| Wylie | e-texts produced with BDRC’s OCR application |
རྒྱུ་གར་སྐད་དུ། པྲཛྙཱ་པཱ་ར་མི་ཏཱ་བིརྞྞཪྵཱ་པྲཱ་དྷི་གཾ་བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྡུས་སྟོན་མ་བཅོམ་ལྡན་འདསྔ་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ།། དུས་གསུམ་རྒྱལ་བ་བསྐྱེད ་པའི་ཡུམ།། ཤེས་རབ་ཀྱི་རོལ་ཕྱིན་པ་ལ།། ཕྱག་འཚལ་ནས་ནི་ཤེས་རབ་ཀྱི།། ཕ་རོལ་ཕྱིན་པའི་བསྡུས་དོན་བཤད།། མངོན་རྟོགས་རྣམ་པ་བཞི་ཡིན་ཏེ།། མཁྱེན་པ་གསུམ་དང་ཆོས་སྐུའོ།། མངོན་སུམ་རྟོགས་པས་མངོན་རྟོགས་ཏེ།། ་སྦྱོར་བ་བཞི་ནི་མངོན་ཕྱོགས་ཡིམཱ།། འཕགས་པ་ཐོགས་མེད་དེ་ལྟར་བཞེད།། རྣམ་པར་གྲོལ་སྔོའི་གཞུང་གིས་ནི།། མངོན་རྟོགས་རྣམ་པ་བཞི་ཡིན་ཏེ།། སྦྱོར་བ་བཞི་པོ་ཁོ་ན་སྟེ།། མཁྱེན་པ་གསུམ་དང་ཆོས་སྐུ་ནི།། ཡུལ་དང ་འབྲས་བུ་དག་ཏུ་འདོད།། གསེར་གླིང་ཤཱན་ཏི་རྣམ་གཉིས་ཀྱིས།། མངོན་རྟོགས་བདག་ཉིད་བདུན་ཡཱང་སྟེ།། ཤེས་རབ་ཕ་རོལ་ཕྱིན་བདག་འདོད།། འབྲས་བུ་ཆོས་སྐུ་མཛད་པ་ཡིན།། བརྒྱད་ཀ་མངོན་རྟོགས་སེང་བཟང་དང་། ཁུད ་དྷཤྩི་ཛྙཱ་ནའང་བཞེད།། མངོན་རྟོགས་ཤེས་བྱུང་རིམཱ་པ་སྟེ།། དངོས་པོ་བརྒྱད་ནི་བརྗོད་བྱ་ཁ།། སྐབས་ནི་རྗོད་བྱེད་ཤཱན་ཏི་གསུངས།། ཁ་ཅིག་སྐབས་བརྒྱད་དག་གིས་ནི།། གང་ཟག་བརྒྱད་ཀྱི་ཆག་རྒྱུ་ནུ་ཞེས།། ཁ་ཅིག་ཐམས་ཅད ་མཁྱེན་པ་དང་།། བྱང་ཆུབ་སེམས་དང་ཉན་ཐོས་ཀྱི།། གསུམ་གྱི་ལན་དུ་བསྟན་ཏོ་ཞེས།། སེང་གེ་བཟང་པོའི་གཞུང་གིས་ནི།། ཐམས་ཅད་མཁྱེན་པའི་ལམ་དུ་ནི།། གཉིས་ཀ་ཚང་བར་འདོད་པ་ཡི་ནི།། དེ་ལྟར་མིན་ནམ་རྫོགས་ཟ ་བླ་མ་གསེར་གླིང་བཞེ་པ་ཡིས།། འགའ་ཞིག་ཡུལ་ལ་འཇུག་པ་ན།། གཞི་མ་མ་དུག་དུས་དག་ཏུ།། གླུ་ཟུག་བརྒྱད་ཀྱི་ཁམ་དུ་འདོད།། མ་དྲུག་དག་པར་བྱེད་དུས་སུ།། གང་ཟག་གསུམ་གྱི་ལམ་དུ་འདོད།། དག་པ་ལ་མ ་དུ་བྱེད་དུས་སུ།། གང་ཟག་གཅིག་གི་ལམ་ཡིན་གསུང་།། དེ་ལྔས་བསྐྱེས་དོན་བཤད་པ་ནི།། གྲངས་མེད་གཽ་རིམ་ཟློས་སྤོང་དང་།། རང་རང་ངོ་བོ་བཤད་པའོ།། གྲངས་ངེས་དོག་ནི་བསྟན་པ་ན།། ཐོས་བསམ་ཡུལ་དུ་ཀུན་མཁྱེན་གསུམ། ་སྒོམ་པོའི་དུས་སུ་སྦྱོར་བ་བཞི།། འབྲས་བུ་མཐར་ཐུག་ཆོས་ཀྱི་སྐུ།། ཐོས་བསམ་དུས་སུ་འབྲས་བུ་དང་།། རྒྱུ་དང་མི་མཐུན་ཕྱོགས་དག་ཏུ།། གཏན་ལ་ཕབ་པ་རྫོགས་པ་ཡིན།། སྒོམ་པའི་དུས་སུ་སྦྱོར་བ་དང་།། གནས་སྐབས ་འབྲས་བུ་བརྟན་བྱེད་དང་།། རྒྱུ་ཡི་མཐར་ཐུག་དག་གིས་རྫོགས།། དེ་ལྟར་ནཱ་ནི་གྲངས་ངེས་སོ།། གོ་རིམ་སྐྱེ་བོའི་རིམ་པ་སྟེ།། དང་པོ་ཐོས་བསམ་བྱེད་པས་ན།། དེ་ཡི་ཡུལ་ནི་སྔོན་དུ་བཤད།། དེ་ཡང་དང་པོ་འབྲས་ཤེས་བྱེད།། དེ་ནས ་རྒྱུ་དང་སྤང་བྱ་དག། རིམ་པ་བཞིན་དུ་གཏན་ལ་འབེབས།། སྦྱོར་བ་བཞི་ཡི་རིམ་པ་ཡང་།། རྣམ་ཀུན་མངོན་རྫོགས་ཚོགས་ལམྲ་ནས།། ཡོད་པས་དང་པོར་བསྟན་པ་ཡིན།། དེ་ནས་གསུམ་པོ་རིམ་བཞིན་བསྐྱེད།། དེ་བྷ་དེ་ནི་གྷོ ་མི།། ཟློས་སྤོང་ཞར་ལ་བསྟན་པའོ།། རང་རང་ངོ་བོ་བཤད་པར་བྱ།། ཐམས་ཅད་མཁྱེན་པའི་དོན་བཅུ་ཡང་།། སེང་གེ་བཟང་པོས་གཉི་སུ་བསྡུས།། རྒྱུ་དང་འབྲས་བུ་དག་ཏུའོ།། རྒྱལ་རྣམ་པ་གསུམ་དུ་སྟེ།། དང་པོ་སེམས་སྐྱེང་ན་པ་དག་གི། ་གདམས་ངག་དག་ལ་བསླབ་པར་བྱ།། དེ་ནས་སྒྲུབ་པ་རྣམ་བཞི་སྟེ།། སྒྲུབ་པའི་རྐྱེན་དང་དམིགས་པ་དང་།། སྒྲུབ་པའི་ཕྱེད་དང་སྒྲུབ་པ་དངོས།། དེ་ནི་ན་མ་བཞི་གོ་ཆ་དང་།། འཇུག་པ་ཚོགས་དང་ངེས་འབྱུང་ངོ་།། ས་མཚམས་སྦྱོར་བས་བཞི་རུ་བསྟན།། འབྲས་བུ། ་འདོད་པ་བསྟན་པ་ནི།། ངེས་འབྱེད་དག་གིས་མཚན་ཏེ་བཤད།། ཐམས་ཅད་མཁྱེན་པའི་བསྡུས་དོན་ནི།། དབྱེ་བ་ངོ་བོ་མཚན་ཉིད་དང་།། ས་མཚམས་ཟློས་སྤོང་བྱེད་པ་སྟེ།། རྣམ་པ་དྲུག་ཏུ་ཡང་དག་འདོད།། དབྱེ་བ་རྒྱོ་ཡི་ས་དང་ནི།། འབྲས་བུ་ས་ཡི ་མཁྱེན་པའོ།། འབྲས་ལ་ཇི་སྙེད་ཇི་ལྟ་བ།། ཐམས་ཅད་དག་ནི་ཤེས་པའོ།། ངོ་བོ་ཤེས་རབ་སྙིང་རྗེ་སྟེ།། མཚན་ཉིད་ཐམས་ཅད་ཤེས་པའོ།། ས་མཚམས་གནས་སྐབས་ཚོགས་ལམ་ནས།། འབྲས་བུའི་ས་ནི་སངས་རྒྱས་སོ།། ཆོས་ཀྱི་སྐུ་དང་མི ་ཟློས་སྟེ།། འདི་ནི་སྤྱི་རུ་བཤད་པ་སྟེ།། ཆོས་སྒྱུ་རླུང་ལས་སྐྱེ་བའོ།། བྱེད་པ་ཆོས་ཀྱི་འཁོར་ལོ་བསྐོ་རྱ།། ལམ་ཤེས་པ་ཡང་དེ་བཞིན་དྲུག།། དབྱེ་ན་སངས་རྒྱས་བྱུང་སེམས་ལམ།། ཉན་ཐོས་ལམ་དང་གསུམ་དུ་འདོད།། ཡང་ན་ཐེག་གསུམ་ལམ ་དུ་འདོད།། ཐམས་ཅད་ལ་ཤེས་ཐམས་ཅད་ཀྱི།། ཤེས་པ་གཉིསུ་འདོད་པ་ཡིན།། ངོ་བོ་ཤེས་རབ་སྙིང་རྗེ་སྟེ།། མཚན་ཉིད་ལམ་གསུམ་སྐྱེ་མེད་ཤེས།། ས་མཚོམས་གནས་སྐབས་སེམས་བསྐྱེད་ནས།། རྫོགས་པ་ས་དྲུག་དྲུག་ཏུ་འདོད།། མཐར ་ཐུག་སངས་རྒྱས་ས་ཡིན་ནོ།། འདི་རུ་མཐོང་ལམ་བཤད་པ་ནི།། རྒྱུང་ལ་སྐྱེ་བའི་ཆནས་བཤད།། བཞི་རུ་མཐོང་ལམ་བཤད་པ་ནི།། ལྡོག་པའི་ཆ་ནས་བཤད་པ་ཡིན།། ཡང་ན་འདི་རུ་ཙ་ཤད་པ་ནི།། ལམ་ལ་ཤེས་པའི་ཆ་མས་བཤད།། ་འོག་ཏུ་བཞི་ཤེས་ཚུལ་ནས་བཤད།། དེ་ནས་ཟློས་པའི་སྐྱོན་དང་བྲལ།། བྱེད་པ་སེམས་ཅན་སྨིན་བྱེད་དོ།། བཞི་ཤེས་ཀྱང་ནི་དེ་བཞིན་དྲུག། དབྱེ་བ་སྤང་དང་བླང་གཉིས་སོ།། བླང་བྱ་བཞི་ཤེས་ངོ་བོ་ནི།། ཤེས་རབ་དང་ནི་སྙིང་རྗེའོ།། ་སྤང་བྱ་བཞི་ཤེས་ངོ་བོ་ནི།། ཤེས་རབ་དག་ཏུ་འདོད་པ་ཡིན།། མཚན་ཉིད་བཞི་ལ་བདག་མེད་གཉིས།། ཤེས་པ་བླང་བྱའི་མཚན་ཉིད་དོ།། གང་ཟག་བདག་མེད་ཤེས་པ་ནི།། སྤང་བྱའི་བཞི་ཤེས་མཚན་ཉིད།། ས་མཚམས་གནས་སྐབས་དེ་ལྟར ་གནས།། རྫོགས་པ་བརྒྱད་པོ་ས་ནའོ།། མཐར་ཐུགས་སངས་རྒྱས་ས་ནའོ།། ཟློས་སྤོངས་ལམ་དུ་བཤད་པས་ཤེས།། བྱེད་པ་ཉོན་མོངས་སྒྲིབ་པ་སྤོངས།། དེ་ནི་མཁྱེན་གསུམ་བསྡུས་དོན་ཡིན།། རྣམ་ཀུན་མངོན་རྫོགས་དེ་བཞིན་དྲུག། ་དབྱེ་བ་ཡུལ་གྱི་རྣམ་གཉིས་སོ།། གནས་སྐབས་ཀྱིས་ནི་བཅུ་གཅིག་གོ།། ངོ་བོ་ཤེས་རབ་སྙིང་རྗེའོ།། མཚན་ཉིད་མ་ལུས་སྐྱེད་པའོ།། ས་མརྫམས་ཚོགས་ལ་མ་ཆུང་ངུ་ནས།། རྫོགས་པ་བརྒྱད་པའི་ས་ནའོ།། མཐར་ཐུགས་སངས་རྒྱས ་ས་ནའོ།། ཟློས་སྐྱོང་མཁྱེན་གསུམ་མཚན་ཉིད་ནས།། འདིར་ནི་རྒྱུད་ལ་བསྐྱེད་པ་ནས།། ཞིང་དག་ཐབས་མཁས་བྱེད་པའོ།། རྩེ་མོ་མཐར་གྱིས་སྐད་ཅིག་མ། གསུམ་ཡང་དྲུག་དྲུག་ཤེས་པར་བྱ།། རྩེ་མོའི་དབྱེ་བ་དྲུག་གམ་བདུན།། ་པོ་ལྷག་མཐོང་ཞི་གནས་སོ།། མཚན་ཉིད་ཕུལ་དུ་བྱུང་བའོ།། སྤང་བྱ་སྦོང་པོར་བྱེད་པའོ།། ས་མཚམས་དྲོད་ཆེན་རྣམ་གྲོལ་ནས་ཁར་ཆད་མེད་པའི་ལམ་ན་ཡོད།། བར་ཆད་མེད་པའི་ཆནས་བཤད།། སྐད་ཅིག་བྱང་ཆུབ་རྒྱུ་ཡི ་ཆོས།། སྐད་ཅིག་གཅིག་ལ་རྫོགས་པས་མ།། ཟློས་པའི་སྐྱོན་དང་བྲལ་བ་ཡིན།། མཐར་གྱིས་དབྱེ་བ་དེ་བཞིན་ནོ།། ངོ་བོ་དེ་བཞིན་མཚན་ཉིད་ནི།། མཁྱེན་གསུམ་རིམ་གྱི་སྒོམ་པ་ཡིན།། ཁ་ཅིག་ན་རེ་བསྒྱུར་ཡིན་ཟེར།། གཞུང ་ལས་སྔ་མ་དག་ནིགས་ལྔ།། རྩེ་མོ་མ་ཐོབ་ཐོབ་བྱེད་དང་།། བརྟན་པར་བྱེད་པ་བྱེད་པ་ཡིན།། ཐོབ་བྱེད་ས་མཚམས་དྲུག་ནས་ཡོད།། རྟེན་པར་བྱེད་པའི་ས་མཚམས་ནི།། དྲོད་ཆེན་ཁྱད་པར་ལམ་ན་ཡོད།། འདིར་ནི་ཕ ་རོལ་ཕྱིན་པ་དྲུག། རིམ་པའི་ཆནས་བཤད་པ་ཡིན།། གཞན་དུ་དེ་ལྟར་མ་བཤད་པས།། སྔར་བཞིན་ཟློས་པའི་སྐྱོན་དང་བྲལ།། མཐར་གྱིས་པ་ནི་རྣམ་གཉིས་སྟེ། རྩེ་མོ་ཐོབ་པར་བྱེད་པ་དང་།། ཐོབ་པ་བསྟན་པར ་བྱེད་པ་ལས།། སེང་གེ་བཟང་པོ་རྟེན་བྱེད་ནི།། འབའ་ཞིག་གསལ་བར་བཤད་པ་ཡིན།། སྐད་ཅིག་དབྱེ་བ་རྣམ་བཞི་སྟེ། གཞུང་ནས་གསལ་བར་བཤད་པ་ཡིན།། ངོ་བོ་ཞི་གནས་ལྷག་མཐོང་ངོ་།། སྐད་ཅིག་གཅིག་ལ ་རྒྱུ་ཡི་ཆོས།། དཀར་པོ་ཐམས་ཅད་རྫོགས་པ་ནི།། མཚན་ཉིད་དག་ཏུ་འདོད་པ་ཡིན།། ས་མཚམས་དག་ནི་སྭཱ་བཅུ་ཡིས།། བར་ཆད་མེད་པའི་ལམ་ན་ཡོད།། ཁ་ཅིག་རྣམ་གྲོལ་ཡཱ་མ་ན་ནི།། ཡོད་དོ་ཞེས་ཀྱང་ཟེར་བ ་ཡོད།། བྱེད་པ་ཆོས་སྐུ་བསྐྱེད་པའོ།། ཟློས་སྤོང་སྔར་ནི་སྤངས་ཟིན་ནོ།། ཆོས་སྐུའི་འོག་ནས་སྟོན་པའོ།། དེ་ནི་ཤིན་ཏུ་བསྡུས་དོན་ནོ།། དེ་ཉིད་རྒྱས་པར་བཤད་པ་ལས།། དང་པོ་སེམས་བསྐྱེད་བཤད་པ་ནི།། དབྱེ་དང ་དེ་ཡིས་རྒྱུ་མཚན་དང་།། ངོ་བོ་མཚན་ཉིད་ས་མཚམས་དང་།། བྱེད་པ་དང་ནི་ཟློས་སྐྱོན་མེད།། དེ་ཡི་རྒྱུ་དང་བཅུ་རུ་འདོད།། དབྱེ་བ་སྨོན་འཇུག་རྣམ་གཉིས་དང་།། ཡང་ན་ཉི་ཤུ་གཉིས་སུ་འདོད།། བླངས་དང་ཆོས་ཉིད ་ཐོབ་ལ་སོགས།། མདོ་སྡེ་རྒྱན་ལ་སོགས་ནས་བཤད།། སྨོན་ལ་དབྱེ་བ་མེད་པ་སྟེ།། འཇུག་ལ་དབྱེ་བ་ཞེས་བྱའོ།། ཤེས་རབ་འབྱུང་གནས་བློ་གྲོས་ཟེར།། སེམས་བསྐྱེད་དང་པོ་སྨོན་པ་སྟེ།། ལྷག་མ་འཇུག་པ་དབྱེ་བའོ་ཞེས།། ལྷ ་ཨི་དབང་པོ་བློ་གྲོས་ཟེར།། དབྱེ་བའི་རྒྱུ་མཚན་གྲོགས་ཡིན་ཞེས།། སེང་གེ་བཟང་པོས་གསལ་བར་བཤད།། དམིགས་པ་ཡུལ་གྱིས་དབྱེའོ་ཞེས།། འཕགས་པ་རྣམ་གྲོལ་བཞེད་དོ་ཟེར།། དང་པོ་ངོ་བོའི་སྒོ་ནས་དབྱེ།། ལྷ་མ ་གྲོགས་ཀྱིས་ཤཱན་ཏི་གསུངས།། ཚོགས་ནཱ་གསུམྦྷ་སྟེ་སྦྱོར་ན་གཅིག། ས་བཅུ་ན་ནི་བཅུ་ཡིན་ཏེ།། ལྔ་ནི་ཁྱད་པར་ལམ་ན་ཡིན།། གསུམ་ནི་སངས་རྒྱས་ས་ནའོ།། ཁ་ཅིག་ས་མཚམས་མེད་དོ་ཞེས།། འདོད་པ་མདོ་སྡེ་རྒྱན་དང ་འགལ།། ཁྱད་པར་ཅན་ལ་དམིགས་པ་ཡིས།། ཡིད་ཀྱི་རྣམ་ཤེས་ངོ་བོར་འདོད།། གཞན་གྱི་དོན་དུ་སངས་རྒྱས་འདོད།། མཚན་ཉིད་དུ་ནི་བྱམས་པས་བཤད།། ཟློས་སྤོངས་འོག་ཏུ་བཤད་པར་བྱ།། བྱེད་པ་རྣམ་པ་ལྔ་རུ་སྟེ།། ། ་རྣམ་པར་སྨིན་དང་རྒྱུ་མཐུན་དང་།། དབང་དང་བྲལ་དང་སྐྱེས་བུའོ།། རྒྱ་ནི་རྣམ་པ་མང་ཡང་ནི།། གཙོ་བོའི་རྒྱུ་ནི་སྙིང་རྗེ་སྟེ།། མངོན་སོ་ཡང་དག་གསལ་བར་བཤད།། གདམས་ངག་རྣམ་པ་ཁྱད་དུ་སྟེ།། དབྱེ་བ་ཡུལ ་གྱི་བཅུ་ཡིན་ནོ།། བྱེད་པས་དབྱེན་གཉིསུ་སྟེ།། གདམས་དང་རྗེས་སུ་གདམས་པའོ།། ངོ་བོ་ངག་གི་འཁོར་ལོ་ཡིན།། གཞན་སློབ་ལ་འདོན་མཚན་ཉིད་དོ།། མ་ཐོ་བ་ཐོབ་དང་ཐོབ་མི་ཉམས།། འདི་ཡིས་བྱེད་པ་ཡིན་པར་འདོད།། སེམས་བསྐྱེད་ནས་ཀྱིས ་བཅུའི་བར།། འདི་ཡིས་ས་མཚམས་ཡིན་པར་གསུངས།། ཚོགས་ན་གསུམ་སྟེ་སྦྱོར་ན་ལྔ།། མཐོང་སྒྲོམས་གཉིས་ན་རེ་རེ་སྟེ།། གོ་རིམ་བཞིན་དུ་ཡིན་ནོ་ཞེས།། དེ་སྐད་ཁ་ཅིག་འདོད་པ་ཡོད།། གོ་རིམ་སྐྱེ་བའི་རིམ་པ་ཡིད།། འདི་ཙམ་གྱིས་རྫོགས ་གྲངས་ངེས་སོ།། འདི་དང་ལམ་ཤེས་གཉིས་སུ་ཡང་།། བསྒྲུབ་པ་གཉིས་བཤད་པ་ཡང་།། ཉན་དང་སྒོམ་པའི་ཆ་ནས་ནི།། བསྟན་པས་ཟློས་སྐྱོན་མེད་པའོ།། ངེས་འབྱེད་དབྱེ་བ་རྣམ་བཞི་ཡིན།། ས་མཚམས་སྦྱོར་ལམ་པོ་ན་སྟེ།། བྱེད་པ་མཐོང ་ལམ་བཤད་པཱ་ཡིན།། ངོ་བོ་དབང་ལྔ་སྟོབས་ལྔ་ཡིན།། སྒོམ་བྱུང་ཤེས་རབ་ཡིན་ཞེས་བཤད་།། ལམ་ཤེས་ངེས་འབྱེད་ཉན་ཐོས་ཀྱི།། རྣམ་ཀུན་ངེས་འབྱེད་ཀུན་རྫོབ་ཀྱིས།། འདི་ནི་དོན་དྲ་མ་ཆནས་ཏེ།། བསྟན་པས་ཟློས་སྐྱོན་མེད་དོ ་ཞེས།། བུད་དྷ་ཤྲཱི་ཛྙཱ་ན་འདི་འདོད།། ངེས་འབྱེད་བདེན་པ་རྟོགས་པ་སྟེ།། དེ་ཆ་སྡུག་བསྔལ་ཆོས་ཤེས་བཟོད།། དེ་དང་མཐུན་པ་མཚན་ཉིད་ཡིན།། སྦྱོར་ལྡམ་མོས་སྤྱོད་ཆ་མཐུན་ནི།། འདི་ཡི་མིང་གི་རྣམ་གྲངས་ཡིན།། རྟེན་གྱི་དབྱེ་བོ་དཀྱུས ་ན་གསལ།། ང་བོ་ཆོས་དབྱི་ས་ཡིན་ཡང་ནི།། དེ་ཡིས་འདོད་པ་མི་མཐུན་ནི།། ཡོན་ཏན་སྐྱེད་པ་མཚན་ཉིད་དོ།། ས་མཚམས་ཆོས་དྲུག་གསལ་བ་སྟེ།། བདུན་པོ་ཆོས་དྲུག་རེ་རེ་ལ།། ཡོད་པ་ཉིད་དུ་དཔྱད་ན་སྣང་།། དཔེར་ན་དྲོད་ཀྱི་བར་ཆན ་མེད།། གཉེན་པོའི་སྤྱོད་པ་རྣམ་ཀྱོ་བ་ནཱཾ།། ཡོངས་སུ་གདུག་པ་བཞི་པོ་ནི།། ཁྱད་པར་ལམཱ་ན་ཡོད་པའོ།། ཆོས་དྲུག་གཞན་ཡང་དེ་བཞིན་སྦྱོར།། འདིར་ནི་རང་བཞིན་དམིགས་པར་ནི།། འགྱུར་མ་བསྟན་པསུ་ཟློས་སྐྱོན་ཐག། ཕྱགས ་པ་རྣ་མ་གྲོལ་དེ་སྐད་གསུངས།། ཡོན་ཏན་སྐྱེད་པའི་བྱེད་པ་ཡོད།། དམིགས་པ་དབྱེ་བ་བཅུ་གཅིག་སྟེ།། གོ་རིམ་སྐྱེ་བའི་རིམ་པ་སྟེ།། འདི་ཙམ་ཁོ་ནས་དམིགས་རྫོགས་པས།། གྲངས་ཀྱང་བཅུ་གཅིག་ཁོ་ནས་བཤད།། དང་པོ་གསུམ་ནི་ཚོགས་ལོམ་དང་།། སྦྱོར་དང ་མཐོང་སྒོམ་མི་སློབ་ལམ།། བཞི་ལ་རིམ་བཞིན་གཉིས་གཉིས་སུ།། དཔྱད་པས་དེ་ལྟར་འདྲ་བར་སྣང་།། ངོ་བོ་ཆོས་ཀུན་མཚན་ཉིད་ནི།། སྤང་བླང་གཉིས་སུ་དམིགས་སོ་ཞེས།། སོང་གི་བཟང་པོའི་འགྲེལ་ཆེན་ནས།། ཁ་ཅིག་བཅུ་པོ་གསུམ་པོ་ལས།། ་གཉིས་བཞག་དགེ་བ་ལ་དམིགས་ནས།། དེ་ལ་གཉིས་ལས་ཕྱི་མ་ལ།། ལྷག་མ་ཀུན་ལ་དེ་ལྟར་འགྲོ།། འདི་རུ་དངོས་སུ་ཆེད་དུ་ནི།། བརྒྱུད་པའི་སྒོ་ནས་དམིགས་པ་ནི།། ཕོག་དང་སྦྱོར་བ་ལྟ་བུས་ནི།། ཟློས་སྐྱོན་མེད་ཅེས་རྣམ་གྲོལ་གསུངས།། ཆེད་དུ ་བྱ་བ་རྣམ་གསུམ།། ངོ་བོ་སེམས་ཅན་ཐམས་ཅད་ཡིན།། དེ་དོན་སྒྲུབ་པ་མཚན་ཉིད་ཡིན།། ས་མཚམས་དམིགས་པ་དེ་ལྟ་ནས།། གྲུབ་པ་སེམས་ཅན་སངས་རྒྱས་ན།། སེང་གེ་བཟང་པོ་འདོད་པ་ཡིན།། སྤོང་བ་རྡོ་རྗེ་ལྟ་བུ་ན།། སེམས་དཔའ ་དོང་རྟོགས་སངས་རྒྱས་ས།། བི་མི་མི་ཏྲ་རྒྱ་འགྲེལ་ནས།། ངོ་བོ་རང་ལ་སྦྱར་བ་དང་།། གཞན་ལ་སྦྱར་བས་མི་མཐུན་པས།། ས་མཚམས་དག་ཀྱང་མི་མཐུན་ནོ།། གོ་ཆའི་ངོ་བོ་བརྩོན་འགྲུས་ཏེ།། དབྱེ་ན་པཉྩི་ཀ་ནས་དྲུག། འདི་ནས་སུམ་ཅུ་དྲུག་ཏུ ་བཤད།། རེ་རེ་ལ་ནི་དྲུག་དྲུག་ཏུ།། དགེ་བ་སྒོམ་པ་མཚན་ཉིད་དོ།། ས་མཚམས་ཚོགས་ལམ་ན་ཡོད་ཅེས།། སློབ་དཔོན་ཆེན་པོ་ཕྱོགས་མེད་གསུང་། འདིར་ནི་མོས་པ་ཙམ་གྱིས་སོ།། འཇུག་པ་མངོན་འཇུག་ཟློས་སྐྱོན་མེད།། འཇུག་ལ་དབྱེ་དགུ ་དཀྱུས་ནས་གསལ།། ས་མཚམས་སྦྱོར་ལམ་ན་ཡོད་ཅེས།། སྔ་མ་བཞིན་དུ་ཐོགས་མེད་གསུང་།། ངོ་བོ་དབང་ལྔ་སྟོབས་ལྔའོ།། ཚན་ཉིད་པ་དྲུག་དྲུག་ལ།། དངོས་སུ་འཇུག་པར་བྱེད་པའོ།། ཚོགས་པ་སྒྲུབ་པ་བཅུ་བདུན་ཏེ།། ས་མཚམས ་གཟུང་ཚོགས་མན་ཆད་ནཾ།། ཆོས་མཆོག་མན་ཆད་དུ་རྫོགས་ཟིར།། གཉིས་ནི་མཐོང་སྒོམ་གཉིས་ནའོ།། ངོ་བོ་ཤེས་རབ་སྙིང་རྗེ་སྟེ།། མཚན་ཉིད་ཐམས་ཅད་མཁྱེན་པ་ཡི།། རྒྱུ་རྫོགས་པས་ནི་རྣམ་གྲོལ་གསུངས།། ངེས་འབྱུང་བརྒྱད་དུ་བཤང ་པ་ལས།། གྲངས་ངེས་ཡོད་པ་མ་ཡིན་ཡང་།། འཁོར་ཉེ་བ་ལ་དགོངས་རྒས་བཤད།། ངོ་བོ་ཤེས་རབ་སྙིང་རྗེ་སྟེ།། ངེས་པར་འབྱུང་བ་མཚན་ཉིད་ཡིན།། ས་བརྒྱད་ནས་ནི་སངས་རྒྱས་ས།། དེ་ནས་ཡོད་དེ་འགྲེལ་ཆེན་ནས།། ཁྱམས་པས་དཔེ་རུ ་བླངས་ནས་བཤད།། ཁ་ཅིག་སྒྲུབ་པ་ཡིན་པས་ན།། སངས་རྒྱས་ས་ན་མེད་ཅེས་ཟེར།། ཁ་ཅིག་སངས་རྒྱས་ས་ཁོ་ན།། ཡོད་དེ་སྣང་པ་ཡིན་པས་ན།། ཟེར་ཡང་དང་པོ་ཁོ་ན་འཐང་།། ཐམས་ཅད་མཁྱེན་པ་རྒྱས་ཕྱིར་དང་།། ལྷ་ཡི་ལོག་རྙོག་གསམ ་བ་དང་།། འདོད་ཆེན་མ་ཡིན་བྱིང་སེམས་ཀྱི།། ལམ་ནི་བསྟན་ཕྱིར་ལམ་ཤེས་བཤད།། མོག་མོག་པོར་བྱེད་ལ་སོགས་ལ།། ཁ་ཅིག་རྟེན་སོགས་ཐ་སྙད་འདོགས།། ལམ་གྱི་ཡན་ལག་བསྟན་ཏོ་ཞེས།། ཤེས་རབ་འབྱུང་གནས་བློ་གྲོས་ཟེར།། ་སྣོད་དུ་རུང་བར་བྱ་བའི་ཕྱིར།། འོད་ཀྱིས་མཚོན་ནས་ང་རྒྱལ་གཅག་བྱང་ཆུབ་ཁོ་ན་སེམས་བསྐྱེད་པས།། ཡུལ་ངེས་པ་སྟེ་དེ་ལ་རྩོད།། བྱང་ཆུབ་ཁོ་ནར་མི་འཐད་དེ།། རིགས་ལྔ་ཞེས་ནི་སྒྲུ་བས་ན།། རིགས་ལྔ་དྲང་དོན ་ཡིན་པས་ན།། ཁྱབ་པ་ཞེས་ནི་འཐད་པ་ཡིན།། འདོད་ཆེན་མ་ཡིན་བྱང་སེམས་ཀྱིས།། གཙོ་བོར་ཉོན་མོངས་མི་སྤོང་བྱས།། ཉོན་མོངས་མ་སྤངས་རང་བཞིན་ཡིན།། འོ་ན་བསྒྲུབ་པ་ནཱི་ཡིན་ཞེས།། ཟེར་བའི་ལན་དུ་སེམས་ཅན་ནི།། སྦྱིན་པར ་བྱད་པ་ལས་ཡིན་ནོ།། ཐེག་གཉིས་སྐོམ་ལམ་མི་འཆད་དེ།། རང་རང་སྔར་རྒྱུན་ཡིན་པས་གསལ།། བྱུང་སེམས་ལ་ནཱི་མཾ་བཤད་དེ།། ཤེས་ནས་འདའ་བར་བྱེད་པས་སུ།། སྒོམ་པ་མ་ཡིན་པས་མ་བཤད།། སྦྱོར་ལྡེམ་གསལ་ཏེ་མཐོང་ལམ ་ནི། བདེན་པ་བཞི་པ་དམིགས་ནས་སུ།། སྐད་ཅིག་བཅཝོ་ལྔ་བཅུ་དྲུག་ནི།། སྡེ་པ་རྣམ་གཉིས་འདོད་པཱ་ཡོན།། འདོད་པ་དམིགས་པ་ཆོས་ཀྱི་བཟོད།། ཁམས་གཉིས་ལྔ་དམིགས་རྗེས་སུ་བཟོད།། བཟོད་དང་ཤེས་པའི་ཁྱད་པར་ནི།། བར་ཆུད་མེད ་དང་རྣམ་གྲོལ་ཏེ།། དེ་ལྟར་བདེན་པ་རེ་རེ་ལ།། བཟོད་གཉིས་ཤེས་གཉིས་བརྒྱད་བརྒྱད་འོང་།། ཁ་ཅིག་ལམ་ནི་བཤད་པ་ནི།། ཤེས་པའི་དོན་སྡུག་བསྔལ་གཅིག་ནི།། རྒྱུད་ལ་སྐྱེད་པའི་དོན་ཡིན་ཟེར།། རྒྱུད་ལ་སྐྱེད་པ་མི་མཐུན་ཏེ།། ཁ་ཅིག ་མཐོང་བའི་ལམ་གཉིས་ནི།། དྲོད་དང་བཟོད་པ་ན་ཡོད་ཟེར།། ཁ་ཅིག་མཐོང་ལམ་ན་ཡོད་ཀྱང་།། ལྡོག་པའི་དབྱེ་བས་ཐ་དད་ཟེར།། དེ་ལྟར་མཐོང་ལམ་རྣམ་གསུམ་སྟེ།། གང་ཟག་བརྡ་དང་ཆོས་ཀྱི་བརྡ།། གཉིས་ཀའི་བརྡ་བསལ་མཐོང་བའི ་ལམ།། དེ་ཡིས་ཏེན་ནི་གླིང་གསུམ་གྱི།། མི་རིགས་གསུམ་དང་ལྷ་རིགས་དྲུག། ཡིན་ཞེས་བསྟན་བཅོས་ཆེན་པོར་བཤད།། ས་ནི་དྲུག་ལ་བརྟེན་ཞེས་ཀྱང་།། སྡེ་པ་རྣམ་གཉིས་འདོད་པའོ།། ཐེག་ཆེན་བསམ་གཏན་བཞི་པ་ལ།། བརྟེན་པ་ཡིན་ཏེ་བསྐྱེད། ་སྐུ་ཟེ་ར།། སྲུང་བྱ་ཐུན་མོང་དུ་བསྟན་པ།། རྟོག་པ་བརྒྱ་རྩེ་བརྒྱད་དང་ནི།། བ་རྩ་བཅུ་གཉིས་ཉོན་མོངས་སོ།། རིམ་གྱིས་སྤྱོང་པ་མ་ཡིན་ཏེ།། བྱར་ཆུད་མེད་པའི་ལམ་དུ་ནི།། ཐམས་ཅད་སྤང་ཤེས་ཐེག་ཆེ་ནཱ་གཞུང་།། རྣམ་གྲོལ་ལམ་གྱིས་སྟོང ་ཤེས་པ།། ཐེག་པ་ཆུང་ངུའི་འདོད་པ་ཡིན།། ངོ་བོ་ཞོ་གནས་ལྷག་མཐོང་ཡིན།། བྱང་ཆུབ་ཡན་ལག་བདུན་བཤད་པ།། ཞི་གནས་ལྷག་མཐོང་ངོ་བོ་ཡིནཱ།། མཚན་ཉིད་མ་མཐོང་མཐོང་བ་སྟེ།། ཆོས་ཀྱི་དབྱིངས་ལ་དམིགས་པའོ།། མཐོང་ལ་མ ་རྗེས་ཤེས་མེད་དོ་ཞེས།། ཟེར་པ་ཡོད་དེ་གཞུང་དང་འགལ།། ཤེས་པ་དུས་རྫོགས་ཟེར་བའི་ལན།། ཐེག་ཆེན་འདོད་པ་སྐད་ཅིག་མ།། བཅུ་དྲུག་གིས་ནི་རྫོགས་སོ་ཞེས།། བསྟན་པ་རྣམ་གཞག་སྤྲོས་པ་ཡིན།། སྐད་ཅིག་མ་ནི་གཅིག་གམ་གཉིས། ་རྫོགས་པ་དོན་དམ་རིགས་པ་ཡིན།། བཟོད་གཉིས་གཟུང་འཛིན་གཉིས་སུ་ནི།། རིམ་པ་བཞིན་དུ་མེད་པ་རུ།། རྟོགས་པ་ཡིན་ཞེས་སེང་བཟང་གསུངས།། བཟོད་པ་ཞེས་པ་སྔ་མ་བཞིན།། བཟོད་པ་མ་དག་ཤེས་པ་ནི།། བདེན་པ་དག་ལ་དམིགས ་པའོ།། མཐོང་ལམ་བསྡུས་པ་དེ་ཙམ་མོ།། སྒོམ་ལམ་བྱེད་པ་དྲུག་ཀྱང་ནི།། གྲངས་ངེས་གོ་རིམ་ཡོང་མ་ཡིན།། ཟག་བཅས་ཟག་མེད་གཉིས་ཀ་ཡིས།། བྱེད་པ་ཡིན་ཞེས་སེང་བཟང་གསུངས།། ཟག་མེད་ཁོ་ནའི་ཡིན་ཞེས་པ།། ཤཱན་ཅི ་པ་ཡིས་འདོད་པ་ཡིས།། དང་པོར་བཤད་པ་ལྟུང་བ་དང་།། འབྲས་ལ་ཟོད་པ་ཡིན་པས་སུ།། སྒོམ་ལམ་རྣམ་གཉིས་ཟག་བཅས་དང་།། ཟག་པ་མེད་པའོ་ཟག་བཅས་ནི།། ཤྱེ་ན་རྣམ་གསུམ་ཁོ་ན་སྟེ།། སྦྱོར་དང་དངོས་བཞི་རྗེས་ཀྱིས་སུ།། ་ཡང་ན་བསོད་ནམས་བསོགས་པ་དང་།། བསྒྱུར་དང་སྤེལ་བར་བྱེད་པས་སོ།། ངོ་བོ་ཀུན་རྫོབ་ཤེས་པ་སྟེ།། མཚན་མ་ཕྲ་མོ་ཡོད་པས་སུ།། ཟག་བཅས་བརྗོད་པ་མཚན་ཉིད་ཡིན།། ཁ་ཅིག་དམིགས་པ་ཟག་བཅས་ཟེར།། སྐྱེ་བའི་རིམ་པ་གོ་རི་མ་ཡིན། ་དེ་ལ་མོས་པའི་སྤྱོད་ཡུལ་ནི།། ཤེས་རབ་ཡིན་པས་མཚོན་པ་སྟེ།། ཕ་རོལ་ཕྱིན་པ་གཞན་ཡང་ཡིན།། ངོ་བོ་བདུན་པ་ཡིན་ཞེས་ཟེར།། ལ་ལ་ཤེས་པ་ཟེར་བ་ཡོད།། གཉིས་ནས་ས་བཅུའི་བར་གྱི་ནི།། རྗེས་ན་ཡོད་པ་ས་མཚམས་ཡིན།། དབྱེ་བ ་རང་བཞིན་གཉིས་ཀ་ལ།། ལྟོས་པས་དགུ་མཚན་གསུམ་ཡིན་ནོ།། བྱེད་པོ་བསྟོད་བཀུར་བསྔགས་གསུམ་ནི།། རང་དང་གཉིས་ཀ་བཞན་གྱིས་ལ།། རིམ་པ་བཞིན་དུ་སངས་རྒྱས་གསུམ། ས་བཞི་ས་བདུན་ས་བཅུ་ཡིས།། བར་དུ་མོས་པ ་གསུམ་པོ་ནི།། གོ་རིམ་བཞིན་དུ་སྦྱར་བ་ནི།། ནང་ཚུན་གྱིས་ནི་ས་མཚམས་སོ།། བསྔོ་བ་བཅུ་གཉིས་གྲངས་ངེས་མེད།། ལྡོག་པའི་བྱེ་བྲག་གིས་སུ་བཤད།། དྲོ་བོ་སྨོན་ལམ་མཚན་ཉིད་ནི།། དེ་ལྟར་འདོད་པ་སྨོན་པའོ།། བསོད་ནམས་མི་ཟད་བྱེད ་པ་ཡིན།། ས་མཚམས་ས་དགུའི་རྗེས་ཤེས་ནའོ།། རྗེས་སུ་ཡི་རང་ངོ་བོ་ནི།། སེམས་བྱུང་ཤེས་རབ་དག་པའོ།། མཚན་ཉིད་གསལ་ཏེ་བྱེད་པ་ནི།། གཞན་གྱིས་བྱས་པའི་དགེ་བ་ལ།། བསོད་ནམས་མཉམ་པོར་ཐོབ་ཅེས་པ།། ཟེར་ཏེ་དོ ་བས་རང་གི་སྔར། བྱས་པ་ལ་ཡང་ཡི་རང་བས།། བསོད་ནམས་སྦྲེལ་བར་བྱེད་པ་ཡིན།། དབྱེ་བ་དྲོན་དམ་ཀུན་རྫོབ་ཏུ།། འདོད་པ་ཤཱནྟི་སེང་བཟང་ནི།། གཉིས་ཀ་ཚང་ན་ཡིན་པས་ན།། དེ་གཉིས་དབྱེ་བར་མི་བཞེད་དོ།། ས་མཚམས་ས་དགུའི་རྗེས ་ན་ཡོད།། ཟག་མེད་རྣམ་གཉིས་བསྒྲུབ་པ་ནི།། ལྡོག་པའི་བྱེ་བྲག་གིས་སུ་བཞི།། གྲངས་ངེས་གོ་རིམ་ཡོད་པ་ཡིན།། ས་མཚམས་ས་དགུའི་མཉམ་གཞག་གིས།། བར་ཆད་མེད་པའི་ལམ་ན་ཡོང་།། ངོ་བོ་ཞི་གནས་བྷ་ག་མཐོང་སྟེ།། དག་པ་སྐྱེད ་པར་བྱེད་པའོ།། ཟློས་པ་གདམས་ངག་སྐབས་སུ་བཤད།། འབོད་པས་སྒྲུབ་པ་མཚན་ཉིད་དོ།། དག་པ་ཐོབ་རྒྱུ་མི་ཐོབ་རྒྱུ།། དངོས་ལ་སྤྱི་དང་བྱེ་བྲག་གཉིས།། བྱེ་བྲག་རྣམ་བཞི་ཉན་ཐོས་དང་།། རང་རྒྱལ་བྱང་སེམས་སངས་རྒྱས་སོ།། ས་མཚམས་ས་གཉིས ་སངས་རྒྱས་སུ།། ངོ་བོ་སྒྲིབ་པ་བྲལ་བ་སྟེ།། བྱེ་བྲག་མཚན་ཉིད་དཀྱུས་ན་གསལ།། གཞི་ཞེས་བསྟན་པར་བྱ་བ་ནི།། རྐང་པ་གཉིས་ཀྱིས་ངོ་བོ་བསྟན།། བཞི་ཡིས་གཞི་ཞེས་དབྱེ་བ་སྟེ།། ལྷག་མ་བཞི་ཞེས་དངོས་ཡིན་ཞེས།། དེ་སྐད་ཐ་སྙད་འདོག ་པ་ཡོད།། གཞི་ཤེས་གདྡྷི་ས་ཀ་བསྟན་ཀྱང་མཱི། སྒོམ་ལམ་སྦྱོར་བ་ཟེར་བའང་ཡོད།། བླུང་བྱཱ་གཙེ་རྱ་བསྟན་ཞེས་པ།། སློབ་དཔོན་ཆེན་པོ་སང་བཟང་གསུངས།། དོར་བྱ་གཙོ་བོར་བསྙེན་པ་ནི།། སློབ་དཔོན་བུད་དྷཱ་ཤྲཱི་ཛྙཱ་གསུངས།། སྦྱོར་བ ་རྣམ་བཅུར་བསྟན་ཀྱང་ནི། གྲངས་ངེས་གོ་རིམ་ངེས་པ་མེདདོ།། སྦྱོར་ཡུལ་བཞི་ཡིན་སྦྱོར་བ་དངོས།། གསུམ་ཡིན་གཉིས་འབྲས་གཅིག་དཔེ་ཞེས།། དེ་སྐད་སྡུད་པར་བྱེད་པ་ཡོད།། མཐོང་ལམ་ན་ཡོད་ཁ་ཅིག་ཟེར།། སྐོམ་ལོ་མ་སྦྱོར ་བ་ཟེར་འང་ཡོད།། ལ་ལ་སྦྱོར་ལམ་ན་ཡོད་དེ།། སྦྱོར་ལམ་མ་བསྟན་གསུང་བ་ནི།། བཞི་རུ་མྱ་བསྟན་ལ་དགོངས་གསུངས།། ཟློས་སྐྱོན་སྔར་སྤངས་ངོ་བོ་ནི།། རྗེས་ཀྱིས་ལྷག་མཐོང་སྙིང་རྗེ་ཡིན།། རློམ་མེད་རྣམ་བཞི་བསྟན་པ ་ཡཱ།། སེང་བཟང་འདོད་པ་དཀྱུས་ན་སྔ་གསལ།། གཟུགས་ལ་གཟུགས་ཀྱིས་གཟུགས་སུ་དང་།། བདག་གིར་རློམ་སེམས་མི་བྱེད་པ།། རྣམ་གྲོལ་ཤཱན་ཏི་རྣམ་གཉིས་བཞེད།། ས་མཚམས་སྦྱོར་བཞིན་དྲོ་བོ་ནི།། ཤེས་རབ་ཡིན་ཏེ་བཅུ ་བློ་ཡིས།། རེ་རཱི་ལ་ཡང་བཞི་བཞི་ཡི།། རྣམ་ཡོད་ཅེས་པ་སྐྱོབ་དཔོན་ནི།། ཤེས་རབ་འབྱུང་གནས་བློ་གྲོས་ཟེར།། མཐོང་ལམ་བསྡུས་དོན་སྔར་བཤད་དེ།། འདི་རུ་བཤད་པའི་ཁྱད་པར་ནི།། བཞི་པ་སྐྱེ་བའི་ཚུལ་དང་ནི།། མཐུན་མོང་མ ་ཡིན་ཚུལ་གྱིས་སུ།། བསྟན་ཏོ་ཞེས་ནི། བརྗོད་པ་ཡོད།། དོར་བའི་ཚུལ་ནས་བསྟན་ཏཱཾ་ཞེས།། སེང་གེ་བཟང་པོ་དེ་སྐད་གསུངས།། སྒོམ་ལེམ་མི་བསྟོན་རྩཝ་མཚན་ནི།། སྔར་བསྟན་ཟིན་ཏེ་སྦྱོར་ལམྦ་ནི།། བྱུང་སེམས་ཐམས་ཅད ་མཁྱེན་ལྔ་ལྟོས།། ཉན་ཐོས་ལམ་ཤེས་སུ་བསྟན་ཏོ།། རྣམ་ཀུན་མངོན་རྫོགས་ཡུལ་གྱིས་གཉིས།། ཤེས་དང་ཤེས་བྱེད་རྣམ་གཉིས་སོ།། ཡང་ན་ཤེས་པའི་རྒྱུད་ཐེན་པ།། རྣམ་ཀུན་ཤེས་བྱ་བླང་བའི་རིམ།། རྟེན་དང་བརྟེན་པ་འབྲས ་དང་ལོ།། ཤེས་བྱ་རྣམ་པ་བརྒྱད་དང་ནི།། བདུན་ཅུ་རྩ་གསུམ་བསྟན་པ་ཡི་ངེས་ཡོད་མ་ཡིན་ཡང་།། མཁྱེན་པ་གསུམ་ལ་བསྟན་ནས་ནི།། རེ་ཞིག་དེ་ཙམ་ཞིག་བརྗོད་དོ།། གོ་རིམ་སྐྱེ་བའི་རིམ་པ་སྟེ།། ས་མཚམས ་ལམ་ནི་ལྡ་ན་ཡོད།། ཅེས་ཤེས་སློབ་དཔོན་སྟེང་བཟང་གིས།། ཡེ་ཤེས་ཚོགས་ནི་ཉི་ཤུ་ཡང་།། ཁམ་ནི་ལྔ་ཀར་སྦྱར་བས་སོ།། ངོ་བོ་འདོད་པ་མི་མཐུན་ཏེ།། རྣལ་འབྱོར་རྒྱུད་ལ་སྐྱེ་བ་དང་།། བདེན་བཞིའི་རྣམ་པ་ཡིན་ཞེས་དང་།། ཉན་ཐོས་བྱང ་སེམས་སངས་རྒྱས་ཀྱི།། ཡེ་ཤེས་ཡིན་ཞེས་འདོད་པ་གསུམ།། རྣམ་པར་རྒྱས་དང་མཁྱེན་པར་བསྡུས།། ཡང་ན་གཏཱན་ལ་དབབ་པ་དང་།། བསྐྱེད་པའི་རིམ་པས་བསྟོན་པས་ནཱ།། ཟློས་པའི་སྐྱོན་དང་བྲལ་བ་ཡིན།། ཉམས་ལེན་མཉ ་པར་བཞག་པ་དང་།། རྗེས་ཀྱི་དུས་སུ་ཉམས་ལེན་ནོ།། མཉམ་གཞག་སྦྱོར་བ་ཉྫི་ཤུ་སྟེ།། དེ་ཡིས་ཡིན་ཏན་བཅུ་བཞིའོ།། བཞི་བཅུ་རྩ་དྲུག་སྦྱོར་བའི་སྐྱོན།། སྦྱོར་བའི་མཚན་ཉིད་དགུ་བཅུ་གཅིག། སྦྱོར་བའི་ངོ་བོ་ཞི་གནས་དང་། ་ཤེས་རབ་ཡིན་ཏེ་ཟླས་པའི་སྐྱོན།། མེད་དེ་སྦྱོར་བ་རྣམ་བཅུ་རུ།། རྗེས་ཀྱི་ཆ་ནུས་འདི་རུ་ནི།། མཉམ་གཞག་ཆ་ནས་བསྟན་པས་སོ།། དོན་ལ་ཟླསོ་སྦྱོར་མཚན་ཉིད་དེ།། དང་པོ་གཉིས་ནརི་སྦྱོར་བ་དངོས།། གསུམ་ནི་འབྲས་ཡིན་ཡང་ན ་ཡུལ།། བཅོ་ལྔ་ས་མཚམས་བསྒོམས་ནས་ཏྱེ། རྒྱུ་མཚན་དེས་ནི་ཉི་ཤུའོ།། ཁ་ཅིག་ས་མཚམས་འདི་ལྟར་འདོད།། ལྔ་ནི་ཀུན་ན་གཅིག་གི་ཚོགས།། ལུང་བསྟན་སྦྱོར་ལམ་ཕྱིར་མ་ལྡོག། སྣ་བདུན་མན་ཆུད་ངེས་འབྱུང་ནས།། ་གསུམ་ནི་བརྒྱད་ནས་ས་བཅུའི་བར།། གཞན་དོན་ཡན་ཆད་སངས་རྒྱས་སོ།། ལ་ལ་དེ་ལ་གཞན་དུ་འདོད།། ཡོན་ཏན་ས་མཚམས་ངེས་མེད་དེ།། མདོ་ལས་ཀུན་ལོ་ཡོད་པར་སྣང་།། སྦྱོར་བའི་ཕན་ཡོན་ཡིན་པས་སོ།། སྦྱོར་བའི ་རྗེས་ལ་འབྱུང་བའོ།། རླུངས་ངེས་མེད་དོ་བྱ་བ་ནི།། ཕྱིན་ཅི་མ་ལོག་ཕན་ཡོན་ནོ།། སྐྱོན་སྤངས་ས་མཚམས་ངེས་པ་མེད།། སྤྱིར་ནས་བརྒྱུད་མན་ཆད་དུ།། སྐྱོན་འབྱུང་ཞེས་ནི་མདོ་ལས་བཤད།། དེ་ཚེ་སྤངས་ནས་སྒོ ་ཞེས་ཟེར།། ལཱ་ལ་སྒོམ་པ་ནོར་ལས་ཟེར།། མདོར་ན་སྐྱོན་དང་ཡོན་ཏནཱ་ནི།། ཤེས་པར་བྱས་ནས་བསྒོམ་པ་ཡིན།། མཚན་ཉིད་དགུ་བཅུ་རྩ་གཅིག་པ་ཀྱང་།། གྲངས་ངོས་མེད་ཀྱང་འཁོར་གྱི་ངོར།། དེ་ཙམ་ཁོ་ན་བཤད་པ་ཡིན།། གོ ་རཱིརི་མ་སྐྱེ་བའི་རིམ་པ་སྟེ།། སྐྱེ་བའང་རགས་པ་ཁོ་ན་སྟེ།། ས་མཚམས་སྦྱོར་བའི་རྗེས་ན་སྟེ།། མཉམ་གཞག་དུས་ནའང་འདོད་པ་ཡོད།། མཚན་ཉིད་རྫོགས་པ་སངས་རྒྱས་ས།། ཆ་མཐུན་དེ་ལྟའི་གནས་སྐབས་ནས།། འདི་ནི་སྦྱོར་བའི་མཚན ་ཉིད་དོ།། རྣམ་པ་ཟེར་བས་ཡོད་ཀྱང་དེ།། གཞུང་ནས་སྔ་མ་གསལ་བ.རཱ་བཤད།། མཚན་ཉིད་ལ་ཡང་མི་ལ་ཡོ་པ་ཡིན་མཚན་ཉིད་དང་།། གཏན་ཚིགས་དག་ཏུ་འདོད་པའོ།། དེ་ཡང་སྦྱོར་བསྐོར་གཅིག་དང་།། སོ་སོར་འདོད་པ ་ཐ་དད་དོ།། ཕྱིན་ཅི་མ་ལོག་དཔོག་པ་དང་།། སྦྱོར་བ་སོ་སོར་དཔོག་པ་ཡིན།། གྲཏན་ཆགས་དག་ཀྱང་ཐ་དད་དེ།། པའི་ཁྱད་པར་བྱེད་པ་ནི།། འབྲས་བུའི་གཏན་ཚིགས་ངོ་བོ་ནི།། རང་བཞིན་གཏན་ཚིགས་འདོད་པ་ཡོད།། ཤེས་རབ་འགྱུང ་གནས་བློ་གྲོས་ནི།། ཁྱད་པར་དག་ཀྱང་རང་བཞིན་ཟེར།། ཁ་ཅིག་བྱེད་ཡིན་གཞན་མིན་ཟེར།། གསུམ་ཀ་གཏན་ཚིགས་གཅིག་ཏུ་ནི།། བྱེད་པ་ཡོད་དེ་མི་འཐད་དོ།། སྦྱོར་བ་དཔག་པའི་དགོས་པ་ནི།། བརྩོན་འགྲུས་ཆེར་ནི་འཇུག་པ ་།། མཐར་གྱིས་བསྒོམ་པའི་མངོན་རྟོགས་པ།། ཁན་ཞེས་འདོད་པ་ཐ་དད་དོ།། བརྗོད་པ་མང་བ་དེ་ཙམ་མོ།། ཐར་ད་ས་འབྱད་ཀྱིས་མཚོན་ནས།། རྗེས་ལ་ཉམས་སུ་བླང་བ་བཤད།། ར་བྱའི་ཏེན་ནི་གླིང་གསུམ་མེ།། ཐོས་བསམ་ས་ཡན། ་ངོ་བོ་ནི།། དད་ལ་སོགས་པ་རྣམ་པ་ལྔ།། ཤཱནྟི་ས་དང་སོགས་དབྱེ་བར་བྱས།། ཚོགས་ལ་མཱ་ཆེན་འབྲིང་རྣམ་གསུམ་དུ།། སེང་གེ་བཟང་པོའི་དབྱེ་བ་ཡིན།། མི་སྐྲག་མཽ་དང་མི་ཞུམ་པ།། ཚེ་འབྲིང་གསུམ་གྱི་རྟགས་སུ་བཤད།། མྱ་ངན་འདས ་པ་ཐར་པ་སྟེ།། དེ་ཡིས་ཆ་ནི་སྡུག་བསྔལ་བཟོད།། དེ་དང་མཐུན་པ་ངེས་པ་ཡིན།། དེ་ཉིད་སྦྱིན་པ་ལ་སོགས་ལ།། མི་དམིགས་པས་ནི་ཟིན་པ་སྟེ།། ཐར་པའི་ཆ་མཐུན་མཚན་ཉིད་ཡིན།། ངེས་འབྱེད་བསྡུས་དོཉ་སྔར་བཤད་པས།། རྗེས ་ཀྱི་ཉམས་བླངས་འབའ་ཞིག་བཤད།། དམིགས་པ་སེམས་ཅན་ཐམས་ཅད་དེ།། ཆུང་ངུའི་ནོམ་པ་མཉམ་དང་བྱམས།། འབྲིང་ཀི་རྣམ་པ་ཕམ་པ་དང་།། ཁོང་ཁྲོ་མོད་དང་མི་ཆ་གསུམ།། ཆུང་ངུའི་རྣམ་གཉིས་ཚེ་འདི་ལ།། གཞན་ལ ་འཚེ་བར་མི་བྱེད་པ།། འབྲིང་གི་རྣམ་གསུམ་ཕྱི་མ་ལ།། གཞན་ལ་ཕན་པར་བྱེད་པའོ།། ཆེན་པོའི་ཕ་ལ་སོགས་པ་སྟེ།། འདི་དང་ཕྱི་མ་གཉིས་ཀ་ལ།། ཕན་པར་བྱེད་པ་ཁོ་ནའོ།། རྩེ་མོ་ཆུང་ངུའི་མི་དགེ་ལས།། ལྡོག་པ་བདག་སྤོང་གཞན་འཇུག ་།། འབྲིང་གི་སྦྱིན་སོགས་དགེ་བ་ལ།། བདོག་དང་གཞན་དག་སྦྱོར་བ་དེ།། གཞན་བདེའི་རྒྱུད་ལ་སྦྱོར་བའོ།། ཆེན་པོའི་བདག་ཀྱང་སྟོང་སྒོམ་ཞིང་།། གཞན་ལ་སྦྱོར་ཏེ་གཞན་དག་ལ།། ཕྱིན་ཅི་ལོག་ནི་སྤོང་བ་མེད།། བཟོད་པ་ཆུང་ངུའི། ་བདེན་བཞི་ལ།། བདག་དང་གཞན་དག་སྦྱོར་བ་དེ།། གཞན་ནི་འཕགས་ལམ་སྦྱོར་འདོད་པའོ།། འབྱིང་ནི་རྒྱུན་ཞུགས་ལ་སོགས་ལྔ།། ཤེས་ཤིང་མངོན་དུ་མི་བྱེད་ལ།། བདག་དང་གཞན་དག་སྦྱོར་བ་སྟེ།། གཞན་དག་འབྲས་བུར་སྦྱོར། ་འདོད་པའོ།། ཆེན་པོའི་བྱང་ཆུབ་སྐྱོན་མེད་ལ།། བདག་གཞོན་སྦྱོར་ཏེ་གཞན་དག་ནི།། སངས་རྒྱས་ལ་ནི་སྦྱོར་འདོད་པའོ།། ཆོས་མཆོག་ཆུང་ངུའི་སེམས་ཅན་ནི།། སྦྱིན་པར་བྱེད་དེ་དོན་ལ་ནི།། ཐེག་པ་གསུམ་ལ་དགོད་པའོ།། འབྲིང་གི་བདག ་གཞན་གཉིས་ཀ་ཡང་།། བྱང་ཆུབོ་མངོན་ཤེས་སྐྱེ་ལ་སྟེ།། སེམས་ཅན་བྱང་ཆུབ་ལམ་སྦྱོར་བའོ།། ཆེན་པོའི་བདག་ནི་རྣམ་ཁྱེན་པའི།། ཡེ་ཤེས་བསྐྱེད་པར་འདོད་པ་དང་།། གཞན་བདག་ཕུན་སུམ་ཚོགས་པ་ཡིས།། མཐར་ཐུག་ལ་ནི ་པའོ།། ཚོགས་ལམ་རྟེན་ནི་བཤད་ཟིན་པས།། ངོས་འབྱེད་མཐོང་ལམ་སྒོམ་ལམ་གྱིས།། ཕྱིར་མི་ལྡོག་པའི་གང་ཟག་གསུམ།། བསྟན་ཕྱིར་རྟགས་ཀྱི་སྒོ་ནས་བཤད།། ཕྱིར་མི་ལྡོག་པ་རྣམ་གསུམ་སྟེ།། འདིར་ནི་ཐེག་པ་འོག་མ་རུ།། མི ་ལྡོག་པ་ཡི་རྟགས་བཤད་དོ།། དང་པོ་རབ་འབྲིང་ཐོ་མཱ་ཡིས།། ངེས་འབྱེད་མཐོང་ལམ་སྒོམ་ལམ་གྱི།། ས་བརྒྱད་དགྲ་ཏུ་གོ་རིམ་བཞིན།། ཕྱི་མའི་ལྡོག་པ་གསུམ་ཡིན་ནོ།། མཐར་ཐུག་ལྡོག་པ་མ་ཡིན་ཡང་།། གནས་སྐབས་རྫོག ་པ་ཡོད་པས་ནས།། རྟགས་ཡོད་ན་ནི་གནས་སྐབས་ཀྱི།། ལྡོག་པ་ཡང་ནི་མེད་དོ་ཞེས།། རྟགས་ཀྱི་སྒོ་ནས་དཔོགས་པ་ཡིན།། རང་ལ་དཔོགས་ནི་རྒྱུ་ཚོགས་པའི།། རང་བཞིན་ཁོ་ནའི་གཏན་ཚོགས་སོ།། གཞན་གྱི་དཔོགས་ན་རང་བཞིན་དང ་འབྲས་བུའི་གཏན་ཚིགས་གཉིས་ཀྱིས་སོ།། དཔགས་པའི་དགོས་པ་རང་ལ་ནི།། བརྙས་པ་སྐྱེད་པ་དགག་པའོ།། དེ་ནི་སྤྱི་ཡིས་བྱེ་བྲག་གི། ངེས་འབྱེད་རྟགས་ནི་ཉི་ཤུ་ལ།། གྲངས་ངེས་མེད་ཀྱང་དེ་ཙམ་ཞིག། འཁོར་གྱི་ངོ་རུ ་བཤད་པ་ཡིས། ཁྲོད་ལ་བཅུ་གཅིག་རྩེ་མོ་དྲུག། བཟོད་པ་གཉིས་ཏེ་ཆོས་མཆོག་གཅིག། སེང་གེ་བཟང་པོའི་འདོད་པ་ཡིན།། ཤཱན་ཏིས་དེ་ལྟར་མ་ཕྱེའོ།། མཐོང་ལམ་རྟགས་ནི་བཅུ་དྲུག་ཀྱང་།། རྗེས་ཀྱི་ཆ་ནས་རྟགས་ཡིན ་ཏེ།། འོ་ན་བཟོད་པ་ཟེར་བ་ནི།། སྔར་གྱིས་ནུས་པ་མཚོན་པ་ཡིན།། སྒོམ་ལམ་རྟགས་ནི་ཟབ་མོ་བརྒྱད།། ཁ་ཅིག་ས་ནི་རེ་རེ་ལ།། ཟབ་མོ་རེ་རེ་ཡིན་ཟེར་བ།། དེ་ནི་འཐད་དེ་རེ་རེ་ལ། བརྒྱུད་ཀ་ཡོད་ཀྱང་འགལ་བ་མེད།། སྲིད ་དང་ཞི་མཉམ་རྣཱམ་པཱ་སྟེ།། གོང་གི་གུང་ཟག་དྲི་གཉིས་ཀྱིས།། རྣམ་པ་འདི་ལྟར་སྒོམ་ཞེས་པ།། སློབ་དཔོན་སེང་གེ་བཟང་པོ་དང་།། བུད་དྷ་ཤྲཱི་ཛྙཱ་ན་བཞེད།། སྦྱོར་བ་ཉི་ཤུ་མི་ཟློས་ཏྭེ།། རྗེས་ཀྱི་ཆན་ས་བཤད་པའོ།། ངས ་བྱེད་ཆ་མཐུན་གྱིས་མི་བཟློས།། འདི་ནི་སྒྱུ་མའི་ཚུལ་ནས་སོ།། རྨི་བ་མྱ་ཆུས་ཁྱེར་དཔེར་བླངས་ནས།། ས་བརྒྱད་ཡན་ཆད་ན་ཡོད་ཅེས།། སངས་རྒྱས་ལྔ་པོ་ཆེ་ན་ས་བཤད།། སྲིད་དང་ཞི་བ་མཉམ་གཉིས་ཀྱིས།། མི ་སློབ་རྟེན་བསྟན་རྣམ་གྲོལ་གསུངས།། འདི་ཙམ་སློབ་པར་བྱར་ཡོད་ཅེས།། དེ་སྐད་རྣམ་གྲོལ་གསུངས་པས་ན།། གཏན་མི་སློབ་པའི་མི་སློབ་མིན།། ཞིང་དག་གཉིས་ཏེ་སེམས་ཅན་དང་།། སྣོད་ཀྱི་འཇིག་རྟེན་དག ་པའོ།། སེམས་ཅན་དག་ལ་བཀྲེས་སོགས་དང་།། བྲལ་ཏེ་ཐེག་གསུམ་སྣོད་དུ་རུང་།། སྣོད་དག་སྣོད་སོགས་གསེར་ལ་སོགས།། སེང་བཟང་སངས་སྨྲས་རུ་འདོད།། བུདྡྷ་ཀྲཱི་ཡང་དེ་བཞིན་ནོ།། དགྲ་པར་བྱེད་པ་ཡིན ་པས་ན།། ས་བཅུ་མན་ཆད་ན་ཡོད་ཅེས།། འཕགས་པ་རྣམ་པར་གྲོལ་སྟེ་གསུངས།། ཐབས་ལ་མཁས་པ་རྣམ་བཅུ་ཡང་།། གྲངས་ངེས་མེད་ཀྱང་གོ་རིམ་ནི།། བསྐྱེད་བྱ་སྐྱེད་པའི་རིམ་པ་དང་།། བསྒྲུབ་བྱ་གཏིང་ཚིག་རིམ་པས་ནི།། བསྟན ་ཞེས་སངས་རྒྱས་ཡེ་ཤེས་གསུངས།། སངས་རྒྱས་ས་ན་ཡོད་པས་ན།། གཞན་དོན་ཐབས་ལ་མཁས་པ་སྟེ།། དེ་ཉིད་ཀྱིས་ནི་མཚན་ཉིད་ཡིན།། མཛད་པས་འབྲས་ཡིན་འདིར་ནི་རྒྱུ།། དེ་ན་དེ་གཉིས་བཟློས་པ་མེད།། སེང་བཟུང་གསུང ་ཏེ་རྣམ་གྲོལ་དང་།། བུདྡྷ་ཤཱི་ནི་རྣམ་གཉིས་ནི།། ས་བཅུ་མན་ཆད་ན་ཡོད་དེ།། ཐབས་ལ་མཁས་པའི་དྲོ་བོ་ནི།། སངས་རྒྱས་རྒྱ་ལ་མཁས་པ་ལ།། འདོད་པས་ས་མཚམས་མི་མཐུན་ནོ།། རྩེ་མོ་བདུན་ལ་དྲོད་ཀྱི་རྩེ།། རྟགས་ཀྱིས་བསྣཿ། ་ཏེ་དབྱེ་བ་ནི།། བཅུ་གཉིས་བསྟན་ཀྱང་གྲངས་ངེས་མེད།། རྩེ་མོ་རྟགས་གཉིས་སོ་སོ་སྟེ།། རྟགས་ཀྱི་རྩེ་མོ་དཔག་ཅེས་སུ།། ལ་ལ་དེ་སྐད་འདོད་པ་ཡོད།། ཁ་ཅིག་རྟགས་གཉིས་རྩེ་མོ་རུ།། འདོད་དེ་རྟགས་ཀྱི་དཔག་བྱ་ནི།། ཕྱིར་མི ་ལྡོག་པར་དཔོགས་པ་སྟེ།། ལུང་ནས་དེ་ལྟར་དཔག་གོ་གསུང་།། རྣམ་འཕེལ་བཅུ་དྲུག་རྩེ་མོ་ཡི།། གྲངས་ངེས་མེད་དེ་ཡི་རིམ་ཡང་།། མེད་དེ་འདིས་ཀྱང་འདིས་ཀྱང་ནི།། འཕེལ་ལོ་ཞེས་ནི་བྱ་བ་ཡིན།། བཅུ་དྲུག་གང་རུང་ཡོད ་བསུ་སུ།། དེ་ཡི་རྒྱུད་ལ་དགེ་འཕེལ་གཥྚེ་མྱོ་ཡཱིནྱ་ཞེས་པ་ལ་ཟེར། ཁནྡྷ་དྲུག་ཉིད་ནི་རྩཝ་མོ་ཞེས།། ཁ་ཅིག་དེ་སྐད་འདོད་པའང་ཡོད།། སྔུར་ནི་ཡོད་པར་མ་གྱུར་ལ།། རྩེ་མོ་ཐོབ་ནས་ཡོད་པས་ན།། འཕེ་ཥཱ་བ་ཞེས་ནི་བརྗོད་པ་ཡི་ནི།། བཟོད ་པའི་རྩེ་མོ་ཀུན་མཁྱེན་ཉིད།། གསུམ་གྱི་ཆོས་ནི་རྫོགས་པ་ཡིན།། དེ་གསུམ་ཆོས་ནི་སེམས་བསྐྱེད་སོགས་སྔར་བཤད་པ་ཡི་རིམ་པ་རྣམས།། བཟོད་པར་རྫོགས་པར་འཐད་སྙམ་ན།། སྣང་བྱ་གཞི་ཤེས་རྫོགས་པ་དང་།། ལམ་ཤིས ་རྣམ་གཉིས་རྫོགས་པ་དང་།། རྣམ་ཀུན་བར་དུ་རྫོགས་པ་ལ།། རྫོགས་པའི་ཐ་སྙད་བཏགས་ཤོས་ཟེར།། རྩེ་མོ་ས་དགུ་ཡན་ཆད་ན།། རྫོགས་བྱར་ཡོད་པས་འགལ་བ་མེད།། དེ་སྐད་ཁ་ཅིག་བརྗོད་པར་བྱེད།། ཤཱུན་ཏི་པ་ཡིས་འདོད ་པས་ནི།། ཀུན་མཁྱེན་ཆོས་ནི་རྣམ་གསུམ་ཡང་།། རང་བྱུང་དང་ནི་དེ་བཞིན་གཤེགས།། ཐམས་ཅད་མཁྱེན་པ་གསུམ་ལ་འདོད།། ཆོས་མཆོག་རྩེ་མོ་དཔག་མེད་ཀྱང་།། ཏིང་ངེ་འཛིན་ལ་བརྟེན་ནས་སུ།། བསོད་ནམས་དཔག ་མེད་པ་ནི།། རྩེ་མོ་རུ་ནི་བཤད་པ་ཡིན།། མཐོང་ལམ་རྩེ་མོ་སྤངས་པ་དང་།། རྟོགས་དང་ཡོན་ཏན་རྩེ་མོ་ཞེས།། སྦྱངས་སྔོགས་ཞར་ལ་བྱུང་བ་སྟེ།། རྩེ་མོ་དངོས་ནི་ཕ་རོལ་ཕྱིན།། རེ་རེ་ལ་ཡང་དྲུག་དྲུག་ཏུ།། རྫོགས་པ ་ཡིན་ཞེས་ཁ་ཅིག་ཟེར།། དེས་ན་མཐོང་ལམ་རྩེ་མོ་ནི།། རྗེས་ཀྱི་གནས་སྐབས་ན་ཡོད་ཟེར།། སྤང་བྱ་རྣམ་པར་རྟོག་པ་ནི།། གཟུང་འཛིན་གཉིས་སུ་བསྡུས་པ་སྟེ།། ཞིབ་ཏུ་ཕྱེ་ན་རེ་རེ་ལ།། ཡང་ནི་དགུ་དགུ་ཡོད་པ་ཡིན།། ་ཁམས་གསུམ་སྤང་བྱས་ཕྱེ་ན་ནི།། རྟོགས་པ་བརྒྱ་རྩ་བརྒྱད་ཡིན་ནོ།། གྲངས་ངེས་རྒྱུ་མཚན་ཡུལ་གྱིས་ཏེ།། ཆེ་འབྲིང་གིས་ཀྱང་ཟེར་བ་ཡོད།། ངོ་བོ་འཁྲུལ་པའི་ཤེས་པ་སྟེ།། རྟོགས་བཅས་རྟོགས་པ ་མེད་པ་ཡིས།། འཁྲུལ་པ་གཉིས་ཀ་ཡིན་ཞེས་ཟེར།། ཤེས་བྱའི་སྒྲིབ་པ་ཁོ་ན་སྟེ།། ཉོན་མོངས་སྒྲིབ་པང་ཤེས་བྱའི་སྒྲིབ།། ལ་ལ་གཉིས་ཆར་ཡིན་པར་འདོད།། བདག་ཡོད་དུ་ནི་རྟོགས་ལ་སོགས།། དམན་པའི་རྟོག་པ་ཡིན་པ་དང་། ་བདག་མེད་དུ་ནི་རྟོག་ལ་སོགས།། ངན་རྟོག་གིས་ནི་གཉེན་པོ་དག། ཡིན་ཞེས་འདོད་པ་མི་མཐུན་ནོ།། ལ་ལ་གཉིས་ཆར་ཟེར་བ་དེ།། འདི་འགྲེལ་ན་ནི་ཐ་མ་གསལ།། ངན་རྟོགས་བསྐལ་པ་དཔག་མེད་ནས།། དེ་ཡི་གཉེན་པོའི ་རྟོག་པ་ནི།། འཇིག་རྟེན་པ་ཡི་ལམ་ནཱ་ཡོད།། སྤོང་བ་མཐོང་ལམ་པར་ཆད་མེད།། ཐེག་པ་ཆེན་པོའི་འདོད་པ་སྟེ།། ཉན་ཐོས་རྣམ་གྲོལ་ལམ་གྱིས་སོ།། རྒྱ་མཚོ་ལ་ནི་ཆུ་བོ་བཞིན།། ཡོན་ཏན་དཔག་མེད་འདུ་བ་ནི།། སྒོམ་པ་ལམ་གྱི ་རྩེ་མོ་ནི།། ས་བརྒྱས་ཡན་ཆད་ན་ཡོད་ཅེས།། ལ་ལ་འདོད་དེ་དཔྱད་ན་ནཱི།། ས་བཅུའི་གནས་སྐབས་ན་ཡོད་འདྲ།། སྤང་བྱ་རྟོགས་པའི་མཚན་ཉིད་ནི།། སྔར་བཤད་ཟིན་པས་བྱེ་བྲག་གི། མཚན་ཉིད་བསྟན་པར་བྱ་བ་ན།། སེང་གེ ་བཟང་པོའི་འདོད་པས་ཡུ།། ངེས་པར་འབྱེད་པའི་དུས་དག་ན།། ཡོད་པའི་ཕྲག་དོག་ཡིན་ཞེས་གསུངས།། རྣམ་པར་གྲོལོ་སྡེ་སྒོམ་ལམ་གྱི།། རྗེས་ཀྱི་ཤེས་པའི་གནས་སྐབས་ཀྱི།། དགེ་བ་ཟག་བཅས་ཡ་ནི་ཞེས་ཟེར།། བར་ཆད ་མེད་པའི་རྩེ་མོ་ནི།། ངོ་བོ་ཞི་གནསཱ་ལྷག་མཐོང་སྟེ།། བར་ནི་གང་གིས་མཆོད་ལ།། ཡོན་ཏན་རྫོགས་མང་མཚན་ཉིད་ཡིན།། ཟློས་པའི་སྐྱོན་ནི་སྔར་སྤངས་ཏེ།། ས་མཚམས་རྡོ་རྗེ་ལྟ་བུ་ན།། མཉམ་གཞག་འབའ་ཞིག་ཡིན་པས་ན།། ་འདི་ཡི་དམིགས་པ་དངོས་མེད་ཡིན།། རང་གི་རྒྱུད་ལ་ལོགས་པར་རྟོགས།། བཅུ་དྲུག་བསལ་ལ་སྐྱེ་བ་སྟེ།། ལོག་པར་རྟོགས་པའི་ངོ་བོ་ནི།། ཉོན་མོངས་ཤེས་བྱའི་སྒྲིབ་པ་སྟེ།། གཉིས་ཆར་ཟེར་ཏེ་ལ་ལ་ནི།། ཐ་མ་ཁོ་ན་ཡིན ་པར་འདོད།། གྲངས་ངེས་མེད་དེ་སྡུད་པུ་རུ།། ལྡེག་པར་བསྒྲུབ་པའི་མིང་གིས་སུ།། མང་དུ་བཤད་པར་འདུག་པས་སུ།། རྒྱས་པར་འདིར་ནི་སྤྲོ་མི་བྱ།། མཐར་གྱིས་ཕ་རོལ་ཕྱིན་པ་དྲུག།། རྗེས་སུ་དྲན་དྲུག་དོམ་དམ་མོ།། ཕ་རོལ ་དྲུག་དང་བསྒྲུབ་པ་ཡང་།། འཚོལ་དང་གོ་རི་མ་ཡིན་པས་ནི།། ཟློས་སྐྱོན་མེད་དེ་དཀོན་མཆོག་གསུམ།། དེ་བཞིན་ཡིན་པས་ཟློས་སྐྱོན་མེད།། སྦྱིན་དང་ཚུལ་ཁྲིམས་གཉིས་དང་ནི།། གཏོང་དང་ཚུལ་ཁྲིམས་དྲན་པ་ཡང་།། ་དངོས་དང་འབྲས་བུའི་ཆ་ནས་སུ།། བསྟན་པས་ཟློས་སྐྱོན་མེད་པ་ཡཱི་ན།། ཝཱ་དང་དཀོན་མཆོག་དབང་པོ་དང་།། རྟེན་ཚུལ་ཡིན་པས་ཟློས་པ་མེད།། སྐད་ཅིག་བྱང་ཆུབ་རྣམ་བཞི་ནི།། ལྡོག་པས་དབྱེ་བ་ཡིན་པས་སོ།། རིམ་གྱིས ་སྐྱེ་བ་མ་ཡིན་ནོ།། དང་པོ་གཉིས་ནི་འབྲས་བུ་ཡིན།། ཐ་མ་གཉིས་ནི་རྣམ་པ་ཡིས།། གྲངས་ངེས་ཡོད་པ་མ་ཡིན་ཡང་།། འབྲས་བུ་ཀུན་ནི་དེ་རུ་འདུག། སྐུ་ནི་གཅིག་གཉིས་གསུམ་བཞི་ལྔ།། གྲངས་མེད་འདོད་པ ་དག་ཏུའོ། རང་དང་གཞན་གྱིས་དོན་གྱིས་སུ།། སྐུ་གསུང་ཞེས་ནི་བྱམས་པས་གསུང་།། རང་དོན་ཆོས་སྐུ་གཉིས་པོ་ནི།། རྒྱུད་དག་མ་དག་རྣམ་གཉིས་ཀྱིས།། དོན་དུ་གཟུགས་སྒྲ་རྣམ་གཉིས་ཟེར།། མདོ ་སྡེ་ཐར་པ་ཆེན་པོ་ན་ས།། ངོ་བོ་ཉིད་སྐུ་གསུངས་པ་དང་།། དོན་དམ་གྷི་ནི་བདེན་པ་དང་།། གསུམ་པོ་དག་ཏུ་མ་འདུས་པས།། སྐུ་བཞི་ཞེསྟ་ནི་སིད་བཟང་གསུང་།། སྤྲུལ་པ་ཡི་ནི་སྦྲུལ་ལ་སོགས།། ཡོད་པས་སྐུ་ལྔ་གཞན་དག ་ཟེར།། བདག་གཞན་ལོངས་སྤྱོད་རྫོགས་པས་སུ།། སྐྲ་ལྔར་འདོད་པ་དོན་གྲསང་ཡིན།། ངོ་བོ་ཉི་སྐུའི་ངོ་བོ་ནི།། དངོས་པོའི་གནས་ལུགས་ཡིན་པ་སྟེ།། ཆོས་སུ་གནས་ལུགས་རྟོགས་པ་ཡིན།། ཡེ་ཤེས་ཡིན་ནོ་སྒྱུ་གཉིས ་ནི།། གཟུགས་ལ་འཇོག་སྟེ་གཟུགས་དེ་ཡང་།། འཁོར་གྱི་སྣང་བ་འབའ་ཞིག་ལ།། འཇོག་པ་ཐོགས་མེད་མཆེད་ཀྱི་གཞུང་།། གཉིས་ཀའི་སྣང་བ་ལ་འཇོག་པ།། ཕྱོགས་ཀྱི་གླང་པོ་ལ་སོགས་པ།། གཉིས་ཀའི་སྣང་བ་མ་ཡིན ་པར།། འདྲེད་པ་ནཱ་གཱ་རྡྷ་ན་སོགས།། ཡེ་ཤེས་ལྔ་པ་ཆོས་སྐྱུ་རཱི།། ལྔ་ལ་འདོད་པ་ཡོད་ཀྱང་ནི།། བུད་དྷཱ་ཤྲཱི་ནི་འདི་ལྟར་འདོད།། མེད་ལོང་ཡེ་ཤེས་ཆོས་ཀྱི་སྐུ།། མཉ་མོ་ཉིད་སོ་སོ་རྟོག་པ་ནི།། ལོངས་སྤྱོད་ཕྱོགས་མི་སྤྲུལ་པ་ནི།། བྱ་བ ་གྲུབ་པའི་ཡེ་ཤེས་ཡིན།། དེ་ལྟར་འདོད་པ་ཐ་དད་དོ།། ཆོས་ཉིད་ཡིན་པས་ཆོས་སྐུ་ཞེས།། ཁ་ཅིག་དེ་སྐད་འདོད་པ་ཡོད།། ཆོས་ཉིད་རྟོགས་དང་ཆོས་སྟོན་པས།། ཆོས་སྐུ་ཡིན་ཞེས་འདོད་པའང་ཡོད།། ངེས་པ་བཞི་སྟེ་འཁོར ་དང་ནི།། གནས་དང་སྟོན་པ་ཆོས་སུ་སྟེ།། དེས་ན་ཇི་ལྟར་འདོད་པ་རུ།། ལོངས་སྤྱོད་བྱེད་པས་ལོངས་སྤྱོད་སྐུ།། འཁོར་གྱི་ངེས་པ་ས་བཅུ་པ།། འབའ་ཞིག་ཡིན་ཞེས་སེང་བཟང་གསུང་།། ཤཱནྱ་ཏི་མཐོང་ལམ་ཡན་ཆད་ཀྱི།། བྱང་ཆུབ་སེམས་དཔའ ་ཡིན་ཞེས་ཟེར།། གནས་ཅི་འོག་མིན་ཆོས་དེ་ནི།། ཐེག་པ་ཆེན་པོ་ཁོ་ནའི་ཆོས།། བསྟོན་པ་མཚན་དང་དཔེ་བྱད་ཀྱི།། བརྒྱད་པའི་གཟུགས་ནི་ཁོ་ན་ཡིན།། མཚན་ནི་སུམ་ཅུ་རྩ་གཉིས་དང་།། དཔེ་བྱེད་བརྒྱད་ཅུར་བཤད་ཀྱང་དེ།། དཔག ་ཏུ་མེད་པར་ཡོད་པ་སྟེ།། རབ་གནས་མཚོན་ནས་དཔག་མེད་བཤད།། གདུལ་བྱའི་ངོར་ནི་འདི་ཙམ་གྱིས།། སྐྱེས་བུ་ཆེན་པོ་མཚོན་པས་ནི།། མཚན་གྱི་མཚན་ཉིད་དག་ཏུ་བཤད།། ངོ་བོ་སྤྱིར་ནི་གཟུགས་ཡ་ནི་ཡང་།། ཕལ་དུ་དབང ་པོ་ལྔ་ལ་འཇོག། སེམས་ཀྱི་རྣམ་དྲག་མཚོན་པསྔ་ན།། དཔེ་བྱད་ཟེར་ཏེ་ཡང་ན་ནི།། མཚན་ནི་རྒྱན་པར་བྱེད་པསྔ་ན།། དཔེ་བྱད་དུ་ཡང་འདོད་པ་ཡོད།། སངས་རྒྱས་མཚན་ཉིད་མ་ཡིན་ཡང་།། ཇི་ལྟར་འདུལ་བར་སྤྲུལ་པས ་མ།། གཟུགས་སྐུ་ཞེས་ནི་རྗོད་པ་ཡིན།། ངེས་པ་བཞི་དང་བྲལ་ནས་ནི།། ཇི་ལྟ་བཱ་དང་ཇི་ལྟ་བུར།། སྟོན་པ་སྤྲུལ་པའི་སྐྲ་ཡི་ནོ་ནོ།། དེ་ཡིས་མཛད་པ་ཉི་ཤུ་བདུན།། ལྷནྡ་གྱིས་གྲུབ་ཅིང་རྒྱུན་མི་འཆད།། འཇིག་རྟེན་འཇིག་རྟེན ་འདའ་འགོད་དང་།། སངས་རྒྱས་ལ་འགོད་རྣམ་གྲོལ་གསུངས།། ཡང་ན་ཇི་ལྟ་ཇི་སྙེད་པ།། ཇི་སྙེད་རྟེན་དང་ལམ་བཞི་འགོད།། མཐར་ཐུག་ལ་འགོད་ཇི་ལྟ་བ།། བུད་དྷ་ཤཱ་ཛྙཱ་ན་ཟེ་རོ།། དེ་ལྟར་མཛད་པ་དཔག་མེད་ཀྱང་།། ་ལམ་བདེན་རང་བཞིན་གནས་སྐབས་ཏེ།། མྱ་ངན་ཟླས་འགོད་འབྲས་བུར་འདོད།། ལྷུན་གྲུབ་རྒྱུན་མི་འཆད་པ་ཡང་།། ཐུབ་པ་ཁོ་ནའི་མཛད་པར་བཞེད།། བྷོ་ག་ལ་སྐྱེས་དགེ་སློང་ནི།། མར་མེད་མཛད ་དཔལ་ཡེ་ཤེས་ཀྱིས།། གཞུང་དང་བླ་མའི་གསུང་གིས་ནི།། ཕར་ཕྱིར་བསྡུས་དོན་སྒྲོན་མར་བྱས།། དེ་དགེ་དྲི་མེད་གང་ཐོབ་པས།། འགྲོ་ཀུན་ལོག་རྟོག་རྣམ་སྤངས་ཏེ།། ཕ་རོལ་ཕྱིན་ཉིད་རྟོགས་ནུས་ཀྱང་།། གཞན་ལ་ཕན ་ཕྱིར་སྟོན་པར་ཤོག། ཤེས་རབ་ཀྱི་ཕ་རོལ་ཕྱིན་པའི་དོན་བསྡུས་སྒྲོན་མ་ཞེས་བྱ་བ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། ། པཎྜི་ཏ་དེ་ཉིད་དང་ལོཙྪ་བ ་མཁས་པ་ཆེན་པོའི་ཆེན་པོ་ཚུལ་ཁྲིམས་རྒྱལ་བས་བསྒྱུར།། སླད་ཀྱི་དཔལ་བྱ་སམྦ་ཡསྟྲ་གྷྣཱན་གྱི་གྲུབ་པའི་རིག་པ་འབྱུང་བའི་གནས་སུ། དཱི་པཱཾ་ཀཱ་ར་ཤྲཱི་ཛྙཱ་ནས་ཀྵི་ཁྲི་བཤད་པའི་དུ་སྭཱ་སུ་འདིར་བཤད་པ་ནས་བཏོན།། ་ཕྱིས་ལོ་པཎ་གཉིས་ཀྱིས་བཻ་པ་ར་ཏ་ཡིས་གསུངས་པ་དག་པའི་དཔེར་ཆུད་པའོ།། འདི་དཔེ་ཕྱི་མོ་དང་པི་བ་ར་ཏ་དང་རྒྱ་དཔེ་གསུམ་མཆི་མས་ཕུནེ། བེ་རོ་ཙ་ནས་བསྒྱུར་བའི་འབུམ་ཤ་སྒོ་ཅན་གྱིས་ནང་ན་ཡོད་སྐད།། བསོད་ན་ལས་སྟོས་རྒྱས ་ཐོས་སཔོན་མར་བྱ་འགྲོ་བ་ཡིས། ཚེ་རབས་དུ་མ་ངབས་གས་པའི་ཊཱི་ག་གྲིབ་མ་ལུས་པམ། གེ་འདིས་དུག་སུའི་མ་ཁྱེ་ལུ་ཡིས་པ་འི་ལ་པ་བ་ར། འིང་མིན་བྱང་ཆུབ་བའི་བོ་ལང་རྩུ་ཙོ་ཤོས་ཅེས་མི་ང་འི་སྟེངས་སྒོ་གསུམ་ཚིག་དྲི་ཀྱང་རྣོན་ལམ་བཏས་པ། ་