་སྒོམ་པ་ནི་མཐོར་ཕྱིན་པོའི་ལམ་མི་སྐྱེ་བ་དང་ཟད་པ་ཤེས་པའོ།། ཡུལ་ནི་ཡུལ་ཐུན་མོང་ལའོ།། ཕྱོགས་ནི་བྱེ་བྲག་གོ།། འདི་རྣམས་ལ་ཡུལ ་དང་དུས་ཀྱིས་མི་ཁྱབ་པ་ཉིད་ཀྱིས་ཚད་དང་མི་ལྡན་པའི་ཕྱིར་ལ། གཞལ་དུ་མེད་པ་ནི་དེའི་ངོ་བོ་དང་མི་སྦྱོར་བའི་སྦྱོར་བའོ།། གཞན་དུ་ན་ཞེས་པ་ནི་གཟུགས་ལ་སོགས་པ་རྣམས་ཀྱི་ངོ་བོ་ཉིད་ལ་སྟེ། གཟུགས་ལ་སོགས་པ་ནི་ཚད་དང་ལྡན་པའི ་ཕྱིར་རོ་ཞེས་པ་ལ་དགོངས་པའོ།། གཟུགས་ལ་སོགས་པོ་ཉིད་ཐམས་ཅད་མཁྱེན་པ་ཉིད་ཅེས་པ་ནི་གང་གི་ཕྱིར་རྣོལ་འབྱོར་པའི་ཀུན་རྫོབ་ཏུ་གཟུགས་ལ་སོགས་པ་ཉིད་སྟོང་པ་ཉིད་དང་རོ་གཅིག་པར་རྟོགས་པས་སངས་རྒྱས་ཉིད་ལ་གཞན་དུ་ནི ་འདི་དང་གཟུགས་ཞེས་པའི་སྒྲས་གཟུགས་ལ་སོགས་པའི་ཆོས་ཉིད་བརྗོད་པ་སྟེ། དེའི་ཕྱིར་ན་འགལ་བ་མེད་དོ་ཞེས་པ་ནི་དེ་ལྟར་དམིགས་པའི་ངོ་བོ་ཉིད་དོ།། དེ་ནས་ཞེས་པ་ལ་སོགས་པ་སྟེ། ཟབ་མོ་ཞེས་པ་ནི་མོས་པར་དཀའ་བའི་ཕྱིར་རོ།། ་གཏིང་དཔག་པར་དཀའ་བ་ནི་བསམ་པའི་ཤེས་རབ་ཀྱིས་ཀྱང་མ་ཡིན་པའོ།། རྟོགས་པར་དཀའ་བ་ནི་འཇིག་རྟེན་ལས་འདས་པས་སོ།། དོན་གྱི་དབང་ནི་དེའི་རྒྱུས་བརྩོན་པ་ཆུང་བ་ཉིད་ལ་གཞོལ་བར་མཛད་པ་ནི་དམན་པས་ཀུན་ཏུ་སྤངས་པའོ།། ་གླད་དུ་སུས་ཀྱང་མིན་ཞེས་པ་ནི་བྱ་བ་དགག་པའོ།། ན་མཁའ་ཞེས་པ་ནི་ལས་སོ།། བདག་ཅེས་པས་ནི་བྱེད་པ་པའོ།། ཆོས་ཐམས་ཅད་ནི་ཐོབ་པར་བྱ་བ་རྣམས་ལ་འོང་བ་མེད་པས་སོ།། འགྲོ་བ་མེད་པ་ནི་སྤང ་བྱ་རྣམས་ལའོ།། མི་མཐུན་པའི་ཞེས་པ་ནི་ཕྱིན་ཅི་མ་ལོག་པ་སྟེ། གང་དུ་གཟུང་དུ་མེད་པ་ལ་རྣམ་པར་རྟོག་པའི་ཕྱིར་རོ།། དེ་ལྟར་འཇིག་རྟེན་པས་ཕྱིན་ཅི་ལོག་ལ་ཡིད་ཆེས་པའོ།། ཞེས་པ་ནི་མི་མཐུན་པའི་ངོ་བོ་ཉིད་དོ།། ལྷ་རྣམས ་བརྒྱ་བྱིན་ལ་སོགས་པ་རྣམས་ཀྱིས་ཉེ་བར་མཚོན་པ་སྟེ། དེའི་ལེའུ་ནི་ལྷའི་ལེའུ་སྟེ་བཅོ་ལྔ་པའོ།། ། དེ་ནས་ཞེས་པ་ལ་སོགས་པ་སྟེ། ཐོགས་པ་མ་མཆིས་པ་ནི་གནོད་པར་བྱུང་བ་མེད་པའི་ཕྱིར་རོ།། འདི ་མཚན་ཉིད་ནི་ཐོགས་པ་མེད་པའི་ངོ་བོའོ།། དངོས་པོ་ཐམས་ཅད་ཅེས་པ་ནི་དངོས་པོ་རྣམས་ཐམས་ཅད་ལ་རྗེས་སུ་མི་དམིགས་པའི་ཕྱིར་རོ།། གཉིས་པའི་འདྲ་བའི་སོ་སོར་འགྲན་པ་པོའི་མཚན་ཉིད་འདིའོ་ཞེས་པ་ནི་སོ་སོར་མཚན་ཉིད་ལ ་དེ་མེད་པས་འགལ་བ་དང་བྲལ་བའི་ཕྱིར་རོ།། ཞེས་པ་ནི་ཐོགས་པ་མེད་པའི་ངོ་བོ་ཉིད་དོ།། གནས་ནི་རབ་ཏུ་གནས་པ་སྟེ། བདེ་འགྲོ་དང་ངན་འགྲོ་དང་མྱ་ངན་ལས་འདས་པ་དེ་ལ་མེད་པས་ན་གནས་མེད་པའོ།། མངོན་པར་འགྲུབ ་པ་མ་མཆིས་པ་ཞེས་པ་ནི་གང་དུ་ཡང་མི་གནས་པ་སྟེ་གང་དུ་ན་ཡང་མངོན་པར་གྲུབ་པ་མེད་ཅིང་གང་ལ་སྐྱེ་བ་མེད་པའོ།། ལམ་ཐམས་ཅད་ཅེས་པ་ནི་འདིར་ཡོད་པ་དང་མེད་པ་ལ་སོགས་པ་རྣམས་ཀྱི་སྐྱེ་བ་ལ་མི་སྦྱོར་བའི་ཕྱིར ་དང་། བདེ་འགྲོ་དང་ངན་འགྲོ་དང་མྱ་ངན་ལས་འདས་པའི་ལམ་རྣམས་མེད་པའི་ཕྱིར་ལམ་མེད་པའོ་ཞེས་ནི་གཞི་མེད་པའི་ངོ་བོ་ཉིད་དོ།། དེ་ནས་ཞེས་པ་ལ་སོགས་པས་ཏེ། རྗེས་སུ་སྐྱེས་ཞེས་པ་ནི་ཕ་དང་བུ་དག་མ་སྐྱེས་པས་དོན།། ་དམ་དུ་འདྲ་བའི་ཕྱིར་ལ། གལ་ཏེ་མ་སྐྱེས་པ་ན་དེ་དག་ཇི་ལྟར་ཕ་དང་བུ་དག་ཏུ་འགྱུར་ཞེ་ན། ཀུན་རྫོབ་ཏུ་ཞེས་པ་ལ་དགོངས་པའོ།། མ་འོངས་པ་ནི་མ་སྐྱེས་པ་ལ་སོང་བ་ནི་རྣམ་པར་གཞོག་པའོ།། རྗེས་སུ་སྐྱེས་ཞེསྔོ་བ་ནི་རྗེས་སུ ་རྟོག་པ་ལས་སྐྱེས་པའོ།། འགྲོ་བར་འགྱུར་བས་འགྲོ་བ་སྟེ།། དེ་བཀག་པ་ནི་འགྲོ་བ་མེད་པའི་ངོ་བོ་ཉིད་དོ།། དེ་བཞིན་གཤེགས་པའི་ཞེས་པ་ལ་སོགས་པ་སྟེ། དེ་བཞིན་ཉིད་དུ་ཆོས་ཐམས་ཅད་གནས་པོ་ལས་མི་འདའ་བུའི ་ཕྱིར་ན། དེ་ཉིད་གནས་པ་ཉིད་དོ།། སྔོན་དུ་མེད་པའི་ངོ་བོ་ཉིད་བསྐྱེད་དུ་མེད་པས་འགྱུར་བ་མེད་དོ།། ངོ་བོ་ཉིད་ཀྱིས་མི་འཇུག་པས་རྣམ་པར་འགྱུར་བ་མེད་པའོ།། རྣམ་པར་རྟོག་པའི་ངོ་བོ་ཉིད་མེང་བས་རྣམ་པར་མི་རྟོག་པའོ།། ་རྟོག་པའི་ཡུལ་མ་ཡིན་པའི་ཕྱིར་རྟོག་པ་མེད་པའོ།། གང་ལ་ཡང་ཐོགས་པ་མེད་པ་ནི་ཐམས་ཅད་དུ་སོང་བའི་ཕྱིར་རོ།། དེ་ལ་ཐོགས་པ་མེད་པ་ཉིད་གང་དུ་ན་གང་དུ་ཡང་དེ་བཞིན་ཉིད་དེ་ཉིད་ཡོད་ན་དེ་ལས་གཞན་དུ་ཐོགས་པ་ཉིད ་དོ་ཞེ་ན། ལམ་ནི་ཇི་ལྟར་ཞེས་པ་སྟེ། གཅིག་ཏུ་བ་ལས་གང་དུ་གཉིས་མེད་པ་སྟེ། གཉིས་ཀྱི་དབྱེ་བ་དེ་ལ་མེད་པའི་ཕྱིར་རོ།། གཅིག་ལ་ཡང་འབྲེལ་པ་ཅན་གྱི་དབྱེ་བས་ཐ་དད་པར་གྱུར་ཏེ། དཔེར་ནི་སྔོན་གྱི་ནམ་མཁའ་དང་ཕྱི ་མའི་ནམ་མཁའ་ལྟ་བུ་སྟེ། དེ་བཞིན་དུ་གཟུགས་ཀྱི་དེ་བཞིན་ཉིད་དང་ཚོགས་པའི་དེ་བཞིན་ཉིད་དོ་ཞེས་འགྱུར་རོ་ཞེ་ན། དེ་ལ་གསུངས་པ་ནི་གཉིས་སུ་བྱུར་མེད་ཅེས་པ་སྟེ། འདིར་ཡང་ཡང་རྟག་ཏུ་དེ་ལྟར་ཞེས ་པ་དང་། གཉིས་སུ་མེད་པ་ནི་རང་ཉིད་ཀྱིས་དབྱེར་མེད་པ་དང་། དེ་བཞིན་ཉིད་ནི་གཞན་གྱིས་ཀྱང་དབྱེར་མེད་ཅེས་པ་ནི་གཉིས་སུ་མེད་པའི་དེ་བཞིན་ཉིད་དེ་གཏན་ཚིགས་གསུངས་པ་ནི་མེད་ཅེས་པ་སྟེ། གང་གང་ལ་རྟེན་པ་འམ། རྒྱུར་གྱུར ་པ་དེ་ནི་དེ་ཡིས་ངེས་པར་འགྱུར་བ་སྟེ། དཔེར་ན་ཁྲོན་པའི་ཆུ་ནས་ཀྱི་ལྡང་བ་བཞིན་ཞེས་པ་ནི། དེ་བཞིན་ཉིད་ནི་གང་ནས་ཀྱང་མ་ཡིན་ཞིང་གང་གི་ཡང་ཡོད་པ་མ་ཡིན་ནོ།། དེའི་ཕྱིར་ན་གང་དུ་ཡང་འབྲེལ་པ་མེད་པའི་ཕྱིར་གང་གི་ཡང ་མ་ཡིན་པའོ།། དེའི་ཕྱིར་རབ་འབྱོར་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་པའོ་ཞེས་པ་གྲུབ་ལ། གཏན་ཚིགས་གཞན་གསུངས་པ་ནི། དེ་ལྟ་བས་ན་ཞེས་པ་སྟེ། མ་བྱས་པའི་དེ་བཞིན་ཉིད་ཅེས་པ་ཡང་མ་བྱས་པའི་དེ་བཞིན་ཉིད་ནི་འདིར། ་རྟག་པའི་ཕྱིར་རོ།། ནམ་ཡང་དེ་བཞིན་ཉིད་ཡིན་པར་མི་འགྱུར་ཞེས་ལ་ནི་རྟག་པར་དེ་བཞིན་ཉིད་ཀྱི་དངོས་པོའི་ཕྱིར་ཏེ། གཉིས་སུ་མེད་པ་ནི་དུས་ཀྱི་དབྱེ་བས་ཀྱང་ཐ་དད་པར་མི་འགྱུར་བའི་ཕྱིར་རོ།། རྣམ་པོར་ཐམས་ཅད་དུ་ཞེས་པ་ནི ་འཇིག་རྟེན་གྱི་ཁམས་རྣམས་ཐམས་ཅད་དོ།། ཆོས་ཐམས་ཅད་ནི་དངོས་པོ་ཐམས་ཅད་ལའོ།། མི་རྟོག་པ་ནི་དེ་རྣམས་ཐམས་ཅད་ལ་མི་རྟོག་པའི་ཕྱིར། རྣམ་པར་མི་རྟོག་པ་ནི་དེ་བཞིན་ཉིད་ལ་རྣམ་པར་རྟོག་པ་ཐམས་ཅད་སྤངས ་པའི་ཕྱིར། དེ་བཞིན་དུ་ཤེས་པ་ནི་ཐམས་ཅད་དུ་རྟོགས་པ་མེད་ཅིང་རྣམ་པར་རྟོག་པ་མེད་པས་སོ།། བསྐལ་པ་མ་ཡིན་པས་ནི་མ་བཅས་པའོ།། ཐ་མི་དད་ཅེས་པ་ནི་གཞན་དུ་འབྱེད་པ་པོ་མ་དམིགས་པས་སོ།། གཉིས་པ་མེད་པས ་འདི་ནི་གཞན་མ་ཡིན་པའི་དེ་བཞིན་ཉིད་ལ། དེའི་རྗེས་སུ་བགྲོད་ཅིང་ཉེ་བར་སོན་པས་དེ་བཞིན་གཤེགས་པའོ།། ཞེས་པ་ནི་ཀུན་རྫོབ་ལ་དོན་དམ་པར་ནི་མ་ཡིན་ཞིང་ཞེས་པ་སྟེ། འདིརི་ཞེས་པ་ནི་དེ་ལྟར་སོང་བ་ལ་སོང་བ་མེད་པའི ་ཆོས་དང་གང་ཟག་ལ་བདག་མེད་པས་མཐོང་བས་ཞེས་པ་ལ་དགོངས་པའོ་ཞེས་པ་ནི་སྐྱེ་བ་མེད་པའི་ངོ་བོ་ཉིད་དོ།། དེ་བཞིན་གཤེགས་པའི་དེ་བཞིན་ཀྱང་ཞེས་པ་ལ་སོགས་པ་སྟེ། འདིར་དེ་བཞིན་ཉིད་ལ་ཐམས་ཅད་དུ་རབ་ཏུ་དབྱེ ་པ་རྣམས་མེད་ཀྱི་ཐ་དད་པ་མེད་པར་བསྟན་པས་དབྱེ་བ་དགག་པ་ནི་གཟུགས་ལ་སོགས་པ་འདི་རྣམས་ཀྱི་དེ་བཞིན་ཉིད་རྣམས་ལ་དམིགས་པ་མེད་པས། དེ་བཞིན་ཉིད་དེ་མི་དམིགས་པ་ནི་བཅུ་དྲུག་གི་ངོ་བོ་ཉིད་དོ།། དེ་བཞིན་ཉིད་འདི། ་རྣམས་ཀྱི་ཆེ་བའི་བདག་ཉིད་གསུངས་པ་ནི། འདི་བསྟན་ཞེས་པ་ལ་སོགས་པ་སྟེ། དེ་བཞིན་ཉིད་དུ་གཤེགས་ཤིང་མཁྱེན་པ་འདིས་དེ་བཞིན་གཤེགས་པ་ལ་སྡུག་ཅེས་པ་ལ་སོགས་པ་ནི་བྱ་བའི་ཁྱད་པར་ཏེ། འདིར་ཁམས ་གསུམ་གཡོ་བའི་དོན་དུ་གསུངས་དང་སྒྲའི་དོན་ལ་སྟེ། དྲུག་ལ་ཆུང་ངུ་དང་འབྲིང་དང་ཆེན་པོ་བྱ་བའི་དབྱེ་བས་ཏེ་ལྟས་ཆེན་པོ་བཅོ་བརྒྱད་དུ་འགྱུར་རོ།། དེ་ལ་འགུལ་བ་ནི་མཐའ་དག་གོ། གཡོ་བ་ནི་ཆོ་ཤས་སོ།། མ་ལུས་བ་ཤིན་ཏུ། ་འགུལ་བ་ནི་འཁྲུགས་འཁྲུགས་པའོ།། ཆམ་ཚམ་ནི་སྒྲའོ་འུར་བནྡྷ་ནི་དབྱུག་པས་བརྡུངས་པའི་མཁར་རྔ་བཞིན་ནོ།། ཀུན་ཏུ་འུར་འདྲ་ནི་འབྲུག་སྒྲ་ཆེན་པོ་བཞིན་ནོ།། རྣམ་པ་དྲུག་ཏུ་གཡོས་པ་ནི་ཇི་ལྟར་ས ་གཞིའི་ཤར་ཕྱོགས་མཐོ་ན་ནི་ནུབ་ཕྱོགས་དམའ་ལ། ཤར་ཕྱོགས་དམའ་ན་ནི་ནུབ་ཕྱོགས་མཐོ་བའོ།། ལྷོ་ཕྱོགས་མཐོ་ན་ནི་བྱང་ཕྱོགས་དམའ་ལ་བྱང་ཕྱོགས་མཐོ་ན་ནི་ལྷོ་ཕྱོགས་དམའ་བྱའོ།། དབུས་མཐོན་ནི་མཐའ་དམའ་ལ། མཐའ ་མཐོ་ན་ནི་དབུས་དམའ་འོ།། ཞེས་པའོ།། འདི་རྣམས་གཡོ་བ་ལ་སོགས་པའོ།། ལྷོ་རྣམས་བཅོམ་ལྡན་འདས་མཉན་པ་དང་ལྗོན་པ་རྣམས་དགའ་ཞིང་རངས་ནས་སྤྲོ་བ་འདི་ནས་དེ་རུ་ཡོངས་སུ་བསྐྱོད་པ་དང་། བསྟན་པ་ཡང་བསྐྱོད་པ ་ནི་ཆོས་རིན་པོ་ཆེའི་བདག་ཉིད་ཆེན་པོར་ཤེས་པར་བྱེད་པ་དང་། ཆོས་ཉིད་ཀྱི་མཐའ་ཡིས་སོ།། ཡོད་པ་མེ་ཡིན་པ་ནི་འདིར་ཉེ་བར་མི་དམིགས་པའོ།། གང་གིས་ཞེས་པ་ནི་རང་གི་ཆོས་རྣམས་ཀྱིས་ཏེ། བྱེད་པ་པོ་དང་གང་ཡང་དེ་བཞིན ་གཤེགས་པའི་ཆོས་ཀྱི་རྗེས་སུ་སྐྱེ་བར་བྱ་བའི་ལས་ཀྱི་དེ་བཞིན་ཉིད་ལ་ཇི་ལྟར་སྤྱད་དེ། དེ་ཙམ་ལ་གནས་པའི་ཕྱིར་རིགས་ཡིན་པས་འདབ་ཆགས་ལ་ལུས་ཆེན་པོའི་ཕྱིར་ན་བྱ་ཚན་པོའོ།། བར་དུ་ཞེས་པ་ནི་ཇི་སྲིད་དུ་སའི་དབུས་ཀྱི ་འདུ་ཤེས་ཀྱིས་ཏེ། ཐར་པའི་ཆ་དང་མཐུན་པ་བརྗོད་པར་བྱ་བས་ན་དེ་གསལ་བར་བྱེད་པར་འདོད་ནས། ཤཱ་རིའི་བུས་གསོལ་པ་ཞེས་པ་ལ་སོགས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱ་ཞེས་པ་ནི་ཆོས་ཐམས་ཅད་དོན་དམ ་པར་ཤེས་ནས་སྤྱོད་པ་བྱེད་པ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཕགས་པ་ལ་མཚན་མ་མེད་པར་བྱེད་པའི་དོན་དུ་ཟབས་རྣམ་པ་ཐམས་ཅད་མུཁྱེན་པ་ཉིད་ཀྱི་སེམས་རྟག་པར་མ་བཏང་ཞིང་། བསོད་ནམས་ཐམས་ཅད་ཀྱང་བྱུང་དུ ་ཏུ་ཡང་དག་པར་ཡོངས་སུ་བསྔོ་བ་དང་རྗེས་སུ་ཡི་རང་བའོ།། དེའི་ཐབས་ལ་མཁས་པ་ནི་འདིར་པོ་སྟན་བཅོས་ལས། མཚན་མེད་རབ་ཏུ་སྦྱིན་ལ་སོགས།། ཡང་དག་སྒྲུབ་ལ་མཁས་པ་ནི།། རྣམ་པ་ཐམས་ཅད་རྟོགས་འདི་ལོ།། ཐར ་པའི་ཆ་དང་མཐུན་པར་འདོད་ཅེས་ཏེ། མཚན་མཐུན་མོང་མ་ཡིན་པའི་ངོ་བོའི་རང་གི་མཚན་ཉིད་དང་། མཚན་མར་མངོན་པར་ཞེན་པ་མེད་པའི་མཚན་ཉིད་དང་། མཚན་མར་མ་དམིགས་པའི་ཤེས་པའི་རྣམས་པ་ཡིས་སྦྱིན་པ་ལ ་སོགས་པའི་སངས་རྒྱས་ཀྱི་ཆོས་རྣམས་ཐམས་ཅད་རང་གི་རྒྱུད་ལས་འབྱུང་བར་ཡང་དག་པར་སྒྲུབ་པར་བྱེད་པ་ནི་མཁས་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐབས་ཀྱི་མཚན་ཉིད་དོ།། ཐར་པའི་ཚེ་ན་སྣོད་དོ།། དེ་ཐོབ་ཕལ་ཕན ་པའོ།། དེའི་རབ་ཏུ་དབྱེ་བ་ནི་ཡུམ་ཆེན་མོར་ལྔ་གསུངས་ཏེ། དེ་ལྟར་ཡང་བསྟན་བཅོས་ལས། སངས་རྒྱསོ་སོགས་དམིགས་དད་པ་དང་།། སྦྱིན་སོགས་སྤྱོད་ཡུལ་བརྩོན་འགྲུས་དང་།། བསམ་པ་ཕུན་སུམ་ཚོགས་དྲན་དང་།། རྣམ་པར ་མི་རྟོག་ཏིང་འཛིན་དང་།། ཆོས་རྣམས་རྣམ་པ་ཐམས་ཅད་དུ།། ཤེས་པའི་ཤེས་རབ་དང་རྣམ་ལྔ་ཞེས་ཏེ།། ཐར་པའི་ཆ་དང་མཐུན་པའོ།། དེ་ལ་གསུངས་པོ་ནི་དེ་སྐད་ཅེས་གསོལ་པ་དང་ཞེས་པ་སྟེ།། འདོར་བསྟན་བཅོས་ལས། རྫོགས ་པའི་བྱང་ཆུབ་རྣོན་པ་ཡིས།། རྟོགས་སླ་རྟུལ་པོས་རྟོགས་དཀར་བཞེད་ཅེས་ཏེ།། འདི་རྣམས་ཀྱི་གོ་སྐབས་ནི། དེ་ནས་ཞེས་པ་ལ་སོགས་ཏེ། འདིར་ཚོགས་ཆེན་པོས་ཀུན་ཏུ་འབྱུང་ཞེས་པ་ན་འབྱུང་བར་དཀའ་བའོ།། ། ་ཤེས་རབ་འཆལ་བ་ལ་སོགས་པའི་ཚིག་རྣམས་ཀྱིས་ནི་ཐར་པའི་ཚེ་དང་མཐུན་པ་རྟུལ་པོའི་ཁྱད་པར་གསལ་བར་བྱས་པའོ།། ཐར་པའི་ཆ་དང་མཐུན་པ་རྣོན་པོ་རྣམས་ཀྱིས་ན་རང་ཉིད་མངོན་པར་བྱུང་ནས་ཡང་དག་པར་རྫོགས་པའི་སངས ་རྒྱས་སུ་འགྱུར་བ་མ་མཆིས་སོ་ཞེས་པའོ།། རྣམ་གྲངས་འདིས་ཞེས་པ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་པས་སོ་བདག་ཉིད་མངོན་པར་བྱང་ཆུབ་ཅེས་པ་སྟེ། སེམས་ཅན་རྣམས་གདོད་མ་ཉིད་ནས་དེ་བཞིན་ཞེས་པ་ནི་རྒོལ་བ་ལ། རབ ་འབྱོར་ལ་དེ་མེ་སྒྲུབས་པར་ཐོབ་པའི་གང་དག་ཐར་པའི་ཆ་དང་མཐུན་པ་ཆུང་ངུ་ལ་དེ་ནི་དེ་རྣམས་ཡོད་པ་མ་ཡིན་ཞིང་། འདིར་ཐོབ་པར་མི་སྲིད་པས་འབྱུང་བར་དཀའ་བའོ།། དེ་ཡང་བྱིས་པས་ནི་ཀུན་ནས་སྒྲོ་བཏགས་པ་དེ་ཉིད་ཀྱིས ་དངོས་པོས་བྱང་ཆུབ་པར་རློམ་ལ། དེ་ཡང་ཡང་དག་པར་མ་ཡིན་པའི་ཕྱིར་ཐོབ་པར་མི་འགྱུར་རོ་ཞེས་པ་ལ་དགོངས་པ་སྟེ། དེ་ལྟར་ཡང་བྱང་ཆུབ་ནི་རྣམ་པར་རྟོག་པས་སམ། གཞན་དུ་རྣམ་པར་རྟོག་པས་སྤྲུལ་པའི་དངོས་པོའི ་ཕྱོགས་གཉིས་ཆར་གྱིས་ཀྱང་རིགས་པ་མ་ཡིན་ཏེ། བྱང་ཆུབ་ནི་རྣམ་པར་རྟོག་པ་མེད་པའི་ཕྱིར་དང་རྣམ་པར་རྟོག་པ་མ་སྐྱེས་པའི་ཕྱིར་རོ།། དེ་བཞིན་དུ་ཞེས་པ་ནི་ནམ་མཁའ་དང་མཉམ་པས་ཀྱང་ངོ་།། དེ་ནི་མ་ཡིན་ཞེས་པ་ནི་དེ་ཉིད་མ ་ཡིན་པའོ།། ཕྱིར་མི་ལྡོག་པ་སྒྲུབ་པར་འདོད་ནས་གསུངས་པ་ནི་གང་ཡིན་ལྡོག་པའི་ཆོས་དེ་ཞེས་པ་ལ་སོགས་པ་སྟེ། ཆོས་ཐམས་ཅད་ལ་གནས་མེད་པ་ཉིད་དུ་སྦྱོར་བའི་རིགས་པས། དེ་ཆོས་ཉིད་ལ་གནས་ཤིང་། ཆོས་ཉིད་ཁོ་ན་ནི ་དག་པའི་བྱང་ཆུབ་སྟེ། དེ་ཡང་རང་བཞིན་ཉིད་ཀྱིས་དག་པའོ་ཞེས་དགོངས་པའོ།། ཆོས་རྣམས་ཀྱི་ཚུལ་དུ་སྐྱེ་བའི་དེ་ཁོ་ན་ཉིད་ཀྱི་བྱེ་བྲག་གི་དེ་བཞིན་ཉིད་ལ་དེ་བཞིན་ཉིད་ཅེས་པ་ནི་དེ་ཁོ་ན་ཉིད་དུ་མ་སྐྱེས་པས་ན་ཡོད་པ་མ་ཡིན ་ལ། རབ་ཏུ་འབྱེད་པར་བྱེད་པ་རྣམས་ལ་ཞེས་པ་ནི། བརྟགས་པར་བྱ་བ་རྣམས་ལའོ།། དེ་ལ་ཁྱད་པར་མེད་པ་ནི་བྱང་ཆུབ་སེམས་དཔའི་དབྱེ་བ་རྣམ་པ་གསུམ་མི་དམིགས་པས་སོ།། བྱེ་བྲག་མེད་པ་ཉིད་ནི་དེ་བཞིན་ཉིད་དང་རོ་གཅིག ་པར་ཀུན་ཏུ་རྟོགས་སོ།། ཐ་དད་དུ་བྱུར་མེད་པ་ནི་ཇི་སྐད་དུ་བཤད་པོའི་བྱེ་བྲག་ལས་བཟློག་ནས་ཐ་དད་དུ་བྱེད་པར་མི་ནུས་པའི་ཕྱིར་རོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདིས་ངེས་པར་འབྱུང་བའོ་ཞེས་པའི་བར ་གྱི་རྒྱ་ཆེན་པོས་ནི་རྣོན་པོ་རྣམས་ཀྱིས་ཐར་པའི་ཆ་དང་ཆ་དང་མཐུན་པས་བདག་ཉིད་རྫོགས་པའི་བྱང་ཆུབ་ཏུ་འབྱུང་བའོ་ཞེས་བཤད་པའོ།། ངེས་པར་འབྱེད་པའི་ཆ་དང་མཐུན་པ་ནི་བཞི་སྟེ། དེ་ལ་དྲོད་ཀྱི་དབང་དུ་བྱས་ནས ་བསྟན་བཅོས་པས། དྲོ་བ་རྣམས་ཀྱི་དམིགས་པ་ནི།། སེམས་ཅན་ཐམས་ཅད་ཡིན་པར་སྔགས།། དེ་དག་ལ་ནི་སེམས་མཉམ་སོགས།། རྣམ་པ་དག་ནི་བཅུར་བཤད་དོ།། ཞེས་ཏེ། འདི་ལ་གསུངས་པ་ནི་དེ་ནས་ཞེས་པ་ལ་སོགས ་པ་སྟེ། གནས་པར་བྱ་བ་ནི་སྤྲོས་པས་སོ།། བསླབ་པར་བགྱི་བ་ནི་གོམས་པས་སོ།། སེམས་ཅན་རྣམས་ལ་སེམས་མཉམ་ཞེས་པ་ལ་སོགས་པས་ནི་སེམས་གཞན་བཅུ་གསུངས་ཏེ། དགེ་བ་ནི་གཡོ་མང ་པའི་སེམས་སོ།། རྣམ་པར་འཚེ་བ་མེད་པ་ནི་སྙིང་རྗེའོ།། མ་དང་ཕའི་སེམས་དང་བུ་དང་བུ་མོའི་སེམས་དང་མགོན་མེད་པ་རྣམས་ཀྱི་མགོན་བྱེད་པའི་ཕྱིར་དང་།། རང་ཉིད་སྡིག་པ་ལས་ལྡོག་ཅིང་སྦྱིན་ལ་སོགས་པ་གནས་པས ་གཞན།། དེ་དག་ལེ་ནི་འགོད་པ་དང་།། བསྔགས་པ་བརྗོད་དང་མཐུན་པ་ཉིད།། རྩེར་འགྱུར་ཞེས་པར་བསྟན་བཅོས་ལས་ཏེ། དེ་དག་དང་མ་བྲལ་བར་གནས་པའོ།། དེ་ལ་གསུངས་པ་ནི་བདག། ཉིད་ཅེས་པ་ལ་སོགས་པ་སྟེ།། ་སྡིག་པ་ནི་མི་དག་པ་བཅུ་ལས་ཡོངས་སུ་རྒྱལ་བ་ནི་གོམས་པའོ།། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་པ་ལ་སོགས་པ་ནི་ལུགས་དང་མཐུན་པའོ།། དེ་ལ་བདེན་པ་གཉིས་མི་རྟོགས་པའི་ཤེས་པ་དང་ཕྱིན་ཅི་ལོག་ཏུ་ཤེས ་དང་ཐེ་ཚོམ་ནི་མ་རིག་པའོ།། དེས་མི་དགེ་བ་འདོད་པ་ན་ཀུན་ཏུ་སྤྱོད་པ་དང་།། དགེ་བ་ཟག་པ་དང་བཅས་པའི་ཁམས་གསུམ་གྱིས་ལས་འདུ་བྱེད་པར་འགྱུར་རོ།། དེས་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་བོ་དང་འཆི་བའི་མཚན་ཉིད ་ཅན་དང་འཆི་བ་དང་སྐྱེ་བའི་བར་དུ་གྱུར་པའི་སྲིད་པ་བར་མ་དོར་འབྱུང་བར་འགྱུར་ཏེ། སྲིད་པ་མ་སོན་པའི་ཐོགས་པ་མེད་པས་བར་དུ་ཡུལ་དེར་སྦྱོར་བར་འགྱུར་ཏེ། མའི་ལྟོ་བར་མཚམས་སྦྱར་བའི་སྐད་ཅིག་ལ་མ་ཞིག་པ་དང་། ་འདོད་ཆགས་དང་ཞེ་སྡང་དང་བཅས་པ་རྣམས་ཀྱི་འདུས་བྱས་པས་སྐྱེ་བ་འཛིན་པའི་ནུར་ནུར་པོའི་གནས་སྐབས་ཀྱི་ཕུང་པོ་ལྔའི་ནང་དུ་གཏོགས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཞེ་ས་ཏེ། ཡན་ལག་གསུམ་པའོ།། དེ་ལས་རྣམ་པར ་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཏེ། དེ་ལ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནི་ཁྱེར་ཞེས་པས་ནི་ཡང་སྲིད་པར་སྐྱེད་པའི་ཕྱིར་རོ།། གཟུགས་ནི་ནུར་ནུར་པའི་གནས་སྐབས་སོ།། དེ་ལས ་མིག་ལ་སོགས་པ་ནི་སྐྱེ་མཚད་དྲུག་གོ།། དེ་ལས་དབང་པོ་དང་ཡུལ་དང་རྣམ་པར་ཤིས་པ་རྣམས་འདུས་ནས་རྒྱུ་དང་འབྲས་བུའི་དངོས་པོར་གནས་པ་རྣམས་ཕན་ཚུན་དུ་རེག་ནས་ཚེརི་བཾ་སྐྱིད་པ་ལ་མངོན་དུ་བྱེད་པ་ནི་རེག་པའོ།། ་དེ་ལས་བདེ་བ་ལ་སོགས་པའི་ཚོར་བའོ།། དེ་ལས་མངོན་པར་འདོད་པའི་མཚན་ཉིད་ཀྱི་ཡང་སྲིད་པ་ལ་མངོན་པར་དགའ་བའི་ངོ་བོ་ནི་སྲིད་པའོ།། དེ་ལྟར་འདད་པ་དང་ལྕི་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱི་བདག་ཉིད ་ཀྱི་དངོས་པོ་ལེན་པའི་དབྱེ་བ་དགའ་བའི་ངོ་བོའི་ངོ་བོ་དེ་དང་བྲལ་བར་མ་གྱུར་ཞེས་པ་ལ་སོགས་པའི་རྣམ་པ་བཞིས་ཁྱད་པར་གྱི་སྲིད་པ་ལ་མངོན་པར་འདོད་པའི་ངོ་བོ་ནི་ཉེ་བར་ལེན་པའོ།། དེ་ལས་འདུ་བྱེད་པའི་ས་བོན་མ་རིག ་པ་དང་། སྲེད་པ་དང་། ལོན་པས་མི་བསླུ་བས་སྐྱེ་བ་སྐྱེད་པོ་ལ་མངོན་པར་ཕྱོགས་པས་སྲིད་པའོ།། དེ་ལས་སྐྱེ་བར་འགྱུར་ཏེ། མིང་དང་གཟུགས་ཀྱི་རིམ་གྱིས་སྐྱེ་བའོ།། དེ་ཡིས་རྒ་ཤི་ལ་སོགས་པའོ་ཞེས་པ་ཕན་ཚུན ་གྱི་རྒྱུ་ཅན་གྱི་ཡན་ལག་བཅུ་གཉིས་ཏེ། དེ་ནི་གླང་ཞིག་འཆི་བའི་བར་མ་དོར་ཡང་མི་འགྱུར་ཞིང་། རྫུས་ཏེ་སྐྱེ་བ་ཡང་མི་འགྱུར་ལ།། གཟུགས་དང་གཟུགས་མེད་པར་ཡང་མ་ཡིན་ནོ།། དེ་ལ་ཡན་ལག་དང ་པོ་གཉིས་ནི་སྐྱེ་བ་སྔ་མའིའོ།། བར་གྱི་བརྒྱད་པོ་ནི་དེ་ལྟར་འབྱུང་བའི་བའི་སྐྱེ་བ་ཡིའོ།། སྐྱེ་བ་དང་རྒ་ཤི་ནེ་མ་འོངས་པའི་སྐྱེ་བའི་འོ་ཞེས་པ་ནི་སྔ་མ་དང་ཕྱི་མ་དང་བར་མ་རྣམས་སུ་རྣམ་པར་བཞག་པ་ནི་ཀུན་དུ་རྨོངས་པ་མེད་པ་ན་མི ་འཇུག་གོ།། དབང་པོ་དང་གཞན་བརྒྱད་པ་དང་དགུ་པ་ནི་ཉོན་མོངས་པའོ།། གཉིས་པ་དང་བཅུ་པ་ནི་ལས་ཀྱི་ཀུན་ས་ཉོནས་པའོ།། ལྷག་མི་ན་སྐྱེ་བའི་ཉོན་མོང་པའོ།། ཉོན་མོངས་པ་ནི་ཀུནས་ཉོན་པའི་དབང་གིས་ལས་དང་སྐྱེ་བ་ཀུན་ཏུ་འཕེན་ལ། བདེན་པ ་མཐོང་བ་ནི་བདེན་པས་ལས་དང་ཡང་སྲིད་པ་མི་འཕེན་པའི་ཕྱིར་རོ་ཞེས་པ་ནི་ཡན་ལག་བཅུ་གཉིས་པའི་རྟེན་ཅིང་འབྱུང་བའོ།། ཉོན་མོངས་པ་དང་ལས་དང་སྐྱེ་བའི་རྒྱུན་གྱི་ངོ་བོའི་འཁོར་པ་ལ་ཐོག་མ་མེད་དོ།། ཐོག་མ་ཡོད་ན་ཐོག་མ་ལ ་རྒྱུ་མེད་པ་ཅན་དུ་ཐལ་བར་འགྱུར་བའི་ཕྱིར་རོ།། ཐ་མ་ནི་རྒྱུ་ཟད་པས་རིགས་ཏེ། ས་བོན་ཟད་པས་མྱུ་གུ་བཞིན་ཏེ།། སྐྱེ་བ་ནི་རྒྱུ་ལ་བལྟོས་པའི་ཕྱིར་རོ།། དེའི་ཕྱིར་སངས་རྒྱས་སོ་སོར་བསྐྱེད་པའི་སྟོང་པ་དང་། སྙིང་རྗེ་རོ་གཅིག་པའི ་བྱེབྱང་ཆུབ་ཀྱི་བདག་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཅན་གྱི་མ་རིག་པའི་གཉེན་པོ་བསྒོམས་པས་མི་རིག་པ་རིམ་གྱིས་ཟད་ནས། འཁོར་བ་པའི་སེམས་ཅན་གྲངས་མེད་པ་ཡོངས་སུ་མྱ་ངན་ལས་འདས་པའི ་ཕྱིར་ཐམས་ཅད་རྒྱུན་ཆད་པ་ཉིད་དུ་འགྱུར་ཏེ། འགྲོ་བ་འདི་དག་ཐམས་ཅད་སངས་རྒྱས་སུ་འགྱུར་ཞེས་ལུང་ལས་གསུངས་ཏེ། འདིར་མ་རིག་པ་འགུགས་པས་འདུ་བྱེད་ཅེས་པ་ནས་ཇི་སྲིད་དུ་སྐྱེ་བ་དང་རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས ་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་། འཁྲུགས་པ་རྣམས་འགག་པར་འགྱུར་ཞེས་ཏེ། དེ་ལ་ཕུང་པོ་ཡོངས་སུ་སྨིན་པ་ནི་རྒས་པའོ།། ཕུང་པོ་རྙིང་པོ་ཞིག་པ་ནི་ཤ་བའོ།། ཤྲཱི་བོར་གྱུར་པ་ལས་རྨོངས་པས་མངོན་པར ་ཆགས་པས་སྙིང་མི་བདེ་བ་ནི་མྱ་ངན་ནོ།། མྱ་ངན་གྱིས་ཀུན་ནས་བསླང་ནས་ངག་དུ་འདོན་པོ་ནི་སྨྲེ་སྔགས་སོ།། དབང་པོ་རྣམས་མི་བསལ་བ་ནི་སྡུག་བསྔལ་ལོ།། ཡིད་ལ་གཅགས་པ་ནི་ཡིད་མི་བདེ་བའོ།། སྡུག་བསྔལ་བ་དང་ཡིད་མི་བདེ ་བ་ལས་བྱུང་བ་ནི་འཁྲུག་པ་སྟེ། གང་དུ་འཕགས་པས་མ་རིག་པ་འགེགས་པར་འགྱུར་བ་ནི་འདུ་བྱེད་རྣམས་ནི་འབྱུང་མི་འགྱུར་མ་རིག་པ་འགགས་པར་འགྱུར་བ་ནི་ཤེས་པ་ང་ནི་བསྒོམ་པས་སོ།། མང་ཕལ་ཆེར་ཡང་ལུགས་ལ ་བཟློག་པ་གསུངས་ཏེ། སྐྱེ་བ་འགགས་པས་རྒ་ཤི་ལ་སོགས་པ་འགག་ཅེས་པ་ནས་ཇི་སྲིད་དུ། མ་རིག་པ་འགགས་པ་འདུ་བྱེད་ཅེས་པ་ལ་སོགས་པ་ནི་ལུགས་ལས་བཟློག་པའོ།། ཡང་དག་པར་བསྐུལ་བ་ནི་ཡང་དག་པར་འཛིན་པ་ལའོ།། ་བསྔགས་པ་བརྗོད་པ་ནི་ཡོན་ཏན་བརྗོད་པའོ།། མཐུན་པར་དཀའ་བའི་རྗེས་སུ་མཐུན་པས་སོ་ཞེས་པ་ནི་རྩེ་མོར་གྱུར་པའོ།། རང་གཞན་རྟེན་ཅན་བདེན་ཤེས་པའོ།། ཆོས་མཆོག་དེ་བཞིན་སེམས་ཅན་རྣམས།། སྨིན་བྱེད་སོགས་ཀྱིས ་ཤེས་པར་བྱ། ཞེས་པ་བསྟན་བཅོས་ལས་ཏེ། འདི་གསུངས་པ་ནི། དེ་བཞིན་དུ་བདེན་པ་ཞེས་པ་ལ་སོགས་པ་སྟེ། སྡུག་བསྔལ་ལ་སོག་བདེན་གྱི་ཡུལ་རྣམས་ལ་གོ་རིམ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་དང ་སྤོང་བ་དང་། མངོན་དུ་བྱེད་པ་དང་། བསྒོམ་པ་རྣམས་ལ་རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་མངོན་སུམ་བྱ་བའི་བྱ་བ་ལ་ཇི་སྲིད་དུ་ཡང་དག་པར་བསྐུལ་བ་ལ་སོགས་པ་ནས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་པའི ་བར་དུའོ།། དེ་ལྟར་སེམས་ཅན་ཞེས་པ་ལ་སོགས་པ་སྟེ། དེ་ལྟར་བཟོད་པར་འགྱུར་བ་དང་ཆོས་མཆོག་ཏུ་གྱུར་པའོ།། དེ་ལྟར་འདོད་ཅེས་ཞེས་པ་ལ་སོགས་པས་ནི་ངེས་པར་བྱེད་པའི་ཚེ་དང་མཐུན་པ་རྣམས་ཀྱི་འབྲས་བུ་གསུངས ་པའོ།། དེ་བཞིན་ཉིད་གཙོ་བོར་བསྟན་པའི་ལེའུ་ནི་དེ་བཞིན་ཉིད་ཀྱི་ལེའུའོ།། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་འགྲེལ་པ་གནད་ཀྱི་ཟླ་བའི་འོད་ཅེས་བྱ་བ་པཎྜི་ཏ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས ་པས་མཛད་པ་ལས་ལེའུ་བཅུ་དྲུག་པའོ།། ། ཚོགས་ཀྱི་དབང་དུ་བྱས་ནས་བསྟན་བཙོས་ལས་ངོས་འབྱུང་ཡན་ལག་ནས་བཟུང་སྟེ། མཐོང་དང་བསྒོམ་པའི་ལམ་དག་ལ།། བྱང་ཆུབ་སེམས་དཔའ་གང་དག ་གནས།། དེ་འདིར་ཕྱིར་མི་ལྡོག་པོའི་ཚོགས།། ཞེས་ཏེ། ཕྱིར་ལྡོག་པར་འགྱུར་བ་ནི་ཕྱིར་ལྡོག་པ་འོ།། དེ་ལྟར་མ་ཡིན་ཅེས་པ་ནི་ཕྱིར་མི་ལྡོག་པ་སྟེ། ཕྱིར་མི་ལྡོག་པའི་དགེ་འདུན་ནོ།། འདིར་དབང་པོ་རབ་ཀྱི་བྱང་ཆུབ་སེམས་དཔའ་ནི་ཚོགས ་ཀྱིས་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ངེས་པ་དང་སྙིང་རྗེ་ཆེན་པོ་སྦྱར་ནས་ཚོགས་གཉིས་རྫོགས་པར་བྱེད་པ་ལ། རྟག་པར་མངོན་པར་སྦྱོར་བར་དགའ་བས་ཕྱིར་མི་ལྡོག་པ་ཅན་ནོ།། དབང་པོ་འབྲིང་ནི་རབ་ཏུ་དགའ་བས་ལས་སྔོན ་དུ་དེའི་ངེས་པ་ལ་སོགས་པ་མེད་པའི་ཕྱིར་རོ།། དབང་པོ་རྟུལ་པོས་ནི་ཡང་ས་བརྒྱང་པ་ལ་སྔོན་དུ་བླ་ན་མེད་པའི་དེ་ཁོ་ན་ཉིད་མངོན་སུམ་དུ་བྱེད་པོའི་བྱ་བ་ལ་ངེས་པར་བསྟན་པོ་མེད་པས་ལྡོག་པཱི་དོགས་པ་འབྱུང་བར་འགྱུར་པའོ།། ངེས ་འབྱེང་ཡན་ལག་ནས་བཟུང་ཞེས་པ་ནི་ཚིགས་ཀྱི་ལམ་ལ་ཤིན་ཏུ་མི་ཟད་པའི་ངེས་པ་ཅནི་ལ་བལྟོས་ནས་གསུངས་པས་མངོན་པར་འདོད་པ་ནི་ཚོགས་ཀྱི་ས་ལ་ཡང་སྟེ།། སོགས་ཞེས་པ་མཐར་མེད་ཀྱང་དངོས་པོ་ལ་རྣམ་པར་བརྟགས ་ན་མཐར་གནས་པ་ཉིད་པས་ཕྱིར་མི་ལྡོག་པའི་རིགས་ཕྱིར་མི་ལྡོག་པ་ཅན་དེ་རྣམ་པ་བཞི་སྟེ། རྫོགས་པའི་བྱང་ཆུབ་ཀྱི་སེམས་འབྱུང་བ་ཤིན་ཏུ་ང་སྲིད་པས་ཞེས་པ་ལ་སོགས་པ་བཤད་ལ། བསྟན་བཅོས་སུ་གཟུགས་ལ་སོགས ་ལས་ལྡོག་སོགས་རྟགས།། རྣམ་པ་ཉི་ཤུ་བསྐྱེད་པ་ཡི།། ངེས་འབྱེད་ཡན་ལག་ལ་གནས་པའི།། ཕྱིར་མི་ལྡོག་པའི་མཚན་ཉིད་ནི་ཞེས་ཏེ། འདིར་ནི་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་ཤེས་པའི་རྟགས་རྣམས་ཏེ། གཟུགས་ལ་སོགས ་ལས་ལྡོག་པ་དང་།། ཐེ་ཚོམ་མི་དལ་ཟད་པ་དང་།། བདག་ཉིད་དགེ་བ་ལ་གནས་ཤིང་།། གཞན་དག་དེ་ལ་འཇུད་པ་དང་།། གཞན་གྱི་རྟེན་ཅན་སྦྱིན་སོགས་དང་།། ཟབ་མོའི་དོན་ལ་སོམ་ཉི་མེད་།། བྱམས་ལུས་སོགས་དང་སྒྲིབ་པ་ནི།། ་རྣམ་པ་ལྔ་དང་མི་འགྲོགས་དང་།། བག་ལ་ཉལ་ཀུན་འཇོམས་པ་དང་།། དྲན་པ་དང་ནི་ཤེས་བཞིན་དང་།། དགོས་ལ་སོགས་པ་གཙང་བ་དང་།། ལུས་ལ་སྲིན་བུ་རྣམས་མི་འབྱུང་།། གྱ་གྱུ་མེད་སེམས་སྦྱངས་པ ་ནི། ལེན་དང་སེར་སྣ་མེད་པ་དང་།། ཆོས་ཉིད་ལྡན་པར་འགྲོ་ཉིད་དང་།། སེམས་ཅན་དོན་དུ་དམྱལ་ཚོལ་དང་།། གཞན་གྱིས་བཀྲི་བར་མི་འདོད་དང་།། ལམ་གཞན་ཉེ་བར་སྟོན་འདུད་ལ།། བདུད་ཅེས་བྱ་བར་རྟོགས་པ་དང་།། སངས ་རྒྱས་དགྱེས་པའི་སྤྱོད་པ་སྟེ།། རྟགས་ནི་ཉི་ཤུ་དེ་རྣམས་ཀྱིས།། དོད་དང་རྩེ་མོ་བཟོད་པ་དང་།། ཆོས་མཆོག་རྣམས་ལ་གནས་པ་ནི།། རྫོགས་པའི་བྱང་ཆུབ་ལས་འདི་ལྡོག། ཅེས་བསྟན་བཅོས་ལས་སྟེ། རྟགས་ཀྱིས་མཚོན་པ་སྟེ། འདི། ་ལ་གསུངས་པ་ནི། ངན་སུ་ཞེས་པ་ལ་སོགས་པ་སྟེ། འདི་རྣམས་ཀྱི་རྣམ་པར་བྱེད་པའི་གསལ་བར་བྱེད་པས་ཞེས་པས་ན་རྣམ་པ་ལ།། འདི་རྣམས་ཀྱིས་མོ་ཆེན་པར་བྱེད་པས་ན་རྟགས་སྷོ།། འདི་རྣམས་ཀྱིས་གསལ་བར་བྱེད་ཅིང་རྟག་པར་བྱེད ་ཅེས་ན་མཚན་མ་སྟེ། དོན་གཅིག་ཀྱང་གསུམ་པོ་རྣམས་ཀྱིས་བརྗོད་པ་ནི་དེ་ནི།། གཞན་གྱི་དོགས་པ་གཅོད་པའི་དོན་དུ་འམ། རྣམ་གྲངས་ཀྱིས་བཤད་པའི་ཕྱིར་ཏེ།། གང་གི་ཕྱིར་ནི་གཉིས་སུ་བྱར་མེད་པ་སྟེ། གཟུགས་ལ་སོགས་རྣམ ་ཀྱི་ཆོས་རྣམས་ཐམས་ཅད་ནི་དོན་དམ་པ་མེད་པའི་ཕྱིར་དེ་བཞིན་ཉིད་དོ།། དེ་བཞིན་ཉིད་ལ་ནི་གཅིག་པ་ཉིད་དང་གཉིས་དང་མང་པོ་མེད་པ་སྟེ། དེའི་ཕྱིར་ན་དེ་བཞིན་ཉིད་ནི་གཉིས་སུ་མེད་པས་དབྱེར་མེང་པ་དང་གཉིས་སུ ་མེད་པས་མ་བཅད་པའོ།། རྣམ་པར་རྟོག་པའི་ངོ་བོ་དང་བྲལ་བས་རྟོག་པ་མེད་པའོ།། རྣམ་པར་རྟོག་པའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རྣམ་པར་རྟོག་པ་མེད་པའོ།། དེ་ལྟར་ཞེས་པ་ནི་དེ་ལྟར་དེ་བཞིན་ཉིད་ཀྱི་མཚན་ཉིད་དུ་གནས་ཤིང་དེ ་བཞིན་ཉིད་དང་རོ་གཅིག་པའི་ཕྱིར་རོ།། མི་རྟོག་པར་ནི་ཡང་དག་པར་རོ།། རྣམ་པར་མི་རྟོག་པ་ནི་ཕྱིན་ཅི་ལོག་ཏུའོ།། ཐོས་ནས་ཀྱང་ཞེས་པ་ནི་ཐོས་པའི་རྗེས་ལ་ཡང་ངོ་།། སོང་ནས་ཞེས་པ་ནི་དུས་ཕྱིས་ཀྱང་སྟེ། ནམ་ནུར་མི་བྱེད་པ་ནི་གནོད། ་པར་མི་བྱེད་པའོ།། ཡིད་གཉིས་མི་བྱེད་ཅེས་པ་ནི་རྣམ་པ་སྣ་ཚོགས་བློ་ནི་ཡིད་གཉིས་ཏེ་དེ་ཉིད་མི་བྱེད་ཅེས་པའོ།། འདི་རྣམས་རྒྱས་པར་བཤད་དེ།། ཐེ་ཚོམ་མི་བྱེད་ཅེས་པ་དང་རྨོངས་པར་མེ་བྱེད་ཅེས་པས་ནི་མི་སྒྲུབ་པ་དགག་པའོ།། ་དེ་ཁོ་ན་ཉིད་ལྟར་ཅེས་པ་ནི་ཐམས་ཅིད་དོན་དམ་པར་ཏེ། ཀུན་རྫོབ་ཏུ་ནི་གཟུགས་ལ་སོགས་པ་དེ་ལྟར་ལྷག་པར་མོས་ཤིང་སྟེ་དད་པས་སོ།། ཁོང་དུ་ཆུད་པར་བྱེད་པས་ནི་ཤེས་རབ་ཀྱིས་སོ།། འདི་རྣམས་དེ་ལྟར་ཤེས་པ་ནི་གཙོ་ཆེ་བའི ་རྟགས་ཏེ། འདིའི་ཡོངས་སུ་གཅོད་པ་གསུངས་པ་ནི། མི་ལྟ་ཞེས་པ་ལ་སོགས་པ་སྟེ། དེ་ལྟར་དེ་ཉིད་ལ་དེ་དག་ཅེས་ཏེ། གཟུགས་ལ་སོགས་པ་ལ་ལྡོག་པའི་རྟག་སཽ་ཤེས་པའོ།། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། གཞན་དག་སྟེ ་ཆོས་འདི་ལ་ཕྱི་རོལ་པའི་རབ་ཏུ་བྱུང་བ་རྣམས་ཀྱིའོ།། ངོར་ལྟ་བ་ནི་གུས་པར་བལྟ་བའོ།། ཤེས་པ་ནི་འཇིག་རྟེན་པའི་ཡིས་ཀྱིས་སོ།། མཐོང་བ་ནི་འཇིག་རྟེན་ལས་འདས་པའོ།། སྦྱིན་པ་ནི་གུས་པར་སྦྱིན་ནོ།། མི་རྟེན་པ་ནི་རྟེན་འམ ་སྐྱབས་སུ་འགྲོ་བ་མ་ཡིན་པའོ།། དེའི་བདེན་པ་དང་། དཀོན་མཆོག་རྣམས་ལ་ཡིད་གཉིས་ཐེ་ཚོམ་ཟད་པར་གྱུར་པས་འདི་རྣམས་ཐམས་ཅད་མི་བྱེད་པའོ་ཞེས་པ་ནི་ཐེ་ཚོམ་ཟད་པའི་རྟགས་སོ།། རབ ་འབྱོར་ཡང་ཞེས་པ་ལ་སོགས་པ་སྟེ། ངན་སོང་སྟེ་དམྱལ་བ་དང་ཡི་དྭགས་དང་། དུད་འགྲོ་ནི་ངན་སོང་གིས་གཟུང་ལ།། ཀླ་ཀློ་དང་། ལྷ་ཚེ་རིང་པོར་སྐྱེས་པ་དང་། སངས་རྒྱས་ཀྱི་གསུང་མི་ཐོས་པ་དང་། ལོག་པར་ལྟ་བ་དང་། དབང ་པོ་མ་ཚང་བའི་མཚན་ཉིད་ཀྱིས་མི་ཁོམ་པ་རྣམས་ཀྱི་ཉེ་བར་མཚོན་པ་ནི་བུད་མེད་ཀྱི་དངོས་པོ་སྟེ་བུད་མེད་ཉིད་ཕལ་ཚར་གཞན་གྱི་དབང་དུ་གྱུར་པ་ཉིད་ཀྱིས་དགེ་བའི་ལས་ལ་མཐུ་མེད་པས་མི་ཁོམ་པའོ་ཞེས་པ་ནི་མི་ཁོམ་པ་ཟད ་པའི་རྟགས་སོ།། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། སྲོག་གཅོད་པ་ནི་སྲོག་ཆགས་གཞན་དང་སྲོག་ཆགས་སུ་འདུ་ཤེས་པ་དང་དེ་ལས་གསོང་བར་འདོད་པ་དང་། ཉེ་བར་ཞུགས་པ་དང་དེ་བསད་པའོ།། ཞེས་པ་ནི་ཡན་ལག ་ལྔས་སོ།། རྫས་གཞན་གྱི་བདག་ཏུ་བྱས་པ་ལ། བལྟས་ནས་ཡིད་ཀྱིས་བཟུང་ནས་མཐུ་རྐུ་བས། དེའི་རྒྱུ་སེམས་ཀྱིས་གཞན་གྱི་ནོར་འཕྲོག་པ་ནི་མ་བྱིན་པར་ལེན་པ་སྟེ་གཞན་གྱི་ནོར་དང་དེར་འདུ་ཤེས་པ་དང་དེ་འཕྲོག་པར་འདོད ་པ་དང་ཉེ་བར་སྦྱོར་བ་དང་དེ་བླངས་པའོ་ཞེས་པ་ནི་ཡན་ལག་ལྔས་སོ།། བགྲོད་པར་བྱ་བ་མ་ཡིན་པ་དང་།། ཡན་ལག་མ་ཡིན་པ་དང་།། ཡུལ་དང་དུས་དང་བགྲོད་པ་དང་མ་ཡིན་པ་ནི་འདོད་པས་ལོག་པར་གཡེམ་པ་སྟེ། གཞན ་གྱི་བུད་མེད་དང་གཞན་གྱིར་འདུ་ཤེས་པ་དང་། དེ་ལ་མངོན་པར་བགྲོད་པར་འདོད་པ་དང་། ཉེ་བར་བཅོམ་པ་དང་བགྲོང་པའོ་ཞེས་པའི་ཡན་ལག་ལྔས་སོ།། གཞན་ལ་ངག་གམ་ལུས་ཀྱིས་ཕན་པ་མ་ཡིན་པའི་དོན་བསྒྲུབས་པས་ན ་རྫུན་དུ་སྨྲ་བ་སྟེ། དངོས་པོ་དང་འདུ་ཤེས་དང་བསླུ་བར་སྨྲ་བར་འདོད་པ་དང་སྨྲ་བ་ལ་ཉེ་བར་ཞུགས་པ་དང་གཞན་ཡིད་ཆེས་པར་བྱས་པ་སྨྲས་པ་ནི་ཡན་ལག་ལྔའོ།། ལུས་ཀྱི་སོ་སོར་སྒྲུབ་པ་ནི་དུག་གི་ལས་དང་ཆོས་མཐུན་པ་དག་གི་ལས ་ཏོ། འདུལ་བྱ་སོ་སོར་ཐར་པའི་མདོའི་མདོར་བསྟན་དུ། ཅང་མི་སྨྲ་བར་གྱུར་པའི་རྫུན་དུ་སྨྲ་བར་འགྱུར་ཞེས་བཤད་དོ།། གཞན་དག་ཉོན་མོངས་པའི་སེམས་ཀྱིས་འབྱུང་པ་ཅན་གྱི་ཚིག་ནི་ཕྲ་མའོ།། ཉོན་མོངས་པའི་སེམས་ཀྱིས་མི་སྙན ་པར་སྨྲ་བ་སྐྱོན་སྒྲོག་པ་ནི་ཚིག་རྩུབ་མོའོ།། རྫུན་དུ་སྨྲ་བ་ལ་སོགས་པ་གསུམ་ལས་གཞན་པའི་ཉོན་མོངས་པ་ནི་ངག་འཁྱལ་བའོ།། གང་གཞན་དག་གི་ལ་དེ་དག་གིར་གྱུར་ན་ཞེས་པའི་སྤྲོ་བས་ངེས་པར་འཛིན་པ་ནི་བརྣབ་སེམས་སོ།། ་སེམས་ཅན་གཞན་ལ་གདོན་པོའི་དོན་དུ་ཞེ་སྡང་བ་ནི་གནོད་སེམས་སོ།། རྒྱུ་དང་འབྲས་བུ་བྱ་བའི་དངོས་པོ་མེད་ཅེས་སྐུར་པ་འདེབས་པ་ནི་ལོག་པར་ལྟ་བའོ།། འདིར་བརྣབ་སེམས་ལ་སོགས་པར་འདོད་པས་ལོག་པར་གཡེམ་པ ་དང་གཞན་ལ་གནོད་པ་ལ་སོགས་པ་བགྱིས་པ་དང་། བགྱིད་དུ་སྩལ་པོར་འགྱུར་བ་དང་རྗེས་སུ་ཡི་རང་བར་བྱེད་པས་ནི་བཅུ་གར་ཡང་འགྱུར་བའོ།། དེ་ལ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྟེ།། དེ་ལས་ལྡང་བའི་རྣམ་པ ་བདུན་ནི་ལུས་དང་ངག་གི་ཉེས་པར་སྤྱོད་པ་མི་དགེ་བ་བཅུག་ཡང་ལས་པས་ལས་ཀྱི་ལམ་ཞེས་པ་སྟེ། ལས་ཀྱི་ལམ་མོ།། དེ་དག་བྲལ་བས་ནི་དགེ་བ་བཅུའི་ལས་ཀྱི་ལམ་སྟེ། འདོད་ཆགས་མེད་པ་དང་ཞེ་སྡང་མེད་པ་དང་། ་གཏི་མུག་མེད་པས་ཀུན་ནས་བསླང་བ་ནི་ཐམས་ཅད་ཀྱང་ལེགས་པར་སྤྱོད་པ་སྟེ་དགེ་བའོ།། གང་གི་ཕྱིར་གང་ཞིག་བརྩེ་བ་ཅན་གྱིས་ནི་གཞན་ལ་ཕན་ནཱ་ཐམས་ཅད་བྱ། ལས་དེ་དགེ་བ་ཡིན་ནོ་ཞེས། རྫོགས་སངས་རྒྱས་རྣམས་ཀུན་གྱིས་གསུངས། ་ཆང་འཐུང་བ་ནི་བཅས་པའི་ཁ་ན་མ་ཐོ་བ་སྟེ། བཅས་པའི་ཁ་ན་མ་ཐོ་བ་རྣམས་ལ་ཆང་འཐུང་བ་གཅིག་པུ་ལས་ཅིའི་ཕྱིར་ལྡོག་པར་བྱ་ཞེ་ན་བཅས་པ་ཡིན་ཡང་ཆུང་འཐུངས་པས་སྔོན་དུ་གོམས་པའི་བག་ཆགས་ཀྱི་ལས་ཇི་ལྟར་རིགས་པར ་རབ་ཏུ་ཟད་པས་བཅུ་གའི་ཉེས་པ་སྤྱོད་པ་ཉིད་གཞན་དུ་སྤྱོད་པར་འགྱུར་རོ་ཞེས་པ་ནི་གང་ཟག་ཁ་ཅིག་གིས་ནི་རང་བཞིན་གྱི་ཁ་ན་མ་ཐོ་བའི་རྒྱུར་འགྱུར་བའི་ཕྱིར་ལྡོག་པ་དེ་རྣམས་ཀྱི་ནང་དུ་ཆང་འཐུང་བ་ལས་ལྡོག་པ་ཡང་གསུངས་པའོ།། ་གང་ཞིག་ཉོན་མོངས་པའི་སེམས་ཉིད་ཀྱིས་ལྷག་པར་ཀུན་ཏུ་སྤྱོད་པས་རང་ཉིད་ཁོ་ན་ལ་མི་འདོད་པའི་རྣམ་པར་སྨིན་པར་གྱུར་ན་དེ་ནི་རང་བཞིན་གྱིས་ཁ་ན་མོ་ཐོ་བ་སྟེ། དཔེར་ན་སྲོག་གཅོད་པ་ལ་སོགས་པ་བཅུ་པོ་བཞིན་ནོ།། དེ་བཞིན ་དུ་ཆང་འཐུངས་པས་ལྷོག་པ་ལ་སོགས་པ་ལ་ཕན་པའི་བསམ་པ་ཉིད་དུ་འགྱུར་བས་བཏུང་བ་བཞིན་དུ་ཀུན་ཏུ་སྤྱད་ཀྱང་ཉེས་པར་མི་འགྱུར་ཏེ། དེའི་ཕྱིར་ན་ལེགས་འོངས་ཀྱིས་དགྲ་བཅོམ་པར་གྱུར་ཀྱང་ཆང་འཐུངས་ཤིང་དེ་ནས་བརྩམ ་ནས་ལོག་པར་བཅས་པར་འདུལ་བ་ལས་བཤད་དོ།། ཐེག་པ་ཆེན་པོར་ཡང་གང་ཟག་ཐམས་ཅད་ཀྱི་མ་ཡིན་ཏེ། འདིར་ཆོས་མ་ཡིན་པའི་དབང་དུ་བྱས་ཏེ་དེའི་ཕྱིར། སྐུ་གཅིག་ཏུ་མ་བསྟན་ཏོ།། འདིར་མི་དགེ་བའི་ལས ་ནི་ལེགས་པར་བྱས་པ་མ་ཡིན་ནོ།། ཡང་མི་བྱའོ་ཞེས་པ་རྣམ་པར་སུན་ཕྱུང་བས་སྟོབས་ཆུང་བར་གྱུར་པ་དང་། དགེ་བ་ཟག་པ་མེད་པའི་ལས་ཀྱི་དོན་དུ་མངོན་པར་སྦྱོར་ཀུན་ཏུ་སྤྱོད་པས་སྟོབས་ཆུང་བར་འགྱུར་བ་དག ་སྡོམ་པ་ཡང་དག་པར་བླངས་ནས་མི་བྱེད་པའི་སྡོམ་པ་ཐོབ་པས་སོར་ཆུད་པའི་སྟོབས་དེས་སྟབས་ཆུང་བར་འགྱུར་བ་དང་། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ད་ཀྱི་སེམས་ཀྱི་རྟེན་གྱི་སྟོབས་ཀྱི་སྟེ། བྱང་ཆུབ་ཀྱི་སེམས ་ནི་དངོས་པོར་འཛིན་པའི་གཉེན་པོར་འགྱུར་བ་སྟེ། དེའི་རྩ་བ་ཅན་གྱི་མ་རིག་པ་ལ་སོགས་པའི་ཉོན་མོངས་པ་རྣམས་ཀྱི་གཉེན་པོར་འགྱུར་ཏེ་ལས་ཐམས་ཅད་རྣམ་པར་སྦྱོང་བྱང་དེ། དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཟག་པ ་མེད་པའི་ཤེས་རབ་ཀྱི་ལས་ཐམས་ཅད་དམིགས་སུ་མེད་པའི་མཚན་ཉིད་ཀྱི་ལས་རྣམས་རྣམ་པ་ཐམས་ཅད་དུ་མཆོག་ཏུ་སྐྱེང་སྟེ། དེ་ལྟར་ཡང་རིགས་ཀྱི་བུ་བསྐལ་པའི་མ་འདྲ་བའི་བྱང་ཆུབ་ཀྱི་སེམས་ཀྱིས་ཉེས་པར་སྤྱོད་པ ་ཐམས་ཅད་སྲེག་པར་བྱེད་དོ།། ཞེས་པ་རྒྱ་ཚར་གསུངས་སོ།། གང་དུ་བསྐལ་པ་བྱེ་བ་བརྒྱ་རུ་ཡང་། ལས་རྣམས་འཇིག་པར་མི་འགྱུར་ཏེ། ཚོགས་པའི་ཐོབ་པའི་དུས་སུ་ནི་ལུས་ཅན་རྣམས་འབྲས་འབྱིན་འགྱུར་ཅེས་ཏེ་འཇིག་པར ་མི་འགྱུར་ཞིང་འབྲས་བུ་འབྱིན་པར་ནི་རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་གྱིས་ཏེ། སཱ་ལུ་ལ་སོགས་པའི་ས་བོན་བཞིན་ཏེ་དེ་རང་བཞིན་ཉིད་ཀྱི་གནས་གྱིས་ན་མ་ཡིན་ནོ་ཞེས་པ་ལ་སོགས་པ་སྟེ། མ། ་བའི་ཆོས་ལ་ཀུན་ཏུ་མྱོང་བར་འགྱུར་བ་དང་། སྐྱེས་ནས་མྱོང་བར་འགྱུར་བ་དང་། དེ་ལས་ལན་གྲངས་གཞན་ལ་ཀུན་ཏུ་མྱོང་བར་འགྱུར་བ་ནི་ལས་ཞེས་བཤད་དེ། དེ་ལྟར་འགྱུར་བ་ནི་གཉེན་པོར་བསྒོམ་པ་ལས་ཤེས་པར་བྱའོ།། གང་དུ ་བཅོམ་ལྡན་འདས་ཀྱིས་སྤྲུལ་པའི་སྐུའི་མཐ་བོའི་རྩེ་མོ་ལ་བདུད་ཀྱི་རྡོ་སྦྱར་བས་རྨ་བྱུང་བར་བསྟན་ཏེ། བསྟན་པ་དེ་ཐམས་ཅད་ནི་དགེ་བ་དང་མི་དགེ་པའི་བྱ་བ་ལ་འཇུག་པ་དང་། ལྡོག་པའི་དོན་དུ་སྟེ། དེ་བཞིན་གཤེགས་པ་རྡོ་རྗེ ་སྙིང་པོའི་སྐུ་ཡིན་ཡང་སྲོག་ཆགས་རྣམས་ལ་དེའི་རིགས་མཐུན་པ་ཀུན་ཏུ་བསྟན་པ་དང་། གདུལ་བྱ་རྣམས་ལ་དཀའ་བ་སྤྱོད་པ་ཀུན་ཏུ་བསྟན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་ཙམ་གྱིས་དག་པ་མ་ཡིན་ཏེ། འོན་ཀྱང ་ཡང་དག་པོའི་ཤེས་པས་ནི་རྣམ་པར་དག་གི། ཞེས་རབ་ཏུ་བསྟན་པའི་དོན་ཏོ།། དེའི་ཕྱིར་ཏེ་བྱང་ཆུབ་སེམས་དཔར་གྱུར་པ་ལ་ཡང་བཅོམ་ལྡན་འདས་ལ་འདོད་པའི་ཁམས་ཀྱི་དབང་ཕྱུག་གི་སྒྲ་འཁོར་བྱེ་བ་ཁྲག་ཁྲིག་བརྒྱ ་སྟོང་ཕྲག་བརྒྱད་ཅུ་དེ་རྣམས་ཀྱི་མཚན་ཆས་པ་སྤུ་གཅིག་ཀྱང་མི་ལྡང་ཞིང་རྨ་མ་གཏོད་པ་ལ་དེ་ཉིད་རྫོགས་པར་བྱང་ཆུབ་པོ་ནི་མེ་ཙམ་གྱི་ལྷ་བྱིན་གྱིས་རྨ་བཏོང་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། མང་དུ་བརྗོད་པ་ལ་དགོས་པ་མེད། ་ཡང་དག་པར་འཛུད་པ་དང་བསྟན་པར་བྱེད་དོ་ཞེས་པ་ནི་རྟགས་སོ།། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། གང་དང་གང་དུ་ཆོས་མདོ་སྡེ་དང་དབྱངས་ཀྱིས་བསྙད་པ་ལ་སོགས་པ་སྟེ། དེ་ལ་མདོ་སྡེ་ནི་གང་ཚིགས་བཅད་རྐྱང་པ་རྣམ་པ ་ཀྱིས་དོན་སྨོས་པའོ།། དབྱངས་ཀྱིས་བསྟོད་པ་ནི་མདོ་གང་དག་གི་དབུས་དང་མཐའ་དག་ཚིགས་བཅད་ཀྱིས་དབྱངས་སུ་སྙེད་པ་དེ་དགང་ཡང་དྲང་བའི་དོན་དུ་རྟོགས་པའི་ཕྱིར་རོ།། ལུང་དུ་བསྟན་པ་ནི་གང་དུ་ཉན་ཐོས་རྣམས་འདིས ་ཤིང་དུས་ལ་བབ་པ་ནི་རིགས་པ་དག་ལ་ལུང་སྟན་པར་བྱེད་པ་ནི་གང་ཡང་ངེས་པའི་དོན་གྱི་མདོའི་སྡེ་སྟེ། དེས་ན་དོན་དམ་པ་དགོངས་ནས་བཤད་པའི་ཕྱིར་རོ།། ཚིགས་སུ་བཅད་པ་འདི་གང་དང་གང་གསུངས་ཏེ། ཚིག་གཉིས ་པ་དང་ཚིགས་གསུམ་པ་དང་ཚིག་བཞི་པ་དང་། ཚིག་ལྔ་པ་དང་ཚིག་དྲུག་པས་སོ།། གླིང་གཞི་ནི་གང་ཡིན་ལ་བྱས་ནས་བརྗོད་པའི་གླེང་གཞིས་གང་བསྟན་ཅིང་གསུངས་ཏེ། འཐད་པ་དང་བཅས་པས་བསླབ་པའམ་བཅས ་པར་གསུངས་པའོ།། རྟོག་པ་བརྗོད་པ་ནི་དཔེ་དང་ལྡན་པས་གསུངས་པའོ།། དེ་ལྟར་འདས་པ་ན་སྔོན་གྱི་སྦྱོར་བ་དོང་ལྡན་པའོ།། སྐྱེ་བའི་རབས་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་ཡང་དག་པར་ལྡན་པའོ།། ཤིན་ཏུ་རྒྱས་པ ་ནི་གང་བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་རབ་ཏུ་ལྡན་པ་སྟེ། སེམས་ཅན་ཐམས་ཅད་ཕན་པ་དང་བདེ་བ་ལ་བཀོད་པའི་ཕྱིར་རོ།། ཆོས་རྨད་དུ་བྱུང་བ་ནི་གང་དུ་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་རྣམས་ཀྱི་ང ་ཚར་རྨད་དུ་བྱུང་བའི་ཆོས་བསྟན་པའོ།། གཏན་ལ་ཕབ་པ་ནི་གང་ཡང་ཕྱིན་ཅི་མ་ལོག་པའི་ཆོས་ཀྱི་མཚན་ཉིད་ཉེ་བར་བརྟན་པའོ་ཞེས་པ་ནི་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཆོས་སོ།། སྦྱིན་པ་དང ་གཞན་ལ་ཕན་པ་ཞེས་པ་སྟེ། དེ་རྣམས་ཉིད་ཀྱིས་སོ།། ཇི་ལྟར་ཆོས་ཀྱི་སྦྱིན་པ་དེ་ལྟར་གཞན་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པས་ཀྱང་ངོ་ཞེས་པ་ནི་གཞན་གྱི་རྟེན་ཅན་གྱི་སྦྱིན་པ་ལ་སོགས་པའི་རྟགས་སོ།། གཞན་ཡང ་ཞེས་པ་ལ་སོགས་པ་ནི་ཟབ་མེའི་དོན་ལ་སོམ་ཉི་མེད་པའི་རྟག་སོ།། ཕན་པོ་ཞེས་པ་ལ་སོགས་པོས་ནི་བྱམས་པའི་ལུས་ལ་སོགས་པའི་རྟོགས་སོ་ཆུང་བར་འགྱུར་ཞེས་པ་ལ་སོགས་པ་ནི་ཉེ་བར་མཚོན་པ་སྟེ། འདོད་པ་ལ་འདུན ་པ་དང་གནོད་སེམས་དང་རྨུགས་པ་དང་གཉིད་དང་རྒོད་པ་དང་འགྱོད་པ་དང་ཐེ་ཚོམ་ཞེས་པ་ནི་སྒྲིབ་པོ་ལྔ་དང་མི་འགྲོགས་པའི་རྟགས།། དེ་ལ་རྨུགས་པ་ནི་འཐབས་པ་སྟེ་ལུས་དང་སེམས་བླུན་པར་བྱེད་པ་ཉིད་ཀྱིས་སེམས ་དམིགས་པར་སྦྱོར་བ་ལས་ཉམས་པའོ།། གཉིད་ནི་རྣམ་པར་ཤེས་པ་ལྔ་སྡུད་པར་བྱེད་པའི་ངོ་བོའི་ཡིད་ཀྱང་རྨོངས་པར་བྱེད་པའི་རྒྱུ་བས་གཉིས་གཅིག་ཏུ་བགྲང་བར་བྱ་སྟེ། ཟས་མ་སྙོམས་པའི་ཤེས་པོ་ཉིད་དང་། གཡོལ་བ་དང ་མི་དགའ་བ་དང་གླལ་བ་དང་སེམས་བྱིང་བ་ཉིད་ཅེས་པས་དེ་གཉིས་རྒྱས་པར་བྱེད་དོ།། རྒོད་པ་ནི་ཆགས་པའི་ཡུལ་དྲན་པའི་འདོད་ཆགས་ཀྱི་ཆ་ཅན་གྱི་སེམས་ཉེ་བར་མོ་ཞི་བའོ།། འགྱོད་པ་ནི་མི་རིགས་པ་བྱེད་པས་སེམས་ཉེ་བར་མ་ཞི ་བའོ།། དེའི་ཕྱིར་ན་ཉེ་བར་མྱ་ཞི་བར་ཆོས་མཐུན་པས་གཉིས་གཅིག་ཏུ་བྱས་པའོ།། བདེན་པ་དང་དཀོན་མཆོག་ལ་སོགས་པ་ལ་ཡོད་པ་དང་མེད་པ་འམ་བདེན་པ་དང་མི་བདེན་ནམ་ཞེས་པ་ལ་སོགས་པའི་རྣམ་པ་ཅན་དེ་གཉི ་གའི་ཆ་ལས་འཇུག་པའི་སོམ་ཉིའི་བདག་ཉིད་ཅན་གྱི་བློ་ནི་ཐེ་ཚོམ་མོ།། མི་འཛིན་ཅེས་པ་ནི་ཐམས་ཅད་ཇི་ལྟར་བྱུང་བ་དེ་ལྟར་གྱི་བག་ལ་ཉལ་ཉོན་མོངས་པའི་འཆིང་བ་བཅོམ་པ་ནི་བག་ལ་ཉལ་བ་ཀུན་འཇོམས་པའི་རྟགས་སོ།། དེའི ་ཕྱིར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྐབས་སུ་བཟོད་པ་འབྲིང་གི་འགྲེལ་པར་འཕགས་པས་ཉོན་མོངས་པར་འགྱུར་པ་ཐམས་ཅད་ལ་སེམས་སྐྱེ་བ་མེད་པས་ལུས་ལ་སོགས་པ་ཡོངས་སུ་དག་པར་རྟོགས་ཞེས་བཤང ་དོ།། དེས་ཞེས་པ་སྟེ་འགྲོ་བ་ནི་བགྲོང་པའོ།། ལག་པ་ནི་འོང་བའོ།། འཁྲུལ་པ་ནི་རྣམ་པར་གཡེངས་པའོ།། བུལ་བ་ནི་མི་བྱེད་པའི་བུལ་བ་ནི་རྣམ་པར་གཡོངས་པས་སོ།། མཐོང་བ་བཞིན་ཅེས་པ་ནི་བལྟས་ན་ལའོ།། འདི་རྣམས་ནི ་ཉེ་བར་མཚོན་པ་སྟེ། འཆག་པ་དང་གནས་པ་དང་འདུག་པ་དང་ཉལ་བ་རྣམས་ལ་རྣམ་པར་མི་གཡེང་བའོ་ཞེས་པ་ནི་དྲན་པ་དང་བཅཝ་པའི་ཤེས་བཞིན་གྱི་རྟགས་སོ།། རབ་འབྱོར་ཡང་ཞེས་པ་ལ་སོགས་པ་སྟེ། ཤིག་དང་མི་སྦྱོར་བས་ཤིག། ་མེད་པ་ལ་གཟོབ་པ་ནི་གཙང་སྦྲའོ།། གནོད་པ་མེད་པ་ནི་ནད་ཀྱིའོ།། སྐྱོན་སྟེ་ཉེ་བར་འཚེ་བ་མེད་དོ་ཞེས་པ་ནི་ཆོས་གོས་ལ་སོགས་པ་གཙང་བའི་རྟགས་སོ།། གང་དག་ཅེས་པ་ལ་སོགས་གཙང་བའི་རྟགས་སོ།། གང་དག་ཅེས་པ་ལ ་སོགས་པ་སྟེ། མངོན་པར་འཕགས་པ་ནི་ཁྱད་པར་དུ་འཕགས་པའོ་ཞེས་པ་ནི་སྲིན་བུ་མི་འབྱུང་བའི་རྟགས་སོ།། རབ་འབྱོར་གྱིས་གསོལ་པ་ཞེས་པ་ལ་སོགས་པ་སྟེ། སེམས་ལྔ་བྱཱ་བ་ཉུང་བ་ནི་སེམས་འདོད ་ཆུང་བའི་ཕྱིར་དང་རྣམ་པར་གཡེང་བ་མེད་པའི་ཕྱིར་རོ།། སེམས་གང་ཞིག་གྱ་གྱུ་ནས་རང་གི་སྐྱོན་འཆབ་པའི་ཐབས་བྱེད་པ་ནི་གཡོ་བའོ།། གང་དུ་གཞན་སླུ་བའི་དོན་དུ་ཡང་དག་པར་མ་ཡིན་པའི་ཡོན་ཏན་ཀུན་ཏུ་སྟོན་པ་ནི ་སྒྱུའོ།། འཁྱོགས་པ་ཉིད་ཀྱིས་གྱ་གྱུ་སྟེ། དེ་ནི་གཞན་སླུ་བའི་ཕྱིར་ཡོན་པོ་སྟེ་དྲི་མེད་པ་ནི་གྱུ་གྱུ་མེད་པའི་རྟགས་སོ།། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། རྙེད་པ་ལ་སོགས་པར་ལྷུར་ལེན་པ་ཉིད་བཀག་པ་ནི་སྦྱངས་པའི་ཡོན ་ཏན་གྱིས་ཉེ་བར་མཚོན་པའོ་ཞེས་པ་ནི་སྦྱངས་པའི་ཡོན་ཏན་ཡང་དག་པར་ལྡན་པའི་རྟགས་སོ།། ཕྲག་དོག་ཅེས་པ་སྟེ། གཞན་གྱི་ཡོན་ཏན་ལ་དེ་སྲིད་དུ་ཕྲག་དོག་དང་། སེར་སྣ་མི་འཛིན་པས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན ་ཕྱོགས་ཉེ་བར་མཚོན་པའོ་ཞེས་པ་ནི་སེར་སྣ་མེད་པ་ལ་སོགས་པ་ཉིད་ཀྱི་རྟགས་སོ།། ཆོས་ཟབ་མོ་ཞེས་པ་ལ་སོགས་པ་སྟེ། ཡང་དག་པར་ཞེས་པ་ནི་ཡང་དག་པར་སྦྱོར་བ་ལའོ།། ཆོས་ཉིད་དང་སྦྱོར་བ་ནི་ཐམས་ཅད་ལ་ཀུན་ཏུ ་འགྲོ་བའོ་ཞེས་པ་ནི་ཆོས་ཉིད་དང་ལྡན་པ་ཉིད་ཀྱི་རྟགས་སོ།། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། སླར་ཡང་གཤེགས་པས་གྱིས་ཤེས་རབ་ནི་དེ་མ་བྱེད་ཅེས་པ་ལོ་སོ་སོར་བཅས་པ་ནི་ངོས་པོ་ཉིད་དང་ཤིན་ཏུ་བ་ཉིད་ཀྱིས ་ཡོངས་སུ་སྦྱོངས་ཤིག་པའོ།། དེ་ལྟར་ཅེས་པ་ནི་བྱང་ཆུབ་ཀྱི་སེམས་བཏང་བར་གྱུར་ནའོ།། དེ་ལྟར་ན་ཡང་ཞེས་པ་ནི་འདི་འདྲ་བ་ཟེར་བ་ནཱའོ།། འདིར་འཇིག་རྟེན་རྣམས་ཀྱི་དོན་དུའོ་ཞེས་པ་ནི་སེམས་ཅན་དོན་དུ་དམྱལ་བ་ཁས ་ལེན་པ་སྟེ་དམྱལ་བ་འཚལ་བའི་རྟག་སོ།། གཞོན་ཡང་ཞེས་པ་ལ་སོགས་པ་སྟེ་གང་ཁྱོད་ཀྱིས་ཐོས་པ་ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སོ་སོར་བཤད་པའོ།། གང་ཁྱོད་ཀྱིས་གཟུང་བ་ཞེས་པ་ནི་བྱང་ཆུབ ་ཀྱི་སེམས་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་སྤོངས་ཤིག་པའོ།། ཡང་དག་པ་མ་ཡིན་པའི་རྣམ་པ་སྣ་ཚོགས་པར་སྨྲ་བ་ནི་སྙན་ངག་མཁན་ལ་དེའི་ལས་ནི་སྙན་ངག་སོ།། ཕྱིར་མི་ལྡོག་པའི་དབྱིངས་ཏེ་རང་བཞིན་ནོ་ཞེས་པ་ནི ་གཞན་གྱིས་བཀྲི་བར་མོ་འདོད་པའི་རྟགས་སོ།། གཞན་ཡང་ཞེས་པ་ལ་སོགས་པ་སྟེ་འདི་ཉིད་དུ་ཁྱོད་ཅེས་པ་ལ་སོགས་པས་ནི་ཉན་ཐོས་ལ་སོགས་པའི་ལམ་འཛིན་དུ་འཇུག་པ་སྟེ་མངོན་པར་མི་འགྲུབ་ཅིང་ཟད་པར་འགྱུར ་ཞེས་པ་ནི་བདུད་ཀྱི་ལས་གཞན་ཉེ་བར་བསྟན་པ་ལ་བདུད་ཅེས་བྱ་བར་རྟོགས་པའི་རྟགས་སོ།། གལ་ཏེ་ཞེས་པ་ལ་སོགས་པ་སྟེ། གཞན་ལས་ནི་བདུད་ལ་སོགས་པས་ཐེག་པ་ཆེན་པོ་དེ་དང་བྲལ་བའི་ཕྱིར་ཏེ་གཏོང་བའི་དོན་དུ ་སྨྲ་བ་ནི་བྲལ་བའི་ཚིག་ལ། ཡོངས་སུ་མི་ཉམས་པ་ནི་གཡོ་བའོ།། ཚེ་འདི་ཉིད་ཆོས་ཉིད་དེ་ཐེག་པ་ཆེན་པོའི་སྤྱོད་པའོ།། དེའི་ཡིད་ཕྱིར་མི་ལྡོག་པ་ནི་ཁ་ཕྱིར་བལྟས་པར་མི་འགྱུར་བའོ།། གཞན་དུ་མི་འགྱུར་བ་ནི་ཕྱིར་མི་ལྡོག་ནས་ཐེག ་པ་དམན་པ་ལ་རིན་ཆེ་བར་མི་བྱེད་དོ་ཞེས་པའི་དོན་ཏོ།། དེ་དག་ཅེས་པ་ནི་བྲལ་བའི་ཚིག་ལ་ད་ལྟར་ཞེས་པ་ནི་ཇི་ལྟར་སངས་རྒྱས་ཀྱི་རྗེས་སུ་བསྔགས་པའོ་ཞེས་པ་ནི་སྤྱད་པ་ལ་སངས་རྒྱས་རྗེས་སུ་ཡི་རང་བའི ་རྟགས་སོ།། དེ་ལྟར་རྟགས་ཉི་ཤུའོ།། བསྟན་བཙོས་ལས་མཐོང་བའི་ལམ་ལ་བཟོད་པ་དང་། ཤེས་པའི་སྐད་ཅིག་བཅུ་དྲུག་ནི།། བྱང་ཆུབ་སེམས་དཔའི་མི་ལྡོག་པའོ།། མཚན་ཉིད་ཡིན་པར་ཤེས་པར་བྱ།། གཟུགས་སོགས ་འདུ་ཤེས་ལྡོག་པ་དང་།། སེམས་བརྟན་ཐེག་པ་དམན་དག་ལས།། རྣམ་ལོག་བསམ་གཏན་ལ་སོགས་པའི།། ཡན་ལག་ཡོངས་སུ་ཟད་པ་དྲང་།། ལུས་སེམས་ཡང་བ་ཉིད་དང་ནི།། འདོད་པ་སྤྱོད་ལ་ཐབས་མཁས་དང་།། རྟག་ཏུ ་ཚངས་པར་སྤྱོད་ཉིད་དང་།། འཚེ་བ་རྣམ་པར་དག་ཉིད་དང་།། ཕུང་སོགས་བར་ཆད་མེད་རྣམས་དང་།། ཚོགས་དང་དབང་སོགས་བཅས་པ་ཡི།། གཡུལ་འགྱེང་སེར་སྣ་ལ་སོགས་ལ།། སྦྱོར་དངོ་རྗེས་སུ་སྦྱོར་བ་ཡི།། གནས་པ་སོ ་སོར་བཀག་པོ་དང་།། ཆོས་ནི་རྡུལ་ཙམ་མི་དམིགས་ཉིད།། རང་གི་ས་ལ་ངེས་པ་ཉིད།། ས་གསུམ་ལ་ནི་གནས་པ་དང་།། ཆོས་ཀྱི་དོན་དུ་སྲོག་གཏོང་པ་དེ་འདྲའི་སྐད་ཅིག་བཅུ་དྲུག་ནི། བློ་ལྡན་མཐོང་བའི་ལམ་གནས་ཀྱི།། ཕྱིར་མི ་ལྡོག་པའི་རྟགས་དག་ཡིན།། ཅེས་པ་སྟེ། མཚན་ཉིད་ཀྱི་རྟགས་རྣམ་པ་བཅུ་དྲུག་ལ་རིམ་པ་བཞིན་གསུངས་པ་ནི།། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། རང་གི་མཚན་ཉིད་ནི་རང་བཞིན་ནོ།། ཆོས་ནི་གཟུགས་ལ་སོགས་པའོ།། ་མི་སྐྱེ་བ་ཤེས་པའི་བཟོད་པ་འདིས་དེ་ལྟར་རོ་ཞེས་པ་ནི་གཟུགས་ལ་སོགས་པའི་འདུ་ཤེས་ལས་ལྡོག་པའི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་རྟག་སོ།། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། འདུན་པ་ཟློག་པར་བྱེད་པ་ནི་འདུན་པ་དང ་བྲལ་བར་བྱེད་པའོ།། ཤེས་རབ་འགྱུར་ཞེས་པ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་སོ།། དོན་མེད་པར་ཉོན་མོངས་པ་ནི་བྱང་ཆུབ་ཀྱི་སེམས་དང་བྲལ་བར་བྱེད་པ་ལ་ཀུན་ཏུ་སྦྱོར་བའོ།། དེ་ལ་ཞེས་པ་ལ་སོགས་པོ་ནི་ཡང་དག་པར ་རྫོགས་པའི་བྱང་ཆུབ་ཀྱི་སེམས་བརྟན་པས་ཏེ་སྡུག་བསྔལ་ལ་ཆོས་ཤེས་པའི་རྟགས་སོ།། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། དེ་ལྟར་ནི་ཐེག་པ་དམིན་པ་ལ་རྣམ་པར་ལོག་པོའོ་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པའི་རྟག་སོ།། ་དེ་དག་འདོད་ནོ་ཞེས་པ་ལ་སོགས་པ་སྟེ། དེ་ལྟར་ན་བསམ་གཏན་ལ་སོགས་པའི་ཡན་ལག་ཡོངས་སུ་ཟད་པ་སྟེ། འདོད་པ་སྐྱེ་བའི་རྣམ་པར་འཆིང་བའི་འདོད་ཆགས་ལ་སོགས་པ་དང་བྲལ་བ་ཐོབ་པས་སྟོབས་ཆུང་བ་ནི་སྡུག་བསྔལ་ལ་རྫས ་སུ་ཤེས་པའི་རྟགས་སོ།། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། འདིར་མིང་ལ་ཆེད་ཆེར་བྱེད་པ་མ་ཡིན་ཞེས་པ་ལ་སོགས་པ་ནི་སེམས་ཡང་བ་ཉིད་པས་སོ།། དེ་འགྲོ་བ་དང་འོང་པ་ཞྭ་པ་ལ་སོགས་པ་ཅན་ནི་ལུས་ཡང་བ་ཉིད་དོ།། དེ ་གཉིས་ཀས་ནི་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པའི་རྟགས་སོ།། གལ་ཏེ་ཞེས་པ་ལ་སོགས་པ་སྟེ། ཇི་སྐད་དུ་བཤད་པ་ཉིད་ཀྱི་འདུ་ཤེས་ལ་ཐབས་ཀྱིས་དེས་ལྡོག་པ་ནི་འདོད་པ་ལ་སྤྱོད་པ་དང་ཐབས་ལ་མཁས་པ་སྟེ། དེ་ནི་རྣོ། ་ཤེས་པའི་རྟགས་སོ།། དོན་དུ་མི་གཉེར་ཞེས་པ་ནི་ངེས་པར་ཡིད་བདེ་བ་བསྐྱེད་པས་དགའ་བ་རྣམས་ལའོ།། ཤིན་ཏུ་བདེ་བ་བསྐྱེད་པ་ནི་རང་བཞིན་གྱིས་དགའ་བ་རྣམས་ལ་སྟེ་བསྟོད་པའི་རང་བཞིན་གྱིས་སོ།། མཉམ་པ་དང་མི ་མཉམ་པ་ནི་རིགས་པ་དང་མི་རིག་པའོ།། ཀུན་ཏུ་འཇོམས་པ་ནི་གནོད་པའོ།། ཐར་པའི་ཆ་དང་མཐུན་པའི་དད་པ་ལ་སོགས་པ་ལྔ་རྣམས་དང་། ངེས་པོར་འབྱེད་ཆ་དང་མཐུན་པ་བཞི་པོ་རྣམས་མཐོང་བའི་ལམ་གྱི་སྐད་ཅིག་མ་བདུན་པོ་རྣམས་ལ་སྐྱེས ་བུ་དམ་པ་ལ་སོགས་པའི་ཚིག་བཅུ་དྲུག་པོ་རྣམས་དེར་སྦྱར་བར་བྱའོ།། གང་དུ་སེང་གེ་བཟང་པོས་མཐོང་བའི་ལམ་གྱི་སྐད་ཅིག་མ་བཅུ་དྲུག་ཐོབ་པོ་ལ་གོ་རིམ་ཇི་ལྟ་བ་བཞིན་དུ་སྐྱེས་བུ་དམ་པ་ལ་སོགས་པའི་ཚིག་བཅུ་དྲུག་གོ་ཞེས་བཤད ་དེ་ནི་རིགས་པ་མ་ཡིན་ཏེ། སྐད་ཅིག་མ་བདུན་པའི་བར་ཇི་རྟོག་པོའི་སྐབས་སུ་བབ་པའི་ཕྱིར་རོ།། རྟག་ཏུ་ཚུངས་པར་སྟོང་ཉིད་ནི་རྗེས་སུ་ཤེས་པའི་བཟོད་པའི་རྟགས་སོ།། གཞན་ཡང་ཞེས་པ་ལ་སོགས་པ་སྟེ་སྔགས་ཀྱི་རིགས་ནི་སྔགས ་ཀྱི་ཁྱད་པར་ཏེ། ལྷ་ཕོའི་རྣམས་སོ་རྩི་ནི་འབྲས་བུ་སྦྱིན་པའི་ནང་རྣམས་སོ།། ལྷ་མོའི་སྔགས་ནི་རིགས་པའོ།། སྨན་ནི་རྩིའོ།། རྩེགས་པས་ནི་འཁྲུལ་འཁོར་དང་རྒྱུད་ལ་སོགས་པ་ཅན་གཟུང་ངོ་།། འཐབ་པ་ནི་ལུས་ཀྱིས་སོ།། རྩོད་པ་ནི་ངག་གི། ་ཞེས་པ་ནི་འཚ་བ་རྣམ་པར་དག་པའི་རྗེས་སུ་ཤེས་པའི་རྟགས་སོ།། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། སྦྱོར་བ་དང་རྗེས་སུ་སྦྱོར་བ་ནི་སྦྱར་བྲོ་རྗེསུ་སྦྱོར་བ་སྟེ། དེས་ལྷན་ཅིག་སྦྱོར་བ་སྟེ་འདིའི་འཐད་པའི་ནི་ཡུམ་ཆེན་མོར་དེ་ལྟར་ཡང་དེ་སྟོང་པ ་ཉིད་ལ་གནས་པས་ཆོས་གང་ལ་ཡང་དམན་པ་འམ་ཁྱད་པར་ཅན་དུ་ཡང་དག་པར་རྗེས་སུ་མི་མཐོང་ཞེས་གསུངས་ཏེ། འདི་རྣམས་འདིར་ཚིག་གཉིས་ཀྱིས་གསུངས་སོ།། ཀུན་ནས་ཉེན་མོངས་པའི་ཕྱགས་འདི་འབྱུང་བ་ཉིད་ནི་འདུ་འཛི་ཡུལ་ཡིན ་པའི་ཕྱིར་ཏེ་འདུ་འཛི་ལ་དགའ་བའོ།། དེ་ཉིད་མེད་པ་ཉིད་ལ་གཏན་ཙམ་ཡང་མེད་པའི་ཕྱིར་གཏམ་མོ།། ཁྱད་པར་འཕགས་པའི་ཕྱིར་རྒྱལ་པོའི་ལས་ཀུན་ནས་ཉོན་མོངས་པ་ལ་འགོག་པའི་དེ་ཉིད་གཏམ་སྟེ། མངོན་སུམ་དུ་མ་བྱས་པ་ཉིད ་ཀྱིས་གཽཏམ་ཙམ་གྱི་ཕྱིར་རོ།། དེ་ལྟར་གཏམ་གྱི་དོན་ནི་འདིར་ཇི་ལྟར་རིགས་པས་སོ་ཞེས་པས་ནི་ཕུང་པོ་ལ་སོགས་པ་ལ་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་གནས་པ་དང་བྲལ་བའི་འགོག་པ་ལ་ཆོས་ཤེས་པའི་བཟོད་པའི་རྟགས་སོ།། རྐུན་པ ་ཞེས་པ་ནི་སྒྲིབ་པ་རྣམ་པ་ལྔ་སྟེ། དགེ་བའི་ནོར་འཕྲོག་པའི་ཕྱིར་རོ་ཞེས་པ་ནི་ཆོས་ཤེས་པའི་རྟགས་སོ།། དམག་མི་ཞེས་པ་ནི་དགེ་བའི་ཆོས་ཀྱི་ཚོགས་ཏེ་རྗེས་སུ་ཤེས་པའི་རྟགས་སོ།། འཐབ་མེ་ནི་དེའི་སྡེའི་མི་མཐུན་ཕྱོགས་རྣམས་ཀྱིས ་གནོད་པ་སྟེ་འཐབས་ནས་ཐོབ་པར་འགྱུར་བ་ནི་འགོག་པོ་མྱ་ངན་ལས་འདས་པའི་རྣམ་པར་གྲོལ་པའོ།། དེ་ཡང་གནས་གཞན་དུ་མི་འཇུག་པ་སྟེ། དེའི་ཕྱིར་མིག་ལ་སོགས་པ་རྣམས་ལ་རྣམ་པར་རྟོག་པ་མེད་པས་གྲོང་ཞེས་པ་ལ ་སོགས་པ་སྟེ། གྲོང་ནི་མིག་ལ་སོགས་པ་ལྔ་པོ་སྟེ། ལུས་ལ་དབང་པོ་བསགས་པའི་ཕྱིར་ཏེ། སེམས་ཅན་གྱི་འཇིག་རྟེན་ནོ་ཞེས་པའི་དོན་ཏོ།། གྲོང་ཁྱེར་ནི་སེམས་ཅན་རྣམས་ཀྱི་རྟེན་ཡིན་པའི་ཕྱིར་སྣོད་ཀྱི་འཇིག་རྟེན་ནོ།། གྲོང་རྡལ་ནི་དབང ་པོས་ངེས་པར་བགྲོད་བྱ་ཡིན་པའི་ཕྱིར་ཡུལ་ལྔ་རྣམས་སོ།། ལྗོངས་ལ་སོགས་པ་ནི་སྣོད་ཀྱི་བྱེ་བྲག་གོ། བདག་དང་བདག་གི་རྣམ་པར་རྟོག་པ་ཟད་པར་གྱུར་པ་ནི་ཐར་པའོ་ཞེས་གསུངས་པ་ནི་བདག་མེད་ཅེས་པ་ལ་སོགས ་བ་སྟེ། འདི་ཡང་གོང་དུ་བཤད་པ་རྣམས་ཀྱི་བྱེ་བྲག་གི་རྣམ་པར་རྟོག་པའོ།། དབང་པོ་ལ་སོགས་པའི་འཐབ་མོའི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་གནས་པ་དང་བྲལ་བ་ལ་རྗེས་སུ་ཤེས་པའི་རྟགས་སོ།། ཡུམ་ཆེན་མོར་ནི་དེ་སྦྱིན་པ་ལ་སོགས ་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤྱོད་པས་རྗེས་སུ་སྦྱོར་བ་ལ་སོགས་པས་མི་གནས་སོ་ཞེས་གསུངས་ཏེ། དེ་ལ་གསུངས་པ་ནི་མ་བྲལ་ཞེས་པ་ལ་སོགས་པ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱིས་གཏམ་ནི་སོ་སོར་རྟོག་པ་ལ་ཐམས་ཅད་མཁྱེན ་པ་ཉིད་ནི་བྱང་ཆུབ་ཀྱི་སེམས་སོ།། མི་མཐུན་པའི་ཕྱོགས་ཀྱི་ཕྱིར་འཐབ་མོ་སྟེ། སེར་སྣ་ལ་སོགས་པའོ།། གཉེན་པོའི་ཕྱིར་མཚང་འདྲུ་བ་སྟེ་སྦྱིན་པ་ལ་སོགས་པའོ།། དེ་དག་གཉི་ག་སེམས་ལ་རྒྱུ་བའི་སྟོབས་མཉམ་པ་ཉིད་ནི་རྩོད་པའོ།། གང ་གཉེན་པོས་མི་མཐུན་པའི་ཕྱོགས་སྟོབས་ཆུང་བར་བྱས་པ་ནི་རྒོལ་བའོ།། མི་འབྱེད་པ་ནི་མཉམ་པ་ཉིད་དུ་ཤེས་པའོ།། འབྱེད་པ་ནི་མཉམ་པ་ཉིད་དུ་ཤེས་པའོ།། འབྱེད་པ་ནི་སྣ་ཚོགས་པ་ཉིད་ཀྱི་རྣམ་པར་རྟོགས་པའོ།། ཞེས་པ་སྟེ་ལམ་ལ ་ཆོས་ཤེས་པའི་བཟོད་པའོ།། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་ཞེས་པ་ནི་འདིར་སྔ་ནས་ཏེ། འདིར་དེ་ལ་གསུངས་པ་ནི་དེ་ལ་གང་ཕྱིར་ལྡོག་པ་འམ་མིན་པའི་ཆོས་རྡུལ་ཙམ་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན ་སྱཱང་རླུང་ཉིད་ཀྱི་ཕྱིར་མི་ལྡོག་པའི་ས་ལ་ཐེ་ཚོམ་དུ་མི་འགྱུར་རོ།། ནུམྦྷ་པཱ་ནི་སྤྲོས་པ་དམན་པ་ཉིད་དོ།། ནེམ་ནུར་ནི་རྣམ་པ་ཐམས་ཅད་དུ་སྟོང་པའོ།། རྣམ་པར་སེལ་བ་ནི་དམན་པར་བྱེད་པའོ།། ཕྱིར་མི་ལྡོག་པ་ནི་སེམས་ཀྱིས་བདག་ཉིད ་ཕྱིར་མི་ལྡོག་པ་ཉིད་དུ་ངེས་པའོ།། གཞན་གྱིས་དཀྲི་བའི་དབང་དུ་མི་འགྲོ་ཞེས་པ་ནི་རང་ཉིད་ཕྱིར་མི་ལྡོག་པའི་ས་ལ་རྟེན་ཞིང་ངེས་པ་སྟེ་ཆོས་ཤེས་པའི་རྟགས་སོ།། གལ་ཏེ་ཡང་ཞེས་ཡོད་ཞེས་པ་ལ་སོགས་པ་སྟེ། འདི་ཉིད་ཅེས་པ་ནི་སྐྱེ་བ ་འདི་ཉིད་ལའོ།། གཞན་དུ་མ་གསུངས་པ་ནི་ན་མཁས་པ་ནི་རིག་པ་སྟེ། དྲུག་ཅུ་རྩ་བཞིའི་ཆ་རྣམས་དང་རྒྱུ་རིགས་པ་ལ་སོགས་པ་དང་། སྐར་མའི་ཤེས་པ་རྣམས་ཞེས་པ་ནི་དོན་རྟོགས་པ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་ཏུ་འབྱུང་བར་འགྱུར་བ་ཉིད་དོ་ཞེས་པའོ།། སངས་རྒྱས་སུ་བྱིན་གྱིས་བརླབས་པ་ནི་སྤྲུལ་པའོ།། གཉིས་སུ་མེད་ཅེས་པ་ནི་དེ་ཁོ་ན་ཉིད་དུའོ།། དེ་ལྟར་ནི་བདུད་ཀྱི་ལས་སོ།། སྐྱེ་བ་མེད་པའི་ཆོས་ཞེས་ཏེ། དེ་ལྟར་དེ་བཞིན་གཤེགས་པས་གསུངས ་བའི་ཐེག་པ་ཆེན་པོ་ལས་གཞན་མ་ཡིན་པ་ཉིད་ལ་བསྒོམ་པ་དང་ལྡན་པའི་བདག་ཉིད་དེ་ཅན་གྱིས། ཡང་དག་པར་རྫོགས་པར་བྱང་ཆུབ་པར་འགྱུར་ཞེས་པའོ།། གནས་གསུམ་ནི་ས་གསུམ་ལའོ།། དེར་མི་གནས་པའི་ཤིན་ཏུ་བ་ལ ་བདུད་ཀྱིས་ཀྱང་མི་ཕྱེད་པར་ངེས་པ་ནི་རྗེསུ་ཤེས་པའི་བཟོད་པའི་རྟག་སོ།། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། བདག་ཡོངས་སུ་གཏོང་བ་པ་ནི་འཆང་བ་ལ་སོགས་པའོ།། སྲོག་ཡོངས་སུ་གཏོང་བ་ནི་འཆི་བའོ།། སངས་རྒྱས་རྣམས་ཀྱིས ་བསྟན་པའི་ཆོས་ནི་ཆོས་ཐམས་ཅད་སྟོང་པ་ཉིད་པ་སྟེ། དེ་ལ་རང་དང་གཞན་གྱིས་འཛིན་པའི་ཕྱིར་སྲོག་ཀྱང་གཏོང་བ་དང་། དེ་ཡང་སངས་རྒྱས་རྣམས་ལ་ཇི་ལྟ་བ་བཞིན་དུ་དགའ་བ་དང་། གུས་པ་ཆོས་ལ་བྱེད ་དེ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའོ་ཞེས་ཤེས་ཤིང་བདག་ཉིད་ཀྱིས་ཀྱང་འདོད་ན་སངས་རྒྱས་ཉིད་མཐོང་བའི་ཕྱིར་རོ།། ཉན་ཐོས་ཀྱི་ཡང་ཞེས་པ་ནི་ཉེ་བར་མཚོན་པ་སྟེ་བྱང་ཆུབ་སེམས་དཔའི་ཡང་ལྷ་ལ་སོགས་ཡང་ངོ་ཞེས་པ་ནི་ཆོས་ཀྱི ་དོན་དུ་སྲོག་གཏོང་བ་སྟེ། རྗེས་སུ་ཤེས་པའི་རྟགས་སོ།། ཕྱིར་མི་ལྡོག་པ་ནི་རྣམ་པ་དང་རྟགས་དང་མཚན་མ་བཅུ་དྲུག་གསལ་བར་བྱེད་པའི་ལེའུ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་འགྲེལ་པ་གནད་ཀྱི་ཟླ་བའི་འོད ་ཅེས་བྱ་བ་བཎྜི་ཏ་ཆེན་པོ་འཇིགས་མང་འབྱུང་གནས་སྨྲས་པས་མཛད་པ་ལས་ལེའུ་བཅུ་བདུན་པའི་འགྲེལ་པའོ།། ། ངེས་པར་འབྱུང་བ་ལ་མཐོང་ཟོའི་ལམ་དག་གི་ཕྱིར་མི་ལྡོག་པའི་རྟགས་གྲངས་དང་ཁྱད་པ ་གྱིས་བཤད་ནས་སྒོམ་པའི་ལམ་ནི་ཟབ་པ་སྟེ་དེ་ལ་དེ་གཉི་གས་ཀྱང་ཇི་ལྟར་བརྗོད་པར་མི་ནུས་ཏེ་འདིར་བསྟན་བཅོས་ལས།། སྒོམ་པའི་ལམ་ནི་ཟབ་པ་སྟེ།། ཞེས་ཏ~ཾ་དྭེ་ལ་གསུངས་པ་སྟེ།། གསོལ་ཏོ་ཞེས་པ་ནི་ཡོན་ཏན་ཆེན་པོའི་ཚོགས་ཏེ། ་མཆོག་ཏུ་ཟབ་པ་སྟེ་གང་ཡང་བསྐལ་པ་གྲངས་མེད་པ་གཉིས་སུ་བར་མ་ཆད་པར་འབད་པས་ཐོབ་སྟེ། དེའི་ཕྱིར་དང་ཁྱད་པར་དུ་ཤེས་པར་མི་ནུས་པའི་ཕྱིར་ན་ཆད་མེད་པའོ།། ཀུན་ཏུ་བརྗོད་པར་མི་ནུས་པའི་ཕྱིར་ན་དཔག་ཏུ་མེང ་པའོ།། གྲངས་ལས་ཤིན་ཏུ་འདས་པས་མཐའ་ཡས་པའོ།། མཆོག་ཏུ་རྒྱ་ཆེ་བའི་ཕྱིར་ན་མུ་མེད་པའོ།། མི་འཕྲོག་པ་ནི་ཡང་དག་པར་གཟུང་དུ་མེད་པའོ།། ཡང་དག་པར་ཤེས་པར་མི་ནུས་ཞེས་པས་ནི་བསྒོམ་པའི་ལམ་གྱི་ཟབ་པ་ཉིད་པ ་སོ།། རབ་འབྱོར་གྱིས་གསོལ་པ་ཞེས་པ་ལ་སོགས་པ་སྟེ། སྤྱོད་དོ་ཞེས་པ་ནི་བསྟན་པོར་ནུས་ཀྱང་ཅུང་ཞིག་སེམས་ཅན་གྱི་དོན་དུ་མི་འགྱུར་རོ།། ཞེས་པ་ལ་དགོངས་པའོ།། ཐམས་ཅད་ཟབ་ཅེས་པ་ནི་ཁྱབ་པའི་དོན་ཏོ།། གནས་ཞེས་པ་ནི ་བསྒོམ་པའི་ལམ་གྱི་དམིགས་པ་ལའོ།། བསྟན་དུ་གསོལ་ཞེས་པ་ནི་གསལ་བར་བརྗོད་ཞེས་པའི་དོན་ཏོ།། བརྩམས་པ་ནི་བསྟན་པར་བྱ་བ་ལའོ།། ཤེས་པར་འདོད་པ་ནི་བསྒོམ་པའི་ལམ་ལ་སྦྱོར་བར་འདོད་པ་སྟེ། འདིར་བསྟན་བཅོས ་ལས། ཟབ་མོ་སྟོང་པ་ཉིད་ལ་སོགས།། ཟབ་པོ་དེ་ནི་སྒྲ་འདོགས་དང་།། སྒྱུར་བའི་མཐའ་ལས་གྲོལ་བ་ཉིད།། ཅེས་ཏེ། ལམ་གྱི་ཟབ་པ་དམིགས་པ་སྟོང་པ་ཉིད་ལ་སོགས་པས་ཟབ་མོ་ཞེས་པ་ལ་སོགས་པ་སྟེ། དེ་ལ་གསུངས་པ་ནི་རྣ ་ཅེས་པ་ནི་ཆོས་རྣམས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་སྟོང་པ་ཉིད་ལ་དེ་ཉིངད་མཚན་མ་མེད་པ་སྟེ། དེ་ཉིད་རིག་པས་མཚན་མའི་སྒྲོ་བཏགས་པ་འགག་པའི་ཕྱིར་རོ།། དེ་ཉིད་སྨོན་པ་མེད་པ་སྟེ། དེ་རིགས་པས་ཁམས་གསུམ་པ་ལ་སྨོན ་པ་མེད་དོ།། དེ་ཉིད་ནི་མངོན་པར་འདུ་མི་བྱེད་པ་སྟེ་དེ་རྣམས་ཀྱི་ཡང་སྲིད་པར་འགྱུར་བའི་ལས་མི་བྱེད་པའི་ཕྱིར་རོ།། དེ་ཉིད་མ་བྱུང་སྟེ་དེ་རྣམས་སུ་ལས་ཀྱི་མི་འབྱུང་བའི་ཕྱིར་རོ།། དེ་ཉིད་ནི་སྐྱེ་བ་མེད་པ་སྟེ་དེ་རྣམས་ལ་རང་བཞིན་གྱིས ་སྐྱེ་བ་མེད་པ་དེས་ཤེས་པའི་ཕྱིར་རོ།། དེ་ཉིད་དངོས་པོ་མེད་པ་སྟེ། རྗེས་སུ་མེད་པའི་ཕྱིར་རོ།། དེ་ཉིད་ནི་འདོད་ཆགས་དང་བྲལ་བ་སྟེ། དེ་རིགས་པས་ཉོན་མོངས་པའི་བག་ལ་ཉལ་ཀུན་ཏུ་འཇོམས་པའི་ཕྱིར་རོ།། དེ ་ཉིད་འགོག་པ་སྟེ་དེ་རྣམས་སུ་ཡང་སྲིད་པ་འགོག་པའི་ཕྱིར་རོ།། དེ་ཉིད་ནི་མྱ་ངན་ལས་འདས་པ་སྟེ། དེ་རྣམས་ཀྱི་བག་ཆགས་ཡང་དག་པར་བཅོམ་པའི་ཕྱིར་རོ།། དེ་ཉིད་བྲལ་བ་སྟེ་དེ་རྣམས་ཀྱི་ཟག་པ་དང་བཅས་པའི་ཕུང་པོ་དང ་མཆོག་ཏུ་བྲལ་བའོ་ཞེས་པའི་སྟོང་པ་ཉིད་ལ་སོགས་པའོ།། རབ་འབྱོར་གྱིས་གསོལ་བ་འདེབས་ཤིང་འདྲི་བ་ནི་ཆོས་རྣམས་ནི་སྟོང་པ་ཉིད་ལ་སོགས་པ་རྣམས་ཀྱིའོ།། ཆོས་ཐམས་ཅད་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས ་རྣམས་ཀྱིའོ།། བྱིས་པ་ལ་གཟུང་བྱ་གཟུགས་ལ་སོགས་པ་ཇི་ལྟར་ཐོབ་པ་འདིར་རང་ཉིད་ཀྱི་འདྲི་བ་ནི་ཇི་ལྟར་ཅེས་པ་སྟེ། གང་ལ་ཞུས་པ་ནི་གང་དུ་གཟུགས་ལ་སོགས་པའི་དེ་བཞིན་ཉིད་དུ་གཟུགས་ལ་སོགས་པ་རྟེན་ཅིང་འབྲེལ་པ ་ལས་སྐྱེ་བར་བྱེད་པ་ནི་ཀུན་རྫོབ་ལཾ་དེ་ཉིད་དོན་དམ་པར་ནི་ཡོད་པ་མ་ཡིན་ཏེ། འདིར་གཟུགས་ལ་སོགས་པའི་ཟབ་པ་ཉིད་ནི་ཞི་བ་མོ་མཁས་པ་རྣམས་ཀྱིས་རིག་པར་བྱ་བ་ནི་གཟུགས་ལ་སོགས་པ་རྣམས་ལས་ཀྱང་བཟློག་པ་སྟེ། ་དེ་རྣམས་ལ་སྒྱུ་མའི་སྐྱེས་བུ་ལ་སོགས་པ་རྣམས་བཞིན་དུ་བདེན་པ་ཉིད་དུ་སྒྲོ་བཏགས་པ་རྣམས་མེད་པའི་ཕྱིར་རོ་ཞེས་པ་ནི་སྒྲོ་འདོགས་པའི་མཐའ་ལས་གྲོལ་བ་ཉིད་དོ།། མྱ་ངན་ལས་འདས་པ་ཡང་བསྟན་ཅེས་པ་ནི་རྟེན་ཅིང་འབྲེལ ་པབ་ལས་སྐྱེས་པ་རྣམས་ཀྱི་དེ་རྣམས་བཞིན་དུ་ཡང་དག་པའི་ཀུན་རྫོབ་ཀྱི་ངོ་བོ་རྣམས་སུ་ཡོད་པ་ཉིད་ལ་དོན་དམ་པར་ནི་སྟོང་པ་ཉིད་དང་རོ་གཅིག་པས་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པ་ཉིད་པས་སོ།། ཞེས་པ་ནི་སྐུར་པའི་མཐའ ་ལས་གྲོལ་བ་ཉིད་དོ་ཞེས་པ་ནི་སྟོང་པ་ཉིད་ཟབ་པའོ།། དེའི་ལམ་གསུངས་པ་ནི་བསྟན་བཅོས་ལས། ངེས་འབྱེད་ཡན་ལག་དང་མཐོང་བའི།། ལམ་དང་བསྒོམ་པའི་ལམ་ཉིད་ལ།། ཡང་དང་ཡང་དུ་སེམས་པ་དང་།། འཇལ་དང་ངེས་རྟོག ་བསྒོམ་པའི་ལམ།། ཞེས་ཏེ་མྱུར་བ་ནི་རྒྱུན་ལའོ།། རྒྱུན་དང་ལྡན་པས་སེམས་ལ་སོགས་པའི་ངོ་བོའི་སྒོམ་པའི་ལམ་གྱི་སྟོང་པ་ཉིད་ལ་སོགས་པར་དམྱིགས་པས། སྟོང་པ་ཉིད་ལ་སོགས་པ་ལ་བརྟེན་པའི་ངེས་པར་འབྱེད་པའི་ཡན ་ལྷག་ལ་སྩོགས་པ་ཇི་ལྟར་ན་བསྒོམ་པའི་ལམ་གྱི་བདག་ཉིད་ཡུལ་ཡིན་ན་འདིར་བསྟན་བཅོས་ལས། དེ་ནི་རྒྱུན་ཆགས་ཡིན་པའི་ཕྱིར་བཞེད་དོ་ཞེས་ཏེ། རྒྱུན་དང་ལྡན་པ་ནི་བསྒོམ་པའི་ལམ་སྟེ་དེ་ལ་སྔ་ནས་རེག་པས་ཡུལ ་ཡིན་ལ། ཕྱིས་ཡུལ་ཅན་ཡིན་ཅེས་པས་འགལ་བ་མེད་པའོ།། འདིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞེས་པ་ལ་སོགས་པ་སྟེ། འདི་ནི་ཞེས་པ་ནི་སྟོང་པ་ཉིད་ལ་སོགས་པའི་ཤེས་རབ་ཅེས་པ་རྣམ་པར་རྟོགས་པའི་ཕ་རོལ ་ཏུ་ཕྱིན་པ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དེ། མཐོང་བའི་ལམ་དང་བསྒོམ་པའི་ལམ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཡང་དེའི་དོན་དུ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། དེ་ལ་ནི་འབྲེལ་བ་རྣམ་པ་གསུམ ་སྟེ། དེ་ལ་འཛིན་ཞེས་པའི་དོན་ཏོ།། གནས་པར་བྱའོ་ཞེས་པ་ནི་སེམས་དཔས་གཅིག་ཏུ་ངེས་པས་སོ།། བསླབ་པར་བྱ་བ་ནི་འཇལ་བས་ཞི་གནས་བསྐྱེད་པའོ།། བསྒྲུབ་པར་བྱ་ཞེས་པ་ནི་ངེས་པར་རྟོག་པས ་ལྷག་མཐོང་སྐྱེད་པས་སོ།། བཞག་པ་ནི་གཞུང་མཉན་ནས་སོ།། བཤད་པ་ནི་དོན་ཤེས་པས་སོ།། ཉེ་བར་བསྟན་པ་ནི་སྙིང་པོས་བསྒྲགས་པོས་སོ།། རིག་པ་ནི་བཞི་སྟེ། ལྟོས་པའི་རིག་པ་རྒྱུད་ལ་བལྟོས་ནས་འབྲས་བུ་སྐྱེ་བའོ།། ་རྒྱུ་དང་འབྲས་བུའི་རིགས་པ་ནི་དེ་རྣམས་ཀྱིས་སོ་སོར་འབྲས་བུའི་ཁྱད་པར་སྐྱེད་པས་སོ།། འཐད་པ་བསྒྲུབ་པའི་རིགས་པ་ནི་ཆེད་མ་གང་གིས་དོན་གང་སྒྲུབ་པར་འགྱུར་བའོ།། ཆོས་ཉིད་ཀྱི་རིགས་པ་ནི་ངོ་བོ་ཉིད་ཀྱིས་ངེས ་པའི་ཆོས་རྣམས་ཏེ། མེས་སྲེག་པར་བྱེད་པ་དེ་བཞིན་ཆུས་གཤེར་བའོ།། ཞེས་པ་ལ་སོགས་པའོ།། མངོན་པར་འདོད་པས་ལྷག་པར་དམིགས་པ་ནི་ད་བེན་པར་སྐྱིལ་མོ་ཀྲུང་བཅས་ལ་གུས་པས་རྟག་ཏུ་སྤྱོད་པ་ནི ་སེམས་པའོ།། དེ་བཞིན་ཉིད་ལ་ཞི་གནས་ཀྱི་བྱེ་བྲག་རྣམ་པ་དགུས་སེམས་མཉམ་པར་བྱེད་པ་ནི་འཇལ་བའོ།། ཆོས་རྣམ་པར་འབྱེད་ཅིང་རབ་ཏུ་རྣམ་པར་འབྱེད་ཡོངས་སུ་རྟོག་པར་བྱེད་ཡོངས་སུ་སྤྱོད་པར་བྱེད་པར ་འགྱུར་ཞེས་པའི་རྣམ་པར་བཞིས་ནི་ལྷག་མཐོང་སྟེ་ངེས་པར་རྟོག་པའོ།། དེ་ལ་ཇི་ཙམ་དུ་གྱུར་པ་ཉིད་ཀྱི་ཤེས་པ་ནི་རྣམ་པར་འབྱེད་པོ་སྟེ། ཕུང་པོ་ལྔ་པོ་ཉིད་ཅེས་པ་ལ་སོགས་པའོ།། ཇི་ལྟ་བ་བཞིན་དུ་གྱུར་པོ་ཉིད་ཀྱི ་ཤེས་པས་ནི་རབ་ཏུ་འབྱེད་པ་སྟེ་ཐམས་ཅད་འདི་རྣམས་སྟོང་པ་ཉིད་ཅེས་པ་ལ་སོགས་པའོ།། རྣམ་པར་རྟོག་པ་མེད་པའི་ཡིད་ཀྱིས་ཤེས་རབ་དང་ལྷན་ཅིག་ཏུ་གྱུར་པས་མཚན་མར་བྱེད་པ་ནི་ཡོངས་སུ་རྟོག་པའོ།། འདི་འདིར ་ཞེས་པས་དཔྱོད་པའོ་ཞེས་པ་ནི་སྒོམ་པའི་ལམ་གྱི་ངོ་བོའོ།། དེ་ནི་རྣམ་པ་དགུ་སྟེ། ཆུང་ངུ་འབྲིང་དང་ཆེན་པོ་རྣམས།། ཆུང་ངུ་སོགས་སུ་ཡང་ཕྱེ་བས།། ཞེས་བསྟན་བཅོས་ལས་ཏེ། ཡོད་སྒྲ་ནི་མི་མཐུན་པའི་ཕྱོགས་རྣམ་པར་དགུ ་སྟེ། ཆུང་ངུའི་ཆུང་ངུ་དང་། ཆུང་ངུའི་འབྲིང་དང་། ཆུང་ངུའི་ཆེན་པོ་དང་། འབྲིང་གི་ཆུང་ངུ་དང་། འབྲིང་གི་འབྲིང་དང་། འབྲིང་གི་ཆེན་པོའོ།། ཆེན་པོའི་ཆུང་ངུ་དང་ཆེན་པོའི་འབྲིང་དང་ཆེན་པོའི་ཆེན་པོ་སྟེ། འདི་རྣམས་ཀྱིས་ལུགས་ལས་བཟློག ་བས་མི་མཐུན་པོའི་ཕྱོགས་དགུ་ཟད་པར་བྱེད་དེ། ཆེན་པོའི་ཆེན་པོ་ནས་ཆུང་ངུའི་ཆུང་ངུའི་བར་རོ།། དེ་ཡང་རྣམ་པར་རྟོག་པའི་སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པའི་རྣམ་པར་རྟོག་པ་རྣམས་ཇི་ལྟར་རིགས་པར་གོས་ཀྱི་དྲི་མ ་རགས་པས་སྔོན་དུ་བཀྲུས་ནས་རྗེས་ལོ་ཕྲ་བ་འཁྲུ་བ་དེ་བཞིན་དུ་སེམས་ཀྱིས་ཏེ། འདི་ལ་གསུངས་པ་ནི་དེ་ལྟར་ཞེས་པ་ལ་སོགས་པ་སྟེ། ཇི་སྐད་དུ་བཤད་པའི་རིམ་གྱིས་ཏེ། སྒྲུབ་པར་བྱེད་པ་ནི་ཞི་གནས་ཀྱིས་སོ།། ཉེ་བར ་སེམས་པ་ནི་ལྷག་མཐོང་གིས་སོ།། ཉེ་བར་རྟོག་པ་ནི་གཉི་གས་སོ།། རབ་ཏུ་སྦྱོར་བར་བྱེད་པ་ནི་ཞི་གནས་ཀྱི་བརྩོན་འགྲུས་ཀྱིས་སོ།། རྩོལ་བར་བྱང་པ་ནི་ལྷག་མཐོང་གི་བརྩོན་འགྲུས་ཀྱིས་སོ།། དོན་དུ་གཉེར་བ་གཉི་གའི་བརྩོན ་འགྲུས་ཀྱིས་སོ།། རབ་ཏུ་དྲང་བ་རབ་ཏུ་འབྱུང་བར་འགྱུར་རོ་ཞེས་པ་ནི་རབ་ཏུ་དང་བ་ཅན་དུ་བྱེད་པའི་ཡོན་ཏན་རྣམས་སོ།། དབང་མེད་པ་ནི་མི་ནུས་པས་སོ།། འཁོར་བ་ནི་མ་འོངས་པའི་སྐྱེ་བའི་རྒྱུན་ནོ།། བོར་བ ་ནི་བཏང་བའོ།། རྒྱབ་ཀྱིས་ཕྱོགས་པ་ནི་མ་འོངས་པ་ནི་མི་བགྲོད་པའོ།། འདོར་བ་ནི་གཏོང་བའོ།། མཐར་ཕྱིན་པ་ནི་མ་འོངས་པའི་མཐའ་དང་སྔོན་གྱི་མཐའ་སེལ་བས་སོ།། བསྟན་པ་དང་བཤད་པ་ཞེས་པ་ནི་བསྟན་པ་དང་། བཤད་པ་ངག་གིས ་བསྟན་པའི་ཕྱིར་རོ།། གནས་པ་ནི་བསམ་པས་ཐེ་ཚོམ་གཅོད་པའོ།། སློབ་པ་ནི་ཞི་གནས་ཀྱིས་སོ།། བསྒྲུབ་པ་ནི་ལྷག་མཐོང་གིས་སོ།། ཉེ་བར་སེམས་པ་ནི་གཉི་ག་ངག་གིས་ཐོས་དེ་ལྟར་རྣལ་འབྱོར་བྱེད་པ་ནི་སྒོམ་པས་རྟོགས་པར་བྱེད ་པའོ།། འདི་རྣམས་ཀྱི་ལས་གཅིག་བཤད་ནས་གཉིས་པ་གསུངས་པ་ནི། དེ་དག་ཀྱང་ཞེས་པ་ལ་སོགས་པ་སྟེ། སྤོང་ངོ་ཞེས་པ་ནི་བསྒོམ་པའི་ལམ་ཆུང་ངུའོ།། རབ་འབྱོར་དེ་ལྟར་ཞེས་པ་ལ་སོགས་པ་སྟེ། ཁྱད་པར་དུ་འཕགས་པ་ནི་བསོད ་ནམས་མང་བ་ཉིད་ཀྱིས་སོ།། རབ་ཏུ་འཕགས་སོ་ཞེས་པ་ནི་ཆུང་ངུའི་འབྲིང་ངོ་།། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། སྦྱིན་པར་བྱེད་པ་ནི་དྲེགས་པ་མེད་པ་སོ།། རབ་ཏུ་འཇོག་པར་བྱེད་པ་ནི་ཡིད་ལ་གཙིགས་པ་མེད་པར་རོ།། ཞེས་པ ་ནི་ཆུང་ངུའི་ཆེན་པོའོ།། གཞན་ཡང་ཞེས་པ་ལ་སོགས་པ་སྟེ་ཡིད་ལ་བྱེད་པས་གནས་ཞེས་པ་ནི་འབྲིང་གི་ཆུང་ངུའོ།། གཞན་ཡང་ཞེས་པ་ལ་སོགས་པས་ནི་འབྲིང་གི་འབྲིང་ངོ་།། གཞན་ཡང་ཞེས་པ་ལ་སོགས་པས་ནི་འབྲིང་གི་ཆེན་པོའོ།། ་གཞན་ཡང་ཞེས་པ་ལ་སོགས་པས་ནི་ཆེན་པོའི་ཆུང་ངུའོ།། གཞན་ཡང་ཞེས་པ་ལ་སོགས་པས་ནི་ཆེན་པོའི་འབྲིང་ངོ་།། གང་ཞིག་ནང་དུ་ཡང་ངག་འཇོག་ལ་རྣལ་འབྱོར་དུ་བྱེད་པ་དང་མ་བྲལ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ ་སྟེ་དེ་ནི་དེའི་བསྒོམ་པའི་ལམ་ཆེན་པོའི་ཆེན་པོའོ།། རབ་འབྱོར་གྱིས་གསོལ་པ་ཞེས་པ་ལ་སོགས་པ་སྟེ། བསོད་ནམས་ཞེས་པ་ནི་བསོད་ནམས་མངོན་པར་འདུ་བྱེད་པའི་ཡང་རྣམ་པར་རྟོག་པས་སོ།། འདིར་སྒོམ་པའི་ལམ་གྱི་དུས ་སུ་དོན་དམ་པར་མེད་པའི་ཕྱིར་སྟོང་པ་ཉིད་དང་། བྱིས་པ་རྣམས་ཀྱིས་མ་ཤེས་པ་ཅན་གྱི་སྟོང་པ་ཉིད་ནི་མ་ཤེས་པ་ཉིད་དུ་དོན་གཅིག་གོ།། བདག་པོ་མེད་པའི་ཕྱིར་གསོག་གོ།། གཟུང་དུ་མེད་པའི་ཕྱིར་གསོབ་བོ།། འཛིན་པ་མེད་པའི ་ཕྱིར་སྙིང་པོ་མེད་པའོ།། དེ་ལྟར་ཞེས་པ་དང་། སྟོང་པ་ཉིད་ལ་སོགས་པ་རྣམས་ཀྱིས་ཞེས་པ་ནི་བསོད་ནམས་མང་དུ་འཕེལ་བ་ལ་རྒོལ་བའི་ལན་ནོ།། རབ་འབྱོར་གྱིས་གསོལ་ཞེས་པ་ལ་སོགས་པ་སྟེ། བྱེ་བྲག་ནི་ཐ་དད་པའོ།། གཅོད ་བ་ནི་ཐ་དད་དུ་བྱེད་པ་སྟེ་དེ་དག་རྣམས་པར་གཅད་པ་དང་དོན་དེ་གཉིས་ཀའི་ཉེ་བར་ལེན་པའོ།། ཚད་ནི་རགས་པ་ཡོངས་སུ་གཅོད་པའོ།། གྲངས་ནི་བགྲང་བས་ཟད་པར་མི་ནུས་པས་མི་ཟད་པའོ།། བླ་ལྷོག་པར་བཟོད་པ་ནི་བླ་དགས ་ཏེ། གཙོ་བོ་བརྗོད་པའོ་ཞེས་པའི་དོན་ཏེ། ཀྱང་མི་ཟད་པ་ནི་ནམ་མཁའ་བཞིན་ནོ།། ཡང་གཞལ་དུ་མེད་པ་ནི་ན་མཁའ་ཉིད་བཞིན་ནོ།། ཆོས་འདི་རྣམས་ནི་མི་ཟད་པ་དང་ཚང་མེད་པ་དང་སྟོང་པ་ཉིད་ལ་སོགས་པ་རྣམས་ཀྱི་མངོན་པར་བརྗོད ་པའི་སྒྲས་བསྟན་པས་སོ།། འདི་དག་གིས་ཞེས་པ་ནི་ཐུགས་རྗེས་བསྟན་པས་ཏེ་དེའི་མངོན་པར་བརྗོད་པ་ནི་རྒྱུ་མཐུན་པའོ།། དེ་ཡང་འདིར་རྒྱས་པར་བཤད་པ་ནི་འདིར་བསྟན་བཅོས་ལས་གྲངས་མེད་ལ་སོགས ་བསྟན་པ་རྣམས།། དམ་པའི་དོན་དུ་བཟོད་མ་ཡིན།། ཀུན་རྫོབ་དེ་དག་ཐུགས་བརྩེ་བའི།། རྒྱུ་མཐུན་གྱུར་པ་ཐུབ་པ་བཞེད།། ཅེས་ཏེ། བཟོད་པ་མ་ཡིན་ནི་མི་རིགས་ཞེས་པ་སྟེ། བརྒལ་བ་དང་ལན་ནོ།། རབ་འབྱོར་གྱིས་གསོལ་པ ་ཞེས་པ་ལ་སོགས་པ་སྟེ། ངག་གི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་བརྗོད་དུ་མེད་པའོ།། ཕ་རོལ་ཏུ་ཕྱིན་པའི་དོན་ནི་ཞེས་པ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་དེ།། འདིར་བསྟན་བཅོས་ལས། བརྗོད་དུ་མེད་པའི་དངོས་པོ་ལ།། ཉམས་པ་འཕེལ་བ ་མི་རིགས་ཏེ།། བསྒོམ་ཞེས་བྱ་བའི་ལོམ་གྱིས་ནི།། ཅི་ཞིག་ཐོབ་ཅིང་ཅི་ཞིག་ཉམས།། ཞེས་ཏཱཾ། རྟོགས་ཞེས་པའི་བརྗོད་དུ་མེད་པ་ནི་ཉམས་པ་དང་འཕེལ་བ་མེད་པ་ནས་ཇི་ལྟར་ན་བྱང་ཆུབ་ཅེས་པ་ལ་སོགས་པ་གསུངས་པ་ནི། འོན ་ཀྱང་ཞེས་པ་ལ་སོགས་པ་སྟེ། དེས་འདི་སྙམ་དུ་ཞེས་པ་ནི་གང་གིས་སྦྱིན་པ་སྦྱིན་པས་སོ།། དེ་དག་ཅེས་པ་ནི་གང་གིས་སེམས་བསྐྱེད་པ་དེ་རྣམས་དང་ཡང་དག་པར་ལྡན་པ་རྣམས་ཀྱིས་སོ།། ཉུང་ངུ་ནི་ཡང་ནས་ཡང་དུ་ལ། མང་དུ ་ནི་རྒྱུན་ཏུ་སྟེ། འདིར་བསྟན་བཅོས་ལས། བྱང་ཆུབ་ཇི་ལྟར་དེ་བཞིན་དུ།། དེ་ཡང་འདོད་པའི་དོན་སྒྲུབ་བྱེད།། བྱང་ཆུབ་དེ་བཞིན་ཉིད་མཚན་ཉིད།། དེ་ཡང་དེ་ཡི་མཚན་ཉིད་བཞེད།། ཅེས་ཏེ་འདི་དག་དང་ཞེས་དང་། དེ་དང་ཞེས་པ་ནི ་སྒོམ་པའི་ལམ་མོ།། ཇི་ལྟར་ཐུགས་རྗེ་ཆེན་པོས་དབང་གི་བླ་ན་མེད་པར་བྱང་ཆུབ་པས་འདུལ་བར་བྱ་བ་རྣམས་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚུལ་གྱིས་ཀུན་རྫོབ་ཏུ་མངོན་པར་འདོད་པའི་དོན་གྱི་སྒྲུབ་པ་དེ་ལྟར་བསྒོམ་པའི་ལམ ་སྒྱུ་མ་ལྟ་བུས་ཀུན་རྫོབ་ཏུ་མིན་པར་འདོད་པའི་ངན་གྱི་སྒྲུབ་པ་ད་ལྟར་བསྒོམ་པའི་ལ་མཐུན་པའི་ཕྱོགས་དང་གཉེན་པའི་ཕྱོགས་དག་འགྲིབ་དང་འཕེལ་བའི་རིམ་གྱིས་བྱ་བ་བྱེད་པ་སྟེ། དེ་བཞིན་གྱི་ངོ་བོ་ཉིད་སྒྱུ་མའི་རང་བཞིན་སྤྲོས ་པོ་མེད་པའི་ཕུང་པོ་ལྔའི་བདག་ཉིད་ཅན་གྱིས་ཆོས་ཀྱིས་སྐུ་ལ་སོགས་པའི་རང་བཞིན་དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཀྱི་བྱང་ཆུབ་དེ་ལྟར་དེ་སྒོམ་པའི་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་དོ་ཞེས་པའི་དོན་ཏོ།། ཉུང་བ་དང་མང་པོས་ཞེས ་པ་ནི་སྦྱོར་བ་དང་རྫས་ཀྱི་གནས་སྐབས་དག་ལའོ།། དངོས་གཞིའི་གནས་སྐབས་སུ་ནི་དེའི་རང་བཞིན་ཉིད་པས་གནས་པ་མི་འཐད་དོ།། སྟོང་པ་ཉིད་གཙོ་ཆེ་བའི་ལེའུ་ནི་སྟོང་པ་ཉིད་ཀྱི་ལེའུ་སྟེ་བཅོ་བརྒྱད་པའོ།། ། ་དེ་ནསོ་ཞེས་པ་ལ་སོགས་པ་ནི་རྒོལ་བ་ལ། དེ་སྐད་ཅེས་གསོལ་པ་དང་ཞེས་པ་ནི་ལན་ཏ་འདིར་བསྟན་བཅོས་ལས། སེམས་ནི་སྔ་མས་བྱང་ཆུབ་པར།། རིགས་མིན་ཕྱི་མས་ཀྱང་མ་ཡིན།། མར་མོའི་དཔེ་ཡི་ཚུལ་གྱིས་ནི།། ཟླག ་མོའི་ཆོས་ཉིད་རྣམ་པ་བརྒྱད་ཅེས་པ་སྟེ། བྱང་ཆུབ་ཅེས་པ་རྗེས་སུ་སྦྱར་བར་བྱའོ།། ལེའུ་བཅོ་བརྒྱད་པ་ལ་ནི་བྱང་ཆུབ་དེ་བཞིན་ཉིད་འབའོ་ཞིག་ཁོ་ནའི་མཚན་ཉིད་དུ་གསུངས་པ་ཡིན་ལ། དེ་འཁོར་དང་བཅས་པའི་བྱང་ཆུབ་ཀྱི ་མཚན་ཉིད་ནི་རྣམ་པ་བརྒྱད་ཀྱིས་ཟབ་པ་སྟེ། འདིར་བསྟན་བཅོས་ལས་སྐྱེ་བ་དང་ནི་འགག་པ་དང་།། དེ་བཞིན་ཉིད་དང་ཤེས་བྱ་དང་།། ཤེས་དང་སྤྱོད་དང་གཉིས་མེད་པ།། ཐབས་མཁས་པ་ལ ་ཟབ་པ་ཉིད།། ཅེས་ཏེ། གཉིས་སུ་མེད་པ་དང་ཐབས་ལ་མཁས་པ་ཞེས་པ་ནི་གཉིས་སོ།། དེ་སྐད་ཅེས་གསོལ་པ་དང་ཞེས་པ་ལ་སོགས་པས་ནི་ཟབ་པའི་གོ་སྐབས་ཏེ། གཞན་པས་ཞེས་པས་ནི་མེད་པར་རོ།། དེ་སྐད་ཅེས་གསོ ་པ་དང་བཅོམ་ལྡན་འདས་ཀྱིས་ཞེས་པ་ལ་སོགས་པས་ཟབ་མོ་རྣམ་པ་བརྒྱད་གསུངས་པ་ནི། སེམས་གང་ཞེས་པ་ནི་འཁྲུལ་པ་ལ། འགག་པ་ནི་སྒྲིབ་པ་གཉིས་པོ་བག་ཆགས་དང་བཅས་པའི་གནས་རྒྱུད་ལ་ཟད་པས ་ཟད་པའོ།། མ་འགགས་ཞེས་པ་ནི་མིན་པ་ཉིད་དེ། འཁྲུལ་པའི་རྒྱུའི་དངོས་པོ་དང་། དངོས་པོ་མེད་པ་ལ་སོགས་ལ་མངོན་པར་ཞེན་པ་སྤངས་པ་དང་། རྣམ་པར་འཇོག་པའི་རྒྱུ་མེད་པའི་ཕྱིར་ཏེ་སྔ་མ་དང་ཕྱི་མོའི་སྐད་ཅིག་མ ་དག་གིས་ཀྱང་མ་ཡིན་ལ་དེ་ལ་མ་བརྟན་པའི་དོན་ཁྱད་པར་དུ་འཕགས་པ་ཡང་བསྐྱེད་དུ་མེད་ཅེས་པ་ལ་དགོངས་པའི་ཞེས་པ་ནི་སྐྱེ་བ་ཟབ་པའོ།། སེམས་གང་ཞེས་པ་ནི་མ་འཁྲུལ་པ་ལས་བྱུང་བ་ནི་ཀུན་རྫོབ་ཏུ་སྟེ་གཟུགས་བརྙན ་བཞིན་ནོ།། འགག་པའི་ཆོས་ཅན་ཅེས་པ་ནི་འདྲི་བ་སྟེ་སོ་སོར་སྐད་ཅིག་རེ་རེའི་མཐར་གཡོ་བའི་ཆུའི་ཟླ་བ་བཞིན་དུ་གཡོ་བ་ནི་ཀུན་རྫོབ་ཏུ་ལ། དོན་དམ་པར་ནི་ངོ་བོ་ཉིད་ཀྱིས་སྟོང་པའོ་ཞེས་པ་ལ་དགོངས་ནས་གསུངས་པ་ནི།། ་མ་ལགས་ཞེས་པ་སྟེ། ལན་ལ་འགག་པའི་ཆོས་ཅན་ཞེས་པ་གཞུང་ཁ་ཅིག་ལས་ཏེ་ཀུན་རྫོབ་ཏུ་སྐད་ཅིག་མས་ཟད་ཅེས་པའི་དོན་ཏོ།། ཀུན་རྫོབ་ཏུ་ཡང་སྐད་ཅིག་རེ་རེས་འགག་པའི་ཆོས་ཅན་ཏེ་འགག་པར་འགྱུར་ཏེ་རྒྱུད་འགགས་པས། ་ཞེས་པ་ལ་དགོངས་པའི་ལྷུན་གྱིས་གྲུབ་པའི་ངང་གིས་སྐྱེ་བའི་སྙིང་རྗེ་ཆེན་པོས་སྨོན་ལམ་བཏབ་པ་ལ་སོགས་པ་རྣམས་ཀྱིས་དེ་ཁྱད་པར་དུ་མི་ཟོད་པར་བྱས་པའི་ཕྱིར་རོ་ཞེས་པ་ལ་དགོངས་པའོ།། མ་སྐྱེས་ཞེས་པ་ནི་མ་འོངས་པ་ལ། མ་འགགས། ་ཞེས་པ་ནི་དངོས་པོ་མི་འཇུག་པའི་ངོ་བོའི་ཕྱིར་རྣམ་པར་འཇིག་པའི་འོ།། ཡང་འགོག་པའི་ཆོས་ཅན་ཅེས་པས་རྒྱུན་ཆད་པ་ན་དེས་ཇི་ལྟར་བསྐལ་པ་གྲངས་ལས་འོངས་པ་རྣམས་སུ་གང་སེམས་ཅན་གྱི་ཕུང་པོ་མ་ལུས་པ་རྣམས་སངས ་རྒྱས་ཉིད་དུ་རྫོགས་པར་བྱེད་པ་ལ། སེམས་ཅན་གཅིག་གཅིག་ཀྱང་རྫོགས་པའི་བྱང་ཆུབ་པར་མི་འགྱུར་བའོ།། མེད་ཅེས་པ་ནི་སྙིང་རྗེ་ཆེན་པོ་དང་སྨོན་ལམ་ངག་ཡུལ་མེད་པ་ཉིད་ཀྱིས་དངོས་པོ་མེད་པ་དེས་ན་འགག་པར་མི་འགྱུར ་བའོ།། མིན་ཅེས་པ་ནི་གདུལ་བྱ་ལ་བསོད་ནམས་མེད་པས་བཏང་སྙོམས་ཀྱིས་གནས་སྐབས་བཞིན་དུ། མཛད་པ་མེད་ཀྱང་ཐུགས་རྗེ་ཆེན་པོ་དང་སྨོན་ལམ་ལ་སོགས་པའི་ཡོན་ཏན་གྱི་ཚོགས་རྣམ་པར་རྟོག་པ་དང་མ་འདྲེས་པར ་ལྷུན་གྱིས་གྲུབ་པའི་ངང་གིས་འཇུག་པའི་ཤིན་ཏུ་རྣམ་པར་དག་པ་རྟོགས་པའི་རྒྱུན་རྣལ་འབྱོར་པའི་ཀུན་རྫོབ་ཀྱི་ངོ་བོ་ནི་ཇི་ལྟར་ན་མཁའ་ཇི་སྲིད་དུ་འགག་འགྱུར་ནི་བཤད་ཟིན་ཀྱང་འདིར་རིགས་པ་གཞན་གྱིས་བཤད་དོ།། གང་དུ་འགོག ་པའི་ཆོས་ཅན་ཞེས་པའི་ཚིག་དེའི་རྣམ་པར་བཤད་པ་དང་། སེང་གེ་བཟང་པོའི་བཤད་པའི་ཁྱད་པར་ནི་བྱེ་བྲག་མེད་དམ་ཞེས་དཔྱད་པར་བྱའོ།། སེམས་ཅན་གང་ད་ལྟར་བྱུང་བ་ལཱ་མ་སྐྱེས་པ་དང་མ་འགག་པའི ་ཆོས་ཅན་ཞེས་པ་ནི་ངོ་བོ་ཉིད་མེད་པས་ཐོག་མ་དང་ཐ་མ་མེད་པའོ།། ཆོས་ནི་མྱ་ངན་ལས་འདས་པ་སྟེ་སྒྲིབ་པ་དང་བཅས་པའི་ཕུང་པོ་ལྔའི་བདག་ཉིད་ཀྱི་རྟེན་མི་འཇུག་པ་ཙམ་ནི་མེད་པའོ།། ཆོས་ཉིད་ནི་སྟོང་པ་ཉིད་དེ་ཀུན་རྫོབ་ཏུ ་སྐྱེས་ནི་སྒྱུ་མའི་སྐྱེས་བུ་བཞིན་ལ་འགག་པའོ་ཞེས་པ་ནི་འགག་པ་ཟབ་པའོ།། དེ་ཉིད་ལ་གནས་པར་འགྱུར་ཅེས་པ་ནི་ནམ་མཁའ་ཇི་སྲིད་པར་རོ།། གནས་ན་ཐེར་ཟུག་མ་ཡིན་པ་ནི་དུས་གསུམ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི ་དོན་དམ་པའི་ངོ་བོ་ནི་དེ་བཞིན་ནོ།། མ་ལགས་ཞེས་པ་ནི་ཀུན་རྫོབ་པའི་སྐད་ཅིག་མའི་གཟུགས་ལ་སོགས་པའི་ཕུང་པོའི་ངོ་བོ་ཉིད་ནི་རྒྱུན་རབ་ཏུ་བྱུང་བས་བརྟགས་པའི་ཕྱིར་རོ།། ཞེས་པ་ལ་དགོངས་པའོ།། དེ་བཞིན་ཉིད་ཟབ ་བ་ཞེས་པ་ནི་གཟུགས་ལ་སོགས་པ་དངོས་པོ་ཀུན་ཏུ་རྟོག་པ་དེ་ལསྣ་ཐ་མི་དད་པས་ཀྱང་གཏི་ད་དཔག་པར་དཀའོ་ཞེས་པ་ནི་དེ་བཞིན་ཉིད་ཟབ་པའོ།། དེ་བཞིན་ཉིད་ལ་སེམས་ཞེས་པ་ནི་དེས་རིག་པའི་ཕྱིར་དེའི་རྟེན་པ ་མ་ལགས་པ་ནི་ཤེས་པས་ཐ་དད་པའི་རིག་བྱ་བ་ལ་མི་སྦྱོར་བས་སོ།། སེམས་ལ་དེ་བཞིན་ཉིད་ཅེས་ནི་དབྱེ་བ་མེད་དོ་ཞེས་པ་ལ་དགོངས་པའོ།། མ་ལགས་ཞེས་པ་ནི་སེམས་དང་དེ་བཞིན་ཉིད་དག་དོན་དམ་པོར་ངོ་བོ་ཉིད་མེད ་པ་དག་ཏུ་ཐ་དད་པ་མེད་ལ། ཀུན་རྫོབ་ཏུ་ནི་མ་ཡིན་ཏེ། རྟེན་ཅིང་འབྲེལ་པ་ལས་འབྱུང་བའི་སེམས་ཉིད་ལ་དེ་བཞིན་ཉིད་ཅེས་བརྗོད་དོ།། དེ་བཞིན་ཉིད་ལས་གཞན་དུ་ཞེས་པ་ནི་མཚན་ཉིད་ཐ་དད་པས་སོ།། མ་ལགས་པ་ནི་མཚན་ཉིད་ཐཱ་དད་། ་པ་ནི་ལྡོག་པའི་དབྱེ་བ་ཙམ་གྱི་ཕྱིར་རོ།། དེ་ཉིད་ལ་དེ་བཞིན་ཉིད་དུ་ཐ་དད་པ་དང་ཐ་དད་པ་མེད་པར་སེམས་ཀྱིས་ཤེས་པར་བྱའོ་ཞེས་པ་ནི་ཤེས་བྱ་ཟབ་པའོ།། ཡང་དག་པར་ཞེས་པ་ལ་སོགས་པ་སྟེ་མ་ལགས་ཞེས་པ་ནི་དེ་བཞིན་ཉིད ་ངོ་བོ་ཉིད་ཀྱི་ཕྱིར་དེ་བཞིན་ཉིད་དྲོ་དེ་ཁོ་ནར་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། འདི་མཐོང་བ་མེད་པ་ཉིད་མཐོང་བ་ནི་ཤེས་པ་ཟབ་པའོ།། ཟབ་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ལའོ།། ཡང་དག་པར་སྤྱོད་པ་ནི་དམིགས་པའི ་རྒྱུ་མཚན་ལའོ།། མི་འཇུག་པ་ནི་འབྱུང་བར་མི་འགྱུར་བའོ་ཡང་དག་པར་སྤྱོད་པ་མེད་པར་འགྱུར་བ་ནི་སྣང་བར་མི་འགྱུར་བའོ།། དེའི་ཕྱིར་ཆོས་དེ་ཐམས་ཅད་དུ་སྤྱོད་པ་ནི་སྤྱོད་པ་ཟབ་པའོ།། མཚན་མ་ཞེས་པ་ནི་གཉིས་ཀྱི་མཚན ་མ་ལ་འམ་གཉིས་མེད་པའི་མཚན་མ་ལའོ།། མཚན་མ་ནི་གཉིས་དང་གཉིས་མེད་པའི་མཚན་མ་འབྱུང་བར་འགྱུར་བ་མ་ཞིག་པའོ།། མ་ལགས་ཞེས་པ་ནི་འདི་ཉིད་སྤངས་ཞེས་པའི་དོན་ཏོ་ཞེས་པ་ནི་གཉིས་སུ་མེད་པ་ཟབ་པའོ།། ཇི ་ལྟར་ཞེས་པ་ནི་ཅུང་ཞིག་གོ།། མཚན་མ་སྤངས་ཞེས་པ་ནི་སངས་རྒྱས་ཀྱི་ཆོས་རྣམས་ཡོངསུ་མ་རྫོགས་པར་ཞེས་པ་ལ་དགོངས་པའོ།། འདི་ཉིད་དུ་ཞེས་པ་ནི་སྐྱེ་བ་འདི་ཉིད་ལའོ།། མཚན་ཉིད་གང་ཞེས་པ་ནི་གང་ཞིག་ཆོས་ཀྱི་མཚན་མ་དང་། ་གང་ཡང་ཆོས་ཉིད་ཀྱི་མཚན་མ་དེ་ཐམས་ཅད་ཤེས་པའོ།། མཚན་མ་མེད་པ་ལས་ཡང་ཞེས་པ་ནི་ཆོས་ཀྱི་དབྱིངས་ལའོ།། ཡོངས་སུ་འདྲིས་པ་ནི་གོམས་པ་ཙམ་བྱེད་པའོ་ཞེས་པ་ནི་ཐབས་ལ་མཁས་པའི་ཟབ་པའོ།། དེ ་བ་པ་བརྒྱད་པ་ནི་བྱང་ཆུབ་ལ་རིམ་ལྷག་མ་རྣམས་ནི་ཉེ་བ་སྟེ། དེ་ལྟར་བསྟན་བཅོས་ལས། ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར།། སྲིད་དང་ཞི་བར་མི་རྟོག་ལ་ཞེས་ཏེ། མི་སློབ་པའི་དགེ་འདུན་གྱིས་མཚན་ཉིད་ཡོངས་སུ་གསལ་བར་བྱེད ་པའི་ཕྱིར་འཁོར་བ་དདུ་མྱ་ངན་ལས་འདས་པ་མཉམ་པ་ཉིད་ཅེས་འཕགས་པ་རྣམ་པར་གྲོལ་སྡེས་བཤད་དེ། དེ་ལ་གསུངས་པ་ནི་དེ་ནས་ཞེས་པ་ལ་སོགས་པ་སྟེ། སྒོམ་པའི་ལམ་གྱི་ཡང་དག་པའི་ཡིས་རྣར་རྟོག་པ་ནི་ཉོནས་པ་དང་འདྲ་བྲི་ཕྱིར་ན་ཉོན་མོངས ་པ་ལ། ལངས་པའི་ཚེ་ཡེ་ཤེས་ལ་རྨི་ལམ་ལྟ་བུའི་ཕྱིར་ན་རྨི་ལམ་སྟེ། འདི་ཉིད་ཉིན་མོ་ཤིན་ཏུ་གོམས་པས་ནི་རྨི་ལམ་དུ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཕེལ་ཏེ། རྣམ་པར་རྟོག་པ་ལ་བྱེ་བྲག་སྟེ། རྣམ་པར་རྟོག་པ་མེད་པ་ལ ་ནི་བྱེ་བྲག་མེད་དོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་གོས་པ་ལ་ཞེས་པ་ནི་བསྒོམ་པའི་ལམ་ལ་གོས་པས་སོ་ཞེས་པ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དོ།། ཤཱ་རིའི་བུ་ཞེས་པོ་ལ་སོགས་པ་སྟེ། འདིར་རྨི་ལམ་དང ་སད་པ་ནི་གྲགས་པ་ཁོ་ན་གསུང་བར་བྱའོ།། ཆོས་རྣམས་རྨི་ལམ་ལྟ་བུ་ཉིད་ནི་དཔེར་ན་རྨི་ལམ་དུ་སྦྱིན་པ་དང་རྣམ་པར་འཚེ་བ་ལ་སོགས་པ་རྣམས་ལ་བསོད་ནམས་དང་སྡིག་པ་མི་འབྱུང་བ་དེ་བཞིན་དུ་བསད་པ་ན་ཡང་མི་འགྱུར་རོ་ཞེས་པ ་ནི་བརྒལ་བ་ལ། གལ་ཏེ་གཉིད་ལོག་པའི་ལས་དམིགས་པ་དང་བཅས་པའི་ཕྱིར་ལེགས་པར་བས་དོ་ཞེས་པ་ལ་སོགས་པ་སད་པའི་རྣམ་པར་རྟོག་པས་བྱས་ན་ནི་བསད་པ་ལ་ཡང་འབྲས་བུ་དང་བཅས་པར་འགྱུར་ལ། ངས་ལེགས་པར ་བསད་དོ་ཞེས་པ་ལ་སོགས་པའི་བསད་པའི་རྣམ་པར་རྟོག་པ་ཉིད་ཀྱིས་དམྱིགས་པའི་ཕྱིར་ཤིན་ཏུ་ཡང་འབྲས་བུ་དང་བཅས་པའོ་ཞེས་པའི་ལན་ནོ།། བསྡད་པའི་གནས་སྐབས་སུ་ཡང་དངོས་པོ་རྨི་ལམ་ལྟ་བུ་དེ་དང་རྗེས་སུ་མཐུན་པའི ་དོན་དུ་དངོས་པོ་ལ་སོགས་པར་མངོན་པར་ཞེས་པ་རྣམས་ཀྱིས་དགེ་བ་ལ་སོགས་པ་རྣམ་པར་བཞག་པ་སྟེ་ཅུང་ཞིག་གཉིད་ལོག་པ་ནི་འཁྲུལ་པའི་རྒྱུ་ཉིད་ཀྱིས་མི་གསལ་ཞེས་འཁྲུགས་པས་འབྲས་བུ་ཆུང་བར་བསྒྲུབས་ལ། རྨི་ལམ་དུ ་ཡང་ལས་དང་འབྲས་བུའི་དངོས་པོར་བདེན་པ་ནི་དགེ་སློང་ལ་སོགས་པ་མེད་པའི་སྐྱོན་དུ་འགྱུར་ཏེ། བསླབ་པ་བྱིན་པ་ན་ཅན་བཞིན་དུ་བསྡོམ་པ་དང་སྡོམ་པ་མ་ཡིན་པ་དག་ནི་བཅོམ་ལྡན་འདས་ཀྱིས་བཅོས་པའི་དབང་གིས་རྣམ་པར ་བཞག་པར་བྱས་པའི་ཕྱིར་རོ།། ཟད་པའི་འདུ་ཤེས་ཞེས་པ་ནི་ཟད་པ་ནི་མྱ་ངན་ལས་འདས་པ་ལ། དེའི་འདུ་ཤེས་ནི་འཛིན་པའོ།། ཡང་དག་པའི་དོན་དུ་བརྟགས་པ་ནི་བརྟགས་པའོ།། ཕྱིན་ཅི་ལོག་ཏུ་བརྟགས་པས་ནི་རྣམ་པར་རྟག་པའོ་དེ ་བཞིན་དུ་ཞེས་པ་སྟེ་ན་མཁའ་བཞིན་དུ་འམ། དེ་བཞིན་གཤེགས་པ་བཞིན་དུའོ།། སེམས་དང་སེམས་པ་དང་བློ་དང་རྣམ་པར་རྟོག་པ་ཞེས་པ་རྣམས་ནི་དོན་གཅིག་གོ། དབེན་པ་ཞེས་པ་ནི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་སོ།། ཕྱིན་ཅི་ལོག ་ནི་བློས་ཡོད་པ་མ་ཡིན་པ་ཉིད་ལ་མཚན་མར་བྱས་ཤིང་དམིགས་པར་བྱས་ནས་སོ།། ལུས་ཀྱིས་མངོན་སུམ་དུ་བྱུད་ཅེས་པ་ནི་ལུས་ཀྱི་གནས་དེས་གཞན་དུ་མི་འཇུག་ནུས་ལུས་ཀྱིས་མངོན་སུམ་དུ་བྱེད་པ་ཅན་ནི ་ལུས་ཀྱི་མངོན་སུམ་མོ།། དོན་འདི་ཞེས་པ་ནི་རྒོལ་བ་འདི་རྣམས་ཀྱིའོ།། ལན་ལྡོན་པ་ནི་ལན་བཏབ་པའོ།། ཆོས་གང་ཞེས་པ་ནི་བྱམས་པའི་འདྲི་བར་བྱ་བ་ལ་ལྗོན་པར་བྱ་བའོ།། ཆོས་གང་གིས་ནི་ཚིག་ནི་ཚིག་གི་སོ།། ཆོས་གང་ནི་ཤཱི་རིའི་བུའི་འོ།། ་འཇིགས་པ་སྐྱེ་བར་འགྱུར་བ་ནི་སྡང་བའོ།། ཀུན་ཏུ་བྱུང་ནས་སྐྲག་པ་ནི་ཀུན་ཏུ་སྐྲག་པའོ།། དེའི་རྒྱུན་ནི་ཀུན་ཏུ་སྐྲག་པ་དང་ལྡན་པའོ།། སྟོབས་བསྐྱེད་པ་ནི་བསྒོམ་པ་ལ་ཞེས་པས་བག་ཆགས་རྒྱས་པ་སྟེ། འདིར་བསྟན་བཅོས་ལས། ལས ་མེད་ལ་སོགས་ཀླན་ཀ་ཡི།། ལན་ནི་ཇི་ལྟར་བཤད་པར་ཟད།། ཅེས་པ་ནཱི་འཁོར་བཱི་དང་མྱ་ངན་ལས་འདས་པ་མཉིམ་པ་ཉིད་ལ་རྒལ་བ་དང་ལན་རྣམས་ཏེ། དེ་ལྟར་བསྟན་བཅོས་ལས། སེམས་ཅན་འཇིག་རྟེན་ཇི་བཞིན་དུ།། སྣོད་ཀྱི ་འཇིག་རྟེན་མ་དག་པ།། དེ་ལ་དག་པར་བསྒྲུབ་པ་ཡི།། སངས་རྒྱས་ཞིང་ནི་དག་པ་ཉིད་ཅེས་ཏེ། བསྟན་པ་གཅིག་ལ་སངས་རྒྱས་གཅིག་འབྱུང་བར་འགྱུར་ཏེ། དེའི་སངས་རྒྱས་ཀྱི་ཞིང་སྟེ་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་དག་པའོ།། ། ་དེའི་ཡོངས་སུ་དག་པའི་ནི་གང་ཞེ་ན། མ་དག་པ་ནི་གཅན་གཟན་གྱི་དགོན་པ་ལ་སོགས་པ་ཉིད་དང་། མཐོ་དམན་ལ་སོགས་པའི་མཚན་ཉིད་ཀྱི་ལ། དེ་རྣམས་ལ་རང་གི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བསྒྲིབ་པའི་ཕྱིར་རོ།། བདག ་གིས་སངས་རྒྱས་ཀྱི་ཞིང་དུ་རྣམ་པ་ཐམས་ཅད་དུ་དེ་ལྟར་མ་གྱུར་ཅེས་པ་ནི། བགྲོད་དཀའ་བའི་སས་དགོན་པ་དང་། གཅན་གཟན་རྣམས་ཀྱིས་དགོན་པ་དང་། ཆུས་སྤངས་པས་ཆུས་དགོན་པ་དང་། གལ་ཏེ་འདོད་པའི་སྒྲ་ནི་གང་གི་དོན་དུ ་དུའོ།། འཇིག་རྟེན་ཅེས་པ་ནི་སྣོད་ཀྱི་འཇིག་རྟེན་ནོ།། དྲི་ཞིམ་པ་དང་རོ་ཞིམ་པ་དང་།། བསིལ་དང་ཡང་དང་དངས་པ་དང་།། གཙང་དང་མགྲིན་པ་བདེ་བ་དང་།། ལྟོ་བར་ནད་མི་བྱེད་ཅེས་པའི།། ཆུས་ནི་ཡན་ལག་བརྒྱད་སྲིད་པའོ།། བདེ་བ་དང ་ཕྲད་པ་ནི་བདེ་བ་དང་སྦྱོར་བས་སོ།། བདེ་བ་དང་ལྡན་པས་ནི་ཀུན་ཏུ་ཕན་པས་འདི་རྣམས་ལ་ཞེས་པ་ནི་བདེ་བ་དང་ལྡན་པའོ།། ཐམས་ཅད་དུ་ནི་ཀུན་ལའོ།། ནད་ཀྱིས་དགོན་པོ་ལ་ནི་ནད་ཀྱི་ཉེ་བར་འཚེ་བའོ།། འདི་ལྟར་ཅེས་པ་ནི་སེམས་ཀྱིས ་སྐེད་ཅིག་གཞལ་ན་སྔོན་ནི་འབྱུང་བར་མི་འགྱུར་བས་མཐའ་མེད་པ་སྟེ། དེ་ཁོ་ན་ཉིད་དུ་ངོ་བོ་ཉིད་མེད་པར་ཆ་ཤས་མེད་པའི་སྐད་ཅིག་མའི་མཐའ་ན་ཡོད་པ་མ་ཡིན་པའོ།། མང་ཞིང་ནི་གང་དག་གིས་དོན་མེད་པར་འགྱུར་བ་རྣམས་སོ།། ། ་སྔོན་གྱི་མཐའ་མེད་པས་གང་དུ་མངོན་པར་བྱང་ཆུབ་པར་འགྱུར་བའོ།། ཞེས་པ་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའོ།། དེ་ནས་ཞེས་པ་ལ་སོགས་པ་སྟེ། ཆགས་པ་མེད་པར་ཞེས་པ་ནི་མ་རིག་པར་རོ།། བར་སྣང་གི་ན་མཁའ་ལ་ཞེས ་པ་ནི་འདི་ཉིད་ན་མཁའ་འབའ་ཞིག་ལའོ།། ཡོངས་སུ་བསྒྲུབ་པ་ནི་ཡོངས་སུ་གྲུབ་པ་བཞིན་དུ་དབང་དུ་གྱུར་པའོ།། ངེས་པ་ནི་ཚད་ཆད་པས་སོ།། མ་ལེགས་པ་ནི་སྡུག་བསྔལ་ལོ།། སྲིང་མོ་གངྒཱའི་ལྷ་མོའི་ཀུན་ཏུ་བསྟན་པའི་ལེའུ་སྟེ་བཅུ ་དགུ་པའོ།། ཐབས་ལ་མཁས་པ་རྒྱུས་པར་བཤད་པའི་བསྟན་བཅོས་ལས། དེ་ཡི་ཡུལ་དང་སྦྱོར་བ་དང་། དགྲ་རྣམས་ལས་ནི་འདས་པ་དང་།། མི་གནས་ཇི་བཞིན་ཤུགས་དང་ནི།། ཐུན་མོངས་མ ་མཚན་ཉིད་དང་།། མི་ཆགས་པ་དང་མི་དམིགས་དང་།། མཚན་མ་སྨོན་པ་ཟད་པ་དང་།། དེ་ཡི་རྟགས་དང་ཚད་མེད་པ།། ཐབས་ལ་མཁས་པ་རྣམ་པ་བསྲེ།། ཞེས་ཏེ། ཐབས་ལ་མཁས་པ་འདིའི་ཡུལ་དང་།། དེའི་སྦྱོར་བ་དང་པོ་གོམས ་པ་ལ་དགྲ་རྣམས་ལས་ཤིན་ཏུ་འདས་པ་ལ་སོགས་པའི་དབྱེ་བ་བཅུ་སྟེ། གང་དག་གི་མཚན་མ་དང་སྨོན་ལམ་ཟད་པར་བྱས་པ་ལ་དེ་བཞིན་དུ་བཤད་དེ། མཚན་མ་ཟད་པ་དང་སྨོན་ལམ་ཟད་པ་དེ་ལ་གསུངས་པ་ནི། དེ་ནས་ནུས་པ་ལ ་སོགས་པ་སྟེ།། སྟོང་པ་ཉིད་ལ་ཞེས་པ་ནི་སྤྱོད་པ་ཉིད་ཀྱི་ཏིང་ངེ་འཛིན་ལའོ།། རྒྱུད་ལ་ནི་རྒྱུན་ཏུའོ།། དེ་ལ་ནི་སྟོང་པ་ཉིད་ལའོ།། ཆོས་ཉིད་ནི་ཆོས་ཀྱི་རང་བཞིན་ལའོ།། ཆོས་ཉིད་ཀྱིས་ནི་ཆོས་སྙིང་པོས་སོ།། སྟོང་པ་ཉིད་ཁོ་ན་སྒྲིབ་པ་མེད་པ ་ཉིད་པས་དྲི་མ་མེད་པའི་ཡང་དག་པའི་མཐའོ་ཞེས་པ་ནི་ཐབས་ལ་མཁས་པའི་ཡུལ་ལོ།། དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་པ་ལ་སོགས་པ་སྟེ། མཉམ་པར་མ་བཞག་པ་ཉིད་ཅེས་པ་ནི་མངོན་སུམ་དུ་བྱ་བར་དེས་དམིགས་པ་མེད ་པ་ལ་དབང་བ་ཉིད་དོ།། དམིགས་པ་ལས་ནི་དེ་ཉིད་ལའོ།། བར་སྐབས་དེར་ཞེས་པ་ནི་ཇི་སྲིད་དུ་འདིས་སངས་རྒྱས་ཀྱི་ཆོས་ཡོངས་སུ་མ་སྨིན་པའི་བར་དུའོ།། བསྟན་པ་ནི་ཉེ་བར་བསྒྲུབ་པ་ཉིད་ཀྱིས་ནས་པ་ནི་ཐབས་ལ་མཁས་པའི་སྐྱོས ་བའོ།། འདི་ལྟ་སྟེ་དཔེར་ན་ཞེས་པ་ལ་སོགས་པ་སྟེ། དཔའ་བ་ནི་འཇིགས་པ་མེད་པའོ།། བརྩོན་འགྲུས་ནི་སྤྲོ་བའོ།། བརྟན་པ་ནི་རབ་ཏུ་གནས་པའོ།། སྤོབས་པ་ནི་མངོན་པར་སེམས་པའོ།། སྒྲུབ་པ་ནི་རྗེས་སུ་གནས་པའོ།། གང་གིས ་དུས་ལ་སོགས་པ་གང་དང་ལྡན་པ་དེ་ཤེས་པས་དུས་ལ་སོགས་པ་ཤེས་པའོ།། རྟོག་པ་ནི་ལུས་དང་ངག་དང་སེམས་སྦྱངས་པ་ཉིད་ཅན་ནོ།། དེས་སོང་བ་ནི་ཐོབ་པའོ།། མཚོན་ཆ་ནི་སྒྲིབ་ཡོལ་དང་གོ་ཆ་ལ་སོགས་པའོ།། དྲན་པ་ནི་མི་བརྗེད ་པའོ།། བློ་གྲོལ་ནི་མངོན་པར་འཇལ་བའོ།། རྟོགས་པ་ནི་ཤེས་པའོ།། མོས་པ་ནི་འཛིན་པ་ལ། ཆོས་ལུགས་ནི་ཆོས་ལུགས་ཤེས་པའོ།། འཇིགས་པ་མེད་པས་ནི་མཁས་པའོ།། དེ་ལྟར་དག་པོ་ཉིད་ནི་ཕྱིར་རྒོལ་བ་བར་ཆད་པ་བྱེད་པ་དེ་རྣམས། ་ལས་འདས་པ་ནི་ཚད་མེད་པ་བཞི་རྣམས་ཀྱིས་ཞེས་པ་ནི་ཐབས་ལ་མཁས་པ་དང་པོའོ།། འདི་ལྟ་སྟེ་དཔེར་ན་ཞེས་པ་ལ་སོགས་པ་སྟེ། བརྒྱུ་བ་ནི་འགྲོ་བའོ་ཞེས་གནས་པ་ནི་འདུག་པའོ།། དེ་ལ་ཡང་མི་བརྟན་མི་གནས་པ་ནི་དེར་ཡང་མི ་གནས་པའོ།། དེར་ཡང་མི་གནས་པ་ནི་གནས་དེར་མི་གནས་པ་སྟེ། སྟོང་པ་ཉིད་ལ་སོགས་པར་མི་ལྟུང་ཞིང་མི་གནས་ཞེས་པའི་དོན་ཏོ།། ཞེས་པ་ནི་མི་གནས་པའི་ཐབས་སོ།། འདི་ལྟ་སྟེ་དཔེར་ན་ཞེས་པ་ལ་སོགས་པ་སྟེ། མངའ་སྟེང ་དུ་འཕངས་པ་ཉིད་ལ་མདའ་གཞན་དག་གིས་ཕུལ་བས་ཡུན་རིང་དུ་མི་ལྟུང་སྟེ། དེ་ལྟར་སངས་རྒྱས་ཀྱི་ཆོས་ཡོངས་སུ་མ་སྨིན་པར་དུ་མངོན་སུམ་དུ་མི་བྱེད་ལ། སེམས་ལ་སེམས་གཞན་གྱི་ཤུགས་དེ་ལས་མི་འདའ་བས་འཕེལ་བ་ནི་ཇི ་ལྟར་ཤུགས་ཀྱི་ཐབས་སོ།། དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་པ་ལ་སོགས་པ་སྟེ། སྤྱོད་པ་ནི་ཞི་གནས་ཀྱིས་སོ།། གནས་པ་ནི་ལྷག་མཐོང་གིས་སོ།། ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་ནི་གཉི་གས་སོ།། བདག ་གིས་ཞེས་པ་ནི་ང་ཡིས་སོ།། མངོན་པར་སྒྲུབ་པ་ནི་ངེས་པར་རྫོགས་པར་བྱེད་པའོ།། ཏིང་ངེ་འཛིན་འདི་ཉིད་རྣམ་པར་ཐར་པའི་སྒོ་སྟེ། གྲོལ་བའི་སྒོ་ཡིན་པའི་ཕྱིར་རོ།། སེམས་བསྐྱེད་པ་ནི་སེམས་མངོན་པར་སྒྲུབ་པའོ།། དེས་འདི་ལྟར་ནི་དཀའ ་པ་སྤྱོད་པ་པའོ།། འདི་ཉིད་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་། ཐུན་མོང་མ་ཡིན་པའི་ཕྱིར།། ཐུན་མོང་མ་ཡིན་པའི་ཐབས་སོ།། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། ཡོད་པ་ནི་ཆོས་ཐམས་ཅད་དོན་དམ་པར་ཡོད་པ་ཉིད་དུའོ།། ་དེའོ་འདུ་ཤེས་ནི་སྒྲོ་བཏགས་པ་སྟེ། ཡོད་པ་སྒྲོ་བཏགས་ནས་ཞེས་པའོ།། དེ་སློང་བ་ནི་སེམས་ཅན་རྣམས་མངོན་པར་རྫོགས་པར་སངས་རྒྱས་པའོ།། ཆོས་བསྟན་པར་བྱའོ་ཞེས་པ་ནི་སྟོང་པ་ཉིད་ལ་སོགས་པར་ཀུན་ཏུ་སེམས་པའི་སྙོམས་པར ་འཇུག་པ་ལ་ཞེན་པ་མེད་པ་ཡིའོ།། དེ་དང་སྦྱོར་བ་ནི་མ་ཆགས་པའི་ཐབས་སོ།། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། ཆོས་ཀྱི་འདུ་ཤེས་ནི་ཕུང་པོ་དང་ཁམས་ལ་སོགས་པའི་སྒྲོ་བཏགས་པའོ།། དེ་ཉིད་ནི་དམིགས་པ་ལ་སྟོང་པ་ཉིད་ལ་སོག་པའི ་སྙོམས་པར་འཇུག་པ་ནི་དམིགས་པ་མེད་པ་སྟེ། དེ་དང་སྦྱོར་བ་ནི་མི་དམིགས་པའི་ཐབས་སོ།། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། བུད་མེད་དང་སྐྱེས་པ་དང་གཟུགས་དང་སྒྲ་ཞེས་པ་ནི་དེ་ལྟར་མཚན་མའི་འདུ་ཤེས་ལ་མཚན་མ་མེད་པའི ་སྙོམས་པར་འཇུག་པ་ནི་མཚན་མ་མེད་པ་སྟེ། དེ་དང་སྦྱོར་བ་ནི་མཚན་མ་མེད་པའི་ཐབས་སོ།། གཞན་ཡང་ཞེས་པ་ལ་སྩོགས་པ་སྟེ། ལྷ་དང་བརྒྱ་བྱིན་དང་འཁོར་ལོས་སྒྱུར་བར་བྱའོ།། ཞེས་པ་ལ་སོགས་པ་སྲིད་པའི་ལོངས་སྤྱོད་ལ་དགའ་བ ་ནི་སྨོན་པ་ལ་དེའི་རྩ་བ་ཅན་གྱི་ཕྱིན་ཅི་ལོག་རྣམས་ལ་སྨོན་པ་མེད་པའི་སྙོམས་པར་འཇུག་པ་ནི་སྨོན་པ་མེད་པ་སྟེ། དེ་དང་སྦྱོར་བ་ནི་སྨོན་པ་མེད་པའི་ཐབས་སོ།། གང་དེ་ལྟར་ཞེས་པོ་ལ་སོགས་པ་སྟེ། མི་དམིགས་པ་ལ་སོགས་པའི་ཐབས་ཀྱིས ་རྣམ་པར་ཐར་པའི་སྒོ་གསུམ་གྱི་ཡུལ་བརྗོད་ནས་རིགས་པས་འདི་རྣམས་མངོན་པར་འདུ་བྱེད་པ་མེད་པ་ལ་སོགས་པས་ལྷོག་པར་ཡུལ་དུ་བྱེད་ན་དོན་ཡོད་པར་བྱེད་པས་དེ་བརྗོད་པར་རིགས་ཞེས་པའོ།། མངོན་པར་འདུ་བྱེད་པ་མེད་པར་ལྷུང་ཞེས ་པ་ནི་དམན་པའི་བྱང་ཆུབ་དག་ཏུའོ།། ཁམས་གསུམ་པའི་འཁོར་བར་རོ།། འདི་སྐད་ཅེས་པ་ལ་སོགས་པ་སྟེ། འདྲི་བར་བྱས་ཞེས་པ་ནི་ན་མཁས་པ་ལའོ།། གལ་ཏེ་དྲིས་པ་ན་སྟོང་པ་ཉིད་ལ་སོགས་པ་ཅན་ཁོ་ན་བསྒོམ་པའོ།། དེ་ཡང་ཡོངས་སུ་དྲིས ་པ་ལས་མངོན་སུམ་དུ་མི་བྱེད་པ་སྟེ། དེ་ལ་ཐབས་ནི་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བའི་སེམས་ལ་སོགས་པའོ་ཞེས་པ་ནི་འདི་རྣམས་དེའི་ཕྱིར་མི་ལྡོག་པའི་རྟགས་སུ་བཤད་དོ།། དེའི་ཕྱིར་དེའི་རྟགས་འདིས་ཞེས་པ་ནི་དེའི་རྟགས་ཀྱི ་ཐབས་སོ།། རབ་འབྱོར་ཞེས་པ་ལ་སོགས་པ་སྟེ། གང་དེ་ལྟར་ལན་ལྡོན་པ་ཉུང་བ་ནི་འདིར་ཆེས་ཉུང་བའོ་ཞེས་པ་ནི་ཚད་མེད་པའི་ཐབས་སོ།། ལེའུ་དགུ་པ་དེ་ཉིད་ཀྱི་ཕྱེད་ནས་བརྩམས་ཏེ་ཉི་ཤུ་པའི་ཕྱེད་ཀྱི་བར་གྱི་ལེའུ་བཅུ་གཅིག་པོ་རྣམ་པ་ཀུན ་མངོན་པར་རྫོགས་པར་རྟོགས་པའོ།། འདི་ལས་གོང་དུ་རྩེ་མོའི་མངོན་པར་རྟོགས་པ།། ཁྱད་པར་དུ་ལམ་ལ་བརྗོད་པར་བྱ་སྟེ། ཁྱད་པར་དུ་ལམ་ལ་བརྗོད་པར་བྱ་སྟེ། དེ་ལྟར་ཡང་ས་བཅུ་པའི་གནས་སྐབས་ཀྱི་ཁྱད་པར་ལ ་བཅོ་ལྔ་པ་ལ་སོགས་པ་ནས་ཀྱི་སེམས་བསྐྱེད་པ་དྲུག་ནི་ཁྱད་པར་གྱི་ལམ་སྟེ། དེ་ལ་དང་པོའི་ལྔ་ལ་རེ་རེ་བཞིན་ལ་སྦྱོར་བ་དང་དངོས་གཞི་དང་རྗེས་སོ།། དེའི་དངོས་གཞི་ཡང་ཆུང་ངུ་དང་། འབྲང་དང་ཆེན་པོའི་དབྱེ་བ་སྟེ། ཡང་ཆུང་ངུ་ལ་སོགས་རྣམས་ལ ་ཆུང་ངུའི་ཆུང་ངུ་ལ་སོགས་པའི་དབྱེ་བ་གསུམ་གྱིས་རྣམ་པ་བཅུ་བཞི་ནི་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་གནས་བདུན་དུ་སོ་སོར་དགུ་དགུ་ལ་བརྒྱད་པར་བདུན་ཞེས་པ་ནི་རྣམ་པ་བདུན་ཅུར་འགྱུར་རོ།། དེ་ལ་དང་པོའི་སེམས་བསྐྱེད་པ་ག་དང ་སེམས་བསྐྱེད་པའི་བྱེ་བྲག་གཉིས་ནི་རྩེ་མོའི་མངོན་པར་རྟོགས་པ་སྟེ། ལྷུན་གྱིས་གྲུབ་པར་གྱུར་པའི་ལམ་ཉིད་ཡིན་ན་ཡང་དུས་དེ་སྲིད་དུ་སེམས་ཅན་གྱི་དོན་རྒྱུན་ཆད་པ་མེད་པར་སྒྲུབ་པར་འདོད་པ་དང་། ཅིག་ཅར་སྐྱེ་བ་དག་གི་བརྗོད་པར་བྱང ་པས་ཐར་པོའི་ཆ་དང་མཐུན་པ་དང་། ངེས་པར་འབྱེད་པའི་ཆ་དང་མཐུན་པ་མེད་པ་མེད་ཅེས་པ་དེ་ཤུགས་ཀྱིས་རྟོགས་པར་བྱེད་པས་ཐར་པའི་ཆ་དང་མཐུན་པའི་བདག་ཉིད་ཅན་ལ་གསུམ་པ་དང་། རྟགས་དང་རྣམ་པར་འཕེལ་བ་དང་པོ་སྟོན ་པའི་ཏིང་ངེ་འཛིན་རྣམས་ཀྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་བཞི་པོ་རྣམས་ནི་རྣམ་པ་ཐམས་ཅད་མཁྱེན་པར་བཤད་པའི་རིགས་པས་ངེས་པར་བྱས་པ་ལ། རེ་རེ་བཞིན་ཆུང་ངུ་དང་འབྲིང་དང་ཆེན་པོའི་དབྱེ་བས་དེ་ལྟར་བཅུ་གཉིས་སོ།། མཐོ ་བའི་ལམ་གྱི་སྦྱོར་བའི་གནས་སྐབས་སུ་གཉིས་དང་དངོས་གཞིའི་གནས་སྐབས་སུ་གཉིས་སོ།། བསྒོམ་པའི་ལམ་གྱི་ཡང་སྦྱོར་བའི་གནས་སྐབས་སུ་གཉིས་དང་དངོས་གཞིའི་གནས་སྐབས་སུ་དགུ་ཞེས་པས་བྱེ་བྲག་སུམ་ཅུའོ།། འདིར་མཐོང་བའི ་ལམ་གྱི་སྦྱོར་བའི་བྱེ་བྲག་དག་ལ་གཟུང་བའི་རྣམ་པར་རྟོག་པ་གཉིས་སྤོང་བར་བྱེད་པ། དངོས་གཞིའི་གནས་སྐབས་ཀྱི་བྱེ་བྲག་དག་ལ་ནི་འཛིན་པའི་རྣམ་པར་རྟོག་པ་དག་གོ།། བསྒོམ་པའི་ལམ་གྱི་ཡང་སྦྱོར་བའི་བྱེ་བྲག་དག་ལ་ནི་གཟུང་བའི ་རྣམ་པར་རྟོག་པ་དག་ལ་གཉིས་སྤོང་བར་བྱེད་པ་དངོས་གཞིའི་བྱེ་བྲག་དག་ལ་ནི་འཛིན་པའི་རྣམ་པར་རྟོག་པ་གཉིས་པོ་སྤོང་བར་འགྱུར་ཏེ། སོ་སོར་གཉེན་པོའི་བྱེ་བྲག་རེ་རེས་རྣམ་པར་རྟོག་པའི་བྱེ་བྲག་གཉིས་སྤོང་སྟེ། དེ་ཡང་སེམས་བསྐྱེད། ་པ་དགུ་ནི་དགུ་རེ་རེ་ལ་མི་མཐུན་པའི་ཕྱོགས་གཉིས་གཉིས་ཏེ་བཅོ་བརྒྱུད་གཞོམ་ལ་ཆུ་ཤས་ཀྱི་དབྱེ་བ་སྟེ་ཞེས་པ་ནི་རྣམ་པ་དེ་ནི་སྒོམ་པའི་ལམ་གྱི་དངོས་གཞིའོ།། ཞེས་པ་ནི་གཉེན་པོ་རྣམ་བརྒྱད་རྣམས་ཏེ་གཉེན་པོ་རྣམ་པ་བརྒྱུད་ཅེས་བྱ་ཞེས། ་བཤད་པའོ།། འདི་རྣམས་སུ་རྣམ་པོར་རྟོག་པ་རྣམས་ཀྱིས་བསྒོམ་པ་ཉིད་པས་རྣམ་པར་རྟོག་པ་རྣམ་པར་རྟོག་པ་བརྗོད་དོ།། རྒྱུ་ལས་འབྲས་བུ་ཉེ་བར་བཏགས་པའི་ཕྱིར་ཏེ། དངོས་པོ་ཉིད་ཀྱི་དྲི་མ་ཕྲ་མི་དྲུང་ཕྱུང་བ་ལ་ཤིན་ཏུ་འབོད་པར་བྱའོ།། ། ་ཞེས་པ་ནི་སློབ་པ་རྣམས་ལ་དགོངས་པས། མངོན་སུམ་རྒྱུའི་རྣམ་པར་རྟོག་པ་རྣམས་ནི་གཡོ་བ་ལ་སོགས་པ་རྣམས་ལ་སྲིད་པ་མ་ཡིན་ཞེས་རིག་པར་བྱའོ།། འོ་ན་འདི་ཉིད་དུ་རྣམ་པར་རྟོག་པ་བརྒྱད་པོ་རྣམས་སྤོང་བ་ནི་གཟུགས། ་ཁམས་ཀྱིར་བཤད་པ་དང་། འཕགས་པ་རྣམ་པར་གྲོལ་བའི་སྡེས་ནི་ཁམས་གསུམ་གྱིས་བསྡུས་པ་རྣམས་སྤོང་ཞེས་པ་དང་ཇི་ལྟར་མི་འགྲེལ་ཞེ་ན། ཁམས་གསུམ་གྱིས་བསྡུས་པ་ནི་འཇིག་རྟེན་པའི ་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་གནས་སྐབས་ཀྱིས་ཀུན་ཏུ་སྦྱོར་བ་ཅན་གྱི་གང་ཞིག་རྣམ་པར་རྟོག་པ་ཡོད་པ་རྣམས་ཏེ། འདི་གཟུགས་ཀྱི་ཁམས་སུ་ནི་ཇི་ལྟར་རིགས་པར་སྤོང་བར་འགྱུར་ཞེས་པ་ནི་དོན་གྱིས་འགལ་བ་མེད ་དོ།། ཇི་ལྟར་ཡང་རྣམ་པར་རྟོག་པ་བཞི་པོའི་དབྱེ་བ་རྣམས་ཀྱི་ཁམས་གསུམ་གྱིས་བསྡུས་རྣམས་ནི་རབ་ཏུ་དགའ་བའི་ས་ལ་སྔར་བཤད་པ་པའིན་དུ་མརེག་ཡི་ས་ས་ས་སྤང་བར་སྤོང་བ་ཉིད་ལས་རབ་ཏུ་ཕྱེ་བ་ནས་མ་རིག་པ་སློང་བར་མི་འདོད། ་པ་ཉིད་དོ།། སྒོམ་པའི་ལམ་གྱི་འདོད་པའི་ཁམས་ཀྱི་དགུ་པོ་རྣམས་ནི་དྲི་མ་མེད་པ་ལ་སོགས་པའི་གཉེན་པོའི་བྱེ་བྲག་རྣམས་ཀྱིས་སྤོང་ལ། གཟུགས་ཀྱི་ཁྱམས་རྣམས་ཀྱི་ཡང་མ་རིག་པའི་བག་ཚོགས་ཀྱི་བྱེ་བྲག་བཅོ་ལྔ་གདུལ ་བྱའི་དོར་བྱས་པའི་དེ་བཞིན་ཉིད་ལ་སོགས་པའི་རྣམ་པར་རྟོག་པའི་བག་ཆགས་ཀྱིས་དབྱེ་བ་རྣམ་པ་བདུན་ཅུ་རྩ་གཉིས་ནི་གཉེན་པོའི་བྱེ་བྲག་བཅོ་ལྔ་རྣམས་ཀྱིས་སྤོང་ཞིང་དེ་ལས་གཞན་པའི་མ་རིག་པའི་བག་ཆགས ་ཀྱིས་བྱེ་བྲོག་མ་བཤད་པའི་གཟུངས་དང་འཛིན་པའི་རྣམ་པར་རྟོག་པའི་བག་ཆགས་ཀྱི་བྱེ་བྲག་རྣམས་ནི་གཞན་པའི་གཉེན་པོའི་བྱེ་བྲག་རྣམས་ཀྱིས་སྤོང་བསམ་གཏན་བཞི་པ་དང་གཟུགས་མེད་པའི་ཁམས་ཞེས་རྣམ་པར ་བཞག་པ་ནི་འཕགས་པའི་དགོངས་པ་དང་འགལ་བ་མྱེད་དོ།། དེ་ཡང་རྩེ་མོའི་མངོན་པར་རྟོགས་པ་ནི་བསྟན་བཅོས་ཀྱིས་མདོར་བསྟན་པ། དེ་ཡི་རྟགས་དང་རྣམས་འཕེལ་དང་།། བསྟན་དང་སེམས་ཀུན་གནས་པ་དང་།། མཐོང་ཞིང་བྱ ་དང་སྒོམ་པ་ཞེས།། བྱ་བའི་ལམ་ནི་སོ་སོ་ལ།། རྣམ་པར་རྟོག་པ་རྣམས་བཞི་ཡི།། གཉེན་པོ་རྣམ་པ་བཞི་དང་ནི།། བར་ཆད་མེད་པའི་ཏིང་ངེ་འཛིན།། ལོག་པར་བསྒྲུབ་དང་བཅས་པ་ནི།། རྩེ་མོའི་མངོན་རྟོགས་ཞེས་ཏེ། དེ་རྒྱས་པར་བཤད་པ ་ནི་བསྟན་བཅོས་ལསོ། རྨི་ལམ་ན་ཡང་ཆོས་རྣམས་ཀུན།། རྨི་ལམ་ལྟ་བུའི་མཐོང་ལ་སོགས།། རྩེ་མོར་ཕྱིན་པའི་སྦྱོར་བའི་རྟགས།། རྣམ་པ་བཅུ་གཉིས་དག་ཏུ་བཞེད།། ཅེས་ཏེ། རྩེ་མོ་བ་ལ་ནི་ཀུན་མཁྱེན་པ་གསུམ་གྱི་སྦྱོར་བ་རབ་ཀྱི། ་མཐར་ཕྱིན་པ་སྟེ།། དེ་ལ་གསུངས་པ་ནི། ཡང་གལ་ཏེ་ཞེས་པ་ལ་སོགས་པས་རྟགས་དང་པོ།། གཞན་ཡང་ཞེས་པ་ལ་སོགས་པས་ནི་གཉིས་པའོ།། གཞན་ཡང་ཞེས་པ་ལ་སོགས་པས་ནཱི་གསུམ་པའོ།། གཞན་ཡང་ཞེས་པ་ལ་སོགས ་པས་ནི་བཞི་པའོ།། གཞན་ཡང་ཞེས་པ་ལྱ་སོགས་པས་ནི་ལྔ་པའོ།། གཞན་ཡང་ཞེས་པ་ལ་སོགས་པས་ནི་དྲུག་པའོ།། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། མཐོང་ཞེས་པ་ནི་བདག་ཉིད་ཀྱིས་སོ།། གལ་ཏེ་ཞི་བར་འགྱུར་ཅེས་པ་ནི ་བདུན་པའོ།། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། ཟིན་པ་ནི་བྱིན་གྱིས་བརླབས་པའོ།། བབས་པ་ནི་ཞུགས་པའོ།། བྱིན་གྱིས་བརླབས་ནི་བདེན་པའི་བྱིན་གྱིས་བརླབས་སོ།། གལ་ཏེ་བདེན་པའི་བྱིན་གྱིས་བརླབས་ཀྱིས་སོང་བ ་གྱུར་ན་ཞེས་པ་ནཱི་བརྒྱད་པའོ།། ཐབས་ལ་མཁས་པ་ལ་སོགས་པ་རྣམས་ཀྱིས་སྤྱད་པ་ནི་ཡོངས་སུ་ཤེས་པ་སྟེ། དེའི་དོན་གྱི་ལེའུ་སྟེ་ཉི་ཤུ་པའོ།། །། ཐེག་པ་ལ་གསལ་དུ་ཞུགས ་པ་ལ་ལོག་པའི་ང་རྒྱལ་སྐྱེད་པར་བྱེད་པའི་ཕྱིར་བདུད་ཉེ་བར་འོང་བར་འགྱུར་བར་འདིར་བདུད་ཀྱི་ལས་ཀྱི་གནས་སྐབས་ནི། ཡང་དེ་ལ་ཞེས་པ་ལ་སོགས་པ་སྟེ། དེ་ལ་ནི་བདེན་པ་ནི་བྱིན་གྱིས་བརླབས་པའོ།། སྤྲོ་བ་ནི་རང་གི་ལས་ཀྱི་གོ ་སྐབས་ཐོབ་པ་སྟེ་བྱེད་པའི་དོན་དུ་སྤྲོ་བའོ།། སྟོབས་ནི་སྤྲོ་བའི་ནུས་པའོ།། གཟི་བརྗིད་ནི་མཐུའི་ནུས་པའོ།། མདངས་ནི་གསལ་བར་གྱུར་པས་གཟི་བརྗིད་དུ་གྱུར་པའོ།། བརྩོན་པ་ཞེས་བྱ་བ་ནི་བདག་ཉིད་ལ་ང་རྒྱལ་བའོ།། བརྙས ་པ་ནི་མི་འགུད་པའོ།། རྔན་ཆན་བྱེད་པ་ནི་ནང་དུ་བཞུད་གང་བྱེད་པའོ།། སྟེང་བར་བྱེད་པ་ནི་ཡིད་ཀྱིས་སོ།། འཕྱ་བ་ནི་སྐྱོན་སྒྲོགས་པའོ།། སློད་པ་ནི་སྟོན་པར་བྱེད་པའོ།། སྐྱེད་པ་ནི་སྐྱེད་པ་བྱེད་པའོ།། འཕེལ་བ་ནི་སྔོན་དུ་འགྲོ་བར་བྱེད ་བའོ།། སྟོན་པ་ནི་རྟེན་པར་བྱེད་པའོ།། རྒྱས་པར་ནི་ཡོངས་སུ་གོང་བར་བྱེད་པའོ།། འབྱུང་བ་ནི་དམིགས་མཐོན་པོར་བལྟོ་བའོ།། གཞན་རྣམས་ལས་ལྷག་པའོ་སེམས་ཁེངས་པ་ནི་ང་རྒྱལ་གྱིས་མཐུན་མོང་སྟེ། སྔོན་དུ་བཤད་ཟིན་ལ་འདིར ་ནི་དམན་པ་ལས་མཐོ་བ་ནི་ང་རྒྱལ་ལོ།། མཉམ་པ་ཉིད་ནི་ཚོ་བའི་ང་རྒྱལ་ལོ།། ཁྱད་པར་དུ་འཕགས་པ་ནི་ང་རྒྱལ་ལས་ཀྱང་ང་རྒྱལ་ལོ།། ཐོབ་པར་ཕྱིར་མི་ལྡོག་པ་ཉིད་བདག་གིས་ཐོབ་བོ་སྙམ་པ་ནི་མངོན་པའི་ང་རྒྱལ་ལོ།། ཕྱིར་མི་ལྡོག ་པའི་ཡང་དག་པའི་ཡོན་ཏན་མ་ཡིན་པ་རྣམས་དང་ལྡན་པ་ལ་ཡོན་ཏན་དང་ལྡན་སྙམ་པ་ནི་ལོག་པའི་ང་རྒྱལ་ལོ།། བདུད་ཀྱི་འཆིང་བ་ནི་ང་རྒྱལ་ལོ།། མིང་སྟོན་པ་ནི་མིང་བརྗོད་པའོ།། རྟུལ་བ་ནི་དབང་པོ་རྟུལ་བའོ།། དགོན་མེད་པ་ཉིད་ལ་སོགས ་པ་ནི་སྦྱངས་པའི་ཡོན་ཏན་ནོ།། གྲོང་ལས་ཕྱི་རོལ་དུ་རྒྱང་གྲགས་པ་ནི་མཆོག་ཏུ་དགོན་པ་སྟེ། དེ་ཉིད་དུ་གནས་པ་ནི་དགོན་པ་ལའོ།། བསོད་སྙོམས་པ་ནི་དེ་ཉིད་ལ་ལོངས་སྤྱོད་པས་བསོད་སྙོམས་པའོ།། ཕྱག་དར་ཁྲོད་པ་ཉིད་གོན་པས ་ཕྱག་དར་ཁྲོད་པའོ།། གཅིག་པར་དུ་མ་ལུས་པར་ཟན་ལ་སོགས་པ་བླངས་ནས་ལོངས་སྤྱོད་པས་ན་ཕྱིས་མི་ལེན་པའོ།། སྟན་གཅིག་ལ་ཟ་བ་ནི་སྟན་གཅིག་པའོ།། ལན་ཅིག་བཏིང་བ་ལ་རྟག་ཏུ་ཉལ་བ་ནི་གཽཞི་ཇི་བཞིན་པའོ།། ཆོས་གོས ་གསུམ་ལས་ལྷག་པ་ཐམས་ཅད་གཏོང་བས་ཆོས་གོས་གསུམ་པའོ།། དུར་ཁྲོད་ལ་ཉེ་བར་གནས་པས་དུར་ཁྲོད་པའོ།། ཤིང་རྩ་ཉིད་དུ་གནས་པས་ཤིང་དྲུང་བྱའོ།། ཅོག་པུས་མཚན་མོ་འདས་པར་བྱེད་པས་ཅོག་པུའོ།། སྟེང་དུ་མ ་བཀའ་པས་ནི་བླ་གབ་མེད་པ་སྟེ།། དེ་ཉིད་དུ་གནས་བླ་གབ་མེད་པའོ།། བལ་གྱི་དང་གསོ་མ་ལ་སྩོགས་པ་ཉིད་གོན་པས་ཕྱིང་བ་པའོ།། ཉུང་ངུ་ཚུལ་བས་འདོད་པ་ཉུང་བའོ།། དེ་ཉིད་ཙམ་ཉིད་ཀྱིས་ཆོག་ཤེས་པའོ།། གཅིག་པུ་ཉིད་ཀྱི ་ཕྱིར་རབ་ཏུ་དབེན་པའོ།། མཐོང་བའི་ཆོས་ནི་སྐྱེ་བ་ཉིད་ལ་མྱོང་བ་ནི་མཐོང་བའི་ཆོས་ལའོ།། བྱིན་གྱིས་བརླབས་པ་ནི་མི་འགྱུར་བའོ།། སྦྱངས་པའི་ཡོན་ཏན་གྱི་སྡོམ་པའི་བསྔགས་པ་སྟེ། ཡིད་ཀྱིས་གཞན་ལ་ང་རྒྱལ་བར་བྱེད་ཅེས ་པ་ནི་དོན་ཏོ།། མིང་ཞེས་པ་ནི་ཕྱིར་མི་ལྡོག་པའི་སྒྲ་དང་དེའི་ཡོན་ཏན་གྱི་སྒྲའོ།། ཁེངས་པ་ནི་བླ་མ་རྣམས་ལ་མི་གུས་པའོ།། རྗེས་སུ་འབྲངས་ཞེས་པ་ནི་རྗེས་སུ་ཤེས་པ་སྟེ། འདིའི་རྒྱས་པར་བཤད་པ་ནི་ཕྱི་མ་གཉིས ་ཏེ། རྗེས་སུ་བརྟགས་པ་ནི་བདག་གི་མིང་ཛི་ཞེས་བྱ་བར་འགྱུར་ཞེས་པས་སོ།། རྗེས་སུ་དཔྱད་པ་ནི་བདག་གི་མིང་འདི་ཞེས་བྱ་བར་འགྱུར་ཞེས་པའོ།། ལུང་སྟོན་པར་འགྱུར་བ་ཞེས་པ་ནི་བདུད་ཀྱིས་སོ།། རྗེས་སུ་འབྲང་བ་ནི་ཀུན་ཏུ ་ད་པའི་འོ།། བསྟན་པ་ནི་སྨྲས་པའོ།། གང་ཅི་མྱོང་བ་ནི་མིང་ལ། ལུང་བསྟན་པ་ཞེས་པ་ལ་སོགས་པ་སྟེ། རིང་པར་ཀུན་འབྱུང་ཞེས་པ་ནི་དེ་རྣས་ཀྱིས་ངརྣམ་བདེ་འགྲོ་སྟེ་བའོ།། པྲ་མེ་ཕྲ་བ་ནི་མཚོན་པར་དཀའ་བའོ།། དབེན་པའི་གནས ་བེན་པར་གནས་པའོ།། དབེན་པ་ནི་སྤྱོད་པའོ།། དབེན་པ་དང་བྲལ་བ་ནི་སྟོང་གི་ནད་དམ་དེ་དང་ཉེ་བའི་ས་ཕྱོགས་སོ།། ཡིད་ལ་བྱེད་པས་དབེན་པ་ཞེས་པ་ནི་ཡིད་ལ་བྱེད་པ་རྣམས་ཀྱི་དབེན་པའོ།། ཆུང་ངུས་ནི་མངོན་པར་ཞེན ་གནས་པའོ།། འབྲིང་ནི་གནས་པའོ།། ཆགས་པ་ནི་ཚན་པོ་དམིགས་པ་རི།། དག་ནས་སེམ་ནི་བསྐྱེད་པའི་དས་དུ་ལྡན་པའོ།། འདྲེས་པ་ནི་རབ་ཏུ་བྱུང་བ་དང་ཁྱིམ་པའོ།། མ་འདྲེས་པ་ནི་རབ་ཏུ་བྱུང་བ ་བྱང་ཆུབ་སེམས་དཔའ་གདོལ་པ་ནི་དེ་དང་འགྲེགས་པར་མི་བྱ་བའི་ཕྱིརརོ།། བྱང་ཆུ་སེམས་དཔའ་སུ་འབྱིན་པ་ནི་སྐྱེར་གྱིས་སྡེ་རྣམས་སུ་འབྱིན་པའི་ཕྱིར་རོ།། བྱང་ཆུབ་སེམས་དཔའི་གཟུགས་བརྙེ་ནི་ནོ་ལུས ་འདྲ་བའི་ཕྱིར་རོ།། བྱང་ཆུབ་སེམས་དཔའ་བཅོས་སུ་ནི་མི་མཐུན་པའི་ཕྱིར་རོ།། བྱང་ཆུབ་སེམས་དཔའ་ཀ་ན་དཱ་བ་ནི་ངང་པ་ལྟ་བུ་རྣམས་ལས་དེ་རྣམས་ནག་པོའི་ཕྱིར་རོ།། རྐུན་པོ་ནི་ཆོས་མ་ཡིན་པ་སྦེད་པའི་ཕྱིར་རྐུན་པོ་སྟེ། དེ་རྣམས་ཀྱི་འདོད ་པ་མ་ཡིན་པའི་ཕྱིར་རོ།། ཆོམ་རྐུན་ནི་ལོགས་པའི་སྦྱིན་གནས་ཀྱི་ཕྱིར་རོ།། མཐུ་ནི་སྟོབས་སོ།། སུན་འབྱིན་པ་ནི་འཇིགས་པས་སོ།། དེ་ལ་ཡང་ཞེས་པ་ནི་དེ་འདྲ་བ་ལ་ཡང་ངོ་།། ཇི་ལྟར་ནི་སེམས་ཅན་ཐམས་ཅད་ལའོ།། འདི་ཡང་ཞེས་པ་ནི་གང་གིས ་གང་ཞེས་པ་ལ་སོགས་པ་ཅན་ནོ།། མངོན་པར་ཤེས་པ་ནི་སོ་སོར་རྟོགས་ནུས་ཕ་རོལ་གནོན་པ་ནི་སྐྱེས་བུའི་བྱེད་པའོ།། བདུད་ཀྱི་ལས་ཀྱི་བརྗོད་པ་པོའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །། དེ་ནས་ཡང་ཞེས་པ་ལ་སོས ་པ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཞེས་པ་ནི་རྟོགས་པར་བྱ་བའི་གཙོ་བོའི་ཕྱིར་ཏེ་ཇི་ལྟར་དེ་གཅིག་པུ་དེ་ལྟར་ལྷན་ཅིག་པར་དྲུག་པོ་སྟེ། འདིར་གསུངས་པ་སྟེ། ཐམས་ཅད་ཅེས་པ་ལ་སོགས་པ་དང་། གང་དུ་དྲུག་པོ་ཉིད་ཅེས་པ་ལ ་སོགས་པ་སྟེ། དེ་དེ་ཉིད་མཐ་རོ་ཐུག་པར་གྱུར་པ་ནི་སྟོན་པ་སྟེ། གང་ཞིག་འབྲུས་བུ་ལ་དེའི་སྔོན་གྱི་མཐར་ཉིད་ནི་ལམ་མོ།། སྣང་བ་ནི་འཛག་རྟེན་ལས་འདས་པའི་ཡེ་ཤེས་ཏེ་རབ་དགའ་བ་ལའོ།། སྒྲོན་མ་ནི་རབ་ཏུ་འབད་པའི་བགྲོད་པའི ་ལམ་གྱི་དྲི་མ་མེད་པ་ལ་སོགས་པའི་ས་དྲུག་པོ་རྣམས་ལའོ།། འོང་ནི་ཉིན་མོའི་སྣང་བ་སྟེ། དེ་ཡང་འབད་པ་མེད་པས་བགྲེད་པའི་ལམ་སྟེ། མི་གཡོ་བ་ལ་སོགས་པ་རྣམས་ལའོ།། མ་ནི་གཟུང་ཞིང་གསོས་པས་སོ།། ཕ་ནི་ས་བོན་བཞག ་པས་སོ།། ཤེས་པ་ནི་གང་ཞིག་མཐོང་བའི་ལའོ།། སྟོབས་པ་ནི་བསྒོམ་པའི་ལམ་གྱི་ལའོ།། ངེས་པར་འབྱུང་བ་ནི་རྫོགས་པའོ།། ནང་དུ་འདུས་པ་ནི་ཇི་ལྟར་རིགས་པར་རོ་ཞེས་པ་ནི་ལུང་བསྟན་པ ་དང་བཤེས་གཉེན་བསྟེན་པའི་སྟེ། རྟགས་དགུ་པའོ།། འདི་ལ་ཞེས་པ་ལ་སོགས་པ་སྟེ། གང་གི་ཕྱིར་འདི་ཉིད་རབ་ཏུ་འདྲེན་པས་དེའི་ཕྱིར་ན་གཞན་གྱི་དྲིང་མི་འཇོག་པ་ཉིད་ཅེས་པ་ལ་སོགས་པས་ནི་གཞན་གྱི་དྲིང་མི་འཇོག་པ ་སྟེ་བཅུ་པའོ།། རབ་འབྱོར་གྱིས་གསོལ་པ་ཞེས་པ་ལ་སོགས་པ་ཆགས་པ་མེད་པའི་མཚན་ཉིད་ནི་དམིགས་པ་མེད་པའི་མཚན་ཉིད་དོ།། དེ་ཉིད་ཀྱི་ན་གཟུགས་ལ་སོགས་པ་ཡང་དབེན་པའི་ཕྱིར་དང་། སྟོང་པའི་ཕྱིར་རོ།། འཛིན ་པ་ནི་མཚན་མར་མངོན་པར་ཞེན་པའོ་ཞེས་དངོས་པོ་ཉིད་ཀྱིས་འཛིན་པ་སྟེ། བཅོམ་ལྡན་འདས་མའི་ཆོས་དེ་ཉིད་ནི་ཆགས་པ་མེད་པའི་མཚན་ཉིད་ལ། དེ་ལྟར་ཡང་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཡོད་ཅེས་པ་ནི་བཅུ ་གཅིག་པའོ།། རབ་འབྱོར་གྱིས་གསོལ་བ་ཞེས་པ་ལ་སོགས་པ་སྟེ། མི་རྫིབ་ནི་འཕྲོགས་པར་མི་ནུས་པའོ་ཞེས་པ་ནི་མི་རྫིབ་ཉིད་ཐོབ་པའི་སྟེ་བཅུ་གཉིས་པའོ།། དེའི་རྗེས་སུ་བསྟན་བཅོས་ལས། ཛམྦུའི་གླིང་གི་སྐྱེ་བོ་སྙེད།། ་སངས་རྒྱས་མཆོད་པའོ་དགེ་བ་སོགས།། དཔེར་མཛད་ནས་ནི་རྣམ་མང་དུ།། རྣམ་འཕེལ་བཅུ་དྲུག་བདག་ཉིད་དོ།། ཞེས་བཤད་དོ།། ཛམྦུའི་གླིང་གི་སྐྱེ་བོ་རྣམས་ཇི་སྙེད་པ་གང་ཡང་སངས་རྒྱས་མཆོད་པའི་དགེ་བ་གང་ཞིག ་ཐོབ་མ་གང་དུ་དཔེར་བྱེད་པ་ཡང་ཞེས་པ་ཡང་གཞོག་པའོ།། མང་ཞེས་པ་ནི་དཔེ་མེད་པར་གསུངས་པའོ།། དེ་ལ་གལ་ཏེ་ཞེས་པ་ལ་སོགས་པ་སྟེ། ཇི་སྲིད་ཆེ་བ་ནི་ཇི་སྲིད་དུ་གནས་པ་ཡིའོ།། ཡིད་ལ་བྱེད་པས་ཞེས་པ་ནི་རྣམ་པར་འཕེལ ་བས་བསྡུས་པ་རྣམས་ཀྱིས་སོ།། གཞོག་པ་ནི་སྤོངས་ཞེས་པའོ།། གནོད་པ་མེད་པར་གྱུར་པ་ནི་གནོད་པ་མེད་པའི་གནས་སུ་གྱུར་པ་སྟེ། འདོད་ཆགས་དང་བྲལ་བ་མ་ཐོབ་པ་བཞིན་འབྲས་བུ་མེད་པར་བྱེད་པའོ།། སྦྱིན་པ་པོ་ནི་ཡང་དག་པར་ལེན ་དུ་འཇུག་པའོ།། སྦྱིན་བདག་ནི་སྦྱིན་པ་པོའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱེད་པ་ནི་ཉིན་མཚན་གྱི་ཚུལ་གྱིས་ཏེ་རྣམ་པར་འཕེལ་བ་དང་པོའོ།། འདི་ལྟ་སྟེ་དཔེར་ན་ཞེས་པ་ལ་སོགས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱེད་པས་སྐད་ཅིག་ཙམ་ཡང་གནས་པར་བྱེད་ཅེས་པ་ནི་གཉིས་པའོ།། རབ་འབྱོར་ཅེས་པ་ལ་སོགས་པ་སྟེ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་ལུང་བསྟན་པ་ཐོབ་པ་ནི་གསུམ་པའོ།། རབ་འབྱོར་ཅེས་པ་ལ ་སོགས་པ་སྟེ། ལུང་བསྟན་པ་དང་མངོན་པར་བྱང་ཆུབ་པ་ནི་རློམ་པ་མེད་པའི་ཕྱིར་ཅེས་པ་ནི་བཞི་པའོ།། དགེ་བའི་གཤེས་གཉེན་ལ་སོགས་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །། དེ་ཡང་དེའི་ཚེ་ཞེས་པོ་ལ་སོགས ་བ་སྟེ། འཇིག་རྟེན་ནི་ཉན་ཐོས་ལ་སོགས་པའི་ཐེག་པ་ལ་ཐབས་ལ་མི་མཁས་པ་རྣམས་ཏེ། བྱང་ཆུབ་སེམས་དཔས་ཟིལ་གྱིས་མནན་ཅིང་རྣམས་ཀྱིས་ཟིལ་གྱིས་མི་ནོན་པར་འགྱུར་བ་ནི་ལྔ་པའོ།། ཚུལ་ཁྲིམས་མ་ཉམས་པ་ལ་སོགས་པ ་ནི་མཐར་གྱིས་གནས་པའི་མངོན་པར་རྟོགས་པར་བཤད་པར་བྱའོ།། དེ་ལྟར་སློབ་པར་བྱེད་པ་ཞེས་པ་ལ་སོགས་པ་སྟེ། འཇིག་རྟེན་སྐྱོང་བ་ཉེ་བར་འོངས་ལ་སོགས་པ་རྣམས་ཀྱི་ཕན་ཡོན་རྣམས་ཀྱིས་ནི་དྲུག་པའོ། ་བརྒྱ་བྱིན་གྱིས་བཤད་པའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། ། དེ་ནས་ཡང་ཞེས་པ་ལ་སོགས་པ་སྟེ། ཞུམ་པ་ནི་རྗེས་སུ་འབྲེལ་པའོ།། ཡོན་ནམ་མ་ཡིན་ཞེས་པ་ལ་སོགས་པ་སྟེ། ཇི་ལྟར་མདོ་སྡེ་གཞན་དུ་དེ་བཞིན ་གཤེགས་པས་གསུངས་པའི་རིག་པར་བྱེད་པ་ཉིད་འདི་ལ་མེད་ཅེས་པའི་དོན་ཏོ།། གཏིང་དཔོག་པ་རབ་ཏུ་གནས་པའིའོ།། རོ་མྱང་བ་ནི་འདོད་པའི་འོ།། མིང་དང་རུས་ནི་འཛིན་པར་རོ།། སྤྲོ་བ་ཉེ་བར་བསགས་པ་སྟེ། ལུས་དང་སེམས་ཞེ ་པ་ནི་བདུན་པའོ།། ཇི་ལྟར་ཡང་ཞེས་པ་ལ་སོགས་པས་ནི་བརྒྱད་པའོ།། གང་འདིས་ཕྱིར་མི་ལྡོག་པར་མངོན་པར་རློམ་པས་བྱང་ཆུབ་སེམས་དཔའ་མང་པོ་དོན་མེད་པར་བྱེད་པའི་རྒྱུད་ཉེ་བར་མཚོན་པའི་ལེའུ་ནི་མངོན་པའི་ང་རྒྱལ་གྱི་ལེའུ ་སྐྱེཉི་ཤུ་རྩ་བཞི་པའོ།། ། དེ་ནས་ཞེས་པ་ལ་སོགས་པ་སྟེ། སློབ་པར་བྱེད་པ་ནི་གོང་མ་ལའོ།། གང་འདི་སྐད་ཅེས་པ་ལ་སོགས་པ་ནི་འཐང་པོའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་ཅེས་པ་ནི་ལམ་གྱི ་ངོ་བོ་ཉིད་ལའོ།། སངས་རྒྱས་ཀྱི་ས་ལ་སློབ་པ་ནི་འབྲས་བུ་ལའོ།། བདུད་རྩིའི་ཁམས་ནི་ཐར་པའོ།། མགོན་དུ་གྱུར་པ་འདོད་པ་ནི་མགོན་ཉིད་དུ་འདོད་པའོ།། མངོན་པར་འཕགས་པ་ནི་ཤིན་ཏུ་ཕུལ་དུ་བྱུང་བའོ།། བྱ་བ་ནི་བྱ་གསོད ་པས་སོ།། གདོལ་པ་ནི་འཛེམ་པ་མེད་པར་གསོད་པས་སོ།། ཉ་པ་ནི་ཉ་གསོད་པའོ།། བཤན་པ་ནི་མ་ཧེ་གསོད་པར་བྱེད་པས་བཤན་པའོ།། ལོང་བ་ནི་མིག་མེད་པའོ།། འོན་པ་ནི་རྣ་བ་མེད་པའོ།། ཞར་བ་མིག་གཅིག་པའོ།། རྡུམ་པ ་ནི་དཔུང་པ་འཁྱོག་པའོ།། སྒུར་པོ་ནི་རྒྱུབ་སྐུར་བའོ།། ལག་རྡུམ་ནི་ལག་པ་དང་བྲལ་བའོ།། ཞ་བོ་ནི་རྗེ་ངར་ཆགས་པའོ།། གྲུམ་པོ་ནི་འགྲོ་མི་ཤེས་པའོ།། ལྐུགས་པ་ནི་བརྗོད་པ་མེད་པའོ།། དག་པ་ནི་ཚིག་མི་བརྟན་པའོ།། སྨྲ་བ་མི་གསལ ་བ་ནི་ལྕེ་མི་བདེ་བའོ།། ཀུ་ཅོ་ཅན་ནི་སྒྲ་ཆེན་པོ་འབྱིན་པའོ།། ཡན་ལག་ཉམས་པ་ནི་ཡན་ལག་དམུན་པའོ།། ཡན་ལག་མ་ཚང་བ་ནི་ཡན་ལག་མ་ཆོག་པའོ།། ཡན་ལག་མི་སྡུག་པ་ནི་མི་དང་མི་མཐུན་པའོ་ཡན་ལག་གོ།། ངེས་པར་འགྲོལ ་བར་འགྱུར་བ་ནི་ངེས་པར་རྫོགས་པར་འགྱུར་བའོ།། དེ་དག་ཅེས་པ་ནི་སྟོབས་ལ་སོགས་པ་ཡོངས་སུ་དག་པའོ།། ཤེས་པར་བྱ་བུའོ་མཐོང་བར་བྱ་བའོ་ཞེས་པ་ནི་རྣམ་པར་འཕེལ་བ་དགུ་པའོ།། འདི་ལྟ་སྟེ་དཔེར་ན་ཞེས་པ་ལ་སོག ་པསྟེ། ས་ལེ་སྠཱམ?་ནི་ཤིན་ཏུ་ཕུལ་དུ་ཕྱིན་པའི་གསེར་རོ།། བ་ཚ་ཅན་ན་པ་ཚ་ཅན་དང་བཅས་པའི་སའོ།། གྲམས་ཅན་ནི་ཆུ་མེད་པོའོ།། རྩ་ནི་ནེའུ་རྣོ་བ་ལ་སོགས་པའོ།། སྡོང་དུམ་ནི་ཤཱིང་བསྐྱམས་པའི་ཕུར་པའོ།། ཚར་མ་འཛིན་པ ་ནི་ཆེར་མ་ཅན་དེ་མྱོས་བྱེད་ལ་སོགས་པའོ།། སྣ་ཚོགས་པ་ནི་གང་དག་དེ་རྣམས་སོ་ཞེས་པ་ནི་བཅུ་པའོ།། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་སྲིད་ཐོབ་པར་གྱུར་ནས་གནས་ཞེས་པ་ལ་སོགས ་པ་དང་དེ་བཞིན་དུ་ཞེས་པས་ནི་བཅུ་གཅིག་པའོ།། གཞན་ཡང་ཞེས་པ་ལ་སོགས་པས་ནི་བཅུ་གཉིས་པའོ།། གཞན་ཡང་ཞེས་པ་ལ་ནི་བཅུ་གསུམ་པའོ།། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། དགེ་བ ་རབ་ཏུ་སྐྱེ་བ་དང་འགལ་བས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ནི་ཐ་བའོ།། ཐེ་ཚོམ་ནི་བདེན་པ་དང་དཀོན་མཆོག་རྣམས་ལ་ཡིད་གཉིས་སོ།། ཕྲག་དོག་ནི་གཞན་གྱིས་ཕུན་སུམ་ཚོགས་པ་ལ་ཁོང་ནས་འཁྲུགས་པའོ་ཞེས་པ ་ནི་བཅུ་བཞི་པའོ།། འདི་ལྟ་སྟེ་དཔེར་ན་ཞེས་པ་ལ་སོགས་པ་སྟེ། མི་ཤེས་པ་ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་ལའོ།། བསོད་ནམས་ཀྱི་མཆོག་ནི་བསོད་ནམས་ཀྱི་མཆོག་གོ།། སངས་རྒྱས་ཀྱི ་ཡུལ་ནི་སངས་རྒྱས་ཀྱི་ཆོས་མ་ལུས་པའོ།། ཁྱུ་མཆོག་ནི་དེའི་ངོ་བོ་ཉིད་ལ་དབང་སྒྱུར་བའོ།། རྣམ་པར་རོལ་པོ་ནི་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་སོ།། སེང་གེ་སྒྲ་སྒྲོགས་པ་ནི་རྗེས་སུ་བསྟུན་པའི་ཆོ་འཕྲུལ་གྱིས་སོ།། སངས་རྒྱས ་རྣམས་ཀྱིས་ཕུན་སུམ་ཚོགས་པ་ནི་འཕགས་པའི་དགེ་འདུན་གཉི་གའི་དབང་བྷྱོཚིག་གོ།། རྣམ་པར་སྤྱོད་པ་ནི་ཡོངས་སུ་ཤེས་ནས།། གནས་པར་མི་བྱེད་པ་ནི་རྣམས་ལ་མི་གནས་པའོ་ཞེས་པ་ནི་བཅོ་ལྔ་པའོ།། གལ་ཏེ་ཡང ་ཞེས་པ་ལ་སོགས་པ་སྟེ་བཅུ་དྲུག་པའོ།། བསླབ་པའི་བརྗོད་པ་པོའི་ལེའུ་ཉི་ཤུ་རྩ་ལྔ་པའོ།། །། བསྟན་པ་རྒྱས་པར་བཤད་པ་འདི་བསྟན་བཅོས་ལས། ཀུན་མཁྱེན་པ་ཉིད་གསུམ་ཆོས་རྣམས་ཀྱི།། ་ཡོངས་སུ་རྫོགས་པ་བླ་མེད་པས།། སེམས་ཅན་དོན་ཡོངས་མི་གཏོང་བ།། ངེས་པ་ཞེས་ནི་མངོན་པར་བརྗོད།། ཅེས་པ་སྟེ། རྣམ་པར་རྟོགས་པ་མེད་པ་རྟོགས་པའི་གནས་སྐབས་ཀྱི་ཀུན་མཁྱེན་པ་གསུམ་གྱི་ཆོས་རྣམས་ཀྱི་སངས ་རྒྱས་ཀྱི་ཆོས་བླ་ན་མེད་པ་ཡོངས་སུ་རྫོགས་པ་ནི་བསྟན་པ་ལ། མཐོང་བ་དང་བསྒོམ་པ་དང་ཁྱད་པར་དང་མི་སློབ་པའི་ལམ་གྱི་རྟོག་པའི་གོ་རིམ་བཞིན་གྱིས། སྒྲོལ་བ་དང་སྨིན་པ་དང་དབུགས་འབྱུང་བ་དང་ཡོངས་སུ་མྱ་ངན ་ལས་འདའ་བ་ནི་སེམས་ཅན་གྱི་དོན་ཏེ། འདི་ལ་གསུངས་པ་ནི་དེ་ནས་ཞེས་པ་ལ་སོགས་པ་སྟེ་སེམས་འཇུག་པ་ནི་རབ་ཏུ་དང་པོའོ།། སེམས་བསྐྱེད་པ་ནི་ཀྱེ་མ་བདག་གིས་འོད་རྣམས་རྟོགས་པར་བགྱི་ཞེས་པའོ།། བསམ་པར ་བྱེད་པ་ནི་སེམས་པར་བྱེད་པའོ།། མཉམ་པར་གཞག་པ་ནི་སྐྱོན་མེད་པ་ལའོ།། ཕ་རོལ་གྱི་འགྲམ་ནི་མྱ་ངན་ལས་འདས་པའོ།། འདོད་པ་ནི་དགའ་བར་བྱེད་པའི་ཕྱིར་རོ།། ཡོངས་སུ་བཟུང་བ་ནི་ཡོངས་སུ་མི་གཏོང་བའི་སྦྱོར ་བས་སོ།། སངས་རྒྱས་ཞེས་པ་འདིའི་རྒྱས་པར་བཤད་པ་ནི་ཐམས་ཅད་མཁྱེན་པ་ཉིད་ཅེས་པ་སྟེ། ཀུན་མཁྱེན་པ་གསུམ་པོ་རྣམས་ཀྱི་ཐམས་ཅད་མཁྱེན་པའི་དངོས་པོ་རྣམས་ཀྱིས་གང་དུ་ཐམས་ཅད་མཁྱེན་པར་འགྱུར་བའོ།། དེ་ལ ་ཆོས་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་ཡང་དག་པར་མཁྱེན་པ་ནི་འདིར་ཐམས་ཅད་མཁྱེན་པ་ཉིད་ལ་ཆོས་འདི་རང་ཉིད་ཀྱི་སེམས་ཉིད་ལས་བྱུང་བས་ཞེས་པ་ནི་རང་བྱུང་ཆོས་ཐམས་ཅད་ལ་དབང་སྒྱུར་བའི་ཞེས་པའི་དོན་ཏོ།། དེའི་ཆོས་རྣམ ་རང་བྱུང་ཉིད་ཀྱིས་གང་ཀུན་ཏུ་བསྡུས་པས་འདི་ལ་ཕྲོགས་པ་མེད་པ་ནི་དེ་ལྟར་མི་འཕྲོགས་པ་སྟེ། བག་ཆགས་དང་བཅས་པའི་སྒྲིབ་པ་ལས་ངེས་པར་གྲོལ་བའོ།། ཞེས་པའི་དོན་ཏོ།། དེའི་ཆོས་རྣམས་ཀྱང་མི ་འཕྲོགས་པ་ཉིད་ཀྱིས་ཀུན་ཏུ་བསྡུས་པས་ཡོངས་སུ་རྫོགས་པར་འགྱུར་པ་ཡིན་ནོ་ཞེས་པ་ནི་ཡོངས་སུ་རྫོགས་པའི་བཤད་པའོ།། སེམས་ཅན་གྱི་དྲིན་ཡོངས་སུ་མི་གཏོང་བ་གསུངས་པ་ནི། བདག་གིས་ཞེས་པ་ལ་སོགས་པ ་སྟེ། འདི་རྣམས་ཀྱིས་ཞེས་པ་ནི་ལུང་གི་ཚིག་ཡིན་པས་སོ།། ཇི་ལྟར་ཞེས་པ་ནི་ཇི་ལྟར་བདག་གིས་ཞེས་པ་ལ་དེ་ནི་བསྟན་པ་དང་། སེམས་ཀྱིས་གནས་པའི་ཏིང་ངེ་འཛིན་ཏེ། བསྟན་བཅོས་སུ་ཡང་། གླང་བཞི་པ་ནི་སྟོང་དག་དང ་སྟོང་གཉིས་གསུམ་དག་དཔེར་མཛད་ནས།། བསོད་ནམས་མང་པོ་ཉིད་ཀྱིས་ནི།། ཏིང་འཛིན་ཡོངས་སུ་བསྒྲགས་པ་ཡིན་ཅེས་ཏེ། གླེང་བཞི་པའི་འཇིག་རྟེན་གྱི་ཁམས་དང་། སྟེང་དང་སྟོང་གཉིས་པ་དང་སྟོང་གསུམ་པ་དེ་རྣམ ་ཀྱི་དཔེས་བསོད་ནམས་མང་པོ་ཉིད་དུ་གསུངས་ཀྱིས་མངོན་སུམ་དུ་བྱས་པ་ནི་མ་ཡིན་ནོ།། དེ་ལ་གསུངས་པ་ནི། གང་དེ་རྣམས་ཞེས་པ་ལ་སོགས་པ་སྟེ། དེའི་ཞེས་པ་ནི་ཚུལ་མི་མཐུན་པ་ཉིད་ཀྱིས་སོ།། ཆོས་ཉིད་ནི་ཆོས་ཀྱི་ཚིས ་ངོ་བོ་ཉིད་དོ།། སྲང་དྲངས་ནི་སྲང་གི་ཆེད་ཀྱིས་སོ།། ཚད་ན་སྲང་འདི་ཙམ་ཞེས་པའོ།། འདིར་ཛམྦུའི་གླིང་ལ་སོགས་པའི་ཚད་ན་བསོད་ནམས་ཡོངས་སུ་བསྔོ་བའི་དཔ་ལ། བསྟན་བཅོས་སུ་ནི་ཉེ་བར་བརྟགས་ནས་བྱས་པ ་སྟེ། འོ་ན་རྗེས་སུ་ཡི་རང་བ་ཙམ་ལ་འདི་ཙམ་ཡིན་གྱི་བསོད་ནམས་ཡོངས་སུ་བསྔོ་བའི་ཏིང་ངེ་འཛིན་ལ་མ་ཡིན་ཞེ་ན། རྗེས་སུ་ཡཱི་རུང་བའི་བསོད་ནམས་ཀྱང་གཞལ་དུ་མེད་པ་དང་མང་པོ་ཉིད་ཀྱིསོ།། ཞེས་པ་ལ་དགོངས་པས་སྐྱོན ་མེད་དོ།། བདུད་ཀྱིས་བྱིན་གྱིས་བརླབས་པ་ཞེས་པ་ནི་བདུད་ཀྱིས་སྤྲོ་བ་མེད་པར་བྱས་པའོ།། མི་ཉན་པ་ནི་སྒྲ་ལའོ།། མི་ཤེས་པ་ནི་དོན་ཏོ།། མ་མཐོང་བ་ནི་གུས་པས་སོ།། མི་སེམས་པ་ནི་མངོན་དུ་གྱུར་པ་མི་བྱེད་པའོ།། བདུད་བཞིན ་དུ་སེམས་ཅན་གྱི་དོན་ལས་རྣམ་པར་ཉམས་པར་བྱེད་པས་ན་བདུད་ཀྱི་ཕྱོགས་སོ།། མངོན་པར་སྒྲུབ་པ་ནི་རྫོགས་པར་བྱེད་པའོ།། དེ་སྐད་ཅེས་གསོལ་པ་དང་ཞེས་པ་ལ་སོགས་པས་ནི་བརྒྱ་བྱིན་གྱིས་བསྔགོས་པའོ།། གང་དག་གིས ་ཞེས་པ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ་རྣམས་ཀྱིསོ།། གང་དག་གིས་ཞེས་པ་ལ་སོགཔ་ནིན་སེམས་དང་པོ་བསྐྱེད་པོ་ལ་སོགས་པ་རྣམས་ཀྱིས་ཀྱང་སྟེ། ཡུམ་ཆེན་མོར་བ་ཤད་རྗེས་སུ་ཡི་རང་བ་འབའ་ཞིག་གིས་མ་ཡིན་ཏེ། ་རང་གི་རྒྱུད་ལ་བསྐྱེད་པ་དང་གཞན་གྱིས་མངོན་པར་བསྒྲུབས་པའི་དགེ་བའི་རྩ་བ་དེ་ཡང་གཞན་དུ་རྗེས་སུ་ཡི་རུང་བར་བྱས་ནས་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ་ཞེས་གསུངས་སོ།། དེ་ཉིད་ཀྱི་རྗེས་སུ་ཡི ་རང་བ་དང་ལྡན་པའི་དགེ་བའི་རྩ་བ་ལ་དམིགས་པའི་ཏིང་ངེ་འཛིན་ཏེ། ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་རྣམ་པར་སེམས་གནས་པའི་ངོ་བོ་ཉིད་དོ།། སུ་ཞིག་གནས་པར་འགྱུར་ཏེ། ཆོས་ཐམས་ཅད་སྟོང ་པ་ཉིད་པས་སོ་ཞེས་པ་ནི་སེམས་ཀུན་ཏུ་གནས་པའོ།། མཐོང་བས་སྤངས་པར་བྱ་བའི་རྣམས་པར་རྟོག་པའི་གཉེན་པོ་དང་བཅས་པའི་དབང་དུ་བྱས་པ་ནི་བསྟན་བཅོས་ལས། འཇུག་པ་དང་ནི་ལྡོག་པ་ཡི།། དེ་དག ་སོ་སོར་དགུ་བདག་ཉིད།། གཟུང་བའི་རྣམ་རྟོག་དག་ཤེས་བྱ།། ཇི་བཞིན་ཡུལ་གྱི་བདག་ཉིད་ཅན།། སེམས་ཅན་རྫས་དང་བརྟགས་ཡོད་པའི།། རྣམ་རྟོག་དེ་ནི་འཛིན་པར་འདོད།། སོ་སོའི་སྐྱེ་བོ་འཕགས་དབྱེ་བས།། སོ་སོར་དེ་དག་དགུ ་བདག་ཉིད།། གལ་ཏེ་གཟུང་དོན་དེ་བཞིན་མང་།། དེ་དག་གང་གིས་འཛིན་པར་འདོད།། དེ་ལྟར་དེ་དག་འཛིན་པ་ཡིས།། ངོ་བོས་སྟོང་པ་མཚན་ཉིད་དོ།། ཞེས་ཏེ་འཇུག་པའི་ཕྱོགས་དང་ལྡོག་པའི་ཕྱོགས་ལོ་དབྱེ་བ་དགུ་སྟེ། གཟུང་བ་ནི ་གཟུང་བར་རྣམ་པར་རྟགས་པའི་ཕྱིར་ལ། དེ་དག་བདག་ཉིད་ཇི་བཞིན་ཡུལ་ཞེས་པ་ནི་རྣམ་པར་རྟོག་པ་དགྲ་སྟེ། ཕྱིན་ཅི་ལོག་ཏུ་རྣམ་པར་རྟག་པར་བྱ་ཞེས་པས་རྣམ་པར་རྟོག་པ་སྟེ། སོ་སོའི་སྐྱེ་བོའི་རྣམས་ལ་ནི་རྫས་སུ་ཡོད་པ་ལ། ་འདགོས་པ་རྣམས་ལ་ནི་བརྟགས་པར་ཡོད་པའོ།། སེམས་ཅན་གྱི་འཛིན་པའི་རྣམ་པར་རྟོག་པ་རྣམས་ནི་འཛིན་པ་སྟེ། ཡོད་པ་མ་ཡིན་པ་ཉིད་ལོས་འཛིན་ཅིང་རྣམ་པར་བཏགས་པས་སོ།། འཛིན་པའི་ངོ་བོས་ཞེས་པ་ནི་འཛིན ་པ་སེམས་ཅན་གྱི་ངོ་བོས་སོ།། འཛིན་པའི་རྣམ་པར་རྟོག་པ་དེ་དག་དང་རྣམ་པ་བཞི་པོ་ལ་འདི་ཡང་རྣམ་པར་རྟོག་པའི་ཡུལ་གྱིས་དབྱེ་བས་རེ་རེ་ལ་རྣམ་པ་དགུ་དགུའོ།། དེ་ལ་དང་པོའི་དབང་དུ་བྱས་པ་ནི་བསྟན་བཅོས་ལས། ངོ ་བོ་ཉིད་དང་རིགས་དང་ནི།། ལམ་ནི་ཡང་དག་འགྲུབ་པ་དང་།། ཤེས་པའི་དམིགས་པ་མ་འཁྲུལ་དང་།། མི་མཐུན་ཕྱོགས་དང་གཉེན་པོ་དང་། རང་གིས་རྟོགས་དང་བྱེད་པ་དང་།། བྱེད་པོ་དུས་བྱེད་འབྲས་བྱཱ་ལ།། འཇུག་པའི་ཕྱོགས ་ཀྱིས་རྟེན་ཅན་གྱི།། རྣམ་རྟོག་དེ་ནི་རྣམ་དགུར་འདོད་།། ཅེས་ཏེ་བྱེད་པ་པོ་དེའི་བྱེད་པ་དང་བྱ་བའི་འབྲས་བུའི་ངོ་བོ་ཉིད་ལ་སོགས་པའི་དགུ་པོ་ནི་འཇུག་པའི་ཕྱོགས་ཏེ། བྱང་ཆུབ་སེམས་དཔའི་བློང་བྱ་ཡིན་པའི་ཕྱིར་དེ་ལ་བརྟན་པ་སྟེ ་དེའི་དབང་དུ་བྱས་ནས་གསུངས་པ་ནི། རབ་འབྱོར་གྱིས་གསོལ་པ། ཞེས་པ་ལྀ་སོགས་པོ་སྟེ། སྒྱུ་མ་མཁན་གྱིས་སྤྲུལ་པའི་གླང་པོ་ལ་སོགས་པ་ནི་སྒྱུ་མཱ་ལོ།། དེ་བཞིན་དུ་གཞན་རྟེན་ཅིང་འབྲེལ་པར་འབྱུང་བ་ལྔ་འབྱུང་བའི་ཀུན་རྫོབ་ཀྱི་ངོ ་ཏུ་བསྒྲགས་པ་དེ་ཁོ་ན་ཉིད་དུ་ནི་ཡོད་པ་མ་ཡིན་པས་ན་དེ་ཡང་སྒྱུ་མ་ལྟ་བུའོ།། ཇི་ལྟར་སེམས་སྒྱུ་མུ་ལྟ་བུ་སྟེ། དེའི་ཕྱིར་སེམས་ནི་དེ་ཁོ་ན་ཉིད་དུ་ནི་གང་དུ་ཡང་འཛིན་པ་པོ་མ་ཡིན་ཞིང་། དེའི་གཟུང་བྱའི་དངོས་པོ་ཡང་ཅུང ་ཟད་ཡོད་པ་མ་ཡིན་ལ། ཀུན་རྫོབ་ཏུ་ནི་སྒྱུ་མ་བཞིན་དུ་གཟུང་བ་དང་འཛིན་པར་ཐ་སྙད་བྱེད་དེ། དོན་དམ་པར་ནི་གཉི་ག་ཡང་ཡོད་པ་མ་ཡིན་ནོ།། དེའི་ཕྱིར་ན་སྒྱུ་མ་ལྟ་བུའོ།། དེ་མེད་པས་ཇི་ལྟར་མངོན་པར་བྱང་ཆུབ་པར་འགྱུར ་ཞེས་པ་ནི་འདྲི་བ་ལ། མ་ལགས་ཞེས་པ་ནི་མེད་པའི་ཕྱིར་ཞེས་པ་ལ་དགོངས་པའོ།། གཞན་དུ་ཞེས་པ་ནི་གཞན་དེའི་ཆོས་ཀྱི་བདག་ཉིད་ཀྱིས་སོ།། མ་ལགས་ཞེས་པ་ནི་ཤིན་ཏུ་མེད་པས་དེའི་ཕྱིར་མཆིས་པ་དང་མ་མཆིས་པ་མ་ཡིན་ནོ།། ། ་ཞེས་པ་ལ་དགོངས་པའོ།། མེད་ཅེས་པ་ནི་རྣམ་པར་ཤེས་པའི་ངོ་བོ་ཉིད་མེད་པ་ལ་ཡོད་པ་དང་ནི་འགགས་པ་དག་ནི་འབྲེལ་པ་མེད་པས་སོ་ཞེས་པ་ལ་དགོངས་པའོ།། དེའི་ཕྱིར་ཞེས་པ་ནི་ངོ་བོ་ཉིད་ཀྱིས ་སྟོང་པ་ལ་འཛིན་པ་པོའི་སྦྱོར་བ་མེད་པའི་ཕྱིར་རོ།། ཤིན་ཏུ་འཛིན་པ་མེད་པ་ཉིད་དེ་ལ་གསུངས་པ་ནི་ཇི་ལྟར་འདིར་ངོ་བོ་ཉིད་ཀྱིས་སྟོང་པའི་འཛིན་པ་པོ་མེད་པའོ།། དེ་བས་ན་ཀུན་ཏུ་སྤྱོད་པ་ཅན་ཀྱང་འཛིན་པ་པོ་མ་ཡིན་ཏེ།། ་དེ་རྣམས་ཀྱང་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ།། དམིགས་པར་འགྱུར་པའི་ཆོས་ཐམས་ཅད་ལ་ཡང་གཟུང་བ་ཡོད་པ་མ་ཡིན་ཏེ། དེ་རྣམས་ཀྱང་ངོ་བོ་ཉིད་མེད་པའི་ཕྱིར་ལ་འདི་ཉིད་ནི་དམིགས་པས་གཟུང་བའི་མཚན་ཉིད་ཀྱི ་ཕྱིར་རོ།། བསྒོམ་པར་བགྱི་བ་མ་ལགས་པ་ནི་བོང་བུའི་རྭ་བཞིན་པས་ཡང་དང་ཡང་དུ་བློ་མི་གཞུག་པའོ།། ཆོས་ནི་ཀུན་ཏུ་རྟོག་པར་བྱ་བ་ལ་སོགས་པའོ།། ཀུན་ཏུ་བགྲོད་པ་པོ་ནི་བསྐྱེད་པའོ།། དབེན་པ་ནི་ཅུང་ཟད་བྱེད་པ་མེད ་པའི་ཕྱིར་རོ།། ཇི་ལྟར་ཞེས་པ་ནི་དབེན་པ་ལ་ཐོབ་པར་བྱ་པ་ཡོད་པ་མ་ཡིན་ནོ་ཞེས་པ་ལ་དགོངས་པའོ།། ཇི་ལྟར་ནི་མིན་པ་ཉིད་དོ།། ཤིན་ཏུ་དབེན་པ་ལ་སྒྲུབ་པའི་སྦྱོར་བ་མེད་པའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་ཞེས་པ་ནི་འབྲས་བུ་ནི ་རྒྱུ་དང་རྗེས་སུ་མཐུན་པའི་ཕྱིར་རོ།། ཡོད་པ་ཤེས་པ་ནི་དེའི་རྣམ་པར་རྟོག་པར་འགྱུར་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ།། དེ་ལྟར་ཞེས་པ་ལ་སོགས་པ་ནི་ཉེ་བར་བསྡུ་བའོ།། མངོན་པར་རྫོགས་པར་སངས་རྒྱས་པ ་ཡང་མེད་ཅེས་པ་ནི་མངོན་པར་བྱང་ཆུབ་པ་ལ་རྣམ་རྟོག་པ་མེད་པའི་ཕྱིར་རོ།། མངོན་པར་རྫོགས་པར་སངས་རྒྱས་ཞེས་པ་ནི་དངོས་པོར་སྒྲོ་བརྟགས་པ་རྣམ་པ་གསུམ་འདི་ལ་མེད་ལ། དེའི་སྟོང་པ་ཉིད་ཀྱི་ཡང་དག་པའི་ཀུན་རྫོབ ་ཚུལ་གྱིས་ཡོད་ཅེས་པ་ལ་དགོངས་པའོ།། འདི་དག་ནི་ཀུན་རྫོབ་ལོ་སྟོང་པ་ཉིད་ནི་དོན་དམ་པའོ།། ཟབ་མོ་ལ་ཞེས་པ་ནི་གང་འདིའི་དོན་གཞན་གྱིས་དཔྱོད་པར་མི་ནུས་པས་སོ།། དཀའ་བ་བྱེད་པ་ནི་གང་ཞིག་མངོན་སུམ་དུ་བྱེད ་པར་ཞུགས་ཀྱང་སེམས་ཅན་ལ་བལྟོས་ནས་མངོན་སུམ་དུ་མི་བྱེད་པས་སོ།། གསུངས་པའི་དོན་ཞེས་བྱ་བ་ནི་དགོངས་པ་ཅན་ནོ།། དཀའ་བ་ནི་གཞན་རྣམས་ལ་ཡིན་གྱི་བྱང་ཆུབ་སེམས་དཔའ་ལ་ནི་སླ་བ་སྟེ། ཐབས་ལ་མཁས ་པའི་ཕྱིར་དེ་ཡང་ཐབས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དེ་འདི་དེ་ཉིད་གསུངས་པ་ནི་དེ་ལྟར་ནི་ཞེས་པ་ལ་སོགས་པ་སྟེ། གང་ཞིག་ནི་བྱང་ཆུབ་སེམས་དཔའ་ལོ་གང་ནི་ཟབ་མོའི་དོན་ཏོ།། གང་འདིས་ནི་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་བསྒྲགས་པས་སོ།། མི་ཞུམ་པ་ནི་བཤོལ་བར་མི་འགྱུར་བའོ།། འདི་ཡི་ཆེད་དུ་བྱ་བ་དྲུག་སྟེ། མི་འགོང་བ་ནི་འདི་ལ་མོས་པ་འབྲིང་དུ་མི་འགྱུར་བའོ།། ཀུན་ཏུ་མི་ཞུམ་པ་ནི་འདི་ལ་མོས་པ་ཆུང་ངུར་མི་འགྱུར་བའི། ་ཡིད་ཕྱིར་ཕྱོགས་པར་མི་འགྱུར་བ་ནི་མོས་པ་མེད་པར་མི་འགྱུར་བའོ།། མི་དངང་བ་ནི་འདི་རྣམས་གཏོང་བར་འདོད་པ་མ་ཡིན་པའོ།། ཀུན་ཏུ་མི་སྐྲག་པ་ནི་གཏོང་བར་མི་བྱེད་པའོ།། ཀུན་ཏུ་སྐྲག་པ་དང་ལྡན་པར་མི་འགྱུར་བ་ནི་རྒྱུན ་ཏུ་གཏོང་བ་མ་ཡིན་པའོ།། དེ་ཉིད་ལ་གྲང་འདིར་མངོན་ཏུ་གྱུར་པར་ཤིན་ཏུ་དགའ་བར་འགྱུར་པས། དེས་འདི་ལ་སྤྱོད་པར་འགྱུར་ཞེས་པ་རྟོགས་ཏེ། འདིར་ངོ་བོ་ཉིད་ལ་སོགས་པའི་དོན་དགུ་རྣམས་ནི་འཇུག ་པའི་ཕྱོགས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བླང་བར་བྱ་བའི་ཕྱིར་ལ། རྣམ་པར་རྟོག་པའི་ཚོགས་དེ་རྣམས་ནི་ཡང་དག་པ་མ་ཡིན་པའི་ཤེས་པའོ།། དེ་ལ་རང་བཞིན་ནི་རང་གིས་བསམ་པ་སྟེ། བདག་བླ་ན་མེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་ཏུ་གཤེགས་པར་འགྱུར་བ་ནི་དེའི་ལམ་གྱིས་ཞེས་པ་སྟེ། བྱང་ཆུབ་ཀྱི་སེམས་ཀྱིས་ཞེས་པའི་དོན་ཏོ།། དེའི་རྣམ་པར་རྟོག་པ་ནི་བདག་གིས་དང་བྱང་ཆུབ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་པས་གང་ཞིག ་སྟོང་པ་ཉིད་ཤེས་པ་དང་། མཉམ་པར་བཞག་པའི་དེའི་ཤེས་པའོ།། མཉམ་པར་བཞག་པའི་ཤེས་པས་ནི་མངོན་སུམ་དུ་རློམ་པ་སྟེ། བདག་གིས་སྤྱོད་པས་བདག་བྱང་ཆུབ་ཆེན་པོ་ལ་ཉེ་པ་འམ། བདག་གིས་དམན་པའི་བྱང་ཆུབ་དག ་ནི་བསྲིངས་སོ།། ཞེས་པ་དག་ནི་དྲོ་བོ་ཉིད་ཀྱི་རྣམ་པར་རྟོག་པ་ལ་འདིའི་གཉེན་པོ་ནི་བཅོམ་ལྡན་འདས་ཇི་ལྟར་ན་སེམས་སྒྱུ་མ་ལྟ་བས་ཞེས་པ་ནས་བརྩམས་ཏེ། འདི་ལྟ་སྟེ་དཔེར་ན་ཞེས་པའི་བར་གྱིས་སྔོན་གྱི་རྣམས་སྟེ། འདི ་ལྷ་སྟེ་དཔེར་ན་ཞེས་པ་ལ་སོགས་པ་སྟེ། ཉེ་ཞེས་པ་དང་རིང་ཞེས་པ་ལ་སོགས་དང་གང་དུ་བདག་སངས་རྒྱས་ཀྱི་རིགས་ཞེས་པ་ནི་རྣ་རྩོམ་པར་རྟོག་པའི་ཀུན་ཏུ་རྨོངས་པ་སྟེ། འདིའི་གཉེན་པོ་ནི་ནམ་མཁའ་དང་མཉམ་པའི་ཕྱིར། དེའི་རིགས ་ཀྱང་དོན་བཞིན་དུ་རྣམ་པར་རྟོག་པ་མེད་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་པའོ།། ཞེས་པ་ནི་རིགས་ཀྱི་རྣམ་པར་རྟོག་པའོ།། འདི་ལྟ་སྟེ་དཔེར་ན་ཞེས་པ་ལ་སོགས་པ་སྟེ། བདག་ལ་ལམ་ཞེས་པ་ནི་ལམ་ཡང་དག་པར་འགྲུབ་པའི་རྣམ ་པར་རྟོག་པའོ།། ཀུན་ཏུ་རྨོངས་པ་ལ་འདིའི་གཉེན་པོ་ནི་འདུས་པ་སྒྱུ་མའི་སྐྱེས་བུ་ལྟ་བུའི་ཕྱིར་ཏེ། དེ་བཞིན་དུ་རྣམ་པར་རྟོག་པ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པའོ།། འདི་ལྟ་སྟེ་དཔེར་ན་ཞེས་པ་ལ་སོགས་པ་སྟེ། སྣང ་བརྙན་ནི་གཟུགས་བརྙན་གྱིས་ཏེ། རྩོམ་པའི་གཟུགས་བརྙན་གྱིས་ཁྱད་པོར་གྱིས་ཁྱད་པར་གྱི་སྣང་བརྙན་ཤེས་པ་དེའི་ཡུལ་དུ་སྐྱེ་བར་འགྱུར་ཏེ། དེའི་རྩོམ་པ་ནི་གཟུགས་བརྙན་གྱི་བདག་ཉིད་མ་ཤེས་པའི་གང་ཞིག་ལ་ནི་དམིགས ་སུ་མེད་པ་ཉིད་པས་དེ་འདིར་ཤེས་པས་དམིགས་པ་ནི་འཁྲུལ་པ་སྟེ། དེ་ལ་ནི་མ་སྐྱེས་པ་ལ་དེ་ནི་ཉེ་བ་དང་རིང་བས་ཡང་དག་པར་འགྲུབ་པར་ཡོད་པ་ཀུན་ཏུ་རྨོངས་པ་སྟེ། དེའི་གཉེན་པོའི་ནི་གཟུགས་བརྙན་ལྟར་རྣམ་པར་རྟོག་པ་མེད ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པའོ།། འདི་ལྟར་སྟི་དཔེར་ན་ཞེས་པ་ལ་སོགས་པ་སྟེ། གཉེན་པོ་ནི་འཇོམས་པ་པོ་ལ་མི་མཐུན་པའི་ཕྱོགས་ནི་འཇོམས་པར་བྱ་བའོ།། ཞེས་པ་ནི་མི་མཐུན་པའི་ཕྱོགས་ཀྱིས་རྣམ་པར་རྟོགས ་བའི་རྨོངས་པ་སྟེ། འདིའི་གཉེན་པོ་ནི་ཇི་ལྟར་དེ་བཞིན་གཤེགས་པ་ལ་སྡུག་པ་དང་མི་སྡུག་པ་དག་མེད་པ་དེ་བཞིན་དུ་རྣམ་པར་རྟོག་པ་མེད་པའོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་ངོ་ཞེས་པའོ།། ཇི་ལྟར་ཞེས་པ་ལ་སོགས་པ ་པ་སྟེ། ཡང་དག་པར་མ་ཡིན་པ་ལ་བརྟགས་པས་རྟོགས་པ་ལ། དེའི་རྣམ་པར་རིག་ནས་བརྟགས་པར་རྣམ་པར་རྟོག་པ་སྟེ། དེ་དག་རབ་ཏུ་སྤངས་པའི་དེ་བཞིན་གཤེགས་པ་དེ་བཞིན་དུ་རྣམ་པར་རྟོག་པ་མེད་པའི ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། དེ་ལ་རྣམ་པར་རྟོག་པས་རིག་ཅིང་རྣམ་པར་བརྟགས་པ་ནི་རང་གིས་རྟོགས་པའི་རྣམ་པར་རྟོག་པའི་རང་གི་རྟོག་པ་ལ་རྨོངས་པ་སྟེ། དེའི་གཉེན་པོ་ནི་རྟོག་པ་དང་རྣམ་པར་རྟོག་པ་རབ་ཏུ་སྤངས་པའི ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པའོ།། འདི་ལྟ་སྟེ་དཔེར་ན་ཞེས་པ་ལ་སོགས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱ་སྟེ། དེ་ཡིས་ཉེ་བ་དང་རིང་བར་འགྱུར་ཞེས་པ་ནི་བྱེད་པ་པོའི་རྣམ་པར་རྟོག་པའི་བྱེད་པ་པོ་ལ ་རྨོངས་པ་སྟེ། དེའི་གཉེན་པོ་ནི་བྱེད་པ་པོ་དེ་བཞིན་གཤེགས་པའི་སྤྲུལ་པ་ལྟ་བུའི་ཕྱིར་ལ། དེ་ལྟར་བྱེད་པ་པོའི་རྣམ་པར་རྟོག་པ་མེད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ལྔཔའོ།། འདི་ལྟ་སྟེ་དཔེར་ན་ཞེས་པ་ལ་སོགས་པ་སྟེ། ་སྤྲུལ་པས་བྱ་བ་བྱེད་པ་ཅིང་བྱ་བར་རྣམ་པར་རྟོག་པར་མི་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པར་བྱེད་པ་ལ་རྣམ་པར་བྱེད་པ་ལ་རྣམ་པར་རྟོག་པར་ནི་མི་བྱེད་དོ།། ཞེས་པ་ནི་གཉེན་པོ ་རྣམ་པར་རྟོག་པ་ནི་དེའི་བྱ་བའི་རྣམ་པར་རྟོག་པའོ།། འདི་ལྟ་སྟེ་དཔེར་ན་ཞེས་པ་ལ་སོགས་པ་སྟེ། ཤིང་གི་སྐྱེས་བུས་བྱ་བ་བྱེད་ཅིང་རྣམ་པར་རྟོག་པས་མི་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་བསྒོམས་ནས་ཐོབ་པར ་འགྱུར་ལ་དེ་ལ་རྣམ་པར་རྟོག་པར་མི་བྱེད་པ་ནི་གཉེན་པོལ་བྱང་ཆུབ་ཏུ་རྣམ་པར་རྟོག་པ་ནི་བྱ་བའི་འབྲས་བུའི་རྣམ་པར་རྟོག་པའོ།། སྒྱུ་མ་ལྟ་བུའི་སེམས་ཉེ་བར་མཚོན་པའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། །། གཟུང་བའི ་རྣམ་པར་རྟོག་པ་གཉིས་པའི་དབང་དུ་བྱེས་ནུས་བསྟན་བཅོས་ལས། སྲིད་དང་ཉེ་བར་ལྷུང་བའི་ཕྱིར།། རྟོག་པ་དམན་པ་ཉིད་དེ་ང་ནི།། ཡོངས་སུ་འཛིན་པ་མེད་པ་དང་།། ལམ་གྱི་རྣམ་པ་མ་ཚད་དང་། གཞན་གྱིས་རྐྱེན་གྱིས་འགྲོ་བ་དང ་ཆེད་དུ་བྱ་བ་ལོག་པ་དང་།། ཉི་ཚེ་བ་དང་སྣ་ཚོགས་ཉིད།། གནས་དང་འཇུག་ལ་རྨོངས་པ་དང་།། རྗེས་ལ་འགྲོ་ཞེས་བྱ་བ་ཡི།། རྣམ་རྟོག་དགུ་ཡི་བདག་ཉིད་ནི།། ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་གྱི།། ཉན་ཐོས་ལ་སོགས་ཡིད་ལས་བྱུང་ཞེས་པ ་ནི། རྟོག་པ་དམན་པ་ལ་སོགས་པའི་སྐྱོན་ནི་བྱང་ཆུབ་སེམས་དཔའ་རབ་ཏུ་སྤངས་པར་བྱ་བའི་དངོས་པོ་བས་ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་དེ་ཉན་ཐོས་ལ་སོག་པ་རྣམྦི་ཀྱི་ཡིད་ལ་བྱུང་བས་དེ་རྣམས་སྤང་བཱི་བྱ་བ་ཡིན་པའི་ཕྱིར་ཏེ། དེ་གསུངས ་པ་ནི། དེ་ནས་ཞེས་པ་ལ་སོགས་པ་སྟེ། འདིར་ནི་གཉེན་པོའི་ཕྱོགས་རྣམས་བརྗོད་པར་འགྱུར་ལ། དེ་ལས་བཟློག་པས་ནི་རྣམ་པར་རྟོག་པ་ཡང་རྟོགས་པར་འགྱུར་རོ།། ཁྱད་པར་ཅན་གྱི་འབྲས་བུ་བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་ནི་སྙིང་པོའོ།། དེའི་རྒྱུ་མཚན་དང་ལྡན་པས་གཟིངས་པ་སྟོང་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་འདིར་གཉི་ག་བདག་མེད་པའི་ཤེས་པས་དེ་རྣམས་ལ་སྤྱོད་པས་འཁོར་བ་ལ་ཡིད་བྱུང་བའི་མྱ་ངན་ལས་འདས་པར ་དོན་དུ་གཉི་ག་མི་དམིགས་པའི་ཕྱིར་རོ།། དེ་ལ་འདིར་རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་འགྱུར་ཞེས་པ་ནི་གཉེན་པོ་སྟེ། གཞན་དུ་ན་ཕ་རོལ་ཏུ་ཕྱིན་པ་ལྔས་ནི་འཁྲུར་བསུ་ལྟུང་བ་འམ། གང་ཟུག་ལ་བདག་མེད ་པར་ཤེས་པས་མྱ་ངན་ལས་འདས་པའོ།། དེའི་ཕྱིར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་ནི། བྱང་ཆུབ་སེམས་དཔའི་བསྒྲགས་པ་མི་ཐོབ་ཅིང་ཞེས་པ་ན་རྟོགས་པ་དམན་པོ་ཉིད་ཀྱི་རྣམ་པར་རྟོག་པའོ།། སྐྱབས་ནི་སྙིང་པོ་སྟེ་ལས་དང་ཆོས ་དང་བགྲོད་བྱ་བ་རྣམས་ལས་ཤིན་ཏུ་དགའ་བས་སོ་ཞེས་པ་ནི་དོན་ཏོ།། བཟློག་པས་ནི་སྙིང་པོ་མ་ཡིན་པ་མི་དགའ་བ་ཉིད་དོ།། འདིར་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམས་ལ་དགའ་བ་ཉིད་ཀྱི་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང ་བཅས་པས་ཡོངས་སུ་འཛིན་པར་ནུས་ཏེ། དཔེར་ན་ཤིན་ཏུ་སྤྱང་པོས་ལམ་དུ་ལག་པར་མཚོན་ཆ་དང་བཅས་པ་བཞིན་ནོ་ཞེས་པ་ནི་གཉེན་པོ་ལ། གཞན་དུ་ནི་ཤིན་ཏུ་དགའ་བར་མི་འགྱུར་རོ་ཞེས་པ་ནི་ཡོངས་སུ་འཛིན་པ་མེད་པའི་རྣམ་པར ་རྟོག་པའོ།། དེ་ནས་ཞེས་པ་ལ་སོགས་པ་སྟེ། ཕྱག་བྱ་བ་ནི་གུང་ལ་ནི་སྒྲུབ་པ་མཐའ་དག་སྟེ། གཞན་ལ་རག་མ་ལས་པའི་ཕྱིར་དང་། ཆེད་དུ་བྱ་བ་ལ་མི་ལྡོག་པས་མངོན་པར་སྒྲུབ་པ་ཉིད་ནི་སྒྲུབ་པ་སྟེ། ཕ་རོལ་ཏུ་ཕྱིན་པ་ལྔ་རྣམས་སོ།། ་དེ་དག་ཅེས་པ་ནི་གཉིས་ཆར་གྱིས་བདག་མེད་པ་རིག་པ་ལའོ།། དེའི་ཕྱིར་ན་ཟབ་མོ་ཞེས་པ་དེ་ནི་གཉེན་པོ་ལ་དེ་འཇུག་པ་ཉིད་ཀྱི་ལམ་དང་བྲལ་བར་བྱེད་པར་འགྱུར་ན། དེའི་དེ་ལ་བདུད་ལ་སོགས་པ་རྣམས་ཀྱིས་ཤིན་ཏུ་འགྱེད་པར་མི་འགྱུར ་ཏེ། གོ་ཆ་མ་བྱས་པའི་འཐབ་མོ་རྣམས་ཀྱིས་བཞིན་ནོ་ཞེས་པ་ནི་ལམ་གྱི་རྣམ་པར་མ་ཚང་བའི་རྣམ་པར་རྟོག་པའོ།། དེ་ལྟར་ཅེས་པ་ལ་སོགས་པ་སྟེ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་གཙོ་བོ་སྟེ། དེ་ཡང་གཙེ ་བོ་དེས་འཁོར་བ་དང་མྱ་ངན་ལས་འདས་པ་དག་དུ་མི་དམིགས་པའི་ཕྱིར་རོ།། ཇི་ལྟར་དེ་ལ་རོལ་ཏུ་ཕྱིན་པ་པ་རྣམས་ཀྱིས་འཁོར་བར་མི་ལྟུང་ལ། དེ་ལྟར་གང་ཟག་གི་བདག་མེད་པའི་དབང་གིས་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱེད་ནས། ་གལ་ཏེ་གཙོ་བོམ་སྟོན་ན་ནི་དམན་པའི་བྱང་ཆུབ་ཏུ་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱེད་པར་འགྱུར་བ་ཉིད་དོ།། ཞེས་པ་ནི་གཞན་གྱིས་རྐྱེན་གྱིས་འགྲོ་བའི་རྣམ་པར་རྟོག་པའོ།། འདིས་ཀྱང་ཞེས་པ་སོགས་པ་སྟེ། འཚོད་པར ་འགྱུར་བས་སོ།། ཇི་ལྟར་མངོན་སུམ་དུ་བྱེད་ན། ཚད་དུ་བྱ་བས་མི་འཇུག་པ་སྟེ། ཚེ་དེ་དུ་བྱེ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའོ།། ཇི་སྟེར་དེ་ལྡེས་མི་ལྡོག་ན་གང་དེ་སྲིད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་དེལ ་ལྡོག་པ་མེད་པ། དེའི་དོན་ཉིད་དུ་དྲིལ་སྤྱོད་པའི་ཕྱིར་རོ།། ཅིག་ཤོས་དེ་རྣམས་ཀྱང་དེ་ལ་རྗེས་སུ་གནས་པས་དེ་རྣམས་ཀྱང་མི་ལྡོག་སྤྱི། འདི་ལྟ་སྟེ། ཆུ་ཟན་ཐམས་ཅད་ནི་ཆུ་ཀླུང་ཆེན་པོའི་རྗེས་སུ་ཞུགས་ནས་རྒྱུ་མུཆེ་ཆེན་པོ་ཉིད་དུ་འགྲོ ་ཞིང་ལྡོག་པར་མི་འགྱུར་རོ་ཞེས་བཻ་ནི་ཆེད་དུ་བྱ་བ་ལག་པའི་རྣམ་པར་རྟོག་པ་ལ། དེ་ནས་ཡང་ཞེས་པ་ལ་སོགས་པ་སྟེ། ག་ཆ་བགོས་པ་ཞེས་པ་འདིས་ནི་བྱ་བར་དཀའ་བ་ཉིད་དུ་སྟོན་པ་སྟེ། མཐའ་ཡས་པ་རྣམས་ཀྱི་དོན་བྱེད་པར་མི་ནུས ་བའི་ཕྱིར་རོ།། དེ་ལྟར་ན་ཡང་འདི་ཉིད་ཁོ་ན་གོ་ཆར་བྱ་བ་སྟེ། འདི་ལྟ་བུའི་བསམ་པ་རྒྱ་ཆེན་པོ་ལས་གཞན་པས་རང་དང་གཞན་དག་དོན་བྱེད་པར་མི་ནུས་པའི་ཕྱིར་རོ་ཞེས་པ་ནི་གཉེན་པོའོ།། སེམས་ཅན་ཐམ ་ཅད་ཀྱི་དོན་གང་གིས་ཀྱང་མི་བྱེད་པས་བདག་ཉིད་ཀྱིས་གདུལ་བར་བྱ་བ་རྣམས་ཀྱི་དོན་དུ་གོ་ཆ་བྱའོ་ཞེས་པ་ནི་ཉི་ཚེ་བའི་རྣམ་པར་རྟོག་པའོ།། སྣ་ཚོགས་པ་ཉིད་ཀྱི་རྣམ་པར་རྟོག་པའི་གཉེན་པོར་ནི་མཉམ་པ་ཉིད་དེ།། དེ་རྣམས་འདོད ་པའི་མཆོག་ཏུ་དགའ་བ་བྱེད་པ་སྟེ། དེ་གསུངས་པ་ནི་དེ་ནས་ཡང་ཞེས་པ་ལ་སོགས་པ་སྟེ། གདུལ་བར་བྱ་བ་ཅན་གྱི་སེམས་ཅན་རྣམས་ལ་འདུལ་བར་རིགས་ལ། དེ་ལྟར་ན་ཡང་གང་གིས་དཀའ་བ་བྱེད་པ་བརྗོད་པ་ནི། དེ་བཞིན་དུ་ཞེས ་པ་ལ་སོགས་པ་སྟེ། དེ་ཅིའི་ཕྱིར་ཞེས་པ་ནི་ཇི་ལྟར་ཆོས་མཐུན་པས་སོ།། ནམ་མཁས་ན་མཁའ་ལྟ་བུའི་སེམས་ཅན་རྣམས་དང་ཇི་ལྟར་རྩོད་ན། གསུངས་པ་ནི། འདི་ཡང་ཞེས་པ་ལ་སོགས་པ་སྟེ། སེམས་ཅན་གང་གིས་འདུལ་བར ་འདོད་པ་དེ་ཡང་སེམས་ཅན་མེད་པའི་ཕྱིར་ཡོངསུ་བྲལ་བར་འགྱུར་ཞེས་པའོ།། འཐབ་པ་སྟེ་རྩོད་པའོ།། ཇི་ལྟར་ཡང་གདུལ་བར་བྱ་བ་མེད་པ་དེ་ལྟར་གདུལ་བ་ཡང་དེའི་ཤིན་ཏུ་དཀའ་བར་བྱེད་པ་ཉིད་དེ། དེ་ལྟར་སེམས་ཅན་ཐམས ་ཅད་བདག་དང་མཉམ་པ་ཉིད་དུ་བལྟ་བར་བྱའོ།། གང་བདག་དང་གཞན་གྱི་དོན་བྱེད་པར་ནུས་པར་འགྱུར་བ་ནི་ཞུམ་པར་མི་འགྱུར་ཞིང་སྒྱིད་ལུག་པར་མི་འགྱུར་ལ། ཤིན་ཏུ་དགའ་བར་གྱུར་ནས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ ་སྤྱོད་པས་ནི་གང་གིས་གང་དུ་ཡང་མ་ཡིན་ཏེ། ཆོས་ལ་བདག་མེད་པ་མཐོང་བའི་ཕྱིར་རོ།། འདིར་ལན་ནི་སེམས་ཅན་ཅེས་པ་སྟེ། ཆོས་ཐམས་ཅད་ནི་དབེན་པ་དང་མཉམ་པ་ཉིད་ཅེས་པའི་རྒྱ་ཆེན་པོ་ནི་གཉེན་པོའོ།། སེམས་ཅན་སྣ ་ཚོགས་དང་ཆོས་སྣ་ཚོགས་པ་དེ་ལ་མེད་པའི་རོ་གཅིག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པ་ནི་སྣ་ཚོགས་པ་ཉིད་ཀྱི་རྣམ་པར་རྟོག་པའོ།། དེ་ལྟར་ལྷའི་བུ་དག་ལ་སོགས་པ་སྟེ། ཞུམ་པར་མི་འགྱུར་བ་ནི་གནས་པ་དང་འཇུག་པ་དག ་མི་རྨོངས་པར་འགྱུར་པ་ལ། གང་གིས་བགྲོད་པར་བྱ་བ་དང་གང་དུ་གནས་པར་བྱ་བ་ཞེས་པ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཡང་དག་པར་རིག་པར་བྱ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་ལ་དེས་ཀུན་ཏུ་མི་རྨོངས་པ། ་གང་གིས་བྱང་ཆུབ་སེམས་དེ་བགྲོད་པར་བྱེད་ན་བྱང་ཆུབ་ལ་གནས་པར་བྱེད་པ་སྟེ། དེ་ཡང་དེའི་འགྲོ་བ་དང་གནས་པ་ཉིད་ཀྱི་རྒྱུ་དང་འབྲས་བུའི་གནས་སྐབསོ་ནི་རང་ལ་དབང་ཡོད་པ་ཉིད་ལ། དེས་ཡོངས་སུ་བསྔོ་བས་ཕ་རོལ་ཏུ་ཕྱིན ་ལྔ་རྣམས་ཀྱིས་ཀྱང་དེ་ཉིད་དུ་འགྲོ་བར་འགྱུར་ཞིང་དེ་ཉིད་དུ་གནས་པར་འགྱུར་ཞེས་པས་ནི་གཉེན་པོའོ།། མི་མཁས་པ་ཕ་རོལ་ཏུ་ཕྱིན་པ་ལྔ་རྣམས་དང་དྲུག་པ་སྤྲོས་པ་མེད་པ་ལ་དེའི་གནས་པ་དང་འཇུག་པ་དག་དུ་མངས་པོ་ནི ་གནས་པ་དང་འཇུག་པ་ལ་རྨོངས་པའི་རྟོག་པ་ལ། གང་དེ་ལ་ཞེས་པ་ལ་སོགས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྔོན་དུ་སྤྱོད་ཅེས་པ་ནི་གཉེན་པོའོ།། ཡུལ་རྒྱ་ཆེན་པོའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ལྔ་རྣམས་ལ་སྔོན་དུ་འཇུག་པ ་ལ་ཡུལ་ཞིབ་མོའི་ཕྱིར་རྗེས་ལ་དྲུག་པའོ་ཞེས་པ་ནི་རྗེས་ལ་འགྲོ་བའི་རྣམ་པར་རྟོག་པའོ།། དེའི་རྗེས་ལ་བསྟན་བཅོས་ལས་འཛིན་པ་སོ་སོར་སྡུད་པ་དང་། ཡིད་ལ་བྱེད་དང་ཁམས་རྣམས་ནི།། སུམ་ཆར་ཉེ་བར ་འབྲེལ་པ་དང་།། གནས་དང་མངོན་པར་ཞེན་པ་དང་།། ཆོས་ཀྱི་དངོས་པོར་བརྟགས་པ་དང་།། ཆགས་པ་དང་ནི་གཉེན་པོ་དང་།། ཇི་ལྟར་འགྲོད་བཞིན་འགྲོ་ཉམས་པ།། འཛིན་པ་དང་པོར་ཤེས་པར་བྱ། ཞེས་ཏེ། རྫས་སུ་ཡོད་པའི ་བདག་ཏུ་འཛིན་པ་པོ་གཞན་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ངེས་ཀྱང་ཅུང་ཟད་འཛིན་པར་བྱེད་པ་ཅིང་ཅུང་ཟད་མོས་པར་བྱེད་དོ་ཞེས་པ་ནི་འཛིན་པ་དང་། སོ་སོར་ཐར་པའི་རྣམ་པར་རྟོག་པ་ལ། དེ་ཡང་འཛིན་པར་མི་བྱེད་པ་དང ་ཐར་པར་མི་བྱེད་ཅེས་པ་ནི་གཉེན་པོའོ།། འཛིན་པར་འགྱུར་བ་ཉིད་དུ་ཆོས་དེ་རྣམས་ཡིད་ལ་བྱེད་པའི་རྣམ་པར་རྟོག་པ་ལ་ཆོས་དེ་རྣམས་དང་བཅས་པ་ཡིད་ལ་མི་བྱེད་པ་ནི་གཉེན་པོའོ།། ཡིད་ལ་བྱེད་པ་ཉིད་ཀྱི་ཆོས་རྣམས་ནི་ཁམས ་གསུམ་དང་འབྲེལ་པས་སོ།། ཞེས་པ་ནི་ཁམས་གསུམ་དང་འབྲེལ་པའི་རྣམ་པར་རྟོག་པ་ལ། འདིར་ཁམས་གསུམ་དང་འབྲེལ་པར་མི་བྱེད་དོ་ཞེས་པ་ནི་གཉེན་པོའོ།། ཁམས་གསུམ་ལ་གནས་པར་ཇི་ལྟར་འབྲེལ་པར་མི་བྱེད་ཅེས་པ་ནི ་གནས་ཀྱི་རྣམ་པར་རྟོག་པར་ལ་འདིར་གང་དུ་ཡང་གནས་པ་མེད་དོ་ཞེས་པ་གཉེན་པོའོ།། འདིན་པར་མངོན་པར་ཞེན་པ་ལ་ཇི་ལྟར་གནས་པ་མ་ཡིན་ཞེས་པ་ནི་མངོན་པར་ཞེན་པའོ།། རྣམ་པར་རྟོག་པ་ལ་འདི་ལ་ཅུང་ཟད་ཀྱང་མངོན་པར ་ཞེན་པར་མི་བྱེདདོ་ཞེས་པ་ནི་གཉེན་པོའོ།། བྱང་ཆུབ་སེམས་དཔའ་རྟག་པའི་དངོས་པོ་རྣམས་ཀྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས་ཇི་སྲིད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་བྱེད་པ་ཡོད་དོ་ཞེས་པ་ནི་བརྟགས་པའི་དངོས་པོའི་རྣམ་པར་རྟོག ་པ་ལ་དེ་ཡང་འདིར་ཡོད་པ་མ་ཡིན་ནོ་ཞེས་པ་ནི་གཉེན་པོའོ།། ཆགས་པ་ཉིད་ཀྱི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དེས་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་ཏེ། གཞན་དུ་ན་ཕྱིར་ཕྱོགས་སོ་ཞེས་པ་ནི་ཆགས་པའི་རྣམ་པར་རྟོག་པ་ལ ་ཆོས་ཐམས་ཅད་ནི་ཆགས་པ་མེད་ཅིང་ཡོངས་སུ་འཛིན་པ་མེད་པ་སྟེ། ཆགས་པ་མེད་པ་ལ་ནི་ཅུང་ཟད་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་བ་མེད་དེ། དེ་ལྟར་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་པ་ནི་གཉེན་པོའོ།། ། ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་པ་ལ་སོགས་པ་ནི་གཉེན་པོའི་ཕྱོགས་ཀྱི་རྣམ་པར་རྟོག་པ་ལ་དེ་ཡང་བྱང་ཆུབ་སེམས་དཔའ་ལ་ཡོད་པ་མ་ཡིན་ནོ་ཞེས་པ་ནི་གཉེན་པོའོ།། ཆོས་རྣམས་ཐམས་ཅད་རྣམ་པ་ཐམས་ཅད་དུ་དམིགས་སུ་མེད་པར ་ར་འདོད་པར་འགྲོ་བདེ་ལས་ཉམས་པ་དེ་ནི་བྱང་ཆུབ་སེམས་དཔའ་ལ་ཡོད་དོ་ཞེས་པ་ནི་ཇི་ལྟར་འདོད་པར་འགྲོ་བ་ལས་རྣམ་པར་ཉམས་པའི་རྟོག་པ་ལ་དེ་ཡང་དེ་ལ་མེད་དོ་ཞེས་པ་ནི་གཉེན་པོའོ།། དབྱེ་བ་དགུ་པོ་འདི་རྣམས་ནི་ཡུམ་ཆེན ་མོར་གསུངས་ལ་འདིར་ནི་ཐུན་མོང་དུ་རྫས་སུ་ཡོད་པའི་འཛིན་པ་པོའི་རྣམ་པར་རྟོག་པ་སྟེ། དེའི་གཉེན་པོ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པ་སྟེ། མཁྱེན་བཞིན་ཅེས་པ་ནི་བཅོམ་ལྡན་འདས་ལ་མི་མཁྱེན་པའི་ཆོས་ཅུང་ཟད་མེད་པསོ།། ། ་བྱང་ཆུབ་སེམས་དཔའ་ནི་འཇིག་རྟེན་དུ་རབ་ཏུ་གྲགས་པའི་རྫས་སུ་ཡོད་པའི་གང་ཟག་གི་ངོ་བོ་སྟེ། དེ་རྒྱུ་གུང་གིས་ན་ཞུམ་པར་འགྱུར་ཞེས་པ་ནི་རྫས་སུ་ཡོད་པར་འཛིན་པའི་རྣམ་པར་རྟོག་པ་ལ་དེའི་གཉེན ་པོ་ནི་དམིགས་སུ་མེད་པ་སྟེ། དེ་གསུངས་པ་ནི་དབེན་པའི་ཕྱིར་རོ།། ཞེས་པ་སྟེ་མེད་པའི་ཕྱིར་ལ་དེ་ནི་རང་མེད་ན་གང་དུ་ཞུམ་པར་འགྱུར་ཞེས་པ་སྟེ། དེ་ལྟར་བསྟན་བཅོས་ལས། ཚད་བཞིན་ངེས་པར་མི་འབྱུང་དང་།། ལམ་དང་ལམ ་མིན་ངེས་འཛིན་དང་།། འགོག་དང་བཅས་པའི་སྐྱེ་བ་དང་།། དངོས་པོ་ལྡན་དང་མི་ལྡན་དང་།། གནས་དང་རིགས་ནི་འཇིག་པ་དང་།། དོན་དུ་གཉེར་དང་རྒྱུ་མེད་དག། ཕྱིར་རྒོལ་བ་ནི་དམིགས་པ་ལ།། འཛིན་པའི་རྣམ་རྟོག་གཞན་ཡིན་ནོ།། ་ཞེས་ཏེ། སོ་སོའི་སྐྱེ་བོ་དང་པོ་པ་རྣམས་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་འཕགས་པ་རྣམས་ལ་རྣམ་པར་རྟོག་པ་འདི་དགུ་སྟེ། དེ་རྣམས་ཀྱིས་རབ་ཏུ་སྤང་བར་བྱ་བ་མ་ཡིན་ཕྱིར་ལ། དེ་རྣམས་ཀྱི་གཉེན་པོ་དྲུག་པ་ནི་མདོ་ཇི་ལྟ་བ་བཞིན ་དུ་སྟེ། དཔེར་ན་ཤིང་རྟ་རྣམས་ཀྱིས་ཡང་དག་པའི་ལམ་དུ་ཁྱེར་ནས་ཚོད་དུ་བྱ་བར་ཁྱེར་བ་དེ་བཞིན་དུ་དྲུག་པས་སྔ་རྣམས་སོ་ཞེས་པ་ནི་གཉེན་པོ་ལ་དྲུག་པ་མེད་ན་ཇི་ལྟར་ཚད་དུ་བྱ་བར་ཁྱེར་བ་པོ་མེད་པསོ་ཞེས་པ་ནི་དེས་པཱ་འབྱུང་བའི་རྣམ ་པར་རྟོག་པའོ།། རྣམ་པ་ཐམས་ཅད་མཁྱེན་པའི་ལམ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ལ་དམན་པའི་བྱང་ཆུབ་ཀྱི་ལམ་ནི་དེ་རྣམས་ཀྱི་ལམ་མ་ཡིན་ཏེ། དེ་དག་མིན་པར་ངེས་པར་འཛིན་པ་ནི་དྲུག་པོ་ཞེས་པ་དེ་ཉིད་ནི་གཉེན་པོ་ལ ་ད་མེད་པ་ལ་ལམ་མ་ཡིན་པར་ངེས་པར་འཛིན་པ་མེད་པ་ནི་རྣམ་པར་རྟོག་པའོ།། ཆོས་ཉིད་ཚད་མར་བྱས་ན་འདི་རྣམས་གང་ལ་ཡང་སྐྱེ་བ་དང་འགགས་པ་མ་ཡིན་ནོ་ཞེས་པ་ནི་གཉེན་པོ་ལ་སྐྱེ་བ་པོ་ནི་སངས་རྒྱས་ཀྱི་ཆོས་རྣམས་ལ ་འགག་པ་པོ་ནི་དེའི་སྒྲིབ་པ་རྣམས་སོ་ཞེས་པ་ནི་སྐྱེ་བ་དང་འགག་པའི་རྣམ་པར་རྟོག་པའོ།། ཆོས་རྣམས་ཐམས་ཅད་ལྡན་པ་ཡང་མ་ཡོན་ལ་བྲེལ་བ་ཡང་མ་ཡིན་ནོ་ཞེས་པ་ནི་གཉེན་པོ་ལ་སྣུན་པ་དང་མི་ལྡན་པ་ཞེས་པའི་ལྡན་པ་དང་མི་ལྡན་གྱི། ་པར་རྟོག་པའོ།། གཟུགས་ལ་སོགས་པ་ནས་ཇི་སྲིད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལྟ་གནས་པར་མི་བྱ་ཞེས་པ་ལ་རྣལ་འབྱོར་དུ་བྱེད་པས་ཆོས་རྣམས་གང་ལ་ཡང་མི་གནས་པའི་ཕྱིར་རོ་ཞེས་པ་ནི་གཉེན་པོ་ལེ། གཟུགས ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་གནས་པར་བྱའོ།། སྙམ་པ་ནི་རྣམ་པར་རྟོག་པའོ།། བྱང་ཆུབ་ཆེན་པོ་འདོད་པས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་བསླབ་པར་བྱའོ་ཞེས་པ་ནི་གཉེན་པོ་ལ། དེ་ལ་བསླབས་པས་ཀྱང་དེར་མི ་འགྱུར་ཅེས་པའི་དོན་དུ་གཉེར་བ་མེད་པ་ནི་རྣམ་པར་རྟོག་པའོ།། དྲུག་པ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྒྱུ་སྟེ་རྒྱ་མཚོ་ལ་རིན་པོ་ཆེ་ཐམས་ཅད་བཞིན་ལ། དེ་ཡོངས་སུ་བསྒོམས་པས་དཀར་པོའི་ཆོས་ཏེ་སངས་རྒྱས་ཀྱི་ཆོས་རྣམས ་ཀྱང་འབྱུང་བར་འགྱུར་རོ་ཞེས་པ་ནི་གཉེན་པོ་ལ་དྲུག་པ་མེད་ན་རྒྱུར་མི་འགྱུར་རོ་ཞེས་པའི་རྒྱུ་མེད་པ་ན་རྣམ་པར་རྟོག་པའོ།། དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་རྫོགས་པའི་སངས་རྒྱས་རྣམས་ཀྱིས་དགོངས་པར ་འགྱུར་བ་ནི་གཟུགས་ལ་སོགས་པ་རྣམ་པ་མེད་ལ། འོན་ཀྱང་གང་དུ་གཟུགས་ལ་སོགས་པ་མེད་པ་ནས་ཇི་སྲིད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་དེ་ལྟར་དགོངས་པར་འགྱུར་རོ་ཞེས་པ་ནི་གཉེན ་པོ་ལ། དྲུག་པ་མེད་ན་རྒྱུར་མི་འགྱུར། གཟུགས་ལ་སོགས་པ་ནས་ཇི་སྲིད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་དགོངས་པར་འགྱུར་ཞེས་པའི་ཕྱིར་རྒོལ་བའི་དམིགས་པའི་རྣམ་པར་རྟོག་པ་སྟེ། དབྱེ་བ་འདི་རྣམས་ནི་ཡུམ ་ཆེན་མོར་གསུངས་པ་འདིར་ནི་སྤྱིའི་བརྟགས་པར་ཡང་དག་པར་འཛིན་པ་ཅན་གྱི་རྣམ་པར་རྟོགས་པ་དེའི་གཉེན་པོར་གསུངས་པ་ནི་ཡང་མི་བགྱིད་ཅེས་པ་ལ་སོགས་པ་སྟེ། ཆོས་གང་ཡང་ཞེས་པ་ནི་བདག་དང་བརྟགས་པའི་ཡང ་ལ་ཡུལ་གྱི་ཕུང་པོ་ལ་སོགས་པའོ་ཞུམ་པར་འགྱུར་བ་མ་མཆིས་ཞེས་པ་ནི་དེ་རྣམས་རང་ཉིད་ཀྱིས་མེད་པའི་ཕྱིར་རོ།། གང་གིས་ནི་སེམས་ཀྱིས་ལ། གང་ནི་བྱང་ཆུབ་སེམས་དཔའོ།། འདི་ཉིད་ཀྱི་གཉེན་པོ་གསུངས་པའོ།། མ ་མཆིས་ཞེས་པ་ནི་རྫས་སུ་ཡོད་པའི་སེམས་ཅན་གྱི་ངར་འཛིན་པའི་ཡུལ་ཕུང་པོ་ལ་སོགས་པ་ལ་བྱང་ཆུབ་སེམས་དཔའོ་ཞེས་པ་ནི་བརྟགས་པར་ཡོད་པའི་འཛིན་པའི་རྣམ་པར་རྟོག་པ་བཞིའོ།། འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པ་ལ་སྤྱོད་པས་ཇི་ལྟར་ཤེས་པར་བྱ་བ་དེ་གསུངས་པ་ནི་འོན་ཀྱང་ཞེས་པ་ལ་སོགས་པ་སྟེ། བརྗོད་པ་ནི་གཞུང་ངོ་།། བཤད་པ་ནི་དོན་ནོ།། བསྟན་པ་ནི་ཁྱད་པར་མ་ཡིན་པར་བརྗོད་པའོ།། ཉེ་བར་བསྟན་པ་ནི་སྙིང་པོར་གོསུ ་པའོ།། ཞུམ་པར་མི་འགྱུར་བ་ནི་དམན་པར་མི་འགྱུར་བའོ།། བག་མི་ཚ་བ་དུ་བབས་བག་ཚ་བ་དང་མི་ལྡན་པས་ནི་རྒྱུད་ལ་དུབ་པས་སོ།། ཀུན་ཏུ་མི་ཞུམ་པ་ནི་སེམས་སྨད་ནས་སོ།། ཡང་དག་པར་མི་ཞུམ་པ་ནི་རྒྱུད་དེ་དམན་པས ་ཕྱིར་ཕྱོགས་པར་མི་བྱེད་པ་ནི་ཁ་ཕྱིར་བལྟས་པར་རོ།། བཅོམ་ཞིང་ཕྱིར་ཕྱོགས་པར་མི་བྱེད་པ་ནི་ཡང་ཕྱིར་ཕྱོགས་པར་མི་བྱེད་པའོ།། མི་དངང་བ་ནི་སྐྲག་པ་ལ་ཉེ་བར་ཕྱོགས་པའི་ཕྱིར་རོ།། ཀུན་ཏུ་མི་སྐྲག་པ་ནི་ཡང་དག་པར་མི་སྐྲག ་བས་སོ།། ཀུན་ཏུ་སྐྲག་པ་དང་མི་ལྡན་པ་ནི་དེ་དེ་ཉིད་ཀྱིས་སོ།། གལོ་ཏེ་ཞེས་པ་ལ་སོགས་པ་ནི་ཤིན་ཏུ་ཡང་ཕན་ཡོན་ཆེན་པོར་གསུངས་པ་སྟེ། རྗེས་སུ་འཛིན་ཅེས་པ་ནི་ཁྱད་པར་སྐྱེད་པའོ།། དགོངས་པ་ནི་དྲན་པས་སོ།། མིང ་འདྲུ་ཤེས་པའོ།། རུས་ནི་དྲང་སྲོང་ལ་སོགས་པའོ།། སྟོབས་ནི་ལུས་ཀྱི་སྟོབས་དང་རྫུ་འཕྲུལ་གྱི་སྟོབས་སོ།། བསྔགས་པ་ནི་ཡོངས་སུ་ཁྱད་པར་དུ་འཕགས་པའི་ཡོན་ཏན་ནོ།། གཟུགས་ནཱི་ཁ་དོག་དང་དབྱིབས་སོ།། ཚད་དུ་བརྗོད་པ ་ནི་ཡོན་ཏན་ལ་དགའ་བ་འབྱུང་བས་སོ།། ཆེད་དུ་བརྗོད་པ་ནི་ཆེད་དུ་བརྗོད་པའོ།། ཆགས་པ་ཐམས་ཅད་ཅེས་པ་ནི་ཐམས་ཅད་ལ་ཡང་དག་པ་མ་ཡིན་པའི་ཉེ་བར་དམིགས་པ་རྣམས་སོ།། རང་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཁྱད ་པར་མེད་པའི་གནས་སྐབས་འདོད་ནས། རབ་འབྱོར་གྱིས་གསོལ་པ་ནི་གང་དུ་བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་སྟེ། དེ་བཞིན་ཉིད་ནི་རྣམ་པར་དགྲོལ་བའོ་ཞེས་པ་ནི་དེ་བཞིན་ཉིད་ནི་སྟོང་པ་ཉིད་པས་རྣམ་པར་ཤེས་པ་ལ ་སོགས་པའི་ཆོས་གང་དང་ཡང་བྲལ་བས་དེ་ཉེ་བར་དམིགས་པར་མི་འགྱུར་ལ། འོན་གྱི་རིགས་པ་ནི་དེའི་བདག་ཉིད་ཀྱིས་ཏེ། ཆོས་ཐམས་ཅད་སྒྱུ་མའི་གླང་པོ་ལ་སོགས་པ་རྣམས་བཞིན་ཀུན་རྫོབ་ཀྱི་ངོ་བོ ་རྣམས་ངོ་བོ་ཉིད་མེད་པ་ཉིད་དང་རོ་གཅིག་པའི་ཕྱིར་ལ། ཀུན་ཏུ་སྒྲོ་གཏུགས་པའི་ཆོས་ནི་རྣམ་པ་ཐམས་ཅད་དུ་ཡང་དམིགས་པར་མི་འགྱུར་བའོ།། དེ་ལ་གང་གིས་འདི་ཤེས་པ་ལ་སོགས་པ་ནི་དེ་བཞིན་ཉིད་ནི་རེ་ཞིག་དམིགས་སུ་མེད་དོ། ་ཞེས་པ་སྟེ། དེ་ལ་ངོ་བོ་ཉིད་ཅུང་ཟད་གཟུང་དུ་མེད་པའི་ཕྱིར་རོ།། གང་ཞིག་ཅེས་པ་ནི་བྱང་ཆུབ་སེམས་དཔའ་ལ། མེད་པ་ནི་རྣམ་པར་འཇོམས་པའོ།། བརྩམས་པ་ནི་དབང་དུ་བྱས་པའོ།། ཆོས་གསུངས་པ་ནི་རིགས་པར་སྨྲ་བའོ།། ཆོས ་ཀྱི་ནི་སངས་རྒྱས་ཀྱི་མྱ་ངན་ལས་འདས་པའི་འོ།། ཆོས་ཀྱི་རྗེས་སུ་ནི་མཐུན་པའི་ལམ་མོ།། ཆོས་ཐམས་ཅད་དབེན་པ་ནི་དབེན་པ་སྟེ་སྟོང་པ་ཉིད་ལ་དེ་གནས་པ་ནི་ཏིང་ངེ་འཛིན་ཏོ།། ཆོས་ཐམས་ཅད་ནི་དམིགས་པ་མེད་པ་སྟེ་དེ་ལ ་གནས་པའི་སྙིང་པོ་ལ་སོགས་པའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།། །། མཐོང་བའི་ལམ་ལ་སོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ནི་ངེས་པར་བྱང་ཆུབ་པར་ཐོབ་པ་པོར་རིག་པས་དེ་ཡཱིས་དེ ་ལ་དེ་ལྟར་གྱུར་པའི་རྒྱུ་གསུམ་གྱི་དབང་དུ་བྱས་ནོས་བསྟན་བཅོས་ལས། བྱང་ཆུབ་གཞན་ལ་ཀུན་སྟོན་དང་།། དེ་ཡི་རྒྱུ་ནི་ཡོངས་སུ་གཏོད་དང་།། དེ་ཐོབ་པར་ཚོད་མེད་པའི་རྒྱུ།། བསོད་ནམས་མང་པོའི་མཚན་ཉིད་དོ།། ཞེས་ཏེ། དེ་ཡི་བྱང ་ཆུབ་ནི་ཇི་སྐད་བཤད་པ་ན་གནས་པ་ཐོབ་སྟེ། དེའི་རྗེས་ལ་མེད་ན་མི་འབྱུང་བའི་ཤེས་པར་བྱེད་པའི་གཏན་ཚིག་རྣམ་པ་གསུམ་སྟེ། གཞན་ལ་ཡང་དག་པར་སྟོན་པ་དང་། བྱང་ཆུབ་ཏུ་ལུང་བསྟན་པ་དང་། འབྱུང་བ་རྣམས་ཀྱི་བྱུང ་ཆུབ་ཀྱི་རྒྱུར་ཡོངས་སུ་གཏད་པས་བསོད་ནམས་མང་པོའི་ཞེས་པ་སྟེ། འདིར་མདོ་ལས་དེ་ནས་ཞེས་པ་ལ་སོགས་པ་སྟེ། མེ་ཏོག་བཀྲམ་པ་ཞེས་བྱ་བར་ལུང་བསྟན་པས་གཞོན་དུ་འདིར་ཁྱད་པར་དུ་འཕགས་པའི་འཇིག་རྟེན་གྱི ་ཁམས་ཞེས་པ་མཚོན་ཏེ། འཇིག་རྟེན་གྱི་ཁམས་རྒྱས་པར་བཤད་ནས། ཚེ་དང་དམ་པའི་ཆོས་དག་ནི་ངེས་པའི་ཕྱིར་རོ།། གནས་པར་བྱེད་པ་ཞེས་པ་ནི་རང་བཞིན་དེས་གནས་པར་བྱང་ཆུབ་ཐོབ་པ་ནི་རྒྱུ་དང་པོའོ།། གང་ཡང ་ཞེས་པ་ལ་སོགས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་རྣམས་ཀྱིས་ཡོན་ཏན་གསུམ་པོའོ།། གང་ཡང་འདི་རྣམས་ལ་ཞེས་པ་ལ་སོགས་པས་ནི། གང་འདི་ཐོས་པ་ཉིད་ན་སོ་སོར་སྤོང་བར་མི་བྱེད་པ་དེ་རྣམས་ཀྱི་ཡོན་ཏན ་གསུངས་པ་ནི་སློད་པཱམྦི་བྱེད་པ་ནི་ཡིད་ཀྱིས་སྨོད་པར་རོ།། འགལ་བར་མི་བྱེད་པ་ནི་ཡིད་ཀྱི་གཏོང་པར་རོ།། འཁྲུགས་པར་ནི་དེ་ཉིད་ལ་འཁྲུགས་པར་རོ།། འཇིག་པར་མི་བྱེད་པ་ནི་སྦས་ནས་བཞག་པའོ།། སྤོང་བར་མི་བྱེད ་པ་ནི་སྙིང་པོ་མེད་པ་ཉིད་དུ་བསྒྲགས་པས་སོ།། འགོག་པར་མི་བྱེད་པའི་ཡང་དག་པ་མ་ཡིན་པཱཥྚི་ཚིག་བརྗོད་པས་སོ།། དེ་ལ་དམིགས་པ་བདུན་པའོ།། ཡོངས་སུ་བཏང་པ་ནི་གཉེར་གཏད་པའོ།། རྗེས་སུ་གཏད་པ་ནི་དེ་ཉིད ་རྗེས་སུ་འབྲང་བ་ཅན་གྱིས་ཏེ། རྗེས་སུ་ཡོངས་སུ་གཏད་པའོ།། ཡི་གེ་ཀུན་ཏུ་འདུས་པ་ནི་ཡི་གེའི་ཚོགས་སོ།། གལ་ཏེ་ཞེས་པ་ལ་སོགས་པ་ནི་གླེང་བསླང་བའོ།། དེ་བས་ན་ཞེས་པ་ལ་སོགས་པས་ནི་གཏད་པ ་གཉིས་པའོ།། ཆུད་གཟན་པར་བྱས་པ་ནི་སྟོན་པར་བྱས་པའོ།། མྱུར་དུ་དྲན་པ་མེད་པ་ནི་བཏང་བའོ།། དྲན་པར་མ་ནུས་པའི་ཕྱིར་བརྗོད་པའོ།། ཉེས་པ་ནི་ཉེས་པར་བྱེད་པར་རོ།། བསྙེན་བཀུར་བྱས་པ་དང་ཀུན་ཏུ་དགའ་བར་བྱས་པ་ནི ་མགུ་བའོ།། ཡུན་ནི་ས་བོན་བསྐྱེད་པའི་ཕྱིར་རོ།། སྐྱེད་པར་བྱེད་ནི་ས་བོན་རྒྱས་པར་བྱེད་པས་སོ།། འབྱིན་པ་ནི་སྐྱེད་པར་བྱིང་པའི་ཕྱིར་རོ།། གཟུང་བར་བྱ་ཞེས་པ་ལ་སོགས་པ་ནི་གླེང་བསླང་བ་ལ། དེ་ལྟས་ན་ཞེས་པ་ལ་སོགས་པ་ནི་གཏད ་པ་གསུམ་པའོ།། ཤིན་ཏུ་རིགས་པ་ནི་ལོགས་པར་གཏོན་པོའོ།། ཆོས་ཀྱི་སྐུ་ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཆོས་ཀྱི་སྐུ་སྟེ་འང་དག་ལོ་བསྙེན་བཀུ་ལ་སོགས་པ་བྱའོ།། སྦྱིན་པར་བྱ་བ་ནི་མེ་ཏོག་ལ་སོགས་པའོ།། བསྟན། ་པར་བྱ་བ་ནི་བསོད་ནམས་འདོད་པས་སོ།། རེག་པར་གནས་པ་ནི་དེ་ཉིད་མངོན་སུམ་དུ་གྱུར་པས་སོ།། ཡོན་ཏན་དང་ལྡན་པ་ཞེས་པ་ནི་དག་པ་ལ་སོགས་པ་རྣམས་ཀྱིའོ།། བསྐལ་པ་འམོ་དེ་པས་ལྷོག་པ་ནི་གལ་ཏེ་མང་བར་འདོད་པར ་གྱུར་པའོ།། གང་ཡང་ཞེས་པ་ལ་སོགས་པས་ནི་གླེང་བསླང་བ་ལ། དེ་བས་ན་ཞེས་པ་ལ་སོགས་པས་ནི་གཏད་པ་བཞི་པ་སྟེ། ལན་བཞིར་ཞེས་པས་ནི་བརྗོད་པར་བྱ་བ་གཉིས་པ་ཅན་དུ་བརྗོད་པར་བྱ་བ་ཅན་དུ་བརྗོད་ལ། གསུངས།། ་པ་རྣམས་ནི་གསུངས་པ་ཐུན་མོང་གཅིག་ཏུ་བྱས་པའོ།། ཡོངས་སུ་སྨིན་པར་བྱ་བ་དང་ཡོངས་སུ་གཏད་པར་བྱ་བ་དང་ཀུན་ཏུ་གཏད་པ་དག་ནི་དོན་གཅིག་གོ། དེ་ལྟར་རྣམ་པར་བཞིར་ཡོངས་སུ་གཏད་པར་ནི་རྒྱུ་གཉིས་པ་ལ། ཀུན་དགའ ་བོཔོ་འདི་དག་ཅེས་པ་ལ་སོགས་པ་ནི་གླེང་བསླང་བ་ལ། དུས་ཀྱི་མཐའི་སྐད་ཅིག་མོ་བཱརྒྱ་ཉི་ཤུ་ལ་དེའི་སྐད་སྡིག་གོ། སྐད་ཅིག་མ་དེ་དྲུག་ཅུ་ལ་ཐང་ཅིག་གོ།། ཐང་ཅིག་སུམ་ཅུ་ལ་ཡུད་ཙམ་དང་ཆུ་ཚོད་དང་དབྱུག་གུམྦྷ་དེ་ལྟར་བསོད་ནམས ་མང་དུ་སྐྱེད་པ་ནི་རྒྱུ་གསུམ་པའོ།། དེ་ནས་ཞེས་པ་ལ་སོགས་པ་སྟེ། རྒྱུ་མཚོ་ལྟ་བུ་ནི་རྒྱ་ཆེན་པོར་འགྲོ་བའི་ཕྱིར་རོ།། ཟབ་མོ་ཉིད་ནི་བསམ་གཏན་གྱི་ཕུན་སུམ་ཚོགས་པའོ།། མི་བསྐྱོད་པ་ཉིད་ནི་ཤེས་རབ་ཀྱི་ཕུན་སུམ་ཚོགས་པའོ།། ་ཆགས་པོ་མེད་པ་ཞེས་པ་ནི་དམིགས་པ་མེད་པ་ཉིད་དམ། ཐོགས་པ་མེད་པའི་ཡེ་ཤེས་ཉིད་དོ།། ཚད་མོད་པ་ནི་རྒྱུ་ཆེན་པོའོ།། ཉེས་པཟང་པ་ནི་དུས་ཀྱིཉེས་པ་ཟད་པའོ།། མཐའ་རྣོ་གྲངས་ངེས་པའོ།། ཚང་ཆང་བ་ནི་ཚད་ཀྱིས་ཡོངས།། ་སུ་བཅུད་པའོ།། གཞལ་དུ་མེད་པའི་ཕྱིར་ནི་དམིགས་སུ་མེད་པས་སོ།། ཟད་པ་ནི་ཕྲི་བའོ།། ཡོངས་སུ་ཟད་པ་ནི་དངོས་པོའོ།། ནམ་མཁའ་ཟད་པ་མེད་པའི་ཕྱིར་རོ།། ཞེས་པ་ནི་དམིགས་པ་མེད་པ་ན་མཁའ་བཞིན་དུ་ཟད་པ་མེད་པའི ་ཕྱིར་རོ།། གང་དུ་ཐམས་ཅད་ཅེས་པ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པ་དེས་ན་དེ་རྣམས་དམིགས་པ་མེད་པའི་མཚན་ཉིད་ཅན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ན་མཁའ་བཞིན་དུ་ཟད་པ་མེད་དོ་ཞེས་པའོ།། མངོན་པར་སྒྲུབ ་པར་བྱ་བ་ནི་མངོན་སུམ་དུ་བྱ་བའོ།། གཟུགས་ལ་སོགས་པ་རྣམས་ཟད་པ་མེད་པ་ཉིད་ཀྱིས་ཞེས་པ་ནི་མ་སྐྱེས་པས་སོ།། དེ་ལྟར་ཞེས་པ་ལ་སོགས་པ་སྟེ། མཐའ་གཉིས་ནི་སྐྱེ་བ་དང་འཇིག་པའོ།། བར་དུ་སྐྱེས ་གནས་པའོ།། མ་འདྲེས་པ་ནི་གཞན་དག་དང་ཐུན་མོང་མ་ཡིན་པའོ།། ཆོས་ཅུང་ཟད་ཀྱང་མེད་ཅེས་པ་ནི་ཕུང་པོ་རྣམས་ཀྱིས་ཀུན་ཏུ་བསྡུས་པ་རྣམས་སོ།། ཇི་ལྟར་ཞེས་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བར་མཐོང་བས་སོ་རྟག་པ་ནི་ཐོག་མ་དང ་ཕ་མ་མེད་པའོ།། བརྟན་པ་ནི་གནས་པ་སྟེ། མ་སྐྱེས་ཤིང་རྟག་ཏུ་མི་འཇིགས་པའི་ཕྱིར་རོ།། རྟག་པ་ནི་ཐམས་མེད་ཅིང་སྐྱེས་ནས་ཡོད་པའོ།། ཡོངས་སུ་འགྱུར་བ་མེད་པ་ནི་ཆོས་ཅན་སྣང་བ་དང་མི་སྣང་བའི་ངོ་བློ་རྣམ་པར་ལྡོག་པ་མེད ་པའི་ཕྱི།། བྱེད་པ་པོ་དང་ཚེ་རཱ་པ་པོ་ཉིད་ཅེས་པ་ནི་འཛིན་པ་འི་འཛིན་པ་མེད་པའི་ཕྱིར་རོ།། འདི་རྣམས་ཀྱིས་བྱང་ཆུབ་བརྗོད་དེ། འདིར་བསྟན་བཅོས་ལས། དྲི་མ་ཟུང་དང་མི་སྐྱེ་བའི།། ཡེ་ཤེས་བྱང་ཆུབ་ཅེས་བརྗོད་དེ།། ཟད་མེད ་སྐྱེ་མཽད་ཕྱིར་དེ་དག། གོ་རིམ་བཞིན་དུ་ཤེས་པར་བྱ།། ཞེས་ཏེ་དྲི་མ་ནི་ཉོན་མོངས་པ་རྣམ་པར་རྟོག་པ་ལ།། ཟད་པ་ནི་ཤིན་ཏུ་མེད་པ་སྟེ།། ཡེ་ཤེས་ནི་ཟད་པ་ཤེས་པའོ།། མི་སྐྱེ་བོའི་ཡེ་ཤེས་ནི་གཏན་དུ་བོ་ཉིད་ཀྱིས་མི་སྐྱེ་བའི་ཡེ་ཤེས ་ལོ། བྱང་ཆུབ་ཀྱི་མཚན་ཉིད་ནི་གཞན་མི་སྲིད་པས་འདི་ཉིད་མཚན་ཉིད་དུ་གསུངས་ལ། མཐོང་བའི་ལམ་གྱིས་ཟད་པའི་རྣམ་པར་རྟོག་པ་རྣམས་ལ་ཟད་པ་དང་མི་སྐྱེ་བ་རྣམ་པོར་མཐོང་བའི་དོན་ཏེ།། ད་ལྟར་ཡང་བསྟན་བཅོས་ལས།། ་འགག་པ་མེད་པའི་རང་བཞིན་ལ།། མཐོང་ཞེས་བྱ་བའི་ལམ་གྱིས་ནི།། རྣམ་པར་རྟོག་རིགས་ཅི་ཞིག་ཟད།། སྐྱེ་མེད་རྣམ་པ་ཅི་ཞིག་ཐོབ་ཅེས་ཏེ་རྣམ་པར་རྟོག་པ་རྣམས་ཀྱིས་རང་བཞིན་གྱིས་དེ་བཞིན་ཉིད་ལ་གང་ན་ཡང་ཟད་པ་འམ་སྐྱེ་བར་འགྱུར།། ་བ་མེད་ལ། རིགས་ཉིད་ནི་རིགཱ་སྭཱ་ཏེ་བྱེ་བྲག་གོ།། དེ་ལ་ནི་རྣམ་པར་རྟོག་པ་སྐྱེ་བ་ཅུང་ཟད་མེད་ཅེས་པ་ལ་སོགས་པ་སྟེ། དེ་ལྟར་ཡང་ཆོས་ཐམས་ཅད་རང་བཞིན་གྱིས་ངོ་བོ་ཉིད་མེད་པ་ཉིད་དོ།། དེ་ལ་བདེན་པར་ཡོད་པ་ཉིད་འདོར་མྱེད་པས། ་ཅི་ཞིག་ཟད་ལ། ཀུན་རྫོབ་ཏུ་ནི་སྒྲིབ་པ་དང་བཅས་པའི་རྒྱུ་ཟད་ཅིང་ཡང་སྐྱོ་བ་མེད་པར་ཉེ་བར་བསྟན་པའོ།། གང་ཞིག་གིས་གཟུང་བ་དང་འཛིན་པའི་རྣམ་པ་མེད་པའི་གཉིས་སུ་མེད་པའོ།། རང་རིག་དོན་དམ་པ་ལ་ཡོད་ཅེས་མངོན་པར ་ཞན་པར་བྱེད་པ་དང་། གང་ཡང་ཕུང་པོ་ལྔ་རྣམས་དེན་པོ་ར་ཡོད་པར་ཡོད་ཅེས་པ་དེའི་དབང་དུ་བྱས་ནས་བསྟན་བཅོས་ལས་ཆོས་རྣམས་ཀྱང་ཡོད་ཅེས་བྱ་དང་།། ཤེས་བྱ་བ་ལ་ཡང་སྟོན་པ་ཡིས།། སྒྲིབ་པ་ཟད་པར་འདོད་པ་ཡི།། ། ་སྟོན་པས་གཞན་དུ་བརྗོད་པ་གང་།། འདི་ལ་ཁོ་བོས་མཚར་དུ་བརྩིས།། འདི་ལ་བསལ་བ་གང་ཡང་མེད།། གཞག་པར་བྱ་བ་ཅུང་ཟིང་མེད།། ཡང་དག་ཉིད་ལ་ཡང་དག་ལྟོ།། ཡང་དག་མཐོང་ན་རྣམ་པར་གྲོལ་ཅེས་ཏེ།། ཞེས་བྱ་བ ་དང་སྒྲ་ཡིས་རྣམ་པར་སྤྱོད་པའོ།། དངོས་པོ་ལ་མངོན་པར་ཞེན་པ་མ་སྤངས་པས་ཀྱང་ཤེས་བྱའི་སྒྲིབ་པ་སྤོང་ཞེས་པ་ནི་ངོ་མཚོར་བ་སྟེ། མི་མཐུན་པའི་ཕྱོགས་དང་གཉེན་པོ་དག་སྦྱོར་བ་མེད་པའི་ཕྱིར་རོ།། འདི་ལ་བཞག་པ་ཅུང་ཟད ་མེད་པ་ནི་ཆོས་རྣམས་ཐམས་ཅད་རང་བཞིན་གྱིས་མེད་པའི་ཕྱིར་རོ།། བསལ་བར་བྱ་བ་ཅུང་ཟད་མེད་པ་ནི་དེ་རྣམས་ངོ་བོ་ཉིད་མེད་པས་སྟོང་པ་ཉིད་དེ།། ཐོག་མ་དང་ཐ་མ་མེད་པའི་ཕྱིར་རོ།། དེ་རྣམས་ངོ་བོ་ཉིད་མེད ་བ་ཉིད་ཀྱིས་ཇི་ལྟ་བའི་ཡང་དག་པ་ལ། ཡང་དག་པ་ཉིད་ཀྱིས་བལྟ་བར་བྱ་སྟེ། གང་དུ་ཡང་དག་པ་མཐོན་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ལས་རྣམ་པར་གྲོལ་བར་འགྱུར་བའོ།། དེའི་ཕྱིར་ན་ཡང་དགོ་བ་མ་ཡིན་པའི་ཆོས་རྣམས ་མཐོང་བ་ནི་མི་མཐུན་པའི་ཕྱོགས་སོ།། དེ་རྣམས་ངོ་བོ་ཉིད་མེད་པ་ཉིད་མཐོང་བ་ནི་གཉེན་པོའོ།། དེ་ལྟར་ནི་སྒྱུ་མའི་གླང་པོས་གཞན་སྒྱུ་མའི་གླང་པོ་ལས་རྒྱལ་བཞིན་ཕྱིན་ཅི་ལོག་བཟློག་ནས་དེ་ཁོ་ན་མཐོང་བ་ཅན་ནོ།། དེ་ལྟ་བས་ན་ཞེས་པ ་ལ་སོགས་པ་སྟེ། བྱང་ཆུབ་དང་དེ་ཐོབ་པའི་རྒྱུ་ཡང་ཞར་ལ་བཤད་ལ། རང་བཞིན་ནི་མཐོང་བའི་ལམ་གྱི་མཐོང་བས་སྤང་བར་བྱ་བའི་རྣམ་པར་རྟོག་པ་རྣམས་སྤོང་ལ། དེའི་ཕྱིར་ནི་མཐོང་བའི་དུས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ན ་ནི་མཐོང་བའི་ལམ་གྱི་བདག་ཉིད་ཅན་ལ་སྤྱོད་པར་བྱའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་ཞེས་པ་ལ་སོགས་པ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པས་ཡོངས་སུ་རྫོགས་པར་འགྱུར་ཞེས་པ་དང་འབྲེལ་ཏོ།། ཐམས་ཅད་ཅེས་པ ་ནི་རེ་རེ་ལ་ཚོགས་རྣམས་ཏེ། བདེན་པོ་རེ་རེས་ཀྱང་དྲུག་པོ་ཡང་དག་པར་བསྔོས་པས་སོ།། ཞེས་པ་ལ་དགོངས་པའོ།། འདིར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཉིད་ནི་དྲུག་ཅར་མཐོང་བའི་ལམ་སྟེ། འདི་ཡི་མཚན་ཙམ་བཅོམ་ལྡན་འདས ་མ་འདིར་བཤད་ལ། ཡུམ་ཆེན་མོ་ནི་རྒྱ་ཆེན་པོས་ཐམས་ཅད་བསྡུས་པ་སྟེ། འདིར་བསྟན་བཅོས་ལས། སྦྱིན་པ་ལ་སོགས་རེ་རེས་ཀྱང་།། གང་ཞིག་དེ་རྣམས་གཅིག་བསྡུས་པ།། སྐད་ཅིག་གཅིག་པའི་བཟོད་པ་ཡིས།། བསྡུས་པ་དེ ་འདིར་མཐོང་བའི་ལམ་ཞེས་ཏེ། གཅིག་ཉིད་ནི་གཅིག་གཅིག་སྟེ། དེའི་སྦྱིན་པ་ལ་སོགས་པ་དྲུག་པོའི་དངོས་པོ་གཅིག་གཅིག་ལ། སྦྱིན་པ་ལ་སོགས་པ་དྲུག་པོ་རྣམས་ཀྱིས་ཏེ། རང་ཉིད་ལས་གཞན་པ་ལྔ་པོ་རྣམས་ཀྱིས་ཕན ་ཚུན་གཅིག་གཅིག་གིས་བསྡུས་ནས་ཉེ་བར་གནས་པ་ནི་འདིར་རྩེ་མོའི་མངོན་པར་རྟོག་པའི་མཐོང་བའི་ལམ་གྱི་ལམ་ལ་ཆོས་ཤེས་པའི་བཟོད་པས་སྡུས་པ་ནི་སྐད་ཅིག་མ་གཅིག་གི་སྟེ། བཅུ་དྲུག་རྣམས་མ་ཡིན་པ་སྟེ། གང ་གཡུམ་པར་མ་ལས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་པ་ནས་ཇི་སྲིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་གནས་པ་ཞེས་པ་ལ་སོགས་པ་གསུངས་སོ།། ངའི་ཕྱིར་ན་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་བའི་བསྡུས་པ ་པོ་ཞེས་སྨྲ་བའི་སྟེང་གེ་བཟང་པོ་ལ་གནོད་པ་ཆེན་པོ་སྟེ། འདིར་ནི་ཆོས་ཤེས་པའི་བཟོད་པའི་གནས་སྐབས་ཀྱི་འདོད་པའི་ཁམས་པའི་ཉོན་མོངས་པའི་བྱེ་བྲག་གང་ཞིག་རྣམས་ནི་མ་ཡིན་ཏེ། དེའི་བག་ཆགས་རྣམས་ཀྱང ་སྔ་ནས་སྤངས་པའི་ཕྱིར་རོ།། རྣམ་པར་རྟོག་པ་མེད་པའི་གནས་སྐབས་འདིར་ཐུགས་རྗེ་ཆེན་པོ་ལ་སོགས་པ་མངོན་སུམ་དུ་གྱུར་ནས་སེམས་ཅན་གྱིས་དོན་ཡང་དག་པར་སྒྲུབ་པར་བྱེད་པའི་མཐོང་བའི་ལམ་གྱི་རྟོགས་པར ་འགྱུར་བ་ནི་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ། སྒོམ་པའི་ལམ་དུ་ཐོད་རྒྱལ་གྱི་ཏིང་ངེ་འཛིན་ཏེ་དེ་དྲག་བརྗོད་པར་འདོད་ནས་གསུངས་པ་ནི། ཐམས་ཅད་ཀྱང་ཞེས་པ་ལ་སོགས་པ ་སྟེ། ཐབས་ལ་མཁས་པ་ཞེས་པ་ནི་ཐབས་ལ་མཁས་པ་སྟེ། དེ་ལ་བརྟན་པའི་ཕྱིར་ཐབས་ཏྭ་སེང་གེའི་རྣམ་པར་བསྒྱིངས་པ་དང་ཐོང་རྒལ་གྱི་ཏིང་ངེ་འཛིན་ནོ།། མཁས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ལུགས་ལས་འབྱུང ་བདང་ལུགས་ལ་བཟློག་པ་ལས་རྣམ་པར་བལྟ་བ་སྟེ། མ་རིག་པའི་རྐྱེན་གྱིས་འོདུ་བྱེད་ཞེས་པ་ནས་ཇི་སྲིད་དུ་སྐྱོ་བའི་རྐྱེན་གྱིས་རྒ་ཤི་དང་མྱ་ངན་དང་སྡུག་བསྔལ་དང་ཡིད་མི་བདེ་བ་དང་འཁྲུགས་པ་རྣམས་འབྱུང་བར་འགྱུར། ་ཞེས་པ་ནི་ལུགས་ལས་བྱུང་བ་ལ། མ་རིག་པ་འགགས་པས་འདུ་བྱིང་འགགས་ཞེས་པ་ནས་ཇི་སྲིད་དུ་སྐྱེ་བ་ལ་སོགས་པ་འགགས་པར་འགྱུར་བ་ནི་ལུགས་ལས་བཟློག་པའོ།། དེ་ལ་བསམ་གཏན་དང་པོ་ནས་ཇི་སྲིད་དུ ་འགོག་པའི་སྙོམས་པར་འཇུག་པའི་བར་གྱི་དགུ་ལས་ལུགས་འབྱུང་བས་སྙོམས་པར་འཇུག་པར་འགྱུ་འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས་འདུ་ཤེས་མེད་མིན་གྱི་སྐྱེ་མཚད་ནས་ཇི་སྲིད་དུ་བསམ་གཏན ་དང་པོ་དང་དགུ་པ་ལུགས་ལས་བཟློག་པས་སྙོམས་པར་འཇུག་པ་ཞེས་པ་ནི་སེང་གེ་རྣམ་པར་བསྒྱིངས་པའི་ཏིངངེ་འཛིན་ལ། ཐོད་རྒལ་གྱི་ཏིང་ངེ་འཛིན་ནི་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་ནས་གཉིས་པ་དང་གསུམ་པ ་དང་བཞི་པ་དང་ན་མཁའ་མཐའ་ཡས་སྐྱེ་མཚད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་།། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང་། འགོག་པའི་སྙོམས་པར་འཇུག་པ་ལའོ།། དེ་ལས ་ལངས་ནས་བསམ་གཏན་དང་པོ་ལ། དེ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་དང་། བསམ་གཏན་གཉིས་པོ་དང་། འགོག་པ་དང་། བསམ་གཏན་གསུམ་པ་དང་། འགོག་པ་དང་། བསམ་གཏན་བཞི་པ་དང་། འགོག་པ་དང་། ན་མཁའ།། ་མཐའ་ཡས་སྐྱེ་མཆེད་དང་། འགག་པ་ལ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། འགོག་པ་ལ་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འགོག་པ་ལ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང་འགོག་པ་ལའོ།། དེ། ་ལས་ལངས་ནས་མཉམ་པར་མ་བཞག་པའི་སེམས་ལའོ།། དེ་ལས་འགོག་པ་ལས་སྙོམས་པར་འཇུག་གོ། དེ་ལས་ལངས་ནས་མཉམ་པར་མ་བཞག་པའི་སེམས་ལ་གནས་སོ།། དེ་ལས་ལངས་ནས་འདུ་ཤེས་མེད་མིན་སྐྱེ་མཆེད་ལའོ།། ་དེ་ལས་མཉམ་པར་མ་བཞག་པ་ལའོ།། དེ་ནས་ཅུང་ཟད་མེད་པའི་སྐྱེ་མཆེད་ལའོ།། དེ་ལས་མཉམ་པར་མ་བཞག་པ་ལའོ།། དེ་ལས་ལངས་ནས་རྣམ་ཤས་མཐའ་ཡས་སྐྱེ་མཚད་ལའོ།། དེ་ལས་མཉམ་པར་མ་བཞག་པ་ལའོ།། དེ ་ལས་ན་མཁའ་མཐའ་ཡས་སྐྱེ་མཆེད་ལའོ།། དེ་ལས་མཉམ་པར་མ་བཞག་པ་ལའོ།། དེ་ལས་བསམ་གཏན་བཞི་པ་ལའོ།། དེ་ལས་མཉམ་པར་མ་བཞག་པ་ལའོ།། དེ་ལས་བསམ་གཏན་གསུམ་པ་ལའོ།། དེ་ལས་མཉམ་པར་མ ་བཞག་པ་ལའོ།། ང་ལས་བསམ་གཏན་གཉིས་པ་ལའོ།། དེ་ལས་མཉམ་པར་མ་བཞག་པ་ལའོ།། དེ་ལས་བསམ་གཏན་དང་པོ་ལའོ།། དེ་ལས་མཉམ་པར་མ་བཞག་པ་ལའོ།། དེ་ལ་དང་པོ་ནས་འགྲོ་བ་ནས་གནས་རྒྱུ ་ལ་གཉིས་པ་ལ་བཅུ་བདུན་འོང་བ་ལ་བཅོ་བརྒྱད་དེ། འཕགས་པའི་དགོངས་པ་འདི་ལས་གཞན་དུ་སེང་གེ་བཟང་པོས་རྣམ་པར་བཞག་པ་ནི་རིགས་པ་མ་ཡིན་ཏེ། དེ་ལ་བསྟན་བཅོས་ལས། དེ་ནས་སེང་གེ་རྣམ་བསྒྱིངས་པའི།། ཏིང་ངེ་འཛིན་ལ ་སྙོམས་ཞུགས་ནས།། རྟོན་ཅིང་འབྲེལ་འབྱུང་བ་ལུགས་མཐུན་དང་།། ལུགས་ནི་མཐུན་ལ་རྟོགས་པར་བྱེད།། འགོག་དང་བཅས་པའི་སྙོམས་འཇུག་དགུ། རྣམ་པ་གཉིས་སུ་སོང་འོངས་ནས།། འདོད་པར་གཏོགས་པའི་རྣམ་པར་ཤེས ་མཉམ་གཞག་མིན་པའི་མཚམས་བཟུང་ནས།། ཐོད་རྒལ་དུ་ནི་སྙོམས་འཇུག་པས།། གཅིག་དང་གཉིས་གསུམ་བཞི་དང་ལྔ།། དྲུག་དང་བདུན་དང་བརྒྱད་བརྒལ་ནས།། འགོག་པའི་བར་དུ་མི་མཉམ་འགྲོ། ཞེས་ཏེ། དང་པོ་ནས ་འགོག་པའི་སྙོམས་པར་འཇུག་པ་དགུ་ལ་རིམ་གྱིས་སོང་ནས།། ཡང་གཅིག་ལ་སོགས་པར་རིམ་པ་ལས་བཟློག་ནས་འགོག་པ་དང་བཅས་པར་བྱས་ཤིང་། ཅིག་ཤོས་བརྒྱད་པོ་ལ་བགྲོད་པ་སྟེ། རྣམ་པ་གཉིས་ཀྱིས་འགྲོ་བའོ།། དེ་རྗེས ་ལ་འདོད་པ་ནི་ཀུན་ཏུ་སྤྱོད་པའི་མཉམ་པར་མ་བཞག་པའི་མཚམས་སུ་བགྲོད་བྱར་བྱས་ནས་འོང་བར་བྱེད་པ་ནི་མི་འདྲ་བར་འགྲོ་ཞེས་པ་སྟེ། མཉམ་པར་མ་བཞག་པ་ལས་མཉམ་པར་བཞག་པ་ལ་མཉམ་པར་བཞག་པ་ལས་ཡང ་མཉམ་པར་མ་བཞག་པས་སོ་ཞེས་པའི་དོན་ཏེ། ཐོད་རྒལ་གྱི་སྙོམས་པར་འཇུག་པའི་ཏིང་ངེ་འཛིན་གྱི་ཇི་ལྟར་ན་མཉམ་པར་མ་བཞག་པའི་སེམས་སྙོམས་པར་འཇུག་པ་ན་སྙོམས་པར་འཇུག་པ་ལས་འཕོས་པས་ཉེ་བར་བརྟག་བཱི ་ས་པས་འགལ་བ་མེད་དོ།། གང་ཡང་བྱང་ཆུབ་སེམས་དཔའ་བསམ་གཏན་དང་གཟུགས་མེད་པ་ལ་སྙོམས་པར་འཇུག་པར་འགྱུར་བ་ནི་དེ་ལ་མངོན་པར་དགའ་བའི་གནས་མ་ཡིན་པས་དེས་ཀུན་ནས་ཉོན་མོངས་པར་འགྱུར་བ་མེད ་པའི་ཕྱིར་ལ། ཅུང་ཞིག་བསམ་གཏན་གྱི་བདེ་བས་ང་རྒྱལ་བའི་སེམས་ཅན་གྱི་དབང་དུ་བྱེད་ལ། གཟུགས་མེད་པར་ནི་ཐར་པར་མངོན་པར་རློམ་པ་ཅན་གྱིའོ་ཞེས་པ་ནི་རྩེ་མོའི་མངོན་པར་རྟོགས་པའི་བསྒོམ་པའི་ལམ་མོ།། དེ་ཡོངས ་སུ་རྫོགས་པར་འགྱུར་བ་ནི་གལ་ཏེ་སྒོམ་པས་སྤང་བར་བྱ་བའི་རྣམ་པར་རྟོག་པ་དགུ་ཚུན་བཞི་ཟད་པར་འགྱུར་པ་སྟེ། དེ་རྣམས་ཀྱི་གཉེན་པོ་ཡུམ་ཆེན་མོ་ལས་གསུངས་པ་ནི། འདིར་ཤུགས་ཀྱིས་རྟོགས་པར་འགྱུར་ལ། དེར་གསུངས། ་པ་མདོར་བསྡུས་ནས་བཤད་པར་བྱ་སྟེ། དེ་ལ་ཐོག་མའི་རྣམ་པར་རྟོག་པ་དགུ་པོའི་དབང་དུ་བྱས་ནས་བསྟན་བཅོས་ལས། མདོར་བསྡུས་རྒྱས་དང་སངས་རྒྱས་ཀྱིས།། བསྟང་བས་ཡོངས་སུ་མ་བཟུང་དང་།། དུས་གསུམ་ཡོན ་ཏན་མེད་པ་དང་།། ལེགས་པའི་ལམ་ནི་རྣམ་གསུམ་ལ།། བཟུང་བའི་རྣམ་རྟོག་འདི་གཅིག་སྷོ།། སྦྱོར་བའི་རྣམ་པའི་སྤྱོད་ཡུལ་ཅན།། ཞེས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྦྱོར་བའི་ཁྱད་པར་ཅན་གྱི་ཡུལ་དུ་རྣམ་པར་རྟོག ་པ་ནི་ཀུན་ཏུ་རྨོངས་པའོ།། རྒྱུས་ཞེས་གསུངས་པ་ནི་ཐོག་མའི་ཤེས་བྱ་ལ་འཇུག་པའི་དོར་ཡིན་པས་གཞན་དུ་གསུངས་པ་ནི་རྒྱ་ཆེ་བ་ནི་རྒྱ་ཚུལ་རྨོངས་པའི་རྣམ་པར་རྟོག་པ་སྟེ། དེའི་གཅན་པོར་ནི་བྱང་ཆུབ་སེམས ་དཔའ་མང་པོ་ལ་བསླབ་པར་མི་བྱ་བ་སྟེ། སྦྱིན་ལ་སོགས་པ་ནས་ཇི་སྤྲིང་དུ་སྟོབས་ལ་སོགས་པ་རྣམས་ལའོ་ཞེས་པའོ།། མདོར་བསྡུས་པ་ལ་རྨོངས་པ་ནི་མདོར་བསྡུས་པའི་རྣམ་པར་རྟོག་པ་སྟེ། ངའི་གཉེན་པོར་ནི་གང་ལ་ཡང་སློབ ་པར་བྱ་བ་མེད་ཅེས་པ་སྟེ། མང་པོ་རྣམས་ཀྱང་དེ་རྣམས་རྟོགས་སྟོང་པ་ཉིད་དང་རི་གཅིག་པའི་ཕྱིར་ངོ་བོ་ཉིད་གཅིག་པ་ཉིད་དོ།། རྫོགས་སངས་རྒྱས་རྣམས་ཀྱིས་བསྟན་པ་ནི་གང་ཡོངས་སུ་མ་བཟུང་བ་ལ་དུ་མེད་པ་ནི་རྣམ་པར་རྟོག་པ ་སྟེ། དེའི་གཉེན་པོ་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ཉིད་ཀྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས་ཇི་སྲིད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པར་འགྱུར་ལ། དེས་འདི་ལྟར་ཤེས་པར་བྱ་སྟེ། ཕྱོགས ་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་བསྟད་པས་བདག་ཡོངས་སུ་མ་བཟུང་བ་སྟེ། རང་གི་ཡུམ་ལོ་དེ་རྣམས་ཀྱིས་བཀའ་དྲིན་གཟོ་བར་བྱེད་དོ་ཞེས་པའོ།། ཡོན་ཏན་ནི་བསྔགས་པ་ལ། དེ་མེད་པ་ནི་སྦྱོར་བ་དང་མཐོང་བ་དང ་བསྒོམ་པའི་དུས་སུ་གྱུར་པའི་ཕྱིར་ཏེ། དུས་གསུམ་པ་ཅན་གྱི་དེའི་རྣམ་པར་རྟོག་པ་གསུམ་སྟེ། དེ་རྣམས་ཀྱི་གཉེན་པ་ནི་རྗེས་སུ་བསྔགས་པ་མེད་པ་རྗེས་སུ་གསུང་པའོ་སྒོ་བའོ།། དེའི་རྗེས་སུ་བསྔགས་པ་ནི་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་དང་། སྦྱོར་བ་དང་མངོན་པར་སྒྲུབ་པ་དང་། སྒོམ་པར་བྱེད་ཅེས་པས་གོ་རིམ་བཞིན་དུ་ལེགས་པའི་ལམ་སྟེ། མྱ་ངན་ལས་འདས་པའི་ལམ་ལ་སྦྱོར་བ་ལ་སོགས་པའི་དབྱེ་བས་ཕྱེ་བ་རྣམ་པ་གསུམ ་གྱི་རྣམ་པར་རྟོག་པ་ལ། དེ་རྣམས་ཀྱི་གཉེན་པོ་ནི་གོ་རཱིམ་བཞིན་དུ་གཟུགས་དང་ཚོར་བ་ལ་སོགས་པ་ཞི་བ་དང་། དབང་དུ་གྱུར་པ་དང་། སྟོང་ཞིང་སྙིང་པོ་མེད་པས་དེ་རྣམ་ལ་སྤྱད་པར་བྱ་བ་དང་། དམཔ་སྟོང་པ་ཉི་དུ་མངོན་པ་བསྒྲུབ་པ་བྱ་དང་། ན་མཁའ ་སྟོང་པ་ཉིད་དུ་བསྒོམ་པས་བསྒོམ་པར་བྱའོ་ཞེས་པའོ་གཉིས་པའི་དབང་དུ་བྱས་ནས་བསྟན་བཅོས་ལས། གཉིས་པ་སེམས་དང་སེམས་བྱུང་རྣམས།། འཇུག་པའི་ཡུལ་ཅན་ཡིནྡ་བཞེད་དོ།། སེམས་མི་སྐྱེ་དང་བྱང་ཆུབ་ཀྱི།། སྙིང་པོ ་ཡིད་ལ་མི་བྱེད་དང་།། ཐག་པ་དམན་པ་ཡིད་བྱེད་དང་།། རྫོགས་པོའི་བྱང་ཆུབ་ཡིད་མི་བྱེད།། བསྒོམ་དང་བསྒོམ་པ་མེད་པ་དང་།། དཱི་ངག་ལས་ནི་བཟློག་ཉིད་དང་།། ཇི་བཞིན་དོན་མིན་རྣམ་རྟོག་པ།། བསྒོམ་པའི་ལམ་ལས་ཤེས།། ་པར་བྱ།། ཞེས་ཏེ། ཇི་ཙམ་དུ་སྤྱོད་པས་འདིར་ཡུན་རིང་དུ་སྤྱོད་པར་འགྱུར་བ་ཡིན་ཞེས་པའི་འདྲི་བ་ནཱི་བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་རྣམ་པར་རྟོག་པ་ལ། ལན་ནི་སེམས་དང་པོ་བསྐྱེད་པ་ནས་བཟུང་བ་ཉིད་ཞེས་པའོ།། ཇི ་སྲིད་དུ་བྱང་ཆུབ་སྙིང་པོའི་བར་དུ་ཡིད་ལ་བྱེད་ཅེས་པ་ནི་འདི་ཡིད་མི་མཐུན་པའི་ཕྱོགས་ཏེ། ཇི་ལྟར་འདིར་སྤྱོད་པར་བྱ་མངོན་པར་བསྒྲུབ་པར་བྱ་བསྒོཔ་བྱ་ཞེས་པ་ནི་བྱང་ཆུབ་སྙིང་པོའི་བར་དུ་ཡིད་ལ་བྱེད་པ་སྟེ་རྣམ་པར་རྟོག་པའོ།། ཐེག་པ ་དམན་པ་ཡང་ལ་བྱེད་པ་རྣམས་ཀྱི་གོ་སྐྱབས་མི་འབྱེད་དོ་ཞེས་པ་ནི་གཉེན་པོ་ལ་ཐེག་པ་དམན་པ་དྲུག་ཡིད་ལ་བྱེད་པ་ནི་རྣམ་པར་རྟོག་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་རབ་ཏུ་རྣམ་པཱ་མི་འཇོག ་པ་ཉིད་ཀྱིས་འདིར་སྤྱོད་པ་དེ་ལྟར་སྦྱང་པར་བྱ་སྟེ། ཇི་ལྟར་སེམས་དང་སེམས་ལས་བྱུང་བ་མི་འཇུག་པར་བྱའོ་ཞེས་པ་ནི་གཉེན་པོའོ།། དེ་ལྟར་ན་ནི་རྣམ་པར་མི་འཇུག་པ་ཉིད་དོ་ཞེས་པ་ནི་རྫོགས་པའི་བྱང་ཆུབ་ཡིད་ལ་མི་བྱེད་པའི་རྣམ ་པར་རྟོག་པའོ།། ཇི་ལྟར་བསྒོམས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པར་འགྱུར་ཞེས་པ་ནི་བསྒོམ་པའི་རྣམ་པར་རྟོག་པའོ།། མིན་ཞེས་པ་ནི་གཉེན་པོ་དེ་ཅི་དམིགས་པ་མེད་པས་ན་ནི་དེ་ལྟར་ན་ནི་དངོས་པོ་མྱེད་པ་དེ་ཐོབ ་པར་འགྱུར་བས་ཞེས་པ་ནི་བསྒོམ་པ་མེད་པི་རྣམ་པར་རྟོག་པའོ།། དེ་ལྟར་དམི་ཊ་བའི་པ་དང་དམིགས་པ་མེད་པ་མ་ཡིན་པ་དག་གིས་སྒོམས་པས་ཀྱང་མ་ཡིན་ལམ་བསྒོམས་པས་ཀྱང་ཐོབ་པར་འགྱུར་བ་མིན་ཞེས་པ་ནི་བསྒོམས་པས་མ ་ཡིན་ལ་བསྒོམ་པ་མེད་པས་ཀྱང་མ་ཡིན་པའི་རྣམ་པར་རྟོག་པ་ལ། དེ་དག་གིས་མ་ཡིན་ཞེས་པ་ནི་གཉེན་པོའོ།། དེ་ཇི་ལྟར་ན་དེས་རྗེས་སུ་ཐོབ་པར་འགྱུར་ན། དེ་བཞིན་ཉིད་དང་ཡང་དག་པའི་མཐའ་དང་ཆོས་ཀྱི་དབྱིངས་ཀྱིས་སོ་ཞེས ་བ་ནི། གཉེན་པོ་ལ་གང་གིས་གཞན་དུ་ཐོབ་པར་རློམ་ཞིང་དེ་ཕྱིན་ཅི་ལོག་ལ་མངོན་པར་ཞེན་པ་ནི་ཇི་བཞིན་དོན་མིན་པའི་རྣམ་པར་རྟོག་པའོ།། རྣམ་པར་རྟོག་པ་དགུ་ཚན་གསུམ་པའི་དབང་དུ་བྱས་ནས་བསྟན་བཅོས་ལས། ་སེམས་ཅན་བརྟགས་པའི་སྤྱོད་ཡུལ་དང་།། ཆོས་བརྟགས་པ་དང་སྟོང་མིན་ཉིད།། ཆགས་དང་རབ་འབྱེད་བདག་ཉིད་དང་།། དངོས་པོར་བྱེད་དང་ཐེག་པར་ནི།། གསུམ་དུ་དེ་ལྟར་བསྒྲགས་པ་དང་།། ཡོན་ནི་དག་པ་མ་ཡིན་དང་།། སྤྱོད ་པ་རྣམ་པར་འཁྲུགས་པ་ལ།། འཛིན་པ་དང་པོར་ཤེས་པར་བྱ་ཞེས་ཏེ། སེམས་ཅན་ཉེ་བར་མི་དམིགས་པས་བརྟགས་པར་མི་བྱའོ་ཞེས་པ་འདིའི་མི་མཐུན་པའི་ཕྱོགས་ནི་རྫས་སུ་ཡོད་པའི་སེམས་ཅན་དུ་བརྟགས་པར་བྱའོ།། ཞེས ་པ་སྟེ་སེམས་ཅན་དུ་བརྟགས་པའི་རྣམ་པར་རྟོག་པའོ།། གཟུགས་ལ་སོགས་པ་ནས་ཇི་སྲིད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་བསླབ་པར་བྱའོ་ཞེས་པ་ནི་ཆོས་སུ་བརྟགས་པའི་རྣམ་པར་རྟོག་པ་ལ། རང་གི་མཚན་ཉིད་ཀྱིས ་སྟོང་པས་ཆོས་ཐམས་ཅད་ལ་ཉེ་བར་དམིགས་པ་བཀག་ནས་མངོན་པར་འདུ་མི་བྱེད་པས་བསླབ་པར་བྱའོ་ཞེས་པ་ནི་གཉེན་པོའོ།། རང་གི་མཚན་ཉིད་སྟོང་པས་ཆོས་ཐམས་ཅད་འཇིགས་པའོ་ཞེས་པ་ནི་འདི་མི་མཐུན་པའི་ཕྱོགས ་ལ་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་མ་ཡིན་ཞེས་པ་ནི་སྟོང་པ་ཉིད་མ་ཡིན་པའི་རྣམ་པར་རྟོག་པའོ།། ཆོས་རྣམས་དང་ཆོས་རྣམས་ལ་དམིགས་པ་དག་ལ་འདིར་སྤྱོད་པ་དེ་ཡང་མི་དམིགས་པའི་དམིགས་པོ་མེད ་པའོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ། འདིའི་མི་མཐུན་པའི་ཕྱོགས་ནི་ཆོས་རྣམས་ཉེ་བར་དམིགས་པས་ཆོས་རྣམས་ཉེ་བར་མི་དམིགས་པའོ་ཞེས་པ་ནི་ཆགས་པའི་བདག་ཉིད་ཅན་གྱི་ཆགས་པའི་རྣམ་པར་རྟོག་པར་རྟོག་པའོ།། ་ཆོས་རྣམས་ལ་རབ་ཏུ་རྣམ་པར་འབྱེད་པར་བྱ་སྟེ། དེ་ཡང་ངོ་བོ་ཉིད་དམིགས་པ་མེད་པའི་སྦྱོར་བྱས་ཏེ། འདིའི་མི་མཐུན་པའི་ཕྱོགས་ནི་ངོ་བོ་ཉིད་ཉེ་བར་དམིགས་པས་འདིའི་གཟུགས་སོ་ཞེས་པ་ནས་ཇི་སྲིད ་དུ་འདི་ནི་རྣམ་པ་ཐམས་ཅད་མཁྱེན་པའི་བུར་རེ་ཞེས་པ་ནི་རབ་ཏུ་འབྱེད་པའི་བདག་ཉིད་ཀྱི་རྣམ་པར་རྟོག་པའོ།། དངོས་པོ་མེད་པར་བྱས་ལ་དེ་ལ་འདིར་སྤྱོད་པར་བྱ་སྟེ། གང་དུ་ཆོས་ཐམས་ཅད་ནི་མ་བྱས་པ། རྣམ་པར་མ་བྱས་པ་མེ ་པར་འདུ་མ་བྱས་པ་ནི་གཉེན་པོ་ལ། འདིའི་མི་མཐུན་པའི་ཕྱོགས་ནི་གཟུགས་ལ་སོགས་པའོ་དངོས་པོར་བྱས་ནས། བཅོམ་ལྡན་འདས་མ་ལ་སྤྱོད་ཅེས་པ་ནི་དངོས་པོའི་ཆེད་དུ་བྱེད་པའི་རྣམ་པར་རྟོག་པའོ།། གལ་ཏེ་ཡང་ཆོས་ཐམས ་ཅད་མ་བྱས་པ་དེ་ལྟར་ན་ཡང་ཇི་ལྟར་དེ་བཞིན་གཤེགས་པའི་སྤྲུལ་པས་མངོན་པར་བྱང་ཆུབ་ནས་ཐེག་པ་གསུམ་རྣམས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་ལ། འཇིག་རྟེན་གྱི་ཐ་སྙད་ཀྱི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་སྟེ། དོན་དམ ་པར་ནི་ངོ་ལྟར་དེ་བཞིན་གཤེགས་པ་ཡང་ཡོད་པ་མ་ཡིན་པ་ལ་ཞེས་པ་ནི་གཉེན་པོའི་ལས་མཱཾ་མཐུན་པ་གྱི་ས་ན་མ་མས་ཙ་རཱ།། དེ་བཞིན་གཤེགས་པ་རབ་ཏུ་གནས་པ་ཉིད་ལ་ཡིན་ནི་མྱ་ངན་ལས་འདས་ཀྱང ་མི་ཟད་པ་སྟེ། དེ་ལྟར་སྤྲུལ་པ་ལ་ཡང་སྟེ། གང་ཞིག་ཆོས་ཉིད་དེ་བཞིན་གཤེགས་པའི་དེ་ཉིད་སྤྲུལ་པའི་ཡང་སྟེ་འདིའི་མེ་མཐུན་པའི་ཕྱོགས་ནི་གལ་ཏེ་དེ་བཞིན་གཤེགས་པ་སྤྲུལ་པ་ལྟ་བུ་ནི་ཇི་ལྟར་དེའི་ཡོན་དག་པར་འགྱུར་ཞེས་པ ་ནི་ཡོན་ཡོངས་སུ་དག་པ་མ་ཡིན་པའི་ཕྱིར་རྣམ་པར་རྟོག་པའོ།། སྤྱོད་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་ཉིད་ལ་འཇུག་པ་ལ། དེའི་རྣམ་པར་འཁྲུག་པ་ནི་ཆོས་ཉིད་ལས་འབྱེད་པ་སྟེ། འདིའི་གཉེན་པོ་ནི་བཅོམ ་ལྡན་འདས་ཀྱིས་སྤྲུལ་པའི་ཆོས་བསྟན་པ་དེ་རྣམས་ཀྱིས་ངོ་བོ་ཉིད་རྣམས་རྣམ་པར་འཁྲུག་པར་ནི་མི་བྱེད་དོ་ཞེས་པ་ནི་སྤྱོད་པ་རྣམ་པར་འཁྲུག་པའི་རྣམ་པར་རྟོག་པའོ།། རྣམ་པར་རྟོག་པ་དགུ་ཚན་བཞི་པའི་དབང་དུ་བྱས་ནས ་བསྟན་བཅོས་ལས། སེམས་ཅན་བརྟགས་དང་དེ་རྒྱུ་བའི།། ཡུལ་ཅན་བསྒོམ་པའི་ལམ་འབྲེལ་པ།། དེ་ལ་གནོད་པ་བྱེད་པོ་ཡི།། མི་མཐུན་ཕྱོགས་གཞན་རྣམ་པ་དགུ། ཐམས་ཅད་མཁྱེན་ཉིད་གསུམ་དག་གི། བདག་ཉིད་ཇི་བཞིན ་སྒྲིབ་རྣམ་གསུམ།། ཞི་ལམ་དེ་བཞིན་ཉིད་སོགས་དང་།། མཚུངས་པར་ལྡན་དང་མི་ལྡན་དང་།། མི་མཉམ་སྡུག་བསྔལ་ལོ་སོགས་དང་།། གཉིས་སུ་མེད་ལ་ཀུན་རྨོངས་པ།། རྣམ་པར་རྟོག་པ་ཐ་མར་བཞེད།། ཅེས་ཏེ། སེམས་ཅན ་དུ་བརྟགས་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པར་བརྟགས་པ་དང་། དེའི་རྒྱུའི་རྣམ་པ་ཐམས་ཅད་མཁྱེན་པ་ལ་སོགས་པའི་བསྒོམ་པའི་ལམ་གྱི་ཡུལ་ལྔ་མི་མཐུན་པའི་ཕྱོགས་རྣམ་པ་གསུམ་གྱི་སྒྲིབ ་པ་ནི་གསུམ་དུ་ཀུན་དུ་རྨོངས་པའི་རྣམ་པར་རྟོག་པའོ།། རྣམ་པ་ཐམས་ཅད་ཀྱིས་ཆོས་རྣམས་རྗེས་སུ་རྟོགས་པ་འདིས་ན་དེ་བཞིན་གཤེགས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ཞེས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཀུན ་ཏུ་རྨོངས་པའི་རྣམ་པར་རྟོག་པའོ།། ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ལམ་རྣམས་བྱང་ཆུབ་སེམས་དཔས་རྫོགས་པར་བྱ་ཞིང་དེ་རྣམས་ཀྱི་ལམ་གྱི་བྱ་བ་ཡང་བྱ་ལ། ཡང་དག་པའི་མཐའ་ནི་མངོན ་སུམ་དུ་མི་བྱེད་པ་དེས་ན་ལམ་ཤེས་པ་ནི་བྱང་ཆུབ་སེམས་དཔའི་ལམ་ཤེས་པའོ་ཞེས་བརྗོད་པ་ནི་ལམ་ཤེས་པ་ལ་ཀུན་ཏུ་རྨོངས་པོའོ།། གང་ཞིག་ཕྱི་དང་ནང་གི་ཚེས་འདི་རྣམས་ཐམས་ཅད་ནི་དེས་ཀྱང་ཤེས་ལ་ལམ་ཐམས་ཅད་དང་རྣམ་པ ་ཐམས་ཅད་ཀྱིས་ནི་མ་ཡིན་ཏེ། དེས་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐམས་ཅད་ཤེས་པ་ཉིད་ཅེས་བརྗོད་དོ་ཞེས་པ་ནི་ཐམས་ཅད་ཤེས་པ་ལ་ཀུན་ཏུ་རྨོངས་པའོ།། གང་ལ་གནས་ནས་ཞི་བ་མངོན་སུམ་དུ་བྱེད་པ་དེ་ནི་ཞི་བའི་ལམ་མོ་ཞེས་བྱ ་བ་ནི་ཞི་བ་ལ་ཀུན་ཏུ་རྨོངས་པ་ལ། གང་ལ་ཡང་མི་གནས་པ་ཉིད་ཀྱི་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱའོ་ཞེས་པ་ན་གཉེན་པོའོ།། འདི་ཉིད་ཀྱིས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་བཞིན་དུ་ཞི་བ་ལ་གང་དུ་ཡང་མི་གནས་པ་ཉིད་ཅེས ་བརྗོད་དོ་ཞེས་པ་ནི་ལམ་ལ་ཀུན་ཏུ་རྨོངས་པའི་རྣམ་པར་རྟོག་པའོ།། འདི་ནི་དེ་བཞིན་ཉིད་དང་ལྡན་པ་དང་མི་ལྡན་པ་མ་ཡིན་ཏེ། དེ་ལྟར་ཡང་འདི་ནི་ངོ་བོ་ཉིད་མེད་པ་བསྟན་དུ་མདོ་ལོ་ཐོགས་པ་མེད་པའི་མཚན་ཉིད་གཅིག་པ་སྟེ། འདི་ལྟ་སྟེ། ་མཚན་ཉིད་མེད་པའི་ཕྱིར་ལ་ཞེས་པ་འདིའི་མི་མཐུན་ཕྱོགས་ནི་དེ་བཞིན་ཉིད་ལ་སོགས་པ་དང་མཚུངས་པར་ལྡན་པ་དང་མི་ལྡན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། ཞེས་པ་ནི་དེ་བཞིན་ཉིད་ལ་སོགས་པ་དང་མཚུངས་པར་ལྡན་པ ་དང་མི་ལྡན་པའི་རྣམ་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ལམ་གཞན་དང་མཉམ་པ་ཉིད་ནི་འདིའི་གཉེན་པོ་ལ། བདུད་དང་མུ་སྟེགས་དང་ཐེག་པ་གཞན་གང་གིས་ཀྱང་སྒྲིབ་པར་མི་ནུས་ཏེ། དེའི་ཕྱིར་ཐུན་མོང་མ་ཡིན་ནོ་ཞེས་པ ་ནི་མི་མཉམ་པ་ཉིད་ལ་ཀུན་ཏུ་རྨོངས་པའི་རྟོག་པའོ།། སྤྱོད་པ་འདིས་སྡུག་བསྔལ་བ་དང་ཀུན་འབྱུང་བ་དང་འགོག་པ་དང་ལམ་ལ་སོགས་པའི་དོན་དུ་སྤྱད་པར་བྱའོ་ཞེས་པ་ནི་འདི་མི་མཐུན་པའི་ཕྱོགས་ཏེ་སྤྱོད་པར་མི་བྱའོ་ཞེས་པ་ནི་སྡུག ་བསྔལ་ལ་སོགས་པ་ཀུན་ཏུ་རྨོངས་པའི་རྣམ་པར་རྟོག་པའོ།། འདོད་ཚོགས་ལ་སོགས་པའི་དོན་དང་ལྡན་པ་མ་ཡིན་ཏེ། དེ་དག་གི་རང་བཞིན་ནི་དེ་བཞིན་ཉིད་དེ་འདོད་ཆགས་ལ་སོགས་པ་རྣམས་ལ་དེ་བཞིན་ཉིད་ཀྱིས་གང་དུ་ཡང་ཕན ་པའམ་གནོད་པ་བྱེད་པ་མ་ཡིན་ནོ་ཞེས་པ་ནི་དེ་ལ་ཀུན་ཏུ་རྨོངས་པའི་རྣམ་པར་རྟོག་པའོ།། ཇི་ལྟར་གཉིས་སུ་མེད་པ་དང་གཉིས་སུ་མེད་པ་མ་ཡིན་པའི་ཆོས་ཉེ་བར་དམིགས་ཏེ། དེ་ལྟར་ན་གཉིསུ་མེད་པ་དང་གཉིས་མེད་པའི་ཆོས་ཀྱི་རྗེས་ཐོབ་པར ་འགྱུར་རོ་ཞེས་པ་ནི་འདིའི་གཉེན་པོ་ལ་གཉིས་དང་གཉིས་མ་ཡིན་པ་གཉིས་དེ་མེད་པ་ནི་ཀུན་ཏུ་རྨོངས་པའི་རྣམ་པར་རྟོག་པའོ།། འོ་ན་རྣམ་པ་འདི་ལྟ་བུའི་རྣམ་པར་རྟོག་པ་རྣམ་སྔ་ནས་སྦྱངས་པས་ཇི་ལྟར་ན་འདིར་རྟོགས་པ་རབ་ཀྱི་མཐར ་ཕྱིན་པའི་གནས་སྐབས་སུ་བསྟན་པར་འགྱུར་ཞེ་ན། སྐྱོན་མེད་དེ་དག་གི་ཕྱིར་ཕྲ་བ་གཏིང་རིང་པོར་ཞུགས་པའི་མངོན་པར་ཤེས་པ་ཆེན་པོའི་གེགས་བྱེད་པ་པོའི་ཀུན་ཏུ་རྨོངས་པའི་ས་བོན་ནི་བཅུ་པ་ལ་རབ་ཏུ་སྤོང་བར་འགྱུར་ཞེས་དགོངས ་པ་ངེས་པར་འགྲེལ་པ་ལ་སོགས་པའི་མདོ་ལས་གསུངས་པས་སོ།། ཡང་དགོངས་པ་ངེས་པར་འགྲེལ་པ་ལས་དྲུག་པ་དང་བདུན་པ་ནས་བཟུང་སྟེ། ཉོན་མོངས་པ་མངོན་དུ་རྒྱུ་སྟོབས་ཆུང་ནས་བག་ལ་ཉལ་ལ ་ས་བརྒྱད་པ་ལ་ནི་བག་ལ་ཉལ་ལས་ཉོན་མོངས་པའི་མངོན་དུ་རྒྱུ་ནི་ཤེས་བྱའི་སྒྲིབ་པ་ལ་ཀུན་ཏུ་གནས་པ་ཙམ་ཉིད་ནས་ཉེ་བར་བཟུང་སྟེ། ཞེས་བྱ་དང་། གཞུང་འགྲེལ་ལས་ཀྱང་ས་བརྒྱད་པོ་རྣམས་ཀྱི་བྱང་ཆུབ་སེམས་དཔའ ་ལ་ནི་ཉོན་མོངས་པའི་མངོན་ཏུ་རྒྱུ་ནི་ཤིན་ཏུ་ཕྲ་བ་ཡང་མེད་དོ་ཞེས་པ་སྟེ། དེ་ལྟ་བས་ན་ཐོག་མེད་པ་ཅན་གྱི་དངོས་པོ་མེད་པ་མངོན་པར་ཞེན་པའི་ངོ་བོའི་མ་རིག་པོ་ནི་དེ་དང་འགལ་བའི་ངོ་བོ་ཉིད་པའི་ཤེས་པས་སྤོང་ཞིང་དེའི་ཀུན ་ཏུ་ནས་ལྟུང་བའི་གཟུང་བའི་རྣམ་པར་རྟོགྲོ་པ་ལ་སོགས་པ་ཡང་སྤོང་བར་འགྱུར་རོ།། དེའི་ཕྱིར་ན་མ་རིག་པ་དང་དངོས་སུ་འགལ་བའི་བྱང་ཆུབ་ཀྱི་སེམས་ནི་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ངེས་པར་བསྒོམ་པར་བྱ་བར་བསྟེ་ནི ་ཏོཏེ། ཁ་ཅིག་གིས་ཡང་དེ་ལྟར་བཤད་པའི་རྣམ་པར་བཞག་པ་ལས་གཞན་དུ་སོ་སོར་སྒྲུཔོ་པར་བྱེད། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་མཚན་ཉིད་ཀྱི་སྦྱོར་བའི་འདུན་པ་ནས་ཀྱི་སེམས་བསྐྱེད་པ་བཅུ་དགུ་པོ་རྣམས་ལ། ་སེམས་བསྐྱེད་པ་རེ་རེ་ཞིང་སྦྱོར་བས་རབ་ཀྱི་མཐར་ཕྱིན་པའི་གནས་སྐབས་ནི་རྩེ་མོའི་མངོན་པར་རྟོགས་པ་ལ། སྦྱོར་བའི་གོ་རིམ་གྱིས་གནས་སྐབས་ཉིད་ནི་མཐར་གྱིས་གནས་སྐབས་ཉིད་ནི་མཐར་གྱིས་པའི་མངོན་པར་རྟོགས་པའོ།། ་ཉི་ཤུ་པ་ནི་སྦྱོར་བ་རབ་ཀྱི་མཐར་ཕྱིན་པ་དང་གོ་རིམ་རྣམས་ཀྱིས་མཐར་ཐུག་པའི་གནས་སྐབས་ཏེ། སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པའོ།། རྩེ་མོའི་མངོན་པར་རྟོགས་པའི་ཁྱད་པར་གྱི་རྟགས་དང་། རྣམ་པར་འཕེལ ་བོ་དང་བསྟན་པ་དང་། སེམས་ཀུན་ཏུ་གནས་པ་ནི་གོ་རིམ་ཇི་ལྟ་བ་བཞིན་དུ་དྲོད་དང་། རྩེ་མོ་དང་། བཟོད་པ་དང་། ཆོས་ཀྱི་མཆོག་གི་ངོ་བོ་རྣམས་དང་། རབ་ཏུ་དགའ་བའི་སའི་མཐོང་བའི་ལམ་གྱི་སྡུག་བསྔལ་ལ་ཆེས་ཤེས་པའི ་བཟོད་པའི་མཚན་ཉིད་ཀྱི་སྐད་ཅིག་མ་གཅིག་ལ་རྣམས་པར་རྟོག་པ་བཞིན་མངོན་པར་རྒྱུ་རབ་ཏུ་སྦྱོང་བའི་ངོ་བོར་ལྡོག་པས་རབ་ཏུ་ཕྱེ་བའི་རྣམ་པ་བཞི་སྟེ་སྐད་ཅིག་མ་གཅིག་པ་འདི་ཉིད་ཀྱིས་འདོད་པའི་ཁམས་ཀྱི་སྡུག་བསྔལ ་གྱི་མཐོང་བས་སྤང་བར་བྱ་བའི་རྣམ་པར་རྟོག་པ་རྣམས་རབ་ཏུ་སྤོང་བར་འགྱུར་ལ། ཁམ་ས་གོང་མོ་གཉིས་ནི་ཅི་རིགས་པར་སྐད་ཅིག་མ་གཞན་རྣམས་ཀྱིས་ཏཾ་ཞེས་མངོན་པར་རྟོགས་པ་གཞན་དུ་བཤད་དུ། དེ་ལྟ་ན་ནི་སྐད་མ་ད ་པོར་ཡང་པ་ཤླང་ལ། ཅིའི་ཕྱིར་ཡང་འདིར་བཤད་ཅེ་ན་དང་པོ་ལ་དེ་ཁོ་ན་ཉིད་མཐོང་ཡང་སྦྱིན་པ་ལ་སོགས་པ་རྣམས་ཕན་ཚུན་མེད་ཅིང་ཤིན་ཏུ་སྐྱེ་བར་བསྒྲུབ་པར་འདོད་པས་ན་འདིའི་དོན་མེད་པ་མ་ཡིན་ནོ།། འོ་ན་རྣམ་པ་ཐམས ་ཅད་མཁྱེན་པ་ཉིད་ཀྱི་སྐབས་སུ་རྣམ་པར་རྟོག་པ་བཞི་པོ་ཇི་ལྟར་བསྟན་པ་དེ་ལྟར་མཐོང་བའི་ལམ་གྱི་སྐད་ཅིག་མི་གཅིག་གི་སྦེང་བྱར་རྣམ་པར་རྟོག་པ་རྣམས་ཅིའི་ཕྱིར་མོ་བསྟན་ཅེ་ན། དེ་དང་དེར་འདུལ་བར་བྱ་བ་རྟོགས་པར ་འདོད་པ་མེད་པས་ཞེས་པ་སྟེ་རྒྱ་ཆེར་སྤོང་བའི་དགོས་པ་མེད་དེ། སྒོམ་པའི་ལམ་དུ་ནི་རྟོགས་པའི་བྱེ་བྲག་བརྒྱད་ཅུ་རྩ་གཅིག་སྟེ། དེ་ལ་དྲི་མ་མེད་པ་ལ་སོགས་པའི་བྱེ་བྲག་དྲུག་གིས་རྣམ་པར་རྟོག་པ་བཞིའི ་མངོན་དུ་གྱུར་པ་སྤོང་བར་འགྱུར་ཞེས་པ་སྟེ། དེ་རྣམས་ཀྱང་ལྡོག་པའི་དབྱེ་བས་རྣམ་པ་བཞི་ལ། མི་གཡོ་བ་ལ་སོགས་པའི་བྱེ་བྲག་རྣམས་ཀྱིས་ནི་རྣམ་པར་རྟོགས་པ་བརྒྱད་རྣམས་དང་གཞོན་ཡང་བག་ཆགས་ཀྱིས་དེ་ལྟར་ལྷག ་རྣམས་སྤོང་བར་འགྱུར་ཞིང་། བྲེ་བྲག་བརྒྱད་ཅུ་པོ་ནི་བར་ཆད་མེད་པའི་ཏིང་ངེ་འཛིན་ཏེ། རྡོ་རྗེ་ལྟ་བུ་དང་བར་ཆད་མེད་པའི་ལོམ་མོ།། བྱེ་བྲག་གི་བརྒྱད་ཅུ་རྩ་གཅིག་པ་ནི་བསྒོམས་པས་བགྲོད་པར་བྱ་བས་ལམ་སྟེ། དེ་ལྟར་བསྒོམ ་པའི་ལམ་དང་། རྣམ་པར་གྲོལ་བའི་ལམ་དང་། རྣམ་པར་སྨིན་པ་དང་ཆོས་ཀྱི་སྐུར་རྣམ་པར་བ་ཞིག་གོ། མངོན་པར་རྟོགས་པ་གཞན་གྱི་བཤད་པའི་རྣམ་པར་བཞག་པ་ནི་འདིར་ཇི་ལྟར་རིག་པར་ཤེ་བར་བྱའོ།། འདིར་བཤད་པའི་དང་པོའི ་གནས་སྐབས་སུ་གནས་པ་རྣམས་ནི་འཕགས་པ་རྣམ་པར་གྲོལ་བའི་སྡེའི་དགོངས་པ་མ་ཡིན་ཏེ། གང་ཡང་ཚུར་རོལ་པ་ཡིས་རྣམ་པར་བཞག་པ་སྟེ། དེ་ལྟར་ཡང་དེས་བཤད་དེ། བཞི་པའི་རྩེ་མོ་མངོན་པར་རྟོགས་པའི་རྣམ་པར ་འཕེལ་བ་ནི་རྣམ་པར་རྟོག་པ་མེད་པ་སྟེ།། ས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པ་དང་རྟོགས་པས་ན་ཇི་ལྟར་ན་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་ཞེ་ན། དེ་ལྟར་ན་ཡང་དག་པར་རྟོགས་པའི་གནས་སྐབས་ཀྱི་བྱང་ཆུབ་སེམས ་དཔའ་མྱ་ངན་ལས་འདའ་བར་ལྟུང་བ་བཟློག་པའི་དོན་དུ་ཐུགས་རྗེ་ཆེན་པོ་མངོན་དུ་བྱེད་པ་ལ་དགོངས་པས་སོ།། ཞེས་པ་དང་། ཇི་ལྟར་སྲིད་པའི་རྣམ་པར་རྡོག་པ་བཞི་དང་། གཉེན་པོ་དག་ནི་མཐོང་བ་དང་བསྒོམ་པའི་ལམ་དག་གི་རྣམ ་བཞི་རྟོགས་པ་པོར་རྣམ་པརདེ་བཤད་པས་ཀྱང་དེ་རྣམ་པ་བཞིར་བཤད་པའོ་ཞེས་པ་ནི་གཅིག་གཅིག་ཞེས་པ་ལ་སོགས་པས་ན་སྒྲིབ་པ་དང་བྲལ་བ་སྟེ། འདིར་མཐོང་བའི་ལམ་གྱིས་བཟོད་པ་སྐྱེས་པས་འདོད་པ་དང་གཟུགས་དང ་གཟུགས་མེད་པས་བསྡུས་པ་སྐྱེས་པའི་ཉོན་མོངས་པ་བརྒྱ་རྩ་བརྒྱད་མཐོང་བའི་ལམ་གྱིས་སྤང་བར་བྱ་བ་རྣམ་པར་རྟོག་པས་ཡང་དག་པར་བསྡུས་པ་རབ་ཏུ་སྤོང་བར་འགྱུར་རོ་ཞེས་པ་ནི་འདོད་པ་ལ་སོགས་པས་བསྡུས་པའི་བརྒྱ ་རྩ་བརྒྱད་པོ་གང་འཇིག་རྟེན་པའི་ངེས་པར་འབྱེད་པའི་ཚེ་དང་མཐུན་པའི་ཀུན་ཏུ་སྦྱོར་བ་ཅན་དེའི་འདིར་ཇི་ལྟར་རིག་པར་སྤོང་བར་འགྱུར་ཞེས་པོ་ལ་དགོངས་པ་སྟེ། རྣམ་པར་བཤད་པ་འདིའི་རྒྱས་པར་ནི་རྩེ་མོའི་མངོན་པར་རྟོག ་པ་ལ་སོགས་པ་ལ། གཞན་གྱིས་རྣམ་པར་བཤད་པ་ལ་ཆོས་ཤེས་པའི་བཟོད་པས་ནི་འདོད་པར་གཏོགས་པའི་སྤོང་བ་ལ། རྗེས་སུ་ཤེས་པའི་བཟོད་པས་ནི་ཁམས་གོང་མའི་འོ་ཞེས་པས་ཇི་ལྟར་ན་གཅིག་གིས་བརྒྱ་རྩ་བརྒྱད ་སྤོང་སྟེ་ཞོག་ཅིག། སྐབས་སུ་བབ་པ་བརྗོད་པ་ནི་རྩེ་མོའི་མངོན་པར་རྟོགས་པ་ཞེས་པ་འདིའི་རྣམ་པར་འཕེལ་བའི་གནས་སྐབས་སུ་ནི་རྒྱུན་གྱིས་རྣམ་པར་རྟོགས་པ་མེད་པའོ་ཞེས་མངོན་པར་འདོད་པ་སྟེ་གཞན་དུ་ན་ཅི་ཞིག་འདིས་ས ་ཐམས་ཅད་དུ་ཡང་རྣམ་པར་རྟོག་པ་མེད་པའོ།། དེ་ལྟར་གྱུར་པས་རྣམ་པར་རྟོག་པའི་རྟོགས་པ་ནི་འཇིག་རྟེན་པཱི་བཟོད་བཱི་གནས་སྐ་སུ་ནི་རྣམ་པ་ཐམས་ཅད་དུ་མི་སྲིད་དོ།། དེའི་ཕྱིར་མྱ་ངན་ལས་འདས།། ་པར་ལྷུང་བ་ནི་དོགས་པ་ཡང་མེད་ལ། ཀུན་མཁྱེན་པ་གསུམ་གྱི་ཆོས་རྣམས་ཀྱི་བླ་ན་མེད་པ་ཡོངས་སུ་རྫོགས་པ་མ་ཡིན་ནོ།། ཇི་ལྟར་ཡང་སྐད་ཅིག་མ་གཅིག་གི་མཐོང་བའི་ལམ་ལ་རྟོགས་པ་པོ་རྣམ་པ་བཞི་རྣམས་གང་གིས ་དེའི་གཉེན་པོ་རྣམ་པ་བཞི་པར་འགྱུར་ཏེ། ཆོས་ཤེས་པའི་བཟོད་པས་ནི་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ཉོན་མོངས་པ་ལ་ཡང་མེད་ལ། དེ་ཡོངས་སུ་བསྒྲུབ་པའི་མངོན་པར་རྟོགས་པས་གཞན་དུ་བྱས་ནས་རྣམ ་པར་བཞག་པ་འགྱུར་ཏེ། གང་དུ་ལམ་ལ་རྗེས་སུ་ཤེས་པའི་སྐད་ཅིག་མ་ཉིད་ནི་འདིར་མཐོང་བའི་ལམ་སྟེ། ཆོས་ཤེས་པའི་བཟོད་པའི་སྐད་ཅིག་རྣམས་ཀྱིས་ནི་འདོ་པའི་ཁམས་ཀྱི་ཉོན་མོངས་པ་སྤོང་བ་ལ་བལྟོས་པར་ཁམ ་གསུམ་པའི་རྣམ་པར་རྟོག་པ་སྤོང་བའི་ཚིག་ནི་རིགས་སོ་ཞེས་གསུངསྣ་ལ། དེའི་སུན་འབྱིན་པ་ནི་སྔ་ནས་ཀྱང་བརྗོད་ཟིན་ཏོ།། འདིར་ཁ་ཅིག་གི་འདོད་པས་སྒོམ་པའི་ལམ་ལ་རྟོགས་པའི་བྱེ་བྲག་དགུ་ཉིད་དེ་དེ་ལ་ཆུང་ངུའི་བྱེ ་བྲག་རྟོགས་པར་འདོད་པའི་ཁམས་ལ་སོགས་པའི་ས་དགུ་པོ་རྣམས་ཀྱི་ཉོན་མོངས་པའི་བྱེ་བྲག་ཆེན་པོ་དགུ་ལན་ཅིག་གིས་སྤོང་བར་འགྱུར་ཏེ། ཇི་སྲིད་དུ་རྟོགས་པ་ཆེན་པོ་ས་ཉོན་མོངས་པོའི་བྱེ་བྲག་ཆུང་ངུའི་ཆུང་ངུ་ལ་སོགས ་པ་དག་སྤོང་བར་འགྱུར་ཏུ། དེ་ལྟར་རྟོགས་པའི་བྱེ་བྲག་དགུ་པོ་རྣམས་ཀྱི་ས་དགུའི་ཉོན་མོངས་པའི་བྱེ་བྲག་བརྒྱད་དུ་རྩ་གཅིག་སྤོང་བར་འགྱུར་རོ་ཞེས་པ་དེ་ནི་རིགས་མ་ཡིན་ཏེ། དེ་ལྟར་ན་ཁམས་གསུམ་དུ་གྱུར་པའི་བག ་ཆགས་དང་བཅས་པའི་ཉོན་མོངས་པའི་བྱེ་བྲག་མི་ལུས་པ་སྤངས་པའི་རྟོགས་པའི་བྱེ་བྲག་དགུ་པོ་དེ་ལྟར་ཆོས་ཀྱི་སྐུར་འགྱུར་བས་བྱང་ཆུབ་སེམས་དཔའི་ས་བཅུར་མི་འགྱུར་ཏེ། སེམས་བསྐྱེད་པ་བཅོ་ལྔ་ལ་སོགས་པ་རྣམས ་ལས་མེད་པར་འགྱུར་རོ།། བསྒོམ་པའི་ལམ་གྱི་རྟོགས་པའི་བྱེ་བྲག་དགུ་པ་ལ་བྱང་ཆུབ་སེམས་དཔའ་ཕྱིར་མི་འོངས་པར་བསྒྲུབས་པས་གནོད་པར་འགྱུར་ཞིང་། དགྲ་བཅོམ་པའི་འབྲས་བུ་ལ་གནས་པའི་རྣམ་པར་བཞག་པ ་མེད་པར་འགྱུར་ལ། དེ་ལས་གཞན་པའི་གང་ཟག་ལ་སོགས་པའི་རྣམ་པར་བཞིག་པ་འཇིག་པར་འགྱུར་ཞེས་པས་ན། སྔོན་བཤད་པས་རྣམ་པར་བཞག་པས་རྣམ་པར་བཞག་སྟེ་རྣམ་པ་དེ་ལྟ་བུའི་བརྗོད་པར་ལ་དགའ་བ་ལ ་དོགས་པ་མེད་དོ།། དེ་ལྟར་གཟུགས་ལ་སོགས་པའི་རྣམ་པར་རྟོག་པའི་བདག་ཉིད་ཅན་རྣམས་ཀྱིས་ལ་ཡམས་ནང་འདི་དག་ཟད་ནས་ནི། ཡུན་རིངས་ལེན་ནས་དབུགས་ཕྱིར་ལྟར།། རྣམ་པ་ཀུན་ཏུ་འགྲོ་བ་ཡི།། བདེ་སྒྲུབ་སྔོ ་ཏན་ཕུན་ཚོགས་ཀུན།། རྒྱ་མཚོ་ཚན་ལ་ཆུ་བོ་བཞིན།། འབྲས་བུ་མཆོག་གིས་སྦ་བ་ཡི།། སེམས་དཔའ་ཆེན་པོ་དེ་ལ་ནི།། རྣམ་པ་ཀུན་ཏུ་སྟེན་པར་བྱེད།། ཅེས་པ་བསྟན་བཙོས་ལས།། རང་བཞིན་གྱིས་གྲུབ་པའི་ཡོན་ཏན ་འབའ་ཞིག་བགྲོད་པའི་སྐྱོན་མེད་པའི་ཕུང་པོ་སྟེ། ཡུན་རིང་པོར་སྐྱོན་ཟད་པར་རབ་ཏུ་རྟེན་པ་བཞིན་དུ་བསྟེན་ནས་སྐྱོན་ཐམས་ཅད་སྤངས་པ་ནི་སྤང་བའོ།། ཆུ་བོ་ནི་ཆོག་སོ།། དེའི་ཞེས་པ་ལ་སོགས་པ་ནི ་ཕན་ཡོན་ནོ།། འདིར་ཞེས་པ་ནི་བསྒོམ་པའི་ལམ་གྱི་བྱེ་བྲག་གི་ཐ་མ་སྟེ། བྱེ་བྲག་དུ་གོང་མིན་རྡོ་རྗེ་ལྟ་བུ་དང་། བར་ཆད་མེད་པའི་ལམ་སྟེ། ཇི་སྲིད་པར་ཆད་མེད་པའི་ཏིང་ངེ་འཛིན་ནས་སངས་རྒྱས་ཉིད་ཀྱི་རྟོགས་པའི་བར་དུ་རྣམ ་པར་བཞག་པ་སྟེ། དོ་དབང་དུ་བྱས་ནས་བསྟན་བཅོས་ལས། སྟོང་གསུམ་སྐྱེ་བོ་ཉན་ཐོས་དང་།། བསེ་རུ་རྟོགས་པ་ཕུན་ཚོགས་དང་།། བྱང་ཆུབ་སེམས་དཔའ་སྐྱོན་མེད་ལ།། བཀོད་པའི་དགེ་རྣམས་དཔེར་མཛད་ནས།། ་བསོད་ནམས་མང་པོ་ཉིད་ཀྱིས་ཀྱང་།། སངས་རྒྱས་ཉིད་ཐོབ་པར་མེད་དེ།། བར་ཆོད་མེད་པའི་ཏིང་ངེ་འཛིན།། དེ་ནི་རྣམ་པ་ཀུན་མཁྱེན་ཉིད།། ཅེས་ཏེ། བར་ཆད་མེད་པ་ནི་གང་དུ་སངས་རྒྱས་ཉིད་ཐོབ་པ་ལ་བར་ཆད་མེད་དེ།། ་བར་མ་ཆོད་པའི་དགུའོ།། བསོད་ནམས་མང་པོ་ཉིད་ནི་ཡུམ་ཆེན་མོར་གསུངས་ལ་འདིར་ནི་དམིགས་པ་ཅན་གྱི་བྱང་ཆུབ་སེམས་དཔེའི་གང་ཞིག་པསོད་ནམས་བྱིན་པ་བས། ཏིང་ངེ་འཛིན་གྱི་སེ་གོལ་དང་། ཡུད་ཙམ་དུ ་ཡང་སྙོམས་པར་འཇུག་པར་བྱེད་པ་བསོད་ནམས་མང་པོ་ཉིད་ཀྱིས་ཏེ། ཚིག་ལེའུར་བྱས་པར་ནི་ཀྱང་གིས་བརྗོད་དོ།། དོན་ཀུན་ཏུ་བསྡུས་པའི་ཕྱིར་འདི་ཉིད་གསུངས་ལ། དེ་ཞེས་པ་ནི་སངས་རྒྱས་ཉིད་དེ་རྣམ་པ་ཐམས་ཅད ་མཁྱེན་པའི་མཚན་ཉིད་དོ།། འདི་ཡི་དམིགས་པ་དངོས་མེད་དེ།། བདག་པོ་དྲན་པ་ཡིན་པར་བཞེད།། རྣམ་པ་ཞི་ཉིད་འདི་ལ་ནི།། རབ་ཏུ་སྨྲ་རྣམས་རྒྱུད་མར་རྒོལ།། ཞེས་བསྟན་བཅོས་ལས་ཏེ། འདི་རྣམས་ནི་རྣམ་པ་ཐམས ་ཅད་མཁྱེན་པ་ཉིད་རྣམས་སོ།། དམིགས་པ་དངོས་མེད་ན་ཆོས་རྣམས་ཐམས་ཅད་ལ་ངོ་བོ་ཉིད་མེད་པའི་སྟོང་པ་ཉིད་དོ།། དྲན་པ་ནི་བདག་པོའི་རྐྱེན་ལ། རྣམ་པ་བཞི་པ་ཉིད་ནི་རྣམ་པར་རྟོག་པ་ཐམས་ཅད་ནུབ་པའི་རང་བཞིན་ནོ།། ། ་འདི་ལ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལའོ།། རབ་ཏུ་སྤུ་རྣམས་རྒྱུད་མར་རྒོལ་བ་ནི་རབ་ཏུ་འཕྲོགས་པ་ར་བྱེད་པའི་ཕྱིར་རྩོད་པ་སྟེའདི་ལ་གསུངས་པ་ནི། ཐབས་ལ་མཁས་པ་ཐམས་ཅད་ཡོངས་སུ་བཟུང་བར ་འདོད་པས་ཞེས་པ་ལ་སོགས་པ་སྟེ། ཐབས་ལས་འབྱུང་བས་ཐབས་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ། དེའི་མཁས་པ་ནི་ལོག་པར་སྒྲུབ་པ་རྣམས་སེལ་བས་སོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་པ་ནི་བར་ཆད ་མེད་པའི་ཏིང་ངེ་འཛིན་གྱི་མཚན་ཉིད་ལའོ།། སྤྱོད་པར་བྱ་བ་ནི་སྦྱོར་བ་དང་མངོན་པར་སྒྲུབ་པས་སོ།། མངོན་པར་བསྒྲིབས་ནས་བསྒོམ་པར་བྱའོ།། བསྒོམ་པ་རྣམས་ལ་དེའི་རྗེས་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ། ་ལེག་པར་བསྒྲུབས་པ་རྣམ་པ་ཐམས་ཅད་ཟད་པས་སོ་ཞེས་པོ་ལ་དགོངས་པའོ།། མངོན་པར་སྒྲུབ་པར་བྱེད་པ་ནི་མངོན་པར་འདུ་བྱེད་པའོ།། མངོན་པར་བསྒྲུབ་པར་བྱ་བ་ནི་ཀློང་དུ་གྱུར་པར་བྱའོ།། གང་གིས་ཞེས་པ་སྟེ་གང ་གིས་ནི་མཚམས་སོ།། སྐལ་པ་མེད་པ་ཞེས་པ་ལ་སོགས་པས་ནི་དེ་བཞིན་གཤེགས་པས་དགོངས་པའི་ཕན་ཡོན་གསུངས་ཀྱི། བར་ཆད་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་ནི་མ་ཡིན། ་ཏེ། དེ་ལ་ནི་ངན་འགྲོ་བ་འམ་བདེ་འགྲོ་མེད་དེ་བར་ཆད་མེད་པར་བྱང་ཆུབ་ཐོབ་སྡེ་ལྷག་མ་ནི་གོ་སླའོ།། ལོག་པར་བསྒྲུབས་པའི་དབང་དུ་བྱས་ནས་བསྟན་བཅོས་ལས། དམིགས་པ་འཐད་དང་དེ་ཡི་ནི།། ངོ་བོ་ཉིད་ངེས་གཟུ ་བ་དང་།། རྣམ་ཀུན་མཁྱེན་པའི་ཚུལ་དང་ནི།། དམ་པའི་དོན་དང་ཀུན་རྫོབ་དང་།། སྦྱོར་དང་དཀོན་མཆོག་གསུམ་པོ་དང་།། ཐབས་བཅས་ཐུབ་པའི་རྟོག་པ་དང་།། ཕྱིན་ཅི་ལོག་ནི་ལམ་བཅས་དང་།། གཉེན་པོ་མི་མཐུན་ཕྱོགས ་དག་དང་།། མཚན་ཉིད་དང་ནི་བསྒོམ་པ་ལ།། འདོད་པ་རྣམས་ཀྱི་ལོག་རྟོག་པ།། རྣམ་པ་ཀུན་མཁྱེན་ཉིད་རྟེན་ཅན།། རྣམ་པ་བཅུ་དྲུག་སྨྲ་རྣམས་ཀྱིས།། ཞེས་ཏེ། ཇི་ལྟར་བཅུ་དྲུག་ན་གང་བཅུ་དྲུག་པོ་དེ་རྣམས་ནི་རང་གི་དོན ་དུ་སྟེ། དམིགས་པ་འཐད་པ་ལ་སོགས་པ་རྣམས་སོ།། ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བརྟན་ཞེས་ན། དམིགས་པ་ལ་སོགས་པ་འདི་རྣམས་ཀྱིས་ཡུལ་གྱི་འབྲེལ་པས་རྣམས་པ་ཐམས་ཅད་མཁྱེན་པའི་ཡུལ ་ཉིད་དུ་ཉེ་བར་བརྟགས་པ་ནི་ལོག་པར་སྒྲུབ་པ་སྟེ། ཕལ་ཚ་བ་ནི་གཉེན་པོ་གསུངས་པོས་ཤེས་པར་བྱ་སྟེ། ཡུམ་ཆེན་མོ་ལས་དེ་ལ་དང་པོའི་འདུས་བྱས་དང་འདུས་མ་བྱས་པ་ཡང་རང་བཞིན་གྱིས་སྟོང་ཞེས་པས་ཅུང ་ཟད་མེད་པ་ལ་ཇི་ལྟར་དམིགས་པ་གང་གིས་བརྗོད་པར་འགྱུར་ཏེ། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དངོས་པོ་མེད་པ་ལ་དམིགས་པའོ་ཞེས་པས་ནི་ལོག་པར་སྒྲུབ་པ་ལ་ཀུན་རྫོབ་ཏུ་ཆོས་རྣམས་ཐམས ་ཅད་དམིགས་ཞེས་པ་ནི་ལན་ཏེ་ཞེས་པ་ནི་དམིགས་པ་འཐད་པའོ།། གལ་ཏོ་ཆོས་རྣམས་ཐམས་ཅད་དངོས་པོ་མེད་པ་ནི་ཇི་ལྟར་ན་ལས་དང་པོ་པས་སྦྱིན་པ་ལ་སོགས་པ་ལ་སྤྱོད་པར་འགྱུར་ཞེ་ན། ལན་ནི་སྦྱིན་པ་དང ་སྦྱིན་པ་ལ་སོགས་པ་ལ་སྤྱོད་པར་འགྱུར་ཞེ་ན། ལན་ནི་སྦྱིན་པ་དང་སྦྱིན་བདག་དང་སྦྱིན་པ་པོ་རྣམས་ཀྱི་ཆོས་རྣམས་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ངེས་པར་གཟུང་བའི་ཐབས་ལ་མཁས་པས་ཀུན་རྫོབ་ཏུ་སྤྱོད་ཅིང་ཡོད ་སུ་འདྲེས་པར་བྱེད་དོ་ཞེས་པ་ནི་དེའི་ངོ་བོ་ཉིད་ངེས་པར་གཟུང་བའི།། བདེན་པ་མཐོང་བས་དེ་ལྟར་དངོས་དང་དངོས་མེད་པ་དམིགས་སུ་མེད་པ་ལ། ཇི་ལྟར་དངོས་པོ་མེད་པར་ཀུན་ཏུ་ཤེས་ཞེས་པ་ནི་ལོག་པར་སྒྲུབ་པ་ལ། ལན ་ནི་ཀུན་རྫོབ་ཏུ་སྨྱོན་པ་ལ་སོགས་པ་རྣམ་པར་དཔྱོད་ཅིང་སྦྱིན་པ་ལ་སོགས་པ་སོ་སོར་མེད་པའོ་ཞེས་ཤེས་ནས་དོན་དམ་པ་ནི་མ་ཡིན་ཏེ། འདིར་སྦྱིན་པ་ལ་སོགས་པའི་ལམ་གྱི་བྱེ་བྲག་རྣམས་ཐམས་ཅད་དང་རྣམ་པ་ཐམས ་ཅང་དེ་རྣམས་ཤེས་པ་ཉིད་ཀྱིས་ཡེ་ཤེས་ལ་དངོས་པོ་དང་དངོས་པོ་མེད་པར་དམིགས་སུ་མེད་དོ་ཞེས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་བདག་ཉིད་ཀུན་རྫོབ་ཀྱང་གཞན་ལ་དོན་དམ་པ་ཡང་གཞན་ནམནྡ། ་པ་ནི་འདྲི་བ་ལ། ལནྡ་ནི་ཀུན་རྫོབ་ཉིད་དོན་དམ་པ་སྟེ། དེ་དག་གི་དེ་བཞིན་ཉིད་ནི་གཅིག་ཉིད་དེ། གང་དུ་འཕགས་པ་ཀླུ་སྒྲུབ་ཀྱིས། ཀུན་རྫོབ་སྟོང་པ་ཉིད་དུ་བཤད།། སྟོང་པ་ཉིད་ནི་ཀུན་རྫོབ་སྟེ།། མེང་ན་མི ་འབྱུང་ངེས་པའི་ཕྱིར།། བྱས་དང་མི་རྟག་དག་བཞིན་ནོ་ཞེས་གསུངས་ཏེ། འོན་ཀྱང་ཕུང་པོ་སྤྲུལ་པ་རྣམས་ལ་དོན་དམ་པའི་དངོས་པོའི་འདུ་ཤེས་རྣམས་ཡོད་པ་མ་ཡིན་ནོ་ཞེས་པ་ནི་ཀུན་རྫོབ་ཏུ་བསྟན་ཏེ། ཀུན་རྫོབ་ཏུ་ཡང་དངོས་པོ ་མེད་པའི་འདུ་ཤེས་རྣམས་ཀྱི་དངོས་པོའོ་ཞེས་པའོ།། དོན་དམ་པར་ནི་དངོས་པོ་མ་ཡིན་པ་ལ་དངོས་མེད་པ་ཡང་མ་ཡིན་ནོ་ཞེས་པ་ནི་བདེན་པ་གཉིས་ལའོ།། སྦྱོར་བ་དང་སྤྱོད་པས་འདིའི་ཚུལ་ལ་ཉེ་བར་དམིགས་པ་ཉིད་ཀྱིས་ཏེ། གཞན ་དུདུནུདུ་གི་གང་ལ་སྦྱི་ན་ཞེས་པ་ནི་ཇི་ལྟར་སྤྱོད་པ་ལ། ལན་ནི་སྤྲུལ་པ་བཞིན་དུ་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་སྦྱིན་པ་ལ་སོགས་པ་རྣམས་ཀྱང་ཐམས་ཅད་དུ་འཁོར་གསུམ་ཉེ་བར་མི་དམིགས་པས་སོ་ཞེས་པ་ནི་སྦྱོར་བ་ལའོ།། གལ་ཏེ་རྟོག ་པར་བྱེད་ཅེས་པས་སངས་རྒྱས་ན་ཐམས་ཅད་མཁྱེན་པ་དེ་ལ་མི་འགྲུབ་སྟེ་གཟུང་བ་དང་འཛིན་པ་དག་གིསོ།། དེ་ནས་རྟོགས་བྱ་མེད་ན་དེ་ལྟ་ན་ནི་ཅི་ཞིག་རྟོགས་པར་བྱེད་པས་སངས་རྒྱས་ཞེས་ཏེ། འདིའི་ལོན་ནི་རྟོགས་བྱ་དང་། རྟོག ་བྱེད་རོབ་ཏུ་རྟོགས་པའི་ཡང་དག་པའི་ཡེ་ཤེས་དེ་ལ་ཤིན་ཏུ་ཡོད་པ་མིན་ཞེས་པ་ནི་རྟོགས་པ་ལའོ།། ཡང་གསུངས་པ་ནི། ཡང་དག་པའི་དོན་ནི་སངས་རྒྱས་ཞེས་ཏེ་དེ་ལྟར་ཡང་ཀུན་རྫོབ་ཀྱི་ཕུང་པོ་ལྔའི་ངོ་བོ་ཉིད་དོན་དམ་པའི་ངོ ་ཉིད་མེད་པའོ་ཞེས་པ་ནི་བདེན་པ་གཉིས་ཀྱི་བདག་ཉིད་ནི་ཡང་དག་པའི་དོན་གྱི་ཡུལ་ཏེ། སྟོང་པ་ཉིད་དང་རོ་གཅིག་པ་ཉིད་གང་གིས་མངོན་སུམ་པ་དེ་ནི་དེ་ལྟར་བརྗོད་དུ་མེད་པ་སྟེ། གཞན་ཡང་དེ་བརྗོད་པ་ནི་ཆོས་རྣམས་ཐམས་ཅད་ཇི། ་ལྟ་བ་བཞིན་དུ་མངོན་པར་སངས་རྒྱས་པར་དེ་ལྟར་སངས་རྒྱས་ཞེས་པ་སྟེ། ཇི་ལྟ་བ་བཞིན་དུ་དེ་བཞིན་དུ་དེ་བཞིན་ཉིད་དང་རོ་གཅིག་པའི་རྣམ་པ་ཐམས་ཅད་དུ་མ་ལུས་པ་ཡང་དག་པར་སྒྲིབ་པ་དང་བཅས་པས་དབེན་པའི་ཡེ་ཤེས་ཉིད ་ཀྱིས་སངས་རྒྱས་ཉིད་ལ་ཤིན་ཏུ་ཡོད་པས་སངས་རྒྱསོ།། རྟོགས་པར་བྱེད་ཅེས་པས་ཀྱང་སངས་རྒྱས་ཏེ། བྱེད་པ་པོ་དང་ད་ལྟ་བ་ལའོ།། འདྲེར་ཆོས་རྣམས་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་མེད་པས་གཟུང་བ་དང་འཛིན་པས་གཟུང་བ ་རྣམ་པ་ཐམས་ཅད་དུ་མི་སྲིད་ལ་ཀུན་རྫོབ་ཏུ་མ་བརྟགས་པ་ན་ཉམས་དགའ་བའི་ཇི་ལྟར་བཱ་དེ་ལྟར་རོ་ཞེས་པོ་ནི་སངས་རྒྱས་དཀོན་མཆོག་ལའོ།། ཆོས་ནི་ཆོས་ཉིད་ངོ་བོ་ཉིད་མེད་པ་ཉིད་དུ་ཕུང་པོ་ལྔ་པོ་རྣམས་ཀྱི་རང་བཞིན་དོན་དམ་པའི ་ཕྱིར་སྒྲིབ་པ་གཉིས་ཀྱི་བག་ཆགས་དང་བཅས་པ་སྤངས་ནས་རྣམ་པར་དག་པ་བླ་ན་མེད་པའི་བྱང་ཆུབ་ཀྱི་ཡང་གནས་ཡིན་པའི་ཕྱིར་དཀོན་མཆོག་གོ་ཞེས་པ་ནི་ཆོས་དཀོན་མཆོག་སྟེ། གཙོ་བོ་རྟོགས་པར་འགྱུར་ཞེ་བྱང་ཆུབ་ཅེས ་བརྗོད་དེ། གང་དུ་ངོ་བོ་ཉིད་མེད་པར་རྟོགས་པར་འགྱུར་བ་དེ་བཞིན་གཤེགས་པའི་ཡེ་ཤོས་དེ་ཀུན་རྫོབ་པའི་ཆོས་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་ཕྱིར་ཆོས་དཀོན་མཆོག་ལ། གཙོ་བོའི་ཆོས་འདིའི་ཡུལ་ཉིད་པས ་ཀྱང་ཉེ་བར་བརྟགས་པས་བླ་ནཱ་མེད་པའི་བྱང་ཆུབ་བོ།། དེ་ལ་ཆོས་ཉིད་ཀྱི་ཕྱོགས་ཀྱི་དབང་དུ་བྱས་ནས་གསུངས་པ་ནི། བྱང་ཆུབ་ནི་སྟོང་པ་ཉིད་དང་དེ་བཞིན་ཉིད་ཡང་དག་པའི་མཐའ་དང་ཆོས་ཉིད་དང ་ཆོས་ཀྱི་དབྱིངས་སོ་ཞེས་པ་སྟེ། སྟོང་པ་ཉིད་ནི་ངོ་བོ་ཉིད་ལ། དེ་བཞིན་ཉིད་ནི་འགྱུར་བ་མེད་པའི་ཕྱིར་རོ།། ཡང་དག་པའི་མཐའ་ནི་དེ་ཁོ་ན་ཉིད་ཀྱི་རྒྱུ་མའི་ཕྱིར་རོ།། ཆོས་ཉིད་ནི་ཆོས་ཀྱི་རླུང་བཞིན་གྱི་ཕྱིར་རོ།། ཆོས་དབྱིངས ་ནི་འཕགས་པའི་ཆོས་རྣམས་ཀྱི་རྒྱུའི་ཕྱིར་རོ།། ཡེ་ཤེས་ཀྱི་ཕྱོགས་ཀྱི་དབང་དུ་བྱས་ནས་གསུངས་པ་ནི།། བྱང་ཆུབ་ནི་དེ་བཞིན་ཉིད་དང་ཕྱིན་ཅི་མི་ལོག་པའི་དེ་བཞིན་ཉིད་དང་གཞན་མ་ཡིན་པའི་དེ་བཞིན་ཉིད་དང་གཞན་དང ་ལྡན་པ་མ་ཡིན་པའི་དངོས་པོ་ནི་བྱང་ཆུབ་བོ་ཞེས་པ་ལ། བྱང་ཆུབ་ནི་རྟོགས་པའི་དེ་བཞིན་ཉིད་དེ། དེ་ཉིད་དོན་དམ་པར་ངོ་བོ་ཉིད་མེད་དེ། ཀུན་རྫོབ་ཀྱི་ངོ་བོའི་དངོས་པོ་ལ་ནི་དངོས་པོའི་ངོ་བོ་ཡོད་པ་མ་ཡིན་པས་སོ།། ཕྱིན ་ཅི་ལོག་ནི་ཡོད་པ་དང་མེད་པ་ཉིད་ལ་སོགས་པའི་ཕྱིན་ཅི་ལོག་དྲི་བཞིན་ཉིད་དུ་འཁྲུལ་པ་མེང་པ་ཉིད་དོ།། གཞན་མ་ཡིན་པའི་དེ་བཞིན་ཉིད་ནི་ཀུན་རྫོབ་ཏུ་གཞན་དུ་མ་རིག་པས་དབེན་པའི་ངོ་བོ་སྒྲོ་བཏགས་པས་དེ་ལྟར ་གཞན་དུ་མ་ཡིན་པ་སྟེ། ཀུན་རྫོབ་ཀྱི་ངོ་བོ་ཉིད་ཁོ་ན་དེའི་དེ་བཞིན་ཉིད་དང་དོན་དམ་པ་སྟེ། བདེན་པ་ཉིད་དང་མི་བདེན་པ་ཉིད་ལ་སོགས་པའི་སྤྲོས་པས་སྟོང་པ་ཉིད་དོ།། གཞན་དང་ལྡན་པའི་དངོས་པོ་མ་ཡིན་ཞེས་པ ་ནི་བྱང་ཆུབ་ཀྱི་རང་བཞིན་ནི་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་དེ་དེ་ལ་བདེན་པའི་དངོས་པོ་ཉིད་དང་བདེན་པའི་དངོས་པོར་ཤེས་པ་ཉིད་ཀྱི་མ་རིག་པའི་བག་ཆགས་ཀྱིས་བྱས་པ་ནི་གཞན་དང་ལྡན་པའི་དངོས་པོ་ལ། མ་རིག་པའི ་བགོ་ཆགས་ཟད་པས་དེ་དང་བྲལ་བ་ནི་གཞན་དང་ལྡན་པ་མ་ཡིན་པའི་དངོས་པོ་སྟེ། འཁྲུལ་པ་ཐམས་ཅད་ཀྱིས་དབེན་པའི་ཀུན་རྫོབ་དང་དོན་དམ་པར་རོ་གཅིག་པའི་ཡེ་ཤེས་ནི་བྱང་ཆུབ་བོ་ཞེས་པའི་དོན་ཏོ།། ཡང་གསུང ་བ་ནི། སངས་རྒྱས་རྣམས་ཀྱིས་རྟོགས་པ་ལ་བྱང་ཆུབ་ཅེས་པ་སྟེ། ཡང་ཆོས་ཉིད་ཀྱི་ཕྱོགས་ཀྱི་དབང་དུ་བྱས་ནས་གསུངས་པ་ནི། སངས་རྒྱས་རྣམས་ཀྱིས་མངོན་པར་རྟོགས་པར་བྱེབས། དེའི་ཕྱིར་བྱང་ཆུབ་ཅེས་བྱ ་ཅེས་བྱ་བ་ནི་རྟོགས་པར་འགྱུར་བའི་བྱང་ཆུབ་ཀྱོ་ལས་ལ་སྟེ། རབ་ཀྱི་མཐར་སོན་པ་ནྱ་དེ་བཞིན་གཤེགས་པར་གཟུང་བར་བྱ་ལ། དས་ཕུང་པོ་ལྔ་པོ་རྣམས་ཀྱིས་སྟོང་པ་ཉིད་ཁོ་ནའོ།། ལྡན་ཕུང་པོ་ལྔ་པོ་ངོ་བོ་ཉིད་མེད་པའི་ཕྱིར་རོ། ་སྟོང་པ་ཉིད་ཀྱང་གཟུང་དུ་མེད་ལ། བྱང་ཆུབ་ནི་དེའི་དེ་རྣམས་དང་རང་རང་གིས་ཀྱང་སྟོང་པ་ཉིད་པས་འཛིན་པ་མ་ཡིན་པ་ལོ་གང་ཡང་གཟུང་བ་དང་འཛིན་པའི་དབྱེ་བ་མེད་པ་མ་ཡིན་ཏེ། ཐ་དད་པ་དང་ཐ་དད་པ་མེད་པ་དག ་ནི་དངོས་པོའི་ཆོས་ཀྱི་ཕྱིར་རོ།། དེའི་ཕྱིར་ན་རྣམ་པ་མེད་པ་མ་ཡིན་ལ། རྣམ་པ་དང་བཅས་པ་ཡང་མ་ཡིན་ཞེས་པ་ཇི་ལྟར་བརྗོད་པའི་མཚན་ཉིད་ནི་བྱང་ཆུབ་བོ་ཞེས་པ་ནི་ལོག་པར་སྒྲུབ་པ་ལ། བདེན་པས་མ་རིག་པའི་བག། ་ཆགས་དང་བཅས་པ་སྤོང་གི། དོན་དམ་པ་ནི་ཕུང་པོ་ལ་སོགས་པ་རྣམས་ཀྱི་གཟུང་བ་དང་འཛིན་པའི་ཐ་དད་དང་ཐ་དད་ལ་སོགས་པའི་སྤྲོས་པ་མཐའ་དག་ལོག་པའི་རྣམ་པར་རྟོགས་པ་མེད་པ་ལ་ཡོངས ་སུ་དག་པའི་ཀུན་རྫོབ་མ་བརྟགས་ན་ཉམས་དགའ་བའི་དེ་ཁོ་ན་ཉིད་རྟོགས་པ་ནི་བྱང་ཆུབ་སྟེ། ཀུན་རྫོབ་ཏུ་ཡང་གདུལ་བྱ་ཁ་ཅིག་ལ་ཡང་ལྡོག་པས་ཕྱེ་ནས་རྣམ་པར་བཞག་པའོ།། མ་རིག་པ་དང་བཅས་ནས་སྐྱེས་པའི ་ཆེཆོས་རྣམས་ཐམས་ཅད་ནི་དོན་དམ་པར་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་གཟུང་བ་ལོ་སོགས་པ་ལྡོག་པས་རང་རིག་པ་ལ་སོགས་པ་ལྡོག་པར་ཚད་མས་ངེས་པས་མ་བརྟགས་ཉམས་གཟུང་བ་ལ་སོགས་པ་དང་རང་རིག་པ་ལ ་སོགས་པ་ནི་ཀུན་རྫོབ་ཏུ་རྣམ་པར་བཞག་པར་བྱའོ།། མ་རྟོགས་པོ་ལ་ནི་དངོས་པོ་ལ་ཅུང་ཞིག་རྟོགས་པའི་ཚད་མ་དང་ལྡན་པ་ལ་ནི་གཞན་དུ་འདིར་ཅུང་ཞིག་ནི་ཀུན་རྫོབ་པ་ལ་ཅུ་དུ་ཞིག་ནི་དངོས་པོའོ་ཞེས་ཏེ། རྒྱ་ཆེར་སྤྲོས་པས ་དགོངས་པ་མེད་པའོ།། དེའི་ཕྱིར་སྟོང་པ་ཉིད་དང་རོ་གཅིག་པའི་སྟོང་པ་ཉིད་ཀྱིས་ཡུལ་ལ་རྣམ་པར་དག་པའི་བློས་སྟོང་པ་ཉིད་དུ་རྟོགས་པར་དེ་ཉིད་ཆོས་དཀོན་མཆོག་ཅེས་པ་ནི་ཆོས་དཀོན་མཆོག་གོ།། འདིར་བྱང་ཆུབ་སེམས ་དཔའི་དགེ་འདུན་ནི་དགེ་འདུན་ད། གོ་སྟེ། དེ་ཡང་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ལས་ཐམས་ཅད་དེའི་ཁོངས་སུ་གཏོགས་པར་འགྱུརརོ་ཞེས་པ་དེ་ནི་མི་འཐད་དེ། ཡང་དག་པར་བཅོམ་པའི་ཕྱིར་དང་། མི་འབྲལ ་བ་དང་མི་བྱེད་པ་དང་མི་འཕྲོགས་པའི་ཕྱིར་རོ་ཞེས་པའི་དོན་ཏེ། གང་གི་ཕྱིར་གང་གིས་རྟོགས་ཞེས་པ་ནི་ལོག་པར་སྒྲུབ་པ་ལ། ལན་ནི་ཡང་དག་རྫོགས་པའི་བྱང་ཆུབ་ནི་ལྷ་དང་བཅས་པ་བདུད་དང་བཅས་པའི་འཇིག་རྟེན་གྱིས་གཞོམ ་དུ་མེད་ཅིང་དམན་པའི་བྱང་ཆུབ་ཀྱི་ཆོས་རྣམས་མི་དགེ་བ་རྣམས་ཀྱིས་མི་འཕྲོགས་པ་སྟེ། ཇི་སྐད་དུ་བཤད་པའི་ངེས་པར་འབྱེད་པའི་ཡན་ལག་ནས་བཟུང་སྟེ་ཞེས་པ་ལ་སོགས་པ་ནི་དགེ་འདུན་དཀོན་མཆོག་ལའོ།། ཚིག་ལེའུར་བྱས ་པ་ལས་ཐབས་ལ་མཁསོ་པ་ཐབས་སུ་བཤད་པ་ནི། ཡུལ་གྱིས་ཡུལ་ཅན་བསྟན་པ་སྟེ། གལ་ཏེ་ཡང་བདེན་པ་མཐོང་བ་དག་མཐོང་བ་དག་གི་ཐབས་ལ་མཁས་པར་བཤད་ནས། དེ་ལྟར་ན་ཡང་དེ་སྲིད་དུ་དམན་པའི་བྱང་ཆུབ་དག་ལས་ལྡོག་པོ ་མེད་དེ། སྦྱིན་པ་ལ་སོགས་པ་རྣམས་ནི་དམིགས་པ་མེད་པས་མེད་དེ་ཞེས་པ་ནི་ལོག་པར་བསྒྲུབ་པ་ལ་ལན་ནི་ཐམས་ཅད་མཁྱེན་པའི་སེམས་ཀྱིས་སྦྱིན་པ་ལ་སོགས་པ་རྣམས་ལ་སྤྱོད་པའི་ཀུན་རྫོབ་དང་། དོན་དམ་པར་འཁོར་གསུམ ་མི་དམིགས་ཤིང་སྦྱིན་པ་ལ་སོགས་པ་རྣམས་ཀྱི་རྣམ་པར་སྨིན་པར་སེམས་ཅན་ཐམས་ཅད་རྣམ་པར་གྲོལ་བའི་ཕྱིར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྤྲོ་བར་བྱེད་དེ་ཞེས་པ་ལ་སོགས་པ་ཅན་ནི་ཐབས་ལ་མཁས་པའོ། ་ཞེས་པ་ནི་ཐབས་ལ་མཁས་པ་ས། རྟོགས་པ་ནི་མངོན་པར་རྟོགས་པ་ལ། ཐུབ་པ་ཞེས་པ་ནི་ཐུབ་པ་ཉིད་ཀྱི་རྟོགས་པ་ལོ་མངོན་དུ་ཕྱོགས་པའི་ཡང་དག་པོར་རྟོགས་པ་ནི་དངོས་པོ་དང་དངོས་པོ་མེད་པ་དང་། གཉི་གའི་ངོ་བོར་རྟོགས་པ་བཀག་པས་དེ ་ལ་མངོན་པར་རྟགས་པ་མྱེད་དོ་ཞེས་པ་ནི་ལོག་པར་རྟོགས་པ་ལཱ། ལན་ནི་མངོན་པར་རྟོགས་པ་པད་དེ། གང་དུ་ཟློས་པ་མེད་པའི་དངོས་པ་མ་ཡིན་ཞིང་དངོས་པོ་མེད་པ་མ་ཡིན་ནོ་ཞུས་པ་ནི་མངོན་པར་རྟོག་པར། ་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕྱིན་ཅི་ལོག་བཞིའི་སྤྲོས་པ་དང་བྲལ་བའི་ཕྱིར་དེ་ནི་ཉན་ཐོས་ཀྱི་ལམ་དུ་འགྱུར་གྱི་སངས་རྒྱས་ཀྱི་ལམ་ནི་མ་ཡིན་ནོ་ཞེས་པའི་ལན་ནི། ཇི་སྲིད་དུ་རྣམ་པར་རྟོག་པའི་སྤྲོས་པ་དང་བཅས་པ་དེ་ཐམས ་ཅད་ནི་ཕྱིན་ཅི་ལོག་སྟེ། དེའི་གཉེན་པོ་ནི་སྤྲོས་པ་མེད་པ་ཆོས་ཀྱི་དབྱིངས་རྣམ་པར་རྟོག་པ་མེད་པའི་ཕྱིར་དེ་སྤྲོ་བར་མི་བྱེད་ཅིང་རྣམ་པར་རྟོག་པ་མི་བྱེད་ལ་དངོས་པོ་དང་དངོས་པོ་མེད་པའི་སྤྲོས་པ་མེད་དེ། གཉི་ག་ཡང་ངོ་བོ་ཉིད་མེད་པའི་ཕྱིར ་རོ་ཞེས་པ་ནི་ཕྱིན་ཅི་ལོག་པའོ།། འདིར་བྱང་ཆུབ་སེམས་དཔའི་ལམ་ཤེས་པ་ཉིད་ཀྱིས་ལམ་རྣམ་སོ་ཐམས་ཅད་ཀྱི་འབྲས་བུ་དང་བཅས་པར་བྱེད་ཅིང་། དེའི་ལམ་དེ་ཡོངས་སུ་རྫོགས་པར་བྱེད་པས་དེའི་འབྲས་བུ་མངོན་སུམ་དུ་བྱེད ་ནས་བརྒྱད་པ་དང་དྲགུ་རྒྱུན་ཏུ་ཞུགས་པ་ལ་སོགས་པར་ཐལ་བར་འགྱུར་ཞེས་པའི་ལན་ནི། སེམས་ཅན་གང་ཞིག་གང་གི་འབྲས་བུ་ལ་རྣམ་པར་དགོད་པར་བྱ་བ་དེ་དེའི་ལམ་རྣམ་པར་བགོད་དེ་སྲིད་དུ་སངས་རྒྱས་ཉིད་ཀྱི་བར་ལ ་སྟེ། རང་བཞིན་ཉིད་ནི་ཐོག་པ་དམན་པའི་ས་ཐམས་ཅད་ཡེ་ཤེས་ཀྱིས་མཐོང་ནས་མི་གནས་ཤིང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་གནས་པར་འགྱུརརོ་ཞེས་པ་ནི་ལམ་ལའོ།། གལ་ཏེ་མི་མཐུན་པའི་ཕྱོགས་ཀྱི་ཉོན་མོངས་པ་དེ ་རྣམས་འདུལ་བའི་ཆོས་འདུལ་བ་དེ་གལ་ཏེ་ཡོད་ན། དེ་ལྟར་ན་སེམས་ཅན་ཉོན་མོངས་པ་མེད་དེ། དེས་དེ་རྣམས་ཀྱི་ལྡན་པ་འམ་མི་ལྡན་པར་ཁས་བླངས་པར་མི་བྱའོ་ཞེས་པའི་ལན་ནི། དེ་ལྟར་འཕགས་པའི་གང་ཟག་རྣམས་ཐམས་ཅད་དེ ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ལ་སོགས་པ་རྣམས་དང་ལྡན་པ་དང་མི་ལྡན་པ་ཡང་མིན་ལ་བྲལ་བ་ཡང་མ་ཡིན་པའི་མཚན་ཉིད་གཅིག་པ་སྟེ། འདི་ལྟ་སྟེ་མཚན་ཉིད་མེད་པའོ་ཞེས་པ་ལ་འདི་ནི་དེ་བཞིན་དུ་ཆོས་འདུལ་བ་སྟེ། ་གང་ཞིག་ལྡན་པ་དང་བྲལ་བའི་རྟོག་པ་འདུལ་བས་སོ་ཞེས་པ་ལ་དགོངས་པའོ་ཞེས་པ་ནི་གཉེན་པོ་དང་མི་མཐུན་པའི་ཕྱོགས་དག་ལ་སྟེ། ཆོས་ལ་དངོས་པོ་མེད་པ་ནི་ཆོས་ཀྱི་མཚན་ཉིད་དོ་ཞེས་པ་ནི་ལོག་པར་སྒྲུབ་པ་ལ་ལན་ནི། ་བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཐམས་ཅད་ཀྱི་མཚན་ཉིད་ཐ་དད་པར་བསྟན་པར་བསྟན་པ་ནི། སེམས་ཅན་རྣམས་གཞུག་པའི་ཕྱིར་ཀུན་རྫོབ་ཏུ་ལ། དོན་དམ་པར་ནི་ཆོས་རྣམས་ཐམས་ཅད་ཀྱི་མཚན་ཉིད་དམིགས་སུ་མེད ་པའི་ཕྱིར་མཚན་ཉིད་ལྟ་སླབ་པར་མི་བྱ་ཞིང་མཚན་ཉིད་མེད་པས་ཀྱང་མ་ཡིན་ལ་གང་དུ་དེ་བཞིན་གཤེགས་པ་རྣམས་སྐྱེས་ཀྱང་རུདྷ་མ་སྐྱེས་ཀྱང་རུང་སྟེ། མཚན་ཉིད་ཀྱི་དབྱིངས་འདི་ནི་དེ་བཞིན་གནས་སོ་ཞེས་པ་ནི་མཚོན ་ཉིད་ལའོ།། གལ་ཏེ་རང་དང་སྤྱིའི་མཚོན་ཉིད་མེད་པས་ཆོས་རྣམས་ཐམས་ཅད་མཚན་ཉིད་མེད་པས་ན་ཇི་ལྟར་དེ་ལྟར་དེ་རྣམས་སྒོམ་པར་བྱེད་པར་འགྱུར་ན་རབ་འབྱོར་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱིས་ཆོས་རྣམས་ལ ་དངོས་པོར་འདུ་ཤེས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་མེད་དེ་ཕྱིན་ཅི་ལོག་གི་ཕྱིར་ལ། དེ་བཞིན་དུ་དངོས་པོ་མེད་པའི་འདུ་ཤེས་ཀྱིས་ཀྱང་མ་ཡིན་ནོ།། ལྡན་ནི་ཆོས་ཀྱི་འདུ་ཤེས་ཀྱིས་བསྒོམ་པ་དང ་བྲལ་བས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་སྟེ། བདེན་པ་མཐོང་བ་ནི་ཆོས་རྣམས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱིས་བསྒོམ་པར་འགྱུར་བས། དངོས་པོའི་འདུ་ཤེས་ཀྱིས་མ་ཡིན་ཞིང་། དངོས་པོ་མེད་པའི་འདུ་ཤེས་ཀྱིས ་ཀྱང་མ་ཡིན་ཏེ། དངོས་པོ་དང་དངོས་པོ་མེད་པའི་འདུ་ཤེས་ཐམས་ཅད་རབ་ཏུ་བཀག་པའི་ཕྱིར་ཏེ། འདུ་ཤེས་ནི་སྤྲོས་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྤྲོས་པ་མེད་པའོ་ཞེས་པའི་བསྒོམ་པ་ལ་སྟེ། ལེའུ་ཉི་ཤུ་པའི་བྱེད་ཕྱི་མ ་ནས་བརྣམས་ནས་ཇི་སྲིད་དུ་ལེའུ་བྱེད་དང་དགུ་རྣམས་ནི་རྩེ་མོའི་མངོན་པར་རྟོགས་པ་སྡེ་ལྔ་པོའོ།། མེ་ཏོག་བཀྲམ་པའི་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའི་གནས་སྐབས་སུ་ལེའུ་འདིར་ལུང་བསྡུ ་པསྟེ་འདིར་དེས་ཉེ་བར་མཆེན་པོའི་ལེའུའོ།། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོད་པའི་འགྲེལ་པའི་གནད་ཀྱི་ཟླ་བའི་འོད་ཅེས་བྱ་བ་པཎྜི་ཏྱ་ཆེན་པོ་འཇིགསོ་མེང་འབྱུང་གནས་སྦས་པས་མཛད་པ་ལེའུ་ཉི་ཤུ་རྩ་བརྒྱ ་པའོ།། །། བསྟན་བཅོས་སུ་རྣམ་གསུམ་རྣམ་པ་བཅུ་མཐར་གྱིས་པོ་ཞེས་བསྟན་པ་ནི། མཐར་གྱིས་པའི་མངོན་པར་རྟོགས་པ་སྟེ། རྩེ་མོ་མངོན་པར་རྟོགས་པའི་རྗེས་ཀྱི་བྱེ་བྲག་སུམ་ཅུ་རྩ་གཅིག་པ་ནས་བརྩམས་ཏེ་ཅིག། ་ཅར་སྟེ། བཀག་པའི་ཕྱིར་རྣམ་པར་བསྟན་པ་རྣམས་ལ་ཐར་པའི་ཆ་དང་མཐུན་པ་ལ་གསུམ་སྔ་མ་བཞིན་དུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་བྱེ་བྲག་བཅུ་གཉིས། མཐོང་བའི་ལམ་ལ་བྱེ་བྲག་བཅུ་དྲུག། བསྒོམ་པའི ་ལམ་ལོ། བླག་དགུའོ་ཞེས་པས་ནཱ་བྱེ་བྲག་བཞི་བཅུ་སྟེ། དེ་ལ་བྱེ་བྲག་རེ་རེ་ལ་སྦྱིན་པ་ལ་སོགས་པ་བྱེ་བྲག་བཅུ་གསུམ་ཡང་ཤེས་པར་བྱ་སྟེ། དེ་ལྟར་ཡང་འཕགས་པ་རྣམ་པར་གྲོལ་བའི་སྡེས་བཤད་དེ། བཅོམ་ལྡན་འདས ་ཇི་ལྟར་མ་བྱང་ཆུབ་སེམས་དཔའ་ཡིས་མཐར་གྱིས་བྱ་བ་དང་མཐར་གྱིས་བསློབ་པ་དང་། མཐར་གྱིས་བསྒྲུབ་པ་རབ་ཏུ་ཤེས་པར་བྱ་ཞེས་པའི་འགྲེལ་བར་བྱ་བ་སྨོས་པས་ནི་སེམས་བསྐྱེད་པར་ཤེས་ལ། བསླབ་པ་སྨོས ་པ་ནི་ངེས་པོར་འབྱེད་པའི་ཆ་དང་མཐུན་པའོ།། སྒྲུབ་པོ་སྨོས་པས་ནི་མཐོང་བ་དང་བསྒོམ་པའི་ལམ་དག་གིས་ཏེ་གསུམ་སྨོས་པས་མཐར་གྱིས་པའི་མངོན་པར་རྟོགས་པར་བཤད་དོ།། དེའི་རྒྱས་པར་བཤད་པ་ནི། སྦྱིན་པ ་ཤེས་རབ་པར་དོག་དང་།། སངས་རྒྱས་ལ་སོགས་དྲན་དང་ཆོས།། དངོས་མེད་ངོ་བོ་ཉིད་ཀྱིས་ཏེ། མཐར་གྱིས་པ་ཡི་བྱ་བར་བཞེད།། བྱ་བ་དང་བསླབ་པ་པ་བསྒྲུབ་པའོ་ཞེས་པ་ནི་དོན་ཏོ།། འདིར་གསུངས་པ་ནི། གོཞན་ཡང ་ཞེས་པ་ལ་སོགས་པ་སྟེ། འདི་ལྟར་ནི་འཆད་པར་འགྱུར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐར་གྱིས་པའི་བྱ་བར་ཤེས་པར་བྱའོ།། ཆོས་ཐམས་ཅད་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ།། ཆོས་ནི་འདི་ལྟར་ལམ་ལ་བྱང་ཆུབ་ནི་དེ ་ཉིད་དོ།། ཆགས་པ་མེད་པ་ནི་གེགས་མེད་པ་ཉིད་དེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཐར་གྱིས་བྱ་བའི་སེམས་དང་པོ་བསྐྱེད་པ་ལ་སོགས་པ་རྣམས་ལ་སྟེ། འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་སེམས ་དང་པོ་བསྐྱེད་པ་ནས་བརྩམས་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། གཞན་རྣམས་ཀྱང་དེ་ལ་ཡང་དག་པར་ལེན་དུ་གཞུག་སྟེ། སྦྱིན་པ་དེས་ཀྱང་ལོངས་སྤྱོད་ཀྱི་ཕུང་པོ་ཆེན་པོ་ཐོབ་ནས་སྦྱིན་པར་བྱེད་ཅིང་། སངས་རྒྱས་ཀྱི་ཞིང ་ངསངས་སྦྱོང་བར་བྱེད་པ་དང་། སེམས་ཅན་རྣམས་ཐེག་པ་གསུམ་ལ་རབ་ཏུ་བཀོད་ནས་འཁོར་བ་ལས་ཡོངས་སུ་སྒྲོལ་བར་བྱེད་པ་དེ་ཐམས་ཅད་ནི་དམིགས་པོ་མེད་པའི་བྱ་བ་སྟེ། ངོ་བོ་ཉིད་མེད་པའི་ཕྱིར་རོ་ཞེས་པ་ནི་སྦྱིན་པའི་ཕ ་རོལ་ཏུ་བྱིན་པས་མཐོར་གྱིས་པའི་བྱ་བའོ།། དེ་ལྟར་ཚུལ་ཁྲིམས་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམས་ཀྱང་དྲུག་ཅ་མཐར་གྱིས་བྱ་བའོ།། ཆོས་ཐམས་ཅད་མི་ཕྱེད་ཅེས་པ་ནི་རྗེས་སུ་དྲན་པོ་དྲུག་སྟེ། ཆེས་ཐམས་ཅད ་སེམས་ཀྱིས་འཛིན་པའི་ཕྱིར་ཏེ། དེ་རྣམས་དབྱེར་མི་ཕྱེད་པས་ཉིད་དེ་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་ཏེ། དེ་ལྟར་ནི་ཡང་བྱང་ཆུབག་སེམས་དཔའི་སེམས་དང་པོ་བསྐྱེད་པོ་ནུས་བཟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། ་ལྡན་པའི་ཡིད་ལ་བྱེད་པོ་རྣམས་ཀྱིས་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ལྷག་པར་མོས་པོའི་རྗེས་སུ་དྲན་པར་སྒོམ་པར་བྱེད་ཅིང་། གཞན་ཡང་དེ་ལ་རབ་ཏུ་བཀོད་པར་བྱེད་ལ། དེ་ཡང་དངོས་པོ་མེད་པའི་ངོ་བ ་ཉིད་པས་ཆོས་ཐམས་ཅད་མངོན་པར་བྱང་ཆུབ་ནས་ཆོས་བསྟན་པས་སེམས་ཅན་ཐར་བར་བྱེད་པ་མེད་དོ།། དེ་ལ་སངས་རྒྱས་བཅོམ་ལྡན་འདས་ནི་གཟུགས་ལ་སོགས་པའི་ཕུང་པོ་རྣམས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བར་ཡིད། ་ལ་བྱེད་ལ། དོན་དམ་པར་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར། དེ་རྣམས་ལ་དྲན་པ་མེད་པོ་ཅིང་ཡིད་ལ་བྱེད་པ་མྱེད་པ་ནི་སངས་རྒྱས་རྗེས་སུ་དྲནྡ་པའོ།། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་དགེ་བའི་ཆོས་རྣམས་ལ ་ཇི་སྲིད་དུ་འདུས་བྱས་དང་འདུས་མ་བྱས་པའི་ཆོས་རྣམས་ཀྱི་ཡིད་ལ་མི་བྱེད་དོ།། དེ་རྣམས་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར། དེ་ལྟར་ཡིད་ལ་མི་བྱེད་དོ་ཞེས་པ་ནི་ཆོས་རྗེསུ་དྲན་པའི།། གང་འདིར་བཅོམ་ལྡན་འདས་ཀྱི་ཕྱིར ་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་དང་། ཉན་ཐོས་ཀྱི་དགེ་འདུན་སྐྱེས་བུ་ཆེན་པོའི་གང་ཟག་བརྒྱད་རྣམས་ཏེ། དེའི་ངོ་བོ་ཉིད་ནི་ཡོད་པ་མ་ཡིནོ་ཞེས་པ་ལ་མི་བྱེད་པ་ནི་དགེ་འདུན་རྗེས་སུ་དྲན་པའོ།། དེ་ནས་ཤོས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཉིད་ན། མ་ཉམས་ཤིང་སྐྱོན་མེད་པ་ལ་མ་འདྲེསོ་ཤིང་ལྷང་མ་ཞུགས་པ། གཞན་དུ་རྙོག་པ་མ་གྱུར་ཅིང་འདྲ་འདྲེར་མ་སོང་བ་ལ་སྨད་པའི་སེམས་པས་བསྔགས་ཤིང་ཤིན་ཏུ་དག་པཱི་ཏི་འཛིན་ལ་གན་བཱི་ནུ ་ཁྲིམ་ལ་གནས་པ་ཉིད། དེའི་ཚུལ་ཁྲིམ་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཡོད་ལ་བྱའོ།། ཞེས་པ་དེ་ལྟར་ཡིད་ལ་མི་བྱེད་པ་ནི་ཚུལ་ཁྲིམས་རྗེས་སུ་དྲན་པའོ།། དེ་ལམ་ཉམས་པ་ན་མི་འཕྲ་སྟེ། བསླབ་པ་མང་པོ་ལས་མ་འོངས་པའོ།། སྐྱོན་མེད ་པ་ནི་ཇི་ལྟར་བླངས་པ་ལ་གཅིག་ལ་ཡང་མི་འདའ་བའོ།། མ་འདྲེས་པ་ནི་སྲིད་པའི་སྤྱོད་པ་ཕྱིར་མ་བསྔོས་པའི་ཕྱིར་རོ།། ལྷད་མ་ཞུགས་པ་ནི་མི་དགེ་བ་ཉིད་དང་འདྲེས་པ་མེད་པའི་ཕྱིར་རོ།། མ་ཉམས་པ་ལ་སོགས ་པའི་ཡོན་ཏན་དང་ལྡན་པ་གང་དེ་རྙོག་པར་མ་གྱུར་པ་སྟེ། སྲེད་པ་ལེན་པ་ལ་སེམས་ཅན་ཐར་པར་བྱེད་པའི་ཕྱིར་རོ།། དེའི་ཕྱིར་ན་འཕགས་པ་རྣམས་ཀྱི་བསྔགས་པའི་ཏིང་ངེ་འཛིན་ལ་ལྡོག་པར་མི་འགྱུར་ཏེ། ཚུལ་ཁྲིམས་དང་ལྡན ་སེམས་པས་མཉེམ་པར་བཞགག་པའི་ཕྱིར་རོ།། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་ཟང་ཟིང་དང་ཆོས་ཏེ་བདག་གི་ཡན་ལག་དང་ཉིད་ལག་ཀྱང་གཏོང་ཞིང་། དེ་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཡིད་ལ་བྱེད་པས ་སོ་ཞེས་དེ་ལྟར་ཡིད་ལ་མི་བྱེད་པ་ནི་རྟོག་པོ་རྗེས་སུ་དྲན་པའོ།། གང་རྒྱུན་ཏུ་ཞུགས་པ་དང་རྒྱལ་ཆེན་བཞིའི་རིགས་རྣམས་ཇི་སྲིད་དུ་གཞན་འཕྲུལ་དབང་བྱེད་ཀྱི་བར་གྱི་ལྷ་རྣམས་སུ་སྐྱེས་པ་དེ་རྣམས་ཐམས་ཅད་དངོས་པོ་མེད་པའི ་ངོ་བོ་ཉིད་དོ།། ཞེས་པས་དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པ་ནི་ལྷ་རྗེས་སུ་དྲན་པའོ།། དེ་ལྟར་རྗེས་སུ་དྲན་པ་དྲུག་པོ་རྣམས་ནི་མཐར་གྱིས་པའི་བྱ་བ་དྲུག་གོ། ཆོས་ཐམས་ཅད་འབྱུང་བ་མེད་པའི་ཕྱིར་ཞེས་པ་ནི་རང་གི་མཚན ་ཉིད་འཛིན་པའི་ཕྱིར་ན་ཆོས་ཏེ། ཕུང་པོ་ལྔ་ལ་སོགས་པས་ནས་ཇི་སྲིད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ནི་དེ་ལྟར་ཆོས་རྣམས་ཐམས་ཅད་ལ། དེ་རྣམས་འབྱུང་བ་མེད་པ་མོ་སྐྱེས་པའི་དངོས་པོ་མེད་པའི་ངོ་བོ་ཉིད ་མང་དུ་བྱུང་བར་ཤེས་པར་ནི་མཐར་གྱིས་པའི་བྱ་བར་ཤེས་པར་བྱའོ།། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་གཟུང་སྟེ། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ ་ལྷག་པར་མོས་པས་དྲན་པ་ཉེ་བར་བཞག་པ་ནས་ཇི་སྲིད་དུ་རྣམ་པོ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྒོམ་པར་བྱེད་ཅིང་། དེ་ཡང་དངོས་པོ་མེད་པའི་ངོ་བོ་ཉིད་པས་ཆོས་ཐམས་ཅད་མངོན་པར་བྱང་ཆུབ་པ་མེད་པས་རྨོ ་ཀྱི་འཁོར་ལོ་སྐོར་བར་བྱེད་ཅིང་ཐེག་པ་གསུམ་པོ་རྣམས་ཀྱིས་སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་གྲོལ་བར་བྱེད་པའོ་ཞེས་པ་ནི་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་པ་སྟེ། མཐར་གྱིས་པོ་ཞེས་བྱ་བ་བཅུ་གསུམ ་མོ།། འདིའི་གོང་གི་ཀླན་ཀ་ནི་རང་བཞིན་ཉིད་ཀྱིས་བསམ་ཤིང་། ལན་ནི་རྒྱུས་ཀྱིས་བཏབ་པར་བརྗོད་པར་བྱ་སྟེ། གལ་ཏེ་ངོ་བོ་ཉིད་སྟོང་པ་ཉིད་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་སྒོམ་པར་བྱེད་ན། དེ་ནཱ་ནི་དྲྀ་བསྒོམ་པ ་དོན་མེད་དོ།། རི་བོང་གི་རཱ་བསྒོམ་པ་བཞིན་ནོ་ཞེས་པ་ནི་ཀླན་ཀཱ་ལ། ལན་གསུངས་པ་ནི། ཆོས་ཐམས་ཅད་འགྱུར་བ་མེད་པར་མཉམ་པ་ཉིད་ཅེས་པ་སྟེ། འགྱུར་པ་མེད་པ་ནི་ཆོས་ཀྱི་དབྱིངས་ཏེ་རང་བཞིན་གྱིས་ངོ་བོ་ཉིད ་མེད་པས་དེ་མཉམ་པ་སྟེ་རོ་གཅིག་པ་ལ། ཀུན་རྫོབ་ཀྱི་ངོ་བོའི་ཆོས་རྣམས་ཐམས་ཅད་དང་། དེའི་བདག་ཉིད་ཀྱི་དོན་དམ་པའི་ཆོས་ཉིད་ལ་བསྒོམ་པར་བྱ་བ་མེད་པ་ནི་འཕགས་པའི་ཆོས་ཀྱི་རྒྱུར་འགྱུར་བ་སྟེ། དེ་ཇི་ལྟར་ན ་དོན་མེད་པར་འགྱུར་རོ།། འོ་ན་སོ་སོར་རང་རིག་པའི་བདག་ཉིད་དང་འཛིན་པའི་རྣམ་པར་རིག་པ་ཡང་ཡོད་ལ། དེ་ལས་གཟུང་བ་ཡང་ཡོད་ཅེས་པས་ཆོས་རྣམས་ཐམས་ཅད་ལ་ངོ་བོ་ཉིད་མེད་པ་མི་རིགས་སོ་ཞེས་པ་ནི ་ཀླན་ཀ་ལ་ལན་ནི། ཆོས་ཐམས་ཅད་བདག་མེད་ཅིང་རྣམ་པར་རེག་པ་མེད་དོ་ཞེས་པ་སྟེ། བདག་ཉིད་རྟག་པ་གཅིག་པའི་ངོ་བོ་ཉིད་ནི་ཀུན་རྫོབ་ཏུ་ཡང་ཡོད་པ་མ་ཡིན་ལ། རྣམ་པར་རིག་པའི་རྣམ་པར་ཤེས་པ་ནི་དོན་དམ་པར་མེད་པ་སྟེ། གང ་དུ་ཤེས་རབ་ཀྱི་རྗེས་སུ་རྟོགས་པའི་ཚད་མས་ངེས་ལ། འདིར་འཛིན་པ་པོ་མེད་པས་གཟུང་བ་དང་འཛིན་པ་མེད་པས་ཏེ། རྟེན་ཅིང་འབྲེལ་པ་ལས་སྐྱེས་པའི་ཕྱིར་དང་། གཅིག་དང་དུ་མ་དང་བྲལ་བའི་ཕྱིར་ན་ཆོས་ཐམས་ཅད་ངོ་བོ་ཉིད་མེད ་པ་ཉིད་དུ་གྲུབ་སྟེ། གཟུགས་ལ་སོགས་པ་སྒྲ་རྣམས་ཀྱིས་གང་རྗོད་པར་བྱེད་པ་དེ་ཉིད་གཟུགས་ལ་སོགས་པ་སྟེ། དེ་དག་ནི་ཡོད་པས་གང་དུ་ངོ་བོ་ཉིད་མེད་པ་ཡིན་ཞེས་པ་ནི་ཀླན་ཀ་ལི། ལན་ནཽ་མིང་ཙམ་ཞེས་པ་ལ་སོགས་པ་སྟེ། ་དོན་གྱི་སྟོང་པའི་མིང་ནི་མིང་ཙམ་ལ། དེས་ཆོས་དེ་རྣམས་ལ་ཐམས་ཅད་མངོན་པར་རྗོད་པར་བྱེད་དེ། དེས་ན་དེ་རྣམས་ཐ་སྙད་དུ་ཡོད་དེ་ཞེས་མིན་ཏེ། དེ་ན་གང་དུ་ཡང་མེད་དེ། དོན་མེད་པས་གང་དུ་ཡང་བརྗོད་པ་པོ་མེད་པའི་ཕྱིར་དང་།། རྗོད ་པར་བྱེད་པ་ཡང་གང་དུ་ཡང་མེད་དེ། ལུས་ཀྱི་འམ། སེམས་ལ་བརྗོད་པར་བྱ་བ་དང་། རྗོད་བྱེད་དག་མེད་པས་སོ།། ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ཉེ་བར་བསྡུ་བའོ།། ཐ་སྙད་མེད་པར་ནི་བརྗོད་པ་སྟེ། འདི་རྣམས་ལ་དེ་དག ་མེད་པའི་ཕྱིར་རོ།། དེའི་ཕྱིར་ན་བརྗོད་དུ་མེད་པའོ།། འོ་ན་གཟུགས་ལ་སོགས་པ་རྣམས་ལ་ཚད་མ་དང་ལྡན་པའི་ཕྱིར་ན་སྟོང་པ་ཉིད་ཀྱང་ཚད་དང་ལྡན་པ་ལ་དེ་ལྟར་དེ་ལ་དམིགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚད་དང་ལྡན ་པར་འགྱུར་པའི་ཕྱིར་མི་འདོད་པ་ཞེས་པ་ལ། ལན་གསུངས་པ་ནི། ཆོས་ཐམས་ཅད་ལ་ཚད་མེད་ཅེས་པ་སྟེ། ཆོས་རྣམས་ཐམས་ཅད་ལ་ནི་ཚད་མེད་དེ། ངོ་བོ་ཉིད་མེད་པའི་ཕྱིར་ན་མཁའ་ལྟ་བུ་ཉིད་དེ། དེས་ན་དེའི་སྟོང་པ ་ཉིད་རྣམས་ཀྱང་ཚོད་མེད་ལ། དེ་ཡིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དམིགས་པས་ཐ་དད་པ་མེད་པའི་ཕྱིར་རོ།། གལ་ཏེ་ཕུང་པོ་ལ་སོགས་པ་མེད་ན་གང་གིས་འདི་བརྗོད་པར་འགྱུར་ཞེས་པ་ནི། ཀླན་ཀ་ལཱ། ལན་གསུངས་པ་ནི།། ་ཆོས་ཐམས་ཅད་མཚན་མ་མེད་པའོ་ཞེས་པ་སྟེ། མཚན་མོས་སྒྲོ་བཏགས་པའི་རང་གི་མཚན་མ་མེད་པ་སྟེ། མཚན་མ་ནུབ་ཅིང་ཆོས་ཐམས་ཅད་སྒྱུ་མ་བཞིན་ངོ་བོ་ཉིད་མེད་པ་ཉིད་ལ། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ་དེ་ཡིས་རྟེན་ཅིང་འབྲེལ་པར་འབྱུང་བར་ཕུང་པོ་ལ་སོགས་པ་རྣམས་སྒྱུ་མའི་སྐྱེས་བུ་ལ་སོགས་པ་བཞིན་སྤྲོས་པ་མེད་པར་སྣང་བར་འགྱུར་རོ།། འོ་ན་འདིར་རྣམ་པར་རྟོག་པའི་མཚན་མ་རྣམས་ཡོངས་སུ་སྤང་བའི་ཆོས་ཀྱི་དབྱིངས ་ཡང་དག་པར་ཡིད་ལ་བྱེད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་ཡི་ན་ནོ་ཞེས་པ་ནི་ཀླན་ཀ་ལ། ལན་ནི། ཆོས་ཐམས་ཅད་ངེས་པར་འབྱེད་པ་མེད་པ་ཞེས་ཏེ། ཆོས་ཐམས་ཅད་ངོ་བོ་ཉིད་དུ་རྟོགས་པ་མངོན་སུམ་དུ་བྱེད་པོ་ནི་དེས ་པར་འབྱེད་པ་སྟེ། དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ།། དེ་ལྟར་ན་དེའི་དེ་ཉིད་ཡང་དག་པར་ཡིད་ལ་བྱེད་པ་ཐོས་པ་དང་བསྒོམ་པས་ཉེ་བར་བླངས་ནས་ལྷུན་གྱིས་གྲུབ་པར་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་སྤྲོས ་པ་མེད་པའི་ཡེ་ཤེས་སྐྱེ་བར་འགྱུར་པ་དེ་ནི་དེའི་རྟོགས་པའོ།། འོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སུ་ཞིག་དག་པར་འགྱུར་ཏེ། བདག་མེད་པས་དེའི་འདོད་པ་མེད་པའི་ཕྱིར་དང་། སེམས་མེད་སོ་སེར་སྐད་ཅིག་གིས་ཐ་དད་པའི་ཕྱིར་ཏེ།། ་དེ་ལྟར་ན་སེམས་ཀྱིས་རྒྱུད་དེ་ཡང་མི་དག་པ་འམ། དྲག་ཀྱང་རང་བཞིན་དུ་མི་འགྱུར་བའི་ཕྱིར་རོ་ཞེས་ཏེ། ཕྱོགས་དང་པོར་ལྟར་ན་ནི་དེ་ལ་དག་པར་མེད་དེ། སེལ་བ་བདར་བར་བྱེད་པ་ཉིད་བཞིན་ནོ།། གཉིས་པ་ལྟར་ན་ནི་དོན་མེད་དོ།། དེའི་སེམས ་ཀྱི་ཆོས་ཉིད་དག་པ་ནི་ནི་དེ་འགྱུར་བ་མེད་པ་མ་ཡིན་པའི་ཕྱིར་རོ་ཞེས་པ་ནི་ཀླན་ཀ་ལ~ཾ། ལན་ནི། ཆོས་ཐམས་ཅད་རང་བཞིན་གྱིས་ཡོངསུ་དགུ་པའི་ཞེས་པ་སྟེ། ཆོས་ཐམས་ཅད་ལ་ངོ་བོ་ཉིད་མེད་དེ། དེའི་དེ་ཡོངས་སུ་དག་པར་བྱ་བ་དགོས་པ་དེས་ན ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྗེས་སུ་གནས་པར་བྱ་བའོ།། འགྱུར་བ་མེད་པའི་ཕྱིར་ཞེས་པའི་མ་ངེས་པ་ནི་ཆོས་ཉིད་ཀྱི་རང་བཞིན་དེ་ནི་རང་བཞིན་གྱིས་ཡོངས་སུ་དག་པ་ཉིད་ལ། གློ་བུར་གྱི་སྒྲིབ་པའི་དྲི་མ་ཅན་དུ་བྱས་པ་ནི་དེའི་ངོ་བོ་ཉིད་མ ་ཡིན་པའི་ཕྱིར་ཏེ། ན་མཁོའི་ལྟ་བུ་ལ་སྤྲིན་དང་ཁུག་སྣོ་ལ་སོགས་པ་ལྟ་བུ་རྣམས་ནི་ཕྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱིས་དེ་རྣམས་བཟློག་ནས་ཡང་དག་པར་འགྱུར་ཏེ། རླུང་ལ་སོགས་པ་རྣམས་ཀྱིས་སྒྲོན་ལ་སོགས་པ་བསལ ་པའི་ན་མཁའ་བཞིན་ནོ།། འོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཅོམ་ལྡན་འདས་ཀྱིས་བསྟན་པ་ན། མཚན་མ་ཅན་གྱི་ཡེ་ཤེས་སྐྱེ་བར་འགྱུར་བས། དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མཚན་མ་མེད་པར་རིགས་པ་ཡིན་ནོ་ཞེས་པ ་ནི་རྒོལ་བ་ལ། ལན་ནི། ཆོས་ཐམས་ཅད་བརྗོད་དུ་མེད་པོའོ་ཞེས་པ་ལ་སོགས་པ་སྟེ། ཆོས་རྣམས་ཐམས་ཅད་བརྗོད་དུ་མེད་པའི་ཕྱིར་ཚིག་རྣམས་ཀྱི་རང་བཞིན་གྱིས་ངོ་བོར་བསྟན་དུ་མེད་པ་སྨོས་པ་འབའ་ཞིག་ཕྱིར་ཏེ། དོན་དམ་པར་མཐོང ་བས་ནི་དེའི་རྗེས་སུ་རིགས་པར་བྱེད་པའོ།། འོ་ན་སུ་ཞིག་འདི་དག་སྟེ། གལ་ཏེ་ཉོན་མོངས་པ་ཟད་པ་དེ་ལྟར་ཡང་སྲེད་པར་འགྱུར་ཏེ། འདིར་རྒྱུ་ཟད་པས་སྐྱེ་བ་ཟད་པར་འགྱུར་ན། དེའི་འདུ་ཤེས་ཀྱིས་ལྷག་མོ་མ་ལུས་པ་རྣམས་ནི་ཇི་སྲིད ་དུ་ཆེའི་བར་དུ་གནས་ལ་རང་ཉིད་ཀྱིས་འགགས་པར་འགྱུར་བས་དེ་ལྟར་ཉན་ཐོས་ཀྱི་བྱང་ཆུབ་ཏུ་འགྱུར་རོ་ཞེས་པ་ལ། ལ་ནི་ནི། ཚིག་གསུམ་གྱིས་ཏེ། ཆོས་རྣམས་ཐམས་ཅད་འགགས་པ་མེད་པའོ་ཞེས་པ་ནི་ཟག་པ་མེད་པའི་ཆོས ་རྣམས་ནི་ཟད་པ་མེད་པའི་ཕྱིར་ན། དེ་ཇི་ལྟར་འགུགས་པར་འགྱུར་ཏེ། སྤྲོས་པ་མཉམ་པོ་ཉིད་དང་། སྐྱོན་མེད་པ་ཉིད་དང་། རོ་གཅིག་པ་ཉིད་དུ་གནས་པས། སྤངས་པས་ཁྱད་པར་མེད་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་ཀུན་ནས ་ཉོན་མོངས་པ་ཅན་ལས་མྱ་ངན་ལས་འདས་པ་ཐོབ་པ་དེ་ནི་ཇི་ལྟར་དེ་རྣམས་ཀྱི་དེ་བཞིན་ཉིད་དེ་ལྟར་རོ་ཞེས་པའི་ཡེ་ཤེས་ཀྱི་དེ་བཞིན་ཉིད་མཉམ་པ་ཉིད་དེས་སོ།། ཇི་ལྟར་དེ་ཉིད་མཉམ་པ་ཉིད་ནི་གསུངས་པ་ནི། ཆོས་ཐམས་ཅད ་ཅེས་པ་སྟེ། མི་འགྲོ་མི་འོང་བས་དུས་མེད་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་ཀུན་ནས་ཉོན་མོངས་པ་ཅན་རྣམས་ལས་མྱ་ངན་ལས་འདས་པ་ཐོབ་པ་ནི་ཇི་ལྟར་དེ་རྣམས་ཀྱི་དེ་བཞིན་ཉིད་དེ་ལྟར་རོ་ཞེས་པའི་ཡེ ་ཤེས་ཀྱི་དེ་བཞིན་ཉིད་མཉམ་པ་ཉིད་ཀྱི་དེསོ།། ཇི་ལྟར་དེ་བཞིན་ཉིད་མཉམ་པ་ཉིད་ན་གསུངས་པ་ནི། ཆོས་ཐམས་ཅད་ཅེས་པ་སྟེ། མི་འགྲོ་མི་འོང་བས་དུས་མེད་པ་སྟེ། མི་འགྲོ་བ་ནི་འདས་པའི་དུས་མེད་པ་སྟེ། གང་དུ་འགྲོ་བར་བྱ་བ་དང་། ་གང་འགྲོ་བར་བྱ་བ་དེ་དག་མེད་པའི་ཕྱིར་རོ།། གང་དུ་ཡང་མ་སྐྱེས་པ་དེས་རྣམས་ཀྱི་སྐྱེ་བ་མེད་པའི་དུས་མེད་པ་རྣམས་ལ་ནི་ཤེས་པ་མེད་པའི་ཕྱིར་ལ། འགྲོ་བ་དང་འོང་བ་དག་ལ་ནི་ཤེས་པ་སྔོན་དུ་འགྲོ་བའི་ཕྱིར་ཏེ། དེའི་ཕྱིར་ན ་མི་སྐྱེ་ཞེས་ཤིན་ཏུ་མི་སྐྱེ་ཞེས་པའོ།། གང་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རང་གི་དོན་ཕུན་སུམ་ཚོགས་པ་རབ་ཏུ་བསྒྲུབས་པ་ཉིད་ན་ནི་འདིར་འདི་རྣམས་རང་གི་དོན་ལ་དགའ་བའི་ཕྱིར་དགའ་བ་ཡང་དམིགས་པར་འགྱུར ་ཏེ་དོན་དམ་པར་ན་དཀའ་བ་སྟེ། སེམས་ཅན་རྣམས་མཆོག་ཏུ་མཐའ་ཡས་པའི་ཕྱིར་དང་། ལོག་པར་སྒྲུབ་པ་མང་བའི་ཕྱིར་རོ་ཞེས་པ་ནི་ཀླན་ཀ་ལ། ལན་ནི། བདག་ཞེས་པ་ལ་སོགས་པ་སྟེ། བདག་དང་གཞན་དུ་མི་མཐོང་བའི ་ཕྱིར་ཏེ། སེམས་ཅན་རྣམས་ཐམས་ཅད་དང་བདག་ཉིད་མཉམ་པ་ཉིད་དུ་མཐོང་པོས་ཞེས་པའི་དོན་ཏོ།། འདིའི་གོང་དགའ་བའི་འདུ་ཤེས་ཀྱིས་གཉེན་པོར་ཇི་ལྟ་ཇི་ལྟར་སོ་སོར་ཀུན་ཏུ་རྟོགས་པར་བྱས་པས་དེ་ལ་གསུངས་པ་ནི ་རྒྱ་མཚོའི་སྒྲས་སོ།། དེ་ལ་ཚུར་རོལ་གྱི་མཐོང་བའི་སེམས་ཅན་རྣམས་ཀྱིས་དགྲ་བཅོམ་པ་ཉིད་ལ་སོགས་པ་རྣམས་ལ་དགའ་བའི་འདུ་ཤེས་བཟློག་པ་གསུངས་པ་ནི། ཐམས་ཅད་ཅེས་པ་སྟེ། ཆོས་ཐམས་ཅད་ནི་སེམས་ཅན་གྱི་ཐ ་སྙད་ཀྱི་ཡུལ་ལས་འཕགས་པས་དགྲ་བཅོམ་པ་སྟེ། གང་དུ་རང་བཞིན་གྱིས་ཡོངས་སུ་དག་པའི་ཆོས་ཉིད་དང་རོ་གཅིག་པའི་ཕྱིར་མ་སྒོམ་པར་རིགས་པའོ།། ཁུར་རྣམས་སུ་སྒྲོ་འདོགས་པ་མེད་དེ། དེ་ལྟར་ཁུར་ཡང་ངོ་བོ་ཉིད ་མེད་པའི་ཕྱིར་རོ།། སེམས་ཅན་གདུལ་བར་བྱ་བ་རྣམས་ཀྱི་ཕྱིར་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དུ་འགྲོ་བའི་དགའ་བའི་འདུ་ཤེས་བཟློག་པའི་ཕྱིར་གསུངས་པ་ནི། ཐམས་ཅད་ཅེས་པ་སྟེ། གཟུགས་ལ་སོགས་པ་རྣམས་ཀྱི་རང ་བཞིན་གྱི་ངོ་བཞིན་ཉིད་ནི། དེའི་ངོ་བོ་ཉིད་དུ་མེད་པས། དེའི་ཡུལ་དུ་གྱུར་པའི་ཆོས་མེད་པའི་ཕྱིར་ལ། ཕྱོགས་ཀྱང་མ་ཡིན་ཏེ། ཆ་མེད་པའི་ཕྱིར་ན་མཁའ་བཞིན་ནོ།། འཁོར་བའི་བདེན་པ་ལ་དགའ་བའི་འདུ་ཤེས་བཟློག་པའི་དོན་དུ ་གསུངས་པ་ནི་ཆོས་རྣམས་ཐམས་ཅད་ལ་འཁོར་བ་རྣམས་ཀྱིས་འགོག་པ་རབ་ཏུ་ཚིམ་པ་ཉིད་དང་བདེ་བའི་འདུ་ཤེས་བསྐྱེད་པ་ཉིད་ལ་དེ་དང་ཀྱེ་མ་འདུ་བྱེད་རྣམས་མི་རྟག། སྐྱེ་དང་འཇིགས་པའི་ཆོས་ཅན་ལ། སྐྱེས་པ་ནས་འགག། ་པར་འགྱུར་བ་སྟེ། དེ་རྣམས་ཉེ་བར་ཞི་བ་བདེ་ཞེས་པ་ནི་ཉན་ཐོས་ཀྱི་འདུལ་བའོ།། བྱང་ཆུབ་སེམས་དཔའི་འདུལ་བའི་དབོང་དུ་བྱས་ནས་གསུངས་པ་ནི། དགའ་བ་མེད་ཅེས་པ་སྟེ། དགའ་བ་ནི་ཤིན་ཏུ་མྱུར་བས་མྱ་ངན་ལས ་འདའ་བ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ལ་དེ་མེད་པ་དགའ་བ་མེད་པའོ།། དགའ་བ་དང་བྲལ་བ་ནི་འཁོར་བ་ལ་ཤིན་ཏུ་ཡིད་བྱུང་བ་སྟེ། དེ་མེད་པ་ནི་དེ་རྣམས་ཀྱི་དགའ་བ་དང་བྲལ་བ་མེད་པ་སྟེ། ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཁོར་བ་དང་མྱ་ངན་ལས་འདས་པ་དག་ལ་རབ་ཏུ་མི་གནས་པའི་ཕྱིར་སོ་སོར་ཀུན་ཏུ་རྟོག་པའོ།། ཆགས་པ་མེད་ཅེས་པ་ལ་སོགས་པས་ན་འདོད་ཆགས་དང་བྲལ་བའི་ཕྱིར་སོ་སོར་རྟོག་པའོ།། ཆོས་ཐམས་ཅད་ལ ་ཆགས་པ་མེད་ཅེས་པ་ནི་མངོན་པར་ཞེན་པ་རྣམས་མེད་པ་སྟེ། ཆགས་པ་དང་མ་ཆགས་པ་དང་མ་ཆགས་པ་དང་དེ་དག་ལ་ཆགས་པ་དང་བྲལ་བ་དེ་དག་དམིགས་སུ་མེད་པས་སོ་ཞེས་པ་ནི་རྣམ་པར་སྤོང་བའི་ཕྱིར་སོ་སོར་རྟོག་པའོ།། ་ཆོས་ཐམས་ཅད་ནི་ལམ་ཐམས་ཅད་དེ། མངོན་པར་རྟོགས་པ་བདུན་གྱི་ས་ལ། བྱང་ཆུབ་ནི་སྔ་ནས་བཱ་ཤུད་ཟིན་ཏེ།། དེའི་ཕྱིར་ན་གསུངས་པ་ནི། སངས་རྒྱས་ཀྱི་ཡེ་ཤེས་ཁོང་དུ་ཆུད་པར་བྱེད་ཅེས་པ་སྟེ། ཁོང་དུ་ཆུད་པ་ཐོབ་པས་དེ ་ལྟར་བྱང་ཆུབ་ཐོབ་པར་བསླང་བའི་ཕྱིར་རྟོགས་པའི་དོན་དུ་སོ་སོར་རྟོགས་པའོ།། ཆོས་ཐམས་ཅད་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་སྟེ། ངོ་བོ་ཉིད་དང་བྲལ་བ་དང་། མཚན་མ་ཐམས་ཅད་ནུབ་པ་དང་། ་ཁམས་གསུམ་ལ་སྨོན་པ་མེད་པས་གོ་རིམ་ཇི་ལྟ་བ་ཞེས་པ་ནི་ལམ་མདོར་བསྡུས་པའོ།། གལ་ཏེ་རྣམ་པར་ཐར་པའི་ལས་གཞན་པ་ཡང་དེ་རྣམས་ཀྱི་ལམ་ནི། དེ་ལྟར་ན་དེ་བསྒོམས་ན་དམན་པའི་བྱང་ཆུབ་ཏུ་ལྟུང་བར་འགྱུར ་བས་སོ།། ཐམས་ཅད་མེད་ཅེས་པ་ནི་ཆོས་རྣམས་ཐམས་ཅད་དེ་ཐམས་ཅད་ནི་བྱང་ཆུབ་སེམས་དཔའི་ལམ་གྱི་དམན་སྟེ། ཐེག་པ་དམན་པ་ལ་མོས་པའི་ནད་ཆེན་པོ་སེལ་བར་བྱེད་པ་ནི་གང་དུ་བྱམས་པ་སྟེ། དེ་རྣམས་ཀྱི་སྔོན་དུ་འགྲོ་བ ་ཅན་ལ། འོན་ཀྱང་དེ་རྣམས་ཐམས་ཅད་ལ་སྟེ། བྱམས་པ་ལ་སོགས་པའི་ཚད་མེད་པ་བཞི་ལ་གནས་པ་ནི་ཚངས་པར་འགྱུར་པ་སྟེ། ཚངས་པ་དང་འདྲ་བ་ལ་དེའི་སྐྱོན་མི་སྐྱེ་བར་བྱེད་པས་སོ་ཞེས་པ་ནི་འདི་རྒྱས་པར་བཤད་པའོ།། ཐམས ་ཅད་ཅེས་པ་ནི་སྐྱོན་ཐམས་ཅད་དེ་བྱམས་པ་ལ་སོགས་པ་རྣམས་ཀྱི་མི་མཐུན་པའི་ཕྱོགས་གོ་རིམ་ཇི་ལྟ་བ་བཞིན་དུ་གནོད་སེམས་དང་རྣམ་པར་འཚེ་བ་དང་དགའ་བ་མེད་པོ་དང་ཁོང་ཁྲོ་བའི་བག་ལ་ཉལ་ལོ།། སྨོན་པ་མེད་པ་ནི་མྱ་ངན ་ལས་འདའ་བ་ལ་སྤྲོ་བ་དང་བྲལ་བའི་ཕྱིར་རོ།། ཁྲོང་ཁྲོ་བ་མེད་པ་ནི་འཁོར་བ་ལ་ཤིན་ཏུ་ཡིད་བྱུང་བ་མེད་པའི་ཕྱིར་རོ་ཞེས་པ་ནི་མཐར་གྱིས་པའི་མངོན་པར་རྟོགས་པ་བཅུ་གསུམ་པ་ཞར་ལ་བྱུང་བ་དང་བཅས་པའོ།། བསྟན་བཅོས ་སུ། སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ།། མཚན་ཉིད་ཀྱིས་ནི་རྣམ་པ་བཞི།། ཅེས་པ་ནི་མདོར་བསྟན་པ་སྟེ། དེ་ན་ཁྱད་པར་གྱི་ལམ་གྱི་སེམས་བསྐྱེད་པ་བཅུ་དྲུག་པའི་བདག་ཉིད་ཀྱི་བྱེ་བྲག་བདུན་ཅུ་རྩ་གཅིག་པ་ནི་བྲག་ལ་ཉལ ་ཐམས་ཅད་བཅོམ་པའི་ཕྱིར་རྡོ་རྗེ་ལྟ་བུ་ཡང་དག་པའི་དེན་བསྒོམ་པ་རབ་ཀྱི་མཐར་ཕྱིན་པའི་གནས་སྐབས་ཏེ། ཅིག་ཅར་དུ་རྣམ་པར་སྨིན་པས་རྨི་ལམ་ལྟར་གཉིས་ཀྱི་དེ་ཁོ་ན་ཉིད་རོ་གཅིག་ཏུ་རྟོགས་པའི་བར་ཆད་མེད་པའི་ལམ་དང ་སངས་རྒྱས་ཀྱི་སའི་རྣམ་པར་གྲོལ་བའི་སེམས་བསྐྱེད་པའི་ངོ་བོ་སྟེ། དེས་ན་མ་འོངས་པའི་སེམས་བསྐྱེད་པར་བྱེད་པ་ལ་མི་སློབ་ཅིང་སྒྲིབ་པ་རྣམས་ལས་རྣར་གྲོལ་བར་འགྱུར་ཏེ། དེའི་སྒྲིབ་པ་སྐྱེས་པ་ནི་འགོག ་པར་བྱེད་ལ་དེ་སྣ་ད་ལྟར་བྱུང་བ་ནི་ལམ་གྱིས་སྤོང་བའོ་ཞེས་པའི་རྣམ་པ་འདི་ནི་སྔོ་ནས་བཤད་པའོ།། འདིར་སྐད་ཅིག་མ་གཅིག་ལོ་མངོན་པར་བྱང་ཆུབ་པའི་རྒྱས་པར་བཤད་པ་ནི། སྦྱིན་པ་ལ་སོགས་པ་རེ་རེ་ཡིསོ།། ཟུག་མེད་ཚྭ ་ཀུན་བསྡུས་པའི་ཕྱིར།། རྔུབ་པའི་སྐད་ཅིག་གཅིག་པ་ཡི།། རྟོག་པ་འདི་ནི་ཤེས་པར་བྱ།། ཇི་ལྟར་སྐྱེས་བུ་ཐེ་ཚུན་རྒྱུད་།། རྡོག་ཐབས་གཅིག་གིས་བསྐྱོད་པོ་ན།། ཐམས་ཅད་ཅིག་ཙར་འགུལ་བ་ལྟར།། སྐད་ཅིག་གཅིག་ཤེས ་དེ་བཞིན་ནོ།། ཞེས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐུབ་པ་དང་། བྱང་ཆུབ་སེམས་པའི་སྦྱིན་པའི་ལ་སོགས་པ་རེ་རེས་ཀྱང་སེམས་ཀྱི་སྐད་ཅིག་གིས་སྟོང་པ་ཉིད་ཀྱི་ངོ་བོ་ལ་དམིགས་པར་བྱེད་པར་ཟག་པ་མེད ་པའི་ཆོས་ཐམས་ཅད་བསྡུས་པས་འཕགས་ནས་སྐད་ཅིག་ལ་རྟོགས་པའི་སེམས་གཅིག་གིས་སྐད་ཅིག་མ་མངོན་པར་རྟོགས་པ་སྟེ། སྦྱིན་པ་ལ་སོགས་པའི་སེམས་ཟག་པ་མེད་པ་གཅིག་ལ་དམིགས་པར་བྱེད་པས་ཀྱང་ནི་ཟག ་མེད་པའི་ཆོས་ཀྱི་ཆོ་གྲཝ་རྣམས་ཅིག་ཅར་སྔོན་དུ་བྱེད་དེ་སྔོན་གྱི་འཕེན་པའི་མཐུས་དྲངས་ནས་ཟོ་ཆུན་པ་རྟོག་པ་བཞིན་ནོ།། འདི་ལ་གསུངས་པ་ནི།། རྒྱ་མཚོ་མུ་མེང་ཅེས་པ་སྟེ། གང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བའི ་ཕྱིར་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ཡིད་ལ་བྱེད་པ་དང་མ་བྲལ་བའི་ཕྱིར་སྟོང་པ་ཉིད་དང་རོ་གཅིག་པའི་ཟབ་པ་དང་རྒྱུ་ཆེ་བའི་སྦྱིན་པ་ལ་སོགས་པའི་སེམས་ཀྱི་སྐད་ཅིག་རེ་རེ་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་དེ། ་དྲིའི་མུ་མེད་པ་ནི་ཟག་པ་མེད་པའི་ཆོས་རྣམས་ཀུན་ཏུ་དྲངས་པ་ཉིད་ལ། དེ་ལ་ཡང་དེ་རྣམས་ཀྱི་ཕན་ཚུན་དུ་འབྲེལ་བ་ཡུན་རིང་པོར་ཡོངསུ་འདྲིས་པའི་ཕྱིར་ཏེ། དེ་ཇི་ལྟར་ཤེས་པར་བྱ་ན། ཟབ་པ་དང་རྒྱ་ཆེ་བའི་རྒྱ་མཚོ་མུ་མེད་པ ་ཉིད་ནི་གཅིག་ཅར་གཞོལ་བར་འགྲོ་བའི་ཆུ་རྣམས་ཀྱི་འདྲེན་པ་པོ་ཉིད་ཀྱིས་དེའི་དེ་རྣམས་ཀྱང་ཕན་ཚུན་འབྲེལ་པའི་ཕྱིར་རོ།། དེ་ལྟར་ན་རྒྱ་མཚོ་མུ་མེད་པའི་དཔེས་སོ་ཞེས་པའི་དོན་ཏོ་ཞེས་པ་ནི་ཟག་པ་མེད་པའི་ཆོས་ཐམས་ཅད་སྐེམ ་ཀྱི་སྐད་ཅིག་གིས་མངོན་པར་རྟོགས་པ་སྟེ་དྲང་པོའོ།། བསྟན་བཅོས་སུ། གུང་ཚེ་ཆོས་དཀར་ཐམས་ཅད་ཀྱི།། རོ་བ་བཞིན་ཤེས་རབ་ཕ་རོལ་ཕྱིན།། རྣམ་སྨིན་ཆོས་ཉིད་གནས་སྐབས་སྐྱེས།། དེ་ཆེ་སྐད་ཅིག་གཅིག་ཡེ་ཤེས། ཞེས ་ཏེ། རྣམ་པར་སྨིན་པ་ལས་སྐྱེས་པའི་ཆོས་ནི་རྣམ་པར་སྨིན་པའི་ཆེས་ཏེ། དེའི་གནས་སྐབས་ནི་འདི་ཡཱའོ་ཞེས་ཏེ་ང་ལྟར་བཤད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ང་ཡང་མི་གཡོ་བོའི་གནས་སྐངས་ནས་བརྩམས་པ་ནི་ཐམས ་ཅད་དག་པའི་ཆོས་རྣམས་ཏེ། ཟག་པ་དང་བཅས་པ་དང་ཟག་པ་མེད་པ་རྣམས་གང་འདིས་སྔོན་དུ་ངོ་ཉིད་མེད་པ་ཉི་དུ་བསྒོམས་ནས་གང་ཡང་ཕྱིས་མི་མཐུན་པའི་ཕྱོགས་ཐམས་ཅད་བྲལ་ནས། རྣམ་པར་བྱང་བ་མ་ལུས་པའི་ཕྱོགས ་རྣམ་པར་སྦྱིན་ནས་སྐྱེས་པ་རྣམས་ཀྱི་ཟག་པ་མེད་པའི་ཆོས་རྣམས་ལ། དེ་རྣམས་ངོ་བོ་ཉིད་མེད་པར་ཡང་དག་པར་རིག་པ་ཅན་གྱི་དཀར་པོའི་རང་བཞིན་ཅན་ཐམས་ཅད་གང་དུ་སྐྱེས་པ་དེ་ཉིད་སེམས་ཀྱི ་སྐད་ཅིག་གཅིག་ལ་དྲི་ཉིད་ཀྱི་ཆོས་རྣམས་ལ་ལྷུན་གྱིས་གྲུབ་པ་སྟེ། འདིར་གསུངས་པ་ནི། ནམ་མཁའ་ཞེས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་སྨིན་པའི་ཆོས་ཉིད་ཀྱི་གནས་སྐབས་དང་ཐམས་ཅད་དཀར ་པོའི་རང་བཞིན་ཅན་ཏེ། དེའི་ཕྱིར་ན་མེད་པ་སྟེ། ཆོས་དེ་རྣམས་ཀྱང་ངོ་བོ་ཉིད་མེད་པ་དང་རོ་གཅིག་པར་ལྷུན་གྱིས་གྲུབ་པའི་རྣམ་པར་སྨིན་པོ་ལས་སྐྱེས་པའི་ཕྱིར་ལ། དེ་མུ་མེད་པ་ཉིད་ཇི་ལྟར་ཞེ་ན། ན་མཁའ་མུ་མེད ་པཱཔའི་དཔེ་སྟེ། ཇི་ལྟར་ན་མཁའ་ལོ་མུ་མེ་དོ།། ངོ་བོ་ཉིད་མེད་པ་དང་ལྷུན་གྱིས་གྲུབ་པ་ཡོངས་སུ་འགྱུན་པ་མེད་དོ་ཞེས་པ་ནི་རྣམ་པར་སྨིན་པ་ལས་བྱུང་པའི་ངཀརཽ་པོའི་ཆོས་རྣམས་ཐམས་ཅད་སེམས་ཀྱི་སྐད་ཅིག་གཅིག ་གིས་ལ་མངོན་པརྱ་རྟོགས་པ་སྟེ། གཉིས་པ་ནི་བསྟན་བཅོས་སུ། ཆོས་རྣམས་རྨི་ལམ་ལྷང་གནས་པའི།། སྦྱིན་ལ་སོགས་ལ་སྤྱོད་པ་ཡིས།། མཚོན་ཉིད་མེད་ཉིད་ཆོས་རྣམས་ནི།། སྐད་ཅིག་མྱ་ནི་གཅིག་གིས་རྟོགས།། ཞེས ་ཏེ། རྟོགས་པ་ནི་བློས་ཏེ་ཤེས་ཞེས་བྱ་བའི་དོན་ཏོ།། རྨི་ལམ་ལྟ་བུ་དང་དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་གཟུགས་བརྙེན་ལྟ་བུ་རྣམས་ལའོ་ཞེས་པ་ནི་ཡུམ་ཆེན་མོར་གསུངས་པ་ལ། བསྟན་བཅོས་སུ་ཚིག་ཅིག་གཅིག་ཉིད་དེ་འདི ་རྣམས་ཐམས་ཅད་དོན་གཅིག་པའི་ཕྱིར་ལཱ། དེ་ཡང་དོན་རང་བཞིན་དུ་རྣམ་པ་སྣ་ཚོགས་པའི་མཚན་ཉིད་རྣམས་ཀྱིས་སོ་སོརརུ་སྣང་བར་བྱེད་པ་རྣམས་ལྔ། འདི་དག་ནི་ཇི་ལྟར་མཚན་ཉིད་མེད་ཅིང་ངོ་ཉིད་མེད་པ་ཕྱི་མ་ཅར་མེད་ད་གིས ་རྣམས་ནི་སྒྱུ་མ་དང་རྨི་ལམ་ལ་སྲོགས་པའི་ངོ་བོ་ཉིད་ཀྱི་ཕྱིར་མཚན་ཉིད་མེད་པ་ཉིད་ལ་གནས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཅིང་ཆོས་རྣམས་ཐམས་ཅད་ཀྱི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱེད ་བའི་ངོ་བ་རྣམས་ལ་མཚན་ཉིད་དེ་མེད་པ་ཉིད་དུ་སྐད་ཅིག་མ་གཅིག་ལ་ཤེས་པ་སྟེ། དེ་ལ་གསུངས་པ་ནི། རྀ་རབ་ཅེས་པ་ལ་སོགས་པ་སྟེ། རི་རིབ་སྣ་ཚོགས་པ་ཉིད་ནི་ཁ་དོག་བཞིའི་རིན་པོ་ཆེའི་རང་བཞིན་གྱི་ཕྱིར་རོ།། ་ཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་སྟོང་པ་ཉིད་པས་སྒྱུ་མའི་རང་བཞིན་རྣམས་ཀྱི་ཆོས་རྣམས་རོ་གཅིག་པ་ཉིད་པས་རྣམ་པ་སྣ་ཚོགས་པ་ཉིད་དུ་རིག་པར་བྱའོ་ཞེས་པ་ནི་མཚན་ཉེར་མེད་པའི་ཆོས་ཐམས་ཅད ་སེམས་ཀྱི་སྐད་ཅིག་གཅིག་ལ་མངོན་པར་རྟོགས་ཏེ། གསུམ་པའོ།། བསྟན་བཅོས་སུ། རྨི་ལམ་ན་ནི་དེ་མཐེང་ཉིད།། གཉིས་ཀྱི་ཚུལ་དུ་མི་མཐོང་ལྟར།། ཆོས་རྣམས་གཽཉིས་སུ་མེད་པ་ཉིད་སྐད་ཅིག་མ་ནི་གཅིག། གིས ་མཐོ་བ་ཞེས་པ་སྟེ། རྨི་ལམ་དུ་མཐོང་བའི་མེ་དང་གླང་པོ་དང་རྟ་ལ་སོགས་པ་ཅན་ནི་རྨི་ལམ་སྟེ། དེས་དེ་མཐོང་བ་དང་སད་པོ་ལ་ཐེ་དད་དུ་མི་མཐོང་སྟེ། དོན་དམ་པར་དེ་དག་མ་སྐྱེསདེའི་འོདི་ལྟར་ཐམས་ཅད ་དུ་ཆོས་རྣམས་ཀྱི་ཆོས་ལ་ཡང་ངོ་ཞེས་པ་ནི་ཆོས་རྣམས་ནི་གཟུགས་ལ་སོགས་པ་རྣམས་གཟུང་བ་དང་འཛིན་པ་དང་། རྟག་པ་དང་། ཆད་པ་དང་། ཐོག་མ་དང་ཐ་མ་གཉིས་སུ་མེད་པའི་སྟོང་པ་ཉིད ་ཀྱིས་ངོ་བོ་ཉིད་མེད་པ་ཉིད་དུ་སྐད་ཅིག་གཅིག་ལ་མཐོང་བ་སྟེ། དེ་ལ་གསུངས་པ་ནི། གཟུགས་ཞེས་པ་ལ་སོགས་པ་སྟེ། མུ་མེད་པ་ནི་རྟག་པ་ལ་སོགས་པའི་སྟེ། དེ་ལྟར་ཡང་བཤད་པ། ཡོད་ཅེས་བྱ་བ་དང་མེད་ཅེས་བྱ་བ ་གཉི་ག་ཡང་མཐའ་ལ། དུག་ཅེས་བྱ་བ་དང་མ་དག་ཅེས་བྱ་བ་འདི་ཡང་མཐའ་ཉིད་དེ། དེའི་ཕྱིར་གཉི་གའི་མཐའ་ནི་རྣམ་པར་སྤང་བ་ཉིད་བྱས་ཤིང་། མཁས་པས་དབུས་ལ་ཡང་ནི། གནས་པར་བྱེད་པར་ཡོད་མ་ཡིན་ཞེས ་ཏེ། དེ་རྣམས་དང་བྲལ་བའི་ཕྱིར་མུ་མེད་པ་ཉིད་དེ། གཟུགས་ལ་སོགས་པ་རྣམས་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕུང་པོས་ཡང་དག་པོར་བསྡུས་པ་རྣམས་ལའོ་ཞེས་པ་ནི་ཆོས་ཐམས་ཅད་གཉིས་སུ་མེད་པའི་དེ་ཁོ་ན་ཉིད ་སེམས་ཀྱི་སྐད་ཅིག་ལ་མངོན་པར་རྟོགས་པ་སྟེ་བཞི་པའོ།། གདུལ་བར་བྱ་བའི་ངོར་ལྡོག་པའི་དབྱེ་བས་རྣམ་པོ་བཞིར་ཕྱིར་ཡང་སྤྱད་ཅིག་གིས་མངོན་དུ་བྱེད་དེ། དཔེར་ན་སྣོདདྲ་ཐ་དད་ཀྱང་ངར་སོན་པོའི་ན་མཁའ་ལ་ནི་ཐ་དད ་མེད་དེ། སྒྲིབ་པ་མེད་པ་ཉིད་དུ་མཉམ་པའི་ཕྱིར་རོ།། དེ་བཞིན་དུ་གཟུགས་དང་ཚོར་བ་ལ་སོགས་པའི་དངོས་པོ་ཐ་དད་ཀྱང་དེར་སོན་པའི་དེ་ཁོ་ན་ཉིད་སྐྱེ་བ་མེད་པའི་མཚན་ཉིད་ལ་ནི་ཐ་དད་པ་མེད་པས་དེ་ཁོ་ན་ཉིད་ནི་གཅིག ་པ་ཉིད་དུ་ཤེས་པར་བྱ་སྟེ། དེ་ཡང་ཤེས་པའི་སྐད་ཅིག་མ་གཅིག་པའི་མངོན་པར་རྟོགས་པ་སྟེ། མངོན་པར་རྟོགས་པ་བདུན་པའོ།། མངོན་པར་རྟོགས་པ་བརྒྱད་པ་ནི་ཆོས་ཀྱི་སྐུད་སྟེ་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་ཆུང་ངུའི ་ཆུང་ངུའི་མི་མཐུན་པའི་ཕྱོགས་ཀྱི་བྱེ་བྲག་ལ། གཉེན་པོ་བྱེ་བྲག་ཆེན་པོའི་ཆེན་པོ་དངོས་གཞི་དང་རྗེས་ཀྱི་ངོ་བོའི་སེམས་བསྐྱེད་པ་ཉི་ཤུ་རྩ་གཅིག་པ་དང་།། ཉི་ཤུ་རྩ་གཉིས་པའི་ངོ་བོའི་ཀུན་ཏུ་འོད་ཅེས་སྒྲགས་པའི་སངས ་རྒྱས་ཀྱིས་དེར་གནས་པའི་དངོས་པོའི་སྐུ་གསུམ་དང་མཛོད་པ་དང་བཅས་པ་ནི་སྔོན་དུ་མདོར་བསྟནི་ལས། ངོ་བོ་ཉིད་ལོངས་རྫོགས་བཅས་དང་།། སྦྲུལ་སྐུ་ཞེས་དང་རྣམ་གསུམ་དང་།། ཆོས་སྐུ་མཛད་དང་བཅས་པ་སྟེ།། རྣམ་པ ་བཞིར་ནི་ཡང་དག་བརྗོད།། ཅེས་ཏེ། ཆོས་ཀྱི་ལམ་སྟེ། མངོན་པར་རྟོགས་པ་བདུན་གྱི་ངོ་བོའི་ཆོས་ཀྱིས་ཐོབ་པར་བྱ་བའི་སྐུ་ནི་ཆོས་ཀྱི་སྐུ་ལཱ། སྙུན་ལུས་ཏེ་སངས་རྒྱས་རྣམས་ཀྱི་སྐུ་ནི་རྣམ་པ་གསུམ་སྟེ། བཅོམ་ལྡནི་འདས ་མ་ཡུམ་ཚན་མོ་རྣམ་པ་ཐམས་ཅད་དུ་ཡོངས་སུ་དག་པའི་ཟག་པ་མེད་པའི་ཆོས་རྣམས་ཀྱི་གང་ཞིག་རང་བཞིན་དེ་ནི་དེ་བཞིན་གཤེགས་པ་ཡིན་པར་ཤེས་པར་བྱ་ལ། དེ་དག་ཉིད་ཀྱི་ཆོས་རྣམས་རྟོགས་པའི་ཕྱིར་མཚན་སུམ ་ཅུ་རྩ་གཉིས་དང་དཔེ་བྱང་བཟང་པོ་བརྒྱད་ཅུས་བརྒྱན་པའི་དེ་བཞིན་གཤེགས་པའི་སྐུས་བྱང་ཆུབ་སེམས་དཔའ་རྣམས་ལ་ཐེག་པ་ཆེན་པོའི་མཆོག་གི་ཆོས་བླ་ན་མེད་པའི་དགའ་བ་དང་མགུ་བ་དང་སེམས་པ་དང་བདེ་བ ་ཉེ་བར་ལོངས་སྤྱོད་པ་སྟོན་པར་བྱེད་ལ། དེ་དག་ཉིད་ཀྱི་ཆོས་རྣམས་ཐམས་ཅད་རྟོགས་པས་དེ་བཞིན་གཤེགས་པ་ནས་ཕྱོགས་བཅུ་མཐའ་ཡས་སུ་མུ་མེད་པའི་འཇིག་རྟེན་གྱི་ཁམས་སུ་དུས་ཐམས ་ཅདུ་རྣམ་པ་སྣ་ཚོགས་པའི་སྦྲུལ་པོའི་སྤྲིན་རྣམས་ཀྱིས་སེམས་ཅན་རྣམས་ཀྱི་དེན་བྱེད་དོ་ཞེས་གསུངས་པ་དང་། མདོ་སྡེ་རྒྱུན་ལསསང་ས་རྒྱས་རྣམས་སྐུ་མདོར་བསྡུས་ནས། རྣམ་པ་གསུམ་དུ་ཤེས་བྱ་སྟེ། རྟེན་དང་རང ་གཞན་དོན་དུ་འདིར།། སྐུ་གསུམ་རྣམས་ནི་བསྟན་པ་ཡིན་ཞེས་པ་དང་།། འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་སྐུ་གསུམ་དུ་བསྟན་ཏེ། གང་ཞིག་གཅིག་མིན་དུ་མེ་མིན་ཞེས་པོ་ལ་སོགས་པ་དང་། འཕགས་པོ་རྣམ་པར་གྲོལ་བའི ་སྡེས་ཀྱང་ཆོས་ཀྱི་སྐུ་ནི་རྣམ་པ་གསུམ་སྟེ། ངོ་བོ་ཉིད་དང་ལྗོངས་སྤྱོད་རྫོགས་པ་དང་། སྤྲུལྔ་པའོ་ཞེས་པ་ཤད་དོ།། གང་ཞིག་སྒྲིབ་པའི་བག་ཆགས་མ་ལུས་པ་དང་། བཅས་པའི་རྟེན་གྱི་ཕུང་པོ་ལྔ་གཞན་དུ་མི་འཇུག་པའི་རྣམ་པ་ཐམས ་ཅཅིང་ཡོངས་སུ་དག་པའི་ཀུན་རྫོབ་ཀྱི་ངོ་བོའི་སྤྲོས་པ་མེད་པའི་རྟོགས་པའི་བདག་ཉིད་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའི་སངས་རྒྱས་ཀྱི་ཆོས་དེ་རྣམས་ནི་ངོ་བོ་ཉིད་ཀྱི་སྐུས་ཡང་དག་པར་བསྡུས་པ་སྟེ། ཆེས་དང་ཆོས་ཉིད་དག ་ལ་དབྱེ་བ་མེད་པའི་ཕྱིར་དང་། ཀུན་རྫོབ་ཏུ་ཆོས་རྣམས་ནི་ཆོས་ཉིད་ཀྱི་ཡུལ་ཡིན་པའི་ཕྱིར་རོ།། མཚན་ཉིད་ཀྱི་དབྱེ་བ་ནི་དེ་རྣམས་ཀྱི་རྒྱུའི་གནས་སྐབས་ཀྱི་རྗེས་སུ་འབྲང་བ་སྟེ། ཀུན་རྫོབ་ལ། གཞན་ངག་གིས་ཆོས་ཀྱི་ཚོགས ་འདི་རྣམས་སངས་རྒྱ་སྤུ་རྣམས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུའོ་ཞེས་པ་ཤང་པཱ་ནི་དེའི་ལུང་ནཱི་མ་ཡིན་ཏེ། སྔགས་ཀྱི་ཚུལ་དུ་ཡང་རྟོགས་པའི་བདག་ཉིད་ཀྱི་ཆོས་ཀྱི་ཚོགས་ནི་ཆོས་ཀྱི་སྐུའི་ཡུལ་གྱི་གཙོ་བོ་ཉིད་པས་ཆོས་སྐུ ་སྐུར་ལྕི་བ་རུ་བཏགས་ཀྱི་གང་དུ་ཡང་ལོང་ས་སྦྱོང་རྫོགས་པའི་སྐུར་འདོད་པ་ནི་མེད་དོ།། དེ་ཉིད་ཀྱི་ཆོས་ཀྱི་ཚིགས་ལ་སྐུ་བཞི་པ་ཉིད་དུ་ཕ་རོལ་ཏུ་ཕྱིན་པའི་ཚུལ་དུ་སེང་གེ་བཟང་པོས་རང་བཟོས་རྣམ་པར་བྱས་པ་ནི་སྤང་བར ་བྱ་བ་ཉིད་དོ།། དེ་ལ་ངོ་བོ་ཉིད་ནི་རང་བཞིན་གྱི་ངོ་བོ་ཉིད་ཀྱི་སྟེ། གདུལ་བར་བྱ་བ་ལ་སོགས་པ་རྣམས་ལ་ཁྱབ་པའོ།། ངོ་བོ་ཉིད་དྲམ་སྲིད་པ་རྣམ་པར་དག་པ་གཞན་དུ་རབ་ཀྱི་མཐར་སོན་པའི་ངོ་བོ་ཉིད་ཀྱི་སྐུ་ནི་སྤྲོས་པ་མ་ཐཱ ་དག་རྣམ་པར་ལོག་པའི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་མྱ་ངན་ལས་འདའ་བ་སྟེ། འདིར་རྣམ་པར་རྟོགས་པ་ཐམས་ཅད་དེ་ལྟར་ཟད་ཅིང་སྒྲིབ་པའི་འཆིང་བ་རབ་ཏུ་སྤངས་ནས། རྣམ་པར་གྲོལ་བའི་སྐུ་དང་ཆེས་ཉིད་ཀྱི་སྐུ་ནི་ཆོས ་ཀྱི་སྐུར་ཡང་བརྗོད་དེ། མཐའ་ཡས་པའི་ཆོས་ཀྱི་གནས་ཡིན་པའི་ཕྱིར་རོ།། དེ་ལ་ནི་ལམ་གྱིས་ཐོབ་པར་བྱ་བ་དང་བྱེད་པ་པོ་མེད་དེ། བཅོས་མ་མ་ཡིན་པའི་ཕྱིར་རོ།། འདི་ནི་བསྟན་བཅོས་སུ། ཐུབ་པའི་ངོ་བོ་ཉིད་སྐུ ་ནི།། ཟག་མེད་ཆོས་རྣམས་རྣམ་ཀུན་ཏུ།། རྣམ་པར་དག་འགྱུར་གང་དག་ཡིན།། དེ་དག་རང་བཞིན་མཚན་ཉིད་ཅན།། ཞེས་ཏེ། རང་བཞིན་ནི་མ་སྐྱེས་པའི་ཆོསོ་ཉིད་ཆོས་ཀྱི་དབྱིངས་ལ། དེ་ཉིད་ནི་འདིར་འབྲས་བུའི་གིནརྀ། ་སྐབས་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་དེ་ཉིད་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱིས་ཏེ། ཤིན་ཏུ་རྣམ་པར་དག་ཅེས་པ་དང་། ཆོས་རྣམས་ཀྱི་ཆོས་ཉིད་ཅེས་པ་དག་དོན་ལ་ཐ་དད་མེད་པར ་འདིར་གསུངས་པ་ནི་ཉི་མའི་འོད་ཀྱི་དཀྱིལ་འཁོར་ཞེས་པ་ལ་སོགས་པ་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ནི་ཉི་མ་ལྟ་བུ་ལ་དེའི་རང་བཞིན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ ་ཡས་པའི་ཡེ་ཤེས་ཀྱི་ངོ་བོས་ཕྱོགས་བཅུར་ཁྱབ་པ་ནི་འོད་ཀྱི་ཚོགས་བཞིན་ཏེ། དེས་གང་ཞིག་གི་མུ་མེད་པའི་ཤིས་བྱ་སྣང་བར་བྱེད་དེའི་འོད་ཀྱིས་དཀྱིལ་འཁོར་གྱིས་མུ་མེད་པའི་ཤེས་བྱ་ཀུན་ཏུ་སྣང་བར་བྱེད་པ་བཞིན་ནོ།། ་ཞེས་པ་ནི་ངོ་བོ་ཉིད་ཀྱི་སྐུའོ།། ཀུན་ཏུ་ལོངས་སྤྱོད་པས་སྤྱོད་དེ་ཉམས་སུ་མྱོང་བའོ།། ལོངས་སྤྱོད་པ་ལས་རབ་ཏུ་བྱུང་བསོ་སོ་ཞེས་པ་དང་། ལོངས་སྤྱོད་པ་པོ་དང་ལོངས་སྤྱོད་པར་བྱ་བས་ཀྱང་སྒོ་ལ། ལིངས་སྤྱོད་པའི་ཕྱིར་ཡང ་སྐུ་དེ་ལོངས་སྤྱོད་རྫོགས་པའི་སྐུའོ།། བྱང་ཆུབོ་སེམས་དཔའ་རྣམས་ཀྱིས་ཆོས་བསྟན་པ་རྗེས་སུ་མྱོང་བའི་ཕྱིར་ན། ལོངས་སྤྱོད་པར་བྱའོ་ཞེས་པས་ཀྱང་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། དེའི་དབང་དུ་བྱས་ནས་གསུངས་པ་ནི།། ་སྒྲ་ཐམས་ཅད་ཅེས་པ་ལ་སོགས་པ་སྟེ། སྟེན་པས་བསྟན་པ་ལ་ཉན་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གང་ཞིག་ཐག་པོ་ཆེན་པོ་མཆོག་གི་ཆོས་རྟོགས་པ་དེ་ལ། འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལོངས་སྤྱོང ་པར་བརྗོད་དོ།། གང་ཡང་དེ་སྐྱེ་བ་རྣམས་ལ་ཆུང་བུ་དང་འབྲིང་དང་ཆེན་པོའི་ཡིད་བདེ་བའི་མཚན་ཉིད་མཚན་ཉིད་རྣམས་ཀྱི་དགའ་བ་དང་མགུ་པ་དང་རཔ་ཏུ་སིམ་པ་རྣམས་ཀྱི་བདེ་བའི་ཉམསངས་མྱོང་བ་དེ་ཡང་ལོངས་སྤྱོད ་པ་སྟེ། དེའི་མུ་མེད་པ་ཉིད་ནི་སྒྲ་ཐམས་ཅད་མུ་མེད་པ་ཉིད་པས་དེའི་རྒྱུར་གྱུར་པས་སོ།། གང་དུ་དེ་དག་ལ་སྟོན་པ་བྱང་ཆུབ་སེམས་དཔའི་རྟོགས་པ་དག་ལ་གོ་རིམ་ཇི་ལྟ་བ་བཞིན་དུ་མུ་མེད་པ་ཉིད་དུ་མཁྱེན་པ་དང་བསྐྱོད ་པར་བསྟན་པའི་སྒྲ་དང་བསྐྱེད་བྱེ་དང་སྐྱེད་བྱེད་ཀྱང་སྟེ། དེ་ཇི་ལྟར་ན་ཐམས་ཅད་ཅེས་ནི་བྱ་སྣ་ཚོགས་པ་ལ་རྗེས་སུ་མཐུན་པ་རྣམས་ཀྱིས་རྣམ་པ་ཐམས་ཅད་ཀྱི་གསལ་བར་བྱེད་པའི་ཕྱིར་རོ།། མུ་མེང་པོ་ནི་ཐ་མ་མེད་པའི་སྐུ་ཡིས ་སྟོན་པར་བྱེད་པས་མུ་མེད་པོའི་ཕྱིར་ལོ་དེ་བཞིན་གཤེགས་པའི་ཡང་དག་པར་རྟོགས་པ་ཡང་མུ་མེད་པ་ཉིད་དེ། གང་དུ་ཞེ་ན། གསུངས་པ་ནི། སངས་རྒྱས་ཐམས་ཅད་ཅེས་པ་ལ་སོགས་པ་སྟེ། ཇི་སྐད་དུ་བཤད་པའི ་པ་ཉིད་ནི་འདིར་ཐེག་པ་ཆེན་པོའི་ཆོས་ཡང་དག་པར་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེའི་མུ་མེད་པ་ཉིད་ནི་སངས་རྒྱས་ཀྱི་ཆོས་རྣམས་ཐམས་ཅད་ཀྱིས་ཡང་དག་པར་སྒྲུབ་པ་མུ་མེད་པའི་ཕྱིར་རོ།། ཆོས་དེ ་རྣམས་ནི་བཅོམ་ལྡན་འདས་མ་ཡུམ་ཆེན་མོར་གསུངས་ལ། འདིར་བསྟན་བཅོས་སུ་ནི། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་།། རྣམ་པར་ཐར་དང་མཐར་གྱིས་ནི།། སྙོམས་འཇུག་དག་ཡི་བདག་ཉིད་དང་།། ཟད་པར་བཅུ ་ཡི་བདག་ཉིད་དང་།། ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི།། རབ་ཏུ་དབྱེ་བས་རྣམ་བརྒྱད་དང་།། ཉོན་མོངས་མེད་དང་སྨོན་མེད་མཁྱེན།། མངོན་ཤེས་སོ་སོར་ཡང་དག་རིག། རྣམ་པ་ཐམས་ཅད་དག་བཞི ་དང་། དབང་བཅུ་དང་ནི་སྟོབས་བཅུ་དང་།། མི་འཇིགས་པ་ནི་བཞི་དག་དང་།། བསྲུང་བ་མེད་པ་རྣམ་གསུམ་དང་།། དྲན་པ་ཉེར་བཞག་རྣམ་གསུམ་དོང་།། བསྙེལ་པ་མི་མངའི་ཆོས་ཉིད་དང་།། བག་ཆགས་ཡང་དག་བཅོམ་པ ་དང་། སྐྱེ་ལ་ཐུག་སེ་རྗེ་ཆེན་པོ་དང་།། ཐུབ་པ་ཁོ་ནའི་མ་འདྲེས་མཆོས།། བཙོ་བརྒྱུད་བཤད་པ་གང་ཡིན་དང་།། རྣམ་པ་ཐམས་ཅད་མཁྱེན་ཉིད་ནི།། ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན།། ཅེས་པ་སྟེ། མཐར་གྱིས་ནི་མཐར་གྱིས་ཏེ ་གཞན་ངོད་འབྲེལ་བའི།། བསྲུང་བ་མེད་པ་ནི་སྲུང་བར་བྱེད་པ་མེད་པའོ།། ཆོས་ཀྱི་སྐུ་ཞེས་པ་ནི་འདིར་ཟག་པ་མེད་པའི་ཆོས་ཀྱི་ཚོགས་ལ། བཞི་ཞེས་པ་ནི་གནས་ཡོངས་སུ་དག་པ་དང་།། དམིགས་པ་ཡོངས་སུ་དག་པ་དང་། ་སེམས་ཡོངས་སུ་དག་པ་དང་།། ཡེ་ཤེས་ཡོངས་སུ་དག་པའོ།། དེ་ལ་ཉོན་མོངས་པའི་ཕྱོགས་རྣམས་ཐམས་ཅད་ཀྱི་བག་ཆགས་རྣམས་ཀྱི་གནས་ངན་ལེན་རྣམས་ལ་མི་གནས་པ་མཐར་ཐུག་པས། རང་གི་བདག་ཉིད་ཀྱི་ལུས་ཇི ་ལྟར་འདོད་པར་ལེན་ཅིང་གནས་པ་དང་འཆི་འཕོ་བ་ལ་དབང་སྒྱུར་བ་ནི་ཐམས་ཅད་དུ་གནས་ཡོངས་སུ་དག་པའོ།། དམིགས་པ་རྣམ་པ་ཐམས་ཅད་དུ་སྤྲུལ་པས་ཡོངས་སུ་བསྒྱུར་བའི་ཀུན་ཏུ་བརྟགས་པ་རྣམས་ལ་དབང་སྒྱུར་བ་ནི ་རྣམ་པ་ཐམས་ཅད་དུ་དམིགས་པ་ཡོངསུ་དག་པའོ།། སྔ་མ་བཞིན་དུ་སེམས་ཀྱི་གནས་ངན་ལེན་ཐམས་ཅད་བྲལ་ཞིང་སེམས་ལ་རྣམ་པ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཉེ་བར་བསགས་པ་པ་ནི་རྣམ་པ་ཐམས་ཅདདུ་སེམས་ཡོངས་སུ་དག ་པའོ། སྔ་མ་བཞིན་དུ་མ་རིག་པའི་ཕྱོགས་ཀྱི་གནས་ངན་ལེན་ཐམས་ཅིང་བྲལ་བས་ཤེས་བྱ་དང་ཤེས་པ་ལ་དབང་སྒྱུར་བ་ཉིད་ནི་རྣམ་པ་ཐམས་ཅད་ཡེ་ཤེས་ཡོངས་སུ་དག་པའོ།། བཅུ་ཞེས་པའི་ཚེ་ལ་དབང་བ་ནི་ཇི་ལྟར་འདོད་པར ་གནས་པ་དང་གཏོང་བས་སོ།། སེམས་ལ་དབང་བ་ནི་ཇི་ལྟར་འདོད་པར་བསམ་གཏན་ལ་སོགས་པ་ལ་སྙོམས་པར་འཇུག་པ་དང་ལྡན་པས་སོ།། ཡོ་བྱད་ལ་དབང་བ་ན་ཇི་ལྟར་འདོད་པའི་ཉེ་བར་མཁོ་བའི་རྗེས་སུ་གནས་པ་སྟེ། འཇིག ་རྟེན་གྱི་ཁམས་ཐམས་ཅད་དུ་མའི་བཀོད་པའི་རྒྱུན་གྱིས་སོ་སོར་བརྒྱུན་པར་བྱིན་གྱིས་བརླབས་པ་ལ་སོགས་པ་ཀུན་ཏུ་སྟོན་པས་སོ།། ལས་ལ་དབང་བ་ནི་ཇི་ལྟར་འདོད་པར་ལུས་ངག་ངང་གི་ལས་འགྲུབ་པའོ།། སྐྱེ་བ་ལ་དབང་བ ་ནི་ཐམས་ཅད་དུ་སྨྲ་བའི་སྐྱེ་མཆེད་རྣམས་ཇི་ལྟར་འདོད་པར་སྐྱེ་བའོ།། རྫུ་འཕྲུལ་ལ་དབང་བ་ནི་གང་ཞིག་འདོད་པ་རྣམས་མངོན་པར་ཤེས་པའོ།། སྨོན་ལམ་ལ་དབང་བ་ནི་སྨོན་ལམ་ཐམས་ཅད་ཡང་དག་པར་འཕེལ་བའོ།། མོས་པ ་ལ་དབང་བ་ནི་གང་དུ་ཇི་ལྟར་མོས་པར་འགྱུར་བ་དེ་དེ་ཉིད་དུ་འགྱུར་བ་སྟེ། ཇི་ལྟར་འཇིག་རྟེན་གྱི་ཁམས་ཐམས་ཅད་སངས་རྒྱས་ཀྱིས་ཡོངས་སུ་གང་བར་རྟོགས་པ་ལ་སོགས་པའོ།། ཡེ་ཤེས་ལ་དབང་བ་ནི་གང་ཞིག་ཤེས་པར ་འདོད་པ་དེ་བཤེས་པའོ།། ཆོས་ལ་དབང་བ་ནི་མདོ་སྡེ་ལ་སོགས་པའི་ཆོས་ཀྱི་རྣམ་པར་བཞག་པ་རྣམས་ལ་མཁས་པའོ།། བཅུ་པོ་དེ་རྣམས་ཀྱང་མི་གཡོ་བ་ལ་སོགས་པར་སྐྱེ་བར་འགྱུར་རོ།། བསྲུང་བ་མེད ་པ་གསུམ་ནི། དེ་བཞིན་གཤེགས་པའི་སྐུའི་སྤྱོད་པ་ཡོངས་སུ་དག་པ་སྟེ། དེ་ལ་མ་དག་པའི་ཀུན་ཏུ་སྤྱོད་པ་རྩ་བར་བྱ་སྟེ། གཞན་གྱི་གཤེ་བར་འགྱུར་དུ་འོང་སྙམ་པ་མེད་པའོ།། ཞེས་པ་ནི་དང་པོའོ།། དེ་བཞིན་དུ་གསུང་གི་ལས་ནི ་གཉིས་པའོ།། དེ་བཞིན་དུ་ཐུགས་ཀྱི་ཕྲིན་ལས་ནི་གསུམ་པའོ།། དྲན་པ་ཉེ་བར་གཞག་པ་རྣམ་པ་གསུམ་ནི་དེ་བཞིན་གཤེགས་པ་ཆོས་སྟོན་པ་ལ་གུས་པར་ཉན་པ་རྣམས་ལ་རྗེས་སུ་ཆགས་པ་མེད་ཅིང་མི་ཉན་པ་རྣམས་ལ་ཡང ་ཁོང་ཁྲོ་བ་མེད་པ། གཉི་ག་དག་ལ་ཡང་མེད་པ་དེ་ཐམས་ཅད་དུ་བཏང་སྙོམས་སུ་གནས་པ་སྟེ། དྲན་པ་དང་ལྡན་ལ་ཤེས་བཞིན་དང་ལྡན་པའོ་ཞེས་པའོ།། བསྙེལ་བ་མི་མྱངའ་བའི་ཆོས་ཉིད་ནི་སངས་རྒྱས་རྣམས་ཀྱི་སེམས་ཅན་གྱི་དོན ་གྱི་བྱ་བ་དུས་ལས་མི་འདའ་བའོ།། ཉོན་མོངས་པ་སྤངས་ཀྱང་གང་དུ་ཉོན་མོངས་པའི་བག་ཆགས་མ་སྤངས་པ་དང་། བཅས་པ་ཉོན་མོངས་པ་མ་སྤངས་པ་བཞིན་དུ་འདོད་དེ། ཇི་ལྟར་སྤྲེའུ་སྔོན་གྱུར་པའི་དགྲ་བཅོམ་པས་མཆོངས ་པས་ཡུར་བ་ལ་རྒལ་བ་དང་སྔོན་དུ་བྲམ་ཟེར་གྱུར་པའི་འཕགས་པ་པུ་ལིན་ད་བང་སས་གངྒཱའི་ལྷ་མོ་ལ་དམངས་རིགས་མོར་བརྗོད་པ་དེ་ལྟ་བུ་དང་ནི་དེ་བཞིན་གཤེགས་པ་ལ་བྲལ་བ་ཉིད་ལ། ཐུགས་རྗེ་ཆེན་པོའི་བསམ་པ་གང་གིས ་བཅོམ་ལྡན་འདས་དུས་ཐམས་ཅད་དུ་དྲུག་ཏུ་བྱས་པའི་འཇིག་རྟེན་ལ་རྣམ་པར་གཟིགས་ཏེ་སུ་ཞིག་ཉམས་པར་འགྱུར་ཞིང་སུ་ཞིག་འཕེལ་བར་འགྱུར་ཞེས་པ་ལ་སོགས་པའོ།། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཆོས་ཐམས་ཅད་ངོ་བོ ་ཉིད་ཁྱད་པར་དང་། མཚན་ཉིད་ཀྱི་དབྱེ་བའི་མཐོར་ཐུག་པའི་ཡེ་ཤེས་ལ། ཉོན་མོངས་པ་ནི་འཐབ་པ་དང་རྩོད་པ་ལ་སོ་གྲུབ་འདིར་ཉོན་པའི་རྒྱུ་དེ་ཉོན་པའི་ཉོན་པ་ལ་བདག་ཏུ་དམིགས་པ་ལས་འདི་རྣམས་སྐྱེ་བར་འགྱུར་རོ་ཞེས་པས་ཏིང་ངེ་འཛིན་འདི ་ལ་སྙོམས་པར་ཞུགས་ནས་དེ་ལས་ལོངས་ནས་གྲོང་ལ་སོགས་པར་ཞུགས་པ་ན་དེ་དམིགས་པར་བྱེད་པ་ལ། དེ་ལ་དེ་རྣམས་ཀྱི་ཉོན་མོངས་པར་མི་སྐྱེ་བར་མི་འགྱུར་བ་སྟེ། ཉོན་མོངས་པ་མེད་པ་དེ་ནི་བྱམས་པ་གཙོ་བོའོ།། བསྟན་བཅོས ་ལས། ཉན་ཐོས་ཉོན་མོངས་མེད་པའི་ལྟ།། མི་ཡི་ཉོན་མོངས་ཡོངས་སྤོང་ཉིད།། རྒྱལ་བས་གྲོང་སོགས་དེ་རྣམས་ཀྱི།། ཉོན་མོངས་རྒྱུན་གཅོད་ཉོན་མོངས་མེད།། ཅེས་ཏེ། ཉན་ཐོས་ཀྱི་ཉོན་མོངས་པ་མེད་པ་ནི་ཉན་ཐོས་དེ་ཡིས་སེམས་ཅན་རྣམས་ཀྱི ་ཉོན་མོངས་པའི་རྒྱུན་མཐོང་བ་ཡོངས་སུ་སྤངས་ཀྱི།། ཀུན་ནས་ཉོན་མོངས་པ་མེད་པ་མངོན་སུམ་དུ་བྱས་པ་ནི་མ་ཡིན་ལ། བདེ་བར་གཤེགས་པས་ནི་རུང་གི་ཡང་མཐོང་བ་ལ་གཞན་གྱི་ཉོན་མོངས་པ་རབ་ཏུ་འབྱུང་བ་རྒྱུན་གཅོད་དེ་མི ་མཐོང་བའི་ཡང་ངོ་ཞེས་པའི་དོན་ཏོ།། འདི་ཤེས་པར་བྱའོ་ཞེས་སྨོན་ནས་བསམ་གཏན་ལ་སྙོམས་པར་འཇུག་པས་འཇིག་རྟེན་གྱི་སྔོན་བྱུང་བ་ལ་སོགས་པ་ཡེ་ཤེས་སྐྱེ་བར་འགྱུར་བ་ནི་དེ་ལྟར་ཉན་ཐོས་རྣམས་ཀྱི་སྨོན་ནས་མཁྱེན ་པའོ།། དེ་བཞིན་གཤེགས་པའི་དབང་དུ་བྱས་ནས་བསྟན་བཅོས་ལ་སངས་རྒྱས་སྨོན་ནས་མཁྱེན་པ་ནི།། ལྷུན་གྱིས་གྲཔྟ་དང་ཆགས་སྤངས་དང་།། ཐེགས་མ་མེད་དང་བརྩལས་གནས་དང་།། འདྲི་བ་ཀུན ་ལན་འདེབས་པར་བཞེད།། ཅེས་ཏེ། ལྷུན་གྱིས་གྲུབ་པ་ནི་རྣམ་པར་རྟོགས་པ་མེད་པའི་ཕྱིར་རོ།། ཆགས་པ་སྤྲིངས་པ་ནི་བལྟོས་པ་མེད་པའི་ཕྱིར་རོ།། ཐོགས་པ་མེད་པ་ནི་ཐམས་ཅད་དུ་བྱར་ཆད་མེད་པའི་ཕྱིར་རོ།། རྟག་ཏུ་གནས་པ ་ནི་རྟག་པར་ཐུགས་མཉམ་པར་བཞིག་པ་ལ་གནས་པའི་ཕྱིར་རོ།། དྲི་བ་ཀུན་ལན་འདེབས་པ་ནི་བྲི་བ་ཀུན་གྱི་ལན་འདེབས་པའི་ཕྱིར་རོ།། འདིར་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་ནི་བལྟོས་པ་མེད་པའི་ཆོས་ཀྱི་ཕུང་པོ་འདི་རྣམས ་ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུར་རོ་གཅིག་པ་ཉིད་ཀྱིས་ངོ་བོ་ཉིད་ཀྱི་སྐུ་ཉིད་བདག་པོར་གྱུར་ནས། སེམས་ཅན་གྱི་དོན་གྱི་དབང་གིས་ཁྱབ་པ་ཉིད་རྟག་པ་ཉིད་དེ་དེའི་དབང་དུ་བྱས་ནས་བསྟན་བཅོས་ལས། རྒྱུ་ནི་ཡོངསུ་སྨིན ་བྱས་ནས། གང་དང་གང་དོན་གང་ཙ་ལ།། གེང་ཆེ་བྱ་བ་ཕན་གྱུར་པ།། དེ་དང་དེ་ལ་དེ་སྡོང་ངོ་།། ལྷ་ཡེ་རྒྱལ་པོས་ཆར་ཕབ་ཀྱང་།། ས་བོན་མི་རུང་མི་འཁྲུངས་ལྟར།། སངས་རྒྱས་རྣམས་ནི་བྱུང་གྱུར་ཀྱང་།། སྐལ་པ་མེད་པས་བཟང་མི་མྱེད།། དེ ་ལྷོར་མཛད་པ་རྒྱ་ཆེའི་ཕྱིར།། སངས་རྒྱས་ཁྱབ་པར་ངེས་པར་བརྗོད།། དེ་ཉིད་ཟག་པ་མེད་པའི་ཕྱིར།། རྟག་པ་ཞེས་ཀྱང་བརྗོད་པ་ཡིན།། ཅེས་ཏེ། དེ་ལྟར་ངོ་བོ་ཉིད་ཀྱི་སྐུའོ།། སྣང་བ་ནི་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་སྟེ་སྣང ་བའི་ཕྱིར་རོ།། ཅིའི་ཕྱིར་ན་དུསུ་རྟག་ཏུ་ཕན་པ་མ་ཡིན་ཞེ་ན། དེ་གསུངས་པ་ནི། ཆར་ཕབ་ཅེས་པ་སྟེ། ས་བོན་དུ་མི་རུང་བར་འགྱུར་བའི་སཱ་ལུ་ལ་སོགས་པ་ལྟ་བུ་ལ། སངས་རྒྱས་རྣམས་ཀྱི་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་རྣམས་ཀྱི ་སྐལ་བ་མེད་དེ། རང་གི་ལས་ཀྱི་གནོད་པ་བྱས་ནས་སྐྱེ་བའི་རྒྱུ་དང་བྲལ་བའི་ཕྱིར་རོ།། བཟང་པོ་དེ་ནི་ཕན་པ་ལ།། མཛད་པ་རྒྱུ་ན་བ་ནི། སྐལྔ་པ་དང་ལྡན་པ་ཐམས་ཅད་ལ་ཕན་པར་བྱེད་པ་སྟེ། དེ་ཉིད་མཛད་པའི་ལོངས་སྤྱོད་རྫོགས་པའི་སྐུ ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་འོག་མི་ནཱི་ལ་སོགས་པ་རྣམ་པ་སྣ་ཚོགས་ཤིང་བསམ་གྱིས་མྱི་ཁྱབ་ཅིང་མཐའ་ཡས་པའི་རིན་པོ་ཆེའི་རང་བཞིན་གྱིས་གཞལ་ཡས་ཁང་དུ་འཁོར་ལ་སོགས་པ་སྐྱེ་བར་འགྱུར་ཏོ།། ན་མཁའ་ཇི་སྲིད ་གནས་པོར་ཀུན་ཏུ་གནས་ཏེ། དེའི་སངས་རྒྱས་ཀྱི་ཞིང་ཇི་ལྟ་བུ། སངས་རྒྱས་ཀྱི་ཞིང་གང་དེ་ལ་གཙོ་བོ་ཉིད་དུ་ཇི་ལྟར་འཐད་ན། འཇིག་རྟེན་རྣམ་པ་གཉིས་ཏེ། སེམས་ཅན་གྱི་འཇིག་རྟེན་དང་སྣོད་ཀྱི་འཇོག་རྟེན་ནོ།། སེམས་ཅན་ཐམས ་ཅད་ཅེས་པ་ལ་སོགས་པ་སྟེ། དེ་ལ་སྣོད་དུ་སེམས་ཅན་གང་ཅུང་ཞིག་སྐྱོ་བར་འགྱུར་བ་དེ་ཐམས་ཅད་འཕགས་པའི་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་སྟེ། དེའི་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་གྱི་ཕུང་པོ་དེའི ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དག་མུ་མེད་པ་ཉིད་ཀྱིས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་འདིར་བཅོམ་ལྡན་འདས་ཀྱིས་གང་སེམས་ཅན་དེ་རྣམས་རྟོགས་པའི་ཕྱིར་ན་མཁའ་ཇི་སྲིད་དུ་ཡོངས་སུ་སྨིན་པར་བྱེད་པ ་སྟྭཾ། སའི་ཁམས་ཞེས་བྱ་ལ་སོགས་པ་ནཱས། ཛྷཻཾ་སྲིད་དུ་རྣམ་པར་ཤེས་པའི་ཁམས་ཀྱི་བར་རོ།། དེ་ལྟར་ཡང་དེ་ལ་སྤྱོད་ཀྱི་འག་ཙྪན་ནི་ས་གྷཱཞི་ལག་མཐིལ་ལྟར་མཱཉམ་པ་ལླ། ཁང་བཟངས་དང་ལྡུམར་དང་ལྡིང་།། ་དང་། དཔག་བསམ་གྱི་ལྗོན་པ་ལ་སོགས་པས་ཡོངས་སུ་བསྐོར་བའི་སེམས་ཅ་ནི་རྣམས་ཀྱི་གནས་མཆོག་ཏུ་འདྲ་བའི་གསེར་ལ་སོགས་པའི་རིན་པོ་ཆེ་སྣ་བརྙན་གྱི་རང་བཞིན་གྱིས་འཇིག་རྟེན་གྱི་ཁམས་གཞན་དུ་མི་གསལ་བར ་བྱེད་པའི་འོད་ཟེར་ཆེན་པོ་རབ་ཏུ་བྱུང་ན་ས་སྟེང་དུ་ནུ་མཁའི་མཐིལ་དང་རྗེས་སུ་མཐུན་པའི་སྣང་བར་བྱེད་པ་དང་། འཕགས་པའི་དགེ་སློང་དག་ཁམས་དྲུག་གི་སེམས་ཅན་གྱི་ཁམས་དྲུག་ཅར་ལ་ནི་འདིར་སྐྱེས་བུའི་ཞེས་གསུངས ་པོའི་ཕྱིར་ཏེ། འདིར་དུ་རྣམས་ཀྱི་ཡང་ལུས་མདངོས་དང་ལྡན་ཞིང་འོད་ཀྱི་དཀྱིལ་འཁོར་ཅན་དེས་དངོ་རྗེས་སུ་མཐུན་པ་ཁ་དོག་དང་དབྱིབས་ཏེ། དེ་ལ་ཀུན་ཏུ་འབད་པ་མེད་པར་ལོངས་སྤྱད་ཅིང་ཡོངས་སུ་ལོངས་སྤྱོད་པའི་སེམས་ཅན ་རྣམས་ཀྱི་ལྷའི་འཇིག་རྟེན་ལས་ཀྱང་ཁྱད་པར་དུ་འཕགས་ཤིང་། གང་དག་འདི་རྣམས་ལ་ཉེ་བར་ལོངས་སྤྱོད་པ་སྟེ་ངེས་པར་དགེ་བ་དང་བདེ་བ་དང་ངེས་པར་ཁ་ན་མ་ཐོ་བ་མེད་པ་དང་ངེས་པར་དབང་སྒྱུར་བ་སྟེ། འདི་འདྲ་བར་ཁམས་དྲུག ་ཡོངས་སུ་དག་པ་མུ་མེད་པ་ཅིང་མཐོ་ཐུག་པ་མེད་པའི་ཕྱིར་དང་། ཤིན་ཏུ་རོལ་པའི་ཕྱིར་རོ།། འདི་ད་མུ་མེད་པས་དེའི་རྒྱུར་གྱུར་པའི་ཕྱིར། བཅོམ་ལྡན་འདས་ཀྱི་ཤེས་རབ་ལ་མུ་མེད་པ་ཉི་ད་དུ་རྗེས་སུ་རིག་པར་བྱའོ།། ་དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་རྣམས་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་སུ་སོང་ནས། སེམས་ཅན་རྣམས་ཀྱི་མི་དགེ་པ་བསྔགས་པ་གཞོམ་པར་བྱ་བ་དང་། དེའི་གཉེན་པོ་དག་པ་བསྩགས་པར་ཤེས་པ་དེ་རྣམས་ལ ་ཚད་མོད་པས་དེ་ཡོངས་སུ་གཅོད་པ་པོའི་དེ་རྣམས་ཀྱི་ཤེས་རབ་ལ་ཚད་མེད་པ་གསུངས་པ་ནི། དགེ་བ་ཞེས་པ་ལ་སོགས་པ་སྟེ། ཇི་སྲིད་དུ་དེས་དེ་རྣམས་ལ་ཆོས་སྟོན་པར་བྱེད་པ་དེ་ཐམས་ཅད་ཀྱི་དགེ་བའི་ཆོས་ཀུན་ཏུ་བསགས་པ ་པ་དེ་རྣམས་ཚད་མེད་པས་སོ།། དེའི་རྣམ་པར་བཞག་པ་པོ་དེ་རྣམས་ཀྱི་ཤེས་རབ་ལུ་ཚད་མེད་དོ་ཞེས་བྱ་བ་གསུངས་པ་ནི། ཆོས་ཐམས་ཅད་ཅེས་པ་ལ་སྩོགས་པ་དང་། ཆོས་ཐམས་ཅད་ཏིང་ངེ་འཛིན་ཅེས་པ་ལ་སོགས་པ་ནི་ཆོས ་རྣམས་འཛིན་པ་དང་ཏིང་ངེ་འཛིན་ལ་སེམས་གནས་པ་ཉིད་དྲི་མུ་མྱེད་པ་ཉིད་སོ་སོར་ཐོབ་པ་སྟེ། ཐོ་བོ་པཱ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་སྐྱེས་པ་པོའི་ཕྱིར་བཅོམ་ལྡན་འདས་ཀྱི་ཤེས་རབ་ལ་མུ་མེད་པ་ཉིད་དོ།། སངས་རྒྱས ་ཐམས་ཅད་ཅེས་པ་ལ་སོགས་པ་སྟེ། སངས་རྒྱས་ནི་ལོངས་སྤྱོད་རྫོགས་པའི་སྐུ་ལ་དེའི་ཆོས་ཐམས་ཅད་ནི་མཚོན་དང་དཔེ་བྱད་རྣམས་ཏེ་དེ་རྣམས་ཀྱི་མུ་མེད་པ་ཉིད་དེ་ཡོངས་སུ་མི་ཆོད་པར་མཉམ་པ་སྟེ། དེ་བཞིན་གཤེགས་པ ་ལས་གཞན་ལ་དེ་འདྲ་བ་རྣམས་མེད་པའི་ཕྱིར་རོ།། དེས་བཅོམ་ལྡན་འདས་ཀྱི་ཤེས་རབ་དེ་དང་འདྲ་བ་མུ་མེད་པ་ཉིད་ཀྱིས་གང་གིས་དེའི་རྒྱུ་ཤེས་པ་ཉིད་ལ་རྗེས་སུ་གནས་པས་སོ།། འདི་ལྟར་བསྟན་བཅོས་ལས། མཚན་ནི་སུམ་ཅུ ་ཅུ་གཉིས་དང་།། དཔེ་བྱད་བརྒྱད་ཅུའི་བདག་ཉིད་ནི།། ཐེག་ཆེན་ཉེ་བར་ལོངས་སྤྱོད་པས།། ཐུབ་པའི་ལྗོངས་སྤྱོད་རྫོགས་སྐུར་བཞེད།། ཕྱག་ཞབས་འཁོར་ལོ་མཚན་དང་རུ་སྦྲུལ་ཞབས།། ཕྱག་ད ་ཞབས་སོར་དྲ་བས་འབྲེལ་པ་དང་།། ཕྱག་ནི་ཞབས་བཅས་འཇམ་ཞིང་གཞོན་ཤ་ཆགས།། འདི་ཡི་སྐུ་ཡི་བདུན་དག་མཐོ་བ་དང་།། སོར་མོ་རཽ་དེ་དང་རྟིང་ཡངས་སྐུ་ཚ་དྲང་།། ཞབས་ལོང་མི་མངོན་སྤུ་ནི་གྱེན་དུ་ཕྱོགས།། ་བྱིན་པ་ཨེ་ཎཾ་ཡ་འདྲ་ཕྱག་རིང་མཛེས།། འཇོམས་ཀྱི་སྦ་བསྒྲུབས་སུ་ནུབ་པའི་མཆོག། པགས་པ་གསེར་མདོག་པགས་པ་སྲབ་པ་དང་།། སྤུ་ནི་རེ་རེ་ནས་གཡས་ལེགས་འཁྲུངས་དང་།། ཞལ་མཛོད་པུས་བརྒྱན་རོ་སྟོང ་སྙིང་གེ་འདྲ།། འདི་ཡི་དཔུང་པའོ་མགོ་ཟླུམ་ཐལ་གོང་རྒྱས།། འདི་ལ་རོ་མི་ཞིམ་པ་རོ་མཆོག་སྣང་།། ཀུ་ནི་ནྱ་གྲོ་དྷ་ལྷུར་ཆུ་ཞེང་གབ།། གཙུག་ཏོར་ཡང་འཕགས་ལྗགས་རིང་མཛེས་པ་དང་།། ཚངས་དབྱུངས་འགྲམ་པ ་སེང་གེ་འདྲ་དང་ཚེམས།། ཤིན་ཏུ་དཀར་དང་ཐགས་བཟང་ཚང་བ་དང་།། གྲངས་ནི་བཞི་བཅུ་ཐམ་པ་ཚིང་བ་དང་།། སྤྱན་ནི་མཐོན་མཐིང་སྤྱན་རྫིབ་མཆོ་གི། འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན།། ཅེས་ཏོ། འདི་གོམས་པ ་སྙོམས་པ་དང་། ཕྱག་དང་ཞབས་དག་མཉམ་ཞིང་འཁོར་ལོས་མཚན་པའོ།། ཤིན་ཏུ་གནས་པའི་ཕྱིར་རུ་སྩོལ་ལྟ་བུའི་ཞབས་སོ།། ངང་པའི་རྒྱལ་པོ་ལྟར་ཕྱག་དང་ཞབས་དག་ལ་དྲ་བས་སྦྲེལ་བའོ།། ཕྱག་དང་ཞབས ་དག་གི་རྒྱུ་བ་དང་ཕྲག་པ་དག་དང་མགུལ་བ་ལྔ་སྐུ་ཤ་ཉེ་བར་བསགས་པའི་ཕྱིར་ཏེ་སྐུའི་བདུན་མཐོ་བའོ།། ཆེ་བ་ནི་ཆེ་བའི་ཕྱིར་རོ།། ཞབས་ཀྱི་ལོང་བུ་མི་མངོན་པ་དང་།། དེ་ཡང་སྤུ་གྱེན་དུ་ཕྱོགས་པ་དང་ཤིན་ཏུ་སྐྱེས་པའོ།། ་ཞབས་ཀྱི་ལྡོང་བུ་མི་མངོན་པ་ལ་སོགས་པ་ནི་མེདོ་ལའོ།། འདིར་བརླའི་རྩ་བོ་མན་ཚོ་ད་ནི་ཐམས་ཅད་ཞབས་སུ་དེ་ལྟར་གཏང་པར་བྱའོ།། ཕྱག་རིང་བ་ཉིད་ནི་ཡོངས་སུ་བརྐྱང་བ་ན་བརླབས་རིང་བ་ཉིད་པུས་མའོ་ལྷང ་ལེབས་པའི་ཕྱིར་རོ།། འདོམས་ཀྱི་སྒྲུབ་སྦུབས་སུ་ནུབ་པ་ནི། འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་སྟེ། སྦུབས་ཀྱི་གཡོགས་ཤིང་རབ་ཏུ་བཽཀ་བ་པས་འདིའི་འདོམས་ཀྱི་སྤྲོ་བ་སྦུབས་སུ་ནུབ་པའི་མཆོག་གོ།། མཛོད ་བུ་ནཱི་ཐིག་ལེའི་གནས་སུ་དཀར་བའི་གཡོས་སུ་འཁྱིལ་པ་རྩེ་མོ་གྱེན་དུ་བསྟན་པའོ།། འདིའི་རོ་སྟོད་ནི་སེང་གེ་ལྔ་བུའོ།། ཟླུམ་པ་ནི་མགྲིན་པ་ཤིན་ཏུ་ཡོངས་སུ་ཟླུམ་པ་སྟེ། ལྤགས་པརའི་བྱིར་པའི་མགྲིན་པའི་ཕྱིརརོ།། ་འདིའི་ཐལ་གོང་དག་ནི་ནཱང་གི་པར་གང་བ་དང་བཅས་པ་སྟེ། དེར་ཉེ་བར་བསགས་པའོ་ཞེས་པ་ནི་ཐལ་གོང་རྒྱས་པའོ།། ནྱ་གྲོ་དྷ་ནི་འདོམ་གང་བ་སྟེ། ལྟེ་བའི་གོང་དྲང་འོག་གི་རྐང་པའི་མཐོལ་ནས་ཇི་སྲིད་དུ་མགོ་བའི ་བོའི་བར་དང་ལག་པ་གཉིས་ཀྱི་བར་འདོམ་མཉམ་པའི་སྐུའོ།། གཙུག་ཏོར་ནི་དབུ་ལ་དཀྲིས་པའི་རྣམ་པ་ཅན་ནོ།། འགྲམ་པ་སེང་གེ་ནི་ཟླ་བའི་དཀྱིལ་འཁོར་ཚེས་བཅུ་གཉིས་པ་དང་འདྲ་བའི་ཕྱིར་རོ།། འདིའི་བཅུ་ཚད་རྣམ ་ཀུན་ཏུ་བསྒྱུར་བས་སོ།། ཞེས་པ་ནི་བཞི་བཅུ་པ་རྣམས་སོ།། བ་མཆོག་ནི་ཁྱུ་མཆོག་སྐྱེ་བ་ལུང་གི་མཆོག་གོ།། འདི་ལ་མཚན་ནི་གང་གུང་གིས་སྒྲུབ་པར་བྱེད་པའི་རྒྱུ་གང་ཡིན།། དེ་དང་དེ་ནི་རབ་རྫོགས ་པར།། མཚན་ནི་འདི་རྣམས་ཡང་དག་འགྲུབ། ཅེས་པ་བསྟན་བཅོས་ལས་ཏེ། སྒྲུབ་བྱེད་རྒྱུའི་མཚོན་ཉིད་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། ཡང་བསྟན་བཅོས་ལས། བླ་མ་སྐྱོལ་ལ་སོགས་པ་དང་།། ཡང་དག་བླངས་པ་བསྟན ་པ་དང་།། བསྡུ་བ་བསྟེན་དང་གྱ་ནོམ་པ།། དངོས་པོ་སྦྱིན་དང་གསང་བྱུ་བ།། ཐར་པར་བྱེད་དང་དྲི་གེ་བ་ནི།། ཡང་དག་བླངས་པ་སྤེལ་ལ་སོགས།། སྒྲུབ་བྱེད་རྒྱུའི་མཚན་ཉིད་དེ།། མདོ་ལུས་ཇི་སྐད་འབྱུང་བ་བཞིན།། ཙ་ས་ཏེ། བླ་མ ་རྣམས་ལ་བསུ་བ་དང་བསྐྱལ་བ་དང་ཆོས་མཉན་ནས་འཁོར་ལོ་ལ་སོགས་པ་སྦྱིན་པ་ནི་དང་པོའི་མཚན་ཉིད་དོ།། བླངས་པ་ཡང་དག་བསྟན་པ་ནི་གཉིས་པའོ།། བསྡུ་བའི་དངོས་པོ་བསྟེན་པ་ནི་གསུམ་པའོ།། གྱ་ནོམ་པོ་ནི་བཟའ ་བ་དང་བཏུང་བ་ལ་སོགས་པ་སྦྱིན་པའི་ཕྱིར་རོ།། བཅིངས་པ་དགྲོལ་བའི་ཕྱིར་དང་། སྲོག་རྗེས་སུ་གཟུང་བའི་ཕྱིར་དང་།། སྲོག་གཅོད་པ་ལས་ལྡོག་པ་བསྟེན་པ་སྟེ་གསུམ་པའོ།། ཆོས་ཡང་དག་བླངས་པ་དག་སྤེལ་བ་སྟེ།། ་དགུ་ནི་བཅུའི་འོ།། བསྙེན་བཀུར་དང་རིག་པ་བཟོ་བ་ལ་སོགས་པ་སྦྱིན་པ་དོང་ཡོད་ཅིང་བདེག་པ་ལ་སློང་བའི་སྐྱོ་བ་མི་སྤོང་བ་དང་། སྐྱེ་བོ་ཐམས་ཅད་ལ་ཚངས་པར་སྤྱོད་པ་ལེན་དུ་བཅུག་པ་དང་། གསང་པར་བྱ་བའི་ཚིག ་བསྲུང་བ་དང་གྱ་ནོམ་པའི་སྟན་གྱི་གདིང་གཡོགས་ལ་སོགས་པ་སྦྱིན་པ་དང་ཁང་བཟང་དང་གོས་ལ་སོགས་པ་སྦྱིན་པ་དང་། འདུ་འཛི་ལ་སོགས་པ་སྤངས་པ་དང་། སྐྱེ་བོ་ཐམས་ཅད་བླ་མ་ཇི་ལྟ་བའི་གནས་ལ་འཛེགས་པ་དང ་རྣམ་པ་ཐམས་ཅད་དུ་ངག་རྩུབ་པོའི་ཚིག་གིས་མི་སྨོད་པ་དང་། སྙན་པར་སྨྲ་བ་ཉིད་དང་ལེགས་པར་སྨྲ་བ་ཉིད་ཀྱིས་རྗེས་སུ་མཐུན་པའི་དང་སྨན་སྦྱིན་པ་དང་ནད་པའི་ཉེ་གནས་དང་། ཀུན་དགའ་ར་བའི་གནས་ལ་སོགས་པ་བྱེད ་དུ་འཇུག་པ་དང་། གནས་གཞི་ལ་སོགས་པ་རྣམས་ལ་ལྷག་པར་རབ་ཏུ་སྦྱིན་པ་དང་། འཇམ་པོ་ལ་སོགས་པར་སྨྲ་བ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་རྣམས་དམ་པའི་ཆོས་རྣམ་པར་ཤེས་པར་བྱེད་པ ་དང་། ངག་ཁྱལ་པ་སྤངས་པས་སྐྱེ་བོ་ཐམས་ཅད་རིན་པོ་ཆེ་ལ་སོགས་པ་དོང་། འཚོ་བ་རྣམ་པར་དག་པ་ཉིད་དང་བདེན་པར་སྨྲ་བ་ཉིད་དང་། ཕྲ་མི་འཚིག་ལ་སོགས་པ་མེད་པ་དང་། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ ་བཞིན་དུ་བསྒོ་བ་དང་། ཁོང་ཁྲོ་བོ་ལ་སོགས་པས་དབེན་པར་སྟོན་པ་དང་།། བྱིན་པ་ཨི་ཎ་ཡ་འདྲ་བ་ལ་སོགས་པ་རྣམས་ཀྱི་རྒྱུ་ནི་གོ་རི་མ་ཛེ་ལྟ་བ་བཞིན་དུ་ཉེ་ཤུ་རྩ་གཉིས་སོ།། མཚན་རྣམས་ལས་གཞན་པའི་མཛེས ་པར་བྱེད་པའི་དཔེ་བྱད་རྣམས་ཀྱི་དབང་དུ་བྱས་ནས་བསྟན་བཅོས་ལས། ཐུབ་པའི་སེན་མེ་ཟངས་མདོག་དང་།། མདོག་སྣུམ་མཐོ་དང་སོར་མོ་རྣམས།། ཟླུམ་རྒྱས་བྱིན་གྱིས་ཕྲ་བ་དང་།། རྩ་མི་མངོན་དང་མདུད་པ་མེད།། ལོང ་བུ་མི་མངོན་ཞབས་མཉམ་དང་།། སེང་གེ་གླང་ཆེན་བྱ་དྲང་ནི།། ཁྱུ་མཆོག་སྟབས་གཤེགས་གཡས་ཕྱོགས་དང་།། མཛེས་གཤེགས་རླུང་དང་འཁྲིལ་བག་ཆགས།། བྱི་དོར་བྱས་འདྲ་རིམ་པར ་འཚམ།། གཙང་དང་འཇམ་དང་དག་པའི་སྐུ།། དཔེ་བྱད་ཡོངས་སུ་རྫོགས་པ་ཉིད།། སྐུ་ཡི་ཁོ་ལགས་ཡངས་ཤིང་བཟང་།། གོ་མོ་སྙོམས་སྤྱན་ནི་དག་པ་དང་།། ཤིན་ཏུ་གཞོན་མདོག་ཅན་ཉིད་དང་།། སྐུ་ཞུམ་མེད་དང་རྒྱས་པ་ད ་ཡ་ག་ཤེན་རྒྱནམ་བྱེས་པ།། གདེ་ལ་སུ་ཡང་དག་པ་དང་། སྐུ་ཟླུམ་གཔས་ཕྱི་པ་སོ་།། བྱམ་མེ་བ་དང་སྟེ་བ་ནི། ས་ད་ག་ས་སུ་འཁྱིལ་བ་དང་། སྲས་བསྟན་སྡུག་པ་། སུན་སྤྱོད་གཙང་དང་ཕྲུ་ལནི། གླེ་བ་ད་ཏྲེ་ག་ཀྱ་ནི་རྗེ་ཨོཾ་ཉམ་འད་བྱག་རྗེ་དུ་མེད་པ་། ཆ་མེ་དང། དུ་བ་པ་ལྟ་བས་དག་། གས་མ་ཉིད་གྲ་པ་གཱ་། མས་ཙུན་ང། ་མཉེན་མཉམ་དང་མཆུ་བ་ནི།། ཟླུམ་དང་དཀར་དང་རྣོ་བ་དང་།། བྱིན་གྱིས་ཕྲ་དང་ཤངས་མཐོ་དང་།། མཆོག་ཏུ་དག་པ་ཉིད་དང་ནི།། སྤྱན་ཡངས་པ་དང་རྫི་མ་སྟུག། པདྨའི་འདབ་མ་འདྲ་བ་དང་།། སྨིན་ཚུགས་རིང་དང་འཇམ་པ ་དང་།། སྣུམ་དང་སྤུ་ནི་གཡས་ཕྱོགས་དང་།། ཕྱག་རི་རྒྱས་དང་སྤྱན་མེ་ཉྩམྦུ་དང་།། ཉམས་པ་རྣམ་པདྨ་སྤངས་པ་དང་།། དཔྲ་ལཱཾ་བ་ལེགས་པར་དུ་བྱིས་པ་དང་།། དབྱེས་ཚ་བ་དང་དབུ་རྒྱུས་དང་།། དབུས་སྒྲ་བུད་བ་ལྷུར ་གནག་དེང་།། སྣུམ་འཇམ་མོ་འཛིངས་ངོ་བོ་དང་།། ཡཽ་བ་ཤོར་སྐྱེས་བུའི་ཡིད་འཕྲོག་དང་།། དཔལ་གྱི་བེའུ་དང་བཀྲ་ཤིས་ནི།། གཡུང་དྲུང་འཁྱིལ་བས་བརྒྱན་པོ་སྟེ།། སངས་རྐྱེནོ་དཔེ་བྱད་བཟང་པོར་བཞེད། ཅེས ་ཏེ། གཟུགས་རྣམས་ཀྱི་གཟུགས་བརྙན་འདི་འཆར་བ་དེ་ལྟར་འདིའི་སྐུ་ལ་འདིར་གཟུགས་བརྙན་ཤར་པའོ།། སྤུ་མཉམ་པ་དང་། དེ་ལ་སེན་མོ་ཟངས་ཀྱི་མདོག་ཉིད་དང་། སྣུམ་པ་ཉིད་དང་། སེན་མོ་མཐོ་བ་ཉིད་དང་། སེན ་མོ་ཟླུམ་པ་ཉིད་དང་། སྡོར་མོ་བྱིན་གྱིས་ཕྲ་བ་ཉིད་དང་། རྩ་མི་མངོན་པ་ཉིད་དང་། རྩའི་མདུད་པ་མེད་པ་ཉིད་དང་། ལོང་བུ་མཱི་མཐོང་བ་ཉིད་དང་། ཞབས་མཉམ་པ་ཉིད་དང་། སྟེང་གའི་འགྲོས་ཀྱིས་གཤེགས་པ་ཉིད་དང་། ་གླང་པོ་ཆེའི་བགྲོས་ཀྱིས་གཤེགས་པ་ཉིད་དང་། ངང་པའི་སྟབས་ཀྱིས་གཤེགས་པ་ཉིད་དང་། ཁྱུ་མཆོག་གི་སྟབས་ཀྱིས་གཤེགས་པ་ཉིད་དང་། གཡས་ཕྱོགསུ་སྐོར་ཞིང་གཤེགས་པ་ཉིད་དང་། མཛེས་པར ་གཤེགས་པ་ཉིད་དང་། ཡོན་པོ་མ་ཡིན་པའི་སྐུ་ཉིད་དང་། འཁྲིལ་བག་ཆགས་པའི་སྐུ་ཉིད་དང་། བྱི་དོར་བྱས་པ་ལྟ་བུའི་སྐུ་ཉིད་དང་། རིམ་པར་འཚམ་པོའི་སྐུ་ཉིད་དང་། གཙང་བའི་སྐུ་ཉིད་དང་། འཇམ་པའི ་སྐུ་ཉིད་དང་། དག་པའི་སྐུ་ཉིད་དང་། དཔེ་བྱད་ཡོངས་སུ་རྫོགས་པ་ཉིད་དང་། ཡངས་ཤིང་མཛེས་པའི་སྐུ་ཉིད་དང་། གོམས་པ་སྙོམས་པ་ཉིད་དང་། སྤྱན་རྣམ་པར་དག་པ་ཉིད་དང་། ཤིན་ཏུ་གཞོན་མདོག་ཅན་གྱི་སྐུ ་ཉིད་དོ།། མཞུམ་པའི་སྐུ་ཉི་དང་། རྒྱས་པཱ་སྟེ་ཉི་དང་། ཤིན་ཏུ་རྣམ་པར་ཕྱེ་བའི་སྐུ་ཉིད་དང་། ཡན་ལག་དང་ཉིང་ལག་ཤིན་ཏུ་རྣམ་པར་མཛེས་པ་ཉིད་དང་། གཟིགས་པ་རབ་རིབ་མེད་པ་ཉིད་དང་། དཀུ་ཟླུམ་པ་ཉིད་དང་། དཀུ་སྐབས་ཕྱིན ་ཉི་དང་། དཀུ་མ་རྙོངས་པ་ཉིད་དང་། དཀུ་མཉམ་པ་ཉིད་དང་། ལྟེ་བ་ཟབ་པ་ཉིད་དང་། ལྟེ་བ་གཡས་ཕྱོགས་སུ་འཁྱིལ་བ་ཉིད་དང་། ཀུན་ནས་བལྟ་ན་སྡུག་པ་ཉིད་དང་། ཀུན་ཏུ་སྤྱོད་པ་གཅོད ་བ་ཉིད་དང་། སྐུ་ལ་སྨེ་བའི་ནག་བག་མེད་པ་ཉིད་དང་། བྱེག་ཤིང་བལ་ལྟར་འཇམ་པ་ཉིད་དང་། ཕྱག་གི་རེ་མོ་སྣུམ་པ་ཉིད་དང་། ཕྱག་གི་རི་མོ་རིང་བ་ཉིད་དང་ཞལ་ཧ་ཅང་མོ་རིང་བ་ཉིད་དང་། མཆུ་བོམ་པ་ལྟར ་དམར་བ་ཉིད་དང་། ལྗགས་གཉེན་པ་ཉིད་དང་། ལྗགས་སྲབ་པ་ཉིད་དང་། ལྗགས་དམར་བ་ཉིད་དང་། ཤངས་མཐོ་བ་ཉིད་དང་། ཤོངས་གཙང་བ་ཉིད་དང་། སྤྱན་ཡངས་པ་ཉིད་དང་། རྫི་མ་སྟུག་པ་ཉིད་དང་། ་དཀར་བ་དང་གནག་པའི་པདྨའི་འདབ་མ་ལྟ་བུའི་སྦྱིན་ཉིད་དང་། སྤྲིན་འཁྲུགས་རིང་བ་ཉིད་དང་། སྨིན་མ་སྡུམ་པ་ཉིད་དང་། སྨིན་མ་འཇམ་པ་ཉིད་དང་། ཕྱག་རིང་ཞིང་རྒྱས་པ་ཉིད་དང་། སྙན་མཉམ་པ་ཉིད ་དང་། དཔྲལ་བུ་ལེགས་པར་མི་ཛེས་པ་ཉིད་དང་། དཔྲལ་དབྱེས་ཆེ་བ་ཉིད་དང་། དབུ་ཡོངས་སུ་རྒྱས་པ་ཉིད་དང་། དབུ་སྐྲ་བུང་བ་ལྟར་གནག་པ་ཉིད་དང་། དབུ་སྐྲ་སྡུག་པ་ཉིད་དང་། དབུ་སྒྲལ་མ་ཉི་དག་། ངར་སྐ་མ་འཛིན་པ་ཉིད་ང ་དབུ་སྣ་མོ་གཤེར་བ་ཉིད་དང་། དཔལ་གྱི་ཐེའུ་དང་། བགྲོ་ཤིས་དང་། གཡུང་དྲུང་དང་། འཁྱོལ་པ་རྣམས་ཕྱག་དང་ཞབས་ཀྱི་མཐིལ་རྣམས་ལའོ།། ཞེས་རོ་རྡོའི་བྱང་བརྒྱད་ཅུ་རྣམས་དང་། མཚོ་ནི་རྣམས་ནི། ་ནཱི་གདུལ་བར་བྱ་བའི་དད་པ་མངོན་པར་འཕེལ་བའི་ཕྱིར་རྣམ་པར་བཞག་པ་ཉིད་དེ། འདི་དག་ལ་ནི་འདི་འདྲ་ཞེས་བྱ་བར་མི་ནུས་པ་ཉིད་དོ།། ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་དག་ནི་རྣམ་པ་སྣ་ཚོགས་ཤིང་བསམ ་གྱིས་མི་ཁྱབ་པའི་ཁ་དོག་དང་དབྱིངས་ལ་སོགས་པ་རྣམས་སུ་བླ་ན་མེད་པའི་ཚུལ་དུ་མང་དུ་བསྟུན་པའི་ཕྱིར་དང་མདོ་སྡེ་ཡང་སྟེ། རྣམ་པར་རྟོག་པ་མེད་པའི་ཡིད་བཞིན་གྱི་ནོར་བུའི་དེ་བཞིན་གཤེགས་པའི་བདག ་པོ་དང་། རང་གི་མོས་པའི་དབང་གིས་དེ་བཞིན་གཤེགས་པ་གསེར་གྱི་ཁ་དོག་ལ་སོགས་པའི་སྐུ་མཐོང་བར་འགྱུར་རོ་ཞེས་པསོ།། མཚན་དང་པོ་འདི་རྣམས་ནི་བྱང་ཆུབ་སེམས་དཔའ་རྣམས་དང་འཁོར་ལོས ་སྦྱར་བ་རྣམས་ལ་ཡང་ཡོད་མོད་ཀྱི། ཅུང་ཞིག་དེ་བཞིན་གཤེགས་པ་རྣམས་ཀྱི་ཡུལ་ན་གནས་པ་དང་། གསལ་བ་དང་རྫོགས་པ་རྣམས་ཀྱིས་བླ་ན་མེད་པའོ།། སྤྲུལ་པ་ནི་སྤྲུལ་པ་སྟེ་དེས་ན་སྤྲུལ་པའི་སྐུ་དེ་ནི་མྱ ་དེངོ་ན་ལས་འདའ་ཞིང་ཐམས་ཅད་ནས་ཐམས་ཅད་དུ་ན་མཁའ་ཇི་ལྟར་སྲིད་པར་དུས་ཇི་ལྟ་བ་དང་བསམ་པ་ཇི་ལྟ་བར་མཐའ་དག་གི་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་ར་ཡང་དག་པར་སྒྲུབ་པའི་སྤྲུལ ་པའི་ལས་རྣམས་ལ་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ་ལ་སོགས་པའི་སྐུར་སྦྲེལ་པར་བྱེད་དོ།། ཞེས་པ་ནི། སྤྲུལ་པ་ཡང་ཡིན་ལ་སྐུ་ཡང་ཡིན་པས་སྤྲུལ་པའི་སྐུ་སྟེ། དྲོ་དབང་དུ་བྱས་ནས་བསྟན་བཅོས་ལས།། ་གུང་གིས་སྲིད་པ་ཇི་སྲིད་པར།། འགྲོ་ལ་བནྡྷ་པ་སྣ་ཚོགས་དག། མཉམ་དུ་མཛད་པའི་སྒྲ་ནི།། ཐུ་པའི་སྦྲུལ་སྒྱུ་རྒྱུན་མི་འཆད།། དེ་བཞིན་ལས་ཀྱང་རྒྱུན་མི་འཆད།། འདི་ནི་འཁོར་བ་ཡིན་པར ་འདོད།། ཅེས་ཏེ། དེ་ལྟར་སེམས་ཅན་མཉམ་པ་ལ་མི་མཉམ་པར་སོ་སོར་སྣང་བ་ནི་སེམས་ཅན་རྣམས་ཀྱི་བདག་པོའི་དབང་གིས་ཏེ། འདི་གསུངས་པ་ནི། ཆོས་ཐམས་ཅད་ཅེས་པ་ལ་སོགས་པ་སྟེ། ཇི་སྲིད་དུ་ཆུ་དང་ཐང ་དང་བར་སྣང་ལ་རྒྱུ་བའི་བརྟན་པ་དང་། གཡོ་བ་རྣམས་ཀྱི་ལུས་ངག་གིས་ཀུན་ཏུ་བསྡུས་པས་ནི་ཆོས་རྣམས་ལ་སེམས་ཅན་རྣམས་འདུལ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་སྤྲུལ ་པ་ཉིད་ནི་ཆོས་ཐམས་ཅད་དེ། དེ་རྣམས་མུ་མེད་པ་ཉིད་པས་བཅོམ་ལྡན་འདས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མུ་མེད་པ་སྟེ། དེས་སྤྲུལ་པ་ཉིད་དོ།། སྟོང་པ་ཉིད་ཅེས་པ་ལ་སོགས་པ་ནི་ཇི་ལྟར་སྤྲུལ་པའི་སྐུ ་རྣམས་མཐའ་ཡས་པ་དེ་ལྟར་དེ་རྣམས་ཀྱི་སྟོང་པ་ཉིད་ཀྱང་མཐའ་ཡས་པ་ཉིད་དོ།། གང་གི་སྟོང་པ་ཉིད་ནི་རིང་གི་ངོ་བོ་ཉིད་ཀྱི་སེམས་དང་སེམས་ལས་བྱུང་བའི་རང་བརྒྱུད་པའི་བློ་རྣམས་ཀྱིས་ཏྲ། སྒྱུ་མོའི་སྐྱེས ་བཞིན་ཏེ། མུ་མེད་པ་ནི་སྔ་མ་བཞིན་ནོ།། ཇི་ལྟར་དེ་རྣམས་ཀྱི་ལུས་དང་ངག་སྤྲུལ་པ་དེ་བཞིན་དུ་སེམས་དང་སེམས་ལས་བྱུང་བ་ཡང་ཇི་ལྟར་སྤྲུལ་པར་མ་གྱུར་ན། དེའི་ཉེ་བར་ལེན་པའི་རྒྱུ་མེད་པའི་ཕྱིར་ཏི། སྔ་ན་མེད ་པའི་སེམས་ཅན་འབྱུང་བ་མེད་པའི་ཕྱིར་རོ།། འོ་ན་སངས་རྒྱས་རྣམས་ནི་སྒྱུ་དང་གསུང་དང་ཐུགས་སྤྲུལ་པའི་སྦྱོར་བའི་ཐབས་ཀྱི་ལྷན་ཅན་ཞེས་གསུངས་པ་ནི་བདེན་པར་འདོད་དེ། འོན་ཀྱང་བདེན་པའི་ཉེ་བར་ལྡན ་བའི་རྒྱུ་ཅན་ཏེ། ལྷའི་བྱིན་གྱིས་བོ་རླབས་ནས་རྨི་ལམ་མཐོང་བ་བཞིན་ཏེ། ངག་གི་དོན་ཤེས་པར་བྱེད་པ་བཞིན་ཏེ། འདི་ལ་གསུངས་པ་ནི། སེམས་ཞེས་པ་ལ་སོགས་པ་སྟེ། སྣ་ཚོགས་པའི་འཇིག་རྟེན་གྱི་ཁམས ་ཀྱི་མི་ཐའ་ཡས་པའི་སེམས་ཅན་གྱི་སྤྱོད་པ་རྣམས་ལ་རྣམ་པར་གཟིགས་ནས་སྤྲུལ་པ་སྣ་ཚོགས་པ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་དེ་རྣམས་ལ་ཆོས་སྟོན་པར་བྱེད་དེ། འདི་ལ་གསུངས་པ་ནི། སེམས་ཀྱི་སྤྱོད་པ་ཅེས་པ ་ལ་སོགས་པའོ།། སེམས་ཅན་དེ་རྣམས་ཀྱི་ཇི་ལྟར་ཉེ་བར་བསྟན་པའི་ཆོས་ལ་ཀུན་ཏུ་དམིགས་པར་བྱེད་པའི་གཉེན་པོ་དང་ལྡན་པའི་དགེ་བའི་ཆོས་སྐྱེ་བར་གྱུར་ནས་མི་མཐུན་པའི་ཕྱོགས་ཀྱི་མི་དགེ་བའི་ཆོས་རྣམས ་རབ་ཏུ་སྤོང་བར་བྱེད་དེ། འདི་ལྔ་གསུངས་པ་ནཱི། དགེ་བ་ཞེས་པ་ལ་སོགས་པའོ།། སྤུལྔ་པ་ཉིད་ནི་ཇི་ལྟར་བཅོམ་ལྡན་འདས་ཀྱི་སྐུ་སྟེ། སྒྱུ་མ་མཁན་གྱིས་སྤྲུལ་པའི་གླང་པོ་ལ་སྩོགས་པའི་སྒྱུ་མའི་རྣམ་པ་ནི་ངའི ་སྐུར་འགྱུར་བ་མེད་དོ།། རང་གི་ལུས་ཉིད་དུ་བྱིན་གྱིས་བརླབས་ཤིང་སྤྲུལ་ནས་རང་གི་ལུས་བཞིན་དུ་འགྲོ་བ་དང་ཐ་སྙད་ལ་སོགས་པ་དང་དཀའ་སྤྱང་རྣམས་སུ་རྣམ་པར་སྤྲོས་པ་དེའི་བཅོམ་ལྡན་འདས ་ཀྱི་སྐུའོ་ཞེས་པ་ནི་སྤྲུལ་པའི་སྐུའོ།། དེ་ལ་སྐུ་གསུམ་པོ་འདི་རྣམས་ཀྱང་ནི་རྟག་པ་སྟེ། ངོ་བོ་ཉིད་ནི་རང་བཞིན་གྱིས་རྟག་པས་རྟག་པ་སྟེ། ཐོག་མ་དང་ཐ་མ་མེད་པའི་ཕྱིར་རོ།། ལོངས་སྤྱོད་རྫོགས ་སྐུ་ནི་བརྟན་པས་རྟག་པས་རྟག་པ་སྟེ། ཐོག་མ་འདོད་ཀྱང་ཐ་མ་མེད་པའི་ཕྱིར་རོ།། དེ་ལྟར་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའི་ཆོས་ཀྱི་ཚོགས་ཀྱང་ངོ་།། སྤྲུལ་པའི་སྐུ་ནི་རྒྱུན་རྟག་པ་སྟེ་རྟག་ཏུ་འབྱུང་ཞིང་ནུབ་པ་དང་། ་ནུབ་ནས་ཡང་ནས་སྣང་དུ་ཡུལ་ཐ་དད་པར་རྟག་ཏུ་འཇུག་པས་ནཱ་དེ་ལྟར་མཛད་པ་ཡང་རྟག་པ་ཉིད་དོ།། དེ་ལཱ་ཧཱི་ད་ནི་ཀུན་ཏུ་གནས་པ་སྟེ། ཞེས་པ་ཉིད་ལ་གང་དུ་ཡང་འཇོག་པར་འགྱུར་བ་མེད་དོ་ཞེས་པ་ནི་ཆོས་སོ།། ་ཀྱང་འདི་ལ་སྐུ་ཡང་འདི་ལྟ་སྟེ། ལུས་ཡིན་པའི་ཕྱིར་རོ།། ཞེས་པའོ།། ཆོས་ཀྱི་སྐུ་ནི་བཅོམ་ལྡན་འདས་རྣམས་ཀྱིས་འདུས་མི་བྱས་པའི་དོན་དམ་པ་སྟེ། དེ་ལ་བརྟེན་པའི་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་དང་། ལྗོངས ་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་དང་གསུམ་ནི་དེ་ལྟར་ཀུན་རྫོབ་ཀྱི་ངོ་བོ་སྟེ། འཇིག་རྟེན་ལས་འདས་པའི་ལམ་གྱི་འདུསོ་བྱས་པའི་དོན་དམ་པར་ནི་ངོ་བོ་ཉིད་མེད་པའི་མཚན་ཉིད་ཅིན་ཆོས་ཀྱི་སྐུའི་ངོ་བྱེ་སྟེ་གོ་རིམ ་ཇི་ལྟ་བ་བཞིན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། དེ་ལས་ཅིག་ཤེས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་སོགས་པ་རྣམས་ལ་ཡང་སོ་སོར་སྣང་བར ་བྱེད་དེ། ཇི་ལྟར་ཆོས་ཀྱི་སྐུ་ལ་རྟེན་པ་ཉིད་ན་ནི་ཆོས་ཀྱི་སྐུ་མངོན་པར་བྱང་ཆུབ་པར་གྱུར་ནས་ལྗོངས་སྤྱོད་རྫོགས་པའི་སྐུའི་རྩེ་མོ་ལ་འདི་ལས་སྤྲུལ་པའི་སྐུ་ཡང་དེ་དང་དེར་འབྱུང་སྟེ། ཅུང་ཞིག་ཆོས་ཀྱི་སྐུ་དང་ལོངས ་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་དེའི་འོད་ཟེར་དྲག་ལས་ཀྱང་སྦྲེལ་པོའི་སྐྱེར་འགྱུར་བའོ།། འདིར་སེམས་བསྐྱེད་པའི་དངོས་གཞི་དང་རྫས་ནི་ཡེ་ཤེས་ལྔའི་བདག་ཉིད་དེ། དེ་ལྟར་ཡང་སངས་རྒྱས་ཀྱི་སའི་མདོར་སངས ་ཆོས་ཀྱི་ས་ཤིན་ཏུ་རྣམ་པཱཙྪ་དགུ་པའི་ཆོས་ཀྱི་དབྱིངས་ཀྱི་བསྡུས་པའི་མེ་ལཱིང་ལྟ་བུ་དང་། མཉམ་པ་ཉིད་དྲུང་། སོ་སོར་ཀུན་ཏུ་རྟོག་པ་དང་། བྱཱ་བཱ་ནན་ཏེན་ནོ་ཞེས་གསུངས་སོ།། དེ་ལ་བག་ཚོགས་དང་བཅས་པའི་སྒྲིབ ་པོཔ་གཉིས་ལས་གྲོལ་བའི་སྙིང་རྗེ་དང་ཤེས་རབ་གཽཉིས་སུ་མེད་པས་ཆོས་ཀྱི་དབྱིངསྟེ་ཀུནྣ་ཏུ་རྟོགས་པ་ནི་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ།། མེ་ལོང་ལྟ་བུའི་ཡེ་ཤེས་ནི་གང་དུ་ན་མཁའ་ཇི་སྲི ་པའི་རྡུལ་བླ་རབ་ཀྱི་མུ་མེད་པའི་ཁམས་གསུམ་པའི་སེམས་ཅན་དང་ཊཱིག་ཤོས་ཀྱི་དངོས་པོ་ཐམས་ཅད་ཇི་ལྟར་རིང་བ་དང་ཉེ་བའི་ཡུལ་དང་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་ཀྱི་སོ་སོར་གནས་པ ་མེ་ལོང་བཞིན་དུ་གཟུགས་བརྙན་གསལ་བར་སོར་སྣང་བའོ།། མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་གང་གིས་དེ་ལྟར་མཐོང་བའི་འགྲོ་བ་དེ་རྣམས་ཆོས་ལ་བདག་མེད་པར་མཉམ་པར་ངེས་ཤིང་སེམས་ཅན་ཐམས་ཅད་རྟག་པར ་བདག་དང་མཉམ་པ་ཉིད་ཀྱི་སེམས་དེ་རྣམས་ཀྱིས་ཐོབ་པའོ།། སྒོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་གང་གིས་དེ་ལྟར་མཉམ་པར་བཞག་པ་ཉིད་ཀྱི་བཅོམ་ལྡན་འདས་ལ་རྣམ་པར་རྟོག་པ་མེད་ཀྱང་རང་གི ་སྔོན་གྱི་སྨོན་ལམ་དང་། སེམས་ཅན་གྱི་བསོད་ནམས་ཀྱི་དབང་གི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་སོ་སོར་རྟོག་པའོ།། བྱ་བ་ནན་ཏན་གྱི་ཡེ་ཤེས་ནི་དེ་ལྟར་སོ་སོར་བརྟགས་པ་ཉིད་ཀྱི་འགྲོ་བ་ལ་ཇི་ལྟར་རིགས ་པར་མཛད་པས་གནས་པའོ།། ཡེ་ཤེས་ལྔ་པོ་འདི་རྣམས་དང་། གཞན་ཡང་མངོན་པར་ཤེས་པ་དང་སྟོབས་དང་མི་འཇིགས་པ་ལ་སོགས་པའི་གྲངས་ལས་འདས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀུན་རྫོབ་ལ་རྣམ་པར་རྟོག ་པ་མེད་པ་དེ་རྣམ་ནི་གང་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་བདེ་བའོ་ཞེས་བཅོམ་ལྡན་འདས་མ་ལ་སྐུ་གསུངས་པ་ན་བདེ་བ་ཚན་པོ་རང་བཞིན་ཏེ། ལོངས་སྟོང་རྫོགས་པའི་སྐུ་དང་ལྷན་ཅིག་སྟོང་དེ། གཟུགས་དང ་རོ་གཅིག་བཞིན་དུ་ཚོགས་པ་གཅིག་ལ་རྟེན་གྱི་འབྲེལ་པ་དང་གཞན་པའི་རྒྱུ་མེད་པས་གནས་པ་ཅིག་ཅར་བའི་རྒྱུད་ལ་ཕན་ཆུར་དབྱེ་བས་རྣམ་པར་བཞག་པ་ནི་གང་དུ་ཡང་དབྱེ་བ་མེད་དོ། ལྡོག་པའི་དབྱེ་བ་རྣམས་ཀྱི་ཕྱེ་བས ་རྣམ་པར་བཞག་པ་དགོངས་པ་སྟེ། དོན་དམ་པ་ནི་དབྱེ་བ་དང་དབྱེ་བ་མེད་པ་ལ་སོགས་པའི་སྤྲོས་པ་མཐའ་དག་གིས་སྟོང་པ་ཉིད་དོ།། དབུམ་པ་གཞན་གྱིས་འདོད་པས་དེ་ཉིད་དེ་ལྟར་ཡོད་པ་མ་ཡིན་པ་ཉིད་དོ།། དེ་བཞིན་གཤེགས་པ ་ཤུས་ན་ནི། དུ་ལྟར་རྣམ་པར་དག་པའི་ཀུན་རྫོབ་ཆུང་པའི་ལྷུ་བས་སློང་བར་བྱེད་པ་ཉིད་དོ།། དེའི་ཕྱིར་བསྣོམ། ལྡན་འདས་ཀུན་རྫོབ་ཀྱི་ང་ཟའི་སོ་ས་འོང་གིས་རེག་པ་ནི་ཆུད་པ་མེད་པ་ཉིད་དོ།། སྒྲུབ་པ་དང་བཅས་པའི་ཕུང་པོ། ་ལྔའི་མཚན་ཉིད་ཀྱི་རྟེན་གཞན་དུ་མྱི་འཇུག་པའི་རང་གི་བསོད་ནམས་དང་ཡོཾ་ཤེས་ཀྱི་ཚོགས་ཀྱི་དབདཱ་གྷྲྀ་སྒྲིབ་པ་མེད་པའི་ཕུང་པོ་ལྔ་པོ་རྣམས་ཀུན་རྫོབ་དུ་གཞན་དུ་སྟོང་པ་ཉིད་འདིང་རབ་ཏུ་དགའ་བ་ལ་སོགས་པའི་ས་ནས ་བརྩམས་ནས། མི་མཐུན་པའི་ཕྱོགས་མ་རིག་པ་ལ་སོགས་པའི་མུན་པ་འགྲིབ་པ་ཉིད་ཀྱིས་མུ་མེད་པའི་མངོན་པར་ཤེས་པ་ལ་སོགས་པ་ཡེ་ཤེས་ཀྱི་སྣང་བ་བསགས་པ་ཉིད་ཀྱིས་རིམ་གྱིས་མུན་པ་མེད་ནས་ས་བཅུ་པ་ལ་མུ ་མེད་པ་ཉིད་ཀྱི་བདག་ཉིད་ཅན་དུ་བྱེད་པས་བཅུ་གཅིག་པ་ལ་མེད་ཅེས་ཅིའི་ཕྱིར་འདིར་རིགས་ཏེ། དེ་ལ་ནི་མ་རིག་པ་ལ་སོགས་པ་མ་ལུས་པའི་མུན་པའི་འཁྲུལ་པ་སྤངས་ནས་དང་མ་འདྲེས་པའི་བླ་ན་མེད་པའི་བསམ་གྱི ་མི་ཁྱབ་པའི་མངོན་པར་ཤེས་པ་ལ་སོགས་པའི་ཡེ་ཤེས་ཀྱི་སྣང་བ་མུ་མྱེད་པོའི་ཁམས་གསུམ་པ་རྣམས་ན་མཚམས་མེད་པ་འཕྲོ་བ་ཉིད་དུ་རིགས་ཀྱི། ཆད་པར་ནི་མ་ཡིན་ཏེ། ཤིན་ཏུ་རྣམ་པར་དག་པ་རྟོགས་པའི་རྒྱུད་ལ ་ཀུན་རྫོབ་ཀྱི་ངོ་བོ་ཉིད་མེད་ན་མུ་མེད་པའི་སེམས་ཅན་རྣམས་ཀྱི་རྒྱུད་ཀྱི་རིག་པ་དང་། མངོན་པར་ཤེས་པ་དང་། སྟོབས་དང་མ་འདྲེས་པ་ལ་སོགས་པའི་ཆོས་ཀྱི་ཕུང་པོ་ཡང་ཡེ་ཤེས་ལྔ་རྣམས་གང་གིས་མཁྱེན་ཅིང་གང ་ཆོས་བསྟན་པ་རྣམས་ཀྱི་གཞན་གྱི་དོན་བྱེད་པ་སྙིང་རྗེ་ཆེན་པོས་སྨོན་ལམ་བཏབ་པ་རབ་ཏུ་སད་པའི་དབང་གིས་གང་དུ་གཟུགས་ཀྱི་སྐུ་སྣང་བར་འགྱུར་བའོ་ཞེ་ན། གང་ཡང་བཅོམ་ལྡན་འདས་མ་འདིའི་ཡེངས ་ཡོངསུ་བསྔོ་བའི་ལེའུར་རྫོགས་པའི་བྱང་ཆུབ་ཀྱི་བང་བ་ཞེས་པ་དེས་གནོད་པར་འགྱུར་ཏེ། དེའི་ཡང་མྱོང་བའི་བདག་ཅན་ནི་བཅོམ་ལྡན་འ་དེས་སོ།། དེའི་ཕྱིར་འཚེ་བ་མེད་པའི་ཡང་དག་དོན།། རྟོགས་པ་ཤིན་ཏུ་རྒྱུས་རྣམས ་ཀྱི་འཆད་པ་མེད་དེ་བདེ་གཟུང་དང་།། སྙིང་བརྗེ་བའི་བདག་ཉིད་ཀྱི།། ཇི་ལྟར་གསུངས་པའི་རིགས་པས་ནི།། ཐམས་ཅད་ཀུན་ཏུ་འབྱུང་བར་འགྱུར།། ཇི་ལྟར་ན་དེས་ཡོངས་སུ་གཅོད་པར་བྱེད་པའི་དངོས་པོ་རྣམས་ལ་ནི ་མཐའ་མེད་དེ། དཔེར་ན་བདེན་པའི་རྨི་ལམ་གྱི་ཤེས་པས་མི་སླུ་བ་སྟེ། དེ་ལྟར་རྣལ་འབྱོར་པ་རྣམས་ཀྱི་ཤེས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐབས་ལ་མཁས་པ་ལ་གོམས་པའི་མཐུས་མ་རིག་པ་ལ་སོགས ་པའི་སྒྲིབ་པ་སྤངས་པས་ཕྱོགས་བཅུར་ནམ་མཁའ་ཇི་སྲིད་པར་བྱུང་ཟིན་པ་དང་འབྱུང་བ་དང་འབྱུང་བར་འགྱུར་བའི་ཀུན་རྫོབ་ཀྱི་ངོ་བོའི་སྣོད་ཀྱི་འཇིག་རྟེན་དང་། སེམས་ཅན་གྱི་འཇིག་རྟེན་དང་། གྲངས་མེད་པ་ཉིད་ཀྱི་མཐུ ་ཡས་པ་ལ་དེ་ལྟར་དེའི་མངོན་སུམ་ནི་གང་ཡང་སླུ་བ་མེད་པས་མངོན་སུམ་གྱི་ཚད་མས་རྣམ་པར་གཞལ་བར་བྱ་སྟེ། ངོ་བོ་ཉིད་ཀྱི་དངོས་པོར་དེས་ཅུང་ཞིག་ཀྱང་ཉེ་བར་དམིགས་པ་མེད་ངོ་།། དེ་ཡང་ཆོས་ཡང་དག་པར ་སྤྱད་པར། མཐོང་བ་མེད་པ་ཉིད་ནི་ཆོས་ཐམས་ཅད་ཀྱི་མཐོང་བ་དམ་པའོ།། ཞེས་གསུངས་ཏེ། ཇི་ལྟར་ན་ཆོས་ཐམས་ཅད་ལ་བདག་མེད་པ་རྣལ་འབྱོར་པ་རྣམས་ཀྱི་མངོན་སུམ་སྟེ། དེ་ནི་དངོས་པོ་མེད་པའོ་ཞེས་ན། དེ་ལྟར་མ ་ཡིན་ཏེ། གཟུགས་བརྙན་ལྟ་བུའི་ཕུང་པོ་ལྔ་པོ་རྣམས་ཀྱིས་བདག་མེད་པའི་དེ་ཁོ་ན་ཉིད་མངོན་སུམ་དུ་བྱེད་པའི་ཡེ་ཤེས་སྐྱེ་བར་འགྱུར་ཏེ། དེ་ཉིད་ལ་མཐོང་བ་མེད་པར་བརྗོད་ཀྱི། མེད་པ་དགག་པའི་ཚུལ་གྱིས་ནི་མ་ཡིན ་ཏཱཾ། དེ་ལྟར་ཡང་བློ་གྲོ་སཾ་ཆེན་པོ་བྱང་ཆུབ་སེམས་དཔས་སྒྱུ་མ་དང་རྨི་ལམ་བཞིན་དུ་ཆོས་ཐམས་ཅད་ཉེ་བར་བསྟན་པར་བྱ་སྟེ། མཐོང་བ་དང་མཐོང་བ་མེད་པའི་མཚན་ཉིད་ཀྱི་ཕྱིར་རོ་ཞེས་ཏེ། དེ་ལ་མཐོང་བའི་མཚན་ཉིད ་ནི་ཀུན་རྗེ་བ་ལ། མཐོང་བ་མེད་པའི་མཚན་ཉིད་ནི་དོན་དམ་པ་ཉིད་དོ་ཞེས་པ་ནི་མིང་འདོན་ཏོ།། གང་ཡང་ཆོས་རྣམས་ཐམས་ཅད་དོན་དམ་པར་སྐྱེ་བ་མེང་པ་དང་རོ་གཅིག་པོ་ཉིད་དུ་མངོན་སུམ་པས་དོན་དམ་པར་ཇི་ཉིད་སྨྲ ་ཀུན་རྫོབ་ཏུ་མངོན་སུམྦྷ་ལ་སོགས་པར་རྣམ་པར་བཞག་སྟེ། དེའི་ཕྱིར་ན་བཅོམ་ལྡན་འདས་ཀྱི་མངོན་སུམ་ཉིད་ལ་མཱ་ལུས་པའི་དངོས་པོར་སྐྱེས་པའི་རྣམ་པ་ཐམས་ཅད་ལག་མཐིལ་དུ་སཱུ་རུ་རུ་བཞག་པ་བཞིན་དུ་གསལ་བར་རིག ་སྟེ། རྣལ་འབྱོར་པའི་ཏིང་ངེ་འཛིན་ནི་བསམ་གྱིས་མི་ཁྱབ་པ་ལ་སྦྱོར་བའི་ཕྱིར་རོ།། སང་གསུངས་ཏེ། མཁྱེན་པའི་སྐད་ཅིག་གཅིག་ལ་ནོ། ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་པའོ།། ཡོན་ཏན་རིན་ཆེན་བསམ་མི་ཁྱབ།། ཆུ ་པོའི་འཁོར་བ་ཇི་སྲིད་འཇུག། ཅེས་པ་ནི་འདིར་བཅོམ་ལྡན་འདས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡེ་ཤེས་སུ་རྣམ་པར་བཞག་སྟེ། མ་ལུས་པའི་ཕྱིན་ཅི་ལོག་སྤངས་ཀྱང་ཐུགས་རྗེ་ཆེན་པོའི་སྔོན་གྱི་སྨོན་ལམ ་དབང་གིས་ཇི་གང་དུ་སེམས་ཅན་གྷཾ་ལས་དང་ཉོན་མོངས་པ་དང་ན་མཁའ་ཇི་སྲིད་པར་གནས་པ་ཉིད་དོ།། བཅོམ་ལྡན་འདས་ཀྱིས་ཀྱང་བྱང་ཆུབ་སེམས་དཔར་གྱུར་པ་ནི་སྨོན་ལམ་བསྐྱེད་པར་བྱ་སྟེ། ཇི་ལྟར་བཅོམ་ལྡན་འདས་རྣམས ་ལྟར་བདག་གིས་རྣམ་པར་རྟོགས་པ་མེད་པའི་ཡིད་བཞིན་གྱི་ནོར་བུ་བཞིན་དུ་ཇི་ལྟར་རྗེས་སུ་མཐུན་པའི་སེམས་ཅན་གྱི་དོན་སྒྲུབ་པར་བྱུང་པའི་མཆོག་ཏུ་ཡོངས་སུ་མཐར་ཐུགས་པའི་སངས་རྒྱས་ཀྱིས་མཛད་པ་ཡང་ཇི་སྲིད་ན་མཁནས ་གནས་ཀྱི་བར་དུ་གནས་ནས་ཕན་པར་བྱེད་ཅེས་པ་སྟེ། འདིར་དེ་ལྟར་སྒྱུ་མ་ལ་སོགས་པ་རྣམས་སྔགས་དང་སྨན་ལ་སོགས་པའི་རང་གི་རྒྱུ་ཚོགས་པའི་གཞན་དཔེ་གིས་འཇུག་སྟེ། དེ་ལྟར་རྣལ་འབྱོར་པ་རྣམས་ཀྱི་ཡེ་ཤེས་ལ ་སོགས་པ་ཡང་སྒྱུ་མ་སྟེ་མ་བརྟགས་ན་ཉམས་དགའ་བ་རྣམས་ཀྱི་རབ་ཏུ་འཇུག་པ་ཉིད་དེ། རྐྱེན་སྣ་ཚོགས་པའི་དབང་གིས་སྒྱུ་མ་རྣམས་ཀྱང་སྣ་ཚོགས་པར་སྟེན་པའི་ཕྱིར་རོ།། རྣལ་འབྱེར་པ་རྣམས་ཀྱིས་ནི། སྒྱུ་མའི་མཁན་པོ ་བཞིན་དུ་དེས་སྒྱུ་མོ་ཇི་ལྟར་ཡང་དག་པར་ཡོངས་སུ་ཤེས་ནས་དེ་ཁོ་ན་ཉིད་དུ་ན་ངན་པར་ཞེན་པར་མི་བྱེད་དེ། གང་ཞིག་དེའི་སྐྱེ་བོ་ལ་སོགས་པའི་སྒྱུ་མ་རྣམས་ལ་བྱིས་པས་རྟོགས་ལྡན་གྱི་སྐྱེ་བོ་བཞིན་དུ་ཇི་སྟེ་ར་མཐོང་བ་ལ ་བདེན་པ་མཐོང་བར་ཞེན་པས་དེ་ནི་བྱིས་པ་ཞེས་བརྗོད་ལ། དེ་ལ་རྣལ་འབྱོར་པའི་ཡེ་ཤེས་ལ་སོགས་པ་སྒྱུ་མ་ནི་ཇི་ལྟར་རང་དང་རྗེས་སུ་མཐུན་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་རྒྱུ་སྟེ། བཅོམ་ལྡན་འདས་རྣམས་ཀྱི་མི ་གནས་པའི་མྱ་ངན་ལས་འདས་པའི་རྒྱུ་ནི་སྙིང་རྗེ་དང་ཤེས་རབ་བོ།། དེའི་ཕྱིར་ན་བྱང་ཆུབ་སེམས་དཔའ་རྣམས་ལ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པའི་བགྲོད་པའི་ལམ་གསུངས་པའོ།། འོ་ན་ཆོས་ཐམས་ཅད་སྟོང་པ ་ཉིད་ཀྱི་དེ་ཁོ་ན་ཉིད་མཐོང་བ་ཅན་གྱི་བཅོམ་ལྡན་འདས་ཀྱིས་ཇི་ལྟར་ཕྱི་རོལ་གྱི་དོན་དང་རྣམ་པརརྱ་ཤེས་པ་དག་ཁ་ཅིག་ཏུ་ཇི་སྐད་དུ་བཤད་པའི་སྐུ་གསུམ་གྱི་བདག་ཉིད་ཅན་གྱི་ཚེ་ཀྱི་སྐུ་དེའི་ཁ་ཅིག་ཏུ་ཡོད་ཅེས་པ་དང་ཁ་ཅིག ་ཏུ་དགག་པར་བྱེད་ན་ཀུན་རྫོབ་ཏུ་ཡོད་པར་བྱེད་དེ་ཀུན་རྫོབ་ཅེས་ནི་མི་བརྗོད་པ་ནི་བདེན་པར་ཞེན་པར་ཅན་གྱི་གདུལ་བར་བྱ་བ་འཇུག་པའི་དོན་དུའོ།། དོན་དམ་པར་དགག་པ་བྱེད་དེ། བདེན་པ་ཉིད་དུ་སྒྲོ་གཏགས་པའི་རྗེས ་སུ་བརྗོད་པ་ཇི་ལྟར་ན་རྗེས་སུ་བརྗོད་པ་དེ་སྟོང་པོ་ཉིད་མཐོང་བ་ལ་ནི་སྒྲོ་བརྟགས་ཀྱི་སྣང་བ་མེད་པའི་ཕྱིར་རོ།། འཇིག་རྟེན་གྱི་བློ་ཉིད་ཀྱི་རྗེས་སུ་བརྗོད་པ་སྟེ། འཇིག་རྔན་གྱི་བློ་དེ་ལྟ་བུའི་བློ་ནི་ཐོག་མ་མེད་པའི་མི་རིག་པའི་དབང་གི ་ཏེ། དེས་འདོད་ཆགས་དང་བཅས་པ་ལ་སོགས་པའི་སེམས་བཞིན་དུ་ཤེས་པ་ཉིད་ཀྱིས་རྗེས་སུ་བརྗོད་ནས་བཅོམ་ལྡན་འདས་ཀྱིས་དགེག་པ་མཛད་དོ།། རྣམ་པར་རྡོག་པ་མེད་ཀྱང་འཁོར་ལོ་འཁོར་བ་བཞིན་དུ་སྔོན་གྱི ་འཕེན་པའི་ཤུགས་ཀྱི་སྐལ་པ་དང་ལྡན་པའི་གདུལ་བྱ་རྣམས་ལ་སྟོན་པར་བྱེད་པའི་སྟོན་པ་པོ་ཉིད་དུ་དམིགས་པའི་ཕྱིར་རོ།། སྐྱེས་བུ་ནོར་བུ་རིན་ཆེན་བཞིན། ཀུན་དུ་དམིགས་པ་ཙམ་གྱིས་དེ།། ཇི་ལྟར ་འདོད་པའི་རྩིག་སོགས་ལས།། སྟོན་པའི་སྒྲ་ནི་འབྱུང་འགྱུར་ཏེ།། དེ་ལ་རྟོག་པ་མེད་ཀྱང་ནི།། སྔོན་གྱི་འཕེན་པས་འཇུག་པར་འགྱུར།། ཀུན་ཏུ་སེམས་ཅན་ཀུན་དོན་ལ།། ཕྱོགས་རྣམས་ཀུན་དུ་ཐ་དད་དོ།། ཞེས་ཏེ་ཞར་ལ་འོངས་པ ་སྤྲོས་པས་དགོས་པ་མེད་དོ།། ཇི་སྐད་དུ་བཤད་པའི་སྐུ་གསུམ་གྱི་བདག་ཉིད་ཅན་གྱི་ཆོས་ཀྱི་སྐུ་དེའི་མཛད་པ་མདོར་བསྡུས་ནས་གསུངས་པོ་ནི། སེང་གེ་སྒྲ་ཞེས་པ་ལ་སོགས་པ་སྟེ། རིག་དགས་རྣམས་ཀྱི་མཆོག་ནི་སེང་གེ་ལ་དེ་དང ་ས་མཐུན་པས་ལྷ་དང་མི་ལ་སོགས་པ་རྣམས་ཐམས་ཅད་ཀྱི་སྐྱེས་བུའི་མཆོག་ནི་དེ་བཞིན་གིཤེགས་པ་སྟེ། དེས་ན་སེང་གེ་ཞེས་བརྗོད་དོ།། དེའི་ཚེས་ནི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང་། ཕྱི་རོལ་གྱི་རྒོལ ་བའི་རི་དྭགས་རྣམས་འཇིགས་པར་བྱེད་པས་སེང་གེའི་སྒྲ་ཞེས་བརྗེད་དོ། སེང་གེའི་རྒྱལ་མཚན་བཞིན་ལ། དེའི་སྒྲ་ནི་སྟོན་པ་པོ་སྟེ། བཅོམ་ལྡན་འདས་ཀྱི་སྟེ། དེས་ཤེས་རབ་ཀྱི་དགོངས་པར་བྱས་ནས་ཕ་རོལ་ཏུ་འགྲོ་བས་ན་པ ་རོལ་ཏུ་ཕྱིན་པར་རིག་པར་བྱའོ།། དེ་ཡང་སེང་གེའི་སྒྲས་ནི་མཛད་པ་ཉི་ཤུ་རྩ་བདུན་བསྟན་པ། ད་ནི་རྒྱས་པར་ཡུམ་ཆེན་མོར་བལྟ་བར་བྱ་སྟེ། དེའི་དབང་དུ་བྱས་ཏེ་བསྟན་བཅོས་ལས། འགྲོ་རྣམས་ཞི་བའི་ལས་དང་ནི།། བསྡུ་རྣམ ་བཀ་ལ་འགོད་པ་དང་། ཀུན་ནས་ཉོན་མོངས་བཅས་པ་ཡི།། རྣམ་པར་བྱང་བ་རྟོགས་པ་དང་།། སེམས་ཅན་རྣམས་དེན་ཇི་བཞིན་དུ།། དོན་དང་ཕ་རོལ་ཕྱིན་དྲུག་དང་།། སངས་རྒྱས་ལམ་དང་རང་བཞིན་གྱི།། སྟོང་པ་ཉིད་དང་གཉིས་ཟད ་དང་།། བརྡ་དང་དང་དམིགས་པ་མེད་པ་དང་།། ལུས་ཅན་རྣམས་ནི་ཡོངས་སྨིན་དང་།། བྱང་ཆུབ་སེམས་དཔའི་ལམ་དང་ནི།། མངོན་པར་ཞེན་པ་བཟློག་པ་དྲང་།། བྱང་ཆུབ་ཐོབ་དང་སངས་རྒྱས་ཞིང་།། ཡོངས་སུ་དག་པར་བྱ་བ་དང་།། ་མེད་པ་དང་སེམས་ཅན་དོན།། སངས་རྒྱས་རྟེན་སོགས་ཡོན་ཏན་དང་།། བྱང་ཆུབ་ཡན་ལག་ལམ་རྣམས་ནི།། ཆུང་མི་ཟ་དང་བདེན་མཐོང་དང་།། ཕྱིན་སི་ལོག་ནི་སྤོངས་པ་དང་།། དེ་གཞ་མེད་པའི་ཚུལ་དང་ཡང་།། རྣམ་པར་བྱང ་དང་ཚོགས་དང་ནི།། འདུས་བྱས་འདུས་མ་བྱས་པ་ལ།། ཐ་དད་ཡོངས་སུ་མི་ཤེས་པ་དང་།། མྱ་ངན་འདས་ལ་འགོད་པ་སྟེ།། ཆོས་ཀྱི་སྐུ་ཡི་ཕྲིན་ལས་ནི།། རྣམ་པ་ཉི་ཤུ་བདུན་དུ་འདོད།། ཅེས་ཏེ། བཅོམ་ལྡན་འདས་ཀྱིས་དེ་རྣམས་གཟུང ་པའི་དོན་དུ་སྤྲུལ་ཏེ། གང་དམྱལ་བ་རྣམས་ཀྱི་དམྱལ་བའི་མེ་ཞི་བ་དང་། དུད་འགྲོ་རྣམས་ལ་རང་གི་ཤ་ལ་སོགས་པ་སྦྱིན་པ་དང་།། ཡི་དགས་ལ་བཟའ་བ་དང་བཏུང་བ་ལ་སོགས་པ་སྦྱིན་པ་ཉིད་ཀྱིས་ཆོས་སྟོན་པ་ལ་སེམས ་མངོན་པར་དང་བར་བྱེད་པས་དེ་རྣམས་ལྷ་དང་མི་རྣམས་སུ་སྐྱེ་བར་བྱེད་པ་ནས་ལྷ་ནས་ཡང་ཐེག་པ་དམན་པ་ལ་མོས་པོའི་ཆོས་བསྟན་པས་མངོན་པར་དད་པར་བྱེད་པས་མི་རྣམས་སུ་སྐྱེ་བར་བྱེད་པ་ནས་ཇི་སྲིད་དུ་ཉན་ཐོས་ཀྱི ་བྱང་ཆུབ་ཀྱི་བར་ལ་འགོད་པར་བྱེད་དོ།། ཞེས་པ་ནི་འགྲོ་རྣམས་ཞི་བའི་ཕྲིན་ལས་སོ།། གང་ཡང་མི་རྣམས་ལ་ནང་དང་ཕྱི་རོལ་གྱི་ཟང་ཟིང་གི་སྦྱིན་པ་རྣམས་དང་། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི ་ཆོས་ཀྱི་སྦྱིན་པ་རྣམས་ཀྱི་དོན་སྤྱོད་པ་དང་དོན་མཐུན་པ་རྣམས་ཀྱིས་སློབ་པར་བྱེད་དོ།། ཞེས་པ་ནི་སླུ་བའི་དངོས་པོ་བཞི་ལ་འགོད་པའི་ཕྲིན་ལས་སོ།། ཀུན་ནས་ཉོན་མོངས་པའི་སྒྲིབ་པ་དང་།། ཤེས་བྱའི་སྒྲིབ་པ་ལ་རྣམ་པར་བྱང་བ་ནི། ་དེ་དེ་དག་འགྲོགས་པའི་རང་བཞིན། དེ་ཡང་གང་ཟག་དང་ཆོས་ལ་བདག་མེད་པོའི་ཤེས་པས་སོ།། ཞེས་པ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཤེས་པ་ལ་འགོད་པའི་ཕྲིན་ལས་སོ།། དེ་པེར་ནི་སྒྱུ་མ་མཁན་གྱིས་རྣམ་པ་སྣ ་ཚེཚོགས་པའི་དངོས་པོ་སྤྲུལ་ཏེ། དེ་ཡང་འཇིག་རྟེན་པས་དེ་ཐམས་ཅད་རྫས་མེད་པའོ་ཞེས་མི་ཤེས་ཏེ། གང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ངེས་རང་གི་ངོ་བོ་སྟོང་པ་ཉིད་དང་རོ་གཅིག་པ་ཉིད་དུ་ཕུང་པོ་ལ་སོགས ་པ་མཐོང་ལ། དོན་དམ་པར་ནི་སེམས་ཅན་ཡོད་པ་མ་ཡིན་ཏེ། བཏགས་པའི་ཆོས་རྣམས་ནི་ངོ་བོ་ཉིད་མེང་པས་སོ་ཞེས་པ་ནི་སེམས་ཅན་གྱི་དོན་ལ་ཇི་ལྟ་བ་བཞིན་དུ་བདག་ཉིད་འགོད་པའི་ཕྲིན་ལས་སོ།། དེ་སྦྱིན་པ་སྦྱིན་པར ་བྱེད་ཅིང་གཞན་རྣམས་ཀྱང་སྦྱིན་པ་ལ་འགོད་པར་བྱེད་པ་ནི། དེ་བཞིན་དུ་ཚུལ་ཁྲིམས་སྲུང་བར་བྱེད་ཅེས་པ་ལ་སོགས་པའི་ཚིག་གིས་ནི་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལེ་འགོད་པའི་ཕྲིན་ལས་སོ།། དེ་དགེ་བ་བཅུའི་ལས་ཀྱི་ལས ་ཀྱི་ལམ་ལ་ཡང་དག་པར་བླངས་སོ་ཞེས་པ་ལ་སོགས་པ་ནི་སངས་རྒྱས་ཀྱི་ལམ་ལ་འགོད་པའི་ཕྲིན་ལས་སོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་རྣམས་ཏེ། དེ་རྣམས་ཀྱི་འཁོར་གསུམ་དང་འབྲས ་བུ་ནི་རང་བཞིན་གྱིས་སྟོང་པ་ཉིད་དུ་བསྟན་ཅིང་། དེ་དེ་རྣམས་ཀྱི་ཇི་སྲིད་དུ་བླ་ན་མེད་པའི་བྱང་ཆུབ་རྟོགས་པནི་འགྱུར་གྱི་བར་སྒོམ་པར་བྱེད་དོ་ཞེས་པོ་ནི། སྟོང་པ་ཉིད་ལ་མངོན་པར་འགོད་པའི་ཕྲིན་ལས་སོ།། ཆོས་ཐམས་ཅད ་རང་བཞིན་གྱིས་སྟོང་པ་ཉིད་ལ་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཆོས་རྣམས་ཀྱང་རང་བཞིན་གྱིས་སྟོང་པ་ཉིད་ཞེས་པ་ནི་གཉིས་སུ་མེད་པའི་ཆོས་ལ་འགོད་པའི་ཕྲིན་ལས་སོ།། ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན ་འདས་རྣམས་ཀྱིས་ཆོས་གང་ཡང་དོན་དམ་པར་མ་དམིགས་ལ། ཀུན་རྫོབ་ཏུ་ནི་ཆོས་རྣམས་མངོན་པར་རྫོགས་པར་སངས་རྒྱས་ནས་བསྟན་པ་སྟེ། ཕུང་པོ་ཁམས་ལ་སོགས་པ་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དང་རྣམ་པ་ཐམས ་ཅད་མཁྱེན་པ་ཉིད་ལ་སོགས་པའོ།། ཞེས་པ་ནི་བརྡ་ཅན་གྱི་ཡེ་ཤེས་ལ་འགོང་པའི་ཕྲིན་ལས་སོ།། གལ་ཏེ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་རྣམས་ལ་དེ་རྣམས་ཀྱི་འཁོར་གསུམ་དང་འབྲས་བུ་ཉེ་བར་མི་དམིགས་དང་དེ ་ཡང་དག་པར་རྫོགས་པའི་སངས་རྒྱས་པར་ནུས་སོ་ཞེས་པ་ནི་དམིགས་པ་མེད་པ་ལ་འགོད་པའི་ཕྲིན་ལས་སོ།། གལ་ཏེ་ཡང་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་སེམས་ཅན་རྣམས་དོན་དམ་པར ་དམིག་སུ་མེད་པ་དེ་ལྟར་ན་ཡང་ཀུན་རྫོབ་ཏུ་སེམས་ཅན་ལ་ལྟ་སྟེ། སེམས་ཅན་རྣམས་ནི་དངོས་པོར་མངོན་པར་ཞེན་ནས་ཀུན་ནས་ཉོན་མོངས་པར་འགྱུར་བ་སྟེ། དེ་དེ་རྣམས་ཀྱིས་ཏེ་སྤོང་བའི་ཕྱིར་ཐེག་པ་གསུ ་པོ་རྣམས་ཀྱི་ཡོངས་སུ་སྨིན་པར་བྱེད་དོ་ཞེས་པ་ནི་སེམས་ཅན་ཡོངས་སུ་སྨིན་པའི་ཕྲིན་ལསོ།། དེ་ཕ་རོལ་ཏུ་ཕྱིན་པ་རེ་རེ་ལ་སོགས་པ་ལ་སྤྱོད་པའི་དཀར་པོའི་ཆོས་རྣམས་ལ་སེམས་ཅན་རྣམས་ཀྱིས་དང་། ཆོས་ཐམས་ཅད་སྟོང་པ་ཉིད ་ལ་སློབ་པར་བྱེད་དོ་ཞེས་པ་ནི་བྱང་ཆུབ་སེམས་དཔའི་ལམ་ལ་འགོད་པའི་ཕྲིན་ལས་སོ།། ད་དེ་ལྟར་སྟོང་པ་ཉིད་ལ་ཡོངས་སུ་བརྟགས་ཏེ་ཆོས་རྣམས་ཐམས་ཅད་སྟོང་པ་ཉིད་སྟོང་པ་ཉིད་དུ་མངོན་པར་ཞེན་པར་མི་བྱེད་ཅིང་སྦྱིན་པ་ལ་སོགས ་པ་ལ་སྤྱོད་པོར་བྱེད་ལ་དེ་རྣམས་དང་དེའི་འབྲས་བུ་རྣམས་ལ་བཟློག་པར་བྱའོ་ཞེས་པ་ནི་མངོན་པར་ཞེན་པ་ཐམས་ཅད་སྤོང་བ་ལ་འགོད་པའི་ཕྲིན་ལས་སོ།། བྱང་ཆུབ་ཉིད་ནི་ལམ་ལ་ལམ་ཉིད་ནི་བྱང་ཆུབ་སྷོ། དེ་ལྟ་རོ་ན་བྱང ་ཆུབ་སེམས་དཔའོ་སངས་རྒྱས་སུ་འགྱུར་ཏེ་དེ་ཡང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པས་གང་དུ་བྱང་ཆུབ་རྟོགས་པར་འགྱུར་ཏེ། དེ་ཉིད་གཤེགས་པས་སོ་ཞེས་པ་ནི་བྱང་ཆུབ་ཐོབ་པ་ལ་འགོད་པའི་ཕྲིན་ལྔ ་སོ།། དེ་ཕུང་པོ་དང་ཁམས་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་འདུ་ཤེས་ཀྱི་གནས་ངན་ལེན་བཟློག་པ་ཅིང་རང་དང་གཞན་རྣམས་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་དགེ་བ་རྣམས་ཐམས་ཅད་ལ་འགོད། དེའི་དགེ་བས་རང་དང་གཞན ་རྣམས་རྫོགས་པར་བྱང་ཆུབ་པའི་རང་གིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་ཕྱིར་ཡོངས་སུ་བསྔོ་བ་དང་སྨོན་ལམ་འདེབས་པར་བྱེད་དོ།། ཞེས་པ་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་ལ་འགོད་པའི་ཕྲིན་ལས་སོ།། དེ ་ལྟར་སེམས་དང་པོ་བསྐྱེད་པ་ཅན་གྱི་བྱང་ཆུབ་སེམས་དཔའ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་ལ་ངེས་པ་ཇི་ལྟར་ན་ངན་འགྲོར་སྐྱེ་བར་འགྱུར་ཞེ་ན། གང་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམས་ལ་སྤྱོད་པ་དེ་ལ་ནི་མི་ཁོམ་པ་བརྒྱུ་དེ་མི་སྲིད་དོ།། དེ་ལྟ་ན་ནོ་ཇི་ལྟར་དུང་འགྲོའི་སྐྱེ་གནས་སུ་སྐྱེ་ན། དེ་ཡིས་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་དགེ་བའི་ཆོས་ཐམས་ཅད་དང ་ལྡན་པས་སེམས་ཅན་གྱི་དོན་ཏུ་སྐྱེ་བ་ལ་དབང་བས་བསམ་བཞིན་དུ་ལོན་གྱི་དུད་འགྲོའི་སྡུག་བསྔལ་གྱི་ཚེར་བ་རྣམས་མྱོང་པོ་ནི་མ་ཡིན་ནོ།། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ནི་མཆོག་ལ་དབང་བ་ཉིད་དུ་ཐོབ་པས ་འཇིག་རྟེན་གྱི་ཁམས་རྣམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་དཀྱིལ་འཁོར་དུ་རབ་ཏུ་ཞུགས་ནིས་ཅིག་ཅར་དུ་མཐའ་ཡས་པའི་བདག་གི་ལུས་གཞན་གྱི་དོན་དུ་སྤྲུལ་པར་བྱེད་དེ་ཞེས་པ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ ་ངེས་པར་འགོད་པའི་ཕྲིན་ལསོ།། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་མེད་པ་རྣམས་ན་སེམས་ཅན་རྣམས་ཀྱི་དོན་བྱེད་ཀྱང་གོས་པ་མེད་དེ་སྟོང་པ་ཉིད་ལ་གནོས་ནས་དཀ ་པོའི་ཆོས་རྣམས་ཐམས་ཅད་ལ་གནས་པར་འགྱུར་ཏེ། ཆོས་ཐམས་ཅད་ནི་སྟོང་པ་ཉིད་ལས་གཞན་ན་མེད་པསོ་ཞེས་པ་ནི་གཞལ་དུ་མེད་པའི་སེམས་ཅན་གྱི་དོན་ལ་དགོད་པའི་ཕྲིན་ལས་སོ།། དེས་འདི་ལྟར ་བསྟན་པར་བྱ་སྟེ། གང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་གང་དེ་རྣམས་ཐམས་ཅད་ཀྱང་རང་གི་ངོ་བས་སྟོང་པ་སྟེ། གལ་ཏེ་དེ་སྟོང་པ་ཉིད་དུ་མ་གྱུར་ན་དེ་ཕྱོགས་གཅིག་པར ་འགྱུར་བས། དེའི་ཆོས་ཐམས་ཅད་ཆོས་རྣམས་ཐམས་ཅད་ཀྱིས་སྟོང་ངེ་ཞེས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གནས་ཤིང་། མངོན་པར་ཤེས་པ་དྲུག་མངོན་པར་བསྒྲུབས་ནས་དེ་ལྟར་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས ་གྲངས་མེད་པའི་སེམས་ཅན་རྣམས་ཀྱི་དོན་སྐད་ཅིག་མ་གཅིག་ལ་འགྲོ་བ་དྲུག་སེམས་ཅན་གྱི་གཟུགས་རྣམ་པ་སྣ་ཚོགས་པའི་ཁ་དོག་དུ་སྤྲུལ་པ་རྣམས་ཀྱིས་ཡང་དག་པར་བསྒྲུབ་པར་བྱེད་དེ། ལྷ་ལ་སོགས་པ་ཉན་ཐོས ་དང་བྱང་ཆུབ་སེམས་དཔའི་འཁོར་ཇི་སྲད་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་མེད་པ་རྣམས་ལ་སྤྲུལ་པའི་དབྱངས་ཀྱིས་རྟགས་པར་བྱེད་དེ། དབྱངས་དེས་ཀྱང་རྣམ་པ་དུ་མེའི་ཆོས་རྣམས་སྟོན་པར་བྱེད་པ་འམ། ་གནོན་སྤྲུལ་པ་རྣམས་ལ་བྱེད་དུ་འཇུག་པ་འམ། ནམ་མཁའ་ལ་ཡང་ཆོས་སྙན་པའི་སྒྲ་འབྱུང་བར་བྱེད་པས་ཡུལ་དང་བཟོའ་བ་དང་བཏུད་པ་དང་བཞོན་པ་དང་གོས་དང་རིན་པོ་ཆེ་ལ་སོགས་པ་རྣམ་པ་སྣ་ཚོགས་པ་སེམས་ཅན ་གྱི་དོན་དུ་སྤྲུལ་པ་དེ་དེ་རྫུ་འཕྲུལ་གྱིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྗེས་སུ་ཉེ་བར་སོང་བ་དེ་རྣམས་ལ་བསྙེན་བཀུར་བྱེད་ཅིང་དེ་རྣམས་ལ་ཆོས་མཉན་ནས་དགེ་བའི་རྩ་བ་གཞན་སྐྱེད་པར་བྱེད་དེ། མངོན་པར་ཞེན་པར ་ནི་མི་བྱེད་ངོ་། སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ལ་མངོན་པར་ཞེན་པ་ཡོད་པ་མ་ཡིན་ནོ།། དེའི་ལྷའི་མིག་གིས་ཕྱོགས་བཅུའི་འཇོག་རྟེན་གྱི་ཁམས་རྣམས་ཀྱི་སེམས་ཅན་རྣམས་མཐོང་ནས་རྫུ་འཕྲུལ་གྱིས་མངོན་པར་ཤེས་པས ་དེར་སོང་ནས་ཁྱབ་བདག་ཐོབ་པར་བྱས་ནས་དེ་རྣམས་ལ་ཆོས་སྟོན་པར་བྱེད་དོ།། ལྷའི་རྣ་བས་ཕྱོགས་པ་ཅིའི་སངས་རྒྱས་རྣམས་ལ་ཆོས་ཉན་ཅིང་འཛིན་པར་བྱས་ནས་དེ་རྣམས་ལ་སྟོན་པར་བྱེད་དོ།། སེམས་ཀྱི་རྣམ་གྲངས ་ཤིདེ་སེམས་ཅན་རྣམས་ཀྱི་སྤྱོད་པ་ཤེས་ནས་ཇི་ལྟར་སེམས་པ་དེ་ལྔ་དེ་བསྟན་པ་རྣམས་ཀྱི་ཆོས་སྟོན་པར་བྱེད་དེ། དེས་རྣམ་པ་དུ་མའི་བདག་ཉིད་ཀྱིས་སྔོན་གྱི་གནས་ནས་དང་གཞན་དག་གི་རྗེས་སུ་དྲན་པ་ནས་སྔོན་གྱི་དེ་བཞིན ་གཤེགས་པ་རྣམས་དང་ཆོས་ཀྱི་རྗེས་སུ་དྲན་ནས་དེའི་གང་སུ་བྱའི་སེམས་ཅན་རྣམས་ལ་སྟོན་པར་བྱེད་དོ།། དེའི་ཟག་པ་ཤེས་པའི་བདག་ཉིད་དང་གཞན་གྱི་ཉོན་མོངས་པ་ཟུང་ནས་ཇི་སྲིད་དུ་ཆོས་རྣམས་ཐམས་ཅད་ནི་ཆོས ་རྣམས་ཐམས་ཅད་ཀྱིས་སྟོང་ངོ་ཞེས་པའི་བར་དུ་ཡང་དག་པོ་ཇི་ལྟ་བ་བཞིན་དུ་མཁྱེན་ནས་སེམས་ཅན་རྣམས་ལ་རྗེས་སུ་མཐུན་པའི་ཆོས་སྟོན་པར་བྱེད་དོ།། གང་ཡང་དེའི་ཚིག་ལ་གནས་པར་མི་འདོད་པ་དེ་རྣམས་ཀྱི ་མགོ་བོ་འགས་པ་ལ་སོགས་པས་བསྡིགས་ནས་བསྐུལ་བ་རྣམས་ཀྱི་བདག་ཉིད་ཀྱི་གསུངས་འཛིན་དུ་གཞུག་པར་བྱེད་དོ།། དེའི་མངོན་པར་ཤེས་པ་དེ་རྣམས་ཀྱིས་གང་དུ་འདོད་པར་སེམས་ཅན་གྱི་དོན ་བདག་གིས་ལུས་འཛིན་པར་བྱེད་དོ།། དེ་ལ་བདེ་བ་དང་སྡུག་བསྔལ་གྱི་རྗེས་སུ་ཚོགས་པ་དང་། ཁོང་ཁྲོ་བ་རྣམས་ཀྱིས་གོས་མེད་དེ། འདིའི་མངོན་པར་ཤེས་པར་ཐམས་ཅད་ཀྱང་སྐྱེ་བོ་སོ་སོ་ལ་ཀུན་དུ་འབྱུང་བར་འགྱུར་ལ། ་དུད་འགྲོའི་སྐྱེ་གནས་ལ་སོགས་པའི་འཆི་བ་ཡང་ཡོད་པ་མ་ཡིན་ནོ་ཞེས་པ་ནི་ཕྱོགས་བཅུའི་སངས་རྒྱས་བསྙེན་པ་ལ་སོགས་པའི་ཕྲིན་ལས་སོ།། བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་ཡན་ལ། ག་གང་ཞེ་ན། ཕ་རོལ་ཏུ ་ཕྱིན་པ་དྲུག་ནས་ཇི་སྲིད་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་ཏེ། གལ་ཏེ་དེ་རྣམས་ལ་སྤྱད་ན་འཁོར་གསུམ་དུ་དམིགས་པ་མེད་པས་རང་དང་གཞན་ལ་ཡང་དག་པར་རྟོགས་པར་བྱེད་པའི་ཕྱིར་དེར་ཡོངས་སུ་བསྔོ་བར་བྱེད་དེ། ་གོལ་ཏེ་འ་རྣམས་བྱང་ཆུབ་སེམས་དཔའི་ཆེས་ཡིན་ན། དེ་ལྟར་ན་སངས་རྒྱས་ཀྱི་ཆོས་གང་ཡིན་ཞེ་ན། དེའི་ཕྱིར་གང་འདི་རྣམས་ཉིད་ཀྱི་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་རབ་ཏུ་སྦྱོངས་པར་འགྱུར་ནས། ཆོས་ཐམས ་ཅད་ལ་མངོན་པར་བྱང་ཆུབ་པ་ན། དེ་ལྟར་བྱང་ཆུབ་སེམས་དཔའ་མ་ཡིན་ནོ་ཞེས་པ་ནི་བྱང་ཆུབ་ཀྱི་ཡན་ལག་ལ་འོགོང་བའི་ཕྲིན་ལས་སེ།། གལ་ཏེ་ཡང་ཆོས་རྣམས་ཐམས་ཅད་དོན་དམ་པར་རང་གི་མཚན་ཉིད་ཀྱིས་སྟོང་པ་སྟེ་དེ་ལྷ ་ན་ཡང་ཀུན་རྫོབ་ཏུ་ལས་ཡོད་ཅིང་ལུས་ཀྱི་འབྲས་བུ་ཡོད་དེ། སེམས་ཅན་རྣམས་ཀྱི་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ཤེས་པར་མ་གྱུར་ལ། མུ་ཤེས་པས་གང་ཟག་དང་ཆོས་རྣམས་སུ་རྟོགས་པར་བྱས་ནས་ལས ་མངོན་པར་འདུ་བྱེད་དེ། དེའི་ངན་དུ་སྤྱོད་པ་དེས་ངན་འགྲོ་གསུམ་དུ་ལྟུང་བར་བྱེད་ཅིང་ལེགས་པར་སྤྱད་པས་ནི་ལྷ་དང་མི་རྣམས་སུ་སྐྱེ་བར་འགྱུར་ལ། ཁ་ཅིག་གིས་ནི་གང་ཟག་གི་བདག་མེད་པ་ཡོངས་སུ་ཤེས་ནས་བདེ་འགྲོ་དང་། ་ངན་འགྲོ་སྤང་སོ་ནས་མྱ་ངན་ལས་འདོའ་བར་འགྱུར་རོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། གཉི་གའི་བདག་མེད་པ་ཤེས་ཤི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་དགེ་བའི་ཚོགས་རྣམས་ཡོངས་སུ་རྫོགས་པར་བྱས་ནས ་རིམ་གྱིས་ས་བཅུ་རྟོགས་ནས་སྐད་ཅིག་མ་གཅིག་ལ་ཡང་དག་པར་ལྡན་པའི་ཤེས་རབ་ཀྱིས་ཆོས་རྣམས་ཐམས་ཅད་མངོན་པར་བྱང་ཆུབ་ནས་སངས་རྒྱས་བཅོམ་ལྡན་འདསུ་འགྱུར་རོ་ཞེས་པ་ནི་ལས་དང་འབྲས་བུའི ་འབྲེལ་པ་ཆུད་མི་ཟ་བ་ལ་འགོད་པའི་ཕྲིན་ལས་སོ།། བྱང་ཆུབ་སེམས་དཔའ་བདེན་པའི་ཤེས་པ་རྣམས་ཀྱིས་མྱ་ངན་ལས་འདས་པ་མི་ཡིན་ཏེ། ཇི་ལྟར་བདེན་པ་བ་ནི་ཡང་ངོ་བོ་ཉིད་མེད་པས་ངེས་ཆོས་ཅུང་ཟད་ཀྱང་བདེན་པ ་འམ་མི་བདེན་པར་མི་དམིགས་ཏེ། དེས་ཆོས་རྣམས་ཐམས་ཅད་སྟོང་པའོ་ཞེས་མཐོང་བས་སྡུག་བསྔལ་ཡོངས་སུ་ཤེས་པ་དང་། ཀུན་འབྱུང་བ་སྤངས་པ་དང་། འགོག་པ་མངོན་དུ་བྱེད་པ་དང་ལམ་སྒོམ་པར་བྱེད་པ་ན ་འདྲེན་པར་དམིགས་པའི་སེམས་བསྒྲེད་པ་མེང་པའི་ཆོས་རྣམས་ཐམས་ཅད་སྟོང་པ་ཉིད་དུ་མཐོང་བའི་ཐབས་ལ་མཁས་པས་ཆོས་སྟོན་པར་བྱེད་དོ་ཞེས་པ་ནི་བདེན་པ་བཞི་ལ་འགེད་པའི་ཕྲིན་ལས་སོ།། བྱམ ་པས་གསོལ་པ་གལ་ཏེ་ཆོས་རྣམས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ན་ཇི་ལྟར་བྱང་ཆུབ་སེམས་དཔའ་ཕུང་པོ་རྣམས་ནས་ཇི་སྲིད་དུ་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་བསླབ་པར་བྱལ། གལ་ཏེ་འདུ་བྱེད་ཀྱི་མཚན་མ ་དངོས་པོ་དེ་ཉིད་བརྗོད་དུ་མེད་པའི་དབྱིངས་ཞེས་པ་རྣམས་པར་ཉམས་པ་ཉིད་དོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་གང་བརྗིད་དུ་མེད་པའི་དབྱིངས་ཤེས་རབ་ཀྱི་རྒྱུ་བས་ཉེ་བར་དམིགས་པར་གྱུར་ནས། དེ་འདུས་བྱས་ཀྱི ་མཚན་མའི་དངོས་པོ་འམ། གསོལ་པ་དེ་ནི་མ་ལགས་སོ་ཞེས་པ་དང་། བྱམས་པ་མཚན་ཉིད་ནི་རྣམ་པ་གསུམ་སྟེ། ཀུན་བརྟགས་པའི་ངོ་བོ་ཉིད་དང་། རྣམ་པར་བརྟགས་པའི་ངོ་བོ་ཉིད་དང་། ཆོས་ཉིད་ཀྱི་ངོ་བོ་ཉིད་དོ་ཞེས་ཏེ། ་གོ་རིམ་ཇི་ལྟ་བ་བཞིན་དུ་ཀུན་ཏུ་བརྟགས་པ་དང་། གཞན་གྱི་དབང་དང་། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དེ།། དེ་ལ་སྒྱུ་མའི་སྐྱེས་བུ་ལ་སོགས་པ་ཉིད་ཡིན་པའི་ཕུང་པོ་ལྔ་རྣམས་ལ་གང་དུ་དོན་དམ་པར་ཡོད་པ་ཉིད་དམ། མེད ་པ་ཉིད་དང་གཉི་ག་མ་ཡིན་པ་དང་། གཞན་ཡང་རྟག་པ་ལ་སོགས་པ་ཉིད་དུ་སོགས་པ་སྒྲོ་འདོགས་པ་དེ་ཟད་ནི་བརྟ་པཱད་ཉིད་བརྟགས་པའི་རང་བཞིན་ནོ།། ཕུང་པོ་ལྔ་ལ་སོགས་པ་དེ་རྣམས་ཀྱང་སྒྱུ་མའི་སྐྱེས་བུ་ལ་སོགས་པ ་བཞིན་དུ་ཀུན་རྫོབ་ཏུ་རྒྱུ་དང་རྐྱེན་ལ་རག་ལས་པ་ལ་སྐྱེས་པ་གཞན་དབང་སྟེ། དེ་རྣམས་ཀུན་རྫོབ་ཀྱི་ངོ་བོར་གནས་ཤིང་བརྟགས་པའི་ངོ་བོ་ཉིད་དང་བྲལ་བ་ནི་རྣམ་པར་བརྟགས་པའི་ངོ་བོ་ཉིད་དང་། གཞན་གྱི་དབང་གི་ངོ་བོ ་ཉིད་དོ། དེ་རྣམས་ཉིད་ཀྱིས་ཕུང་པོ་ལྔ་ལ་སོགས་པོ་རྣམས་ལ་སྒྱུ་མའི་སྐྱེས་བུ་ལ་སོགས་པ་རང་བཞིན་པ་གང་ཞིག་ནི་རང་བཞིན་ཉིད་ཀྱིས་དེན་དམ་པ་ལ་གནས་པ་སྟེ། རྟག་པར་ངོ་བོ་ཉིད་མེད་པ་ཉིད་ནི་སྟོང་པ་ཉིད ་དང་བདག་མེད་པ་ཉིད་དང་ཡང་དག་པའི་མཐའ་དང་། ཆོས་ཀྱི་དབྱིངས་དང་ཆོས་ཀྱི་ངོ་བོ་ཉིད་ཀྱི་དོན་དམ་པ་སྟེ། དེ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད། རྟག་པའི་ཕྱིར་ལ། དེ་ལྟར་ཡང་འཕགས་པ་ལང་ཀར་གཤེགས་པ ་ལས། བརྟགས་པའི་ངོ་བོ་མེད་པ་དང་།། གཞན་གྱི་དབང་ནི་ཡོད་པ་ཉིད།། སྒྲོ་འདེགས་པ་དྲང་སྐུར་འདེབས་པའི།། མཐའ་ལ་རྟོགས་པ་བརླག་པར་འགྱུར་ཞེས་ཏེ། འདིར་གང་ཞིག་ཇི་སྐད་དུ་བཤད་པའི་ཀུན་ཏུ ་བརྟགས་པས་དངོས་པོ་ལ་ངོ་བོ་ཉུང་ངུ་སྒྲོ་འདེགས་པར་བྱེད་དེ། དེའི་སྒྲོ་འདྲེགས་པ་དགག་པའི་ཚུལ་དུ་གསུངས་པ་ནི། བརྟགས་པའི་ངོ་བོ་ཉིད་མེད་དོ་ཞེས་པའོ།། གང་ཡང་ཀུན་རྫོབ་ཞེས་པའི་ཇི་སྐད་དུ་བཤད་པའི་གཞ ་གྱི་དབང་གིས་ངོ་བོ་ཉིད་ནི་མེད་པ་མ་ཡིན་ཏེ། དེའི་དོན་དུ་གསུངས་པ་ནི། གཞན་གྱི་དབང་ནི་ཡོད་པ་ཉིད་ཅེས་པོའོ།། གང་ཡང་ཇི་སྐད་བཤད་པའི་འདི་ལྟར་མཐའ་གཉི་སུ་བརྟགས་པས་ཞེས་པས་དབུ་མ་སྒྲུབ་པ་ལ་འཇུག ་པར་བྱེད་པ་དེ། གཡང་སའི་གནས་ན་གནས་པའི་ཕྱིར།། བརླག་པར་འགྱུར་པ་གསུངས་པ་ནི།། སྒྲོ་འདོགས་པ་དང་སྐུར་འདེབས་པའི།། མཐའ་ལ་རྟོག་པ་བརླག་པར་འགྱུར་ཞེས་པ་སྟེ།། འདིར་གང ་ཞིག་དེ་དང་དེར་གཞན་གྱི་དབང་གི་ངོ་བོ་ཉིད་ཡོད་པར་བསྟན་པ་དང་། དངོས་པོ་རྣམས་ཀྱི་སྐྱེ་བུ་ལ་སྩོགས་པ་བསྟན་པ་དེ་ཐམས་ཅད་ནི་ཀུན་རྫོབ་པ་ཉིད་ཀྱི་ངོ་བོར་སྐྱེ་བའི་དབང་དུ་བྱས་ནས་སྐྲག་པའི་གནས་ཡོངས་སུ ་སྤང་བའི་དོན་དུ་སྟེ། བྱིས་པ་རྣམས་གཞུག་པ་ལ་དགོངས་ནུས་གསུངས་པ་ཉིད་དུ་རིག་པར་བྱའོ།། དོན་དམ་པ་ར་ནི་མ་ཡིན་ཏེ། མདོ་སྡེ་རྣམས་ལ་དེ་བཀག་སྟེ། ཇི་སྐད་དུ་འཕགས་པ་ལང་ངཀར་ག་ཤེགས་པ་ལྔས།། བློ་ཡཱི ་རྣམ་པར་ཕྱེ་བྱས་ནས།། གཞན་དབང་མེད་ཅིང་ཀུན་བརྟགས་མེད།། གྲུབ་པའི་ངོ་བོ་ཡང་མིན་ནོ།། ཇི་ལྟར་བློ་ནི་རྣམ་བརྟགས་མིན།། ངོ་བོ་ཉིད་དང་རྣམ་ཤེས་དང་།། དངོས་པོ་དང་ནི་གནས་མེད་དེ།། རྟོག་གེ་ངན་པའི་དབང་གྱུར།། ། ་པའི།། བྱིས་པ་རྣམས་ཀྱིས་འདི་རྣམས་བརྟགས།། ཞེས་གསུངས་ཏེ། འཕགས་པ་ཀླུ་སྒྲུབ་ཀྱི་ཀྱང་།། སྙིང་པ་ཉིད་བདག་ཉིད་གཅིག་དངོས་ལ།། སེམས་ཀྱིས་འདི་རྣམས་བརྟགས་པ་སྟེ།། བརྟགས་པ་དང་ནི་གཞན་དབང་དང་།། ་དེ་བཞིན་ཡོངས་སུ་གྲུབ་ཉིད་དེ།། མ་སྐྱེས་པས་ན་ཆོས་རྣམས་ནི།། སྟོང་པ་ཉིད་ཅེས་རབ་ཏུ་བསྒྲགས།། ཕུང་པོ་ལྔ་ནི་མདོར་བསྡུས་ནས།། ཆོས་རྣམས་ཐམས་ཅད་ཅེས་སུ་བརྗོད།། ཅེས་གསུངས་པའོ།། དེ་ལྟར་ན་དེན་དམ་པར ་རོ་གཅིག་པའི་ཀུན་རྫོབ་ཀྱི་ངོ་བོ་ཉིད་ནི་ངོ་བོ་ཉིད་མེད་པའི་ཕྱིར་ཐ་དད་པ་དང་ཐ་མི་དད་པ་གཟུང་བ་དང་འཛིན་པ་དང་རྟག་པ་དང་ཆད་པ་ལ་སོགས་པའི་གཉིས་ཀྱི་སྒྲོ་བཏགས་པ་དང་བྲལ་བའི་དག་པའི་གནས་སྐབས་ཀྱི ་ཕུང་པོ་ལྔ་པོ་ནི་ཇི་སྲིད་ན་མཁའི་བར་དུ་གནས་ཏེ། དེ་ལྟར་མཐའ་གཉིས་སྤངས་ནས་དབུ་མོའི་ལམ་ལ་གནས་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའི་དབང་ཐོབ་པ་གང་ཞིག་ཐབས་ལ་མཁས་པས་འཁོར་བ་ཀུན་ཏུ ་མཐོང་ནས། དེ་འཁོར་བ་འདིའི་ཡོངས་སུ་མི་གཏོང་ལ། གང་སྟོང་པ་ཉིད་དུ་ཡང་ཉེ་བར་མི་དམིགས་པ་ལ་རབ་ཏུ་གནས་པ་ཉིད་དེ་དོནི་འདིའི་མྱ་ངན་ལས་འདས་པ་ཡོངས་སུ་མི་རྟོགས་པའོ།། གསོལ་པ་རྣམ་པར་རྟོག ་པ་མེད་པའི་ཕྱིར་མ་ལུས་པའི་མཚན་ཉིད་ཇི་ལྟར་འདོད།། རབ་འབྱོར་ལ་སོགས་པའི་ཆོས་རྣམས་ཐམས་ཅད་གླེང་ཡང་དེ་རྣམས་ཀྱི་སྟོང་པ་ཉིད་དང་གང་ཡང་དེ་རྣམས་ཀྱི་དེ་ལྟར་དངོས་པོ་དང་དངོས་པོ་མེད་པ་གཉིས ་དང་། གང་ཡོང་སྤྲོས་པ་མེད་པ་སྟེ། འདི་རྣམསུ་རྣམ་པར་རྟོག་པ་མེད་པ་ནི་མ་ལུས་པའི་མཚན་ཉིད་དོ།། རབ་འབྱོར་གྱིས་གསོལ་པ། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཆོས་རྣམས་ལ་ཇི་ལྟར་ལས་དང་འབྲས་བུ་རྣམ་པར་བཞག་ཅེས ་པའམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆེས་རྣམས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་མ་ཤེས་ནས། སེམས་ཅན་རྣམས་ཕྱིན་ཅི་ལོག་གིས་ཀུན་ནས་བསླང་བའི་རྣམ་པར་རྟོག་པ་རྣམས་ཀྱིས་ལས་བྱས ་པས་ཇི་ལྟར་ལས་ཀྱི་འབྲས་བུ་ཐོབ་པར་འགྱུར་ཏེ། དེ་ལ་རྟག་པ་དང་བདྲེ་བ་དང་བདག་དང་གཞན་གྱི་ཕྱིན་ཅི་ལོག་བཞི་ནི་གང་ཟག་ལ་བདག་མེད་པའི་མི་མཐུན་པའི་ཕྱོགས་ལ་དངོས ་པོ་ལ་མངོན་པར་ཞེན་པ་ནི་ཆོས་ལ་བདག་མེད་པའི་མི་མཐུན་པའི་ཕྱོགས་སོ།། ཞེས་པ་ནི་ཕྱིན་ཅི་ལོག་སྤངས་པ་ལ་འགེད་པའི་ཕྲིན་ལས་སོ།། ཕྱིན་ཅི་ལོག་གི་སེམས་ཅན་རྣམས་ལས་མངོན་པར་འདུ་བྱེད་ལ་དེ ་ཡིས་ཀུན་ནས་ཉོན་མོངས་པར་འགྱུར་བ་ནི་ཐ་སྙད་དུ་ལས་དང་དོན་དམ་པར་མ་ཡིན་ནོ།། དངོས་པོ་སྐྲའི་རྩེ་མོ་བྱ་བར་གཤེགས་པའི་ཆ་ཤས་ཙམ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ལ་གང་ལ་གནས་པ་ཉིད་ཀྱིས ་ལས་བྱིང་པ་དེ་ནི་ཇི་ལྟར་རྨི་ལམ་དང་རྒྱུ་མ་ལ་སོགས་པ་བཞིན་ཞེས་པ་ནི་ཕྱིན་ཅི་ལོག་དང་དངོས་པ་མེད་པ་ཉིད་དུ་ཤེས་པ་ལ་འགོད་པའི་ཕྲིན་ལས་སོ།། གང་ཆོས་རྣམས་ཀྱི་མཉམ་པ་ཉིད་དེ་བཞིན་ཉིད་དང ་ཡང་དག་པའི་མཐའ་དང་མྱ་ངན་ལས་འདས་པ་ལ་དེ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བྱེད་ཀྱི་དོན་དམ་པར་ནི་མ་ཡིན་ཏེ། བརྗེད་དུ་མེད་པའི་ཕྱིར་རོ་ཞེས་པ་ནི་རྣམ་པར་བྱུང་བ་ལ་འགོད་པའི་ཕྲིན་ལས་སོ།། ་གལ་ཏེ་ཡང་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་སྟེ་དངོས་པོ་མེད་པ་དེ་ལྟ་ན་ཡང་དེ་མི་ཤིས་ནས་སེམས་ཅན་རྣམས་དངོས་པོ་ལ་མངོན་པར་ཞན་པོས་ལས་བྱས་ནས་བདེ་འགྲོ་དང་ངན་འགྲོར་འགྲོ་བར་འགྱུར་ཏེ།། ་དེ་རྣམས་ཀྱིས་ཕྱིན་ཅི་ལོག་སྤང་བའི་ཕྱིར་བྱང་ཆུབ་སེམས་དཔའི་ཚོགས་ལ་སྤྱོད་དེ་སྲིད་དུ་མངོན་པར་བྱང་ཆུབ་པའི་བར་དུ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ་ཞེས་པ་ནི་རྣམ་པར་བྱང་བའི་ཚོགས་ལ ་འགོད་པའི་ཕྲིན་ལས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་འདི་དགྲ་ཉིད་ནི་མངོན་པར་རྟོགས་པ་སྟེ། གང་དུ་གཉིས་དང་གཽཉིས་མེད་པའི་སྤྲོས་པ་མེད་པའི་ཆོས་མཉམ་པ་ཉིད་དེ། དེ་ཉིད་ཆོས་ཐམས ་ཅད་ལ་དེ་ཉིད་སོ་སོའི་སྐྱེ་བོ་དང་འཕགས་པའི་གང་ཟག་རྣམས་ལ། དེ་ཉིད་སངས་རྒྱས་དཀོན་མཆོག་དང་ཆོས་དཀོན་མཆོག་དང་དགེ་འདུན་དཀོན་མཆོག་སྟེ། མཉམ་པ་ཉིད་ཀྱི་ཕྱིར་ཆོས་ཉིད་ལ། ཆོས་ཉིད་ལ་ནི། ་ཐ་དད་པ་ཉིད་ཡོད་པ་མ་ཡིན་ཏེ། དེ་ནི་འདུས་བྱས་མ་ཡིན་ལ་འདུས་མ་བྱས་པ་ཡོང་མ་ཡིན་ཏེ། གང་འདུས་བྱས་ཀྱི་ཁམས་དང་འདུ་ས་མུ་བྱས་གཉི་གར་ལྡན་པ་ཡང་མ་ཡིན་ལ། མི་ལྡན་པ་ཡང་མ་ཡིན་པའི ་མཚན་ཉིད་དོ་ཞེས་པ་ནི་འདས་བྱས་དང་འདྲེ་སོ་མ་བྱས་པ་ཐ་མི་དདེ་མི་ཤེས་པ་ལ་འགོད་པའི་ཕྲིན་ལས་སོ།། རབ་འབྱོར་ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱི་སྟེང་པོ་སྟེ། དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་མ ་མཛད་པ་སྟེ། གང་ཡང་ངོ་བོ་ཉིད་ཀྱི་སྟོང་པ་ཉིད་དེས་དངོས་པོ་དང་དངོས་པོ་མེད་པ་ལ་མཆོག་ཏུ་བརྟགས་ནས་ཟད་པ་དེ་ནི་མྱ་ངན་ལས་འདས་པའོ་ཞེས་པ་ནི་མྱ་ངན་ལས་འདས་པ་ལ་འགེད་པའི་ཕྲིན་ལས་སོ།། ་པ་ཁྱབ་པ་ཉིད་དུ་བསྟན་པར་འདོད་ནས་གསུངས་པ་ནི། ཆོས་ཐམས་ཅད་ལ་འཁྲུག་པ་མེད་པ་ཉིད་པས་ཞེས་པ་སྟེ། མཛད་པའི་ཀུན་ཏུ་སྤྱོད་པས་སོ།། ཆོས་ཐམས་ཅད་ནི་ཕྲིན་ལས་ཀྱི་མཛད་པ ་པ་ཉི་ཤུ་རྩ་བདུན་ཏེ་དེ་འཁྲུགས་པ་མེད་པ་ཉིད་ནི་གནོད་བྱེད་མེད་པ་ཉིད་དེ་དེས་དེ་ཤེས་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་ན་གནས་པའི་སེམས་ཅན་ཐམས་ཅད་ལ་རྣམ་པ་རྣམས་ཐམས་ཅད་ཀྱིས་ཇི་ལྟར་སྣོད་ལ ་རྒྱུན་ཚད་པ་མེད་པུས་ན་མཁའ་ཇི་སྲིད་བར་དུ་རབ་ཏུ་འཇུག་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འཁྲུགས་པ་མེད་པ་ཉིད་དྲི་དེ་འདྲ་བ་ཅན་དུ་རྟོགས་པར་བྱའོ་ཞེས་པས་གསུངས་པ་ནི་ཆོས ་ཀྱི་སྐུའི་མཛད་པའོ།། རྒྱ་མཚེ་མུ་མོང་པ་ཉིད་ཕས་ཀྱི་ངག་ལ་སོགས་པ་རྣམས་ནི་འཁྲུགས་པ་མེད་པའི་ངག་གི་མཐར་ཐུག་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་པ་ནི་ཁྱད་པར་གསུངས་པའོ།། དེ་རྣམས་དོན་དེ ་པའི་ངོ་བོ་ཉིད་དུ་མཐར་གྱིས་བསྟན་པར་འདོད་ནས་གསུངས་པ་ནི། དེ་ཅིའི་ཕྱིར་ཞེས་པ་ལ་སོགས་པ་སྟེ། འདིར་རྒྱ་མཚོ་ནི་མུ་མེད་པ་ཉིད་ལ་དེ་ལྟར་ཕུང་པོ་ལྔ་རྣམས་རྒྱ་མཚོ་དང་འདྲ་བ་སྟེ། དེ་བཞིན་དུ་ཕུང་པོའི་ནང་དུ ་སོན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་གང་གི་ཕྱིར་གཟུགས་ལ་སོགས་པ་ཇི་སྲིད་དེ་རྣམས་ཐམས་ཅད་སྟོང་པ་ཉིད་དེ། དེ་ནས་ལྡན་པ་ཡང་མ་ཡིན་བྲལ་བ་ཡང་མ་ཡིན་ཏེ་མཚན་ཉིད་གཅིག་པ་སྟེ། འདི་ལྟ་སྟེ། མཚན ་ཉིད་མེད་པའོ་ཞེས་པ་ལ་སོགས་པའོ།། དེ་བཞིན་དུ་ན་མཁའ་དང་འདྲ་བ་ལ་སོགས་པ་ལ་ཡང་ཤེས་པར་བྱ་སྟེ། ཇི་སྲིད་དུ་མི་དམིགས་པའི་བར་དུའོ་ཞེས་པའོ།། འཁྲུགས་པ་མེད་པ་ནི་མི་ཤེས་པའོ།། དེ་ལྟར་ཞེས་པ་ནི ་ཇི་ལྟར་འདོད་པས་མངོན་པར་རྟོགས་པ་བརྒྱུད་འཁོར་དང་བཅས་པ་རྣམས་རྒྱས་པར་བསྟན་པད་ལྟར་འདིར་རྗེས་སུ་ཆར་བར་བྱ་བའོ།། རྗེས་སུ་རིག་པར་བྱེད་པ་ནཱི་ཡི་གེའི་ཚོགས་ཀྱིས་ཉན་པར་བྱེད་པའོ།། རྣམ་པར ་དཔྱོད་པར་བྱེད་པ་ནི་དོན་གྱི་ཁོག་གིས་གོས་པར་བྱེད་པའོ།། འཇུག་པ་ནི་དོད་པར་བྱེད་པའོ།། རྟོགས་པར་བྱེད་པ་ནི་རབ་ཏུ་ཤེས་པར་བྱེད་ཟེའོ།། སེམས་པ་ནི་རིག་པ་རྣམས་ཀྱིས་རྣམ་པར་བརྟགས་པར་བྱེང་པའོ།། ་འཇོལ་བ་ནོ་དེ་ལྟ་བུ་ཉིད་དེས་གནོད་པ་མེད་ཅེས་པོ་སྟེ། གུང་དུ་གནས་པ་ལ་བྱིས་པ་ནུས་པ་ཟད་ནས་དྲོབ་ནས་མྱོས་པ་དང་བརྒྱལ་པོ་འམ་འཆི་བར་འགྱུར་བས། དེ་ལ་གནས་ནས་གཞན་དུ་སེམས་པས ་རྣམས་ལ་འཇལ་བར་བྱེད་པའོ།། ཇི་ལྟར་འདི་རྣམས་ནི་བཅོམ་ལྡན་འདས་མཆོག་ཏུ་རྣལ་འབྱོར་གྱི་དབང་ཕྱུག་གྲྀ་གཟིགས་པ་དྲི་ལྟར་བསྟན་པ་སྟེ། བདག་ཅག་གིས་འདི་ལས་གཞན་དུ་མོ་བྱིས་མ་སྟེ། རྟག་གེ ་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ་ཞེས་པའོ།། ཉེ་བར་རྟོགས་པ་ནི་འདི་རྣམས་ལ་དེ་ལྟར་ཐམས་ཅད་གཅོད་པའི་ཕྱིར་འདི་ལྟ་བུ་ཉིད་ཀྱིས་ཀུན་ཏུ་རྟོག་པར་བྱེད་པའོ་ཞེས་པ་སྟེ། དེ་ལྟར་ཤིན་ཏུ་ཐེ་ཚོམ་ཆོད་ནས་སྒོམ ་པར་བྱེད་པའི་སྒོམ་པ་ནི་རྣམ་པ་བཞི་སྟེ། ཞི་གནས་དང་། ལྷག་མཐོང་དང་། ཞི་གནས་ལྷག་མཐོང་ལ་མངོན་པར་དགའ་བས་སོ།། ཇི་ལྟ་བར་ཡིད་ལ་བྱེད་ཅེ་ན། གསུངས་པ་ནི་རྒྱུ་ཐམས་ཅད་ཅེས ་པ་ལ་སོགས་པ་སྟེ། བདག་ཅེས་པ་དང་། བདག་གི་ཞེས་པ་དང་། གཟུགས་ཞེས་པ་ནས་ཇི་སྲིད་དུ་རྣམ་པར་ཤེས་པའི་བར་ཞེས་པ་ཉིད་ལ་སོགས་པ་ཐམས་ཅད་ཀྱི་སྤྲོས་པ་ལ་མངོན་པར་ཞེན་པས་ཡིད་ལ་བྱེད་པ་ཐམས ་ཅད་ནི་རབ་ཏུ་སྨྲ་བ་རྣམས་དང་བདུད་རྣམས་དང་ཉོན་མོངས་པ་རྣམས་ཀྱིས་བསྐྱོད་པའོ།། ཡོན་ཏན་ཐམས་ཅད་ནི་བྱང་ཆུབ་སེམས་དཔའི་འོ།། དེ་ལྟར་མངོན་པར་རྟོགས་པ་བརྒྱད་ཀྱིས་རྒྱས་པར་བསྟན་ནས། དེ་ལྟར་མདོར ་བསྟན་པ་ནི་བསྟེན་བཅོས་ལས། མཚན་ཉིད་དེའི་སྦྱོར་བ་དང་། དེར་བ་དེ་གོ་རམ་དྲང་།། དེ་མཐའ་དེ་ཡི་རྣམ་སྨིན་ནི།། དོན་སྔས་གཞན་དེ་རྣམ་པ་དྲུག་ཅེས་ཏེ། ཡང་ན་མཱ་དེའི་དོན་རྣམ་པ་དྲུ་གཱ་སྟེ། རྣམ་པ་ཐམས་ཅང་མཁྱེན་པ ་ཉིད་དང་།། ལམ་ཤེས་པ་ཉིད་དང་། ཐམས་ཅད་ཤེས་པ་ཉིད་དང་། གསུམ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ལ་རྣམ་པ་ཀུན་མངོན་པར་རྫོགས་པ་ནི་རྟོགས་པ་ནི་འདི་ལ་སྤྱོད་པའི་སྦྱོར་བའོ།། རྩེ་མའོ ་མངོན་པར་རྟོགས་པ་ནི་སྦྱོར་བ་འདིའི་རབ་ཀྱིའོ།། མཐར་གྱེས་པའི་མངོན་པར་རྟོགས་པ་ནི་སྦྱོར་བ་འདིའི་གི་རིམ་མོ།། སྐད་ཅིག་མ་གཅིག་ལ་མངོན་པར་རྟོགས་པ་ནི་སྦྱོར་བ་འདིའི་མཐར་ཐུག་པའོ།། ཆོས་ཀྱི་སྐུ་ནི་འདིའི་རྣམ ་པར་སྨིན་པའོ།། ཡང་བསྟན་བཅོས་ལས། རྣམ་པ་གསུམ་ནི་ཡུལ་གྱི་རྒྱུ།། སྦྱོར་བ་བཞི་ཡི་བདག་ཉིད་དང་།། ཆོས་སྐུ་ཕྲིན་ལུས་འབྲས་བུ་ནི།། གཞན་དུ་དོན་བསྡུས་རྣམ་པ་གསུམ།། ཞེས་ཏེ། ཡང་ན་མདོའི་དོན་ནི་གསུམ་སྟེ། རྒྱུ ་དང་། སྦྱར་བ་དང་འབྲས་བུའོ།། དེ་ལ་སྦྱོར་བའི་རྒྱུའི་ཡུལ་ན་ཀུན་མཁྱེན་པ་རྣམ་པ་གསུམ་ལ། ངོ་སྦྱོར་ནི་རྣམམ་པའི་སྟེ། ལྔ་གྱི་ཕྱིར་རོ།། རྒྱུའི་འབྲས་བུ་ནི་ཆོས་ཀྱི་སྐུ་དང་འཕྲོན་ལས་སོ།། འདི་ལས་གཞན་པའི་རྟག་པར་རབ་ཏུ་ངུ་བ་ལ ་སོགས་པའི་ལེའུ་གསུམ་ནི། གོ་སླུ་བའི་ཕྱིར་མངོན་པར་རྟོགས་པོའི་རྒྱན་གྱི་ཚིག་ལེའུར་བྱས་པས་མ་བཤད་དོ།། རྗེས་སུ་རིག་པའི་བརྗོད་པའི་ལེའུའོ།། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་འགྲེལ་པ ་གནད་ཀྱི་ཟླ་བའི་འོད་ཅེས་བྱ་བ། པཎྜི་ཏ་ཆེན་པོ་འཇིགས་མང་འབྱུང་གནས་སྦས་པས་མཛོད་པ་ལས་རྗེས་སུ་རིག་པའི་ལེའུ་སྡེ་ཉི་ཤུ་རྩི་དགུ་པའོ།། །། ཇི་ལྟར་བཅོམ་ལྡན་འདས་མ་ཉིད་བཙོལ་བར ་བྱ་བ་དེ་ལྟ་བུའི་རྣམ་པར་བཤད་པ་གསུངས་པ་ནི། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། རྟག་པར་རབ་ཏུ་ངུ་བ་ནི་དེ་ལ་ཚོགས་ཀྱི་ས་ལ་གནས་པ་ཆོས་ཀྱི་རྒྱུན་གྱིས་སངས་རྒྱས་རྣམས་ལ་གདམས་ངག་ཐོབ་པ་སྟེ། ང ་ལྟོར་ནི་ས་བཅུ་པའི་དབང་ཕྱུག་གོ།། ལུས་ངལ་བ་ལ་སོགས་པ་ཡིད་ལ་བྱེད་པ་རྣམས་དགག་པ་ནི་ཤིན་ཏུ་བརྩོན་འགྲུས་ཆེ་བའི་དོན་ཏོ།། གང་ལ་ཡང་སྨོན་པར་མི་བྱེད་ཅེས་པ་ལ་སོགས་པ་ནི་རྣམ་པར་གཡེང་བ་དགག་པ ་སྟེ། སྨོན་པར་མི་བྱེད་པ་ནི་ཞེན་པར་མི་བྱེད་པའོ།། གླཡོན་ཕྱོགས་ནས་དང་དེ་བཞིན་དུ་ཞེས་པ་ལ་སྩོགས་པྲ་ནི་དེ་ཁོ་ན་ཉིད་ནི་མ་ཡིན་པ་ཡིད་ལ་བྱེད་པ་དགུག་པའོ།། བདག་ལས་མ་གཡོས ་ཤིང་འཇིགས་ཚོགས་ལས་མ་གཡོས་ཞེས་པ་ནི་འཇིག་པར་འགྱུར་པས་འཇིག་པོ་ལ། བསགས་པས་ཚོགས་པ་སྟེ། མི་རྟག་པའི་གཟུགས་ལ་སོགས་པ་ནི་འཇིག་ཚོགས་ཏེ། འཇིག་ཚོགས་ནི་གང་ཟག་ཏུ ་བརྟགས་པ་ལ་སྟེ། འདིར་གང་ཟག་རྫས་སུ་ཡོད་པའི་ཚུལ་གྱིས་མི་གཡོས་པ་དང་བཏགས་པར་ཡོད་པས་ཀྱང་མ་ཡིན་པ་སྟེ། གཉི་ག་ཡང་དམིགས་སུ་མེད་པའི་ཕྱིར་རོ།། གཟུགས་ལས་ཀྱང་མ་གཡོས་པ་ཞེས་པ ་ལྷ་སོགས་པ་སྟེ། ཆོས་རྣམས་ཐམས་ཅད་ཀྱང་དེམིགསུ་མེད་པའི་ཕྱིར་རོ།། འདིར་འདི་རྣམས་ཀྱིས་འདི་རྣམས་སུ་སྒྲོ་བཏགས་ནས་གཡོ་བའོ།། རྣམ་པར་བྱང་བ་ནི་ཕྱིར་མི་ལྡོག་པའོ།། སྣང་བ་ནི་ཐར་པའི་ལ་སྟོན་པ་རྣམས ་ཀྱིས་སོ།། མོས་པའི་སེམས་འདི་ཉིད་ཀྱིས་དེ་ལྟར་ཞེས་པ་ནི་གན་ཏུ་རྟོག་པའོ།། མཚན་མ་ཡོངས་སུ་སྤངས་པ་ཞེས་པ་ནི་བསྟན་པ་ལ། བཱ་ཤྲང་པ་ནི་དངོས་པོ་ཞེས་པ་སྟེ། དངོ་སའི་ཆོས་ལྟ་བ་དང་། སེམས་ས་བྱ་དང་། བདག་ཏུ ་ལྟ་བ་ལ་ངོ་བོ་ཉིད་མེད་པ་ནི་སྐྱེ་བ་མེད་ཅིང་འགག་པ་མེད་པའོ།། གང་ལ་ཡང་སྐྱེ་བ་མེད་པ་དང་འགག་པ་མེད་པ་དེ་ལ་དངོས་པོ་མེད་པ་སྟེ། དེའི་ཕྱིར་དངོས་པོ་མེད་པའོ་ཞེས་སྟོན་པར་བྱེད་པ་ནི་དགེ་བའི་བཤེས་གཉེན ་ལ་དེ་ལས་བཟློག་པ་སྟོན་པ་ནི་སྡིག་པའི་གྲོགས་པའོ།། བསྒྲུབ་པར་བྱས་ནུས་ཏེ་ཌྷ་སུ་གནས་ནའོ།། བྱས་པ་ཤེས་པ་ནི་ཐོས་པ་ཤེས་པས་སོ།། བྱས་པ་ཚོར་བ་ནི་ཐོས་པའི་འབྲས་བུ་ཤེས་པས་སོ།། ཡོངས་སུ་རྟོགས་ལ་ཞེ ་པ་ནི་བསམ་པའོ།། འཇིག་རྟེན་གྱི་ཟུང་ཟིང་ནི་གོས་སར་པ་ལཱྀ་སོགས་པའོ།། བརྟེན་པར་ཞེས་པ་ལོ་སོགས་པའི་ཚིག་གསུམ་ནི་ཆུང་ངུ་དང་འབྲིང་དང་ཆེན་པོའི་དབྱེ་བས་ལོངས་སྤྱོད་པར་རོ་ཞེས་པའི་དོན་ཏོ།། ཟིལ་གྱིས ་གནན་པ་སྐྱོན་ཅན་དུ་བྱེད་པའིའོ།། སེམས་ཅན་འདུལ་བའི་ཕྱིར་ནི་སེམས་ཅན་རྣམས་ཀྱི་སེམས་བསྲུང་བའི་དོན་དུའོ།། ཡོངས་སུ་གཟུང་བ་ཉེ་བར་བཟུང་བའི་ཕྱིར་ཞེས་པ་ནི་ཡོངས་སུ་དཟུང་བའི་དོན་དུའོ།། ཆགས་པ་ནི་སྲེ ་པའོ།། ང་མིགས་པ་ནི་ཉེ་བར་དམིགས་པའོ་ཀུནི་རྫོབ་ལོ་གནས་པའི་ཐབས་ཉེ་བར་བསྟན་ནས། དོན་དམ་པར་ལ་གནས་ནས་གསུངས་པ་ནི། དེའི་སྐད་ཅིག་ཅེས་པ་སྟེ། དགེ་སློང་ནི་འཕགས་པ་ཆོས་འཕགས་ཏེ། ་བུད་མེད་དྲུག་ཁྲི་བརྒྱད་སྟོང་དང་ལྷན་ཅིག་ཏུ་འདོད་པའི་ཡོན་ཏན་ལྔ་ལ་རྒྱུན་མུ་ཆད་པར་རོལ་པ་སྟེ། གཟུགས་དང་སྒྲ་དང་དྲི་དང་རོ་དང་རིག་བྱ་རྣམས་སོ།། དེ་ཉིད་མ་ཐོབ་ན་འདོད་པར་བྱེད་ཅིང་དགའ་བར་བྱེད་པས་ན་འདོད ་པ་ལ། ཐོབ་ནས་ཡོན་ཏན་དུ་བྱེད་ཅིང་ཡང་ནས་ཡང་དུ་ལོངས་སྤྱོད་པས་ན་ཡོན་ཏན་ཏེ། འདོད་པའི་ཡོན་ཏན་དང་ཡང་དག་པའི་ཚུལ་ནི་དོན་དམ་པའི་རབ་ཏུ་འབྱེད་པའོ།། ཆོས་ཐམས་ཅད་ནི་ཕུང་པོ་ལྔ་རྣམས་ལ། སེམ ་ཅན་མེད་པ་ལ་སོགས་པས་ནི་གང་ཟག་ལ་བདག་མེད་པ་དང་། སྒྱུ་མ་ལྟ་བུ་ལ་སོགས་པས་ནི་ཆོས་ལ་བདག་མེད་པ་གསུངས་པའོ།། ཡིད་མི་སྐྱེ་བ་ནི་ལོ་བདུན་དུ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས ་པ་ཉིད་ཀྱིས་སོ།། སྒྲ་དེ་ལས་ཞེས་པ་ནི་སོ་སྔོར་སྒྲོགས་པའི་ཚིག་ལ་སྟེ། སྐྱོ་བ་མེད་པ་ནི་དུབ་པ་མེད་པའིའོ།། རྗེས་སུ་བསྟན་པ་ནི་གླདམས་པའོ།། ཆོག་ཀྱིས་བ་ལོ་མངོན་པར་ཤེས་པ་དམ་པ་མེད་ཀྱང་འཕགས ་པ་ཆོས་འཕགས་པ་ཀྱིས་བྱིན་གྱིས་བརླབས་ཀྱིས་སོ།། མཐོང་བའི་ནུས་པ་དང་བྲལ་ནས་སྨྲས་པ་ནི་ཡོངས་སུ་མ་མཐོང་ཞེས་པའོ།། ངུ་བ་ནི་མཆི་མ་འཛག་པའོ།། ཚེ་དེ་ནི་དབྱངས་ཀྱིས་སོ།། མྱ་ངན་ནི་གདུང་བར་བྱེད་པས་སོ།། ་སྨྲེ་སྔགས་ནི་བརྗོད་པས་སོ།། རྗེས་སུ་འབྲེལ་པུ་ནི་ཀུན་ཏུ་ལྡན་པའོ།། རྗེས་སུ་འབྲེལ་བར་འགྱུར་པའི་ཚིག་ཡོད་ཀྱང་དེ་ཉིད་དོ།། སྐོར་བ་ནི་ཡོངས་སུ་བསྐོར་བའོ།། འོབས་ནི་འོབས་སུ་བསྐོར་བའོ།། འབྱོར་པ་ནི་ནོར་ཕུན ་སུམ་ཚོགས་པའོ།། རྒྱས་པ་ནི་ཁང་པོ་ལ་སྐྱེད་མོས་ཆེལ་ལ་སོགས་པས་མཛེས་པའོ།། བདེ་བ་ནི་རྣམ་པར་འཚེ་བ་མེད་པའི་ཕྱིར་རོ།། ལོ་ལེགས་པ་ནི་བཟའ་བ་དང་བཏུང་བ་རྙེད་པ་སླ་བའི་ཕྱིརརོ།། ཡངས་པ་ནི་རྒྱ་ཆེ་བའོ།། མང ་བ་ནི་རྣམ་པ་སྣ་ཚོགས་པའི་སྐྱེ་བའོ།། འཁོར་གང་དག་དེ་ལང་ལྟར་དེ་དང་འདྲ་བའི་མི་རྣམས་ཀྱང་གང་གིས་དེ་བཞིན་ནོ།། བར་ནི་ན་ལ་ཆེང་ཁང་ནི་ཉོ་ཚོང་བྱེད་པའི་གནས་ཏེ། དེར་ཁྱམས་ལྔ་བརྒྱ་རྣམས་སུ་མ་ལུས་པ་བཀྲམ་པའོ། ་ཁྱམས་རྣམས་ཀྱི་ར་བའི་བར་དུ་གཱཉི་ག་ནས་བྱུང་བའི་ཕྱིར་རོ།། རི་མོ་སྣ་ཚོགས་སུ་བྲིས་པ་ནི་དེ་ལ་སྣ་ཚོགས་པས་རྨད་དུ་གྱུར་པའི་ཕྱིར་རོ།། ལྟ་བུ་ནི་གློང་དང་རྗེས་སུ་མཐུན་པའི་ཕྱིར་རོ།། མཛེར་དག་མེད་པ་ནི་ཀུན ་ཏུ་གནོད་པ་མེད་པ་སྟེ། སྐྱེ་བའོ་ཁྱོགས་ཁྲིའི་བཞོན་པོ་རྣམས་དང་རྐང་གིས་འགྲོ་བ་རྣམས་ཀྱིས་འོང་བའི་གནས་དང་། ཀུན་ཏུ་འགྲོ་བའི་གནས་རྣམས་ཀྱི་སྲང་བར་ཡངས་པ་དེར་དེ་རྣམས་ཀྱིས་གནས་པར་བྱེད་པས ་ལགས་པར་བྱེད་པའོ།། ཁྱོགས་ཁྲི་ནི་བཟུང་ནས་བགྲོད་པའོ།། བཞོན་པ་ནི་ཤིང་རྟའོ།། མཐེན་དམན་མེད་པའི་ཕྱིར་ཕན་ཚུན་འདྲ་བའི་ཕྱིར་ན་མཚུངས་པ་རྣམས་ཀྱིསོ།། བླམ་པོའི་མཇེའ་ཡབ་ནི་མངའ་ཡབ་སྟེ། ར་བ ་ལས་ཅུང་ཞིག་མཐོ་བར་སོན་པའོ།། ཟླུམ་པོ་ལས་ཤིང་བཟུང་བ་ལས་ཐམས་ཅད་འདིར་ཡོད་པས་ཐམས་ཅད་དང་ལྡན་པའོ།། དྲིལ་བུ་གཱ་ཡེར་ཀའི་དྲ་བ་ནི་རིན་པོ་ཆེའི་ཕྲེང་བས་སྦྲེལ་བས་མངའ་ཡབ་ཀྱི་ཤིང་ལ ་སྦྲེལ་བའི་རིན་པོ་ཆེའི་ཆུ་ནུ་འཕྱངས་དུ་མུས་འབྱུང་ངོ་།། སྙན་པ་ནི་སྒྲ་ཐོས་ནས་བདེ་བའི་ཕྱིར་རོ།། ཡིད་དུ་འོང་བ་ནཱི་སེམས་བདེ་བའི་ཕྱིར་རོ།། འཇམ་པ་ནི་ཡིད་འཕྲོག་པའི་ཕྱིར་རོ།། ཡན་ལག་ལྔ་ནི་པི་བང་དང་གླང ་བྲི་ལ་སོགས་པའོ།། རོལ་མོ་མཁན་ནི་དྲྀ་ཊཱི་གར་གླུ་མཁན་གྱིས་སོ།། རྩེ་དགའ་བ་ནི་ཐོས་པོས་སོ།། དགའ་མགུ་ནི་ཡིད་ཀྱིས་སོ།། ཡོངས་སུ་སྤྱོད་པ་ནི་ལུས་དང་ངགེ་ཡོངས་སུ་དགའ་བས་སོ།། རྗེས་སུ་མཐུན་པ ་པ་ཞེས་པ་ནི་ཀླུང་ལ་སོགས་པ་དང་རྗེས་སུ་མཐུན་པས་ཆུ་འབབ་པ་དང་ལྡན་པའོ།། མངོན་པར་སྐྱེས་པ་ནི་མངོན་པར་སྐྱེས་པ་རྣམས་ཀྱིས་སོ།། གྱ་ནོམ་པ་ནི་གྱ་ནོམ་པ་རྣམས་ཀྱིས།། ཆུ་ཞིང་ནི་ཟླུམ་པ་ཉིད ་ཀྱིའོ།། སྔོན་པོ་ཞེས་པ་ལ་སོགས་པ་ནི་མདོར་བསྟན་པ་སྟེ། སྔོན་པོ་དང་ལྷན་ཅིག་སྐྱེས་པའི་ཕྱིར་ཁ་དོག་སྔོན་པོའོ།། ཀུན་ཏུ་སྦྱོར་བ་ལས་བྱུང་བའི་ཕྱིར་སྔོན་པོ་ལྟ་བུར་སྟོན་པའོ།། གཉིས་གའི་འོད་ཀྱིས་སྤྲུལ་པས་མིག་ལན ་དུ་གསལ་བའི་ཕྱིར་འོད་སྔོན་པོ་འབྱུང་བའོ།། དེ་བཞིན་དུ་སེར་པོ་ལ་ཞེས་པ་ལ་སོགས་པཾ་ལ་ཡང་ཤེས་པར་བྱའོ།། སངས་རྒྱས་ཀྱི་ཚུལ་ནི་ཤེས་རབ་ཀྱི་ཕ་རོལ་ཏྲ་ཕན་པ་སྟེ་དེ་ལ་རི་མོར་བྱེད་པ་ནི་དེ་ལ་མཆོག་ཏུ་དང ་བའོ།། རྗེས་སུ་འགྲོ་བ་ནི་ལེགས་སུ་འགྲོ་བསོ།། ཐོས་པ་ནི་གང་རྣམས་ཀྱིས་སོ།། དབུས་ཀྱི་བཞི་མདོ་ནི་མངོན་པར་མཚོན་པར་བྱ་བའི་གནས་ཀྱིའོ།། ཁོར་ཡུག་ནི་སོ་སོ་ལོགས་ཀྱིའོ།། ཁང་པའི་ལོངས་སྤྱོད་ནི་ཁང་པའི་ཡོངས ་སུ་བསྐོར་བའོ།། ཉེ་བར་སྤྱོད་པ་ནི་མེ་ཏོག་དང་འབྲས་བུ་ལ་སོགས་པའོ།། ཡོངས་སུ་ལོངས་སྤྱོད་པ་ནི་མ་ལུས་པའི་ནགས་དང་གནས་ལ་སོགས་པ་ལའོ།། བར་ནི་མཚམས་སོ།། དེ་བར་ནི་སྐབསོ།། དབང་དུ་གྱུར་པ་ནི་ཡང་དག ་པར་འདུ་བ་སྟེ་འདོད་པའི་ཡོན་ཏན་ལྔ་པོ་དེ་རྣམས་ཀྱིས་དབང་པོ་ཐམས་ཅད་རྗེསུ་བཟུང་བའོ།། ལྡན་པ་ནི་དེ་དང་སྦྱོར་བས་ལྡན་པ་ཅན་ནོ།། རྩེ་བོ་ན་ངག་གིསོ།། དགའ་བ་ནི་ཡིད་ཀྱིས་སོ།། དགའ་མགུར་སྤྱོད་པ་ནི་ལུས་ཀྱིས་སོ།། དེ་སྲིད ་དུ་ནི་དཔག་ཏུ་མེད་པའི་དུས་ནུས་སོ།། བསྟན་པས་མཚམས་ནི་ཟླ་བའི་བྱེ་བྲག་ཁྱད་པར་དུ་གྱུར་པའི་རིག་སོ།། སྟེང་སྙིང་པོ་ཅན་ནི་རྒྱ་ནག་པོའི་དར་ཏེ་གདན་དེའི་སྟེང་དུ་འདི་བཏིང་བའོ།། ཤིང་བལ་གྱིས་བཀང་བའི་སྔས་ཞེས ་པ་ཡངགཞན་དག་གིའོ།། ཀ་ཤི་ཀའི་གོས་ནི་བཱ་ར་ཎ་སིའི་གོས་བཟང་པོ་བཏིང་བའོ།། དགའ་བ་ནི་སེམས་རྩེ་གཅིག་ཏུ་གནས་པར་གྱུར་པའོ།། མུ་ཏིག་ཅེས་པ་ནི་དྲ་བ་དང་དྲ་བ་ཕྱེད་པ་རྣམས་འཕྱང་བའི་ཕྱིར་རོ།། མངོན ་པར་གཏོང་བ་ནི་བཀམ་པའོ།། རབ་ཏུ་གཏོར་བ་ནི་ལོགས་གསུམ་དུའོ།། ཀུན་ཏུ་རབ་ཏུ་གཏོར་བ་ནི་ལོགས་བཞི་གར་རོ།། ཆོས་ཀྱི་བསམ་པ་རྣམ་པར་དག་པ་ནི་ཆོས་ལ་དད་པ་དང་འདུན་པ་དག་རྣམ་པར་དོག་པའོ།། ཆོས་ལ ་གུས་པ་ནི་དགེ་བའི་བཤེས་གཉེན་གྱི་ཕྱིར་རོ།། བསྟེན་པ་ནི་བསྐལ་བ་དང་ལྡན་པའོ།། ལོག་པར་མི་ལྟུང་བ་ནི་ངན་འགྲོར་མི་འགྲོ་བའོ།། རྒྱུན་མ་ཆད་པ་ནི་རྒྱུན་མ་ཆད་པར་རོ།། དགའ་བ་ནི་ཚིམ་པ་ལ་མགུ་བ་ནི་དགའ་བ ་ཆེན་པོ་སྔོན་དུ་འགྲོ་བའོ།། དེ་གཅིག་པོ་ཉིད་ཀྱི་ཕྱིར་ཡི་རང་བའོ།། དགའ་བར་མཐར་ཐུག་པ་ནི་རབ་ཏུ་དགེའ་བའོ།། དགའ་བ་དང་ལྷན་ཅིག་པར་གྱུར་པ་ནི་དང་བའོ།། དགའ་བ་དང་ཡིད་བདེ་བ་ནི་འདི་ལས་དེ་སྐྱེས་པའོ། ་དེའོ་ཞེས་པ་ནི་ལས་སོ།། རྒྱུ་ལ་མི་གནས་པ་སྟེ་མ་སྐྱེས་པའོ།། ཆོས་ཐམས་ཅད་ཅེས་པ་ནི་འདུ་ཤེས་ཤིན་ཏུ་མཉམ་པར་བཞག་པས་སོ།། དེའི་མཐུའི་ཏིང་ངེ་འཛིན་ནི་དེ་ལྟར་མངོན་སུམ་དུ་བྱེད་པའི་ཐབས་ཆེན་པོའི་ཕྱིར་རོ།། ། ་འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ལ་རྣམ་པར་ལྟ་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་ཐམས་ཅད་ཀྱི་ངོ་བོ་ནི་དྲོན་པར་ངོ་བོ་ཉིད་མེད་པ་ཉིད་དེ་ལ་བལྟ་བ་མེད་པའི་སྦྱོར་བས་རྣམ་པར་བལྟ་བའོ།། རྨོ། ་ཐམས་ཅད་ཀྱི་ངོ་བོ་ཉིད་མི་དམིགས་པ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དོན་དམ་པར་དམིགས་སུ་མེད་པའི་ཕྱིར་རོ།། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཤེས་པ་ལས་ངེས་པར་འབྱུང་བ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དོན་དམ ་པར་ཡོད་པ་ལ་སོགས་པའི་སྒྲོ་བཏགས་པ་དེའི་ཤེས་པས་མངོན་པར་ཞེན་པ་དེ་ལ་ལེགས་པའོ།། གཞུང་ཁོ་ཅིག་དུ་ནི་ཆོས་ཐམས་ཅད་མི་ཤེས་པ་ལས་ངེས་པར་འབྱུང་ངོ་ཞེས་ཀྱང་ཟེར་རོ།། ཆོས་ཐམས་ཅད་ཐ་དད་པ་མེད ་པ་ཉིད་ནི་ཆོས་ཐམས་ཅད་མེད་པ་ཉིད་དོ།། གང་ཞིག་མཉམ་པར་བསྒྲུབ་པར་བྱ་བ་ལའོ།། ཆོས་ཐམས་ཅད་ལ་འགྱུར་བ་མེད་པར་མཐོང་བ་ནི་ཆེས་ཐམས་ཅད་ཐ་དད་པར་འགྱུར་བའི་ཕྲི་བ་དང་བསྣུན་པ་ལ་སོགས་པ་མེད ་པའི་ཕྱིར་རོ།། ཆོས་ཐམས་ཅད་ཀུན་ཏུ་སྣང་བར་བྱེད་པ་ནི་ཆོས་ཐ་མ་སྣ་ཅད་ཀྱི་ཡང་དག་པའི་ཀུན་རྫོབ་རྣམས་དེ་བཞིན་ཉིད་དང་རོ་གཅིག་པ་ཉིད་དུ་མཐོང་བའི་ཕྱིར་རོ།། ཆོས་ཐམས་ཅད་མུན་པ་དང་བྲལ་བ་ནི་ཆོས་རྣམས ་ཐམས་ཅད་མ་རིག་པ་ལ་སོགས་པ་དང་བྲལ་བའོ།། ཆོས་ཐམས་ཅད་མི་ཤེས་པ་སེལ་བ་ནི་ཆོས་རྣམས་ཐམས་ཅད་མ་རིག་པ་འགགས་པ་ལ་སེགས་པ་རྣམ་པར་རྟོག་པ་འཇིག་པའི་ཕྱིར་རོ།། ཆོས་ཐམས་ཅད་མི་ཤེས་པ ་སེལ་བ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དང་རོ་གཅིག་པ་ཅན་དུ་བྱེད་པའི་ཕྱིར་རོ།། ཆོས་ཐམས་ཅད་དམིགས་པ་མེད་པ་ནི་ཆོས་རྣམས་ཐམས་ཅད་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་བདག་ཉིད་དུ་དམིགས་སུ་མེད་པའི ་ཕྱིར་རོ།། མེ་ཏོག་བཀྲམ་པ་ནི་བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་ལོ་སྦྱོར་བའི་ཕྱིར་རོ།། ཆོས་ཐམས་ཅད་བདག་གི་དངོས་པོ་སྒྲུབ་པ་ནི་ཆོས་རྣམས་ཐམས་ཅད་ཀྱི་དངོས་ཉིད་ཀྱིས་མངོན་པོར་ཤེས་པ་ལ་སོགས་པའི་དོན་སྒྲུབ་པའི་ཕྱིར། ་རོ།། སྒྱུ་མ་རྣམ་པར་སྤངས་པ་ནི་ཐུགས་རྗེས་ཇི་ལྟ་བ་བཞིན་ལ་དགོངས་ནས་ཐ་སྙད་དུ་བྱེད་པའི་ཕྱིར་རོ།། མེ་ཏ་ག་བཀྲམ་པ་ན་བྱང་མེ་ལོ་ང་གི་དཀྱིལ་འཁོར་གྱི་སྣང་བ་བསྒྲུབ་པ་ནི་མེ་ལོང་གི་དཀྱིལ་འཁོར་ལ་སྣང་བ་བཞིན་གྱིས་ལོངས ་སྤྱོད་རྫོགས་པའི་སྐུ་ལ་སོགས་པ་མངོན་པར་སྒྲུབ་པའི་ཕྱིར་རོ།། སེམས་ཅན་ཐམས་ཅད་ཀྱི་སྒྲ་སྒྲུབ་པ་ནི་སེམས་ཅན་རྣམས་ལ་ཕན་པ་ཉེ་བར་སྒྲུབ་པའི་སམ་པས་སེམས་ཅན་ཐམས་ཅད་ཀྱི་སྒྲ་སྒྲུབ་བྱའི་ཕྱིར་རོ།། རྡུལ་དང་བྲལ ་བོ་ནི་འདོད་ཆགས་ལ་སོགས་པའི་རྡུལ་ཡང་དག་པར་སྤོངས་པའི་ཕྱིར་རོ།། སེམས་ཅན་ཐམས་ཅད་མངོན་པར་དགའ་བ་ནི་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་ངེས་པར་ཐར་ནས་རྫོགས་པའི་བྱང་ཆུབ་ཀྱི ་བདེ་བ་ཐོབ་པར་བྱེད་པའི་ཆོས་སྟོན་པའི་ཕྱིར་རོ།། གཞུང་ཁ་ཅིག་ལས་ནི་སེམས་ཅན་ཐམས་ཅད་མངོན་པར་སྒྲོལ་ཞེས་ཟེར་བ་ནི་གོ་སླའོ།། སེམས་ཅན་ཐམས་ཅད་ཀྱི་སྒྲ་ལ་མཁས་པའི་རྗེས་སུ་སོང་བ་ནི་སེམས་ཅན ་ཐམས་ཅད་ལ་ཆོས་སྟོན་པའི་ཁ་ན་མ་ཐོ་བ་མེད་པའི་ལུས་ལ་སོགས་པའི་ལུས་ཀྱི་ཐབས་ལ་མཁས་པའི་རྗེས་སུ་སོང་བའོ།། སྒྲ་དང་ཚིག་འབྲུ་སྣ་ཚོགས་མངོན་པར་སྒྲུབ་པ་ནི་སྒྲ་སྣ་ཚོགས་པ་དང་། ་ཚིག་དང་འབྲུ་རྣམས་ཀྱི་སྟོང་པ་ཉིད་དུ་སྟོན་པའི་ཕྱིར་རོ།། ཁེངས་པ་མེད་པ་ནི་གཟུགས་ལ་སོགས་པའི་སྟོང་པ་ཉིད་ལས་སྒྲུབ་པ་ལ་ཀུན་ནས་རྨོངས་པ་མེད་པའི་ཕྱིར་དང་། དེ་སྟོན་པའི་སོ་སོ་ཡང་དག་པར་རིག་པ་རྣམས ་ཀྱི་རང་བཞིན་དུ་ཐ་སྙད་མེད་དེ། མིག་དང་གཟུགས་ལ་སོགས་པའི་ཤེས་པའི་རང་བཞིན་དང་གང་ཟག་ལ་སོགས་པའི་འདོད་པའི་ཐ་སྙད་དུ་བྱར་མེད་པའི་ཕྱིར་རོ།། སྒྲིབ་པ་མེད་པའི་རྣམ་པར་ཐར་པ་ཐོབ་པ་ནི་འཇིག ་རྟེན་གྱི་ཁམས་ཐམས་ཅད་ཀྱི་བདག་ལ་སོགས་པའི་མཚན་ཉིད་རྣམས་ཀྱི་སྒྲིབ་པ་ལས་རྣམ་པར་གྲོལ་བའོ།། རྡུལ་དང་བྲལ་བ་ནི་སྟོང་པ་ཉིད་ལ་ཡང་འཛིན་པ་ལ་སོགས་པའི་མངོན་པར་ཞན་པ་མེད་པའི་ཕྱིརརོ།། ། ་མིང་དང་ངེས་པའི་ཚིགཱ་དང་ཡི་ག་འབྲུ་ནཱི་མིང་ནི་བརྡལ་བསམ་པས་རྗེསྲ་སུ་རྫོགས་པའི་སྦྱིན་པ་ལ་སོགས་པ་ནི་ཚི་ག་རྣམས་སམ་དུས་ལ་སོགས་པའི་ཡིག་འབྲུས་རྣམ་པར་བཞག་པའི་ཕྱིར་རོ།། ཆོས་ཐམས ་ཅད་ལ་ལྷག་མཐོང་ནི་འདས་བྱས་པའི་མཚན་ཉིད་དང་བྲལ་བའི་ཕྱིར་རོ།། ཆོས་ཐམས་ཅད་ཡུལ་དང་བྲལ་བ་ནི་ཆོས་རྣམས་ཐམས་ཅད་ཀྱི་ཡུལ་ལ་གཟུང་བ་དང་འཛིན་པ་གཉིས་སུ་ཡོད་པ་ཉིད་ལ་སོགས། ་པའི་ཕྱིན་ཅི་ལོག་ཏུ་མི་མཐོང་སྟེ། ཆོས་རྣམས་ཐམས་ཅད་སྟོང་པ་ཉིད་དུ་ངོ་བོ་ཉིད་མེད་པའི་ཕྱིར་རོ།། ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པའི་མཐའ་ནི་འདུས་མ་བྱས་པ་རྣམས་སུ་ཡང་མཚན་མར་མི་འཛིན་པའི་ཕྱིར་རོ།། ། ་ནམཁོའ་དང་མཚུངས་པ་ནི་ཆོས་རྣམས་ཐམས་ཅད་ལ་སྟོང་པ་ཉིད་དང་རོ་གཅིག་པས་ན་མཁའ་དང་མཉམ་པ་ཉིད་དུ་རྟོགས་པའི་ཕྱིར་རོ།། རྡོ་རྗེ་ལྟ་བུ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་དམིགས་པ་ལ་རྩེ་གཅོག་པ་ཉིད ་ཀྱིས་ཏེ། སྒྲིབ་པ་ཐམས་ཅད་ཀྱིས་དབྱེན་པ་པོ་ཉིད་ཀྱིས་རྡོ་རྗེ་དང་འདྲའོ།། གཟུགས་ཀྱི་རྡུལ་སལྭ་བ་ནི་གཟུགས་ཀྱི་རྡུལ་བསོལ་བའི་མཚོན་དང་དཔེ་བྱད་ཀྱིས་འབར་བའི་གཟུགས་ཀྱི་སྐུ་སྟེ། གང་ཡང་ལོངས་སྤྱོད་རྫོགས་པ ་དང་སྤྲུལ་པའི་མཚན་ཉིད་དོ།། ཕུན་སུམ་ཚོགས་པས་མཛེས་པ་ནི་ཕུན་སུམ་ཚོགས་པའི་མི་མཐུན་ཕྱོགས་ཀྱིས་གང་ཟག་དང་ཆོསུ་སྒྲོ་འདོགས་པ་དེ་ལ་མེད་པས་ཕུན་སུམ་ཚོགས་པས་མཛེས་པ་སྟེ། གཉི་ག་བདག ་མེད་པའི་དྲི་མ་མེད་པས་མཛེས་པའོ།། རྒྱུལ་བ་ཐོབ་པ་ནི་མཚན་མ་མེད་པ་ཉིད་ཀྱི་ཡང་དག་པའི་ཆོས་རྣམས་ཐམས་ཅད་སྟོན་པས་སེམས་ཅན་གྱི་དོན་དང་དྷཱི་སུ་མཐུན་པའི་རྒྱལ་བ་ཐོབ་པའི་ཕྱིར་རོ།། མི་ལྡོག་པའི་མིག ་རྣམ་པ་ཐམས་ཅད་ཀྱི་ཆོས་སྒྲུབ་པའི་མིག་ལ་བར་ཆད་མེད་པའི་ཕྱིར་རོ།། ཆོས་ཀྱི་དབྱིངས་སུ་ངེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་དེ་བཞིན་ཉིད་ལ་ཐེ་ཚོམ་གྱི་ཕྱིན་ཅི་ལོག་དོང་བྲལ་བའི་ཕྱིར་ངེས་པ་བརྟན་པོས་ཀུན་ཏུ ་གནས་པའོ།། ཆོས་ཀྱི་དབྱིངས་སུ་ངེས་པར་འབྱུང་བ་ནི་ཐུགས་རྗེ་ཆེན་པོས་བསྒོམས་པ་རྣམས་ཀྱི་ཆོས་རྣམས་ཐམས་ཅད་ཆོས་ཀྱི་དབྱིངས་མཚན་མ་མེད་པ་ཉིད་ཀྱིས་ངེས་པའི་ཕྱིར་རོ།། དབུགས་འབྱིན་པ ་སྦྱིན་པ་ནི་མྱ་ངན་ལས་འདས་པའི་མཚན་མུའི་གཉེན་པོ་ཉིད་ཀྱིས་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པའི་དབུགས་འབྱིན་པ་སྦྱིན་པའི་ཕྱིར་རོ།། སེང་གི་མངོན་པར་སྒྲོགས་པ་ནི་རང་དང་གཞན་གྱི་བྱ་བའི་ཡང་དག་པའི ་དོན་ལ་ལུས་ལ་སོགས་པ་རྩེ་གཅིག་པས་སྦྱོར་བས་བརྟན་པས་ལ་སོགས་པའི་གནས་སྐབས་སུ་རྣམས་སུ་སྐྲག་པ་དང་བྲལ་བ་ཉིད་ཀྱིས་སོང་གེ་བཞིན་དུ་མངོན་པར་སྒྲེགས་པའི་ཕྱིར་རོ།། སེམས་ཅན་ཐམས་ཅང་ཟིལ་གྱིས་གནོད ་པ་ནི་ཆོས་ཐམས་ཅད་ཡོངས་སུ་མི་འཛིན་པས་བདུད་ལ་སོགས་པའི་སེམས་ཅན་ཐམས་ཅད་ཟིལ་གྱིས་གནོན་པའི་ཕྱིར་རོ།། རྡུལ་དང་བྲལ་བ་ནི་བྱང་ཆུབ་ཀྱི་སེམས་ལ་ང་རྒྱལ་ལ་སོགས་པའི་རྡུལ་དང་བྲལ་བའི་ཕྱིར་རོ།། ཀུན ་ནས་ཉོན་མོངས་པ་མེད་པ་ནི་མིང་ལ་སོགས་པ་ལ་མངོན་པར་ཞེན་པའི་ཀུན་ནས་ཉོན་མོངས་པ་མེད་པ་མེད་པའི་ཕྱིར་རོ།། པདྨ་བཀོད་པ་ནི་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་རྣམས་ཐམས་ཅད་ལ་བསམ་པ་དང་བྲལ་བ་ཉིད ་ཀྱིས་ཡོངསུ་ལོངས་སྤྱད་ཉོན་མོངས་པར་མི་འགྱུར་བའི་ཕྱིར་པདྨ་ལ་ཆུ་ཡིས་བཞི་ནོ།། ནེམ་ནུར་གཅོད་པ་ནི་ཆས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྒྲུབ་པ་ལ་ཐམས་ཅད་དུ་འགྲོ་བའི་ནེམ་ནུར་བཟློག་པའི་ཕྱིར་རོ།། སྙིང་པོ་ཐ་མ་ས་ཅད་ཀྱི ་རྗེསུ་སོན་པ་ནི་བྱང་ཆུབ་ཀྱི་སེམས་ལ་སོགས་པའི་རྣམ་པར་དག་པའི་སྙིང་པོའི་རྗེས་སུ་སྟོན་པའི་ཕྱིར་རོ།། ཆོས་ཐམས་ཅད་ལ་མངོན་པར་འཕགས་པའི་ཆོས་ཐམས་ཅད་ལ་ཡོད་པ་ཉིད་ལ་སོགས་པར་བརྟགས་པ་རྣམ་པར ་དག་པའི་བྱམས་པ་ལ་སོགས་པའི་ཚད་མེད་པ་རྣམས་ཀྱིས་ཁྱད་པར་དུ་འཕགས་པའི་ཕྱིར་རོ།། མངོན་པར་ཤེས་པ་དང་། སྟོབས་དང་མི་འཇིགས་པ་ལ་སོགས་པ་ཐོབ་པ་ནི་ཆོས་རྣམས་ཐམས་ཅད་ཡོངས་སུ་འཛིན་པ ་མེད་པའི་ཏིང་ངེ་འཛིན་གྱི་མཐུ་ཡི་སོ།། ཆོས་ཐམས་ཅད་ངེས་པར་འབིགས་པ་ནི་ཆོས་ཀྱི་དབྱིངས་སོ་སོར་འབིགས་པའི་ཕྱིར་རོ།། ཆོས་ཐམས་ཅད་ཀྱི་འབྱོར་པའི་རྒྱ་མཚོ་ནི་བླ་ན་མེད་པའི་གཞི་སྟེ་མཐོང་བ་ལས་རྣམ་པར ་ལོག་པ་ཀུན་ཏུ་འཛིན་པ་ནི་ཉིད་ཀྱིས་དེ་རྒྱ་མཚོར་གྱུར་པའི་ཕྱིར་རོ།། ཆོས་ཐམས་ཅད་ཀྱི་ཕྱག་རྒྱ་ནི་ཆོས་ཐམས་ཅད་ཀྱི་ཕུང་པོ་ལ་སོགས་པ་རྣམས་ཀྱི་འབྱོར་པ་སྟེ། སིང་པ་དང་ཞི་བར་མི་གནས་པའི་མྱ་ངན་ལས་འདས ་པ་དེས་རྒྱས་བོང་བ་པས་རྫོགས་པའི་བྱང་ཆུབ་ཀྱི་བདེ་བ་དང་དགའ་བ་འབྱིན་པར་བྱེད་པའོ།། འབྱོར་པ་བདྲེན་པ་མ་ཡིན་པ་སྒྲོ་བཏགས་པ་དང་བྲལ་བའི་སྟོང་པ་ཉིད་དེ་ཉིད་ཡང་དག་པའི་ཀུན་རྫོབ་ཀྱི་ངོ་བོའི་ཆོས་རྣམས ་ཀྱི་ཕྱག་རྒྱའོ།། ཆོས་ཐམས་ཅད་ལོ་ཁྱད་པར་མེད་པ་གྱོན་པ་ནི་ཚས་རྣ་མམམས་ཅད་ལོ་གང་ཟག་གི་བདག་མེད་པར་མཉམ་པར་རྟོགས་པའི་ཕྱིརོ།། ལྟ་བར་འགྱུར་བའི་ཐིབས་པ་ཐམས་ཅད་རྣམ་པར་སྤངས་པ་ནི་རྟག ་པ་དང་ཆད་པ་ལ་སོགས་པའི་བལྟ་བ་དང་བྲལ་བའི་ཕྱིར་རོ།། མུན་པ་དང་བྲལ་བ་ནི་བརྟགས་པ་ཐམས་ཅད་ཀྱི་མུན་པ་དང་འདྲེས་པ་བཅོམ་པའི་ཕྱིར་རོ།། ཆོས་ཐམས་ཅད་ཀྱི་མཚན་མ་དང་བྲལ་བ་ནི ་ཆོས་རྣམས་ཐམས་ཅད་ལ་མཚན་མར་སྒྲོ་བཏགས་པ་དང་བྲལ་བའི་ཕྱིར་རོ།། ཆགས་པ་ཐམས་ཅད་ལས་གྲོལ་བུ་ནི་ཕྱི་དང་ནང་གི་ཆོས་རྣམས་ཐམས་ཅད་ལ་ཆགས་པ་མེད་པའི་སྦྱིན་པ་ལ་སོགས་པ་ལ་རབ་ཏུ་འཇུག ་པའོ།། ལེ་ལོ་ཐམས་ཅད་དང་བྲལ་བ་ནི་གནས་སྐབས་ཐམས་ཅད་དུ་གཞན་གྱི་དོན་བྱ་བ་ལ་བརྩོན་འགྲུས་བརྩོམ་པའི་ཕྱིར་རོ།། ཆོས་ཟབ་མོ་འོད་བྱེད་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་གདུལ་བར་བྱ་བ་རྣམ ་ལ་འོད་བྱེད་པའི་ཕྱིར་རོ།། རཱི་རོ་བེ་འདྲ་བ་ནི་སྤྲོས་པ་མེད་པའི་ཤེས་རེཔུ་ཀྱིས་མྱི་གཡོས་པའི་ཕྱིར་རོ།། མི་འཕྲོགས་པ་ནི་ཀུན་ཏུ་བཟང་པོའི་དངོས་པ་རྣམས་ལས་རྣམ་པར་མི་ལྡོག་པའོ།། བདུད་ཀྱི་དཀྱིལ་འཁོར་རྣམ ་པར་འཇོམས་པ་ནི་སྟོང་པ་ཉིད་དང་རྀ་གཅིག་པའི་ཕྱིར་འདོད་པ་ཀུན་ལ་ལོངས་སྤྱོད་ཀྱང་ཞེན་པ་དང་བྲལ་བས་བདུད་ཐམས་ཅང་རྣམ་པར་བཅོམ་པའི་ཕྱིར་རོ།། འཇིག་རྟེན་གསུམ་ལ་མངོན་པར་ཞོན་པ་ནི་སྤྲོས་པ་མེད།། ་པའི་ཤེས་རབ་མངོན་དུ་བྱས་པས་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ།། འོད་ཟེར་སྒྲུབ་པ་ནི་མ་ལུས་པའི་རྟགས་པའི་རྟོག་པས་མགོས་པ་ཉིད་ཀྱིས་ཐམས་ཅད་དུ་གསལ་བའི་ཤེས་རབ་ཀྱི་འོད་ཟེར་བསྒྲུབ་པའི་ཕྱིརརོ།། ་དེ་བཞིན་གཤེགས་པ་མཐོང་བ་ནི་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱི་སྐུ་མཐོང་པའི་ཕྱིར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་མཐོང་བ་ནི་ཐུན་མོངས་མ་ཡིན་པའི་ཤེས་རབ་ཀྱིས་མ་ལུས་པའི་རང་དང་གཞན ་ལ་ཡོངས་སུ་གསལ་བར་བྱེད་པས་ཀུན་ཏུ་རྨོངས་ང་ཐམས་ཅད་དང་བྲལ་ནས་དེ་བཞིན་གཤེགས་པ་ལ་སོགས་པ་མཐོང་བའི་གནས་སུ་གྱུར་པའ་ཕྱིར་རོ།། ཏིང་ངེ་འཛིན་པ་འདི་རྣམས་ལ་དྲུག་ཅུ་རྩ་གཉིས་ནི་ཉེ་བར ་མཚོན་པ་སྟེ། གྲངས་མེད་པའི་ཏིང་ངེའི་རྗེན་རྣམས་ཏེ། ཏིང་ངེ་འཛིན་ངོ་རྣམས་ཡང་མོས་པར་སྤྱོད་པའི་ས་ཀུན་ཏུ་སྤྱོད་པ་ན་འཕགས་པ་ཆོས་འཕགས་ཀྱིས་བྱིན་གྱིས་བརླབས་དང་རིང་གི་བསོད་ནམས་དང་། ཡེ་ཤེས ་ཀྱི་སྟོབས་ལས་སྐྱེས་པས་རྨི་ལམ་གྱི་གནས་སྐབས་བཞིན་དུས་དེ་ཇི་སྲིད་དུ་མཐོང་བའོ།། གང་ཡང་དཀོན་མཆོ་གེ་སྒྲོན་ལས་མོས་པས་སྤྱོད་པའི་ས་ལས་གྲངས་མེད་པའི་ཏིང་ངེ་འཛིན་རྣམས་རྟོགས་པར་བཤད་དེ་ཡང ་དུས་དེ་སྲིད་དུ་ཁོ་ནོར་རོ།། ཐམས་ཅད་དུ་ཡང་ཏིང་ངེ་འཛིན་རྣམས་རྒྱུན་ཏུ་མཐོང་བ་ནི་ཁ་ཅིག་རབ་ཏུ་དགའ་བ་ལ་སོགས་པའི་ས་རྣམས་ལ་སྟེ། རྣམ་པ་ཐམས་ཅད་ནས་ཐམས་ཅད་ངུ་ནི་བསྐལ་པ་གྲངས་མང་པ ་གསུམ་གྱིས་སངས་རྒྱས་ཀྱི་ས་ལ་སྟེ་ཐབས་ལ་མཁས་པ་ནི་རབ་ཏུ་དེ་གའ་བའི་ས་ལ་ཡང་གྲངས་མེད་པའི་ཏིང་ངེ་འཛིན་རྣམས་དུས་དེ་སྲིད་དུ་མཐོང་བའོ།། གང་འདིར་འདི་དག་གིས་བསྟན་པར་རབ་ཏུ་མཐོང་བ་དེ་ཉིད་ན ་སངས་རྒྱས་ཉིད་དུ་འགྱུར་རོ་ཞེས་པའི་ཐལ་འགྱུར་དེ་ནི་ཡིང་འཕྲོག་པ་མ་ཡིན་ཏེ། གལ་ཏེ་ཐབས་ལ་མཁས་པས་ཐམས་ཅད་དུ་མཐོང་བར་འགྱུར་ཀྱང་དེ་རྣམས་ཀྱི་དེ་ལྟ་ན་ཡང་སྒོམ་པའི་ལམ་གྱི་རབ ་ཏུ་སྤང་བར་བྱ་བའི་དྲི་མ་རྣམས་ཀྱིས་གསལ་བ་མ་ཡིན་པའི་ཕྱིར་དང་ཤིན་ཏུ་རིང་དུ་འཕྲོ་བའི་རབ་ཀྱི་མཐར་མ་ཕྱིན་པའི་ཕྱིར་ན་དེ་ཉིད་དུ་སངས་རྒྱས་སུ་འགྱུར་བ་ནི་མ་ཡིན་ནོ།། དེ་དེ་རྣམས་ལ་ཞེས་པ་ནི་མོས་པས་སྤྱོད ་འིས་ལ་གནས་པར་བྱེད་པ་ན་འདི་རྣམས་ཀྱི་ཏིང་ངེ་འཛིན་རིམ་གྱིས་སྐྱེ་བ་རྣམས་ལ་གནས་ཤིང་། ཏིང་ངེ་འཛིན་གཞན་གྱི་ཡོན་ཏན་སྔོན་གྱི་ཏིང་ངེ་འཛིན་ཡོངས་སུ་མ་བཏང་བ་ལས་སྐྱེས་ལ། ཕྱོགས་བཅུའི་འདི་རོ་ཞེ ་པ་ནི་ཕྱོགས་བཅུའི་འཇིག་རྟེན་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ཞེས་པའི་དོན་ཏེ།། སངས་རྒྱས་ཞེས་པ་ནི་ས་བཅུ་པ་ལས་རབ་ཏུ་དགའ་བ་ལ་སོགས་པའི་ས་ལ་སངས་རྒྱས་བརྒྱ་ལ་སོགས་པ་མཐོང་ཞེས ་གསུངས་པ་ངེས་པར་འབྱུང་བ་ཉིད་ཀྱིས་སོ།། འདིརུ་ནི་གདམས་པ་པོ་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་དང་འཕགས་པ་ཆོས་འཕགས་ཀྱི་མཐུས་མོས་པར་སྤྱོད་པའི་ས་པས་གྲངས་མེང་བའི་དེ་བཞིན་ག ་པ་མཐོང་བར་གྱུར་ཏོ།། འགྲོ་བ་ཞེས་པ་ནི་འགྲོ་བ་ནི་ཁོང་ཁྲོ་བ་མེད་པ་དེས་ཐོབ་པའོ།། བསླབས་པོ་ནི་བསླབ་པ་རྣམས་ཐེབ་པའོ།། དེའི་བྱས་པ་ནི་གང་ཉིད་སྔན་དེས་བྱས་པའོ།། གསུངས་པར་བྱ་བ་ནི་སེམས་ཀྱིས་དྲན ་པར་བྱའོ།། ན་བཟའ་ནི་གོས་སོ་དེའི་གདུང་བ་ནི་མགོ་རྡབས་པའོ་ཞེས་པའི་དོན་ཏོ།། མི་དགའ་བ་ནི་མྱ་ངན་གྱིས་སོ།། ཡོངས་སུ་གདུང་བ་ནི་ཡིད་མི་དགའ་བའོ།། མི་གཡོ་བ་ནས་བརྩམས་ནས་ཟག་པ་ཟད་པ་2་མངན ་བཔར་ཤེས་པ་སྲིད་ཀྱང་རྣམ་པ་ཐམས་ཅད་དུ་མ་ལུས་པ་ནི་སངས་རྒྱས་ཀྱི་ལའོ་ཞེས་པ་ནི་ས་བཅུའི་དབང་ཕྱུག་ཆོས་འཕགས་ལ་མངོན་པར་ཤེས་པ་ལྔར་བཤད་པའོ།། དགའ་བ་ནི་འོང་བའོ།། མགུ་བ་ནི་དགའ་བའོ།། ་ཡོན་ཏན་བཞིན་དུ་ལེགས་པར་སེམས་པའོ།། རྙོག་པ་མེད་པ་ནི་དད་པའོ།། དེའི་ཡོན་ཏན་རྣམས་ལ་ངོ་མཚར་བ་ནི་རི་མོར་བྱེད་པའོ།། མངོན་པར་དགའ་བ་ནི་གུས་པ་ཉིད་དོ།། དེས་ཞེས་པ་ནི་བདག་གི་ལུས་ངོས་ཡུན་ཐུང་བུར་བཙེག ་པའི་རིན་གྱིས་སོ།། མངོན་པར་ཤེས་པ་ཡོད་པར་སྲིད་ཀྱང་དེའི་རིན་གྱིས་ཆོས་ཉན་པ་དོན་དུ་གཉེར་བ་ཉིད་ནི་མངོན་པར་ཤེས་པ་ལ་ལོངས་སྤྱོད་པའི་དྲན་པའི་དང་བྲལ་བའི་ཕྱིར་དང་། ཚོང་དཔོན་གྱི་བུ་མོ་ལ་སོགས་པ་རྣམས ་ཀྱང་ཆོས་འཚོལ་བ་ལ་སོ་སོར་སྤྲོས་པ་དང་ལྡན་པས་སོ།། དགའ་བའི་སེམས་ཞེས་པ་ནི་དགའ་བ་དེས་སེམས་སྦྱངས་པའོ།། དེ་ལས་ཉིས་འགྱུར་དུ་དགའ་བར་འགྱུར་བའི་ཕྱིར་རབ་ཏུ་དགའ་བའི་སེམས་སོ།། སྦྱིན་པར་བྱ ་ཞེས་པ་ནི་ཆོས་ལ་མཆོད་པ་དོན་དུ་གཉེར་བས་བར་ཆད་དུ་ཡང་མ་བརྩིས་པའོ།། རྒྱུ་རྣམས་ཀྱི་ནི་གནོད་པའིའོ།། ཡོན་ཏན་གྱི་རིགས་ནི་མི་རྣམས་དང་ཐུན་མོང་གི་ཡོན་ཏན་ལ་ཁྱད་པར་ནི་མི་ལས་ཤིན་ཏུ་འདས་པའི་ཡོན་ཏོན ་ནོ།། བཟོད་པ་ནི་རང་གི་བྱ་བ་འདོད་པའི་ཕྱིར་ཡང་ངོ་།། ཡུལ་ཅན་ནི་དེ་ལ་མ་ཞེན་པའོ།། སྤྲོས་པ་ནི་སྤོང་བ་ཅན་དུའོ།། སྐད་ཅིག་དང་ཐང་ཅིག་ལ་ཉེ་བར་ལེན་པ་ནི་ཉན་པ་པོ་རྣམས་ཀྱི་དད་པའི་བྱེ་བྲགེ ་མ་ཞེས་པ་ནི་བླ་མའི་རྒྱུ་མཚན་ནོ།། རོལ་མོ་ན་རང་བཞིན་གྱི་རོལ་མོའི་བྱེ་བྲག་གོ། རུབ་ཏུ་མང་བ་ནི་བྱེ་བྲག་མང་པོའི་ཕྱིར་རོ།། རྙེད་པར་དཀའ་བ་ནི་དོན་དམ་པ་སྟེ་རྒྱ་ཆེན་པོའི་དོན་ནོ།། ཆིངས་མ་བདུན་གྱི་མདུད་པོ་བདེན ་ལ་རང་གི་མིང་གི་རྒྱུ་རྣ་མས་ཀྱིས་རྒྱས་བཏབ་པའོ།། ཐོགས་པས་ནི་སྙམ་པས་སོ་གསལ་ཞེས་པ་ནི་ཁྱད་པར་ལྷན་ཅིག་མཐོང་བའི་ཕྱིར་ཏེ། བྱེད་པ་ནི་ལྷན་ཅིག་དུ་མཐའ་ཞེས་པའི་དོན་ཏོ།། རྟག་པར་རབ་ཏུ ་བ་ཉེ་བར་མཚོན་པའི་ལེའུའོ།། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་འགྲེལ་པ་གནོད་ཀྱི་ཟླ་བའི་འོད་ཅེས་བྱ་བ་པིཛྫི་ཏ་ཆེན་པོ་འཇིགས་མེད་འབྲུང་གནས་སྦས་པས་མཛད་པ་ལུས་ལེའུ་སྭ་མཱ་དུ ་པའོ།། ། དེ་སྐད་ཅེས་སྨྲས་པ་དང་ཞེས་པོ་ལ་སོགས་པ་སྟེ། སྟོང་པ་ཉིད་ཀྱི་རྣམ་གྲངས་རྣམས་ནི་མཚན་གྱི་དབྱེ་བ་ཐ་དད་དེ། ནས་ཁའི་ཁམས་ནི་ན་མཁའ་དང་དེ་བཞིན་ཉིད་ཆོས་མཐུན་པ་ཉིད ་ཀྱིས་སོ།། འོ་ན་མཚན་ལ་སོགས་པས་རྣམ་པར་མཛེས་པའི་སྐུ་དེ་བཞིན་གཤེགས་པ་མ་ཡིན་ནམ་ཞེ་ན། གསུངས་པ་མ་ཡིན་ཞེ་ཏེ་དེ་བཞིན་ཉིད་ལ་ཤིན་ཏུ་རྣམ་པར་དག་པ་ནི་དེ་བཞིན་གཤེགས་པ་སྟེ། དེ་ནི་དེའི ་ངོ་བོ་ཉིད་ཀྱི་སྐུའོ།། དེ་བཞིན་དུ་དེ་བཞིན་ཉིད་ལ་སོགས་པ་དང་དེ་བཞིན་གཤེགས་པ་དག་དབྱེར་མེད་པར་གསུངས་ནས། ཤིན་ཏུ་དབྱེར་མེད་པར་བསྟན་པར་འདོད་ནས་གསུངས་པ་ནི། གང་ཡང་ཞེས་པ་ལ་སོགས ་པ་སྟེ། འདི་རྣམས་ཀྱི་དེ་བཞིན་ཉིད་ལ་སོགས་པ་རྣམས་དང་ཆོས་ཐམས་ཅད་དེ་ཕུང་པོ་དང་ཁམས་ལ་སོགས་པ་རྣམས་ཀྱི་གཅིག་ཅེས་པ་མདོར་བསྟན་པའོ།། ཡང་གཅིག་ཅེས་པ་ནི་རྒྱས་པར་བཤད་པའོ།། འདིར་ཉི་མ ་གུང་གི་དུས་ནི་དེའི་ཚེ་འོང་བའོ།། མངོན་པར་ཆགས་པ་ཞེས་པ་ནི་བྱེད་པ་པོ་སྟོང་པ་སྟེ་ཞེས་པ་ནི་དོན་གྱི་རྟོགས་པའི་ཁྱད་པར་གྱི་ཕྱིར་རོ།། ཆོས་ཀྱི་སྐུ་ཞེས་པ་ནི་ངོ་བོ་ཉིད་མེད་པའི་སྐུ་སྟེ་ཀུན་རྫོབ་ཏུ་ནི་གཟུགས་སྐུ་ལས ་འགྲི་བ་དང་འོང་བའི་ཐ་སྙད་མེད་པའོ།། གླང་པོའི་ཚོགས་ཞེས་པཾ་ལ་སོགས་པའི་ཚོགས་ནི་འདུས་པའོ།། ཡོངས་སུ་རྫོགས་པ་ནཱཾ་ཡང་དག་པའི་དོན་ནོ།། རྫུན་དུ་སླུ་བ་དང་ཆོས་མཐུན་པ་ནི་སླུ་བ་པོ་ཉིད་པས་སོ།། འང ་གསུངས་པ་ནི་ཡང་དག་མ་ཡིན་ཞེས་པ་སྟེ། དོན་ཡོད་པ་ནི་སྦྱིན་པར་བྱེད་པའི་འབྲས་བུ་ཚ་བའི་ཕྱིར་ཏེ།། ལུས་ཡོངས་སུ་གྲུབ་པ་ན་སྲིད་པའི་མཆོག་འཛིན་པོ་ཉིད་དོ།། གང་དུ་ཡང་འགྲོ་བ་མེད་པ་ནི་མྱ་ངན་ལས་འདས ་པའི་དུས་སུ་སྟེ། མྱ་ངན་ལས་འདས་པ་ན་འགྲོ་བ་ནི་གང་དུ་ཡང་ཡོད་པ་མ་ཡིན་པས་སོ།། སྔོན་གྱི་སྤྱོད་པ་ནི་སྔོན་གྱི་ལམ་གྱི་གནས་སྐབས་གྱི་སྦྱིན་པ་ལ་སོགས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་དགེ ་བཿཔའི་སྦྱོར་བའོ།། རྒྱུ་ནི་ཉེ་བར་ལེན་པའི་རྒྱུ་སྟེ་སྟེང་རྗེ་ཆེན་པོའི་སྦྱིན་ལམ་གྲི་ཚོགས་ཀྱྀ་ཤུགས་ཀྱི་བདག་ཉིད་དོ།། རྒྱུན་བློན་ལྷུན་ཅིག་བྱང་བའི་རྒྱུ་སྟེ། ངན་འདར་གདུལ་བར་བྱ་བའི་སྭརྦཱ། ་ཅན་གྱི་དགེ་བའི་རྩ་བ་དུ་མ་སྟེ། དེ་གིཉྩི་གཱའི་རྒྱུ་དང་རྐྱེན་གྱི་ཚོགས་ལ་ནི་དགུ་སྟེ། དེའི་རྒྱུས་པར་བཤད་པ་ནི་སྔོན་གྱི་ཕྲིན་ལས་རྣམ་པར་སྨིན་པས་ཞེས་པ་སྟེ། སྔོན་དུ་དགེ་བ་ལ་རྗེས་སུ་གནས་པ་བྱེད་པར་དུ་གྱུར་པར ་ཀྱི་མཐར་སོན་པས་ཡོངསུ་སྦྱར་བའི་ཕྱིར་རོ།། ཁ་ཅིག་དག་ནཱི་སྒྲའི་ཉེ་བར་ལེན་པར་ནི་སྒྲའི་རྡུལ་ཕྲ་རཔ་པེ་ཞེས་སོ།། རླུང་གི་རྡུལ་ཕྲ་རབ་ཅེས་པ་ནི་གཞན་དག་གིའོ།། པུ་བྱང་ནི་རྒྱུད་དགུ་ཡིས་བཀྲིས་པ་ཅན་ནོ་ཉེ་བའི་སྒྲ་ནི ་གཙོ་བོ་མ་ཡིན་པའི་རྒྱུ་ལའོ།། རྒྱུ་མེད་པ་མ་ཡིན་པ་ནི་སྒྲའིའོ།། དཀྲིག་པ་ནི་ཀུན་ཏུ་བ་སྤྱོད་པའོ།། སྲ་བཀང་བར་གྱུར་པ་ནི་གྲིབ་མ་ཡང་མེད་པའོ།། སླར་ཡང་ཐེ་ཚོམ་མི་འཇུག་ཞེས་པ་ནི་ཐེ་ཚོམ་སྤངས་པ ་ཉེ་བར་མཚོན་པ་ཉིད་ཀྱིས་མཐོང་བའི་ལམ་གྱིས་རབ་ཏུ་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་ནས་བདག་ཉིད་ཀྱིས་མཐོང་བའི་ལམ་རྡེགས་པར་གསལ་གར་བྱའོ།། མངོན་པར་བཀབ་ཅེས་པ་ནི་དེའི་མདུན་དུ ་ལུས་ཐམས་ཅད་ས་ལ་ཕབ་པའོ།། ཞུགས་པ་ནི་བསྐྱེད་པའོ།། གང་བདག་ནི་གང་དུ་བདག་རྗེསུ་བསླབ་པ་ནི་རྗེས་སུ་བྱེད་པའོ།། ལྷའི་ནི་ན་མཁའ་ལས་བྱུང་བའོ།། སེམས་གཞན་དུ་གྱུར་པ་ནི་སའི་ཚིག་ཅག་གིས ་ཁ་ཕྱིར་ཕྱོགས་པས་སོ།། འདི་སྙམ་དུ་ནི་སོ་སོར་བརྟག་པའོ།། གླགས་པ་ནཱི་གོ་སྐབས་སོ།། ལྷག་པར་གནས་པ་ནི་མི་བྱེད་པའོ།། ཡོངས་སུ་འཚལ་བ་ནི་རྩོལ་བའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི ་ཆོསོ་ཐམས་ཅད་མཉམ་པ་ཉིད་དེ། ཇི་ལྟར་ཆོས་ཐམས་ཅད་མཉམ་པ་ཉིད་ནི་དེ་ཡང་ཆོས་ཀྱི་དབྱིངས་ལ་དམིགས་པ་དེ་དང་། ཆོས་ཐམས་ཅད་མཉམ་པ་ཉིད་པས་སོ།། གང་དུ་ཆོས་རྣམས་ཐམས་ཅད་ནི་རང་གི ་མཚན་ཉིད་རྣམས་ཀྱིས་དབེན་པས་འདིར་དེ་ཡང་རང་གི་མཚན་ཉིད་དབེན་པསོ།། གང་ཆོས་རྣམས་ཐམས་ཅད་དབེན་པ་ལས་མི་གཡོ་བས་ཏེ་དེའི་ཡང་དབེན་པ་ལས་མི་ག་ཡོ་བའོ།། ཆོས་རྣམས་ཐམས་ཅད ་ཅུང་ཟད་རློམ་སེམས་མེད་པ་ནི་ངོ་བོ་ཉིད་མེད་པའི་ཕྱིར་ལ་དེའི་ཡང་རློམ་སེམས་མེད་པའོ།། དབེན་པ་དང་མི་གཡོ་བ་དེ་ལ་གང་གིས་ཀྱང་ཁེངས་པར་བྱེད་པ་མེད་དེ་། ཇི་ལྟར་ཞེ་ན་རང་བཞིན་གྱིས་དབེན་པ་ནི་བསྟན ་པ་སྟེ་དེས་དེ་ཡང་བསྟན་པ་ཉིད་དེ། དེ་བཞིན་ཉིད་དང་རོ་གཅིག་པའི་ཆོས་རྣམས་ཐམས་ཅད་ནི་རང་གི་མཚན་ཉིད་ཀྱིས་མེད་པའི་ཕྱིར་ཏེ། དེ་བཞིན་ཉིད་དུ་དེ་ཡང་།། མུ་ནི་སྟོན་གྱི་མཐའ་དང་ཕྱི་མའི་མཐའ་དག་ལ ་ཆོས་རྣམས་ཐམས་ཅད་ལ་དེ་མེད་པ་སྟེ། འདས་པ་དང་མ་འོངས་པ་དག་མེད་པའི་ཕྱིར་ཏེ་དེའི་ཕྱིར་མུ་མེད་པ་ཉིད་དོ།། དེ་བཞིན་དུ་དེ་ཡང་།། དོན་དམ་པར་ཆོས་ཐམས་ཅད་ལ་ངོ་བོ་ཉིད་མེད་པས་དེའི་ཕྱིར་སྐྱེ་བར ་འགྱུར་བ་མེད་པའི་སྒྱུ་མའི་སྐྱེས་བུ་བཞིན་ཏེ་དེའི་ཕྱིར་སྐྱེ་བ་མེད་པ་སྟེ། དེ་བཞིན་དུ་དེ་ཡང་ངོ་།། འགུག་པ་མེད་པ་ནི་དེ་མེད་པའི་ཕྱིར་ལ། དེ་བཞིན་དུ་དེ་ཡང་ངོ་།། ན་མཁའ་མུ་མེད་པ་ནི་ཕྱོགས་བཅུ ་དུས་གསུམ་རྣམས་སུའོ།། དེ་ལྟར་དེ་ཡིས་ཕྱོག་ས་བཅུ་དུས་གསུམ་པའི་ཆོས་རྣམས་སྟོང་པ་ཉིད་དུ་གསལ་བར་བྱེད་པའི་ཕྱིརརོ།། ཕྱོགས་པཅུའི་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་རྣམས་ནི་མུ་མེད་པའི་རྒྱ་མོ་ཚེ་རྣམས ་ཀྱིས་གང་ཞིག་དེ་བཞིན་ཉིད་དང་གང་ཡང་ཆོས་རྣམས་ཐམས་ཅད་ཀྱི་དང་། གང་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྣ་ཚོགས་པོ་ཉིད་དེ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་དམིགས་པའི་ཕྱིར་རོ།། ཇི་ལྟར་ན་མཁའ་ཅུང་ཟད་རྣམ ་པར་མི་རྟོག་སྟེ་ཅི་ཡང་མེད་པའི་ཕྱིར་རོ།། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་ངོ་བོ་ཉིད་མེད་པའི་ཕྱིར་དོང་རྣམ་པར་རྟོག་པའི་ཕ་རོལ་ཏུ་སོན་པའི་ཕྱིར་རོ།། ནམ་མཁའ་བཞིན་དུ་གཟུགས་ཀྱི་ཕུང་པོ་མུ་མེད་པ་ཉིད་དེ། གང ་ལྔ་གཞན་དུ་གཟུགས་མེད་པ་དེ་ལོ་མུན་པ་འམ་སྣང་བ་མེད་པ་སྟེ། དེ་བཞིན་དུ་དེའི་དེ་བཞིན་ཉིད་སྣང་བར་བྱེང་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མུ་མེད་པ་ཉིད་དོ།། ཇི་ལྟར་རྒྱ་མཚོ་མུ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་མུ་མེད་པ་ཉིད་དུ་རྣམ་པར་ཤེས་པ་དེ་ལྟར་སེམས་ཅན་མཐའ་ཡས་པ་རྣམས་ཀྱི་ཚོར་བ་དང་འདུ་ཤིས་དང་འདུ་བྱེད་དང་རྣམ་པར་ཤེས་པ་དང་། སའི་ཁམས་དང་ཆུ་དང་མོ་དང་རླུང་དང་ན་མཁའ་དང་རྣམ་པར་ཤེས་པའི ་ཁམས་མུ་མེད་པ་ཡང་བཤད་པར་བྱའོ།། རྣམ་པར་ཤེས་པའི་ཕུང་པོ་མུ་མེད་པ་ཉིད་དང་རྣམ་པར་ཤེས་པའི་ཁམས་མུ་མེད་པ་དག་གི་ཁྱད་པར་གང་ཞེ་ན། ཕུང་པོ་དང་ཁམས་ཀྱི་སྒྲ་དག་གིས་སྦྱོར་བ་བྱས་པའོ།། སེམས ་འཛིན་པས་ཆོས་ཏེ་ཏིང་ངེ་འཛིན་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏེ། དེ་ལ་ནི་གང་ཆོས་རྣམས་ཐམས་ཅད་མཉམ་པ་ཉིད་དོ། དེ་བཞིན་དུ་དེ་ལྀ་ཆོས་རྣམས་ཐམས་ཅད་མཉམ་པ་ཉིད་པསོ།། ཆོས་ཐམས་ཅད་ཀུན་ཏུ་ཐུ་མི་དང ་པ་དབྱེ་བས་ཐ་མི་དད་པ་ནི་འབྱེད་པ་པོ་རྣམས་ཀྱི་རང་གི་མཚན་ཉིད་རྣམས་མེད་པའི་ཕྱིར་ཏེ། དེ་བཞིན་དུ་དེ་ཡང་ཐ་དད་པ་མེད་པའོ།། ཆོས་ཐམས་ཅད་ཅུང་ཟད་ཀྱང་དམིགས་སུ་མེད་དེ།། གཟུགས་ཀྱི་ཕུང་པོ་བམ་པོའི་ཕྱིར་དང་།། ་ལྷགཽ་མཱ་རྣམས་ཀྱང་བདག་ཉིད་དང་གཞན་དུ་འཛིན་པ་ཉིད་དུ་སྦྱོར་བ་མེད་པའི་ཕྱི་རོ་དང་། དམིགས་པ་ཡང་མེད་པ་སྟེ། འཛིན་པ་པོ་མེད་པའི་ཕྱིར་རོ།། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དམིགས་པ་མེད་པ ་སྟེ། དམིགས་པར་མ་གྱུར་པའི་ཕྱིར་དང་། དེ་ལས་ངོ་བོ་ཉིད་མེད་པའི་ཕྱིར་དེ་རྣམས་ཀྱིས་དེ་ལ་ཡང་ཉེ་བར་དམིགས་པ་མེད་པ་ཉིད་དེ། ཀུན་རྫོབ་ཏུ་མ་བརྟགས་ན་ཉམས་དགའ་བའི་གཟུང་པོ་དང་འཛིན་པ་ནི་ཐ་དད་དུའོ།། ་རྣམ་པར་མི་འཇིགས་པ་ནི་གཞན་ལ་ཚིག་རྣམས་ཀྱིས་སྟོན་པས་ཏེ། དོན་དེ་རྣམས་ཀྱིས་དེའི་ཕྱིར་མི་འཇིགས་པ་སྟེ། དེ་རྣམས་མཉམ་པ་ཉིད་པས།། དེ་བཞིན་དུ་གང་ཞིག་གི་དམིགས་པས་ཐམས་ཅད་ཀྱིས་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་དེའོ།། འདོད་པ་ནི་བྱ་བ་སྟེ་ཆོས་རྣམས་ཐམས་ཅད་ལ་ཇི་ལྟར་གང་ཡང་གང་དུ་ཡང་སྐྱེ་བར་མི་འགྱུར་ལ། ཀུན་རྫོབ་ཏུ་འདིའི་རྐྱེན་ཉིད་ཙམ་གྱིས་འདི་ལས་འདི་འབྱུང་བ་འདི་མེད་ན ་འདི་མི་འབྱུང་བ་འདི་མེད་ན་རོ་ཞོག་པའི་རྒྱུ་དང་འབྲས་བུའི་དངོས་པོ་ལ། དོན་དམ་པ་ལ་ནི་འདི་མི་འདོད་དེ། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་པོ། ཆོས་ཐམས་ཅད་སྤྲོས་པ་མེད་པའི་ཕྱིར་དང་བསམ་གྱིས་མི ་ཁྱབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་བསམ་གྱིས་མི་ཁྱབ་པའོ།། རིག་པར་བྱ་ཞེས་པ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་ལ་སོགས་པའི་ཚིག་རྣམས་དང་འབྲེལ་ཏེ། མཐར་གསལ་བར་བྱེད་པའི་ཕྱིར་རོ།། དེ་ན ་ཞེས་པ་ལ་སོགས་པ་སྟེ། གང་གི་རིམ་པའི་གང་ཞིག་རྣམ་པ་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་དེས་དེ་ལྟར་ཏིང་ངེ་འཛིན་སུམ་ཅུ་སྐྱེས་པ་སྟེ། དེ་ལ་ཆོས་ཐམས་ཅད་མཉམ་པ་ཉིད་ལ་སོགས་པའི་རྣམ་པ ་ཕྱིར་ཏིང་ངེ་འཛིན་ཡང་དེ་ལྟར་བཤད་དོ།། ཇི་ལྟར་འདི་རྣམས་ཀྱི་རྣམ་པ་ནི་བྱེ་བྲག་འདི་རྣམས་ཀྱི་དངོས་པོ་ཤེས་པའི་ཕྱིར་ན་ཇི་སྐད་དུ་བཤད་པའི་གཞི་ཤེས་པའི་ཞེས་པ་ལ་སོགས་པ་དེ་ཇི་ལྟར་ན་དམིགས་པའི་ནི་དེ ་ཉིད་ཀྱི་གཞི་དང་ལྡན་པས་སོ།། ཡང་ན་ཆོས་ཐམས་ཅད་མཉམ་པ་ཉིད་ལ་སོགས་པ་ཉིད་ལ་དམིགས་པ་ལ་དེ་ལ་དམིགས་པའི་ཕྱིར་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བརྗོད་དོ།། དངོས་པོ་ལ་གནས་ནས་རྣམ་པ་ཇི་ལྟ་བའི ་མཚན་མ་མེད་པ་ལ་སོགས་པ་བརྒྱ་སྟོང་འབུམ་ཕྲག་གིས་དང་པོ་རྟོགས་ལ། ཏིང་ངེ་འཛིན་བརྒྱ་སྟོང་ཐོབ་ཅེས་བྱའི་ས་བཅུའི་ཚིག་ནི་འདི་རྣམས་ཀྱིས་ཉེ་བར་མཚོན་པ་སྟེ། ཅུང་ཞིག་ངེས་པར་བརྒྱ་ཐོབ་པ་ཉིད་ལ་མ་ངེས་པ་ནི། ་བརྒྱ་ལས་མང་བར་གཞན་ཡང་རྨི་ལམ་གྱི་གནས་སྐྱབས་བཞིན་དུ་དུས་རེ་ཞིག་ཏུ་ཏིང་ངེ་འཛིན་སོ་སོར་སྣང་པོ་ཞེས་པ་ནི་གཞན་དག་གིའོ།། ཆོས་འཕགས་ཀྱིས་མཚོན་པའི་ལེའུ་སྟེ་སུམ་ཅུ་རྩ་གཅིག་པའོ།། ། ་དེ་ཐོབ་མ་ཐག་ཏུ་ཞེས་པ་ལ་སོགས་པ་སྟེ། ཚུལ་ནི་མངོན་པར་རྟོགས་པ་བརྒྱད་དོ།། མཽང་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའོ།། རྣམ་གྲངས་འདིས་ཀྱང་ཞེས་པ་ནི་རྟག་པར་རག་ཏུ་ངུ་བའི་བྱུང་ཚུལ་འདིས་ཀྱང ་ངོདོ་དེ་ལྟ་བས་ན་ཞེས་པ་ལ་སོགས་པ་དང་། རྗེས་བསྟན་པའི་སྒྲའི་བར་གྱིས་ནི་ཡོངསུ་གཏང་པ་དང་པོའོ།། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་ཞེས་པ་ནི་ངེས་པར་དུ་གཅོད་པ་བཟློག་པའི་ཕྱིར་དང་། རྗེ་སུ་བསྟན་པ ་ནི་ཡོངསུ་གཏད་པ་སྟེ། ཇི་ལྟར་འདི་ཉན་པ་ལ་སོགས་པ་རྒྱུན་མི་འཆད་པར་འགྱུར་བ་དེ་ལྟར་ཁྱོད་ཀྱིས་ཞེས་པའི་དོན་ཏོ།། འདི་ལ་གསུངས་པ་ནི་འདི་ཞེས་བྱ་བ་ལ་སོགས་པ་སྟེ། ད་ཅིའི་ཕྱིར་ཞེས་པ་ལ་སོགས་པ་ནི་ཡོངས ་སུ་གཏད་པ་གཉིས་པའོ།། གླེང་བསླང་བའོ།། འདི་ལས་ནི་ཀུན་ཏུ་བསྟོད་པའོ།། སྐུ་འདི་ལ་ནི་གླེང་བསླང་བ་གཅིག་ལ་ཡོངས་སུ་གཏད་པ་གཉིས་པའོ།། གོང་རུ་གསུངས་པའི་ལན་གཉིས་ལན་གསུམ་དུ་ཡང་ཞེས་པ ་ནི་ཡོངསུ་གཏད་དོ་ནི་གཏོད་པར་བྱེད་པའོ།། རྗེས་སུ་གཏང་དོ་ནི་རྗེས་སུ་མཐུན་པས་གཏད་བའོ།། སྐྱེས་བུ་ཐ་མ་ཞེས་པ་ནི་མགུས་པའོ།། ཅིའི་ཕྱིར་འདི་བདག་གིས་དངོས་པོ་བཞིན་དུ་གུས་པར་བྱ་ཞེས ་གསུངས་པ་ནི། ཇི་སྲིད་དུ་ཞེས་པ་ལ་སོགས་པ་སྟེ། དེ་བཞིན་གཤེགས་པ་བཞུགས་ཞེས་པ་ནི་གང་དུ་བཅོམ་ལྡན་འདས་མོ་འདི་ཉིད་དེ་བཞིན་གཤེགས་པའི་རྒྱུ་དང་འབྲས་བུའི་གནས་སྐབས་དག་གི་མུ་མེད་པའི་ཡོན་ཏན ་མས་དང་ངོ་བོ་ཉིད་ཀྱིས་ཡང་རྒྱུ་ཡིན་པས་ན་འདིར་མཆོག། ཏུ་གུས་པར་བྱ་བར་རིགས་ཞེས་པ་ལ་དགོངས་པ་དེའི་རྒྱུ་དང་འབྲས་བུའི་གནས་སྐབས་དག་གི་ཡོན་ཏན་གྱི་ཆེ་བ་མདོ་སྡེ་མཐའ་ཡས་ལ་མང་པོ་བསྟན་པ་དེའི་ཞང ་ཙམ་པརྗོད་པ་ནི་བཅོམ་ལྡན་འདས་མ་ལ་ཤིན་ཏུ་ཡང་དང་པོའི་ཁྱད་པར་བསྐྱེད་པའི་ཕྱིར་ཏེ། དེ་ལྟར་ཡང་འཕག་ས་པ་དཀོན་མཆོག་བརྩེགས་པ་ལས་ཚོགས་ཀྱི་ས་ལ་དང་པོ་དང་འདུན་པའི་སེམས་བསྐྱེད་པའི་བྱང་ཆུབ ་སེམས་དཔའི་ཡེ་ཤེས་ཀུན་ཏུ་བསྐྱེད་པར་བྱེད་པ་ཐམས་ཅད་རྣམ་པར་རྟོགས་པ་མེད་པས་ཡང་དག་པར་བསྐྱེད་ཅིང་མཉམ་པའི་སེམས་ཀྱིས་སེམས་ཅན་རྣམས་ཐམས་ཅད་ཀྱང་དེའི་ཡེ་ཤེས་ལ་རབ་ཏུ་སྦྱོར་བར་བྱེད ་ངས་བྱང་ཆུབ་སེམས་དཔའ་དེ་ལ་ཡང་སྔོན་དུ་སངས་རྒྱས་མཐོང་ལྷ་སྟོབས་དང་ལྡན་པར་གྱུར་པས་སྤྲོ་བ་སྐྱེད་པར་བྱེད་ཀྱི། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་བྱེད་པའི་དགྲ་བཅོམ་པ་རྣམས་ལ་ནི་མ་ཡིན་ཏེ། རྡོ་རྗེ ་སངས་རྒྱས་ཀྱི་གདུང་རྒྱུད་མི་གཅད་པར་གནས་པར་འགྱུར་རོ་ཞེས་གསུངས་པ་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང་། རྣམ་པར་ཐར་པ་གཉིས་པའི་སེམས་བསྐྱེད་པ་དང་པོའི་བྱང་ཆུབ་སེམས་དཔའི་སེམས ་བསྐྱེད་པའི་ཕན་ཡོན་གསུངས་པ་ནི་སེམས་བསྐྱེད་པ་དང་བཅས་པས་སེམས་ཅ་ན་ཐམས་ཅད་ཀྱི་སྦྱིན་གནས་སུ་འགྱུར་ཞིང་བླ་མར་གྱུར་པའི་བསོད་ནམས་ཀྱི་ཞིང་ཕ་དོང་འདྲ་བ་སྟེ། བསོད་ནམས་རབ་ཏུ་བསྐྱེད་པ ་རྣམས་ཀྱང་གེགས་མེད་པར་ཡོངསུ་འཛིན་ཅིང་གང་གིས་བསྲུངས་ཤིང་དེ་ལ་མ་ཞེན་པས་གཉིད་ལོག་པ་དོད་བག་མེད་པ་ན་ཡང་སྡིག་སྦྲུལ་དདུ་གནོད་སྦྱིན་དྲང་མི་མ་ཡིན་པ་དེར་གནས་པ་རྣམས་ཀྱིས་ཐོ་འཚམ་པར་མི ་ནུསོ།། ཡོངས་སུ་འཇུ་ག་པའི་སྐྱེ་བོ་དེ་ལ་བསོད་ནམས་ཀྱིས་ནད་ཉུང་བར་འགྱུར་རོ།། སྐྱེ་བར་གནོད་པ་མེད་པར་འགྱུར་རོ།། འདིའི་དྲན་པ་བརྗེད་ངས་པོར་མི་འགྱུར་རོ།། སེམས་ཉམས་པར་མི་འགྱུར་རོ།། གཞན ་གྱི་ལག་ཏུ་འོངས་ཀྱང་མི་འགྲུབ་པོའི་སེམས་ཅན་རྣམས་ཀྱི་ཡམས་དང་ཉེ་བར་འཚེ་དང་ལོ་ཏོག་མ་རུངས་པའི་སྔགས་ཀྱི་ཚིག་དང་རིག་པའི་ཚིག་རྣམས་དེའི་ལག་ཏུ་སོང་བས་གྲུབ་པར་འགྱུར་ན། གྲུབ་པ་རྣམས་ལ ་ཅི་སྨོས་ལ། གང་དུ་སངས་རྒྱས་ཀྱི་ཞིང་དུ་གནས་པ་དེར་འཇིག་པ་དང་བག་ཚ་བ་དང་མུ་གེའི་སྐྱོན་དང་མི་མ་ཡིན་པས་བྱས་པའི་ཉེ་བར་འཚེ་བ་རྣམས་མི་འབྱུང་ཞིང་བྱུང་བ་ན་ཡང་ཞི་བར་འགྱུར་རོ།། གལ་ཏེ་བརྒྱ་ལམ་ནི ་དམྱལ་བ་དང་ངན་འགྲོའི་ས་རྣམས་སུ་སྐྱེ་བ་ན་ཡང་དེར་ཡང་དེ་ཙམ་གྱིས་ཤིན་ཏུ་མྱུར་བར་གྱུར་པས་གྲོལ་བར་འགྱུར་རོ།། དམྱལ་བ་རྣམསུ་སྡུག་བསྔལ་གྱི་ཚོར་བ་ཆུང་བར་གྱུར་པ་དང་། ཤིན་ཏུ་མྱུར་བར་ཡིད ་འབྱུང་བ་སྐྱེ་བར་འགྱུར་ཞིང་སེམས་ཅན་དེ་རྣམས་ལ་སྙིང་རྗེ་ཆེན་པོའི་སེམས་སྐྱེ་བར་འགྱུརརོ་ཞེས་གསུངས་སོ།། ཡུམ་ཆེན་མོར་ཡང་མོས་པས་བྱང་ཆུབ་སེམས་དཔའི་སྙིང་རྗེས་ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་གང་གཱའི་ཀླུང་གི ་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་ཁམས་ཇི་སྙེད་ཀྱི་དམྱལ་བ་དུད་འགྲོ་དང་ཡི་དྭགས་ལ་སོགས་པའི་སེམས་ཅན་རྣམས་རང་གི་ལུས་ཀྱི་འོད་ཀྱིས་ཀུན་ཏུ་སྣང་བར་བྱས་ནས་སྡུག་བསྔལ་ཐམས་ཅད་ཞི་བར་བྱས་ནས་ཀྱང ་སངས་རྒྱས་དང་བཅས་པའི་ལྷ་དང་མི་རྣམསུ་སྐྱེ་བར་བྱེད་དེ་སངས་རྒྱས་ལ་སོགས་པ་ཡིད་ལ་བྱེད་པ་ཉན་དུ་བཅུག་ནས་དེ་ཡིད་བྱེད་པས་དེ་རྣམས་ངན་འགྲོ་རྣམས་ལས་བྱུང་ནས་ཡིད་དག་པར་རྫོགས་པའི་སངས་རྒྱས་མཉེས ་པར་བྱེད་པ་དང་རྗེསུ་མཐུན་པར་སྦྱོར་བ་ཡོངས་སུ་བཟུང་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགསོ་པ་རྣམས་ཀྱི་དེ་རྒྱུན་མི་འཆད་པར་ལྷག་པར་འཕེལ་བར་འགྱུར་ཞིང་རབ་ཏུ་དགའ་བའི་ས་བྱང་ཆུབ་སེམས་དཔའ་གནོན་པར ་གྱུར་ནས་བྱིས་པའི་སྐྱེ་བ་ཐམས་ཅད་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདས་པར་འགྱུར་ཞིང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་སྐྱེ་བར་འགྱུར་ནས། དེ་བཞིན་གཤེགས་པོའི་རིགས་མི་གཅོད་ཀྱི་མཐོང་བའི ་ལམ་ལའོ་ཞེས་གསུང་སོ།། ས་བཅུ་པ་ལས་ཀྱང་། སྐད་ཅིག་མ་གཅིག་གིས་ཏིང་ངེ་འཛིན་བརྒྱ་ཐོབ་ཅིང་སྙོམས་པར་འཇུག་པ་དང་། སངས་རྒྱས་བརྒྱ་མཐོང་བ་དང་དེ་རྣམས་ཀྱིས་བྱིན་གྱིས་བརླབས་ཡང་དག་པར་ཤེས ་ལ་འཇིག་རྟེན་གྱི་ཁམས་བརྒྱ་གཡོ་བ་དང་ཀུན་ཏུ་སྣང་བར་བྱེད་པ་དང་སངས་རྒྱས་ཀྱི་ཞིང་བརྒྱར་འགྲོ་ཞིང་སེམས་ཅན་བརྒྱ་སྨིན་པར་བྱེད་པ་དང་། བསྐལ་པ་བརྒྱར་གནས་ཤིང་སྔོན་གྱི་མཐའ་དང་ཕྱི་མུའི་མཐའ ་ལ་རབ་ཏུ་འཇུག་ཅིང་ཆོས་ཞལ་བརྒྱ་ཡིས་རབ་ཏུ་རྣམ་པར་འབྱེད་པར་བྱེད་པ་དང་། ལུས་བརྒྱར་སྟོན་པར་བྱེད་དོ།། ལུས་རེ་རེ་ལ་བྱང་ཆུབ་སེམས་དཔའ་བརྒྱའི་འཁོར་ཀུན་ཏུ་སྟོན་པར་བྱེད་ཅེས་གསུངས་ཏེ། སྔོན་གྱི་མཐཱ ་དང་ཕྱི་མའི་མཐའ་དག་ལ་འཇུག་པོར་འགྱུར་བ་ནི་སེམས་ཙོན་རྣམས་སྡིག་པ་ལས་བཟློག་པིའི་བདག་པོར་བྱས་ནས་ལུས་ཀྱི་འགྲོ་བ་ཉེ་བར་སྟོན་པའོ།། རབ་ཏུ་རྣམ་པར་འབྱེད་པ་ནི་རང་གི་བློ་ཡོངས་སུ་སྨིན་པོའི་དོན་དུ།། ་ཆོས་ཀྱི་རྣམ་གྲངས་རྣམས་ཀྱི་དོན་སེམས་པར་བྱེད་ཅེས་པའོ།། ཐམས་ཅད་དུ་བརྒྱ་བཟུང་བ་ནི་ངེས་པར་འགྱུར་བ་ཉིད་ཀྱིསོ།། ཐབས་ལ་མཁས་པ་ཡིས་ནི་གྲངས་མེད་དེ། གྲངས་མེད་པའི་སངས་རྒྱས་མཐོང་བ་ནི ་ཚོགས་ཀྱི་ས་ནས་ཀྱང་ངོ་།། འདི་རྣམས་ཀྱི་ཡང་གྲངས་ངེས་པ་དང་མ་ངེས་པ་དག་ནི་སྔོན་གྱི་སའི་ཡོན་ཏན་རྣམས་བཞིན་འདིས་ཕྱི་མ་རྣམས་ལ་རྗེས་སུ་ཞུགས་ནས་རབ་ཏུ་གྱུར་པ་ཡང་ཐོག་མའི་དབྱེ་བས ་ཤེས་པར་བྱའོ།། དེ་ཉིད་ཀྱི་དཔག་ཏུ་མེད་པའི་ཡོན་ཏན་གྱི་རྟེན་དུ་གྱུར་པའི་བྱང་ཆུབ་སེམས་དཔའ་ཉིད་ཡང་འཛམ་བུའི་གླིང་གི་དབང་ཕྱུག་ཏུ་འགྱུར་རོ།། དབང་ཕྱུག་ཆེན་པོའི་བདག་པོ་ཐོབ ་པ་དང་ཆོས་རྗེས་སུ་བསྲུང་བའི་ཕྱིར་ཕུང་པོ་ཡོངསུ་གཏོང་ཡང་ཟིད་པར་མི་འགྱུར་ཏེ། ངོས་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་མི་ཆགས་པ་དང་དགའ་བས་འདོད་པ་ལ་ལོངས་སྤྱོད་པ་ཡང་རྣམ་པ་མང་པོ་སྟོན་པར་བྱེད་ཅིང ་དེ་ལ་ཡང་ཆགས་པ་མེད་དོ།། འཇིག་རྟེན་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་ཉེ་བར་འཚོ་བ་ཀུན་ཏུ་འཛིན་ཅིང་དེ་ལ་ཆགས་པར་འགྱུར་བ་ནི་མ་ཡིན་ཏེ། སྒྱུ་མེ་ལྟ་བུར་ཆོས་ཐམས་ཅད་བསྒྲིམས་པས་ང་སེམས་ཅན་གདུ ་བར་བྱ་བ་ཉེ་བར་གཟུང་བའི་ཕྱིར་ཉོན་མོངས་པ་ལ་དབང་དུ་གྱུར་པ་ཐོབ་ནས། བསུམ་པའི་ཁྱད་པར་སྒྱུ་མའི་སྐྱེས་བུ་ལྟ་བུས་འདོད་པ་ལས་རྒྱལ་བའི་སྲས་རྣམས་ཡོངས་སུ་ལོངས་སྤྱོད་ཀྱི་སྡུག་པས་ནི་མ་ཡིན་ནོ།། ཡང་ན་མི ་འདོད་པས་ནི་འདིར་ཁྱིམ་དུང་ཆུང་མ་ལ་སོགས་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་སྤངས་ནས། དེ་བཞིན་གཤེགས་པའི་བསྟན་པ་ལོ་རབ་ཏུ་འབྱུང་བར་འགྱུར་ལ། ཇི་ལྟར་ཡང་འདི་ཉིད་རབ་ཏུ་བྱུང་ནས་དེ་ལྟར་གོང་མའི ་ཡང་རང་གི་ས་རྣམས་ལ་སྟེ། དེ་བཞིན་དུ་ས་འདིའི་ཡོན་ཏན་རྣམས་དང་ས་སྔ་མའི་ཡོན་ཏན་གྱིས་སྤྲིན་ལ་སོགས་པའི་མངོན་པར་ཤེས་པ་འདིར་གསལ་བར་བྱས་ནས་རིང་དུ་ཡང་འགྲོ་བར་བྱེད་པའོ།། དེའི་ཡང་གོང་ནས་གོང ་གི་སའི་ཡོན་ཏན་ནི་མུ་མེད་པ་རྣམས་ཏེ། དེ་ལྟ་ན་ཡང་དེའི་ཡོན་ཏན་གྱི་ཞད་ཙམ་བརྗོད་པར་བྱ་སྟེ། ཇི་སྐད་དུ་འཕགས་པས་བཅུ་པ་ལས། དྲི་མ་མེད་པའི་ས་པའི་བྱང་ཆུབ་སེམས་དཔའ་ཡང་དེ་ཉིད་རིན་པོ་ཆེ་སྣ་བདུན་དང་ལྡན ་པའི་གླིང་བཞི་ལ་དབང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་ཏེ། ཏིང་ངེ་འཛིན་ལ་སོགས་པ་ནི་འདིའི་སྔར་བཤད་པའི་བརྒྱའི་གནས་སུ་སྟོང་ཕྲག་བྱ་ཤད་པོའི་ཡོན་ཏན་རྣམས་སོ།། འོད་བྱེད་པ་ལ་ལེགས་བར་སོ་སོར ་རྟགས་པའི་ཡེ་ཤེས་ཀྱིས་ཡང་ནས་ཡང་དུ་དམ་པའི་ཆོས་ཚུལ་བ་ལ་མངོན་པར་བརྩོན་པས་གནས་ཤིང་ཉིད་མཚན་དུ་ཆོས་ཉན་པ་དོན་དུ་གཉེར་ཞིང་ཆོས་སྨྲ་བ་པོ་ལ་དགའ་བར་བྱེད་པའི་འདུ་བྱེད་པའི་འདུ་ཤེས་ཅན་དུ ་འགྱུར་ཞིང་དེ་ཡིས་ཕྱི་དང་ནང་གི་དངོས་པོ་གང་སྦྱིན་པར་མི་བྱེད་པ་ཅུང་ཟད་ཀྱང་མེད་ལ། བླ་མའི་སྤྱོད་པས་ཉེ་བར་གནས་པ་གང་སྦྱིན་པར་བྱེད་ཅིང་། དེས་གང་ཡང་ལུས་ལ་གནོད་པ་ན་ཡང་སྦྱིན་པ་མི་བྱེད་པ་མེད་ལ། རྟག་ཏུ ་སྦྱིན་པའི་རྒྱུས་ཆོས་ལ་གུས་པ་རབ་ཏུ་སོན་པས་དོ་ཡིས་ནོར་དོང་རྒྱལ་སྲིད་དང་། མཐོ་རིས་སུ་སྐྱེ་བ་དོང་འཇིག་རྟེན་པའི་རྣམ་པར་དགོ་པ་དང་། བདག་གི་དངོས་པོས་ཀྱང་ཆོས་ལ་བླ་མར་བྱེད་དོ།། དེ་ཡང་ཆོས་ཀྱིས་དགའ ་བར་བྱེད་པར་འགྱུར་གྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་ཚངས་པ་དང་བརྒྱ་བྱིན་གྱིས་ནི་མ་ཡིན་ནོ།། ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འཇོག་པའི་ཆོས་ཀྱི་ཚིག་གཅིག་ལོ་ཡང་དེའི་དོན་དུ་སྟོང་གསུམ་གྱི ་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཚངས་པའི་འཇིག་རྟེན་གྱི་བར་དུ་རེ་ཞིག་མེ་ཡིས་ཡོངས་སུ་གང་བ་ལ་བདག་ཉིད་མཆོད་པ་ལ་ཡང་སྤྲོ་བར་བྱེད་ལ། དེ་ཉིད་ཡང་སུམ་ཅུ་རྩ་གསུམ་པའི་དབང ་གྱུར་ནས་དགེ་བས་སེམས་ཅན་འདོད་པའི་འདམ་ལས་འབྱིན་པར་འདོད་པ་སྟེ་འདིའི་ཡོན་ཏནོ།། ཏིང་འཛིན་ལ་སོགས་པའི་ཡོན་ཏན་ནི་བརྒྱའི་གནས་སུ་སྟོང་ཕྲག་བཤད་པའི་ཡོན་ཏན་རྣམས་སོ།། འོད་འཕྲོ་བ་ལ་ཡང་དེ ་ཉིད་རབ་འཚ་མའི་ལྷའི་རྒྱལ་པོར་གྱུར་ནས་ཁྱབ་བདག་བྱས་ནས་སེམས་ཅན་རྣམས་ཀྱི་འཇིག་ཚེགས་ལ་ལྟར་བ་ཡང་དག་པར་བཅོམ་པ་ལ་མཁས་པས་སེམས་ཅན་རྣམས་ཡང་དག་པའི་ལྟ་བ་ལ་རབ་ཏུ་འགོད་པའི ་ཕྱིར་ཏེ། ཏིང་ངེ་འཛིན་ལ་སོགས་པ་འདིའི་ཡོན་ཏན་ནི་རྒྱར་བཤད་དོ།། སྦྱང་དཀའ་བ་ལ་ནི་བརྒྱའི་གནསུ་བྱེ་བྲག་སྟོང་གིས་བཤད་པའི་ཏིང་ངེ་འཛིན་ལ་སོགས་པའི་ཡོན་ཏན་རྣམས་ཏེ་ཡང་དེ་དགའ་ལྡན་ལྷའི་རྒྱལ་པོར་གྱུར ་ནོས་མངའ་བདག་བྱས་ནས་སེམས་ཅན་ཐམས་ཅད་མུ་སྟེགས་ཀྱི་སྐྱེ་མཆོད་ཐམས་ཅད་བཟློག་པ་ལ་མཁས་པས་སེམས་ཅན་རྣམས་བདེན་པ་རྣམས་ལ་རབ་ཏུ་དགོད་པར་འདོད་པས་སོ།། མངོན་དུ་གྱུར་པ་ལ་ནི་བརྒྱའི་གན་སུ ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་བཤད་པའི་ཡོན་ཏན་རྣམས་ཏེ་ཡང་དེ་ཉིད་ལས་འཕྲུལ་དགའི་ལྷའི་རྒྱལ་པོ་བྱས་ནས་སེམས་ཅན་རྣམས་ཀྱི་མངོན་པར་ང་རྒྱལ་བ་སོ་སོར་སྦྱང་བ་ལ་མཁས་པས་སེམས་ཅན་རྣམས་རྟེན་ཅིང ་འབྲེལ་པར་འབྱུང་བ་ལ་གཞུག་པར་འདོད་པས་སོ།། རིང་དུ་སོང་བ་ལ་སེམས་ཅན་ལ་ཕན་པའི་དོན་དུ་བསམ་གཏན་དང་རྣམ་པར་ཐར་པའི་ཏིང་ངེ་འཛིན་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་ནས་མངོན་པར་ཤེས ་པ་དྲུག་གིས་ཀྱང་སྟེ། དེ་ལྟར་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་མེད་པ་རྣམས་ཀྱི་སེམས་ཅན་རྣམས་ཀྱི་དོན་སྐད་ཅིག་མ་གཅིག་ལ་འགྲོ་བ་དྲུག་གི་སེམས་ཅན་གྱི་གཟུགས་རྣམ་པ་སྣ་ཚོགས་སྤྲུལ་པ་རྣམས ་ཀྱིས་ཡང་དག་པར་སྒྲུབ་པར་བྱེད་དེ། ལྷ་ལ་སོགས་པ་དང་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་འཁོར་གྱིས་ཇི་སྲིད་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་མེད་པ་རྣམས་སུ་སྤྲུལ་པས་གོ་བར་བྱེད་ལ། དེའི་ཡང ་དབྱངས་རྣན་ཀྱིས་རྣམ་པ་དུ་མོའི་ཆོས་སྟོན་པར་མཛད་པ་འམ། གཞན་དག་སྤྲུལ་པར་མཛད་པ་འམ། ན་མཁའ་ལས་ཀྱང་ཆོས་སྟོན་པའི་སྒྲ་འབྱུང་ལ་ཡུལ་རྣམས་དང་སྟོན་མོ་དང་བཟའ་བ་དང་བཏུང་བ་དངོ་གོས་དང་རིན ་པོ་ཆེ་ལ་སོགས་པ་རྣམ་པ་སྣ་ཚོགས་པ་སེམས་ཅན་གྱི་དོན་དུ་སྤྲུལ་པ་དང་། དུད་འགྲོའི་སྐྱེ་གནས་སུ་སྐྱེ་བ་དག་ཀྱང་སྟོན་པར་མཛད་དེ་འདིའི་ཏིང་ངེ་འཛིན་ལ་སོགས་པའི་ཡོན་ཏན་ནི་བརྒྱའི་གནས་སུ་བྱེ་བ ་ཁྲག་ཁྲིག་བརྒྱ་སྟོང་གི་ཕྲག་གིས་སྟོན་པའོ།། ཡང་དེས་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་དབང་པོ་མངའོ་བདག་དུ་མཛད་ནས་སེམས་ཅན་རྣམས་མངོན་པཪྻ་ཤེས་པ་རྣམས་ཀྱི་ཉེ་བར་སྡུད་པའོ།། མི་གཡོ་བ་ལ་བྱང་ཆུབ ་སེམས་དཔའི་ཆོས་ཐམས་ཅད་ཀྱི་ཡང་དག་པ་ཇི་ལྟ་བུ་ལ་འཇུག་ཅིང་ཐམས་ཅད་དུ་སེམས་ཡིད་ཀྱི་རྣམ་པར་ཤེས་པའི་རྣམ་པར་རྟོག་པའི་འདུ་ཤེས་དང་བྲལ་བའི་ཆོས་སྐྱེ་བ་མེད་པ་ཅན་གྱི་བཟོད་པ ་ཐོབ་པའོ་ཞེས་བརྗོད་ལ། དེ་ཐོབ་ནས་ཇི་ལྟར་གཞན་གྱི་ངན་འགྲོ་དང་བདེ་འགྲོར་རྣམ་པར་སྨིན་པའི་ལུས་ཀྱི་སྒྲིབ་པ་དེ་རྣམས་ཡང་དག་པར་གཅད་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་འདི་སྐད་ཅེས་བཀའ་སྩལ ་ཏེ། ལེགས་སོ་ལེ་ག་སོ་རིགས་ཀྱི་བུ་འདི་ཉིད་ནི་དེ་ལྟར་སངས་རྒྱས་ཀྱི་ཆོས་རྟོགས་པར་བྱ་བ་ལ་འདི་ཉིད་དོན་དམ་པའི་བཟོད་པའོ།། འོན་ཀྱང་བདག་ཅག་གི་སྟོབས་བཅུ་དྲུང་མྱི་འཇིགས་པ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས ་པ་ཡང་དག་པར་སངས་རྒྱས་པ་དེར་ཞིག་ཁྱོད་ལ་ཡང་དག་པར་ཡོད་པ་མ་ཡིན་པས་དེ་བཅིལ་བ་ལ་མངོན་པར་དགའ་བར་གྱིས་ལ་བརྩོན་འགྲུས་རྩོམས་ཤིག་དང་། འདི་ཉིད་ཀྱི་བཟོད་པའི་སྒོ་ན་ས་མ་བཏོང་ཞིག་དང་། གང ་ཁྱོད་དེ་ལྟར་ཞི་བ་ལ་གནས་པས་རྗེས་སུ་ཐོབ་ཅིང་ཞི་བ་འདིས་བྱིས་པ་སོ་སོའི་སྐྱེ་བོ་ལ་དགོངས་པ་མ་ཡིན་ཏེ། འོན་ཀྱང་རིགས་ཀྱི་བུ་སྔོན་གྱི་སྨོན་ལམ་རྗེསུ་དྲན་པ་དང་སེམས་ཅན་གྱི་དོན་ཡང་དག་པར་ཐོབ་པའི ་ཡོ་ཤེས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པ་གང་འདིར་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ཆོས་ཐམས་ཅད་དམིགས་སུ་མེད་པ་སྟེ་གང་འདི་དག་གི་ཡང་ཡུད་ཙམ་གཅིག་གི་ཡེ་ཤེས་ལྷུན་གྱིས་གྲུབ་པས་ཐམས་ཅད ་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་གནོན་པར་བྱེད་དོ།། དེ་ནི་སྔོན་གྱི་འབད་པ་དང་བཅས་པའི་ལམ་གྱི་བསྐལ་པ་བརྒྱ་སྟོང་གིས་ཀྱང་རེ་ཞིག་གཞལ་དུ་མེད་པར་ཐོབ་པར་ནུས་པ་མ་ཡིན་ནོ།། འཇིག་རྟེན་གྱི་ཁམས་རྣམས་ཀྱི ་སེམས་ཅན་རྣམས་ཀྱང་སོ་སོའི་རབ་ཏུ་དབྱེ་བ་ནས་ཇི་སྲིད་དུ་རྡུལ་ཕྲ་རབ་ཀྱི་ཆ་དེ་སྲིད་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། ཇི་འདྲ་བའི་ཡང་སེམས་ཅན་རྣམས་ཀྱི་ལུས་སུ་རྣམ་པར་ཕྱེ་བའི་ཁ་དོག་དང ་རྟགས་དང་མཆུ་དང་ཞེང་དང་མོས་པ་དང་བསམ་པ་དེ་རྣམས་དང་། སངས་རྒྱས་ཀྱི་ཞིང་རྣམས་དང་། སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་རྣམས་སུ་ཡང་དེ་དང་དེར་ལྟར་རང་གི་ལུས་ཀུན་སྟོན་པར་བྱེད་དེ། དགེ་སྦྱོང ་དང་བྲམ་ཟེ་དང་རྒྱལ་རིགས་དང་ཁྱིམ་བདག་དང་འདོད་པ་དྲུག་ན་སྤྱོད་པ་དང་། ཚངས་པའི་གཟུགསུ་ཀུན་ཏུ་སྟོན་པར་བྱེད་པ་ལ་རང་རང་གི་འཁོར་གྱི་དཀྱིལ་འཁོར་རྣམས་ཇི་སྲིད་དུ་འོག་མིན་གྱི་བར་གྱི་འཁོར་གྱི་དཀྱིལ ་འཁོར་རྣམས་ལོ་འོག་མིན་གྱི་གཟུགས་ཀུན་ཏུ་སྟོན་ཅིང་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔྱ་དང་དེ་བཞིན་གཤེགས་པའི་ཀུན་ཏུ་སྟོན་པ་ནི་གཟུགས་དེ་དང་དེས་གདུལ་བར་བྱ་བའི་སེམས་ཅན་རྣམས ་ཀྱི་དོན་གྱི་ཕྱིར་རོ།། སེམས་དང་པོ་བསྐྱེད་པ་འདས་གང་ཞིག་གི་སྨོན་ལམཚན་པོ་བཅུ་ལ་སོགསོ་པ་དང་། གཞན་ཡང་གྲངས་མེད་པའི་སྨོན་ལམ་མངོན་པར་འགྲུབ་པ་ནི་དེ་ལས་གཞན་པའི་དེའི་ཡོངས་སུ་དག་པའི་ཐབས ་སོ་ཞེས་པ་ནི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་འདིའི་བླ་ལྷག་པར་འགྱུར་བའོ།། ས་འདི་ལ་ནི་ཤིན་ཏུ་ཕྲ་བའི་ཉོན་མོངས་པ་རྒྱུ་བ་ཡང་ཡོད་པ་མ་ཡིན་པས་དེ་ལྟར་འདོད་པ་ལྔ་ཡོངསུ་ལོངས་སྤྱོད་པ་མི་སྲེད ་པ་ཉིད་དེ། དེ་ལྟ་ན་ཡང་སེམས་ཅན་ཡོངས་སུ་སྨིན་པའི་རྒྱུར་འདོད་པའི་ཡོན་ཏན་ལྷ་ལ་བྱང་ཆུབ་སེམས་དཔའ་རྗེས་སུ་གནས་པའོ།། དེ་ལྟར་ཡང་བདག་ཅག་ནི་སྟོན་པ་བྱང་ཆུབ་སེམས་དཔའི་དོན་མཐུན་པས་སེམས་ཅན་སྤྱད་པ ་ཕྱིར་གྲགས་འཛིན་དང་སྐྱེ་དགུའི་བདྲག་མོ་ལ་སོགས་པའི་བུད་མེད་ཉི་ཁྲི་བཞི་སྟོང་རྣམས་ལ་རེ་རེ་ཞིང་བདག་གི་ལུས་མངོན་པར་སྤྲུལ་ནས་དེ་རྣམས་ཐམས་ཅད་ལ་རོལ་བར་མཛད་དེ། སྲ་བཅུ་པའི་དབང་ཕྱུག་འཕྲུགས་པ ་ཆོས་འཕགས་ཀྱང་བུདྨོ་མེད་དྲུག་ཁྲི་བརྒྱད་སྟོང་རྣམས་དང་ལྷན་ཅིག་ཏུ་འདོད་པའི་ཡོན་ཏན་ལྔ་པོ་རྣམས་ལ་རོལ་བ་དང་ལྡན་པ་སྟྭཾ། སྭ་འདི་ལ་བྱང་ཆུབ་སེམས་དཔའ་ཡང་ཚུངས་པ་ཆེན་པོ་ཉིད་དུ་གྱུར་ནས་སྟོང་ལ་དབང ་སྦྱར་བའི་མངའ་བདག་ཐོབ་ནས་སེམས་ཅན་རྣམས་ཕ་རོལ་ཏུ་ཕྱིན་པ་ལ་ཉེ་བར་བསྡུ་བའི་ཕྱིར་ཏེ། ཏིང་ངེ་འཛིན་ལ་སོགས་པའི་ཡོན་ཏན་ནེ་བརྒྱའོ་གནས་སུ་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་སྟོང་ཕྲག་བརྒྱའི་རྡུལ་ཕྱེ ་རབ་ཀྱི་གྲངས་མེད་ཀྱིས་གསུངས་པས་སོ།། ལེགས་པའི་བློ་གྲོས་ལ་བྱང་ཆུབ་སེམས་དཔའི་འདོད་ནི་ཡི་གེ་གཅིག་གི་སྐད་ཀྱི་ཆོས་ཐམས་ཅད་ཚིག་རབ་ཏུ་དབྱེ་བའི་སྐད་འབྱིན་པར་འགྱུར་རོ།། བ་སྤུའི་བུ་ག་རྣམས་ནས་འདི ་ཀྱི་འོད་ཟེར་ན་མཁའ་ནས་བྱུང་བས་འཇིག་རྟེན་གྱི་ཁམས་བརྒྱའི་གཟུགས་ལ་སོགས་བྱ་རྣམས་གསལ་བར་བྱེད་དོ།། འདིར་འདི་ནི་མདོར་བསྡུས་པའི་བསྟན་པ་ཕུན་སུམ་ཚོགས་པའོ།། འདི་ཡང་སྟོང་གཉིས་བླའི་བདག ་བྷྱོ་ཁྱབ་བདག་ཆུངས་པ་ཆེན་པོར་གྱུར་ནས་སེམས་ཅན་རྣམས་ལ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་གདམས་དགོ་རྣམས་ལ་སྟྭཾ། བརྒྱའི་གནསུ་སྟོང་གསུམ་གྲངས་མྱེད་པའི་བདྨ་སྟོང་ཕྲག་བཅུའི་འཇིག་ཅན་གྱི་ཁམས ་ཀྱི་རྡུལ་ཕྲ་རབ་ཀྱི་གྲངས་ཀྱིས་སྟོན་པ་འདིའི་ཡོན་ཏན་རྣམས་ནི་ཏིང་ངེ་འཛིན་ལྀ་སོགས་པ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བླ་ལྷག་པར་གྱུར་པ་སྟེ། དྲི་ལ་བཱ་སམ་པའི་སྟོབས་ཀྱིས་ནི་ཉོན་མོངས་པ་མངོན་དུ་རྒྱུ་བ་མཱངྒ་པཱི ་ཕྱིར་རོ།། ལྷག་པའི་བསམ་པའི་སྟོབས་ཀྱིས་ནི་སའི་ཡེ་ཤེས་ཡོངས་སུ་སྦྱངས་པའི་ཕྱིརརོ།། གཟུངས་ཀྱི་སྟོབས་ཀྱིས་ནི་ཆོས་བརྗོད་པ་མེད་པའི་ཕྱིར་རོ།། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ནི་རྟག་པ་གཡོ་བ་མེད་པའི་ཕྱིར།། ་ཡང་དག་པར་འཕེལ་བའི་སྟོབས་ཀྱིས་ནི་མུ་མེད་པའི་འཇིག་རྟེན་གྱི་ཁམས་ཀྱི་སྤྱོད་པ་རྣམ་པར་ཕྱེ་བ་ལ་མཁས་པའི་ཕྱིར་རོ།། དབང་གི་སྟོབས་ཀྱིས་ནི་མངོན་པར་འདོད་པ་ཐམས་ཅད་ཀྱིས་ཡོངས་སུ་རྫོགས་པ ་ཐོབ་པའི་ཕྱིར་རོ།། སྤོབས་པའི་སྟོབས་ཀྱིས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་རབ་ཏུ་རྣམ་པར་འབྱེད་པ་ལ་མཁས་པའི་ཕྱིར་རོ།། སྨོན་ལམ་གྱི་སྟོབས་ཀྱིས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྤྱོད་པ་རྣམས་ཀྱི ་སྦྱོར་བ་མི་གཏོང་བའི་ཕྱིར་རོ།། ཕ་རོལ་ཏུ་ཕྱིན་པའི་སྟོབས་ཀྱིས་ནི་བདག་ཉིད་སངས་རྒྱས་ཀྱི་ཆོས་ཀྱིས་ཡོངས་སུ་སྨིན་པ་དང་། སེམས་ཅན་ཡོངས་སུ་སྨིན་པའི་སེམས་ཅན་ཐམས་ཅད་ལ་ཕྲན ་པ་སྤྱོད་པ་ཡོངས་སུ་མྱི་གཏོང་བའི་ཕྱིར་རོ།། བྱམས་པ་ཆེན་པོའི་སྟོབས་ཀྱིས་ནི་སེམས་ཅན་ཐམས་ཅད་ཀྱི་སྐྱབས་སུ་སྦྱོར་བ་རྗེས་སུ་མི་གཏོང་བའི་ཕྱིར་རོ།། སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་ནི་སེམས་ཅན་ཐམས་ཅད་ཀྱི ་སྡུག་བསྔལ་སེལ་བའི་ཕྱིར་རོ།། ཆོས་ཉིད་ཀྱི་སྟོབས་ཀྱིས་ནི་སྒྱུ་མ་ལྟ་བུ་ལ་སོགས་པའི་ཆོས་ཉིད་མངོན་སུམ་དུ་བྱེད་པའི་ཕྱིར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་སྟོབས་ཀྱིས་ནི་རྣམ་པ་ཐམས ་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་གྱུར་པའི་ཕྱིར་རོ་ཞེས་པའི་སྟོབས་ནི་མདོ་སྡེར་བཤད་པའོ།། ཆོས་ཀྱི་སྤྲིན་ལ་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པའི་ཡེ་ཤོས་ཀྱིས་དབང་བསྐུར་བཱ་དང་ལྡན་པ་ཞེས་བྱ་བའི ་ཏིང་ངེ་འཛིན་མངོན་དུ་གྱུར་དེའི་རྗེས་ལ་འདི་ལྟར་སྟོང་ཕྲག་བཅུའི་བར་གྱི་ཚད་ཙམ་གྱི་རིན་པོ་ཆེའི་པདྨ་ཆེན་པོ་འབྱུང་བར་འགྱུར་ཞིང་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་རིན་པོ་ཆེའི་ཕྲས་སོ་སོར་སྦས་པས ་ཇི་སྲིད་དུ་ཡོངས་སུ་གང་སྟེང་སྟོང་གསུམ་པ་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཕྲ་རབ་དང་མཉམ་པའི་རིན་པོ་ཆེའི་པདྨ་ཆེན་པོས་ཡོངས་སུ་བསྐོར་བ་དེ་དང་རྗེསུ་མཐུན་པའི་བྱང་ཆུབ་སེམས་དཔའི་སྐུ་ཀུན་ཏུ་བཞུགས་ཏེ། དེ་འདི ་ཏིང་ངེ་འཛིན་སོ་སོར་ཐོབ་ནས་པདྨ་དེ་ལ་བཞུགས་པ་ཀུན་ཏུ་མཐོང་བར་གྱུར་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་དེ་ལ་ཡོངསུ་བསྐོར་ནས ་ལྟ་བར་བྱེད་ཅིང་དེ་རྣམས་འཁོར་ཡུག་གི་པདྨ་རྣམས་ལ་འདུག་པར་འགྱུར་ཏེ། དེའི་ཚེ་ཡང་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀུན་ཏུ་གཡོ་བར་འགྱུར་ཞིང་། ངན་འགྲོ་ཐ་མ་སོ་ཅོད་རབ་ཏུ་སྦྱངས་ནས་ཐམས་ཅད་སྐལ་པ་ད ་བཅས་པར་སྤྱོད་པ་ལ་བྱང་ཆུབ་སེམས་དཔའི་འདས་པ་རྣམས་ཀྱི་ས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ལྷ་དང་མིར་གྱུར་པ་ལ་ཡོང་དག་པར་བརྗོད་པ་ཀུན་ཏུ་གསུངས་པས་སེམས་པ་དེ་བ་སྐྱེས་པ་ཡང་དག་པར་རྫོགས ་པའི་སངས་རྒྱས་ཐམས་ཅད་ལ་བསམ་གྱིས་མི་ཁྱབ་པའི་མཆོད་པ་དང་། བསྙེན་བཀུར་ལ་རབ་ཏུ་ཞུགས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་ལ་ཤེས་པར་བྱེད་པར་འགྱུར་ཞིང་། བྱུང ་ཆུབ་སེམས་དཔའ་དེའི་ཡང་ལུས་ཐམས་ཅད་ཀྱི་ཡོན་ལག་ལ་འོད་ཟེར་རྣམ་པར་སྤྲོས་ནས། བགྲངས་པ་ལས་ཤིན་ཏུ་འདས་པའི་ཕྱོགས་བཅུའི་ནམ་མཁའི་མཐས་ཀླས་པའི་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འ ་རྣམས་སྣང་བར་བྱས་ནས་སྟེང་གི་བར་སྨངད་ལ་འོད་ཟེར་ཆེན་པོའི་ཚོགས་ཀྱི་དཀྱིལ་འཁོར་དུ་བྱས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་བསྙེན་བཀུར་བ་ལ་རབ་ཏུ་འཇུག་པར་བྱེད་དེ། ཇི་སྲིད་དུ ་ཕྱོགས་བཅུའི་མ་ལུས་པའི་ཆོས་ཀྱི་ཁམས་ཀྱི་ཁོངས་གཏོགས་པའི་མེ་ཏོག་ལ་སོགས་པ་དང་། གདུགས་དང་ན་བཟའ་དང་རིན་པོ་ཆེའི་རྒྱན་ལ་སོགས་པའི་བརྟགས་པ་རྣམས་ཀྱི་འཇིག་རྟེན ་ཐམས་ཅད་ཀྱི་ཡུལ་ལོས་ཡང་དག་པར་འདས་པའི་སྣ་ཚོགས་པའི་བཀོད་པའི་རིན་པོ་ཆུ་ལ་སོགས་པའི་ཆར་གྱིས། རེ་རི་བཞིན་གྱིས་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་ལ་སྤྲིན་བཞིན་དུ་རབ་ཏུ ་འབབ་པར་བྱེད་དོ།། པའི་རྗེས་ལ་དེ་རྣམས་དེ་བཞིན་གཤེགས་པ་རྣམས་ཀྱི་ཞབས་ཀྱི་འོག་ཏུ་ནུབ་པར་གྱུར་ནས། དེར་ཡང་ཕྱོགས་བཅུའི་མཐར་གཏུགས་པའི་རབ་འབྱམས་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་གྲངས་མེང་པའི ་བྱང་ཆུབ་སེམས་ད་པཱ་ཇི་སྙེད་པས་ས་དགུ་པ་ལ་རབ་ཏུ་གནས་པ་རྣམསུ་འོངས་ནས་བྱང་ཆུབ་སེམས་དཔའ་དེ་ལ་ཡང་དགོ་པར་མཆོད་པར་བྱས་ནས་ལྟ་བར་བྱེད་ཅིང་ཏིང་ངེ་འཛིན་སྟོང་ཕྲག་བཅུ་ལྔ་སྙོམས་པར་འཇུག ་བློར་འགྱུར་ལ། དེ་བཞིན་གཤེགས་པ་དེ་རྣམས་ཀྱི་སྨིན་མཚམས་ཀྱི་མཛོད་སྤུ་ནས་ཐམས་ཅད་མཁྱེན་པ་ཉིད་ཀྱི་མངོན་པར་ཤེས་པ་དང་ལྡན་པ་ཞེས་བྱ་བའི་འོད་ཟེར་ལ་གྲངས་མེད་པའི་འོད་ཟེར་གྱིས་ཡོངསུ་བསྐོར་བ་རྣམ ་ཀྱིས་ཕྱོགས་བཅུ་མུ་མེད་པའི་འཇིག་རྟེན་གྱི་ཁམས་རབ་འབྱམས་རྣམས་ཀུན་ཏུ་སྣང་བར་བྱེད་པའི་དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་ཀུན་ཏུ་སྟོན་ཅིང་གྲངས་མེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཡང ་དག་པར་བསྐུལ་ཞིང་འོངས་ནས། བྱང་ཆུབ་སེམས་དཔའ་དེའི་ལུས་ཀྱི་མཆོག་དེ་ལ་སྨྱན་པར་འགྱུར་ལ་དེའི་འཁོར་གྱི་འོད་ཟེར་ནི་འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབུ་ལ་ནུབ་པར་གྱུར་ཏོ།། དེ་ནི་བྱང་ཆུབ་སེམས ་དཔའ་ཡེ་ཤེས་ཆེན་པོས་མངོན་པར་དབང་བསྐུར་བ་ཞེས་བརྗོད་དོ།། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡུལ་གྱི་བསམ་གྱི་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བའི་རྣམས་པར་ཐར་པའི་སྒོ་ཐོབ་པར་གྱུར་ཏཽ། རང་གི་སྨོན ་ལམ་གྱི་སྟོབས་བསྐྱེད་པས་དེའི་རྣམ་པ་སྣ་ཚོགས་པའི་སྐུས་སྐད་ཅིག་མ་གཅིག་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་མེད་པ་རྣམས་ཀྱིས་རྡུལ་ཕྲ་རིབ་ཇི་སྙེད་པ་དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམསུ་སྤྲོས་པའི་ངག་བཱི ་བདུད་རྩིའི་རྒྱན་རྣམས་ཀྱི་ཆར་གྱིས་བསམྦི་པ་ཇི་ལྟ་བར་སེམས་ཅན་རྣམས་ཀྱི་ཐོག་མ་མེད་པའི་དུས་ཅན་གྱི་མི་ཤེས་པ་ལས་ཀུན་ཏུ་བྱུང་བའི་ཉོན་མོངས་པོའོ་རྡུལ་ཀུན་འབར་བ་རྣམས་ཐམས་ཅད་ཞི་བར་བྱེད་པས་ས་འདི་ལ ་ཆོས་ཀྱི་སྤྲིན་ཞེས་བརྗོད་ལ། དེ་སྲིད་ཀྱི་འཇིག་རྟེན་གྱི་ཁམས་རྣམས་དང་འགའ་ལྡན་དུ་གནས་པ་ཉེ་བར་གཟུང་བ་ནས་ཇི་སྲིད་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་བར་གྱི་དེ་བཞིན་གཤེགས་པོ་ཐམས་ཅད་ཀྱི་མཛ ་པ་ལ་ལྷག་པར་གན་ས་ཏེ། གྲངས་མེད་པའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་ཇི་སྙེད་ཀྱི་ལུས་དུ་མ་སྐད་ཅིག་མ་གཅིག་ལ་སྤྲུལ་པའི་ལུས་རེ་རེ་ལ་དེ་སྙེད་ཀྱི་ཕྱག་རྣམས་དང་། དེ་སྙེད་ཀྱི་དབུ་དང་དབུ་རེ་རེ་ཞིང་དེ་སྙེད་ཀྱི ་ལྗགས་སྟོན་པར་བྱེད་ལ། ཕྱག་རེ་རོས་གངྒཱའི་ཀླུང་གི་བྱེ་མུ་སྐྱེད་ཀྱེ་མ་ཏོ་ག་རྣམས་ཐོགས་ཤིང་དེ་རྣམས་ཀྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ག་ཏོང་བར་བྱེད་ཅིང་། དེ་བཞིན་དུ་བདུག ་པ་ལ་སོགས་པ་རྣམས་དང་། ཇི་སྙེད་ཀྱི་ནི་བཟའ་དོང་བདུགས་དང་རིན་པོ་ཆེ་ལོ་སོགས་པ་རྣམས་ཀྱི་བཀོད་པས་སོ།། ལྗགས་དེ་རྣམས་ཀྱི་སངས་རྒྱས་དེ་རྣམས་ཀྱི་བསྟོད་པ་གསུང ་སྐྱེང་སེམས་ཀྱི་སྐད་ཅིག་རེ་རེ་ལ་ཕྱོགས་བཅུར་བྷྱོསྟེ་ནས་སེང་བས་མངོན་པར་བྱང་ཆུབ་པའི་བགྱིད་པ་ན་ས་ཇི་སྲིད་དུ་ཡོངས་སུ་མ་ངནི་ལས་འདས་པོ་ཆེན་པོའི་བར་གྱིས་བཀོད་པ་བྱིན་གྱིས་བརླབས་ནས་ཇི་སྐད་ཀྱི་ཞལ་གྱིས ་ཕྱོགས་རེ་རེ་མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་གཡོ་བར་བྱེད་པ་དང་རི་རབ་ཆེན་པོ་ལ་སོགས་པའི་རི་དུ་མུ་སྐྲ་ཉག་མས་བཅིངས་ནས་འཇིག་རྟེན་གྱི་ཁམ་ས་གཞལ་དུ་མེད་པར་འཕེན་པར་བྱེད་ཀྱང ་སེམས་ཅན་དེ་རྣམས་ལ་སྐྲག་པར་བྱེད་པ་མེད་དོ།། དེ་ལྟར་དེ་ལ་སོགས་པའི་གྲངས་མེད་པའི་ཏིང་ངེ་འཛིན་འཕེལ་ཞིང་མིངོན་པར་ཤེས་པས་རྣམ་པར་རོལ་པར་མངོན་པར་སྟོན་པར་བྱེང་ངོ་།། དེ་སྐྱེ་བ་གཅིག་གི ་ཐོགས་པའི་གནས་གཙང་མའི་ལྷའི་རྒྱལ་པོ་མངའ་བདག་དུ་གྱུར་ཡང་དེ་ཉིད་དུ་གྱུར་ནས་སེམས་ཅན་རྣམས་ཕ་རོལ་ཏུ་ཕྱི་ན་བའི་གདམས་ངག་རྣམས་ལ་བཀོད་པ་དེ་ལྟར་བརྩོན་འགྲུས་རྩོམ་པར་བྱེད། གང་གི་ཕྱིར ་སྐད་ཅིག་མ་གཅིག་ལ་ཕྱོགས་བཅུར་བགྲང་བ་ལས་འདས་པའི་རྡུལ་ཕྲ་རབ་ཇི་སྙེད་པ་དེ་སྙེད་ཀྱི་ཏིང་ངེ་འཛིན་སོ་སོར་ཐོབ་ཅིང་དེ་སྙེད་ཀྱི་སངས་རྒྱས་མཐོང་བར་འགྱུར་ཞིང་། དེ་རྣམས་ཀྱི་བྱིན་གྱིས་བརླབས་ཤེས་པར་འགྱུར ་བ་དང་། དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་གཡོ་བར་འགྱུར་ཞིང་ཀུན་ཏུ་སྣང་བར་བྱེད་པ་དང་དེ་སྙེད་ཀྱི་ཞིང་དུ་འགྲོ་ཞིང་དེ་སྐྱེད་ཀྱི་དེ་སྙེད་ཀྱི་སེམས་ཅན་རྣམས་ཡོངསུ་སྨིན་པར་བྱེད་པ་དང་། དེ་སྙེད་ཀྱི་བསྐལ་པར་གནས་ཤིང ་སྔོན་གྱི་མཐའ་དང་ཕྱི་མའི་མཐར་ཡང་འཇུག་པར་འགྱུར་ཞིང་དེ་སྙེད་ཀྱི་ཆོས་ཀྱི་སྒོ་རབ་ཏུ་རྣམ་པར་འབྱེད་པར་འགྱུར་ཞིང་དེ་སྙེད་ཀྱི་སྐུ་རྣམས་སྟོན་པར་མཛད་ཅིང་སྐུ་རེ་རེ་ལི་ཡང་དྲི་སྙེད་ཀྱི་བྱང་ཆུབ་སེམས་དཔའ་འཁོར་དུ་མ་རྣམས ་དང་། རང་གི་སྐུའི་བ་སྤུའི་བུ་གནས་བགྲད་པ་ལས་འདས་པའི་སངས་རྒྱས་བཅོམ་ལྡན་འདས་ཏཽ་རེ་རེ་ཞིང་གཞལ་དུ་མེད་པའི་བྱང་ཆུབ་སེམས་དཔའི་འཁོར་རྣམས་དང་སྐད་ཅིག་རེ་རེ་ལྀ་གཞན་དང་གཞན་དུ་ཡང་སྟོན་པར ་བྱེད་ལ། གདུལ་བར་བྱ་བ་ཉིད་བརྟགས་པ་ལ་ཀུན་ཏུ་སྤྱོད་པས་དེ་ལས་གཞན་པའི་ལྷ་དང་མི་ང་ལ་སོགས་པའི་དབྱེ་བ་ཐ་དད་པའི་འགྲོ་བ་ལྔའི་འཁོར་བ་རྣམས་ལ་ཐ་དད་པའི་བརྒྱ་བྱིན་དང་ཚངས་པ་དང ་འཇིག་རྟེན་སྐྱེད་པ་ལ་སོགས་པ་ཉན་ཐོས་དང་རང་སངས་རྒྱས་དང་དེ་བཞིན་གཤེགས་པས་གདུལ་བར་བྱ་བའི་སེམས་ཅན་རྣམས་གདུལ་བ་ཉིད་ལ་ལྷུན་གྱིས་གྲུབ་པས་བརྒྱ་བྱིན་ལ་སོགས་པའི་གཟུགས་སུ་ཀུན་ཏུ་གན ་ནས་སྟོན་པར་བྱེད་དོ།། དེ་ལྟ་བུ་འདིའི་ཡོན་ཏན་མདོར་བསྡུས་ནས་བསྟན་པ་སྟེ། ཇི་སྐད་དུ་ཀྱེ་རྒྱལ་བའི་སྲས་རྣམས་དེ་ལྟ་བུ་ཉིད་ཀྱིས་དེ་བཞིན་དུ་རེ་ཞིག་ཆོས་ཀྱི་སྤྲིན་གྱིས་བསྐལ་པ་གྲངས་མེད་པར་བསྡུ ་པར་བྱས་ཀྱང་ཕྱོགས་གཅིག་ཙམ་བསྟོན་པར་འགྱུར་ན་དེ་བཞིན་གཤེགས་པའི་ས་ལ་ལྟ་སྨོས་ཀྱི་ཅི་དགོས། དེ་ཡང་ཀྱེ་རྒྱལ་བའི་སྲས་དག་གལ་ཏེ་ཕྱོགས་བཅུའི་ཕྱོགས་རེ་རེའི་ཕྱོགས་ཀྱི་མུ་མེད་པའི་འཇིག་རྟེན་གྱི་ཁམས། ་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་དེ་ལྟར་ས་ཐོབ་པའི་བྱང་ཆུབ་སེམས་དཔས་གང་བར་གྱུར་ཙོང་དེ་རྣམས་ཀྱིས་མུ་མེད་པའི་བསྐལ་པར་མངོན་པར་བསྒྲུབས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པས ་མྱངངོན་པ་རེ་བསྒྲུབས་པས་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་གནས་པའི་དེ་བཞིན་གཤེགས་པའི་ཡུལ་གྱི་སྐད་ཅིག་མ་གཅིག་ལ་ཇི་སྲིད་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆར་ཡང་གྲངས་སུ་བགྲང་བར་ཡ་ངོ་ནས ་སྲིད་དཔེ་དང་རྒྱུར་ཡང་མི་བཟོད་དོ་ཞེས་གསུངསོ།། དེ་ཡང་བཅོམ་ལྡན་འདས་ཀྱི་ཡོན་ཏན་རྣམས་ནི་ཀུན་ཏུ་འོང་ལ་རྣམ་པ་ཐམས་ཅད་རྣམས་ཡོངས་སུ་དྲུག་པ་མཔེར་ཕྱིན་པ་གང་དེ་རྣམས་ཐམས་ཅད་ཡོངས་སུ་རྫོགས ་པའི་ཕྱིར་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་ཡུལ་རྣམས་དང་དེ་ལ་ཅིག་ཤེས་ཀྱི་ཡོན་ཏན་མཐའ་དགའ་དང་ལྡན་པའི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་དང་ཐ་དོད་པ་གནས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས ་སུ་གནས་པའི་མགོན་མེད་པའི་འགྲོ་བ་རྣམས་ལ་རྣམ་པ་ཐམས་ཅད་ཀྱིས་སྣོད་ཇི་ལྟ་བ་ལ་རྒྱུན་མི་འཆད་པས་ན་མཁའ་ཇི་སྲིད་དུ་རབ་ཏུ་འཇུག་ཅིང་མགོན་དུ་འགྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཉིད ་ཀྱི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་ཀྱི་བ་སྤུ་རེ་རེའི་བུ་གནས་དཔེ་བྱེད་དང་སྐྱེས་བུ་ཆེན་པོའི་མཚན་དང་སྟེབས་དང་མི་འཇིགས་པ་དང་སངས་རྒྱས་ཀྱི་ཆོས་མ ་འདྲེས་པ་ལ་སོགས་པའི་ཡོན་ཏན་གྱི་ཁྱད་པར་རྣམས་ཀྱིས་ཡོངསུ་བཙོད་པའི་མཐུ་རྣས་མངོན་པར་འཛིན་པ་ནི་རང་གི་ཡེ་ཤེས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པས་བསྐལ་པ་གྲངས་མེད་པར་ཚེ་བྱིན་གྱིས་བརླབས ་ནས་དེ་ལྟར་མྱུར་བ་མྱུར་བས་ཕྲིན་ལས་གཞན་མེད་པར་འགྱུར་བས། གལ་ཏེ་མངོན་པར་བརྗོད་ཀྱང་དེ་ལྟ་ན་ཡང་ཡོན་ཏན་ཡོངས་སུ་རྫོགས་པར་མི་ནུས་ན། ས་བཅུ་པའི་བྱང་ཆུབ་སེམས་དཔོའི་དང་སྔ་ནས་ཉན ་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ལྟར། སངས་རྒྱས་ཀྱི་ཡོན་ཏན་མཐར་ཐུག་པ་ཤེས་པ་འམ། མངོན་པར་བརྗོད་པ་ལྟ་སྨོས་ཀྱང་ཅི་དགོས་པ་གང་འདི་རྣམས་ཀྱི་མཚན་ཉིད་ནི་བདག་ཅག་མ་རིག་པའི་རབ་རབ་ཀྱི ་མུན་པར་འགྱུར་བ་ཇི་ལྟ་བ་རྣམས་ཤིན་ཏུ་ལྐོག་ཏུ་འགྱུར་བས་དེ་བཞིན་གཤེགས་པའི་ཡོན་ཏན་མངོན་པར་བརྗོད་པའི་སྐབས་སུ་ཇི་ལྟར་འགྱུར། དེ་ལྟ་ན་ཡང་འཕགས་པ་ཀླུ་སྒྲུབ་ལ་སོགས་པ་ལ་བརྟན་ནས ་ཐེ་ཚོམ་བཟློག་པས་བདག་ཅག་གིས་དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཀྱི་མཐུའི་ཡོན་ཏན་ཕྱོགས་གཅིག་གི་ཞང་ཙམ་མངོན་པར་བརྗོད ་ཀྱང་། བྱིས་པ་རྣམས་ནི་རང་ཡོན་ཏན་གྱིས་དབུལ་ཞིང་མོས་པ་བཅོམ་པས་ཐོས་ཀྱང་དུ་ལྟ་བུའི་ཡོན་ཏན་ཀུན་ཏུ་འཕེལ་བ་ལ་བློས་མ་མོས་པ་དེའི་ཆོས་ལ་མཁས་པ་རྣམས་ཀྱིས་ནི་ཡང་རྐང་དང་ད་པྱི་ལ་ཞེན་པ ་བཅོམ་ལྡན་དེས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་དེའི་ངོ་བོ་རྣམས་དྲང་དེའི་རྒྱུའི་ངོ་བོ་དང་དེའི་གཉི་གའི་མངོན་པར་བརྗོད་པ་པོ་ལ་མངོན་པར་རབ་ཏུ་བརྟན་པར་འགྱུར་རོ།། དེ་ལ་ཕན་པ་ནི་དེ་ཡིས་དད་པ་ཙམ ་ངང་ཡང་མངོན་པར་རབ་ཏུ་ལྡན་ན་མ་ངེས་པའི་རྣམ་པར་སྨིན་པ་རྣམས་ཀྱི་སྡིག་པ་རྣམས་ཀྱི་ཕུང་པོ་མྱོང་བར་མི་འགྱུར་ཞིང་ལྷ་རྣམས་དང་མི་རྣམས་ཀྱི་ཕུན་སུམ་ཚེགས་པརྗེ་སུ་མྱང་བར་གྱུར་ནས་དེའི་རྗེས་ལྔ་དངོས་པོ་དང ་དངོས་པོ་མེད་པ་ལ་མངོན་པར་ཞེན་པའི་རྩ་བ་ཅན་གྱི་ཕྱིར་མི་ལུས་པའི་ཉོན་མོངས་པ་དང་ལས་དེང་སྐྱེ་བའི་ཀུན་རྣས་ཉོན་མོངས་པའི་ཚོགས་རབ་ཏུ་འབྱུང་བའི་དེའི་གཉེན་པོར་གྱུར་བ་གཅིག་པ་ཉིད་ཀྱིས་ལེགས ་པའི་གོང་ཁྱེར་དུ་རབ་ཏུ་འཇུག་ཅིང་གནས་པར་བྱེད་པོ་ཇི་སྙེད་དུ་བཤད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པར་བྱེད་པ་འདི་ཉིད་དུ་དོན་དུ་གཉེར་པ་རྣམས་ཀྱིས་རིང་དུ་སྤང་བར་བྱ་བ་ནི་མ་ལུས་པའི་ལམ ་ངན་པ་ལ་དཀའ་བའི་རྣམ་པར་རྟོག་པ་ལ་དགའ་བའོ།། དེ་ལྟར་ལུང་དང་རིགས་པ་རྣམས་ཀྱི་སྒྲོན་མས་གསལ་བར་བྱས་པ་ནི་གང་ཞིག་བདག་ཉིད་ཆེན་པོ་རྣམས་ཀྱིས་གསལ་བར་བྱས་པའི་ཕྱིར་དང་། མུ་ལུས་པི ་སྐྱེ་བོ་རྣས་ཀྱི་དེད་དཔོན་དཔའ་བོ་རྣམས་གཤེགས་ཤིང་རྗེ་སུ་གཤེགས་པའི་ཕྱིར། དེ་ཉིད་བདག་ཉིད་ཀྱིས་ངེས་པར་སྟེན་པར་འདོད་པ་རྣམས་ཀྱིས་བློ་དམ་པ་མཁས་པ་ལས་ངེས་པར་བྱས་པའི་བཅོམ་ལྡན ་འདིས་མའི་གནད་ཀྱི་ཟླ་བའི་འོད་ལ་ཐོས་པ་དང་བསམ་པ་དག་ལ་མཆོག་ཏུ་གུས་པའི་གནསུ་བྱས་ནས་གུས་པ་དང་བཅས་པ་ཡུན་རིང་པོར་མ་བྲལ་བཞིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པོ་བསྒོམ་པས་ཚོགས ་ལ་སོགས་པའི་ས་ནོན་ནས་རིམ་གྱིས་བླ་ན་མེད་པའི་བྱང་ཆུབ་ཀྱི་ཕ་རོལ་ཏུ་སོན་ནས་ཀུན་ཏུ་གནས་པར་འགྱུར་རོ།། བཅོམ་ལྡན་འདས་མའི་རྫོགས་པ་གསལ་བར་བྱ་བའི་ཕྱིར་སྡུད་པར་བྱེད་པ་པོས་སྐྱེས་པ ་དེ་སྐད་ཅེས་བྱ་བ་ལ་སོགས་པ་སྟེ། དེ་སྐད་ཅེས་ནི་ཤེསཽ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་རིན་པོ་ཆ་གསུངས་པ་དང་ལྡན་པ་སྟེ། སྟེན་པ་པོས་བླ་ནི་མེད་པའི་ཆོས་བསྟན་པས་དགའ་བོར་གྱུར་ནས་ཉན་པ་པོས ་ཀྱང་གསུངས་པ་ལ་མངོན་པར་བསྟོད་པའོ།། འཇིག་རྟེན་ནི་ཚོགས་ཏེ་བྱང་ཆུབ་སེམས་ལ་སོགས་པ་དང་ལྕེ་ལ་སོགས་པ་དང་བཅས་པ་ནི་འཇིག་རྟེན་ཞེས་པའོ།། ཡོངས་སུ་གཏང་བའི་མངོན་པར་བརྗོད་པའི ་ལེའུ་འོ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱུད་པའི་འགྲེལ་པ་གནད་ཀྱི་ཟླ་བའི་འོད་ཅེས་བྱ་བ་པཎྜི་ཏ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ་ལས་ཡོངསུ ་གཏད་པའི་ལེའུ་སྟེ་སུམ་ཅུ་རྩ་གཉིས་པའོ།། །། རིན་ཆེན་ཕུང་པོར་སྐྱེ་བོ་ཕལ་ཆེན་རིན་ཆེན་རྙེད་པར་འགྱུར་མིན་ཞིང་།། མ་རྟོགས་བརྒྱུས་ནས་ཇི་ལྟར་ཡང་ནི་རིན་ཆེན་བློ་ཡིས ་མཁའ་ལ་སྒྲོགས།། ནང་གནས་ཡོན་ཏན་རིན་ཆེན་རང་བཞིན་འདི་ནི་བདག་གིས་ཀུན་གཏོན་བྱིན་པའི།། ཕྲག་དོག་མྱེད་པ་ཡིས་རྟག་ཏུ་མཁས་རྣམས་བརྒྱན་པར་གྱིས།། སྟོང་ཉིད་ཐུབ་པས་རྒྱས་བཏབ་ཕུ ་སུམ་ཚོགས་པ་ཡིས།། མཚོན་བྱའི་གནས་ཀྱི་ལམ་ལྡན་མུན་པ་དང་བྲལ་བ།། འཕགས་པའི་གསུང་གི་ཉི་མའི་འོད་ཟེར་དང་།། ལྡན་ཀྱང་མིག་བྲལ་རྣམས་ཀྱིས་མཐོང་མ་ཡིན།། ཡུམ་གྱི་རབ་འདོད་ཆེ་མཆེས ་གསལ་བར་བསྒྲགས་པ་ལས་ཐོབ་པའི།། བསོད་ནམས་རྣམས་ཀྱིས་དེ་ལམ་འབྲས་བུ་འགྲོ་བས་བགྲོད་འགྱུར་ཕྱིར།། བདག་གིས་དཔག་མེད་ཡུམ་གྱི་ཡོན་ཏན་རབ་ཏུ་གསལ་བྱས་པའི།། འཚོ་པའི་རྒྱགས ་བྱིན་སྒྲིབ་མེད་ཕུན་སུམ་ཚོགས་གྱུར་ཅིག། བདེ་གཤེགས་གསུང་དང་བླ་མ་བསྙེན་བཀུར་ནས་ནི་ཡང་དག་པོའི།། འགྲེལ་པའི་བྱེད་པ་འཇིགས་མེད་ཀྱིས་ནི་སྙིང་རྗེས་བྱས་པོ་འདི།། ཕྱོགས་རྣམས་མ་ལུས ་མཾ་མཐུན་ཕྱོགས་ལས་རྒྱལ་ནས་ཇི་སྲིད་དུ།། འགྲོ་བ་ཐུབ་པའི་སྐུ་གསུང་ཐུགས་ཀྱིས་སྤྲོ་བའི་བར་དུ་གསུལ་གྱུར་ཅིག། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་འགྲེལ་པཱ་པཎྜི་ཏ ་ཆེན་པོ་འཇིགས་མེད་འབྱུང་གན་སེ་སྦས་པས་མཛད་པའི་གོནོད་ཀྱི་ཟླ་བའི་འོད་ཅེས་བྱ་བ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་ཆེན་པོ་དེ་ཉིད་ཀྱི་ཞལ ་སྔ་ནས་དང་། མཁས་པ་བན་དེ་ཤེས་རབ་དཔལ་གྱིས་དཔལ་ནཱ་ལཱནྡར་བསྒྱུར་བའོ།། ་