| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཨ་བྷི་ས་མ་ཡཱ་ལུང་ཀཱ་རཱ་ཀཱ་རི་ཀཱ་བྲྀཏྟི་ཤུདྡྷ་མཱ་ཏཱི་ནཱ་མ། བོད་སྐད་དུ། མངོན་པར་རྟོགས་པའི་རྒྱུན་གྱི་ཚིག་ལེའུར་བྱས་པའི་འགྲེལ་པ་དགྲ་ལྡན་ཞེས་བྱ་བ། འཕགས་པ ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། ལོ་མ་མེ་ཏོག་དང་ལྡན་པའི།། ཡོངས་འདུ་ཤིང་བཞིན་མཚན་མཆོག་གོས།། བསོད་ནམས་སྐུ་བརྒྱན་རྣམ་པར་འབྱེས།། ཡན་ལག་བརྒྱན་པ་རྒྱལ ་གྱུར་ཅིག། རྒྱལ་བའི་ཡུམ་གྱི་མངོན་རྟོགས་རྒྱན།། འཕགས་པ་བྱམས་པས་མཛད་པ་ཡིན།། དེ་ཡི་འགྲེལ་པ་དག་ལྡན་འདི།། རིན་ཆེན་འབྱུང་གནས་བདག་གིས་བྱས།། གྲོལ་སྡེ་དག་གིས་རྒྱལོ་ཡུམ་གྱི།། ་དོན་ནི་མ་ལུས་མ་བཀྲོལ་ཞེས།། རབ་ཏུ་བྱེད་ལས་བདག་གིས་ནི།། རྣ་བར་གཏམ་བརྗོད་བཞིན་དུ་ཤེས།། གང་ཕྱིར་དོན་ཉམས་དེ་ལ་ནི།། བདག་ཉིད་ངེས་པར་བློ་དམན་ཡང་།། མགོན་པོས་བྱིན་གྱིས་བརླབས ་པས་ན། འདི་དོན་བསྟན་ཕྱིར་བརྩམ་པ་ཡིན།། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དབྱེ་བར་བཞེད་ནས་བླ་མ་དམ་པའི་ཡང་བླ་མར་གྱུར་པ་དེ་ཉིད་ལ་དང་པོར། ཉོན་ཐོས་ཞི་བ་ཚོལ ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་འཁྲིད་མཛད་གང་ཡིན་དང་།། འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང་།། གང་དང་ཡང་དག་ལྡན་པས་ཐུབ་རྣམས་སྣ་ཚོགས ་འདི་དག་རྣམ་པ་ཀུན་མཁྱེན་པ།། སངས་རྒྱས་ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་དང་ལྡན་ཡུམ་དེ་ལ་ཕྱག་འཚལ་ལོ་ཞེས་ཕྱག་འཚལ་བར་མཛད་དོ།། ཉན་ཐོས་ཞེས་སྨོས་པས་ནི་འདིར་རུང ་སངས་རྒྱས་ཀྱང་གཟུང་སྟེ། ཐེག་པ་དེ་གཉིས་ལ་ཁྱད་པར་ཅུང་ཟད་ལས་མེད་པའི་ཕྱིར་རོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དབྱེ་བ་ནི་རྣམ་པ་གསུམ་ཡིན་ཏེ། དེས་ན་ཐམས་ཅད་མཁྱེན་པའི་དབྱེ་བས་ཉན་ཐོས་ཞི་བ་ཚོལ ་བ་ཐར་པ་ཐོབ་པར་བྱེད་པ་དང་། ལམ་ཤེས་པའི་དབྱེ་བས་འགྲོ་ལ་ཕན་པར་བྱེད་རྣམས་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཛོད་པར་འོས་པ་ནི་འཇིག་རྟེན་གྱི་དོན་ཏེ། གང་འཇིག་རྟེན་གྱི་དོན་སྒྲུབ་པར་བྱེད་པའོ།། ལྷག ་མ་དང་དོན་གྱིས་རྣམ་པ་ཐམས་ཅད་མཁྱེན་པའི་དབྱེ་བས། གང་དང་ཡང་དག་ལྡན་པས་ཐུབ་པ་སྟེ་སངས་རྒྱས་སོ།། སྣ་ཚོགས་འདི་དག་རྣམ་པ་ཀུན་མཁྱེན་པ་ཞེས་བྱ་བ་ལ། རྣམ་པ་ཀུན་ནི་ཆོས་འོད་དག་རྣམ་པ་ཀུན་ཏེ། དེ ་ཀུན་ནས་མཁྱེན་པའིའོ།། འདིའི་ཡུམ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་ཕྱག་འཚལ་ལོ།། འོད་ཇི་ལྟར་དེ་རྣམས་ཀྱི་ཡུམ་དུ་འགྱུར་ཞེ་ན། ཇི་སྐད་བཤད་པའི་དོན་ཆེན་པོ་གསུམ་ཐོབ་པའི་ཕྱིར་ཏེ། གང་ཡང་འཇིག་རྟེན ་གྱི་ཕན་པ་ཕན་པ་ཆེན་པོ་འདོགས་པ་དེ་ནི་འཇིག་རྟེན་ན་མ་ཞེས་བྱའོ།། གཞན་ཡང་ཇི་སྲིད་དུ་དེ་དག་གི་ཟག་པ་མེད་པའི་ཕུང་པོའི་བདག་ཉིད་མ་བསྐྱེད་ཅིང་མ་གསོས་པ་དེ་སྲིད་དུ་དེ་དག་གིས་ཇི་སྐད་དུ་བཤད་པའི་དོན་ཆེན ་པོ་རྣམས་ཐོབ་པར་མི་ནུས་སོ།། དེའི་ཕྱིར་དོན་གྱིས་ན་སྐྱེད་པ་དང་གསོ་བ་ཡིན་པར་ཤེས་པར་བྱའོ།། དེའི་ཕྱིར་ཡང་འདི་ཡུམ་ཡིན་ནོ།། གང་གི་ཡུམ་ཡིན་ཞེ་ན། ཉན་ཐོས་ལ་སོགས་པའི་ཚོགས་དང་བཅས་པའི་སངས ་རྒྱས་ཀྱིའོ།། རིགས་ཀྱི་དབང་དུ་བྱས་ན་གཅིག་གི་ཚིག་ཡིན་ཏེ། ཉན་ཐོས་ལ་སོགས་པའོ་ཚོགས་དང་ལྡན་པའི་སངས་རྒྱས་རྣམས་ཀྱི་ཞེས་བྱ་བའི་དོན་ཏོ།། དྲིས་ནཱ་འདིར་ཐུབ་རྣམས་ཞེས་བསྟན་ཏོ།། དེ་དག་གི་ཚོགས ་དང་ལྡན་པའི་སངས་རྒྱས་ཀྱི་ཡུམ་ཞེས་བྱ་བའི་ཚིག་གིས་འདི་དེ་དག་གིས་ཡང་ཡུམ་ཡིན་པར་ཤེས་པར་བྱའོ།། གལ་ཏེ་དེ་ལྟར་ནུ་བུ་དང་ལྡན་པའི་ཆུང་མ་དེ་ནི་བུའི་ཡང་ཚོང་མུར་འགྱུར་རོ་ཞེ་ན། བརྗོད་པར་འདོད ་པའི་བྱེ་བྲག་གིས་དེའི་སྐྱོན་མེད་དེ། འདིར་ནི་སངས་རྒྱས་ཚོགས་དང་ལྡན་ཞེས་བྱ་བའི་ལྡན་པའི་དོན་ནི་འདིར་ལྷན་ཅིག་པ་ལ་བརྗོད་པར་འདོད་དེ། ཉན་ཐོས་ལ་སོགས་པའི་ཚོགས་དང་ལྡན་པའི་སངས་རྒྱས་རྣམས ་ཀྱི་ཞེས་བྱ་བའི་དོན་ཏོ།། དེ་ལ་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་ནི་འཇིག་རྟེན་གྱི་བླ་མའོ།། སངས་རྒྱས་ནི་བླ་མི་དམ་པའོ།། དེ་དག་གི་ཡང་དེ་ནི་ཡུམ་མོ།། དེས་ན་དེ་ནི་བླ་མ་དམ་པའི་ཡང་བླ་མའོ།། དེས་ན་དེ་ལ ་ཕྱག་འཚལ་བར་བྱེད་དོ།། འོ་ན་མདོ་ཀུན་ལས་རྒྱ་ཆེར་བཤད་ན་དེ་ཡང་འདི་རྩོམ་པ་ལ་དགོས་པ་ཅི་ཡོད་ཅེ་ན། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ།། སྟོན་པས་འདི་ལས་བཤད་པ་གང་།། གཞན་གྱིས་མྱོང་བ་མ ་ཡིན་ཏེ།། བློ་དང་ལྡན་པས་རྟོགས་འགྱུར་ཞེས།། མདོའི་དོན་དྲན་པཱ་ལ་བཞག་ནས།། ཆོས་སྤྱོང་བཅུ་ཡི་བདག་ཉིད་ནི།། བདེ་བླག་ཏུ་ནི་རྟོགས་འགྱུར་བ།། ཞེས་པ་རྩོམ་པའི་དགོས་པ་ཡིན།། རྣམ་པ ་ཐམས་ཅད་མཁྱེན་པ་ཉིད་ནི་སངས་རྒྱས་ཉིད་དེ། དེ་ཡང་སྐྱེས་བུ་དམ་པ་སྟེ། ཇི་སྐད་དུ། སྒྲིབ་པ་ཀུན་གྱི་དྲི་མེད་པ།། རྣམ་པ་ཐམས་ཅད་མཁྱེན་ཉིད་ཐོབ།། རིན་ཆེན་སྣོད་ནི་ཕྱེ་བ་ལྟར།། སངས་རྒྱས་ཉིད་ནི་ཡང་དག་བསྟན།། ་ཞེས་གསུངས་པ་ལྟ་བུ་སྟེ།། དེ་ཇི་ལྟར་ལམ་དུ་འགྱུར།། བཙལ་བར་བྱ་བས་ལམ་ཡིན་གྱི། ཚོལ་བར་བྱེད་པས་ན་ལ་མི་ནི་མ་ཡིན་ནོ།། སྟོན་པར་འདི་ལས་བཤད་པ་གང་།། ཞེས་བྱ་བ་ལ། གང་འདི་ལས་ཤེས་བྱ་བ་ནི་མདོ ་སྟེ་མཚོན་པར་བྱེད་པས་ནི་མདོའོ།། འདིར་བློ་ལྡན་ནི་བྱང་ཆུབ་སེམས་དཔའོ།། དེ་ལ་རྟོགས་པ་ནི་མངོན་སུམ་དུ་བྱེད་པ་སྟེ་ཐོབ་པ་མངོན་སུམ་དུ་བྱེད་པའོ།། བསྟན་བཅོས་འདི་ལས་གསལ་བ་ཉིད་དུ་ཤེས་པ་ཡིན་ནོ་ཞེས ་དགོངས་སོ།། དེ་ཇི་ལྟ་བུ་ཞེ་ན། མྱོང་བ་མ་ཡིན་པ་ནི་མི་རྟོགས་པའོ།། གཞན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་མ་ཡིན་པའོ།། འདིས་ནི་རྩོམ་པའི་གཙོ་བོའི་དགོས་པ་བསྟན་ཏེ། མདོ་འདིའི་དོན་བསྟན་བཅོས་འདི ་ལས་ངེས་པར་གཟུང་སྟེ་དྲན་པ་ལོ་བཞག་པའོ།། ཆོས་ནི་འདིར་མདོ་ཉིད་དེ།། སྤྱོད་པ་ནི་རྣམ་པ་བཅུ་སྟེ། ཇི་སྐད་དུ། ཡི་གེ་འབྲི་མཆོད་སྦྱིན་པ་དང་།། ཉན་དང་ཀློག་དང་ལེན་པ་དང་།། འཆད་པ་དང་ནི་ཁ་ཏོན་དང་། དེ ་སེམས་པ་དང་སྒོམ་པ་སྟེ།། སྤྱོད་པ་འདི་བཅུའི་བདག་ཉིད་ནི།། བསོད་ནམས་ཕུང་པོ་དཔག་ཏུ་མེད།། ཅེས་བཤད་པའོ།། དེ་བདེ་བླག་ཏུ་ནི་རྟོགས་འགྱུར་བ་ཞེས་བྱ་བ་ནི། རྗེས་སུ་སྒྲུབས་ཤིག་པའོ།། དེ་ལྟར་རྩོམ་པའི་དགོས་པ ་གཙོ་བོ་མ་ཡིན་པ་ནི་ཐོབ་པའི་ཐབས་ཏེ་རྗེས་སུ་སྒྲུབ་པའོ།། དེ་ནས་མདོ་མ་ལུས་པ་འདི་ལས་ཅི་ཞིག་སྟོན་ཅེ་ན། ཤེས་རབ་ཕ་རོལ་ཕྱིན་པ་ནི།། དངོས་པོ་བརྒྱད་ཀྱིས་ཡང་དག་བཤད།། དངོས་པོ་དམ་པ་ཤེས་པས་ན་ཤེས་རབ་སྟེ། ་སྟོང་པ་ཉིད་ལ་དམིགས་པའི་ཕྱིར་རོ།། དེ་ཡང་ཡིན་ལ་ཕ་རོལ་ཡང་ཡིན་པས་ཤེས་རབ་ཀྱི་ཕ་རོལ་ལོ།། སྦྱིན་པས་ནི་འགྲོ་བ་སྟེ་ཕ་རོལ་ཏུ་ཕྱིན་པའོ།། གང་གི་ཕ་རོལ་ཞེ་ན། འཕགས་པ་བྱང་ཆུབ་སེམས་དཔའི་ནི་རྣམ་པར ་རྟོགས་པའིའོ།། དེ་བཞིན་གཤེགས་པ་རྣམས་ཀྱི་ནི་དག་པའིའོ།། སྦྱོར་བའི་ལམ་ལ་ཅིའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞེ་ན། དེའི་རྒྱུ་ཡིན་པའི་ཕྱིར་རོ།། ཆོས་ཀྱི་སྐུ་མཛད་པ་དང་བཅས་པ་ཅིའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པ་ཞེས་བྱ་ཞེ་ན། དེའི་འབྲས་བུ་ཉིད་ཡིན་པའི་ཕྱིར་རོ།། དེ་ཡང་དག་བཤད་ཅེས་བྱ་བ་ནི་མ་ལུས་པར་བསྟན་ཞེས་བྱ་བའི་དོན་ཏོ།། མ་ལུས་པ་ཉིད་གང་ཞེ་ན། དངོས་པོ་བརྒྱད་དེ། བརྒྱད་པོ་དེ་ཡང་གང་ཞེ་ན། རྣམ་ཀུན་མཁྱེན ་ཉིད་ལམ་ཤེས་ཉིད།། དེ་ནས་ཐམས་ཅད་ཤེས་པ་ཉིད།། རྣམ་ཀུན་མངོན་རྫོགས་རྟོགས་པ་དང་།། རྩེ་མོར་ཕྱིན་དང་མཐར་གྱིས་པ།། སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ།། ཆོས་ཀྱི་སྐུ་དང་དེ་རྣམ་བརྒྱད།། རྣམ་པ་ཀུན ་གྱི་མངོན་པར་རྟོགས་པ་ནི་ཡང་དག་པར་རྫོགས་པར་རྟོགས་པའོ།། རྟོགས་པཱ་ལ་མངོན་དུ་ཕྱོགས་པ་ནི་མངོན་པར་རྫོགས་པར་རྟོགས་པའོ།། མངོན་པར་རྫོགས་པར་རྟོགས་པ་ཡང་དེ་ཡིན ་ཏེ། ཨི་ན་ཁམས་ཀྱི་དོན་ནི་རྟོགས་པའི་དོན་གྱི་ཕྱིར་རོ།། རྩེ་མོར་ཕྱིན་པ་ནི་རྩེ་མོ་ཐོབ་པའོ།། མཐར་གྱིས་ནི་རིམ་གྱིས་པའོ།། དེ་དང་ལྡན་པ་ནི་རིམ་གྱིས་པའོ།། མངོན་པར་རྟོགས་པ་ཞེས་བྱ་བའི་རྗེས་སུ་སྦྱར་ཏེ། རྩེ ་མོའི་མངོན་པར་རྟོགས་པ་དང་། མཐར་གྱིས་པའི་མངོན་པར་རྟོགས་པ་ཞེས་བྱ་བའི་དོན་ཏོ།། སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ།། ཆོས་ཀྱི་སྐུ་དང་ཞེས་བྱ་བ་ལ།། ཆོས་ཀྱི་སྐུ་ཇི་ལྟར་མངོན་པར་རྟོགས་བ་ཡིན་ཞེ ་ན། མངོན་པར་རྟོགས་པའི་འབྲས་བུ་ཉིད་ཡིན་པའི་ཕྱིར་རོ།། དེ་རྣམ་བརྒྱད་ཅེས་བྱ་བ་ནི་དངོས་པོ་བརྒྱད་པོ་འདི་དག་གོ། མངོན་པར་རྟོགས་པ་བརྒྱད་པོ་འོདི་ནི་གོ་རིམ་ཇི་ལྟར་བ་བཞིན་དུ་ལེའུ་བརྒྱད་པོ་འདིའི ་བརྗོད་པར་བྱ་བ་ཡིན་ནོ།། དེ་ལ་སེམས་བསྐྱེད་པ་དང་གདམས་ངག་དང་།། ངེས་འབྱེད་ཡན་ལག་རྣམ་བཞི་དང་།། སྒྲུབ་པ་ཡི་ནི་རྟེན་གྱུར་པ།། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་།། དམིགས་པ་དག་དང་ཆེད་དང་ནི།། ་གོ་ཆ་འཇུག་པའི་བྱ་བ་དང་།། ཚོགས་ནི་ངེས་པར་འབྱུང་བཅས་རྣམས།། ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད།། སེམས་བསྐྱེད་པ་དང་། གདམས་ངག་དང་། ངེས་པར་འབྱེད་པའི་ཚེ་དང་མཐུན་པ་དང་། སྒྲུབ་པར ་རྟེན་དང་། སྒྲུབ་པའི་དམིགས་པ་དང་། སྒྲུབ་པའི་ཆེད་དུ་བྱ་བ་དང་། གོ་ཆའི་སྒྲུབ་པ་དང་། འཇུག་པའི་སྒྲུབ་པ་དང་། ཚོགས་ཀྱི་སྒྲུབ་པ་དང་། ངེས་པར་འབྱུང་བའི་སྒྲུབ་པ་སྟེ། དེ་རྣམས་ནི་ཐུབ་པ་དེ་བཞིན་གཤེགས ་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དངོས་པོ་བཅུ་ཡིན་ནོ།། མོག་མིག་པོར་བྱེད་ལ་སོགས་དང་།། སློབ་མ་བསེ་རུའི་ལོ་མ་གང་དང་།། འདི་དང་གཞན་པའི་ཡོན་ཏན་གྱིས།། ཕན་ཡོན་ཆེ་བ་མཐོང་བའི ་ལམ་བྱེད་པ་དང་ནི་མོས་པ་དང་།། བསྟོད་དང་བཀུར་དང་བསྔགས་པ་དང་།། བསྔོ་དང་རྗེས་སུ་ཡི་རང་བ།། ཡིད་ལ་བྱེད་པ་བླ་མེད་དག། སྒྲུབ་དང་ཤིན་ཏུ་དག་པ་ཞེས།། བྱ་བ་འདི་ནི་སྒོམ་པའི་ལམ།། བྱང་ཆུབ ་སེམས་དཔའ་མཁས་རྣམས་ཀྱི།། ལམ་ཤེས་ཉིད་ནི་དེ་འདྲར་བཤད།། མོག་མོག་པོར་བྱེད་པ་ལ་སོགས་པ་དང་། ཉན་ཐོས་ཀྱི་ལམ་དང་། རང་སངས་རྒྱས་ཀྱི་ལམ་དང་། བྱང་ཆུབ་སེམས་དཔའི་མཐོང་བའི ་ལམ་ཕན་ཡོན་ཆེ་བ་དང་། བསྒོམ་པའི་ལམ་བྱེད་པ་དང་། མོས་པ་ཡིད་ལ་བྱེད་པ་དང་། བསྟོད་པ་དང་། བཀུར་བ་དང་། བསྔགས་པ་དང་། བསྔོ་བ་ཡིད་ལ་བྱེད་པ་དང་། རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་དང ་མངོན་པར་བསྒྲུབ་པ་དང་། ཤིན་ཏུ་དག་པ་ཞེས་བྱ་བ་དངོས་པོ་བཅུ་གཅིག་ནི་ལམ་ཤེས་པ་ཉིད་དེ། དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིན་ནོ།། ཤེས་པས་སྲིད་ལ་མི་གནས་ཤིང་།། སྙིང་རྗེས་ཞི ་ལ་མི་གནས་དང་།། ཐབས་མ་ཡིན་པས་རིང་བ་དང་།། ཐབས་ཀྱི་རིང་བ་མ་ཡིན་ཉིད།། མི་མཐུན་གཉེན་པོའི་ཕྱོགས་དག་དང་།། སྦྱོར་དང་དེ་ཡི་མཉམ་ཉིད་དང་།། ཉན་ཐོས་ལ་སོགས་མཐོང་བའི་ལམ།། ་དེ་འདྲར་ཀུན་ཤེས་ཉིད་དུ་འདོད་།། འཁོར་བ་ལ་མི་གནས་པ་དང་།། མྱ་ངན་ལས་འདས་པ་ལ་མི་གནས་པ་དང་། ཐབས་མ་ཡིན་པས་རིང་བ་དང་། ཐབས་ཀྱིས་རིང་བ་མ་ཡིན་པ་དང་། མི་མཐུན་པའི་ཕྱོགས་དང་། ་གཉེན་པོའི་ཕྱོགས་དང་། སྦྱོར་བ་དང་། དེའི་མཉམ་པ་ཉིད་དང་། མཐོང་བའི་ལམ་སྟེ་དགུ་པོ་དེ་དྲུག་ནི་ཉན་ཐོས་ལ་སོགས་པའི་ཀུན་ཤེས་པ་ཉིད་དོ།། རྣམ་པར་སྦྱོར་དང་བཅུས་རྣམས་དང་།། ཡོན་ཏན་སྐྱོན་ནི ་མཚན་ཉིད་བཅས།། ཐར་དང་ངེས་འབྱེད་ཆེ་མཐུན་དང་།། སློབ་པ་ཕྱིར་མི་ལྡོག་པའི་ཚོགས།། སྲིད་དང་ཞི་བ་མཉམ་པ་ཉིད་དང་།། ཞི་དག་བླ་ན་མེད་པ་ཡི།། རྣམ་ཀུན་མངོན་རྫོགས་རྟོགས་པ་སྟེ།། འདི་ནི་ཐབས། ་མཁས་བཅས་པ་ཡིན།། རྣམ་པ་དང་། སྦྱོར་བ་དང་། ཡོན་ཏན་དང་། སྐྱོན་དང་། མཚན་ཉིད་དང་། ཐར་པའི་ཆ་དང་མཐུན་པ་དང་། ངེས་པར་འབྱེད་པའི་ཆུ་དང་མཐུན་པ་དང་།། སློབ་པ་ཕྱིར་མི་ལྡོག་པའི ་ཚོགས་དང་། སྲིད་པ་དང་ཞི་བ་མཉམ་པ་ཉིད་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། ཐབས་ལ་མཁས་པ་སྟེ། དངོས་པོ་བཅུ་གཅིག་པོ་དེ་དག་ནི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའོ།། ་དེ་ཡི་རྟགས་དང་རྣམ་འཕེལ་དང་།། བསྟན་དང་སེམས་ཀུན་གནས་པ་དང་།། མཐོང་ཞེས་བྱ་དང་བསྒོམ་པ་ཞེས།། བྱ་བའི་ལམ་ནི་སོ་སོ་ལ།། རྣམ་པར་རྟོགས་པ་རྣམ་བཞི་ཡི།། གཉེན་པོ་རྣམ་པ་བཞི་དང་ནི།། ་བར་ཆད་མེད་པའི་ཏིང་ངེ་འཛིན།། ལོག་པར་སྒྲུབ་དང་བཅོས་པ་ནི།། རྩེ་མོའི་མངོན་རྟོགས། རྟགས་དང་། རྣམ་པར་འཕེལ་བ་དང་། བརྟན་པ་དང་། ཏིང་ངེ་འཛིན་དང་། མཐོང་བའི་ལམ་ལ་རྟོག་པ་རྣམ་པ་བཞིའི ་གཉེན་པོ་དང་། བསྒོམ་པའི་ལམ་ལ་རྟོག་པ་རྣམ་པ་བཞིའི་གཉེན་པོ་དང་། བར་ཆད་མེད་པའི་ཏིང་ངེ་འཛིན་དང་། ལོག་པར་སྒྲུབ་པ་དག་སྟེ། དངོས་པོ་བརྒྱད་པོ་དེ་དག་ནི་རྩེ་མོའི་མངོན་པར་རྟོགས་པའོ།། མཐར ་གྱིས་པ། རྣམ་གསུམ་རྣམ་བཅུ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། རྗེས་སུ་དྲན་པ་དྲུག་དང་། དངོས་པོ་མེད་པའི་ངོ་བོ་ཉིད་དེ། དེ་བས་ན་ཆོས་བཅུ་གསུམ་པོ་དེ་དག་ནི་མཐར་གྱིས་པའི་མངོན་པར་རྟོགས་པའོ།། ་སྐད་ཅིག་མ་གཅིག་གིས་མངོན་རྫོགས་བྱང་ཆུབ་པ། མཚན་ཉིད་ཀྱིས་ནི་རྣམ་པ་བཞི་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཟག་པ་མེད་པར་སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པ་དང་། ཆོས་ཐམས་ཅད་དགེ་བའི་སྐད་ཅིག། ་མ་གཅིག་གིས་མངོན་པར་རྟོགས་པ་དང་། ཆོས་ཐམས་ཅད་མཚན་ཉིད་མེད་པར་སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པ་དང་། ཆོས་ཐམས་ཅད་གཉིས་སུ་མེད་པར་སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པ་སྟེ། ་བཞི་པོ་དེ་དག་ནི་སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པའོ།། ངོ་བོ་ཉིད་ལོངས་རྫོགས་བཅས་དང་།། དེ་བཞིན་སྤྲུལ་དང་རྣམ་གསུམ་དག། ཆོས་སྐུ་མཛད་པར་བཅས་པ་སྟེ།། རྣམ་པ ་བཞིར་ནི་ཡང་དག་བརྗོད།། ངོ་བོ་ཉིད་ཀྱི་སྐུ་དང་། སངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་དང་། དེའི་མཛད་པ་སྟེ། དངོས་པོ་བཞི་པོ་དེ་དག་ནི་ཆོས་ཀྱི་སྐུའོ།། །། དེ་ལ་དང་པོ་རྣམ་པ་ཐམས་ཅད ་མཁྱེན་པ་ཉིད་བཤད་པར་བྱ་སྟེ། དེའི་དང་པོ་སེམས་བསྐྱེད་པའི་དངོས་པོ་ཞེས་བྱ་བ་ལ། སེམས་ནི་ཡིད་དང་འདོད་པ་སྟེ། འདི་ལྟར་འགྲོ་བ་འདོད་པ་དང་། འགྲོ་བའི་ཡིད་དང་། འགྲོ་བའི་སེམས་སོ་ཞེས་བརྗོད་དོ།། དེ་བསྐྱེད་པ ་དེ་ཡང་གཞན་གྱིས་དོན་དུ་བསྐྱེད་པ་སྟེ་མཆོག་ཏུ་ཁྱད་པོར་དུ་གྱུར་པ་ཡིན་པའི་ཕྱིར། ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དམིགས་པ་གཟུང་ངོ་།། དེས་ན་དེའི་མཚན་ཉིད་སེམས་བསྐྱེད་པ་ནི་གཞན་དོན་ཕྱིར ་ཡང་དག་རྫོགས་པའི་བྱང་ཆུབ་འདོད།། ཅེས་གསུངས་ཏེ། འདོད་པ་དང་། མོས་པ་དང་། མངོན་པར་འདོད་པ་ཞེས་བྱ་བ་ནི་རྣམ་གྲངས་སོ།། གང་ལ་ཡང་དག་པར་རྫོགས་པའི་བྱ་ང་ཆུབ་འདོད་པ་ཡོད་པ་དེ་ལ་དེ་སྐད་ཅེས ་བྱའོ།། དེའི་དངོས་པོ་ནི་འདི་ཉིད་དེ། དེ་འདོད་པ་ཞེས་བྱ་བའི་དོན་ཏོ།། རང་ལས་གཞན་དུ་གྱུར་པ་ནི་ཕ་རོལ་ཏེ། སེམས་ཅན་ཐམས་ཅད་དོ།། དེ་དག་གི་དོན་ནི་ཕན་པ་སྟེ། ཤིན་ཏུ་མཐར་ཕྱིན་པའི་མྱ་ངན་ལས་འདས་པ ་སྟེ། བླ་ན་མེད་པའི་བྱང་ཆུབ་ཀྱི་བར་དུའོ།། དེའི་ཕྱིར་ནི་དེའི་དོན་ནམ་དེའི་ཆེད་དུའོ།། དེ་ལྟར་ནུ་དེ་ནི་གཞན་གྱི་དོན་དུ་བསྟན་ཏེ། ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དམིགས་པའི་འདོད་པ་ནི་སེམས་བསྐྱེད་པའི་མཚན ་ཉིད་དོ།། དེ་དང་དེ་ནི་མདོ་བཞིན་དུ།། བསྡུས་དང་རྒྱས་པའི་སྒོ་ནས་བརྗོད་ཅེས་བྱ་བ་ལ། མདོ་བཞིན་དུ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་བཞིན་དུ་སྟེ། མདོ་དེ་ལས་མ་འདས་པ་འདི་ནི་མཚན་ཉིད་ཅེས་བྱ ་བའི་དོན་ཏོ།། འོ་ན་མདོ་དེ་ལས་ནི་གླེང་གཞིའི་གཞུང་བོར་ནས་འདྲེས་རྣམ་པ་བཞིས་སེམས་བསྐྱེད་པའི་མཚོན་ཉིད་དེ་ཡང་བདག་གི་དོན་དང་གཞན་གྱི་དོན་རྣམ་པ་མང་པོར་ཕྱེ་ནས། རབ་ཏུ་མང་པོ་ལ་དམིགས་པ་ཆེད་དུ ་བྱ་བ་མེད་པར་འདོད་པའི་མཚན་ཉིད་དུ་བརྗོད་དེ། དེས་ན་འདི་ནི་མདོ་ཇི་ལྟ་བ་བཞིན་དུ་མ་ཡིན་ནོ་ཞེ་ན། དེའི་ཕྱིར། དེ་དང་དེ་ནི་མདོ་བཞིན་དུ།། བསྡུས་དང་རྒྱས་པའི་སྒོ་ནས་བརྗོད་ཅེས་གསུངས་ཏེ། མདོར་ཡང་དེ་དང ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ཉིད་ཚིག་མང་པོ་གཉིས་ཀྱིས་བསྡུས་པ་དང་རྒྱས་པའི་སྒོ་ནས་གསུངས་སོ།། དེ་ནི་ཞེས་བྱ་བ་ནི་གཞན་གྱི་དོན་ཉིད་དེ། ཚིག་འོག་མ་གཉིས་ཀྱིས་བསྡུས་པ་དང་རྒྱས ་པཔའི་སྒོ་ནས་གསུངས་སོ།། མདོ་ལས་ཡང་གཞན་གྱི་དོན་གྱི་ཆེད་དུ་ཤུགས་ཀྱིས་བསྟན་ཏེ། གང་གི་ཕྱིར་གཞན་གྱི་དོན་གྱི་ཆེད་དུ་བྱང་ཆུབ་ཀྱི། རང་གི་དོན་གྱི་ཆེད་དུ་ནི་མ་ཡིན་པས་སོ།། བསྟན་བཅོས་ལས་ཀྱང ་གཞན་གྱི་དོན་གྱིས་འདོད་པ་ནི་ཤུགས་ཀྱིས་བསྟན་ཏེ། གང་གི་ཕྱིར་འདོད་པ་མ་ཡིན་པ་ནི་ཆེད་དུ་བྱ་བར་མི་འགྱུར་བས་སོ།། དེ་བསྟན་བསྟན་བཅོས་ཀྱི་མཚན་ཉིད་ནི་མདོ་རྗེ་ལྟ་བ་བཞིན་ཉིད་དོ།། དེ་ཡང ་དག་པར་རྫོགས་པའི་བྱང་ཆུབ་བསྡུས་པ་ནི་གླེང་གཞི་ལྟག་ཏུ་བོར་ནས་དེའི་ཚེ་བཅོམ་ལྡན་འདས་ཞེས་བྱ་བ་ནས། འཚང་རྒྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་བྱ་བའི་བར་གྱིས་བསྟན ་ཏོ།། རྒྱས་པ་ནི་དེ་ལྟར་ཞེས་བྱ་བ་ནས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའོ་ཞེས་བྱ་བའི་བར་གྱིས་བསྟན་ཏོ།། མདོ་ལས་ཀྱང་སེམས་བསྐྱེད་པའི་མཚན་ཉིད་འབའ་ཞིག་བསྟན་པ་མ་ཡིན་གྱི། འོན་ཀྱང ་བདག་དང་གཞན་གྱི་དོན་གྱི་ཐབས་ཀྱང་བསྟན་པ་ཡིན་ནོ།། དེ་ལ་རང་གི་དོན་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ།། གཞན་གྱི་དོན་ནི་སེམས་ཅན་ཐམས་ཅད་ཀྱི་དོན་ནོ།། དེ་དག་གི་ཐབས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པ་ལ་རྣལ་འབྱོར་ཏེ། དེ་མེད་པ་དེ་དག་མི་འགྲུབ་པའི་ཕྱིར་རོ།། དེ་ཉིད་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ཉིད་མདོ་དང་རྒྱས་པའི་སྒོ་ནས་བསྟན་ཏོ།། གཞན་གྱི་དོན་ཡང་གཞན་གྱི་དོན་ཉིད་དུ་མདོ་དང་རྒྱས་པའི་སྒོ་ནས ་བསྟན་ཏེ། གཞན་གྱི་དོན་བསྡུས་པ་ནི་གཞན་ཡང་ཞེས་བྱ་བ་ནས། ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་དགོད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒྲུབ ་པར་བྱའོ་ཞེས་བྱ་བའི་བར་གྱིས་བསྟན་ཏོ།། གཞན་གྱི་དོན་རྒྱས་པ་ནི་སེར་སྣ་ཅན་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་ཉིད་ནི་འདིར་རིགས་ལ་གྲགས་པའི་དོན་ཏོ།། དེ་ལྟར་སེམས་བསྐྱེད་པའི་མཚན་ཉིད་མདོ་བཞིན་དུ་བརྗོད་ནས། རབ་ཏུ་དབྱེ་བ། དེ་ཡང་ས་གསེར་ཟླ་བ་མེ།། གཏེར་དོང་རིན་ཆེན་འབྱུང་གནས་མཚོ།། རྡོ་རྗེ་རི་སྨན ་བཤེས་གཉེན་དང་།། ཡིད་བཞིན་ནོར་བུ་ཉྩི་མ་གླུ། རྒྱལ་པོ་མཛོད་དང་ལམ་པོ་ཆེ།། གཞོན་པ་བཀོད་མའི་ཆུ་དང་ནི།། སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས།། རྣམ་པ་ཉི་ཤུ་རྩ་གཉིས་སོ།། ཞེས་གསུངས་སོ།། དེ་ཡང་རྡོ་རྗེ ་རི་སྨན་ཞེས་བྱ་བ་གསུམ་ལ་གསུམ་པའི་ཚིག་བསྟན་ཏོ།། བཤེས་གཉེན་དང་། ཡིད་བཞིན་ནོར་བུ་ཉི་མ་གླུ་ཞེས་བྱ་བ་བཞིན་གསུམ་པའི་མང་པོའི་ཚིག་བསྟན་ཏོ།། འདྲ་བ་ཞེས་བྱ་བ་ཁོང་ནས་དབྱུང་སྟེ། ཚིག ་དྲུག་གི་མཐར་གསུམ་པའི་སྦྱོར་བ་ཡིན་ནོ།། དེའི་དོན་ནི་འདི་ཡིན་ཏེ། དེ་ཡང་སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་ཏེ། འདི་ལྟར་ས་དང་། གསེར་དང་། ཟླ་བ་ལ་སོགས་པ་དང་འདྲ་སྟེ། འདིར་ཚིགས་སུ་བཅད་པ་ནི། ་བསམ་པ་སྦྱོར་དང་ལྷག་བསམ་དང་།། ཕ་རོལ་ཕྱིན་དྲུག་ཚད་མེད་དག། མངོན་པར་ཤེས་དང་བསྡུ་དངོས་དང་།། སོ་སོ་རིག་སྔོན་ཚོགས་དག་དང་།། བྱང་ཆུབ་ཕྱོགས་མཐུན་ཞི་གནས་སོགས།། གཟུངས་སོགས་ཆོས ་ཀྱི་མདོ་བཤད་པ་དང་།། བགྲོད་གཅིག་ལམ་དང་ཐབས་མཁས་པའོ།། ཞེས་བཤད་དོ།། དང་པོའི་སེམས་བསྐྱེད་པ་ལས་གཞན་པ་ནི་གྲོགས་འདི་དག་དང་གོ་རིམ་བཞིན་དུ་ལྡན་པ་ཡིན་ཏེ། ་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལུས་མི་ཟད་པ་བརྒྱད་ཅུ་གསུངས་ཏེ། དེ་ཡང་སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་ཀྱིས་འགྲེལ་ཏོ་ཞེས་མཁས་པས་བཤད་དོ།། དེ་ལྟར་ན་དང་པོའི་སེམས་བསེད་པ་མི་ཟད ་པ་ནི་སེམས་བསྐྱེད་པ་མི་ཟད་པ་ཞེས་བརྗོད་དོ།། ལྷག་མའི་སེམས་བསྐྱེ་ད་པ་མི་ཟད་པ་ནི་གཅིག་པུའི་མ་ཡིན་ཏེ། འོན་ཀྱང་བསམ་པ་དང་སྦྱོར་བ་ལ་སོགས་པའི་གྲོགས་དང་བཅས་པ་མི་ཟད་པ་ཞེས་བརྗོད་དོ།། ་དུས་མངའ་དུས་མཆོ་ངས་ལག་པ།། སུམ་ཅུ་རྩ་བདུན་ལག་རྐང་མཚོ།། བཅུ་ཚན་གཉིས་པའི་ཐ་དད་ཀྱིས།། མི་ཟད་བརྒྱད་ཅུ་དེ་དག་ཡིན།། དེ་ལ་སེམས་བསྐྱེད་པ་དང་པོ་ནི་ས་དང་པོ་ནི་ས་ངད་འདྲ་སྟེ། སངས་རྒྱས་ཀྱི ་ཆོས་ཐམས་ཅད་དང་དེའི་ཚོགས་འཕེལ་བའི་རྟེན་དུ་གྱུར་པའི་ཕྱིར་རོ།། དེ་ཡང་གཞན་ཡང་ཞེས་བྱ་བ་ནས། བཞག་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་པ་ཡིན་ནོ།། དེ་ལ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི ་རིགས་ལ་གནས་པའོ།། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པས་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའོ།། སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི། ་གཞན་གྱི་དོན་ཆེན་པོ་འདོད་བའོ།། དེ་ཉིད་སྤྱིའི་མཚན་ཉིད་དེ་དང་པོ་གྲོགས་མེད་པའི་མཚན་ཉིད་དོ།། ལྷག་མ་ནི་གྲོགས་དང་བཅས་པའི་མཚན་ཉིད་དོ།། དེ་དག་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཞེས་བྱ་བས ་དེསྤྱིའི་མཚན་ཉིད་བསྟན་ཏོ།། བསམ་པ་ལ་སོགས་པ་ནི་གྲོགས་བསྟན་ཏོ།། བསམ་པ་དང་ལྡན་པ་ནི་གསེར་བཟང་པོ་དང་འདྲ་སྟེ། འགྱུར་བ་ལ་མི་རྟེན་པའི་ཕྱིར་རོ།། དེ་ཡང་འདི་ལྟར་ཞེས་བྱ་བ་ལ་སོགས་པས ་གསུངས་ཏེ། འདི་ལྟར་ཞེས་བྱ་བ་ནི་ཇི་ལྟར་འཆད་པར་འགྱུར་པ་བཞིན་དུའོ།། གནས་ནས་ཞེས་བྱ་བ་ནི་དག་པ་དང་། འདུན་པའི་མཚན་ཉིད་ཀྱི་བསམ་པས་གནས་པའོ།། མི་གནས་པའི་ཚུལ་གྱིས་ཞེས་བྱ་བ་ནི ་གནས་པ་དང་། གནས་པར་བྱེད་པ་དང་གནས་པའི་གཞི་མི་དམིགས་པས་སོ།། སྦྱོར་བ་དང་ལྡན་པོ་ནི་ཟླ་བ་ཡར་གྱི་ངོ་བོ་ཆེས་པ་དང་འདྲ་སྟེ། དགེ་བུའི་ཆོས་འཕེལ་བར་འགྱུར་པའི་ཕྱིར་རོ།། དེ་ཡང་དེ་ལྟར་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་ཞེས་བྱ་བ་ནི་བཤད་པའི་རིམ་པས་སོ།། གནས་པ་ཞེས་བྱ་བ་ནི་བསམ་པ་ལ་གནས་ནས་སོ།། ཡར་གྱི་ངོ་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ནས་བཏང་སྙོམས ་ཆེན་པོའི་བར་དུ་དཀར་པོའི་ཆོས་ཐམས་ཅད་ཀྱི་ཚོགས་སོ།། སྦྱོར་བ་ནི་གོམས་པའོ།། དེ་ཡང་སྐྱེ་བ་དང་འཕེལ་བ་སྟེ། ཡར་གྱི་ངོའི་ཟླ་བ་ཆེས་པ་བཞིན་ནོ།། ཁྱད་པར་རྟོགས་པར་བྱ་བའི་ཕྱིར་བསམ་པ་ནི་ལྷག ་པའི་བསམ་པའོ།། དེ་དང་ལྡན་པ་ནི་མེ་དང་འདྲ་བྱ་སྟེ། དེ་ནས་དེ་ཤིང་གི་བྱེ་བྲག་གིས་མེ་བཞིན་དུ་ཁྱད་པར་དུ་འགྲོ་བའི་ཕྱིར་རོ།། དེ་ཡང་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་ལ་སོགས་པས་གསུངས ་ཏེ། འདིར་ཡང་ཆོས་ཁྱད་པར་ཅན་འདོད་པས་ལྷག་པའི་བསམ་པ་མཚོན་པ་ཡིན་ནོ།། དེའི་འོག་ཏུ་ཕ་རོལ་ཏུ་ཕྱིན་པ་མཚོན་པ་ཡིན་ནོ།། དེའི་འོག་ཏུ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་སེམས་བསྐྱེད་པ་དྲུག་ཏུ་བརྗོད། ་པར་བྱ་སྟེ། དེས་ན་དེ་དག་གི་མཚན་ཉིད་རྣམ་པ་ལྔར་བརྗོད་དེ། རིགས་ཉིད་དང་། སྨོན་ལམ་ཉིད་དང་། བསམ་པ་ཉིད་དང་། དངོས་པོ་ཉིད་དང་། རང་གི་ངོ་བོ་ཉིད་དོ།། དེ་ལ་རིགས་ནི་ཆོས་ཉིད་དེ། བྱང་ཆུབ་སེམས ་དཔའ་གང་ཆོས་ཉིད་གང་ལ་གནས་ནས་བྱང་ཆུབ་ཀྱི་སེམས་ལ་གནས་ཏེ། སྙིང་རྗེ་སྔོན་དུ་འགྲོ་བའི་སེམས་ཀྱི་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བའོ།། དེ་བཞིན་དུ་སྡོམ་པ་ཡང་དག་པར་བླངས་པ་ཐམས་ཅད་བསྲུང ་བ་དང་། དེ་བཞིན་དུ་གནོད་པར་བྱེད་པ་ཐམས་ཅད་ལ་ཅི་མི་སྙམ་པ་དང་། སྡུག་བསྔལ་དང་དུ་ལེན་པ་དང་། ཆོས་ལ་ངེས་པར་སེམས་པའི་བཟོད་པའོ།། དེ་བཞིན་དུ་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་དགེ་བའི་ཆོས་ཐམས ་ཅད་ལ་སྒྲུབ་པར་སྤྲོ་བ་སྟེ། གོ་རིམ་ཇི་ལྟ་བ་བཞིན་དུ་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། དེ་བཞིན་དུ་ལུས་དང་། ངག་དང་། ཡིད་ཀྱི་ལས་རྣམ་པ་ཐམས་ཅད་དུ་ཟིལ་གྱིས ་མནྡན་ཏེ། སེམས་རྣམ་པ་ཐམས་ཅད་དུ་གནས་པ་དང་། རྣམ་པ་ཐམས་ཅད་དུ་ཆོས་རབ་ཏུ་རྣམ་པར་འབྱེད་པ་གང་ཡིན་པ་དེ་དག་ནི་གོ་རིམ་བཞིན་དུ་བསམ་གཏན་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། སྦྱིན་པ་དང་ལྡན ་པ་ནི་གཏེར་ཆེན་པོ་བཞིན་ཏེ། ཟང་ཟིང་གི་ལོངས་སྤྱོད་ཀྱིས་སེམས་ཅན་དཔག་ཏུ་མེད་པ་ཚིམ་པར་བྱེད་པ་དང་། མི་ཟད་པའི་ཕྱིར་རོ།། དེ་ཡང་སེར་སྣ་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ ་ཕྱིན་པ་དང་ལྡན་པ་ནི་རིན་པོ་ཆེའི་འབྱུང་ཁུངས་ལྟ་བུ་སྟེ། དེ་ལས་ཡོན་ཏན་རིན་པོ་ཆེ་ཐམས་ཅད་འབྱུང་བའི་ཕྱིར་རོ།། དེ་ཡང་ཚུལ་ཁྲིམས་འཚལ་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། རིན་པོ་ཆེའི་འབྱུང་ཁུངས ་ནི་རིན་པོ་ཆེ་འབྱུང་བའི་རི་ལ་སོགས་པའོ།། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་རྒྱ་མཚོ་དང་འདྲི་སྟེ། ཉམོ་ང་བ་འབྱུང་བ་ཐམས་ཅད་ཀྱིས་མི་འཁྲུགས་པའི་ཕྱིར་རོ།། དེ་ཡང་གནོད་སེམས་ལ་སོགས་པ་ཞེས་བྱ་བ་ལ། ་སོགས་པ་གསུངས་སོ།། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྗོན་པ་ནི་རྡོ་རྗེ་དང་འདྲ་བ་སྟེ་མི་ཤིགས་པ་ཉིད་ཀྱིས་སྲ་བའི་ཕྱིར་རོ།། དེ་ཡང་ལེ་ལོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན ་པ་དང་ལྡན་པ་ནི་རིའི་རྒྱལ་པོ་དང་འདྲ་སྟེ། གཡེང་བས་མི་གཡོ་བའི་ཕྱིར་རོ།། དེ་ཡང་རྣམ་པར་གཡེང་བའི་སེམས་ཞེས་བྱ་བ་ལ་སོགས་པས་གསུངས་སོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་སྨན་གྱི་རྒྱལ་པོ ་ལྟ་བུ་སྟེ། སྒྲིབ་པ་ཐམས་ཅད་ཀྱི་ནང་རབ་ཏུ་ཞི་བར་བྱེད་པའི་ཕྱིར་རོ།། དེ་ཡང་ཤེས་རབ་འཆལ་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཚད་མེད་པ་བཞི་དང་ལྡན་པ་ནི་མཛའ་བོ་ཆེན་པོ་དང ་འདྲ་སྟེ། གནས་སྐབས་ཐམས་ཅད་དུ་སེམས་ཅན་རྣམས་ཡལ་བར་མི་འདོར་བའི་ཕྱིར་རོ།། བྱམས་པ་དང་སྙིང་རྗེ་དང་། དགའ་བ་དང་བཏང་སྙོམས་ཏེ་ཚད་མེད་པ་བཞི་ནི་སེམས་ཅན་ཚད་མེད་པ་ལ་དམིགས་པའི་བྱམས་པ ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ངག་སྟེ། གོ་རིམ་བཞིན་དུ་དེ་དག་བདེ་བ་སྐྱེད་པ་དང་། སྡུག་བསྔལ་བ་བསལ་བ་དང་། བདེ་བ་ལ་གནས་པ་དང་། ཉོན་མོངས་པའི་གཉེན་པོ་དང་ལྡན་པའི་བསམ་པས་ཏིང་ངེ ་འཛིན་གྱིས་བསྐྱེད་པ་སྟེ། དེ་ཡང་དགེ་བའི་སེམས་བསྐྱེད་པ་གཅིག་ཙམ་ཡང་ཞེས་བྱ་བ་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་མི་འབྲལ་ཞེས་བྱ་བའི་བར་གྱིས་གསུངས་སོ།། འདིར་ཡང་སེམས ་ཅན་ཐམས་ཅད་ལ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་རོ།། དེ་ནི་གྲོང་དང་འོག་ཏུ་སྣང་སྦྱར་བར་བྱའོ།། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་ཞེས་བྱ་བ་འདི་ནི་བཟོད་པར་འདོད་པ་ཞེས་བྱ་བ་འདིར་ཡང ་སྦྱར་ཏེ། སེམས་ཅན་ལ་པོ་སྨོས་པ་ཞེས་བྱ་བ་ནི་སེམས་ཅན་ལ་རྗེས་སུ་བརྩེ་པོའི་ཕྱིར་རོ།། འཛིན་ཕྱི་མཆི་ཡང་སྦྱོར་བར་བྱའོ།། དེ་ལ་འདིར་ཚིག་གསུམ་གྱིས་ནི་ཚད་མོང་པ་རྣམས་བསྟན་ལ། སྡུག་མ་རྣམས་ཀྱིས་ཀྱི ་དེའི་འབྲས་བུའོ།། མངོན་པར་ཤེས་པ་དང་ལྡན་པ་ནི་ཡིད་བཞིན་གྱི་ནོར་བུ་དང་འདྲ་སྟེ། ཇི་ལྟར་མོས་པ་བཞིན་དེའི་འབྲས་པ་འབྱོར་པའི་ཕྱིར་རོ།། དེ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་མི་འབྲལ ་བར་འདོད་པ་ཞེས་བྱ་བ་ནས། གཞན་ཡང་ཞེས་བྱ་བ་ལ་སྩོགས་པའི་ཚིག་གསུམ་གྱིས་གསུངས་སོ།། འདིར་གནས་པར་འདོད་པ་ཞེས་བྱ་བ་ནི་ཚེ་རིང་བར་གནས་པར་འདོད་པའོ།། གང་དང་གང་གིས་ཞེས་བྱ་བ་ནི ་མངོན་པར་ཤེས་པ་རྣམས་ཀྱིས་སོ།། བསྡུ་བའི་དངོས་པོ་དང་ལྡན་པ་ནི་ཉི་མ་དང་འདྲ་སྟེ། གདུལ་བའི་ལོ་ཐོགས་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་རོ།། དེ་ཡང་བསྡུ་བའི་དངོས་པོ་གོ་རིམ་བཞིན་དུ་བསྟན་པའི ་ཕྱིར་གཞན་ཡང་ཞེས་བྱ་ལ་སོགས་པའི་ཚིག་བཞིས་གསུངས་སོ།། སེམས་ཅན་རྣམས་བསྡུ་བ་ནི་སེམས་ཅན་རྣམས་ཡང་དག་པར་སྡུད་པས་ན་བསྡུ་བའོ།། དེའི་དངོས་པོ་ནི་ཐབས་ཏེ། སྦྱིན་པ་དང་། སྙན་པར་སྨྲ ་བོ་དང་དོན་དཔྱོད་པ་དང་། དོན་མཐུན་པ་དག་གོ།། དེ་ལྔ་གཙོ་བོ་ནི་སྙན་པར་སྨྲ་བ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་སྟོན་པའོ།། མི་ཟད་པར་བྱེད་པར་འདོད་པས་ཞེས་བྱ་བས་ནི་སེམས་ཅན་གྱི་དོན་དཔྱོད་པ་དང་། སྟོན ་པས་ཞེས་བྱ་བ་ནི་དོན་མཐུན་པའོ།། སོ་སོ་ཡང་དག་པར་རིག་པ་དང་ལྡན་པ་ནི་དྲི་ཟའི་དབྱངས་སྟོན་པ་ལྟ་བུ་སྟེ། གདུལ་བྱ་འདུན་པར་བྱེད་པའི་ཆོས་སྟོན་པ་ཡིན་པའི་ཕྱིར་རོ།། དེ་ཡང་གཞན་ཡོང་ཞེས་བྱ་བ་ལ ་སོགས་པའི་ཚིག་གསུམ་གྱིས་གསུངས་ཏེ། འདི་ལྟར་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་མངོན་སུམ་དུ་ཐོགས་པ་མེད་པར་ཤེས་པ་ནི་ཡང་དྲུག་པར་རིག་པའོ།། མ་ལུས་པར་ཡང་དག་པར་རིག་པ་ནི་ས་ས ་ཡང་དག་པར་རིག་པའོ།། དེ་ཡང་དམིགས་པའི་དབྱེ་བས་རྣམ་པ་བཞི་སྟེ། ཆོས་སོ་སོ་ཡང་དག་པར་རིག་པ་དང་། དོན་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ཡང་དག ་པར་རིག་པའོ།། དེ་ལ་ཆོས་ནི་ཆོས་ཐམས་ཅད་ཀྱི་རྣམ་གྲངས་སོ།། དོན་ནི་དེ་དག་གི་མཚན་ཉིད་དོ།། ངེས་པའི་ཚིག་ནི་དེ་དག་གི་ངེས་པའི་ཚིག་གོ། སྤོབས་པ་ནི་དེ་དག་གི་རྣམ་པར་དབྱེ་བའོ།། ཆོས་འདི་ཐམས་ཅད་ནི་གཉིས་ཏེ། ཆོས ་ངང་ཆོས་ཉིད་ཀྱིས་བསྡུས་པའི་ཕྱིར་རོ།། དེ་ལ་ཆོས་ཉིད་ནི་སྟོང་པ་ཉིད་དེའི་དབང་དུ་བྱས་ནས། ནང་སྟོང་པ་ཉིད་ལ་སོགས་པ་ནས་ཡང་དག་པའི་མཐའ་དང་། དེ་བཞིན་ཉིད་ཅེས་བྱ་བ་ལ་སོགས་པའི་ཚིག་གིས་གསུངས་སོ།། འདིར ་ཡང་སློབ་པར་འདོད་པོ་ཞེས་བྱ་བ་ནི་ཐོགས་པ་མེད་པའི་ཡེ་ཤེས་འདོད་པས་སོ།། འདི་ཉིད་འདིའི་སྤོབས་པ་སོ་སོ་ཡང་དག་པར་རིག་པའོ།། དེ་ལྟར་ཞེས་བྱ་བ་ལ་སོགས་པས་ནི་དཔེ་བསྟན་ཏེ། ཇི་ལྟར་འདི་ལྔ་རྣམ་པར་དབྱེ་བས ་བསླབ་པར་བྱ་བ་དེ་བཞིན་དུ་ཆོས་དང་དོན་དང་ངེས་པའི་ཚིག་ལ་ཡང་བསླབ་པར་བྱའོ་ཞེས་བྱ་བའི་དོན་ཏོ།། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དངོང་།། མཚན་མ་མེད་པ་ཞེས་བྱ་བ་ལ་སོགས་པ་ནི་འདིར་ཆོས་སོ་སོ་ཡང་དག ་པར་རིག་པའོ།། འདིའི་མཚན་ཉིད་ནི་མཚན་ཉིད་བཅུ་གཅིག་ལས་ཡང་དག་པར་འདས་པ་དང་། འདི་ལྟ་སྟེ། གཟུང་བའི་མཚན་ཉིད་ལས་ཡང་དག་པར་འདས་པ་དང་། འཛིན་པའི་མཚན་ཉིད་ལས་ཡང་དག་པར་འདས་པ་དང་། དངོས་པོའི ་མཚན་ཉིད་ལས་ཡང་དག་པར་འདས་པ་ཞེས་བྱ་བ་ལ་སོགས་པ་ནི་དོན་སོ་སོ་ཡང་དག་རིག་པའོ།། དེ་བཞིན་ཉིད་ནི་རྟག་ཏུ་དེ་བཞིན་པས་ཏེ་འགྱུར་པ་མེད་པའི་ཕྱིར་རོ།། ཡང་དག་པ་ནི་དེ་བཞིན་ཉིད་དོ།། དེའི་མཐའ་ནི་རྩེ་མོ་སྟེ། ་དེ་ལས་ལྷག་པའི་དེ་ཁོ་ན་ཉིད་ཡོད་པ་མ་ཡིན་པས་ཡང་དག་པའི་མཐའ་ཞེས་བྱ་བ་ལ་སོགས་པ་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པའོ།། ཆོས་མཐའ་ཡས་པ་དེ་དག་ནི་མཐའ་ཡས་པ་སྟེ། སོ་སོ་ཡང་དག་པར་རིག་པ ་བཞིས་བསྡུས་སོ།། རྒྱ་ཆེར་ནི་ཆོས་མངོན་པའི་བསྟན་བཅོས་ལས་རྟོགས་པར་བྱའོ།། དེར་ཡང་དཔེར་བརྗོད་པ་ཙམ་ཞིག་ཡིན་ཏེ། གཞན་ཡང་ཞེས་བྱ་བ་ལ་སོགས་བྱས་གསུངས་སོ།། འདི་ཡང་སྤོབས་པ་སོ་སོ་ཡང་དག་པར ་རིག་པ་སྟེ། རྡུལ་ཕྲ་རབ་མང་པོས་ཤེས་ཤིང་རྟོགས་པའི་ཕྱིར་རོ།། རྟོན་པ་དང་ལྡན་པ་ནི་རྒྱལ་པོ་ལྟ་བུ་སྟེ། ཆུད་མི་ཟ་བའི་རྒྱུ་ཡིན་པའི་ཕྱིར་རོ།། གང་གི་ཕྱིར་རྒྱལ་པོའི་ལྕགས་ཀྱུས་སྐྱེས་བུ་དག་ལམ་ལོག་པར་མི་གཏོང་སྟེ། ་རྟོན་པའི་ལྕགས་ཀྱུས་བྱང་ཆུབ་སེམས་དཔའ་ཡང་དེ་དང་འདྲའོ།། དེ་ཡང་གཞན་ཡང་ཞེས་བྱ་བ་ལ་སོགས་པའི་ཚིག་གཉིས་དང་དྲིས་པ་དང་ལན་གྱི་ཚིག་གཉིས་ཀྱིས་གསུངས་སོ།། དེ་ལྟར་ཤེས་པ་ཞེས་བྱ་བ་ནི་དེ་ཉིད་ཤེས་པ་སྟེ། ་དོན་ལ་རྟོན་གྱི་ཚིག་འབྲུ་ལ་མ་ཡིན་ཏེ། དེས་ན་ཕལ་པའི་སྐད་དུ་ཆོས་སྟོན་ཀྱང་གུས་པར་ཉན་པར་བྱེད་དོ།། གཞན་ཡང་ཞེས་བྱ་བའི་ཚིག་གཉིས་པ་ལ། ཐབས་ལ་མཁས་པ་སྦྱིན་པར་བྱ་བ་དང་། སྦྱིན་པ་པོ་ལ ་སོགས་པའི་མི་དམིགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་ནི་རིགས་པས་གྲུབ་པ་སྟེ། རིགས་པས་ཚད་མོ་དང་ལྡན་པའོ།། དེས་ན་ཆོས་ལ་རྟོན་གྱི། གང་འདི་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་མ་ཡིན་ནོ་ཞེས་སྨྲས ་པའི་གང་ཟག་ལ་ནི་མ་ཡིན་ནོ།། སངས་རྒྱས་བཅོམ་ལྡན་འདས་ནི་མཆོག་ཏུ་ཚད་མར་གྱུར་པ་ཡིན་ཏེ། དེས་ན་ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་གྱི། དྲང་བའི་དོན་གྱི་མདོ་སྡེ་ལ་ནི་མ་ཡིན་ནོ།། བསྒོམས་པ་ལས་བྱུང་བའི་ཤེས་པ ་ནི་ཡེ་ཤེས་སོ།། ཐོས་པ་དང་བསམས་པ་ལས་བྱུང་བ་ནི་རྣམ་པར་ཤེས་པ་སྟེ། དེས་ན་ཡེ་ཤེས་ཀྱིས་གཟིགས་པ་གང་ཡིན་པ་དེ་རྣམ་པར་ཤེས་པས་མཐོང་བ་ནི་མ་ཡིན་ནོ།། དེའི་ཕྱིར་ཡེ་ཤེས་ལ་རྟོན་གྱི། རྣམ་པར་ཤེས ་པ་ལ་ནི་མ་ཡིན་ནོ།། རྟོན་པ་འདི་གཉིས་ནི་ཞུས་པ་དང་ལན་གྱིས་གསུངས་ཏེ། དེ་ལྟར་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་འདི་ནི་ངེས་པར་མཛད་པ་དེ་དེ་ལ་རྟོན་པར་བྱའོ།། དེས་ན་ཤཱ་རིའི་བུ་ནི་རྣམ་པར་ཤེས་པ་སྟེ། ཞུ་བ་པོ ་ཡིན་ནོ།། དེ་བཞིན་གཤེགས་པ་ནི་ཡེ་ཤེས་ཡིན་ཏེ། ལན་བཀའ་སྩལ་བ་ཡིན་ནོ།། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པ་ནི་མཛོད་ལྟ་བུ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མང་པོའི་མཛོད་ཀྱི་གནས ་ཡིན་པའི་ཕྱིར་རོ།། དེ་ཡང་གཞན་ཡང་ཞེས་བྱ་བ་ཚིག་དགུས་གསུངས་ཏེ། དེ་ལས་ཚིག་བདུན་གྱིས་ནི་ཚུལ་ཁྲིམས་དང་། བསྒོམས་པ་ལས་བྱུང་བའི་བསོད་ནམས་ཀྱི་ཚོགས་ཀྱི་ཕུང་པོ་ཆེན་པོ་བསྟན་ཏེ། དེ་གཉིས་མེད ་པར་ནི་དེ་ལྟ་བུའི་མངོན་པར་ཤེས་པ་མི་སྲིད་པའི་ཕྱིར་རོ།། ཚིག་བརྒྱད་པས་ནི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བསྟན་ཏེ། གསུམ་པོ་དེས་ནི་བསོད་ནམས་བསྟན་ཏོ།། དགུ་པས་ནི་ཡེ་ཤེས་ཀྱི་ཚོགས་བསྟན་ཏོ།། བྱང ་ཆུབ་ཀྱི་ཕྱོགས་དང་ལྡན་པ་ནི་ལམ་པོ་ཆེ་ལྟ་བུ་སྟེ། འཕགས་པའི་གང་ཟག་ཐམས་ཅད་གཤེགས་ཤིང་རྗེས་སུ་གཤེགས་པའི་ཕྱིར་རོ།། དེ་ཡང་གཞན་ཡང་ཞེས་བྱ་བ་ལ་སོགས་པའི་ཚིག་གསུམ་གྱིས་གསུངས་ཏེ། ་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་མཚན་ཉིད་དོ།། གཞན་ཐམས་ཅད་ནི་དེའི་འབྲས་བུར་བསྟན་ཏོ།། ཞི་གནས་དང་ལྷག་མཐོང་དང་ལྡན་པ་ནི་ཐེག་པ་ལྟ་བུ་སྟེ། བདེ ་བླག་ཏུ་ཁྱེར་བའི་ཕྱིར་རོ།། དེ་ཡོད་ཉན་ཐོས་ཞེས་བྱ་བ་ལ་སོགས་པ་ནས་བརྩམས་ཏེ་འདས་པའི་དེ་བཞིན་གཤེགས་པ་ལ་སོགས་པའི་ཞིང་བལྟ་བར་འདོད་པའི་བར་གྱིས་གསུངས་སོ།། འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པ་ནི་ཞི་གནས་དང་ལྷག་མཐོང་གི་མཚན་ཉིད་དོ།། གཞན་ཐམས་ཅད་ནི་དེའི་འབྲས་བུའོ།། འདི་ལ་ཆུ་ཡོད་པས་ན་ཆུ་སྟེ། ལྡན་པའི་དོན་ལ་ཨ་རྐྱེན་དུ་བྱའོ།། བཀོད་མ་ཡང་ཡིན་ལ་ཆུ་ཡང་ཡིན་པས་བཀོང་མའི་ཆུའོ།། ་གཟུངས་དང་སྤོབས་པ་དང་ལྡན་པ་ནི་བཀོང་མུ་ལྟ་བུ་སྟེ། ཆུ་སྐྱེ་ཞིང་མི་ཟད་པར་འཛིན་པ་དང་། ཆོས་མཐུན་པར་ཐོས་པ་དང་མ་ཐོས་པའི་ཆོས་དང་དོན་འཛིན་ཅིང་འབྱིན་པའི་ཕྱིར་རོ།། དེ་ཡང་ཤར་ཕྱོགས་ཞེས ་བྱ་བ་ནས། སྟེང་གི་ཕྱོགས་ཞེས་བྱ་བའི་བར་གྱིས་གསུངས་སོ།། ཆོས་བཤིད་པ་དང་ལྡན་པ་ནི་ཀུན་ཏུ་དགའ་བའི་སྒྲ་དང་འདྲ་སྟེ། ཐར་པ་འདོད་པའི་གདུལ་བྱ་རྣམས་ལ་སྙན་པ་ཐོས་པར་བྱེད་པའི་ཕྱིར་རོ།། དེ་ཡང་ཤར་ཕྱོགས་ཞེས ་བྱ་བ་ལ་སོགས་བྱའི་ཕྱོགས་བཅུའི་བསྟན་པ་དང་བཤང་བའི་ཚིག་གཉིས་གསུངས་པ་ནི་ཆོས་ཀྱི་མདོ་བཞི་བསྟན་ཏོ།། འདིའི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས ་ཅང་དུ་ཆོས་ཀྱི་མདོ་བཞི་བསྟན་པའོ།། ཆོས་ཀྱི་མདོ་བཞི་ནི་འདུ་བྱེད་ཐམས་ཅད་མི་རྟག་པ། ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ནི་སྡུག་བསྔལ་བ་ཆོས་ཐམས་ཅད་ནི་བདག་མེད་པ། མྱ་ངན་ལས་འདས་པ་ནི་ཞི་བའོ།། ཆུ་བོ ་ཞེས་བྱ་བ་ནི་ཆུ་རྒྱུན་ནོ།། བགྲོང་བ་གཅིག་པའི་ལམ་དང་ལྡན་པ་ནི་ཀླུང་གི་རྒྱུན་དང་འདྲ་སྟེ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ན། རང་གི་ངང་གིས་འབྱུང་བའི་ཕྱིར་རོ།། བགྲོད་པ་གཅིག་པ་ཉིད་ནི་དེར་གཏོགས་པའི་བྱང་ཆུབ ་སེམས་དཔའ་རྣམས་ཀྱི་བྱ་བ་བྱེད་པ་ཐ་མི་དད་པའི་ཕྱིར་རོ།། དེ་ཡང་ཤར་ལ་སོགས་པའི་ཕྱོགས་པོཅུ་ངག་ཏུ་ལོང་བ་དང་། འོན་པ་ལ་སོགས་པའི་ཚིག་གིས་གསུངས་སོ།། འདིར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བགྲོད ་པ་གཅིག་པའི་ལམ་གྱི་མཚན་ཉིད་དོ།། གཞན་ཐམས་ཅད་ནི་དེའི་འབྲས་བུའོ།། ཐབས་ལ་མཁས་པ་དང་ལྡན་པ་ནི་སྤྲིན་ལྟ་བུ་སྟེ་ཇི་ལྟར་སྣོད་ཀྱི་འཇིག་རྟེན་གྱི་འབྱོར་པ་ཐམས་ཅད་སྤྲིན་ལས་བྱུང་བ་ལྟར། དགའ་ལྡན་གྱི་གནས ་ཀྱི་གནས་ན་བཞུགས་པ་ལ་སོགས་པ་སྟོན་པའི་སྒོ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བ་རྣམས་དེ་ལ་རག་ལས་པའི་ཕྱིར་རོ།། དེ་ཡང་དེ་བཞིན་གཤེགས་པའི་སྤྱོད་ལམ་ཞེས་བྱ་བ་ནས་བརྩམས་ནས། འདོད་པའི་ཡོན ་ཏན་ལྔ་ཞེས་བྱ་བའི་བར་གྱིས་གསུངས་སོ།། དེ་དག་གིས་ནི་སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་བསྟན་ཏོ།། ང་ནི་གདམས་ངག་བརྗོད་པར་བྱ་སྟེ། ཁོང་དུ་ཆུད་པར་བྱ་བའི་ཕྱིར་བརྗོད་པ་ནི་གདམས་ངག་སྟེ། ཡང་དག་པར་རྟོགས ་པའི་དོན་གྱི་མྱན་ངག་ཉེ་བར་གདམས་པའོ།། དེ་ཡང་ཡུལ་གྱི་བྱེ་བྲག་གོས་རྣམ་པ་བཅུ་སྟེ། འདི་ལྟར། སྒྲུབ་དང་བདེན་པ་རྣམས་དང་ནི།། སངས་རྒྱས་ལ་སོགས་དཀོན་མཆོག་གསུམ།། མ་ཞེན་ཡོངས་སུ་མི་ངལ་དང་།། ་ལྷམ་ནོ་ཡོངས་སུ་འཛིན་པ་དང་།། སྤྱན་རྩཝ་དང་ནི་མངོན་ཤེས་ཀྱི།། ཡོན་ཏཱན་དྲུག་དང་མཐོང་ལས་དང་།། བཻ་སྒྲོས་ཞེས་བྱ་ལ་གདམས་ངག་ནི།། བསྒྲལ་བདག་ཉིད་ཤེས་པར་བྱ།། ཞེས་བྱ་བ་གསུངས་པ་ཡིན་ནོ།། སྒྲུབ་པ་ནི་སྤྱོང ་པའོ།། གངས་ནོན། ཤེས་རབ་ཀྱི་མོ་རིམ་ཏུ་ཕྱིན་པས་ཏེ།། སྐབས་ཅིང་ཡིན་པ་གྱུརར།། དེ་ཡང་འདི་སྐང་དུ་མི་ང་ལྡན་པཞེས་བྱ་བྱ་ས་མིགས་པ་ནས། དེ་ལྟར་སྐྱེང་ན་བྱང་ཆུབ་སེམས་དཔ་ས ་ཕྱིན་པ་ལ་སྦྱོང་ངོ་ཞེས་བྱ་བའི་བར་གྱིས་གསུངས་སོ།། དེ་མན་ཆད་ཀྱིས་ནི་ཕན་ཡོན་བསྟན་ཏེ། དེ་ལུང་སངས་རྒྱས་ཀྱི་སྦྱིན་པར་བྱེད་པ་ཞེས་བྱ་བའི་བར་གྱིས་ཞུས་པ་དང་ལྡན་གྱིས་གསུངས་སོ།། འདིར ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། རྣམ་པར་གཡེང་བའི་རྣམ་པར་རྟོག་པ་བཅུའི་གཉེན་པོའོ།། དེ་དག་ཀྱང་གྲོང་དག་ཡིན་ཞེ་ན། འདིར་ཚིགས་སུ་བཅད་པ་ནི། དངོས་པོ་མེད་དང་དངོས་པོ་དང་།། སྒྲོ ་འདོགས་པ་དང་སྐུར་འདེབས་དང་།། གཅིག་པ་ཉིད་དང་ཐ་དད་དང་།། ངོ་བོ་ཉིད་དང་ཁྱད་པར་དང་།། མིང་ནི་ཇི་བཞིན་དོན་དང་ནི།། དོན་ནི་ཇི་བཞིན་མིང་ལ་ཞེན།། རྣམ་པར་གཡེང་བའི་རྣམ་རྟོག་གང་།། དེ་ནི་རྣམ་པ་བཅུར་བཤད་དོ།། དེ་ལ ་དངོས་པོ་མེད་པའི་རྣམ་པར་རྟོག་པའི་གཉེན་པོར་ནི་བྱང་ཆུབ་སེམས་དཔའ་ཉིད་ཡོད་བཞིན་དུ་ཞེས་གསུངས་ཏེ། བྱང་ཆུབ་སེམས་དཔའ་ཉིད་ནི་ཆོས་ཉིད་ཀྱི་ཚུལ་དུ་ཡོད་དོ་ཞེས་བྱ་བའི་དོན་ཏོ།། དངོས་པོར་རྣམ་པར་རྟོག་པའི་གཉེན་པོར ་ནི་བྱང་ཆུབ་སེམས་དཔའ་ལ་སོགས་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་གསུངས་ཏེ། ཉེ་བར་མི་དམིགས་པའོ་ཞེས་བྱ་བའི་དོན་ཏོ།། འདིས་ནི་གང་ཟག་དང་ཆོས་ཀྱི་དངོས་པོ་བཀག་པའི་ཕྱིར་རོ།། གལ་ཏེ་གཟུགས་ལ་སོགས ་བའི་སྟོང་པ་ཉིད་ཆོས་ཉིད་ཡིན་ན། དེ་ལྟ་ན་ནི་གཟུགས་ལ་སོགས་པ་ཡང་ཡོད་པར་འགྱུར་བས། དེས་ན་སྒྲོ་འདོགས་པའི་རྣམ་པར་རྟོག་པའི་གཉེན་པོར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། བྱང་ཆུབ་སེམས ་དཔའ་ལ་སོགས་པ་ནི་སྒྲའི་བརྗོད་པར་བྱ་བའོ།། རང་བཞིན་ནི་བྱང་ཆུབ་སེམས་དཔའ་ལ་སོགས་པའི་རང་བཞིན་ཏེ། དེ་ནི་དེས་སྟོང་པ་སྟེ། དེས་ན་དེ་དམིགས་སུ་མེད་དོ།། དེ་ལྟ་ན་ནི་དེ་མེད་ན་སྟོང་པ་ཉིད་ཀྱང་མེད་པར་འགྱུར་བས ་སྐུར་པ་འདེབས་པ་འདིའི་གཉེན་པོར་རང་བཞིན་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། འདིར་ཡང་ངོ་བོ་ཉིད་ནི་རྣམ་པ་གསུམ་སྟེ། ཆོས་ཐམས་ཅད་ནི་ཀུན་བརྟགས་པ་དང་། གཞན་གྱི་དབང་དང་། ཡོངས་སུ་གྲུབ་པའོ།། ཇི ་ལྟར་སྣང་བ་བཞིན་དུ་ཡོད་པ་མ་ཡིན་པ་ནི་ཀུན་ཏུ་བརྟགས་པའོ།། གང་རང་བཞིན་མེད་ཀྱང་སྣང་བའི་ཚུལ་དུ་ཡོད་པ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར་གཞན་གྱི་དབང་ངོ་།། དང་པོས་གཉིས་པ་སྟོང་ཞིང་བྲལ་བ་དེ་ནི་ཡོངས ་སུཾ་གྲུབ་པ་སྟེ། རྟག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ།། འདི་ལ་ཡང་བཅོམ་ལྡན་འདས་ཀྱི་གཽ་རློམ་བཞིན་དུ་བརྟགས་པ་དང་། རྣམ་པར་རྟོག་པ་དང་། ཆོས་ཉིད་ཀྱིས་བསྟན་ཏོ།། དེ་ལྟར་ཡང་མཛད་པའི་སྐབས་ལས་སྟོན་པར་འགྱུར་ཏེ། ་ཇི་བོ་ཉིད་རྣམ་པ་གསུམ་སྟེ། བརྟགས་པའི་ངོ་བོ་དང་། རྣམ་པར་རྟོག་པའི་ངོ་བོ་དང་། ཆོས་ཉིད་ཀྱི་ངོ་བོ་ཞེས་བྱ་བ་ལ་སོགས་པའོ།། དེ་བས་ན་འདིའི་ཞེས་བྱ་བ་ནི་རྣམ་པར་བརྟགས་པའི་གཟུགས་སོ།། འདི་ཞེས་བྱ་བ་ནི་ཀུན་བརྟགས ་པའི་གཟུགས་ཀྱིས་སྟོང་པའོ།། རང་བཞིན་ཞེས་བྱ་བ་ནི་དེ་ཉིད་ལ་རྟག་ཏུ་ཡོད་པའི་ཕྱིར་རོ།། འདི་ལྟར་ཞེས་བྱ་བ་ནི་གང་གི་ཕྱིར་རོ།། སྟོང་པ་ཉིད་ཅེས་བྱ་བ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་སྟོང་པའོ།། གཟུགས་ཞེས་བྱ་བ་ནི་རྣམ ་པར་བརྟགས་པའི་གཟུགས་ཏེ། དེས་སྟོང་པ་ཉིད་མ་ཡིན་པ་ནི་འདི་ལ་སྟོང་པ་ཉིད་དེ་རྟག་ཏུ་ཡོད་པའི་ཕྱིར་རོ།། དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུ་སྦྱར་བར་བྱའོ།། གལ་ཏེ་དེ་དང་དེ་གཉིས་རང་བཞིན་གཅིག ་པ་ཡིན་པ་དེའི་ཚེ། དེ་གཉིས་གཅིག་ཏུ་རྣམ་པར་རྟོག་པ་འདིའི་གཉེན་པོར་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་གཟུགས་མ་ཡིན་ནོ།། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཚན་ཉིད་ཀྱི་དབྱེ་བས་གཅིག་པ་མ་ཡིན་ནོ་ཞེས་བྱ ་བའི་དོན་ཏོ།། གལ་ཏེ་གཅིག་པ་མ་ཡིན་ཏེ། ཐ་དད་པ་ཉིད་ཡིན་པ་དེའི་ཚེ་ནི་ཐ་དད་པ་ཉིད་དུ་རྣམ་པར་རྟོག་པ་འདིའི་གཉེན་པོར་གཟུགས་ནི་སྟོང་པ་ཉིད་ལས་གཞན་མ་ཡིན་ནོ།། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་མ ་ཡིན་ནོ་ཞེས་བྱ་བ་ནི་ཐ་དད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། ཆོས་ལས་ཆོས་ཉིད་ཀྱི་ངོ་བོ་གཞན་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ།། དེ་ཞེས་བྱ་བ་ནི་གཅིག་པ་ཉིད་དུའོ།། གངྒཱ་གི་ཕྱིར་ཞེས་བྱ་བ་ནི་དྲི་བའོ།། ལན་དུ་གཟུགས་ཞེས ་བྱ་བ་ལ་སོགས་པ་གསུངས་སོ།། འདིར་གཟུགས་ཞེས་བྱ་བ་ནི་ཆོས་ཉིད་ཀྱི་གཟུགས་སོ།། དེ་བཞིན་དུ་རྣམ་པོར་ཤེས་པའི་བར་དུ་སྦྱར་རོ།། གཟུགས་ལ་སོགས་པའི་སྟོང་པོ་ཉིད་དང་། ཆོས་ཉིད་ཀྱི་གཟུགས་ནི་ཕུན་ཚུན ་གཅིག་པ་ཉིད་དེ། མཚན་ཉིད་ཐ་དད་པ་མེད་དོ་ཞེས་བྱ་བར་དགོངས་སོ།། དེ་ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་ལ་སོགས་པ་མེད་པ་གང་ཞེ་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་སྨོས་ཏེ། ་སྐྱེ་བ་དང་འགག་པའི་ཚུལ་གྱིས་ངོ་བོ་ཉིད་ཡོད་པས་ཁྱད་པར་ཡོད་པར་འགྱུར་ཏེ། ངེས་པའི་ཤེས་པའི་ཡུལ་དུ་འགྱུར་ཏེ། དེས་ན་རེ་ཞིག་ངོ་བོ་ཉིད་ཀྱི་རྣམ་པར་རྟོག་པའི་གཉེན་པོར། རབ་འབྱོར་འདི་ལྟ་སྟེ་གཟུགས་ཞེས་བྱ་བ ་འདི་ནི་མིང་ཙམ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མིང་ནི་དོན་གྱིས་སྟོང་པའི་མིང་ཙམ་མོ།། ཁྱད་པར་གྱི་རྣམ་པར་རྟོག་པའི་གཉེན་པོར་ནི་ངོ་བོ་ཉིད་མི་སྐྱེ་མི་འགག། ཀུན་ནས་ཉོན་མོངས་པ་མི་ཡིན། རྣམ་པར་བྱང་བ ་མ་ཡིན་ནོ་ཞེས་བྱ་བ་གསུངས་སོ།། དེ་ཅིའི་ཕྱིར་ཞེས་བྱ་བ་ལས་མྱིང་ཙམ་ཉིད་ཅེས་བྱ་བ་ག་ལས་ཞེས་པའོ།། འདི་ལྟར་གལ་ཏེ་མིང་གི་དོན་དངོས་པོ་ལ་མྱེད་པ་དེའི་ཚེ་ནི་དངོས་པོ་ལ་རག་ལས་པའི་མིང་གི་ཐ་སྙད་ཀྱང་མེད་པར་འགྱུར་རོ།། ། ་དེས་ན་མིང་ཇི་ལྟ་བ་བཞིན་དུ་དོན་ལ་རྣམ་པར་རྟོག་པའི་གཉེན་པོར་འདི་ལྟར་མིང་བཅོས་མ་ལས་ཆོས་དེ་དག་སོ་སོར་བརྟགས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོས་མཱ་ཞེས་བྱ་བ་ནི་བརྡ་ཙམ་མོ།། ཆོས་སོ་སོ་ལ་ཞེས ་བྱ་བ་ནི་ཆོས་དང་ཆོས་ལའོ།། བཅོས་མ་ཞེས་བྱ་བ་ནི་བརྡ་ལ་བརྟེན་པའོ།། དེ་དག་ཅེས་བྱ་བ་ནི་ཆོས་སོ།། བརྟགས་པ་ཞེས་བྱ་བ་ནཱི་སྒྲོ་བཏགས་པ་ཞེས། དངོས་པོ་ལྔ་དེའི་དོན་མེད་པས་གློ་བུར་དུ་མིང་དུ་ཐ་སྙད་དུ་བཏགས་པ་སྟེ། ་ཡོད་པ་མ་ཡིན་ནོ།། འོ་ན་མིང་དོན་ཐམས་ཅད་ཇི་ལྟ་བ་བཞིན་དུ་འགྱུར་ཏེ། མིང་ཡིན་པའི་ཕྱིར། སངས་རྒྱས་ཞེས་བྱ་བའི་ཆོ་ག་བཞིན་ནོ་ཞེ་ན། དོན་ཇི་ལྟ་བ་བཞིན་དུ་མིང་ལ་ཞེན་པའི་རྣམ་པར་རྟོག་པའི་གཉེན་པོར་དེ་བྱང་ཆུབ ་སེམས་དཔའ་མིང་དེ་དག་ཡང་དགྲ་པར་རྗེས་སུ་མི་མཐོང་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། མིང་ཐམས་ཅད་ཅེས་བྱ་བ་ནི་དངོས་པོ་ཐམས་ཅད་བརྗོད་པའོ།། མི་མཐོང་ཞེས་བྱ་བ་ནི་མི་དམིགས་པ་སྟེ། ་མིང་གི་དངོས་པོ་དེ་མེད་པའི་ཕྱིར་རོ།། སངས་རྒྱས་ཞེས་བྱ་བའི་ཚིག་ཀྱང་བརྡ་ཇི་ལྟ་བ་བཞིན་ལ་དངོས་པོ་མི་སྣང་བའི་སྒོ་ནས་དངོས་པོ་ལ་མི་སླུ་བ་ཡིན་གྱི། དངོས་པོ་སྣང་བའི་ཕྱིར་ནི་མ་ཡིན་ནོ།། གཞན་ཡང་ཞེས་བྱ་བ་ལ་སོགས་པ ་ནི་ཉེ་བར་སྡུད་པའོ།། འདི་ལྟ་སྟེ། དཔེར་ན་ཞེས་བྱ་བ་ནི་མདོ་སྡེ་པ་ལ་སོགས་པའི་དཔེ་ཡིན་ནོ།། དེ་ལ་ཞེས་བྱ་བ་ནི་བརྗོད་པར་བྱེད་པ་ཡང་ཡིན་ནོ།། གལ་ཏེ་ཤཱ་རིའི་བུ་འཛམ་བུའི་གླིང་ཞེས་བྱ་བ་ནས་སངས་རྒྱས་དང་། སངས་རྒྱས ་ཀྱི་ཆོས་རྣམས་ཞེས་བྱ་བའི་བར་གྱིས་སྒྲུབ་པའི་ཕན་ཡོན་ནོ།། ཕན་ཡོན་དང་བཅས་པའི་སྒྲུབ་པའི་གདོམས་ངག་རྒྱ་ཆེར་བསྟན་ནོ།། ད་ནི་བདེན་པའི་གདམས་ངག་བརྗོད་པར་བྱ་སྟེ། འཕགས་པའི་བདེན་པ་བཞི་ནི ་སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མོ།། དེ་དག་ལ་བྱང་ཆུབ་སེམས་དཔའ་ཇི་ལྟར་ལྡན་པ་དང་། རབ་ཏུ་ལྡན་པར་འགྱུར་བ་དེ་ལྟར་བདེན་པའི་གདོམས་ངག་སྟོན་པར་མཛད་དེ། དེ་ལ་སྡུག ་བསྔལ་གྱི་བདེན་པའི་དབང་དུ་བྱས་ནས། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ནས། ལྡན་པ་དང་མི་ལྡན་པ་ཞེས་བྱ་བར་ཡང་དག་པར་མི་མཐོང་ངོ་ཞེས་བྱ་བའི་བར་དུ་གསུངས་ཏེ། དེ་ལྟར་ན་སྡུག་བསྔལ་ཡོངས་སུ ་ཤེས་པར་བྱ་བ་ནི་སྡུག་བསྔལ་ཁོ་ན་ཤེས་པར་བྱ་བ་མ་ཡིན་གྱི། འོན་ཀྱང་འཕགས་པའི་བདེན་པ་བཞི་པོ་དག་ཀྱང་ངོ་།། དེ་དག་གིས་ཀྱང་ཆོས་ཐམས་ཅད་ཡང་དག་པར་བསྡུས་ཏེ། དེས་ན་ཕུང་པོ་དང་། ཁམས་དང་། སྐྱེ ་མཆེད་དང་། བདེན་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་སྟེ། དེ་རྣམས་ཀྱི་དབྱེ་བས་ཚོགས་ལྔར་བྱས་ཏེ། དེ་དག་གི་སྟོང་པ་ཉིད་དང་། ནང་སྟོང་པ་ཉིད་ལ་སོགས་པ་ལ་ཡང་ལྡན་པ་དང་མི་ལྡན་པ་ཞེས་བརྗོད་པར་བྱའོ།། ་དེ་ཙམ་ཁོ་ན་ཡང་མ་ཡིན་གྱི། འོན་ཀྱང་གང་གི་ཚེ་དེ་དག་ལ་ལྡན་པ་དང་མི་ལྗོན་པ་ཉིད་དུ་ཇི་ལྟར་ཡང་མི་མཐོང་བ་དེའི་ཚེ་ལྡན་པ་ཞེས་བརྗོད་པར་བྱ་སྟེ། དེ་ནི་སྡུག་བསྔལ་གྱི་བདེན་པ་ལ་གེ་དམས་པའོ།། ཀུན་འབྱུང ་གི་བདེན་པའི་དབང་དུ་བྱས་ནསཱ་དེ་ལ་གཟུགས་མེད་དོ་ཞེས་བྱེ་བ་ལ་སོགས་པ་ནས། རྣམ་པར་ཤེས་པ་ཉིད་སྟོང་པའོ།། སྟོང་པ་ཉིད་རྣམ་པར་ཤེས་པའོ་ཞེས་བྱེ་བའི་བར་གྱིས་གསུངས་སོ།། དེ་ལྟར་ན་ཀུན ་འབྱུང་སྤང་བར་བྱའོ།། གང་གི་ཕྱིར་གཟུགས་ལ་སོགས་པ་དེ་ལས་འབྱུང་བ་མ་ཡིན་པས་དེའི་ཕྱིར་རྒྱུ་མ་ཡིན་པས་ངེས་ན་ཇི་ལྟར་ཀུན་འབྱུང་ཡིན། གང་གི་ཕྱིར་འགྲོག་པའི་ཆོས་ཅན་མ་ཡིན་པ་དེ་ཇི་ལྟར་སྤང ་བར་བྱ་བ་ཡིན། ཇི་ལྟར་འདི་མ་སྤངས་པས་ནི་འགའ་ཡང་ཀུན་ནས་ཉོན་མོངས་པར་མི་འགྱུར་ལ། སྤངས་པས་ནི་འགའ་ཡང་རྣམ་པར་བྱང་བར་མི་འགྱུར་ན། འདི་ཇི་ལྟར་སྤང་བར་བྱ་བ་ཡིན། ཅི་སྟེ་སྡུག ་བསྔལ་དང་། ཀུན་འབྱུང་དག་དང་ལྡན་པ་ནི་ཀུན་ནས་ཉོན་མོངས་པ་ཡིན་ལ། མི་ལྡན་པ་ནི་རྣམ་པར་དག་པ་ཡིན་ནོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ། འདི་ལྟར་དེས་གང་ཞིག་གང་དུ་ཡང ་དག་པར་འདུ་ཞིང་ལྡན་པར་མ་མཐོང་བ་དེ་ནི་ཀུན་འབྱུང་བའི་བདེན་པ་ལ་གདམས་པའོ།། འགོག་པའི་བདེན་པའི་དབང་དུ་བྱས་ནས། ཤཱ་རིའི་བུ་སྟོང་པ་ཉིད་ཅེས་བྱ་བ་ནས། ལྡན་པ་ཞེས་བརྗོད་པར་བྱའོ་ཞེས་བྱ་བའི ་བར་དུ་གསུངས་སོ།། དོན་ནི་འདི་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་མཐོང་ན། དེ་ལ་གང་གི་འགོག་པ་མངོན་སུམ་དུ་བྱ། དེ་ལ་རེ་ཞིག་དེ་ཉིད་ནི་མ་ཡིན་ཏེ། སྟོང་པ་ཉིད་ཅེས་བྱ་བ་ལ་སོགས ་པས་གསུངས་སོ།། དེ་ནི་མི་སྐྱེ་མི་འགག་སྟེ། རྟག་པ་ཉིད་ཀྱི་ཕྱིར་རོ།། ཀུན་ནས་ཉོན་མོངས་པར་མི་འགྱུར། རྣམ་པར་བྱང་བར་མི་འགྱུར་ཏེ། འགྱུར་བ་མེད་པའི་ཕྱིར་རོ།། བྲི་བར་མི་འགྱུར་འཕེལ་བར་མི་འགྱུར་ཏེ། ཁྱབ ་པ་ཡིན་པའི་ཕྱིར་རོ།། འདུས་པ་ལ་སོགས་པ་མེད་པ་ཡིན་ཏོ།། རྟག་པ་ལ་སོགས་པའི་ཕྱིར་རོ།། དེས་ན་སྲུང་སྔར་ཀུན་ནས་ཉོན་མོངས་པ་ལུས་ཕྱིས་རྣམ་པར་བྱུང་བ་མ་ཡིན་ནོ།། གལ་ཏེ་སྡུག་བསྔལ་དང་། ཀུན་འབྱུང ་དག་དེ་ལ་འགོག་པ་ཡིན་ནོ་ཞེ་ན། གང་ཡང་འདི་ལྟ་བུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཁྱབ་པ་འདི་ལ་གཟུགས་ལ་སོགས་པ་མེད་དོ་ཞེས་བྱ་བའི་དོན་ཏོ།། དེས་ན་སྡུག་བསྔལ་མོད་དོ།། ཀུན་འབྱུང་མེད་དོ་ཞེས ་བྱ་བ་ནས། བྱང་ཆུབ་མེད་དོ་ཞེས་བྱ་བའི་བར་དུ་འགོག་པའི་བདེན་པ་ལ་གདམས་པའོ།། དེ་ལ་ལམ་གྱི་བདེན་པའི་དབང་དུ་བྱས་ནས། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནས་བརྩམས་ཏེ། གཞན་ཡང་ཞེས་བྱ་བའི ་ཚིག་བཞིའི་བར་གྱིས་གསུངས་སོ།། དེ་ལྟར་ན་ལམ་བསྒོམ་པར་བྱ་བ་ནི་གང་གིས་སྡུག་བསྔལ་ཡོངས་སུ་ཤེས་པར་བྱ་བ་དང་། ཀུན་འབྱུང་སྤང་བར་བྱ་བ་དང་། འགོག་པ་མངོན་སུམ་དུ་བྱ་བ་དང་། ལམ་བསྒོམ་པར་བྱ། ་བ་ནི་གང་ལ་སློབ་པ་དང་མི་སློབ་པའི་འབྲས་བུའི་ཆོས་རྣམས་ཡོད་པ་དེ་ནི་ལམ་ཡིན་ནོ།། དེས་ན་ལམ་འཁོར་དང་བཅོས་པ་དེས་ནི་ཆོས་ཐམས་ཅད་ཡང་དག་པར་བསྡུས་པ་ཡིན་ནོ།། དེ་དག་མི་དམིགས་པ་དང་བདག ་ལྡན་པ་དང་མི་ལྡན་པ་ཉིད་དུ་མི་དམིགས་པ་སྟེ། དེ་ནི་སྦྱོར་བ་གཅིག་གོ།། སྟོང་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་སྒོམ་པ་ལ་ནི་སྟོང་པ་ཉིད་ལ་སོགས་པ་དག་གིས་ཏེ། རཱང་གྲི་ངོ་བོར་ཀུན?་བརྟགས་པ་དག་གིས་མི་སྦྱོར་རོ།། ་སྟོང་པ་ཉིད་ལ་སོགས་པའི་རྣམ་འབྱོར་རྣམས་ལ་ཡང་དེའི་སྦྱོར་བའི་སྒྲས་ཀྱང་མི་སྦྱོར་རོ།། མི་སྦྱོར་མི་འབྱེད་ཅེས་བྱ་བ་ནི་ཀུན་བརྟགས་པའི་སྦྱོར་བའི་མཚན་ཉིད་མེད་པའི་ཕྱིར་མི་སྦྱོར་རོ།། རང་ཉིད་བརྗོད་དུ་མེད་ཅིང་མཚན ་མ་མེད་པའི་ཏིང་ངེ་འཛིན་གྱི་ངོ་བོ་ཉིད་ཀྱི་ཕྱིར་མི་འབྱེད་དོ་ཞེས་བྱ་བ་ནི་གཉིས་པའོ།། རང་གི་མཚན་ཉིད་སྟོང་པ་ཉིད་བསྒོམ་པ་ནི་གཟུགས་ལ་སོགས་པ་ལ་མི་སྦྱོར་ཏེ། དེ་ལ་དེའི་མཚན་ཉིད་མེད་པའི་ཕྱིར་རོ།། དེ་ཉིད་སྒོམ ་པར་བྱེད་པ་ཡིན་པའི་ཕྱིར། འབྱེད་པར་མི་བྱེད་དོ་ཞེས་བྱ་བ་ནི་གསུམ་པའོ།། བཞི་པ་ནི་རྟོགས་པར་སླའོ།། འདི་ནི་ལམ་གྱི་བདེན་པ་ལ་གདམས་པའོ།། དཀོན་མཆོག་གསུམ་ལ་གདམས་པ་བཤད ་པར་བྱ་སྟེ། དེ་ལ་སངས་རྒྱས་དཀོན་མཆོག་ལ་གོ་དམས་པའི་དབང་དུ་བྱས་ནས། གཞན་ཡང་ཞེས་བྱ་བ་ལ་སོགས་པ་ཚིག་གསུམ་གྱིས་གསུངས་སོ།། དེ་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་སངས་རྒྱས་ཉིད་དོ།། ་ཇི་སྐད་དུ། སྒྲིབ་པ་ཀུན་གྱི་དྲི་མེད་པ།། རྣམ་པ་ཐམས་ཅད་མཁྱེན་ཉིད་ཐོབ།། རིན་ཆེན་སྣོད་ནི་ཕྱེ་བ་ལྟར།། སངས་རྒྱས་ཉིད་ནི་ཡང་དག་བསྟན་ཞེས་ཇི་སྐད་བཤད་པ་ལྟ་བུའོ།། དེས་ན་ཕུང་པོ་དང་སྐྱེ་མཆེད་རྣམས་ནི་དབྱེ ་བས་མ་མཐོང་བས་དེ་ལ་དེས་མི་སྦྱོར་རོ་ཞེས་བྱ་བ་ནི་སྦྱོར་བ་གཅིག་གོ།། དེ་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལམ་འདིའི་འབྲསྟེ་བུར་གྱུར་པ་ཞེས་བྱ་བ་ནི་གཉིས་པའོ།། དེ་བཞིན་དུ་སངས་རྒྱས་དང་བྱང་ཆུབ ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་མི་སྦྱོར་རོ།། དེ་ཡང་སངས་རྒྱས་དང་བྱང་ཆུབ་དང་མི་སྦྱོར་ཏེ། གསུམ་པོ་དག་ཐ་དད་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་སངས་རྒྱས་དཀོན་མཆོག་ལ་གདམས་པའོ།། ཆོས་དཀོན ་མཆོག་གི་དབང་དུ་བྱས་ཏེ། གཞན་ཡང་ཞེས་བྱ་བ་ལ་སོགས་པ་ནས། འཆལ་བའི་ཤེས་རབ་ཀྱི་སེམས་མི་སྐྱེད་ངོ་དོ།། ཞེས་བྱ་བའི་བར་གྱི་ཚིག་མང་པོས་གསུངས་སོ།། འདི་ལྟར་ཆོས་ནི་ལམ་གྱི་འབྲས་བུ་དང་ལམ་མོ།། ་ལམྦུ་གྱི་འབྲས་བླ་ནི་བྱུང་ཆུབ་སྟེ། དེ་ཡདྨ་སངས་རྒྱས་དཀོན་མཆོག་ཉིད་དོ།། ལྷག་མ་ནི་འདིར་ལས་གྱི་བདུན་པ་སྟེ། ཆོས་དཀོན་མཆོག་གོ།། དེ་ཡང་སྔ་མ་བཞིན་དུ་བདེན་པ་ངེས་པ་སྔོན་དུ་འགྲོ་བའོ།། དེ་ལ་གང་ལས་གཟུགས ་ལ་སོགས་པ་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ།། དེས་ན་ང་ལ་ཀུན་འབྱུང་མི་དམིགས་སོ།། གང་གི་ཕྱིར་དངོས་པོ་ཡོད་ཅེས་བྱ་བར་ཡང་མི་སྦྱོར་ཏེ། དེས་ན་ཀུན་འབྱུང་བ་སྤང་བར་བྱ་ཞེས་བྱ་བ་ནི་རི་དམིགས་སོ།། གཟུགས་ལ། ་སོགས་པ་རྟག་ཅེས་བྱ་བ་དང་མི་རྟག་ཅེས་བྱ་བ་ལ་སྩོགས་པར་མི་སྦྱོར་ཏེ། སྡུག་བསྔལ་གྱི་བདེན་པའི་རྣམ་པ་བཞི་དང་དེ་ལས་བཟློག་པ་ཡང་མྱི་དམིགས་སོ།། གཟུགས་ལ་སོགས་པ་སྟོང་པ་ཉིད་དང་། མཚན་མ་མེད་པ ་དང་། སྨོན་པ་མེད་པོ་དང་། དེ་ལས་བཟློག་པ་ཡང་མི་དམིགས་སོ།། སྤྱོད་ཅེས་བྱ་བ་དང་མི་སྤྱོད་ཅེས་བྱ་བ་དང་སྤྱོད་ཀྱང་སྤྱོད་ལ་མྱི་སྤྱད་ཀྱང་མི་སྤྱོད་ཅེས་བྱ་བ་དང་། སྤྱོད་པ་ཡང་མ་ཡིན་མི་སྤྱོད་པ་ཡང་མ་ཡིན་ཞེས་བྱ་བར ་མི་དམིགས་སོ།། གང་དེ་ལྟར་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བ་ནི་སྦྱོར་བ་གཅིག་གོ། སྦྱིན་པོའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་དོན་དུ་མི་སྤྱོད་ཅིང་ཆེད་དུ་མི་དམིགས་སོ་ཞེས་བྱ་བ་ནི་གཉིས ་བའོ།། མངོན་པར་ཤེས་པའི་ལས་རྣམས་ཀྱིས་ཕྱོགས་བཅུ་དག་ཏུ་སེམས་ཅན་གྱི་དོན་བྱ་བ་ལ་བདག་ཉིད་ལ་སོགས་པ་མི་དམིགས་སོ་ཞེས་བྱ་བ་ནི་གསུམ་པའོ།། ཆོས་གང་ལ་ཡང་འདུ་བ་དང་འབྲལ་བ་མི་མཐོང ་ཞེས་བྱ་བ་ནི་བཞི་པའོ།། བུདག་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པར་མྱུར་བ་དང་། མི་མྱུར་བ་མ་མཐོང་བ་ཞེས་བྱ་བ་ནི་ལྔ་པའོ།། ཆོས་ཀྱི་དབྱངས་མྱ་གཏོགས་པར་ཅུང་ཟད་མི་མཐང་། ་ངོ་ཞེས་བྱ་བ་ནི་དྲུག་པའོ།། ཁམས་བཅོ་བརྒྱུད་དང་སྟོང་པ་ཉིད་དུ་སྦྱོར་བར་མི་བྱེད་ཅིང་། དེ་ཡང་དེ་དག་དང་མི་སྦྱོར་རོ་ཞེས་བྱ་བ་ནི་བདུན་པའོ།། དེ་ལྟར་སྦྱོར་བ་ན་ཡང་ཕན་ཡོན་མོང་པོ་ཐོབ་པ་ཡིན་ཏེ། དེ་ཡང་ཡང་དག་པར ་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནི་བརྒྱད་པའོ།། འདིར་ཡང་སྟོང་པ་ཉིད་ལ་སྦྱོར་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བའོ།། དེ་ཡང་སྦྱོར་བ་ཐམས་ཅད་ཀྱི་ནང་ན་མཆོག་ཡིན་ནོ་ཞེས་བྱ་བའི་ཚིག་གིས་སོ།། ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཆོས་དཀོན་མཆོག་ཡིན་ཏེ། ལམ་རིན་པོ་ཆེ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཆོས་དཀོན་མཆོག་ལ་གདམས་པའོ།། དགེ་འདུན་དཀོན་མཆོག་གི་དབང་དུ་བྱས་ནས། དེ་སྐད་ཅེས་བཀའ་སྩལ་པ ་ཞེས་བྱ་བ་ནས། ལུས་དང་ངག་དང་ཡིད་ཀྱི་ལས་ཡོངས་སུ་དག་པ་ལ་བསླབ་པར་བྱ། ཞེས་བྱ་བའི་བར་གྱིས་གསུངས་སོ།། འདི་ཡང་དགེ་འདུན་ནི་བྱང་ཆུབ་སེམས་དཔའི་དགེ་འདུན་ལ་བྱའོ།། དེ་ཡང་གང་ཟག་ཉི་ཤུ ་སྐྱེདེ་དག་ཉན་ཐོས་ཀྱི་གང་ཟག་དང་མིང་ཙམ་མཐུན་པའི་སྒོ་ནས་དགེ་འདུན་དུ་ཡིད་ཆེས་པར་བྱ་བའི་དོན་དུའོ།། དེ་དག་ལས་འདི་དག་འོང་བ་དང་འགྲོ་བའི་མཚན་ཉིད་ཀྱི་དབྱེ་བས་ཁྱད་པར་དུ་བསྟན་པའི་ཕྱིར་རོ།། ཤེས། ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པས་ཞེས་བྱ་བ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པས་སོ།། དེ་ལ་དང་པོ་དེ་དག་འདིར་འོང་བ་ནི་སྐྱེས་སོ་ཞེས་བྱ་བའི་བར་གྱིས་བཤད་ངོ་།། དེའི་འོག་ཏུ་ཚིག་བཞིས་ནི་འགྲོ ་བཤད་དོ།། དེ་དག་ལས་གཉིས་ཀྱིས་ནི་དང་པོའི་རྗེས་སུ་འབྲང་བའི་གང་ཟག་བསྟན་ཏེ། དད་པས་ལམ་གྱི་རྗེས་སུ་འབྲང་བའི་ཕྱིར་རོ།། ཅིག་ཤོས་གཉིས་ཀྱིས་ནི་ཆོས་ཀྱི་རྗེས་སུ་འབྲང་བ་བསྟན་ཏེ། ཆོས་ནི་ཤེས ་རབ་སྟེ། ངེས་ལམ་གྱི་རྗེས་སུ་འབྲང་བའི་ཕྱིར་རོ།། དེ་ནས་ཡོད་དོ་ཞེས་བྱ་བའི་ཚིག་གཙག་གིས་མཐོང་བས་ཐོབ་བྱའི་མཚན་ཉིད་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བ་དེ་ཡང་ཡིད་ལ་མི་སེམས་ཏེ། དབང ་པོ་རྣོན་པོ་ཐབས་ལ་མཁས་པ་ཞེས་བྱ་བའི་བར་གྱིས་གསུངས་སོ།། དྲོང་པོ་འདི་ཉེ་བར་དགོད་པ་ནི་དབང་པོ་རྟུལ་པོ་ཡིན་པའི་ཕྱིར་དད་པས་མོས་པ་འདི་ཉིད་ཐབས་ལ་མཁས་པ་དང་བྲལ་བ་ཡིན་ནོ་ཞེས་མཚོན་པའི ་དོན་དུའོ།། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་དང་། ཉོན་མོངས་པ་ཅན་གྱི་མི་ཤེས་པ་སྤངས་པ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུའོ།། དེ་མངོན་སུམ་དུ་བྱེད་པ་ནི་ཐོབ་པའོ།། དེ་མ་སེམས་པ་ནི ་བདག་གིས་འདི་ཐོབ་པར་བྱའོ་ཞེས་དེ་ལྟར་མི་དམིགས་པའི་ཕྱིར་རོ།། ངང་པ་ལྷག་པ་ཉིད་ཀྱིས་གྲོལ་བ་ནི་དད་པས་མོས་པའོ།། འདི་མན་ཆད་མཐོང་བས་ཐོབ་པ་བཤད་པར་བྱ་སྟེ། རིགས་ནས་རིགས་སུ ་སྐྱེ་བའི་སྔོན་དུའོ།། མཐོང་བ་ནི་ཤེས་རབ་ཡིན་ལ་དེས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པ་ནི་མཐོང་བས་ཐོབ་པ་ཞེས་བྱའོ།། དེའི་མཚན་ཉིད་ནི་སྔར་བསྟན་ཏོ། ཞར་ལ་ཡིན་པའི་ཕྱིར་རོ།། ་དེའི་དབྱེ་བ་ཡང་རྣམ་པ་དྲུག་སྟེ། དྲུག་ཉིད་ནི་ཡོད་དོ་ཞེས་བྱ་བ་ནས། ཚེ་གཅིག་གིས་ཐོགས་པ་ཞེས་བྱ་བར་དཔེར་བརྗོད་པར་གསུངས་སོ།། མཐོང་བས་ཐོབ་པ་ནི་སྔར་བསྟན་པ་སྟེ། དེ་ཉིད་ནི་བྱང་ཆུབ་ཀྱི་གཙོ་བོའི་རྒྱུ་ཡིན ་པར་བསྟོན་ཏོ།། ཅིའི་ཕྱིར་ཞེ་ན། མཐོང་བས་ཐོབ་པ་ཉིད་ཀྱི་དེ་དག་མྱུར་དུ་མཐུར་ཕྱིན་པར་འགྱུར་བའི་ཕྱིར་རོ།། དེ་ལ་དང་པོ་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་དུ་བཞིས་མ་ཚང་བའི་ཚིག་དང་པོས་བཤད་དོ།། གཞན ་ཡང་སངས་རྒྱས་ཀྱི་ཞིང་གཞན་དང་གཞན་དག་ཏུ་སྲིད་པ་ཐ་མར་གྱུར་པ་ནི་ཚིག་གཉིས་པས་བཤད་དོ།། ཚིག་གཞན་བཞིས་ནི་དགའ་ལྡན་ནས་ཤི་འཕོས་ནས་སངས་རྒྱས་ཀྱི་ཞིང་དེ་དང་དེ་དག་ཏུ་ནི་གོ་རིམ་བཞིན་དུ ་གང་དུ་སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་པའི་ཕྱིར་འགྲོ་བ་དང་། གང་དུ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་གཞག་པ་མེད་པ་དང་། གང་དག་ཏུ་ཚེ་དཔག་ཏུ་མེད་པ་ཡོད་པ་དང་། གང་དག་ཏུ་སངས་རྒྱས་དང ་ཆོས་དང་། དགེ་འདུན་གྱི་སྒྲ་མི་གྲགས་པར་འགྲོ་བ་ཡིན་ནོ།། དེ་ནས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དེ་ཞེས་བྱ་བའི་བར་གྱིས་མིའི་རིགས་ནས་རིགས་སུ་སྐྱེ་བ་བསྟན་ཏོ།། གསོལ་བ་གདབ་པར་བྱའོ་ཞེས་བྱ་བ ་འདིའི་བར་གྱིས་ནི་ལྷའི་རིགས་ནས་རིགས་སུ་སྐྱེ་བ་བསྟན་ཏོ།། དེ་ནས། རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་བར་ཆད་གཅིག་པ་བསྟན་ཏེ། སྐྱེ་བ་གཅིག་གིས་བར་དུ་ཆོད་པ་ནི་བར་ཆད་གཅིག་པའོ།། བར་ཆད་ནི་མྱ ་ངན་ལས་འདས་པའི་བར་དུ་གཅོད་པའོ།། དེ་ནས།། མངོན་པར་རྫོགས་པར་བྱང་ཆུབ་པ་ལ་སེམས་ཅན་རྣམས་ཀྱི་དོན་བྱེད་པ་འདིའི་བར་གྱིས་ནི་བར་མོ་དོར་མྱ་ངན་ལས་འདས་པ་བསྟན་ཏེ། དེ་ཉིད་དུ་ཞེས་བྱ་བ་ནི་འདིར་འོག ་མིན་ཉིད་དུ་སྟེ། འཛམ་བུའི་གླིང་དུ་མ་ཡིན་ནོ།། དེས་ན་བར་མ་དོར་ཡོངས་སུ་མྱ་ངན་ལས་འདས་པ་བསྟན་ཏོ།། དེ་ནས། དམ་པའི་ཆོས་གནས་པར་འགྱུར་རོ་ཞེས་བྱ་བ་འདིའི་བར་གྱིས་ནི་སྐྱེས་ནས་ཡོངས་སུ་མྱ་ངན ་ལས་འདས་པ་བསྟན་ཏོ།། བསྐལ་པ་ཞེས་བྱ་བ་ནི་འདིར་བར་གྱིས་བསྐལ་པར་ཤེས་པར་བྱའོ།། དེའི་ཕྱོགས་གཅིག་ནི་བསྐལ་པ་ལས་ལྷག་པའོ།། དང་པོ་སེམས་བསྐྱེད་པ་ཉིད་ཀྱིས་ཞེས་བྱ་བ་ནི་འོག་མིན་ནས ་དགའ་ལྡན་དུ་དགྲའ་ལྡན་ནས་འཛམ་བུའི་གླིང་དུ་གཤེགས་ནས་ཁྱིམ་གྱི་གནས་ནས་ངེས་པར་བྱུང་སྟེ། བྱང་ཆུབ་ཀྱི་ཤིང་དྲུང་དུ་སྐྱིལ་མོ་ཀྲུང་བཅས་ནས་དེ་མ་ཐོག་ཏུ་གང་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད ་པ་དེ་ནི་དེ་དག་གི་སེམས་བསྐྱེད་པར་བརྗོད་པར་བཞེད་དོ།། དེ་ལས་སྐྱེས་པ་ཉིད་ནི་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ཡིན་ཏེ། སྐྱེས་ནས་མྱ་ངན་ལས་འདས་པ་ཡིན་ནོ།། དེ་ནས། མངོན་པར ་རྫོགས་པར་སངས་རྒྱས་པ་ཞེས་བྱ་བ་འདིའི་བར་གྱིས་ནི་མངོན་པར་འདུ་བྱེད་པ་དང་བཅས་པའི་ཡོངས་སུ་མྱ་ངན་ལས་འདས་པ་བསྟན་ཏོ།། མངོན་པར་འདུ་བྱེད་པ་དང་བཅས་པའི་ཡོངས་སུ་མྱོ ་ངན་ལས་འདས་པ་ནི་འདིར་སེམས་ཅན་གྱི་དོན་ལ་བརྩོན་པའོ།། དེ་ནས་ཡང་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བ་འདིའི་བར་གྱིས་ནི་མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདས ་པར་བསྟན་ཏོ།། འདིར་ནི་རིགས་ཀྱི་ཁྱད་པར་ལས་འབད་པ་ཆུང་ངུས་ཆེས་མྱུར་བ་ཉིད་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདས་པའོ།། དེ་ནས་ཡང ་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བ་འདིའི་བར་གྱིས་ནི་འོག་མིན་གྱིས་མཐར་ཐུག་པར་འགྲོ་བ་བསྟན་ཏོ།། དེ་ནས་ཡང་། མངོན་པར་རྫོགས་པར་བྱང་ཆུབ་པོ་ཞེས་བྱ་བ་འདིའི་བར་གྱིས་ནི་འཕར་བ་བསྟན ་ཏོ།། དེ་ནས་ཡང་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བ་འདིའི་བར་གྱིས་ནི་ཕྱིད་དུ་འཕྱར་བ་བསྟན་ཏོ།། དེ་ནས་ཡཱངྠ། མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བ་འདྲིའི་བར་གྱིས་ནི་གནས་སྐབས ་ཐམས་ཅད་དུ་འཆི་འཕོ་བ་བསྟན་ཏེ། དེ་ལྟར་ནོ་རྣམ་པ་གསུམ་དུ་བསྟན་ཏོ།། དེ་ནས་ཡང་སྐྱེས་པ་ཞེས་བྱ་བ་འདིའི་བར་གྱིས་ནི་སྲིད་པའི་རྩེ་མོའི་མཐར་ཐུག་པར་འགྲོ་བ་བསྟན་ཏོ།། དེ་ནས་ཡང་སྐྱེས་པ་ཞེས་བྱ་བ་ཞེས ་བྱ་བའི་བར་གྱིས་ནི་གཟུགས་ཀྱི་འདོད་ཆགས་དང་བྲལ་བ་བསྟན་ཏོ།། དེ་ནས། མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བ་འདིའི་བར་གྱིས་ནི་མཐོང་བའི་ཆོས་ལ་ཡོངས་སུ་མྱ་ངན་ལས་འདའ་བ་བསྟན་ཏོ།། སྐྱེ་བ ་ཐམས་ཅད་དུ་རྒྱུན་མི་འཆད་པའི་ཚུལ་ཁྲིམས་ལ་སོགས་པའི་ཆོས་ལ་གོམས་པར་བྱས་པས་མཐོང་བའི་ཆོས་ལ་ཡོངས་སུ་མྱ་དྲན་ལས་འདའ་བ་ཡིན་ནོ།། དེ་ནས་ཡང་། མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བ ་འདིའི་བར་གྱིས་ནི་ལུས་ཀྱིས་མངོན་སུམ་དུ་བྱེད་པ་བསྟན་ཏོ།། དེ་ནས་ཡང་། རང་སངས་རྒྱས་ནི་རྣམ་པ་གཉིས་ཏེ། གཅིག་ནི་དེ་དང་ཆོས་དང་མཐུན་པའི་ཕྱིར་ཏེ། གཅིག་ནི་བདག་དང་གཞན་ལ་ཆོས་ཐོས་པ་མེད ་པར་སངས་རྒྱས་ཀྱི་ཆོས་སྣང་བར་བྱེད་པའི་ཕྱིར་རོ།། ཅིག་ཤོས་ནི་རང་སངས་རྒྱས་ཀྱི་ཆ་བྱད་ཀྱང་འཛིན་པས་སོ།། འོ་ན་ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཐོབ་པའི་འབྲས་བུ་བྱང་ཆུབ་སེམས་དཔས་ཐོབ་པ་ཡིན་ནམ་འོན་ཏེ ་མ་ཡིན། གལ་ཏེ་ཐོབ་པ་ཡིན་ན་ནི་ངེས་བྱས་པ་ཉིད་ཀྱི་གང་ཟག་རྣམ་པར་བཞག་པ་དེ་དག་ལ་ཡང་ཡོད་པར་འགྱུར་ཏེ། འབད་པ་གཞན་གྱིས་ཅི་ཞིག་བྱ། ཅི་སྟེ་ཐོབ་པ་མ་ཡིན་ན་ནི་འབྲས་བུ་དེ་ཇི་ལྟར་གཞན་གྱིས་ཐོབ་པར ་འགྱུར་ཞེ་ན། དེའི་ཕྱིར། ཡོད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མང་པོ་ཡོད་པ་ཉིད་དུ་ཇི་ལྟར་གསུངས་པའོ།། གལ་ཏེ་དེ་ལྟ་ན་ནི་དེ་དག་གི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ཟད་པར་མི་འགྱུར་རོ་ཞེ་ན། ་ཤཱ་རིའི་བུ་གང་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཇི་ལྟར་བསྐལ་པ་བཟང་པོ་འདི་ལ་བྱང་ཆུབ་སེམས་དཔའ་དུ་ཞིག་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེ་ན། དེའི་ཕྱིར་ཡོད་དོ་ཞེས་བྱ ་བ་ལ་སོགས་པ་གསུངས་ཏེ། རྟོགས་སླའོ།། དེ་ནི་དགེ་འདུན་དཀོན་མཆོག་ལ་གདམས་པའོ།། མ་ཞེན་པ་ལོ་གདམས་པའི་དབང་དུ་བྱས་ནས། དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ནས། སུས་ཀྱང་ཐུབ་པ་མེད་དོ ་ཞེས་བྱ་བའི་བར་གྱིས་གསུངས་སོ།། ལུས་དང་དྲུག་དང་ཡིད་ཀྱིས་དགེ་བ་བཅུ་དང་། ཕུ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ན་ལུས་ལ་སོགས་པ་མི་དམིགས་པ་ནི་མ་ཞེན་པ་སྟེ། ངའ་མན་ངག་ནོ་མ་ཞན་པ་སྟེ། དེའི་མན་ངག་ནི་མ ་ཞེན་པོ་ལ་གདམས་པའོ།། ངལ་བའི་གཉེན་པོ་ནི་མི་ངལ་བ་སྟེ། དེ་ལ་གདམས་པ་དེའི་དབོང་དུ་བྱས་ནས་གཞོན་ཡང་ཞེས་བྱ་བ་ནས། ལྷ་དང་བཅས་པའི་འཇིག་རྟེན་ཞེས་བྱ་བའི་བར་གྱིས་གསུངས་སོ།། ངལ་བའི་རྒྱུ་ནི ་རློམ་སེམས་པ་སྟེ། དེའི་གཉེན་པོ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ལ་མི་སེམས་པ་སྟེ། དེ་ནི་མི་ངལ་བ་ལ་གདམས་པའོ།། དམིགས་པ་མེད་པའི་ཚུལ་གྱིས་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་བསྒོམ་པ ་ནི་ལམ་མོ།། ཕྱོགས་བཅུ་ཀུན་ཏུ་དེ་ཡོངས་སུ་འཛིན་པ་ནི་ཡང་དག་པར་ཡོངས་སུ་འཛིན་པ་སྟེ། དེའི་དབང་དུ་བྱས་ནས་ཤཱ་རིའི་བུ་ཡེ་ཤེས་དེ་ལྟ་བུ་དང་ལྡན་པ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་ཡང ་དྲག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བའི་བར་གྱིས་གསུངས་སོ།། དེ་ནི་ལམ་ཡོངས་སུ་འཛིན་པ་ལ་གདམས་པའོ།། འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ་མིག་ལྔ་རབ་ཏུ་ཐོབ་པ་དང་།། ཡོངས་སུ་སྦྱོང་བ་ཡོད་དེ། དེ་ལ་ཤེས་རབ་ཀྱི་སྤྱན་ནི་དོན་དམ་པའི་སྤྱོད་ཡུལ་ཅན་ནོ།། ཆོས་ཀྱི་སྤྱན་ནི་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ཅན་ནོ།། ལྷག་མ་ནི་རྟགས་པར་སླའོ།། དེ་པོག་ནི་རྒྱ་ཆེར ་སྤྱན་ལྔ་ངག་ལ་གདམས་པའོ།། དེ་བཞིན་དུ་མངོན་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་རབ་ཏུ་ཐོབ་བོ་ཞེས་བྱ་བ་ལ་སོགས་པས་ན་རྒྱ་ཆེར་མངོན་པར་ཤེས་པ་དྲུག་ལ་གདམས་པའོ།། ཇི་ལྟར་ན་སངས་རྒྱས་ཀྱི་སྤྱན་དང་། མངོན་པར ་ཤེས་པ་དྲུག་པ་བྱང་ཆུབ་སེམས་དཔའ་ལ་སྤྱོད་ཅེ་ན། བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ལ་ནི་དེ་གཉི་ག་ཐོབ་པ་ཡིན་ལ། སངས་རྒྱས་ཀྱི་ས་ལ་ནི་གཉི་ག་ཡོངས་སུ་རྫོགས་པ་དང་། ཡོངས་སུ་དག་པ་དང་། མཐར་ཕྱིན་པ ་ཡིན་ནོ།། མཐོང་བའི་ལམ་ལ་གདམས་པ་བརྗོད་པར་བྱ་སྟེ། དེའི་སྐབས་ནི། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནས། བསྟན་ཏོ་ཞེས་བྱ་བའི་བར་གྱིས་གསུངས་སོ།། ལམ་དེ་ཡང་སྐད་ཅིག་མ་བཅུ་དྲུག ་སྟེ། དེ་དག་གི་ཇི་ལྟ་བ་བཞིན་དུ་རང་རང་གི་དམིགས་པ་དང་མི་དམིགས་པའི་བྱེ་བྲག་གིས། འདི་ལྟ་ཞེས་བྱ་བ་ལ་སོགས་པ་ནས་རྒྱ་ཆེར་འཆད་པར་འགྱུར་རོ།། དེ་དག་གི་ཐུན་མོང་དག་གི་ཆ་ནི་བྱང་ཆུབ་སེམས་དཔའ་དང་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་པ་སྟེ། དེའི་དབང་དུ་བྱས་ནས། དེ་ནས་ཞེས་བྱ་བ་ནུས། འདི་ལྟ་སྟེ་དཔེར་ན་ཞེས་བྱ་བའི་བར་གྱིས་གསུངས་སོ།། མིང་ཙམ་ཞེས་བྱ་བ་དོན་གྱིས་སྟོང་པའི་མིང་སྟེ། གང ་གི་ཕྱིར་ནང་གི་བདག་ཉིད་ཀྱི་དོན་གྱི་མིང་མྱེད་དེ་ཕྱི་རོལ་དུ་ཁུ་བལྟས་པ་ཉིད་དུ་ཤེས་པའི་ཕྱིར་རོ།། ཕྱི་རོལ་གྱི་དོན་མེད་བཞིན་དུ་ཡང་དེ་ལྟར་སྣང་བའི་ཕྱིར་ཕྱི་རོལ་གྱི་དོན་དུ་ཡང་མེད་དོ།། གཉི་གར་ཡང་མེད་དེ་གཉི་ག་ལས་གཞན ་པའི་ཕྱོགས་གསུམ་པ་མེད་པའི་ཕྱིར་རོ།། དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མིང་ཙམ་མོ།། བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་མིང་ཡོད་རིགས་པ་འདི་ཉིད་ཀྱིས་གསལ་བར་བསྟན་པར་བྱ་བའི་ཕྱིར། དེ་ཡང་ཞེས ་བྱ་བ་ལ་སོགས་པས་གསུངས་སོ།། དེ་བས་ན་མིང་ཙམ་ཐ་སྙད་ཙམ་བཏགས་པ་ཙམ་འདི་ནི་དེ་ཁོ་ན་ཉིད་མ་ཡིན་པ་ཉིད་ངོ་ཞེས་བལྟ་བར་བྱའོ།། རིགས་པ་ལ་སོགས་པའི་རྣམ་པར་རྟོག་པས་ནི་འདིར་ལྷག་མཐོང་ཡང ་དག་པར་བསྡུས་པ་ཡིན་པར་བརྗོད་དེ། དེ་ལས་མཐོང་བའི་སྐད་ཅིག་མའི་མི་རྟག་པ་སྐྱེ་བའི་ཕྱིར་རོ།། སེམས་ཅན་སེམས་ཅན་ཞེས་བྱ་བ་ནི་ཐོག་མ་དང་ཐ་མ་མེད་པའི་ལུས་ཅན་ཏེ། དེའི་མིང་ནི་སེམས་ཅན་གྱི་མིང་ངོ་།། ་སྐྱེ་བ་མེད་པ་ནི་མ་སྐྱེས་པའོ།། འགག་པ་མེད་པ་ནི་མ་འགགས་པའོ།། དེ་ཉིད་ལ་སྡུག་བསྔལ་བ་དང་སྡུག་བསྔལ་གྱི་མཚན་ཉིད་མི་དམིགས་པ་སྟེ། དེ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ།། དེ་ནས ་ནང་གི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། ལུས་དང་། དེའི་ཡན་ལག་ངག་དང་། ཕྱི་རོལ་གྱི་རྩཝ་དང་། ཤིང་ལ་སོགས་པ་རྣམས་ནི་རྨི་ལམ་དང་བྲག་ཅ་ལ་སོགས་པ་ལྟ་བུ་སྟེ། དེ་དག་ཀྱང་མིང་ཙམ། བཏགས་པ ་ཙམ། སྐྱེ་བ་མེད་པ་དང་། འགག་པ་མེད་པར་ཤེས་པ་སྟེ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དང་། དེ་དག་གི་མིང་མི་དམིགས་པ་ནི་སྡུག་བསྔལ་ལ་ཆོས་ཤེས་པའོ།། ་དེ་ནས་དེ་ཕུང་པོ་དང་སྐྱེ་མུ་ཆེད་དང་ཁམས་ཀྱི་བྱེ་བྲག་གསུམྦྷ་དང་། གསུམ་འདུས་པ་ལས་བྱུང་བའི་རེག་པ་དང་། ཚོར་བ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་རྣམ་པ་མང་པོ་ཡང་དག་པར་རྗེས ་སུ་མཱི་མཐོང་།། དེ་ཅིའི་ཕྱིར་ཞེས་བྱ་བ་ནི་གྲོང་གི་དོན་དུའོ།། དེ་ལྟར་ན་སྤྱོད་དོ་ཞེས་བྱ་བར་སྦྱར་རོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདུ་བྱས་ཀྱི་ཁམས་དང་འདུས་མི་བྱས་ཀྱི་ཁམས་ན་ཡང་དག་པར་རྗེས ་སུ་མི་མཐོང་ངོ་།། དེ་དག་ཀྱང་མི་མཐོང་བའི་ཕྱིར་རོ།། དེ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པའོ།། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་དབང་དུ་བྱས་ནས། རབ་འབྱོར་དེ་ནི་འདི་ལྟར་ཞེས་བྱ་བ་ལ་སོགས ་པ་གསུངས་སོ།། ཆོས་དེ་དག་ཐམས་ཅད་ལ་མི་རྟོག་པ་ནི་རང་གི་ངོ་བོར་རོ།། རྣམ་པར་མི་རྟོག་པ་ནི་ཁྱད་པར་དུ་སྟེ། རྣམ་པར་མི་རྟོག་པའི་ཆོས་ལ་གནས་ནས། དྲན་པ་ཉེ་བར་བཞག་པ་ལ་སོགས་པ་སྒོམ་པ་ནི ་སྡུག་བསྔལ་ལ་རྗེས་སུ་ཤེས་པའོ།། སྡུག་བསྔལ་ལ་རྗེས་སུ་ཤེས་པ་ལ་སོགས་པས་རྣམ་པར་མི་རྟོག་པའི་ཆོས་ལ་གནས་ཏེ། དགེ་བའི་ཆོས་རྣམས་སྒོམ་པ་ནི་མཐོང་བའི་ལམ་མོ།། ཆོས ་རྣམས་ཀྱི་མཚན་ཉིད་ནི་བཏགས་པ་ཙམ་མོ།། ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར། རྣམ་པར་བྱང་བར་མི་འགྱུར་རོ་ཞེས་བྱ་བ་ནི་དངོས་པོ་མེད་པའི་ཕྱིར་རོ།། གང་ཡང་ཀུན་ནས་ཉོན་མོངས་པར་མི་འགྱུར་ཞེས་བྱ་བ ་ནི་ཀུན་འབྱུང་བ་མེད་པའོ།། གང་རྣམ་པར་བྱུང་བར་མི་འགྱུར་ཞེས་བྱ་བས་ནི་དེའི་སྤང་བར་བྱ་བ་མེད་པ་སྟེ། དེ་ནི་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པའོ།། གཟུགས་ལ་ཆགས་པར་འགྱུར་བ་མེད་དོ།། ཞེས་བྱ་བ་ནི ་ཡང་མངོན་པར་ཆགས་པར་མི་འགྱུར་བའོ།། མངོན་པར་ཆགས་པ་ཉིད་ནི་དངོས་སུ་ན་སྡུག་བསྔལ་དང་ཀུན་འབྱུང་ཡིན་པའི་ཕྱིར་རོ།། དེ་ཡང་དེའི་ཚེ་ཤིན་ཏུ་ཉམ་ཆུང་བ་ཉིད་ཀྱིས་གནས་སྐབས་ཕྱི་མ་ཡིན་པའི ་ཕྱིར་དེ་སྐད་གསུངས་སོ།། དེ་ཡང་དེ་ནི་ཕུང་པོ་མེད་དོ།། མིག་ལ་སོགས་པ་མེད་དོ།། དེ་ལ་རྣམ་པར་ཤེས་པ་མེད་དོ།། དེ་ལ་ཤེས་པ་དང་རེག་པ་མེད་དོ།། རིག་པ་ལྔས་བྱུང་བའི་ཚོར་བ་ཡང་མེད་དོ།། འདུས ་བྱོས་པ་ཡང་མེད་དོ།། དེ་སྤོང་བ་ལ་མངོན་པར་ཆགས་པར་མི་འགྱུར་རོ་ཞེས་བྱ་བ་ནི་ཀུན་འབྱུང་ལ་ཆོས་ཤེས་པའོ།། ཕ་རོལ་ཏུ་ཕྱིན་པ་དང་། མིག་དང་། མངོན་པར་ཤེས་པ་དང་། སྟོང་པ་ཉིད་དང་། དེ་བཞིན་ཉིད ་ལ་སོགས་པ་དང་། སེམས་ཅན་ཡོངས་སུ་སྨིན་པ་དང་བཅས་པ་ལ་མངོན་པར་ཆགས་པར་འགྱུར་བ་མེད་པ་ནི་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པའོ།། དེ་ལྟར་དེ་ཆོས་ཐམས་ཅད་ལ་མངོན་པར་ཆགས ་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་རྣམ་པར་འཕེལ་བ་ནི་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཡང་དག་པར་འཇུག་པར་འགྱུར་ཏེ། དེ་བས་ན་རྣམ་པར་བྱང་བ་རྣམས་ལ་ཡང་རྒྱུ་དང་འབྲས་བུ་དག་ཏུ་རྗེས ་སུ་རྟོགས་པའི་ཕྱིར་ཀུན་འབྱུང་ལ་རྗེས་སུ་ཤེས་པའོ།། དེ་ལྟར་སྤྱོད་པ་ན་ཕྱིར་མི་ལྡོག་པོའི་ས་ནོན་པར་འགྱུར་རོ་ཞེས་བྱ་བ་ནི་དེའི་སྒྲིབ་པ་འགོག་པས་ནི་འགོག་པ་ལ་ཆོས་ཤེས་པའི་བཟོད་པའོ།། དེ་ལྟར་སྤྱོད ་པ་ན་མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པ་ལ་སོགས་པ་ཁྱད་པར་དུ་མངོན་པར་རྟོགས་པ་ནི་འགོག་པ་ལྀ་ཆོས་ཤེས་པའོ།། ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་རྣམས་དང་། ས་ལ་སོགས ་པ་ཁམས་དྲུག་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་ལ་རྣམ་ལྔར་བྱང་ཆུབ་སེམས་དཔའ་དམིགས་པ་མེད་པ་ནི་འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པའོ།། ཕུང་པོ་རྣམས་ཀྱི་བསྡུས་པ ་དང་། ཐ་དད་པ་དང་། ཁམས་ཉི་ཤུ་རྩ་བཞིའི་བསྡུས་པ་དང་ཐ་དད་པ་དང་། སྐྱེ་མཆེད་བཅུ་གཉིས་ཀྱི་བསྡུས་པ་དང་། ཐ་དད་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་ཀྱི་བསྡུས་པ ་དང་ཐ་དད་པ་དག་གི་དེ་བཞིན་ཉིད་ལ་རྣམ་པ་ལྟར་བྱང་ཆུབ་སེམས་དཔའ་གཏན་དུ་མྱི་དམིགས་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་མེད་པས་མྱི་དམིགས་པའི་ཕྱིར་འགོག་པ་ལ་རྗེས་སུ ་ཤེས་པའོ།། གཟུགས་མ་ཡིན་པ་དང་། གཟུགས་ཀྱི་ལམ་མ་ཡིན་པོ་དང་། སྡུག་བསྔལ་གྱི་བདེན་པོའི་རྣམ་པ་དང་། དེ་ལས་བཟློག་པ་དང་། གཟུགས་ཀྱི་སྟོང་པ་ཉིད་དང་། མཚོན་མ་མེད་པ་དང་། སྨོན་པ ་མེད་པ་མ་ཡིན་པ་དང་། དེ་ལས་བཟློག་པ་རྣམས་མ་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་ཚིག་བླ་དྭགས་སྟེ། གཟུགས་དང་དེ་དག་གི་ཁྱད་པར་མེད་པས་མི་དམིགས་པའི་ཕྱིར་རོ།། དེ་བཞིན་དུ་རྣམ་པར ་ཤེས་པའི་བར་དུ་མ་ཡིན་པ་དང་། དེ་དག་གི་ལམ་མྱ་ཡིན་པའི་བར་དུ་བསྟན་ཏེ། དེ་ནི་ལམ་ལ་ཆོས་ཤེས་པའི་བཟོད་པའོ།། གཉིས་པོ་འདི་ནི་ཆོས་དང་ཆོས་ཀྱི་དབྱིངས་ཏེ། དེས་ན་གསུངས་པ། ཆོས ་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་།། ཆོས་ཀྱི་དབྱིངས་ཀྱིས་ཀྱང་ཆོས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། འདི་ནི་ལམ་ལ་ཆོས་ཤེས་པའོ།། སོ་སོར་ཕུང་པོའི་དབྱིངས་དང་། སྐྱེ་མཆེད ་ཀྱི་དབྱིངས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་།། ཆོས་ཀྱི་དབྱིངས་ཀྱིས་ཀྱང་དེ་དག་ཡང་དག་པར་རྗེས་སུ་མི་མཐོང་ངོ་།། དེ་ནི་ལམ་ལ་རྗེས་སུ་ཤེས་པའི་བཟོད་པའོ།། ལམ་ལ་རྗེས་སུ་ཤེས ་བའི་དབང་དུ་བྱས་ནས། རབ་འབྱོར་འདུས་བྱས་ཀྱི་དབྱིངས་ཀྱིས་འདུས་མ་བྱས་ཀྱི་དབྱིངས་ཡང་དྲག་པར་རྗེས་སུ་མ་མཐོང་ངོ་ཞེས་བྱ་བ་ནས། དེ་ཉིད་རྗེས་སུ་བསྟན་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་གསུངས་སོ།། ་ཆོས་ཀྱི་དབྱིངས་མངོན་སུམ་དུ་བྱེད་ཅིང་སྣང་བ་ན་ཆོས་ཀྱི་རང་གི་མཚན་ཉིད་མི་སྣང་བའི་ཕྱིར་གཉིས་སུ་མེད་པ་སྣང་བ་སྟེ། མཐའ་ཡས་པ་སྣང་བ་སྣང་བ་མེད་པ་ཙམ་ནི་ཡང་དག་པའི་ཡེ་ཤེས་ཀྱི་མཚན་ཉིད་དེ། དེ་ནི ་འདུས་བྱས་ཀྱི་ཁམས་ཏེ། འདུས་བྱས་ཐམས་ཅད་ལས་ཕྲ་བ་ཡིན་པའི་ཕྱིར་རོ།། དེ་ཉིད་ལ་ཀུན་བརྟགས་པའི་གཟུགས་ལ་སོགས་པས་སྟོང་པ་ཉིད་ཀྱི་མཚན་ཉིད་ནི་འདུས་མ་བྱས་ཀྱི་ཁམས་ཏེ། འདུས་མ ་བྱས་ནི་ཕྲོ་བ་ཉིད་ཀྱི་ཕྱིར་རོ།། དེ་དག་ནི་སྔ་མ་དང་ཕྱི་མ་མི་མཐོང་སྟེ། མི་འཛིན་པའི་དོན་ཏོ།། འཛིན་པ་ནི་རྣམ་པར་རྟོག་པ་ཡིན་པའི་ཕྱིར་རོ།། འོ་ནི་ཇི་ལྟར་རྣམ་པར་མི་རྟོག་པས་དོན་དམ་པར་མཐོང་བས་མཐོང་བའི་ལམ ་ཞེས་བྱ་ཞེ་ན། མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་བྱས་ན་འདུས་བྱས་ཀྱི་དབྱིངས་མ་གཏོགས་པར་འདུས་མ་བྱས་ཀྱི་དབྱིངས་གདགས་པར་མི་ནུས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་གཉིས ་ཐ་དད་ན་ནི་འདུས་བྱས་ཀྱི་ཁམས་ཉིད་དུ་སྣང་བར་འགྱུར་ཏེ། སྣང་བའི་ངོ་བོ་ཡིན་པའི་ཕྱིར་འདུས་མ་བྱས་ཀྱི་དབྱིངས་ནི་མ་ཡིན་ཏེ།། དེ་ལས་བཟློག་པའི་ཕྱིར་རོ།། འདུས་མ་བྱས་ཀྱི་དབྱིངས་མ་གཏོགས་པར་འདུས་བྱས ་ཀྱི་དབྱིངས་ཀྱང་རྣམ་པར་བཞག་པར་མི་ནུས་ཏེ། སྟོང་པ་ཉིད་ལས་ཐ་དད་ནཱ་ནི་སྟོང་པ་ཉིད་མུ་ཡིན་པར་ཐལ་བའི་ཕྱིར་ཏེ། སྔོན་པོ་ཉིད་ལས་ཐ་དད་པའི་སེར་པོ་ནི་སྔོན་པོ་མ་ཡིན་པའི་བཞིན་ནོ།། ་དེ་བས་སྣང་བའི་བདག་ཉིད་སྟོང་པ་ཉིད་ཀྱི་མི་རྟོག་པའི་ཤེས་པ་ནི་མཐོང་བའི་ལམ་སྟེ། འཛིན་པ་ནི་མ་ཡིན་ནོ།། ཕྱོགས་འདིས་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་ཡང་རྣམ་པར་མི་རྟོག་པ ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་རིག་པར་བྱའོ།། ཆོས་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་ཀྱི་སྣང་བ་ནུབ་པའི་ཕྱིར་རོ།། འདི་ནི་བསྟན་པའོ།། འདི ་ཉིད་རྒྱས་པར་བཤད་པ་ནི་གཟུགས་ཡང་དག་པོར་རྗེས་སུ་མི་མཐོང་ངོ་།། ཞེས་བྱ་བ་ནས། དེ་ཉིད་རྗེས་སུ་བསྟན་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་གསུངས་པ་ཡིན་ནོ།། འོདི་ནི་མཐོང་བའི་ལམ་ལ་གདམས ་པའོ།། བསྒོམ་པའི་ལམ་གྱི་དབང་དུ་བྱས་ནས། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས། ཆོས་ལ་སྲེད་པ་སྟེ་སྐྱོན་དུ་འགྱུར་བའོ་ཞེས་བྱ་བའི་བར ་གྱིས་གསུངས་སོ།། ཡོངས་སུ་རྟོགས་པོར་འཚལ་བས་ཞེས་བྱ་བས་ནི་ཡོངས་སུ་གཅང་པར་འཚལ་བའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པོ་ལ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པ་སྟེ། ཆོས་ཐམས་ཅད་ཆོས ་ཀྱི་དབྱིངས་སུ་ཀུན་ཏུ་འགྲོ་བ་མཐོང་བའོ།། གང་གི་ཕྱིར་འཇིག་རྟེན་ལས་འདྲེས་པའི་རྗེས་ལ་ཐོབ་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱི་ཡོངས་སུ་གཅོད་པ་ནི་བསྒོམ་པའི་ལམ་མོ།། དེ་ལྟར་ཡང་ཐེག་པ་ཆེན་པོའི ་ལམ་གྱི་ཡན་ལག་བརྒྱད་ནི་བསྒོམ་པའི་ལམ་སྟེ། དེ་རྣམ་པར་འགྲེལ་པ་ནི་དབུས་དང་མཐའ་རྣམ་པར་འབྱེད་པ་ལས། ཡོངས་སུ་གཅོད་དང་གོ་འབྱེད་དང་།། རྣམ་གསུམ་གཞན་ཡིད་ཆེས་པར་བྱེད།། མི་མཐུན ་ཕྱོགས་ཀྱི་གཉེན་པོར་ནི།། ལཱམ་གྱི་ཡན་ལག་དེ་བརྒྱད་དོ།། ལྷ་དང་ཚུལ་ཁྲིམས་ཡོ་བྱད་བསྙུངས།། གཞན་ལ་རྣམ་པར་རིག་བྱེད་འདོད།། ཉོན་མོངས་ཉེ་བའི་ཉོན་མོང་དབང་།། མི་མཐུན་ཕྱོགས་ཀྱི་གླུཉེན་པོའོ།། ་ཞེས་བཤད་པ་ལྟ་བུའོ།། དེ་ནི་བསྒོམ་པའི་ལམ་ལ་གདམས་པའོ།། དགེ་འདུན་དཀོན་མོ་ཚིག་ལ་གདམས་པ་ལ། བྱང་ཆུབ་སེམས་དཔའི་གུང་ཟག་ནི་དགེ་འདུན་ཞེས་གསུངས་པ་སྟེ། གང་ཞིག། དུ ་ཞིག་ཅེ་ན། དབང་པོ་རྟུལ་དང་རྣོན་པ་དག། དད་དང་མཐོང་ཐོབ་རིགས་ནས་རིགས།། བར་ཆད་གཅིག་པར་སྐྱེ་གནས་དང་།། བྱེད་དང་བྱེད་མིན་འོག་མིན་འགྲེ། འཕར་གསུམ་སྲིད་རྩེའི་མཐར་ཐུག་འགྲོ། ་གཟུགས་ཀྱི་འདོད་ཚོགས་བཅོམ་པ་དང་།། མཐོང་ཆོས་ཞི་ལུས་མངོན་སུམ་བྱེད།། བསེ་རུ་དང་ནི་ཉི་ཤུའོ།། ཞེས་གསུངས་ཏེ། གསུམ་ཞེས་བྱ་བ་ནི་རིམ་པ་གཞན་དུ་སྦྱར་བ་སྟེ། ཐ་མར་སྦྱར་རོ།། དབང་པོ ་རྟུལ་པོ་ཞེས་བྱ་བ་ནས་བསེ་རུ་ཞེས་བྱ་བའི་བར་ནི་ཉི་ཤུ་སྟེ། གསུམ་བྱོ་ནི་མྱོ་ཇི་ལྟ་བ་བཞིན་དུ་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་ཞེས་བྱ་བའི་དོན་ཏོ།། དབང་པོ་རྡུལ ་པོ་དང་རྣོན་པོ་ནི་དད་པས་རྗེས་སུ་འབྲོང་བ་དང་། ཆོས་ཀྱི་རྗེས་སུ་འབྲང་བའོ།། ངང་དང་མཐོང་ཐོབ་ཅེས་བྱ་བ་ནི་དང་པོས་མོས་པ་དང་། མཐོང་བསུ་ཐོབ་པའོ།། རིགས་ནས་རིགས་ཞེས་བྱ་བ་ནི་མིའི་རིགས་ནས་རིགས་སུ ་འགྲོ་བ་དང་། ལྷའི་རིགས་ནས་རིགས་སུ་འགྲོ་བའོ།། བར་ཆད་གཅིག་ཅེས་བྱ་བ་ནི་བར་ཆད་གཅིག་པའོ།། བར་ཞེས་བྱ་བ་ནི་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བའོ།། སྐྱེ་ནས་ཞེས་བྱ་བ་ནི་སྐྱེ་ནས་ཡོངས་སུ ་མྱ་ངན་ལས་འདའ་བའོ།། བྱེད་དང་ཞེས་བྱ་བ་ནི་མངོན་པར་འདུ་བྱེད་པ་དང་བཅས་པོས་ཡོངས་སུ་མྱ་ངན་ལས་འདའ་བའོ།། བྱེདང་མིན་ཞེས་བྱ་བ་ནི་མངོན་པར་འདུ་བྱེད་པ་མེད་པས་ཡོངས་སུ་མྱ་ངན་ལས་འདའ་བའོ།། ་འོག་མིན་གྱི་བར་དུ་འགྲོ་བས་ན་འོག་མྦྷིནོ་འགྲོ་སྟེ། འོག་མིན་གྱི་མཐུརྱ་ཐུག་པར་འགྲོ་བའོ།། བར་ཆུད་གཅིག་པ་ཞེས་བྱ་བ་ནས། འོག་མིན་འགྲོ་ཞེས་བྱ་བའི་བོར་གྱིས་ཚིག་དྲུག་པོ་འདི་དག་ནི་ཟླས་དབྱེ་བའི་བསྡུ་བ ་བྱས་ཏེ། ཆོག་དེ་དག་ལ་ཚིག་གི་ཕྱོགས་གཅིག་རྗེས་སུ་འགྲོ་བ་མི་རིག་པ་ཡིན་པའི་ཕྱིར་རོ།། ཡོངས་སུ་མྱ་ངན་ལས་འདའ་བ་དང་། མངོན་པར་འོདུ་ཞེས་བྱ་བའི་སྒྲ་མི་མངོན་པར་བྱས་པའོ།། སྐྱེས་ནས་ཞེས་བྱ ་བའོ་སྒྱུ་ན་རྫུས་ཏེ་སྨྱོས་པ་སྷོ། དོ་ནི་ཁྱད་པར་ཆུང་བ་ཡིན་པའོ་ཕྱིར་རོ།། འཕར་བ་ཅེས་བྱ་བ་ནི་འཕར་བ་དང་། ཕྱེད་དུ་འཕྱར་བ་དང་། གནས་སྐབས་ཐམས་ཅད་དྷ་འཆི་འཕོ་བྱའོ།། སྲིདངྒ་རྗེའི་མཐར་ཐུག་འགྲོ་ཞེས་བྱ ་བ་ནི་སྲིད་པའི་རྩེའི་མཐར་ཐུག་པར་འགྲོ་བའོ།། གཟུགས་ཀྱིས་འདོད་ཆགས་བཅོམ་ཞེས་བྱ་བ་ནི་གཟུགས་ཀྱི་འདོད་ཆགས་དང་བྲལ་བའོ།། མཐོང་ཆོས་ཞི་ཞེས་བྱ་བ་ནི་མཐོང་བའི་ཆོས་ལ་ཡོངས་སུ་མྱ་ངན ་ལས་འདའ་བའོ།། ལུས་ཀྱི་མངོན་སུམ་དུ་བྱེད་ཅེས་བྱ་བ་ནི་རྣམ་པར་ཐར་པ་བརྒྱ་དུ་ལ་བསམ་གཏན་པའོ།། བསྱེ་རུ་ཞེས་བྱ་བ་ནི་རང་སངས་རྒྱས་ཀྱི་དགྲ་བཅོམ་པ་སྟེ། དེ་དང་ཆོས་མཐུན་པའི་ཕྱིར་རོ།། འདིར ་འབྲས་བུ་ལུས་ནི་གང་ཡང་རྣམ་པར་བཞག་བླ་མེད་དེ། དེ་བས་ན་འབྲས་བུ་ལ་བོལྟོས་ནས་ཞུགས་པར་ཡང་མི་འདོད་དེ།། བྱང་ཆུབ་ལ་ཞུགས་པའི་ཕྱིར་ཞེས་བྱ་བར་ཡང་རྣམ་པར་བཞག་པ་མེད་དེ། དེ་ཐ་དད་པ ་མེད་པའི་ཕྱིར་རོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བདེན་པ་ཤེས་པ་དང་། སྐྱབས་ཤེས་པ་དང་། མ་ཞེན་པ་དང་། མི་ངལ་བ་དང་། ཕྱོགས་བཅུ་དག་ཏུ་སོང་ནས་དེ་བཞིན་གཤེགས་པ་རྣམས ་ཀྱིཞལ་མཐོང་ཞིང་བསྙེན་བཀུར་བྱས་ཏེ། དེ་ནས་ངོའི་ལམ་ཡོངས་སུ་འཛིན་པར་འགྱུར་བ་དང་། སྤྱན་ལྔ་དང་ལྡན་པར་འགྱུར་བ་དང་། མངོན་པར་ཤེས་པ་དྲུག་དང་ལྡན་པར་འགྱུར་བ་དང་། མཐོང་བ་དང ་བསྒོམ་པའི་ལམ་དྲུག་གིས་འཕགས་པའི་ས་ལ་གནས་པར་འགྱུར་བ་སྟེ། འདི་ནི་གདམས་ངག་གི་གོ་རིམ་མོ།། །། དེ་ལྟར་གདམས་ངག་བཤད་ནས་ངེས་པར ་འབྱེད་པའི་ཆ་དང་མཐུན་པ་རྣམས་བརྗོད་པར་བྱ་སྟེ། དམིགས་པ་དང་ནི་རྣམ་པ་དང་།། རྒྱུ་དང་ཡོངས་སུ་འཛིན་པ་ཡིས།། བྱང་ཆུབ་སེམས་དཔའ་སྐྱོབ་པ་ཡིས།། དྲོད་སོགས་བདག་ཉིད་ཇི་བཞིན་དུ།། རྣམ་རྟོག་བཞི ་པོ་ལྡན་རྟེན་པ།། ཆུང་དང་འབྲིང་དང་ཆེན་པོ་རྣམས།། ཉན་ཐོས་བསེ་རུ་ལྟ་བུ་དང་།། བཅས་པ་དག་ལས་ཁྱད་པར་འཕགས།། ཞེས་བྱ་བ་གསུངས་སོ།། ངེས་པར་འབྱེད་པ་ན་ངེས་འབྱེད་དེ། གཅིག་ཏུ་ངེས་པ་དང ་ལྡན་པའོ།། དེའི་ཡན་ལག་ནི་རྣམ་པ་བཞི་སྟེ། དྲོད་དང་། རྩེ་མོ་དང་། བཟོད་པ་དང་། ཆོས་ཀྱི་མཆོག་གོ།། དེ་དག་ནི་ངེས་པ་འབྱེད་པའི་ཆ་དང་མཐུན་པ་ཡང་ཡིན་ཏེ། རྣམ་པར་མི་རྟོག་པ་རྟོགས་པ་ནི་ངེས་པར ་འབྱེད་པ་སྟེ། མཐོང་བའི་ལམ་མོ།། དེ་ཐོབ་པ་ནི་ཆའོ།། དེ་ལ་ཕན་པ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའོ།། ལ་ལར་ནི་མང་པོའི་ཚིག་གསལ་བའི་དབྱེ་བ་བྱས་ཏེ། དྲོ་བ་རྣམས་དང་། རྩེ་མོ་རྣམས་དང་། ་བཟོད་པ་རྣམས་དང་། འཇིག་རྟེན་ཆོས་ཀྱི་མཆོག་རྣམས་ཞེས་བྱ་བའོ།། ལ་ལ་རོ་ནི་གྱུར་པའི་སྒྲ་སྤྱིའི་ཚིག་ཏུ་བརྗོད་དེ། དྲོ་བར་གྱུར་པ་དང་། རྩེ་མོར་གྱུར་པ་དང་། བཟོད་པར་གྱུར་པ་དང་། འཇིག་རྟེན་ཆོས་ཀྱི ་མཆོག་ཏུ་གྱུར་པའོ།། སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པའི་བསམ་པ་ཉིད་ཀྱིས་ན་བྱང་ཆུབ་སེམས་དཔའ་རྣམས་ནི་སྐྱོབ་པའོ།། དེ་རྣམས་ཀྱི་གང་ཆུང་དང་འབྲིང་དང་ཆེན་པོ་ནི་ཁྱད་པར་འཕགས་ཞེས་བྱ་བ་ནི་ཁྱད།། ་པར་དུ་གྱུར་པ་ཉིད་ཀྱི་ཕྱིར་རོ།། གང་ལས་ཞེ་ན། ཉན་ཐོས་ངག་དང་བསེ་རུ་དང་བཅས་པ་དག་ལས་ཏེ། ཉན་ཐོས་ལ་སོགས་པ་རྣམས་ཀྱི་ལས་ཞེས་བྱ་བའི་དོན་ཏོ།། གཏན་ཚིགོས་གང་ལས་ཞེ་ན། དམིགས་པ ་དང་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དམིགས་པ་དང་། རྣམ་པ་དང་། ཐེག་པ་གསུམ་ཐོབ་པའི་རྒྱུར་འགྱུར་བ་དང་། ཐིབས་ལ་མཁས་པ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་དང་། ་ཇི་ལྟར་རླུང་རྣམ་པར་རྟོག་པ་བཞི་དང་ལྡན་པ་སྟེ། དེ་དག་རབ་ཏུ་བྱེད་པ་ལས་ནི་གོ་རཱིམ་ཇི་ལྟ་བུ་བཞིན་དུ་སྦྱོར་རོ།། མདོ་ལས་ནི་འདི་ལྟས་གཞན་དུ་གསུངས་ཏེ། དེས་ན་མདོའི་རིམ་པས་འདི་ཉིད་བཤད་པར་བྱ ་སྟེ། གོ་རིམྦི་ཇི་ལྟ་བ་བཞིན་དུ་ནི་མ་ཡིན་ནོ།། དེ་ལ་ཉན་ཐོས་ལོ་སོགས་པ་དང་འབྲེལ་པའི་ངེས་པར་འ་བྱེད་པའི་ཆུ་དང་མཐུན་པས་ནི་བདེན་པ་བཞི་ལ་དམིགས་པ་སྟེ། བདེན་པ་རེ་རེ་ལ་ཡང་རྣམ་པ་བཞི ་བཞི་སྟེ། མི་རྟག་པ་དང་། སྡུག་བསྔལ་བ་ལ་སོགས་པ་དང་། རྒྱུ་དང་ཀུན་འབྱུང་བ་ལ་སོགས་པ་དང་། འགོག་པ་དང་།། ཞི་བ་ལ་སོགས་པ་དང་། ལམ་དང་རིགས་པ་ལ་སོགས་པའོ།། བྱང་ཆུབ ་སེམས་དཔའི་ནི་དྲོང་དང་། རྩེ་མོ་དང་། བཟོད་པ་དང་། ཆོས་ཀྱི་མཆོག་གང་ཡིན་པ་དེ་དག་རེ་རེ་ལ་ཡང་ཆུང་ངུ་དང་། འབྷྲིང་དང་། ཆེན་པོ་དབྱེ་བས་རྣམ་པ་བཅུ་གཉིས་སུ་འགྱུར་ཏེ། དེ་ལ་དྲོ་བ་ཆུང་ངུར ་ནི།། དམིགས་པ་མི་རྟག་ལ་སོགས་པ།། བདེན་པའི་རྟེན་ཅན་དེ་ཡི་ནི།། རྣམ་པ་མངོན་ཞེན་ལ་སོགས་འགོག། ཅེས་བྱ་བས་གསུངས་སོ།། བདེན་པའི་རྟེན་ཅན་ཞེས་བྱ་བ་ནི་བདེན་པ་བཞིའི་ཡུལ་ལོ།། མི་རྟག་པ་ལ ་སོགས་ཞེས་བྱ་བ་ནི་མི་རྟག་པ་ཉིད་ལ་སོགས་པ་ལ་དམིགས་པ་སྟེ། མདོ་ཇི་ལྟ་བ་བཞིན་ནོ།། དེའི་རྣམ་པ་ཞེས་བྱ་བ་ནི་དེ་ལ་དམིགས་པ་དེའི་དང་འདྲ་བ་སྟེ། འདི་ལྟ་སྟེ། མངོན་པར་ཞེན་ལ་སོགས་འགོག་ཅེས་བྱ་བ་ནི་མངོན ་པར་ཞེན་པ་མ་ཡིན་པ་དང་། གནས་པ་མེད་པ་དང་། འདུ་ཤེས་མེད་པའོ།། དེ་ལ་དངོས་པོ་ཉིད་ཀྱིས་ཤེས་ཆེར་ངར་འཛིན་པ་ནི་མངོན་པར་ཞེན་པའོ།། འབྲིང་ནི་གནས་པའོ།། ཆུང་ངུ་ནི་འདུ་ཤེས་སོ།། དེ་དག་འགོག་པའོ།། ་དེ་དག་གིས་སྟོང་པ་ནི་ཡེ་ཤེས་ཀྱི་རང་གི་ངོ་བོ་སྟེ། དཔེར་ན་བུམ་པས་དབེན་པའི་ཕྱོགས་ཀྱི་ངོ་བོ་ཉིད་ནི་ཕྱོགས་ན་བུམ་པ་མེད་པའོ།། དེ་ལ་དང་པོ་ནི་ཆོས་ལ་སྲེད་པ་ཞེས་བྱ་བ་ནས། སྐྱོན་དུ་འགྱུར་རོ་ཞེས་བྱ་བའི་བར་གྱིས ་གསུངས་སོ།། དེ་ནི་སྡུག་བསྔལ་གྱི་བདེན་པ་ལ་དྲོང་ཆུང་ངུའི་དམིགས་པ་དང་རྣམ་པའོ།། དེ་ནས་མི་མཐོང་སྟེ་ཞེས་བྱ་བའི་བར་གྱིས་ནི་ཀུན་འབྱུང་གི་བདེན་པ་ལ་དྲོང་ཆུང་ངུའི་ངམི་གོས་པ་གསུངས་ཏེ། དམིགས་པ་ནི ་གཟུགས་ལ་སོགས་པའི་གཞི་སྦྱང་བར་བྱ་བ་ལ་སོགས་པའོ།། རྣམ་པ་ནི་དེ་ལས་མངོན་པར་ཞེན་པ་ལ་སོགས་པ་དགྲག་པའོ།། དེ་ནས་དེ་ལྟར་འགོག་པ་ཞེས་བྱ་བ་ནས། ཡང་དག་པར་མི་ཤེས་བྱའོ་ཞེས་བྱ་བའི ་བར་གྱིས་ནི་འགོག་པ་ལ་སོགས་པའི་གཞི་མངོན་སུམ་དུ་བྱེད་པ་ལ་སོགས་པ་དམིགས་པའོ།། རྣམ་པ་ནི་སྔ་མ་བཞིན་དུ་སྟེ། དེ་ལ་སྐྱོན་མེད་པ་ནི་འདི་ཡིན་ཏེ། ཕྱི་ལ་སོགས་པའི་གཞི་ལ་སྟོང་པ་ཉིད་ནི་དམིགས ་པའོ།། ནང་ལ་སོགས་པའི་གཞི་ལ་སྟོང་པ་ཉིད་དུ་དེ་དགྲ་ཡང་དག་པར་རྗེས་སུ་མི་མཐོང་བ་ནི་རྣམ་པ་སྟེ། འདི་ནི་སྐྱོན་མེད་པའོ།། དེ་ནི་འགོག་པའི་བདེན་པ་ལ་དྲོང་ཆུང་ངུའི་དམིགས་པ་དང་རྣམ་པའོ།། དེ་ནས་ཞེས ་བྱ་བ་ནས་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་ལམ་གྱི་བདེན་པ་ལའོ།། དེ་ལ་གཟུགས་ལ་སོགས་པའི་གཞི་ཤེས་པར་བྱ་བ་ཉིད་ནི་དམིགས་པའོ།། དེ་ལྟར་ཡང་བསམ་པར་བྱ་བ་མ་ཡིན་པ་ནི་རྣམ་པའོ།། དེ་བཞིན ་དུ་སེམས་མེད་པ་ནི་དེའི་རང་བཞིན་འོད་གསལ་བའོ།། འོད་གསལ་བ་གང་ལས་ཞེ་ན། གང་གི་ཕྱིར་སེམས་དེ་འདོད་ཆགས་ལ་སོགས་པ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན་པའོ།། དེའི་སེམས་མེད་པ་གང ་ཞེ་ན། གང་དེའི་རང་བཞིན་ནི་ཆོས་ཉིད་དེ། འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པའོ།། ཇི་ལྟར་སེམས་མ་ཡིན་པ་ནི་སེམས་མེད་པ་ཉིད་དོ།། དེ་བཞིན་དུ་གཟུགས་ལ་སོགས་པ་ཡང་གཟུགས་ལ་སོགས་པ་མེད་པ ་ཉིད་དེ། དེས་ན་སེམས་ལ་སོགས་པའི་རྟེན་ཅན་གྱི་རང་བཞིན་ནི་དམིགས་པའོ།། འོད་གསལ་བ་ནི་རྣམ་པའོ།། དེ་ནི་ལམ་གྱི་བདེན་པ་ལ་དྲོང་ཆུང་ངའི་དམིགས་པ་དང་རྣམ་པའོ།། ཐེག་པ་གསུམ ་ཅར་ཐོབ་པའི་རྒྱུ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའི་དྲོ་བ་ལ་སོགས་པའི་རྣམ་པ་བཅུ་གཉིས་ནི་ཐེག་པ་གསུམ་སྟེ། བྱང་ཆུབ་རྣམ་པ་གསུམ་ཐོབ་པའི་རྒྱུའོ།། གང་དག་རིགས་ལ་སོགས་པའི་སྟོབས་ཀྱིས་བྱང་ཆུབ ་དམན་པ་ཡང་ཐོབ་པའི་ཕྱིར་རོ།། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པའི་དྲོ་བ་ལ་སོགས་པས་ནི་ནམ་ཡང་བྱང་ཆུབ་དམ་པ་ཐོབ་པར་མི་བྱེད་དོ།། གང་ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཞེས་བྱ་བ་ནས། བསླབ ་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་སོ།། འབྲིང་གི་ནི། གཟུགས་སོགས་སྐྱེ་འཇིག་གནས་པ་དང་། ཞེས་བྱ་བ་ལ། མིང་གི་ཤེས་བྱ་བ་ནི་ལྷག་མའོ།། གནས་པ་མེད་པ་བྲལ་བ་སྟེ། མིང་གི་ཞེས་བྱ་བ་ཡང་ལྷག་མའི། ་གཟུགས་ལ་སོགས་པ་ནི་མདོ་ཇི་ལྟ་བ་བཞིན་དུ་རྒྱ་ཆེར་ཤེས་པར་བྱའོ།། དེའི་སྐྱེ་བོ་ནི་མིང་གིས་གཞན་ལས་རྟོགས་པ་སྟེ་དེ་མེད་པའོ།། འཇིག་པ་ནི་མིང་གིས་གཞན་དག་ལ་སྟོན་པ་སྟེ། དེ་མེད་པ་དེ་ནི་དྲོ་བ་འབྲིང་གི་དམིགས ་པའོ།། མིང་དེ་སྟོན་པ་ལ་གནས་པ་ཡང་མེད་ལ། མི་གནས་པ་ཡོང་མེད་པ་སྟེ། ཉན་པ་པོ་ལ་བྲལ་ཞིང་འཕོས་པ་ཡང་མེད་པ་ནི་རྣམ་པའོ།། དེ་ཡང་གང་ལས་ཞེ་ན། མིང་ནི་མེད་པའི་ཕྱིར་རོ།། དེས་ན་ཡང་དེ་དག་མེད་དོ་ཞེས ་དགོངས་པའོ།། གང་དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་བྱ་བ་ནས། གང་ཡང་འདི་བཅོམ་ལྡན་འདས་ཞེས་བྱ་བའི་བར་གྱིས་གསུངས་སོ།། གནས་པ་མེད་པ་མ་ཡིན་མི་གནས་པ་མེད་པ་ཡང་མ་ཡིན་ཞེས་བྱ་བ་ཡང་འདིར ་བརྗོད་དེ། རྣམ་པ་བཞི་མེད་པར་འདིར་བསྟན་ན་ནི་འབྲེལ་པ་མེད་པར་འགྱུར་བའི་ཕྱིར་རོ།། བསྟན་བཅོས་སུ་ནི་གནས་པོ་དང་བྲལ་བ་མི་དགག་པ་ནི་གཙོ་བོ་ཡིན་པའོ།། དེ་ནི་དྲོང་འབྲིང་གི་དམིགས་པ་དང་རྣམ་པའོ།། ཆེན་པོའི་ནི། ་བཏགས་དང་བརྗོད་དུ་མེད་ཅེས་བྱ་བ་ལ། འདི་དག་ནི་བཏགས་པ་ཙམ་སྟེ་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་ཞེས་ཆོས་ཀྱི་བརྡར་བགྱི་བ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་ཞེས་བགྱི་བའི་མིང་ཞེས་བྱ་བའི་བར་ནི་དམིགས ་པའོ།། དེ་ཕུང་པོ་འམ། ཁམསོ་སམ། དངོས་པོ་འམ་དངོས་པོ་མེད་པ་གང་གིས་ཀྱང་བརྗོད་དུ་མེད་དོ་ཞེས་བྱ་བ་ནི་རྣམ་པའོ།། གང་ཡང་འདི་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནས། མི་གནས་པའི་ཚུལ་གྱིས ་ལེགས་པར་གནས་སོ་ཞེས་བྱ་བའི་བར་ནི་དྲོ་བ་ཆེན་པོའི་དམིགས་པ་དང་རྣམ་པའོ།། དཔེར་ན་གཙུབས་ཤིང་གིས་གཙུབས་པ་ན་མེ་འབྱུང་བའི་སྡེ་ལྔས་དྲོ་བ་དེ་བཞིན་དུ་དེ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི ་མེ་ཡང་དེ་བཞིན་ནོ།། དེས་ན་དྲོ་བ་དང་ཆོས་མཐུན་པའི་ཕྱིར་ན་དྲོད་ངོ་།། རྩེ་མོ་ཆུང་ངུའི་ནི། གཟུག་ས་སོགས་མི་གནས་དེ་དག་ནི།། དེ་ཡི་ངོ་བོར་རང་བཞིན་མེད།། དེ་དག་གཅིག་གི་རང་བཞིན་གཅིག་ཅེས་བྱ་བ་ལ། ་གཟུགས་སོགས་མི་གནས་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ལྔ་མི་གནས་པའོ།། གཟུགས་ལ་སོགས་པ་གང་ཡིན་པ་དེ་དག་གི་དངོས་པོ་སྟོང་པ་ཉིད་ནི་དེ་དམིགས་པའོ།། གཟུགས་ཀྱི ་སྟོང་པ་ཉིད་གང་ཡིན་པ་དེ་གཟུགས་མ་ཡིན་ཏེ། མཚན་ཉིད་ཐ་དད་པའི་ཕྱིར་རོ་ཞེས་བྱ་བ་འདི་ནི་གཟུགས་ལ་སོགས་པའི་སྟོང་པ་ཉིད་གང་ལགས་པ་དེ་གཟུགས་མ་ཡིན་ནོ་ཞེས་བྱ་བ་གསུངས་སོ།། དེ་དག་གཅིག་གི། ་རང་བཞིན་གཅིག་ཅེས་བྱ་བ་ནི་ཕན་ཚུན་གྱིས་ངོ་བོ་ཉིད་དེ་གཟུགས་ལ་སོགས་པ་ཉིད་སྟོང་པ་ཉིད་ཀྱང་གཟུགས་ལ་སོགས་པའོ་ཞེས་བྱ་བ་ནི་རྣམ་པའོ།། གཞན་ཡང་། དེ་མི་རྟག་སོགས་པར་མི་གནས།། དེ་རྣམས་དེ་ཡི ་ངོ་བོས་སྟོང་།། དེ་དག་གཅིག་གི་རང་བཞིན་གཅིག་ཅེས་བྱ་བ་ལ། གཟུགས་ལ་སོགས་པ་ལ་མི་རྟག་པ་ལ་སོགས་པར་མི་གནས་པ་ནི་གནོས་པ་མེད་པའོ།། གང་གཟུགས་ལ་སོགས་པའི་མི་རྟག་པ་ལ་སོགས་པ་ནི ་གཟུགས་མི་རྟག་པ་ལ་སོགས་པས་སྟོང་པ་ཉིད་དེ་དམིགས་པའོ།། གཟུགས་མི་རྟག་པ་ལ་སོགས་པ་ཉིད་སྟོང་པ་ཉིད་དོ།། སྟོང་པ་ཉིད་ཀྱང་གཟུགས་མྱི་རྟག་པ་ལ་སོགས་པ་ཉིད་དེ། དེ་ནི་རྣམ་པའོ།། གང་མི་གནས ་པའི་ཚུལ་གྱིས་ལེགས་པར་གནས་པ་ཞེས་བྱ་བ་ནས། རང་གི་ངོ་བོ་སྟོང་པ་ཉིད་ཉེ་བར་བླང་བར་བྱའོ་ཞེས་བྱ་བའི་བར་གཞན་གྱིས་གསུངས་ཏེ། དེ་ནི་རྩེ་མོའི་ཆུང་ངུའི་དམིགས་པ་དང་རྣམ་པའོ།། འབྲིང་གི་ནི། ཆོས་རྣམས ་མི་འཛིན་གང་ཡིན་དང་ཞེས་བྱ་བ་ལ། གཟུགས་ལ་སོགས་པའི་ཆོས་རྣམས་མི་འཛིན་པ་གང་ཡིན་པ་དེ་ནི་དམིགས་པའོ།། དེ་དག་མཚན་མར་མི་མཐོང་ཕྱིར་ཞེས་བྱ་བ་ལྔ། གཟུགས་ལ་སོགས་པ་ཉིད་མཚན་མའོ།། མཚན་མ ་ཉིད་ཉོན་མོངས་པའོ།། ངོ་ཡིད་ལ་མི་བྱེད་པའི་ཕྱིར་ཏེ། དེ་ནི་རྣམ་པའོ།། གང་དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མཚན་མར་མི་བཟུང་ངོ་ཞེས་བྱ་བ་ནས། ཆོས་ཐམས་ཅད་ཡོངས་སུ་མི་བཟུང་བའི ་སླད་དུ་ཞེས་བྱ་བའི་བར་གྱིས་གསུངས་ཏེ། དེ་ནི་རྩེ་མོ་འབྲིང་གི་དམིགས་པ་དང་རྣམ་པའོ།། ཆེན་པོ་ནི། ཐམས་ཅད་དམིགས་སུ་མེད་པར་ནི། ཤེས་རབ་ཀྱིས་ནི་ཡོངས་རྟོགས་པའོ་ཞེས་བྱ་བ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་ཞེས་བྱ་བ་འདི་གང་ཡིན། ཆོས་གང་ཅི་ཡང་རུང་བ་མི་དམིགས་པ་འམ། ཞེས་པ་སྟེ། དེ་ནི་དམིགས་པའོ།། གང་མི་དམིགས་པ་ཞེ་ན། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་ཐམས་ཅང་མི་དམིགས་པ་སྟེ། དེ་ནི་རྣམ ་པའོ།། གང་གཞན་ཡང་བཅོམ་ལྡན་འདས་ཞེས་བརྟགས་པ་བྱ་བ་ནུས་བརྩམས་ནས་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་སོ།། དེ་ནི་རྩེ་མོ་ཆེན་པོའི་དམིགས་པ་དང་རྣམ་པའོ།། དགེ་བའི་རྩ་བ་གཡོ་བ་ཐམས ་ཅད་ཀྱི་རྩེ་མོ་ཡིན་པའི་ཕྱིར་རྩེ་མོའོ།། བཟོད་པ་ཆུང་ངུའི་ནི། གཟུགས་སོགས་ངོ་བོ་ཉིད་མེད་ཉིད།། དེ་མེད་པ་ཡི་ངོ་བོ་ཉིད་ཅེས་བྱ་བ་ལ། གཟུགས་ལ་སོགས་པའི་ངོ་བོ་ཉིད་མེད་པ་ནི་རང་གི་མཚན་ཉིད་དང་བྲལ་བ་སྟེ། དམིག ་པའོ།། གང་གི་ཕྱིར་གཟུགས་ལ་སོགས་པ་དེའི་དངོས་པོ་མེད་པའི་ངོ་བོ་དེ་ནཱི་རྣམྦྷ་པའོ།། གང་དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང ་དོ་ཞེས་བྱ་བའི་བར་གྱིས་གསུངས་ཏེ། དེ་ནི་བཟོད་པ་ཆུང་ངུའི་དམྱིགས་པ་དང་རྣམ་པའོ།། འབྷྲིང་གི་ནི། དེ་དག་སྐྱེ་མེད་ངེས་འབྱུང་མེད།། ངག་དང་ཞེས་བྱ་བ་ལ། གཟུགས་ལ་སོགས་པ་དེ་དག་རང་གི་དངོས ་པོ་མེད་པའི་ཕྱིར་སྐྱེ་བ་མེད་ཅིང་ངེས་པར་འབྱུང་བ་མེད་པ་སྟེ། དེ་ནི་དམིགས་པའོ།། དེ་ལྟར་སྤྱོད་པ་ནི་ལུས་ལ་སྩོགས་པ་དག་པ་ཐོབ་པ་ཞེས་བྱ་བ་དེ་ཉིད་དག་པ་སྟེ་རྣམ་པའོ།། གང་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར ་ཚེ་དང་ལྡན་པ་ཞེས་བྱ་བ་ནས། ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱ་བའི་བར་གྱིས་གསུངས་ཏེ། དེ་ནི་བཟོད་པ་འབྲིང་གི་དམིགས་པ་དང་རྣམ་པའོ།། ཆེན་པོའི་ནི། དེ་དག་མཚན་མེད་ཉིད།། དེ་ཡི ་མཚན་མེར་མི་རྟེན་པོས།། མོས་མིན་འདུ་ཤེས་མེད་པ་ཡིན།། ཞེས་བྱ་བ་ལ། གཟུགས་ལ་སོགས་པའི་མཚན་མ་མེད་པ་ནི་དམིགས་པའོ།། རྣམ་པ་ཡང་དེའི་མཚན་མ་ལ་མི་རྟེན་པ་དང་བཅས་པའི་མོས་པ་མ ་ཡིན་པ་དང་། འདུ་ཤེས་མེད་པ་ཡིན་ནོ།། གང་དེ་ནས་ཚེ་དང་ལྡན་པ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བའི་བར་གྱིས་གསུངས་སོ།། དེ་ནི་བཟོད་པ་ཆེན་པོའི་དམིགས་པ་དང་རྣམ་པའོ།། ་ཆོས་ཀྱི་མཆོག་ལ་བཟོད་པའི་ཕྱིར་ན་བཟོད་པའོ།། ཆོས་ཀྱི་མཆོག་ཆུང་ངུ་ནི། ཏིང་འཛིན་དེ་ཡི་བྱེད་པ་ཉིད་ཅེས་བྱ་བ་ལ། ཏིང་ངེ་འཛིན་ནི་དམིགས་པ་སྟེ། ཆོས་ཐམས་ཅད་ལེན་པ་མེད་པ་ཞེས་བྱ་བ ་གསུངས་སོ།། གང་ལས་ཞེ་ན། གང་གི་ཕྱིར་ཆོས་ཐམས་ཅད་ནི་ལེན་པ་མེད་པ་སྟེ། དེས་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ།། དེ་ཡི་བྱེད་པ་ནི་མཱར་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་སྟེ། དེ་ནི་རྣམ་པའོ།། ། ་གང་དེ་ཡང་ཚེ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་ནས། ནམ་མཁའ་ལྟར་ཆགས་པ་མེད་པས་རྣམ་པར་གྲོལ་ཞིང་གོས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་ཏེ། འདི་ནི་ཆོས་ཀྱི་མཆོག ་ཆུང་ངུའི་དམིགས་པ་དེང་རྣམ་པའོ།། འབྲིང་བ་ནི། ལུང་སྟོན་པ་དང་རློམ་པ་ཟད་ཅེས་བྱ་བ་ལ། དེ་ལྟར་སྤྱོད་པ་ན་དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ལྷུང་བསྟན་པ་ནི་དམིགས་པའོ།། དཱིང ་ངེ་འཛིན་དང་བདག་དང་སྙོམས་པར་ཞུགས་པ་ཞེས་བྱ་བ་མི་དམིགས་ཤིང་རློམ་པ་ཟད་པ་ནི་རྣམ་པའོ།། གང་དེ་ནས་ཞེས་བྱ་བ་ལ་སོགས་པ་ནས། མི་དམིགས་སོ་ཞེས་བྱ་བའི་བར་གྱིས་གསུངས་ཏེ། འདི་ནི་ཆོས ་ཀྱི་མཆོག་འབྲིང་གི་དམིགས་པ་དང་རྣམ་པའོ།། ཆེན་པོའི་ནི། གསུམ་པོ་ཕན་ཚུན་ངོ་བོ་གཅིག། ཏིང་འཛིན་རྣམ་པར་མི་རྟོག་པ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་དག་གི་ཕན་ཚུན་རང་གི་ངོ་བོ་གཅིག་པ་ནི་དམིགས་པའོ།། དེ་ཡང་ཏིང་ངེ་འཛིན་ལ་རྣམ་པར་མི་རྟོག་པ་ནི་རྣམ་པའོ།། གང་ཤཱ་རིའི་བུས་སྨྲས་པ་ཞེས་བྱ་བ་ལ་སོགས་པ་ནས། ་ཡང་དག་པར་མི་ཤེས་སོ་ཞེས་བྱ་བའི་བར་གྱིས་གསུངས་ཏེ། དེ་ནི་ཆོས་ཀྱི་མཆོག་ཆེན་པོའི་དམིགས་པ་དང་རྣམ་པའོ།། འཇིག་རྟེན་པ་ཐམས་ཅད་ཀྱི་ཆོས་ཀྱི་མཆོག་ཡིན་པས་ནི། ཆོས་ཀྱི་མཆོག་གོ། དེ་ལྟར་ངེས ་འབྱེད་ཆ་མཐུན་ནི།། ཆུང་དང་འབྲིང་དང་ཆེན་པོས་ཡིན་ཞེས་བྱ་བ་ལ། རེ་རེ་ལ་ཡང་ཆུང་ངུ་དང་འབྲིང་དང་། ཆེན་པོའི་དབྱེ་བས་རྣམ་པ་བཅུ་གཉིས་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའོ།། དེ་ལྟར་ཞེས་བརྗོད་པ་ནི་དེ་བཞིན ་ཏེ། དམིགས་པ་དང་རྣམ་པའི་དབྱེ་བས་གོ་རིམ་བཞིན་དུ་ཤེས་པར་བྱའོ།། དྲོད་ལ་སོགས་པའི་རྣམ་པར་རྟོག་པ་དང་ཡང་དག་པར་འབྲེལ་པ་བརྗོད་པར་བྱ་སྟེ། དེའི་གནས་སྐབས་ནི་མདོ་ལས། དེ་ནས་བཅོམ་ལྡན་འདས ་ཞེས་བྱ་བ་ནས། རྣམ་པར་དག་པ་ཞེས་བརྗོད་དོ་ཞེས་བྱ་བའི་བར་གྱིས་གསུངས་ཏེ། གཞི་དང་དེ་ཡི་གཉེན་པོ་ཡིས།། གཟུང་བར་རྟོག་པ་རྣམ་པ་གཉིས།། རྨོངས་དང་ཕུང་སོགས་བྱེ་བྲག་གིས།། དེ་ནི་སོ་སོར་རྣམ་པ་དགུ ་ཞེས་བྱ་བ་ལ། གཟུང་བའི་རྟོག་པ་ཞེས་བྱ་བ་ནི་གཟུང་བའི་རྣམ་པར་རྟོག་པའོ།། དེ་ནི་རྣམ་པ་གཉིས་ཏེ། དང་པོ་བཞི་ནི་འཇིག་རྟེན་ལ་གྲགས་པའོ།། ཅིག་ཤོས་ནི་དེའི་གཉེན་པོ་སྟེ། ཉན་ཐོས་ལ་སོགས་པ་ལ་རབ་ཏུ་གྲགས ་པའོ།། དེ་དག་རེ་རེ་ལ་ཡང་རྣམ་པ་དགུ་སྟེ། མ་རིག་པ་དང་ཕུང་པོ་ལ་སོགས་པའི་དབྱེ་བ་དང་། ཕུང་པོ་དང་སྐྱེ་བའི་སྒོ་ལ་སོགས་པའི་དབྱེ་བས་ཏེ། གོ་རིམ་བཞིན་དུ་དང་པོ་ནི་དྲོ་བ་དག་ལ། གཉིས་པ་ནི་རྩེ་མོ་དྲུག་ལའོ།། ་དེ་ལ་མེད་པའི་དོན་ནི་མ་རིག་པའི་ཡུལ་ཡིན་པའི་ཕྱིར་རོ།། དེ་འཛིན་པའི་རྣམ་པར་རྟོག་པ་ནི་མ་རིག་པའི་རྣམ་པར་རྟོག་པ་སྟེ། གང་ཤཱ་རིའི་བྱས་གསོལ་པ་ཞེས་བྱ་བ་ནས། དེའི་ཕྱིར་མེད་ཅེས་བྱའོ་ཞེས་བྱ་བའི་བར་གྱིས ་གསུངས་སོ།། ཕུང་པོ་རྣམ་པར་རྟོག་པ་ནི་གང་ཤཱ་རིའི་བུས་གསོལ་པ་ཞེས་བྱ་བ་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཉེ་བར་བླང་བར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་སོ།། མིང་དང་གཟུགས་ལ་མངོན་པར་ཞེན ་བའི་རྣམ་པར་རྟོག་པ་ནི་གང་དེ་ལ་བྱིས་པ་ཞེས་བྱ་བ་ནས། མངོན་པར་ཞོན་པ་ཞེས་བྱ་བའི་བར་གྱིས་གསུངས་སོ།། མཐའ་གཉིས་ལ་མངོན་པར་ཞེན་པའི་རྣམ་པར་རྟོག་པ་ནི་གང་དག་ཆོས་རྣམས་ལ་མངོན་པར ་ཞེན་པ་ཞེས་བྱ་བ་ལ་སོགས་པ་ནས། གྲངས་སུ་འགྲོའོ་ཞེས་བྱ་བའི་བར་གྱིས་གསུངས་སོ།། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བར་མི་ཤེས་པའི་རྣམ་པར་རྟོག་པ་ནི་གང་དེ་དག་མ་རིག་པ་དང་། སྲེད་པའི་རྐྱེན ་ཞེས་བྱ་བ་ལ་སོགས་པ་ནས། ཆོས་རྣམས་ལས་ངེས་པར་མི་འབྱུང་ངོ་ཞེས་བྱ་བའི་བར་གྱིས་གསུངས་སོ།། འཕགས་པའི་ལམ་ལ་མི་གནས་པའི་རྣམ་པར་རྟོག་པ་ནི་གང་དེ་དག་ཡིད་མི་ཆེས་ཞེས་བྱ་བ་ལ་སོགས་པ་ནས། ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཞེས་བྱ་བའི་བར་གྱིས་གསུངས་སོ།། དམིགས་པའི་རྣམ་པར་རྟོག་པ་ནི་གང་ཤཱ་རིའི་བུས་གསོལ་པ། ཇི་ལྟར་ཡང་ཞེས་བྱ་བ་ལ་སོགས་པ་ནས། མི་དམིགས་པའི ་ཚུལ་གྱིས་ཞེས་བྱ་བའི་བར་གྱིས་གསུངས་སོ།། བདག་ལ་སོགས་པའི་རྣམ་པར་རྟོག་པ་ནི་གང་ཤཱ་རིའི་བུས་གསོལ་པ་གང་གི་ཞེས་བྱ་བ་ལ་སོགས་པ་ནས། ཤིན་ཏུ་རྣམ་པར་དག་པ་ཉེ་བར་བླང་བར་བྱའོ་ཞེས་བྱ་བུའི་བར་གྱིས ་གསུངས་སོ།། སྐྱེ་བ་ལ་སོགས་པའི་རྣམ་པར་རྟོག་པའི་གཉེན་པོར་ནི་གང་སྐྱེ་བ་མེད་པ་ཞེས་བྱ་བ་ལ་སོགས་པ་ནས། རྣམ་པར་དག་པ་ཞེས་བྱ་བའི་བར་གྱིས་གསུངས་སོ།། དེ་ནི་གཟུང་བའི་རྣམ་པར་རྟོག་པ་དང་པོ་རྣམ་པ ་དགུའོ།། ཕུང་པོའི་དོན་གྱི་རྣམ་པར་རྟོག་པ་ནི་གང་ཐབས་ལ་མི་མཁས་པོས་གཟུགས་ལ་སོགས་པ་ཞེས་བྱ་བ་གསུངས་སོ།། སྐྱེ་བའི་སྒོའི་དོན་གྱི་རྣམ་པར་རྟོག་བྱ་ནི་གང་མིག་ལ་རྟོག་ཅིང་ཞེས་བྱ་བ་ལ་སོགས་པས ་གསུངས་སོ།། རིགས་ཀྱི་དོན་གྱི་རྣམ་པར་རྟོག་པ་ནི་གང་མིག་དང་གཟུགས་དང་། མྱིག་གི་རྣམ་པར་ཤེས་པའི་ཁམས་ཞེས་བྱ་བ་ལ་སོགས་པས་གསུངས་སོ།། རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་གྱི་རྣམ་པར ་རྟོག་པ་ནི་གང་མ་རིག་པ་ཞེས་བྱ་བ་ལ་སོགས་པས་གསུངས་སོ།། སྟོང་པ་ཉིད་ཀྱི་དོན་གྱི་རྣམ་པར་རྟོག་པ་ནི་གང་དེ་ནང་སྟོང་པ་ཉིད་ཅེས་བྱ་བ་ལ་སོགས་པས་གསུངས་སོ།། ཕ་རོལ་ཏུ་ཕྱིན་པའི་དོན་གྱི་རྣམ་པར་རྟོག ་པ་ནི་གང་ཕ་རོལ་ཏུ་ཕྱིན་པ་དྲུག་ཅེས་བྱ་བ་ལ་སོགས་པས་གསུངས་སོ།། མཐོང་བའི་ལམ་གྱི་རྣམ་པར་རྟོག་པ་ནི་གང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཞེས་བྱ་བ་ལ་སོགས་པས་གསུངས་སོ།། བསྒོམ་པའི ་ལམ་གྱི་རྣམ་པར་རྟོག་པ་ནི་གང་དེ་བསམ་གཏན་དང་། མངོན་པར་ཤེས་པ་དང་། ཚད་མེད་པ་ལ་སོགས་པས་གསུངས་སོ།། མི་སློབ་པའི་ལམ་གྱི་རྣམ་པར་རྟོག་པ་ནི་གང་དེ་བཞིན་གཤེགས་པའོ་སྟོབས་བཅུ་ཞེས་བྱ། ་བ་ལ་སོགས་པས་གསུངས་སོ།། དེ་ནི་གཟུང་བའི་རྣམ་པར་རྟོག་པ་རྣམ་པ་དགུའོ།། བདག་སོགས་རང་དབང་ངོ་བོ་དང་།། དེ་བཞིན་ཕུང་སོགས་རྟེན་སྒོ་ནས།། རྫས་དང་བཏགས་པའི་རྟེན་ཅན་གྱི།། འཛིན་པ་རྣམ་པ་གཉིས ་སུ་འདོད།། འཛིན་པ་ཞེས་བྱ་བ་ནི་འཛིན་པའི་རྣམ་པར་རྟོག་པའོ།། དེ་ཡང་རྣམ་པ་གཉིས་སུ་འདོད་དོ།། ཇི་ལྟར་ཞེ་ན། གང་གི་ཕྱིར་བདག་རང་དབང་ལ་སོགས་པའི་ངོ་བོས་རྫསུ་ལུ་བརྟེན་པ་དང་། ཕུང་པོ་ལ་སོགས་པ ་ལ་བརྟེན་པས་བཏགས་པོ་ལ་བརྟེན་པ་སྟེ། དེ་དག་ནི་གོ་རིམ་བཞིན་དུ་བཟོད་པ་དང་ཆོས་ཀྱི་མཆོག་ལ་སྦྱར་རོ།། དེ་བཞིན་དུ་ཞེས་བྱ་བ་ནི་ཇི་ལྟར་གཟུང་བའི་རྣམ་པར་རྟོག་པ་སོ་སོར་རྣམ་པ་དགུ་ཡིན་པ་དེ་བཞིན་དུ ་འཛིན་པའི་རྣམ་པར་རྟོག་པ་ཡང་དེ་བཞིན་ནོ་ཞེས་བྱ་བའི་དོན་ཏོ།། དེ་ལ་བདག་རང་དབང་ཅན་གྱི་རྣམ་པར་རྟོག་པའི་གཉེན་པོར་ནི་གང་ཤཱ་རིའི་བུ་བདག་ཉེ་བར་མི་དམིགས་ཞེས་བྱ་བ་ལ་སོགས་པས་གསུངས་སོ།། ་བདག་གཅིག་པུར་རྣམ་པར་རྟོག་པའི་གཉེན་པོར་ནི་གང་ཤཱ་རིའི་བུ་གཟུགས་ཞེས་བྱ་བ་ལ་སོགས་པས་གསུངས་སོ།། དེ་ནས་བདག་རྒྱུར་རྣམ་པར་རྟོག་པའི་གཉེན་པོར་ནི་གང་ཤཱ་རིའི ་བུ་མིག་ཅེས་བྱ་བ་ལ་སོགས་པས་གསུངས་སོ།། དེ་ནས་བདག་ལྟ་བ་པོ་ལ་སོགས་པ་རྣམ་པར་རྟོག་པའི་གཉེན་པོར་ནི་གང་ཤཱ་རིའི་བུ་མིག་དང་གཟུགས་དང་། མིག་གི་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས ་པས་གསུངས་སོ།། དེ་ནས་བདག་ཀུན་ནས་ཉོན་མོངས་པའི་བརྟེན་དུ་རྣམ་པར་རྟོག་པའི་གཉེན་པོར་ནི་གང་ཤཱ་རིའི་བུ་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ་ལ་སོགས་པས་གསུངས་སོ།། དེ་ན་བདག་འདོད ་ཆགས་དང་བྲལ་བའི་རྟེན་དུ་རྣམ་པར་རྟོག་པའི་གཉེན་པོར་ནི་གང་བསམ་གཏན་དང་པོ་ལ་ཞེས་བྱ་བ་ལ་སོགས་པས་གསུངས་སོ།། དེ་ནས་བདག་མཐོང་བའི་ལམ་གྱི་རྟེན་དུ་རྣམ་པར་རྟོག་པའི་གཉེན་པོར ་ནི་གང་འཕགས་པའི་བདེན་པོ་ཞེས་བྱ་བ་ལ་སོགས་པས་གསུངས་སོ།། དེ་ནས་བདག་བསྒོམ་པའི་ལམ་གྱི་རྟེན་དུ་རྣམ་པར་རྟོག་པའི་གཉེན་པོར་ནི་གང་རྣམ་པར་ཐར་པ་བརྒྱད་ཅེས་བྱ་བ་ལ་སོགས་པ་གསུངས ་སོ།། དེ་ནས་བདག་དོན་དམ་པའི་རྟེན་དུ་རྣམ་པར་རྟོག་པའི་གཉེན་པོར་ནི་གང་སྟོབས་བཅུ་ཞེས་བྱ་བ་ལ་སོགས་པས་གསུངས་སོ།། དེ་ནི་འཛིན་པའི་རྣམ་པར་རྟོག་པ་དང་པོ་དགུའོ།། སྒྱུ་མའི་ངོ་བོ་ཉིད་ཀྱི་ཕྱིར ་བཏགས་པའོ།། དེ་ལ་དང་པོར་ཕུང་པོར་བཏགས་པར་རྣམ་པར་རྟོག་པ་ནི་བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ་ཞེས་བྱ་བའི་བར་གྱིས་གསུངས་སོ།། དེ་ནས་སྐྱེ་མཆེད་ལ་བཏགས་པར་ཡོད་པའི་རྣམ་པར་རྟོག་པ་ནི་བཅོས ་ལྡན་འདས་དེ་ལྟ་མ་ལགས་སོ་ཞེས་བྱ་བའི་བར་གྱིས་གསུངས་སོ།། དེ་ནས་ཁམས་བཏགས་པར་རྣམ་པར་རྟོག་པ་ནི་སྒྱུ་མ་ཉིད་རྣམ་པར་ཤེས་པའི་ཁམས་སོ་ཞེས་བྱ་བའི་བར་གྱིས་གསུངས་སོ།། དེ་ནས་རྟེན་ཅིང་འབྲེལ་པར ་འབྱུང་བ་བཏགས་པར་རྣམ་པར་རྟོག་པ་ནི་སྒྱུ་མ་ཉིད་རྒ་ཤི་ཞེས་བྱ་བའི་བར་གྱིས་གསུངས་སོ།། དེ་ནས་རྣམ་པར་བྱང་བར་བཏགས་པར་རྣམ་པར་རྟོག་པ་ནི་བཅོམ་ལྡན་འདས་མ་ལགས་སོ་ཞེས་བྱ་བའི་བར་གྱིས་གསུངས་སོ།། ་དེ་ནས་མཐོང་བའི་ལམ་བཏགས་པར་རྣམ་པར་རྟོག་པ་ནི་བཅོམ་ལྡན་འདས་མ་ལགས་སོ་ཞེས་བྱ་བའི་བྱར་གྱིས་གསུངས་སོ།། དེ་ནུས་བསྒོམ་པའི་ལམ་བཏགས་པར་རྣམ་པར་རྟོག་པ་ནི་བཅོམ་ལྡན་འདས་མ་ལགས ་སོ་ཞེས་བྱ་བའི་བར་གྱིས་གསུངས་སོ།། དེ་ནས་ཁྱད་པར་གྱི་ལམ་བཏགས་པར་རྣམ་པར་རྟོག་པོ་ནི་བཅོམ་ལྡན་འདས་མ་ལྕགས་སོ་ཞེས་བྱ་བའི་བར་གྱིས་གསུངས་སོ།། དེ་ནས་མི་སློབ་པའི་ལམ་བཏགས་པའི་རྣམ ་པར་རྟོག་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་གསུངས་སོ།། དེ་ནི་འཛིན་པའི་རྣམ་པར་རྟོག་པ་གཉིས་པ་དགུ་ཡིན་ནོ།། རྣམ་པར་རྟོག་པ་ཡང་དག་པར་འབྲེལ་པ ་བཤད་ནས། ཡང་དག་པར་ཡོངས་སུ་འཛིན་པའི་དབང་དུ་བྱས་ཏེ། སེམས་མི་འགོང་བ་ཉིད་སོགས་ཀྱི།། ངོ་བོ་ཉིད་མེད་སོགས་སྟོན་བྱེད།། དེ་ཡི་མི་མཐུན་ཕྱོགས་བོར་བ།། རྣམ་པ་ཀུན ་ཏུ་ཡོངས་འཛིན་ཡིན་ཞེས་བྱ་བ་ལ། སྐྲག་པ་ཉིད་ནི་ཆུང་ངུ་དང་འབྲིང་དང་ཆེན་པོའི་རིམ་པ་ཇི་ལྟ་བར་སྐྲག་པ་དང་དངངས་པ་དང་ཤིན་ཏུ་དངང་ས་པར་འགྱུར་པ་སྟེ། དེའི་གཉེན་པོར་མི་འགོང་། ཡང་དག་པར་མི ་འགོང། ཡང་དག་པར་འོ་གོང་བར་མི་འགྱུར་བའོ།། གང་གི་ཕྱིར་དེ་བཞིན་དུ་གང་ལས་སེམས་མི་འགོང་བ་ལ་སོགས་པར་འགྱུར་པ་དེ་ལ་དེ་སྐད་ཅེས་བྱ་བ་སྟེ། ཐབས་ལ་མཁས་པ་ཞེས་བྱ་བའི་དོན་ཏོ།། ་ངོ་བོ་ཉིད་མེད་ཅེས་བྱ་བ་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ།། སོགས་པ་ཞེས་བྱ་བའི་སྒྲས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་དང་། ཡོངས་སུ་བསྔོ་བ་ལ་སོགས་པོའོ།། དེ་སྟོན་པར་བྱེད་པ་ནི། ་འཆད་པར་བྱེད་པ་སྟེ། དགེ་བའི་བཤེས་གཉེན་ཞེས་བྱ་བའི་དོན་ཏོ།། དེའི་མི་མཐུན་པའི་ཕྱོགས་ནི་ཐབས་ལ་མི་མཁས་པ་དང་། སྡིག་པའི་གྲོགས་པའོ།། དེ་ཡི་མཱི་མཐུན་པའི་ཕྱོགས་བོར་བ་ནི་ཡོངས ་སུ་གཏོང་བའོ།། གང་བཞི་པོ་དེ་དག་ནི་རྣམ་པ་ཀུན་དུ་སྟེ། རྣམ་པ་ཐམས་ཅད་ངུའོ།། དེ་ཡང་དག་པར་ཡོངས་སུ་འཛིན་པ་ཞེས་བྱ་བ་ལ། ཡང་དག་པར་ཡོངས་སུ་འཛིན་པ་ཉིད་ནི་ནང་དང་ཕྱི་རོལ་གྱི་འདྲེན ་བ་དག་གིས་མི་མཐུན་པའི་ཕྱོགས་མེད་པའོ།། འདི་དག་གི་སྐབས་ཀྱི་མདོ་ནི་དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་ནས། རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ཡན་ཆད་ཀྱི་གསུངས་སོ།། དེ ་དག་སོ་སོར་ངེས་པར་བསྟན་པ་ནི་རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་སྔོན་དུ་འགྲོ་བས་རྣམ་པ་བཞིའི་རྒྱུན་གྱིས་ཏེ། ཤེས་པར་བྱས་ནས་ཡོངས་སུ་སྤང་བར་བྱའོ་ཞེས་བྱ་བའི་བར་དུའོ།། ངེས་པར་འབྱེད་པའི ་ཡན་ལག་རྣམ་པ་བཞི་བསྟན་ནས། སློབ་པའི་སྟེན་ཡང་བརྗོད་པར་བྱ་སྟེ། དེ་ཡང་བྱང་ཆུབ་ཀྱི་རིགས་ཏེ། དེ་ཡང་། རྟོགས་པ་ཡི་ནི་ཆོས་དྲུག་དང་།། གཉེན་པོ་དང་ནི་སྤོང་བ་དང་།། དེ་དག་ཡོངས་སུ ་གཏུགས་པ་དང་།། ཤེས་རབ་སྙིང་བརྩེར་བཅས་པ་དང་།། སློབ་མ་ཐུན་མོང་མིན་ཉིད་དང་།། གཞན་གྱི་དོན་གྱི་གོ་རིམ་དང་།། ཡེ་ཤེས་རྩོ་ལྔ་བ་མི་མངའ་བར།། འཇུག་པའི་རྟེན་ལ་རིགས་ཤེས་བྱ།། ་ཞེས་གསུངས་སོ།། གོ་ཆུའི་སྒྲུབ་པ་དང་། འཇུག་པའི་དང་། ཚོགས་དང་། ངེས་པར་འབྱུང་བ་ཞེས་བྱ་བ་ལས་འདི་ནས་བཟུང་སྟེ། དེའི་རྟེན་དུང་། དམིགས་པ་དང་། ཆེད་དུ་བྱ་བ་རྣམས་བཤད་དེ། དེ་དག ་ལས་རིགས་ཞེས་བྱ་བ་ནི་སྐབས་ཀྱི་བྱང་ཆུབ་ཀྱི་རིགས་ཏེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་། མཐོང་བ་དང་། བསྒོམ་པའི་ལམ་སྟེ། རྟོགས་པའི་ཆོས་ནི་དྲུག་གོ། དེས་ན་དྲོ་བ་ལ་སོགས་པ་བཅུ ་གསུམ་གྱི་རྟེན་གང་ཡིན་པ་ནི་རབ་ཏུ་གནས་པ་སྟེ། རྟེན་དེ་ནི་བྱང་ཆུབ་ཀྱི་རིགས་ཏེ། འདི་དག་ཉིད་ཀྱིས་བྱང་ཆུབ་ཡང་དག་པར་སྒྲུབ་པའི་ཕྱིར་རོ།། གང་བྱང་ཆུབ་ཀྱི་རིགས་དེ་ནི་འདྲི་དག་གི ་རྟེན་ཏེ། རིགས་མེད་པ་དང་། རིགས་དམན་པ་ནི་འདི་དག་གི་རྟེན་མ་ཡིན་པའི་ཕྱིར་རོ།། གཽ་ཞེས་བྱ་བ་ནི་འགྲོ་བ་དང་གནས་པ་ལ་འཇུག་པའོ།། འདིར་ནི་གནས་པོ་ན་འཇུག་པ་སྟེ། རྟེན་པ་ཞེས་བྱ་བའི་དོན་ཏེ། དཔེར ་ན་ནམ་མཁའ་ནི་ཐམས་ཅད་དུ་འགྲོ་བ་ཞེས་བྱ་བ་ལྟ་བུའོ།། མི་གཡོ་བའི་ཚུལ་གྱིས་འཛིན་པས་སྐྱོབ་པ་སྟེ། དེས་ན་རིགས་ནི་རྟེན་ནོ།། དེ་སྱཱ་ནཱ་བྱང་ཆུབ་ཀྱི་རིགས་ཀྱི་སྒྲུབས་ནས། རབ་འབྱོར་གྱིས་གསོལ་པ། བཅོམ ་ལྡན་འདས་ཀྱི་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཞེས་གསུངས་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཚིག་གི་དྲོན་གང་ལགས་ཞེས་བྱ་བ་ལ། གླང་བྱང་ཆུབ་སེམས་དཔའ་ཞེས ་བྱེ་བ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནོས་ཏེ། དེ་བྱང་ཆུབ་སེམས་དཔའ་ཞེས་བརྗོད་དོ།། དེས་ན་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཚིག་འདི་ནི་བྱང་ཆུབ་ཀྱི་རྟེན་སེམས་དཔའི་ཚིག་གོ།། ཚིག་གི་དོན་གང་ཡིན ་པ་ཞེས་བྱ་བ་ནི་བརྗོད་པར་བྱ་བ་གང་ཡིན་ཞེས་པ་སྟེ། བདག་སྐྱེ་མཆེད་དྲུག་གང་ཡིན་ཞེས་དྲིས་པའི་དོན་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའི་ཚིག་གི་དོན་ནི་ཚིག་གི ་དོན་མེད་པ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའི་ཚིག་གི་དོན་ཞེས་བྱ་བ་ལ། བདག་དང་སྐྱེ་མཆེད་དྲུག་གི་ངོ་བོ་ནི་ཚིག་གི་དོན་ཏེ། ཚིག་གི་དོན་དུ་མངོན་པར་འདོད་པ་ཉིད་ཀྱི་ཕྱིར་རོ།། ཚིག་གི་དོན་མེད་པ་ནི་ཚིག་གི ་དོན་ཏོ།། གཞན་གྱི་དབང་གི་ངོ་བོའི་སྐྱེ་མཆེད་དྲུག་གི་རྫ་སཱ་ལྷ་གང་ཀུན་བཏག་སྡུ་བའི་ངོ་བོ་དེ་དག་མེད་དོ།། དེ་དག་གི་ཆོས་ཉིད་སྟོང་པ་ཉིད་ཆོས་ཀྱི་དབྱིངས་ནི་འདིར་བྱང་ཆུབ་སེམས་དཔའི་ཚིག་གི་དོན་ཏོ་ཞེས་བྱ་བའི ་ཐ་ཚིག་གོ།། འོ་ན་རྫས་འགའ་ཞིག་གི་གཞིར་འགྱུར་པ་དེ་ནི་དཔེར་ན་རྒྱ་ཤུག་གི་སྣོང་བཞིན་ནོ།། དངོས་པོ་མེད་པ་ནི་རྫས་སུ་མེད་དེ། དེ་ཇི་ལྟར་བྱང་ཆུབ་ཀྱི་གཞིར་འགྱུར་ཞེ་ན། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས ་པས་གསུངས་སོ།། གཞི་ལས་སྐྱེ་བ་དང་ཡོད་པ་ནི་རྫས་ཡིན་ལ། དེའི་གཞི་རྫས་ཉིད་དུ་འགྱུར་ཏེ། དཔེར་ན་ལོ་ཏོག་གིས་དང་རྒྱ་ཤུག་གི་སྣོད་ལྟ་བུའོ།། བྱང་ཆུབ་ལ་ནི་སྐྱེ་བ་མེད། ཡོད་པ་ཡང་མེད། མེད་པ་མེད། གྲུབ ་བར་བྱ་བ་མེད། དམིགས་སུ་མེད་དེ། འདི་ལྟ་སྟེ་ཆོས་ཀྱི་དབྱིངས་སྒྲིབ་པ་ཐམས་ཅད་དང་བྲལ་བ་འམ། རྣམ་པ་ཐམས་ཅད་དུ་ཤིན་ཏུ་གསལ་བ་ནི་བྱང་ཆུབ་བོ།། དེ་ཡང་ཆོས་ཀྱི་དབྱིངས་ལས་ཐ་མི་དད་པས་དེ་བཞིན ་དུ་བྱང་ཆུབ་དེ་སྐྱེ་བ་མེད་དོ།། ཡོད་པ་མེད་དོ།། གྲུབ་པར་བྱ་བ་མེང་དོ།། དམིགས་པ་མེད་དེ། ཆོས་ཀྱི་དབྱིངས་ལས་ཐ་དད་པའི་བྱང་ཆུབ་མེད་པའི་ཕྱིར་རོ།། མེད་པ་ཉིད་ཀྱང་མ་ཡིན་ཏེ། ཀུན་རྫོབ་ཏུ་ཡོད་པའི་ཕྱིར་རོ།། ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་གང་ཡིན་པ་ཡོད་པ་ཉིད་ལ་དམིགས་པ་དེ་དག་ཁོ་ན་ལ་བྱང་ཆུབ་ཏུ་ཉེ་བར་གདགས་པའི་ཕྱིར་རོ།། དེའི་ཕྱིར་བྱང་ཆུབ་ཀྱི་རྟེན་པ་ཡོད་པ་རྫས་སུ་མ་ཡིན་ནོ།། ཆོས་ཀྱི་དབྱིངས ་ཀྱང་དེའི་རྟེན་དུ་ཇི་ལྟར་འགྱུར་ཞེ་ན། དཔེར་ན་ཞེས་བྱ་བ་ལ་སོགས་པས་གསུངས་སོ།། ནམ་མཁའ་ལ་ནི་རྗེས་མེད་དེ། གཟུགས་ཅན་གྱི་མཚན་ཉིད་རྗེས་མེད་པའི་ཕྱིར་རོ།། དེ་དེ་ཉིད་ཀྱིས་ན་མེད་དེ། དེས་ན་མི་དམིགས་སོ།། ་ནམ་མཁའ་ལ་ཆ་ཤེས་མེད་པས་བྱའི་རྗེས་མེད་ཅིང་མི་དམིགས་ཀྱང་ནམ་མཁའ་དེའི་གཞིར་ཡང་འགྱུར་རོ།། དེ་བཞིན་དུ་ཞེས་བྱ་བ་ནི་ནམ་མཁའ་བཞིན་དུའོ།། བྱང་ཆུབ་སེམས་དཔའི་ཚིག་གི་དོན་ཆོས་ཀྱི་དབྱིངས་ནི་མེད་ཅིང ་མི་དམིགས་སོ།། དེ་ནས་ཡང་ཚེ་མེད་ཅིང་བྲལ་བས་ན་བྱང་ཆུབ་ནི་མེད་ཅིང་མི་དམིགས་ཏེ། བྱའི་རྗེས་སུ་བཞིན་ནོ།། དེ་ནི་དེའི་རྟེན་དུ་འགྱུར་ཏེ། དེ་ནི་བྱང་ཆུབ་ཀྱི་རྟེན་ནོ།། རྟོག་པ་དྲུག་ནི་དྲོད་ལ་སོགས་པའི་རྟོགས་པ་སྟེ། ་དོན་དམ་པ་རྟོགས་པ་ཉིད་ཀྱི་ཕྱིར་རོ།། དེ་དག་གི་ཁྱད་པར་ནི་དཔེའི་ཁྱད་པར་ལུས་ཤེས་པར་བྱའོ།། དེ་ལ་གཞིའི་གཟུང་བ་ཡོད་པར་འགྱུར་པ་མ་ཡིན་པར་ངེས་པས་ན་དྲོ་བར་གྱུར་པ་ནི་བྱང་ཆུབ་པོ།། དེས་ན་དེའི་དེ ་དང་འདྲ་བའི་ཉིད་ཀྱི་དཔེ་ནི་རྨི་ལམ་ལ་སོགས་པ་སྟེ། འདི་ལྟར་རྨི་ལམ་ལ་སོགས་པ་ནི་རྨི་ལམ་ལ་སོགས་པ་ཉིད་ཀྱིས་ངེས་པར་རྨི་ལམ་ལ་སོགས་པའི་སྒྲར་བརྗོད་དོ།། དེའི་གཟུང་བའི་དངོས་པོའི་གནས་མི་དང་། གླང ་བོ་དང་། རྟ་ལ་སོགས་པ་མེད་ཅིང་མི་དམིགས་ཏེ། དེ་ཉིད་མེད་པར་ངེས་པའི་ཕྱིར་རོ།། བྱང་ཆུབ་སེམས་དཔའི་ཚིག་གི་དོན་ཞེས་བྱ་བ་ལ། བྱང་ཆུབ་ནི་དྲོད་དོ།། དེའི་ཚིག་གི་དོན་དུ་མངོན་པར་འདོད་པའི་བདག་དང་སྐྱེ་མཆེད་དྲུག་གི་རང ་གི་ངོ་བོ་ཉིད་ཡང་མེད་ཅིང་མི་དམིགས་ཏེ། ཀུན་བརྟགས་པ་ཉིད་ཀྱི་ཕྱིར་རོ།། དེས་ན་གང་ཟག་གི་ཆོས་ཀུན་བརྟགས་པས་སྟོང་པ་ཉིད་ཀྱི་མཚན་ཉིད་ཆོས་ཀྱི་དབྱིངས་ཉིད་དེའི་རྟེན་ཏེ། དེའི་དེ་ནི་དྲོང་དུ་གྱུར་པའི་རྟེན་ནོ།། རྩེ་མོར ་གྱུར་པའི་བྱང་ཆུབ་ནི་གཟུང་བའི་གཉེན་པོ་ཇི་ལྟ་བ་སྣང་བ་མེད་པ་ངེས་པའི་ཕྱིར་རོ།། དེས་ན་དེའི་དེ་དང་འདྲ་བའི་ད་པེ་ཉིད་ནི་ཡང་དག་པའི་མཐའ་ལ་སྩོགས་པ་སྟེ། གཟུང་བ་མེད་པར་ངེས་པའོ།། དེའི་གཟུང་བའི་གནས་ནི་ཡང ་དག་པའི་མཐའ་ལ་སོགས་པའོ།། ལྷག་མ་ཡང་རྗེས་སུ་དཔག་པར་བྱ་སྟེ། དེ་ནི་རྩེ་མོར་གྱུར་པའི་རྟེན་ནོ།། བདག་གི་རྫས་དེ་ཉིད་ཀྱི་ཡང་གཟུགས་ལ་སོགས་པ་མེད་པར་ངེས་པ་ནི་བཟོད་པའི་བྱང་ཆུབ་བོ།། དེས་ན་དེའི་དཔེ་ནི་སྒྱུ ་མའི་སྐྱེས་བུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། སྒྱུ་མ་ཉིད་དུ་ངེས་པའི་སྐྱེས་བུའི་རྫས་ནི་སྒྱུ་མའི་སྐྱེས་བུ་སྟེ། དེའི་གཟུགས་ལ་སོགས་པའི་གནས་དེ་ཉིད་ནི་སྐྱེས་བུའོ།། དེ་ཡང་མེད་ཅིང་མི་དམིགས་སོ།། ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་བྱ་བ་ནི་བཟོད་པ་ལ་སྟེ། དེའི་ཕྱིར་གཟུང་བ་མེད་པར་ངེས་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་བོ།། ལྷག་མ་ནི་རྗེས་སུ་དཔག་པར་བྱ་སྟེ། འདི་ནི་བཟོད་པར་གྱུར་པའི་རྟེན་ནོ།། བཏགས་པའི་བདག ་ཉིད་ཀྱང་མེད་པར་ངེས་པའི་ཕྱིར། ཆོས་ཀྱི་མཆོག་གི་བྱང་ཆུབ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། བཟོད་པ་བཞིན་ནོ།། དེས་ན་འདིའི་དཔེ་ནི་སྒྱུ་མའི་སྐྱེས་བུའི་ནང་སྟོང་པ་ཉིད་ཅེས་བྱ་བ་ལ་སོགས ་པ་གསུངས་སོ།། བཏགས་པ་པའི་ཡང་བདག་ཉིད་སེམས་ཅན་བཀུག་པས་སྒྱུ་མའི་སྐྱེས་བུ་སྟེ། སྐྱེས་བུ་འདིའི་ཞེས་བྱ་བ་ནི་སྒྱུ་མའི་སྐྱེས་བུའོ།། དེའི་ནང་སྟོང་པ་ཉི་ཐ~ཾད་ལ་སྤྱོད་པའི་ཞེས་བྱ་བ་ནི་བཞི་བའི་དོན་གྱི་དྲུག ་པའོ།། བྱང་ཆུབ་འདོད་པའི་སེམས་པ་ནི་བྱང་ཆུབ་སེམས་དཔའ་སྟེ། དེ་ཉིད་ཚིག་གི་དོན་ཏོ།། རྟེན་གྱི་དངོས་པོ་ནི་བདག་དང་སྐྱེ་མཆོད་དེ་མེད་ཅིང་མི་དམིགས་པ་སྟེ། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པས་སྔ་མ ་བཞིན་དུ་བཀག་པའི་ཕྱིར་རོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་ཆོས་ཀྱི་མཆོག་སྟེ། ཆོས་ཀྱི་མཆོག་གི་བྱང་ཆུབ་བོ།། དེའི་རྟེན་སེམས་པ་ནི་བྱང་ཆུབ་སེམས་དཔའོ།། ལྷག་མ་ནི་སྔ་མ་བཞིན་ཏེ། དེ་ནི། ་ཆོས་ཀྱི་མཆོག་གི་རྟེན་ཏོ།། ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཙམ་མཐོང་བའི་ལམ་གྱི་བྱང་ཆུབ་པོ།། དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། རྣམ་པར་རྟོག་པའི་ཕ་རོལ་ཏུ་འགྲོ་བའི་ཕྱིར་རོ།། དེས་ན་དེའི་དཔེ་གསུངས ་བ་ནི་དེ་བཞིན་གཤེགས་པའི་གཟུགས་ལ་སོགས་པའི་ཚིག་གི་དོན་ནི་ཀུན་བརྟགས་པར་མེད་དེ། ག་ལས་ཞེ་ན། གང་གི་ཕྱིར་དེ་མི་དམིགས་པས་སོ།། ལྷག་པ་ནི་སྔ་མ་བཞིན་ཏེ། དོན་མཐོང་བའི་ལམ་གྱི་རྟེན་ནོ།། བསྒོམ ་པའི་ལམ་གྱི་འབྲས་བུ་ནི་སྒྲིབ་པ་ཐམས་ཅད་སྤོང་བའོ།། དེའི་རྣམ་གྲངས་ནི་སྐྱེ་བ་མེད་པ་ལ་སོགས་པ་སྟེ། དེས་ན་འདིར་ཉེ་བའི་རིགས་པས་འདིར་དཔེར་བསྟན་པ་སྟེ། ཇི་ལྟར་དེ་དག་གིས་ཚིག་གི་དོན་རྟེན་གྱི་དངོས་པོ་མེད་ཅིང་མི་དམིགས ་ཏེ། འོན་ཀྱང་ཆོས་ཀྱི་དབྱིངས་ཉིད་ནི་རྟེན་ཏེ། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་བྱ་བ་ནི་བསྒོམ་པའི་ལམ་ལའོ།། དེས་ན་ཇི་ལྟར་མཐོང་བའི་དོན་དམ་པ་ཡོངས་སུ་གཅོད་པའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་དེ་ཉིད་འདིར ་བྱང་ཆུབ་སྟེ། དེའི་རྟེན་སེམས་པ་ནི་བྱང་ཆུབ་སེམས་དྲ་བའོ།། ལྷག་མ་ནི་སྔ་མ་བཞིན་ཏེ། དེ་ནི་བསྒོམ་པའི་ལམ་གྱི་རྟེན་ནོ།། གཉེན་པོའི་སྣང་བའི་འོད་ནི་སྣང་བ་སྟེ་ཉི་མའི་འོད་དོ།། དེའི་གནས་ནམ་མཁའ་མེད་ཅིང་མི ་དམྱིགས་ཏེ། གཟུགས་ཅན་གྱི་རྫས་ཀྱི་མཚན་ཉིད་མེད་པའི་ཕྱིར་རོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་བྱ་བ་ནི་གཉེན་པོ་སྟེ། དེ་ཉིད་བྱང་ཆུབ་ཡིན་ལ་དེའི་རྟེན་སེམས་པའོ།། ལྷགྷྲ་མ་ནི་སྔ་མ་བཞིན་དུ་སྟེ། ་དེ་ནི་གཉེན་པོའི་རྟེན་ནོ།། མི་མཐུན་པའི་ཕྱོགས་སྤངས་པའི་དཔེ་ནི་བསྐལ་པའི་མེ་འབར་བའི་ཚེ་ནུ་ས་ལ་སོགས་པའི་འདུ་བྱེད་ཐམས་ཅད་ཀྱི་རྟེན་པའི་གནས་མེད་པ་ཡིན་ཏེ། ཤི་བའི་འདུ་བྱེད་བཞིན་ནོ།། དེའི ་གནས་ནི་ནམ་མཁའོ།། ཡང་ན་ས་ལ་སོགས་པའི་འདུ་བྱེད་ཟད་པར་འགྱུར་བ་ནི་དཔེ་སྟེ། དེ་དག་གི་རྟེན་ནི་མེད་དེ། གང་དུ་ཡང་མི་གནས་པའི་ཕྱིར་རོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་བྱ་བ་ནི་གཉེན་པོར་གྱུར ་པའོ།། ཆོས་ཀྱི་དབྱིངས་དག་པ་ནི་བྱང་ཆུབ་སྟེ། མི་མཐུན་པའི་ཕྱོགས་སྤངས་པའི་མཚན་ཉིད་དོ།། དེའི་རྟེན་སེམས་པའོ།། ལྷག་མ་ནི་སྔ་མ་བཞིན་ཏེ། དེའི་སྤོང་བའི་རྟེན་ནོ།། དེ་དག་ནི་གཉེན་པོ་དང་སྤོང ་བ་དག་གོ། ཡོངས་སུ་གཏུགས་པ་ནི་མཐར་འགྲོ་བ་སྟེ། གཉེན་པོ་ཁྱད་པར་དུ་གྱུར་ཅིང་མཐར་ཐུག་པ་དང་། མི་མཐུན་པའི་ཕྱོགས་ཟད་པའི་མཐར་ཐུག་པའོ།། དེ་ལ་དཔེ་ནི་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ལ་སོགས་པ ་ལ་འཆལ་པའི་ཚུལ་ཁྲིམས་ལ་སོགས་པ་ཟད་པའི་མཐར་ཐུག་པའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་བྱ་བ་ནི་གཉེན་པོར་གྱུར་པ་ལའོ།། དེ་ཉིད་ནི་བྱང་ཆུབ་སྟེ། དེའི་རྟེན་སེམས་པའོ།། ལྷག་མ་ནི་སྔ་མ་བཞིན་ཏེ། དེ་ནི ་དེ་དག་ནི་ཡོངས་སུ་གཏུགས་པའི་རྟེན་ནོ།། ཤེས་རབ་དང་སྙིང་རྗེའི་རྟེན་ནི་དེའི་དཔེ་ནི་ཉི་མ་དྲོང་ཟླ་བའི་འོད་། དེའི་གནས་ནི་ནམ་མཁའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་བྱ་བ་ནི་ཆོས་ཐམས་ཅད་མཉམ་པ་དང་།། སེམས ་ཅན་ཐམས་ཅད་ལ་མཉམ་པ་ཉིད་དུ་ཤེས་པའོ།། དེ་གཉི་ག་ཡང་བྱང་ཆུབ་སྟེ། དོན་དམ་པ་ཤེས་པའི་ཕྱིར་རོ།། དེའི་རྟེན་སེམས་པའོ།། ལྷག་མ་ནི་སྔ་མ་བཞིན་ཏེ། དེ་ནི་ཤེས་རབ་དང་སྙིང་རྗེའི་རྟེན་ནོ།། ཉན་ཐོས་དང་རང་སངས ་རྒྱས་དང་ཐུན་མོང་མ་ཡིན་པའི་ཡེ་ཤེས་ནི་སློབ་མ་དང་ཐུན་མོང་མ་ཡིན་པ་ཉིད་དོ།། ཉན་ཐོས་ལ་སོགས་པའི་ཡེ་ཤེས་ཀྱི་དཔེ་ནི་གཟའ་དང་རྒྱུ་སྐར་ལ་སོགས་པའི་འོད་དོ།། དེ་དག་གི་གནས་ནི་གོ་རིམ་ཇི་ལྟ་བ་བཞིན་དུ་གང་ཟག་ལ ་བདག་མེད་པ་དང་། ནམ་མཁའི་ཕྱོགས་སོ།། དེ་གཉི་ག་མེད་དོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཚན་ཉིད་དོ།། དེ་ཉིད་བྱང་ཆུབ་སྟེ། ཉི་མ་དང་ཟླ་བའི་འོད་དང་འདྲ་ལ། དེའི་རྟེན ་སེམས་པའོ།། ལྷག་མཱ་ནི་སྔ་མོ་བཞིན་ནོ།། དེ་ནི་སློབ་མ་དང་ཐུན་མོང་མ་ཡིན་པའི་རྟེན་ནུ།། རྒྱལ་ཆེན་རཱིས་བཞི་ནས་འོག་མིན་གྱི་བར་གྱིས་མཐར་ཐུག་པའི་རིམ་པ་ནི་བྱང་ཆུབ་སེམས་དཔའི་གཞན་གྱི་དོན་ཏེ། དེ་བསྟན་པ ་ལས་ངེས་པར་སྐྱེས་པ་ཉིད་ཀྱི་ཕྱིར་རོ།། དེ་ནི་ཉེ་བར་གྱུར་པ་རིགས་པ་འདིས་དེ་དག་གི་འོད་ནི་གཞན་གྱི་དོན་གྱི་གོ་རིམས་ཀྱི་དཔེ་ཡིན་ནོ།། དེ་དག་གི་འོད་ཀྱི་གནས་ནི་ནམ་མཁའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ ་སྦྱོསྤྱོ་བ་ཞེས་བྱ་བ་ནཱི་དེ་ཉིད་གོ་རིམས་སུ་སྟོན་པའོ།། དེ་ཉིད་སྟོན་པ་ནི་བྱང་ཆུབ་སྟེ། བྱང་ཆུབ་ཀྱི་རྩ་བ་ཉིད་ཀྱི་ཕྱིར་རོ།། དེའི་རྟེན་སེམས་པའོ།། ལྷག་མ་ནི་སྔ་མ་བཞིན་ཏེ། དེ་ནི་གཞན་གྱི་དོན་གྱི་གོ་རིམས་ཀྱི་རྟེན་ནོ།། ་ཡེ་ཤེས་རྩོལ་བ་མི་མངའ་བ་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཀྱི་སྟེ། དེ་ཉེ་བའི་རིགས་པ་འདིས་དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་དེ་འདྲ་བ་དཔེར་བསྟན་ཏོ།། དེའི་གནས་ནི་ནམ་མཁའོ།། ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་བྱ་བ་ནི་ལྗོན་གྱིས་གྲུབ་པར་འབྱུང་བའི་ཡེ་ཤེས་སོ།། ཡེ་ཤེས་དེ་ཉིད་ནི་བྱང་ཆུབ་སྟེ། དེའི་རྟེན་སེམས་པའོ།། ལྷག་མ་ནི་སྔ་མ་བཞིན་ནོ།། དེ་ཅིའི་ཕྱིར་ཞེས་བྱ་བ་ལ། ཡེ་ཤེས་རྩོལ་བ ་མི་མངའ་བ་དེ་ག་ལས་ཞེ་ནའོ།། འདི་ལྟར་ཞེས་བྱ་བ་ནི་གང་གི་ཕྱིར་རོ།། བྱང་ཆུབ་གང་ཡིན་པ་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་ཡེ་ཤེས་གང་གིས་སོ།། བྱང་ཆུབ་སེམས་དཔའི་ཚིག་གི་དོན་ཞེས་བྱ་བ་ནི ་སྐྱེ་མཆེད་དྲུག་གི་ཁྱད་པར་རོ།། ལྡན་པ་མ་ཡིན་པ་ནི་ཀུན་རྫོབ་ཏུ་ཐ་དད་པ་མེད་པ་མ་ཡིན་པའོ།། མི་ལྡན་པ་མ་ཡིན་ཞེས་བྱ་བ་ནི་དོན་དམ་པ་ཐ་དད་པ་མེད་པའོ།། གཟུགས་ཅན་མ་ལྡན་པ་ནི་གཟུགས་ཀྱི་ཕུང་པོ་མེད་པའོ།། ། ་དྲི་མེད་པ་ནི་བེམས་པོ་ལ་གསལ་བ་དང་བྲལ་བའི་ཕྱིར་རོ།། གཟུགས་མེད་པའི་ཕྱིར་བསྟན་དུ་མེད་ཅིང་ཐིགས་པ་མེད་པའོ།། གལ་ཏེ་དེ་ལྟ་ན་ཡང་སྔོན་པ་དང་། སེར་པོ་ལ་སྩོགས་པའི་རང་གི་མཚན་ཉིད་ཀྱི་དབྱེ་བ་གྲུབ ་ཞེ་ན། མཚན་ཉིད་གཅིག་པ་ཞེས་གསུངས་ཏེ། ཐ་དད་ནུ་ནི་ཅིག་ཅར་ཉམས་སུ་མྱོང་བ་དང་མི་ལྡན་ནོ་སྙམ་དུ་བསམས་པ་ཡིན་ནོ།། གལ་ཏེ་དེ་ལྟ་ན་སྤྲོའི་མཚན་ཉིད་ཡོད་དོ་ཞེ་ན། དི་ལྟར་མཚན་ཉིད་མེད་པ་ཞེས ་གསུངས་སོ།། གང་གི་ཕྱིར་ཁྱད་པར་མེད་པས་སྤྱི་ཡང་མེད་པར་འགྱུར་ཏེ། དེ་བས་ན་དོན་དམ་པར་ནི་གསལ་པ་ཙམ་མཚན་ཉིད་མེད་པ་ཡིན་ནོ།། རང་ལ་རག་ལས་པའི་ཕྱིར་ལྷུན་གྱིས་གྲུབ་པ་ཉིད་དུ་ཐམས་ཅད་དུ་ཐམས ་ཅད་མཁྱེན་པ་མཐར་བྱང་ཆུབ་སེམས་དཔའ་རྣམས་ལ་གྲུབ་པོ།། རྒྱུ་གཞན་ཡང་ཆོས་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་ཉིད་ཀྱིས་ན་གང་གི་ཕྱིར་ཞེས་བྱ་བའི་སྒྲ་ན་རྒྱུའོ།། རྟོག་པ་མེད་པ་ནི་འདུ་ཤེས་མེད ་པ་སྟེ། དེས་ན་ཆགས་པ་མེད་པ་ཉིད་དོ།། རྣམ་པར་རྟོག་པ་མེད་པ་ནི་མངོན་པར་ཞེན་པ་མེད་པའོ།། དེས་ན་ཡང་དག་པར་མེད་པ་ཉིད་དེ། དེས་ན་རྣམ་པར་རྟོག་པ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ནི་རྩོལ་བ་མེད་པར་ཤེས་པར ་བྱའོ།། དེས་ན་ཡང་ཐམས་ཅད་དུ་རྩོལ་བ་མི་མངའ་བས་ཡེ་ཤེས་མཐར་གྲུབ་པ་སྟེ། དེ་ནི་ཡེ་ཤེས་རྩོལ་བ་མི་མངའ་བར་འཇུག་པའི་རྟེན་ནོ།། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར།། རིགས་ནི་ཐ་དད་རུང་མ་ཡིན་ཞེས་བྱ་བ་ལ། ་གང་གི་ཕྱིར་ཆོས་ཀྱི་དབྱིངས་ནི་རིགས་ཞེས་བརྗོད་དེ། དེ་ཡང་ཐམས་ཅད་དུ་རེ་གཅིག་པ་ཡིན་པའི་ཕྱིར་ཐ་མི་དད་དོ།། ཐ་དད་པ་མ་ཡིན་པའི་ཕྱིར་འདི་ནི་ཉན་ཐོས་ཀྱི་རིགས་སོ།། འདི་ནི་རང་སངས་རྒྱས་ཀྱི་རིགས་སོ།། འདི་ནི ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རིགས་སོ་ཞེས་རིགས་ཐ་དད་པར་རུང་བ་མ་ཡིན་ནོ་ཞེ་ན། རྟེན་པའི་ཆོས་ཀྱི་བྱེ་བྲག་གིས། དེ་ཡི་དབྱེ་བ་ཡོངས་སུ་བརྗོད་ཅེས་བྱ་བ་ནི་ལན་ནོ།། ཉན་ཐོས་ཀྱི་ཆོས་རྣམས་ཀྱི་རྟེན་གྱི་དབྱིངས ་གང་ཡིན་པ་དེ་ནི་དེའི་རིགས་སོ།། གང་རང་སངས་རྒྱས་ཀྱི་གང་ཡིན་པ་དང་། གང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གང་ཡིན་པའི་ཡང་དེ་བཞིན་ནོ།། དཔེར་ན་བུམ་པར་ཁྱད་པར་མེད་ཀྱང་ཁ་ཅིག་ནི་ཏིལ་མར་གྱི ་བུམ་པ། ཁ་ཅིག་ནི་སྦྲང་རྩིའི་བུམ་པ་ལྟ་བུའོ།། སྒྲུབ་པའི་རྟེན་བརྗོད་ནས། དེའི་དམིགས་པ་བརྗོད་པར་བྱ་སྟེ། དེ་ནི་དམིགས་པ་ཆོས་རྣམས་ཐམས་ཅད་དེ།། དེ་ཡང་དགེ་ལ་སོགས་པ་ཡིན།། འཇིག་རྟེན་པ་ཡི་རྟོགས ་པ་དང་།། གང་དག་འཇིག་རྟེན་འདས་འདོད་དང་།། ཟག་བཅས་ཟག་པ་མེད་ཆོས་དང་།། གང་དག་འདུས་བྱས་འདུས་མ་བྱས།། སློབ་མུ་ཐུན་མོང་ཆོས་རྣམས་དང་།། གང་དག་ཐུབ་པའི་ཐུན་མྱོང་ཡིན།། ཞེས་བྱ་བ ་གསུངས་ཏེ། དགེ་ལ་སོགས་པ་ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའོ།། རྟོགས་པར་བྱ་བས་ན་རྟོགས་པ་སྟེ། དགེ་བ་ཞེས་བྱ་བའི་དོན་ནོ།། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་རྟོགས་པ་ནི་འཇིག། ་རྟེན་པ་དང་འཇིག་རྟེན་ལས་འདས་པའི་རྟོགས་པའོ།། དེ་དག་ནི་ཕུང་པོ་གཉིས་ཏེ་ལྷག་མ་ནི་རྟོགས་པར་སླའོ།། འདི་དག་གི་བཤད་པ་ནི་མདོ་ཉིད་ལས་བསྟན་པར་རིག་པར་བྱའོ།། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་གང ་ལེགས་ཞེས་བྱ་བ་ནས། རྟོག་པ་མེད་ཅིང་རྣམ་པར་རྟོག་པ་མེད་པའི་ཕྱིར་བླང་བར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་སོ།། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཞེས་བྱ་བ་ལ། འདིར་བྱང་ཆུབ་ནི་ཡང་དག་པར་རྫོགས་པའི ་བྱང་ཆུབ་སྟེ། དེས་ན་ཐུན་མོང་མ་ཡིན་པ་ཉིད་དོ།། སྒྲུབ་པའི་དམིགས་པ་བཤད་ནས་དེའི་ཆེད་དུ་བྱ་བ་བཤད་པར་བྱ་སྟེ། དེའི་སྐབས་སུ། རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ལ་སོགས་པ་ལ། གང་བྱང་ཆུབ་སེམས་དཔའ་དེ་ཇི ་ལྟར་སེམས་དཔའ་ཆེན་པོ་ཞེས་བྱ་བའི་སྒྲར་བརྗོད་ཅེ་ན། ཞེས་བྱ་བའི་དོན་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་གྱི་ཕུང་པོ་ཆེན་པོའི་ཕུལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། འདི་སྙམ་དུ་སེམས་ཅན ་གྱི་ཕུང་པོ་ཆེན་པོའི་མཆོག་བྱེད་པར་འདོད་པའི་བསམ་པ་གང་ཡིན་པ་དེ་ནི་འདིར་སེམས་པ་སྟེ། སྤྱིའི་སྒྲར་ཡང་ཁྱད་པར་ལ་བརྗོད་པའི་ཕྱིར་རོ།། ཆེན་པོ་གསུམ་གྱིས་ཆེ་བའི་སེམས་པ་འདི་ལ་ཡོད་པས་ནུ་སེམས་དཔའ་ཆེན་པོའོ།། ཆེན་པོ ་གསུམ་གང་ཞེ་ན། སེམས་ཆེན་པོ་ཉིད་དང་སྤོང་བ་ཆེན་པོ་ཉིད་དང་། རྟོག་པ་ཆེན་པོ་ཉིད་དང་། མདོ་ཇི་ལྟ་བ་བཞིན་ནོ།། དེ་ལ་སེམས་ཆེན་པོ་ནི་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ལྟ་བུའི་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་ནས་ལྟ ་བབ་ཐམས་ཅད་སྤང་བའི་ཕྱིར་སྟོན་པར་བྱེད་པ་ནི་སྤོང་བ་ཆེན་པོ་སྟེ། ཤཱ་རིའི་བུས་གསོལ་པའོ།། དེ་ནས་བྱང་ཆུབ་སེམས་ལ་སོགས་པ་ལ་ཡང་ཆགས་པ་མེད་པ་ཉིད་ནི་རྟོགས་པ་ཆེན་པོ་ཉིད་དུ་རབ་འབྱོར་གྱིས་འཕགས་པ་གང ་པོའི་ཚིག་གི་སྔོན་དུ་བསྟན་ཏོ།། དེའི་ཕྱིར། སེམས་ཅན་ཀུན་མཆོག་ཉིད་སེམས་དང་།། སྤོང་དང་རྟོགས་དང་གསུམ་པོ་ལ།། ཆེན་པོ་གསུམ་གྱིས་རང་བྱུང་གི། ཆེད་དུ་བྱ་བ་འདྲི་ཞེས་བྱ།། ཞེས་བྱ་བ་གསུངས་ཏེ། བྱང་ཆུབ་སེམས་དཔའ ་རྣམས་ཀྱི་ཞེས་བྱ་བའི་དོན་ཏོ།། ཆེད་དུ་གཉེར་བར་བྱ་བ་ཡིན་པས་ན་ཆེད་དུ་བྱ་བ་སྟེ་ལས་སུ་སྒྲུབ་པའོ།། འདི་ནི་རང་བྱུང་གི་སྒྲུབ་པའི་ཆེད་དུ་བྱ་བ་ཡིན་པར་ཤེས་པར་བྱའོ།། གང་སེམས་ཅན་ཐམས་ཅད་ཀྱི་མཆོག་ནི་ཅི་འདྲ་ཞེ་ན། ཆེན་པོ ་གསུམ་གྱིས་བསྒྲུབ་པར་བྱ་བའོ།། གསུམ་པོ་གང་དག་ཞེ་ན། སེམས་དང་། སྤོང་བ་དང་། རྟོགས་པ་ཉིད་གསུམ་མོ།། དེའི་ཕྱིར་དེ་ལ་དེ་རྣམས་དང་འབྲེལ་པའི་ཕྱིར་དེ་ཡང་ཆེན་པོའོ།། དེ་ལ་སེམས་པ་པ་གང་ཡིན་པ་དེ་ཡང ་ཆེན་པོའོ།། དེས་ན་སེམས་དཔའ་ཆེན་པོ་ཞེས་བརྗོད་དོ།། སྒྲུབ་པའི་རྟེན་དང་དམིགས་པ་དང་ཆེད་དུ་བྱ་བ་བརྗོད་ནས་སྒྲུབ་པ་དགྲ་བཤད་པར་བྱ་སྟེ། དེ་ལ་གནས་བརྟན་གང་པོས་གོ་ཆ་དང་འཇུག་པའི་སྒྲུབ་པའི ་སྐབས་སྟོན་ཏོ།། གོ་ཆ་ཆེན་པོ་བགོས་པའི་སེམས་དཔའ་ནི་སེམས་དཔའ་ཆེན་པོ་སྟེ། ཚིག་པར་མ་མི་མངོན་པར་བསྡུས་པའོ།། དེ་ནི་དང་པོའོ།། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་ཤིང་ཐེག་པ་ཆེན་པོ་ལ་ཡང་དག་པར ་གནས་པ་ནི་སེམས་དཔའ་ཆེན་པོ་སྟེ། དེ་ནི་གཉིས་པའོ།། གོ་ཆ་ནི་ཐམས་ཅད་ཉེ་བར་བསྡོགས་པས་གོ་བགོས་པ་སྟེ། དཔུང་གི་ཚོགས་གོ་ཆ་བགོས་པ་བཞིན་ནོ།། རེ་རེ་ལ་ཡང་ཐམས་ཅད་ཉེ་བར་གནས་པ་ནི་གོ་ཆ་ཆེན་པོའོ།། ་འཕགས་པ་ཤཱ་རིའི་བུས་ཇི་ཙམ་ཞེས་བྱ་བ་ལ་སོགས་པའི་བར་གྱིས་སྨྲས་སོ།། འཕགས་པ་གང་པོས་འདི་ལ་ཞེས་བྱ་བ་ལ་སོགས་པ་ནས། དེ་ནས་འདི་ལྟར་ཞེས་བྱ་བ་ལ་སོགས་པའི་བར་གྱིས་གསུངས་སོ།། འདི་ཡང་སོ་སོར ་སྦྱིན་པ་ལ་སོགས་པ་ལ་གནས་ཞེས་བྱ་བ་ནི་མི་གནས་པའི་ཚུལ་གྱིས་གནས་པ་སྟེ། བྱ་བ་དང་བྱེད་པ་པོ་སྒྱུ་མ་ལྟ་བུ་ཉིད་དུ་མཐོང་བའི་ཕྱིར་རོ།། འདི་དག་གིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཉེ་བར་གནས་པ་གསུངས་སོ།། ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་ནི་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས་ཞེས་བྱ་བའི་དོན་ཏོ།། དེས་ནི་གསུམ་པོ་འདི་དག་གིས་ཉེ་བར་གནས་པ་སྟོན་པར ་བྱེད་དེ། འདི་ལྟར་ཉན་ཐོས་ལ་སོགས་པའི་ཡིད་ལ་བྱེད་པས་མི་ཕྱེད་ཅིང་ཡོངས་སུ་སྤངས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། གང་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་དེ་དག་ལ་བཟོད་པ ་དོང་། འདོད་པ་དང་། ཉེ་བར་སྤྱོད་པ་ནི་དད་པ་དང་། དགའ་བ་དང་། གུས་པའི་མཚན་ཉིད་དེ། དེ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ།། གང་ཡང་དེ་དག་ལ་སེམས་བརྟན་ཞིང་ཉན་ཐོས་ལ་སོགས་པའི་ཡིད་ལ་བྱེད་པའི་སྐབས་མི ་འབྱེད་དེ། དེ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ།། དེ་ལྟར་ཡང་འདི་བདག་གིས་ཀྱང་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་ཞིང་སེམས་ཅན་ཐམས་ཅད་ཀྱང་དེ་དག་ལ་བཞག་པར་བྱའོ་ཞེས་བྱ་བ་ལ། སེམས་ཅན་ཐམས ་ཅད་དང་ཐུན་མོང་དུ་ཡོངས་སུ་བསྔོའོ།། ཞེས་དགོངས་པ་ཡིན་ནོ།། དེ་ལ་འདིས་ནི་ཉེ་བྱར་གནས་པ་གཉིས་སྟོན་ཏེ། འདི་ལྟར་སེམས་ཅན་ཐམས་ཅད་དང་ཐུན་མོང་ཉིད་ཀྱིས་སེམས་ཅན་ཐམས་ཅད་ལ་ཕ་རོལ་ཏུ་ཕྱིན་པ་སྦྱིན་པ་ནི། ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ།། དེ་ལ་སྦྱིན་པ་ཆེན་པོ་ལྔ་སྟོ་བ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། དེ་ཙམ་གྱིས་ཞེས་བྱ་བ་ནི་སྤྱིའི་མཚན་ཉིད་འདས་སོ།། དེའི་འོག་ཏུ་ཁྱད་པར་གྱི་མཚན་ཉིད་ནི་དྲུག་ཚོན་དྲུག་གིས ་གསུངས་སོ།། དེའི་འོག་ཏུ་ཐབས་ལ་མཁས་པ་གཉིས་པོ་གང་ཡིན་པ་དེ་ཡང་གོ་རིམ་བཞིན་དུ་ལྔ་པ་དང་དྲུག་པ་དག་ལ་དྲུག་ཏུ་སྦྱོར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཉེ་བར་གནས་པའོ།། ཐ་མས་ནི་གོ་ཆའི་སྒྲུབ ་པའི་ཕན་ཡོན་སྟོན་ཏོ།། དེས་ན་བསྟན་བཅོས་མཛད་པས། སྦྱིན་པ་ལ་སྩོགསུ་རྣམ་དྲུག་ལ།། དེ་དག་སོ་སོར་བསྡུས་པ་ཡིས།། གོ་ཆའི་སྒྲུབ་པ་གང་ཡིན་དེ།། དྲུག་ཚན་དྲུག་གིས་ཇི་བཞིན་བཤད།། ཅེས་བྱ་བ ་གསུངས་པ་ལ། སྦྱིན་པ་ལ་སོགས་རྣམ་དྲུག་ལ་ཞེས་བྱ་བ་ནི་སྦྱིན་པ་ནས། ཤེས་རབ་ཀྱི་བར་རོ།། སོ་སོ་ཞེས་བྱ་བ་ནི་རེ་རེ་ལའོ།། དེ་དག་བསྡུས་པ་ནི་ཐམས་ཅད་ཉེ་བར་གནས་པའོ།། གང་གི་ཆ་ཆེན་པོའི་སྒྲུབ་པའི་ངོ་བོ་ནི་གོ་ཆའི ་སྒྲུབ་པ་སྟེ། དྲུག་ཚོན་དྲུག་གིས་མདོ་ལས་ཇི་ལྟར་གསུངས་པ་བཞིན་ནོ།། གོ་ཆའི་སྒྲུབ་པ་བཤད་ནས་འཇུག་པའི་སྒྲུབ་པ་བཤད་པར་བྱ་སྟེ། དེའི་དབང་དུ་བྱས་ནས་བསྟན་བཅོས་མཛད་པས། བསམ་གཏནི་གཟུགས་མེད་སྦྱིན ་སིགས་དང་།། ལམ་དང་བྱམས་ལ་སོགས་པ་དང་།། དམིགས་པ་མེད་དང་ལྡན་པ་དང་།། འཁོར་གསུམ་རྣམ་པར་དག་པ་དང་།། ཆེད་དུ་བྱ་དང་མངོན་ཤེས་དྲུག། རྣམ་ཀུན་མཁྱེན་པའི་ཚུལ་ལ་ནི།། འཇུག་པའི་སྒྲུབ་པ་ཐེག་ཆེན ་ལ།། འཛེག་པ་ཡིན་པར་ཤེས་པར་བྱ།། ཞེས་གསུངས་ཏེ། འགྲོ་བའི་རྩོལ་བ་ནི་འཇུག་པའི་སྒྲུབ་པའོ།། དེ་ཉིད་ཐེག་པ་ཆེན་པོའི་ལམ་གྱི་རང་བཞིན་ལ་འཛེག་པར་བྱེད་པའོ།། དེ་ཡང་བསམ་གཏན་དང་གཟུགས་མེད་པ ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཏེ། དེས་ན་རྣམ་པ་དགུའོ།། མདོ་ལས། ཤཱ་རིའི་བུས་སྨྲས་པ་ཞེས་བྱ་བ་ལ་སོགས་པ་ནི་ཤཱ་རིའི་བུས་དྲིས་པའོ།། གང་པོས་སྨྲས་པ་ཞེས་བྱ་བ་ལ་སོགས་པ་ནི་ལན་ནོ།། ་འདོད་པ་དག་ལས་དབེན་པ་ཞེས་བྱ་བ་ནི་ཉོན་མོངས་པའི་འདོད་པ་དག་དང་བྲལ་བའི་ཕྱིར་དང་། དངོས་པོའི་འདོད་པ་དག་ལ་མི་དམིགས་པའི་ཕྱིར་རོ།། སྡིག་པ་མི་དགེ་བའི་ཆོས་ཀྱིས་དབེན་པ་ཞེས་བྱ་བ་ལ། འདོད་པའི་ཉོན་མོངས། ་པ་དག་ནི་འདོད་པའི་རྒྱུ་སྟེ། ལུས་དང་ངག་དང་ཡིད་ཀྱིས་ཉེས་པར་སྤྱོད་པ་དག་གིས་སོ།། རྟོག་པ་དང་དཔྱོད་པ་དང་བཅས་པ་ཞེས་བྱ་བ་ནི་འདོད་པ་དག་གི་གཉེན་པོ་རྟོག་པ་དང་དཔྱོད་པ་དང་ཡང་དག་པར་ལྡན་པའི་ཕྱིར་རོ།། དབེན ་པ་ལས་སྐྱེས་པ་ནི་འདོད་པ་དག་ལས་དབེན་པར་སྐྱེས་པའོ།། དགའ་བ་དང་བདེ་བ་ཞེས་བྱ་བ་ནི་འདོད་པའི་དོན་སྒྲུབ་པ་དང་། ལུས་དང་སེམས་ཤིན་ཏུ་སྦྱངས་པའི་དགའ་བ་དང་བདེ་བ་དང་བཅས་བྱའོ།། བསམ་གཏན་དང་པོ ་ལ་ཉེ་བར་བསྒྲུབས་ཏེ་ཞེས་བྱ་བ་ནི་སྙོམས་པར་ཞུགས་པའོ།། གནས་སོ་ཞེས་བྱ་བ་ནི་རང་གི་རྗེས་སུ་མྱོང་བའོ།། དེ་བཞིན་དུ་གཉིས་པ་ཞེས་བྱ་བ་ནི་དེ་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་ཉེ་བར་ཞི་བས་ནང་ཡོངས ་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྟོག་པ་མྱེད་པ། དཔྱོད་པ་མེད་པའི་བསམ་གཏན་གཉིས་པ་ཉེ་བར་བསྒྲུབས་ཏེ་གནས་སོ།། དེ་ཞེས་བྱ་བ་ནི་རྣལ་འབྱོར་པ་དེ་ཉིད་དོ།། རྣམ་པར་རྟོག་པ་དང་རྣམ་པར ་དཔྱོད་པ་དག་ལ་སེམས་འཁྲུག་པར་བྱེད་པ་ཉིད་ཀྱི་སྐྱོན་མཐོང་ནས་དེ་དག་ལས་བཟློག་སྟེ་སེམས་ཡང་དག་པར་འཛིན་ཏོ།། རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་ཉེ་བར་ཞི་བས་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་སྟོབས ་ཀྱིས་སོ།། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དང་རྣམ་པར་སྤྱོད་པ་རྒྱུན་མི་འཆད་པར་འཇུག་པ་མེད་པའོ།། རྟོག་པ་མེད་ཅིང་དཔྱོད་པ་མེད་པ་ཞེས་བྱ་བ་ནི ་ཐམས་ཅད་ཀྱི་ཐམས་ཅད་དུ་སྤངས་པའི་ཕྱིར་རོ།། གསུམ་པ་ཞེས་བྱ་བ་ནི་དེ་དགའ་བ་ལས་འདོད་ཚུགས་དང་བྲལ་བས་དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་བཏང་སྙོམས་ལ་གནས་ཏེ། བདེ་བ་ལུས་ཀྱིས་མྱོང ་ལ་འཕགས་པ་རྣམས་ཀྱིས་དེ་ལ་དྲན་པ་དང་ལྡན་པ་བདེ་བ་ལ་རྣམ་པར་དཔྱོད་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་ལས་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ནི་དེ་ནི་རིགས་པ་ཡིན་པའི་ཕྱིར་རོ།། ་བཏང་སྙོམས་པའོ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པའི་དགའ་བ་ལ་བཏང་སྙོམས་པའི་ཕྱིར་རོ།། དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་ཞེས་བྱ་བ་ནི་ཤེས་རབ་ལན་མང་དུ་བྱས་པས་དགའ ་བའི་སྐབས་མི་འབྱེད་པའི་ཕྱིར་རོ།། བདེ་བ་ཞེས་བྱ་བ་ནི་ཚོར་བའི་བདྲེ་བ་དང་ཤིན་ཏུ་སྦྱངས་པའི་བདེ་བའོ།། ལུས་ཀྱི་ཞེས་བྱ་བ་ནི་གཟུགས་ཀྱི་ལུས་དང་སེམས་ཀྱི་ལུས་ཀྱིས་སོ།། འཕགས་པ་ཞེས་བྱ་བ་ནི ་ཉན་ཐོས་དང་རང་སངས་རྒྱས་སོ།། བདེ་བ་ལ་གནོས་སོ་ཞེས་བྱ་བའི་བར་གྱིས་འདི་ཉིད་བསམ་གཏན་པ་འདིའོ་ཞེས་བྱ་བ་ནི་ལྷག་མའོ།། བཞི་པ་ཞེས་བྱ་བ་ནི་དེ་བདེ་བ་ཡང་སྤངས། སྡུག་བསྔལ་ཡང ་སྡུ་ནས་སྤངས་ཤིང་ཡིད་བདེ་བ་དང་ཡིད་མི་བདེ་བ་ནུབ་པས་སྡུག་བསྔལ་ཡང་མེད་པ་བདེ་བ་ཡང་མེད་པ། བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པའི་བསམ་གཏན་བཞི་པ་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ལ། ་དེ་ལ་བདེ་བ་སྤངས་པ་ནི་བསམ་གཏན་བཞི་པའོ།། སྡུག་བསྔལ་གྱི་ནི་གཉིས་པའོ།། དེ་ཉིད་ཀྱི་ཕྱིར་སྔ་ནས་ཞེས་བྱ་བ་སྨོས་སོ།། ཡིད་བདེ་བ་ནི་གསུམ་པ་ལའོ།། ཡིད་མི་བདེ་བ་ནི་གཉིས་པ་ལའོ།། སྡེ་ཉིད ་ནས་ཞེས་བྱ་བར་རྗེས་སུ་འབྲང་ངོ་།། བཏང་སྙོམས་ཉིད་ནི་འདིར་ཚོར་བ་སྟེ། སྡུག་བསྔལ་ཡང་མེད་བདེ་བ་ཡང་མེད་པའོ།། དེས་ནི་བདེ་བ་ཡང་མེད་སྡུག་བསྔལ་ཡང་མེད་ཅེས་བྱ་བ་གསུངས་སོ།། བཏང་སྙོམས་དང ་དྲན་པ་ཡོངས་སུ་དག་པས་ཞེས་བྱ་བ་དེ་དག་ནི་འདིར་ཤིན་ཏུ་རྣམ་པར་དག་པ་ཐོ་བ་པའི་ཕྱིར་རོ།། དེ་ལ་བསམ་གཏན་དང་པོ་ལ་ཡན་ལག་ལྔ་སྟེ། རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་དག་ནི་གཉེན་པོའི་ཡན་ལག ་གོ། དགའ་བ་དང་བདེ་བ་ནི་ཕན་ཡོན་གྱི་ཡན་ལག་གོ། སེམས་རྩེ་གཅིག་པ་ཉིད་ནི་དེ་གཉི་གའི་གནས་ཀྱི་ཡན་ལག་གོ། བསམ་གཏན་གཉིས་པ་ལ་ཡན་ལག་བཞི་སྟེ། ནང་ཡོངས་སུ་དང་བ་ནི་གཉེན་པོའི་ཡན ་ལག་གོ། ཡན་ལག་ལྷག་མ་ནི་སྔ་མ་བཞིན་ནོ།། གསུམ་པ་ལ་ནི་ཡན་ལག་ལྔ་སྟེ། བཏང་སྙོམས་དང་དྲན་པ་དང་ཤེས་བཞིན་ནི་གཉེན་པོའི་ཡན་ལག་གོ། བདེ་བ་ནི་ཕན་ཡོན་གྱི་ཡན་ལག་གོ། ལྷག་མ་ནི་སྔ ་མ་བཞིན་ནོ།། བཞི་པ་ལ་ཡན་ལག་བཞི་སྟེ། བཏང་སྙོམས་ཡོངས་སུ་དག་པ་དང་། དྲན་པ་ཡོངས་སུ་དག་པ་ནི་གཉེན་པོའི་ཡན་ལག་གོ།། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ནི་ཕན་ཡོན་གྱི་ཡན ་ལག་གོ། ལྷག་མ་ནི་སྒྱུ་མ་བཞིན་ནོ།། གཟུགས་མེད་པའི་དབང་དུ་བྱས་ནས་དེ་བཞིན་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང ་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་ཞེས་ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ ་གནས་སོ་ཞེས་བྱ་བ་ལ། གཟུགས་ཀྱི་འདུ་ཤེས་ནི་སྔོན་པོ་དང་། སེར་པོ་ལ་སོགས་པའི་འདུ་ཤེས་སོ།། དེ་དག་ལ་མ་ཆགས་པ་ནི་དེ་དག་ཐམས་ཅད་ལས་ཡང་དག་པར་འདས་པ་སྟེ། ཐམས་ཅད་དུ་ནམ་མཁའི་འདུ་ཤེས ་བསྒོམས་པས་སྣང་བ་མེད་པའི་ཕྱིར་རོ།། ཐོགས་པའི་འདུ་ཤེས་ཞེས་བྱ་བ་ནི་རྩིག་པ་དང་། ར་བ་ལ་སོགས་པའི་སྒྲིབ་པའི་འདུ་ཤེས་སོ།། སྣ་ཚོགས་ཀྱི་འདུ་ཤེས་ཞེས་བྱ་བ་ནི་ཁང་བཟང་དང་། སྐྱེད་མོས་ཚལ་དང ་རི་དང་། ཆུ་བོ་དང་། ཟླ་བ་དང་། ཉི་མོ་ལ་སོགས་པའི་འདུ་ཤེས་སོ།། ནམ་མཁའ་མཐའ་ཡས་ཞེས་བྱ་བ་ནི་འདི་ལ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་དམིགས་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། དེ་རྣམ་པ་ཐམས་ཅད་དུ ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ།། ཇི་ལྟར་འདི་ལས་ཡང་དག་པར་འདས་ཤེ་ན ་དེ་རྣམ་པར་ཤེས་པ་གང་གིས་ནམ་མཁའ་མཐའ་ཡས་པར་མོས་དེ་དེ་ཉིད་མཐའ་ཡས་པ་ལས་གྲོལ་བ་སྟེ། རྣམ་པ་ཐམས་ཅད་དུ་ནོམ་མཁའི་འདུ་ཤེས་བཟློག་པའི་ཕྱིར་རོ།། དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅུང་ཟད་མེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ལ། རྣམ་ཤེས་མཐའ་ཡས་ལས་གྱེན་དུ་བསྐྱོད་པའི་དམིགས་པ་ཅུང་ཟད་ཀྱང་མི་མཐོང་བ་དེ་ནི ་ཅུང་ཟད་མེད་པ་ཉིད་དུ་དམིགས་པ་བྱས་ཏེ་སྙོམས་པར་ཞུགས་པའོ།། དེ་རྣམ་པ་ཐམས་ཅད་དུ་ཅུང་ཟད་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ཉེ་བར ་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ལ་ཅུང་ཟད་མེད་པའི་འདུ་ཤེས་ལས་ཀྱང་ཆགས་པ་དང་བྲལ་ནས་དེ་ལས་ཀྱང་བཟློག་པར་བྱེད་དེ། ཅུང་ཟད་མེད་པའི་འདུ་ཤེས་ཀྱང་སྔ་མ་ཉིད་ནས་ཟློག་པས་འདུ་ཤེས་མེད་པའོ།། ་འདུ་ཤེས་ཕྲ་བར་འཇུག་པ་ཉིད་དེ། དེས་ན་འདུ་ཤེས་མེད་མིན་ནོ།། གང་ལ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཉེ་བར་འཛིན་པ་དེ་ལ་དེ་སྐད་ཅེས་བརྗོད་དོ།། བསམ་གཏན་དང་གཟུགས་མེད་པ་བརྒྱད་པོ་དེ་དག ་ལ་བྱང་ཆུབ་སྙོམས་དཔའ་ཉིན་རེ་ཞིང་སྙོམས་པར་ཞུགས་པ་དེའི་སྔོན་དང་ཕྱིས་ནི་ནམ་མཁའི་རྣམ་པ་དང་། རྟགས་དང་། མཚན་མ་ཡིད་ལ་བྱེད་པའི་ཕྱིར་རོ།། དེ་ལ་ཆོས་འདི་དག་ཐམས་ཅད་དང ་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ཞེས་བྱ་བ་ནི་ནམ་མཁའི་རྣམ་པ་སྟེ། ཐ་དད་པ་དང་ཐ་དད་པ་མ་ཡིན་པ་ཁས་མི་ལེན་པའི་ཕྱིར་རོ།། གཟུགས་ཅན་མ་ཡིན་པ་དང་། བསྟན་དུ་མེད་པ་དང་། ཐོགས་པ་མེད་པ་ཞེས་བྱ ་བུ་ནི་ནམ་མཁའི་རྟགས་ཏེ། དེ་དང་ཆོས་མཐུན་པའི་ཕྱིར་རོ།། མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་ཞེས་བྱ་བ་ནི་ནམ་མཁའི་མཚན་མ་སྟེ། ནམྱ་མཁའ་ལྟ་བུར་སྟོང་པ་ཉིད་ཀྱིས་མཚན་མར་སྣང་བའི་ཕྱིར་རོ།། གལ ་ཏེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེའི་ཚེ། དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་དེ་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན ་པ་ཉིད་དུ་འགྱུར་རོ།། གལ་ཏེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཉན་ཐོས་ལ་སོགས་པའི་ཡིད་ལ་བྱེང་པ་གཏན་དུ་སྤངས་པ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། དེ་བཞིན་དུ་ལྷག་མྱུ་གྲོ་ཆ་དྲུག་གི་རྗེས་སུ ་འབྲངས་ནས་ཤེས་པར་བྱའོ།། བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་ནི་དེ་ལྟ་བུའོ།། ཕ་རོལ་ཏུ་ཕྱིན་པ་དྲུག་གི་འཇུག་པ་ནི་མདོ་ཇི་ལྟ་བ་བཞིན་ནོ།། ལམ་ལ་འཇུག་པ་ཡང་མདོ་ཇི་ལྟ་བ་བཞིན་ཏེ། ་ལམ་གྱི་རབ་ཏུ་དབྱེ་བ་ཡང་ལམ་གྱི་ཚོགས་ནས་རྣམ་པར་འགྲེལ་པར་འགྱུར་རོ།། ཚད་མེད་པའི་རབ་ཏུ་འཇུག་པ་བཤད་པར་བྱ་སྟེ། སེམས་ཅན་དཔག་ཏུ་མེད་པས་དམིགས་པའི་ཕྱིར་ཚད་མེད་པའོ།། དེ་ནི་བཞི་སྟེ། བྱམས ་པ་དང་། སྙིང་རྗེ་དང་། དགུའ་བ་དང་། བཏང་སྙོམས་སོ།། དེ་ལ་བདེ་བ་ཡང་དག་པར་ལྡན་པའི་བསམ་པ་ནི་བྱམས་པའོ།། སྡུག་བསྔལ་དང་བྲལ་བའི་བསམ་པ་ནི་སྙིང་རྗེའོ།། བདེ་བ་དང་མི་འབྲལ་བའི་བསམ་པ་ནི ་དགའ་བའོ།། ཀུན་ནས་ཉོན་མོངས་པ་དང་མི་ལྡན་པའི་བསམ་པ་ནི་བཏང་སྙོམས་སོ།། ཀྱེ་མ་མ་ལ་སེམས་ཅན་ཐམས་ཅིང་བདེ་བ་དང་ལྡན་པར་སྨོན་པ་དང་། སྡུག་བསྔལ་དང་བྲལ་བར་སྨོན་པ་དང་། བདེ་བ་དང་མི ་འབྲལ་བར་སྨོན་པ་དང་། ཉོན་མོངས་པ་ལས་གྲོལ་བར་སྨོན་པའོ།། བཞི་པོ་ཡང་མོས་པས་སྤྱོད་པའི་ས་ལ་ནི་སེམས་ཅན་ལ་དམིགས་པའི།། རབ་ཏུ་དགའ་བ་ལ་སོགས་པ་བདུན་པ་ནི་ཆོས་ལ་དམིགས་པའོ།། དེ ་ལས་གོང་མར་གྱུར་པ་རྣམས་ནི་དམིགས་པ་མེད་པའོ།། བྱམས་པ་དང་ལྡན་པའི་སེམས་ཀྱིས་ཞེས་བྱ་བ་ལ། འདི་ཙམ་གྱིས་ནི་ཡོན་ཏན་དང་ལྡན་པར་བསྟན་ཏོ།། ལྷག་མ་ནི་ཡོན་ཏན་བསྟན་ཏོ།། ཡངས་པ་ཞེས་བྱ་བས ་ནི་བསམ་པ་ཆེན་པོ་བསྟན་ཏོ།། ཆེན་པོས་ཞེས་བྱ་བས་ནི་འཕེལ་བའོ།། ཚད་མེད་པས་ཞེས་བྱ་བས་ནི་དམིགས་པ་ལས་སོ།། མི་གཉིས་པ་ཞེས་བྱ་བས་ནི་བདག་ཉིད་གཅིག་པ་ཉིད་ཀྱིས་རྣམ་པར་མི་རྟོག་པའི་ཕྱིར་རོ།། ་འགྲན་ཟླ་མེད་པ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་སྤངས་པའི་ཕྱིར་རོ།། དེ་ལ་བྱམས་པ་ལ་སོགས་པའི་མི་མཐུན་པའི་ཕྱོགས་ནི་གོ་རིམ་བཞིན་དུ་གནོད་སེམས་དང་། རྣམ་པར་འཚེ་བ་དང་། མི ་དགའ་བ་དང་། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དག་གོ།། ལྷོང་བུ་མེད་པ་ཞེས་བྱ་བ་ནི་གཉིད་དང་། རྨུགས་པ་ཉོ་བར་ཞི་བའི་ཕྱིར་རོ།། སྒྲིབ་པ་མེད་པ་ཞེས་བྱ་བ་ནི་རྒོད་པ་དང་འགྱོད་པ་ཉེ་བར་ཞི་བའི་ཕྱིར་རོ།། གནོད་པ་མེད་པ་ཞེས ་བྱ་བ་ནི་གསུམ་པོ་དེ་དག་ཉིད་ཀྱིས་སེམས་དྲི་མ་དང་བྲལ་བའི་ཕྱིར་རོ།། ཐམས་ཅད་ཀྱི་རྗེས་སུ་སོང་བ་ཞེས་བྱ་བ་ནི་བཤེསོ་དང་དགྲ་དང་ཐ་མལ་པ་གསུམ་པོ་དག་ལ་ཡང་དག་པར་རབ་ཏུ་འཇུག་པོའི་ཕྱིར་རོ།། ཤིན་ཏུ་བསྒོམས ་པོ་ཞེས་བྱ་བ་ནི་ཇི་སྐད་བརྗོད་པའི་རྣམ་པས་གསུམ་པོ་དག་ལྔ་མཉམ་པ་ཉིད་དུ་གྱུར་པའི་ཕྱིར་རོ།། རྒྱས་པར་ཡང་ཞེས་བྱ་བ་ནི་ཁྱབ་པའོ།། འཇིག་རྟེན་ཞེས་བྱ་བ་ནི་སེམས་ཅན་གྱི་འཇིག་རྟེན་ནོ།། ཐམས་ཅད་དང་ལྔ་ན་བ ་ཞེས་བྱ་བ་ནི་ལྷ་དང་། ཀླུ་དང་། གནོད་སྦྱིན་ལ་སོགས་པའི་དབྱེ་བས་ཐམས་ཅད་དང་ལྡན་པའོ།། ཕྱོགས་གཅིག་ཅེས་བྱ་བ་ནི་ཕྱོགས་གཅིག་ཏུ་གྱུར་པའོ།། གང་དུ་ཞེ་ན། འཇིག་རྟེན་དུ་ཞེས་གསུངས་ཏེ། སྣོད་ཀྱི་འཇིག ་རྟེན་དུའོ།། ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་བཞིན་དུ་མཐའ་ཡས་པའོ།། ནམ་མཁའི་ཁམས་བཞིན་དུ་འདི་ལ་མཐའི་གཏུགས་པ་ཡོད་པས་ན་དེ་སྐད་ཅེས་བྱའོ།། ཉེ་བར་བསྒྲུབས་ཏེ་ཞེས་བྱ ་བ་ནི་སེམས་ཡང་དག་པར་བྱས་པས་སོ་གནས་སོ་ཞེས་བྱ་བས་ནི་འཕགས་པའི་གནས་པས་སོ།། ཕྱོགས་བཅུ་ཞེས་བྱ་བ་ནི་ཕྱོགས་བཅུར་གྱུར་པའོ།། དེ་ལྟར་ཞེས་བྱ་བ་ནི་རྟོགས་པར་སླའོ།། སེམས་ཡངས་པ་ཞེས་བྱ ་བ་ནི་སྙིང་རྗེ་དང་དགའ་བ་དག་ལ་ཡང་བརྗོད་པར་བྱའོ།། ཚད་མེད་པ་དག་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་གོ་ཆ་བཞིན་དུ་མདོའི་རྗེས་སུ་འབྲང་སྟེ། དེ་ནི་ཚད་མེད་པའི་འཇུག་པའོ།། དེའི་འོག་ཏུ་ཚིག་དྲུག་གིས་ནི་ཐེག་པ ་ཆེན་པོ་ལ་མི་དམིགས་པ་དང་ལྡན་པའི་འཇུག་པའོ།། འཁོར་གསུམ་ཡོངས་སུ་དག་པའི་འཇུག་པ་ནི་མདོ་ཇི་ལྟ་བ་བཞིན་ནོ།། བསྒོམ་པ་དང་རྣམ་པར་བསྒོམ་པའི་དོན་དུ་ཞེས་བྱ་བ་ལ། བསྒོམ་པ་ཞེས་བྱ་བ་ནི་བསྒོམ་པར ་བྱ་བ་དང་སྒོམ་པ་པོའི་གཟུགས་ལ་སོགས་པ་ཅུང་ཟད་ཀྱང་མེད་པའོ།། དེ་བས་ན་ཆོས་འདི་དག་ཐམས་ཅད་ནི་མིང་ཙམ་སྟེ། དེ་ནི་བསྒོམ་པའོ།། དེའི་རྣམ་པར་བསྒོམ་པ་ནི་དམིགས་པ་མེད་པའོ།། དེའི་དོན་ནི་བསྒོམ་པའི ་དེའི་དོན་དུ་སྟེ། ཆེད་དུ་བྱ་བའི་འཇུག་པའོ།། མངོན་པར་ཤེས་པ་དྲུག་གི་འཇུག་པ་ནི་མདོ་ཇི་ལྟ་བ་བཞིན་ནོ།། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འཇུག་པ་ནི་མདོ་ཇི་ལྟ་བ་བཞིན་ནོ།། འཇུག་པའི་སྒྲུབ་པ་བཤད་ནས ་ཚོགས་ཀྱི་སྒྲུབ་པ་བཤོད་པར་བྱ་སྟེ། དེ་ཡང་བསྟན་བཅོས་མཛད་པས། བརྩེ་དང་སྦྱིན་ལ་སོགས་པ་དྲུག། ཞི་གནས་ལྷག་མཐོང་བཅས་པ་དང་།། ཟུང་དུ་འབྲེལ་པའི་ལམ་གང་དང་།། ཐབས་ལ་མཁས་པ་གང་ཡིན་དང་། ་ཡེ་ཤེས་དང་ནི་བསོད་ནམས་དང་།། ལམ་དང་གཟུངས་དང་སྨྲ་བནྡྷ་དང་།། གཉེན་པོའི་ཚོགས་ཀྱི་སྒྲུབ་པུ་ཡི།། རིམ་པ་ཡིན་པར་ཤེས་བྱར་བྱ།། ཞེས་བྱ་བ་གསུངས་ཏེ། ཚོགས་ནི་བཅུ་བྱུདུན ་ཏེ། སྙིང་རྗེའི་ཚོགས་དང་། སྦྱིན་པའི་ཚོགས་དང་། ཚུལ་ཁྲིམས་ཀྱི་ཚོགས་དང་། བཟོད་པའི་ཚོགས་དང་། བརྩོན་འགྲུས་ཀྱི་ཚོགས་དང་། བསམ་གཏན་གྱི་ཚོགས་དང་། ཤེས་རབ་ཀྱི་ཚོགས་དང་། ཞི་གནས ་ཀྱི་ཚོགས་དང་། ལྷག་མཐོང་གི་ཚོགས་དང་། ཟུང་དུ་འབྲེལ་པའི་ལམ་གྱི་ཚོགས་དང་། ཐབས་ལ་མཁས་པའི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་དང་། བསོད་ནམས་ཀྱི་ཚོགས་དང་། ལཱམ་གྱི་ཚོགས་དང ་གཟུངས་ཀྱི་ཚོགས་དང་། སའི་ཚོགས་དང་། གཉེན་པོའི་ཚོགས་སོ།། དེ་ལ་སྙིང་རྗེའི་ཚོགས་ནི་སེམས་ཅན་ཤིན་ཏུ་མང་པོ་རྣམས་ངན་སོང་དག་ལས་རྣམ་པར་བཀྲོལ་ཏེ། ལྷ་དང་མིའི་དངོས་པོ་ལ་སོགས ་པ་ཐོབ་པར་བྱེད་པ་ལས་སྙིང་རྗེའི་ཚོགས་ཏེ། མདོ་ཇི་ལྟ་བ་བཞིན་ནོ།། སྦྱིན་པ་ལ་སོགས་པ་དྲུག་གི་ཚོགས་ནི་ཇི་ལྟ་བ་བཞིན་ནོ།། བདག་གམ་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ ་དག་ལ་རབ་ཏུ་འགོད་པ་ནི་ཞི་གནས་ཏེ། དེ་ནི་ཞི་གནས་ཀྱི་ཚོགས་སོ།། སེམས་ཅན་དཔག་ཏུ་མེད་པ་ཐམས་ཅད་ལམ་དེའི་འབྲས་བུ་ལ་རབ་ཏུ་འགོད་པ་འདི་ནི་ཞི་གནས་ཀྱི་ཚོགས་གཞན་ནོ།། སེམས་ཅན་གཞལ ་དུ་མེད་པ་རྣམས་ཕ་རོལ་ཏུ་ཕྱིན་པ་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་བཀོད་ཀྱང་འགའ་ཡང་བཀོད་པ་མེད་དེ། སྤྲུལ་པ་ལྟ་བུ་ཉིད་ཀྱི་ཕྱིར་དང་། ཐམས་ཅད་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་དྲང ་ཆོས་ཐམས་ཅད་མ་བྱས་རྣམ་པར་མ་བྱས་པ་མངོན་པར་འདུས་མ་བྱས་པའི་ཕྱིར་རོ།། རྣམ་པར་བྱས་པ་ནི་འཕེལ་བ་དང་ཉམས་པ་དག་གོ། མངོན་པར་འདུས་བྱས་པ་ནི་ཡོན་ཏན་གྱི་ཁྱད་པར་རྣམས་ཀྱིས་སོ།། ་དེ་ནི་ལྷག་མཐོང་གི་ཚོ་གས་སོ།། ཞྀ་གནས་དྲང་ལྷག་མཐོང་ནི་ཟུང་ངོ་།། དེ་དང་འབྲེལ་པའི་ཕྱིར་ཟུང་ངུ་འབྲེལ་བུའི་ལམ་མོ།། འབྲེལ་ཅིང་བཅིངས་པ་ནི་ཡང་དག་པར་ལྡན་པའོ།། གྲོལ་བ་ནི་མི་ལྡན་པའོ།། ་མེད་པ་དང་དབེན་པ་དང་ཞི་བ་ཉིད་ཀྱི་ཕྱིར་དེ་གཉི་ག་མི་དམིགས་ཏེ། དེའི་ཕྱིར་ཆོས་ཐམས་ཅད་མ་བཅིངས་མ་གྲོལ་བའོ།། དེའི་ཟུང་དུ་འབྲེལྔ་པའི་ལམ་གྱི་ཚོགས་སོ།། ཐེག་པ་ཆེན་པོ་ནི་གང་ལགས། ཇི་ཙམ ་གྱིས་ན་ཡང་དག་པར་ཞུགས་པ་རིག་པར་བགྱི་བ་ལགས། དེ་ནི་གང་ནས་འབྱུང་བ་ལགས། དེ་ནི་གང་དུ་གནས་པར་འགྱུར་བ་ལགས། དེས་ནི་སུ་ཞིག་འབྱུང་བར་འགྱུར་ཞེས་བྱ་བ་ལྔ་ནི་རབ་འབྱོར་གྱིས་ཞུས་པའོ།། ། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ནི་ཐེག་པ་ཆེན་པོའོ།། དེ་ཡང་མདོ་ཇི་ལྟ་བ་བཞིན་ཏེ། དེ་ནི་ཐབས་ལ་མཁས་པའི་ཚིགས་སོ།། མདོ་འདི་ལས་གསུངས་པའི་སྟོང་པ་ཉིད་ཉི་ཤུ་ནི ་ཡེ་ཤེས་ཀྱིས་ཚོགས་སོ།། དེ་ཉེ་བར་དགོད་པ་དང་བཤད་པ་ནི་མདོ་ཉིད་ལས་སོ།། དེ་ལ་མི་གསལ་བ་བཤད་པར་བྱ་སྟེ། ཡོངས་སུ་བརྟགས་པའི་ངོ་བོས་ཐམས་ཅད་མེད་དེ། མེད་པ་དེའི་ཕྱིར་གནས ་པ་མེད་ཅིང་འཇིགས་པ་མེད་དེ། རྟག་པ་དང་མི་རྟག་པ་མེད་ཅེས་བྱ་བའི་དོན་ཏོ།། དེའི་ཕྱིར་དེས་སྟོང་པའོ།། ཕྱི་ནང་སྟོང་པ་ཉིད་ཅེས་བྱ་བ་ལ་ནི་ནང་ནི་ཕྱིས་སྟོང་སྟེ། ཡུལ་མེད་པའི་ཕྱིར་རོ།། ཕྱི་ནི་ནང་གིས་སྟོང་སྟེ། དེ་དག་གི ་ཡུལ་ཅན་མ་ཡིན་པའི་ཕྱིར་རོ།། སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སོ་སོ་འམ་སྡུས་པ་སྟོང་པ་ཉིད་དེ། དེ་ཉིད་ཀྱིས་སྟོང་པ་ནི་སྟོང་པ་ཉིད་སྟོང་པ་ཉིད་དོ།། ཆེན་པོ་སྟོང་པ་ཉིད་ནི་ཕྱོགས་རྣམས་ཀྱི་སྟོང་པ ་ཉིད་དེ། ཕྱོགས་བཅུར་ཁྱབ་པའི་ཕྱིར་རོ།། སྐྱེ་བ་དང་འགག་པ་དང་འཇིག་པ་དང་། གནས་པ་དང་། གཞན་དུ་འགྱུར་པ་ཞེས་བྱ་བ་ནི་འདུ་བྱས་ཀྱི་མཚན་ཉིད་དེ། རབ་ཏུ་སྐྱེས་པ་དང་། རྒྱུན་འཆད་པའི་མཚན་ཉིད་དང ་སྐད་ཅིག་ཅིང་འཇུག་པ་དང་། རྒྱུན་འཇུག་པོ་དང་། སྔ་མ་དང་ཕྱི་མ་རྒྱུན་མི་འདྲ་བ་ཞེས་བྱ་བའི་དོན་ཏོ།། དེ་ལས་བཟློག་པ་ནི་འདུས་མ་བྱས་པའི་མཚན་ཉིད་དོ།། དེ་གཉིས་སྟོང་པ་ཉིད་ནི་གོ་རིམ་བཞིན་དུ་འདུས་བྱས་སྟོང་པ ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དོ།། མཐའ་མེད་པས་ན་མཐའ་ལས་འདས་པ་སྟེ། ལོངས་སྤྱོད་རྫོགས་པའི་སྐུའོ།། དེའི་སྟོང་པ་ཉིད་ནི་མཐའ་ལས་འདས་པ་སྟོང་པ་ཉིད་དོ།། ཐོགས་དང་ཐ་མ་དག་གཽ་མཐའ་མེད ་པའི་ཕྱིར་ཐོག་མ་དང་ཐ་མ་མེད་པ་སྟེ། འཁོར་བའོ།། དེ་སྟོང་པ་ཉིད་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དོ།། དོར་བ་མེད་པ་ནི་གཏང་བར་བྱ་བ་མ་ཡིན་པ་སྟེ། ཐེག་པ་ཆེན་པོའོ།། དེའི་སྟོང་པ་ཉིད་ནི་དོར་བ་མེད་པ་ཉིད་དོ།། དེ་བཞིན་གཤེགསོ།། ་བ་ལ་སོགས་པས་མ་བྱས་པའི་ཕྱིར་རང་བཞིན་ཏེ། ཆོས་རྣམས་ཀྱི་རང་བཞིན་གྱི་ཆོས་ཉིད་དེའི་སྟོང་པ་ཉིད་དོ།། དུས་གསུམ་ཕན་ཚུན་མི་དམིགས་པའི་ཕྱིར། མི་དམིགས་པ་སྟེ། དེའི་སྟོང་པ་ཉིད་དོ།། འདུས་པ་ལས་བྱུང་བའི ་ངོ་བོ་དེ་ནི་དངོས་པོ་མེད་པ་ཡང་ཡིན་ལ་ངོ་བོ་ཉིད་ཀྱང་ཡིན་པས་ན་དངོས་པོ་མེད་པའི་ངོ་བོའོ།། སྦྱོར་བ་ལས་བྱུང་བའི་ངོ་བོ་ཉིད་དེ་ཇི་ལྟར་མེད་ཅེ་ན། ཉེ་བར་ལེན་པ་ཡོད་ཀྱང་གཞན་མེད་ན་མེད་པའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་འདུས་པ་ལ ་སོགས་པའི་ཆོས་རྣམས་ཀྱི་དངོས་པོ་མེད་པ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་རོ་ཞེས་གསུངས་སོ།། དེ་སྟོང་པ་ཉིད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ།། སྐྱེ་བས་ན་དངོས་པའོ།། དེའི་བདག་ཉིད་ཀྱིས་སྣོང་བཉིད་ནི་ངོམ་པོ་སྟོང་པཤིད། སྐྱེ་བ་མེད་པ་རྣམས ་དས་སྙིད་འི་གཉིད་ཀྱི་སྦྱོང་བ་དེ་ཏུ་དིག་རྫོ་ག་ཆོས་རྣམས་ཀྱི་ཕྱིན་ཅི་མ་ལོག་པའི་ངོ་བོ་ནི་རང་གི་ངོ་བོ་སྟེ། ཡེ་ཤེས་དང་མཐོང་བ་དག་གིས་མ་བྱས་པའི་ཕྱིར་རོ།། དེ་ནི་དེའི་བདག་ཉིད་ཀྱིས་སྟོང་པ་ཉིད་དོ།། འདི་ནི་དམ་པ་ཡང་ཡིན་པའི་ཕྱིར ་གཞན་ཡང་ཡིན་ལ་གཞན་གྱིས་མ་བྱས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ངོ་བོ་ཡང་ཡིན་པས་དེ་ནི་གཞན་གྱི་ངོ་བོ་སྟེ། དེ་བཞིན་ཉིད་དོ།། དེ་ནི་དེའི་བདག་ཉིད་ཀྱིས་སྟོང་པ་ཉིད་དེ། དེ་ནི་ཡེ་ཤེས་ཀྱི་ཚོགས་སོ།། དེ་ལ་དཔའ་བོར ་འགྲོ་བ་ཞེས་བྱ་བ་ལ་སོགས་པ་ནས། ནམ་མཁའ་ལྟར་ཆགས་པ་མེད་པས་རྣམ་པར་གྲོལ་ཞིང་གོས་པ་མེད་པ་ཞེས་བྱ་བའི་བར་གྱི་ཏིང་ངེ་འཛིན་དགྲ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས ་ཅད་ཀྱི་རྣམ་པར་མི་རྟོག་པ་ཟག་པ་མེད་པ་འཇིག་རྟེན་ལས་འདས་པའི་སེམས་ཀྱི་རང་བཞིན་ནོ།། སྔོན་གྱི་ཡིད་ལ་བྱེད་པའི་སྟོབས་ཀྱིས་སོ་སོ་སོ་སོར་བྱ་བ་བྱེད་པ་ན་མིང་སྣ་ཚོགས་སུ་བརྗོད་དོ།། དེ་ཉིད་དང་ལྡན་པ་ནི་བསོད ་ནམས་ཀྱི་ཚོགས་སོ།། ལམ་གྱི་ཚོགས་བཤད་པར་བྱ་སྟེ། བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་ནི་ལམ་མོ།། དེ་ལ་གང་གིས་ཡང་དག་པར་ཤེས་པ་ནི་དྲན་པ་ཉེ་བར་གཞག་པ་སྟེ། དྲན་པ་ཉེ་བར་གཞག་པ་དེ་དག་ནི་དམིགས ་པའི་བྱེ་བྲག་གིས་བཞི་སྟེ། ལུས་དྲན་པ་ཉེ་བར་གཞག་པ་དང་། ཚེར་བྱ་དྲན་པ་ཉེ་བར་གཞུག་པ་དང་། སེམས་དྲན་པ་ཉེ་བར་གཞག་པ་དང་། ཆོས་དྲན་པ་ཉེ་བར་གཞག་པའོ།། དེ་ལ་ནུང་གི་ལུས་ལ་ལུས་ཀྱི་རྗེས་སུ ་ལྟ་ཞིང་གནས་ནསྣ་མི་དམྱིགས་པའི་ཚུལ་གྱིས་ལུས་དང་ལྡན་པའི་རྟོག་པས་རྣམ་པར་མི་རྟོག་གོ། ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ཡང་དེ་བཞིན་ནོ།། ཕྱི་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ཡང་དེ་བཞིན་ནོ།། ། ་ནང་དང་ཕྱི་དང་། ཕྱི་ནང་གི་ཚོར་བ་དང་། སེམས་དང་། ཆོས་དགེ་ལས་ཚོར་བའི་རྗེས་སུ་ལྟ་བ་ནས། ཆོས་ཀྱི་རྗེས་སུ་ལྟ་བའི་བར་གྱི་གནས་ནས་མི་དམིགས་པའི་ཚུལ་གྱིས་ཆོས་ཀྱི་རྗེས་སུ་ལྟ་ཞིང་རྟུལ་བ་དང་ཤེས ་བཞིན་ཅན་དྲན་པ་དང་ལྡན་པས་འཇིག་རྟེན་གྱི་ཆགས་སེམས་དང་། ཡིད་མི་བདེ་བ་བསལ་ཅིང་རྣམ་པར་སྤྱོད་ཀྱང་ཆོས་དང་ལྡན་པའི་རྣམ་པར་རྟོག་པས་རྣམ་པར་མི་རྟོག་གོ།། དེ་ལ་ནང་གི་ལུས་ནི་རང་གི་མིག་ལ་སྩོགས ་པ་དྲུག་གོ། ཕྱིའི་ལུས་ནི་རང་གི་ལུས་ལས་ཕྱི་རོལ་གྱི་འདུས་བྱས་སོ།། ཕྱི་ནང་གི་ལུས་ནི་རང་གི་ལུས་སུ་གྱུར་པའི་ལྷག་མ་འབྱུང་བ་དང་འབྱུང་བ་ལས་གྱུར་པའོ།། ཚོར་བ་ལ་སོགས་པའི་རྣམ་པ་གསུམ་ཡང་ངོ་།། ་ལུས་རྣམ་པ་གསུམ་ལ་དམིགས་པའི་དབྱེ་བོས་སོ།། ཚོར་བ་ནི་བདེ་བ་དང་། སྡུག་བསྔལ་དང་། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའོ།། ཆོས་ནི་སེམས་ལས་བྱུང་བ་དགེ་བ་དང་མི་དགེ་བའོ།། ལུས་ལ ་སོགས་པ་ལ་རྗེས་སུ་ལྟ་བ་ཞེས་བྱ་བ་ནི་ལུས་ལ་སོགས་པའི་ཆོས་ཉིད་ལ་རྗེས་སུ་ལྟ་བའོ།། ལུས་ལ་སོགས་པ་དང་ལྡན་པ་ཞེས་བྱ་བ་ནི་ལུས་ལ་སོགས་པའི་འདུ་ཤེས་དང་ལྡན་པའོ།། རྟོག་པ་ཞེས་བྱ་བ་ནི་རྣམ་པར་རྟོག ་པའོ།། ལུས་འདི་གཅིག་དང་བདག་གི་ལུས་དང་། རྟག་པ་དང་། མི་རྟག་པ་དང་། བདེ་བ་དང་། སྡུག་བསྔལ་ཞེས་བྱེ་བ་དེ་ལྟ་བུ་ལ་སོགས་པའི་དམིགས་པའི་ཚུལ་གྱིས་དེ་རྗེས་སུ་མི་མཐོང་ཞིང་རྣམ་པར་མི་རྟོག་གོ། གུས ་པར་བྱེད་པ་དང་རྟག་ཏུ་བྱེད་པ་དང་ལྡན་པའི་རྟུལ་བ་དང་ལྡན་པའོ།། རྗེས་སུ་ལྟ་བ་དང་། ཤེས་བཞིནི་དང་ལྡན་པ་ནི་ཤེས་བཞིན་ཅན་ནོ།། མི་བརྗེད་པའི་བདག་ཉིད་ཀྱིས་ཀུན་ཏུ་སྲུང་བར་བྱེད་པ་དང་། རྣམ་པར་མི་གཡེང་བའི ་དྲན་པ་དང་འབྲེལ་བསུ་དྲན་པ་དང་ལྡན་པའོ།། བརྩོན་འགྲུས་དང་། ཤེས་རབ་དང་། དྲན་པ་དང་། འདི་དག་ཉིད་ཀྱི་ཕན་ཡོན་ནི་འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་ཞེས ་གསུངས་སོ།། བསལ་བ་ཞེས་བྱ་བ་ནི་སྤངས་པའོ།། འཇིག་རྟེན་ཞེས་བྱ་བ་འཇིག་རྟེན་གྱི་ཆོས་ལ་རྙེད་པ་དང་། གྲགས་པ་དང་། བདེ་བ་དང་། བསྟོད་པ་དག་ལ་ནི་བརྣབ་སེམས་དང་། ཆགས་པའོ།། མ་རྙེད་པ་དང་། མ་གྲགས ་པ་དང་། སྡུག་བསྔལ་བ་དང་། སྨོད་པ་ལ་ནི་ཡིད་མི་བདེ་བའོ།། དེ་ལྟར་བྱང་ཆུབ་སེམས་དཔའི་ཚུལ་ལ་དྲན་པ་ཉེ་བར་གཞག་པ་བསྟན་ནས་ཉན་ཐོས་ཀྱི་ཚུལ་ལ་ལུས་དྲན་པ་ཉེ་བར་གཞག་པ་ཉིད་རྣམ་པ་བཅུ་བཞི་གསུངས་ཏེ། ་དེ་ལ་ཤེས་བཞིན་གྱི་སྒོ་ནས་ནི་གསུམ་སྟེ། དབུགས་རིང་དུ་འགྲོ་བ་དང་འོང་བ་ལ་སྩོགས་པ་དེ་དག་ལ་ནི་གཅིག་གོ། ཐུང་ངུ་འོང་བ་ལ་སོགས་པ་དག་ལ་གཉིས་པའོ།། དབྱུང་བ་དང་རྔུབ་པ་དྲན་པ་ལ་ནི་གསུམ་པའོ།། ཁམས ་ཀྱི་རབ་ཏུ་དབྱེ་བའི་སྒོ་ནས་ནི་བཞི་པའོ།། མི་གཙང་བའི་རྫ་སྟེ་སུམ་ཅུ་རྩ་དྲུག་གི་སྒོ་ནས་ནི་ལྔ་པའོ།། མི་སྟུག་པའི་སྒོ་ནས་ནི་དགུའོ།། དེ་ལ་མངོན་དུ་འོང་བ་ཞེས་བྱ་བ་ནི་འགྲོ་བའོ།། ཕྱིར་ལྡོག་པ་ཞེས་བྱ་བ་ནི་ལྡོག་པའོ།། ཀུན ་ཏུ་ལྟ་བ་ཞེས་བྱ་བ་ནི་མདུན་དུའོ།། རྣམ་པར་ལྟ་བ་ཞེས་བྱ་བ་ནི་ཕྱོགས་མཚམས་སུའོ།། བསྐུམ་པ་ཞེས་བྱ་བ་ནི་བསྡུས་པའོ།། ནང་དུ་ཡང་དག་པར་འཇོག་པ་ནི་ཞི་གནས་དང་། ལྷག་མཐོང་ལ་མངོན་པར་བརྩོན་པའི།། དྲན་པ་འདི ་ཡོད་པས་ན་དྲན་པ་དང་ལྡན་པའོ།། ལུས་ཀྱི་རླུང་སྣ་ནས་འཇུག་པ་ནི་ནུབ་པའོ།། འབྱུང་བ་ནི་ཕྱིར་འབྱུང་བ་སྟེ། རྫུ་མཁན་ལ་ལེགས་པར་བསླབས་པ་འམ། དེའི་ཉེ་གནས་ཀྱི་སློབ་མ་བཞིན་ནོ།། པགས་པ་དང་སློག་པ ་ཡི་ཕྱི་ནང་གི་དབྱེ་བས་སོ།། རྒྱུས་པ་ནི་རྩའོ།། མཱི་ཁལ་མ་ནི་མཁལ་མའོ།། མཆིན་པོ་ནི་མཚོན་པའོ།། གློ་བ་ནི་གློ་བའོ།། མཆེར་བུ་ནི་མཆེར་བའོ།། ཞུ་བ་དང་མ་ཞུ་བ་ནི་ཟས་སོ།། མཆིལ་མའི་ཐལ་བ་ནི་བདྨ་ཀེན་གྱི་གོང ་བུའོ།། ཁྲག་ནི་ཁྲག་རུལ་བའོ།། ཆུན་པ་ནི་ཞིང་རྨོ་བའོ།། བང་བ་ནི་འབྲུ་རྣམས་ཀྱི་སྣོད་ངོ་།། དུར་ཁྲོད་ཅེས་བྱ་བ་ནི་བསྟན་པའོ།། རོ་བོར་བའི་གནས་ཞེས་བྱ་བ་ནི་རྗེས་སུ་བསྟན་པའོ།། ཤི་ནས་ཞག་གཅིག་ལོན་པ་ཞེས་བྱ ་བ་ལ་སོགས་པ་ནི་གོ་རིམ་བཞིན་རྣམ་པར་བུམ་པ་ལ་སོགས་པ་གསུམ་མོ།། གང་རྣམ་པར་རྣགས་པ་དེ་ཉིད་ནི་རྣམ་པར་འབུས་གཞིགས་པ་ཡིན་ཏེ། སྲིན་བུ་སྐྱེས་པ་ཉིད་ཀྱི་ཕྱིར་རོ།། ཡང་ན་རྣམ་པར་ཟོས་པ་ནི་རྣམ་པར ་འཐོར་བྱའོ།། དེ་ལ་དུར་ཁྲོད་ཀྱི་ལུས་མཐོང་བ་ན་བདག་ཉིད་ཀྱང་དེ་དང་འདྲ་བ་ཉིད་དུ་ཉེ་བར་སྦྱོར་རོ།། ཆོས་ཉིད་འདི་ཞེས་བྱ་བ་ནི་བསྟན་པའོ།། འདི་ལྟ་བུའི་རང་བཞིན་ཅན་ཞེས་བྱ་བ་ནི་རྗེས་སུ་བསྟན་པའོ།། འོ་ན་གསོན་པོའི ་ལུས་ནི་དེ་ལྟ་བུ་མ་ཡིན་ལ་ཤི་བའི་ལུས་ནི་དེ་ལྟ་བུ་ཡིན་ནོ་ཞེས་དོགས་པ་ལ། དེའི་ཕྱིར་ཆོས་ཉིད་འདི་ལས་མ་འདས་སོ་ཞེས་སྨོས་ཏེ། འགལ་བའི་རྐྱེན་ཉེ་བར་གནས་པ་ཡོད་ན་ངེས་པར་དེ་བཞིན་དུ་འགྱུར་བའི་ཕྱིར་རོ།། ་སེམས་འདིས་ངེས་པར་འདོར་བ་ནི་ཡང་དག་པར་སྤོང་བ་སྟེ། དེ་དག་ནི་རྣམ་པ་བཞིའོ།། འདི་ལྟ་སྟེ། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར་མདུན་པ་སྐྱེད་དོ།། འབད་དོ།། བརྩོན་འགྲུས ་རྩོམ་མོ།། སེམས་རབ་ཏུ་འཛིན་ཏོ།། ཡང་དག་པར་འཇོག་གོ། དེ་བཞིན་དུ་སྐྱེས་པ་རྣམས་སྤང་བའི་ཕྱིར་དང་། དེ་བཞིན་དུ་དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་དང་། དེ་བཞིན་དུ་སྐྱེས་པ་རྣམས་གནས་པ་དང་། ་འཕེལ་བར་བྱ་བ་དང་། ཕྱིར་ཞིང་འབྱུང་བར་བྱ་བའི་ཕྱིར་རོ།། དེ་ལ་འདུན་པོ་སྐྱེད་པ་ནི་གོ་ཆའི་བརྩོན་འགྲུས་སོ།། དེ་ལྟར་འབད་པར་བྱའོ་ཞེས་བྱ་བ་ནི་སྦྱོར་བའི་བརྩོན་འགྲུས་སོ།། བརྩོན་འགྲུས་རློམ་པ་ནི་མི་སྐྱོ་བའི་བརྩོན ་འགྲུས་སོ།། སེམས་རབ་ཏུ་འཛྙཱན་པཱ་དང་། ཡང་དོག་པར་འཇོག་པ་ནི་ཐབས་ཀྱི་བརྩོན་འགྲུས་སོ།། དེ་ལས་ཞུམ་པ་ལ་སེམས་རབ་ཏུ་འཛིན་པོའོ།། རྒོད་པ་ལས་སེམས་ཡང་དག་པར་འཇོག་པ་སྟེ། མངོན་པར ་འཇོག་པའོ།། རྫུ་འཕྲུལ་ནོ་འཇིག་རྟེན་ལས་འདས་པའི་ཆོས་སོ།། རྫུ་འཕྲུལ་གྱི་རྐང་པ་སྟེ། གནས་ཡིན་པའི་ཕྱིར་རྫུ་འཕྲུལ་གྱི་རྐང་པའོ།། དེ་ཡང་བཞི་སྟེ། འདུན་པའི་ཏིང་ངེ་འཛིན་དང་། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན ་དང་། སེམས་ཀྱི་ཏིང་ངེ་འཛིན་དང་། དཔྱོད་པའི་ཏིང་ངེ་འཛིན་ཏོ།། འདི་ལྟར་ཁ་ཅིག་གི་ནི་སེམས་འདུན་པ་དྲག་པོ་དང་ལྡན་པ་ཉིད་ཀྱིས་སེམས་རྩེ་གཅིག་པའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་སྐྱེ་བར་འགྱུར་རོ།། ཁ་ཅིག་གི ་ཡང་དག་པར་སྤོང་བ་ནི་བརྩོན་འགྲུས་དང་ཤིན་ཏུ་ལྡན་པས་མི་དགེ་བ་ཡང་དྲུག་པར་སྤངས་ཏེ་དགེ་བའི་ཆོས་སྐྱེད་པ་ཉིད་ཀྱིས་སོ།། ཁ་ཅིག་གི་ནི་ཞི་གནས་དང་། རབ་ཏུ་འཛིན་པ་དང་། བཏང་སྙོམས་ཀྱི་རྒྱུ་མཚན་དག་གིས ་སེམས་ཡོངས་སུ་སྦྱངས་པ་ལས་སོ།། ཁ་ཅིག་ནི་ཅི་བདག་མི་དགེ་བ་ཕྲ་མོ་ལ་ཀུན་ཏུ་མི་སྤྱོད་དམ། ཅི་ཡང་ཀུན་ཏུ་མི་སྤྱོད་ཅེས་གང་བདག་ཉིད་ལ་ཡོངས་སུ་སྤྱོད་པ་ནི་ཡང་དག་པར་ཉེ་བར་དཔྱོད་པའོ།། དེ་དག་སྐྱེས་པ ་ལ་ཀུན་ནས་དཀྲིས་པོ་ནི་རིང་དུ་གྱུར་ལ། བག་ལ་ཉལ་རྣམས་སྤང་བའི་ཕྱིར་ཡང་ཡང་དག་པར་སྤོང་བ་རྩོམ་པ་ན་སྤོང་བའི་འདུ་བྱེད་བརྒྱད་མངོན་པར་འབྱུང་སྟེ། འདུན་པ་དང་། བརྩོན་འགྲུས་དང་། དད་པ་དང་། ་ཤིན་ཏུ་སྦྱངས་པ་དང་། དྲན་པ་དང་། ཤེས་བཞིན་དང་། སེམས་པ་དང་། བཏང་སྙོམས་སོ།། དེ་ལ་གང་གི་ཚེ་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པ་རྣམས་ཀྱི་སྙོམས་པར་འཇུག་པ་བསྐྱེད་པར་བྱ་སྙམ་པ་ནི་བདུན ་པའོ།། མི་དགེ་བའི་ཆོས་ཐམས་ཅད་ངེས་པར་འཇོམ་པ་ནི་བརྩོན་འགྲུས་སོ།། ངང་པ་ནི་བླ་མའི་ཆོས་རྟོགས་པ་ལ་བྱའོ།། དེའི་སྔོན་དུ་འགྲོ་བ་ནི་ཤིན་ཏུ་སྦྱངས་པའོ།། དེ་ལ་ཡང་དྲན་པ་ནི་ཤེས་བཞིན་གྱི་ཕྱོགས ་སོ།། ཤེས་བཞིན་ནི་ལྷག་མཐོང་གི་ཕྱོགས་སོ།། དེ་ལ་སེམས་མངོན་པར་འདུ་བྱེད་པ་ནི་སེམས་པའོ།། ཉོན་མོངས་པ་མེད་པ་ནི་བཏང་སྙོམས་སོ།། དེ་འདུན་པ་ལ་སོགས་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང ་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་སྒོམ་པར་བྱེད་དེ། དབེན་པ་ནི་ཉོན་མོངས་པ་ལས་སོ།། འདོད་ཆགས་དང་བྲལ་བ་ནི་སྲིད་པའི་འདོད་ཆགས་དང་བྲལ་བའོ།། འགོག་པ་ནི་སྡུག་བསྔལ་ལོ།། དེ་དག་ལ ་བརྟེན་ནས་རྣམ་པར་སྤོང་བུ་ནི་སྡུག་བསྔལ་ཏེ། དེ་དག་ལ་བརྟེན་པའོ།། དེའི་ཕྱིར་ཡོངས་སུ་གྲུབ་པ་སྒོམ་མོ།། མཆོག་ཏུ་དབང་བྱེད་པས་ན་དབང་པོ་སྟེ། དང་བ་ལ་སོགས་པ་ལྔའོ།། འཇིག་རྟེན་ལས་འདས་པའི་ཆོས ་སྐྱེད་ཅིང་ཐོབ་པ་ལ་བདག་པོར་གྱུར་པས་ན་དབང་པོ་སྟེ། དང་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོའོ།། རྫུ་འཕྲུལ་གྱི་རྐང་པ་དང ་ལྗོན་པའི་རྟགས་མཐོང་བ་ལས་ཕྱིས་ཁྱད་པར་ཅན་དུ་འབྱུང་བ་ལ་ངེས་པ་སྐྱེ་བའི་ཕྱིར་སྟོན་པ་དང་ཉན་ཐོས་ངག་གི་རྟོགས་པ་ལ་དད་པ་སྐྱེ་བ་དེ་ནི་འདིའི་དད་པའི་དབང་པོའོ།། དད་པ་ལྷག་པས་ན་བརྩོན་འགྲུས་ལ་སོགས ་པ་ཡང་ལྷག་པར་འགྱུར་ཏེ། དེས་ན་དབང་པོ་ལྔར་འགྱུར་རོ།། དེ་ལྟར་དབང་པོ་སྒོམ་པ་ན་བདུད་ལ་སོགས་པ་མི་མཐུན་པའི་ཕྱོགས་ཀྱི་མི་རྫི་བའི་ཕྱིར་དང་པའི་སྟོབས་ནས་ཤེས་རབ་ཀྱི་བར་རོ།། བྱང་ཆུབ་ནི་ཡང་དག་པ་ཇི ་ལྟ་བ་བཞིན་དུ་རྟོགས་པའི་མཐོང་བའི་ལམ་ནི་རྫོགས་པའི་བྱང་ཆུབ་སྟེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནས། བཏོང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་བར་དུའོ།། དེ་ལ་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་། ་བརྩོན་འགྲུས་དང་། དགའ་བ་ནི་ལྷག་མཐོང་གི་ཕྱོགས་སོ།། ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་ནི་ཞི་གནས་ཀྱི་ཕྱོགས་སོ།། དྲན་པ་ནི་གཉི་གའི་ཕྱོགས་སོ།། དེས་ང་དག་ཐོབ་པས་མཐོང་བས་སྤང་བར ་བྱ་བའི་ཉོན་མོངས་པ་སྤངས་པར་བདག་ཉིད་ཀྱིས་མཐོང་ནས་བསྒོམ་པས་སྤང་བར་བྱ་བ་དག་སྤང་བའི་ཕྱིར་འཕགས་པའི་ལུམ་ཡན་ལག་བརྒྱད་ཕུང་པོ་གསུམ་དུ་སྒོམ་པར་བྱེད་དོ།། དེ་ལ་ཡང་དག་བྱའི་ལྟ་བ་དང་། ཡང ་དོག་པའི་རྟོག་པ་དང་། ཡང་དག་པའི་བརྩོན་པ་ནི་ཤེས་རབ་ཀྱི་ཕུང་པོའོ།། ཡང་དག་པོའི་ངག་དང་། ལུས་ཀྱི་མཐའ་དང་། འཚོ་བ་ནི་ཚུལ་ཁྲིམས་ཀྱི་ཕུང་པོའོ།། ཡང་དག་པའི་དྲན་པ་དང་། ཏིང་ངེ་འཛིན་ནི་ཏིང་ངེ་འཛིན་གྱི ་ཕུང་པོའོ།། འཕགས་པ་ནི་སློབ་པ་རྣམས་སོ།། དེ་དག་གིས་ནི་ཉོན་མོངས་པ་ཐམས་ཅད་སྦྱང་བའི་ཕྱིར་དང་། རྣམ་པར་གྲོལ་བ་མངོན་སུམ་དུ་བྱ་བའི་ཕྱིར་འཕགས་པ་སློབ་པའི་ལམ་འདི་སྐྱེད་པར་བྱེད་དེ། དེ་བས ་ན་འདི་འཕགས་པ་རྣམས་ཀྱི་ཡན་ལག་བརྒྱད་ཡིན་པས་ན་འཕགས་པའི་ལམཱ་ཡན་ལག་བརྒྱད་དོ།། དེ་དག་ནི་དྲན་པ་ཉེ་བར་བཞག་པ་ལ་སོགས་པ་སྟེ། སྡེ་ཚུན་བདུན་རེ་རེར་རྣམ་པར་དབྱེ་བ་བྱས་ནས་བྱུང ་ཆུབ་ཀྱི་ཕྱོགས་དང་མཐུན་པ་སུམ་ཅུ་རྩ་བདུན་དུ་འགྱུར་རོ།། བྱང་ཆུབ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་སོ།། དེའི་རྗེས་སུ་མཐུན་པ་ནི་བྱང་ཆུབ་ཀྱི་ཕྱོགས་སོ།། ཏིང་ངེ་འཛིན་གསུམ་ཞེས་བྱ་བ་ནི་རྣམ་པར ་ཐར་པའི་སྒོ་གསུམ་གྱི་སྟེ། རང་གི་མཚན་ཉིད་ཀུན་བརྟགས་པ་དེའི་ངོ་བོ་གཏན་དུ་མེད་པས་ངེས་སྟོང་པའོ།། ཡོངས་སུ་གྲུབ་པའི་རླུང་གི་ངོ་བོ་ནི་བརྗོད་དུ་མེད་པས་མཚན་མ་མེད་པ་སྟེ། དེས ་ན་མཚན་མ་མེད་པའོ།། གཞན་གྱི་དབང་གི་ངོ་བོ་ནི་འཁྲུལ་པ་སྟེ། མེད་པའི་ངོ་བོར་སྣང་བའི་ཕྱིར་རོ།། འཁྲུལ་པའི་རྩ་བ་ཡང་ཉོན་མོངས་པ་སྟེ། དེའི་ཕྱིར་དེ་ནི་སྤང་བར་བྱ་བ་ཡིན་གྱི། སྨོན་པར་འོས་པ་ནི་མ་ཡིན་ཏེ། དེས ་ན་སྨོན་པ་མེད་པའོ།། ཤེས་པ་བཅུ་གཅིག་ནི་མདོ་ཇི་ལྟ་བ་བཞིན་ཏེ། སྡུག་བསྔལ་མི་སྐྱེ་བར་ཤེས་པ་ནི་སྡུག་བསྔལ་འབྱུང་བའི་མི་སྐྱེ་བ་སྟེ། དེ་ཤེས་པའོ།། སྤངས་པ་ཤེས་པ་ཞེས་བྱ་བ་ནི་ཀུན་འབྱུང་གི་བདག་ཉིད་ཉོན ་མོངས་པ་ལ་སོགས་པ་སྤངས་པ་སྟེ། དེ་ཤེས་པའོ།། སྡུག་བསྔལ་འགོག་པ་ཤེས་པ་ཞེས་བྱ་བ་ནི་སྡུག་བསྔལ་དག་འགོག་པ་སྟེ། དེ་ཤེས་པའོ།། འགོག་པ་མངོན་སུམ་དུ་བྱ་བ་དེ་ལམ་གང་གིས་འགོག་པ་མངོན ་སུམ་དུ་བྱེད་པ་ནི་དེའི་ཤེས་པ་སྟེ། འདིས་སྡུག་བསྔལ་འགོག་པའོ།། འདོད་ཆགས་ལ་སོགས་པའི་ཟད་པ་ཤེས་པ་ནི་ཟད་པ་ཤེས་པའོ།། འདོད་ཆགས་ལ་སོགས་པ་མི་སྐྱེ་བ་ཤེས་པ་ནི་མི་སྐྱེ་བར་ཤེས་པའོ།། ་རྣམ་པར་གྲོལ་བ་མངོན་སུམ་དུ་བྱེད་པ་ཤེས་པ་ནི་ཆོས་ཤེས་པའོ།། མི་རྟག་པ་ཉིད་ལ་སོགས་པ་དེ་རྗེས་སུ་དཔག་པས་ཤེས་པ་ནི་རྗེས་སུ་ཤེས་པའོ།། གཅིག་ཏུ་ཀུན་བརྟགས་པ་ལ་དམིགས་པ་ཉིད་ཡིན་པའི་ཕྱིར ་གཞན་གྱི་སེམས་ཤེས་བྱ་ནི་ཀུན་རྫོབ་ཤེས་པའོ།། ལམ་ལ་འདྲིས་པ་ནི་ལམ་ལ་སོགས་པའོ།། སྒྲ་ཇི་བཞིན་ཤེས་པ་ནི་དེ་བཞིན་གཤེགས་པ་རྣམས་དང་ལྷ་དང་མི་ལ་སོགས་པ་ཐམས་ཅད་ཀྱི་སྐད་ཤེས་པའོ།། ་དབང་པོ་གསུམ་ནི་མདོ་ཇི་ལྟ་བ་བཞིན་ཏེ། རྣམ་པར་བྱུང་བའི་ཆོས་རྣམས་ལ་བདག་པོ་ཡིན་པའི་ཕྱིར་དབང་པོའོ།། དབང་པོ་གང་ལ་མི་ཤེས་པ་ཀུན་ཤེས་པར་བྱེད་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། ཀུན་ཤེས་པའི ་དབང་པོ་དང་ཀུན་ཤེས་པ་བསྲུང་བའི་དབང་པོ་ནི་ཀུན་ཤེས་པ་དང་ལྡན་པའི་དབང་པོའོ།། སྣང་བ་མེད་པ་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པའི་ཕྱིན་ཅི་ལོག་བཞི་སྨོད་བ་མེད་པའི་ཕྱིར་དང་། བྱང་ཆུབ་སེམས་དཔའ་རྣམས ་ཀྱི་ཡང་སྤྲོས་པའི་མཚན་མ་ཐམས་ཅད་ནུབ་པས་ཆོས་ཉིད་ཙམྲ་ལ་དམིགས་པའི་ཕྱིར་རོ།། དྲེགས་པ་འདུལ་པོ་ནི་ཇི་ལྟར་འོས་པ་ཉོན་མོངས་པ་འདུལ་བའི་ཕྱིར་རོ།། རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་དང་བཅས ་པ་ལ་སོ་གས་པའི་ཏིང་ངེ་འཛིན་གསུམ་ནི་མདོ་ཇི་ལྟ་བ་བཞིན་ནོ།། སངས་རྒྱས་ལ་སོགས་པ་རྗེས་སུ་དྲན་པ་བཅུ་ནི་མདོ་ཇི་ལྟ་བ་བཞིན་ནོ།། བསམ་གཏན་དང་གཟུགས་མེད་པ་ནི་འཇུག་པའི་སྒྲུབ་པར་བསྟོན་པའོ།། ཚད ་མེད་པ་ཡང་འཇུག་པའི་སྒྲུབ་པའི་ཚད་མེད་པ་བཞིན་ནོ།། རྣམ་པར་ཐར་པ་བརྒྱད་ནི་གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་དང་པོའོ།། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུག ་རྣམས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་གཉིས་པའོ།། སྡུག་པར་མོས་པ་འདི་ནི་རྣམ་པར་ཐར་པ་གསུམ་པའོ།། གསུམ་པོ་འདི་དག་ནི་སྤྲུལ་པའི་སྒྲིབ་པའི་གཉེན་པོར་འགྱུར་བའི་ཕྱིར་རྣམ་པར ་དག་པའོ།། དེ་ལ་དང་པོ་གཉིས་ནི་མི་སྡུག་པའོ།། གསུམ་པ་ནི་སྡུག་པའོ།། རྣལ་འབྱོར་པ་ཁ་ཅིག་འདོད་པ་ན་སྤྱོད་པའི་ཁ་དོག་གི་འདོད་ཆགས་ལ་སོགས་པའི་གཉེན་པོར་ནང་གི་སྒྲ་ལ་སྩོགས་པ་ལ་དམིགས་པའི ་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་ནས་དེ་ཉིད་ཀྱི་འོག་ཏུ་ཕྱི་རོལ་གྱི་སྔོན་པོ་ལ་སོགས་པ་ལ་དམིགས་ཏེ། བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ། བསམ་གཏན་དང་པོའི་ཁ་དོག་གི་འདོད་ཆགས ་ལ་སོགས་པའི་གཉེན་པོར་བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་པ་དེ་བསྟན་ཏེ། གཟུགས་ཅན་གཟུགས་རྣམས་ལ་ལྟ་བཱ་ཞེས་བྱ་བ་ནི་ནང་གི་གཟུགས་ལ་དམིགས་པའི་ཕྱིར་གཟུགས་ཅན་ཞེས་བརྗོད་དོ།། ་ཕྱི་རོལ་གྱི་གཟུགས་ལ་དམིགས་པའི་ཕྱིར་གཟུགས་ལ་ལྟ་བ་ཞེས་བརྗོད་དོ།། རྣལ་འབྱོར་པ་ལ་ལ་ནང་ལ་མི་དམིགས་པ་ཉིད་ཀྱིས་ཕྱི་རོལ་གྱི་དངོས་པོ་ལ་སོགས་པ་འབའ་ཞིག་ལ་དམིགས་ཤིང་སྔ་མ་བཞིན་དུ ་བསམ་གཏན་དང་པོ་འམ་གཉིས་པ་ལ་སྙོམས་པར་ཞུགས་པ་ཡང་བརྗོད་དོ།། དེ་ནི་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་ཞེས་བྱའོ།། དེ་བཞིན་དུ་མི་སྡུག་པ་རྣམ་པར་བསྒོམ ་པས་སེམས་ཀྱི་རྒྱུད་ཞུམ་པ་དགའ་བར་བྱ་བ་འམ། ཅི་བདག་ཡིད་དུ་འོང་བའི་གཟུགས་རྣམས་སྡུག་པ་ཉིད་དུ་ཡིད་ལ་བྱེད་པ་ན་ཁ་དོག་ལ་འདོད་ཆགས་ལ་སོགས་པ་སྐྱེ་འམ་ཞེས་སད་པའི་ཕྱིར་ཡིད་དུ་འོང་བའི ་གཟུགས་ལ་དམིགས་ནས་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པ་ལ་སྡུག་པར་མྱོས་པར་འགྱུར་ཞེས་བརྗོད་པར་བྱའོ།། དེ་ནི་གཟུགས་ཅན་གྱི་རྣམ་པར་ཐར་པ་གསུམ་མོ།། གཟུགས་མེད་པའི་རྣམ་པར ་ཐར་པ་ལ་ནི་ལྔ་སྟེ། ནམ་མཁའ་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་ནས། འདུ་ཤེས་དང་ཚོར་བ་འགོག་པ་ཞེས་བྱ་བའི་རྣམ་པར་ཐར་པ་ཞེས་བྱ་བའི་བར་དུ་དེ་ལ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ ་གཟུགས་མེད་པ་བཞིའི་དྲག་པ་བ་ནི་དེའི་རོ་མྱང་བའི་སྒྲིབ་པའི་གཉེན་པོ་ཡིན་པའི་ཕྱིར་རྣམ་པར་ཐར་པ་སྟེ། ཞི་བར་གནས་པ་ཞེས་ཀྱང་བརྗོད་དོ།། འདུ་ཤེས་དང་ཚོར་བ་འགོག་པ་ཡང་ཐར་པ་དང་རྗེས་སུ་མཐུན་པར ་གནས་པའོ།། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་རྟེན་ཅིང་ལངས་ནས་སེམས་དང་སེམས་ལས་བྱུང་བ་རྣམས་འགོག་པ་སྟེ། དེའི་སྒྲིབ་པ་སྤངས་པའི་ཕྱིར་རྣམ་པར་ཐར་པ་སྟེ། ཞི་བར་གནས ་པ་ཞེས་ཀྱང་བརྗོད་དོ།། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཞེས་བྱ་བ་ནི་བསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། འདུ་ཤེས་དང་ཚོར་བ་འགོག་པའོ།། ་དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང་། ཁམས་སྣ་ཚོགས་མཁྱེན་པའི་སྟོབས ་དང་། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང་། དབང་པོ་མཆོག་དང་། མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང་། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང་། བསམ་གཏན་དང་རྣམ་པར་ཐར་པ ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱུང་བ་དང་ལྡལྷུང་བ་མཁྱེན་པའི་སྟོབས་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང་། འཆི་འཕོ་དང་སྐྱེ་བ ་མཁྱེན་པའི་སྟོབས་དང་། ཟུག་པ་ཟད་པ་མཁྱེན་པའི་སྟོབས་ཞེས་བྱ་བ་ལ། དེ་དག་གི་མཚན་ཉིད་མདོའི་གོ་རིམ་ཇི་ལྟ་བ་བཞིན་ནོ།། གནས་ལ་ཡང་གནས་སུ་གནས་མ་ཡིན་པ་ལུ་ཡང་གནས་མ་ཡིན་པར་རོབ་ཏུ ་ཤེས་ཞེས་བྱ་བ་ནི་ཉེས་པར་སྤྱོད་པ་རྣམས་ལྷས་མི་འདོད་པའི་རྣམ་པར་སྨིན་པ་ནི་གནས་སོ།། འདོད་པ་ནི་གནས་མྱ་ཡིན་པའོ།། ལེགས་པར་སྤྱོད་པ་རྣམས་ལུས་འདོད་པ་ནི་གནས་སོ།། མི་འདོད་པ་ནི་གནས་མ་ཡིན ་པའོ།། སེར་སྣས་དབུལ་བ་ནི་གནས་སོ།། ལོངས་སྤྱོད་ཆེན་པོ་ནི་གནས་མ་ཡིན་པའོ།། སྦྱིན་པ་ལས་ལོངས་སྤྱོད་ཆེན་པོ་ནི་གནས་སོ།། དབུལ་པོར་གྱུར་པ་ནི་གནས་མ་ཡིན་པའོ།། འཆལ་བའི་ཚུལ ་ཁྲིམས་ཀྱིས་ངན་འགྲོར་སྐྱེ་བའི་གནས་སོ།། བདེ་འགྲོ་ནི་གནས་མ་ཡིན་པའོ།། ཚུལ་ཁྲིམས་ཀྱི་བདེ་འགྲོར་སྐྱེ་བ་ནི་གནས་སོ།། ངན་འགྲོ་ནི་གནས་མ་ཡིན་པ་སྟེ། དེ་ལ་སོགས་པ་གནས་དང་གནས་མ་ཡིན་པ་རབ ་ཏུ་མཁྱེན་པ་ནི་དག་པ་དང་ཆགས་པ་དང་ཐོགས་པ་མེད་པའི་ཡེ་ཤེས་ཀྱིས་དེ་ཉིད་ཀྱི་ཕྱིར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་པ་ནི་ཕྱིན་ཅི་མ་ལོག་པར་རོ།། དེས་ནི་བདག་པ་ཉིད་ཅེས་བརྗོད་དོ།། གང་དང་གང་ཡང་དག ་པ་ཞེས་ཟློས་པ་ནི་ཆགས་པ་མེད་པར་བསྟན་ཏོ།། རྣམ་པ་གང་དང་གང་གིས་ཡང་དག་པ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཕྱིར་ཐོགས་པ་མེད་པ་བསྟན་ཏོ།། ཡེ་ཤེས་དེ་ཉིད་སྟོབས་ཏེ་གཏན་དུ་གཞན་གྱིས ་མི་ཐུབ་བྱའི་ཕྱིར་དང་གཏན་དུ་གཞན་དག་ཟིལ་གྷིས་གནོན་པའི་ཕྱིར་རོ།། འདས་པ་ཞེས་བྱ་བ་ལ་སོགས་པ་འདིར་གནས་དང་རྒྱུ་ཞེས་བྱ་བ་ནི་གནས་དང་རྒྱུ་དང་བཅས་པའོ།། ཕྱོགས་གང་དུ་དེའི་ལས་བྱེད་པ་དེ་ནི ་གནས་སོ།། ཉན་ཐོས་ལ་སོགས་པ་གང་གི་རྒྱུ་དེའི་ལས་ཏེ་རྒྱུ་དེའི་ལས་ཏེ་རྒྱུ་དང་བཅས་པའོ།། རྣམ་པར་སྨིན་པ་ནི་བདེ་བ་དང་སྔག་བསྔལ་ལ་སོགས་པའོ།། ཁམས་སྣ་ཚོགས་ཞེས་བྱ་བ་ནི་བསྟན་པའོ།། ཁམས ་དུ་མ་ཞེས་བྱ་བ་ནི་རྗེས་སུ་བསྟན་པའོ།། ཁམས་ནི་ལྷག་པའི་བས་མ་པ་སྟེ་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བ་ལ་སོགས་པ་སྐྱེད་པར་བྱེད་པའོ།། མོས་པ་སྣ་ཚོགས་ཞེས་བྱ་བ་ནི་འདིར ་འདོད་པ་ནི་མོས་པ་སྟེ། དཔེར་ནུ་ཆགས་པ་ལ་གནས་པ་ཡང་ཞེ་སྡང་ལ་མོས་པ་དང་། ཞེ་སྡང་ལ་གནས་པ་ཡང་ཆགས་པ་ལ་མོས་པ་ལྟ་བུའོ།། དབང་པོའི་རིམ་པ་ཞེས་བྱ་བ་ནི་དད་པ་ལ་སོགས་པའི་དབང ་པོ་ཐ་དད་པ་ཉིད་དེ། འདི་ནི་དབང་པོ་རྟུལ་པོའོ།། དབང་པོ་འབྲིང་པོའོ།། དབང་པོ་རྣོན་པོའོ།། དབང་པོ་མེད་པའོ།། ཞེས་བྱ་བ་ལ་སོགས་པའོ།། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པ་ནི་འདིར་བྱང་ཆུབ་སེམས་དཔའ་སེམས ་ཅན་གྱི་ཁྱམས་ཡང་དག་པ་ཉིད་དུ་ངེས་པ་དང་མ་ངེས་པ་ཤེས་པ་ནི་དེ་དག་གི་རྗེས་སུ་མཐུན་པའི་ལམ་མཁྱེན་ཅིང་སྟོན་པ་དང་། ལོག་པ་ཉིད་དུ་ངེས་པ་ནི་བཏང་སྙོམས་སུ་བྱ་བ་དང་མཐུན་པོར་བཏིང་སྙོམས་སུ་བྱེད་དོ།། ་འདི་ནི་འདོད་ཆགས་ཀྱི་གཉེན་པོར་གྱུར་པའི་ལམ་མོ།། འདི་ནི་ཞེ་སྡང་གི་གཉེན་པོར་གྱུར་པའི་ལམ་མོ་ཞེས་བྱ་བ་ལ་སོགས་པའོ།། བྱསམཱ་གཏན་དང་རྣམ་པ་ཐར་པ་དང་ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དང་ལྡང་བ་ཞེས་བྱ་བ་ལ། བསམ་གཏན་ནི་བཞིའོ།། རྣམ་པར་ཐར་པ་ནི་བརྒྱད་དོ།། ཏིང་ངེ་འཛིན་ནི་གསུམ་སྟེ། རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པ་ལ་སོགས ་པའོ།། སྙོམས་པར་འཇུག་པ་ནི་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའོ།། ཀུན་ནས་ཉོན་མོངས་པ་ལ་སོགས་པ་དེ་ལ་ཀུན་ནས་ཉོན་མོངས་པའི་ནི ་རོ་མྱོང་བའོ།། རྣམ་པར་བྱུང་བ་ནི་མི་དམིགས་པ་ལ་སོགས་པའོ།། ལྡང་བ་ནི་སྲེངྒེ་རྣམ་པར་བསྒྱིངས་པ་འམ་ཐོད་རྒལ་བའོ།། ལྷག་མ་གསུམ་ནི་མདོ་ཇི་ལྟ་བ་བཞིན་ནོ།། སེང་གེ་བཞིན་དུ་ཤིན་ཏུ་བསྙེངས་པ་མེད་པས་རིགས ་པར་གསུངས་ནི་མི་འཇིགས་པ་སྟེ། དེའི་དངོས་པོ་འམ་ལས་ནི་དེ་ཉིད་དོ།། མི་འཇིགས་པ་ནི་བཞི་སྟེ། མངོན་པར་རྫོགས་པར་བྱང་ཆུབ་པ་ལ་མི་འཇིགས་པ་དང་། ཟག་པ་ཟད་པ་ལ་མི་འཇིགས་པ་དང་། བར་དུ་གཅོད་པའི ་ཆོས་ལ་མི་འཇིགས་པ་དང་། ངེས་པར་འབྱིན་པའི་ལམ་ལ་མི་འཇིགས་པའོ།། མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བ་ལ་སོགས་པ་ལ། མི་འཇིགས་པ་ནི་དེར་ངམ་འཆའ་བ་དང་། དགོད་པ་ལ་ཞེས་བྱ་བའི ་དོན་ཏོ།། དྲདུང་པོ་གཉིས་ནི་ཡེ་ཤེས་དང་སྤངས་པའི་མཚན་ཉིད་དེ་རང་གི་དོན་ཏོ།། ཐ་མ་གཉིས་ནི་གཞན་གྱི་དོན་ཏེ་གཞན་དག་ལ་དེ་སྟོན་པའི་ཕྱིར་རོ།། མཚན་ཉིད་རྒྱ་ཆེར་ནི་མདོ་ཇི་ལྟ་བ་བཞིན་ནོ།། འདིར་ཡང་དགེ་སྦྱོང ་དང་བྲམ་ཟེ་སྨོས་པ་ནི་ཤེས་རབ་ཀྱིས་མངོན་པའི་ང་རྒྱལ་བྱེད་པའི་ཕྱིར་རོ།། ལྷ་དང་བདུད་སྨོས་པས་ལྷའི་མིག་དང་ཕ་རོལ་གྱི་སེམས་ཤེས་པ་ཕུན་སུམ་ཚོགས་པའི་ཕྱིར་རོ།། ཚངས་པ་ནི་མཐུ་ལ་སོགས་པ་ཆེ་བའི་ཕྱིར ་རོ།། རྒྱུ་དེ་མ་མཐོང་ཞེས་བྱ་བ་ནི་དེ་དག་གིས་བརྒལ་བའི་རྒྱུར་གྱུར་པའི་སྐྱོན་ནོ།། བདེ་བ་ཐོབ་པ་དང་། མེད་པ་ཐོབ་པ་དང་། མི་འཇིགས་པ་ཐོབ་པ་ཞེས་བྱ་བ་ནི་གོ་རིམ་བཞིན་དུ་ལུས་ལ་སོགས་པའི་ལས་རྣམ་པར ་དག་པ་སྟེ། སྐུ་ལ་སྤུ་ལྡང་བ་དང་སྤ་བཀོད་པ་ལ་སོགས་པ་དང་། གསུང་ལ་ཞུམ་པ་དང་། དམན་པ་ལ་སོགས་པ་དང་། ཐུགས་ལ་དོགས་པ་དང་ཞུམ་པ་ཉིད་ལ་སོགས་པ་དང་བྲལ་བའི་ཕྱིར་རོ།། དེ་ཉིད ་ཀྱི་ཕྱིར་གོ་རིམ་བཞིན་དུ་ཁྱུ་མཆོག་གི་གནས་སུ་དམ་འཆའ་སེང་གེའི་སྒྲ་ཡང་དག་པར་སྒྲོག། ཚངས་པའི་འཁོར་ལོ་སྐོར་བར་མཛད། ཚངས་པ་ནི་དེ་བཞིན་གཤེགས་པ་སྟེ། འཇིག་རྟེན་ཐམས་ཅད་ལས་མངོན་པར ་འཕགས་པའི་ཕྱིར་རོ།། ཚངས་པ་དེ་རྣམས་ཀྱིའོ།། ཡང་ན་ཚངས་པ་ནི་ཐར་པ་སྟེ། དེའི་དོན་གྱི་ཕྱིར་ཚངས་པའིའོ།། འགྲོ་བའི་དོན་གྱིས་ན་འཁོར་ལོ་སྟེ། ཆོས་ཀྱི་འཁོར་ལོ་ཞེས་བྱ་བའི་དོན་ཏོ།། དེ་བཞིན་གཤེགས ་པ་རྣམས་ཀྱི་གསུང་རབ་ཡན་ལག་བཅུ་གཉིས་ནི་ཆོས་སོ།། དེའི་བརྗོད་པར་བྱ་བ་མ་ལུས་པ་ནི་དོན་ཏོ།། དེ་དག་ཉིད་ཀྱི་མིང་གི་ཚོགས་ལྔ་སོགས་པ་རྣམ་པ་མང་པོའི་ཚིགས་ངེས་པའི་ཚིག་གོ།། ཡང་ན་རྒྱུའི་ཆོས་ཐམས་ཅད ་ནི་ཆོས་སོ།། འབྲས་བུའི་ཆོས་ཐམས་ཅད་ནི་དོན་ཏོ།། འགྲོ་བ་དྲུག་དུ་གཏོགས་པའི་སེམས་ཅན་རྣམས་ཀྱི་སྐད་ཐམས་ཅད་ནི་ངེས་པའི་ཚིག་སྟེ། དེ་དག་སོ་སོར་རིག་པ་ནི་གོ་རིམ་བཞིན་དུ་ཆོས་སོ་སོར་རིག་པ་དང་། དོན ་སོ་སོར་རིག་པ་དང་། ངེས་པའི་ཚིག་སོ་སོར་རིག་པའོ།། ཆོས་ལ་སོགས་པ་གཞན་དག་ལ་སྟོན་པའི་ཕྱིར་ཆོས་ལ་སོགས་པ་སོ་སོ་ཡང་དག་པར་རིག་པ་མངོན་སུམ་དུ་གྱུར་པ་ནི་སྤོབས་པ་སྟེ། འདི་ནི་དེ་ཡང་ཡིན་ལ་སོ་སོ་ཡང ་དག་པར་རིག་པ་ཡང་ཡིན་པས་ན་སྤོབས་པ་སོ་སོ་ཡང་དག་པར་རིག་པའོ།། མ་འདྲེས་པར་སྤྱོད་པའི་ཕྱིར་ཆོས་མ་འདྲེས་པ་དག་སྟེ། གཞན་ངག་དང་ཐུན་མོང་མ་ཡིན་པ་ཞེས་བྱ་བའི་དོན་ཏོ།། དེ་ཡང་བཅོ་བརྒྱད་དེ། མདོ་ཇི ་ལྟ་བ་བཞིན་ནོ།། དེ་ལ་དང་པོ་ལུས་ཀྱི་ལས་དང་། གཉིས་པ་གང་གི་ལས་དང་། དེ་ནས་བཞི་ནི་ཡིད་ཀྱི་ལས་ཡོངས་སུ་དགྲ་པའོ།། དེ་ནས་དྲུག་ནི་དེ་བཞིན་གཤེགས་པའི་དབང་པོའི་རྟེན་དང་བཅས་པ་དང་། འབྲས་བུ ་དང་བཅས་པ་ལ་མ་ཐོབ་པའི་ཡོངས་སུ་ཉམས་པ་མེད་པའི་ཕྱིར་རོ།། དེ་ལ་རྟེན་ནི་འདུན་པའོ།། འབྲས་བུ་ནི་རྣམ་པར་གྲོལ་བའོ།། དབང་པོ་ནི་བརྩོན་འགྲུས་ལ་སོགས་པའོ།། དེ་ནས་ནི་གསུམ་ནི་ལུས་ལ་སོགས ་པའི་ལས་རྣམས་ལ་ཡེ་ཤེས་གནས་པ་ཉིད་ཀྱི་ཡེ་ཤེས་ཀྱིས་རྒྱུ་ཉིད་དང་། ཡེ་ཤེས་དང་ལྷན་ཅིག་སྤྱོད་པ་ཉིད་ཀྱིས་སོ།། དེ་ནས་དུས་གསུམ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་འཇུག་སྟེ། དེས་ནུ་གསུམ་སྟེ། ་དྲུག་པོ་དེ་དག་གིས་བཅོ་བརྒྱད་དུ་འགྱུར་རོ།། འཁྲུལ་པའི་མངའི་བ་ཞེས་བྱ་བ་ནི་འདི་ལྟར་དགྲ་བཅོམ་པོ་རྣམས་གྲོང་ལ་སོགས་པར་བསོད་སྙོམས་ཀྱི་ཕྱིར་རྒྱུ་བ་ན་གླང་པོ་ཆེ་དང་། བ་གླང་དང་། ཁྱི་གཏུམ་པོ་དང་། ཚིར ་མ་དང་། སྡིག་སྦྲུལ་ལ་སོགས་པའི་གནོད་པ་འབྱུང་བ་དང་། ཡང་ན་དགོན་པ་ན་ཆོམ་རྐུན་དང་སྟག་ལ་སོགས་པའི་འཇིགས་པ་དེ་ལྟ་བུའི་འཁྲུལ་པ་དེ་བཞིན་གཤེགས་པ་ལ་རྣམ་པ་ཐམས་ཅད་དུ་མི་མངའ་སྟེ། ་རྟག་ཏུ་ཡང་དག་པར་རྟོགས་པར་མཛད་པ་ཉིད་ཀྱི་ཕྱིར་རོ།། ཅ་ཅོ་མེད་པ་ཞེས་བྱ་བ་ནི་ཇི་ལྟར་དགྲ་བཅོམ་པ་དག་དགོན་པ་ན་ལམ་སྟོན་ནས་ཅ་ཅོའི་སྒྲ་འབྱིན་པ་བག་ཆགས་ཀྱི་དབང་གིས་གང་མོ ་རྟ་གང་འབྱིན་པ་དེ་ལྟ་བུ་སངས་རྒྱས་ལ་མི་མངའ་སྟེ། རྟུག་ཏུ་མཉམ་པར་བཞག་པའི་ཕྱིར་རོ།། བསྙེལ་བ་མི་མངའ་བ་ཞེས་བྱ་བ་ནི་ཇི་ལྟར་དགྲ་བཅོམ་པ་རྣམས་བརྗེད་པས་བྱ་ཤོར་བ་དང་། དུས་ལས་ཡོལ་བར་འགྱུར། ་པ་དེ་ལྟར་སངས་རྒྱས་ལ་མི་མངའ་སྟེ། ཐུགས་རྗེ་ཆེན་པོ་མངའ་བའི་ཕྱིར་རོ།། ཐུགས་མཉམ་པར་མ་བཞག་པ་མེད་པ་ཞེས་བྱ་བ་ནི་འདི་ལྟར་དགྲ་བཅོམ་པ་དག་གང་གི་ཚེ་སྙོམས་པར་ཞུགས་པ་ཉིད་ནི་མཉམ་པར་གཞག ་པ་ཡིན་གྱི། གཞན་གྱི་ཚེ་ནི་མ་ཡིན་ནོ།། དེ་ལྟར་སངས་རྒྱས་ནི་མ་ཡིན་ཏེ། རྟག་ཏུ་མཉམ་པར་བཞག་པའི་ཕྱིར་རོ།། ཐུ་དད་པའི་འདུ་ཤེས་མྱེད་པ་ཞེས་བྱ་བ་ནི་ཇི་ལྟར་དགྲ་བཅོམ་པ་དགྲ་ནི་ཕུང་པོ་ལ་གཅིག་ཏུ་མི་མཐུན་པར ་འདུ་ཤེས་ལ་མྱ་ངན་ལས་འདས་པ་ལ་ནི་ཞི་བར་འདུ་ཤེས་པ་དེ་ལྟར་སངས་རྒྱས་ནི་མ་ཡིན་ཏེ། གཉི་ག་ལ་རྣམ་པར་མི་རྟོག་པ་ཉིད་ཀྱི་ཕྱིར་རོ།། སོ་སོར་མ་བརྟགས་པའི་བཏང་སྙོམས་མེད་ཅེས་བྱ་བ་ནི་ཇི་ལྟར་དགྲ་བཅོམ་པ ་རྣམས་སོ་སོར་མ་བརྟགས་པར་སེམས་ཅན་གྱི་དོན་ཡལ་བར་འདོར་གྱི། དེ་ལྟར་སངས་རྒྱས་ནི་མ་ཡིན་ཏེ། དེ་ནི་དུས་ལ་སོགས་པ་སོ་སོར་བརྟགས་ནས་ཡལ་བར་འཇོག་པ་ཡིན་གྱི། གཞན་དུ་ནི་མ་ཡིན་ནོ།། འདུན་པ་ཉམས ་པ་མེད་པ་ཞེས་བྱ་བ་ལ་སོགས་པ་ནི་དགྲ་བཅོམ་པ་དག་ནི་སངས་རྒྱས་ཀྱི་ས་དང་སངས་རྒྱས་ཀྱི་མཛད་པ་ལ་འདུན་པ་ལ་སོགས་པ་མི་སྐྱེ་སྟེ། དེ་བས་ན་དེ་དག་ལས་མུ་ཐོབ་པའི་ཡོངསུ་སུ་ཉམས་པས་ཡོངས་སུ་ཉམས ་པ་ཡིན་ཏེ། དེ་ལྟར་སངས་རྒྱས་ནི་མ་ཡིན་ཏེ། དེ་དག་ལ་ཁྱད་པར་གྱི་ཆོས་མ་ཐོབ་པ་མི་མངའ་བའི་ཕྱིར་དང་། ཐོབ་པ་རྣམ་ནི་རྟག་པ་ཉིད་ཀྱི་ཕྱིར་རོ།། ལྷག་མ་ནི་གོ་སླའོ།། དེ་ནི་ལམ་གྱི་ཚོགས་སོ།། གཟུངས་ཀྱི་ཚོགས ་བཤད་པར་བྱ་སྟེ། དེ་ལ་གཟུངས་ཀྱི་སྒོ་རྣམས་ལ་ཞེས་བྱ་བ་ལ། གཟུངས་ནི་བཞི་སྟེ། བཟོད་པའི་གཟུངས་དང་། ཆོས་ཀྱི་གཟུངས་དང་། དོན་གྱི་གཟུངས་དང་། གསང་སྔགས་ཀྱི་གཟུངས་སོ།། དེ་རྣམས་ཀྱི་སྒོ ་ནི་ཡི་གེ་རྣམས་སོ།། ཡི་གེ་ངེས་པར་བསམས་པའི་སྟོབས་ཀྱིས་དེ་དག་འབྱུང་བར་འགྱུར་རོ།། གཅིག་ཉིད་ལ་མང་པོའི་ཚིག་ནི་འབྲས་བུ་ལ་རྒྱུ་ཉེ་བར་བརྟགས་པ་ཡིན་ཏེ། དེ་ཡང་འདིར་གཟུངས་ཀྱི་སྒོ་ལས་སྐྱེས ་པའི་ཡེ་ཤེས་ཉིད་ལ་གཟུངས་ཀྱི་སྒོ་ཞེས་བྱའོ།། ཡི་གེའི་ཚུལ་མཉམ་པ་ཉིད་ཅེས་བྱ་བ་ལ། ཡི་གེས་འདྲེན་པར་བྱེད་ཤེས་པར་བྱེད་པས་ན་ཡི་གེའི་ཚུལ་ཏེ། དོན་དམ་པར་དེ་ཉིད་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཡིན་ལ ་དེ་ལ་དམིགས་པའི་ཡེ་ཤེས་ལ་དེ་སྐད་ཅེས་བརྗོད་དོ།། ཡི་གེའི་སྒོ་ཞེས་བྱ་བ་ནི་འདིའི་སྒྲོ་ཡི་གེ་ཡིན་པས་ན་ཡི་གོའི་སྒོའོ།། ཡི་གེས་འཇུག་པར་བྱེད་པ་སྟེ། ཐོབ་པར་བྱེད་པ་ཞེས་བྱ་བའི་དབང་དུ་བྱས་པའོ།། ཨ་ཞེས ་བྷཱ་བྱཱ་ནོ་གཟོད་མ་ནས་མྦྷ་སྐྱེས་པའི་ཆོས་ཐམས་ཅད་ཀྱི་སྒོ་སྔོན་ནོ་ཞེས་བྱ་བ་ལཱ། ཡི་གེ་ཨའི་སྒོ་སྣང་དག་པ་ཇི་ལྟ་བ་བཞིན་རྟོགས་པར་འགྱུར་བའི་ཕྱིར་ས་ཐམས་ཅད་ཀྱི་སྒོ་དང་རྒྱུའོ།། མྱུར་ཕྱིར་ཞེ་ན ་གཟོད་མ་ནས་སྐྱེ་བ་མེད་པའི་ཕྱིར་ཏེ། གང་གི་ཕྱིར་ཆོས་ཐམས་ཅད་གཟོད་མ་ནས་དྲི་མ་དང་བཅས་པའི་གནས་སྐབས་ཉིད་ན་སྐྱེ་བ་མེད་པ་དེའི་ཕྱིར་རྣལ་འབྱོར་སྦྱོང་བ་པོ་འདི་ཡི་གེ་ཨ་མ་སྐྱེས་པའི་དོན་དུ་སྒྲོ་བཏོགས་ནས ་སྒོམ་པ་ན་གོམས་པའི་སྟོབས་ལས་ཡི་གེ་ཨུ་ཙམ་ཤིན་ཏུ་བསྒོམས་པས་ཆོས་ཐམས་ཅད་མི་སྐྱེ་བའི་བཟོད་པ་ཐོབ་སྟེ། དེ་བས་ནུ་བཟོད་པའི་གཟུངས་སྐྱོ་འགྱུར་རོ།། དེ་ནས་ཕྱོགསོ་བཅུའི་སངས་རྒྱས་དང་བྱང་ཆུབ ་སེམས་དཔའ་ཐམས་ཅད་ཀྱི་བཤད་པའི་ཚོགས་འཛིན་པའི་རྒྱུར་གྱུར་པ་ནི་ཆོས་ཀྱི་གཟུངས་སོ།། དེ་ནས་དེའི་དོན་འཛིན་པའི་རྒྱུ་ནི་དོནྡ་གྱི་གཟུངས་སོ།། སེམས་ཅན་ཐམས་ཅད་ཀྱི་ཡམས་དང་གནོད་པ ་ཡང་དག་པར་ཞི་བར་བྱ་བའི་དོན་གྱི་སྔགས་ཀྱི་གཞི་ནི་གསང་སྟེགས་ཀྱི་གཟུངས་སོ།། སྐྱེ་བ་མེད་པ་ལ་སོགས་པ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཡིན་ཏེ། དེ་ཡང་ནམ་མཁའ་དང་མཚུངས་པ་དེ་བས་ན ་ཇི་ལྟར་ནམ་མཁའ་སྐྱོ་བ་མེད་པ་བཞིན་དུ་དེ་བཞིན་ཉིད་ཀྱང་ངོ་།། ཚུལ་འདིས་ཡི་གེ་ཐམས་ཅད་བལྟ་བར་བྱའོ།། རྡུལ་དང་བྲལ་བའི་ཕྱིར་ཞེས་བྱ་བ་ནི་ཇི་ལྟར་ནམ་མཁའ་རྡུལ་གྱི་མ་གོས་པ་ཉིད་ཀྱི་རྡུལ་དང་བྲལ་བ་དེ ་བཞིན་དུ་དེ་བཞིན་ཉིད་ཀྱང་ངོ་།། དོན་དམ་པར་ཁྱད་པར་མེད་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་དེ་བཞིན་ཉིད་ལ་དོན་དུམ་པར་ཐ་དད་པ་མེད་པའི་ཕྱིར་རོ།། འཆི་འཕྲོ་དང་སྐྱེ་བ་མི་དམིགས་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་དེ་བཞིན་ཉིད ་ལ་འཆི་བའི་སྲིད་པ་དང་སྐྱེ་བའི་སྲིད་པ་མི་དམིགས་པའི་ཕྱིར་རོ།། མིང་དང་བྲལ་བའི་ཕྱིར་ཞེས་བྱ་བ་ནི་དེ་བཞིན་ཉིད་ལ་མིང་དུ་བརྗོད་པ་དང་བྲལ་བའི་ཕྱིར་རོ།། འཇིག་རྟེན་ལས་འདས་ཤིང་སྲེད་པའི་འཁྲི་ཤིང་གི ་རྒྱུ་དང་རྐྱེན་ཡང་དག་པརོ་བཅོམ་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལོ། དེ་བཞིན་ཉིད་ལྔ་ཞེས་བྱ་བ་ནི་ལྷག་མའོ།། འདས་པ་ཉིད་ནི་འདས་པའི་ཡེ་ཤེས་ཐོབ་པ་ཉིད་ཀྱི་ཕྱིར་རོ།། ཡང་དག་པར་བཅོམ་པ་ཉིད་ནི་ཡང་དག་པར་བཅོམ་པ ་ཐོབ་པ་ཉིད་ཀྱི་ཕྱིར་རོ།། དུལ་བུ་དང་དུལ་བར་གནས་པོ་ཡོངས་སུ་གཅོད་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ། དེ་བཞིན་ཉིད་ནི་མ་དུལ་བར་བྱེད་པ་ཉོན་མོངས་པ་དག་དངོ་མ་དུལ་བར་གནས་པའི་ངོ་བོ་ཉིད་ཀྱི་ལས་ངག་མེད་པའི་ཕྱིར་དུལ ་བུ་དང་དུལ་བར་གནས་པ་ཉིད་དུ་ཡོངས་སུ་གཅོད་པའོ།། བཅིངས་པ་ལས་གྲོལ་བ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་འཆིང་བ་དེ་དག་ལས་གྲོལ་བ་ཉིད་ཀྱི་ཕྱིར་རོ།། ཁྲག་ཁྲུག་དང་བྲལ་བ་ཉིད་ཀྱི་ཕྱིར། ་ཞེས་བྱ་བ་ནི་ཉོན་མོངས་པ་དང་ལས་དང་རྣམ་པར་སྨིན་པའི་དབང་གིས་ཁྲག་ཁྲུག་སྟེ་རྣམ་པར་གཡེང་བ་གང་ཡིན་པ་དེ་དག་དང་བྲལ་བ་ཉིད་ཀྱི་ཕྱིར་རོ།། ཆགས་པ་མི་དམིགས་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་ཉོན་མོངས་པ་དང་ལས་དང ་རྣམ་པར་སྨོན་པའོ་སྒྲུབ་པའི་ཆགས་པ་གསུམ་པོ་དེ་དགྲ་མེད་པའི་ཕྱིར་རོ།། གང་གི་ལམ་ནི་སྒྲ་ཡང་དྲུག་པར་ཆད་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་ངག་གི་ཐ་སྙད་ཀྱི་བདག་ཉིད་ཀྱི་སྒྲ་རྣམས་ཡང་དག་པར་ཆད ་པ་ཉིད་ཀྱི་ཕྱིར་རོ།། དེ་བཞིན་ཉིད་ལས་མ་གཡོས་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་རང་གི་ངོ་བོས་མ་སྤངས་པ་ཉིད་ཀྱི་ཕྱིར་རོ།། ཇི་ལྟ་བུ་བཞིན་དུ་མ་སྐྱེས་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་ཇི་ལྟར་རིགས་པ་བཞིན་དུ་མ་སྐྱེས་པ ་ཉིད་ཀྱི་ཕྱིར་རོ།། ཁེངས་པ་མི་དམིགས་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་ཁེངས་པ་སྟེ། ཉེ་བའི་ཉོན་མོངས་པ་དང་སྤ་བཀོད་པ་ཉིད་མེད་པའི་ཕྱིར་རོ།། བྱེད་པ་པོ་མི་དམིགས་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ་བྱེད་པ་པོ་ནི་བདག་དང་དབང་ཕྱུག་ལ ་སོགས་པ་མི་མཐུན་པའི་རྒྱུ་རྣམས་དང་། རྒྱུ་དང་རྐྱེན་གྱི་ཆོས་རྣམས་ཏེ། དེ་དག་མི་དམིགས་པའི་ཕྱིར་རོ།། མཉམ་པ་ཉིད་ལས་མི་འདའ་བ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་ཆོས་ཐམས་ཅད་ནི་མཉམ་པ་ཉིད་གང་ཡིན་པ་ལུས་མི་འདིའ ་བྱའོ།། ང་ཡིར་འཛིན་པ་མི་དམིགས་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་བདག་གོ་བ་ཉིད་ཀྱི་སྒོ་ནས་སྲེད་པའི་འཛིན་པ་མེད་པའི་ཕྱིར་རོ།། འགྲོ་བ་མི་དམིགས་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་བདེ་འགྲོ་དང་དྲན་འགྲོའི་འགྲོ་བ་མེད་པའི་ཕྱིར། ་རོ།། གནས་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་རྒྱུན་གྱི་མཚན་ཉིད་ཅན་གྱི་གནས་པ་མེད་པའི་ཕྱིར་རོ།། སྐྱེ་བ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་མ་བྱུང་བའི་མཚན་ཉིད་ཅན་སྐྱེ་བ་མེད་པའི་ཕྱིར་རོ།། དབུགས་མི་དམིགས ་པའི་ཕྱིར་ཞེས་བྱ་བ་ནི་སྟོབས་མྱེང་བའི་ཕྱིར་རོ།། ཆོས་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་ཆོས་ཀྱི་རྣམ་པ་མི་དམིགས་པའི་ཕྱིར་རོ།། ཞི་གནས་མི་དམིགས་བྱའི་ཕྱིར་ཞེས་བྱ་བྱ་ནི་ཞི་གནས་མེད་པའི་ཕྱིར་རོ།། ནམ་མཁའ་དང ་མཉམ་པར་མི་དམིགསྡེ་བའི་ཕྱིར་ཞེས་བྱ་བ་ནི་ཆོས་ཐམས་ཅད་ནམ་མཁོའའུ་དང་མཉམ་པ་ཉིད་ཀྱིས་དམིགས་སུ་མེད་པའི་ཕྱིར་རོ།། ཟད་པ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་མི་རྟག་པ་ཉིད་ཀྱི་མཚན་ཉིད་ཅན་གྱི་ཕྲད་པ་མེད་པའི ་ཕྱིར་རོ།། བསྟོད་པ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་བསྟོང་པ་མེད་པའི་ཕྱིར་རོ།། ཤེས་པ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་ཤེས་བྱ་མེད་པས་ཤེས་པའི་མཚན་ཉིད་མེད་པའི་ཕྱིར་རོ།། གཞན་མི་དམྱིགས་པའི་ཕྱིར་ཞེས་བྱ ་པོ་ནི་གཞན་མེད་པའི་ཕྱིར་རོ།། རྒྱུ་བ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་རྒྱུའི་མཚན་ཉིད་མེད་པའི་ཕྱིར་རོ།། འཇིག་པ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ལ། འཇིག་པ་ནི་རྣམ་པར་ཉམས་པའོ།། མདོག་མི་དམིགས་པའི་ཕྱིར ་ཞེས་བྱ་བ་ནི་དེ་བཞིན་ཉིད་ལ་ཁ་དོག་སྟེ་འོད་དེ་མེད་པའོ།། དྲན་པ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་དེ་བཞིན་ཉིད་ནི་དྲན་པར་བྱེད་པའི་ཤེས་པོའི་སྤྱོད་སུལ་མ་ཡིན་ནོ།། བོང་པོ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་བརྗོད་པར་བྱ་བ། ་ཉིད་མེད་པའི་ཕྱིར་རོ།། སྤྲོ་བ་མི་དམིགས་པ་ཕྱིར་ཞེས་བྱ་བ་ནི་ཆོས་ཐམས་ཅད་གཡོ་བ་མེད་པའི་ཕྱིར་རོ།། སྟུག་པོ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་སྟུག་པོའི་རྣམ་པར་རྟོག་པ་ལོག་པའི་ཕྱིར་རོ།། རྣམ་པར་བསྒྲུབས་པོ་མི ་དམིགས་པའི་ཕྱིར་ཞེས་བྱ་བ་ལ། རྣམ་པར་བསྒྲུབ་པ་ནི་འདུས་བྱས་པ་དང་རྣམ་པར་སྦྱར་བ་སྟེ། དེ་མེད་པའི་ཕྱིར་རོ།། ཉོན་མོངས་པ་མེད་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་ཉོན་མོངས་པ་དང་རྣམ་པར་རྟོག་པའི་ཉོན་མོངས་པ ་དང་བྲལ་བའི་ཕྱིར་རོ།། འབྲས་བུ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་འབྲས་བུའི་ཆོས་རྣམས་མི་དམིགས་པའི་ཕྱིར་རོ།། ཕུང་པོ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་ཉོན་མོངས་པ་དང་ལས་དང་རྣམ་པར་སྨིན་པའི་ཕུང་པོ་དག་མེད་པའི་ཕྱིར་རོ།། ་རྒ་བ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ལ། རྒ་བ་ནི་གནས་པ་ལས་རྣམ་པ་གཞན་དུ་འགྱུར་བའི་ཕྱིར་རོ།། སྤྱོད་པ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ལ། སྤྱོད་པ་ནི་འགྲོ་བ་དང་འོང་བའོ།། བསྡིགས་པ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ལ། བསྡིགས ་པ་ནི་རྣམ་པར་འཚེ་བའོ།། ངར་འཛིན་པ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ལ། ངར་འཛིན་པ་ནི་ལྷ་དང་ང་རྒྱལ་གྱི་བདག་ཉིད་དོ།། དེ་ཡན་ཆད་ནི་ཞེས་བྱ་བ་ནི་དེ་བཞིན་ཉིད་ལས་གཞན་དུའོ།། གང་ཞེས་བྱ་བ་ནི་མིང་ངོ་།། དེ་ཞེས་བྱ་བ་ནི་ཆོས་སོ།། ཐ ་སྙད་འདོགས་པ་ཞེས་བྱ་བ་ནི་སྟོན་པ་པོ་དང་ཉན་པ་པོ་དག་གོ། བརྗོད་པ་དང་བསྟན་པ་ཞེས་བྱ་བ་ནི་སྟོན་པ་པོ་སྟེ། དེ་ལ་རང་གི་ངོ་བོ་བརྗོད་པ་ནི་བ་གླང་ཞེས་བྱ་བ་དང་། ཁྱད་པར་བསྟན་པ་ནི་དཀར་པོ་ཞེས་བྱ་བ་ལྟ་བུའོ།། རྟོག་པ་ནི་མངོན་སུམ ་མ་ཡིན་པའི་ཤེས་པས་སོ།། མཐོང་བ་ནི་མངོན་སུམ་གྱིས་སོ།། དེ་ལྟ་བུ་ཞེས་བྱ་བ་ནི་ཆོས་ཉིད་ཀྱི་ཚུལ་གྱིས་སོ།། གང་ཡང་མེད་དོ་ཞེས་བྱ་བ་ནི་ཆོས་གང་ཡང་མེད་པ་སྟེ། ཆོས་རྣམས་ཀྱི་མཚན་ཉིད་ཇི་ལྟ་བ་བཞིན་དུ་མེད་པའི་ཕྱིར ་རོ།། གཟུངས་ཀྱི་སྒོ་ལ་འཇུག་པ་ཞེས་བྱ་བ་ལ། གཟུངས་ནི་དོན་ལ་ངེས་པ་སྟེ། ཨ་ལ་སོགས་པའི་ཡི་གེ་བསྟན་པ་ལ་འཇུག་པ་ནི་ཡི་གེ་གང་ཡིན་པ་དེས་དོན་ངེས་པར་བསྟན་པ་དེ་ལ་འཇུག་པ་ནི་ངེས་པའོ།། ཡི་གེ་དག་གི་དོན་ལ་མཁས ་པ་ནི་མཁས་པའི་ཡུལ་ཅན་ཉིད་ཡིན་པའི་ཕྱིར་རོ།། གང་གིས་གང་ལ་འཇུག་པར་ཤེས་པ་དེ་ནི་དེ་ལ་འཇུག་པའོ།། དེ་ཡང་འདིར་གཟུངས་ཀྱི་གཞུང་གི་ཚོགས་སོ།། སྒྲ་གང་ལ་ཡང་ཐོགས་པར་མི་འགྱུར་ཞིང་ཞེས་བྱ་བ་ནི་བརྗོད ་པ་ཐམས་ཅང་ལ་དོན་དམ་པ་ཚོལ་བར་བྱེད་པའི་ཕྱིར་རོ།། འདི་ཞེས་བྱ་བ་ནི་སྒྲའོ།། མཉམ་པ་ཉིད་ཀྱིས་ཡང་དག་པར་སྒྲུབ་པར་འགྱུར་ཞེས་བྱ་བ་ནི་དེ་བཞིན་ཉིད་དུ་ཡང་དག་པར་སྦྱོར་བར་བྱེད་པའོ།། སྒྲ་ཤེས་པ་ལ་མཁས ་པ་ཞེས་བྱ་བ་ནི་སྐད་ཐམས་ཅད་ལས་བསམ་པ་ཤེས་པའོ།། ཡི་གེ་ཉིད་ནི་ཕྱག་རྒྱ་སྟེ། དོན་དམ་པའི་བརྡ་གཟུངས་ཀྱི་གཞུང་གི་ཚོགས་ཞེས་བྱ་བའི་དོན་ཏོ།། ཚུལ་དང་ལྡན་པ་ནི་རིགས་པའི་རྗེས་སུ་འགྲོ་བ་ཅན་ནོ།། རྒྱུད་ནི ་སེམས་ཀྱི་རྒྱུན་ནོ།། དྲན་པ་ནི་ཡང་དག་པར་མ་བརྗེད་པའོ།། བློ་གློས་ནི་དོན་དམ་པའི་རྗེས་སུ་འབྲང་བ་ཅན་ནོ།། རྟོགས་པ་ནི་ཡིད་གཞུངས་པ་དང་གུང་གི་དབང་གིས་ཤེས་རབ་མྱུར་བར་འགྱུར་བའོ།། བློ་ནི་ཀུན་རྫོབ་ཀྱི་སྤྱོད ་ཡུལ་ཅན་ནོ།། ལྷག་མ་ནི་གོ་སླའོ།། དེ་ནི་གཟུངས་ཀྱི་ཚོགས་སོ།། ས་བཅུ་པོ་དག་ཅེས་བྱ་བས་སའི་ཚོགས་སྟོན་པ་དེ་དག་བརྗོད་པར་བྱ་བ་ཡིན་ནོ།། དེ་དག་ཀྱང་གང་ཞེ་ན། རབ་ཏུ་དགའ་བ་དང་། དྲི་མ་མེད་པ་དང་། ་འོད་བྱེད་པ་དང་། འོད་འཕྲོ་བ་ཅན་དང་། ཤིན་ཏུ་སྦྱང་དཀའ་བ་དང་། མངོན་དུ་གྱུར་པ་དང་། རིང་དུ་སོང་བ་དང་། མི་གཡོ་བཱ་དང་། ལེགས་པའི་བློ་གྲོས་དང་། ཆོས་ཀྱི་སྦྱིན་ནོ།། གུང་གི་ཕྱིར་དང་པོར ་འདི་ལ་རང་དང་གཞན་གྱི་དོན་སྒྲུབ་པར་བྱེད་པའི་ནུས་པ་ཐོབ་པ་ལས་རབ་ཏུ་དགའ་བ་དེའི་ཕྱིར་རབ་ཏུ་དགའ་བའོ།། གང་གི་ཕྱིར་འདིར་འཆལ་པའི་ཚུལ་ཁྲིམས་ཀྱི་དྲི་མ་དང་བྲལ་བའི་ཕྱིར་དྲི་མ་མེད་པའོ།། གང་གི་ཕྱིར ་འདིར་ཏིང་ངེ་འཛིན་ལས་ཉམས་པ་མེད་ཅིང་ཆོས་ཀྱི་སྣང་བ་ཆེན་པོའི་གནས་སུ་གྱུར་པ་དེའི་ཕྱིར་འོད་བྱེད་པའོ།། གང་གི་ཕྱིར་འདིར་བྱང་ཆུབ་ཀྱི་ཕྱོགས་དག་གིས་སྐྱོབ་པ་ཐམས་ཅད་སྲེག་པའི་ཕྱིར་འོད་འཕྲོ་བ་ཅན་ནོ།། ། ་གང་གི་ཕྱིར་འདིར་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་རིགས་པ་དང་བདེ་བ་ཤེས་པ་དག་ཕན་ཚུན་འགལ་བའི་ཕྱིར་བྱ་དཀོའ་བ་དེ་བས་ན་འདི་ནི་ཤིན་ཏུ་སྦྱང་དཀའ་བའོ།། གང་གི་ཕྱིར་འདིར་རྟེན་ཅིང་འབྲེལ་པར ་འབྱུང་བའི་རབ་ཏུ་རྣམ་པར་འབྱེད་པ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཆགས་པ་མེད་པའི་སྒྲ་ཞེས་བྱ་བ་མངོན་དུ་གྱུར་པ་དེའི་ཕྱིར་མངོན་དུ་གྱུར་པའོ།། གོང་གི་ཕྱིར་འདིར་བྱང་ཆུབ་ཀྱི་ཕྱོགས་དང་བདེན་པ་དང ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཚན་མ་མེད་པར་དམིགས་པ་ལ་གནས་པའི་འབད་པའི་རྒྱུ་ཅན་ཡིན་པ་དེའི་ཕྱིར་འདི་ནི་རིང་དུ་སོང་བའོ།། གོང་གི་ཕྱིར་འདིར་དེ་ཉིད་ཀྱི་རང་གི་དོང་གིས་འཇུག་པ་ལས་གཡོ་བ་མེད་པ་དེའི ་ཕྱིར་མི་གཡོ་བྱའོ།། གང་གི་ཕྱིར་འདིར་སོ་སོར་ཡང་དག་པར་རིག་པ་དག་གིས་ཆོས་ཆེན་པོ་སྨྱོན་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་ལེགས་པ་ཡིན་པ་དེའི་ཕྱིར་འདི་ནི་ལེགས་པའི་བློ་གྲོས་སོ།། གང་གི་ཕྱིར་འདིར་བྱང་ཆུབ་སེམས ་དཔའ་ཆོས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་བ་དེའི་ཕྱིར་འདི་ནི་ཆོས་ཀྱི་སྦྱིན་ནོ།། ཅིའི་ཕྱིར་འདི་ལ་ཐེག་པ་ཆེན་པོ་ཞེས་བྱ་ཞེ་ནུ། དེ་དག་ལ་རིམ་གྱིས་འཕོ་བ་ན་བྱང་ཆུབ་ཐོབ་པའི་ཕྱིར་རོ།། ཇི་ལྟར་འཕོ་ཞེ་ན། ཐེབས་ལ ་མཁས་པས་སོ།། དེ་ཡང་གང་ཞེ་ན། བདེན་པ་གཉིས་ལ་ཡང་དག་པར་བརྟེན་པ་སྟེ། ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་ཡོངས་སུ་སྦྱངས་པའི་ཕྱིར་དང་། དོན་དམ་པའི་བདེན་པ་ལ་བརྟེན་ནས་དེ་དག་ཐམས་ཅད་དབྱེར ་མེད་པར་མཐོང་བའི་ཕྱིར་རོ།། ཡོངས་སུ་སྦྱོང་བའི་རིམ་པ་བཞིན་དུ་བསྟན་པ་དང་འགྲེལ་པ་ནི་མདོ་ཉིད་དུ་བསྟན་ཏོ།། རབ་ཏུ་བྱེད་པོ་དག་གིས་ནི་མདོར་བསྡུས་པ་ཙམ་ཡིན་ཏེ། ཡོངས་སུ་སྦྱོང་བ་རྣམ་བཅུ་ཡིས།། ་ས་ནི་དང་པོ་འཐོབ་འགྱུར་ཏེ།། སྦྱོང་བ་བཅུ་པོ་དག་གིས་ཞེས་བྱ་བའི་དོན་ཏོ།། དེ་དག་ཀྱང་གང་ཞེ་ན། བསམེ་དང་ཕན་པའི་དངོས་ཉིད་དང་།། སེམས་ཅན་རྣམས་ལ་སྙེམས་མཉམ་ཉིད།། གཽ་ཏོང་དང་བཤེས་གཉེན ་བསྟེན་པ་དང་།། དམ་ཆོས་དམིགས་པ་ཚོལ་བ་དང་།། རྟག་ཏུ་ངེས་འབྱུང་སེམས་ཉིད་དང་།། སངས་རྒྱས་སྐུར་འདོད་དགའ་བ་དང་།། ཆོས་སྟོན་པ་དང་བདེན་པ་ཡི།། ཚིག་ནི་བཅུ་པ་ཡིན་པར་འདོད་།། ཅེས་གསུངས་ཏེ།། ་བསམ་པ་ནི་དད་པ་དང་འདུན་པའོ།། ཕུན་པའི་དངོས་པོ་ནི་སེམས་ཅན་ཐམས་ཅད་ལྔ་ཕན་པར་འདོད་པ་ཉིད་དོ།། དེའི་རྒྱུ་ནི་སེམས་མཉམ་པ་ཉིད་དོ།། གཏོང་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ ་ཉིད་དོ།། ཚོལ་བ་ནི་ཡོངས་སུ་ཚོལ་བ་སྟེ། དེ་ཡང་དམ་པའི་ཆོས་ལ་དམིགས་ནས་ཆོས་ཚོལ་བར་འདོད་ཅེས་བྱ་བའི་ཐ་ཚིག་གོ།། ངེས་པར་འབྱུང་བ་ནི་ཁྱིམ་གྱི་གནས་པ་ངེས་པར་འབྱུང་བའོ།། ངེས་པར་འབྱུང ་བྱར་སེམས་པ་ནི་དེ་འདོད་པ་ཉིད་དོ།། དགའ་བ་ནི་ཞེས་བྱ་བ་འདིར་རྟག་ཏུ་ཞེས་བྱ་བ་དང་སྦྱར་རོ།། བདེན་པའི་ཚིག་ཅེས་བྱ་བ་ནི་བདེན་པར་སྨྲ་བ་སྟེ། དེ་ནི་བཅུའོ།། འདི་དག་རང་བཞིན་མི་དམིགས་པ་སྟེ། ་ཡོངས་སུ་སྦྱོང་བར་ཤེས་པར་བྱ།། འདི་དག་ཅེས་བྱ་བ་ནི་བསམ་པ་ལ་སོགས་པོའོ།། ཚུལ་ཁྲིམས་བྱས་པ་གཟོ་དང་བཟོད།། རབ་ཏུ་དགའ་དང་སྙིང་བརྩེ་ཆེ།། བཀུར་སྟི་གུས་པརྱཱ་ཉན་པ་དང་།། བརྒྱུད་པ་སྦྱིན་ལ ་སོགས་ལ་བརྩོན་ཞེས་བྱ་བ་ལ། ཚུལ་ཁྲིམས་ནི་ཚུལ་ཁྲིམས་ཡོངས་སུ་དག་པ་ཉིད་དོ།། བཟོད་པོ་ནི་བཟོད་པའི་སྟོབས་སོ།། རབ་ཏུ་དགའ་བ་ཉིད་ནི་རབ་ཏུ་དགའ་བའོ།། སྙིང་རྗེ་ཆེན་པོ་ནི་སེམས་ཅན་ཐམས ་ཅད་ཡོངས་སུ་མི་གཏོང་བས་སོ།། བཀུར་སྟི་ནི་བཀུར་བར་འོས་པ་དག་ལའོ།། བླ་མ་ལ་གུས་པར་ཉན་པ་ནི་དགེ་བའི་བཤེས་གཉེན་དག་ལ་སྟོན་པར་འདུ་ཤེས་པའོ།། སྦྱིན་པ་ལ་སོགས་པ་ནི་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན། ་པ་དག་ལའོ།། བརྒྱད་བྱ་སྨྱོས་པས་གཉིས་པའི་ཡོངས་སུ་སྦྱོང་བ་ནི་བརྒྱད་ཁོ་ན་ཡིན་ནོ།། ཐོས་པས་མི་ངོམས་ཉིད་དང་ནི།། ཟང་ཟིང་མེད་པར་ཆོས་སྦྱིན་དང་།། སངས་རྒྱས་ཞིང་ཀུན་སྦྱོང་བ་དང་།། འཁོར་བྱས ་ཡོངས་སུ་མི་སྐྱོ་དང་།། ངོ་ཚ་ཁྲེལ་ཡོད་ཅེས་བྱ་བ།། རློམ་མེད་བདག་ཉིད་དེ་རྣམ་ལྔ་ཞེས་བྱ་བ་ལ། ཐོས་པ་ཞེས་བྱ་བྱ་ནི་ཐོས་པ་མྱང་བའོ།། ཀུན་ཏུ་སྦྱོང་བ་ནི་བསོད་ནམས་དེ་ཉིད་ཡོངས་སུ་བསྔོས་པའི་ཕྱིར་རོ།། ་རློམ་མེད་པདག་ཉིད་ཅེས་བྱ་བ་ནི་དེས་ཁེངས་པོ་མེད་པའི་ཕྱིར་རོ།། དེ་རྣམ་ལྟ་ཞེས་བྱ་བ་ནི་གསུམ་པའི་ཡོངས་སུ་སྦྱོང་བ་ནི་ལྔ་ཁོ་ན་ཡིན་ནོ།། ནགས་གནས་འདོད་ཆུང་ཆོག་ཤེས་དང་།། སྦྱངས་པ་ཡང་དྲག་སྡོམ ་སྟོན་དང་།། བསྒྲུབ་པ་ཡོངས་སུ་མི་གཏོང་དང་།། འདོད་པ་རྣམས་ལ་སྤྱོད་པ་དང་།། སྐྱོ་བ་དང་ནི་བདོག་ཀུན་གཏོང་། མི་ཞུམ་བྱེ་དང་ལྟོས་པ་མེད་ཅེས་བྱ་བ་ལ། ནགས་གནས་ནི་དགོན་པར་གནས་བཅས་པ་སྟེ། དེའི ་འབྲས་བུ་ཡིན་པའི་ཕྱིར་རོ།། ཆོ་ག་ཤེས་པ་ནི་ཀུན་ནས་ཆོག་ཤེས་པ་ཡིན་ནོ།། སྦྱངས་པ་ཡང་དག་སྡོམ་བསྟེན་ནི་མི་འདོར་བའོ།། སྐྱོ་བ་དང་ནི་བདོག་ཀུན་གཏོང་།། ཞེས་བྱ་བ་ནི་ཡིད་བྱུང་བ་དང་བདོག་པ་ཐམས་ཅད་ཡོངས ་སུ་གཏོང་བའོ།། མི་ཞུམ་པ་དང་བལྟོས་པ་མེད་ཅེས་བྱ་བ་ནི་སེམས་ཞུམ་པ་མེད་པ་ཉིད་དང་དངོས་པོ་ཐམས་ཅད་ལ་བལྟོས་པ་མེད་པ་ཉིད་དེ་ཞུམ་པ་མེད་པ་ནི་བག་འཁུམ་པ་མེད་པ་ཉིད་དོ།། བཅུ་ཞེས་བྱ་བ་འོག་ནས ་འབྱུང་བ་འདིར་ཡང་སྦྱར་རོ།། དེ་བས་ན་བཞི་པའི་སྦྱོང་བ་ནི་བཅུ་ཁོ་ན་ཡིན་ནོ།། འདྲིས་དང་ཁྱིམ་ལ་འཁྲེན་པ་དང་།། འདུ་འཛིར་གྱུར་པའི་གནས་དང་ནཱི།། བདག་བསྟོད་གཞན་ལ་བརྙས་པ་དྲུང་།། ་མི་དགེ་ལས་ཀྱི་ལམ་བཅུ་དང་།། རློམ་པ་སྤུ་ཁེངསོ་དང་ཕྱིན་ཅི་ལོག། ཡིད་གཉིས་དང་ནི་ཉོན་མོངས་བཟོད།། བཅུ་པོ་འདི་དག་རྣམ་སྤངས་ནས།། ས་ལྔ་པ་ནི་ཡང་དག་འཐོབ།། ཁྱིམ་པ་དག་དང་རབ་ཏུ་འབྱུང་བ་དང་འདྲིས་པ ་དང་། ཁྱིམ་སྟེ་ཉེ་བར་འགྲོ་བར་བྱ་བའི་ཁྱིམ་ལ་འཁྲོན་པ་དང་། འདུ་འཛིའི་ཚུལ་མ་ཡིན་པའི་གཏམ་མོ།། བསྟོང་པ་ནི་སྟོང་པར་བྱེད་པའོ།། བརྙས་པ་ནི་སྨོད་བའོ།། ལས་ཀྱི་ལམ་ནི་ལས་ཀྱི་གཞིའོ།། རློམ་པ་ནི ་སེམས་མཐོ་བའོ།། ཁེངས་པོ་ནི་ལུས་ཀྱིས་བླ་མ་ལ་མི་འདུད་པའོ།། ཕྱིན་ཅི་ལིག་ནི་དོན་ལ་ལོག་པར་འཛིན་པའོ།། ཡིད་གཉིས་ནི་ཐེ་ཚོམ་མོ།། ཉོན་མོངས་པ་བཟོད་པ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་གནས ་བྷ་སྟེ། ཆོས་བཅུ་པོ་དེ་དག་རྣམ་པར་སྤངས་ནས་ལྔ་པ་ཐོབ་པར་འགྱུར་རོ།། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས།། བསམ་གཏན་ཤེས་རབ་རྣབ་རྫོགས་པས།། སློབ་མ་དང་ནི་བསེ་རུ་ལ། དགའ་དང་སྐྱེ་བའི་སེམས ་སྤངས་པ།། བསླངས་ན་མི་ཞུམ་བདོག་པ་ཀུན།། བཏང་ཡང་མི་དགའ་མེད་པ་དང་།། དབུལ་ཡང་སློང་བ་མི་སྤོང་བས།། ས་ནི་དྲུག་པ་ཡང་དག་འཐོབ་ཅེས་བྱ་བ་ལ། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པོ་དེ་དག་སོ ་སོར་ཡོངས་སུ་རྫོགས་པ་སྟེ། དེ་ལྟར་ཆོས་དུག་དང་། དེ་བཞིན་དུ་ཉན་ཐོས་ལ་དགའ་བ་དང་། རང་སངས་རྒྱས་ལ་དགའ་བ་དང་། སྐྱོ་བའི་སེམས་ཡོངས་སུ་སྤངས་པ་སྟེ། དེ་ལྟར་གསུམ་དང་། བསླངས་ན་མི་ཞུམ་པ་སྟེ་སེམས ་ཞུམ་པ་མེད་པ་ཉིད་དང་། བདོག་པ་ཀུན་བཏང་ཡང་ཡིད་མི་བདེ་བ་མེད་པ་དང་། བཀྲེན་ཡང་སློངས་མོ་དག་མི་སྤོང་བ་དང་། དེ་ལྟར་གསུམ་སྟེ་ཆོས་བཅུ་གཉིས་པོ་དེ་དག་གིས་སུ་དྲུག་པ་ཐོབ་པར་འགྱུར་རོ།། བདག་དང་སེམས ་ཅན་འཛིན་པ་དང་། སྲོག་དང་གྲང་ཟག་ཆུང་རྟག་དང་།། མཚན་མ་རྒྱུ་དང་ཕུང་པོ་དང་།། ཁམས་དང་སྐྱེ་མཆེད་དག་དང་ནི།། ཁམས་གསུམ་པ་ལ་ཆགས་གནས་དང་།། སེམས་ནི་རྟག་པ་ལ་ཞེན་དང་།། དཀོན་མཆོག། ་གསུམ་དང་ཚུལ་ཁྲིམས་ལ།། དེར་ལྟ་བ་ལཱི་མངོན་ཞེན་དང་།། སྟོང་པོ་ཉིད་ལ་ཡིད་གསོད་དང་།། དེ་དབོ་འགལ་བའི་ཉེས་པ་ནི།། ཉི་ཤུ་གང་ལ་རྣམ་ཆད་པ།། དེ་ཡི་ས་ནི་བདུན་པ་འཐོབ།། རྣམ་ཐར་སྒོ་གསུམ་ཤེས་པ་དང་།། ་འཁོར་གསུམ་རྣམ་པར་དག་ཉིད་དང་།། སྙིང་རྗེ་དང་ནི་བརྙས་མེད་དང་།། ཆོས་མཉམ་དང་ནི་ཚུལ་གཅིག་ཤེས།། མི་སྐྱེ་བ་དང་བཟོད་ཤེས་དང་།། ཆོས་རྣམས་རྣམ་པ་གཅིག་ཏུ་སྟོན།། རྟོག་པ་ཀུན་ཏུ་འཇོམས་པ་དང་།། ་འདུ་ཤེས་ལྟ་དང་ཉོན་མོངས་སྤོང་།། ཞི་གནས་ངེས་པར་སེམས་པ་དང་།། ལྷག་མཐོང་ལ་ནི་མཁས་པ་དང་།། སེམས་དུལ་བ་དང་ཐམས་ཅད་ལ།། ཐོགས་པ་མེད་པའི་ཡེ་ཤེས་དང་།། ཆགས་པའི་ས་མིན་གར་འདོད་པར།། ། ་ཞིང་གཞན་དུ་ནི་མཉམ་འགྲོ་དང་།། ཀུན་ཏུ་བདག་གི་ངོ་བོ་ནི།། སྟོན་པ་ཉིད་དང་ཉི་ཤུའོ་ཞེས་བྱ་བ་ལ།། ཉི་ཤུ་པའི་སྒྲ་གཉིས་པའི་འོག་ཏུ་ཡོངས་སུ་རྫོགས་པས་ཞེས་བྱ་བ་ནི་ལྷག་མའོ།། བདག་ཏུ་འཛིན ་པ་ལ་སོགས་པ་ཉེས་པའི་དྲི་མ་ཉི་ཤུ་གང་ལ་རྣམ་པར་ཆད་པ་སྟེ། རྣམ་པར་ཐར་པའི་སྒོ་གསུམ་ཤེས་པ་ལ་སོགས་པ་ཡོན་ཏན་ཉི་ཤུ་ཡོངས་སུ་རྫོགས་པས་ས་བདུན་པ་ཐོབ་པར་འགྱུར་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ།། འཛིན ་བ་ནི་མངོན་པར་ཞེན་པ་སྟེ། དེའི་ཡུལ་ནི་བདག་ལ་སོགས་པ་ནས་སྐྱེ་མཆེད་ཀྱི་བར་དུའོ།། རྟག་པ་ལ་ཞེས་བྱ་བ་ནི་ཚོགས་པ་གཙོ་བོར་གྱུར་པའི་ཟླས་དབྱེ་བའི་བདུན་པའོ།། དཀོན་མཆོག་གསུམ་ནི་སངས་རྒྱས་དང་ཆོས་དང་དགེ ་འདུན་ཏེ། དེར་ལྟ་བ་ནི་སངས་རྒྱས་དང་ཆོས་ལ་སོགས་པ་ལ་ལྟ་བོའོ།། དེ་ལ་མངོན་པར་ཞེན་པ་ནི་གནས་པའོ།། ཡི་གསོད་པ་ནི་སྐྱོ་བའོ།། དེ་དང་འགྲེལ་བ་ནི་སྟོང་པ་ཉིད་དང་མི་མཐུན་པར་བྱེད་པའོ།། མཉམ་ཞེས་བྱ་བ་ནི་འདྲ ་བ་ཞེས་བྱ་བའི་དོན་ཏོ།། བདག་ཏུ་འཛིན་པ་དང་། སེམས་ཅན་དུ་འཛིན་པ་དང་། སྲོག་ཏུ་འཛིན་པ་དང་། གང་ཟག་ཏུ་འཛིན་པ་དང་། ཆད་པར་འཛིན་པ་དང་། རྟག་པར་འཛིན་པ་དང་། མཚན་མར་འཛིན་པ་དང་། རྒྱུར ་འཛིན་པོ་དང་། ཕུང་པོར་འཛིན་པ་དང་། ཁམས་སུ་འཛིན་པ་དང་། སྐྱེ་མཆེད་དུ་འཛིན་པ་དང་། ཁམས་གསུམ་པ་ལ་གནས་པ་དང་། ཁམས་གསུམ་པ་ལ་ཆགས་པ་དང་། ཁམས་གསུམ་པ་ལ་བརྟེན་པ་དང་། སངས ་རྒྱུས་སུ་ལྟ་བ་ལ་གནས་པ་དང་། ཆོས་སུ་ལྟ་བ་ལ་གནས་པ་དང་། དགེ་འདུན་དུ་ལྟ་བ་ལ་གནས་པ་དང་། ཚུལ་ཁྲིམས་སུ་ལྟ་བ་ལ་གནས་པ་དང་། སྟོང་པ་ཉིད་ཀྱི་ཆོས་ལ་ཡི་གསོད་པ་དང་། སྟོང་པ་ཉིད་དང་འགྲལ་བ་ཞེས་བྱ་བ་ནི་ཉེས ་པོ་བསྟན་པའི་དོན་ཏོ།། སྟོང་པ་ཉིད་ཡོངས་སུ་རྫོགས་པ་དང་། མཚན་མ་མེད་པ་མངོན་སུམ་དུ་བྱ་བ་དང་། སྨོན་པ་མེད་པ་ཤེས་པ་དང་། འཁོར་གསུམ་ཡོངས་སུ་དག་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ་དང་། དེ་དག ་ལ་བརྙེས་པ་མེད་པ་དང་། ཆོས་ཐམས་ཅད་མཉམ་པ་ཉིད་དུ་མཐོང་བ་དང་། ཡང་དག་པར་རྟོགས་པ་དང་། མི་སྐྱེ་བའི་བཟོད་པ་ཤེས་པ་དང་། ཆོས་ཐམས་ཅད་ཚུལ་གཅིག་ཏུ་སྟོན་པ་དང་། རྟོག་པ་ཀུན་ཏུ་འཇོམས་པ་དང་། འདུ་ཤེས ་སུ་ལྟ་བ་རྣམ་པར་ཟློག་པ་དང་། ཉོན་མོངས་པ་རྣམ་པར་ཟློག་པ་དང་། ཞི་གནས་ངེས་པར་སེམས་པ་དང་། ལྷག་མཐོང་ལ་མཁས་པ་དང་། སེམས་དུལ་བ་ཉིད་དང་། ཐམས་ཅད་ལ་ཐོགས་པ་མེད་པའི་ཡེ་ཤེས་དང་། ཆགས་པའི་ས ་མ་ཡིན་པ་དང་། གང་དུ་འདོད་པའི་ཞིང་དུ་འགྲོ་བ་དང་། དེ་ཡང་སངས་རྒྱས་ཀྱི་འཁོར་གྱི་ནང་དུ་བདག་ཉིད་ཡང་དག་པར་སྟོན་པ་ཞེས་བྱ་བ་ནི་ཡོན་ཏན་བསྟན་པའི་དོན་ཏོ།། སེམས་ཅན་ཀུན་ཡིད་ཤེས་པ་དང་། མངོན་པར་ཤེས ་པས་བརྩེ་བ་དང་།། སངས་རྒྱས་ཞིང་བཟང་སྒྲུབ་པ་དང་།། ། ཡོངས་སུ་བརྟག་ཕྱིར་སངས་རྒྱས་བསྟེན།། དབང་པོ་ཤེས་དང་རྒྱལ་བ་ཡི།། ཞིང་སྦྱོང་སྒྱུ་མ་ལྟར་གནས་དང་།། བསམས་བཞིན་སྲིད་པ་ལེན་པ་དང་།། ལས་ནི་རྣམ་པ ་འདི་བརྒྱུད་བཤད་ཅེས་བྱ་བ་ལ། བཟུང་ཞེས་བྱ་བ་ནི་ཡོངས་སུ་དག་པ་སྟེ། སྒྲུབ་པ་ཞེས་བྱ་བ་དང་སྦྱར་རོ།། རྣམ་པ་བརྒྱད་ཅེས་བྱ་བའི་ཚིག་གིས་བརྒྱད་པ་ལ་ཡོངས་སུ་སྦྱོང་བ་རྣམ་པ་བརྒྱད་ཁོ་ན་ཡིན་ཏེ། ་འདི་ལྟ་སྟེ་སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་འཇུག་པ་དང་། མངོན་པར་ཤེས་པས་རྣམ་པར་བརྩེ་བ་དང་། སངས་རྒྱས་ཀྱི་ཞིང་སྒྲུབ་པ་དང་། སངས་རྒྱས་བསྟེན་པ་དང་། ཡོངས་སུ་བརྟག་པ་ཞེས་བྱ་བ་གཅིག་ཏུ་བྱས་པ་དང ་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་དང་། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་ཡང་དང་ཡང་དུ་སྙོམས་པར་འཇུག་པ་དང་། བསམས་བཞིན་དུ་སྲིད་པ་ལེན་པའོ།། ་སངས་རྒྱས་ཀྱི་ཞིང་ནི་རྣམ་པ་གཉིས་ཏེ། དང་པོར་སྣོད་ཀྱི་འཇིག་རྟེན་དང་། དྲི་ནས་སེམས་ཅན་གྱི་འཇིག་རྟེན་ནོ།། སྨོན་ལམ་དག་ནཱི་མཐའ་ཡས་དང་།། གྷ་ལ་སོགས་པའི་སྐད་ཤེས་དང་། སྤོབས་པ་ཆུ་བོ་ལྟ་བུ་དང་།། མངལ ་དུ་འཇུག་པ་མཆོག་དང་ནི།། རིགས་དང་རུས་དང་ཆོ་འབྲང་དང་།། འཁོར་དང་སྐྱེ་བ་དག་དང་ནི།། ངེས་འབྱུང་བྱང་ཆུབ་ཤིང་རྣམས་ཀྱི།། ཡོན་ཏན་ཕུན་སུམ་ཚོགས་པ་ཡིན།། ས་བརྒྱད་པའི་དེ་མ་ཐག་ཏུ་དགུ་པ་ཡིན་ཏེ། དེའི ་ཡོངས་སུ་སྦྱོང་བ་དག་ནི་སྨོན་ལམ་མཐའ་ཡས་པ་དང་། ལྷ་ལ་སོགས་པའི་སྐོང་ཤེས་པ་དང་། སྤོབས་པ་ཡོངས་སུ་རྫོགས་པ་དང་། མངལ་དུ་འཇུག་པ་ཕུན་སུམ་ཚོགས་པ་དང་། རིགས་ཕུན་སུམ་ཚོགས་པ་དང་། རུས ་ཕུན་སུམ་ཚོགས་པ་དང་། ཆོ་འབྲང་ཕུན་སུམ་ཚོགས་པ་དང་། འཁོར་ཕུན་སུམ་ཚོགས་པ་དང་། སྐྱེ་བ་ཕུན་སུམ་ཚོགས་པ་དང་། ངེས་པར་འབྱུང་བ་ཕུན་སུམ་ཚོགས་པ་དང་། བྱང་ཆུབ་ཀྱི་ཤིང་ཕུན་སུམ་ཚོགས་པ་དང་། ཡོན ་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པ་སྟེ་བཅུ་གཉིས་སོ།། ས་དགུ་འདས་ནས་ཡེ་ཤེས་ནི།། གང་གིས་སངས་རྒྱས་སར་གནས་པ།། དེ་ནི་བྱང་ཆུབ་སེམས་དཔའི་ས།། བཅུ་པ་ཡིན་པར་ཤེས་པར་བྱ།། ་ཞེས་བྱ་བས་དགུ་ཞེས་བྱ་བ་ནི་རིགས་ཀྱི་ས་ལ་སྔོགས་པའོ།། དེ་ལ་མྱ་ངན་ལུས་འདའ་བའི་རིགས་ཅན་ནི་རིགས་ཀྱིའོ།། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་འཇུག་པ་ནི་བརྒྱད་པའི་སའོ།། མཐོང་བའི་ས་ནི་རྒྱུན་དུ་ཞུགས ་པའོ།། ལན་ཅིག་ཕྱིར་འོང་བ་ནི་བསྲབས་པའི་སའོ།། ཕྱིར་མི་འོང་བ་ནི་འདོད་ཆགས་དང་བྲལ་བའི་སའོ།། བྱ་བ་བྱས་སོ་ཞེས་ཤེས་པའི་ཕྱིར་བྱས་པ་རྟོགས་པ་ཅན་ནི་དགྲ་བཅོམ་པ་སྟེ། དེའི་ས་ནི་བྱས་པ་རྟོགས་པ་ཙན ་གྱི་སྭའོ།། ཉན་ཐོས་ཀྱི་ས་སྟེ་དྲུག་པོ་དེ་ཉིད་དོ།། རང་སངས་རྒྱས་ཀྱི་ས་ནི་རང་སངས་རྒྱས་ཀྱིའོ།། བྱང་ཆུབ་སེམས་དཔའི་ས་ནི་གོང་དུ་བསྟན་པའི་བྱང་ཆུབ་སེམས་དཔའི་ས་དགུ་པོ་སྟེ། ས་དགུ་པོ་དེ་དག་ལས་འདས་པའི ་ཡེ་ཤེས་གང་གིས་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་སོར་གནས་པར་འགྱུར་བ་ངོ་ན་བྱང་ཆུབ་སེམས་དཔའི་ས་བཅུ་པ་ཡིན་ནོ།། དེ་ནི་སའི་ཚོགས་སོ།། སའི་ཚོགས་ཀྱི་འོག་ཏུ་ངེས་པར་འབྱུང་བའི་སྒྲུབ ་བའི་གོང་དུ་མདོ་ལས་རྒྱུས་པར་གཉེན་པོའི་ཚོགས་བཤད་དེ། དེའི་དབང་དུ་བྱས་ནས། མཐོང་དང་གོམས་པའི་ལམ་དག་ལ།། གཟུང་དང་འཛིན་པའི་རྣམ་རྟོག་རྣམས།། ཉེ་བར་ཞི་བར་བྱ ་བྱའི་ཕྱིར།། གཉེན་པོ་རྣམ་པ་བརྒྱད་ཅེས་བྱ།། ཞེས་གསུངས་པ་ལ། གོམས་པ་ནི་བསྒོམྱ་པའོ།། འཛིན་པ་ནི་འཛིན་པར་བྱེད་པའོ།། མཐོང་བའི་ལམ་གྱིས་མི་མཐུན་པའི་ཕྱོགས་རྣམ་པར་རྟོག་པ་བཞི་པོ་དག ་ནི་མཐོང་བས་སྤང་བར་བྱ་བ་ཡིན་ཏེ། དེ་ལ་གཟུང་བའི་རྣམ་པར་རྟོག་པ་གཉིས་ནི་དངོས་པོ་ཙམ་ལ་བརྟེན་པ་ཅན་དང་། གཉེན་པོ་ལ་བརྟེན་པ་ཅན་ནོ།། འཛིན་པའི་རྣམ་པར་རྟོག་པ་གཉིས་ནི་གང་ཟག་རྫས ་སུ་ཡོད་པ་ལ་བརྟེན་བཙོན་དང་། སྐྱེས་བུ་བཏགས་པའི་རྟེན་ཅན་ནོ།། རྣམ་པར་རྟོག་པ་བཞི་པོ་དེ་ཉིད་ནི་བསྒོམ་པའི་ལམ་གྱི་མི་མཐུན་པའི་ཕྱོགས་བསྒོམ་པས་སྤང་བར་བྱ་བའང་ཡིན་ནོ།། དེ་བས་ནི་དེ ་ངག་སྤང་བར་བྱ་བའི་དོན་དུ་ལམ་གཉིས་ནི་གཉེན་པོ་རྣམ་པ་བརྒྱད་པོ་ཁོ་ན་ཡིན་ནོ།། དེ་ལ་དང་པོ་ནི་རབ་འབྱོར་ཁྱོད་ཀྱིས་གང་ཡང་འདི་སྐད་དུ་ཐེག་པ་སྟེ་གང་ནས་ངེས་པར་འབྱུང་བར་འགྱུར་ཞེས་སྨྲས་པ་ནས ་དེ་བཞིན་གཤེགས་པའི་སྤྲུལ་པ་ངོ་བོ་ཉིད་ཀྱིས་སྟོང་ཞེས་བྱ་བའི་བར་གྱིས་གསུངས་སོ།། འདིར་གཟུང་བའི་དངོས་པོ་དེ་བཞིན་ཉིད་ལ་སོགས་པ་དང་། གཟུགས་ལ་སོགས་པ་དང་། རྨི་ལམ་ལ་སོགས་པ་མི ་དམིགས་པའི་ཆོས་ཉིད་ཙམ་མཐོང་བའི་ལམ་འདི་ནི་གཟུང་བའི་རྣམ་པར་རྟོག་པ་དང་པོའི་གཉེན་པོའོ།། གཉིས་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དེ་ནས་བརྩམས་ཏེ། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ངོ་བོ ་ཉིད་ཀྱིས་སྟོང་པ་ཞེས་བྱ་བ་དེ་དག་གི་བར་གྱིས་སོ།། འདིར་སྦྱིན་པ་ལ་སོགས་པ་གཉེན་པོའི་ཕྱོགས་ཀྱི་དངོས་པོ་དག་མི་དམིགས་པ་མཐོང་བའི་ལམོ་ཞེས་བྱ་སྟེ། མཐོང་བའི་ལམ་འདི་ནི་གཟུང་བའི་རྣམ་པར ་རྟོག་པ་གཉིས་པའི་གཉེན་པོའོ།། གསུམ་པ་ནི་རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེའི་དགྲ་བཅོམ་པ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས ་སྟོང་པའི་ཕྱིར་ཞེས་བྱ་བའི་བར་གྱིས་སོ།། འདིར་དགྲ་བཅོམ་པ་ལ་སོགས་པ་གང་ཟག་རྫས་སུ་ཡོད་པ་མི་དམིགས་པ་ནི་མཐོང་བའི་ལམ་སྟེ། མཐོང་བའི་ལམ་འདི་ནི་འཛིན་པའི་རྣམ་པར་རྟོག་པ་དང་པོའི་གཉེན ་པོའོ།། བཞི་པ་ནི་རབ་འབྱོར་མཚན་ཉིད་མེད་པའི་ཆོསྣ་རྣམས་འབྱུང་བར་འདོད་པ་དེ་ནཱི་མིངྒ་ཞེས་བྱ་བ་དེ་ནས་བརྩམས་ཏེ། གནས་དེ་ནི་བསྐྱོད་དུ་མེད་པ་ཞེས་བྱ་བ་དེ་དག་གི་བར་གྱིས་སོ།། འདིར་ནི་མིང་དང་བརྡ་དང་ཐ ་སྟང་ལ་སོགས་པ་མི་དམིགས་པ་ནི་མཐོང་བའི་ལམ་ཡིན་ཏེ། མཐོང་བའི་ལམ་འདི་ནི་འཛིན་པའི་རྣམ་པར་རྟོག་པ་གཉིས་པའི་གཉེན་པོའོ།། ལྔ་པ་ནི་རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་ཐེག་པ་དེ་གང་དུ་གནས ་པར་འགྱུར་ཞེས་སྨྲས་པ་ཞེས་བྱ་བ་དེ་ནས་བརྩམས་ཏེ། བསྐྱོད་དུ་མེད་པའི་ཚུལ་གྱིས་གང་དུ་ཡང་གནས་པར་འགྱུར་བ་མེད་དོ་ཞེས་བྱ་བའི་བར་གྱིས་གསུངས་སོ།། ཆོས་ཐམས་ཅད་མི་གནས་པ་ཉིད་ཀྱིས ་གནས་པ་མེད་པ་དག་ནི་ཆོས་ཀྱི་དབྱིངས་གནས་པ་མེད་པའི་ཚུལ་གྱིས་གཟུང་བ་ནི་དངོས་པོ་དག་མི་དམིགས་པའི་གོམས་པའི་གམས་པའི་ལམ་ཡིན་ཏེ་བསྒོམ་པའི་ལམ་འདྲི་ནི་གཟུང་བའི་རྣམ་པར་རྟོག་པ་དང་པོའི་གཉེན ་པོའོ།། དྲུག་པ་ནི་རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་ཐེག་པ་དེ་སུ་ཞིག་འབྱུང་བར་འགྱུར་ཞེས་བྱ་བ་དེ་ནས་བརྩམས་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མི་དམིགས་སོ་ཞེས་བྱ་བའི་བར་གྱིས་སོ།། འདིར ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་མི་དམིགས་པ་ནི་གོམས་པའི་ལམ་ཡིན་ཏེ། བསྒོམ་པའི་ལམ་འདི་ནི་གཟུང་བའི་རྣམ་པར་རྟོག་པ་གཉིས་པའི་གཉེན་པོའོ།། བདུན་པ་ནི་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རྒྱུན་དུ ་ཞུགས་པའོ་ཞེས་བྱ་བ་ནས་བརྩམས་ཏེ། ཤིན་ཏུ་རྣམ་པར་དག་པ་ཉེ་བར་གཟུང་ན་ཞེས་བྱ་བ་དེ་དག་གི་བར་གྱིས་སོ།། འདིར་ནི་རྒྱུན་དུ་ཞུགས་པ་ལ་སོགས་པའི་གང་ཟག་རྫས་སུ་ཡོད་པ་མི་དམིགས་པ་ནི་གོམ་ས་པའི ་ལམ་ཡིན་ཏེ། བསྒོམ་པའི་ལམ་འདི་ནི་འཛིན་པའི་རྣམ་པར་རྟོག་པ་དང་པོའི་གཉེན་པོའོ།། བརྒྱད་པ་ནི་རྒྱུན་ཏུ་ཞུགས་པའི་འི་བྲས་བུ་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པར ་འགྱུར་རོ་ཞེས་བྱ་བའི་བར་གྱིས་སོ།། འདིར་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སོགས་པས་རྒྱུན་དུ་ཞུགས་པ་ལ་སོགས་པའི་སྐྱེས་བུ་བཏགས་པར་ཡོད་པ་དག་མི་དམིགས་པ་ནི་གོམས་པའི་ལམ་ཡིན་ཏེ། བསྒོམ་པའི་ལམ ་འདི་ནི་འཛིན་པོའི་རྣམ་པར་རྟོག་པ་གཉིས་པའི་གཉེན་པོའོ།། དེ་ནི་གཉེན་པོའི་ཚོགས་སོ།། ཚིགས་ཀྱི་སྒྲུབ་པ་ལ་བསྟན་ནོས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དབང་དུ་བྱས་པ་ཡོངས་སུ་རྫོགས་པའི་བར་གྱིས་ངེས ་པར་འབྱུང་བའི་སྒྲུབ་པ་བསྟན་པར་བྱ་བའི་དབང་དུ་མཛད་ནས། ཆེད་དུ་བྱ་དང་མཉམ་ཉིད་དང་།། སེམས་ཅན་དོན་དང་འབང་མེད་དང་།། ཤིན་ཏུ་ངེས་པར་འབྱུང་བ་དང་།། ཐོབ་པའི་མཚན་ཉིད་ངེས་འབྱུང་དང་།། རྣམ་པ་ཐམས ་ཅད་མཁྱེན་ཉིད་དུ།། ངེས་འབྱུང་ལམ་གྱི་སྤྱོད་ཡུལ་ཅན།། རྣམ་པ་བརྒྱད་ཀྱི་བདག་ཉིད་འདི།། ངེས་འབྱུང་སྒྲུབ་པ་ཡིན་ཞེས་བྱ།། ཞེས་བྱ་བ་གསུངས་པ་ལ།། ཐེག་པ་ཆེན་པོའི་མཚན་ཉིད་གསུངས་པ། འཆད་པར་འགྱུར་བ་དེ ་ལ་ཅིའི་ཕྱིར་ཐེག་པ་ཆེན་པོ་ཞེས་བྱ་ཞེ་ན། གང་གི་ཕྱིར་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་འགྱུར་བའི་ཕྱིར་རོ།། ཅིའི་ཕྱིར་ཐེག་པ་ཆེན་པོ་ཞེས་བྱ་ཞེ་ན། གང་གི་ཕྱིར་ནམ་མཁའ་དང་མཉམ་པ་དང་། ་སེམས་ཅན་ཐམས་ཅད་ལ་གོ་འབྱོད་པའི་ཕྱིར་དང་། འགྲོ་བ་དང་འོང་བ་དང་གནས་པ་དང་བྲལ་བའི་ཕྱིར་དང་། དུས་གསུམ་མཉམ་པ་ཉིད་ཀྱི་ཕྱིར་རོ།། དེ་ལ་འདིར་འཇིག་རྟེན་གྱི་ཁམས་གསུམ་པའོ།། དེ་ལས་ཤིན་ཏུ ་འདས་པའི་ཕྱིར་མཆོག་གོ།། དེ་ཡང་གང་ཟག་དགུ་པོ་དག་གི་ཆོས་སོ།། དགུ་གང་ཞེ་ན། རིགས་ཀྱི་ས་དང་། བརྒྱད་པ་དང་། རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ ་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་སོ།། དེ་ཡང་སེམས་ཅན་ཐམས་ཅད་ཀྱི་སྟེ། ཐེག་པ་ཆེན་པོ་ནི་ནམ་མཁའ་དང་མཉམ་པ་ཉིད་ཀྱི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་མཆོག་གོ།། དེ་ཡང་ངེས ་པར་འབྱུང་བའི་གཞུང་དྲང་པོ་རབ་འབྱོར་གལ་ཏེ་སེམས་དང་པོ་བསྐྱེད་པ་ཞེས་བྱ་བ་དེའི་གོང་དུ་རྒྱས་པར་བསྟན་ཏོ།། སེམས་དང་པོ་བསྐྱེད་པ་ལ་སོགས་པ་ཞེས་བྱ་བའི་གཞུང་གིས་སེམས་བསྐྱེད་པ་ཆེན་པོ་ཉིད་དང་། ཡེ་ཤེས ་རྡོ་རྗེ་ལྟ་བུ་ཞེས་བྱ་བ་ལ་སོགས་པའི་གཞུང་གིས་རྟོགས་པ་ཆེན་པོ་ཉིད་དང་། གང་ཟག་དགུའི་ཆོས་ཀྱི་སྒྲིབ་པ་སྤང་བའི་ཕྱིར་ཆོས་ཀྱི་འཁོར་ལོ་བསྐོར་བ་གཞུང་གིས་སྤངས་པ་ཆེན་པོ་ཉིད་དེ། ཆེན་པོ་ཉིད་གསུམ་པོ་དེ་དག་གིས ་སེམས་ཅན་ཐམས་ཅད་ཀྱི་མཆོག་ཉིད་དུ་བསྒྲུབ་པར་བྱ་བ་ནི་ཆེད་དུ་བྱ་བའོ།། ཆེད་དུ་བྱ་བ་དེའི་དོན་དུ་སྒྲུབ་པ་རྣམ་པ་བཞི་ལ་སྤྱད་པའི་ཕྱིར་རོ།། དེ་སྐད་དུ་ཡང་། སེམས་ཅན་ཀུན་མཆོག་ཉིད་སེམས་དང་།། སྤོང་དང་རྟོགས ་པ་གསུམ་པོ་ལ།། ཆེན་པོ་གསུམ་གྱིས་རང་བྱུང་གི། ཆེད་དུ་བྱ་བ་འདི་ཞེས་བྱ།། ཞེས་གསུངས་སོ།། དེའི་ངེས་པར་འབྱུང་བ་ནི་འགྲོ་བའི་བྱ་བ་མ་ལུས་པ་ཡོངས་སུ་རྫོགས་པ་ཡིན་ཏེ། ཡོངས་སུ་རྫོགས་པ་དང་ཡོངས ་སུ་སྦྱངས་པ་ལས་སོ།། འདོད་པའི་ཁྱམས་ལ་སོགས་པ་དང་། སེམས་ཅན་ཐམས་ཅད་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཐར་ཐུག་པ་དག་ལ་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཡོངས་སུ་ཤེས་པའི་ཕྱིར་ཡོངས་སུ་སྦྱངས་པའོ།། ། ་དེ་ནི་ཆེད་དུ་བྱ་བའི་ངེས་པར་འབྱུང་བའོ།། ཕྱོགས་དང་ཁ་དོག་དང་དུས་དང་འཕེལ་བ་དང་འགྲིབ་པ་ལ་སོགས་པ་དང་བྲལ་བའི་ཕྱིར་ཐེག་པ་ཆེན་པོ་ནམ་མཁའ་དང་མཉམ་པ་ཉིད་དུ་ཤེས་པ་ནི་མཉམ་པ་ཉིད་དོ།། དེའི་ངེས ་པར་འབྱུང་བ་ནི་མཉམ་པ་ཉིད་དུ་ངེས་པར་འོབྱུང་བའོ།། ཐེག་པ་ཆེན་པོ་ནི་ནམ་མཁའ་དང་འདྲ་བར་སེམས་ཅན་ཚུད་མེད་གྲངས་མེད་དཔག་ཏུ་མེད་པ་དག་གི་གློ་སྐབས་འབྱེད་པ་དེ་བས་ན་དེ་དག་གི་དོན་བྱེད་པའི་ཕྱིར་རོ།། འདི ་ལྟར་སེམས་ཅན་མེད་པ་ཉིད་ཀྱིས་ནམ་མཁའ་མེད་པ་ཉིད་དེ། དེ་མེད་པ་ཉིད་ཀྱིས་ཐེག་པ་ཆེན་པོ་མེད་པ་ཉིད་དོ།། གསུམ་པོ་དག་ཀྱང་མི་དམིགས་པའི་ཕྱིར་ཞེས་བྱ་བ་ལ་སོགས་བྱས་རྒྱས་པར་སེམས་ཅན་གྱི་དོན་གྱི ་ངེས་པར་འགྱུར་པ་བསྟན་ཏོ།། ཐེག་པ་ཆེན་པོ་ནི་ནམ་མཁའ་དང་འདྲ་བར་འོང་བ་དང་འགྲོ་བ་དང་གནས་པ་མི་དམིགས་ཏེ། གཡོ་བ་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའོ།། གཡོ་བ་དང་འགུལ་བ་དང་རྩོལ་བ་ནི་འབད ་པ་སྟེ། དེ་མེད་པའི་ཕྱིར་ལྷུན་གྱིས་གྲུབ་པའི་ངེས་པར་འབྱུང་བའོ།། ཐེག་པ་ཆེན་པོ་ལ་སྔོན་གྱི་མཐའ་ཡང་མི་དམིགས་པ་ལ་སོགས་པ་སྟེ། དུསོ་གསུམ་མཉམ་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པས་སོ།། དེ་བཞིན ་དུ་དུས་གསུམ་མཉམ་པ་ཉིད་ཀྱི་མཐའ་ལས་འདས་པ་ཉིད་ཀྱི་ཕྱིར་ཐེག་པ་ཆེན་པོ་འདི་ནི་ཤིན་ཏུ་ངེས་པར་འབྱུང་བའི་ཕྱིར་ཤིན་ཏུ་ངེས་པར་འབྱུང་བའོ།། ཐོབ་པའི་ངེས་པར་འབྱུང་བ་བརྗོད་པར་བྱ་སྟེ། དེ ་ལ་དང་པོར་ནི་ཐེག་པ་ཆེན་པོ་ལ་བྱང་ཆུབ་སྒྲུབ་པར་བྱེད་པ་ཉིད་ཀྱིས་དུས་གསུམ་མཉམ་པ་ཉིད་ཀྱི་ཐེག་པ་ཆེན་པོ་ཞེས་བྱ་བའི་བསྔགས་པ་གསུངས་སོ།། དེ་ནས་གང་པོས་གསོལ་པ། འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་བརྗོད་པར་བྱ་བའི་ཐེག་པ་ཆེན་པོ་ནི་མཱ་ཡཾ་ནུ་ནོ།། དེ་བས་ན་གཉི་ག་ཐ་མི་དད་པ་ནི་བཅོམ་ལྡན་འདས་ཀྱིས་རྗེས་སུ་མཐུན་པ་ཞེས་བྱ་བ་ནས། སྟོན་པ་ཞེས་བྱ་བའི་བར་གྱིས་གསུངས་ཏེ། བྱང་ཆུབ་སེམས་དཔའི་དམིགས ་པ་ཐམས་ཅད་ནི་སྟོང་པ་ཉིད་དུ་བསྟན་ཏེ། སྟོང་པ་ཉིད་དུ་བསྟན་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ།། རབ་འབྱོར་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཇི་ལྟར་འཐོབ་པ་དེ་མདོར་བསྡུས ་པའི་ཚིག་བཅུ་གཉིས་ཀྱིས་སྨྲས་ཏེ། དེ་ལ་བཅོམ་ལྡན་འདས་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྔོན་གྱི་མཐའ་ཞེས་བྱ་བ་ལ་སོགས་པ་ནི་དང་པོའོ།། གཟུགས་ཀུན་ཏུ་མཐའ་ཡས་པའི་ཕྱིར་ཞེས་བྱི་བ ་ལ་སོགས་པ་ནི་གཉིས་པའོ།། གཟུགས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ནི་གསུམ་པའོ།། བཅོམ་ལྡན་འདས་དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་བཞི་པའོ།། བྱང་ཆུབ་སེམས་དཔའ་ཉིད་ཀྱང་རོལ་གྱི་ཞེས་བྱ ་བ་ལ་སོགས་པ་ནི་ལྟ་བའོ།། ཇི་ལྟར་བདག་ཅེས་བྱ་བ་ལ་སོགས་པ་ནི་དྲུག་པའོ།། བཅོམ་ལྡན་འདས་དེ་ལྟར་རང་བཞིན་མ་མཆིས་པའི་ཆོས་ཐམས་ཅད་ལ་ཞེས་བྱ་བ་ནི་བདུན་པའོ།། གང་མངོན་པར་མ་གྲུབ་པའི་གཟུགས་ལྟ་ཞེས ་བྱ་བ་ལ་སོགས་པ་ནི་བརྒྱད་པའོ།། བཅོམ་ལྡན་འདས་གང་མངོན་པར་མ་གྲུབ་པ་དེ་ནི་ཞེས་བྱ་བ་ལ་སོགས་པ་ནི་དགུ་པའོ།། མངོན་པར་མ་གྲུབ་པ་མངོན་པར་མ་གྲུབ་པས་ཞེས་བྱ་བ་ལ་སོགས་པ་ནི་བཅུ་པའོ།། བྱང་ཆུབ་སེམས། ་དཔའ་ལས་གུང་ན་ཞེས་བྱ་བ་ལ་སོགས་པ་ནི་བཅུ་གཅིག་པའོ།། གལ་ཏེ་དེ་ལྟར་བསྟན་པའི་ཚེ་ཞེས་བྱ་བ་ལ་སོགས་པ་ནི་བཅུ་གཉིས་པའོ།། དེ་བས་ན་དེ་དག་གི་དོན་བརྗོད་པར་བྱ་སྟེ། ཐོབ་པའི་བྱ་བ་དང་ཐོབ་པར་བྱེད་པ་པོའི ་བྱང་ཆུབ་སེམས་དཔའ་དང་། ཐོབ་པར་བྱེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐོབ་པར་བྱ་བའི་རྣམ་པ་ཐམས་ཅད་མཁྱེན་པ་དང་། ཆོས་ཐམས་ཅད་ནི་མྱི་དམྱིགས་པ་སྟེ། དེ་དེས་དེའི་སྒོ་ནས་ཐོབ་པར་འགྱུར་རོ་ཞེས་བྱ ་བ་ནི་བསྡུས་པའི་དོན་ནོ།། ཡན་ལག་གི་དོན་བརྗོད་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་དུས་གསུམ་དུ་ཡང་ཐོབ་པ་མེད་ཅིང་རྙེད་པ་མེད་དོ་ཞེས་བྱ་བ་ནི་དང་པོའི་དོན་ཏོ།། མཐའ་དང་ལྡན་པ་འགྲོ་བ་པོས་འགྲོ་བར་བྱ་བར་ཕྱིན ་པར་འགྱུར་གྱི། མཐའ་མེད་པ་ནམ་མཁའ་ལ་སོགསོ་པས་ནི་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཡང་མཐའ་མེད་པ་ཡིན་ཏེ། དེ་ཇི་ལྟར་ཐོབ་པར་འགྱུར་ཞེས་བྱ་བ་ནི་གཉིས་པའི་དོན་ཏོ།། བྱང་ཆུབ་སེམས་དཔའ་གཟུགས ་ལ་སོགས་པ་མ་ཡིན་ཞིང་གང་ལ་ཅི་ཡང་མེད་ན་དེ་ཇི་ལྟར་ཐོབ་པར་འགྱུར་ཞེས་བྱ་བ་ནི་གསུམ་པའི་དོན་ཏོ།། དེ་ལྟར་དེ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་ཐམས་ཅད་དུ་མི་དམིགས་པའི ་ཕྱིར་གདམས་ངག་མེད་པར་འགྱུར་ལ། དེ་མེད་ན་གང་ལས་ཐོབ་པར་འགྱུར་ཞེས་བྱ་བ་ནི་བཞི་པའི་དོན་ཏོ།། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ནི་མིང་ཙམ་སྟེ། དོན་ཅི་ཡང་མེད་པ་དེ་བས་ན་དེ་ལ་གདམས་པ་འམ་ཐོབ ་པ་མེད་དོ་ཞེས་བྱ་བ་ནི་ལྔ་པའི་དོན་ཏོ།། ཇི་ལྟར་བདག་བདག་ཅེས་བྱ་བ་དེ་ཤིན་ཏུ་མངོན་པར་མ་གྲུབ་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཡིན་ན་གང་ལས་གདམས་པ་འམ་ཐོབ་པར་འགྱུར་ཞེས་བྱ་བ་ནི་དྲུག་པའི ་དོན་ཏོ།། ཆོས་ཐམས་ཅད་ཀྱང་དེ་བཞིན་དུ་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ན་གདམས་པའམ་ཐོབ་པ་མེད་དོ་ཞེས་བྱ་བ་ནི་བདུན་པའི་དོན་ཏོ།། དེ་ལ་བྱང་ཆུབ་སེམས་དཔའ་ནི་གཟུགས་ལ་སོགས་པོའོ།། དེ་ནི ་རྣམ་པ་གསུམ་སྟེ། ཀུན་བརྟགས་པའི་གཟུགས་ལ་སོགས་པ་དང་རྣམ་པར་བརྟགས་པའི་གཟུགས་ལ་སོགས་པ་དང་། ཆོས་ཉིད་ཀྱི་གཟུགས་ལ་སོགས་པའོ།། དེ་ལ་ཀུན་བརྟགས་པ་དང་། རྣམ་པར་བརྟགས ་པ་གང་ཡིན་པ་དེ་ནི་མངོན་པར་གྲུབ་པ་སྟེ། རྒྱུ་ཡོད་པའི་ཕྱིར་རོ།། གང་ཡང་ཆོས་ཉིད་ཀྱི་གཟུགས་ལ་སོགས་པ་གང་ཡིན་པ་དེ་ནི་མངོན་པར་གྲུབ་པ་མ་ཡིན་པ་དང་མངོན་པར་འདུས་བྱས་པ་མ་ཡིན་ཏེ། རྟག ་ཏུ་དེ་ཁོ་ན་བཞིན་དུ་གནས་པའི་ཕྱིར་རོ།། དེ་ལ་མངོན་པར་མ་གྲུབ་པ་གྲང་ཡིན་པ་དེ་གང་ཞེ་ན། ཅི་ཡང་མེད་དེ། མཚན་ཉིད་ཇི་ལྟ་བ་བཞིན་དུ་ཀུན་བརྟགས་པ་དང་ཇི་ལྟར་སྣང་བ་བཞིན་དུ་རྣམ་པར་བརྟགས་པ་མེད ་པའི་ཕྱིར་ཞེས་བྱ་བ་ནི་བརྒྱད་པའི་དོན་ཏོ།། གང་ཡང་མངོན་པར་མ་གྲུབ་པ་དེ་ནི་གཟུགས་ལ་སོགས་པ་མ་ཡིན་ཏེ། འོན་ཀྱང་གཟུགས་ལ་སོགས་པའི་ཆོས་ཉིད་དོ་ཞེས་བྱ་བ་ནི་དགུ་པའི་དོན་ཏོ།། དེ་ལ་གཟུགས།། ་ལ་སོགས་པའི་ཆོས་ཉིད་ཀྱང་གཟུགས་ལ་སོགས་པའི་བདག་ཉིད་ཡིན་ན་དེའི་ཚེ་ཇི་ལྟར་བྱང་ཆུབ་སེམས་དཔའ་མངོན་པར་མ་གྲུབ་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་མ་གྲུབ་པ་གདམས་པར་བྱ་བར་འགྱུར་ཏེ།། ་གོ་རིམ་བཞིན་དུ་བེམས་པོ་ཉིད་དང་། མངོན་པར་བརྗོད་པ་མ་ཡིན་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་བཅུ་པའི་དོན་ཏོ།། མངོན་པར་མ་གྲུབ་པ་ལས་གཞན་དུ་བྱང་ཆུབ་སེམས་དཔའ་མི་དམིགས་སོ་ཞེས་བྱ་བ་ནི་བཅུ་གཅིག་པུའི་དོན ་ཏོ།། དེ་ལྟར་རྣམ་པ་བཅུ་གཅིག་མི་དམིགས་པ་བསྟན་པ་ན་སེམས་གང་བསྟན་པ་ལ་དམིགས་པ་ཞེས་བྱ་བའི་དོན་ཏོ།། དེ་གང་མི་ཞུམ་པ་སྟེ། དེ་དམིགས་པ་བོར་ནས་གཞན་དུ་ཞུམ་པ་མེད་པ་ནི་རང་བཞིན་གྱིས་གཡོ་བའི ་ཕྱིར་རོ།། མི་འགོང་བ་ནི་དམིགས་པ་དེ་ལ་བསྡུས་པར་གྱུར་པའོ།། གཞན་དུ་ཡང་ཞུམས་པ་མེད་དེ་རང་བཞིན་གྱི་རྒྱ་ཆེ་བ་ཉིད་ཀྱི་ཕྱིར་རོ།། ཡིད་འགོང་བར་མི་འགྱུར་ཞེས་བྱ་བ་ནི་ཡིད་གཡོ་བ་མེད་པ་དང་བསྡུས་པ་ལ་དེ་དང་འགལ ་བར་འགྲོ་བས་ན་འགོང་བར་འགྱུར་བ་སྟེ། གོ་རིམ་བཞིན་དུ་ཞུམ་པ་དང་རྒོད་པའོ།། དེ་ལ་ཞུམ་པ་ནི་སེམས་བྱིང་བྱ་སྟེ་བློང་བའོ།། རྒོད་པ་ནི་ཆགས་པར་བྱ་བའི་ཡུལ་རྗེས་སུ་དྲན་ནས་འདོད་ཆགས་ཀྱི ་ཆུཆར་གྱུར་པ་ཉེ་བའི་ཉོན་མོས་པ་སྟེ། དེ་དག་ཞི་བར་བྱ་བའི་ཕྱིར་ཡིད་ཕྱིར་ཕྱོགས་པར་མི་འགྱུར་རོ།། དེ་སྐད་དུ། ཏིང་ངེ་འཛིན་ཡོན་ཏན་མཐོང་བའི་ཕྱིར།། དེ་ལ་མི་དགའ་ཞི་བར་བྱ།། རྣམ་གཡེང་ཉེས་པ་མཐོང་བའི་ཕྱིར།། ་རྒོད་པ་ཡང་ནི་ཞི་བར་བྱ་ཞེས་བཤད་དོ།། འབོད་པ་བཏང་བར་གྱུར་ན་འདི་ལ་འདི་དག་ཀྱང་ཡོད་པར་འགྱུར་རོ་སྙམ་སྟེ། བཏང་བ་ལས་སྐྲག་པ་ནི་སྐྲག་པ་སྟེ། དེ་འབད་པས་ཟློག་པ་ནི་མི་སྐྲག་པའོ།། འབད་པ་དང་འདུ་བྱེད ་པ་དང་རྩོལ་བ་ཞེས་བྱ་བ་ནི་རྣམ་གྲགས་སོ།། དེ་ནས་ལྷུན་གྱིས་གྲུབ་པའི་འཇུག་པ་བོར་ནས་འདུས་བྱསྐྱེ་པ་ལ་སྐྲག་པ་ནི་དངས་པ་སྟེ། དེས་འདུ་བྱེད་པ་དེ་བཏུང་བར་གྱུར་པ་ལ་མི་དངང་བའོ།། ཤིན་ཏུ་ལྷུན་གྱིས་གྲུབ་པའི ་ཏིང་ངེ་འཛིན་ལ་ཡང་དངང་བར་མི་འགྱུར་པ་འདི་ཙམ་གྱིས་ནི་རང་བཞིན་གྱི་སྤྲོས་པ་མེད་པའི་ཏིང་ངེ་འཛིན་ཡོངས་སུ་གྲུབ་པ་བསྟན་ཏོ།། དེ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་དེ་ལྟར་སྤྱོད་ན་ཞེས་བྱ་བ་ལ་སོགས་པ་གསུངས ་སོ།། མདོར་བསྡུས་པའི་ཚིག་དེ་དག་གི་འོག་ཏུ་དེ་དག་ཉིད་གོ་རིམ་བཞིན་དུ་རེ་རེ་པ་འམ་ལྷན་ཅིག་ཏུ་ཤཱ་རིའི་བུས་རྗེས་སུ་བརྗོད་ནས་རྒྱུ་དྲིས་པ་དེ་ལ་རེ་རེ་པ་ནི་དང་པོ་དང་གཉིས་པ་དང་བཅུ་གཅིག་པོ་དང་བཅུ་གཉིས་པ་ལའོ།། ་གསུམ་པ་དང་བཞི་པ་ནི་ལྷན་ཅིག་པ་ཉིད་དོ།། ལྔ་པ་དང་དྲུག་པ་དང་བདུན་པ་དང་བརྒྱད་པ་དང་དགུ་པ་དང་བཅུ་པ་དག་ཀྱང་ལྷན་ཅིག་པ་ཉིད་དོ།། དེ་དག་གི་འོག་ཏུ་གོ་རིམ་བཞིན་དུ་རེ་རེ་ཞིང་འདྲི་བ་རྗེས་སུ་བརྗོད་ནས། རབ་འབྱོར ་གྱིས་བཅུ་གཉིས་ཉིད་ཀྱི་ལན་རྒྱས་པར་སྨྲས་ཏེ། དེ་དག་གི་དང་པོ་ནི་སེམས་ཅན་མེད་པ་ཉིད་དོ།། ཚེ་དང་ལྡན་པ་ཁྱོད་ཀྱིས་གང་ལ་ཡང་འདི་སྐད་དུ་གཞན་ཡང་ཞེས་བྱ་བ་ནི་དེ་ལྟར་གཉིས་པ་ལ་སོགས་པ་ཐམས་ཅད་ལོ ་དང་པོར་རྗེས་སུ་བཟླས་ནས་ཐ་མར་མ་ཇུག་བསྡུ་བའོ།། བཅུ་གཉིས་པའི་ལན་རྒྱས་པའི་མཇུག་ཏུ་གསུངས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་ཞེས་གསུངས་སོ།། དེ་བས་འདི་ལྟར་འདི་ལ་སྤྱོད་པ་ནི་ཆོས ་རྗེས་སུ་རྟོགས་པ་ཡིན་ལ་དེ་ནི་གཟུགས་ལ་སོགས་པས་གཟུགས་ལ་སོགས་པ་ལ་མི་དམིགས་ཤིང་མི་གནས་ཏེ། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མི་བགྱིད་དོ།། ཞེས་གསུངས་པ་ཉིད་དོ།། དེ་དག ་གི་དོན་གོ་རིམ་བཞིན་དུ་རང་རིག་པས་མི་ཤེས་ཏེ། རང་གི་མཚན་ཉིད་མེད་པའི་ཕྱིར་རོ།། མི་སྣང་བ་སྟེ། གཟུང་བ་དང་འཛིན་པ་མེད་པས་དེ་བཞིན་ཉིད་སྣང་བ་མེད་པའི་ཕྱིར་རོ།། དོན་དམ་པ་ཉིད་ཀྱིས་རྟོག་པར་མི་བྱེད ་བཏགས་པ་ཙམ་ཉིད་ཀྱིས་རྣམ་པར་རྟོག་པ་མི་བྱེད་དོ།། དེ་དག་གི་རྣམ་པ་ནི་དེ་གཟུགས་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ཅིའི་ཕྱིར་མི་ཤེས་ཤེ་ནི། མེད་པའི་ཕྱིར་དང་སྐྱེ་བ་མེད་པའི་ཕྱིར་དང་ཟད་པ་མེད་པའི ་ཕྱིར་རོ།། གང་ཡང་གཟུགས་ཞེས་བྱ་བ་ལ་སོགས་པ་དང་། དེ་དག་ནི་གཉིས་སུ་མེད་པའི་གྲངས་སུ་འགྲོའོ་ཞེས་བྱ་བ་སྨོས་ཏེ། ཆོས་ཉིད་ཀྱི་གཟུགས་ལ་སོགས་པ་ཞེས་བྱ་བར་དགོངས་སོ།། ་དེ་ནི་ཐོབ་པའི་ངེས་པར་འབྱུང་བའོ།། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བརྗོད་པར་བྱ་བ་ཡིན་པ་དེ་བས་ན་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་ནི་གང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་། ཡོངས་སུ་བརྟགས་པ་ནི ་གང་ཞེས་དྲིས་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གསུམ་པོ་དེ་དག་ཅི་འདྲ་བ་ཞེས་བྱ་བར་བསམས་པའི།། རབ་འབྱོར་གྱིས་ལན་དུ་སྨྲས་པ། བྱང་ཆུབ་ཀྱི་བདག་ཉིད་ཀྱི་སེམས་པ་ནི་བྱང་ཆུབ་སེམས་དཔའོ།། བྱང ་ཆུབ་དེས་ཀྱང་ཆོས་ཐམས་ཅད་ཀྱི་རྣམ་པ་ཤེས་ཀྱང་འདི་མངོན་པར་ཞེན་པ་ནི་མེད་དོ།། ཆོས་ནི་གཟུགས་ལ་སོགས་པའོ།། རྣམ་པ་གང་གིས་ཞེས་བྱ་བ་ལ་སོགས་པ་ལ་རྣམ་པ་ཞེས་བྱ་བ་ནི་བསྟན་པའོ།། རྟགས་ཞེས་བྱ་བ ་ནི་མིང་དང་བརྡའོ།། མཚན་མ་ཞེས་བྱ་བ་ནི་མཚན་ཉིད་དོ།། བྲལ་བ་དང་རིང་དུ་སོང་བ་དྲི་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། སྤང་བར་བྱ་བ་མ་ལུས་པ་སྤངས་པས་བྲལ་བ་སྟེ། མི་ལྡན་པའོ།། སོང་བས་ན་སོང་བ་སྟེ། ་བགྲོད་པར་བྱ་བ་རྒལ་བ་ཞེས་བྱ་བའི་ངན་ཏོ།། ཕ་རོལ་ཏུ་འགྲོ་ཞིང་ཕྱིན་པས་རིང་དུ་སོང་བ་དེ་བས་ན་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། ཇི་ལྟར་ཡོངས་སུ་བརྟགས་པ་ནི་གང་གཟུགས་རྟག་པ་མ་ཡིན་ཞེས་བྱ་བ་དང་མི་རྟག ་སྤྱན་ནས་བར་ཡོ་ས་ཟློག་པ་ཞེས་བྱ་བ་ལྔ་སོགས་པར།། ལས་སུ་ངེས་པ་བྱུང་བ་བདྨོད་པ་རྱཱ་བྷཱ་བྱུ་ཤཱུནྡཪྻ་གྷྲ་ཏྟྱ་ཝཱ་རཱ་བྱུང་ཆུབ་སེམས་དཔའ་སསྨྲས་དཔའ་རྐྱེན་པོ་ཕྱོ་ཏུ་སྦྱིན་པ་དྲུག་ས་སྣང་བ་རྒྱ། ་ཆུབ་ཀྱི་ལམ་ཡོངས་སུ་སྤྱོང་དུ་ཡིན་ཞེས་སྐབས་འབྱེད་པ་ལ་ཚེ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ།། དེ་ནི་ངེས་པར་འབྱུང་པོའི་སྒྲིབ་པ་རྣམ་པ་བརྒྱད་ཡིན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོག་སྷོ་བུ ་ཡང་ཡིན་ནོ།། འདྲིར་དང་པོ་སེམས་བསྐྱེད་པ་བསྟན་པ་ནི་ཡང་དག་པར་རྫོགས་པོའི་བྱང་ཆུབ་ཀྱི་ས་བོན་ཡིན་པའི་ཕྱིར་རོ།། དེ་ནས་གདམས་དགྲ་ནི་ཐོག་མར་ཡོངས་སུ་ཤེས་པར་བྱ་བ་བཅུ་པོ་དག་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་རོ།། ་དེ་ནས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དག་ནི་འཇིག་རྟེན་ལས་འདས་པའི་ལམ་གྱི་སྦྱོར་བ་ཡིན་པའི་ཕྱིར་རོ།། དེ་ནས་རྟེན་ནི་སྒྲུབ་པའི་རྟེན་ཏེ། བདག་ཏུ་འཛིན་པ་སྤང་བའི་ཕྱིར་རོ།། དེ་ནས་དམིགས་པ་ནི་དེ་ལ་རྨོངས་པ་སྤོང་བའི ་ཕྱིར་རོ།། དེ་ནས་ཆེད་དུ་བྱ་བ་ནི་ལོག་པའི་ཆེད་དུ་བྱ་བ་སྤངས་པའི་ཕྱིར་དང་། ཡང་དག་པའི་ཆེད་དུ་བྱ་བའི་རང་གི་ངོ་བོ་ཤེས་པར་བྱ་བའི་ཕྱིར་རོ།། དེ་ནས་སྒྲུབ་པ་རྣམ་པ་བཞི་སྟེ། དེ་ལ་སྒྲུབ་པ་གང་ལ་གང་དུ་གཅོད་པར ་བྱེད་པ་ཐམས་ཅད་སོ་སོར་བཅོམ་པ་དེ་ནི་གོ་ཆའི་སྒྲུབ་པ་དྲུག་གོ།། གང་གིས་ཐེག་པ་ཆེན་པོ་ལ་འཛེག་པར་བྱེད་པ་དེ་ནི་འཇུག་པའི་སྒྲིབ་པ་དགུའོ།། གང་གི་རྒྱུའི་མཐར་ཐུག་པ་ཐོབ་པར་བྱེད་པ་དེ་ནི་ཚོགས་ཀྱི་སྒྲུབ་པ་རྣམ ་བ་བཅུ་བདུན་ནོ།། གང་གིས་འབྲས་བུའི་མཐར་ཐུག་པ་ས་གནོན་པ་དེ་ནི་ངེས་པར་འབྱུང་བའི་སྒྲུབ་པ་བརྒྱད་དོ།། དེ་བས་ན་བཞི་པོ་འདི་ནི་སྒྲུབ་པ་ཡིན་ཏེ། རབ་ཏུ་དབྱེ་བའི་གྲངས་བྱས་ནས་བཞི་བཅུ ་འགྱུར་རོ།། །། མངོན་པར་རྟོག་པའི་རྒྱན་གྱི་འགྲེལ་པ་དག་ལྡན་ཞེས་བྱ་བ། རིན་ཆེན་འབྱུང་གནས་ཞི་བས་སྦྱར་བ་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལེའུ་སྟེ་དང་པོའོ།། །། ལམ་ཤེས་པ ་ཉིད་བསྟན་པར་བྱ་བ་ལ། རུང་བར་མ་བྱས་པ་ལ་བསྟན་པར་རིགས་པ་མ་ཡིན་ཏེ། དེ་ཡང་རུང་བར་མ་བྱས་པ་ཉིད་ནི་བྱང་ཆུབ་ཀྱི་སེམས་ཡིན་ནོ།། དེ་བས་ན་དང་པོར་དེ་ཉིད་ཁྱད་པར་དུ་འཕགས་པའི་ཆོས་རྣམས་ལས་ཞེས་བྱ་བ་ནས། ་ལྷག་པར་དམིགས་པར་བྱ་བ་དེ་དག་གི་བར་གྱིས་སེམས་བསྐྱེད་པ་གསུངས་ཏེ། དེ་ནི། ལྷ་རྣམས་རུང་བར་བྱ་བའི་ཕྱིར།། འོད་ཀྱིས་མོག་མོག་པོར་མཛད་དང་།། ཡུལ་ངེས་པ་དང་ཁྱབ་པ་དང་།། རང་བཞིན་དང་ནི་དེ་ཡི་ལས་ཞེས་བྱ་བ ་སྨོས་ཏེ། གསུངས་སོ་ཞེས་བྱ་བ་ནི་ལྷག་མའོ།། ལྷ་རྣམས་ཞེས་བྱ་བ་ནི་ལྷའི་ཚོགས་རྣམས་སོ།། རུང་བར་བྱ་བའི་ཕྱིར་ཞེས་བྱ་བ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱིས་འཇིག་རྟེན་ཐམས་ཅད་ཟིལ་གྱིས་མནན་པར་ཤེས་ནས ་དེའི་དངོས་པོར་སེམས་བསྐྱེད་པོའི་ཕྱིར་རོ།། དོན་ཏོ་གང་ཡང་ཞེས་བྱ་བ་ནི་ཀེའུ་ཤི་ཀ་དེ་ལས་ཞེས་བྱ་བ་ལ་སོགས་པས་སྐབས་འབྱེད་པ་ཡིན་ནོ།། དེ་བས་ན་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་གང་ཡིན་པ་དེ་དག་གིས་སེམས་བསྐྱེད་པར ་བྱའོ་ཞེས་ཀྱུ་བ་ནི་རུང་བར་བྱ་བའི་ཕྱིར་བསྐྱེད་པའོ།། འོད་ཀྱི་ཞེས་བྱ་བ་ནི་སངས་རྒྱས་ཀྱི་འོད་ཀྱིས་སོ།། མོག་མོག་པོར་མཛད་ཅེས་བྱ་བ་ནི་གཟི་མེད་པར་མཛད་ཅེས་བྱ་བའི་ཡུལ་ངེས་པ་སྟེ། ཡུལ་ཉན་ཐོས་ཞི་བ་ཕྱོགས་གཅིག་པས ་མ་བསྐྱེད་པའི་ཕྱིར་རོ།། འོན་ཀྱང་ཞེས་བྱ་བ་ལ་སོགས་པས་བསམ་གྱིས་མི་ཁྱབ་པ་སྟེ། བྱང་ཆུབ་ཏུ་ཡོངསུ་གྱུར་པའི་ཉན་ཐོས་ངག་གིས་ཀྱང་བསྐྱེད་པའི་ཕྱིར་རོ།། དགེ་བོའི་ཕྱོགས་ལ་བདག་ཅེས་བྱ་བ་ལ་སོགས་པས་ནི་རང་བཞིན་ཏེ ་དགེ་བོའི་ཕྱོགས་ནི་ཆོས་སོ།། ཁྱད་པར་དུ་འཕགས་པ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཡང་དག་པར་བཟུང་བས་སོ།། ཤིན་ཏུ་ཁྱད་པར་དུ་འཕགས་པ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་ཡང་དག་པར་བཟུང་བ་སྟེ་དེ་ནི་ལྷས་སོ།། ་ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི།། འཕགས་པའི་བདེན་པ་བཞི་དྲུག་གི། རྣམ་པ་མི་དམིགས་སྒོ་ནས་ནི།། ཉན་ཐོས་ལམ་འདི་ཤེས་པར་བྱ་ཞེས་བྱ་བ་ལ། དང་པོ་ཉིད་དུ་ཞེས་བྱ་བ་ནི་ལྷག་མའོ།། དེའི་མདོ་ཡང་ཀཽ་ཤི་ཀ་དེ་ལ ་ཞེས་བྱ་བ་ནས་བརྩམས་ཏེ། བཅོམ་ལྡན་འདས་ཞེས་བྱ་བའི་གོང་མ་ཡན་ཆད་དོ།། གཟུགས་ལ་སོགས་པ་ནི་རྣམ་པ་གཉིས་ཏེ། སྡུག་བསྔལ་གྱི་བདེན་པ་དང་ཀུན་འབྱུང་གི་བདེན་པའོ།། དེ་ལ་སྡུག་བསྔལ་ནི་རྣམ ་པ་བཞིར་ཡིད་ལ་བྱ་སྟེ། མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། ཞི་བ་སྟེ། གོ་རིམ་བཞིན་དུ་སྐྱེ་བ་དང་འཇིག་པ་དང་ལྡན་པའི་ཕྱིར་དང་མི་མཐུན་པ་ཉིད་ཀྱི་ཕྱིར་དང་བདག་གི་མཚན་ཉིད་མེད་པ་ཉིད་ཀྱི ་ཕྱིར་དང་བདག་གི་བས་སྟོང་པ་ཉིད་ཀྱི་ཕྱིར་རོ།། དེ་ལྟ་ཤི་བའི་རོ་ལ་ཞི་བ་ཞེས་བྱ་བ་སྟེ། བདག་གི་བས་སྟོང་པ་ཉིད་ཀྱི་ཕྱིར་རོ།། ཀུན་འབྱུང་ནི་རྣམ་པ་བཞིས་སྤང་བར་འོས་པར་ཤེས་པར་བྱ་བའི་དོན་ཏོ།། ་ནད་དང་ཤུ་བ་དང་ཟུག་རྔུ་དང་སྡིག་པ་སྟེ། གོ་རིམ་བཞིན་དུ་སྡུག་བསྔལ་གྱི་རྒྱུ་ཉིད་ཀྱི་ཕྱིར་དང་། སྡུག་བསྔལ་འཕེལ་བར་བྱེད་པའི་རྒྱུ་ཉིད་དང་གདོན་པར་དཀའ་བ་ཉིད་ཀྱི་ཕྱིར་དང་འདི་དང་གཞན་དུ་སྡུག་བསྔལ་གྱི་རྒྱུའི ་ཆོས་མཐུན་པ་ཉིད་ཅན་སྨོན་པའི་ཕྱིར་རོ།། ཡང་རྣམ་པ་བཞིས་ནུས་པ་ཉིད་དུ་ཡོངས་སུ་ཤེས་པའི་དོན་ཏེ། ཕྱི་རོལ་དང་འཇིག་པའི་ཆོས་ཅན་དང་གཡོ་བ་དང་རབ་ཏུ་འཇིག་པ་སྟེ། བདག་ནི་དོར་བར་མི་ནུས་པས ་འདིས་ནི་ཕ་རོལ་ལོ།། འཇིག་པའི་ཆོས་ཅན་ནི་སྐད་ཅིག་མ་རེ་རེར་འཇིག་པ་ཉིད་ཀྱི་ཕྱིར་རོ།། གཡོ་བ་ནི་དགྲ་བཅོམ་པ་དག་གིས་ལམ་རྣལ་མཱས་རྩ་བ་ནས་བཏོན་པ་ཉིད་ཀྱི་ཕྱིར་རོ།། སྐབས་སུ་བབ་པའི་ལམ ་གྱིས་འཇིག་པ་ཉིད་ཀྱི་ཕྱིར་རབ་ཏུ་འཇིག་པའོ།། མྱུར་དུ་བྱེད་པའི་དོན་ཡང་གསུམོ་སྟེ། ཐོག་འབབ་པ་ལ་སོགས་པ་བཞིན་དུ་འཇིག་པའི་རྒྱུ་ཉིད་ཀྱི་ཕྱིར་འཇིག་པའོ།། འབྱུང་པོ་དང་སྲིན་པོ་དང་ཆོས་མཐུན ་པ་ཉིད་ཀྱི་ཕྱིར་འགོ་བའི་ནོད་དོ།། མུ་གེ་དང་ཕ་རོལ་གྱི་དམག་ཚོགས་ལ་སོགས་པ་དང་ཆོས་མཐུན་པ་ཉིད་ཀྱི་ཕྱིར་འཚེ་བའོ།། དེ་བཞིན་དུ་རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་ལས་བཟློག་པ་ནི་མ་རིག་པ་འགག ་བས་འདུ་བྱེད་འགག་ཅེས་བྱ་བ་ནས་བརྩམས་ཏེ། སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་འགག་པར་འགྱུར་རོ་ཞེས་བྱ་བའི་བར་དུ་སྟེ། དེ་ལ་ངེས་པར་འགོག་པས་ན་འགོག་པའི་བདེན་པའོ།། འདིས་འགོག་པར་བྱེད་པས ་ན་འགོག་པ་སྟེ། ལམ་གྱི་བདེན་པའོ།། དེ་དག་སོ་སོ་ལ་ཡང་རྣམ་པ་བདུན་ཏེ། བདག་མེད་པ་དང་། ཞི་བ་དང་དབེན་པ་དང་། སྟོང་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུས་མ་བྱས་པ་ཞེས ་བྱ་བའོ།། དེ་ལྔ་རྣལ་འབྱོར་པའི་བདག་ནི་སྡུག་བསྔལ་གྱི་བདག་ཉིད་ཀྱི་ཕུང་པོ་དག་སྟེ། དེ་བས་ན་སྡུག་བསྔལ་གྱི་དངོས་པོ་མེད་པ་ཉིད་ཀྱི་ཕྱིར་བདག་མྱེད་པའོ།། ཉོན་མོངས་པ་ཉེ་བར་ཞི་བ་ཉིད་ཀྱི་ཕྱིར་ཞི་བའོ།། ་དེ་གཉིས་ནི་མི་གཙང་པོ་སྟེ། དེ་དག་ཟང་པ་ཉིད་ཀྱི་ཕྱིར་དབེན་པ་སྟེ། གཙང་བུ་ཞེས་བྱ་བའི་དོན་ཏོ།། བདག་དང་བདག་གི་དང་བྲལ་བའི་ཕྱིར་སྟོང་པའོ།། འདུས་བྱས་ཀྱི་མཚན་མ་ཐམས་ཅད་དྲང་བྲལ་བའི་ཕྱིར ་མཚན་མ་མེད་པའོ།། ཁམས་གསུམ་པ་ལ་སྨོན་པ་ནི་སྨོན་ལམ་སྟེ། དྲི་ཟད་པའི་ཕྱིར་སྨོན་པ་མེད་པའོ།། མ་འོངས་པའི་ལས་མངོན་པར་འདུ་བྱེད་པ་མེད་པའི་ཕྱིར་མངོན་པར་འདུ་བྱེད་པ་མེད་པ་ཞེས་བྱ་སྟེ། འགོག། ་པའི་བདེན་པའི་རྣམ་པའོ།། ལམ་གྱི་བདེན་པ་ཡང་དེ་དག་ཁོ་ན་ཡིན་ཏེ། ལམ་ཡང་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་ཡིན་པ་དེ་བསོ་ན་བདག་མེད་པ་ལ་སོགས་པ་ཐོབ་པར་བྱེད་པ་ཉིད་ཀྱི་ཕྱིར་བདག་མེད ་པ་ལ་སོགས་པའོ།། དེ་ལྟར་ན་འདིར་རྣམ་པ་ཉི་ཤུ་རྩ་དགུ་ནི་ཉན་ཐོས་ཀྱི་ལམ་ཡིན་ཏེ། དེའི་བྱང་ཆུབ་ཐོབ་པར་བྱེད་པ་ཡིན་པའི་ཕྱིར་རོ།། དེ་ནི་དེ་དག་མི་དམིགས་པས་ལམ་ཤེས་པ་ཉིད་ལ་འཇུག ་སྟེ། སྔར་ཡང་བྱང་ཆུབ་ཆེན་པོ་ལ་སྨོན་པའི་ཕྱིར་དང་། ཕྱིས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོས་པའི་ཕྱིར་རོ།། ཁྱད་པར་དེ་དག་གཉིས་ཀྱིས་ལམ་གཞན་ལ་ཡང་འདིར་འཇུག་པའི་ཕྱིར་གཞན་ཡང་ཞེས་བྱ། ་བའི་ཚིག་གཉིས་གསུངས་པ་ཡིན་ནོ།། ཡོངས་སུ་དཔྱོད་པར་བྱེད་པ་ལྔ་པོ་དག་གི་གཞུང་ལྷག་མས་ནི་མི་དམིགས་པ་ཉིད་རྒྱས་པར་འབྱེད་དེ། དེ་ལ་བསྟན་པ་ཉིད་ནི་ཆོས་ཀྱིས་ཆོས་རྣམས་ཞེས་བྱ་བ་ནས། སོ་སོར་དཔྱོད་པ ་ཞེས་བྱ་བ་དེ་དག་གི་བར་དུའོ།། འདི་ལྟར་ཞེས་བྱ་བ་ནི་འཚོད་པར་འགྱུར་བའི་ཚིག་གིས་སོ།། ཆོས་ཀྱིས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་སམ་ཡོངས་སུ་བསྔོ་བའི་སེམས་ཀྱིས་སོ།། ཆོས་རྣམས་ཞེས་བྱ་བས་ནི་ཉན་ཐོས ་ཀྱི་ལམ་ལ་སོགས་བྱའོ།། སྦྱོར་བར་བྱེད་པ་ནི་གང་ཟག་གིས་སྟོང་པ་ཉིད་ཀྱིས་མཉམ་པ་ཉིད་མཐོང་བ་ཉིད་ཀྱི་ཕྱིར་སྦྱོར་བའོ།། འགྲོགས་པས་སྟོང་པ་ཉིད་དུ་སྦྱོར་བ་ལས་ཀྱང་རྣམ་པ་གཉི་གས་བརླན་པ་ནི་མངོན་པར་བརླན ་པའོ།། ཕན་ཚུན་སྟོང་པ་ཉིད་དུ་སྦྱོར་བ་ལས་ཀུན་ནས་བརླན་པའོ།། རང་བཞིན་སྟོང་པ་ཉིད་ལྷག་མར་བྱས་པ་དེ་སྦྱོར་བ་ནི་ཡོངས་སུ་རྫོགས་པ་སྟེ། རང་བཞིན་སྟོང་པ་ཉིད་ཀྱིས་ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ ་རྫོགས་ཤིང་གསོས་པ་དེ་བས་ན་དེ་མཐོང་བ་ཡོངས་སུ་རྫོགས་པའོ།། ཡོངས་སུ་རྫོགས་པ་ལས་ཀྱང་རིགས་པ་ལྷག་པ་མཐོང་བ་ནི་ཡོངས་སུ་རྒྱས་པའོ།། དཔེར་ན་བྲེ་འདི་ལས་བྲེ་འདིར་ཚད་འདི་ཙམ་གྱི་ལྷག་པར་གྱུར་པ་ནི ་ལྷག་པ་ཞེས་བྱ་བའི་དོན་ཏོ།། ལྷག་མ་ནི་བཤད་པ་སྟེ། དེ་ལ་དང་པོ་སྦྱོར་བ་དེའི་བཤད་པ་ནི་བདག་མེད་པ་ཞེས་བྱ་བ་ལ་སོགས་པའོ།། དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ནི་མངོན་པར་བརླན་པར་བྱེད་པ་དེ་གང་ལས་ཞེས་བྱ ་བུའོ།། ལཱན་ནི་འདི་ལྟར་ཞེས་བྱ་བ་ལ་སོགས་པའོ།། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་ཡོངས་སུ་བརླན་པར་བྱེད་པོ་དེ་གང་ལས་ཞེས་བྱ་བའོ།། ལོན་ནི་ཀཽ་ཤི་ཀ་གང་ཞེས་བྱ་བ་ལ་སོགས་པའོ།། མངོན་པར་མི་ཞེན་མི་དམིགས། ་ཞེས་བྱ་བ་ནི་བདག་དང་བདག་གོ་དངོས་པོ་མེད་པའི་ཕྱིར་རོ།། བརྒྱ་བྱིན་གྱི་དྲི་བ་ནི་བཙུན་པ་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་སྟེ། སེམས་སྔ་མ་དག་གིས་སེམས་ཕྱི་མ་དག་ལ་བགྲ་ཆགས་བསྒོས་པ་ལས་དེའི་སྒོ་ནས ་ཡོངས་སུ་བསྔོ་བའི་སེམས་དང་འགྲོགས་པ་སྟེ། ཕུན་ཚུན་འདྲེས་པོར་གྱུར་པ་ཞེས་བྱ་བར་བསམས་པའོ།། ལན་ནི་ཀོའུ་ཤི་ཀ་གང་ཞེས་བྱ་བ་ལ་སོགས་པའོ།། སེམས་མ་ཡིན་ཏེ་ཞེས་བྱ་བ་ནི་སེམས་ཀྱི་སྟོང་པ ་ཉིད་དེ། ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་ཀྱི་ཕྱིར་ཏེ། རང་བཞིན་མེད་པ་དག་ནི་བག་ཆགས་དང་བག་ཆགས་ཀྱི་གཞིའི་དངོས་པོར་མེད་དོ་ཞེས་བྱ་བར་བསམས་པའོ།། འོན་ཀྱང་སེམས་མ་ཡིན་པ་ཉིད ་ཀྱིས་ཞེས་བྱ་བ་ནི་སྨོན་ལམ་གྱི་སེམས་ཀྱིས་སྟོང་པ་ཉིད་དོ།། སེམས་མ་ཡིན་པ་ཉིད་ལ་ཞེས་བྱ་བ་ནི་དགེ་བའི་རྩ་བས་སྟོང་པ་ཉིད་དེ། དངོས་པོ་མེད་པ་ནི་ལས་དང་བྱེད་པ་པོ་ལ་སོགས་པའི་ནུས ་པ་དང་བྲལ་བའི་ཕྱིར་རོ།། དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་ནི་ཡོངས་སུ་རྒྱས་པར་བཤད་པ་སྟེ། དེ་ལྟར་ན་ཞེས་བྱ་བ་ནི་སེམས་དེ་ཉིད་རང་བཞིན་མེད་པའི་ཕྱིར་རོ།། སེམས་མ་ཡིན་པ་གྲོང་ཞེས་བྱ་བ་ནི་སེམས་གང ་ཡིན་པ་སྟོང་པ་ཉིད་དང་། དེ་བཞིན་ཉིད་དང་ཆོས་ཉིད་དོ།། དེ་ནི་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་སྤྱོད་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་དང་རྣམ་པར་མི་རྟོག་པ་ཉིད་ཀྱི་ཕྱིར་དེ་ནི་བསམ་གྱིས་མི་ཁྱབ་པ་སྟེ། ་བསམུ་པ་ལས་འདས་ཞེས་བྱ་བའི་དོན་ཏོ།། བསམ་གྱིས་མི་ཁྱབ་པ་གང་ཡིན་པ་དེ་ནི་སེམས་མ་ཡིན་པ་ཞེས་བྱ་བ་ནི་སེམས་པར་བྱེད་པས་སེམས་སྔོ་ཞེས་བྱ་བའི་རིགས་པས་སོ།། སེམས་མ་ཡིན་པ་ཉིད་ནི་སེམས་ཡོངས ་སུ་བསྔོ་བར་བྱེད་ཅེས་བྱ་བ་ནི་རྟོག་པ་མེད་བྱས་རྣམ་པར་མི་རྟོག་པ་ཡོངས་སུ་བསྔོ་བར་བྱེད་ཅེས་བྱ་བའི་དོན་ཏོ།། དེ་ལྟར་ནི་རིགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་ལྷག་མོའོ།། དེ་ལྟར་ཡོངས་སུ་དཔྱོད་པ་ལྔ་པོ་དག་གིས་དོན་དམ་པའི ་ཚུལ་ཡོངས་སུ་བསྔོ་བ་བཀག་པ་ཡིན་ནོ།། དེ་ལྟར་མོད་ཀྱི་ཀུན་རྫོབ་ཀྱི་ཚུལ་དུ་ནི་ཡོངས་སུ་བསྔོ་བ་ཡིན་ཏེ། དམན་པའི་བྱང་ཆུབ་སྤངས་ནས་ནི།། དྲུག་པས་ཕ་རོལ་ཕྱིན་ལྔ་རྫོགས།། ཀུན་རྫོབ་ཚུལ་དང་བྲལ་བས་ནི། ་དེ་དག་བདེ་བར་ཚོགས་རྫོགས་མིན།། དེ་ནི་ཉན་ཐོས་ཀྱི་ལམ་གྱི་རྣམ་པའོ།། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནས་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བ་དེ་དག་གི་བུར་གྱི་སྐབས་ཀྱི ་བྱེད་པ་ཡིན་ཏེ། འཕགས་པ་ཉན་ཐོས་ལམ་ལ་ནི།། གཟུགས་སོགས་ཕུང་པོ་སྟོང་པའི་ཕྱིར།། སྟོང་པ་ཉིད་རྣམས་དབྱེར་མེད་ཕྱིར།། དྲོ་བ་དེ་དག་མི་དམིགས་པས།། རྩེ་མོར་གྱུར་པ་དག་ཏུ་འདོད་།། དེ་ལ་རྟག་ལ ་སོགས་ཚུལ་གྱིས།། གནས་པ་བཀག་པས་བཟོད་པ་རྣམས།། ས་བཅུ་དག་ལས་བརྣམས་ནས་ནི།། མྱི་གནས་རྒྱས་པར་བསྟོན་པ་ཡིས།། ཆོས་ཀྱི་མཆོག་ཏུ་འགྱུར་བཤད་དེ།། ཅི་ཕྱིར་ཞེ་ན་སངས་རྒྱས་ཀྱི།། མཁྱེན ་ནས་ཆོས་རྣམས་མ་གཟིགས་ཕྱིར།། ཞེས་བྱ་བ་ལ། འཕགས་པ་ཉན་ཐོས་ལམ་ལ་ནི་ཞེས་བྱ་བ་ནི་ཉན་ཐོས་རྣམས་ཀྱིས་བསྟན་མི་ཐག་པའི་ལམ་གྱི་རྒྱུ་མཚན་ནི་དྲེད་ཡིན་པར་འདོད་དེ། ཇི་ལྟར་གཟུགས་ལ་སོགས་པའི ་ཕུང་པོ་ནི་ཚོགས་ཏེ་དེ་སྟོང་པ་ཉིད་ཀྱིས་སོ།། སྟོང་པ་ཉིད་དེ་དྲུག་ཀྱང་དབྱེར་མེད་པས་སོ།། དེ་དག་ཅེས་བྱ་བ་ནི་གཟུགས་ལ་སོགས་པ་མི་དམིགས་པ་ས། རྩེ་མོར་གྱུར་པ་དག་ཏུ་འདོད་དོ།། དེ་ལ་ཞེས་བྱ་བ་ནི་གཟུགས ་ལ་སོགས་པ་ལའོ།། རྟག་པ་ཉིད་ལ་སོགས་པའི་ཚུལ་གྱིས་དེའི་གནས་པ་བཀག་པ་སྟེ། དམིགས་པ་བཀག་པས་བཟོད་པ་དག་ཏུ་འདོད་དོ།། ས་བཅུ་དག་ལས་ཞེས་བྱ་བ་ནི་ངེང་པོ་དང་གཉིས་པོ་དག་ལ་སོགས་པ ་ངག་ལས་སོ།། བརྩམས་ནུས་ཞེས་བྱ་བ་ནི་དང་པོར་བྱས་པའོ།། ས་དང་པོ་ཞེས་བྱ་བ་ལ་སོགས་པ་ནས་གནས་པར་མི་བྱའོ་ཞེས་བྱ་བའི་བར་གྱི་ངག་གི་ཚོགས་རྒྱས་པར་མི་གནས་ཏེ། མི་དམིགས་པ ་བསྟན་པའི་ཕྱིར་རོ།། ཇི་ལྟར་བསྟན་ཅེ་ན། ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱིས། མཁྱེན་ནས་ཏེ་མངོན་པར་རྟོག་པས་སོ།། ཆོས་རྣམས་གཟིགས་པའི་ཕྱིར་ཞེས་བྱ་བ་ནི་རྒྱུ་དང་བཅས་པའོ།། གང་ཞེ་ན། ཆོས་ཀྱི་མཆོག་ཏུ་གྱུར་པར ་འདོད་པའོ།། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཅེས་བྱ་བ་ལ་སོགས་པ་དང་། དེ་ནས་བརྒྱ་བྱིན་ཞེས་བྱ་བ་ལ་སོ། གས་པ་དང་། དམིགས་པའི་ཚུལ་གྱི་སུ་གཟུགས་རྟག་ཅེས་བྱ་བར་གནས་པར་མི་བྱའོ་ཞེས ་བྱ་བ་ལ་སོགས་པ་དང་། གཞན་ཡང་ཤཱ་རིའི་བུ་ཞེས་བྱ་བ་ལ་སོགས་པ་ནས་མི་གནས་པའི་ཚུལ་གྱིས་ཞེས་བྱ་བ་དེ་དག་གི་བར་གྱི་གོ་རིམ་བཞིན་དུ་དྲོད་དང་རྩེ་མོ་དང་བཟོད་པ་དང་ཆོས་ཀྱི་མཆོག་གོ། ཡང་ཇི་ལྟར་ཉན ་ཐོས་ཀྱི་ངེས་པར་འབྱེད་པའི་ཆུ་དང་མཐུན་པ་དེ་དག་ཉན་ཐོས་ཀྱི་ཡིན་ཞེ་ན། དེ་དག་གི་འཕགས་པའི་ལམ་གྱི་ཆེད་དུ་བསྒོམ་པའི་ཕྱིར་ཉན་ཐོས་ཀྱི་ལམ་ཞེས་གསུངས་སོ།། རང་སངས་རྒྱས་ཀྱི་ལམ་བརྗོད་པར་བྱ་སྟེ། དེའི ་སྐབས་འབྱེད་པ་ནི་དེ་ནས་འཁོར་དེའི་ཞེས་བྱ་བ་ལ་སོགས་པ་དང་། རབ་འབྱོར་གྱིས་སྨྲས་པ་ཞེས་བྱ་བའི་ལྟག་དང་། དེའི་འོག་ཏུ་སྟོན་པ་འདི་ནི་ཤེས་རབ་ཟབ་བོ་ཞེས་བྱ་བའི་ལྟག་ཡན་ཆད་དོ།། ཚིག་ཅེས་བྱ་བ་ནི་བསྟན ་པའོ།། ལྕུག་མ་ནི་བཤད་པའོ།། སྐད་ནི་ངག་གོ།། རབ་ཏུ་བརྗོད་པ་ནི་ཚིག་གི་ཚོགས་སོ།། སྨྲས་པ་ནི་བརྗོད་པ་སྟེ། རབ་ཏུ་བརྗོད་པ་དེའི་ཚོགས་ཀྱིས་སོ།། འཆང་པ་ནི་འཁོར་གྱི་ནང་དུའོ།། སྟོན་པ་ནི་དེའི་རིགས་ཅན་དྲག་ལའོ།། ་ཡི་གེ་གཅིག་ཀྱང་ཞེས་བྱ་བ་ནི་ཡི་གེ་གཅིག་པུ་ཞིག་ཀྱང་ངོ་།། མ་བརྗོད་པ་ཞེས་བྱ་བ་ནི་གཞན་དག་གིས་བསེ་རུ་ལྟ་བུ་ལམ་བསྟན་པའོ།། དེ་ནི་ཞེས་བྱ་བ་ནི་སྲིད་པ་ཐ་མཱ་ལ་ཐོས་པར་མི་རུང་བའོ།། དེ་དག་གིས་ཤེས་པར་མི ་རུང་བ་ནི་ཐོས་པའི་སྟོབས་ཀྱིས་སོ།། ཡི་གེ་དེ་ཞེས་བྱ་བ་ནི་བསྟན་པ་མེད་པར་བདག་ཉིད་མངོན་པར་བྱང་ཆུབ་པའི་ཕྱིར་རོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་བསེ་རུ་ལྟ་བུའི་འཕགས་པའི་ལམ་མོ།། སྟོན་པ་མེད ་པ་ཞེས་བྱ་བ་ནི་སྟོན་པའོ།། མི་དགོས་ལ་ཞེས་བྱ་བ་ནི་གཞན་གྱིས་བསྟན་མི་དགོས་པའོ།། ཡེ་ཤེས་ཟབ་པ་ཉིད་ཀྱི་དབང་དུ་བྱས་ནས་ཡི་གེ་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྟན་པ་ལས་མི་འབྱུང་བའི ་ཕྱིར་དང་། གཞན་དག་ལ་སྟོན་པ་མེད་པའི་ཕྱིར་ཡི་གེ་མེད་པའོ།། དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་དག་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ནི་དེ་བཞིན་ཉིད་ཐུགས་སུ་ཆུད་པའི་ཕྱིར་རོ།། ་དགྲ་བཅོམ་པ་ནི་བསེ་རུ་ལྟ་བུའོ།། ཡང་དག་པར་རྫོགས་པའི་སངས་རྒྱས་ནི་གཟུང་བའི་རྣམ་པར་རྟོག་པ་སྤངས་པའི་ཕྱིར་རོ།། བྱང་ཆུབ་ནི་འབྲས་བུར་གྱུར་པའི་ཡེ་ཤེས་སོ།། ཡེ་ཤེས་དེ་ཉིད་དཔེས་བསྟན་པར་མཛད ་བ་ནི་དཔེར་ན་ཞེས་བྱ་བ་ནས་བརྩམས་ཏེ། རབ་འབྱོར་དེ་ནི་མེད་དོ་ཞེས་བྱ་བའི་བར་དུའོ།། ཀྱེ་མ་གནས་བརྟན་རབ་འབྱོར་འདི་ནི་བདག་ཅག་ལ་བསེ་རུ་ལྟ་བུའི་ལམ་བསལ་བར་བྱེད་དོ་སྙམ་དུ་བསྡམས་པའི་དེ ་མ་ཐག་ཏུ་ཟབ་པ་དང་ཕྲ་བའི་ལྡུམ་ལས་བྱང་ཆུབ་ཀྱི་ཡེ་ཤེས་ཤིན་ཏུ་ཟབ་པ་དང་། ཕྲ་བར་བསྟན་པ་ནི་ཡེ་ཤེས་ཟབ་པ་ཉིད་དོ།། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་ནས། སུསོ་ཀྱང་བརྗོད་པ་མེད་ཐོས་པ་མེད། ་བླ་བསྟན་པ་མེད་པ་ཞེས་བྱ་བ་དེ་དག་གི་བར་གྱིས་གཟུགས་ལ་སྩོགས་པ་དེ་དག་ཟབ་པ་མི་ཡིན། ཕྲ་བ་མ་ཡིན་ཞེས་གསུངས་ཏེ། མྱེད་པ་ཉིད་ཀྱི་ཕྱིར་རོ།། གཟུགས་སུ་བཏགས་པ་སྟེ་བཞག་པ་མེད་པ་ལ་སོགས་པ ་ནི་མེད་པ་ཉིད་ཀྱི་ཕྱིར་རོ།། དེ་ལྟར་ན་བསེ་རུ་ལྟ་བུ་དག་ནི་གཟུང་བའི་རྣམ་པར་རྟོག་པ་སྤངས་པའོ།། དེ་ནས་ལྷའི་བུ་དག་ཅེས་བྱ་བ་ལ་སོགས་པ་ནས། གཉིས་སུ་བྱར་མེད་ཅེས་བྱ་བའི་བར་གྱིས་དེ་དག་གསུངས་ཏེ། ་བདག་གི་རྫས་མི་དམིགས་སུ་ཟིན་ཀྱང་ཕུང་པོ་དག་ལ་སེམས་ཅན་དུ་བཏགས་པའི་ཕྱིར་སེམས་ཅན་དང་ཆོས་ཉན་པ་སྒྱུ་མ་ལྟ་བུ་ལ་སོགས་པ་ཡིན་ལ། ཕྱི་རོལ་གྱི་གཟུགས་ལ་སོགས་པ་ལ་ཡང་སྒྱུ་མ་ལྟ་བུ་ལ་སོགས་པ ་སྟེ། མཚན་ཉིད་ཇི་ལྟ་བ་བཞིན་དུ་མེད་པའི་ཕྱིར་རོ།། དེ་ལྟར་ན་བསེ་རུ་ལྟ་བུ་དག་ནི་འཛིན་པའི་རྣམ་པར་རྟོག་པ་མ་སྤངས་པའོ།། དེ་ནས་འདི་བསྟན་པ་ན་དོན་དུ་གཉེར་བ་དང་དོན་དུ་མི་གཉེར་བ་དང་གནས་སྐབས་ཇི་ལྟ ་བ་བཞིན་དུ་གནས་བརྡྷནྡ་རབ་འབྱོར་ལ་གནས་བརྡྷན་དྲུག་པོ་དེ་དག་དང་ལྷ་ངྒེ་བུ་བྱེ་ག་ཟག་ཁྲིག་སྟོང་ཕྲག་བརྒྱས་དྲིས་པའོ།། སུ་དགྲ་དྲོན་དུ་གཉེར་བ་ནི་འདོད་པའོ།། ཟག་པ་ནི་རྟོགས་པར་དཀའ་བ་ཉིད་ཀྱི་ཕྱིར་རོ།། ་བརྟག་པར་དཀའ་བ་ནི་སོ་སོ་རང་གིས་རིག་པ་ཉིད་ཀྱི་ཕྱིར་རོ།། རྟོག་གེའི་སྤྱོད་ཡུལ་མ་ཡིན་པ་ནི་བསམ་པའི་ལམ་ལས་འདས་པའི་ཕྱིར་རོ།། ཕྲ་བ་ནི་རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་ཞི་བའི་ཕྱིར་རོ།། མཁས ་པཱ་ནི་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་ལ་མཁས་བྱའི་རྒྱུ་ཡིན་པའི་ཕྱིར་རོ།། མཐོང་བར་དཀའ་བ་ནི་རྣམ་པར་ཤེས་པའི་ཚིགས་ལྔའི་ཡུལ་མ་ཡིན་པའི་ཕྱིར་རོ།། རྟོགས་པར་དཀའ་བ་ནི ་ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་མ་ཡིན་པའི་ཕྱིར་རོ།། ཞི་བ་ནི་ཉོན་མོ་ངེས་པ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་རོ།། གྱ་ནོམ་པ་ནི་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་རོ།། ཆོས་རྣམས་ལས་ཤིན་ཏུ ་འཕགས་པ་ནི་ཤིན་ཏུ་འཕགས་པའོ།། མཁས་པ་དང་འཛངས་པས་རིག་པར་བྱ་བ་ནི་ཕྱིར་མི་ལྡོག་པ་ལ་སོགས་པས་རིག་པར་བྱ་བ་ཉིད་ཀྱི་ཕྱིར་རོ།། བྱེ་སེ་རུ་ལྟ་བུའི་རིགས་ཅན་དྲུག་གི་ཚིག་དོན་དུ་གཉེར་བའི་དགག་པ ་རྒོལ་བ་དང་བཅས་པའི་ལན་ནོ་དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷའི་བུ་དེ་དོག་ལོ་ཞེས་བྱ་བ་ནས། དེ་ནས་བཅོམ་ལྡན་འོངས་ཀྱིས་ལྷོའི་དབང་པོ་བརྒྱ་བྱིན་ལ་ཞེས་བྱ་བའི་ལྷག་ཡན་ཆད་ངོ་།། དེ་ནས་བཅོམ་ལྡན ་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་ཞེས་བྱ་བ་ལ་སོགས་པས་ནི་བསེ་རུ་ལྟ་བུའི་རིགས་ཅན་ཆོས་ཀྱི་དབྱིངས་ཁོ་ན་སྦྱིན་ནོ་ཞེས་གསུངས་སོ།། ཆོས་ཀྱི་མིག་གིས་ཞེས་བྱ་བ་ནི་ཆོས་ཀྱི ་མིག་གིས་སོ།། འདི་ལྟར་མ་སྐྱེས་པ་ནི་མེ་ཏིག་མ་ཡིན་པོ་དེ་བཞིན་དུ་གཟུགས་མ་སྐྱེས་པ་ནི་གཟུགས་མ་ཡིན་པ་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་མ་སྐྱེས་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་མ ་ཡིན་ཞེས་བྱ་བའི་བར་ནི་བསེ་རུ་ལྟ་བུའི་རིགས་སོ།། འདིར་བསྟན་བཙོས་མཛད་པསོ།། རང་བྱུང་བདག་ཉིད་རྟོགས་པའི་ཕྱིར།། གཞན་གྱིས་བསྟན་ཡིན་མི་དགོས་ལ།། བསེ་རུ་ལྟ་བུའི་ཡེ་ཤེས་ནི།། ཟབ་པ་ཉིད་དུ་མངོན་པར ་བརྗོད་ཅེས་གསུངས་སོ།། གཞན་གྱིས་བསྟན་པ་ནི་གཞན་དག་གིས་བསྟན་པའོ།། དེ་མི་དགོས་པ་དང་ཡེ་ཤེས་ཟབ་པ་ཉིད་ཅེས་བྱ་བ་དང་གཉིས་ནི་བསེ་རུ་ལྟ་བུ་སྟེ། རང་སངས་རྒྱས་ཞེས་བྱའོ།། མི་དགོས་པ་ཅིའི་ཕྱིར ་ཞེ་ན། དེ་དག་རང་བྱུང་བདག་ཉིད་ཀྱིས་མངོན་པར་རྟོགས་པའི་ཕྱིར་རོ།། བསེ་རུ་ལྟ་བུ་ཇི་ལྟར་གཞན་གྱི་དོན་བྱེད་ཅེ་ན། འདོད་པ་ཙམ་གྱིས་སོ།། ཇི་ལྟར་དེ་དག་ལས་ཐོས་པར་འགྱུར་ཞེ་ན། ཉན་པར་འདོད་པ་ཙམ་གྱིས ་སོ།། དེ་ནི་གང་དང་གང་དོན་གང་གང་ལ།། ཇི་ལྟ་ཇི་ལྟར་ཉན་དེ་དང་།། དེ་ལ་སྒྲ་མེད་ཀྱང་དོན་དེ།། དེ་ནི་དེ་ལྟ་དེ་ལྟར་སྣང་ཞེས་བྱ་བ་གསུངས་ཏེ། དེ་ནས་དེ་དག་གི་འཕགས་པའི་ལམ་ཇི་ཙམ་གྱིས་ཤེ་ན། གཟུང་བའི་རྟོག་པ ་བྱ་ཕྱིར་དང་།། འཛིན་པ་མ་སྤངས་ཕྱིར་དང་ནི།། རྟེན་གྱིས་བསྟེ་རུ་ལྟ་བུའི་ལམ།། ཡང་དག་བསྡུས་པར་ཤེས་པར་བྱ་ཞེས་བྱ་བ་གསུངས་སོ།། བཏགས་པ་ཆོས་ཉིད་མི་འགལ་བར།། སྟོན་པའི་རྣམ་པར་དྲོད་གྱུར་བྱ།། རྩེ་མོ་གྱུར ་བ་གཟུགས་ལ་སོགས།། འགྲིབ་པོ་མེད་ལ་སོགས་པས་ཕྱེ།། ནང་སྟོང་ཉིད་ལ་སོགས་པ་ཡིས།། གཟུགས་སོགས་མི་འཛིན་ཕྱིར་བཟོད་པ།། གཟུགས་སོགས་སྐྱེ་བ་མེད་སོགས་ཀྱི།། རྣམ་པ་ཅན་ནི་ཆོས་ཀྱི་མཆོག་ཅེས་བྱ་བ ་ལ། གཟུགས་ལ་སོགས་པ་བཏགས་པ་དང་མི་འགལ་བས་གཟུགས་ལ་སོགས་པའི་ཆོས་ཉིད་བསྟན་པའི་རྣམ་པ་ནི་དྲོ་བའོ།། གཟུགས་ལ་སོགས་པའི་འཕེལ་བ་དང་འགྲིབ་པ་མེད་པའི་རྣམ་པ་ནི་རྩེ་མོའོ།། ནང་སྟོང ་པ་ཉིད་ལ་སོགས་བྱ་བཅུ་དྲུག་དག་གིས་ཆོས་རྣམས་ཡོངས་སུ་འཛིན་པ་དགག་པའི་རྣམ་པ་ནི་བཟོང་བའོ།། གཟུགས་ལ་སོགས་པ་སོ་སོ་ལ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་ལ་སོགས་པ་རྣམ་པ་བཅུ་ནི་ཆོས་ཀྱི ་མཆོག་གོ། མདོ་ནི་བསི་རུ་ལྟ་བུའི་རིགས་ལས་འོག་ཏུ། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གང་སློབ་པ་དེ་ནི་གཉིས་སུ་བྱར་མེད་པར་སངས ་རྒྱས་ཀྱི་ཆོས་གྲངས་མེད་ཚད་མེད་པ་ལ་སློབ་བོ་ཞེས་བྱ་བའི་བར་ནི་དྲོད་ཀྱིའོ།། གཟུགས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མི་སློབ་ཅེས་བྱ་བ་ནས། གཟུགས་ཡོངས་སུ་གཟུང་བ་དང་མེད་པར་བྱ་བའི་ཕྱིར ་xxx ་སྨྼ;ྻུཾ་བྱཱ་འདུ་ནི་འབྱུང་བའོ།། དེ་བྱག་ནས་མི་སློབ་བྱུང་ས་བློ་བྷ་ཆུམྦྷ་སྐྱེ་ཞེས་བྱ་བ་ནཱི་ཆོས་ཀྱི་མཆོག་།། ནྟི་ས་ངྱས་རྒྱས་སུས་སྟ་འོ།། དེཊྛི་གླཻངྒ་བྷང་རྣཾ་སེཾ ་དྡྷོད་པར་བྱ་སྟེ། དེལ་དང་པོར་མཐོང་བ་ལྷྭས་ཕྱེན་སྔོན་དང་བཟླས་པ་མ་དྨོ་དོན་མ་བ་སྠཱས་བཱནྟི། བཱདྲིན་དང་བྱེདྲེས་སྨྲ་བ་བྱེད་པ་དང།། ཤེས་བྱར་སྐད་ཅིགན་སྨྲ་ནམས།། མྱི་ཤེས་ནི་པ ་བའི་ལཱམ།། ཕན་ཡོན་བཅས་པ་འདི་བཤད་དོ་ཞེས་བྱ་བ་གསུངྱས་ཏེ། བདེན་པ་སོ་སོ་ཡི་སྤྱད་ཅིག་མ་བཞིའོ།། བཟེ་བ་གཉིས་དང་ཤེས་པ་གཉིས་ཏེ་སྡུག་སྟེ་སྣརེལ་ལ་ཆོས་ཤེས་པའི་བཟོད་པ་དང་། སྡུག་བསྒྲལ ་སྣ་ཆོས་ཤེས་པ་དང་། སྡུག་བརྟུལ་ལ་རྗེས་སྐྱེ་ཤེས་པའི་བྱིབྲིང་པ་དང་། སྡུག་བསྔལ་ལ་རྗེས་སུ་ཤེས་པའོ།། ཀུན་འབྱུང་དང་འགོག་པ་དང་ལམ་ལ་ཡཧཱུ~ཾ་དེ་བཞིན་ཏེ། དེ་དག་འདིདུས་སུ་ཤེས་པ ་པའི་ལམ་ཤེས་བྱའོ།། བོན་ཡོན་དང་བཅས་པ་རྒྱས་པར་ནི།། དེ་བཞིན་ཉིད་དང་སངས་རྒྱས་དག། ཕན་ཚུན་རྟེན་དང་རྟེན་མེད་ཕྱིར།། རྣམ་གྲངས་ཁས་མི་ལེན་པ་དང་།། ཆེན་པོ་ཆེད་མེད་ཉིད་དང་བཅས།། དཔག་མེད ་མཐའ་ཉིད་མེད་པ་དང་།། དེར་གནས་གཟུགས་ལ་སོགས་པ་ལ།། སངྱས་རྒྱས་ཉིད་དུ་ངེས་འཛིན་དང་།། བླང་མེད་དོར་བ་མེད་སོགས་དང་།། བྱམས་སྩོགས་སྟོང་ཉིད་ཁྱབ་པ་དང་།། སངས་རྒྱས་ཉིད་ནི་ཡོངས་འཛིན་དྲང་།། རྣམ ་པར་བྱང་བ་ཀུན་དང་ནི།། ཉམ་དྲ་བ་དང་ནད་ཀུན་སེལ།། མྱ་ངན་འདས་འཛིན་ཞོ་ཉིད་དང་།། སངས་རྒྱས་རྣམས་ཀྱིས་བསྲུང་ལ་སོགས།། སྲེག་མི་གཅོད་པ་ལ་སོགས་པོ།། རྣམ་པ་ཀུན་མཁྱེན་ཚུལ་ལ་ནི།། བདག་ཉིད་གནས ་ནས་སེམས་ཅན་དྲག། འགོད་དང་སྦྱིན་པ་ལ་སོགས་པ།། རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ།། ལཱམ་ཤེས་ཉིད་ཀྱི་སྐད་ཅིག་པ་ཅེས་བྱ་བའི་ཚོགས་སུ་བཅད་པ་ལྔས་གསུངས་ཏེ། ཆེད་མོང་བ་དང་བཅས་པ་ནི་ཚད་མེད་པ་དང་། ་ལྷན་ཅིག་པ་སྟེ། ཆེན་པོ་ཉིད་དང་ཚད་མེད་པ་ཞེས་བྱ་བའི་དོན་ཏོ།། མཐའ་ཁོ་ན་ནི་མཐེའ་ཉིད་དེ་དཔག་ཏུ་མེད་པ་དང་མཐའ་ཉིད་དོ།། དེ་དག་མེད་པ་ནི་དཔག་ཏུ་མེད་པ་དང་མཐའ་ཉིད་མེད་པ་དང་ཞེས་བྱ་བའི་དོན་ཏོ།། ་གཟུགས་ལ་སོགས་པ་ཞེས་བྱ་བ་ནི་སྐད་ཅིག་མ་བདུན་པོ་དག་དང་སྦྱར་བར་བྱ་སྟེ། གཟུགས་ལ་སོགས་པ་ཉིད་ནི་སྡུག་བསྔལ་དང་ཀུན་འབྱུང་ཉིད་ཀྱི་ཕྱིར་རོ།། བྱམས་པ་ལ་སོགས་པས་གཟུགས་མཐོང་བ་ཉིད་ནི་སྐད ་ཅིག་མ་བརྐྱང་བ་སྟེ། འདིའི་དམིགས་པ་ནི་གཟུགས་ལ་སོགས་པ་ཉིད་དེ། སེམས་ཅན་དུ་སྟོན་པའོ།། དེ་བས་ན་སྐད་ཅིག་མ་བརྒྱད་ནི་གཟུགས་ལ་སོགས་པ་ལ་གནས་པའོ།། དེ་ལ་སྐད་ཅིག་མ་དང་པོ་ནི་གཟུགས་ལ་སོགས ་པའི་དེ་བཞིན་ཉིད་ལ་དེ་བཞིན་གཤེགས་པ་གནས་པ་ཉིད་དུ་མཐོང་ངོ་ཞེ་ན། དེ་ཡང་མི་རིགས་ཏེ། དེ་བཞིན་ཉིད་དང་སངས་རྒྱས་དག། ཕན་ཚུན་རྟེན་དང་རྟེན་མེད་ཕྱིར།། གང་ཡང་གཟུགས་ཀྱི་དེ་བཞིན་ཉིད ་ལ་དེ་བཞིན་གཤེགས་པ་མེད་ཅིང་དེ་བཞིན་གཤེགས་པ་ལ་གཟུགས་ཀྱི་དེ་བཞིན་ཉིད་མེད་དོ་ཞེས་གསུངས་པའི་ཕྱིར་རོ།། རྣམ་གྲངས་ཞེས་བྱ་བ་ནི་རྣམ་པ་གཞན་ནོ།། ཁས་ལེན་པ་ནི་གནས་པ་སྟེ། མི་རྟག་པ་ལ་སོགས ་པ་དང་འདྲ་བར་དེའི་བདག་ཉིད་ཀྱིས་སོ།། གང་ཡང་གཟུགས་ཀྱི་དེ་བཞིན་ཉིད་ལས་དེ་བཞིན་གཤེགས་པ་གཞན་མ་ཡིན། དེ་བཞིན་གཤེགས་པ་ལས་གཟུགས་ཀྱི་དེ་བཞིན་ཉིད་གཞན་མ་ཡིན་ནོ་ཞེས་རྒྱས་པར ་གསུངས་ཏེ། འདི་ལྟར་དེ་བཞིན་གཤེགས་པ་གཞན་མ་ཡིན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་མྱ་ཡིན་ནོ།། གཞན་ཉིད་དུ་གྱུར་ན་ནི་རྣམ་པར་མི་རྟོག་པ་མི་རིགས་པའི་ཕྱིར་རོ།། གང་གཟུགས ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། གཟུགས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་དོ་ཞེས་བྱ་བ་ལ་སོགས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་མེད་དོ་ཞེས་བྱ་བའི་བར་དུ་གསུངས་སོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ།། ཆེན་པོ་ལ་སོགས་པ་ལ་དམིགས་པ་ཅན་གྱི་སྐད་ཅིག་མ་བཞི་པོ ་དེ་དག་གི་སྐབས་འབྱེད་པ་ནི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རྒྱ་ཆེ་བ་ཡིན་ཏེ་ཞེས་བྱ་བ་ནས་བརྩམས་ཏེ། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་དེའི་ལྷག་ཡན་ཆོད་ནི་བསྟན་པའོ།། དེའི་འོག་ནས་དབང་པོ་དང་བཅས་པ་ཞེས་བྱ་བ་དེའི ་གོང་ཡན་ཆད་ནི་བཤད་པའོ།། དེའི་དོན་ནི་འདི་ཡིན་ཏེ། གཟུགས་ལ་སོགས་པའི་ཆེན་པོ་ཉིད་ནི་དུས་གསུམ་དུ་དྲངོས་པོ་དང་དངོས་པོ་མེད་པ་ཉིད་དུ་ཡོངས་སུ་ཆད་པ་མེད་པ་སྟེ། དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཀྱིས ་ནམ་མཁའ་ལྟ་བུ་ཡིན་པའི་ཕྱིར། དེ་བས་ན་དམིགས་པ་ཆེན་པོ་ཉིད་ཀྱི་འདི་ནི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ཡིན་ཏེ། ཚད་མེད་པ་ཞེས་གསུངས་པའི་ལྕུག་ཡིན་ཆུད་ནི་སྡུག་བསྔལ་ལཾ་ལ་ཆོས་ཤེས་པའོ།། འདི་ཙམ ་དུ་ཡོངས་སུ་བཅད་དུ་མེད་པ་ནི་ཚད་མེད་པ་སྟེ། ཕ་རོལ་ཏུ་ཕྱིན་པ་ནི་དཔག་ཏུ་མེད་དོ་ཞེས་བྱ་བའི་ལྷ་ག་ཡུན་ཆུང་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པའོ།། གྲངས་སུ་མི་ཆོད་པ་ཉིད་ནི་དཔག་ཏུ་མེད་པ་སྟེ། ་གང་མཐའ་མེད་པ་ཞེས་གསུངས་བྱའི་གོང་ཡན་ཆད་ནི་སྡུག་བསྔལ་རྗེས་སུ་ཤེས་པའོ།། སྐྱེ་བ་ནི་སྔོན་གྱི་མཐི་འ་ཡིན་ལ་འགོག་པ་ནི་ཕྱི་མའི་མཐའ་ཡིན་ཏེ། དེ་ཡང་ཡོངས་སུ་ཚད་མེད་པ་ཉིད་ནི་གཟུགས ་ལ་སོགས་པ་མཐའ་མེད་པ་ཉིད་དོ།། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མཐའ་མེད་པ་དང་། ཆོས་ཀྱི་དབྱིངས་མཐའ་མེད་པ་དང་། དེ་བཞིན་ཉིད་མཐའ་མེད་པ་དང་། སེམས་ཅན་མཐའ་མེད་པ་དེ་ལ་དམིགས ་པའི་ཕྱིར་འདི་ནི་ཕ་རོལ་ཏུ་ཕྱིན་པ་མཐའ་མེད་པའོ།། གང་ནམྱ་མཁའ་མཐའ་ཡས་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པ་ནུས་བརྩམསྣ་ཏེ། དེ་ནས་དབང་པོ་དང་བཅས་པའི་ལྷ་རྣམས ་ཞེས་བྱ་བ་དེའི་གོང་ཡན་ཆད་ཀྱིས་གསུངས་པ་ནི་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པའོ།། དེར་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའོ།། སངས་རྒྱས་ཉིད་དུ ་ངེས་པར་འཛིན་པ་ནི་སངས་རྒྱས་ཁོ་ན་ཉིད་དུ་བལྟ་བར་བྱའོ།། གང་དེ་ནས་དབང་པོ་དང་བཅས་པའི་ལྷ་རྣམས་ཞེས་བྱ་བ་ནས་བརྩམས་ཏེ། སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་རོ།། ཞེས་བྱ་བའི་བར་དུ ་གསུངས་པ་ནི་ཀུན་འབྱུང་ལ་ཆོས་ཤེས་པའོ།། བླང་མོང་དོར་བ་མེང་སོགས་དང་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ཡོངས་སུ་བཟུང་བ་མེད་པ་དང་དོར་བ་མེད་པ་སྟེ། གཟུགས་ལ་སོགས་པའི་སྟོང་པ་ཉིད ་ལ་གནས་པའོ།། དེ་ནས་ལྷའི་བུ་དེ་དག་གིས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། གླགས་རྙེད་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་པ་ནི་ཀུན་འབྱུང་ལ་རྗེས་སུ་ཤེས་པའོ་བཟོད་པའོ།། ་བྱམས་ལ་སོགས་པ་དང་ཞེས་བྱ་བ་ནི་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་སོ།། ལྷག་མ་ནི་ཕན་ཡོན་ནོ།། གང་ཀོའུ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པ་ཐམས ་ཅད་མཁྱེན་པའི་སེམས་དང་ཡང་མ་བྲལ་བར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ཀུན་འབྱུང་བ་ལ་རྗེས་སུ་ཤེས་པའོ།། སྟོང་པ་ཉིད་ཁྱབ་པ་ཞེས་བྱ་བ་ནི་སྟོང་པ་ཉིད་བཅུ་དྲུག་དག་མཐོང་བའོ།། འཐད་པ་དང ་བཅས་སོ་ལྷག་མ་ནི་ཕུན་ཡོན་ནོ།། གེང་ཀོའུ་ཤི་ཀ་གཞོན་ཡང་ཞེས་བྱ་བ་ནུས་བརྩམས་ཏེ། རྒྱུན་མོ་འཆད་པར་བསྲུང་བ་དང་བསྲུང་བ་དང་སྐྱེད་པར་བགྱིའོ་ཞེས་བྱ་བའི་བར་དུ་གསུངས་པ་ནི་འགོག་པ་ལ་ཆོས ་ཤེས་པའི་བཟོད་པའོ།། སྤངས་རྒྱས་ཉིད་ནི་ཡོངས་འཛིན་དང་ཞེས་བྱ་བ་ནི་སངས་རྒྱས་མི་བཞུགས་པའི་སངས་རྒྱས་ཀྱི་ཞིང་དུ་སེམས་ཅན་གདུལ་བར་བྱ་བའི་ཕྱིར། བདག་ཉིད་སངས་རྒྱས་ཀྱི་གཟུགས་སུ ་སྤྲུལ་པའོ།། གང་དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་ཞེས་བྱ་བ་ནས་བརྩམས་ནས་ཐེག་པ་གསུམ་ལ་འདུལ་བ་ནི་ངོ་མཚར་ཆེའོ་ཞེས་བྱ་བའི་བར་དུ་གསུངས་པ་ནི་འགོག་པ་ལ་ཆོས་ཤེས ་བྱའོ།། རྣམ་པར་བྱུང་ཀུནྡ་ཞེས་བྱ་བ་ལ། ཡོངས་འཛིན་ཞེས་བྱ་བར་སྦྱར་རོ།། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་གཟུང་བས་རྣམ་པར་བྱང་པོའི་ཆོས་ཐམས་ཅད་ཡོངས་སུ་གཟུང་བར་འགྱུར ་རོ།། ལྷག་མ་ནི་ཕན་ཡོན་ནོ།། གང་དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཞེས་བྱ་བ་ནས་བརྩམས་ཏེ། སྡུག་བསྔལ་མཐར་འབྱིན་པར་འགྱུར་རོ་ཞེས་བྱ་བོའི་བར་དུ་གསུངས་པ་ནི་འགོག་པ་ལ་རྗེས་སུ་ཤེས་པའི ་བཟོད་པའོ།། ཉམྦྷ་ང་བ་དང་ནཱད་ཀུན་སྩོལ།། ཞེས་བྱ་བ་ལ་ཉམྱ་ང་བྱ་ནི་ཕོངས་པ་དང་རྣམ་པར་རྩོད་པ་ལ་སོགས་པའོ།། ནངྒ་ནི་སྦྲིད་པའི་སྡུག་བསྔལ་ལོ།། ཀོའུ་ཤི་ཀ་འདི་ལྟ་སྟེ་དཔེར་ན་ཞེས ་བྱ་བ་ནས་བརྩམས་ཏེ་རྣམ་པར་འཕེལ་བར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་པ་ནི་འགོག་པ་ལ་རྗེས་སུ་ཤེས་པའོ།། མྱ་ངན་འདས་འཛིན་ཞི་ཉིད་དང་ཞེས་བྱ་བ་ནི་མྱ་ངན་ལས་འདས་པར་འཛིན་པ་ཟད ་བའོ།། གང་དེ་ཅིའི་ཕྱིར་ཞེས་ཞེ་ན་ཀོའུ་ཤི་ཀ་ཞེས་བྱ་བ་ནས་བརྩམས་ཏེ། སྡིག་ཏོ་མི་དགེ་བའི་ཆོས་དེ་དག་ཐམས་ཅད་ཞི་བར་བྱེད་པ་ཡིན་ཏེ། རྣམ་པར་འཕེལ་བར་བྱེད་པ་མུ་ཡིན་ནོ་ཞེས་བྱ་བའི་བར་དུ་གསུངས ་པ་ནི་ལམ་ལ་ཆོས་ཤེས་པའི་བཟོད་པའོ།། སངས་རྒྱས་རྣམས་ཀྱི་བསྲུང་ལ་སོགས་ཞེས་བྱ་བ་ནི་རྫོགས་པའི་སངས་རྒྱས་ཀྱི་ས་བསྲུང་བ་དང་སྐྱོབས་དང་སྦེད་པ་དང་། དགེ་བའི་ཆོས་རྣམས་རྣམ་པར་འཕེལ་བར ་འགྱུར་པའོ།། གང་ཀྲོའུ་ཤཱི་ཀ་སྟོང་གསུམ་ཞེས་བྱ་བ་ནིས་བརྩམས་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས ་པ་ནི་ལམ་ལ་ཆོས་ཤེས་པའོ།། སྲོག་མི་གཅོད་པ་ལ་སོགས་པ།། རྣམ་ཀུན་མཁྱེན་པའི་ཚུལ་ལ་ནི།། བདག་ཉིད་གནས་ཏེ་སེམས་ཅན་དག། འགོད་དང་ཞེས་བྱ་བ་ནི་སྲོག་གཅོད་པ་ལས་ལྡོག་པ་དང་པོར་བྱས ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བདག་ཉིད་གླནས་ལ་དེ་བཞིན་དུ་གཞན་དགུ་འགོད་པ་ཉིད་ཀྱི་བར་དུའོ།། གང་དེའི་ཚིག་བླང་བར་འོས་པར་འགྱུར་ཞེས་བྱ་བ་ནས་བརྩམས་ཏེ། ལེགས་པ་བརྗོད་ཅིང་རྗེས་སུ ་དགའ་བར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་པ་ནི་ལམ་ལ་རྗེས་སུ་ཤི་ས་བྱའི་བཟོད་པའོ།། སྦྱིན་པ་ལ་སོགས་པ། རྫོགས་པའི་བྱང་ཆུབ་ཏུ་བསྟི་བ་ཞེས་བྱ་བ་ནི་སྦྱིན་པ་ལྔ་སོགས་པ་ལ་སྦྱང་བ་གང་དང་གང ་ཡིན་པ་དེ་དང་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེད་པ་དྲི་དྲན་པ་དང་ལྡན་པས་སོ།། ཀོའུ་ཤི་ཀ་གཞན་ཡང་དེ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ་སྦྱིན་པ་ཡོངས་སུ་གཏོང་ཡང་ཞེས ་བྱ་བ་ནས་བརྩམས་ཏེ། ཡོན་ཏན་འདི་དག་ཐོབ་པར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་པ་ནི་ལམ་ལ་རྗེས་སུ་ཤེས་པའོ།། ལམ་ཤེས་ཉིད་ཀྱི་སྐད་ཅིག་མ་ཞེས་བྱ་བ་འདིར་དེ་དག་ནི་ལོམ་ཤེས་པ་ཉིད་ལ་མཐོང་བའི ་ལུམ་ནི་སྐད་ཅིག་མ་བཅུ་དྲུག་གོ། དེ་ལྟར་མཐོང་བའི་ལམ་བསྟན་ནས། བསྒོམ་པའི་ལམ་བརྗོད་པར་བྱའོ།། དེའི་བྱེད་པ་རྣམ་པ་དྲུག་གི་མདོ་ཉུང་བས་དང་པོར་གསུངས་ཏེ། ཀུན་ནས་དུལ་དང་ཐམས་ཅད་ནུས།། བདུད་དང་ཉོན ་མོངས་ལས་རྒྱལ་དང་།། གནོད་པས་རྫིབ་མེད་ཉིད་དང་།། བྱང་ཆུབ་དང་ནི་རྟེན་མཆོད་ཉིད་ཅེས་བྱ་བ་གསུངས་ཏེ། བདག་དང་བདག་གི་ལ་ཚོགས་པ་མེད་པ་ནི་དུལ་བའོ།། དེ་དག་གི་ཁེངས་པ་མེད་པ་ནི་འདུད་བར་བྱེད་པ་སྟེ། ་འདུད་བའོ།། ཀུན་ནས་ཞེས་བྱ་བའི་སྒྲའི་དོན་ནི་ཡོངས་སུ་འདུད་པ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་གཉི་ག་ཡང་དམིགས་སུ་མེད་པའི་ཕྱིར་རོ།། གང་དེ་སྐད་དུ་བརྒྱ་བྱིན་གྱིས་གསོལ་བ་ཞེས་བྱ་བ་ནས་བརྩམས ་ཏེ། ཉེ་བར་གནས་སོ་ཞེས་བྱ་བའི་བར་གསུངས་པ་ནི་ཡོངས་སུ་དུལ་བ་དང་ཡོངས་སུ་འདུད་པའི་བྱེད་པའོ།། ཐམས་ཅད་ནས་ཉོན་མོངས་པ་ལས་རྒྱལ་བ་ལ། ཐམས་ཅད་ཅེས་བྱ་བ་ནི་འདིར་བདག་དང་གཞོན་ལས་སོ།། གང ་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། ཕོག་ཅིང་ཟུག་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་པ་ནི་ཉོན་མོངས་པ་ལས་རྒྱལ་བའི་བྱེད་པའོ།། གནོད་པས་རྫི་བ་མེད་ཉིད་དང་ཞེས་བྱ་བ་ནི་ཕ་རོལ་གྱི ་གནོད་པས་ཐམས་ཅད་དུ་གནོད་པར་བྱ་བ་མ་ཡིན་པ་དང་། གནོད་པ་མེད་པ་ཉིད་དོ།། གང་ཡང་ཀོའུ་ཤི་ཀ་གཞན་ཡང་གལ་ཏེ་རིགས་ཀྱི་བུ་ཞེས་བྱ་བ་ནས་བརྩམས་ཏེ། གཉི་ག་ལ་ཡང་གནོད་པར་མི་བྱེད་དོ་ཞེས ་བྱ་བའི་བར་དུ་གསུངས་པ་ནི་གནོད་པས་རྫི་བ་མེད་པ་ཉིད་ཀྱི་བྱེད་པའོ།། བྱང་ཆུབ་ཅེས་བྱ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ།། གང་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནས་བརྩམས་ཏེ་མངོན་པར་རྫོགས ་པར་སངས་རྒྱས་སོ་ཞེས་བྱ་བའི་བར་དུ་གསུངས་པ་ནི་མངོན་པར་རྫོགས་པའི་བྱང་ཆུབ་པོའི་བྱེད་པའོ།། རྟེན་མཆོད་ཉིད་ཅེས་བྱ་བ་ནི་གང་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་པ་ནས། ཡིད་ལ་བྱེད་པའི་བར་དེ་ནི་རྟེན ་ཏེ། དེ་ལ་ལྷའི་ཚོགས་ཐམས་ཅད་ཀྱིས་མཆོད་པའོ།། གང་ཀོའུ་ཤི་ཀ་འདི་ལྟ་སྟེ་ཞེས་བྱ་བ་ནུས་བརྩམས་ཏེ། བཀུར་སྟི་བྱས་པར་གྱུར་ཏོ་ཞེས་བྱ་བའི་བར་དུ་གསུངས་པ་ནི་རྟེན་མཆོད་པ་ཉིད་དོ།། འཇིག་རྟེན་ལས་འདས ་པའི་ལམ་གྱི་བྱེད་པ་དྲུག་པོ་དེ་དགུ་ནི་བསྡུས་ནས་ཐ་མི་དད་པ་ཉིད་དུ་གོང་དུ་གསུངས་པ་ཡིན་ནོ།། འཇིག་རྟེན་པའི་བསྒོམ་པའི་ལམ་དང་པོར་བརྗོད་པར་བྱ་སྟེ། དང་པོ་ཉིད་ཡིན་པའི་ཕྱིར་རོ།། དེ་ཡང་རྣམ་པ་གསུམ་སྟེ། ་མོས་པ་ཡིད་ལ་བྱེད་པ་དང་། བསྔོ་བ་ཡི་དེ་ལ་བྱེད་པ་དང་། རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པའོ།། དེ་ལ་མོས་པའི་དབང་དུ་མཛད་ནས། མོས་པ་རང་གི་དོན་དང་ནི།། རང་གཞན་དོན་དང་གཞན་དོན་དང་།། རྣམ་གསུམ་ཤེས་བྱ ་དེ་ཡང་ནི་ཞེས་བྱ་བ་གསུངས་ཏེ། འདི་རང་གི་དོན་ཡིན་པས་ན་རང་གི་དོན་ཏོ།། དེ་བཞིན་དུ་རང་དང་གཞན་གྱི་དང་། གཞན་གྱི་ཉིད་ཀྱང་ངོ་།། དེ་ཡང་ནི། སོ་སོར་རྣམ་པ་གསུམ་དུ་འདོད་ཅེས་བྱ་བ་ལ་དེ་ཞེས་བྱ་བ་ནི་རང་གི། ་དོན་ལ་སོགས་པའོ།། ཇི་ལྟར་རྣམ་པ་གསུམ་ཞེ་ན། ཆུང་དང་འབྲིང་དང་ཆེན་པོ་སྟེ། དེ་ལྟར་ཞེས་བྱ་བ་དང་འབྲེལ་ཏོ།། ཆུང་ངུའི་ཆུང་སོགས་དབྱེ་བ་ཡིས།། དེ་ཡང་རྣམ་གསུམ་སོ་སོར་ཞེས་བྱ་བར་སྦྱར་ཏེ། དེ་ལྟར་ན། རྣམ ་པ་ཉི་ཤུ་བདུན་དུ་འདོང་། དེ་ལྟར་ཞེས་བྱ་བ་ནི་དེ་ལྟར་རྣམ་པར་ཕྱེ་བས་སོ།། དེ་ཞེས་བྱ་བ་ནི་མོས་པོའོ།། འདི་ལྟ་སྟེ་རང་གི་དོན་གྱིས་མོས་པ་ཆུང་དྲོའི་ཆུང་ངུ་དང་། ཆུང་ངུའི་འབྲིང་པོ་དང་། ཆུང་ངུའི་ཆེན་པོ་དང་། འབྲིང་གི་ཆུང ་ངུ་དང་། འབྲིང་གི་འབྲིང་དང་། འབྲིང་གི་ཆེན་པོ་དང་། ཆེན་པོའི་ཆུང་ངུ་དང་། ཆེན་པོའི་འབྲིང་དང་། ཆེན་པོའི་ཆེན་པོའོ།། དེ་བཞིན་དུ་རང་དང་གཞན་གྱི་དོན་གྱི་མོས་པ་དང་། གཞན་གྱི་དོན་གྱི ་མོས་པའོ།། མོས་པ་ནི་དྲད་པ་དང་འདུན་པ་སྟེ། ཡིད་ཆེས་པ་དང་འདོད་པའི་མཚན་ཉིད་དོ།། གང་ལ་མོས་ཤེ་ན། མདོ་ལྟས་བསྟན་པའི་བཅོམ་ལྡན་འདས་མ་འདྲི་བ་དང་། ཀློག་པ་ལ་སོགས་པ་དེའི་སྤྱོད་པ་དང་། མེ་ཏོག ་ལ་སོགས་པ་ནས་མར་མེའི་མཐར་ཐུག་པ་དེའི་མཆོད་པ་ལའོ།། སྤྱོད་པ་དང་མཆོད་པ་ལས་བྱུང་བའི་བསོད་ནམས་དེའི་འཐད་པ་ཡང་མདོ་ཇི་ལྟ་བ་བཞིན་ནོ།། སྐུ་གདུང་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་དུ་སྩལ་པ་འམ། ་རིན་པོ་ཆེ་སྣ་བདུན་གྱི་སྣོད་དུ་སྩལ་ཏེ། དེ་ལ་མཆོད་པའི་བསོད་ནམས་ལས་བསོད་ནམས་ཆེས་མང་བ་ནི་དང་པོའོ།། མདོ་ཇི་ལྟ་བ་བཞིན་དུ་བྱང་ཆུབ་ནི་ལེ་ལོ་ཅན་དང་བརྩོན་འགྲུས་མེད་པ་དང་། མོས་པ་དམན་པ་དང ་བསམ་པ་དེམན་པ་དང་། ཤེས་རབ་འཆལ་པ་དག་གིས་རྟོགས་པར་དཀའ་བར་ཤེས་པའོ།། ལྷག་མ་ནི་དེ་བཞིན་ཏེ་བསོད་ནམས་ལྷག་པར་རྟོགས་པར་བྱ་སྟེ། གཉིས་པའོ།། བཅོམ་ལྡན་འདས་མ་ལ་ཡང་དང་ཡང ་དུ་སྤྱོད་པ་དང་མཆོད་པ་དང་དེའི་ནང་དུ་ཆུད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཚུལ་བཞིན་དུ་ཡིད་ལ་བྱེད་པའི་སྤྱོད་པ་ལྷག་མ་ལ་བསོད་ནམས་ལྷོག་པར་དཔག་སྟེ་གསུམ་པའོ།། ཐམས་ཅད་མཁྱེན་པ་ཉིད ་ཀྱི་སེམས་དང་མ་བྲལ་བ་ཞེས་བྱ་བ་ནི་ཁྱད་པར་རོ།། ལྕུག་མ་ནི་གསུམ་པ་དང་འདྲ་སྟེ། རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་དཔག་ཚད་ཙམ་བྱས་ལ་དེ་བཞིན་དུ་མཆོད་པ་བྱས་པའི་བསོད་ནམས་ལས་བསོད་ནམས་ཆེས ་མང་དུ་འཕེལ་བ་ཞེས་བྱ་བ་ནི་བཞི་པའོ།། ལྔ་པ་ལ་སོགས་པ་ནི་ཐམས་ཅད་དུ་བཞི་པ་དང་འདྲ་སྟེ། ཁྱད་པར་ནི་བསོད་ནམས་ལྷག་པ་ན་ངོའི་མོས་པ་ལས་སོ།། བཞི་པ་ལས་བསྟན་པའི་མཆོད་རྟེན་གྱིས་འཛམ་བུའི་གླིང ་ཡོངས་སུ་བཀང་བ་ནི་ལྔ་པའོ།། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ནི་དྲུག་པའོ།། སྟོང་ཞེས་བྱ་བ་ནི་བདུན་པའོ།། སྟོང་གཉིས་པ་ཞེས་བྱ་བ་ནི་བརྒྱད་པའོ།། སྟོང་གསུམ་གྱི་སྟོང་ཆེན་པོ་ཞེས་བྱ་བ་ནི་དགུ་པའོ།། ་དགུ་པོ་དེ་དག་ནི་རང་གི་དོན་ཡིན་ཏེ། བསོད་ནམས་འདིས་བདག་ལ་ཡོན་ཏན་ཤིན་ཏུ་མང་པོ་སྒྲུབ་པར་འགྱུར་རོ་ཞེས་ཤེས་པའི་ཕྱིར་རོ།། དེའི་འོག་ཏུ་དགུ་ནི་རང་དང་གཞན་གྱི་དོན་ཡིན་ཏེ། བདག་གི་བསོད་ནམས་འདིས ་རང་དྲང་གཞན་གྱི་རློན་ཤིན་ཏུ་མང་པོར་འགྱུར་རོ།། བཅོམ་ལྡན་འདས་མ་ནི་འཕགས་པའི་གཽ་ད་ཟག་ཐམས་ཅད་ཀྱི་ཡང་དག་པའི་རྒྱུ་ཡིན་ནོ་ཞེས་ལྷག་པར་མོས་པ་དང་བསོད་ནམས་ལ་མོས་པ་ལྷག་པའི་ཕྱིར་ཕྱོགས ་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ཀྱིས་ཇི་སྐད་དུ་གསུངས་པའི་མཆོད་རྟེན་རེ་རེ་བྱས་ལ། བཀུར་སྟི་བྱིས་པའི་བསོད་ནམས་ནི་བཅོམ་ལྡན་འདས་མ་ལ་བཀུར་སྟི་བྱས་པའི་བསོད་ནམས་ཀྱི་བརྒྱའི ་ཆར་ཡང་ཉེ་བར་མི་འགྲོའོ་ཞེས་བྱ་བ་ནས་ཉེ་བར་མི་བཟོད་དོ་ཞེས་བྱ་བའི་བར་ནི་རང་དང་གཞན་གྱི་དོན་གྱི་མོས་པ་དང་བའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟུང་ཞིག་ཅེས་བྱ་བ་ལ་སོགས་པས ་འཇིག་རྟེན་དུ་མི་དགེ་བ་ཐམས་ཅད་ཡོངས་སུ་ཉམས་པ་ལ་སོགས་པ་རབ་ཏུ་འབྱུང་བར་འགྱུར་རོ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པར་མོས་པ་ལྷག་པ་ནི་གཉིས་པའོ།། མིད་ཇི་ལྟ་བ་བཞིན་དུ་བཅོམ་ལྡན་འདས་མ་ཉིད་ནི ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་འདྲེན་པའོ།། ཞེས་ལྷག་པར་མོས་པ་འཐད་པ་དང་བཅས་པ་ནི་གསུམ་པའོ།། བཅོམ་ལྡན་བླངས་མ་འཛིན་པ་ལ་སོགས་པས་དེ་བཞིན་གཤེགས་པ་དང་མཉེམ་པར་འགྱུར་ཏེ། ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཡེ་ཤེས་དང་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པ་གང་ཡིན་པ་དེ་ནི་དེའི་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པ་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ་ཞེས་བྱ་བ་ནས་མི་བཟོད་དོ་ཞེས་བྱ ་བྱའི་བར་གྱིས་མོས་པ་ལྷག་པ་ནི་བཞི་པའོ།། བཅོམ་ལྡན་འདས་མ་སྤྱོད་པ་དང་མཆོད་པ་ལ་མངོན་པར་བརྩོན་པ་ལ་ལྷ་བྱེ་བ་བརྒྱ་སྟོང་ཉན་པའི་ཕྱིར་ཉེ་བར་འོང་བར་འགྱུར་ཞིང་སྟོབས་པོ་ཉེ་བར་བསྒྲུབ་པར་སེམས ་སོ།། དེ་དག་ལ་ཡང་བཅོམ་ལྡན་འདས་མ་བསྲུང་བ་དང་སྒྲུབ་པ་དང་སྦེད་བ་མཛད་པར་འགྱུར་རོ།། དེ་ལྟར་ན་ཆོས་ཐམས་ཅད་དམིགས་སུ་མེད་པ་ལ་གང་ལས་འཇིགས་པ་དང་གང་འཇིགས་པ་དང་འཇིགས ་བ་གང་ཡིན་ཞེས་བྱ་བ་ནི་མོས་པ་ལྔ་པའོ།། དེ་འཕགས་པའི་གང་ཟག་ཐམས་ཅད་དང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་སྐྱེ་དགུ་དག་གི་ཡིད་དུ་འོང་བར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་དྲུག་པའོ།། སྤོབས་པ་མི་འཕྲོགས་པ ་དང་སྦྱིན་པ་མི་འཕྲོགས་པ་ལ་སོགས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྟེ། མུ་སྟེགས་པ་དག་ཆོས་དང་ལྡན་པས་ཚྭར་གཅོད་པ་ཞེས་བྱ་བ་ནི་བདུན་པའོ།། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་ལྷའི ་བུ་འགའ་ཞིག་བྱང་ཆུབ་ཏུ་སྨོན་པ་བྱས་པར་གྱུར་པ་དེ་དག་ལ་ཆོས་ཀྱི་སྦྱིན་པ་འདི་སྦྱིན་པར་གྱུར་ཅིག་ཅེས་དེ་ལྟར་གང་སེམས་བསྐྱེད་པ་དེ་ནུས་དེ་དག་དེར་འོངས་པ་ནས་སྤྱོད་པ་དང་མཆོད་པ་བྱ་སྟེ། དེ་ལ་བསྲུང་བ་དང་སྐྱོབ་པ་དང་སྦེད་པ ་བྱས་ནས་འགྲོ་བར་འགྱུར་རོ་ཞེས་བྱ་བ་ནི་བརྒྱད་པའོ།། དེས་སྣང་བ་རྒྱ་ཆེ་བ་མཐོང་བ་འམ་ལྷའི་དྲི་མནམ་པ་ལས་ལྷ་རྣམས་འོངས་པར་ཤེས་འགྱུར་ཏེ། དེས་བདག་ཉིད་ཀྱང་གཙང་སྦྲ་སྤྱོད་པ་དང་ལྡན་པར་བྱ། ས་ཕྱོགས ་གཙང་བ་དེར་ཡང་མེ་ཏོག་དྲི་ཞིམ་པོ་དག་གིས་གཅལ་བཀྲུམ་པར་བྱ་སྟེ། མདོ་ཇི་ལྟ་བ་བཞིན་དུ་ཕན་ཡོན་རྣམ་པ་མང་པོ་ཡང་ཐོབ་པར་འགྱུར་བ་ནི་དགུ་པའོ།། དེའི་འོག་ཏུ་གཞན་གྱི་དོན་གྱི་མོས་བྱེ་ནི་དགུ་ཁོ་ན་ཡིན་ཏེ། ་གནས་སྐབས་དེ་ལ་གཞན་གྱི་དོན་ཁོ་ན་ལ་སྩལ་བའི་ཕྱིར་རོ།། དེ་ལ་ཕྱོགས་བཅུའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པ་དང་། ཉན་ཐོས་ཀྱི་དགེ་འདུན་དང ་བཅས་པ་ཡོངས་སྒྱུ་མྱ་ངན་ལས་འདས་པ་དག་གི་མཆོད་རྟེན་རིན་པོ་ཆེ་སྣ་བདུན་ལས་བྱས་པ་སོ་སོར་བྱེད་དུ་བཅུག་པ་ལ་དེ་བཞིན་དུ་མཆོད་པ་བྱས་པའི་བསོད་ནམས་ལས ་བཅོམ་ལྡན་འདས་མ་མཆོད་པས་ཀྱང་བསོད་ནམས་ཆེས་མང་དུ་འཕེལ་ན། སྤྱོད་པ་དང་མཆོད་པ་དག་ལྟ་ཅི་སྨོས་ཞེས་བྱ་བ་ནི་གཞན་གྱི་དོན་གྱི་མོས་པ་དང་པོའོ།། འཛམ་བུའི་གླིང་དེ་བཞིན་གཤེགས་པའི་སྐུ་གདུང་གིས ་བྱུར་བུར་བལྟམ་པ་གཏད་ལ་བཅོམ་ལྡན་འདས་མ་གླེགས་བམ་དུ་བྱས་པ་ཞིག་ཀྱང་བྱིན་ན་དེ་ལས་བདག་གིས་འདྲི་ཉིད་བླང་བར་བགྱིའོ།། དེ་ལྟར་ནི་འདི་ལས་སྐྱེས་པ་ཉིད་ཀྱིས་དེ་དག་གི་མཆོད་པ་བརྙེས་པ་ཡིན་ཏེ། ་བཅོམ་ལྡན་འདས་མ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྩོལ་བར་མཛད་པའོ།། གཟུང་དུ་མེད་པ་ནི་མཚན་ཉིད་མེད་པའི་ཕྱིར་འགའ་ཞིག་གི་ཡང་སྩོལ་བ་མ་ཛད་པ་མེད་པ་མ་ཡིན་ཏེ། གཉིས་སུ་མེད་པའི་ཕྱིར་རོ།། ་དེ་ལྟར་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་སྟོང་པ་ཉིད་ཐམས་ཅད་དང་བཅོམ་ལྡན་འདས་མ་གཉིས་སུ་མེད་དེ། དེ་དག་གཉིས་སུ་བྱར་མེད་ཅེས་བྱ་བ་ནི་གཉིས་པའོ།། བཅོམ་ལྡན་འདས་མ་བསྙེན་བཀུར་བྱས་པ་གང ་གིས་འགྲོ་བ་དམན་པ་དང་བྱང་ཆུབ་དམན་པར་མི་འགྱུར་བ་དང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་མི་བྲལ་བ་སྟེ། སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་སོང་ནས་སངས་རྒྱས་རྣམས་ལ་བསྙེན་བཀུར་སྣ་ཚོགས ་བྱེད་པ་ཞེས་བྱ་བ་ནི་གསུམ་པའོ།། གལ་ཏེ་སྟོང་གསུམ་གྱི་སྤྱོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་བཞིན་གཤེགས་པའི་སྐུ་གདུང་གིས་བྱུར་བུར་བལྟམ་པ་ཞིག་དང་བཅོམ་ལྡན་འདས་མྱ་གླེགས་བམ་ལ་བྲིས་པ་རྙེད་ན་འཛི ་ཉིད་ལེན་ཏོ།། སྐུ་གདུང་བསྙེན་བཀུར་བྱས་པ་ལས་བདེ་འགྲོའི་བདེ་བ་དང་། བྱང་ཆུབ་གསུམ་གྱི་ཕུན་སུམ་ཚོགས་པ་གང་ཡིན་པ་དྲི་བཅོམ་ལྡན་འདས་མུ་ལས་བྱུང་བ་ཡིན་ཏེ། གང་བཅོམི་ལྡན་འདས་མ་ལ་ལྟ་བ་དེས་སངས ་རྒྱས་ལ་ལྟ་བ་སྟེ། དེ་བཞིན་གཤེགས་པ་དང་བཅོམ་ལྡན་འདས་མ་གཉིས་སུ་མེད་དེ་དག་གཉིས་སུ་བྱར་མེད་དོ་ཞེས་བྱ་བ་ནི་བཞི་པའོ།། གང་ཡང་ཕྱོགས་པ་ཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཆོ་འཕྲུལ་རྣམ་པ ་གསུམ་གྱི་བཀའ་ཡན་ལག་བཅུ་གཉིས་ཀྱི་ཆོས་སྟོན་པར་མཛད་པ་དང་། གང་ཡང་འགྲུའ་ཞིག་བཅོམ་ལྡན་འདས་མྱ་བཟུང་ཞིང་བཅངས་ལ་གཞན་དག་ལ་རྒྱ་ཆེར་སྟོན་པ་དེ་ནི་དེ་དང་མཉམ་སྟེ། དེ་བཞིན་གཤེགས་པ ་དང་ཆོ་འཕྲུལ་དང་གསུང་རབ་དག་ནི་འདི་ལས་བྱུང་བའོ།། ཞེས་བྱ་བ་ནི་ལྔ་པའོ།། གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་སེམས་ཅན་རྣམས་ཀྱིས་འདི་འཛིན་པར་འགྱུར་བ་ནས་ཚུལ་བཞིན ་ཡིད་ལ་བྱེད་པའི་བར་དུ་བྱེད་པ་དེ་ལ་མི་དང་མི་མ་ཡིན་པས་གླེགས་རྙེད་པར་མི་འགྱུར། བཅོམ་ལྡན་འདས་མ་དེ་ནི་སངས་རྒྱས་ཀྱི་མཛད་པ་མཛད་པར་འགྱུར། འཇིག་རྟེན་གྱི་ཁམས་དེར་སངས་རྒྱས་འབྱུང་བར་ལྟ་བར ་བྱ་སྟེ། འདིར་དཔེ་ནི་ལྷའི་ནོར་བུ་རིན་པོ་ཆེ་ཆེན་པོ་ཞེས་བྱ་བ་སྟེ་དྲུག་པའོ།། གལ་ཏེ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་དེ་བཞིན་གཤེགས་པའི་སྐུ་གདུང་གིས་བྱུར་བུར་བལྟམ ་པ་དང་། བཅོམ་ལྡན་འདས་མི་གླེགས་བམ་དུ་བྲིས་པ་རྙེད་ན་བདག་ནི་འདི་ལེན་ཏོ།། དེ་དག་ནི་དེ་ལས་སྐྱེས་པ་ཉིད་ཀྱིས་མཆོད་པར་འགྱུར་ཏེ། དེ་མཆོད་པ་བྱས་པ་ལས་ཀྱང་ངན་སོང་བཅོམ་ནས། བདེ་འགྲོའི་བདེ་བ་ཉུང་ཟད་ཉམས ་སུ་མྱོང་སྟེ། སྡུག་བསྔལ་མཐར་བྱེད་པར་འགྱུར་ཏེ། བཅོམ་ལྡན་འདས་མ་འདི་བཟུང་བ་ནས་ཚུལ་བཞིན་ཡིད་ལ་བྱས་པའི་བར་གྱིས་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནས། མ་འདྲེས་པའི་མཐར་ཐུག་པ་ཡོངས་སུ་རྫོགས་པ་དང་། ་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་ཐོབ་ནས་སངས་རྒྱས་ཀྱི་ཞིང་ངག་ཏུ་འགྲོ་བར་འགྱུར་རོ།། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བལྟ་བར་འདོད་པས་སངས་རྒྱས་རྗེས་སུ་དྲན་པ་དང་འདུས་བྱས་ཀྱི་ཆོས་རྣམས་དང ་འདུས་མ་བྱས་ཀྱི་ཆོས་རྣམས་བསྒོམ་པར་འགྱུར་རོ་ཞེས་བྱ་བ་ནི་བདུན་པའོ།། དུས་གསུམ་གྱི་དེ་བཞིན་གཤེགས་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་གང་ཡིན་པ་དེ་ཐམས་ཅད་ནི་ཀུན་རྫོབ་ཏུ་བཅོམ་ལྡན་འདས ་མ་ལས་བྱུང་བ་ཡིན་གྱི་དོན་དམ་པར་ནི་མ་ཡིན་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་མ་གཉིས་སུ་མེད་པ་སྟེ། ཅུང་ཟད་ཀྱང་དོར་བར་མེད་ཅིང་ལེན་པ་མེད་དོ་ཞེས་བྱ་བ་ནི་བརྒྱང་པའོ།། བཅོམ་ལྡན་འདས་མ་འདི་ནི་ཕ་རོལ་ཏུ་ཕྱིན་པ ་རིན་པོ་ཆེ་སྟེ། གང་འདི་ལ་སྤྱོད་པས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་དག་རབ་ཏུ་ཤེས་ཏེ། སེམས་ཅན་འགའ་ཡང་མི་དམིགས་པ་ནས། སྲོག་དང་གསོ་བ་དང་སྐྱེས་བུ་ལ་སོགས་པ་དང་ཕུང་པོ་ལ་སོགས་པ་དང་བྱང་ཆུབ ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་མི་དམིགས་སོ།། གང་གིས་ངོ་བོ་ཉིད་ཀྱིས་ཆོས་སྣ་ཚོགས་ཤེས་པ་འདིར་མི་དམིགས་པ་དེ་བས་ན་བཅོམ་ལྡན་འདས་མོ་དམིགས་པ་མེད་པ་སྟེ། དེ་ལྟར་ཆོས་ཐམས་ཅད་ནི་རོ ་གཅིག་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་གཞན་གྱི་དོན་གྱི་མོས་པ་དགུ་པའོ།། ཤེས་རབ་ཕ་རོལ་ཕྱིན་པ་ལ།། མོས་པ་ཡི་ནི་ཆ་རྣམས་ལ།། དགུ་ཚན་གསུམ་གྱིས་བསྟོད་པ་དང་།། བཀུར་བ་དང་ནི་བསྔགས་པར་འདོད་ཅེས་བྱ་བ་ལ་མོས ་པ་ནི་ལྷག་པར་མོས་པའོ།། ཆ་དང་ཆ་ཤས་དང་ཕྱོགས་འགའ་ཞེས་བྱ་བ་ནི་རྣམ་གྲངས་སོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མོས་པ་དགུ་ཚན་གསུམ་གྱིས་དབྱེ་བ་གསུངས་པ་གང་ཡིན་པ་དེའི་ཆ་རྣམས་ལ་དགུ་ཚན་གསུམ ་གྱིས་རབ་ཏུ་ཕྱེ་བ་དགུ་ནི་གོ་རིམ་བཞིན་དུ་བསྟོད་པ་དང་བཀུར་བ་དང་བསྔགས་པ་དག་ཏུ་འདོད་དེ། བྱང་ཆུབ་སེམས་དཔའི་མོས་པ་རྣམས་ལ་སྤྲོ་བར་བྱ་བའི་ཕྱིར་རོ།། དེ་རྣམ་ཀྱི་དགུ་ཚན་དང་པོ་ལ་ནི་བསྟོད་པ་ཆུང་ངུ་སྟེ། ཡང་དག་པའི ་ཡོན་ཏན་བརྗོད་པའོ།། དེ་དག་ཉིད་ཀྱི་གཉིས་པ་ལ་ནི་བཀུར་བ་སྟེ། འབྲིང་ངོ་།། དེ་དག་ཉིད་ཀྱི་གསུམ་པ་ལ་ནི་བསྔགས་པ་སྟེ་ཆེན་པོའོ།། གསུམ་པོ་དེ་ཉིད་ཀྱི་འོག་ཏུ་ལྷུག་པ་དགུ་ཚན་གསུམ་གྱིས་བརྗོད་པར་བྱ་སྟེ། གང ་གིས་བཅོམ་ལྡན་འདས་མ་ལ་སྤྱོད་པ་དང་མཆོད་པ་བདུག་ཉིད་བྱེད་ལ་གང་གིས་དེ་དག་གླེགས་བུམ་དུ་བྲིས་ནས་གཞན་ལ་བྱིན་ན་འདི་ཉིད་སྒྱུ་མ་ལས་བསོད་ནམས་མངོན་དུ་འཕེལ་ཏེ། བཅོམ་ལྡན ་འདས་མ་བྱིན་པ་ནི་ཆོས་སྦྱིན་པ་བླ་ན་མེད་པ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་ནི་བསྟོད་པ་དང་པོའོ།། བཅོམ་ལྡན་འདས་མ་ཇི་སྐད་བསྟན་པ་བཞིན་དུ་གཞན་གྱི་དྲུང་དུ་སོང་སྟེ། བཤད་ཅིང་བསྟན་པ་དང་བརྗོད་ཅིང་བཀྲོལ་བ ་དང་། རྣམ་པར་ཕྱེ་སྟེ་གསལ་བར་བྱས་ན་འདི་ཉིད་སྔ་མྱ་ལས་བསོད་ནམས་མང་དུ་འཕེལ་ཏེ། དེ་ནི་སྟོན་པ་ཡིན་ནོ་ཞེས་བལྟ་བར་བྱའོ།། སྟོན་པ་ཡང་གཞན་མ་ཡིན། བཅོམ་ལྡན་འདས་མ་ཡང་གཞན་མ་ཡིན་ཏེ། ་གང་གི་ཕྱིར་འདི་ཉིད་ལ་བསླབས་ན་བྱང་ཆུབ་གསུམ་ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་བསྟོད་པ་གཉིས་པའོ།། སེམས་ཅན་གཅིག་ཅིག་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཀོད་པའི་བསོད་ནམས་གང་ཡིན་པ་དེ་ནི ་འཛམ་བུའི་གླིང་གི་སེམས་ཅན་དག་དགེ་བ་བཅུ་ལ་ཞེས་བྱ་བ་ནི་གསུམ་པའོ།། དེ་བཞིན་དུ་ལྷན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ཞེས་བྱ་བ་ནི་བཞི་པའོ།། དེ་བཞིན་དུ་ཕྱིར་མི་འོང་བའི་འབྲས་བུ་ལ་ཞེས་བྱ་བ་ནི་ལྔ་པའོ།། ་དེ་བཞིན་དུ་དགྲ་བཅོམ་པ་ལ་ཞེས་བྱ་བ་ནི་དྲུག་པའོ།། དེ་བཞིན་དུ་རང་བྱང་ཆུབ་ལ་ཞེས་བྱ་བ་ནི་བདུན་པའོ།། གང་གིས་འཛམ་བུའི་གླིང་གིས་སེམས་ཅན་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཀོད་པ་བས། གང་གོས ་སེམས་ཅན་གཅིག་ཅིག་བླ་ན་མེད་པའི་བྱང་ཆུབ་ལ་བཀོད་པ་འདི་ནི་དེ་བས་བསོད་ནམས་ཆེས་མང་ངུ་ཞེས་བྱ་བ་ནི་བརྒྱད་པའོ།། གང་གིས་འཛམ་བུའི་གླིང་གི་སེམས་ཅན་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་བཀོད་པ ་པས། བགང་གིས་སེམས་ཅན་གཅི་། ཅིག་བླ་ན་མེད་པའི་བྱང་ཆུ་པ་ལ་བཀོད་པ་ནི་དེ་བས་ཆེས་བསོད་ནམས་མང་དུ་འཕེའོ་ཞེས་བྱ་བ་ནི་བསྟོད་པ་དགུ་པའོ།། གང་གི་འཛམ་བུའི་མིང་པ་དག་ཕྱིར་མི་འོང་བའི་འབྲས་བུ་ལ་དང་། གང་གིས་གཅིག་ཅིག་བླ་ན་མེད་པའི་བྱང་ཆུབ་ལ་ཞེས་བྱ་བ་ནི ་བཀུར་བ་དང་པོའོ།། གང་གི་འཇམ་ཕྱི་གླིང་པ་དགྲ་བཅོམ་པ་ཉིད་ལ་ཞེས་བྱ་བ་དང་། གང་གྲི་སེན་གཅིག་ཅིག་བླ་ན་མེད་པའི་བྱང་ཆུབ་ལ་གྲེ་བྱ་བ་ནི་བཀུར་བ་གཉིས་པའོ།། ང་ཀྱི་འཇ་མ་བུའི་གླིང་བ་རང་ས་ངྱས་ཀྱི་བྱང་ཆུབ་ལ་རྩེ་བྱ་བ་དང་། གཅིག་ཅིག་བླ་ན་མེད་ཀྱི་བྱང་ཆུབ་ལ་རྗེ་བྱ་བ་ནི་གསུ་ལོ།། བག་པ་མེད་ཀྱི་རློ་ཐོང་བཅྡོཾས་མ་ལ་བསྟན་པ་དང་གང་བག་ཐཾད་ཀྱི་ཕུན་སུམ་ཆོག ་ས་དང་། ལྷ་དང་མི་རྣམས་ཀྱི་ཕུན་སུམ་ཚོགས་པ་ཡང་བཅོམ་ལྡན་འདས་མ་ལས་བྱུང་བ་ཡིན་ཏེ། དེའི་ཕྱིར་ཕྱོགས་བནྡ་རེ་རེ་ཞིང་གང་གཱའི་ཀླུང་གཱི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ངག་སེམས་ཅན་ལ་ལ་གང ་ཡིན་པས་རང་བྱང་ཆུབ་ལ་བཀོད་པ་བས། གཞན་གྱིས་བཅོམ་ལྡན་འདས་མ་གླེགས་བམ་དུ་བྲི་བཱ་ཡང་བྱས་ལ། གཞན་ལ་བྲི་བ་དང་ཀླག་པའི་ཕྱིར་བྱིན་ན་འདི་ཉིད་དེ་བཱས་བསོད་ནམས་མང་དུ་འཕེལ་ལོ།། གང་གིས ་ཕ་རོལ་ཏུ་ཕྱིན་པོ་དྲུག་ལ་སོགས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པའི་མཐར་ཐུག་པ་ཚུལ་བཞིན་ཡིད་ལ་བྱེད་པ་སྟེ། བྱང་ཆུབ་ལ་གཉིས་སུ་སྤྱོད་པ་མ་ཡིན་པའི་ཕྱིར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན ་གྱི་ཁམས་ཀྱི་སེམས་ཅན་དགྲ་དགེ་བ་བཅུ་དང་། བསམ་གཏན་དང་། གཟུགས་མེད་པ་དང་། ཚད་མེད་པ་དང་། མངོན་པར་ཤེས་པ་ལ་བཀོད་པའི་བསོད་ནམས་ལས་ཆེས་མང་དུ་འཕེལ་ལོ ་ཞེས་བྱ་བ་ནི་བཞི་བྱའོ།། གང་གིས་འདི་གཞན་དག་ལ་རྒྱ་ཆེར་སྟོན་པར་བྱེད་ལ་དོན་གཏན་ལ་བབ་པ་སྟོན་པར་བྱེད་དེ་འདི་ལྟར་དེ་དག་ནི་གཉིས་སུ་མ་ཡིན་གཉིས་སུ་མེད་པར་བལྟ་བར་བྱ་བ་མ་ཡིན་ཏེ། རྣམ་པར ་མི་རྟོག་པའི་ཕྱིར་རོ།། དེ་བཞིན་དུ་ཡང་དག་པའི་མཐར་མ་ཡིན། ཡོང་དག་པའི་མཐའ་མ་ཡིན་པར་མ་ཡིན་པའི་བར་དུ་སྟེ། འདི་ཉིད་བསོད་ནམས་མང་དུ་འཕེལ་གྱི་གང་བདག་འབའ་ཞིག་གིས་དེ་དག་བཟུང་བ ་ནས། ཚུལ་བཞིན་ཡིད་ལ་བྱས་པས་མ་ཡིན་ནོ་ཞེས་བྱ་བའི་བྱར་ནི་ལྔ་པའོ།། བདག་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནས། དེའི་དོན་གཏན་ལ་བབ་པར་སྟོན་པ་གང་ཡིན་པ་དེའི་བསོད་ནམས་ཀྱི་ཕུང་པོ་ཚད་མེད་གྲངས ་མེད་དཔག་ཏུ་མེད་པ་ཞེས་བྱ་བ་ནི་དྲུག་པའོ།། གང་གིས་ཕྱོགས་བཅུ་རེ་རེ་ཞིང་དེ་བཞིན་གཤེགས་པ་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་དག་ལ་ནམ་འཚོའི་བར་དུ་རྒྱལ་མཚན་དང་། བ་དན་དང་། སིལ་སྙན་དག་གི ་བར་གྱི་བདེ་བར་སྦྱར་བ་ཐམས་ཅད་ཀྱིས་རིམ་གྲོར་བྱས་པ་བས་གང་གིས་འདི་གཞན་དག་ལ་རྣམ་གྲངས་དུ་མར་རྒྱ་ཆེར་བསྟན་པ་ནས། ཡང་དག་པར་བསྟན་པར་བྱས་པའི་བར་འདི་ཉིད་སྔ་མ་ལས་བསོད་ནམས ་ཆེས་མང་དུ་འཕེལ་ཏེ། གང་གི་ཕྱིར་དུས་གསུམ་དུ་བཞུགས་པའི་སངས་རྒྱས་དག་ནི་འདི་ཉིད་ལ་བསླབས་པ་ལས་བྱང་ཆུབ་བརྙེས་སོ་ཞེས་བྱ་བ་ནི་བདུན་པའོ།། གང་ལ་ལས་བསྐལ་པ་གྲངས་མེད་པར་དམིགས ་བཔའི་ཚུལ་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་གཞན་དག་ལ་བརྗོད་པ་ནས། ཡང་དག་པར་སྟོན་པའི་བར་བྱེད་པ་བས་མི་དམིགས་པའི་ཚུལ་གྱིས་ནམ་འཚོའི་བར་དུ་བཅོས་མ་ཡོངས་སུ་སྤངས་པ་ཉིད་སྔ་མ་ལས ་བསོད་ནམས་མང་དུ་འཕེལ་ལོ།། དེ་ལ་བདག་གིས་སྦྱིན་པ་བྱ་འདི་ནི་སྦྱིན་པར་བྱ། གཞན་ལ་སྦྱིན་པར་བྱ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་དམིགས་པ་ཡིན་ལ། ཕ་རོལ་ཏུ་ཕྱིན་པ་དག་ལ་འཁོར་ཡོངས་སུ་དག་པ་ནི ་མི་དམིགས་པ་སྟེ། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་ཞེས་བྱ་བ་བཅོས་མ་ཡོངས་སུ་སྤྲིངས་པ་ནི་བརྒྱད་པའོ།། གང་ལ་ལ་ཞིག་གིས་ཕྱོགས་བཅུ་རེ་རེ་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས ་ཅན་དག་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་བཀོད་པ་བས། གང་གིས་འདི་གཞན་ལ་དོན་དང་ལྡན་པ་དང་ཡི་གེ་དང་ལྡན་པ་རྒྱ་ཆེར་བརྗོད་པ་ནས། ཡང་དག་པར་བསྟན་པར་བྱས་པའི་བར་དང་། འདི་ཟུང་ཞིག་པ་ནས། ནན་ཏན་དུ ་གྱིས་ཤིག་ཅེས་བསྒོ་བའི་བར་འདི་ནི་དེ་བས་བསོད་ནམས་མང་དུ་འཕེལ་ཏེ། འདི་ལས་རྒྱུན་ཏུ་ཞུགས་པ་རྣམས་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་བཀུར་བ་དགུ་པའོ།། གླིང་གིས་འཛམ་བུའི་གླིང་བའི་སེམས་ཅན་ལན་ཅིག ་ཕྱིར་འོང་བའི་འབྲས་བུ་ལ་བཀོད་པ་བྱས་ཞེས་བྱ་བ་ནི་བསྔགས་པ་དང་པོའོ།། ཕྱིར་མི་འོང་བའི་འབྲས་བུ་ལ་ཞེས་བྱ་བ་ནི་གཉིས་པའོ།། གང་ལ་ལས་ཕྱོགས་བཅུ་རེ་རེ་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི ་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དགྲ་བཅོམ་པ་ཉིད་ལ་བཀོད་པ་བས། གང་གིས་གཞན་དག་ལ་འདིའི་དོན་དང་ལྡན་པར་བརྗོད་པ་ནས། ནན་ཏན་དུ་གྱིས་ཤིག་ཅེས་བསྒོ་བའི་བར་འདི་ཉིད་སྔ་མ་བས་ཆེས་བསོད་ནམོས་མང་དུ་འཕེལ ་ལོ་ཞེས་བྱ་བ་ནི་གསུམ་པའོ།། གང་ལ་ལ་ཞིག་གིས་ཕྱོགས་བཅུ་ནས་རང་སངས་རྒྱས་ཀྱི་བྱང་ཆུབ་ལ་བཀོད་པ་བས་ཞེས་བྱ་བའི་བར་དང་། གང་གིས་དེ་དག་དོན་དུ་གཉེར་བ་དག་ལ་དོན་དང་ལྡན་ཡི་གེ་དང་ལྡན་པ་དག་རྒྱ་ཆེར ་བརྗོད་པ་ནས། ནན་ཏན་དུ་གྱིས་ཤིག་ཅེས་བྱ་བ་བསྒོ་བའི་བར་དེ་ནི་སྔ་མ་བས་བསོད་ནམས་ཆེས་མང་དུ་འཕེལ་ལོ་ཞེས་བྱ་བ་ནི་བཞི་པའོ།། གང་ལ་ལ་ཞིག་གིས་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ཡང་དག་པར་རྫོགས ་པའི་བྱང་ཆུབ་ལ་ཡང་དག་པར་བསྐུལ་བ་བྱས། གང་གིས་འདི་དོན་དང་ལྡན་ཡི་གེ་དང་ལྡན་པ་ནས། ནན་ཏན་དུ་གྱིས་ཤིག་ཅེས་བྱ་བའི་བར་དུ་སྟེ། ཇི་ལྟ་ཇི་ལྟར་ནན་ཏན་དུ་བྱས་པ་དེ་ལྟ་དེ་ལྟར་ཡང་དག་པར་རྫོགས་པའི་བྱང་ཆུབ ་དང་ཉེ་བར་འགྱུར་རོ་ཞེས་བྱ་བ་ནི་ལྔ་པའོ།། གླིང་བཞི་པའི་སེམས་ཅན་ཐམས་ཅད་ཅེས་བྱ་བ་ནི་དྲུག་པའོ།། སྟོང་གི་འཇིག་རྟེན་གྱི་ཁམས་ཤེས་བྱ་བ་ནི་བདུན་པའོ།། གང་ལ་ལ་ཞིག་གིས་ཕྱོགས་བཅུ་ནས། ཡང་དག་པར ་རྫོགས་པའི་བྱང་ཆུབ་ལ་བསྐུལ་ན་ཞེས་བྱ་བའི་བར་ནི་བརྒྱད་པའོ།། གང་ལྔ་ལ་ཞིག་གིས་ཕྱོགས་བཅུ་ནས། ཕྱིར་མི་ལྡོག་པའི་ས་ལ་བཀོད་པའི་བར་བྱས་གང་གིས་དེ་དག་ཐམས་ཅད་དམ། བྱིརཱ་མི་ལྡོག་པའི་བྱང་ཆུབ ་སེམས་དཔའ་གཙོག་ཅིག་ལེ་བརྗོད་དེ་བསྟན་པ་ནས། དོན་དང་ལྡན་ཡི་གེ་དང་ལྡན་པ་རྒྱ་ཆེར་བརྗོད་དེ་བསྟན་ན་ཞེས་བྱ་བ་དེའི་བར་དེ་ནི་སྔ་མ་བས་བསོད་ནམས་ཆེས་མེང་དུ་འཕེལ་ལོ་ཞེས་བྱ་བ་ནི་བསྡིགས་པ་དགུ་པའོ།། ་འདི་ལྟར་བྱང་ཆུབ་སེམས་དཔའ་སྤྲོ་བ་བསྐྱེད་པའི་ཕྱིར་ཆ་དག་ལ་བསྟོད་པ་དང་བཀུར་བ་དང་བསྔགས་པ་གསུངས་པ་དེ་ལྟར་བྱང་ཆུབ་སེམས་དཔའ་ཡང་ཇི་ལྟ་ཇི་ལྟར་ཁྱད་པར་དུ་འགྱུར་པ་དེ་ལྟ་དེ་ལྟར་ཆེས་དྲང་ཟང་ཟིང་དག ་གིས་ཤིན་ཏུ་རྗེས་སུ་གཟུང་ཞིང་བསྟོད་པར་བྱ་བར་འོས་པ་ཡིན་ཏེ། དཀོན་མཆོག་གསུམ་པོ་དགེ་བྱང་ཆུབ་སེམས་དཔའ་རབ་ཏུ་ཕྱེ་བ་ཉིད་ཀྱི་ཕྱིར་རོ་ཞེས་བསྟན་པར་བྱ་བའི་དོན་དུ་དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ཞེས་བྱ་བ་ལ ་སོགས་པ་ནས། དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པས་ཞེས་བྱ་བ་དེའི་ལྟག་ཡན་ཆད་ཀྱིས་གསུངས་སོ།། དེ་ལྟར་མོས་པ་ཡིད་ལ་བྱེད་པ་ཕུན་ཡོན་དང་བཅས་པ་བསྟན་ནས། བསྔོ་བ་ཡིད་ལ་བྱེད་པ་ནི། ཡོངས་སུ་བསྔོ། ་བ་ཁྱད་པར་ཅན།། འདིའི་བྱེད་པ་མཆོག་ཡིན་ནོ།། དེ་ནི་དམིགས་མེད་རྣམ་པ་ཅན།། ཕྱིན་ཅི་མ་ལོག་མཚན་ཉིད་དོ།། དབེན་དང་སངས་རྒྱས་བསོད་ནམས་ཚིགས།། རང་བཞིན་དྲན་པའི་སྤྱོད་ཡུལ་ཅོན།། ཐབས་བཅས་མཚན ་མཱ་མེད་པ་དང་།། སངས་རྒྱས་རྗེས་སུ་ཡི་རང་དང་།། ཁམས་གསུམ་གཏོགས་པ་མ་ཡིན་དང་།། ཆུང་དང་འབྲིང་དང་ཆེན་པོ་ཡི།། བསྔོ་བ་གཞན་ནི་རྣམ་གསུམ་པོ།། བསོད་ནམས་ཆེ་འབྱུང་བདག་ཉིད་ཅེས ་བྱ་བ་གསུངས་ཏེ། དོན་ནི་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ཞེས་བྱ་བ་ནས་བརྩམས་ཏེ། མི་མཉམ་པ་དང་མཉམ་པའི་བར་ཞེས་བྱ་བའི་བར་དུའོ།། འདིའི་དོན་ནི་བྱང་ཆུབ་སེམས་དཔའི ་བསོད་ནམས་ཡོངས་སུ་བསྔོ་བ་ནི་ཐེག་པ་དམན་པ་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོ་ལས་ཁྱད་པར་དུ་བྱེད་ཅིང་བྱེ་བྲག་ཏུ་བྱེད་པ་སྟེ། རབ་དང་དམ་པ་ནས་མི་མཉམ་པ་དང་མཉམ་པ་ཞེས་བྱ་བའོ།། ཐབས་གང་གིས་ཤེ་ན། ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་པས་སོ།། དྲི་བས་ན་འདི་འདིས་ཁྱད་པར་དུ་བྱེད་པས་ན་ཁྱད་པར་ཏེ། དེས་བསྔོས་པ་ནི་ཡོངས་སུ་བསྔོ་བ་ཁྱད་པར་ཅན་ནོ།། དེ་ཅིའི ་ཕྱིར་ཞེ་ན། ཞེས་བྱ་བ་ལ་སོགས་པ་ནས། ཡོངས་སུ་བསྔོའོ་ཞེས་བྱ་བ་དེ་དག་གིས་མཐར་ཐུག་པ་དེ་ནི་དེའི་བྱེད་པའོ།། མདོ་ནི་ངོ་ནུས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་བྱ་བ་ནས་བརྩམས་ཏེ། ཡང་དག་པར་རྫོགས་པའི ་བྱང་ཆུབ་ཏུ་བསྔོ་བར་བྱའོ་ཞེས་བྱ་བའི་བར་ཡིན་ཏེ། འདས་པ་དང་ད་ལྟར་གྱི་དེ་བཞིན་གཤེགས་པ་དང་དེའི་ཉོན་ཐོས་དང་དེ་ལ་མངོན་པར་དད་པའི་ལྷ་དང་མི་དེ་དག་གི་དགེ་བའི་རྩ་བ་གང་ཡིན་པ་དེ་དག་ལ་རྗེས་སུ་ཡི་རང་བ་དང ་དེའི་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་བྱང་ཆུབ་གང་དུ་སེམས་གང་གིས་ཡོངས་སུ་བསྔོ་སྟེ། གང་ཡང་སེམས་དེ་ལ་དངོས་པོར་འཛིན་པ་དང་། གང་ཡང་དམིགས་པ་སྟེ། ་འཛིན་པའི་ཡོངས་སུ་བསྔོ་བ་དེ་ཐམས་ཅད་ནི་མཚན་ཉིད་ཇི་ལྟ་བ་བཞིན་དུ་མེད་པའི་ཕྱིར་མི་དམིགས་པས་ཡོངས་སུ་བསྔོ་བ་ནི་མི་དམིགས་པའི་ཡོངས་སུ་བསྔོ་བའོ།། མདོ་འདི་བྱམས་པས་སྨྲས་པ་ཞེས་བྱ་བ་ནས་བརྩམས་ཏེ ་བླ་ན་མེད་པར་ཡོངས་སུ་བསྔོ་བར་བྱའོ་ཞེས་བྱ་བའི་བར་གྱིས་ཏེ། དེ་དག་ཐམས་ཅད་མེད་པའི་ཕྱིར་མཚན་མས་མངོན་པར་ཞེན་པས་མ་ཡིན་པ་དེ་བས་ན་ཕྱིན་ཅི་མ་ལོག་པའི་ཡོངས་སུ་བསྔོ་བའོ།། མདོ་འདི་གལ་ཏེ་ཞེས་བྱ་བ ་ནས་བརྩམས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་བར་དུ་སྟེ། དེ་དག་ཐམས་ཅད་རང་གི་མཚོན་ཉིད་ཀྱིས་དབེན་པ་དེ་ལྟར་ཆོས་ཐམས་ཅད་ཅེས་བྱ་བ་དབེན་པའི་སེམས ་ཀྱིས་ཡོངས་སུ་བསྔོས་པ་ནི་དབེན་པའི་ཡོངས་སུ་བསྔོའོ།། མདྨོ་འདི་གཞན་ཡང་ཞེས་བྱ་བ་ནས་བརྩམས་ཏེ། བྱམས་པས་སྨྲས་པ་ཞེས་བྱ་བ་དེའི་གོང་ཡན་ཆད་དོ།། འདུས་པ་དང་ད་ལྟར་གྱི་ཕྱོགས་བཅུའི་སངས་རྒྱས ་ཐམས་ཅད་དང་དེའི་ཉན་ཐོས་ལ་སོགས་པ་དག་གིས་འདས་པའི་དགེ་བའི་རྩ་བ་ཐམས་ཅད་གང་ཡིན་པ་དེ་ནི་ཟད་པ་འགགས་པ་བྲལ་བ་སྟེ། བསོད་ནམས་ཡོངས་སུ་བསྔོ་བ་ལ་སོགས་པ་འདུས་བྱས་ཀྱི་ཆོས་ཐམས་ཅད ་ཀྱང་དེ་ཉིད་ཀྱི་ཆོས་ཉིད་ཡིན་པ་དེ་ལྟར་སངས་རྒྱས་པའི་བསོད་ནམས་ཀྱི་ཚོགས་ཀྱི་རང་བཞིན་རྗེས་སུ་དྲན་པའི་ཡོངས་སུ་བསྔོ་བ་ལ་སོགས་པའི་འདུས་བྱས་པ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་དག ་བའི་རྩ་བ་ཡོངས་སུ་བསྔོ་བ་སྟེ། རང་བཞིན་དྲན་པའི་ཡོངས་སུ་བསྔོ་བའོ།། མདོ་འདི་བྱམས་པས་སྨྲས་པ་ཞེས་བྱ་བ་ནས་བརྩམས་ཏེ། ཡོངས་སུ་བསྔོ་བ་ཟུག་རྔུ་ཅན་ཞེས་བྱ་བའི་བར་དུ་སྟེ། ཐབས་ལ་མཁས་པ་ནི་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱིས་བསོད་ནམས་ཡོངས་སུ་བསྔོས་པ་དེ་བས་ན་དམིགས་སུ་མེད་ཅིང་མཚན་མ་མེད་པའི་ཡོངས་སུ་བསྔོ་བ་ནི་ཐབས་ལ་མཁས་པའི་ཡོངས་སུ་བསྔོ་བའོ།། མདོ་ནི་འདི་ལྟར་དཔེར་ན་ཞེས་བྱ་བ ་ནས་བརྩམས་ཏེ། བསླབ་པར་མི་བྱའོ་ཞེས་བྱ་བའི་བར་དུ་སྟེ། ཇི་ལྟར་ཁ་དོག་དང་དྲི་ཕུན་སུམ་ཚོགས་པའི་ཁ་ཟས་དུག་དང་བཅས་པ་དེ་བཞིན་དུ་མཚན་མ་དང་བཅས་པའི་ཡོངས་སུ་བསྔོ་བ་ཡིན་པ་དེ་བས་ན་དེ་ཡོངས་སུ ་སྤངས་པའི་ཡོངས་སུ་བསྔོ་བ་ནི་མཚན་མ་མེད་པོའི་ཡོངས་སུ་བསྔོ་བའོ།། མདོ་ནི་རབ་འབྱོར་གྱིས་སྨྲས་པ་ཞེས་བྱ་བ་ནས་བརྩམས་ཏེ། དུག་མེད་ཅིང་བདུད་རྩིའི་མཐར་ཐུག་པ་ཞེས་བྱ་བའི་བར་དུ་སྟེ། ཇི་ལྟར་སངས ་རྒྱས་བཅོམ་ལྡན་འདས་དེ་དག་གིས་བླ་ན་མེད་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་དགེ་བའི་རིགས་ཅན་གང་ཡིན་པ་དང་། རང་བཞིན་གང་ཡིན་པ་དང་། མཚན་ཉིད་གང་ཡིན་པ་དང་། ཆོས་ཉིད་གང་གིས་ཡོད་པ་མཁྱེན ་པ་དེ་ལྟར་བདག་ཀྱང་རྗེས་སུ་ཡི་རང་ངོ་།། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་གང་ལ་ཡོངས་སུ་བསྔོ་བ་རྗེས་སུ་གནང་བ་དེ་ལྟར་ཡོངས་སུ་བསྔོ་བར་བགྱིའོ་ཞེས ་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱིས་གནང་བའི་ཡོངས་སུ་བསྔོ་བའོ།། མདོ་འདི་གཞན་ཡང་ཞེས་བྱ་བ་ནས་བརྩམས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ་ཞེས་བྱ་བའི་བྱར ་དུ་སྟེ། ཁམས་གསུམ་པ་ཐམས་ཅད་ཀྱི་ཁོངས་སུ་གཏོགས་པ་མ་ཡིན་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་ཡང་ཁོངས་སུ་གཏོགས་པ་མ་ཡིན་པ་དེ་ནི་འདས་པ་མ་ཡིན།། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མོ་ཡིན་ནོ།། ་གང་ཡང་འདི་ལྟར་དངོས་པོ་མེད་པ་སྟེ། དངོས་པོ་མེད་པ་དེ་ཡང་དངོས་པོ་མེད་པས་ཡོངས་སུ་བསྔོ་བར་མི་ནུས་པ་གང་ཡིན་པ་དེ་ནི་ཁམས་གསུམ་པར་མི་གཏོགས་པའི་ཡོངས་སུ་བསྔོ་བའོ།། བསྔོ་བ་གཞན་རྣམ་པ ་གསུམ་པོ་བསོད་ནམས་ཆེན་པོ་འབྱུང་བའི་བདག་ཉིད་དེ་ནི་རྣམ་པ་གསུམ་སྟེ། ཆུང་ངུ་དང་། འབྲིང་དང་། ཆེན་པོའོ།། མདོ་ནི་དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ནས་བརྩམས་ཏེ། གོང་ན་མེད་པ་ཞེས་བྱའོ་ཞེས་བྱ་བའི ་བར་དུ་སྟེ། མཚན་མ་མེད་པའི་ཚུལ་དང་། དམིགས་པ་མེད་པའི་ཚུལ་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་ཅེས་བྱ་བའི་བར་ནི་ཆགས་པ་མེད་པའི་ཚུལ་ཡིན་ལ། དེས་ཡོངས་སུ་བསྔོས་པའི་བསོད་ནམས་གང་ཡིན་པ ་ནི་སྟོང་གསུམ་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དག་དགེ་བ་བཅུ་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། མངོན་པར་ཤེས་པ་ལྔ ་ཐོབ་པ་དག་གི་བསོད་ནམས་ལས་རབ་དང་གཙོ་བོ་ནས། གོང་ན་མེད་པ་ཞེས་བྱ་བའི་བར་ནི་བསོད་ནམས་ཆེན་པོ་འབྱུང་བའི་ཡོངས་སུ་བསྔོ་བ་ཆུང་ངུའོ།། མདོ་འདི་རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས་བརྩམས་ཏེ། ཆགས་པ་མིད ་པའི་ཡོངས་སུ་བསྔོ་བས་ཡོངས་སུ་བསྔོ་བ་དེའི་བསོད་ནམས་མང་དུ་འཕེལ་ལོ་ཞེས་བྱ་བའི་བར་དུ་སྟེ། སྟོང་གསུམ་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་རང་སངས་རྒྱས་སུ་གྱུར་པ་དེ་དག་ལ་ལ་ལ་ཞིག་གིས ་ནུམ་འཚོའི་བྱར་དུ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པ་དེ་བས་ཆགས་པ་མེད་པའི་ཡོངས་སུ་བསྔོ་བས་ཡོངས་སུ་བསྔོས་པ་དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ་ཞེས་བྱ་བའི་བར་ནི་བསོད་ནམས་ཆེན་པོ་འབྱུང་བའི ་ཡོངས་སུ་བསྔོ་བ་འབྲིང་ཡིན་ནོ།། མདོ་ནི་གཞིན་ཡང་རབ་འབྱོར་ཞེས་བྱ་བ་ནས་བརྩམས་ཏེ། བསྟི་སྟང་དུ་བྱས་མཆོད་པར་བྱས་ཞེས་བྱ་བའི་བར་དུ་སྟེ། སྟོང་གསུམ་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་བྱང ་ཆུབ་སེམ་ས་དཔར་གྱུར་པ་དེ་ལ་ཕྱོགས་བཅུར་རེ་རེ་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དག་གིས་བྱང་ཆུབ་སེམས་དཔའ་རེ་རེ་ལ་ཡོ་བྱད་ཐམས་ཅད་དང་། བདེ་བར་སྦྱར་བ་ཐམས་ཅད ་ཀྱིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བསྙེན་བཀུར་བྱས་པ་དེ་དག་གིས་བསོད་ནམས་དེ་དག་ཆགས་པ་མེད་པས་ཡོངས་སུ་བསྔོས་པའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། རྒྱུར་ཡང་མི་བཟོད་དོ། ་ཞེས་བྱ་བའི་བར་ནི་བསོད་ནམས་ཆེན་པོ་འབྱུང་བའི་ཡོངས་སུ་བསྔོ་བ་ཆེན་པོའོ།། གལ་ཏེ་སྟོང་གསུམ་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དག་བྱང་ཆུབ་སེམས་དཔར་གྱུར་པ་དེ་དག་གི་དམིགས་པ་དང་བཅས་པའི ་ཡོངས་སུ་བསྔོ་བ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་ནི་བྱང་ཆུབ་སེམས་དཔའ་གཅིག་ཅིག་མི་དམིགས་པ་ལ་སོགས་པའི་ཡོངས་སུ་བསྔོ་བའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་ཉེ་བུར་མི་འགྲོ་བ་ནས་རྒྱུར་ཡང་མི་བཟོད་དོ་ཞེས ་བྱ་བའི་བར་དེ་དག་ནི། དེ་ནས་རྒྱལ་པོ་ཆེན་པོ་བཞི་ཞེས་བྱ་བ་ལ་སོགས་པ་ནས། གོང་ན་མེད་པ་ཞེས་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་སོ།། དེ་ལྟར་ཡོངས་སུ་བསྔོ་བ་ཡིད་ལ་བྱེད་པ་བསྟན་ནས། རྗེས་སུ་ཡི་རང ་བ་ཡིད་ལ་བྱེད་པ་བརྗོད་པར་བྱའོ།། དེ་ལ་མྲ་དོ་ནི་དེ་ནས་ཚེ་དང་ལྡན་པ་རླབ་འབྱོར་གྱིས་ཤེས་བྱ་བ་ནས་བརྩམས་ཏེ། དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ཞེས་བྱ་བའི་ལྟག་ཡན་ཆད་དོ།། འདིའི་དོན་ནི། ཐབས་དང་མི ་དམིགས་པ་དག་གིས།། དགེ་བའི་རྩ་ལ་ཡི་རང་བ།། རྗེས་སུ་ཡི་རང་ཡིད་བྱེད་པ།། བསྒོམ་པ་ཡིན་པར་འདིར་བརྗོད་དོ་ཞེས་བྱ་བ་གསུངས་ཏེ། ཐབས་དང་མི་དམིགས་པ་དག་གིས་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བ་གང ་ཡིན་པ་དེ་ནི་འདིར་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་སྒོམ་པ་ཡིན་ནོ།། དེ་བསུན་རྣམ་པ་གཉིས་ཏེ། དེ་མི་དམིགས་པའི་སྒོ་ནས་རྗེས་སུ་ལྕི་རང་བ་ནི་ངེས་དགེ་བའི་རྩ་བ་དེ་དག་མི་ལེན་མ་གཏོང་བ ་ནས། དེ་ལྟར་བདག་གིས་རྗེས་སུ་ཡི་རང་ནས་བླ་ན་མེད་པ་ཡང་དག་པོར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ་ཞེས་བྱ་བུའི་བར་དུའོ།། ཐབས་ཀྱི་སྒོ་ནས་རྗེས་སུ་ཡི་རང་བ་ནི་ཐེག་པ་ལ་གསར་དུ་ཞུགས་པ ་ངག་གི་སྟེ། རྣམ་པར་གྲོལ་བ་ཇི་ལྟ་བ་བཞིན་དེ་ལྟ་བུའི་དགེ་བའི་རྩ་བ་དག་དང་། དེ་ལྟ་བུའི་སངས་རྒྱས་ལ་སོགས་པ་དང་། དེ་ལྟ་བུའོ་ཆོས་ཐམས་ཅད་དང་། ཇི་ལྟར་བདག་གིས་རྗེས་སུ་ཡི་རང་བ་དེ་ལྟར་ཡང་དགེ་པར་རྫོགས ་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ་ཞེས་བྱ་བའོ།། རབ་འབྱོར་གཞན་ཡང་ཞེས་བྱ་བའི་ངག་གཉིས་པ་ནི་དེ་ཉིད་བསོད་ནམས་ལྷག་པ་ཉིད་དུ་གསུངས་པའོ།། དེ་ནི་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པའོ།། འཇིག ་རྟེན་པའི་བསྒོམ་པའི་ལམ་ཡིད་ལ་བྱེད་པ་གསུམ་པོ་བསྟན་ནས། འཇིག་རྟེན་ལས་འདས་པའི་བསྒོམ་པའི་ལམ་ནི་བསྒྲུབ་པ་དང་། ཤིན་ཏུ་དག་པ་ཞེས་གྲོང་དུ་བསྟན་པ་ཡིན་ནོ།། དེ་ལ་བསྒྲུབ་པའི་དབང་དུ་མཛད་ནས། དེ་ཡི ་ངོ་བོ་ཉིད་མཆོག་ཉིད།། ཀུན་ལ་མངོན་པར་འདུ་མི་བྱེད།། ཆོས་རྣམས་དམིགས་པ་མེད་པར་ནི།། གཏོང་བར་བྱེད་པ་དོན་ཆེན་ཉིད།། ཅེས་གསུངས་ཏེ། དེ་ཡི་ཞེས་བྱ་བ་ནི་ལམ་གྱིའོ།། ངོ་བོ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་བྱའོ།། རྣམ་པར་རྟོག་པའི་ཕ་རོལ་ཏུ་སོན་པས་ན་ཤེས་རབ་བོ།། གང་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་རྣམ་པར་དག་པའི་སླད་དུའོ་ཞེས་བྱ་བ་ནས་བརྩམས་ཏེ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་ནི་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སླད་དུ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱང་སྟོན་པའོ་ཞེས་བྱ་བའི་བར་གྱིས་ནི་ངོ་བོ་ཉིད་གསུངས་པའོ།། མཆོག་ཉིད་ཅེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་ཉིད་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་གི་མཆོག་དང་གཙོ་བོ་ནས། མི་མཉམ་པ་དང་མཉམ་པའི་བར་གྱིས་ནི་མཆོག་ཉིད་དུ་གསུངས་པ་ཡིན་ནོ།། ཀུན་ལ་མངོན་པར་འདུ་མི་བྱེད་ཅེས་བྱ་བ་ནི་ཆོས་ཐམས་ཅད་ལ་མངོན་པར་འདུ་མི་བྱེད ་པ་གང་ཡིན་པ་དེ་ནི་དེའི་མངོན་པར་བསྒྲུབ་པའོ།། གང་གཟུགས་མངོན་པར་བསྒྲུབ་པ་མེད་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་མངོན་པར་བསྒྲུབ་པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ ་པར་བྱའོ།། གཟུགས་མངོན་པར་བསྒྲུབ་པ་མ་མཆིས་པའི་སླད་དུ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མངོན་པར་བསྒྲུབ་པ་མེད་པ་དང་། སྐྱེ་བ་མེད་པ་དང་། དམིགས་སུ་མེད་པས་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་མངོན་པར་བསྒྲུབ་པ་གསུངས་པ་ཡིན་ནོ།། ཆོས་རྣམས་དམིགས་པ་མེད་པར་ནི།། ཞེས་བྱ་བ་ནི་ཆོས་ཐམས་ཅད་དམིགས་སུ་མེད་པ་ཉིད་ཀྱི་སྒོ་ནས་དེ ་སངས་རྒྱས་ཀྱི་ཆོས་གཏོང་བར་བྱེད་པའོ།། གང་དེ་ལྟར་མངོན་པར་བསྒྲུབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ཡང་ཐོབ་པར་མི་བྱེད་ཅེས་བྱ་བ་ལ་སོགས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ ་ཉིད་ཀྱང་ཐོབ་པར་མི་བྱེད་ཅེས་བྱ་བའི་བར་གྱིས་ནི་ཆོས་ཐམས་ཅད་མྱི་དམིགས་པའི་སྒོ་ནས་ཆོས་གཏོད་པ་གསུངས་པ་ཡིན་ནོ།། འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་ཆེན་མོ་སྟེ། དེ་ནི་གཟུགས་ནས ་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་ཆེ་བར་མི་བགྱིད་ཆུང་བར་མི་བགྱིད། མཐུ་དང་ལྡན་པ་མི་བགྱིད་། མཐུ་དང་མི་ལྡན་པར་མི་བགྱིད། གཟུགས་ལ་སྩོགས་པ་གང་ཡིན་པ་ཆེ་བ་འམ་ཆུང་བ་དེ་དག་ནི་དེའི་རྒྱུ་མཐུན་པ་མ ་ཡིན་ཏེ། བྱང་ཆུབ་སེམས་དཔའ་དག་ནི་དམིགས་པའི་འདུ་ཤེས་ཅན་མ་ཡིན་ནོ།། དེ་ལྟར་མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་ཐོབ་པར་བྱེད་པའི་ཕྱིར་དོན་ཆེན་པོ་ཉིད་ཅེས་བྱ་སྟེ། མངོན་པར་བསྒྲུབ་པ་བསྟན་ཟིན་ཏོ།། འཇིག ་རྟེན་ལས་འདས་པོའི་སྒོམ་པའི་ལམྦུ་དང་མཐོང་བའི་ལམ་གྱི་རྩ་བ་ནི་མོས་པ་སྟེ།། དེའི་རྒྱུ་གང་ཞེ་ན། སངས་རྒྱས་བསྟེན་དང་སྦྱིན་སོགས་དོང་།། ཐབས་ལ་མཁས་པ་གང་ཡིན་པ།། འདི་ལ་མོས་པའི་རྒྱུ་དག་ཡིན།། འདྲི་ལ ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལའོ།། སངས་རྒྱས་བསྟེན་ཞེས་བྱ་བ་ནི་ཕྱོགས་བཅུ་དག་གི་ཡང་དག་པར་རྫོགས་པོའི་སངས་རྒྱས་དག་ལ་བསྙེན་བཀུར་བྱས་ནས་འདིར་འོངས་པ་ཉིད་ཀྱི་ཕྱིར་རོ།། གང་དེ་ནས་ཚེ ་དང་ལྡན་པ་ཤཱ་རདྭ་ཏིའི་བུ་ཞེས་བྱ་བ་ནས་བརྩམས་ཏེ། འདིར་སྐྱེས་ཏེ་ཞེས་བྱ་བའི་བར་གྱིས་སངས་རྒྱས་བསྟེན་པ་གསུངས་པ་ཡིན་ནོ།། སྦྱིན་སོགས་དང་ཞེས་བྱ་བ་ནི་ཤཱ་རདྭ་ཏིའི་བུ་ཞེས་བྱ་བ་ནས། བརྩམས་ཏེ། དེ་ནས་ཚེ་དང་ལྡན ་པཔ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་ཞེས་བྱ་བ་དེའི་གོང་ཡན་ཆད་དེ། སྦྱིན་པ་ལ་སོགས་པ་ཡང་དག་པར་སྐྱེད་པའོ།། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས ་བརྩམས་ཏེ། རྩོན་པར་བྱེད་དོ་ཞེས་བྱ་བའི་བར་ནི་ཐབས་ལ་མཁས་པའོ།། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་ཞེས་བྱ་བ་ནས་བརྩམས་ཏེ། སྡིག་པའི་གྲོགས་པོའི་ལག་ཏུ་སོང་བར་འགྱུར་རོ་ཞེས་བྱ ་བའི་བར་ནི་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་ཡིན་ཏེ། ཆོས་ཀྱི་ཕོངས་པའི་རྒྱུ་དག་ནི།། བདུད་ཀྱི་ཐིབས་ཀྱིས་ནོན་པ་དང་།། ཟབ་མོའི་ཆོས་ལ་མ་མོས་དང་།། ཕུང་པོ་ལ་སོགས་མངོན་ཞེན་དང་།། སྡིག་པའི་གྲོགས་པོས་ཟིན ་པའོ་ཞེས་བྱ་བ་ལ་ཆོས་ཀྱིས་ཕོངས་པའི་རྒྱུ་ནི་བཞི་སྟེ། བདུད་ཀྱིས་བྱིན་གྱིས་བཻ་རླབས་པ་དང་། ཟབ་མོའི་ཆོས་ལ་མོས་པ་མེད་པ་དང་། ཕུང་པོ་ལ་སོགས་པ་ལ་མངོན་པར་ཞེན་པ་དང་། སྡིག་པའི་གྲོགས་པོས་ཡོངས་སུ་ཟིན ་པ་ཉིད་ཅེས་བྱ་བའོ།། དེ་ལ་རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔོའི་ཞེས་བྱ་བ་ནས་བརྩམས་ཏེ། དཔག་ཏུ་མེད་པ་ཡོངས་སུ་བཟུང་བར་འགྱུར་རོ་ཞེས་བྱ་བའི་བར་ནི་ཆོས་ཀྱིས་ཕོངས་པའོ།། རབ་འབྱོར་གྱིས་གསོལ ་བ་ཞེས་བྱ་བ་ནས་བརྩམས་ཏེ། དྲན་པ་ཉམས་པ་དང་ཤེས་བཞིན་དང་ལྡན་པ་ཞེས་བྱ་བའི་བར་ནི་ཆོས་ཀྱིས་ཕོངས་པའི་རྒྱུ་དག་གོ།། རྣམ་པར་དག་པ་བཤད་པར་བྱ་སྟེ། དེ་ལ་དེའི་མཚན་ཉིད་ནི་འབྲས ་བུ་དག་པ་གཟུགས་ལ་སོགས།། དག་པ་ཉིད་དེ་གང་གི་ཕྱིར།། དེ་གཉིས་ཐ་དད་མ་ཡིན་ཞིང་།། བཅད་དུ་མེད་པས་ཡང་དག་པར་བརྗོད་ཅེས་གསུངས་ཏེ། རབ་འབྱོར་གཟུགས་ནས། བྱང་ཆུབ་ཀྱི་བར་དུ་རྣམ་པར་དག་པ་གང ་ཡིན་པ་དེ་ཉིད་འབྲས་བུ་རྣམ་པར་དག་པའོ།། གང་གི་ཕྱིར་དེ་གཉིས་ཐ་དད་པ་མེད་ཅིང་བཅད་དུ་མེད་པ་སྟེ། གཉིས་སུ་མྱེད་གཉིས་སུ་བྱར་མེད་པ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ལྟར་མཚན་ཉིད་འདིས་དག་པར་བརྗོད་པ་ཡིན ་ནོ།། གང་གི་དག་པ་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། བསྒོམ་པའི་ལམ་གྱི་ཞེས་བྱ་བའི་དོན་ཏོ།། དེ་སྐད་དུ་འདི་ཉིད་འདི་ལྟར་གཟུགས་རྣམ་པར་དག་པ་དང་། འབྲས་བུ་རྣམ་པར་དག་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་རྣམ་པར་དག་པ་ནི་གཉིས་སུ་མེད་དེ། དེ་དག་གཉིས་སུ་བྱར་མེད་དོ་ཞེས་གསུངས་སོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ཉིད་ནི་དེའི་དམིགས་པ་དང་དེའི་འབྲས་བུ་རྣམ་པར་དག་པ་ཡིན་ཏེ། གང་རབ ་འབྱོར་གཟུགས་རྣམ་པར་དག་པ་ཞེས་བྱ་བ་ནས་བརྩམས་ཏེ། རབ་འབྱོར་གཞན་ཡང་ཞེས་བྱ་བ་དེའི་གོང་ཡན་ཆད་ཀྱིས་གསུངས་ཏེ། གཉིས་སུ་མེད་དེ་གཉིས་སུ་བྱར་མེད་ཅེས་བྱ་བ་ནི་བསྟན་པའོ།། སོ་སོ་མ་ཡིན་ཐ་མི ་དད་དོ་ཞེས་བྱ་བ་ནི་བཤད་པ་སྟེ། འདི་ནི་རྣམ་པར་དག་པའི་མཚན་ཉིད་དོ།། དེའི་དབྱེ་བ་ཡང་བཞི་སྟེ། ཉོན་མོངས་ཤེས་བྱ་ལམ་གསུམ་གྱི།། ཉམས་ཕྱིར་སློབ་མ་བསེ་རུ་དང་།། རྒྱལ་སྲས་རྣམས་ཀྱི་དག་པ་སྟེ།། སངས་རྒྱས་རྣམ ་ཀུན་ཤིན་ཏུ་པ་ཞེས་བྱ་བ་གསུངས་ཏེ། སློབ་མ་ནི་ཉྫན་ཐོས་སོ།། སྭེ་རུ་ནི་རང་སངས་རྒྱས་སོ།། རྒྱལ་བུ་དག་གི་སྲསཱ་ནཱི་བྱང་ཆུབ་སེམས་དཔའ་སྟེ་དེ་དག་གི་རྣམ་པར་དག་པ་ནི་གོ་རཱིམ་བཞིན་དུ་ཉོན་མོངས་པ་དང་། གཟུང་བའི་རྣམ ་བྷར་རྟོག་པ་དང་། ལོམ་གསུམ་པོ་དག་ལ་སྲིད་པའི་མི་ཤེས་པ་ནི་ལམ་གྱི་སྟེ། ལམ་གསུམ་གྱིས་སྤངས་པའི་ཕྱིར་རོ།། སངས་རྒྱས་རྣམས་ནི་བཅོམ་ལྡན་འདས་ཏེ། འདིའི་ཤིན་ཏུ་བྲིའོ།། མཐའ་ནི་མཚམས་དང་སྐབས ་ཡིན་ལ་དེ་ལས་ཤིན་ཏུ་འདས་པ་ནི་ཤིན་དུ་བ་སྟེ། བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་སྤངས་པའི་ཕྱིར་རོ།། རྣམྱ་ཀུནྡ་ཏུ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་ཀྱིས་སོ།། དེ་ལ་རབ་འབྱོར་གཞན་ཡང་ཞེས་བྱ་བའི་ཚིག་བཞི ་པོ་དག་གིས་བདག་དང་སེམས་ཅན་ལ་སོགས་པ་རྣམ་པར་དག་པ་དང་། འདོད་ཆགས་ལ་སོགས་པ་རྣམ་པར་དག་པ་ནི་ཉན་ཐོས་ཀྱི་རྣམ་པརརོ་དག་པའོ།། དེ་ནས་རབ་འབྱོར་གཞན་ཡང་ཞེས་བྱ་བའི་ཚིག་གིས་རང་རྒྱལ་བའི་རྣམ ་པར་དག་པའོ།། དེ་ནས་རབ་འབྱོར་གཞན་ཡང་ཞེས་བྱ་བའི་ཚིག་གིས་བྱང་ཆུབ་སེམས་དཔའི་རྣམ་པར་དག་པའོ།། རྣམ་པ་ཀུན་ཏུ་ཞེས་གསུངས་པ་དེ་ཉིད། ས་དགུ་ལ་ནི་ཆེན་པོ་ཡི།། ཆེན་པོ་ལ་སོགས་དྲི་མ་ཡི།། གཉེན ་བོའི་སྒོ་ནས་ཆུང་ངུ་ཡི།། ཆུང་ངུ་ལ་སོགས་ལམ་ཡིན་ནོ་ཞེས་གསུངས་ཏེ། ས་དགུ་ནི་འདོད་པའི་ཁམས་དང་། བསམ་གཏན་དང་། གཟུགས་མེད་པའོ།། དེ་དག་དག་པ་ནི་བསྒྲུབ་པར་བྱ་བའོ།། དེའི་དོན་དུ་ས ་དང་ས་ལ་རྣམ་པ་དགུ་སྟེ། བསྒོམ་པའི་ལམ་ནི་ཆུང་ངུའི་ཆུང་ངུ་ནུས་ཆེན་པོའི་བར་ནི་གོ་རིམ་བཞིན་དུ་དྲི་མའི་ཉེས་པ་ཆེན་པོའི་ཆེན་པོ་ནས་ཆུང་ངུའི་ཆུང་ངུའི་བར་གྱིས་གཉེན་པོས་སོ།། དེ་ལ་བྱང་ཆུབ་སེམས་དཔའི་རྣམ་པར ་དུག་པའི་དེ་ཐག་ཏུ་རབ་འབྱོར་གཞན་ཡང་ཞེས་བྱ་བའི་ཚིག་གིས་ནཱི་ལམ་ཆུང་ངུའི་ཆུང་ངུའོ།། དེ་ནས་རབ་འབྱོར་གཞན་ཡང་ཞེས་བྱ་བའི་ཚིག་གིསཱ་ནཱི་ཆུང་ངུའི་འབྲིང་ངོ་།། དེ་ནས་གཉིས་ཀྱིས་ནི་ཆུང་ངའི་ཆེན་པོའོ།། དེ་ནས ་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པཱ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་དག་པ་ནི་ཟབ་བོ་ཞེས་བྱ་བ་ནི་འབྲིང་གི་ཆུང་ངུའོ།། ཤཱ་ར་དྭ་ཏཱིའི་བུས་གསོལ་པ་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན ་པ་ཉིད་ཀྱི་བར་དུ་རྣམ་པར་དག་པའི་ཕྱིར་རྣམ་པར་དག་པ་སྣང་བའོ་ཞེས་བྱ་བ་ནི་འབྲིང་གི་འབྲིང་ངོ་།། ཤཱ་ར་དྭ་ཏིའི་བུ་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་འཕོ་བ་མེད་ཅིང་ཉིང ་འཚམས་སྦྱོར་བ་མེད་པ་ནི་རྣམ་པར་དག་པའོ་ཞེས་བྱ་བའི་བར་ནི་འབྲིང་གི་ཆེན་པོའོ།། ཤཱ་ར་དྭ་ཏིའི་བུ་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རང་བཞིན་གྱིས་ཀུན་ནས ་ཉོན་མོངས་པ་མེད་པའི་ཕྱིར་རྣམ་པུར་དག་པའོ་ཞེས་བྱ་བུའི་བུར་ནི་ཆེན་པོའི་ཆུང་ངུའོ།། ཤཱ་ར་དྭ་ཏིའི་བུ་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཐོབ་པ་མེད་ཅིང་མངོན་པར་རྟོགས ་པ་མེད་པའི་ཕྱིར་རྣམ་པར་དགེ་པའོ་ཞེས་བྱ་བའི་བར་ནི་ཆེན་པོའི་འབྲིང་ངོ་།། ཤཱ་ར་དྭ་ཏིའི་བུ་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མངོན་པར་གྲུབ་པ་མེད་པའི་ཕྱིར་རྣམ་པར་དག་པའོ།། ་ས་བྱ་བའི་བར་ནི་ཆེན་པོའི་ཆེན་པོའོ།། ཁམས་གསུམ་པ་ཡི་གཉེན་པོ་ཉིད།། འཇིལ་དང་གཞལ་བྱ་མཉམ་ཉིད་དང་ཞེས་བྱ་བ་ལ། དེ་ལ་གསོལ་བ་ཞེས་བྱ་བ་ནས་བརྩམས་ཏེ། གཟུགས་མེད་པའི་ཁམས་རང་བཞིན ་གྱིས་དམིགས་སུ་མེད་པའི་ཕྱིར་རྣམ་པར་དག་པ་ནི་སྐྱེ་བ་མེད་དོ་ཞེས་བྱ་བའི་བར་ནི་ལམ་ཁམས་གསུམ་པའི་གཉེན་པོ་ཉིད་དོ།། གསོལ་པ་ཞེས་བྱ་བ་ནས་བརྩམས་ཏེ། ཆོས་ཐམས་ཅད་དམིགས་སུ་མེད་པའི་ཕྱིར ་རྣམ་པར་དག་པ་ནི་ཆོས་ཐམས་ཅད་འཚུལ་བ་མ་མཆིས་སོ་ཞེས་བྱ་བའི་བར་ནི་ཤེས་པ་དང་ཤེས་བྱ་མཉམ་པ་ཉིད་དོ།། ཀླན་ཀ་ཡོངས་སུ་སྤངས་པ་ཡིས།། ལམ་ནི་དེ་ཡི་གཉེན་པོར་འདོད།། དེ་དག་ཉིད་བསྒོམ་པའི་ལམ ་དུ་འདོད་ཀྱི། གཞན་ནི་མ་ཡིན་ནོ།། ཅིའི་ཕྱིར་ཞེ་ན། འདིའི་འོག་ནོས་དེ་ཉིད་རྒྱས་པར་བརྒལ་བ་དང་ལན་བཏབ་པའི་ཕྱིར་རོ།། དེ་སྐད་དུ་ཡང་གཞུང་ནི་བཅོམ་ལྡན་འདས་གང་དེ་ལྟར་རྟོགས་པ་དེ་ནི་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བའི་མཐར་ཐུག་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་ཏུ་རྣམ་པར་དགུ་པའི་ཕྱིར་རོ་ཞེས་བྱ་བ་ནི་ཤིན་ཏུ་ཉེས་པ ་མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ།། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཞེས་བྱ་བ་ལ་སོགས་པ་ནི་འོན་ཏེ་དེ་ནི་དེའི་ལམ་མ་ཡིན་ནོ་ཞེས་བྱ་བར་བསམས ་པའོ།། ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བ་ནི་ལན་ཡིན་ཏེ། རང་བཞིན་གྱིས་རྣམ་པར་དོག་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ།། གསལ་བར་བྱ་བའི་ཕྱིར་ཡང་དྲིས་པ་ལ། ཆོས་གནས་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་ལྡན ་ནོ།། ཆོས་གནས་པ་ཞེས་བྱ་བ་ནི་ཆོས་ཉིད་དོ།། དེ་ནི་རང་བཞིན་གྱིས་འོད་གསལ་བ་སྟེ། ལམ་གྱི་བྱ་བ་ནི་གློ་བུར་གྱི་སྒྲིབ་པ་ཟད་པར་བྱེད་པ་ཉིད་ཡོན་ནོ་ཞེས་དགོངས་སོ།། ཅིའི་སླད་དུ་ཞེས་བྱ་བ་ནི་བརྒལ་བ་གཉིས་པ་སྟེ། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་རྣམ་པར་དག་པ་རྣམ་པར་དག་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་གལ་ཏེ་དེ་བ་ཟུང་བ་རྣམ་པར་རྟོག་པར་འགྱུར་ལ། མ་བཟུང་བ་ཤེས་པར་མི་འགྱུར་རོ་ཞེས་བྱ་བར་བསམས་པའོ།། ་ཆོས་ཀྱི་དབྱིངས་ཞེས་བྱ་བ་ལ་སོགས་པ་ནི་ལན་ཡིན་ནོ།། གང་གིས་ཆོས་ཀྱི་དབྱིངས་ཡོངས་སུ་མ་བཟུང་བ་དེའི་དངོས་པོ་ནི་དེ་ཉིད་དེ། ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་དམིགས་སུ་མེད་པ་ཉིད་ཆོས་ཀྱི་དབྱིངས ་དམིགས་པ་ཡིན་ནོ།། ཞེས་དགོངས་སོ།། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་བྱ་བ་ལ་སོགས་པ་ལ། བདགུ་དག་པ་ནི་འཕགས་པ་དག་གི་གཟུགས་དག་པ་དང་། མ་དག་པ་ནི་བྱིས་པ་དག་གིས་མ་དག་པ་ཡིན་པ་དེ་བས་ན། ་བདག་རྣམ་པར་དག་པ་དང་གཟུགས་རྣམ་པར་དག་པ་ཞེས་བྱ་བ་ནི་བརྒལ་བའོ།། ཤིན་ཏུ་རྣམ་པར་དགུ་པའི་ཕྱིར་རོ་ཞེས་བྱ་བ་ནི་ལན་ཡིན་ཏེ། བདག་དང་གཟུགས་ནི་ཤིན་ཏུ་དངོས་པོ་མེད་པའོ་ཞེས་བྱ་བར་དགོངས་སོ།། གསལ ་པོར་བྱ་བའི་ཕྱིར་ཡང་ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་བརྒལ་བའོ།། ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བ་ནི་ལན་ཏེ། བདག་དང་གཟུགས་ཡང་དག་པ་མ་ཡིན་པའི་ཕྱིར་རོ།། དེ་བཞིན་དུ་ཚོར་བ་ལ་སོགས་པ་ནས། རྣམ ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུའོ།། ཅིའི་སླད་དུ་གཉིས་སུ་མ་མཆིས་ཤིང་རྣམ་པར་དག་པ་ཞེས་བྱ་བ་ལ་སོགས་པ་ནི་བརྒལ་བ་གཞན་ཡིན་ཏེ། ལམ་དང་འབྲས་བུ་ཞེས་བྱ་བ་གཉིས་ལ་འབྲས་བུ་རྣམ་པར་དག་པ་ཐོབ ་བར་བགྱི་བ་མ་ལགས། ལམ་རྣམ་པར་དག་པ་མངོན་པར་རྟོགས་པར་བགྱི་བ་མ་ལགས་ཏེ། གཉི་གའི་དངོས་པོ་མེད་པའི་ཕྱིར་རོ་ཞེས་བྱ་བར་བསམས་པའོ།། ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བ་ནི་ལྡན་ཡིན་ནོ།། ་གསལ་པོར་བྱ་བའི་ཕྱིར་ཡང་བརྒལ་བ་ལ། ཀུན་ནས་ཉོན་མོངས་པ་མེད་པ་དང་རྣམ་པར་བྱང་བ་མེད་པ་ནི་ཆོས་མཉམ་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་ལན་ཡིན་ཏེ། ཆོས་རྣམས་ཀྱི་མཉམ་པ་ཉིད་ནི་ཆོས་ཀྱི་དབྱིངས་སོ།། ཀུན་ནས ་ཉོན་མོངས་པ་མེད་པ་ཡང་འདི་ཡིན་པ་ནི་རང་བཞིན་གྱིས་འོད་གུསལྟ་བ་ཉིད་ཀྱི་ཕྱིར་རྣམ་པར་བྱུང་བ་མ་ཡིན་པ་ཡང་དེ་ཡིན་པ་ནི་ཀུན་ནས་ཉོན་མོངས་པ་སྔོན་དུ་སྟོང་བ་ཅན་ཡིན་པའི་ཕྱིར་རོ།། དེ་དག་ཡིན་ལ་ཆོས ་མཉམ་པ་ཉིད་ཀྱང་འདི་ཡིན་པས་སོ།། རྒྱུར་བྱས་པའི་ཕྱིར་ཞེས་བྱ་བ་ནི་དེ་ལ་བརྟེན་པའི་ཕྱིར་རོ།། བདག་ཀུན་ཏུ་མཐའ་ཡས་པ་ཞེས་བྱ་བ་ནི་ཡང་བརྒལ་བ་སྟེ། བདག་བརྟག་པ་ཉིད་ཀྱི་ཕྱིར་ཕུང་པོ་དག་ཀྱང་རྟག་པའི་དངོས་པོ་ཡིན་ནོ་ཞེས ་བྱ་བར་བསམས་པའོ།། ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བ་ནི་ལྡན་ཏེ། བདག་དང་ཕུང་པོ་དག་ནི་རྟག་ཏུ་མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བར་དགོངས་པའོ།། མཐའ་ལས་འས་པ་སྟོང་པ་ཉིད་དང་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད ་ཀྱི་ཕྱིར་ཞེས་བྱ་བ་ནི་གསལ་བར་བྱེད་པའོ།། བཅོམ་ལྡན་འདས་གང་དེ་ལྟར་ཞེས་བྱ་བ་ནི་ཇི་སྐད་དུ་བསྟན་པ་ཁོ་ན་བཞིན་དུ་འམ་ཞེས་བརྒོལ་བའོ།། ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བ་ནི་ལྡན་ཏེ། ཤིན་ཏུ་ཉེས་པ་མེད ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ།། ཅིའི་སླད་ངུ་ཞེས་བྱ་བ་ནི་ཡང་བརྒལ་བ་སྟེ། ཅི་ཞོག་རྒྱུར་བྱས་ནས་ཤེས་བྱ་བའི་དོན་ཏོ།། ལམ་གྱི་རྣམ་པར་ཤེས་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་ལན་ནོ།། དྲི་དག་ནི་རྣམ་པར་དག་པའི་བསྒོམ ་པའི་ལམ་དང་ལམ་ཤེས་པ་བསྟན་པའོ།། ། མངོན་པར་རྟོག་པའི་རྒྱན་གྱི་འགྲེལ་པ་རིན་ཆེན་འབྱུང་གནས་ཞི་བས་སྦྱར་བ་དག་ལྡན་ཞེས་བྱ་བ་ལས་ལམ་ཤེས་པ་ཉིད་ཀྱི་ལེའུ་སྟེ་གཉིས་པའོ།། ། ་ད་ནི་ཐམས་ཅད་ཤེས་བྱ་ཉིད་བརྗོད་པར་བྱ་བ་ཡིན་པས་དེའི་དབང་དུ་མཛད་ནས། ཚུ་རོལ་ཕ་རོལ་མཐའ་ལ་མིན།། དེ་དག་བུར་ལ་མི་གནས་པ།། དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར།། ཤེས་རབ་ཕ་རོལ་ཕྱིན་པར་འདོད་ཅེས་གསུངས་པ ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ཐམས་ཅད་ཤེས་པ་ཉིད་དོ།། དེ་ཚུ་རོལ་མཐའ་ལ་མིན་ཞེས་བྱ་བ་ནི་འཁོར་བ་ལ་མ་ཡིན་ནོ།། ཕ་རོལ་མཐའ་ལ་མིན་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ལ་མ་ཡིན་ཏེ། དེ་དག་གི་བར་ལ ་ཡང་གནས་བླར་མི་འདོད་དོ།། ཅིའི་ཕྱིར་ཞེ་ན། དུས་རྣམས་མཉམ་པ་ཉིད་དུ་ཤེས་པའི་ཕྱིར་རོ།། གང་གསོལ་པ་ཞེས་བྱ་བ་ནས་བརྩམས་ཏེ། དུས་གསུམ་མཉམ་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བའི་བར་ནི་འཁོར་བ་དང་མྱ་ངན་ལས ་འདས་པ་ལ་མི་གནས་པ་ཉིད་དོ།། མཚན་མར་བཅས་པའི་དམིགས་པ་ཡིས།། ཐབས་མ་ཡིན་པས་རིང་བ་སྟེ།། མཚན་མོར་བཅས་པའི་དམིགས་པས་ཐབས་མ་ཡིན་པ་དེ་བས་ན་དེ་རིང་པོར་འགྱུར་རོ།། གང་གསོལ་པོ། བཅོམ་ལྡན ་འདས་ཞེས་བྱ་བ་ནུས་བརྩམས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིང་དུ་སོང་བར་འགྱུར་རོ་ཞེས་བྱ་བའི་བར་དུ་རིང་དུ་གྱུར་པའོ།། ཐབས་ལ་མཁས་པ་འདི་ཉིད་ནི།། ཡང་ངག་ཉེ་བ་ཉིད་དུ་བཤད་ཅེས་བྱ་བ་ལ། ཆགས་པ་མེད ་པས་འཇུག་པ་ནི་ཐབས་ལ་མཁས་པ་ཡིན་པ་དེ་བས་ན་དེ་ཉོ་བོར་འགྱུར་རོ།། གང་རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ནས་བརྩམས་ཏེ། མ་ཆགས་པ་དེ་དག་ཀྱང་ཞེས་བྱ་བའི་བར་དུ་ནི་ཉེ་བར་གྱུར་པའོ།། གཟུགས་སོགས་ཕུང ་བོ་སྟོང་ཉིད་ནས།། དུས་གསུམ་གཏོགས་པའི་ཆོས་རྣམས་དང་། བ་ཕྱོགས་རྣམས་ལ།། སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས་ཞེས་བྱ་བ་ལ་གཟུགས་ལ་སོགས་པ་ནས་ཐམས་ཅད་ཤེས ་པ་ཉིད་ཀྱི་མཐར་ཐུག་པའི་ཆོས་ཀྱི་ཚོགས་ནི་འདིར་གཟུགས་ལ་སོགས་པའི་ཕུང་པོ་སྟེ། ང་གང་གཟུགས་སྟོང་པ་ཉིད་ནས། ཐམས་ཅད་ཤེས་པ་སྟོང་པ་ཉིད་ཅེས་བྱ་བའི་བར་ནི་འདུ་ཤེས་པའོ།། གང་ཡང་དུས་གསུམ། ་དུ་གཏོགས་པ་དག་ནི་འདས་པ་ཞེས་བྱ་བ་དང་། མ་འོངས་པ་ཞེས་བྱ་བ་དང་། ད་ལྟར་བྱུང་བ་ཞེས་བྱ་བར་འདུ་ཤེས་པའོ།། བྱང་ཆུབ་ཀྱི་ཕྱོགས་རྣམས་ཀྱི་ཆོས་རྣམས་ལ་ཞེས་བྱ་བའི་མང་པོའི་ཚིག་ནི་སོགས་པ་ཞེས་བྱ་བའོ། ་དོན་ཏོ།། དེ་བས་ན་ཚད་མེད་པ་ལ་སོགོས་པ་ནས། ཐམས་ཅད་ཤེས་པའི་མཐར་ཐུག་པ་ཡང་བཟུང་ངོ་།། གང་ཡང་སྦྱིན་པ་ལ་སོགས་པ་དང་། བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པོ་དག་ལ་སྤྱོད་པའི་འདུ་ཤེས་ནི་སྦྱིན་པའི་ཕ་རོལ ་ཏུ་ཕྱིན་པ་ལ་སྤྱོད་པ་ཞེས་བྱ་བ་ནས། ཐམས་ཅད་ཤེས་པ་ལ་སྤྱོད་ན་ཞེས་བྱ་བའི་བར་དུ་སྟེ། དེ་ཐམས་ཅད་ནི་མི་མཐུན་པའི་ཕྱོགས་སོ།། དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ཞེས་བྱ་བ་ནས་པོརྩམས་ཏེ། ཐམས་ཅད་ཤེས་པ་ཉིད ་ལ་སྤྱོད་ན་ཆགས་པའོ་ཞེས་བྱ་བའི་བར་ནི་མི་མཐུན་པའི་ཕྱོགས་སོ།། ཚིག་ལེའུར་བྱས་པ་ལས་ཆོས་རྣམས་ཞེས་བྱ་བ་ནི་ཚོགས་གཞན་ཡིན་ཏེ། ཆོས་ངག་ལ་འདུ་ཤེས་པ་གང་ཡིན་པ་དེ་ཡང་མི་མཐུན་པའི་ཕྱོགས། ་སོ་ཞེས་བྱ་བའི་དོན་ཏེ། གང་དེ་ནཱས་གྷའི་དབྱུང་པོ་བརྒྱ་བྱིན་གྱིས་ཞེས་བྱ་བ་ནས་བརྩམས་ཏེ།། ཡོངས་སུ་བསྔོ་བར་མི་ནུས་སྷོ་ཞེས་བྱ་བའི་བར་དུ་འརྒྱུད་པར་འགྱུར་བ་སྣང་མི་མཐུན་པའི་ཕྱོགས་ཡིན་ཏེ། ཆོས་རྣམས་ལ ་འདུ་ཤེས་པ་ནི་མི་མཐུན་པའི་ཕྱོགས་ཡིན་ནོ་ཞེས་གསུངས་པའི་ཕྱིར། ཆོས་རྣམས་ལ་འདུ་ཤེས་མེད་པ་ནི་གཉེན་པོ་ཡིན་ནོ་ཞེས་བྱ་བ་ནི་དོན་གྱིས་ཤེས་པར་བྱ་སྟེ། གང་ཡང་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ཞེས་བྱ་བ ་ནུས་བརྩམས་ཏེ། ད་ལྟར་བྱུང་བའི་ཆོས་ཞེས་བྱ་བར་འདུ་ཤེས་པ་མེང་ངོ་ཞེས་བྱ་བའི་བར་དུ་གསུངས་སོ།། སྦྱིན་པ་ལ་སོགས་ངར་འཛིན་མེད།། གཞན་དག་དེ་ལོ་སྤྱིར་བྱེད་པ།། དེ་ནི་ཆགས་པའི་མཐའ་འགོག་པོ།། ་ཞེས་བྱ་བ་ལ་སྦྱིན་པ་ལ་སོགས་པ་ལ། ངར་འཛིན་པ་མེད་པ་ནི་གང་ཤཱ་ར་དྭ་ཏིའི་བུ་ཞེས་བྱ་བ་ནས་བརྩམས་ཏེ། སྤྱོད་པའི་ཆགས་པ་མེད་པའོ་ཞེས་བྱ་བའི་བར་གྱིས་གསུངས་སོ།། གཞན་དྲུག་དེ་ལ་སྦྱོར་བར་བྱེད ་པ་ནི་ངར་འཛིན་པ་མེད་པ་ལ་སྦྱོར་བར་བྱེད་པའོ།། གང་ཀཽ་ཤི་ཀ་གཞན་ཡང་ཞེས་བྱ་བ་ནས་བརྩམས་ཏེ། ཚུགས་པའི་མཐའ་ཐམས་ཅད་ཡོངས་སུ་སྤངས་པ་ཡིན་ནོ།། ཞེས་བྱ་བའི་བར་གྱིས་འཆང་པར་འགྱུར ་རོ།། དེ་ནི་གང་གཉི་ག་ཆགས་པའི་མཐའ་འགོག་པར་བྱེད་པ་སྟེ། གཉི་ག་གཉེན་པོའི་ཕྱོགས་ཞེས་བྱ་བའི་དོན་ཏོ།། རྒྱལ་ལ་སོགས་པ་ཆགས་པ་ཕྲ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་དེ་དག་དང་གཞན་དག་གི ་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བ་ལ་སོགས་པ་སྟེ། དེ་ནི་མཚན་མ་དང་བཅས་པར་དམིགས་པ་གླང་ཡིན་པའོ།། གང་དེ་ནས་བཅོམ་ལྡན་བླངས་ཞེས་བྱ་བ་ནས་བརྩམས་ཏེ། དེ་དག་དང་དེ་མ་ཡིན།། ་པུའི་སེམས་ཅན་གཞན་རྣམས་ཀྱི་དགེ་བའི་རྩ་བ་ལ་མཚན་མར་བྱེད་དེ། མཚན་མར་ཡིད་ལ་བྱ་བ་མ་ཡིན་པ་ཞེས་བྱ་བའི་བར་གྱིས་ཆགས་པ་ཕྲ་མོ་གསུངས་སོ།། ཆོས་ཀྱི་ལམ་ནི་རང་བཞིན་གྱིས།། དབེན་པའི་ཕྱིར ་ནི་དེ་ཟག་ཉིད་ཅེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་ཟབ་པ་ཡིན་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་དབེན་པ་ཉིད་ཀྱི་ཕྱིར་རོ།། གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། སུས་ཀྱང་མངོན་པར ་རྫོགས་པར་འཚང་རྒྱ་བར་མི་ནུས་སོ་ཞེས་བྱ་བའི་བར་གྱིས་ནི་ཟབ་པ་གསུངས་སོ།། ཆོས་རྣམས་རང་བཞིན་གཅིག་པར་ནི།། ཤེས་པ་ཆགས་པ་སྤོང་བ་ཡིན།། ཆོས་རྣམས་རང་བཞིན་གཅིག་པ་ཉིད་དུ་ཤེས་ན་ཆགས་པ ་ཐམས་ཅད་རྣམ་པར་སྤོང་ངོ་།། རབ་འབྱོར་དེ་ནི་ཞེས་བྱ་བ་ནུས་བརྩམས་ཏེ། ཆགས་པའི་མཐའ་ཐམས་ཅད་རྣམ་པར་སྦྱངས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ཆགས་པའི་མཐའ་ཐམས་ཅད་རྣམ་པར་སྤངས་པ ་གསུངས་སོ།། མཐོང་ལ་སོགས་པ་བཀོག་པ་ཡིས།། དེ་ནི་རྟོགས་པར་དཀའ་བར་བཤད།། ཅེས་བྱ་བ་ནི་མཐོང་བ་ཉིད་ལ་སོགས་པ་བཀག་པས་དེ་ནི་རྟོགས་པར་དཀའ་བ་ཉིད་དོ།། གསོལ་པ་ཞེས་བྱ་བ་ནས་བརྩམས ་ཏེ། མངོན་པར་རྫོགས་པར་སངསྔ་མ་རྒྱས་སོ་ཞེས་བྱ་བའི་བར་གྱིས་ནི་རྟོགས་པར་དཀའ་བ་གསུངས་སོ།། གཟུགས་ལ་སོགས་པ་མི་ཤེས་པས།། དེ་ནི་བསམ་མི་ཁྱབ་པར་འདོད།། ཅེས་བྱ་བ་ནི་དེས་གཟུགས ་ལ་སོགས་པ་ནས། མ་འདྲེས་པ་ནི་བར་དུ་མི་ཤེས་པོ་དེའི་ཕྱིར་བསམ་གྱིས་མི་ཁྱབ་པའོ།། གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་དམིགས་པའི་ཕྱིར ་རོ་ཞེས་བྱ་བའི་བར་གྱིས་ནི་བསམ་གྱིས་མི་ཁྱབ་པ་ཉིད་དུ་གསུངས་སོ།། དེ་ནི་མི་མཐུན་པ་དང་གཉེན་པོ་བསྟན་པའོ།། དེ་ལྟར་ཀུན་ཤེས་ཉིད་ལུགས་ལ།། མི་མཐུན་ཕྱོགས་དང་གཉེན་པོ་དག། རྣམ་པར་དབྱེ་བ་མ ་ལུས་པ།། ཇི་སྐད་བཤད་པ་འདི་ཞེས་བྱ།། དེ་ལྟར་ཞེས་བྱ་བ་ནི་བསྟན་བཅོས་ལས་ཇི་སྐད་བཤད་པ་བཞིན་དུ་བྱའོ།། ཇི་སྐད་བཤད་པ་ཞེས་བྱ་བ་ནི་མདོ་ལས་ཇི་སྐད་བཤད་པ་བཞིན་དུའོ།། ད་ནི་སྦྱོར་བ་བརྗོད་པར ་བྱ་བ་ཡིན་པས་དེའི་དབང་དུ་མཛད་ནས། གཟུགས་སོགས་དྲི་མི་རྟག་སོགས་དང་།། དེ་མ་རྫོགས་དང་རབ་རྫོགས་དང་།། སྦྱོར་བ་བཀག་པས་སྤྱོད་པ་ནི།། ཆགས་པ་མེད་དང་དེ་དང་ནི།། མི་འགྱུར་བྱེད་པ་མེད ་ཉིད་དང་།། སྦྱོར་བ་དཀའ་བ་རྣམ་གསུམ་དང་།། སྐལ་པ་ཇི་བཞིན་འབྲས་ཐོབ་པས།། དེ་ཡི་འབྲས་བུ་ཡོད་འདོད་དང་།། གཞན་ལོ་རག་ལས་མིན་གང་དང་།། ཤེས་བྱེད་རྣམ་བདུན་སྣང་བ་ལ།། གཟུགས་ལ་སོགས་ལ་རློམ ་མེད་པ།། རྣམ་བཞི་དེ་ཡི་མཉམ་ཉིད་འདོད་།། ཅེས་བྱ་བ་གསུངས་ཏེ། གཟུགས་ལ་སོགས་པ་དང་།། གཟུགས་ལ་སོགས་པ་རྟག་པ་དང་མྦྷི་རྟག་པ་ལྔ་སོགས་པ་དང་། གཟུགས་ལ་སོགསྨྲ་བ་མ ་རྫོགས་པ་དང་། རབ་ཏུ་རྫོགས་པ་ཉིད་དང་། གཟུགས་ལ་སོགས་པ་ལ་ཆགས་པ་མེད་པ་དང་། ཆགས་པ་དང་བཅས་པའི་སྤྱོད་པ་གང་ཡིན་པ་དེ་བཀག་པས་དེ་དག་གི་སྦྱོར་བ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ།། ་དེ་ལ་རབ་འབྱོར་ཅེས་བྱ་བ་ནས་བརྩམས་ཏེ། ཐམས་ཅད་མཁྱེན་པ་ཉིད་ལ་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ངོ་ཞེས་བྱ་བའི་བར་ནི་གཟུགས་ལ་སོགས་པའི་སྦྱོར་བའོ།། གལ་ཏེ་གཟུགས་རྟག་ཅེས་བྱ་བ ་འམ་མི་རྟག་ཅེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བ་ནས་བརྩམས་ཏེ། སྡུག་པ་འམ་མི་སྡུག་པ་ཞེས་བྱ་བའི་བཱར་ནི་གཟུགས་ལ་སོགས་པོ་མི་རྟོག་པ་ལ་སོགས་པའི་སྦྱོར་བའོ་འབྱོར་གཞན་ཡང ་ཞེས་བྱ་བ་ནས་བརྩམས་ཏེ། གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་དེའི་གོང་ཡན་ཆད་ནི་གཟུགས་ལ་སོགས་པ་མ་རྫོགས་པ་དང་རྫོགས་པའི་སྦྱོར་བའོ།། གསོལ་པ། བཅོམ་ལྡན་འདས་དེ་ལྟར་ཞེས་བྱ་བ་ནས་བརྩ ་ཏེ། བླ་ན་མེད་པ་ཡང་དག་པའི་བྱང་ཆུབ་ལ་ཆགས་པ་དང་ཆགས་པ་མེད་དོ་ཞེས་འདུ་ཤེས་པ་མེད་དོ་ཞེས་བྱ་བའི་བར་ནི་གཟུགས་ལ་ཆགས་པ་དང་། ཆགས་པ་མེད་པའི་སྦྱོར་བའོ།། གསོལ་པ། བཅོམ་ལྡན་འོངས་ཞེས་བྱ ་བྱ་ནས་བརྩམས་ཏེ། ཉེས་པ་བརྗོད་ཀྱང་འགྲིབ་པ་མེད་དོ་ཞེས་བྱ་བའི་བར་ནི་མི་འགྱུར་བའི་སྦྱོར་བའོ།། རབ་འབྱོར་འདི་ལྟ་སྟེ་ཞེས་བྱ་བ་ནས་བརྩམས་ཏེ། མ་བསྟན་ཀྱང་དེ་བཞིན་ནོ་ཞེས་བྱ་བའི་བར་ནི་བྱེད་བུ་པོ་མེད་པའི ་སྦྱོར་བའོ།། གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། ཆོས་རྣམས་ཀྱི་སླད་དུ་གོ་ཆུ་འཚལ་བ་དེ་དག་ནི་གོ་ཆ་ཆེན་པོ་འཚལ་བའོ།། ཞེས་བྱ་བའི་བར་གྱིས་ནི་ཆེད་དུ་བྱ་བ་དཀའ་བའི་སྦྱོར་བའོ།། བཅོམ་ལྡན ་འོངས་ཞེས་བྱ་བ་ནས་བརྩམས་ཏེ། གདེག་པར་འཚལ་བའོ་ཞེས་བྱ་བའི་བར་ནི་སྦྱོར་བ་དཀའ་བའི་སྦྱོར་བའོ།། བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། འཚལ་བ་ལགས་སོ་ཞེས་བྱ་བའི་བར་ནི་བྱི་དཀའ་བ་ཉིད་ཀྱི་སྦྱོར ་བའོ།། དེ་ནས་དགེ་སློང་ཞེས་བྱ་བ་ནས་བརྩམས་ཏེ། ཕྱག་འཚལ་ལོ་སྙམ་པའོ་ཞེས་བྱ་བའི་བར་གྱིས་ནི་འབྲས་བུ་ཡོད་པའི་སྦྱོར་བའོ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཞེས་བྱ་བ་ནས་བརྩམས་ཏེ། དུབ་པའི་སྐལ་པོ ་ཅན་དུ་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་གཞན་གྱི་རྐྱེན་མི་འགྲོ་བའི་སྦྱོར་བའོ།། ཀོའུ་ཤི་ཀ་དེ་ཇི་སྙམ་དུ་སེམས། ཞེས་བྱ་བ་ནས་བརྩམས་ཏེ། སྤྲུལ་པ་ལྟ་བུའི་ཆོས་རྣམས་ཡོངས་སུ་ཤེས་པ་ཞེས་བྱ་བའི་བར་གྱིས་ནི་ཤེས ་བྱེད་རྣམས་བདུན་ཞེས་བྱ་བའི་སྦྱོར་བའོ།། འདིར་སྦྱོར་བ་རྣམ་པ་བཅུ་གཉིས་གསུངས་པ་གང་ཡིན་པ་དེའི་མཉམ་པ་ཉིད་དུ་འདོང་ངོ་།། གང་ཞེ་ན། གཟུགས་ལ་སོགས་པ་རློམ་པ་མེད་པ་རྣམ་པ་བཞི་སྟེ། གཟུགས་སུ་རློམ ་སེམས་སུ་མི་བྱེད། གཟུགས་ཀྱི་རློམ་སེམས་སུ་མི་བྱེད། གཟུགས་ལ་བདག་གི་ཞེས་རློམ་སེམས་སུ་མི་བྱེད། གཟུགས་ལ་རློམ་སེམས་སུ་མི་བྱེད་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པ་སྟེ། གང་རབ་འབྱོར ་གྱིས་གསོལ་བ་ཞེས་བྱ་བ་ནས་བརྩམས་ཏེ། སྤྲུལ་པ་ལའང་རློམ་སེམས་སུ་མི་བྱེད་ཅེས་བྱ་བའི་བར་གྱིས་སྦྱོར་བའི་མཉམ་པ་ཉིད་གསུངས་སོ།། མཐོང་བའི་ལམ་བསྟན་པར་བྱ་བ་དེ་ལ་འདིར་སངས་རྒྱས་སྟོང་དང་ཕྱོགས་བཅུའི ་སངས་རྒྱས་སྟོང་དག་གི་བསྟན་པ་མཉམ་པ་ཉིད་བསྟན་པར་བྱ་བའི་ཕྱིར། དེ་ནས་སངས་རྒྱས་ཀྱི་མཐུས་ཞེས་བྱ་བ་ནས་བརྩམས་ཏེ། སྟོན་ཅིང་འཆད་པར་འགྱུར་ཞེས་བྱ་བའི་བོར་གྱིས་གསུངས་སོ།། དེ་བས་ན་མཐོང་བའི ་ལམ་དེ་ནི། སྡུག་བསྔལ་ལ་སོགས་བདེན་པ་ལ།། ཆོས་ཤེས་རྗེས་སུ་ཤེས་བཟོད་དང་།། ཤེས་པའི་སྐད་ཅིག་བདག་ཉིད་འདི།། ཀུན་ཤེས་ཚུལ་ལ་མཐོང་བའི་ལམ་ཞེས་གསུངས་ཏེ། ཐམས་ཅད་ཤེས་པ་ཉིད་ཀྱི་ཚུལ་ལ ་སྐད་ཅིག་མ་བཅུ་དྲུག་གི་བདག་ཉིད་དེ་དག་ནི་མཐོང་བའི་ལམ་མོ།། སྡུག་བསྔལ་ལ་སོགས་པའི་བདེན་པ་རེ་རེ་ཞིང་སྐད་ཅིག་པ་བཞིའི་བདག་ཉིད་ཡིན་པས་ཆོས་ཤེས་པ་དང་རྗེས་སུ་ཤེས་པའི་བཟོད་པ་དག་དང་། ཤེས ་པ་ཡང་ཆོས་དང་། རྗེས་སུ་ཤེས་པ་དག་སྟེ། སྐད་ཅིག་མ་གང་ཡིན་པ་དེའི་བདག་ཉིད་དེ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་རྗེས་སུ་ཤེས ་བའོ།། ཀུན་འབྱུང་དང་། འགོག་པ་དང་ལམ་ཡང་དེ་བཞིན་ནོ།། སྐད་ཅིག་མ་བཅུ་དྲུག་པོ་དེ་དག་གོ་རིམ་བཞིན་དུ། གཟུགས་རྟག་མ་ཡིན་མི་རྟག་མིན།། མཐའ་ལས་འདས་དྲང་རྣམ་དག་དང་།། མ་སྐྱེད་མ་འགག་ལ་སོགས ་དང་།། མཁའ་འདྲ་ཆགས་པ་སྤངས་པ་དང་།། ཡོངས་སུ་འཛིན་ལས་གྲོལ་བ་དང་།། ངོ་བོ་ཉིད་ཀྱི་བརྗོད་མེད་དང་།། གང་ཕྱིར་འདི་ངོན་བརྗོད་པ་ཡིས།། གཞན་ལ་སྦྱིན་དུ་མེད་པ་དང་།། དམིགས་པ་མེད་པར་བྱེད་པ་དང་།། ཤིན་ཏུ་རྣམ ་དངག་ནང་མི་འབྱུང་།། ངན་སོང་ཆ་དང་མི་རྟོག་དང་།། འབྲས་བུ་མངོན་དུ་བྱ་བ་ལ།། མཚན་མ་དག་དང་མ་འབྲེལ་དང་།། དངོས་དང་མིང་དང་གཉིས་པོ་ལ།། ཤེས་པ་སྐྱེ་བ་མེད་པ་ནི།། ཀུན་ཤེས་ཉིད་ཀྱི་སྐད་ཅིག་མ་ཞེས་བྱ་བ་གསུངས ་ཏེ། གཟུགས་རྟག་མ་ཡིན་མི་རྟག་མིན།། ཞེས་བྱ་བ་ནི་གཟུགས་ཞེས་བྱ་བ་ནས། རྣམ་པར་ཤེས་པའི་བར་དུ་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་པ་ནས། བཅིངས་པ་མ་ཡིན་གྲོལ་བ་མ་ཡིན་ཞེས་བྱ་བའི་བར་དང་། ་གཟུགས་འདས་པ་མ་ཡིན་ཞེས་བྱ་བ་ལ་སོགས་པོ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འདས་པ་མ་ཡིན་ཞེས་བྱ་བའི་བར་དུ་སྟེ། དེ་སྐད་ཅེས་གསོལ་པ་དང་ཞེས་བྱ་བ་ནས། ཆོས་སྟོན་པར་མི་འགྱུར་རོ་ཞེས་བྱ་བའི་བར ་གྱིས་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ།། མཐའ་ལས་འདས་ཞེས་བྱ་བ་ནི་ཤིན་ཏུ་འདས་པ་སྟེ། གཟུགས་ཤིན་ཏུ་རྣམ་པར་དག་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཤིན་ཏུ་རྣམ་པར་དག་པ་སྟེ། ་གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། ཆོས་སྟོན་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་སྡུག་བསྔལ་ལ་ཆོས་ཤེས་པ་གསུངས་སོ།། རྣམ་དག་ཅེས་བྱ་བ་ནི་ཡོངས་སུ་དག་པ་ཞེས་བྱ ་བའི་དོན་ཏེ། གཟུགས་ཡོངས་སུ་དག་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་དག་པ་སྟེ། གང་གསོལ་པོ་ཞེས་བྱ་བ་ནས་བརྩམས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཞེས་བྱ་བའི ་བར་གྱིས་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་གསུངས་སོ།། མ་སྐྱེས་མ་འགག་ལ་སོགས་དང་ཞེས་བྱ་བ་ནི་གཟུགས་སྐྱེ་བ་མེད་པ་འགག་པ་མེད་པ་ཀུན་ནས་ཉོན་མོངས་པ་མེད་པ་རྣམ་པར་བྱང་བ་མེད་པ་ནས། རྣམ་པ ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྟེ། གང་རབ་འབྱོར་གཟུགས་ཞེས་བྱ་བ་ནས། བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བའི་བར་གྱིས་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པ་གསུངས་སོ།། མཁའ་འདྲ་ཞེས་བྱ། ་བ་ནི་ནམ་མཁའ་དང་འདྲ་བར་གཟུགས་ལ་སོགས་པ་སྐྱེ་བ་མེད་པ་ལ་སོགས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྟེ། གང་རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས་བརྩམས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པ་ཡོངས་སུ་དག་པ་ཞེས་བྱ་བའི་བར་གྱིས་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་གསུངས་སོ།། ཆགས་པ་སྤངས་པ་ཞེས་བྱ་བ་ནི་ནམ་མཁའ་དང་འདྲ་བར་གཟུགས་གོས་པ་མེད་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ ་ཉིད་ཀྱི་བར་དུ་སྟེ། གང་ནམ་མཁའ་ལ་འགྲོ་བ་མ་མཆིས་པ་ཞེས་བྱ་བ་ནས་བརྩམས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཞེས་བྱ་བའི་བར་གྱིས་ཀུན་འབྱུང་ལ་ཆོས་ཤེས་པ་གསུངས་སྷོ།། ཡོངས ་སུ་འཛིན་ལས་གྲོལ་བ་དང་ཞེས་བྱ་བ་ནི་ནམ་མཁའ་དང་འདྲ་བར་གཟུགས་གཟུང་དུ་མྱེད་པ་ནས། ཐམས་ཅད་ཤེས་པའི་བར་དུ་སྟེ། རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས་བརྩམས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་ཡོངས་སུ་དག་པ་ཞེས་བྱ་བའི་བར་གྱིས་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་གསུངས་སོ།། ངོ་བོ་ཉིད་ཀྱིས་བརྗོད་མེད་དང་། ཞེས་བྱ་བ་ནི་ཇི་ལྟར་སྒྲ་བརྙན་གཉིས་ནམ་མཁའ་ལ་གྲགས་པ་དང་འདྲ་བར ་བརྗོད་དུ་མེད་པ་དེ་ལྟར་གཟུགས་བརྗོད་དུ་མེད་པ་ནས། རྣམ་པ་ཐམས་ཅད་མཁྱེན་པའི་བར་དུ་སྟེ། གང་རབ་འབྱོར་ནམ་མཁའ་ལ་ཐ་སྙད་མེད་པ་ཞེས་བྱ་བ་ནས་བརྩམས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས ་སུ་དག་པ་ཞེས་བྱ་བའི་བར་གྱིས་ཀུན་འབྱུང་ལ་རྗེས་སུ་ཤེས་པ་གསུངས་སོ།། བརྗོད་པ་ཡིས་ཞེས་བྱ་བ་ལ་སྤངས་བུ་ཞེས་བྱ་བ་དང་སྦྱོར་བར་བྱ་སྟེ། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་དུ་ན་མཁའ ་ལྟར་བརྗོད་དུ་མེད་པའོ།། ཅིའི་ཕྱིར་ཞེ་ན། དོན་འདི་གཞན་ལ་སྦྱིན་པ་མེད་པ་སྟེ། གང་གི་ཕྱིར་བརྗོད་པར་འདོད་པའི་དོན་འདི་གཞན་ལ་ཚིག་ཏུ་བརྗོད་པས་སྦྱིན་པར་མི་ནུས་པས་སོ།། གང་རབ་འབྱོར་གཞན་ཡང ་ཞེས་བྱ་བ་ནས་བརྩམས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཞེས་བྱ་བའི་བར་གྱིས་འགོག་པ་ལ་ཆོས་ཤེས་པའི་བཟོད་པ་གསུངས་སོ།། དམིགས་པ་མེད་པར་བྱེད་པ་དང་། ་ཞེས་བྱ་བ་ནི་དམིགས་པར་བྱེད་པས་ན་དམིགས་པ་སྟེ། དེ་མེད་པའི་ཕྱིར་གཟུགས་དམིགས་སུ་མེད་པ་ནས། ཐམས་ཅད་ཤེས་པའི་བར་དུ་སྟེ། གང་ནམ་མཁའ་དམིགས་སུ་མེད་པ་ཞེས་བྱ་བ་ནས་བརྩམས་ཏེ། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཞེས་བྱ་བའི་བར་གྱིས་འགོག་པ་ལ་ཆོས་ཤེས་པ་གསུངས་སོ།། ཤིན་ཏུ་རྣམ་དག་ཅེས་བྱ་བ་ནི་གཟུགས་ཤིན་ཏུ་རྣམ་པར་དག་པ་ནས། ཐམས་ཅད་ཤེས་པའི་བར་དུ ་སྟེ། གང་ཆོས་ཐམས་ཅད་ཅེས་བྱ་བ་ནས་བརྩམས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ་ཞེས་བྱ་བའི་བར་གྱིས་འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་གསུངས་སོ།། ནད་མི་འབྱུང་ཞེས་བྱ་བ་ལ ་ནད་ནི་ལུས་ཀྱི་ནང་དོ།། ཡང་ན་ཉམོ་བྱ་བ་རྣམ་པ་སྣ་ཚོགས་ནི་ནད་ཡིན་ལ།། དེ་དག་མོ་འབྱུང་བ་ནི་བཅོམ་ལྡན་འདས་མ་ལུ་མངོན་པར་བརྩོན་པ་ལ་མི་སྐྱེ་བ་སྟེ། གང་རབ་འབྱོར་ཞེས་བྱ་བ་ནུས་བརྩམས་ཏེ། འདི་ལྟ་སྟེ། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་ཆེན་པོ་ཞེས་བྱ་བའི་བར་གྱིས་འགོག་པ་ལ་རྗེས་སུ་ཤེས་པ་གསུངས་སོ།། ངན་སོང་ཆད་དང་མི་རྟོག་དང་ཞེས་བྱ་བ་ནི་ངན་འགྲོ་དག་ཆོད་པའོ།། མི་རྟོག་པ་ཉིད་ནི་ཆོས་ཐམས ་ཅད་ལ་སྐྱེ་བ་དང་འགག་པའི་རྣམ་པར་རྟོག་པ་ཟད་པའོ།། དེ་ལ་དྲན་སོང་ཆད་དང་ཞེས་བྱ་བ་ནི་གང་རབ་འབྱོར་དེ་ལ་ཞེས་བྱ་བ་ནས་བརྩམས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་ཞེས་བྱ་བའི་བར་གྱིས་ལམ་ལ་ཆོས ་ཤེས་པའི་བཟོད་པ་གསུངས་སོ།། མི་རྟོག་པ་ཉིད་ནི་གང་རབ་འབྱོར་གང་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་ཞེས་བྱ་བ་ནས་བརྩམས་ཏེ། ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་ནི་དམིགས་སུ་མེད་དོ་ཞེས་བྱ་བའི་བར་གྱིས་ལམ་ལ་ཆོས་ཤེས ་པ་གསུངས་སོ།། འབྲས་བུ་མངོན་དུ་བྱ་བ་ལ།། མཚན་མ་དག་དྲོང་མ་འབྲེལ་དང་།། ཞེས་བྱ་བ་ནི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་མཚན་མ་གྲོང་ཡིན་པ་དེ་དག་དང་མ་འབྲེལ་བ་ནི་གོས་པ་མེད་པ་སྟེ། གང་རབ་འབྱོར་ཞེས་བྱ་བ ་ནས་བརྩམས་ཏེ། འགྲོ་བ་མེད་པའི་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེའི་ཞེས་བྱ་བའི་བར་གྱིས་ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་གསུངས་སོ།། དངོས་དང་མི་དང་གཉིས་པོ་ལ། ཤེས་བྱ་སྐྱེ་བ་མེད་པ་ནི་ཞེས་བྱ་བ་ལོ།། དངོས་ཞེས ་བྱ་བ་ནི་ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་དག་ལའོ།། མིང་ཞེས་བྱ་བ་ནི་དེ་དག་གི་མིང་དག་ལའོ།། གཉིས་པོ་ལ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་དེའི་ཤེས་པ་ལའོ།། ཤེས་པ་ནི་སོ་སོར་སྣང་བའོ།། གང ་ཡང་སྐྱེ་བ་མེད་པ་སྟེ། ཆོས་ཐམས་ཅད་སྤྲོས་པ་མེད་པའི་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ།། གང་རབ་འབྱོར་གལ་ཏེ་ཞེས་བྱ་བ་ནས་བརྩམས་ཏེ། ཐམས་ཅད་ཤེས་པ་ཉིད་ཐོབ་པར་འགྱུར་རོ་ཞེས་བྱ་བའི་བར ་གྱིས་ལམ་ལ་རྗེས་སུ་ཤེས་པ་གསུངས་སོ།། དེ་ལ་དེ་ལྟར་འདུ་ཤེས་པར་ཡང་མི་བྱེད་ཅེས་བྱ་བ་ནི་ཐམས་ཅད་ཀྱི་རང་གི་མཚན་ཉིད་དག་ཀྱང་མི་མཐོང་བའོ།། དེ་ལྟར་མི་རྟོག་ཅིང་ཞེས་བྱ་བ་ནི་ཆོས ་ཐམས་ཅད་ཀྱི་དེ་བཞིན་ལ་ཡང་མི་དང་འདྲེས་པས་འཛིན་པར་མི་བྱེད་པའོ།། དེ་ལྟར་མི་དམིགས་ཏེ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱིས་དེ་བཞིན་ཉིད་གཟུང་བ་དང་དེའི་ཡེ་ཤེས་འཛིན་པར་བྱེད་པ་ཉིད་ཀྱི་སྒོ་ནས་མི་མཐོང ་དོ་ཞེས་བྱ་བའི་དོན་ཏོ།། དེ་ལྟར་འཕྲོ་བར་ཡང་མི་བྱེད་ན་ཞེས་བྱ་བ་ནི་སྤྲོས་པ་གསུམ་པོ་དེ་དག་གིས་ཏེ། ཕྱིན་ཅི་ལོག་གིས་ཞེས་བྱ་བའི་དོན་ཏོ།། ཀུན་ཤེས་ཉིད་ཀྱི་སྐད་ཅིག་མ་ཞེས་བྱ་བ་ནི་འདིར་དེ་དག་ནི་ཐམས་ཅད ་ཤེས་པོའི་མཐོང་བའི་ལམ་སྐད་ཅིག་མ་བཅུ་དྲུག་ཡིན་ནོ།། དེ་ལྟར་འདི་དང་ཡང་འདི་དང་།། ཡང་འདི་ཡིན་ཏེ་རྣམ་གསུམ་པོ།། འིངྐ་ནི་གནས་སྐབས་གསུམ་པོ་དག། རྫོགས་པར་ཡོངས་སུ་བསྟན་པ་ཡིན།། ཞེས་བྱ ་བ་ལ་ཇི་ལྟར་གྱི་སྒྲ་ནི་སོགས་པའི་དོན་ཏེ། གསུམ་པོ་དག་ལ་ཡང་སྦྱར་བར་བྱའོ།། ཡང་གི་སྒྲ་ནི་དང་པོ་ལ་ཡང་སྦྱར་བར་བྱའོ།། འདིའི་སྒྲ་གསུམ་པོ་ནི་ཡང་གི་སྒྲ་ལས་འོག་ཏུ་བལྟ་བར་བྱའོ།། རྣམ་པ་གསུམ་པོ་ཞེས ་བྱ་བ་ནི་ལྡོག་པ་གསུམ་པོ་དག་གིས་ཏེ། འདི་ནི་ཆོས་གང་ཡང་ཞེས་བྱ་བ་ལ་སོགས་པ་དང་། རབ་འབྱོར་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཞེས་བྱ་བ་ལ་སོགས་པའོ།། གནས་སྐབས་གསུམ་པོ་དག་ཅེས ་བྱ་བ་ནི་བཟློག་པའི་རིམས་པས་ཐམས་ཅད་ཤེས་པའི་དབང་དུ་བྱ་བ་དང་། ལམ་ཤེས་པའི་དབང་དུ་བྱ་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དབང་དུ་བྱ་རྫོགས་བྱར་ཡོངས་སུ་བསྟན་ཅིང་དེ་དག་བཤད་པ་ཉིད་དོ།། ། ་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་རིན་ཆེན་འབྱུང་གནས་ཞི་བས་སྦྱར་བ་དག་ལྡན་ཞེས་བྱ་བ་ལས་ཐམས་ཅད་ཤེས་པ་ཞེས་བྱ་བའི་ལེའུ་སྟེ་གསུམ་པའོ།། །། ད་ནི་རྣམ་པ་ཀུན་མངོན་པར་རྫོགས ་པར་རྟོགས་པ་ཞེས་བྱ་བ་བརྗོད་པར་བྱ་བ་ཡིན་པ་དེ་བས་ན། གཞི་ཡི་ཡེ་ཤེས་བྱེ་བྲག་ནི།། རྣམ་པ་ཞེས་བྱ་མཚན་ཉིད་དེ།། ཞེས་བྱ་བ་གསུངས་ཏེ། གཞི་ནི་དམིགས་པ་སྟེ། བདེན་པ་བཞི་ལ་སོགས་པའོ།། དེའི་ཡེ་ཤེས ་ཀྱི་བྱེ་བྲག་སྟེ། རྣམ་པ་གང་དག་གི་དེ་ཡོངས་སུ་ཤེས་པར་བྱ་བ་དེ་དག་རྣམ་པ་ཞེས་བྱའོ།། མཚན་ཉིད་ནི་མིང་ངོ་།། ཀུན་མཁྱེན་པ་དག་རྣམ་གསུམ་ཕྱིར།། དེ་ཡང་རྣམ་པ་གསུམ་དུ་འདོད་ཅེས་བྱ་བ་ལ། ཀུན་མཁྱེན་པ ་དགུ་ཅེས་བྱ་བ་ནི་རིགས་ཀྱི་མང་པོའི་ཚིག་ཡིན་ཏེ། ཐམས་ཅད་མཁྱེན་པ་ཉིད་ལ་བྱ་བའི་དོན་ཏོ།། དེ་ལ་ཐམས་ཅད་ཤེས་པ་ཉིད་ཀཱི་དཔདྨ་དུ་མཛད་ནས། མེད་པའི་རྣམ་པ་ནཱས་བཟུང་སྟེ།། མི་གཡོ་བའི་རྣམ་པའི་བར། ་བདེན་པ་སོ་སོ་ལ་བཞི་དང་།། ལམ་ལ་དེ་ནི་བཅོ་ལྔ་བཤད།། ཅེས་བྱ་བ་གསུངས་ཏེ། འདི་ནི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་མེད་པའི་རྣམ་པ་ནས་བཟུང་བ་དང་། འདི་ནི་མི་གཡོ་བའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ ་མི་གཡོ་བའི་རྣམ་པའི་བར་ཉི་ཤུ་རྩ་བདུན་ནོ།། དེ་དག་ལ་སྡུག་བསྔལ་དང་ཀུན་འབྱུང་བ་དང་འགོག་པ་ལ་བཞི་བཞི་དང་། ལམ་གྱི་བདེན་པ་ལ་ལྷག་མ་བཅཝོ་ལྔའོ།། མེད་པའི་ཕ་རོལ་ཏུ་ཕྱིན་པ་ནི་མེད་པའི་རྣམ ་པའི་ཕ་རོལ་ཏུ་ཕྱིན་པའོ།། དེ་བཞིན་དུ་འོག་མ་ཐམས་ཅད་ལ་ཡང་ངོ་།། དེ་ལ་སྡུག་བསྔལ་གྱི་བཞི་ནི་མེད་པ་དང་། མཉམ་པ་ཉིད་དང་། དབེན་པ་དང་། ཐུབ་པ་མེད་པའོ།། མེད་པ་ནི་གཟུགས་ལ་སོགས་པ་ནོམ་མཁའ་ལྟ་བུའོ།། ་མཉམ་པ་ཉིད་ནི་གཟུགས་ལ་སོགས་པ་ཆོས་ཐམས་ཅད་དམིགས་སུ་མེད་པས་མཉམ་པ་ཉིད་ཀྱི་ཕྱིར་རོ།། དབེན་པ་ནི་ཤིན་ཏུ་སྟོང་པ་ཉིད་ཀྱི་ཕྱིར་རོ།། ཐུབ་པ་མེད་པ་ནི་ཆོས་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ།། ཀུན ་འབྱུང་གྲི་བཞི་ནི་གནས་མེད་པ་དང་། ནམ་མཁའ་དང་། བརྗོད་དུ་མེད་པ་དང་། མིང་མེད་པའོ།། གནས་མེད་པ་ནི་གཟུགས་ལ་སོགས་པ་ཕུང་པོ་ལྔ་མེད་པའི་ཕྱིར་རོ།། ནམ་མཁའ་ནི་གཟུགས་ལ་སོགས་པ་དབུགས་དབྱུང་བ་དང ་རྔུབ་པ་མེད་པའི་ཕྱིར་རོ།། བརྗོད་དུ་མེད་པ་ནི་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་དམིགས་སུ་མེད་པའི་ཕྱིར་རོ།། མིང་མེད་པ་ནི་ཚོར་བ་ལ་སོགས་པ་མི་དམིགས་པའི་ཕྱིར་རོ།། འགོག་པའི་བཞི་ནི་འགྲོ་བ་མེད་པ་དང་། ་གཟུང་དུ་མེད་པ་དང་། མི་ཟད་པ་དང་། སྐྱེ་བ་མེད་པའོ།། འགོག་པའི་འགྲོ་བ་མེད་པ་ནི་ཆོས་ཐམས་ཅད་ལས་འགྲོ་བ་མེད་པའི་ཕྱིར་དང་། རང་བཞིན་གྱིས་རྣམ་པར་གྲོལ་བ་ཉིད་ཀྱི་ཕྱིར་རོ།། འགོག་པའི་གཟུང་དུ་མེད ་པ་ནི་ཆོས་ཐམས་ཅད་གཟུང་དུ་མེད་པའི་ཕྱིར་ཆོས་ཀྱིས་ཆོས་ལ་འཛིན་པ་མེད་པའོ།། མི་ཟད་པ་ནི་ཆོས་ཐམས་ཅད་ཤིན་ཏུ་ཟད་པ་དེངས་པ་ཉིད་ཀྱི་ཕྱིར་ཏེ། ཤིན་ཏུ་ཟད་པ་མེད་ཅིང་འགོག་པ་མེད་པ་ཉིད་དོ།། སྐྱེ་བ་མེད་པ་ནི་ཆོས ་ཐམས་ཅད་སྐྱེ་བ་མེད་ཅིང་འགོག་པ་མེད་པ་ཉིད་དོ།། ལམ་གྱི་བཅོ་ལྔ་ནི་བྱེད་པ་པོ་མེད་པ་དང་། ཤེས་པ་པོ་མེད་པ་དང་། འཕོ་བ་མེད་པ་དང་། འཇིག་པ་མེད་པ་དང་། རྨི་ལམ་དང་། སྒྲ་བརྙན་དང་། མིག་ཡོར་དང་། སྨིག་རྒྱུ་དང་། ་སྒྱུ་མ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། གོས་པ་མེད་པ་དང་། སྤྲོས་པ་མེད་པ་དང་། རློམ་པ་མེད་པ་དང་། གཡོ་བ་མེད་པའོ།། ལམ་ནི་བྱེད་པ་པོ་མེད་པ་སྟེ། བྱེད་པ་པོ་དམིགས་སུ་མེད་པའི ་ཕྱིར་རོ།། ཤེས་པ་པོ་མྱེད་པ་ནི་ཤེས་པ་པོ་དམྱིགས་སུ་མེད་པའི་ཕྱིར་རོ།། འཕོ་བ་མེད་པ་ནི་སྐྱེ་བ་དང་འཆི་བ་དམིགས་སུ་མེད་པའི་ཕྱིར་རོ།། འཇིག་པ་མེད་པ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་འཇིག་པ་མེད་པའི་ཕྱིར ་ཏཽ། རླུང་བཞིན་ནི་དེ་བཞིན་ཉིད་དོ།། རྨི་ལམ་ནི་རྨི་ལཱམ་མཐོང་བ་དམྦྷི་གས་སུ་མེད་པའི་ཕྱིར་རོ།། སྒྲ་བརྙན་ནཱི་སྒྱུར་བརྗོད་པ་དམིགས་སུ་མེད་པའི་ཕྱིར་རོ།། མྱིག་ཡོར་ནི་གཟུགས་དང་གཟུགས་བརྙན་དམིགས་སུ་མེད་པའི ་ཕྱིར་རོ།། སྨིག་རྒྱུ་ནི་ཆུའི་ཕུང་པོ་དམིགས་སུ་མེད་པའི་ཕྱིར་རོ།། སྒྱུ་མ་ནི་དེའི་རྒྱུ་མཚན་དམིགས་སུ་མེད་པའི་ཕྱིར་རོ།། ཀུན་ནས་ཉོན་མོངས་པ་མེད་པ་ནི་ཉོན་མོངས་པའི་རང་བཞིན་དམིགས་སུ་མེད་པའི་ཕྱིར་རོ།། རྣམ་པར ་བྱང་བ་མེད་པ་ནི་ཀུན་ནས་ཉོན་མོངས་པའི་སེམས་ཅན་དམིགས་སུ་མེད་པའི་ཕྱིར་རོ།། གོས་པ་མེད་པ་ནི་ནུམ་མཁའ་ལྟ་བུའོ།། སྤྲོས་པ་མེད་པ་ནི་སྤྲོས་པ་ཐམས་ཅད་ཡང་དག་པར་བཅོམ་པ་ཉིད་ཀྱི་ཕྱིར་རོ།། ། ་རློམ་པ་མེད་པ་ནི་རློམ་སེམས་ཐམས་ཅད་ཡང་དག་པར་བཅོམ་པ་ཉིད་ཀྱི་ཕྱིར་རོ།། གཡོ་བ་མེད་པ་ནི་ཆོས་ཀྱི་དབྱིངས་ལ་གནས་པ་ཉིད་ཀྱི་ཕྱིར་རོ།། ཞེས་བྱ་བ་ནི་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པའོ།། ལམ་ཤེས་པ་ཉིད་ཀྱི་དབང་དུ་མཛད ་ནས། རྒྱུ་དང་ལམ་དང་སྡུག་བསྔལ་དང་།། འགོག་པ་ལ་ནི་གོ་རིམ་བཞིན།། དེ་དག་བརྒྱད་དང་བདུན་དང་ནི།། ལྔ་དོང་བཅུ་དྲུག་ཅེས་བསྒྲགས་སོ།། ཞེ་བྱ་བ་གསུངས་ཏེ། རྒྱུ་ནི་ཀུན་འབྱུང་ངོ་།། དེ་བས་ན་འདིར་ཀུན་འབྱུང་དང་ལམ་དང་པོར་གསུངས ་བ་ནི་འབྲས་བུའི་ཐབས་སུ་གྱུར་པ་ཉིད་ཀྱི་ཕྱིར་ལ། སྡུག་བསྔལ་དང་འགོག་པ་ནི་འབྲས་བུར་གྱུར་པ་ཉིད་ཀྱི་ཕྱིར་རོ།། དེ་དག་གི་རྣམ་པ་གོ་རིམ་བཞིན་དུ་བརྒྱད་དང་། བདུན་དང་། ལྔ་དང་། བཅུ་དྲུག་ཅེས་མདོ་ལས་གསུངས་སོ།། དེ་ལ་ཀུན ་འབྱུང་གི་བརྒྱད་དེ་འདོད་ཆགས་དང་བྲལ་པོ་དང་། མི་གནས་པ་དང་། ཞི་བ་དང་། འདོད་ཆགས་མེད་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་དང་། ཉོན་མོངས་པ་མེད་པ་དང་། སེམས་ཅན་མེད་པའོ།། འདོད་ཆགས་དང་བྲལ་བ་ནི ་གཟུགས་ལ་སོགས་པ་འདོད་ཆགས་ཀྱི་རྒྱུ་མཚན་མི་དམིགས་པའི་ཕྱིར་ཏེ། འདོད་ཆགས་ཀྱི་རྒྱུ་མཚན་ནི་ཞེན་པར་བྱ་བའོ།། གནས་ན་ཞེན་པ་དང་། སྲེད་པ་ཡིན་ལ། དེ་མེད་པའི་ཕྱིར་གནས་མེད་པ་ནི་གཟུགས་ལ་སོགས་པའི་ཆོས ་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ།། ཞི་བ་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པའི་དེ་བཞིན་ཉིད་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་རོ།། འདོད་ཆགས་མེད་པ་ནི་འདོད་ཆགས་མེད་པའི ་ཕྱིར་རོ།། ཞེ་སྡང་མེད་པ་ནི་ཉེས་པ་མེད་པའི་ཕྱིར་རོ།། གཏི་མུག་མེད་པ་ནི་མུན་པ་བཅོམ་པ་ཉིད་ཀྱི་ཕྱིར་རོ།། ཉོན་མོངས་པ་མེད་པ་ནི་ཡོངས་སུ་རྟོགས་པ་མེད་པ་ཉིད་ཀྱི་ཕྱིར་རོ།། སེམས་ཅན་མེད་པ་ནི་སེམས་ཅན་དམིགས་སུ་མེད་བྲི། ་ཕྱིར་རོ།། ལམ་གྱི་བདེན་པ་ནི་ཚད་མེད་པ་དང་། མཐའ་གཉིས་དང་མ་འབྲེལ་པ་དང་། ཐ་མི་དད་པ་དང་། མཆོག་ཏུ་འཛིན་པ་མེད་པ་དང་། རྣམ་པར་མི་རྟོག་པ་དང་། དཔག་ཏུ་མེད་པ་དང་། ཆགས་པ་མེད་པའོ།། ཚད་མེད་པ་ནི་ཚེ་སྣ་ཐམས ་ཅད་ལས་ཀུན་ནས་ལྡང་བ་མེད་པའི་ཕྱིར་རོ།། མཐའ་གཉིས་དང་མ་འབྲེལ་བ་ནི་མཐའ་དམིགས་སུ་མེད་པའི་ཕྱིར་རོ།། མཐའ་མི་དད་བ་ནི་ཆོས་ཐམས་ཅད་དབྱེར་མེད་པ་ཉིད་ཀྱི་ཕྱིར་དང་། དབེན་པའི་ཕྱིར་རོ།། མཆོག་ཏུ་འཛིན་པ ་མེད་པ་ནི་ཉན་ཐོས་དེང་རང་སངས་རྒྱས་ཀྱི་ས་ལས་ཡང་དག་པར་འདས་པའི་ཕྱིར་རོ།། རྣམ་པར་མི་རྟོག་པ་ནི་རྣམ་པར་རྟོག་པ་དམིགས་སུ་མེད་པའི་ཕྱིར་རོ།། དཔག་ཏུ་མྱེད་པ་ནི་ཆོས་ཐམས་ཅད་ཀྱི་ཚད་དམིགས་སུ་མེད་པའི ་ཕྱིར་རོ།། ཆགས་པ་མེད་པ་ནི་ཆོས་ཐམས་ཅད་ནམ་མཁའི་རང་བཞིན་དང་མཉམ་པ་ཉིད་ཀྱི་ཕྱིར་རོ།། སྡུག་བསྔལ་གྱི་ལྔ་ནི་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་དང་། མཚན་ཉིད་མེད་པའོ།། ་མི་རྟག་པ་ཉིད་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་འཇིག་པ་མེད་པའི་ཕྱིར་ཏེ། འཇིག་པ་མེད་པ་དེ་ཉིད་ནི་མེད་པ་དེ་ཉིད་ཀྱི་ཕྱིར་མི་རྟག་པ་སྟེ། མེད་པའི་དོན་ནུ་མི་རྟག་པའི་དོན་ནོ།། ་སྡུག་བསྔལ་ནི་ཆོས་ཐམས་ཅད་ཚོལ་བར་སྦྱོར་བ་མེད་པའི་ཕྱིར་ཏེ། ཚོལ་བ་ནི་ལོངས་སྤྱོད་དོ།། སྟོང་པ་ཉིད་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་དམིགས་སུ་མེད་པའི་ཕྱིར་རོ།། བདག་མེད་པ་ནི་ཆོས་ཐམས་ཅད་ལ ་མིམེངོན་པར་ཚུགས་པ་མེད་པའི་ཕྱིར་རོ།། མཚན་ཉིད་མེད་པ་ནི་ཆོས་ཐམས་ཅད་ཀྱི་མཚན་མ་མྱེད་པའི་ཕྱིར་རོ།། འགོག་པའི་རྣམ་པ་བཅུ་དྲུག་ནི་ནང་སྟོང་པ་ཉིད་ཀྱི་འགོག་པ་ནི་ནང་གི་ཆོས་རྣམས་དམིགས ་སུ་མེད་པའི་ཕྱིར་རོ།། ཞེས་བྱ་བ་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་འགོག་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བའི་བར་ནི་ལམ་ཤེས་པའི་རྣམ་པའོ།། ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དབང་དུ་མཛད་ནས། ཀུན་མཁྱེན་ཉིད་གསུམ་བྱེ་བྲག་གིས།། ལམ་གྱི་བདེན་པ་དང་མཐུན་པར།། དྲན་པ་ཉེར་གཞག་ནོས་བཟུང་སྟེ།། ཐ་མ་སངས་རྒྱས་ཉིད་རྣམ་པར། ་སྒྲིབ་མ་བྱང་ཆུབ་སེམས་དཔའ་དང་།། སངས་རྒྱས་རྣམས་ཀྱི་རིམ་བཞིན་དུ།། སུམ་ཅུ་བདུན་དང་སུམ་ཅུ་བཞི།། སུམ་ཅུ་རྩ་དགུ་དག་དུ་བཞེད།། ཅེས་བྱ་བ་གསུངས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ ་དྲན་པ་ཉེ་བར་གཞག་པ་ནས་བརྩམས་ཏེ། སངས་རྒྱས་ཉིད་ཀྱི་རྣམ་པའི་བར་དུ་རྣམ་པ་བརྒྱ་རྩ་བཅུ་དག་ཡིན་ཏེ། དྲན་པ་ཉེ་བར་གཞག་པའི་ཕ་རོལ་ཏུ་ཕྱིན་པ་ནས་བརྩམས་ཏེ། སངས་རྒྱས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར ་དུའོ།། ཐ་མ་སངས་རྒྱས་ཉིད་ཀྱི་རྣམ་པ་གང་དག་ལ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ།། ཀུན་མཁྱེན་ཉིད་རྣམ་པ་གསུམ་གྱི་བྱེ་བྲག་གིས་ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་དག་གི་ལམ ་གྱི་བདེན་པ་གང་ཡིན་པ་དེ་དག་དང་མཐུན་པ་གོ་རིམ་བཞིན་དུ་སུམ་ཅུ་རྩ་བདུན་དང་། སུམ་ཅུ་རྩ་བཞི་དང་། སུམ་ཅུ་རྩ་དགུ་དག་གོ།། དེ་ལ་བྱང་ཆུབ་ཀྱི་ཕྱོགས་དག་གིས་ཉན་ཐོས་ཀྱི་ལམ་ལ་བརྟེན་པའི་ཕྱིར་དང ་རྣམ་པར་ཐར་པའི་སྒོ་གསུམ་དང་རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། བདེན་པ་བཞི་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་པོ་དག་གིས་བྱང་ཆུབ་སེམས་དཔའི་ལམ་ལྔ་བརྟེན ་བའི་ཕྱིར་རོ།། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། མ་འདྲེས་པའོའི་ཆོས་བཅོ་བརྒྱད་དང་། དེ་བཞིན་གཤེགས་པ་ཉིད་དང་། རང་བྱུང་ཉིད་དང་། སངས་རྒྱས་ཉིད་ཅེས་བྱ་བ་ནི ་སངས་རྒྱས་ཉིད་ཀྱི་ལམ་ལ་བརྟེན་པའི་ཕྱིར་རོ།། འདིར་ཆོས་ཐམས་ཅད་ལས་ཡང་དག་པར་འདས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པའི་ཆོས་རྣམས་ལས་ཡང་དགེ་བར་འདས་པའི་ཕྱིར་རོ།། ཆོས་ཇི་ལྟར་གནས ་པ་དེ་བཞིན་དུ་གསུངས་པའི་ཕྱིར་དེ་བཞིན་གཤེགས་པ་ཉིད་དོ།། ཇི་ལྟ་ཞེ་ན། སངས་རྒྱས་ཀྱི་བརྗོད་པ་ཐམས་ཅད་ནི་དེ་བཞིན་ཉིད་ཀྱི་ཕྱིར་རོ།། བྱུང་བར་གྱུར་པས་ན་བྱུང་བ་སྟེ། བྱུང་བར ་གྱུར་ཞེས་བྱ་བའི་དོན་ཏོ།། རང་བྱུང་ཞེས་བྱ་བ་ནི་རང་ཉིད་འདོད་པས་འདི་བྱུང་བས་ན་རང་བྱུང་ངོ་།། དེ་ཇི་ལྟར་ཞེ་ན། ཆོས་ཐམས་ཅད་ལ་དབང་སྒྱུར་བ་ཉིད་ཀྱི་ཕྱིར་རོ།། ཇི་ལྟར་སངས་རྒྱས་ཉིད་ཅེ་ན། ཆོས་ཐམས་ཅད ་མངོན་པར་བྱང་ཆུབ་པའི་ཕྱིར་ཏེ། རྣམ་པོ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱིར་རོ།། རྣམ་པ་རྣམས་ཐམས་ཅད་གཅིག་ཏུ་བྱས་ན་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་ཡིན་ནོ།། ད་ནི་སྦྱོར་བ་བརྗོད་པར་བྱ་བ་ཡིན་པས་བཅོམ ་ལྡན་འདས་མ་མཉན་པ་ཅུང་ཟད་ཀྱང་རྙེད་པར་དཀའ་ན། ཅི་རབ་ཏུ་སྦྱོར་བ་ལྟ་ཞེས་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་རྣམས་ལྷ་བཀུར་སྟི་བྱས།། དེ་ལས་དགེ་བའི་རྩ་བ་བསྐྲུན།། དགེ་བའི་བཤེས་ཀྱི་མགོན་བཅས ་པཱ།། འདི་ཉན་པ་ཡི་སྣོད་ཡིན་ནོ།། སངས་རྒྱས་བསྟེན་དང་ཀུན་འདྲི་དང་།། སྦྱིན་དང་ཚུལ་ཁྲིམས་སོགས་སྤྱོད་དང་།། ལེན་དང་འཛིན་པ་ལ་སོགས་པའི།། སྣོད་དུ་དམ་པ་རྣམས་བཞེད་དོ་ཞེས་བྱ་བ་གསུངས་ཏེ། སྟོན ་གྱི་སངས་རྒྱས་རྣམས་ལ་བཀུར་སྟི་བྱས་པ་དང་། དེ་དག་ལ་དགེ་བའི་རྩ་བོ་བསྐྲུན་པ་དང་། དགེ་བའི་བཤོས་གཉེན་གྱིས་ཡོངས་སུ་ཟིན་པ་གང་ཡིན་པ་དེ་དག་འདི་ཉིད་ཉན་པ་སྟེ། རྣ་ལམ་དུ་གྲགས་པའི་སྣོད་ཡིན ་གྱི། གཞན་དག་ནི་མ་ཡིན་ནོ།། གྲང་ཡང་སྔོན་གྱི་སྐྱེ་བར་སངས་རྒྱས་མང་པོ་ཡོངས་སུ་བསྟེན་པ་དང་། ཀུན་འདྲི་བ་དང་བཅས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་དེ་ཉིད་ཀྱིས་བཅོམ་ལྡན་འདས་མ་ལེན་པ་དང་འཛིན་པ ་ནས། དེ་བཞིན་ཉིད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནན་ཏན་དུ་བྱེད་པའི་བར་ཉིད་ཀྱི་སྣོད་ཉིད་དུ་འགྱུར་གྱི། རྣམ་པ་གཞན་དུ་མ་ཡིན་ནོ།། དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་མ་རྣ་ལམེ་དུ་གྲགས་པ་གང་ཡིན་པ་དེ་དག་ནི ་ངེས་པར་བཀུར་བསྟི་བྱས་པ་ལ་སོགས་པ་ཡོན་ཏན་གསུམ་དང་ལྡན་པར་རིག་པར་བྱའོ།། གང་ལ་ལེན་པ་ལ་སོགས་པ་དང་དེ་བཞིན་ཉིད་དུ་ནན་ཏན་བྱེད་པ་དེ་དག་ནི་བཀུར་སྟི་བྱེད་པ་ལ་སོགས་པ་ཡོན་ཏན་གསུམ་དང་སངས ་རྒྱས་བསྟེན་པ་ལ་སོགས་པ་དང་ལྡན་པ་ཡིན་ནོ་ཞེས་བྱ་བར་ངེས་པར་བལྟ་བར་བྱའོ།། གང་དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཞེས་བྱ་བ་ནས་བརྩམས་ཏེ། ཡིད་ལ་ཟུང་ཞིག་དང་ངས་བཤད་དོ་ཞེས་བྱ་བའི་བར་ནི་སྦྱོར་བ་པོ། ་རྙེད་པར་དཀའ་བ་ཉིད་དོ།། སྦྱོར་བའི་དབང་དུ་མཛད་ནས། གཟུགས་ལ་སོགས་ལ་མི་གནས་ཕྱིར།། དེ་ལ་སྦྱོར་བ་བཀག་པའི་ཕྱིར།། དེ་ཡི་དེ་བཞིན་ཉིད་ཟབ་ཕྱིར།། དེ་རྣམས་གཏིང་དཔག་དཀའ་བའི་ཕྱིར།། དེ་དག་ཚད་ནི ་མེད་ཕྱིར་དང་ཚེགས་ཆེན་ཡུན་རིང་རྟོག་པའི་ཕྱིར།། ལུང་བསྟན་ཕྱིར་མི་ལྡོག་ཉིད་དང་།། ངེས་འབྱུང་བར་ཚད་མེད་བཅས་དང་།། བྱང་ཆུབ་ཉེ་དང་མྱུར་བ་དང་།། གཞན་དོན་འཕེལ་མེད་འགྲིབ་མེད་ཕྱིར།། ཆོས་དང་ཆོས ་མིན་སོགས་མི་མཐོང་།། གཟུགས་སོགས་བསམ་མི་ཁྱབ་མི་མཐོང་།། གཟུགས་སོགས་དེའི་མཚན་མ་དང་།། དེ་ཡི་ངོ་བོར་རྣམ་མི་རྟོག། འབྲས་བུ་རིན་ཆེན་སྦྱིན་བྱེད་དང་།། དེ་ནི་དག་པ་མཚམས ་དང་བཅས།། ཞེས་བྱ་བ་གསུངས་པ་ལ། དེ་ནི་ཞེས་བྱ་བ་ནི་སྦྱོར་བའོ།། དེ་གང་ཞེ་ན། གང་གི་ཕྱིར། རྣམ་པར་སྦྱོར་བར་བཅས་པ་ཞེས་གོང་དུ་བསྟན་པ་དེ་ལ་རྣམ་པར་བསྟན་ནས་སྦྱོར་བའི་སྐབས་ཡིན་པའི་ཕྱིར་རོ།། གཟུགས་ལ ་སོགས་ལ་མི་གནས་ཕྱིར་ཞེས་བྱ་བ་ནི་གཟུགས་ལ་སོག་པ་དེ་དག་ལ་མི་གནས་པ་ནི་སྦྱོར་བའོ།། གང་ཀེའུ་ཤི་ཀ་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་དམིགས་སོ་ཞེས་བྱ་བའི་བར་གྱིས་གཟུགས་ལ ་སོགས་པ་ལ་མི་གནས་པའི་སྦྱོར་བ་གསུངས་སོ།། དེ་ལ་སྦྱོར་བ་བཀུག་པའི་ཕྱིར་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ལ་སྦྱོར་བ་བཀག་པའི་སྦྱོར་བ་སྟེ། གང་རབ་འབྱོར་གཞན་སྣང་ཞེས་བྱ་བ་ནས་བརྩམས་ཏེ། དབུས་སུ་མི་དམིགས ་སོ།། ཞེས་བྱ་བའི་བར་གྱིས་གཟུགས་ལྔ་སོགས་པ་ལྔ་མི་སྦྱོར་བའི་སྦྱོར་བ་གསུང་སོ།། དེ་ཡི་དེ་བཞིན་ཉིད་ཟབ་ཕྱིར་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་དེ་བཞིན་ཉིད་ཟབ་པའི་ཕྱིར་བཅོམ་ལྡན་འདས་མ་ཟབ་བོ།། དེ་ནས་ཚེ་དང ་ལྡན་པ་ཞེས་བྱ་བ་ནས་ཟབ་མོ་ཞེས་བྱ་བའི་བར་གྱིས་ནི་ཟབ་པའི་སྦྱོར་བ་གསུངས་སོ།། དེ་རྣམས་གཏིང་དཔག་དཀའ་བའི་ཕྱིར་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་གཏིང་དཔག་དཀའ་བའི་ཕྱིར་བཅོམ་ལྡན་འདས་མ་གཏིང ་དཔག་དཀའ་བའོ།། གང་གསོལ་བྱ་ཞེས་བྱ་བ་ནས་གཏིང་དཔག་དཀའོ་ཞེས་བྱ་བྱའི་བར་གྱིས་གཏིང་དཔག་དཀའ་བའི་སྦྱོར་བ་གསུངས་སོ།། དེ་དག་ཚད་ནི་མེད་ཕྱིར་དང་།། ཞེས་བྱ་བ་ལ། གཟུགས་ལ་སོགས་པ་ཚད་མེད་པའི་ཕྱིར ་བཅོམ་ལྡན་འདས་མ་ཚད་མེད་པའོ།། གང་གསོལ་པ་ཞེས་བྱ་བ་ནས། ཚད་མེད་དོ་ཞེས་བྱ་བའི་བར་གྱིས་ནི་ཚད་མེད་པའི་སྦྱོར་བ་གསུངས་སོ།། འདིར་དང་གི་སྒྲ་ཁོང་ནས་དབྱུང་བར་བྱ་སྟེ། དེ་ལ་སྦྱོར་བ་བཀག་པ་ཉིད་ཅེས་བྱ ་བྱ་འདིར་རྗེས་སུ་དྲང་བའི་དོན་ཏོ།། དེ་ལ་ཞེས་བྱ་བ་ནི་ཟབ་པ་ཉིད་དང་། གཏིང་དཔག་དཀོའ་བ་ཉིད་དང་། ཚད་མེད་པ་ཉིད་ལ་སྤྱོད་པ་དགག་པའི་སྦྱོར་བ་གསུངས་ཏེ། གཟུགས་ལ་སྩོསོགས་པ་ཟབ་ཅེས་བྱ་བར་མི་སྤྱོད་ན་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ།། དེ་བཞིན་དུ་གོ་ཏིང་དཔག་དཀའ་བ་ཞེས་བྱ་བ་དང་ཚད་མེད་པ་ཞེས་བྱ་བ་སྟེ། གང་གསོལ་པ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ཐོབ་པ་ལ་མི་སྤྱོ ་བ་གསུངས་སོ།། གཞན་ཡང་ཞེས་བྱ་བ་ནས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བྱར་དུ་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་གཏིང་དཔག་དཀའ་བ་ཉིད་ལ་མི་སྦྱོར་བའི་སྦྱོར་བ་གསུངས་སོ།། གཞན་ཡང་ཞེས་བྱ་བ་ནས། སངས ་རྒྱས་ཀྱི་ཆོས་ཀྱི་བར་དུ་མ་ཡིན་ནོ་ཞེས་བྱ་བའི་བར་གྱོས་ཚད་མེད་པ་ལ་མི་སྦྱོར་བའི་སྦྱོར་བ་གསུངས་སོ།། ཚེགས་ཆེན་ཡུན་རིང་རྟོགས་པའི་ཕྱིར།། ཞེས་བྱ་བ་ལ། བཅོམ་ལྡན་འདས་མ་ཟབ་པ་ཉིད་དང་། གཏིང་དཔག ་དཀའ་བ་ཉིད་དང་། ཚད་མེད་པ་དེ་དག་ནི་ཐེག་པ་ལ་གསར་དུ་ཞུགས་པའི་མདུན་དུ་བརྗོད་པར་མི་བྱ་སྟེ། དེ་འགའ་ཞིག་ཏུ་སྐྲག་ནས་འདི་སྤངས་ཏེ་དྲན་འགྲོར་འགྲོ་བའི་ལས་སོགས་པར་འགྱུར་ཏེ། ཚེགས ་ཆེན་པོས་ཡུན་རིང་པོ་ནས་མངོན་པར་རྫོགས་པར་བྱང་ཆུབ་པར་འགྱུར་རོ།། ཤཱ་ར་དྭ་ཏིའི་བུས་གསོལ་པ་ཞེས་བྱ་བ་ནས། དཀའ་བུ་དེ་ལྟ་བུའི་གནས་ཡོད་དོ་ཞེས་བྱ་བའི་བར་གྱིས་ཚོགས་ཆེན་པོས་ཡུན་རིང་པོ་ནས་རྟོགས་པའི་སྦྱོར ་བ་གསུངས་སོ།། ལུང་བསྟན་ཞེས་བྱ་བ་ནི་གང་གིས་བཅོམ་ལྡན་འདས་མ་ཟབ་མི་འདི་ཐོས་ནས་སྐྲག་པར་མི་འགྱུར། ཐོས་ནས་ཀྱང་གོང་ནས་གོང་དུ་འཛིན་པ་ནས། གནས་པའི་བར་དེ་ནི་དེ་བཞིན་གཤེགས་པ་གཅིག་གྲམ་གཉིས ་སམ་གསུམ་ལས་མི་འདའ་བར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པར་འགྱུར་རོ།། གང་བ་རྒྱ་བྱིན་ཞེས་བྱ་བ་ནས། ཉེ་བར་འགྱུར་བར་རིག་པར་བྱའོ།། ཞེས་བྱ་བའི་བར་གྱིས་ལུང་བསྟན་པའི་སྦྱོར་བ ་གསུངས་སོ།། ཕྱིར་མི་ལྡོག་པ་ཉིད་ཅེས་བྱ་བ་ནི་གང་བྱང་ཆུབ་སེམས་དཔའ་དེ་དག་ཕྱིར་མི་ལྡོག་པར་འགྱུར་བ་རང་ཉིད་ལ་བཅོམ་ལྡན་འདས་མ་འདི་ཉེ་བར་འགྱུར་ཏེ། ཉེ་བར་གྱུར་ནས་ཀྱང་འཛིན་པ་ནས་ཚུལ་བཞིན་ཡིད་ལ ་བྱེད་པའི་བར་གྱིས་དེ་བྱང་ཆུབ་ཏུ་ལུང་བསྟན་པ་རྙེད་པ་དང་ཉེ་བར་འགྱུར་རོ།། བཅོམ་ལྡན་འདས་གང་གིས་ཞེས་བྱ་བ་ནས་ཕྱིར་མི་ལྡོག་པ་ཞེས་བྱ་བའི་བར་གྱིས་ཕྱིར་མི་ལྡོག་པའི་སྦྱོར་བ་གསུངས་སོ།། ངེས་འབྱུང་ཞེས ་བྱ་བ་ནི་བར་དུ་གཅོད་པའི་ས་ལས་ཤིན་ཏུ་བརྒལ་བྱ་སྟེ། དེར་བཅོམ་ལྡན་འདས་མ་ཉིད་ཉེ་བར་གྱུར་པས་དེ་གཟུང་བ་ནས་ཚུལ་བཞིན་ཡིད་ལ་བྱེད་པའི་བར་དུ་བྱས་པས་ལུང་སྟོན་པ་ལ་ཉེ་བར་ཐོབ་པར་འགྱུར་བ་སྟེ། འབྲོག ་དགོན་པ་ཤིན་ཏུ་རིང་པོ་ནས་འབྱུང་བ་གྲོང་ལ་སོགས་པའི་མཚན་མ་རྙེད་པ་བཞིན་ནོ།། གང་བཅོམ་ལྡན་འདས་འདི་ལྟ་སྟེ་ཞེས་བྱ་བ་ནས། སྔ་ལྟས་སོ་ཞེས་བྱ་བའི་བར་གྱིས་ནི་ངེས་པར་འབྱུང་བའི་སྦྱོར་བ་གསུངས་སོ།། ། ་བར་ཆད་མེད་བཅས་དང་ཞེ་བྱ་བ་ནི་དཔེར་ན། རྒྱ་མཚོར་འགྲོ་བའི་རི་ལ་སོགས་པར་བར་ཆད་དང་བྲལ་བའི་ས་ཕྱོགས་སུ་ཕྱིན་པ་རྒྱ་མཚོར་ཕྱིན་པ་དང་ཉེ་བ་དེ་བཞིན་དུ་བཅོམ་ལྡན་འདས་མ་མཐོང་བ་ལ་སོགས་པའི་དོན ་རྙེད་ལ་ཐོས་ནས་འཛིན་པ་ནས། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་བར་དུ་བྱང་ཆུབ་ཏུ་ལུང་བསྟན་པ་རྙེད་པ་དང་ཉེ་བའོ།། གང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། ཚུལ་བཞིན་ཡིད་ལ་བྱར་ཡོད་ཅེས་བགྱི ་བར་རིག་པར་བགྱིའོ་ཞེས་བྱ་བའི་བར་གྱིས་བར་ཆད་མེད་པ་དང་བཙོས་པའི་སྦྱོར་བ་གསུངས་སོ།། བྱང་ཆུབ་ཉེ་བར་ཞེས་བྱ་བ་ལ། དཔེར་ན་སྡོང་པོ་ལོ་མ་ལྷགས་པ་དང་ཉེ་བར་ཤེས་པ་ན་དེ་དག་གི་ལོ་མ་དང ་མེ་ཏོག་དང་འབྲས་བུ་དེ་དག་ནི་རིང་པོར་མི་ཐོགས་པར་འབྱུང་བར་འགྱུར་བ་དེ་བཞིན་དུ་འདི་ལྟ་བུའི་ལ་སོགས་པའི་དོན་རྙེད་པ་ནས་ཚུལ་བཞིན་ཡིད་ལ་བྱེད་པའི་བར་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ ་དང་ཉེ་བ་ཡིན་ནོ།། གང་བཅོམ་ལྡན་འདས་འདི་ལྟ་སྟེ་ཞེས་བྱ་བ་ནས། བདེ་ཞིང་ཉམས་བདེ་བར་འགྱུར་རོ་ཞེས་བྱ་བའི་བཱར་གྱིས་བྱང་ཆུབ་དང་ཉེ་བའི་སྦྱོར་བ་གསུངས་སོ།། མྱུར་བ ་ཞེས་བྱ་བ་ནི་བྱང་ཆུབ་ཏུ་ཞེས་བྱ་བར་སྦྱར་རོ།། དཔེར་ནེ་བུད་མེད་སྦྲུམ་མི་ལུས་ལྕི་བར་གྱུར་པ་བཞིན་དུ་སྡུག་བསྔལ་བར་གྱུར་པ་དེ་བོས་ན་འདི་ནི་རིང་པོ་མི་ཐོགས་པར་བཅོལ་བར་འགྱུར་རོ་ཞེས་ཤེས་པ ་དེ་བཞིན་དུ་གང་དག་བཅོམ་ལྡན་འདས་མ་འདི་ཉེ་བར་གྱུར་པ་ནས།། ཚུལ་བཞིན་ཡིད་ལ་བྱེད་པའི་བར་ནི་དེ་དག་རིང་པོ་མི་ཐོགས་པར་བྱང་ཆུབ་ཏུ་ལུང་བསྟན་པར་རིག་པར་བྱའོ།། གང་བཅོམ་ལྡན་འདས་མ ་འདི་ལྟ་སྟེ། ཞེས་བྱ་བ་ནས། སངས་རྒྱས་ཀྱི་མཐུས་སྐྱེས་སོ་ཞེས་བྱ་བའི་བར་གྱིས་བྱང་ཆུབ་ཏུ་ཉེ་བའི་སྦྱོར་བ་གསུངས་སོ།། གཞན་དོན་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་གཞན་དོན་གྱི་སྦྱོར་བ་རྣམ་པ ་སྣ་ཚོགས་པ་སྟེ། གང་དེ་ནས་ཚེ་དང་ལྡན་པ་ཞེས་བྱ་བ་ནས། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་ཡང་དག་པར་བསྐུལ་ལོ་ཞེས་བྱ་བའི་བར་གྱིས་གཞན་གྱི་དོན་གྱིས་སྦྱོར་བ་གསུངས་སོ།། འཕེལ་མེད་འགྲིབ ་མེད་ཕྱིར་ཞེས་བྱ་བ་ནི་གང་གི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་འཕེལ་བ་དང་འགྲིབ་པར་མི་མཐོང་བ་དེའི་ཚེ་དེའི་བསྒོམ་པ་ཡོངས་སུ་རྫོགས ་པར་འགྱུར་ཏེ། གུང་དེ་སྐད་ཅེས་བྱ་བ་ནས། བསྒོམ་པ་སྟོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་འཕེལ་བ་དང་འགྲིབ་པ་མེད་པའི་སྦྱོར་བ་གསུངས་སོ།། ཆོས་དང་ཆོས་མིན་སོགས་མི་མཐོང་།། ཞེས ་བྱ་བ་ལ། གལ་ཏེ་གཟུགས་ནས། ཐམས་ཅད་ཤེས་པའི་བར་དུ་ཆོས་ཞེས་བྱ་བ་འམ། ཆོས་མོ་ཡིན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་པོ་དེའི་ཚེ་དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར ་འགྱུར་ཏེ། གང་རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས། སྲོག་མེད་པའི་ཕྱིར་རོ་ཞེས་བྱ་བའི་བར་གྱིས་ཆོས་དང་ཆོས་མ་ཡིན་པ་ལ་སོགས་པ་མི་དམིགས་པའི་སྦྱོར་བ་གསུངས་སོ།། གཟུགས་སོགས་བསམ་མི ་ཁྱབ་མི་མཐོང་ཞེས་བྱ་བ་ལ། གཟུགས་བསམ་གྱིས་མི་ཁྱབ་པ་ནས། ཐམས་ཅད་ཤེས་པ་བསམ་གྱིས་མི་ཁྱབ་པའི་བར་དེ་མི་མཐོང་བ་ནི་འདུ་ཤེས་པ་མེད་པའི་སྦྱོར་བ་སྟེ། གང་གསོལ་པ་ཞེས་བྱ་བ་ནས། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་གཟུགས་ལ་སྩོགས་པ་བསམ་གྱིས་མི་ཁྱབ་པ་མི་མཐོང་བའི་སྦྱོར་བ་གསུངས་སོ།། གཟུགས་སོགས་དེ་ཡི་མཚན་མ་དང་། ་དེ་ཡི་ངོ་བོར་རྣམ་མི་རྟོག། ཅེས་བྱ་བ་ལ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་གཟུགས་སུ་རྟོག་པར་མི་བྱེད། མཚན་མ་མེད་པའི་ཏིང་ངེ་འཛིན་དང་། བདག་གི་དངོས་པོ་མ་བྱུང་བ་ལ་སྨོན་པ་མེད་པའི་ཏིང་འཛིན་གྱིས་གཟུར ་མ་རྟོག་པ་མི་བྱེད་རྣམ་པར་རྟོག་པ་མི་བྱེད་པ་ནས། ཐམས་ཅད་ཤེས་པའི་བར་དུ་སྟེ། གང་གསོལ་པ་ཞེས་བྱ་བ་ནས་ཟབ་མོ་ཞེས་བྱ་བའི་བར་གྱི་ས་རྣམ་པར་བློ་རྟོག་པའི་སྦྱོར་བ་གསྨྲས་སོ།། འབྲས་བུ་རན། ་ཆེན་སྦྱིན་བྱེད་དང་ཞེས་བྱ་བོ་ལི། རྒྱུན་ཏུ། ཞུགས་པ་ནས། ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་གྱི་ཆོས་ཀྱི་འཁོར་མོ་བསྐོར་བ་ནི་འབྲས་བུ་རིན་པོ་ཆེ་སྟེ། བཅོམ་ལྡན་འདས་མ་དོ་སྦྱིན་པར་མཛད་པའོ།། ་གང་གིསོལ་པ་ཞེས་བྱ་བློ་ནས། ཆོས་ཀྱི་འཁོར་ལོ་བསྐོར་བའི་ཞེས་བྱ་བའི་བར་གྱིས་འབྲས་བུ་རིན་པོ་ཆེ་སྦྱིན་པའི་སྦྱོར་བ་གསུངས་སོ།། དག་པ་ཞེས་བྱ་བ་ནི་གཟུགས་རྣམ་པར་དྲུག་པོ་ནས། ཐམས་ཅད་ཤེས ་པ་རྣམ་པར་དག་པའི་ཕྱིར་བཅོམ་ལྡན་འདས་མ་ནརྀ་ངག་པའི་བྱུང་པོ་སྟེ། གླང་གསྩོལ་པ་བཅོམ་ལྡན་འདས་ཞེས་བྱ་བ་ནས། དག་པའི་ཕུང་པོའོ་ཞེས་བྱ་བའི་བར་གྱིས་རྣམ་པར་དག་པའི་སྦྱོར་བ་གསུངས་སོ།། མཚ ་དང་བྱེ་ཅས་ཞེས་བྱ་བ་ལ། བཅོམ་ལྡན་འདས་མ་ནི། རིན་པོ་ཆེ་ཆེན་བྱ་ཉིད་ཀྱི་བྷིར་བར་ཆད་མདྨ་སྟེ། བར་དུ་གཅོད་པ་དེ་དག་ཀྱང་བརྩོན་འགྲུས་བསྟན་པ་དེ་དག་ལ་སྒྲུབ་པའི་གོང་དུ་ཡང་འབྱུང་བར་མི་འགྱུར་རོ།། གང ་གསོལ་པ་བཅོམ་ལྡན་འདས་ཞེས་བྱ་བ་ནས། བར་ཆད་བྱ་བར་མེ་རུས་སོ་ཞེས་བྱ་བའི་བར་གྱིས་ནི་མཚམས་དང་བཅས་པའི་སྦྱོར་བ་གསུངས་སོ།། དེ་ལྟར་སྦྱོར་བ་ཉི་ཤུ་རྩ་གསུམ་བསྟན་ནས། ཡོན་ཏན་བརྗོད ་བྱ་བ་དེའི་དབང་དུ་མཛད་དེ། བདུད་ཀྱི་མཐུ་བཅོམ་ལ་སོགས་པ།། ཡོན་ཏན་རྣམ་པ་བཅུ་བཞིའོ་ཞེས་བྱ་བ་གསུངས་ཏེ། བདུད་ཀྱི་ནུས་པ་རྣམ་པར་བཅོམ་པ་ལ་སོགས་པ་ཡོན་ཏན་བཅུ་བཞི་པོ་དག་ནི་སྦྱོར་བའི་ཕན་ཡོན ་ཏེ། དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ཞེས་བྱ་བ་ནས། ཆོས་ཉིད་ཀྱིས་དེ་བཞིན་ཏེ་ཞེས་བྱ་བའི་བར་ནི་བདུད་ཀྱི་མཐུ་བཅོམ་པའི་ཡོན་ཏན་ནོ།། ཤཱ་ར་དྭ་ཏིའི་བུ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་བཟུང་བ་ཡིན་པར་རིག ་བར་བྱའོ་ཞེས་བྱ་བའི་བར་ནི་སངས་རྒྱས་ཀྱི་དགོངས་པའི་ཡོན་ཏན་ནོ།། གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། སངས་རྒྱས་ཀྱིས་གཟིགས་སོ།། ཐུགས་སུ་ཆུད་དོ་ཞེས་བྱ་བའི་བར་ནི་སངས་རྒྱས་ཀྱི་ཡེ་ཤེས ་ཀྱིས་གཟིགས་པའི་ཡོན་ཏན་ནོ།། ཤཱ་ར་དྭ་ཏིའི་བུ་དེ་ལ་ཞེས་བྱ་བ་ནས། ཉེ་བར་གྱུར་ཏོ་ཞེས་བྱ་བའི་བར་ནི་བྱང་ཆུབ་དང་ཉེ་བར་གྱུར་པའི་ཡོན་ཏན་ནོ།། ཤཱ་ར་དྭ་ཏིའི་བུ་གང་ཡང་ཞེས་བྱ་བ་ནས། ནམ་ཡང་འབྲལ་བུར ་མི་འགྱུར་རོ་ཞེས་བྱ་བའི་བར་ནི་དོན་ཆེན་པོ་ཉིད་ལ་སོགས་པའི་ཡོན་ཏན་ནོ།། ཤཱ་ར་དྭ་ཏིའི་བུ་ཞེས་བྱ་བ་ནས། མང་དུ་འབྱུང་ཏེ་ཞེས་བྱ་བའི་བར་ནི་ཡུལ་ལ་དཔྱད་པའི་ཡོན་ཏན་ནོ།། ཤཱ་ར་དྭ་ཏིའི་བུ་ཞེས་བྱ་བ་ནས། སྐྱེ་བོ ་མང་པོའི་དོན་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་ནི་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པའི་ཡོན་ཏན་ནོ།། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནས། དོན་རྣམ་པ་དེ་ལྟ་བུ་ཉིད་བརྗོད་པར་འགྱུར་རོ་ཞེས་བྱ་བའི་བར་ནི་སྨྲ་བ། ་སྐྱེས་བུའི་ཡོན་ཏཱནྟྲ་ནཽ།། ཤཱ་ར་དྭ་ཏཱིའི་བུ་ཞེས་བྱ་བ་ནས། ལྷ་ཅི་སྨོས་ཞེས་བྱ་བའི་བར་ནི་མྱི་ཕྱེད་པ་ཉིད་ཀྱི་ཡོན་ཏན་ནོ།། ཤཱུ་རཱ་དྭ་ཏཱིའི་བུ་ཞེས་བྱ་བ་ནས། དགེ་བའི་ཆོས་ལ་འགོད་པར་འགྱུར་རོ་ཞེས་བྱ་བའི ་བར་ནི་སྐྱེ་བོ་མང་པོའི་དགེ་བོའི་རྩ་བ་སྐྱེ་བའི་ཡོན་ཏན་ནོ།། རིགས་ཀྱི་བུ་དང་ཞེས་བྱ་བྷ་ན་ས~ཾ། ལུང་སྟོན་པར་འགྱུར་རོ་ཞེས་བྱ་བའི་བར་ནི་དམ་བཅས་པའི་དོན་ཇི་ལྟ་བ་བཞིན་དུ་སྒྲུབ་པའི་ཡོན་ཏན་ནོ།། ཤཱ་ར་དྭ་ཏིའི་བུ་ཞེས་བྱ་བ་ནས། ་ཡོངས་སུ་འཛིན་པར་འགྱུར་རོ་ཞེས་བྱ་བའི་བྱར་ནི་འབྲས་བུ་རྒྱ་ཆེན་པོ་ཡོངས་སུ་འཛིན་པའི་ཡོན་ཏན་ནོ།། དེ་ལྟར་ཕྱི་དང་ནང་གི་དངོས་པོ་ཞེས་བྱ་བ་ནས། ཉན་ཐོས་རྣམས་ཀྱི་ཡོངས་སུ་མཁྱེན་པར་འགྱུར་རོ་ཞེས་བྱ་བའི་བར ་ནི་སེམས་ཅན་གྱི་དོན་ཡོངས་སུ་སྒྲུབ་པའི་ཡོན་ཏན་ནོ།། བཅོམ་ལྡན་འདས་གང་ཡང་ཞེས་བྱ་བ་ནས་བརྩོན་འགྲུས་ཉམས་པར་མི་བྱེད་དོ་ཞེས་བྱ་བའི་བར་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ངེས་པར་ཐོབ་པའི་ཡོན་ཏན་ནོ།། དེ་ལྟར་ཡོན ་ཏན་བསྟན་ནས། སྐྱོན་བརྗོད་པར་བྱ་བ་དེའི་དབང་དུ་མཛད་དེ། སྐྱོན་ནི་བཅུ་ཚུན་བཞིར་བཅས་དེ།། དྲུག་དུ་ངེས་པར་རྟོགས་པར་བྱ།། ཞེས་གསུངས་པ་ལ། རྒྱནན་བྱུང་བའི་བར་ཆད་དེ་དེ་ཡང་བཞི་བཅུ་རྩ་དྲུག་ཅེས་བྱ་བའི་དོན་ཏོ།། དེ་ནས་ཚེ ་དང་ལྡན་པ་ཞེས་བྱ་བ་ནས། རིག་པར་བྱའོ་ཞེས་བྱ་བའི་བར་ནི་ཡུན་རིང་པོ་ནས་ཚིགས་ཆེན་པོས་འཐོབ་པའོ།། རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས། རིག་པར་བྱའོ་ཞེས་བྱ་བའི་བར་ནི་སྤོབས་པ་ཧ་ཅང་མྱུར་བར་སྐྱེ་བའོ།། ་རབ་འབྱོར་གཞན་ལྟུང་ཞེས་བྱ་བའི་ཚིགས་གསུམ་གྱིས་ནི་རྣམ་པར་གཡེང་བ་དང་། རྒོད་པ་དང་། རྣམ་པར་འཚེ་བ་དག་སྟེ་ལུས་ཀྱི་གནས་ངན་ལེན་ཏོ།། རྣམ་པར་ཤེས་པ་མ་ཆགས་པ་ཉིད་ནི་སེམས་རྗེས་སུ་བསྲུང་བ་ཙམ་ཡིན ་གྱི། དད་པས་ནི་མ་ཡིན་ཏེ། རབ་འབྱོར་གཞན་ཡང་ཞེས་བྱ་བའི་ཚིག་བཞིས་སེམས་རྣམ་པར་གཡེང་བ་བསྟན་ཏོ།། མཚན་མ་ལ་ཆགས་པ་ཉིད་ནི་མིང་དང་གོས་ལ་སོགས་པ་ལ་དཔྱོད་པ་སྟེ། ཚིག་གཞན་ལྔ་པོ་དག་གིས་ནི ་རིགས་པ་མ་ཡིན་པས་བསྐྱེད་པའི་ཁ་ཏོན་བྱེད་པ་ལ་སོགས་པ་ཉིད་དོ།། དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ནས། བརྩོན་པར་བྱ་དགོས་སོ་ཞེས་བྱ་བའི་བར་ནི་ཕྱིར་ཕྱོགས་པའི་རྒྱུ་མཚན་འཛིན་པ་ཉིད་དོ།། དེ་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནས་ཆོས་རྣམས་ལ་སློབ་པ་ཡིན་ནོ་ཞེས་བྱ་བའི་བར་ནི་རྒྱུ་ཉམས་པའོ།། རབ་འབྱོར་འདི་ལྟ་སྟེ་ཞེས་བྱ་བ་ནས། རིག་པར་བྱའོ་ཞེས་བྱ་བའི་བར་ནི་གྱ་ནོམ་པའི་རོ་མྱང་བ་ཉམས་པའོ།། གླང་པོ་ཆེའི ་རྗེས་ཚོལ་བའི་ཚིག་གིས་ནི་ཐེག་པ་མཆོག་ལུས་ཉམས་པའོ།། རྒྱ་མཚོ་དང་པ་གླང་གི་རྗེས་ཀྱི་ཚིག་གིས་ནི་ཆེད་དུ་བྱ་བ་ཉམས་པའོ།། རྣམ་པར་རྒྱལ་བ་དོང་ཉི་མའི་གཞལ་ཡས་ཁང་གི་ཚིག་གིས་ནི་ཐབས་ལ་རྨོངས་པའོ།། ་འཁོར་ལོས་སྒྱུར་བ་དང་། མཁར་གྱི་རྒྱལ་པོའི་ཚིག་གིས་ནི་གོ་འཕང་མཆོག་དང་དམན་པ་ལ་རྨོངས་པའོ།། སྤྲོས་པ་སྣ་ཚོགས་ཀྱི་ཚིག་ནི་བཅོམ་ལྡན་འདས་མ་དངོས་པོ་སྣ་ཚོགས་སུ་རྣམ་པར་རྟོག་པའོ།། ངོ་བོ་ཉིད་སྣ་ཚོགས། ་དྲུགྲག་བླའི་ཚིག་གིས་ནི་བཅོམ་ལྡན་འདས་མ་ཡི་གེ་འདྲི་བ་ལ་མངོན་པར་ཞེན་པའོ།། རབ་འབྱོར་གལ་ཏེ་ཞེས་བྱ་བ་ལ་སོགས་པས་ནི་དངོས་པོ་མེད་པ་ལ་མངོན་པར་ཞེན་པའོ།། ཚེ་དང་ལྡན་པ་རབ་འབྱོར་གྱིས ་ཞེས་བྱ་བ་ལ་སོགས་པ་ནི་དེ་ལ་ཡི་གེར་མངོན་པར་ཞེན་པའོ།། གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ནི་དེ་ལ་ཡི་གེ་མེད་པ་མངོན་པར་ཞེན་པའོ།། ལྗོངས་ལ་སོགས་པའི་རྣམ་པར་རྟོག་པ་ལ་སོགས་པོས་ནི་ཡིད ་ལ་བྱེད་པ་རྣམ་པར་གཡེང་བའོ།། རྙེད་པ་དང་བཀུར་སྟི་ལ་སོགས་པའི་ཚིག་གིས་ནི་རྙེད་པ་དང་བཀུར་སྟི་ལ་སོགས་པའི་རོ་མྱང་བའོ།། བདུད་ཀྱིས་ཉེ་བར་བསྟན་པའི་མདོ་སྡེ་ཟབ་མོ་གཞན་གྱི་ཚིག་གིས་ཉན་ཐོས་ལ་སོགས་པའི་མདོ་སྡེ ་གཞན་དག་ལས་ཐབས་ལ་མཁས་པ་ཚོལ་བའོ།། ཆོས་སྨྲ་བ་དང་ཆོས་ཉན་པ་དག་གི་སྟེལ་གཞིར་གྱུར་པ་གང་ཡིན་པ་དེ་མི་མཐུན་པར་རིག་པར་བྱ་སྟེ། རབ་འབྱོར་གཞན་ཡང་ཞེས་བྱ་བའི་ཚིག་གཉིས་ཀྱིས་ནི་འདུན་པ་དང་སྙོམས་ལས ་ཀྱི་མི་མཐུན་པའོ།། དེའི་འོག་མས་ནི་སྙོམས་ལས་ཀྱིས་ཡུལ་གཞན་དུ་འགྲོ་བར་མི་མཐུན་པའོ།། དེའི་འོག་མུས་ནི་འདོད་ཆེན་ཆུང་བ་ཉིད་ཀྱིས་ཉམས་བྱའོ།། དེའི་འོག་མས་ནི་སྦྱངས་པའི་ཡོན་ཏན་དང་ལྡན་པ་དང་མི་ལྡན་པ་ཡིས་ཉམས ་པའོ།། དེའི་འོག་མས་ནི་དགེ་བ་དང་མི་དགེ་བ་མ་ཡིན་པ་འདོད་པ་ལས་ཉམས་པའོ།། དེའི་འོག་མས་ནི་གཏོང་བ་དང་སེར་སྣ་བྱེད་པ་ལས་ཉམས་པའོ།། དེའི་འོག་མས་ནི་སྦྱིན་པ་དང་ལེན་པ་ལ་སོགས་པ་ལས་ཉམས་པའོ།། དེའི་འོག ་མས་ནི་འགོ་སྨོས་པ་སྤུ་གོ་བ་དང་རྣམ་པར་སྤྲོས་པས་གོ་བྲ་ལས་ཉམས་པའོ།། དེའི་འོག་མས་ནི་མདོ་ལ་སོགས་པ་མངོན་པར་ཤེས་པ་དང་། མངོན་པར་མི་ཤེས་པ་ཉིད་ལས་ཉམས་པའོ།། དེའི་འོག་མས་ནི་ཕ་རོལ་ཏུ་ཕྱིན་པ ་དྲུག་དང་ལྡན་པ་དང་མི་ལྡན་པ་ལས་ཉམས་པའོ།། དེའི་འོག་མས་ནི་ཐབས་ལ་མཁས་པ་དང་མི་མཁས་པ་ལས་ཉམས་པའོ།། དེ་ནས་གཟུངས་ཐོབ་པ་དང་མ་ཐོབ་པ་ལས་ཉམས་པའོ།། དེ་ནས་འདོད་པ་དང་མི་འདོད་པ ་ལས་ཉམས་པའོ།། དེ་ནས་སྒྲིབ་པ་དང་བཅས་པ་དང་སྒྲིབ་པ་མེད་པ་ལས་ཉམས་པའོ།། དེ་ནས་རབ་འབྱོར་གཞན་ཡང་ཞེས་བྱ་བའི་ཚིག་གཅིག་གིས་ནི་ངན་སོང་དུ་འགྲོ་བ་རྒྱབ་ཀྱི་ཕྱོགས་པའོ།། དེ་ནས་འཁོར་བ་ལ་རྒྱབ ་ཀྱིས་ཕྱོགས་པའོ།། དེ་ནས་རབ་འབྱོར་གཞན་ཡང་ཞེས་བྱ་བའི་ཚིག་གཉིས་ཀྱིས་ནི་གཅིག་པུ་དང་འཁོར་དང་བཅས་སྤྱོད་པ་ཉིད་ལས་ཉམས་པའོ།། དེ་ནས་གོ་སྐབས་འབྱེད་པར་འདོད་པ་དང་མི་འདོད་པ་ཉིད་ལ་ཉམས ་པའོ།། དེ་ནས་ཟང་ཟིང་ཅུང་ཟད་ཙོམ་དོན་དུ་གཉེར་བ་དང་། དེ་སྦྱིན་པར་མི་འདོད་པ་ཉིད་ལས་ཉམས་པའོ།། དེ་ནས་འཚ་བའི་ཕྱོགས་སུ་འགྲོ་བ་དང་འགྲོ་བར་མི་འདོད་པ་ལ་སྔ་ཉམས་པའོ།། དེ་ནས་མུ་གེའི་ཕྱོགས་སུ ་འགྲོ་བ་དང་མི་འགྲོ་བ་ལས་ཉམས་པའོ།། དེ་ནས་འཇིགས་པ་དང་བཅས་པའི་ཕྱོགས་སུ་འགྲོ་དང་མི་འགྲོ་བ་ལས་ཉམས་པོའོ།། དེ་ནས་རབ་འབྱོར་གཞན་ཡང་ཞེས་བྱ་བའི་ཚིག་གཅིག་གིས་ནི་ཁྱིམ་ལ་ལྟ་བའི་ཕྱིར ་ཟློག་པའོ།། དེ་ནས་རབ་འབྱོར་གཞན་ཡང་ཞེས་བྱ་བའི་ཚིག་གསུམ་གྱིས་ནི་བདུད་བདག་ཉིད་བར་ཆུད་བྱེད་པའོ།། དེ་ནས་ཚིག་གཉིས་ཀྱིས་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་བཅོས་མ་ཉེ་བར ་བསྒྲུབ་པའོ།། དེ་ནས་ཚིག་གསུམ་གྱིས་ནི་སངས་རྒྱས་ཀྱི་ཆ་ལུགས་ཅན་གྱི་བདུད་དང་དེའི་འཁོར་གཉི་གར་སྤྲུལ་པས་དགའ་བར་བྱེད་པ་བདུད་ཀྱི་ལས་སྐྱེས་ཤིང་འབྱུང་བ་ཟིལ་གྱིས་མོནན་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པ་ལ་མང་དུ་སྦྱོར་བའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆོས་མྱང་དུ་བརྩོན་པོ་གང་ཡིན་པ་དེ་དག་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་དགོངས་ཤིང་དགེ་བའི་ཆོས་རྣམས་མང་དུ་འཕེལ་བར་འགྱུར་རོ་ཞེས་རབ ་ཏུ་བསྟན་པར་བྱ་བའི་ཕྱིར། རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པ་ནས། ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཉམས་པར་མི་འགྱུར་རོ་ཞེས་བྱ་བའི་བར་གྱིས་གསུངས་སོ།། ་དྲི་ནི་སྦྱིན་བསྟན་པའོ།། མཚན་ཉིད་བརྗོད་པར་བྱ་བ་དེའི་དབང་དུ་མཛད་ནས། གང་གིས་མཚོན་དེ་མཚན་ཉིད་དུ།། ཤེས་བྱ་དེ་ཡང་ཤེས་པ་དང་།། ཁྱད་པར་བྱེད་དང་རྣམ་གསུམ་སྟེ།། མཚོན་བྱ་ངོ་བོ་ཉིད་གང་ཡང་།། ཞེས་གསུངས ་ཏེ། འདིས་མཚོན་པར་བྱེད་པས་ན་ཞེས་བྱ་བ་བྱེད་པར་སྒྲུབ་པའི་མཚན་ཉིད་གང་ཡིན་པ་དེ་ནི་རྣམ་པ་གསུམ་སྟེ། ཤེས་པ་དང་། ཁྱད་པར་དང་། བྱེད་པ་ཞེས་བྱའོ།། མཚོན་པར་བྱ་བ་གང་ཡིན་པ་དེ་ཡང་མཚན་ཉིད་དེ་ལས་སུ ་སྒྲུབ་པའོ།། དེ་ཡང་ངོ་བོ་ཉིད་ཅེ་སྟེ་བྱ་བ་སྟེ། མཚན་ཉིད་རྣམ་པ་བཞིའོ།། དེ་ལ་ཐམས་ཅད་ཤེས་པའི་དབང་དུ་མཛད་ནས་ཤེས་པ་རྣམ་པ་བཅུ་བཞི་སྟེ། དེ་བཞིན་གཤེགས་པ་འབྱུང་བ་དང་།། འཇིག་རྟེན་འཇིག་མེད་བདག ་ཉིད་དང་།། སེམས་ཅན་སེམས་ཀྱི་སྤྱོད་པ་དང་།། དེ་བསྡུས་པ་དང་ཕྱིར་བལྟས་དང་།། མི་ཟད་པའི་རྣམ་པ་དང་།། ཆགས་བཅས་སོགས་དང་རྒྱ་ཆེན་དང་།། ཆེན་པོར་གྱུར་དང་ཚད་མེད་དང་།། རྣམ་ཤེས་བསྟན་དུ་མེད་པ་དང་།། ་སེམས་བལྟར་མེད་དང་ཤེས་པ་དང་།། གཡོ་བ་ལ་སོགས་ཞེས་བྱ་དང་།། དེ་ལས་གཞན་ཡང་དེ་དག་ནི།། དེ་བཞིན་ཉིད་ཀྱི་རྣམ་པ་ཤེས།། ཐུབ་པས་དེ་བཞིན་ཉིད་རྟོགས་ནས།། གཞན་བསྟན་པ་ཞེས་བྱ་བ་འདི།། ཐམས་ཅད ་ཤེས་པ་ཉིད་སྐབས་ཀྱིས།། ཤེས་པའི་མཚན་ཉིད་བསྡུས་པ་ཡིན།། ཞེས་བྱ་བ་གསུངས་ཏེ། རྣམ་པར་ཤེས་པ་ཞེས་བྱ་བའི་ཚིག་དེ་དག་ནི་བདུན་པའི་མཐའ་ཅན་དུ་སྦྱར་བར་བྱའོ།། དེ་བཞིན་གཤེགས་པ་འབྱུང་བ་དང་། ་ཞེས་བྱ་བ་ནི་བཅོམ་ལྡན་འདས་མའི་ཐད་ལས་དེ་བཞིན་གཤེགས་པ་འབྱུང་བའི་ཤེས་པ་སྟེ། གང་རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ནས། དེ་བཞིན་གཤེགས་པ་བསྐྱེད་དོ་ཞེས་བྱ་བའི་བར་གྱིས་དེ་བཞིན་གཤེགས ་པ་འབྱུང་བའི་ཤེས་པ་གསུངས་སོ།། འཇིག་རྟེན་འཇིག་པ་མེད་པའི་ཤེས་པ་ནི་གང་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པོ་འཇིག་རྟེན་སྟོན་པ་གསུངས་སོ་ཞེས་བྱ་བའི ་བར་གྱིས་འཇིག་རྟེན་ཤེས་པ་གསུངས་སོ།། སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་ཤེས་པ་ནི་གང་རབ་འབྱོར་སེམས་ཅན་ཚད་མེད་ཅེས་བྱ་བ་ནས། སྤྱོད་པ་འམ་དམིགས་པ་ག་ལ་འགྱུར་ཞེས་བྱ་བའི ་བར་གྱིས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཤེས་པའོ།། སེམས་བསྡུས་པ་དང་རྣམ་པར་གཡེངས་པ་ཤེས་པ་ནི་གང་རབ་འབྱོར་གཞན་ཡང་ཞེས་བྱ་བ་ནི། ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་ཏེ་ཞེས་བྱ་བའི་བར ་གྱིས་ནི་སེམས་བསྡུས་པ་དང་རྣམ་པར་གཡེངས་པའི་ཤེས་པ་གསུངས་སོ།། མི་ཟད་པ་ཡི་རྣམ་པ་དང་ཞེས་བྱ་བ་དེ་ཉིད་ནི་གང་རབ་འབྱོར་ཞེས་བྱ་བ་ནས། ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་ཏོ་ཞེས་བྱ་བའི་བར་གྱིས་སེམས ་མི་ཟད་པའི་རྣམ་པར་ཤེས་པ་གསུངས་སོ།། ཆགས་བཅས་སོགས་ཞེས་བྱ་བ་ནི་ཆགས་པ་དང་བཅས་པ་དང་ཆགས་པ་དང་བྲལ་བ་སྟེ། གང་རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས། གཏི་མུག་དང་བྲལ་བའི་སེམས་ཡང ་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་བྱ་བའི་བར་གྱིས་ཆགས་པ་དང་བཅས་པ་དང་ཆགས་པ་དང་བྲལ་བའི་སེམས་ཤིས་པ་གསུངས་སོ།། རྒྱོ་ཆེན་དང་ཞེས་བྱ་བ་ནི་སྤངས་པ་སྟེ། གང་རབ་འབྱོར་གཞན་ཡང་ཞེས་བྱ ་བ་ནས། སེམས་རྒྱ་ཆེ་ཞེས་བྱ་བའི་བར་གྱིས་སེམས་རྒྱ་ཆེན་པོའི་ཤེས་པ་གསུངས་སོ།། ཆེན་པོར་གྱུར་དང་ཞེས་བྱ་བ་ནི་གང་རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས། སེམས་ཡངས་ཞེས་བྱ་བའི་བར་ཡང་དག་པ་ཇི་ལྟ་བ ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་བྱ་བའི་བར་གྱིས་སེམས་ཆེན་པོར་གྱུར་པ་ཤེས་པ་གསུངས་སོ།། ཚད་མེད་དང་ཞེས་བྱ་བ་ནི་གང་རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས། སེམས་ཅན་ཚད་མེད་ཅེས་བྱ་བར་ཡང་དག་པ་ཇི་ལྟ་བ ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་བྱ་བའི་བར་གྱིས་སེམས་ཚད་མེད་པ་ཞེས་པ་གསུངས་སོ།། རྣམ་ཤེས་བསྟན་དུ་མེད་པ་དང་ཞེས་བྱ་བ་ནི་སེམས་བསྟན་དུ་མེད་པ་སྟེ། གང་རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས། སེམས་བསྟན ་དུ་མེད་ཞེས་བྱ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་བྱ་བའི་བར་གྱིས་སེམས་བསྟན་དུ་མེད་པ་ཤེས་པ་གསུངས་སོ།། སེམས་བལྟར་མེད་ཅེས་བྱ་བ་ནི་གང་རབ་འབྱོར་གཞན་ཡང་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་བྱ་བའི་བར་གྱིས་སེམས་བལྟར་མེད་པ་ཤེས་པ་གསུངས་སོ།། གཡོ་བ་ལ་སོགས་ཞེས་བྱ་བ་ནི་སེམས་དེ་འཕྲོ་བ་དང་བསྡུ་བ་དང་བཀྲམ་པ་དང་བཅུམ་པ་ཤེས་པ་ཤེས་པའོ།། དེ་ལ་འཕྲོ་བ་ནི ་སྒྲུབ་པ་སྟེ་ཡོད་ཅེས་བྱ་བའོ།། བསྡུ་བ་ནི་དགག་པ་སྟེ་མེད་ཅེས་བྱ་བའོ།། བཀྲམ་པ་ནི་གཉི་ག་སྟེ་ཡོད་ཀྱང་ཡོད་མེད་ཀྱང་མེད་ཅེས་བྱ་བའོ།། བཅུམ་པ་ནི་གཉི་ག་དགག་པ་སྟེ། ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ཞེས ་བྱ་བ་སྟེ། དེ་བཞིན་དུ་རྟག་པ་དང་། མི་རྟག་པ་དང་། རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་པ་དང་། རྟག་པ་ཉིད་ཀྱང་མ་ཡིན་མི་རྟག་པ་ཉིད་ཀྱང་མ་ཡིན་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པར་རིག་པར་བྱའོ།། གང་རབ་འབྱོར་གཞན ་ཡང་ཞེས་བྱ་བ་ནས། བདུམ་པ་ཡང་དག་པཱ་ཇི་ལྟ་བ་བཞིན་དུ་མཁྱེན་ཏོ་ཞེས་བྱ་བའི་བར་གྱིས་ནི་སེམས་གཡོ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ།། དེ་ལས་གཞན་ཡང་དེ་དག་ནི།། དེ་བཞིན་ཉིད་ཀྱི་རྣམ་པར ་ཤེས་ཞེས་བྱ་བ་ནི་གང་རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས། དམིགས་སུ་མེད་པ་ཇི་ལྟ་བ་དེ་བཞིན་དུ་མཁྱེན་ཏོ་ཞེས་བྱ་བའི་བར་གྱིས་དེ་བཞིན་ཉིད་ཀྱིས་རྣམ་པར་ཤེས་པ་གསུངས་སོ།། ཐུབ་པ་དེ་བཞིན་ཉིད་རྟོགས་དང་།། གཞན ་བསྟན་པ་ཞེས་བྱ་བ་འདི་ཞེས་བྱ་བ་ལ། ཐུབ་པས་དེ་བཞིན་ཉིད་རྫོགས་པར་བྱང་ཆུབ་པ་གླིང་ཡིན་པ་དང་། དོ་ནས་གང་གཞན་དག་ལ་བསྟན་པ་དེ་དག་ཅེས་བྱ་བ་སྟེ། གང་དེ་ལྟར་ན། རབ་འབྱོར་འགྲོ་བ་དང་ཞེས་བྱ་བ་ནས། ཐམས་ཅད་ཀྱི་དེ ་བཞིན་ཉིད་དོ་ཞེས་བྱ་བའི་བར་གྱིས་གསུངས་སོ།། དེ་ལྟར་ན་འདིར། ཐམས་ཅད་ཤེས་པ་ཉིད་སྐབས་ཀྱིས།། ཤེས་པའི་མཚན་ཉིད་བསྡུས་པ་ཡིན།། ཞེས་བྱ་བ་ནི་མཇུག་བསྡུ་བའོ།། ལམ་ཤེས་ཉིད་ཀྱི་དབང་དུ་མཛད་ནས། སྟོང་ཉིད་མཚན ་མ་མེད་བཅས་དང་།། སྨོན་པ་རྣམ་པར་སྤངས་པ་དང་།། སྐྱེ་མེད་འགག་པ་མེད་སོགས་དང་།། ཆོས་ཉིད་ལ་ནི་འཁྲུག་མེད་དང་།། འདུ་མི་བྱེད་དང་རྣམ་མི་རྟོག། རབ་དབྱེ་མཚན་ཉིད་མེད་ཉིད་ལ།། ལམ་ཤེས་ཉིད་ཀྱི་སྐབས་ཀྱིས་ནི།། ཤེས་པའི ་མཚན་ཉིད་ཡིན་པར་བཞེད།། ཅེས་བྱ་བ་ནས། ཤེས་པ་རྣམ་པ་དགུ་གསུངས་ཏེ། ཤེས་པའི་མཚན་ཉིད་ཅེས་བྱ་བ་ཤེས་པའི་སྒྲ་ནི་བདུན་པའི་མཐའ་ཅན་དག་དང་སྦྱར་བར་བྱ་སྟེ། དེ་དག་ནི་ཤེས་པའི་མཚན་ཉིད་དུ་འགྱུར་བ་ཡིན་ནོ། ་ཞེས་བྱ་བར་བཞེད་དོ།། སྟོང་པ་ཉིད་ཤེས་པ་ནི་གང་དེ་ནས་ཞེས་བྱ་བ་ནས། འདི་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་དོ་ཞེས་བྱ་བའི་བར་གྱིས་སྟོང་པ་ཉིད་ཀྱི་ཤེས་པ་གསུངས་སོ།། མཚན་མ་མེད་བཅས་ཞེས་བྱ་བ་ནི་ལྷའི་བུ་དག་ཅེས་བྱ་བ་ནས། ་མཚན་མ་མེད་པའི་མཚན་ཉིད་དོ་ཞེས་བྱ་བའི་བར་གྱིས་མཚན་མ་མེད་པའི་ཤེས་པ་གསུངས་སོ།། སྨོན་པ་རྣམ་པར་སྤངས་པ་དང་ཞེས་བྱ་བ་ནི་ལྷའི་བུ་ཞེས་བྱ་བ་ནས་སྨོན་པ་མེད་པའི་མཚན་ཉིད་དོ་ཞེས་བྱ་བའི་བར་གྱིས་སྨོན་པ ་མེད་པའི་ཤེས་པ་གསུངས་སོ།། སྐྱེ་མེད་འགག་པ་མེད་སོགས་དང་ཞེས་བྱ་བ་ནི་ལྷའི་བུ་དག་ཅེས་བྱ་བ་ནས། དོན་དམ་པར་ནི་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་སྐྱེ་བ་མེད་པ་འགག་པ་ལ་སོགས་པའི་ཤེས་པ་གསུངས་སོ།། ་ཆོས་ཉིད་ལ་ནི་འཁྲུག་མེད་དང་ཞེས་བྱ་བ་ནི་གང་ལྷའི་བུ་དག་ཅེས་བྱ་བ་ནས། ཤེས་པར་བྱ་བ་མི་སྲིད་དྲོ་ཞེས་བྱ་བའི་བར་གྱིས་ནི་ཆོས་ཉིད་འཁྲུག་པ་མེད་པའི་ཤེས་པ་གསུངས་སོ།། འདུ་མི་བྱེད་དང་ཞེས་བྱ་བ་ནི་གང་ལྷའི་བུ ་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱིས་འདུས་བྱས་པ་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་འདུ་མི་བྱེད་པའི་ཤེས་པ་གསུངས་སོ།། རྣམ་མི་རྟོག་ཅེས་བྱ་བ་ནི་གང་ལྷའི་བུ་དག་ཅེས་བྱ་བ་ནས། ནམ་མཁའི་ཁམས ་ནི་འདུས་མ་བྱས་པའི་ཕྱིར་རོ་ཞེས་བྱ་བའི་བར་གྱིས་ནི་རྣམ་པར་མི་རྟོག་པའི་ཤེ་ས་པ་གསུངས་སོ།། རབ་དབྱེ་མཚན་ཉིད་མེད་ཉིད་ཅེས་བྱ་བ་ནི་རབ་ཏུ་དབྱེ་བ་དང་། མཚན་ཉིད་མེད་པའོ།། དེ་ལ་རབ་དབྱེ་བ་ཞེས་པ་ནི་གང་བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། མཚན་ཉིད་རབ་ཏུ་དབྱེ་བ་ངོ་མཚར་ཆེའོ་ཞེས་བྱ་བའི་བར་གྱིས་ནི། རབ་ཏུ་དབྱེ་བ་ཤེས་པ་གསུངས་སོ།། དེ་སྐད་ཅེས་གསོལ་པ་དང་ཞེས་བྱ་བ་ནས། ཆགས་པ ་མི་མངའ་བའི་ཡེ་ཤེས་ཅེ་ན་ཞེས་བྱ་བའི་བར་གྱིས་ནི་མཚན་ཉིད་མེད་པ་ཉིད་ཤེས་པ་གསུངས་སོ།། ལམ་ཤེས་ཉིད་ཀྱི་སྐབས་ཀྱི་ནི། ཤེས་པའི་མཚན་ཉིད་ཡིན་པར་བཞེད་ཅེས་པ་ནི་མཇུག་བསྡུ་བའོ།། རྣམ་པ་ཐམས་ཅད ་མཁྱེན་པ་ཉིད་ཀྱི་དབང་དུ་མཛད་ནས། དེ་ནི་ཉིད་ཀྱི་ཆོས་བརྟེན་ནས།། གནས་དང་གུས་པར་བྱ་བ་དང་།། བླ་མ་ཉིད་དང་མཉེས་པ་དང་།། དེ་ལ་མཆོད་དང་བྱེད་མེད་དང་།། ཀུན་ཏུ་འཇུག་མཁྱེན་གང་ཡིན་དང་།། མི་མཐོང་སྟོན་པར ་མཛད་པ་དང་།། འཇིག་རྟེན་སྟོང་ཉིད་རྣམ་པ་དང་།། བརྗོད་དང་ཤེས་མཛད་མངོན་སུམ་དང་།། བསམ་མི་ཁྱབ་ཅིང་ཞི་ཉིད་སྟོན།། འཇིག་རྟེན་འདུ་ཤེས་འགོག་པ་ལ།། རྣམ་པ་ཀུན་མཁྱེན་ཚུལ་ལ་ནི།། ཤེས་པའི་མཚན་ཉིད་ཅེས་བཤད ་དོ།། ཞེས་བྱ་བ་ལ། ཤེས་པ་ཞེས་བྱ་བ་ནི་ཐམས་ཅད་དུ་སྦྱར་བར་བྱའོ།། ཉིད་ཀྱི་ཆོས་ལ་བརྟེན་ནས་གནས་པའི་ཤེས་པ་ནི་གང་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས། འདི་ལ་བརྟེན་ཅིང་རྣམ་པར་སྤྱོད་དོ་ཞེས་བྱ་བའི་བར་གྱིས་ཉིད་ཀྱི་ཆོས ་ལ་བརྟེན་ནས་གནས་པའི་ཤེས་པ་གསུངས་སོ།། གུས་པར་བྱ་བ་དང་། བླ་མ་ཉིད་དང་མཉེས་པ་དང་།། དེ་ལ་མཆོད་དང་བྱེད་མེད་དང་།། ཞེས་བྱ་བ་ལ། དེ་ལ་མཆོད་པ་བྱེད་པ་མེད་པ་ཉིད་ནི་ཆོས་དེ་ལ་རིམ་གྲོར་མཛད་པ་དང་། བླ་མར་མཛད་པ ་དང་། མཆོད་པར་མཛད་ཅེས་བྱ་བ་ནས། བྱས་པ་དགོངས་པར་བལྟའོ་ཞེས་བྱ་བའི་བར་གྱིས་ནི་གུས་པ་ལ་སོགས་པ་ཤེས་པ་གསུངས་སོ།། བྱེད་པ་བྱེད་པའི་ཤེས་པ་ནི་གང་རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས། བྱས་པ་དགོས་པའོ།། ། ་ཞེས་བྱ་བའི་བར་གྱིས་བྱེད་པ་མེད་པ་ཉིད་ཤེས་པ་གསུངས་སོ།། ཀུན་ཏུ་འཇུག་མཁྱེན་ཞེས་བྱ་བ་ནི་གང་རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས། འཇིག་རྟེན་འདི་སྟོན་པ་ཞེས་བྱ་བའི་བར་གྱིས་ཐམས་ཅད་དུ་འགྲོ་བ་ཤེས་པ་གསུངས ་སོ།། མ་མཐོང་སྟོན་པར་མཛད་པ་དང་།། ཞེས་བྱ་བ་ནི་གང་རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ནས། སྐྱེད་ཅིང་འཇིག་རྟེན་སྟོན་ཏོ་ཞེས་བྱ་བའི་བར་གྱིས་མ་མཐོང་བའི་དོན་སྟོན་པའི་ཤེས་པ་གསུངས་སོ།། འཇིག་རྟེན་སྟོང་ཉིད ་རྣམ་པ་དང་།། བརྗོད་དང་ཤེས་མཛད་མངོན་སུམ་དང་།། ཞེས་བྱ་བ་ནི་ཤེས་པ་གསུམ་མོ།། དབང་པོ་ལ་བརྟེན་པ་ཉིད་ཀྱི་ཕྱིར་མངོན་སུམ་སྟེ། མཐོང་བར་བྱེད་ཅེས་པའི་དོན་ཏོ།། གཞུང་ཁ་ཅིག་ལས་ནི་མཐོང་བར་བྱེད་པ་ཞེས་འབྱུང་ངོ་།། ། ་སྟོང་པ་ཉིད་ཀྱི་རྣམ་པས་བརྗོད་པར་མཛད་པ་དང་། ཤེས་པར་མཛད་པ་དང་། སྟོན་པར་མཛད་ཅེས་བྱ་བའི་དོན་ཏོ།། དེ་ལ་བརྗོད་པ་ནི་རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས། འཇིག་རྟེན་སྟོན་པ་ཞེས་བྱ་བའི་བར་གྱིས་ནི་སྟོང་པ་ཉིད ་དུ་བརྗོད་པའི་ཤེས་པ་གསུངས་སོ།། ཤེས་པའི་མཛད་པ་ནི་རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས་འཇིག་རྟེན་སྟོན་པའོ་ཞེས་བྱ་བའི་བར་གྱིས་སྟོང་པ་ཉིད་ཤེས་པར་མཛད་པའི་ཤེས་པ་གསུངས་སོ།། སྟོན་པར་མཛད་པ་ནི་རབ ་འབྱོར་གཞན་ཡངངྒ་ཞེས་བྱ་བ་ནས། འཇིག་རྟེན་སྟོན་པ་ཞེས་བྱ་བའི་བར་གྱིས་ནི་སྟོང་པ་ཉིད་དུ་སྟོན་པའི་ཤེས་པ་གསུངས་སོ།། བསམ་མི་ཁྱབ་ཅིང་ཞི་ཉིད་སྟོན་ཞེས་བྱ་བ་ལ། བསམ་གྱིས་མི ་ཁྱབ་པ་ཡང་འདི་ཡིན་ལ་ཞི་བ་ཡོང་འདི་ཡིན་ཞིང་དེའི་དངོས་པོ་ཡིན་པའི་ཕྱིར་བསམ་གྱིས་མི་ཁྱབ་ཅིང་ཞི་ཉིད་།། དེ་སྟོན་པར་མཛད་པས་ན་དེ་སྟོན་པ་སྟེ། གང་རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས། འཇིག་རྟེན་ཞི་ཞེས་བྱ་བར ་སྟོན་ཏོ་ཞེས་བྱ་བའི་བར་གྱིས་ནི་བསམ་གྱིས་མི་ཁྱབ་ཅིང་ཞི་བ་ཉིད་ཤེས་པ་གསུངས་སོ།། འཇིག་རྟེན་དུ་ཤེས་འགོག་པ་ལ་ཞེས་བྱ་བ་ནི་རབ་འབྱོར་གང་གཞན་ཡང་ཞེས་བྱ་བ་ནས། འཇིག་རྟེན་ཕྲ་རོལ་གྱི་འདུ་ཤེས་སུ ་འགྱུར་པའི་ཆོས་དེ་ལྟ་བུ་མེད་དོ་ཞེས་བྱ་བའི་བར་གྱིས་འཇིག་རྟེན་གྱི་འདུ་ཤེས་འགོག་པ་ཤེས་པ་གསུངས་སོ།། རྣམ་པ་ཀུན་མཁྱེན་ཚུལ་ལ་ནི།། ཤེས་པའི་མཚན་ཉིད་ཅེས་བཤད་དོ།། ཞེས་བྱ་བ་ནི་མཇུག་བསྡུ ་བའོ།། དེ་ལྟར་ཤེས་པའི་མཚན་ཉིད་བསྟན་ནས། ཁྱད་པར་གྱི་མཚན་ཉིད་བརྗོད་པར་བྱ་བ་ཡིན་པས་དེའི་དབང་དུ་མཛད་ནས། བས་མ་མི་ཁྱབ་སོགས་ཁྱད་པར་གྱིས།། ཁྱད་ཞུགས་བདེན་པའི་སྤྱོད་ཡུལ་ཅན། ་སྐད་ཅིག་མ་ནི་བཅུ་དྲུག་གིས།། ཁྱད་པར་མཚན་ཉིད་བཤད་པ་ཡིན།། ཞེས་བྱ་བ་སྨོས་ཏེ། མདོ་ལས་བསམ་གྱིས་མི་ཁྱབ་པ་ལ་སོགས་པ་འཆད་པར་འགྱུར་བའི་ཁྱད་པར་གྱིས་ལམ་གཞན་དག་ལས་ཁྱེད་ཞུགས་པ ་བདེན་པ་བཞིའི་སྤྱོད་ཡུལ་ཅན་སྐད་ཅིག་མ་བཅུ་དྲུག་དག་གིས་ཁྱད་པར་གྱི་མཚན་ཉིད་གསུངས་སོ།། བསམ་གྱིས་མི་ཁྱབ་པ་ལ་སོགས་པ་ཡང་གང་ཞེ་ན། བསམ་གྱིས་མི་ཁྱབ་མི་མཉམ་དང་།། གཞལ་དང་བགྲང ་ལས་ཡང་དག་འོངས།། འཕགས་པ་ཀུན་སྡུད་མཁས་པ་ཡིས།། རིག་བྱ་ཐུན་མོང་མིན་ཞེས་ཉིད།། ཤེས་མྱུར་བྲི་དང་གང་མེད་དང་།། སྒྲུབ་དང་ཡང་དག་འགྲུབ་པ་དང་།། དམིགས་པ་རྟེན་དང་བཅས་པ་དང་།། མཐའ ་དྲག་པ་དང་ཡོངས་འཛིན་དང་།། རོ་མྱང་མེད་དང་ཁྱད་པར་ནི།། བཅུ་དྲུག་བདུག་ཉིད་ཤེས་བྱ་སྟེ།། གང་གི་ལུམྲ་ནི་གཞན་དག་ལས།། ཁྱད་དུ་འཕགས་པ་ཁྱད་པར་ལམ།། ཞེས་བྱ་བ་སྟེ། བསམ་པ་ལས་འདས་པའི ་ཕྱིར་བསམ་གྱིས་མི་ཁྱབ་པའོ།། མཉམ་པ་ལས་འདས་པའི་ཕྱིར་མི་མཉམ་པའོ།། གཞལ་བ་ལས་འདས་པའི་ཕྱིར་ཚད་མེད་བྱའོ།། བགྲང་བ་ལས་འདས་པའི་ཕྱིར་གྲངས་མེད་པ་སྟེ། སངས་རྒྱས་ཉིད་དོ།། གཟུགས ་ལ་སོགས་པ་དང་ཐམས་ཅད་ཤེས་པ་ཉིད་ཀྱི་མཐར་ཐུག་པ་ཡང་དེ་བཞིན་ནོ།། ཁྱད་པར་བཞི་པོ་དེ་དག་ཉིད་ཆེན་པོ་ཉིད་དང་མི་མཉམ་པ་དང་མཉམ་པ་ཉིད་དེ། གང་གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས ་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་བསྟན་ཏོ་ཞེས་བྱ་བའི་བར་གྱིས་གསུངས་པ་དེའི་ཕྱིར་གོ་རིམ་བཞིན་དུ་ཁྱད་པར་བཞི་པོ་དེ་དག་གིས་ཁྱད་ཞུགས་པའི་སྡུག་བསྔལ་གྱི་བདེན་པའི་སྐད་ཅིག་མ་བཞི་དག་གོ། ་འཕགས་པ་ཀུན་སྤྲད་ཅེས་བྱ་བ་ནི་འཕགས་པའི་ཆོས་ཐམས་ཅད་སྡུད་པ་ནི་བཅོམ་ལྡན་འདས་མ་སྟེ། དེ་སྐད་དུ་འདི་ནི་གཟུགས་ནས། རྣམ་པ་ཐམས་ཅད་མཁྱེན་པའི་བར་ལ་ཡོངས་སུ་འཛིན ་པ་མེད་པ་དང་མངོན་པར་ཆགས་པ་མེད་པར་ཉེ་བར་གནས་སོ་ཞེས་པ་དང་། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཞེས་བྱ་བ་ནས། ཆགས་པར་མི་བྱ། ཡོངས་སུ་གཟུང་བར་མི་བྱ་ཞེས་བྱ་བའི་བར་གྱིས་གང་གསུངས་ཏེ། ་འཕགས་བྱ་ཐམས་ཅད་སྡུད་པའི་ཁྱད་པར་གྱིས་ནི་ཀུན་འབྱུང་གི་སྐད་ཅིག་མ་དང་པོའོ།། མཁས་པ་ཡིས། རིག་བྱ་ཐུན་མོང་མིན་ཤེས་ཉིད་ཅེས་བྱ་བ་ལ། མཁས་པས་རིག་པར་བྱ་བ་དང་། ཐུན་མོང་མ་ཡིན་པ་ཞེས་པ་ཉིད་དོ།། ། ་དེ་ལ་དང་པོ་ནི་དེ་ནས་འདོད་པ་ན་སྤྱོད་པ་དང་ཞེས་བྱ་བ་ནས། དགེ་བའི་རྩ་བ་བསྐྱེད་པའོ་ཞེས་བྱ་བའི་བར་གྱིས་གང་གསུངས་ཏེ། མཁས་པའི་ཤེས་པས་རིག་པར་བྱ་བའི་ཁྱད་པར་གྱི་སྐད་ཅིག་མ་གཉིས་པའོ།། ཉན་ཐོས་ལ་སོགས ་པ་དག་དང་ཐུན་མོང་མ་ཡིན་པ་ཡོང་དེ་ཡིན་ལ་ཤེས་པ་ཡང་ཡིན་པ་དེའི་དངོས་པོ་ནི་ཐུན་མོངངོ་མ་ཡིན་པ་ཤེས་པ་ཉིད་དེ། བཅོམ་ལྡན་འདས་གལ་ཏཱི་ཞེས་བྱ་བ་ནས། བཟོད་པར་འདུས་སོ་ཞེས་བྱ་བའི་བར་གྱིས་གང་གསུངས་པ ་ནི་ཐུན་མོང་མ་ཡིན་པའི་ཤེས་པའི་ཁྱད་པར་གྱིས་སྐད་ཅིག་མ་གསུམ་པའོ།། ཤེས་མྱུར་བྲི་དང་གང་མེད་དང་ཞེས་བྱ་བ་ལ། ཤེས་མྱུར་ཉིད་ནི་མངོན་པར་ཤེས་པ་མྱུར་བ་ཉིད་དེ། ལྷའི་བུ་དག་ཅེས་བྱ་བ་ནས། རྒྱ་ཆེར ་བསྟན་ཏོ།། ཞེས་བྱ་བའི་བར་གྱིས་གང་གསུངས་པ་སྟེ། མངོན་པར་ཤེས་པ་མྱུར་བའི་ཁྱད་པར་གྱིས་ཀུན་འབྱུང་གི་བདེན་པའི་སྐད་ཅིག་མ་བཞི་པའོ།། བྲི་བ་དང་གང་བ་མེད་པ་ནི་བྲི་དང་གངདྲ་བ་མེད་པ་སྟེ། དེ་ནས་འདོད་པ་ན་སྤྱོད་པའི ་ཞེས་བྱ་བ་ནས། འཕེལ་བ་དང་འགྲིབ་པར་ཡང་མི་ཤེས་སོ་ཞེས་བྱ་བའི་བར་གྱིས་གང་གསུངས་པ་ནི་བྲི་བ་མེད་པ་དང་འཕེལ་བ་མེད་པའི་ཁྱད་པར་གྱིས་འགོག་པའི་བདེན་པའི་སྐད་ཅིག་མ་དང་པོའོ།། སྒྲུབ་དང་ཡང་དག་འགྲུ ་པ་དང་ཞེས་བྱ་བ་ལ་སྒྲུབ་པ་ནི་བཅོམ་ལྡན་འདས་མ་མཉན་པ་དང་བཅས་པའི་མོས་པ་ལ་སོགས་པས་ནན་ཏན་དུ་བྱེད་པ་སྟེ། དེ་ནས་འདོད་པ་ན་སྤྱོད་པ་ཞེས་བྱ་བ་ནས། ཐོས་མ་ཐག་ཏུ་མོས་པར་འགྱུར་ཞེས་བྱ་བའི་བར་གྱིས ་གང་གསུངས་པ་ནི་སྒྲུབ་པའི་ཁྱད་པར་གྱི་སྐད་ཅིག་མ་གཉིས་པའོ།། ཡང་དག་པར་འགྲུབ་པ་ནི་འབྲས་བུ་སྟེ། ཐོས་མ་ཐག་ཏུ་མོས་པ་ལ་སོགས་པ་དེ་དག་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་བའོ།། ཡང་འདི ་ཐོས་ནས་ནེམ་ནུར་དང་རྨོངས་པ་དང་ཞུམ་པ་གང་ཡིན་པ་དེ་དག་ནི་བྱང་ཆུབ་དམན་པའོ།། གང་གསོལ་པ་ཞེས་བྱ་བ་ནས། དེ་ལས་གཅིག་ལ་གནས་པར་འགྱུར་བར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ཡང་དག་པར ་བ་པའི་ཁྱད་པར་གྱིས་སྐད་ཅིག་མ་གསུམ་པའིའོ།། དམིགས་པ་ཞེས་བྱ་བ་ནི་ཇི་ལྟར་རྒྱ་མཚོ་ཆེན་པོར་གྲུ་ཞིག་པའི་ཤིང་དང་ཤིང་ལེབ་ལ་སོགས་པ་ལ་འཇུན་དེ་ནི་བར་མ་དོར་དུས་མ་བྱས་པར་སྐམ་ས་ལ་གནས ་པར་འགྱུར་བ་དེ་བཞིན་དུ་བཅོམ་ལྡན་འདས་མ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་འཇུག་པ་གང་ཡིན་པ་དེ་དག་ནི་བར་མ་དོར ་དམན་པའི་བྱང་ཆུབ་མངོན་སུམ་དུ་མ་བྱས་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། གང་རབ་འབྱོར་འདི་ལྟ་སྟེ་ཞེས་བྱ་བ་ནས། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། ་རོ་ཞེས་བྱ་བའི་བར་གྱིས་གསུངས་པ་ནི་དམིགས་པའི་ཁྱད་པར་གྱིས་འགོག་པའི་སྐད་ཅིག་མ་བཞི་པའོ།། རྟེནྱ་དང་བཅས་པ་ཞེས་བྱ་བ་ནི་རྟེན་དང་ལྷན་ཅིག་པ་ནི་རྟེན་དང་བཅས་པབྱ་སྟེ། མྱུ་རཱ་དག་པ་ལ་བལྟོས་ནས་བཅས ་བའི་སྒྲ་མོ་ནིང་གི་རྟགས་ཉིད་ཡིན་ནོ།། ལམ་གྱི་རྟེན་ནཱི་བྱང་ཆུབ་སེམས་དཔའ་སྟེ། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་ལ་མཁས་པ་ལ་སོགས་པས་ཡོངས་སུ་སྨིན་པའི་རིམ་གྱིས་ཡང་དག་པར་རྫོགས་པའི ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་གྱི་བར་མ་དོར་དམན་པའི་བྱང་ཆུབ་ཏུ་མི་ལྟུང་སྟེ། དཔེར་ན་བུམ་པཱ་ལེགས་པར་ཚོས་པར་ཆུ་བླུགས་ཏེ། ཁྱིམ་དུ་སོང་ན་བར་མི་དོར་འཇིག་ཅིང་ས་ལ་ལྟུང་བར་མི་འགྱུར ་བ་ལྟ་བུའོ།། རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ནས། བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བའི་བར་གྱིས་གསུངས་པ་ནི་རྟེན་གྱི་ཁྱད་པར་གྱིས་ལམ་གྱི་བདེན་པའི་སྐད་ཅིག་མ་དང ་པོའོ།། མཐའ་དག་པ་ཞེས་བྱ་བ་ནི་ཤེས་རབ་དང་ཐབས་ལ་མཁས་པ་ལ་སོགས་པ་ལམ་གྱི་ཁྱད་པར་གྱི་ཚོགས་ཉིད་དེ་གང་གི་ཕྱིར་དེས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་གྱིས།། ་བར་མ་དོར་བྱང་ཆུབ་དམུན་པར་ནི་མ་ཡིན་ཏེ། དཔེར་ན་རྒྱ་མཚོར་འཇུག་པའི་གླུ་ལེགས་པར་བཅོས་ཤིང་ལེགས་པར་སྦྱངས་ནས་མཐུན་པའི་རླུང་དང་ཆུ་ལ་བཏང་ནི་མངོན་པར་འདོད་པའི་གནས་སུ་ཕྱིན་པར་འགྱུར་གྱི ་བྱར་མ་དོར་ཞིག་པར་མི་འགྱུར་རོ།། རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ནས། རང་སངས་རྒྱས་ཀྱི་སར་མི་ལྟུང་ངོ་ཞེས་བྱ་བའི་བར་གྱིས་གང་གསུངས་པ་ནི་མཐའ་དག་གི་ཁྱད་པར་ཏེ། སྐད་ཅིག་མ་གཉིས་པའི་འོ།། ་ཡོངས་སུ་འཛིན་དང་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་ལོ་མཁས་པ་ལ་སོགས་པོས་ཡང་དག་པར་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའ་ནི་ངེས་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་རྟོགས་པར ་འགྱུར་ཏེ། དཔེར་ན་སྐྱེས་བུ་རྒད་བུ་ཞིག་སྐྱེས་བུ་སྟོབས་དང་ལྡན་པ་གཉིས་ཀྱིས་གཡས་གཡོན་ནས་བཟུང་ན་མངོན་པར་འདོད་པའི་གནས་སུ་ཕྱིན་པ་ལྟ་བུའོ།། རབ་འབྱོར་འདི་ལྟ་སྟེ་དཔེར་ནཱ་ཞེས་བྱ་བ་ནས། རྣམ་པ ་ཐམས་ཅད་མཁྱེན་པོ་ཉིད་དུ་འབྱུང་བར་འགྱུར་རོ་ཞེས་བྱ་བའི་བར་གྱིས་གང་གསུངས་པ་ནི་ཡོངས་སུ་བཟུང་བའི་ཁྱད་པར་གྱིས་སྐད་ཅིག་མ་གསུམ་པའོ།། རོ་མྱང་མེད་དང་ཞེས་བྱ་བ་ནི་འདི་ལ་བྱང་ཆུབ་སེམས ་དཔའི་དགེ་བའི་རྩ་བ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེད་ཀྱི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་གཟུགས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་རྙོ་གུ་པཱུར ་མྱིམི་བྱེད་པ་སྟེ། དཔྱོད་པར་མི་བྱེད་ཅེས་བྱ་བའི་དོན་ཏོ།། གཟུགས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་འདོད་པ་མེད་པ་སྟེ། གང་ཚེ་དང་ལྡན་པ་རབ་འབྱོར་ཞེས་བྱ་བ་ནས་རིགས་ཀྱི་བུ་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱི ་སྟོང་ངོ་ཞེས་བྱ་བའི་བར་གྱིས་ནི་རོ་མྱང་བ་མེད་པའི་ཁྱད་པར་གྱིས་ལམ་གྱི་བདེན་པའི་སྐད་ཅིག་མ་བཞི་པའོ།། ཁྱད་པར་ནི་ཞེས་བྱ་བ་ལ་སོགས་པས་ནི་ཁྱད་པར་གྱི་སྒྲའི་དོན་བསྟན་པའི་མཇུག་སྡུད་པའོ།། དེ་ལྟར་ཁྱད་པར་གྱི ་མཚན་ཉིད་བསྟན་ནས། བྱེད་པའི་མཚན་ཉིད་བརྗོད་པར་བྱ་བ་དེ་ལ། ཕན་དང་བདེ་དང་སྐྱོབ་པ་དང་།། མི་རྣམས་ཀྱི་ནི་སྐྱབས་དག་དད།། གནས་དང་དཔུང་གྲོཉེན་གླིང་དང་ནི།། ཡོངས་འདྲེན་པ་ཞེས་བྱ་བ་དང་།། ལྷུན་གྱིས་གྲུབ ་དང་ཐེག་གསུམ་གྱི།། འབྲས་བུ་མངོན་སུམ་བྱེད་པའི་བདག། ཐ་མ་འགྲོ་བའི་མཛད་པོ་སྟེ།། འདི་ནི་བྱེད་པའི་མཚན་ཉིད་ཡིན།། ཞེས་བྱ་བ་གསུངས་ཏེ། མི་རྣམས་ཀྱི་ནི་ཞེས་བྱ་བ་ཐམས་ཅད་ལྔ་སྦྱར་བར་བྱའོ།། ཕན་པ་དང་བདེ་བ ་ལ་སོགས་པའི་སྒྲས་ནི་དེའི་བྱེད་པ་བསྟན་ཏོ།། དེ་ལ་འཇིག་རྟེན་ལ་ཕན་པ་དང་བདེ་བའི་ཕྱིར་ནི་བྱང་ཆུབ་ལ་ཞུགས་པར་འགྱུར་ལ། བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ནི་འཇིག་རྟེན་གྱི་སྐྱོབ་པ་དང་སྐྱབས་པ ་ལ་སོགས་པར་འགྱུར་རོ།། ཕན་པ་ཞེས་བྱ་བ་ནི་སེམས་ཅན་དག་འགྲོ་བ་ལྔ་ལས་ཐར་པར་བྱས་ནས་མྱ་ངན་ལས་འདས་པ་ལ་འཇོག་པར་བྱེད་པ་སྟེ། གང་རབ་འབྱོར་ཞེས་བྱ་བ་ནས། འཇིག་རྟེན་ལ་ཕན་པའི་ཕྱིར་ཡང་དག་པར་ཞུགས ་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ཕན་པའི་བྱེད་པ་གསུངས་སོ།། བདེ་བ་ཞེས་བྱ་བ་ནི་སྡུག་བསྔལ་ཐམས་ཅད་ལས་ཐར་པར་བྱས་ནས་མྱ་ངན་ལས་འདས་པ་ལ་སོ་སོར་འགྲོད་པ་སྟེ། གང་རབ་འབྱོར་ཇི་ལྟར་ན་ཞེས་བྱ་བ་ནས། བདེ ་བའི་ཕྱིར་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་བདེ་བའི་བྱེད་པ་གསུངས་སོ།། སྐྱོབ་པ་ཞེས་བྱ་བ་ནི་འཁོར་བ་ན་ཡོད་པའི་སྡུག་བསྔལ་དག་སྤང་བའི་ཕྱིར་ཆོས་སྟོན་པ་སྟེ། གང་རབ་འབྱོར་ཇི་ལྟར་ན་ཞེས་བྱ་བ ་ནས། འཇིག་རྟེན་གྱི་མགོན་བྱེད་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་སྐྱོབ་པའི་བྱེད་པ་གསུངས་སོ།། སྐྱབས་དག་ཅེས་བྱ་བ་ནི་སེམས་ཅན་དག་གི་སྐྱེ་བ་དང་རྒ་བ་དང་འཆི་བ་ལ་སོགས་པའོ།། ཆོས་དེ་དག་ལས་ཡོངས་སུ་ཐར་པར ་བྱེད་པ་སྟེ། གང་རབ་འབྱོར་ཇི་ལྟར་ན་ཞེས་བྱ་བ་ནས། སྐྱབས་སུ་གྱུར་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་སྐྱབས་ཀྱི་བྱེད་པ་གསུངས་སོ།། གནས་ཞེ་ས་བྱ་བ་ནི་ཆོས་ཐམས་ཅད་འདྲེ་བ་མེད་པར་ཆོས་སྟོན་པ་སྟེ། གང་རབ་འབྱོར་ཇི ་ལྟོར་ན་ཞེས་བྱ་བ་ནས། འདྲེ་བ་མེད་པར་ཆོས་སྟོན་ཏོ་ཞེས་བྱ་བའི་བར་གྱིས་གནས་ཀྱི་བྱེད་པ་གསུངས་སོ།། དཔུང་གཉེན་ཞེས་བྱ་བ་ནི་མཐར་ཕྱིན་པའི་བྱེད་པ་སྟེ། གཟུགས་ཀྱི་ཕ་རོལ་གང་ཡིན་པ་དེ་ནི་གཟུགས་མ་ཡིན་པ་ནས། ་རྣམ་པ་ཐམས་ཅད་མཁྱེན་པའི་ཕ་རོལ་གང་ཡིན་པ་དེ་ནི་རྣམ་བྱ་ཐམས་ཅད་མཁྱེན་པ་མ་ཡིན་ལ། ཕ་རོལཱ་ནུ་རྣམ་པར་རྟོག་བླ་གང་ཡང་མ་མཆི་སྨྲ་སོ་ཞེས་བྱ་བའི་བྱ་རུ་གྱིས་དེ་ལྟར་ཆོས་སྟོན ་པའི་ཕྱིར་རོ།། གང་རབ་འབྱོར་ཇི་ལྟར་ན་ཞེས་བྱ་བ་ནས། དཔུང་གཉེན་དུ་འགྱུར་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི་དཔུང་གཉེན་གྱི་བྱེད་པ་གསུངས་སོ།། གླིང་ཞེས་བྱ་བ་ནི་ཆུ་བོ་དང་རྒྱ་མཚོའི་ཕྱོགས་ཆུས་ཡོངས་སུ ་བཅད་པ་གླིང་ཡིན་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་སྟོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆུད་པ་དག་ནི་གླིང་སྟེ། འདི་ལྟར་དེ་དག་གི་སྟོང་པ་ཉིད་དང་། དམིགས་སུ་མྱེད་པ་ནས། མྱ་ངན་ལྔས་འདས་པའི ་བུར་དེ་ཐོབ་པར་བྱེད་པ་ནི་གླིང་ཡིན་ནོ།། མ་རིག་པའི་སྐྲྀ་དརཱི་སྦུབས་ཀྱིས་བཀྲིས་པ་དག་གི་སྣང་བར་བྱེད་པ་གང་ཡིན་པཾ་དཾ་ཡང་གླིང་ཡིན་ཏེ། སྣང་བ་དང་ཆོས་མཐུན་པའི་ཕྱིར་རོ།། གཞན་ཡང་གླིང་ཐོབ་པར ་བྱེད་པའི་ཕྱིར་གླིང་སྟེ། དེང་དཔོན་ནོ།། དེའི་ལས་ཀྱང་གླིང་ཡིནྡ་ཏེ། འདི་ལྟར་མྱ་ངན་ལས་འདས་པའི་རིན་པོ་ཆེའི་གླིང་དུ་འདྲེན་པ་དེ་བས་ནཱ་གླིང་ནི་རྣམ་པ་གསུམ་ཡིན་ནོ།། གང་རབ་འབྱོར་ཇི་ལྟར་ན་ཞེས་བྱ ་བ་ནས། དེང་དཔོན་དུ་གྱུར་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་གླིང་གི་བྱེད་པ་གསུངས་སོ།། ཡོངས་སུ་འདྲེན་པ་ཞེས་བྱ་བ་དང་ཞེས་བྱ་བ་ནི་སྙིང་རྗེ་ཆེན་པོ་བསྐྱེད་ནས་གཟུགས་ནས་དགྲ་བཅོམ་པའི ་དབང་དུ་སྐྱེ་བ་མེད་པ་དང་། འགག་པ་མྱེད་པ་དང་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མྱེད་པའི་ཕྱིར་ཆོས་སྟོན་པ་སྟེ། གླང་རབ་འབྱོར་ཇི་ལྟར་ན་ཞེས་བྱ་བ་ནས། ཡོངས་སུ་འདྲེན་པར་འགྱུར་བ་ཡིན་ནོ་ཞེས་བྱ་བའི་བར ་གྱིས་ཡོངས་སུ་འདྲེན་པ་གསུངས་སོ།། འབ་བ་ནི་རྩོལ་བུ་སྟེ་འགྲོ་བ་དང་འོང་བའི་གཡོ་འུ་གུལ་ལོ།། དེ་འགོག་པའི་ཕྱིར་ལྷུན་གྱིས་གྲུབ་པ་སྟེ། གླང་རབ་འབྱོར་དེ་ལྟར་ན་ཞེས་བྱ་བས་མངོན་པར་འདུ་བྱ་བ་མེད་པ་ལ་འགྲོ། ་པ་དང་འོང་བ་མི་དམིགས་སོ་ཞེས་བྱ་བའི་བར་གྱིས་ལྷུན་གྱིས་གྲུབ་པའི་བྱེད་པ་གསུངས་སོ།། ཐེག་པ་གསུམ་གྱིས། འབྲས་བུ་མངོན་སུམ་བྱེད་པའི་བདག་ཅེས་བྱ་བ་ལ། ཆོས་ཐམས་ཅད་ཅེས་བྱ་བ་ཀུན་ནས་ཉོན་མོངས་པ ་ཅན་དང་རྣམ་པར་བྱང་བ་དེ་དག་གོ་རི་མ་ཇི་ལྟ་བ་བཞིན་དུ་འགྲོ་བ་དང་འོང་བ་བཀག་པ་ནི་འབྲས་བུ་མངོན་སུམ་དུ་བྱེད་པའོ།། རྨི་ལམ་ལ་སོགས་པའི་ཚིག་གིས་ནཱི་རང་རྒྱལ་བའི་ཐེག་པ་དང་། སྡུག་བསྔལ་དུ་མ་ལ་སོགས ་པའི་ཚིག་གིས་ཉན་ཐོས་ཀྱི་ཐེག་པ་དང་། དེ་བཞིན་ཉིད་ལ་སོགས་པའི་ཚིག་གིས་ནི་བྱང་ཆུབ་སེམས་དཔའི་ཐེག་པ་སྟེ། གང་རབ་འབྱོར་ཆོས་ཐམས་ཅད་ཀྱི་མི་སྐྱེ་བ་ཞེས་བྱ་བ་ནས། གཡོ་བ་མེད་དེ། འགྲོ་བ ་འམ་འོང་བ་མི་དམིགས་སོ་ཞེས་བྱ་བའི་བར་གྱིས་ཐེག་པ་གསུམ་གྱི་འབྲས་བུ་མངོན་སུམ་དུ་བྱེད་པ་གང་ཡིན་པ་དེའི་བྱེད་པ་གསུངས་སོ།། ཐ་མ་འགྲོ་བའི་མཛད་པ་སྟེ་ཞེས་བྱ་བ་ལ། འགྲོ་བ་ནི་འབྲས་བུ་ཐོབ་པའི།། དེ ་ཉིད་བྱེད་པ་སྟེ། གང་རབ་འབྱོར་ཆོས་ཐམས་ཅད་ནི་གཟུགས་ཀྱི་ངང་ཚུལ་ཅན་ཞེས་བྱ་བ་ནས། འདི་ལ་མོས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ།། འདི་ཡང་འགྲོ་བྱ་དགག་པ་ནི ་མི་དམིགས་པའི་ཚུལ་གྱི་ཐོབ་པར་བྱ་བའི་དོན་དུ་ཞེས་བྱ་བ་ནི་འགྲོ་བའི་བྱེད་པ་ཡིན་ནོ།། འདི་ནི་བྱེད་པའི་མཚན་ཉིད་ཡིན་ཞེས་བྱ་བ་ནི་མཇུག་བསྡུ་བའོ།། ངོ་བོ་ཉིད་ཀྱི་མཚན་ཉིད་ཤེས་པར་བྱ་བ་དེའི་ཕྱིར། ཉོན་མོངས་རྟགས ་དང་མཚན་མ་དང་།། མི་མཐུན་ཕྱོགས་དང་གཉེན་པོ་དག། དབེན་དང་དཀའ་དང་ངེས་པ་དང་།། ཚོད་དུ་བྱ་བ་མི་དམིགས་དང་།། མངོན་པར་ཞེན་པ་བཀག་པ་དང་།། དམྱིགས་པ་ཞེས་བྱ་གང་ཡིན་དང་།། མི་མཐུན་ཐོགས་པ ་མེད་དང་དེ།། གཞི་མེད་སྐྱེ་མེད་འགྲོ་མེད་དང་།། དེ་བཞིན་ཉིད་ནི་མི་དམིགས་དང་།། ངོ་བོ་ཉིད་བཅུ་དྲུག་པོ་དག་ཉིད།། མཚན་བཞི་ལྟ་བུར་མཚོན་པས་ན།། མཚན་ཉིད་བཞི་པར་བཞེད་པ་ཡིན།། ཞེས་གསུངས་ཏེ། ཉོན་མོངས་པ ་དྲག་གིས་དབེན་པ་ནི་གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། དབེན་པའི་རང་བཞིན་དུ་འགྱུར་རོ་ཞེས་བྱ་བའི་བར་གྱིས་ཉོན་མོངས་པའི་དབེན་པའི་ངོ་བོ་ཉིད་གསུངས་སོ།། རྟགས་ནི་ཉོན་མོངས་པའི་རྟགས་ཏེ། དེ་དག ་གིས་དབེན་པ་ནི་གང་རབ་འབྱོར་ཞེས་བྱ་བ་ནས་ཚུལ་གྱིས་དབེན་པའི་རང་བཞིན་ཅན་དུ་འགྱུར་རོ་ཞེས་བྱ་བའི་བར་གྱིས་ཉོན་མོངས་པའི་རྟགས་དབེན་པའི་ངོ་བོ་ཉིད་གསུངས་སོ།། ཉོན་མོངས་པའི་མཚན་མ་ནི་ཡོངས་སུ་འཛིན ་བྱ་ལ་སོགས་པ་སྟེ། དེ་དག་གི་དབེན་པ་ནི་གང་རབ་འབྱོར་ཞེས་བྱ་བ་ནས། མཚན་མས་དབེན་པའི་རང་བཞིན་དུ་འགྱུར་རོ་ཞེས་བྱ་བའི་བར་གྱིས་ཉོན་མོངས་པའི་མཚན་མ་དབེན་པའི་ངོ་བོ་ཉིད་གསུངས་སོ།། མི་མཐུན་པའི ་ཕྱོགས་དང་གཉེན་པོ་ནི་འདོད་ཆགས་ལ་སོགས་པ་དང་འདོད་ཆགས་མིད་པ་ལ་སོགས་པ་ཡིན་ལ། དེ་དག་གིས་དབེན་པ་སྟེ། གང་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་འདོད་ཆགས་དང ་འདོད་ཆགས་མེད་བྱས་དབེན་པ་ཞེས་བྱ་བ་ནས། ངང་ཚུལ་ཅན་དུ་འགྱུར་རོ་ཞེས་བྱ་བའི་བར་གྱིས་མི་མཐུན་པའི་ཕྱོགས་དང་གཉེན་པོའི་དབེན་པ་གསུངས་སོ།། དཀའ་དང་ཞེས་བྱ་བ་ནི་གསོལ་པ། བཅོམ་ལྡན་འདས་ཞེས ་བྱ་བ་ནས། དེ་དག་ནི་དཀའ་བ་བགྱིད་པའོ་ཞེས་བྱ་བའི་བར་གྱིས་དཀའ་བའི་ངོ་བོ་ཉིད་གསུངས་སོ།། ངེས་པ་ཞེས་བྱ་བ་ནི་ངེས་པ་ཉིད་དེ། རབ་འབྱོར་ཞེས་བྱ་བ་ནས། གོ་ཆ་འཚལ་བ་མོ་ལྗགས་སོ་ཞེས་བྱ་བའི་བར་གྱིས་ངེས ་པའི་ངོ་བོ་ཉིད་གསུངས་སོ།། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་དྲན་ལས་བཟླ་བ་དང་བདག་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱིར་ཆེད་དུ་བྱ་བའི་གོ་ཆ་དེ། བཅོམ་ལྡན་འདས་ཀྱིས་བཀུའ་སྩལ་པ་ཞེས་བྱ་བ་ནས། ་གོ་ཆ་བགོས་སོ་ཞེས་བྱ་བའི་བར་གྱིས་ཆེད་དུ་བྱ་བ་གསུངས་སོ།། མི་དམིགས་པ་དང་ཞེས་བྱ་བ་ནི་གསོལ་པ་ཞེས་བྱ་བ་ནས། བསྒོམ་པའོ་ཞེས་བྱ་བའི་བར་གྱིས་མི་དམིགས་པ་གསུངས་སོ།། མངོན་པར་ཞོན་པ་བཀག ་པ་ཞེས་བྱ་བ་ནི་མངོན་པར་ཞེན་པ་མེད་པ་སྟེ། དེ་ནས་ཡང་ཞེས་བྱ་བ་ནས་དེ་བཞིན་ཉིད་དུ་ནནྡ་ཏན་དུ་བྱེད་པའི་ཕྱིར་རོ་ཞེས་བྱ་བའི་བར་གྱིས་མངོན་པར་ཞེན་པ་མེད་པ་གསུངས་སོ།། དམིགས་པ་ཞེས་བྱ ་གང་ཡིན་དང་ཞེས་བྱ་བ་ནི་དམིགས་པ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དོ།། དེ་ཡང་དབྱེར་མེད་པ་སྟེ། གང་གི་ཕྱིར་དེ་བཞིན་ཉིད་ནི་སངས་རྒྱས་སམ་རྣམ་པ་ཐམས་ཅད་མཁྱེན་པའི་དེ་བཞིན་ཉིད་དོ།། གང་གསོལ་པ ་ཞེས་བྱ་བ་ནས། ཆོས་རྣམས་ཀྱི་ཟབ་པ་ཉིད་དོ་ཞེས་བྱ་བའི་བར་གྱིས་དམིགས་པའི་ངོ་བོ་ཉིད་གསུངས་སོ།། མི་མཐུན་ཞེས་བྱ་བ་ནི་འཇིག་རྟེན་ཐམས་ཅད་ཀྱིས་ཡིད་ཆེས་པར་དཀའ་བ་སྟེ། ཆོས་དེ་དག་གཟུང་བའི་ཕྱིར ་རམ་མི་གཟུང་བའི་ཕྱིར་བསྟན་པ་མ་ཡིན་ནོ།། གཟུང་བ་ནི་འཇིག་རྟེན་པ་བདག་དང་བདུག་གི་ཞེས་སྐྱེད་པ་སྟེ། ལྷའི་བུ་དག་ཅེས་བྱ་བ་ནས། བསྒོམ་པར་མི་ནུས་སོ་ཞེས་བྱ་བའི་བར་གྱིས་འཇིག་རྟེན་ཐམས་ཅད་ཀྱིས་ཡིད་ཆེས་བྱ ་དཀའ་བ་གསུངས་སོ།། ཐོ་ག་མ་མེད་དང་ཞེས་བྱ་བ་ནི་གཟུགས་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཐོགས་པ་མེད་པ་སྟེ། དེ་ནས་ཚེ་དང་ལྡན་པ་ཞེས་བྱ་བ་ནས། སྐྱེ་བ་མ་མཆིས་པའོ།། ཞེས་བྱ་བའི་བར་གྱིས་ཐོགས་པ། ་མེད་པའི་ངོ་བོ་ཉིད་གསུངས་སོ།། གཞི་མེད་འགྲོ་མེད་སྐྱེ་མེད་དང་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་བསྟན་བཞིན་པའི་ཆོས་སྟེ། གཞི་མེད་པ་དང་འགྲོ་བ་མེད་པ་དང་སྐྱེ་བ་མེད་པའོ།། འདིར་གཟུགས་ལ་སོགས་པ་ལ་རྟེན་མེད ་བའི་ཕྱིར་གནས་པ་མེད་པ་སྟེ། གང་ཆོས་འདི་ནི་ཞེས་བྱ་བ་ནས། རྟེན་མ་མཆིས་པའོ་ཞེས་བྱ་བའི་བར་གྱིས་ནི་གཞི་མེད་པའི་ངོ་བོ་ཉིད་གསུངས་སོ།། འདི་ལ་འགྲོ་བ་མེད་པ་མ་ཡིན་པས་འགྲོ་བ་མེད་པ་སྟེ། དེ་ལྟར་དེ་བཞིན་གཤེགས ་བའི་དེ་བཞིན་ཉིད་འགྲོ་བ་མེད་པ་འོང་བ་མེད་པ་དེ་བཞིན་དུ་རབ་འབྱོར་གྱི་ཡང་སྟེ། དེ་ནས་འདོད་པ་ན་སྤྱོད་པ་ཞེས་བྱ་བ་ནས། ཚིག་ཏུ་བརྗོད་དོ་ཞེས་བྱ་བའི་བར་གྱིས་འགྲོ་བ་མེད་པའི་ངོ་བོ་ཉིད་གསུངས་སོ།། འདི་ལ་སྐྱེ་བུ་ཡོད་པ་མ ་ཡིན་པས་ན་སྐྱེ་བ་མེད་པ་སྟེ། གང་རྗེས་སུ་སྐྱེ་བ་དང་གང་གི་རྗེས་སུ་སྐྱེ་བ་དང་། གང་གི་རྗེས་སུ་སྐྱེ་བ་དེ་དག་མེད་པའི་ཕྱིར་རོ།། དེ་ནས་གནས་བརྟན་ཞེས་བྱ་བ་ནས། མི་དམིགས་སོ་ཞེས་བྱ་བའི་བར་གྱིས་སྐྱེ་བ་མེད་པའི་ངོ་བོ་ཉིད ་གསུངས་སོ།། དེ་བཞིན་ཉིད་ནི་མི་དམིགས་དྲང་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་དམིགས་སུ་མེད་པ་ཉིད་ཡིན་ནི་གཟུགས་ལ་སོགས་པའི་དེ་བཞིན་ཉིད་དམིགས་པ་ལྟ་ཡང་ག་ལ་འགྱུར། དེ་ནས་ཚེ་དང་ལྡན་པ་ཞེས་བྱ་བ་ནས ་སངས་རྒྱས་ཀྱི་སར་ལྟུང་ངོ་ཞེས་བྱ་བའི་བར་གྱིས་དེ་བཞིན་ཉིད་མི་དམིགས་པའི་ངོ་བོ་ཉིད་གསུངས་པའོ།། ངོ་བོ་ཉིད་བཅུ་དྲུག་བདག་ཉིད་ཅེས་བྱ་བ་ནི་བཤད་མ་ཐག་པའི་རྣམ་པ་བཅུ་དྲུག་ནི་ངོ་བོ་ཉིད་དོ།། དེ་ནི་མཚན་ཉིད་བཞི་པ ་སྟེ། བྱེད་པ་སྒྲུབ་པའི་མཚན་ཉིད་གསུམ་པོ་དག་ལས་ལྷག་པའི་ཕྱིར་རོ།། ཇི་ལྟར་འདི་མཚན་ཉིད་དུ་བཞེད་ཅེ་ན། མཚན་གཞི་རུ་ནི་མཚན་པས་ན་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་འདི་མཚོན་པས་ན་ཞེས་བྱ་བ་སྨོས་ཏེ། གང ་གི་ཕྱིར་འདི་མཚན་གཞི་སྟེ། མཚན་ཉིད་དང་ལྡན་ཞིང་འདི་མཚོན་པར་བྱ་བ་ཡིན་པས་མཚན་གཞིའོ།། དེ་ནི་མཚན་ཉིད་བསྟན་པའོ།། ཐར་པའི་ཆ་དང་མཐུན་པ་བརྗོད་པར་བྱ་བ་མ་ཡིན་པ་དེ་བས་ན། མཚན་མེད་རབ ་ཏུ་སྦྱིན་ལ་སོགས།། ཡང་དག་སྒྲུབ་ལ་མཁས་པ་ནི།། རྣམ་པ་ཐམས་ཅད་རྟོགས་འདི་ལ།། ཐར་པའི་ཆ་དང་མཐུན་པར་འདོད།། སངས་རྒྱས་སོགས་དམིགས་དང་པ་དང་།། སྦྱིན་སོགས་སྤྱོད་ཡུལ་བརྩོན་འགྲུས་དང་།། བསམ་པ་ཕུན ་ཚོགོས་དྲན་པ་དང་།། རྣམ་པར་མི་རྟོག་ཏིང་འཛིན་དང་།། ཆོས་རྣམས་རྣམ་པ་ཐམས་ཅད་དུ།། ཤེས་པའི་ཤེས་རབ་དང་རྣམ་ལྔ།། རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས།། རྟོགས་སླ་རྟུལ་པོས་རྟོགས་དཀར་བཞེད།། ཅེས་བྱ་བ་གསུངས ་ཏེ། ཚིགས་སུ་བཅད་པ་དང་པོས་ནི་མཚན་ཉིད་ཅིག་ཤོས་དག་གིས་ནི་རབ་ཏུ་དབྱེ་བའོ།། སྦྱིན་པ་གཏོང་བྱ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྒོམ་པ་འདི་ལ་མཚན་མར་མི་བྱེད་ཅིང་ཡང་དག་པར་གྲུབ་པའི་ཚོགས ་ལ་མཁས་པ་གང་ཡིན་པ་དེ་ནི་སྐབས་འདིར་ཐར་པའི་ཆ་དང་མཐུན་པར་འདོད་དོ་ཞེས་བྱ་བ་ནི་མཚན་ཉིད་དོ།། རྣམ་པ་ལྔ་ཞེས་བྱ་བ་ནི་དེའི་བྱོར་དུ་དབྱེ་བ་ལྔ་ཁོ་ན་ཏེ། དད་པ་དང་བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ ་བོ།། དེ་ལ་སངས་རྒྱས་ལ་སོགས་པ་ལ་དམིགས་པ་ནི་ངད་པ་སྟེ། གང་ཤཱ་ར་དྭ་ཏིའི་བུ་ཞེས་བྱ་བ་ནས། རང་སངས་རྒྱས་ཀྱི་ས་ལ་གནས་པར་མི་འགྱུར་པར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་དད་པའི་མཚན་ཉིད་ཀྱིས་ཐར་པའི་ཆ་དང ་མཐུན་པ་གསུངས་པའོ།། སྦྱིན་སོགས་སྤྱོད་ཡུལ་བརྩོན་འགྲུས་དང་།། ཞེས་བྱ་བ་ནི་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནས། ཐབས་མཁས་པའོ་ཞེས་བྱ་བའི་བར་གྱིས་བརྩོན་འགྲུས་ཀྱི་བདག་ཉིད་གང་གསུངས་པའོ།། བསམ་པ ་ཕུན་ཚོགས་དྲན་པ་དང་།། ཞེས་བྱ་བ་ནི་གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས་བྱང་ཆུབ་ནི་ཐེ་ཚོམོ་མ་མཆིས་སོ་ཞེས་བྱ་བའི་བར་གྱིས་དྲན་པའི་བདག་ཉིད་གང་གསུངས་པའོ།། རྣམ་པར་མི་རྟོག་ཏིང་འཛིན་དང་།། ཞེས་བྱ ་རྣམ་པར་མི་རྟོག་པ་ནི་ཁ་ཕྱིར་བལྟས་པ་ཉིད་ཀྱི་ཕྱིར་ཏེ། དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སྤང་པར་བགྱིའོ་ཞེས་བྱ་བའི་བར་གྱིས་ཏིང་ངེ་འཛིན་གྱི་བདག་ཉིད་གང་གསུངས ་པའོ།། ཆོས་རྣམས་རྣམ་པ་ཐམས་ཅད་དུ། ཤེས་པའི་ཤེས་རབ་ཅེས་བྱ་བ་ནི་དེ་ནས་འདོད་པ་ན་སྤྱོད་པ་དང་ཞེས་བྱ་བ་ནས། ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བའི་བར་གྱིས་ཤེས་རབ་ཀྱི་བདག ་ཉིད་གུང་གསུངས་པའོ།། རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས།། རྟོགས་སྒོ་ཞེས་བྱ་བ་ནི་ཐོབ་པར་སྨྲ་བ་སྟེ། དེ་ནས་ཚེ་དང་ལྡན་པ་ཅེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པོ་ཉིད་ཀྱི་རང་བཞིན་སྟོང་ངོ་ཞེས་བྱ་བའི་བར་གྱིས ་རྣོན་པོའི་ཐར་པའི་ཆ་དང་མཐུན་པ་གང་གསུངས་པ་ཡིན་ནོ།། རྟུལ་པོས་རྟོགས་དཀའ་བཞེད་ཅེས་བྱ་བ་ནི་དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་འབྱུང་བར ་འགྱུར་རོ་ཞེས་བྱ་བའི་བར་གྱིས་གང་གསུངས་པ་སྟེ། འདིར་ཡང་བདེན་པའི་ཚུལ་བཞིན་དུ་ཞེས་བྱ་བ་ནི་དོན་དམ་པ་ཉིད་དུ་ཞེས་བྱ་བའི་དོན་ཏོ།། ཀུན་རྫོབ་ཀྱི་བདྲེན་པ་ལ་བཱནྡེནྡ་ནས་དེ་ལྟར་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་ཐར་པར་འབྱུང་བར་འགྱུར་རོ་ཞེས་བྱ་བའི་ཚིག་གི་དོན་ཁོང་དུ་ཆུད་པ་ན་སྐྲག་པ ་ལ་སོགས་པ་དང་བྲལ་བ་ནི་རྣོན་པོའི་ཐར་པའི་ཆ་དང་མཐུན་པ་ཡིན་ལ། སྐྲག་པ་ལ་སོགས་པ་བཤད་པ་ནི་རྟུལ་པོ་ཡིན་ནོ་ཞེས་བྱ་བ་ནི་རྟུལ་པོའི་ཐར་པའི་ཆ་དང་མཐུན་པ་ཡིན་ནོ།། དེ་ལྟར་ཐར་པའི་ཆ་དང་མཐུན་བྱ་བསྟན་ནས། ་ངེས་པར་འབྱེད་པའི་ཆུ་དང་མཐུན་པ་བརྗོད་པར་བྱ་བའི་ཕྱིར།། དྲོ་བ་རྣམས་ཀྱི་དམིགས་པ་འདིར།། སེམས་ཅན་ཐམས་ཅད་ཡིན་པར་བསྔགས།། དེ་དག་ཉིད་ལ་སེམས་མཉམ་སོགས།། རྣམ་པ་དག་ནི་བཅུར་བཤད་དོ།། ཞེས་བྱ་བ ་གསུངས་ཏེ། འདིར་ཞེས་བྱ་བ་ནི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལའོ།། དྲོ་བ་རྣམས་ཀྱི་དམིགས་པ་ནི་སེམས་ཅན་ཐམས་ཅད་ངོ་།། རྣམ་པ་བཅུ་ནི་སེམས་ཅན་ཐམས་ཅད་ལྟ་སེམས་མཉམ་པ་ལ་སོགས་པ་སྟེ། སེམས ་མཉམ་པ་དང་། བྱམས་པོའི་སེམས་དང་། སྙིང་རྗེའི་སེམས་དང་། ང་རྒྱལ་བཅོམ་པའི་སེམས་དང་། གཡོ་བ་མེད་པའི་སེམས་དང་། ཕན་པའི་སེམས་དང་། ཁོང་ཁྲོ་བ་མེད་པའི་སེམས་དང་། མ་དང་བུ་མོ་དང་སྲིང་མོའི་སེམས ་དང་ཕ་དང་སྤྱན་ཟླ་དང་བུའི་སེམས་ཞེས་བྱ་བའོ།། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་གསོལ་བ་ཞེས་བྱ་བ་ནས། དམིགས་པར་བྱའོ་ཞེས་བྱ་བའི་བར་གྱིས་དྲོ་བར་གྱུར་པ་གསུངས་པའོ།། བདག་ཉིད་སྡིག་པ་ལས་ཟློག་ཅིང་། སྦྱིན་ལ ་སོགས་པ་གནས་དང་གཞན།། དེ་དག་ལ་ནི་འགོད་པ་དང་།། བསྔགས་པ་བརྗོད་དང་མཐུན་པ་ཉིད།། རྩེར་གྱུར་ཞེས་བྱ་བ་ལ། བདག་ཉིད་མི་དགེ་བོ་བཅུ་ལས་ལྡོག་པ་དང་། སྦྱིན་པ་ལ་སོགས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཉམ ་པར་འཇོག་པའི་བར་ལ་གནས་པ་དང་། གཞན་དག་ལྡེག་པ་དང་གནས་པ་དེ་དག་ལ་འགོད་པ་དང་། དེ་དག་གི་བསྡོགས་པ་བརྗོད་པ་དང་། རྗེས་སུ་མཐུན་པ་ཉིད་ནི་རྩེ་མོ་ཡིན་ཏེ། གང་བདག་གིས་ཀྱང་ཞེས་བྱ་བ་ནས། མི་དམིགས་པའི ་ཚུལ་གྱིས་གནས་པར་བྱའོ་ཞེས་བྱ་བའི་བར་གྱི་སྣ་རྩེ་མོར་གྱུར་པ་གསུངས་པའོ།། དེ་བཞིན་བཟོད་པ་ནི། རང་གཞན་རྟེན་ཅན་བདེན་ཤེས་པ།། ཞེས་བྱ་བ་ནི་རང་དང་གཞན་དག་གི་བདེན་པའི་ཤེས་པ་སྐྱེས་པ་ནི་བཟོད་པ་སྟེ། གང་བདག ་གོས་ཀྱང་སྡུག་བསྔལ་ཤེས་པར་བྱ་བ་ནས། མི་དམིགས་པའི་ཚུལ་གྱིས་གནས་པའི་ཞེས་བྱ་བའི་བར་གྱིས་གསུངས་པ་ནི་བཟོད་པར་བཞེད་པའོ།། ཆོས་མཆོག་དེ་བཞིན་སེམས་ཅན་རྣམས།། སྦྱིན་བྱེད་སོགས་ཀྱིས་ཤེས་པར་བྱ།། ་ཞེས་བྱ་བ་ནི་རང་དང་གཞན་ལ་བརྟེན་པས་སེམས་ཅན་ཡོངས་སུ་སྨིན་པ་ལ་སོགས་པ་ཆོས་མཆོག་ཡིན་ཏེ། གང་བདག་གིས་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱ་ཞེས་བྱ་བ་ནས། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ་ཞེས་བྱ ་བའི་བར་གྱིས་ནི་ཆོས་ཀྱི་མཆོག་ཏུ་གྱུར་པ་གསུངས་སོ།། དེ་ལྟར་ངེས་པར་འབྱེད་པའི་ཆུ་དང་མཐུན་པ་བསྟན་ནས་ཕྱིར་མི་ལྡོག་པའི་དགེ་འདུན་བརྗོད་པར་བྱ་བ་ཡིན་པ་དེའི་ཕྱིར། ངེས་འབྱེད་ཡན་ལག་ནས་བཟུང ་སྟེ།། མཐོང་དང་གོམས་པའི་ལམ་དག་ལ།། བྱང་ཆུབ་སེམས་དཔའ་གང་དག་གནས།། དེ་འདིར་ཕྱིར་མཱཾ་ལྡོག་པའི་ཚོགས།། ཞེས་བྱ་བ་གསུངས་ཏེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་དག་དང་། མཐོང་བའི་ལམ་དང་བསྒོམ་པའི ་ལམ་གྱི་བྱང་ཆུབ་སེམས་དཔའ་གང་ཡིན་པ་དེ་དག་ནི་ཐེག་པ་ཆེན་པོའི་ཕྱིར་མི་ལྡོག་པའི་དགེ་འདུན་ཡིན་ཏེ་གང་དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ནས། རིག་པར་བགྱིའོ་ཞེས་བྱ་བའི་བར་གྱིས་གསུངས་ཏེ། འདིར་ཡང་སོ་སོའི ་སྐྱེ་བོའི་ས་གང་ཡིན་པ་ནས། དེ་བཞིན་གཤེགས་པའི་སའི་བར་གང་ཡིན་པོ་དེ་དག་ཐམས་ཅད་ནི་དེ་བཞིན་ཉིད་དང་ཐ་མི་དད་པར་མཐོང་སྟེ། དེ་བཞིན་ཉིད་ལ་རེ་རེས་ཡིན་གྱི། ཐམས་ཅད་ཀྱིས་མ་ཡིན་ན་དེ་བཞིན་ཉིད་མ་ཡིན་ནོ།། ལྷག་མ ་ནརྀ་གོ་སླའོ།། དེ་ནི་ཕྱིར་མི་ལྡོག་པའི་མཚན་ཉིད་དོ།། གཟུགས་ལ་སོགས་ལས་ལྡོག་སོགས་རྟགས།། རྣམ་པ་ཉི་ཤུ་བརྗོད་པ་ཡིས།། ངེས་འབྱེད་ཡན་ལག་ལ་གནས་པའི།། ཕྱིར་མི་ལྡོག་པའི་མཚན་ཉིད་འདིའོ།། ཞེས་བྱ་བ་གསུངས་ཏེ། ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་གནས་པའི་ཕྱིར་མི་ལྡོག་པ་ཉིད་དུ་ཤེས་པ་འདིའི་རྟགས་ཉི་ཤུ་སྟེ། གཟུགས་ལ་སོགས་པ་ལས་ལྡོག་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ།། ཉི་ཤུ་གང་ཞེ་ན། གཟུགས་ལ་སོགས་ལས ་ལྡོག་པ་དང་།། ཐེ་ཚོམ་མི་དལ་ཟད་པ་དང་།། བདག་ཉིད་དགེ་བ་ལ་གནས་ཤིང་།། གཞན་དག་དེ་ལ་འགོད་པ་དང་།། གཞན་གྱི་རྟེན་ཅན་སྦྱིན་སོགས་དང་།། ཟབ་མོའི་དོན་ལའང་སོམ་ཉི་མེད།། བྱམས་ལུས་སོགས་དང་སྒྲིབ་པ་ནི།། རྣམ་པ་ལྔ ་དང་མི་འགྲོགས་དང་།། བག་ལ་ཉལ་ཀུན་འཇོམས་པ་དང་།། དྲན་པ་དང་ནི་ཤེས་བཞིན་དང་།། གོས་ལ་སོགས་པ་གཙང་བ་དང་།། ལུས་ལ་སྲིན་བུ་རྣམ་མི་འབྱུང་།། གྷུ་གྱུ་མེད་སེམས་སྦྱངས་པ་ནི།། ལེན་དང་སེར་སྣ་མྱེད་སོགས་དང་། ་ཆོས་ཉིད་ལྡན་པར་རྟོགས་པ་དང་།། སེམས་ཅན་དོན་དུ་དམྱལ་ཚོལ་དང་།། གཞན་གྱིས་བཀྲི་བར་མི་བཏུབ་དང་།། ལན་གཞན་ཉེ་བར་སྟོན་བདུད་ལ།། བདུད་ཅེས་བྱ་བར་རྟོགས་པ་དང་།། སངས་རྒྱས་དགྱེས་པའི་སྤྱོད་པ་སྟེ།། རྟགས ་ནི་ཉི་ཤུ་དེ་དག་གྲིས།། དྲོད་དང་རྩེ་མོ་བཟོད་བཅས་དང་།། ཆོས་མཆོག་རྣམས་ལ་གནས་པ་ནི།། རྫོགས་པའི་བྱང་ཆུབ་ལྔས་མྱི་ལྡོག། ཅེས་བྱ་བ་གསུངས་ཏེ། གཟུགས་ལ་སོགས་པ་ལས་ལྡོག་པ་ནི་དམིགས་པོ་ལས་ལྡོག་པ་སྟེ། ་དེ་དག་ངོ་བོ་ཉིད་མེད་པའི་ཕྱིར་རོ།། གང་གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ངོ་བོ་ཉིད་མེད་དོ་ཞེས་བྱ་བའི་བར་གྱིས་གསུངས་ཏེ། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་ཕྱིར་མི ་ལྡོག་པའི་རྟགས་དང་པོའོ།། རྟགས་གཉིས་པ་ལ་སོགས་པའོ་མདོ་ནི་རེ་རེ་ཞིང་རབ་འབྱོར་གཞན་ཡང་ཞེས་བྱ་བའི་ཚིག་ནས། མཐར་རིག་པར་བྱའོ་ཞེས་བྱ་བ་དང་། རྟགས་བཅུ་དགུ་པའི་ནི་དེ་ནི་གནས་མ་ཡིན་ནོ་སྙམ་ན་ཞེས་བྱ་བ་དེ ་ཡན་ཆུད་དོ།། ཐེ་ཚོམ་མི་དྲལ་ཟད་པ་དང་།། ཞེས་བྱ་བ་ནི་ཐེ་ཚོམ་ཟད་པ་དང་།། མི་ཁོམ་པ་ཟད་པའོ།། དེ་ལ་ཐེ་ཚོམ་ནི་བདེན་པ་དང་དཀོན་མཆོག་ལ་ཡིད་གཉིས་ཏེ། དེ་ཟད་པ་ཞེས་བྱ་བ་ནི་དེ་དག་ཉིད་ཀྱི་རྟགས་གཉིས་པའོ།། ་ལོག་པའི་ལྟ་བ་ལ་སོགས་པ་ནི་མི་ཁོམ་པ་ཡིན་ཏེ། དེ་དག་ཟད་པ་ཞེས་བྱ་བ་ནི་དེ་དག་ཉིད་ལ་དེ་རྟགས་གསུམ་པའོ།། བདག་ཉིད་དགེ་བ་ལ་གནས་ལ།། གཞན་དག་དེ་ལ་འགོད་པ་ཞེས་བྱ་བ་ནི་དེ་དག་ཉིད་ལ་དེ་རྟག་སུ་བཞི་པའོ།། གཞན་གྱི ་རྟེན་ཅན་སྦྱིན་སོགས་དང་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་སྦྱིན་པ་ལ་སོགས་པའི་སྤྱོད་པ་དེ་ནི་དེ་དག་ཉིད་ལ་རྟགས་ལྔ་པའོ།། ཟབ་མོའི་དོན་ལ་སོམ་ཉི་མེད་ཅེས་བྱ་བ་ནི་དེ་དག་ཉིད་ལ་རྟགས་དྲུག་པའོ།། བྱམས་ལུས་སོགས ་ཞེས་བྱ་བ་ནི་ལུས་ལ་སོགས་པའི་ལས་དེ་ནི་དེ་དག་ཉིད་ལ་རྟགས་བདུན་པོའོ།། སྒྲིབ་པ་ནི། རྣམ་པ་ལྔ་དང་མི་འགྲོགས་དང་ཞེས་བྱ་བ་ལ། མདོ་ཇི་ལྟ་བ་བཞིན་དུ་སྒྲིབ་པ་ལྔ་དང་མི་འགྲོགས་པ་དེ་ནི་དེ་དག་ལ་རྟགས་བརྒྱད་པའོ།། བག ་ལ་ཉ་ལྀ་ཀུནྡ་འཇོམས་པ་དང་ཞེས་བྱ་བ་ནི་དེ་དག་ཉིད་ལ་རྟགས་དགུ་པའོ།། དྲན་པ་དང་ནི་ཤིས་བཞིན་དང་།། ཞེས་བྱ་བ་ནི་དྲན་པོ་དང་བཅས་པའི་ཤེས་བཞིན་དེ་ནི་དེ་དག་ལ་རྟགས་བཅུ་པའོ།། གོས་ལ་སོགས་པ་གཙང་བ་དང་། ་ཞེས་བྱ་བ་ནི་དེ་དག་ཉིད་ལ་རྟགས་པོཅུ་གཅིག་པའོ།། ལུས་ལ་སྲིན་བུ་རྣམ་མོ་འབྱུང་ཞེས་བྱ་བ་ནི་དེ་དག་ཉིད་ལ་རྟོགས་བཅུ་གཉིས་པའོ།། གྱ་གྱུ་མེད་སེམས་ཞེས་བྱ་བ་ལ་ལུས་དང་སེམས་དང་ངག་གྱ་གྱུ་མེད་པ་ཞེས་བྱ་བ་དེ་ནི ་དེ་དག་ལ་རྟགས་བཅུ་གསུམ་པའོ།། སྦྱངས་པ་ནི་ལེན་དང་ཞེས་བྱ་བ་ནི་སྦྱངས་པའི་ཡོན་ཏ་ན་ཡང་དག་པར་བླངས་པ་སྟེ། སྦྱངས་པའི་ཡོན་ཏན་བཅུ་གཉིས་ཕྱག་དྲར་ཁྲོད་པ་ཉིད་དང་ཆོས་གོས་གསུམ་པ་ཉིད་དང་། ཕྱིང་པ་བ་ཉིད་དང་། ་བསོད་སྙོམས་པ་ཉིད་དང་། སྟན་ཅིག་པ་ཉིད་དང་། ཟས་ཕྱིས་མི་ལེན་པ་ཉིད་དང་། དགོན་པ་པ་ཉིད་དང་། ཤིང་དྲུད་པ་ཉིད་དང་། བླ་གབ་མེད་པ་ཉིད་དང་། དུར་ཁྲོད་པ་ཉིད་དང་། ཅོགྲ་པུ་པ་ཉིད་དང་། གཞི་ཇི་བཞིན་པ་ཉིད་ཅེས་བྱ་བ་ནི་དེ ་དག་ལ་རྟོགས་བཅུ་བཞི་པའོ།། སེར་སཱ་མེད་སོགས་དང་ཞེས་བྱ་བ་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པ་དྲུག་པོ་དང་ཕྲག་དོག་སྟེ། དེ་མེད་པ་ནི་སེར་སཱ་ལྔ་སོགས་པ་མེད་པ་སྟེ། དེ་ནི་དེ་དག ་ཉིད་ལ་རྟགས་བཅོ་ལྔ་པའོ།། ཆོས་ཉིད་ལྡན་པར་རྟོགས་པ་དང་།། སེམས་ཅན་དོན་དུ་དམྱལ་ཚོལ་དང་ཞེས་བྱ་བ་ལ། གཞན་ལས་གང་ཆོས་ཅི་ཐོས་ཀྱང་ཞེས་བྱ་བ་ནི་སངས་རྒྱས་མེད་དོ་ཞེས་བྱ་བ་ལ་སྩོགས་པ་དེ ་ཐམས་ཅད་ཀྱང་ཆོས་ཉིད་དུ་རིག་པས་ཁོང་དུ་ཆུད་པའོ།། འོན་ཏེ་བདུད་ཀྱིས་ཕྱིར་མི་ལྡོག་པ་དག་ལ་དམྱལ་བའི་ལས་བསྟན་པ་གང་ཡིན་པ་དེ་ཇི་ལྟར་རིགས་ཞེ་ན། དེ་ཡོང་དེ་དག་ནི་འཇིག་རྟེན་གྱི་དོན་དུ་དམྱལ་བ་ཚོལ་བ་ཡིན་ཏེ། ་དམྱལ་བར་འགྲོ་བ་ཞེས་བྱ་བ་དེ་ནི་དེ་དག་ཉིད་ལ་རྟགས་བཅུ་དྲུག་པའོ།། གཞན་གྱིས་བཀྲི་བར་མི་བཏུབ་པ་ཞེས་བྱ་བ་ནི་དེ་དག་ཉིད་ལ་རྟགས་བཅུ་བདུན་པའོ།། ལམ་གཞན་ཉེ་བར་སྟོན་བདུད་ལོ།། བདུད་ཅེས་བྱ་བར ་རྟོགས་པ་དང་ཞེས་བྱ་བ་ལ། གཞན་དང་ལམ་ནི་ལམ་གཞན་ཏེ། ལམ་ལ་བལྟོས་ན་གཞན་ཉིད་སྐབས་ཀྱིས་ཉེ་བའི་ཕྱིར་ཏེ། ལམ་མ་ཡིན་པ་དྲུང་ལམ་ཞེས་བྱ་བའི་དོན་ཏོ།། བདུད་དང་འབྲེལ་པས་མམ ་ཉིད་ལ་མ་ཡིན་པར་སྨྲ་བའི་བདུད་ཉིད་དུ་ཤེས་པ་གང་ཡིན་པ་དེ་ནི་རྟགས་གཅིག་ཡིན་ལ། ལམ་མ་ཡིན་པ་ཉིད་ལ་ལམ་ཉིད་དུ་སྨྲ་བ་བདུད་ཉིད་དུ་ཤེས་པ་གང་ཡིན་པ་དེ་ནི་རྟགས་གཉིས་པའོ།། དེ་ལ་དང་པོ་ནི་གང་རབ་འབྱོར ་གཞན་ཡང་ཞེས་བྱ་བ་ལ་སོགས་པ་དང་། སྙན་དངགས་མཁན་གྱིས་རང་བཟོར་བྱས་པ་ནས་རིག་པར་བྱའོ་ཞེས་བྱ་བའི་མཐར་ཐུག་པ་དེ་ནི་དེ་དག་ཉིད་ལ་རྟགས་བཅོ་བརྒྱད་པའོ།། གཉིས་པ་ནི་རབ་འབྱོར་གཞན་ཡང་ཞེས་བྱ ་པ་ལ་སོགས་པ་དང་། སྡུག་བསྔལ་གྱི་མཐར་གྱི་མཐར་ཕྱུང་ཤིག་ཅེས་བྱ་བ་ནས། དེ་ནི་གནས་མ་ཡིན་ནོ་སྙམ་ན་ཞེས་བྱ་བའི་མཐར་ཐུག་པས་གསུངས་པ་གང་ཡིན་པ་དེ་ནི་དེ་དག་ཉིད་ལ་རྟགས་བཅུ་དོགུ་པ་ཉིད་དོ།། སངས ་རྒྱས་དགྱེས་པའི་སྤྱོད་པ་སྟེ་ཞེས་བྱ་བ་དེ་ནི་དེ་དག་ཉིད་ལ་རྟགས་ཉི་ཤུ་པོའོ།། རྟགས་ནི་ཉི་ཤུ་དེ་དག་གིས་ཞེས་བྱ་བ་ལ་སོགས་པའི་ཚོགས་སུ་བཅད་པས་མཇུག་བསྡུ་བ་སྟེ། ངེས་པར་འབྱུང་བའི་ཆ་དང་མཐུན་པ་དག་ལ ་གནས་པའི་བྱང་ཆུབ་སེམས་དཔའ་རྟགས་ཉི་ཤུ་པོ་དེ་དག་གིས་མཚོན་པ་གང་ཡིན་པ་དེ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་སྟེ། ཕྱིར་མི་ལྡོག་ཅེས་བྱ་བའི་དོན་ཏེ། མཐོང་བའི་ལམ་ལ་གནས་པའི ་དབང་དུ་མཛད་ནས། མཐོང་བའི་ལམ་ལ་བཟོད་པ་དང་།། ཤེས་པའི་སྐད་ཅིག་བཅུ་དྲུག་ནི།། བྱང་ཆུབ་སེམས་དཔའ་མི་ལྡོག་པའི།། མཚན་ཉིད་ཡིན་པར་ཤེས་པར་བྱ།། ཞེས་བྱ་བ་གསུངས་ཏེ། མཐོང་བའི་ལམ་ལ་གནས ་པའི་བྱང་ཆུབ་སེམས་དཔའི་ཕྱིར་མི་ལྡོག་པའི་རྟགས་ཡིན་པར་རིག་པར་བྱའོ།། བཟོད་པ་དང་ཤེས་པའི་སྐད་ཅིག་མ་ཇི་ཙམ་ཞེ་ན། བཟོད་པའི་སྐད་ཅིག་མ་དང་ཤེས་པའི་སྐད་ཅིག་མོ་བཅུ་དྲུག་ཅེས་བྱ་བའི་དོན་ཏོ།། བཅུ་དྲུག་གང ་ཞེ་ན། གཟུགས་སོགས་འདུ་ཤེས་ལྡོག་པ་དང་།། སེམས་བརྟན་ཐེག་པ་དམན་དག་ལུས།། རྣམ་ལོག་བསམ་གཏན་ལ་སྩོགས་པའི།། ཡན་ལག་ཡོངས་སུ་ཟད་པ་དང་།། ལུས་སེམས་ཡང་བ་ཉིད་དང་ནི།། འདོད་ལ་སྤྱོད་པ་ཐབས ་མཁས་དང་།། རྟག་ཏུ་ཚངས་པར་སྤྱོད་ཉིད་དང་།། འཚོ་བ་རྣམ་པར་དག་ཉིད་དང་།། ཕུང་སོགས་བར་ཆད་བྱེད་རྣམས་དང་།། ཚོགས་དང་དབང་སོགས་བཅུས་བ་ཡི།། གཡུལ་འགྱེད་སེར་སྣ་ལ་སོགས་ལ།། སྦྱོར་དང་རྗེས་སུ་སྦྱོར་བ་ཡི།། ་གནས་པ་སོ་སོར་བཀླག་པ་དང་།། ཆོས་ནི་རྡུལ་ཙམ་མི་དམིགས་ཉིད།། རང་གི་ས་ལཱ་ངེས་ཉིད་དང་།། ས་གསུམ་ལྔ་ནི་གནས་པ་དང་།། ཆོས་ཀྱི་དོན་དུ་སྲོག་གཏོང་བ།། དེ་འདྲའི་སྐད་ཅིག་བཅུ་དྲུག་ནི།། བློ་ལྡན་མོ་ཐོང་བའི་ལམ་གནས ་ཀྱི།། ཕྱིར་མི་ལྡོག་པའི་རྟགས་དག་ཡིན།། ཞེས་བྱ་བ་ལ། གཟུགས་སོགས་འདུ་ཤེས་ལྡོག་པ་དང་།། ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ལས་སངས་རྒྱས་ཀྱི་བར་གྱི་འདུ་ཤེས་ལྡོག་པ་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད ་པའོ།། དེ་སྐད་ཅེས་བཀའ་སྩལ་པ་ཞེས་བྱ་བ་ནས། ཕྱིར་མི་ལྡོག་པར་རིག་པར་བྱའོ་ཞེས་བྱ་བ་ཡན་ཆད་ཀྱིས་གསུངས་པ་དེ་ནི་མཐོང་བའི་ལམ་གྱིས་རྟགས་དང་པོ་ཡིན་ནོ།། སེམས་བརྟན་ཞེས་བྱ་བ་ལ། ་བདུད་ལ་སོགས་པས་མི་ཕྱེད་པ་ཉིད་ནི་སྡུག་བསྔལ་ཆོས་ཤེས་པ་སྟེ། གང་རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས། སྐྱོན་མེད་པར་འཇུག་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་གསུངས་པ་དེ་ནི་དེ་ཉིད་ཀྱི་རྟགས་དེ་གཉིས་བ ་ཡིན་ནོ།། ཐེག་པ་དམན་རློམས་ལས་ལྡེག་པཔཱ་ཞེས་བྱ་བ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་སྟེ། གང་དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་བྱ་བ་ནས། ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བཟློག་པར་མི ་ནུས་སོ་ཞེས་བྱ་བའི་བར་གྱིས་གསུངས་པ་དེ་ནི་དེ་ཉིད་ཀྱི་རྟགས་ཏེ་གསུམ་པའོ།། བསུམ་གཏན་ལ་སོགས་པའི། ཡན་ལག་ཡོངས་སུ་ཟད་པོ་དང་ཞེས་བྱ་བ་ལ། བསམ་གཏན་དང་གཟུགས་མེད་པ་ལ་སོགས་པའི་ཡན་ལག ་ནི་ལུས་ཡིན་ནོ།། དེ་ཡོངས་སུ་ཟད་པ་ནི་དེངེས་པ་ཉིད་དེ། འདོད་ཆགས་དང་བྲལ་བ་ལ་སོགས་པ་ཐོབ་པ་ལ་སྟོབས་ཆུང་བ་དེ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པ་སྟེ། གང་རབ་འབྱོར་ཞེས་བྱ་བ་ནས། ཕྱིར་མི་ལྡོག་པར་རིག་པར་བྱའོ་ཞེབྱས ་བར་གྱིས་གསུངས་པ་དེ་ནི་རྟགས་བཞི་པའོ།། ལུས་སེམས་ཡང་བ་ཉིད་དང་ནི་ཞེས་བྱ་བ་ལ། དྲན་པ་དང་ཤེས་བཞིན་དང་བཅས་པའི་སྤྱོད་ལམ་ལ་ལུས་ཡང་དག་པ་ཉིད་དང་། ལུས་ལྕི་བར་མི་འགྱུར་རོ་ཞེས་བྱ་བ་ལ་སོགས ་པ་ནི་ལུས་སེམས་ཡང་བ་ཉིད་དེ། དེ་གཉི་ག་ནི་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་སྟེ། གང་རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་ནས། ཕྱིར་མི་ལྡོག་པར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་པ་དེ་ནི་དེ་ལ ་རྟགས་ལྔ་པའོ།། འདོད་ལ་སྤྱོད་པ་ཐབས་མཁས་དང་། ཞེས་བྱ་བ་ནི་ཁྱིམ་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་ཡོངས་སུ་སྨིན་པོར་བྱའི་དོན་དུ་ཐབས་ལ་མཁས་པས་འདོད་པ་སྟེན་པར་བྱེད་པ་ཞེས་བྱ་བ་ནི་ཀུན་འབྱུང་ལ་ཆོས ་ཤེས་པ་སྟེ། གང་རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་ནས། ཕྱིར་མི་ལྡོག་པར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་པ་ནི་དེ་དག་ཉིད་ཀྱི་རྟགས་དྲུག་པའོ།། རྟག་ཏུ་ཚངས་པར་སྤྱོད་ཉིད་དང་ཞེས་བྱ་བ་ལ་ཁྱིམ་པའི ་བྱང་ཆུབ་སེམས་དཔའ་འཛམ་བུའི་གླིང་ལ་སོགས་པ་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་བ་སྦྱིན་པར་བྱེད་པ་དང་རྟག་ཏུ་ཚངས་པར་སྤྱོད་པའི་ཕྱི་བཞིན་ལག་ན་རྡོ་རྗེ་རྟག་ཏུ་འབྲང་ངོ་ཞེས་བྱ་བོ་ནི་ཀུན་འབྱུང་ལ་རྗེས་སུ་ཤེས་པའི ་བཟོད་པ་སྟེ། གང་རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་ནས། ཕྱིར་མི་ལྡོག་པར་རིག་པར་བྱའོ་ཞེས་བྱ་བ་གཉིས་པའི་བར་གྱིས་གསུངས་པ་དེ་ནི་དེ་ལ་རྟགས་བདུན་པའོ།། འཚོ་བ་རྣམ་པར་དྲག་ཉིད་དང་ཞེས་བྱ་བ་ནི་ཀུན་འབྱུང་ལ ་ཆོས་ཤེས་པ་ཡིན་ཏེ། གང་རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་ནས། ཕྱིར་མི་ལྡོག་པར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་པ་དེ་ནི་དེ་ལ་རྟགས་བརྒྱད་པའོ།། ཕུང་སོགས་ཞེས་བྱ་བ་ལ་སོགས་པ་ལ། སྦྱོར་བ ་ནི་ཞི་གནས་དང་རྗེས་སུ་སྦྱོར་བ་སྟེ་ལྷག་མཐོང་ངོ་།། སྦྱོར་དང་རྗེས་སུ་སྦྱོར་བ་ལ།། གནས་པ་ནི་སེམས་ཀྱི་སྤྱོད་པ་སྟེ། དེ་ཡོངས་སུ་བཀག་པའོ།། གང་ལ་ཞེ་ན། ཕུང་པོ་ལ་སྩོགས་པ་དང་པོར་བྱས་པ་ལྔ་མྱི་དམིག ་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པ་སྦྱོར་བ་དང་རྗེས་སུ་སྦྱོར་བའི་གནས་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་ཞེས་བྱ་བའི་དོན་ཏོ།། དེ་ལ་ཕྱིང་པོ་ལ་སོགས་པ་སྦྱོར་བ་དང་རྗེས་སུ་སྦྱོར་བའི་གནས་པ་སོ་སོར་བཀག་པ་གང་ཡིན་པ་དེ་ནི་སྟོང་པ་ཉིད ་དེའི་བསྒྲུབ་པ་ཉིད་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ།། དེ་ནི་འགོག་པ་ལ་ཆོས་ཤེས་པའི་བཟོད་པ་སྟེ། གང་རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་ནས། ཡང་དག་པར་རྗེས་སུ་མི་མཐོང་ངོ་། ་ཞེས་བྱ་བའི་བར་གྱིས་ནི་དེ་ལ་རྟགས་དགུ་པ་ཡིན་ནོ།། བར་ཆད་མེད་རྣམས་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ཀྱི་ཆོས་རྣམས་གང་ཡིན་པ་སྟེ། རྐུན་པོ་དང་ཆོས་མཐུན་པ་ཉིད་ཀྱི་ཕྱིར་དང་གཏམ་གྱི་ཡུལ་ཡིན་པའི་ཕྱིར་རྐུན་པོའི་གཏམ ་བསྟན་པ་གང་ཡིན་པ་དེ་ནི་འགོག་པ་ལ་ཆོས་ཤེས་པ་སྟེ། དེ་རྐུན་པོའི་གཏུམ་ཞེས་བྱ་བ་ལ་སོགས་པ་ནས། ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བའི་བར་གྱིས་གསུངས་པ་གང་ཡིན་པ་དེ་ནི་དེ་ལྟ་རྟགས་བཅུ་པའོ།། ཚོགས་དང་ཞེས ་བྱ་བ་ནི་དཔུང་གི་སྒྲ་བརྗོད་པ་ཡིན་ཏེ། གཉེན་པོ་ཕྱོགས་ཀྱི་ཚོགས་སོ།། དེ་ནི་འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་སྟེ། དེ་དམག་གི་གཏམ་ཞེས་བྱ་བ་ལ་སོགས་པ་ནས། ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བའི་བར་གྱིས ་གསུངས་པ་གྲང་ཡིན་པ་དེ་ནི་དེ་ཉིད་ལ་རྟགས་བཅུ་གཅིག་པའོ།། དབང་སོགས་བཅས་པའི། གཡུལ་འགྱེད་ཅེས་བྱ་བ་ལ་གསུམ་འགྱེད་པ་ནི་མི་མཐུན་པའི་ཕྱོགས་དང་གཉེན་པོའི་ཕྱོགས་དག་གི་གཡུལ་འགྱེད་པ་སྟེ། གཡུལ་འགྱེད་པ་ཡོད། ་ན་འགོག་པ་ཐོབ་པར་འགྱུར་རོ།། ལུས་དང་གནས་དང་ལོངས་སྤྱོད་དུ་སྣང་བའི་རྣམ་པར་རིག་པ་དག་ཤིན་ཏུ་ལྡོག་པ་ནི་འགོག་པའོ།། དེ་ལ་ལུས་ནི་དབང་པོའི་གྲོང་ཡིན་པ་དེ་ཉིད་ཀྱིས་ན་གྲོང་གི་སྒྲས་གསུངས་སོ།། ལུས་ཀྱི་རྟེན་ནི་གནས་ཡིན ་པ་དེ་ཉིད་ཀྱིས་གྲོང་ཁྱེར་གྱི་སྒྲར་གསུངས་སོ།། ལོངས་སྤྱོད་ནི་ཡུལ་གྱི་ཚོགས་ཡིན་ཏེ། དེ་ཡང་གྲོང་རྡལ་གྱི་སྒྲས་གསུངས་ཏེ། དབང་པོས་ངེས་པར་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རོ།། འགྲོག་པ་དེ་ཡང་བདག་མེད་པ་ལ་སོགས་པ་ཐོབ་པ་ཡིན ་ཏེ། དེ་དག་ཤིན་ཏུ་མེད་པའི་ཕྱིར་རོ།། དེ་བས་ན་གཡུལ་འགྱེད་པ་དང་གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་གཏམ་དག་ལ་སྦྱོར་བ་དང་རྗེས་སུ་སྦྱོར་བའི་གནས་པས་སོ་སོར་བཀག་པ་དང་། ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་འབའ་ཞིག་གི་གཏམ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པའི་གནས་པ་སྒྲུབ་པ་ཡིན་ནོ།། དེ་ནི་འགོག་པ་ལ་རྗེས་སུ་ཤེས་པ་སྟེ། དེ་ཡུལ་གྱི་གཏམ་ཞེས་བྱ་བ་ལ་སོགས་པ་ནས། ཡིད་ལ་བྱ་བ་དང་མ་བྲལ་བར ་གནས་ཏེ་ཞེས་བྱ་བའི་བར་གྱིས་གསུངས་པ་གང་ཡིན་པ་དེ་ནི་དེ་ཉིད་ལ་རྟགས་བཅུ་གཉིས་པའོ།། སེར་སྣ་ལ་སོགས་ལ་ཞེས་བྱ་བ་ལ་སེར་སྣ་ལ་སོགས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་སོ།། ཆོས་འདོད་པ་ལ་སོགས་པ་དང ་ལྡན་པ་གང་ཡིན་པ་དེ་ནི་ལས་པ་ཆོས་ཤེས་པའི་བཟོད་པ་སྟེ། དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནས། ཕྱིར་མི་ལྡོག་པར་བྱའོ་ཞེས་བྱ་བའི་བྱར་གྱིས་གསུངས་པ་གང་ཡིན་པ་དེ་ནི་དེ་ཉིད་ལ་རྟགས་བཅུ་གསུམ་པས། ་ཆོས་ནི་རྡུལ་ཙམ་མི་དམིགས་ཉིད།། རང་གི་ས་ལ་ངེས་པ་ཉིད་ཅེས་བྱ་བ་ལ་ཆོས་རྡུལ་ཙམ་ཡང་མི་དམིགས་པ་དེ་ལྟར་ན་ཡང་བདག་ཐེ་ཙོམ་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་པར་འགྱུར་བ་དེ་གཉིས་ནི་ལམ་ལ་ཆོས་ཤེས་པ ་སྟེ། རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་ནས། ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བའི་བྱར་གྱིས་གསུངས་པ་གང་ཡིན་པ་དེ་ནི་དེ་ཉིད་ལ་རྟགས་བཅུ་བཞི་པའོ།། ས་གསུམ་ལ་ནི་གནས་པ་དང་ཞེས་བྱ་བ་ལ། ཆོས ་རྣམས་ནི་སྐྱེ་བོ་མེད་པ་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ནི་ཐོབ་པར་བྱ་བ་ཉིད་དང་། ཐེག་པོ་ཆེན་པོ་ནི་དེ་བཞིན་གཤེགས་པས་གསུངས་པ་ཉིད་དེ། གནས་གསུམ་ཞེས་བྱ་བ་ནི་ས་གསུམ་མོ།། དེ་ལྔ་གནས་པོ་ནི་བདུད ་རྣམས་ཀྱིས་ངེས་པར་མི་འབྱེད་པ་སྟེ། དེ་ནི་འགོག་པ་ལོ་རྗེས་སུ་ཤེས་པའི་བཟོད་པའོ།། རབ་འབྱོར་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ནས། གཞན་ཡང་རབ་འབྱོར་ཕྱིར་མི་ལྡོག་པར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་པ ་གང་ཡིན་པ་དེ་ནི་དེ་ཉིད་ལ་རྟོགས་བཅོ་ལྔ་པའོ།། ཆོས་ཀྱི་དོན་དུ་སྲོག་གཏོང་བ་ཞེས་བྱ་བ་ལ། ཆོས་ཐམས་ཅད་སྟོང་པ་ཉིད་དོ་ཞེས་བྱ་བ་ནི་ཆོས་ཡིན་ལ་དེའི་དོན་དུ་སྲོག་ཀྱང་གཏོང་བ་ཞེས་བྱ་བ་ནི་ལམ་རྗེས་སུ་ཤེས་པ་སྟེ། རབ ་འབྱོ་གཝཱནྡྷ་ཡང་ཞེས་བྱ་བ་ནས། སྔོ་སོ་ཡང་དག་པར་རིག་པ་མངོན་པར་བསྒྲུབ་བོ་ཞེས་བྱ་བའི་བར་གྱིས་གསུངས་པ་གང་ཡིན་པ་དེ་ནི་དེ་ཉིད་ལྟ་རྟགས་བཅུ་དྲུག་པའོ།། དེ་འདྲའི་སྐད་ཅིག་བཅུ་དྲུགྷ་ནཱི།། བློ་ལྡན་སུ་མྱོང་བའི་ལྡུམ་གན ་ཀྱི་ཕྱིར་མི་ལྡོག་པའི་རྟོགས་དག་ཡིན།། ཞེས་བྱ་བ་ནི་མཇུག་བསྡུ་བའོ།། བཾ་སྒོམ་པའི་ལམ་ལ་གནས་པ་ནི་དབང་དུ་མཛད་ནས། བསྒོམ་པའི་ལམ་ནི་ཟབ་པ་སྟེ་ཞེས་བྱ་བ་གསུངས་ཏེ། མདོ་ལས་ཟབ་མོའི་ཚིག་གིས ་བསྒོམ་པའི་ལམ་གསུངས་པ་ཡིན་ཏེ། མང་པོའི་ཚིག་ནི་ཟློས་པའི་སྦྱོར་བས་སོ།། གང་ལ་གནས་ན་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའོ།། རབ་འབྱོར་གྱིས་གསོལ་བ་ཞེས་བྱ་བ་ནས། ལེགས་པར་བསྟན་དུ་གསོལ ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ།། དེའི་ཟླཟབ་པ་ཉིད་གང་ཞེ་ནོ།། ཟབ་མོ་སྟོང་པ་ཉིད་ལ་སོགས་ཞེས་པ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། ཟབ་མོ་ཟབ་མོ་ཞེས་བྱ་བ་དེ་དག་གོ་ཞེས་བྱ་བའི་བར་གྱིས ་གང་གསུངས་པའོ།། སྟོང་པ་ཉིད་ལ་སོགས་པའི་ཟབ་པ་ཡང་གང་ཞེ་ན། ཟབ་པ་དེ་ནི་སྒྲོ་འདོགས་དང་།། སྐུར་པའི་མཐའ་ལས་གྲོལ་བ་ཉིད་དེ་དེ་བཞིན་ཉིད་ལོ་གཟུགས་མེད་པ་ནས། བྱང་ཆུབ་མེད་ཅེས་བྱ་བའི་བར་གྱིས་སྒྲོ ་འདོགས་པའི་མཐའ་ལས་གྲོལ་བ་ཉིད་དང་། གཟུགས་ལས་གཞན་པ་ཡང་མ་ཡིན་པ་ནས། བྱང་ལས་གུད་ན་ཡང་དེ་བཞིན་ཉིད་མེད་དོ་ཅེས་བྱ་བའི་བར་གྱི་སྐུར་པའི་མཐའ་ལས་གྲོལ་བ་ཉིད་དེ། གསོལ་པ་དེ་ཞེས་བྱ ་བ་ལ་སོགས་པ་ནས། དེ་ནི་ངོ་མཚར་ཆེའོ་ཞེས་བྱ་བའི་བྱར་གྱིས་གང་གསུངས་པའོ།། བསྒོམ་པའི་ལམ་ཡང་གང་ཞེ་ན། ཡང་དང་ཡང་དུ་སེམས་པ་དང་།། འཇལ་དང་ངེས་རྟོག་བསྒོམ་པའི་ལམ་སྟེ། ་གཅིག་ཏུ་དབེན་པར་སོང་ནས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ངེས་བྱའི་དོན་ལ་རིགས་པ་བཞིས་རྣམ་པར་སྤྱོད་པ་ནི་སེམས་པའོ།། རིགས་པ་ནི་ལྟོས་པའི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ་དང་། འཐད་པ་སྒྲུབ་པའི ་རིགས་པ་དང་། ཆོས་ཉིད་ཀྱི་རིགས་པའོ།། དེ་ནས་ཇི་ལྟར་བསམས་པའི་དོན་ལ་རྣམ་པ་དགུ་མཐར་ཐུག་པ་ནི་ཞི་གནས་ཏེ། འཇལ་བའོ།། དེ་ནས་དོན་དགུ་པོ་དེ་འབྱེད་པ་དང་། རབ་ཏུ་འབྱེད་པ་དང་། ཡོངས་སུ་རྟོག་པ་དང་། ཡོངས ་སུ་གཅོད་པའི་མཚན་ཉིད་ནི་ལྷག་མཐོང་སྟེ། ངེས་པར་རྟོག་པའོ།། གསུམ་པོ་དེ་དག་ཉིད་ལ་ཡང་དང་ཡང་དུ་ཞེས་བྱ་བའི་ཡང་དང་ཡང་དུའོ།། འདི་ནི་བསྒོམ་པའི་ལམ་གྱི་མཚན་ཉིད་དེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེ ་བྱ་བ་ལ་སོགས་ནས། འཛུལ་བ་དང་རྟོག་པར་གྱིས་ཤིག་ཅེས་བྱ་བའི་བར་གྱིས་གསུངས་པའོ།། དེ་ལྟར་ཡིན་ན་བསྒོམ་པའི་ལམ་གྱིས་དམིགས་པ་གང་ཞེ་ན། ངེས་འབྱེད་ཡན་ལག་དང་མཐོང་བའི།། ལམ་ལ་བསྒོམ་པོའི་ལམ ་ཉིད་ལ།། དེ་ནི་རྒྱུན་ཆགས་ཡིན་པའི་ཕྱིར།། བཞེད་ཅེས་པ་སྟེ། ཇི་སྐད་བསྟན་པ་བཞིན་དུ་བདག་གི་ཞེས་བྱ་བ་ལ་སོགས་པ་ནས། རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ་ཞེས་བྱ་བའི་བར་གྱིས་གསུངས་པའོ།། དེ་ལ་གནས་པར ་ཞེས་བྱ་བའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལྔའོ།། བསླབ་པར་བྱ་ཞེས་བྱ་བ་ནི་མཐོང་བའི་ལམ་ལའོ།། བསྒྲུབ་པར་བྱ་ཞེས་པ་ནི་བསྒོམ་པའི་ལམ་ལའོ།། དེ་བཞིན་དུ་སྒྲུབ་པ་དང་སེམས་པ་དང་ཡོངས་སུ་རྟོག་པ་དང་། ་བརྩོན་པར་བྱེད་པ་ཞེས་བྱ་བ་ནི་གོ་རིམས་སྨྲ་དྲོད་དང་རྩེ་མོ་དང་བཟོད་པ་དང་ཆོས་མཆོག་དག་ལའོ།། རྩོལ་བ་ཞེས་བྱ་བ་ནི་མཐོང་བའི་ལམ་ལའོ།། འབད་པ་ཞེས་བྱ་བ་ནི་བསྒོམ་པའི་ལམ་ལའོ།། གཞུང་ལྷག་མ་ནི་ཕན་ཡོན་ནོ།། ་རྣམ་པས་རྣམ་པ་དགུར་བཞེད་ཅེས་བྱ་བ་ནི་བསྒོམ་པའི་ལམ་མོ།། ཡང་ཞེས་བྱ་བ་ནི་དེའི་མི་མཐུན་པའི་ཕྱོགས་ཀྱི་རྣམ་པའི་དབྱེ་བས་རྣམ་པ་དགུར་འགྱུར་བའོ།། དེ་ཇི་ལྟར་ཞེ་ན། ཆུང་དང་འབྲིང་དང་ཆེན་པོ་རྣམས།། ཆུང་ངུའི ་ཆུང་སོགས་དབྱེ་བ་ཡིས།། ཆུང་ངུའི་ཆུང་ངུ་དང་། ཆུང་ངུའི་འབྱིང་དང་། ཆུང་ངུའི་ཆེན་པོ་དང་། འབྲིང་གི་ཆུང་ངུ་དང་། འབྲིང་གི་འབྲིང་དང་། འབྲིང་གི་ཆེན་པོ་དང་། ཆེན་པོའི་ཆུང་ངུ་དང་། ཆེན་པོའི་འབྲིང་དང་། ཆེན ་པོའི་ཆེན་པོའོ་ཞེས་བྱ་བའི་གོ་རིམ་འདི་ཉིད་ཀྱིས་གཉེན་པོའི་ཕྱོགས་ཀྱི་རྣམ་པ་དགུའི་འཐད་པ་ཡིན་ཏེ། དེ་དག་སྐྱེས་པས་ལུགས་ལས་བཟློག་པའི་རིམ་བཞིན་དུ་མི་མཐུན་པའི་ཕྱོགས་ཀྱི་རྣམ་པ་ཆེན་པོའི་ཆེན་པོ་དང་། ་ཆེན་པོའི་འབྲིང་དང་། ཆེན་པོའི་ཆུང་ངུ་དང་། འབྲིང་གི་ཆེན་པོ་དང་། འབྲིང་གི་འབྲིང་དང་། འབྲིང་གི་ཆུང་ངུ་དང་། ཆུང་ངུར་ཆེན་པོ་དང་། ཆུང་ངུའི་འབྲིང་དང་། ཆུང་ངུའི་ཆུང་ངའོ་ཞེས་བྱེ་བ་སྤོང་སྟེ། གོས་ལ་དྲི་མ་ཆེན ་པོ་སྔར་དག་པར་བྱས་ནས་ཕྱིས་ཆུང་ངུ་དག་པར་བྱེད་པ་དེ་བཞིན་དུ་སེམས་ལ་ཡང་ངོ་།། འདི་མན་ཆད་ཚིག་ཆེན་པོ་བརྒྱད་ཀྱིས་བདེ་བར་གཤེགས་པ་མང་ངོ་ཞེས་བྱ་བའི་བར་གྱིས་ཕྱེད་གོང་མ་རྣམས་ཀྱིས་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བའི་གང་ཟག་ཕུང་པོ་ལ་སོགས་པ་ལ་དམིགས་པ་མི་མཐུན་པའི་ཕྱོགས་ཀྱི་མཚན་ཉིད་ཆེན་པོའི་ཆེན་པོ་ལ་སོགས་པ་རྣམ་པ་བརྒྱད་གསུངས་ཏེ། དེ་དང་ལྡན་པའི་སྦྱིན་པ་ལ་སོགས་པ་ཆེན་པོ་ཉིད་ཀྱང ་འབྲས་བུ་ཆུང་བ་ཉིད་ཀྱི་ཕྱིར་རོ།། ཕྱེད་འོག་མ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་སྔོན་དུ་སོང་བ་ཅན་དག་གིས་གཉེན་པོའི་ཕྱོགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་བསྒོམ་པའི་ལམ་གྱི་ཆུང་ངུའི་ཆུང་ངུ་ལ་སོགས ་པ་རྣམ་པ་བརྒྱད་གསུངས་ཏེ། དེ་དག་ནི་འབའ་ཞིག་པ་དང་། སྦྱིན་པ་ལ་སོགས་པ་ཆུང་ངུ་དང་བཅས་པ་ཡིན་ཡང་འབྲས་བུ་ཆེ་བ་ཉིད་ཀྱི་ཕྱིར་རོ།། དེ་ལྔ་མི་མཐུན་པའི་ཕྱོགས་བརྒྱད་པ་ནི་མངོན་པར་འདུ་བྱེད་པའི་རྣམ་པར་རྟོག་པ་སྟེ། ་ཆུང་ངུའི་འབྲིང་ཡིན་ལ། གཉེན་པོའི་ཕྱོགས་ཆེན་པོའི་འབྲིང་ནི་མངོན་པར་འདུ་བྱེད་པ་མི་དམིགས་པ་ཡིན་ནོ།། མི་མཐུན་པའི་ཕྱོགས་དགུ་པ་ནི་མངོན་པར་འདུ་བྱེད་པའི་རྣམ་པར་རྟོག་པ་ཁོ་ན་ཆུང་ངུའི་ཆུང་ངུ་ཡིན་ལ། གཉེན་པོ ་ཕྱོགས་ཆེན་པོའི་ཆེན་པོ་ནི་མངོན་པར་འདུ་བྱེད་པ་མི་དམིགས་པ་ཡིན་ཏེ། གཉིས་པོ་དག་གསོལ་པ། བཅོམ་ལྡན་འདས་མངོན་པོར་འདུ་བྱེད་པ་མ་མཆིས་པ་ནི་ཞེས་བྱ་བ་ནས། ཚད་མེད་པའི་བསོད་ནམས་འཕེལ་བར་འགྱུར་རོ་ཞེས ་བྱ་བའི་བར་གྱིས་གསུངས་པའོ།། གྲངས་མེད་པ་དང་། དཔག་ཏུ་མེད་པ་དང་། ཚད་མེད་པ་ཞེས་བྱ་བའི་སྐབས་ཡིན་པ་དེ་བས་ན་རབ་འབྱོར་གྱིས་གསོལ་པ། དེ་དག་སོ་སོ་ལ་བྱེ་བྲག་ཅི་མཆིས་ཞེ་ན། དེ་ལ་བཅོམ་ལྡན་འདས་ཀྱིས ་གང་གཞལ་བར་མི་ནུས་སོ་ཞེས་བྱ་བ་དེ་ཡན་ཆད་ཀྱི་ངེས་པའི་ཚིག་གི་དབྱེ་བ་གསུངས་པ་ཡིན་ནོ།། འདི་མན་ཆད་དྲི་བ་དང་ལན་གསུམ་གྱིས་སྟོང་པ་ཉིད་ཅེས་བྱ་བའི་རྣམ་གྲངས་ཀྱིས་ཆོས་ཐམས་ཅད་མི་ཟད་པ་དང་། གྲངས་མེད ་པ་དང་། དཔག་ཏུ་མེད་པ་དང་། ཚད་མེད་པ་ཞེས་བྱ་བ་དེ་བཞིན་དུ་བསྒྲུབ་པར་བྱ་བ་ཡིན་པ་དེ་བས་ན་རབ་འབྱོར་གྱིས་གསོལ་བ། དེ་བས་ན་དོན་དང་ཡི་གེ་ཐ་དད་པ་དེ་དག་ཅེས་བྱ་བ་ལ། དོན་མེད་པ་སྟེ་སྟོང་པ་ཉིད་ལ་ཐ་དད་པ་མེད ་པའི་ཕྱིར་རོ།། ཡི་གེ་མེད་པ་སྟེ་དྲོན་ཐ་དད་པ་མེད་པའི་ཕྱིར་རོ།། འདི་ཙམ་གྱིས་ནི་ཐམས་ཅད་དུ་རྒོལ་བ་ཉིད་རབ་ཏུ་བསྒྲུབས་པ་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་ནས། མྱ་ངན ་ལས་འདས་པའི་བར་ཞེས་བྱ་བའི་བར་གྱིས་གང་གསུངས་ཏེ། དེ་བཞིན་ནོ་ཞེས་བྱ་བ་ནི་ཞལ་གྱིས་གཱ་ཞེས་པ་སྟེ། དོན་དམ་པར་ཞེས་བྱ་བར་དགོངས་སོ།། བརྗོད་དུ་མེད་པ་ལས་བརྗོད་པ་ཞེས་བྱ་བ་ནི་དོན་ཐ་དད་པ་མེད་ཀྱང་ཐོ་དད ་བའི་སྒོ་ནས་བརྗོད་པའི་ཕྱིར་རོ།། རྒོལ་བའི་ལན་ནི་མི་ཟད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིས་བསྟན་པས་ན་བསྟན་པ་སྟེ། སྙིང་རྗེའོ།། དེའི་རྒྱུ་མཐུན་པ་འདི་ནི་བཤད་པ་སྟེ། མི་ཟད་པོ་ཞེས་བྱ་བ་ལ་སོགས་ཏེ། ཀུན་རྫོབ ་ཏུ་ཞེས་བྱ་བར་དགོངས་སོ།། དེ་ཇི་ལྟར་ཞེ་ན། རྣམ་པར་གཅོད་པ་ཐ་དད་པའི་ཕྱིར་རོ།། དེ་བས་ན་བསྟན་བཅོས་ལས། གྲངས་མེད་ལ་སོགས་བསྟན་པ་རྣམས།། དམ་པའི་དོན་དུ་བཟོད་མ་ཡིན།། ཀུན་རྫོབ་དེ་དག་ཐུགས ་བརྩེ་བའི།། རྒྱུ་མཐུན་གྱུར་པ་ཐུབ་པ་བཞེད།། དངོས་པོ་བརྗོད་དུ་མེད་པ་ལ།། ཉམས་པ་དང་ནི་འཕེལ་མི་རུང་།། བསྒོམ་ཞེས་བྱ་བའི་ལམ་གྱིས་ནི།། ཅི་ཞིག་ཉམས་ཤིང་ཅི་ཞིག་འཐོབ་ཅེས་བྱ་བ་གསུངས་ཏེ། བརྗོད་དུ་མེད་པ་ལ་ཞེས་བྱ་བ་ནི ་བརྗོད་པར་བྱ་བ་མ་ཡིན་པ་ལའོ།། དེ་བས་ན་བསྒོམ་པའི་ལམ་གྱིས་ཅི་ཞིག་ཉམས་ཅི་ཞིག་འཕེལ་ཞེས་བྱ་བ་ནི་བརྒལ་བ་སྟེ། གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནས། ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན ་པར་རྫོགས་པར་འཚང་རྒྱུ་བར་འགྱུར་ཞེས་བྱ་བའི་བར་གྱིས་གསུངས་པའོ།། བྱང་ཆུབ་ཇི་སྟེ་དེ་བཞིན་དུ།། འདི་ནི་འདོད་པའི་དོན་སྒྲུབ་བྱ་ཞེས་བྱ་བ་ལ། འདི་ཞེས་བྱ་བ་ནི་བསྒོམ་པའི་ལམ་སྟེ། འདི་ཙམ་ནི་ལན་ཡིན་ཏེ། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་བ་ཞེས་བྱ་བ་ནས། ཇི་ལྟ་བ་དེ་བཞིན་དུ་ཡོངས་སུ་བསྔོའོ་ཞེས་བྱ་བའི་བར་གྱིས་པའོ།། དེ་སྐད་དུ། བྱང་ཆུབ་དེ་བཞིན་ཉིད་མཚོན་ཉིད།། དེ་ཡང་དེ་ཡི་མཚན་ཉིད་བཞེད་ཅེས་བྱ་བ་གསུངས་ཏེ། འཕེལ་བ་དང་འགྲིབ་པ་མེད ་པའི་ཚུལ་གྱིས་དེ་བཞིན་ཉིད་ཙམ་མཐོང་བ་ཞེས་བྱ་བ་ནི་དངོས་སུ་བྱང་ཆུབ་ཀྱི་མཚན་ཉིད་ཡིན་ཏེ། གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེས་བྱ་བའི་བར་གྱིས ་གང་གསུངས་པའོ།། སེམས་ནི་སྔ་མས་བྱང་ཆུབ་པར།། རིགས་མིན་ཕྱི་མས་ཀྱང་མ་ཡིན།། ཚོགས་པ་དག་གིས་ནི་ནུས་པ་མ་ཡིན་ཏེ།། ཕྲད་པ་མེད་པའི་ཕྱིར་རོ།། རེ་རེས་ཀྱང་མ་ཡིན་ཏེ། སེམས་དང་པོ་ཉིད་ཀྱིས་ཀྱང་བྱང་ཆུབ་ཐོབ་པར་འགྱུར ་བའི་ཕྱིར་ཕྱི་མ་དག་གིས་ནི་དོན་མེད་པར་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི་བརྒལ་བ་སྟེ། གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནས། མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ།། ། ་མར་མོའི་དཔེའི་ཚུལ་གྱིས་ནི་ཞེས་བྱ་བ་ནི་བྱང་ཆུབ་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ།། འདི་ཙམ་ནི་ལན་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། རྟེན་ཅིང་འབྲེལ་པར་འབྱུང་བ་ནི་ཟབ་བོ་ཞེས་བྱ་བའི་བར་གྱིས་གང ་གསུངས་པའོ།། བྱང་ཆུབ་ཀྱི་མཚན་ཉིད་མ་ལུས་པ་ཡང་གང་ཞེ་ན། ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད།། བྱང་ཆུབ་ཅེས་བྱ་བར་སྦྱར་རོ།། ཆོས་ཉིད་ཀྱི་ཟབ་པ་རྣམ་པ་བརྒྱད་གང་ཡིན་པ་དེ་ཉིད་མངོན་སུམ་དུ་བྱས་པ་དེ་ནི་བྱང་ཆུབ་བོ།། བརྒྱད ་གང་ཞེ་ན། སྐྱེ་བ་དང་ནི་འགག་པ་དང་།། དེ་བཞིན་ཉིད་དང་ཤེས་བྱ་དང་།། ཤེས་དང་སྤྱོད་དང་གཉིས་མེད་དང་།། ཐབས་ལ་མཁས་པ་ཟབ་པ་ཉིད།། ཅེས་བྱ་བ་གསུངས་ཏེ། གཉིས་སུ་མེད་པ་དང་ཐབས་ལ་མཁས་པ་ཞེས་བྱ་བ་ཚེགས་པ་གཙོ ་བོར་གྱུར་པའི་ཟླས་དབྱེ་བའོ།། སེམས་ཀྱི་རྒྱུད་འགོག་པས་འགོག་པ་ཡང་སྐྱེ་བ་མེད་པ་ཞེས་བྱ་བ་ནི་སྐྱེ་བ་ཟབ་པ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་བྱ་བའི་བར་གྱིས ་གང་གསུངས་པའོ།། དེ་ཁོ་ན་བཞིན་དུ་འགོག་པ་དང་འགོག་པའི་ཆོས་ཅན་འགོག་པར་མི་འགྱུར་རོ་ཞེས་བྱ་བ་ནི་འགག་པ་ཟབ་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། བཅོམ་ལྡན་འདས ་དེ་ནི་མ་ལྤགས་སོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ།། རྣམ་པར་རྟོག་པའི་རྒྱུད་འགག་པས་སེམས་འགག་པ་ནི་སྤྲོས་པ་མེད་པའི་ངོ་བོ་ཉིད་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་གནས་པར་འགྱུར་བའི་སེམས་དེ་ནི་དེའི་ཚེ་ཡང་དག ་པ་ཡིན་གྱི། ཡང་དག་པའི་མཐའ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དེ་བཞིན་ཉིད་ཟབ་པ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞེས་བྱ་བ་ནས། བཅོམ་ལྡན་འདས་ཟབ་པོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ།། དེ་བཞིན་ཉིད་ཇི་ལྟ་བ ་བཞིན་དུ་སེམས་ཀྱི་མཚན་ཉིད་དངོས་པོ་མེད་པ་མ་ཡིན་ཏེ། དེ་ནི་རབ་ཏུ་གསལ་བའི་མཚན་ཉིད་ཡིན་པའི་ཕྱིར་རོ།། སེམས་ནི་དེ་བཞིན་ཉིད་ལས་གཞན་པ་ཡང་མ་ཡིན་ཏེ། གསལ་བ་དང་། ཐ་དད་པ་མེད་པའི་ཕྱིར་དེ་བཞིན་ཉིད་གསལ་བར་གྱུར། ་བ་རིག་པར་བྱ་བའི་དེ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་ཤེས་བྱ་ཟབ་པ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པ་དྲི་བ་དང་ལན་གཉིས་ཀྱིས་གསུངས་པའོ།། དེ་བཞིན་ཉིད་ཀྱིས་དེ་བཞིན་ཉིད་མཐོང་བ་ཡང་མ་ཡིན་ཏེ། ་དངོས་པོ་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཤེས་པ་ཟབ་པ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པ་དྲི་བ་དང་ལན་གྱིས་གསུངས་པའོ།། དེ་བས་ན་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད ་ཁོང་དུ་ཆུད་པ་བྱང་ཆུབ་ཡིན་ལ། དེ་ལྟ་སྤྱོད་པ་གང་ཡིན་པ་དེ་ནི་བཅོམ་ལྡན་འདས་མ་ལ་སྤྱོད་ཅིང་གང་ཡང་དེ་ལ་སྤྱོད་པ་དེ་ནི་ཅི་ལ་ཡང་མི་སྤྱོད་དོ་ཞེས་བྱ་བ་ནི་སྤྱོད་པ་ཟབ་པ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། ཅི ་ལ་ཡང་མི་སྤྱོད་དོ་ཞེས་བྱ་བའི་བར་གྱིས་གསུངས་པའོ།། གང་དེ་ལ་སྤྱོད་པ་དེ་ནི་གཉིས་སུ་མེད་པའི་དོན་དམ་པ་ལ་སྤྱོད་ཅིང་མཚན་མར་འདུ་ཤེས་པ་མེད་དོ་ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཟབ་པ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ་ཞེས་བྱ་བ་ལ་སོགས་པ་དྲི་བ་དང་ལན་གསུམ་གྱིས་གང་གསུངས་པའོ།། སྟོབས་དང་མི་འཇིགས་པ་ལ་སོགས་པ་ཡོངས་སུ་མ་རྫོགས་པར་ཆོས་ཐམས་ཅད་སྟོང་པ་ཉིད་ལ་གནས་ཤིང་ཏིང་ངེ་འཛིན་གསུམ་ལ་སྙོམས་པར་ཞུགས ་ནས་སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་ཞེས་བྱ་བ་ནི་ཐབས་ལ་མཁས་པ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། ཡོངས་སུ་སྨིན་པར་བྱེད་དོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ།། དེ་ནི་ཟབ་པ་རྣམ་པ་བརྒྱད ་བསྟན་པའོ།། སློབ་པ་ཕྱིར་མི་ལྡོག་པའི་ཚོགས་བསྟན་ནས། བསྒོམ་པའི་ལམ་གྱི་གནས་སྐབས་སུ་སྲིད་པ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བ་དང་། ཐབས་ལ་མཁས་པ་བསྟན ་བར་བྱ་བ་ཡིན་པ་དེ་བསོ་ན་མདོ་ལེས་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་ཀྱི་དབང་དུ་མཛད་ནས། དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ཞེས་བྱ་བ་ནས། བསྒོམ་པ་ཡང་ཡོད་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ།། ། ་དེའི་དོན་ནི། ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར།། སྲིང་དང་ཞི་བར་མི་རྟོག་པ།། ཞེས་བྱ་བ་སྨོས་ཏེ། འདིར་འཁོར་བ་དང་མྱ་ངན་ལས་འདས་པ་ལ། རྨི་ལམ་གྱི་ནང་དང་ཉིན་པར་གྱི་སྒྲས་གསུངས་པ་ནི་ཆོས ་མཐུན་པ་ཉིད་ཀྱི་ཕྱིར་རོ།། དེའི་ཚེ་བྱང་ཆུབ་སེམས་དཔའ་ཡང་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་ཡིན་པ་དེ་བས་ནི་དེ་ལ་མི་རྟོག་པ་སྟེ། ཐ་དད་པོའི་རྟོག་པ་མེད་པ་མཉམ་པ་ཉིད་དུ་མཐོང་ཞེས་བྱ་བའི་དོན་ཏོ།། ལས་མེད ་ལ་སོགས་ཀླན་ཀ་ཡི།། ལན་ནི་ཇི་སྐད་བཤད་པར་ཟད་ཅེས་བྱ་བ་ནི་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་ཉིད་ཡིན་ན་ལས་མེད་པ་ལ་སོགས་པའི་རྒོལ་བ་ཀུན་འབྱུང་བར་འགྱུར་རོ།། དེ་དག་གི་ལན་དེ་ཡང་མདོ་ལས་ཇི་སྐད་དུ ་བཤད་པ་ནི་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཞེས་བྱ་བ་ནས། བདག་ནི་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེས་བྱ་བའི་བར་ཡིན་ཏེ། འདིར ་འཇིག་རྟེན་ན་རབ་ཏུ་གྲགས་པ་ཉིད་ཀྱི་རྨི་ལོམ་དང་སྨོད་པར་བཟུང་ནས་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་ཉིད་ཡིན་ན་ཇི་ལྟར་རྨི་ལམ་ན་སྦྱིན་པ་དང་འཚེ་བ་ལ་སོགས་པ་དག་གིས་བསོད་ནམས་དང་སྡིག་པར་མི་འགྱུར་ཏེ། ་མ་བསགས་པའི་ཕྱིར་རོ།། དེ་བཞིན་དུ་སད་པ་ན་ཡང་མི་འགྱུར་རོ་ཞེས་བརྒལ་བའོ།། རྨི་ལམ་དུ་སྲོག་ཆགས་བསད་ནས་སད་པ་དང་། ཨེ་མའོ་སང་ངོ་།། ངས་བསང་ངོ་།། ལེགས་པར་ངས་པསེང་ངོ་།། ཞེས་གང་རྣམ ་པར་རྟོག་ན་ཅི་དེ་ལས་སྡིག་པར་འགྱུར་རམ་ཞེས་སླར་དྲིས་པ་ལ། རང་ཉིད་ཀྱིས་དམིགས་པ་དང་བཅས་པ་ཁོ་ན་ལཱ་ལས་སྐྱེའི། དམིགས་པ་མེད་པར་ནི་མ་ཡིན་ནོ་ཞེས་སྨྲས་སྷོ།། གལ་ཏེ་སད་པའི་རྣམ་པར་རྟོག་པས་མྦྷི ་ལམ་གྱི་ལས་དམིགས་པ་དང་བཅས་པ་ཉིད་ཀྱི་ཕྱིར་འབྲས་བུ་ཡོད་པ་ཡིན་ན་གཉིད་མ་ལོག་པའི་རྣམ་པར་རྟོག་པས་དམིགས་པོ་དང་བཅས་པ་ཉིད་ཀྱི་ཕྱིར་འབྲས་བུ་དང་བཅས་པ་ཡིན་ཏེ། ཤིན་ཏུ་འབྲས་བུ་དང་བཅས་པ་ཡིན ་ཞེས་བྱ་བ་འདི་ཙམ་ནི་ལན་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་སེམས་ལུས་བྱུང་བ་ཐམས་ཅད་དབེན་པར་གསུངས་པ་མ་ཡིན་ནམ། དེ་ཇི་ལྟར་ན་དམིགས་པ་དང་བཅས་པ་ལས་ཡིན་ཞེས་ཡང་བརྒོལ་བའོ།། མཚན་མར ་བྱས་ནས་དམིགས་པ་དང་བཅས་པ་ཡིན་གྱི། དོན་དམ་པར་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ལན་ཡིན་ནོ།། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་ལ། རྨི་ལམ་གྱི་ནང་དུ་ཞེས་བྱ་བའི་སྒྲ་ནི་འདིར་མཚན་མར་མི ་བྱེད་པ་ཉིད་དང་ཆོས་མཐུན་པའི་ཕྱིར་མཱི་དམིགས་པའི་ཚུལ་བསྟན་པ་ཡིན་ཏེ། གང་མི་དམིགས་པ་ལ་གནས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམས་ཏེ། བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན་དེ་ཙཱི་ཡོངསྡེ་སུ་བསྔོས་པར་འགྱུར ་རམ་ཞེས་གོ་བར་བྱེད་པ་ན་ཙ་ཞེས་བྱ་བའི་སྒྲ་མེད་པར་རྟོགས་པའི་རྒོལ་བའོ།། མི་དམིགས་པའི་མཐར་སོན་པའི་མཚན་ཉིད་ཅན་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མི་དམིགས་པའི་ཚུལ་ཉིད་ནི་ཐབས་ཀྱི་གཙོ་བོར ་གྱུར་པ་ཡིན་པས་དམིགས་པའི་གཉེན་པོ་མི་དམིགས་པའི་ཚུལ་ཉིད་རྨི་ལམ་ཡིན་ནོ་ཞེས་ཟུར་གྱིས་ལན་བསྟན་ནས། འཕགས་པ་རབ་འབྱོར་གྱིས་བྱམས་པ་ནི་མི་དམིགས་པ་བརྙེས་པའི་མཐར་བྱོན་པ ་ཡིན་པས་དོན་འདི་དྲིས་ཤིག་ཅེས་སྨྲས་སོ།། དྲིས་ནས་དེས་ཀྱང་མི་དམིགས་པ་རྒྱས་པར་ཟུར་གྱིས་ལྡན་བཏབ་པོ།། འཕགས་པ་བྱམས་པའི་ཚིག་དེ་ཉིད་བཅོམ་ལྡན་འདས་ཀྱིས་ཀྱང་བསྟན་པར་མཛད་བ་ནི་རྨི་ལམ་ཡང་རྣམ ་པར་མི་རྟོག་པའི་ཕྱིར་མི་དམིགས་པ་མ་ཡིན་ནམ་ཞེ་ན། རྨི་ལམ་རྣམ་པར་རྟོག་པས་སྟོང་པ་ཡང་མ་ཡིན་པ་རྣམ་པར་མི་རྟོག་པ་ཉིད་ཡིན་ཀྱང་རྣམ་པར་རྟོག་པའི་གཉེན་པོ་མ་ཡིན་པའི་ཕྱིར་རྨི་ལམ་ལྟ་བུ་ཉིད་ཅེས་བྱ་བ་བརྒལ ་བའི་ལན་ཡིན་ནོ།། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་དབང་དུ་མཛད་ནས། སེམས་ཅན་འཇིག་རྟེན་དེ་བཞིན་དུ།། སྣོད་ཀྱི་འཇིག་རྟེན་མ་དག་པ།། དེ་ལ་དག་པར་བསྒྲུབ་པ་ཡིས།། སངས་རྒྱས་ཞིང་ནི་དག་པ་ཉིད།། ཅེས་བྱ ་བ་གསུངས་ཏེ། སངས་རྒྱས་ཀྱི་ཞིང་ནི་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་ཏེ། དེས་ན་དེ་དག་སྦྱོང་བ་ནི་དེ་དག་པ་ཡིན་ནོ།། དེ་ག་ལས་ཞེས་ན། སེམས་ཅན་གྱི་འཇིག་རྟེན་བཀྲེས་པ་དང་། སྐོམ་པ་དང་། སྡུག་བསྔལ་ལ་སོགས ་པའི་མཚན་ཉིད་ནི་མ་དག་པའོ།། སེམས་ཅན་ངག་གི་ངོ་མཐོང་ནས། རང་གི་སངས་རྒྱས་ཀྱི་ཞིང་གི་སེམས་ཅན་གྱི་འཇིག་རྟེན་དེ་དག་པར་སྒྲུབ་པར་བྱེད་དེ། སངས་རྒྱས་ཀྱི་ཞིང་གི་སེམས་ཅན་ངག་གི་ཉེས་པ་འདི་རྣམ་པ ་ཐམས་ཅད་དུ་མི་འབྱུང་བ་དང་། ལྷའི་ལོངས་སྤྱོད་ཡོངས་སུ་ལོངས་སྤྱོད་པ་ལ་སོགས་པ་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པར་བྱེད་པའོ།། དེ་བཞིན་དུ་སྣོད་ཀྱི་འཇིག་རྟེན་གྱི་མ་དག་པ་ནི་ལྗན་ལྗིན་དང་ལུང་ཁུང་ལ ་སོགས་པའི་མཚན་ཉིད་གང་ཡིན་པ་དེ་དག་གཞན་དུ་མཐོང་ནས་རང་སངས་རྒྱས་ཀྱི་ཞིང་གི་སྣོད་ཀྱི་འཇིག་རྟེན་དེ་དག་པར་བསྒྲུབ་པ་སྟེ། ལག་མཐིལ་ལྟར་མཉམ་པ་ཉིད་དུ་འགྱུར་པའི་ཕྱིའོ།། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཞེས་བྱ་བ ་ནས། ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྦྱར་བར་བྱས་པའོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ།། དེ་ནི་ཞིང་དག་པོ་བླ་ན་མེད་པའོ།། ཐབས་ལ་མཁས་པའི་དབང་དུ་མཛད་ནས། འདི་ཡི་ཡུལ་དང་སྦྱར་བ་སྟེ།། དགྲ་རྣམས ་ལས་ནི་འདས་པ་དང་།། མི་གནས་ཇི་བཞིན་ཤུགས་དང་ནི།། ཐུན་མོང་མ་ཡིན་མཚན་ཉིད་དྲང་།། མ་ཆགས་པ་དང་མི་དམིགས་དང་།། མཚན་མ་སྨོན་ལམ་ཟད་པ་དང་།། དེ་ཡི་རྟགས་དང་ཚད་མེད་དང་།། ཐབས་ལ་མཁས་པ་རྣམ ་པ་བཅུ། ཞེས་བྱ་བ་གསུངས་ཏེ། འདིའི་ཞེས་བྱ་བ་ནི་ཐབས་ལ་མཁས་པའིའོ།། ཡུལ་ནི་མདོ་ལས་དང་པོར་ཏིང་ངེ་འཛིན་གསུམ་དང་། བྱང་ཆུབ་ཀྱི་ཕྱོགས་གསུངས་པའོ།། དེའི་འོག་ཏུ་དེ་ཉིད་ཀྱི་ཡུལ་ཅན་གྱི་སྦྱོར་བ་ནི་གང ་གིས་སྟོང་པ་ཉིད་ལ་སོགས་པ་ལ་ཡང་སྒོམ་ཞིང་མངོན་སུམ་དུ་ཡང་མི་བྱེད་པའོ།། དགྲ་རྣམས་ལས་འདས་པ་ལ་སོགས་པ་སྦྱོར་བ་བཅུར་དབྱེ་བར་བྱ་སྟེ། དེ་དག་ནི་སྦྱོར་བ་ཞེས་བྱ་བ་དང་འབྲེལ་པའི་ཕྱིར་རོ།། དེ་བས་ན་ཐབས ་ལ་མཁས་པ་རྣམ་པ་བཅུ་ཡིན་ནོ།། དེ་ལ་ཡུལ་ནི་དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་བྱ་བ་ལ་སོགས་པ་ནས། མ་འདྲེས་པ་རྣམས་བསྒོམ་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་སོ།། སྦྱོར ་བ་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པ་ནུས། རང་སངས་རྒྱས་ཀྱི་འབྲོས་བུ་མངོན་སུམ་དུ་མི་བྱེད་དོ་ཞེས་བྱ་བའི་བར་གྱིས་གསུངས་སོ།། དགྲ་ནི་བར་དུ་གཅོད་པའི་ཆོས་རྣམས་ཏེ། དེ་དག་ཚད ་མྱེད་པ་བཞིས་ཟིལ་གྱིས་གནོན་ཅིང་འདའ་བའི་སྦྱོར་བ་ནི་རབ་འབྱོར་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ནས། གནས་པར་འགྱུར་བ་དེ་ལྟ་བུ་ཡང་མངོན་སུམ་དུ་མི་བྱེད་དོ་ཞེས་བྱ་བའི་བར་གྱིས་གསུངས་པའོ།། སྦྱོར་བ་གང་གི ་སྟོང་པ་ཉིད་ལ་སོགས་པ་ལ་སྤྱོད་ན་ཡང་དེར་ནམ་མཁའ་ལ་བྱ་དང་འདྲ་བར་ནི་མི་གནས་པ་སྟེ། རབ་འབྱོར་འདི་ལྟ་སྟེ་ཞེས་བྱ་བ་ནས། ཐོབ་པར་བྱེད་དོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ།། སངས་རྒྱས་ཀྱི་ཆོས་རྣམས་ཡོངས ་སུ་མ་སྨིན་པར་བདག་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱེད་དོ་ཞེས་བྱ་བའི་སྨོན་ལམ་རྒྱ་ཆེན་པོའི་ཕྱིར་དེ་མངོན་སུམ་དུ་མི་བྱེད་པ་ཞེས་བྱ་བ་ནི་ཤུགས་ཇི་ལྟ་བ་བཞིན་གྱི་སྦྱོར་བ་ཡིན་ཏེ། རབ་འབྱོར་འདི་ལྟ་སྟེ་ཞེས་བྱ་བ་ནས། ་དེ་ལྟར་ཡོངས་སུ་བརྟག་པར་བྱ་བའི་བར་གྱིས་གང་གསུངས་པའོ།། ཉན་ཐོས་ལ་སོགས་པའི་ཐུན་མོང་མ་ཡིན་པའི་སྦྱོར་བ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་མ་བཏང་བ་སྟེ། གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས ་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱེད་དོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ།། ང་དང་ང་ཡི་ཞེས་འཛིན་པ་ནི་ཆགས་པ་སྟེ། དེ་ལ་སྤྱོད་པའི་སེམས་ཅན་དུག་གི་དེ་སྤང་བར་བྱ་བའི་ཕྱིར་མངོན་པར་རྫོགས་པར་སངས ་རྒྱས་ནས་ཆོས་བསྟན་པར་བྱའོ་ཞེས་བྱ་བ་འདི་ནི་མ་ཆགས་པའི་སྦྱོར་བ་སྟེ། རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་ནས། རང་སངས་རྒྱས་ལྟ་བུ་ནི་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་གོང་གསུངས་པའོ།། བདག་མངོན ་པར་རྫོགས་པར་སངས་རྒྱས་ནས་ཇི་ལྟར་སེམས་ཅན་དག་བྱདག་གི་ཆོས་ལ་དམིགས་པ་ལ་སྤྱོད་པའི་ཉེས་པ་དེ་ལས་གྲོལ་བར་འགྱུར་པ་དེ་ལྟར་བྱའོ་ཞེས་བྱ་བ་འདི་ནི་མི་དམིགས་པའི་སྦྱོར་བ་སྟེ། རབ་འབྱོར་གཞན་ཡང ་ཞེས་བྱ་བ་ལ་སོགས་པ་ནས། ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་གང་གསུངསྲོ་བའོ།། བདུག་མངོན་པར་རྫོགས་པར་སངས་རྒྱས་ནས་ཇི་ལྟར་སེམས་ཅན་ངག་མཚན་མ་ལ་སྤྱོད་པའི་ཉོས་པ་དེ་ལུས་གྲོལ ་བར་འོགྱུར་པ་དེ་ལྟར་བྱའོ་ཞེས་བྱ་བ་ནི་མཚན་མ་མེད་པའི་སྦྱོར་བ་སྟེ། རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་ནས། ཡོངས་སུ་རྫོགས་པར་འགྱུར་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ།། བདག་མངོན་པར ་རྫོགས་པར་སངས་རྒྱས་ནས་ཇི་ལྟར་སེམས་ཅན་དག་སྨོན་ལམ་ལ་སྤྱོད་པའི་ཉོས་པ་ལས་གྲོལ་བར་འགྱུར་པ་དེ་ལྟར་བྱའོ་ཞེས་བྱ་བ་ནི་སྨིན་པ་མེད་པའི་སྦྱོར་བ་སྟེ། རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་ནས། ་དེ་ནི་གནས་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་གསུངས་པའོ།། དེའི་ཞེས་བྱ་བ་ནི་ཕྱིར་མི་ལྡོག་པ་དང་སྦྱར་ཏེ། དེ་མཚོན་པར་བྱེད་ཤེས་པར་བྱེད་པས་ནཱ་དེའི་རྟགས་ཀྱི་སྦྱོར་བའོ།། སྟོང་པ་ཉིད་ལ་སོགས ་པ་ཡང་ཡིད་ལ་བྱ་ཞིང་སེམས་ཅན་ཐམས་ཅད་ཡོངས་སུ་གཏང་བར་མི་བྱའོ་ཞེས་བྱ་བའི་བར་འདི་ནི་དྲིས་པའི་ལྡན་ནོ།། རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་ནས། བསྲབ་པའི་ས་གནོན་པ་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས ་གང་གསུངས་པ་སྟེ། གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ལ། འདིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཞེས་བྱ་བའི་དོན་ཏོ།། ཕྱིར་མི་ལྡོག་པར་འགྱུར་བའི་རྣམ་གྲངས་དེ་ལྟ་བུ་མཆིས ་སམ་ཞེས་བྱ་བ་ནི་འདྲི་བའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པ་ནས། འཇིག་རྟེན་གྱི་མི་འཕྲོགས་པ་ཞེས་བྱ་བའི་བར་ནི་ལན་ནོ།། བྱང་ཆུབ་ཏུ་སེམས་བསྐྱེད་པ་ཤིན་ཏུ་མང་པོ་དེ་དག་ལས་ཕྱིར་མི་ལྡོག་པ་ཆེས ་ཉུང་བའི་དྲི་བའི་ལན་བཏབ་པ་ནི་སྔ་མ་བཞིན་དུ་རིག་པར་བྱའོ།། ཆེས་ཉུང་བ་དེ་དག་གི་ཤིན་ཏུ་ཉུང་བའི་སྦྱོར་བ་ནི་ཚད་ཆུང་བ་དེ་ཉིད་ཀྱི་ཕྱིར་ཚད་མེད་པ་ཡིན་ནོ།། བུ་མོ་ལྟོ་ཆུང་བ་ལྟོ་མེད་པ་ཞེས་བྱ་བྱ་བཞིན་ནོ།། །། མངོན ་པོར་རྟོགས་པ་རྒྱན་གྱི་འགྲེལ་པ་དག་ལྡན་ཞེས་བྱ་བ་རིན་ཆེན་འབྱུང་གནས་ཞི་བས་སྦྱོར་བ་ལས་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་ལེའུ་སྟེ་བཞི་པའོ།། ། རྩེ་མོའི་མངོན་པར་རྟོགས་པ། དེའི་རྟག ་དང་རྣམ་འཕེལ་དང་།། བསྟན་དང་སེམས་ཀུན་གནས་པ་དང་།། ཞེས་བྱ་བ་ལ་སོགས་པས་སྔར་བསྟན་པའི་དངོས་པོ་བརྗོད་པར་བྱའོ།། དེ་ལ་དང་པོར་རྟགས་ཏེ། དེའི་དབང་དུ་མཛད་ནས། རྨི་ལམ་ན་ཡང་ཆོས་རྣམས་ཀུན།། རྨི་ལམ་ལྟ ་བུ་ལྟ་ལ་སོགས།། སྦྱོར་བ་རྩེ་མོར་ཕྱིན་པའི་རྟགས།། རྣམ་པ་བཅུ་གཉིས་དག་ཏུ་བཞེད་ཅེས་བྱ་བ་གསུངས་ཏེ། རྩེ་མོའི་མངོན་པར་རྟོགས་པའི་རྟགས་ནི་རྣམ་པ་བཅུ་གཉིས་དག་ཡིན་ཏེ། འདི་ལྟ་སྟེ། རྨི་ལམ་གྱི་ནང་དུ་ཡང ་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་མོཐོང་བའོ།། སོགས་པའི་སྒྲས་ནི་རྨི་ལམ་གྱི་ནང་དུ་བྱང་ཆུབ་དམན་པ་དང་ཁམས་གསུམ་པོ་དག་ལ་མདོ་ཇི་ལྟ་བ་བཞིན་དུ་འདོད་པ་མི་སྐྱེད་པ་ལ་སོགས་པའོ།། དེ་ལ་གཞན་ཡང་ཞེས་བྱ་བའི ་ག་རེ་རེས་དང་པོ་བདུན་ཡིན་ནོ།། དེ་ལ་རྨི་ལམ་གྱི་ནང་དུ་ཡང་ཆོས་ཐམས་ཅད་རྨི་ལམ་ལེ་སོགས་པ་དང་མཚུངས་པར་མཐོང་བ་ནི་རྟགས་དང་པོའོ།། རྨི་ལམ་གྱི་ནང་དུ་ཡང་བྱང་ཆུབ་དམན་པ་དང་། ཁམས་གསུམ་པོ་དག་ལ་འདོད ་མི་སྐྱེད་པ་ལ་སོགས་པ་ནི་རྟགས་གཉིས་པའོ།། རྨི་ལམ་གྱི་ནང་དུ་འཁོར་གྱི་ནང་ན་དེ་བཞིན་གཤེགས་པ་མཐོང་ཞིང་དེ་ཡིས་བསྟན་པ་ཐོས་ནས་བསླབས་པ་ལ་སོསོགས་པ་མི་རྟགས་གསུམ་པའོ།། རྨི་ལམ་གྱི་ནང་དུ་དེ་བཞིན ་གཤེགས་པ་ནམ་མཁའ་ལ་འཕགས་ནས་ཆོས་སྟོན་པ་དང་རྫུ་འཕྲུལ་དང་ཆོ་འཕྲུལ་སྟོན་པ་ཞེས་བྱ་བ་ལ་སོགས་པ་ནི་རྟགས་བཞི་པའོ།། རྨི་ལམ་གྱི་ནང་དུ་གྲོང་དང་གྲོང་ཁྱེར་བཅོམ་པ་བསྲེགས་པ་ལ་སོགས་པ་མཐོང་ན ་སྐྲག་པར་མི་བྱེད་སད་ནས་ཀྱང་ཁམས་གསུམ་པ་རྨ་ལམྦྷ་ལྟ་བར་ཤེས་པ་ཞེས་བྱ་བ་ལ་སོགས་པ་ནི་རྟགས་ལྔ་བའོ།། རྨི་ལམ་དུ་དུད་འགྲོ་དང་ཡི་དགས་དང་དམྱལ་བ་མཐོང་ནས་དེ་འདི་སྙམ་དུ་དྷཱི ་ལྟར་བདག་གིས་སངས་རྒྱས་ཀྱི་སྤྱོང་དུ་རྣམ་པ་ཐམས་ཅད་དྲུ་ངན་སིང་གསམ་ཐོ་མྲྀ་པར་འགྱུར་བ་དེ་ལྟར་བྱའོ་ཞེས་བྱ་བའི་རྟགས་དྲུག་པའོ།། གལ་ཏེ་རྨི་ལམ་སྣང་བན་གྲོང་ལ་སོགས་པ་ཚིགས་པ་མཐོང་ན་གལ ་དག་བླ་ན་མེད་པ་སདྨ་དོག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྣུན་པ་ཡིན་ན་དེའི་ཚེ་མེ་འོད་ཞི་བར་གྱུརརོ་ཅིག་ཅེས་བདེན་པའི་བྱིན་བརླབས་བྱས་ན། གལ་ཏེ་མེ་དེ་ཞི་བར་གྱུར་ན་ཞེས་བྱ་བ་ལ་སོགས་པ་དེ་ནི་འདིར་ཎཱ ་བདུན་པའོ།། གང་གི་ཚེ་སྐྱེས་པ་དང་བུད་མེད་མི་མ་ཡིན་པས་བྱིན་གྱིས་བརླབས་ན་བྱང་ཆུབ་སེམས་དཔས་ཇི་ལྟར་བདག་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ལྷག་པའི་བསྡམ་པ་དང་བཅས་པའི་སེམས་ཡོད་ལ། ་ཇི་ལྟར་བདག་ཉན་ཐོས་ལ་སོགས་པའི་སེམས་མེད་པའི་བདེན་པ་འདིས་སྐྱེས་པ་དང་བྱད་མེད་དག་ལས་མི་མ་ཡིན་པ་འདི་གུང་དུ་འགྲོ་བར་གྱུར་ཅིག་ཅེས་བདེན་པའི་བྱིན་གྱིས་བརླབས་བྱས་ན། གྲལ་ཏེ་བདེན ་འི་བྱིན་གྱིས་བརླངས་དེས་ཕུང་ང་སོང་ན་དོན་འདིར་རྟག་ས་ཡིན་ནོ།། དེ་ནས་བདུད་རྩི་བྱིན་གྱིས་བརླབས་ཀྱིས་ཀྲུང་རྔུ་མང་ཟེ་མས་ཕྲེང་མ་བསྟན་པར་ཡང་ཡང་དུ་བསྟོན་པར་མངོན་པའི་བརྒྱལ་མི་ངོན་མི ་རྒྱུ་ཡིན་ཏེ། དེའི་ཚེ་དེ་གུད་དུ་སོང་བ་ནི་རྟགས་མ་ཡིན་ནོ།། འདི་ལྟར་བདུད་ཀྱི་ཚིག་ཀྱང་རྣམ་པ་མང་དུ་ཡོད་ལ། གང་གི་ཕྱིར་ལུང་མ་བསྟན་པ་ལ་ལུང་བསྟན་པའི་མངོན་པའི་ང་རྒྱལ་ནི་ཉམས་པའི་རྒྱུ་ཡིན་ནོ་ཞེས་བྱ་བ་ནི་རྟགས ་བརྒྱད་པ་ཡིན་ཏེ། གཞན་ཡང་ཞེས་བྱ་བའི་ཚིག་བརྒྱད་པ་ནས་བརྩམས་ཏེ། རྟག་པའི་ང་རྒྱལ་ཅན་དུ་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་གུད་གསུངས་པའོ།། གང་ཟག་དེ་ལྟ་བུ་བརྟེན་པར་མི་བྱ། དེ་ཡོངས་སུ་སྦྱངས་ཤིང ་དེ་དག་ལ་བྱམས་པ་ལ་སོགས་པའི་སེམས་བསྐྱེད་པར་བྱ། ཇི་ལྟར་བདག་ཉེས་པ་འདི་དག་རྣམ་པ་ཐམས་ཅད་དུ་མེད་པར་གྱུར་པ་དེ་ལྟར་བྱའོ་ཞེས་རང་གིས་མངོན་པར་ཤེས་ནས་ཕ་རོལ་གནོན་པར་བྱ་ཞིང་སངས་རྒྱས་དང་བྱང ་ཆུབ་སེམས་དཔའ་ལ་སོགས་པའི་དགེ་བའི་བཤེས་གཉེན་པར་བྱའོ་ཞེས་བྱ་བ་ནི་རྟགས་དགུ་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནས། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས ་རྣམས་ཀྱི་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ།། གཞན་གྱི་དྲིང་མི་འཇོག་པར་འདོད་པ་ལ་སོགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱ་བ་ནི་རྟགས་བཅུ་པ་ཡིན་ཏེ། རབ་འབྱོར་དེ་བས་ན་ཞེས་བྱ་བ་ལ་སོགས། ་བ་ནས། འདི་ལས་རྒྱ་ཆེར་བསྟན་ཏོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་མཚན་ཉིད་མེད་པ་ཉིད་ཀྱི་ཕྱིར་ཆགས་པ་མེད་པའི་མཚན་ཉིད་ཡིན་ལ་ཆོས་ཐམས་ཅད་ཀྱང་དེ་བཞིན་ནོ།། ་དེ་ལྟར་ཡང་ཀུན་ནས་ཉོན་མོངས་བུ་ནི་ཡོད་དེ། ང་དང་ངར་འཛིན་པས་འཁོར་བར་འཁོར་བའི་ཕྱིར་རོ།། རྣམ་པར་བྱང་བ་ཡང་ཡོད་དེ། གང་དུ་དེ་དག་མེད་པ་དེར་འཛིན་པ་མེད་པ་དེ་བས་ན་འཁོར་བ་མེད་པའི་ཕྱིར། ་ཞེས་བྱ་བ་ནི་རྟགས་བཅུ་གཅིག་པའོ།། རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ལ་སོགས་པ་ནས། རྣམ་པར་བྱང་བ་ཡོད་པ་ཡིན་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ།། བྱང་ཆུབ་སེམས་དཔའ་དེ་ལྟར་སྤྱོད་པ་ནི་འགའ་ལ་ཡང་མི ་སྤྱོད་དེ། དེ་ལྟར་གང་སྤྱོད་པ་དང་། གང་ལ་སྤྱོད་པའི་ཆོས་དེ་དག་མི་དམིགས་སོ།། དེ་ལྟར་ཟིལ་གྱིས་མི་ནོན་པའི་ས་ལ་གནས་ན་འགོའ་ཞིག་གིས་ཀྱང་ཟིལ་གྱིས་གནོན་པར་མི་འགྱུར་རོ་ཞེས་བྱ་བ་ནི་རྟགས་བཅུ་གཉིས་པ་སྟེ། ་གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ཡི་སྩོགས་པ་ནུས། ཉེ་བར་འགྱུར་བ་ལགས་སོ་ཞེས་བྱ་བའི་བར་གྱིས་གང་གསུངས་པ་ཡིན་ནོ།། དེ་ལྟར་རྟགས་བསྟན་ནས། རྣམ་པར་འཕེལ་བའི་དབང་དུ་མཛད་དེ། ཛམ་བུའི་གླིང་གི་སྐྱེ ་བོ་སྙེད། སངས་རྒྱས་མཆོད་པའི་དགེ་ལ་སོགས།། དཔེར་མཛད་ནས་ནི་རྣམ་མང་དུ།། རྣམ་འཕེལ་བཅུ་དྲུག་བདག་ཉིད་དོ་ཞེས་གསུངས་ཏེ། ཅི་འདྲ་བ་གང་ཞེ་ནི། ཛམ་བུའི་གླིང་གི་སྐྱེ་བོ་གང་ཡིན་པ་དེ་དག་སྙེད་ཀྱི་གྲངས་ཀྱིས་མཚོན ་པའི་སངས་རྒྱས་གང་ཡིན་པ་སངས་རྒྱས་དེ་དག་གི་མཆོད་པའི་བསོད་ནམས་གང་ཡིན་པ་དེ་ལ་སོགས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཆད་པ་ལ་སོགས་པ་གང་ཡིན་པ་དང་། དེ་དང ་ལྡན་པའི་ཡིད་ལ་བྱེད་པས་གནས་པ་དེ་གཉིས་ནི་རྣམ་པར་འཕེལ་བ་དང་པོ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་གཏམ་བྱའོ་ཞེས་བྱ་བའི་བར་གྱིས་གང ་གསུངས་པའོ།། དེ་ཉིན་དང་མཚན་དུ་དེ་དང་ལྡན་པའི་ཡིད་ལ་བྱེད་པས་གནས་ཀྱི། ཡིད་ལ་བྱེད་པ་གཞན་གྱི་གོ་སྐབས་མི་བྱེད་དོ།། ཇི་ལྟར་ཡང་ཡིད་ལ་བྱེད་པ་ཐམས་ཅད་སྟོང་པ་ཡིན་པ་དེ་ལྟར་ན་ཡང་ཆོས་རྣམས་ཀྱི་ཆོས་ཉིད་དེ་ལ་རྟག་ཏུ ་གནས་ཏེ། འཕེལ་བ་མེད་པ་དང་འགྲིབ་པ་མེད་དོ་ཞེས་ཤེས་བཞིན་དུ་དེ་ལྟར་མི་འབྲལ་ལོ་ཞེས་བྱ་བ་ནི་རྣམ་པར་འཕེལ་བ་གཉིས་པ་སྟེ། དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པ་ནས། ཡོངས་སུ་འགྲིབ་པ་མེད་དོ ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ།། བཅོམ་ལྡན་འདས་མ་ལ་བཅོམ་ལྡན་འདས་མ་སྟོང་པ་ཉིད་དུ་སྤྱོད་དམ། མ་ཡིན་ནོ།། བཅོམ་ལྡན་འདས་མ་ལས་གུད་ན་དེ་ལོ་སྤྱོད་པ་དམིགས་སམ། མ་ཡིན་ནོ།། དེ་ལ་དེ་ཉིད་སྤྱོད་དམ། མ་ཡིན ་ནོ།། སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱོད་དམ། མ་ཡིན་ནོ།། སྟོང་པ་ཉིད་ལས་གུད་ན་ཡང་གང་དེ་ལ་སྤྱོད་པ་དམིགས་སམ། གཟུགས་ལ་སོགས་པ་དང་། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་མ་ཡིན་ནོ།། དེ་དག་གི་སྟོང་པ་ཉིད་ཀྱང་མི་ཡིན་ནོ།། དེ ་ལྟར་ན་གང་དེ་ལ་སྤྱོད་པ་དང་། བཅོམ་ལྡན་འདས་མ་གང་ཡིན་པ་དེ་ནི་གཉི་ག་མི་དམིགས་ཤིང་ཆོས་གང་ཡང་དམིགས་སུ་མེད་དེ། དེ་སྐྱེ་བ་འམ་འགོག་པ་མེད་པ་འདི་ནི་བྱང་ཆུབ་སེམས་དཔའ་དག་མི་སྐྱེ་བའི་ཆོས་ལ་བཟོད་པ ་ཡིན་ཏེ། གང་དང་ལྡན་ན་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དེར་ལུང་བསྟན་པར་འགྱུར་ཞིང་དེར་གཞོལ་བ་ནས་མངོན་པར་རྫོགས་པར་བྱང་ཆུབ་པར་འགྱུར་རོ་ཞེས་བྱ་བ་ནི་རྣམ་པར་འཕེལ་བ ་གསུམ་པ་སྟེ། གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། ནམ་ཡང་ཡོངས་སུ་འགྲིབ་པར་མི་འགྱུར་རོ་ཞེས་བྱ་བའི་བར་གྱིས་གསུངས་པའོ།། ཆོས་ཐམས་ཅད་ཀྱི་མི་སྐྱེ་བ་དང་སྐྱེ་བར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཡང་དག་པར ་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟུན་པར་འགྱུར་རམ་མོ་ཡིན་ནོ།། གང་ཡང་ལུང་བསྟན་པ་དང་། གང་ཡང་མངོན་པར་རྫོགས་པར་སངས་རྒྱ་བ་དེ་ཐམས་ཅད་ནི་དམིགས་སུ་མེད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་མི་རྟོག་པའི ་ཕྱིར་རོ་ཞེས་བྱ་བ་ནི་རྣམ་པར་འཕེལ་བ་བཞི་པ་སྟེ། རབ་འབྱོར་གྱིས་གསོལ་བ་ཞེས་བྱ་བ་ནས། རྣམ་པར་མི་རྟོགས་པའི་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འཛིན་པ་ནས། དེ་བཞིན ་ཉིད་དུ་ནན་ཏན་བྱེད་པ་དང་སེམས་དང་སེམས་ལས་བྱུང་བ་གཞན་དག་གི་སྐབས་མི་འབྱེད་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་བྱ་བའི་བར་ནི་རྣམ་པར་འཕེལ་བ་ལྔ་པ་སྟེ། ་དེ་ནས་ལྷའི་དབང་པོ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་བསླབ་པ་ལ་སློབ་པ་མ་ཡིན་ནོ་ཞེས་གང་གསུངས་པའོ།། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་ལ་འཇིག་རྟེན་སྐྱོང་བ་བཞི་ནས། འོག་མིན་གྱི་བར་ཉེ་བར་འོང་བར ་འགྱུར་བ་དང་དེ་དག་དེ་བཞིན་གཤེགས་པས་ཀྱང་དགོངས་པར་འགྱུར། ཕ་རོལ་གྱི་ཟིལ་གྱིས་གནོན་པའི་སྡུག་བསྔལ་དང་གནོད་སེམས་ལ་སོགས་པ་མི་འབྱུང་ངོ་ཞེས་བྱ་བ་ནི་རྣམ་པར་འཕེལ་བ་དྲུག་པའོ།། དེ་ལྟར་སློབ་པའི་ཞེས་བྱ ་བ་ལ་སོགས་པ་ནས། བྱིན་གྱིས་བརླབས་སོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ།། གྲང་གི་ཚེ་བྱང་ཆུབ་སེམས་དཔའ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་དེའི་ཚེ་བདུད་རྣམས་མྱ་ངན་གྱིས་ཟུག་རྔུས་ཟུག་པར་འགྱུར་ཏེ། ་དེ་ལ་བགེགས་བྱ་བའི་ཕྱིར་སྐར་མངའ་ལྟུང་བ་གཏོང་ཞིང་འཇིགས་པ་བསྐྱེད་དོ་ཞེས་བྱ་བ་ནི་རྣམ་པར་འཕེལ་བ་བདུན་པ་སྟེ། དགའ་བོ་གང་གི་ཚེ་ཞེས་བྱ་བ་ནས། ཡོངས་སུ་གྲོལ་བར་བྱ་བ་དག་གོ་ཞེས་བྱ་བའི་བྲར་གྱིས་གང་གསུངས ་པའོ།། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་ཐེག་པ་པ་ལ་བདག་གི་གྲོགས་པོ་ཐེག་པ་གཅིག་ལ་ཞུགས་པ་དང་མཉམ་པ་ཉིད་ཀྱིས་གནས་པར་བྱ་སྟེ། ཇི་ལྟར་འདིས་གང་ལ་བསླབ་པར་བྱ་བ་དེ་ལ་དེ་ལྟར་བདག་གིས་ཀྱང ་སྟེ། འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དག་ནས། རྣམ་པ་ཐམས་ཅད་མཁྱེན་པ་དང་། སྟོང་པ་ཉིད་ཐམས་ཅད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་བར་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་རྣམ་པར་འཕེལ་བ་བརྒྱད་པ་སྟེ། དགའ་བོས་གསོལ ་པ་ཞེས་བྱ་བ་ལ་སོགས་པ་ནས། མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ།། བྱང་ཆུབ་སེམས་དཔས་ཆོས་གང་ཟད་པ་བྱ་བ་འམ། འདོད་ཆགས་དང་བྲལ་བ་འམ། འགོག་པ་འམ། སྤང་བར་བྱ ་པའི་ཕྱིར་སློབ་པ་མ་ཡིནྡྲ། ཆོས་རྣམས་ཀྱི་ཆོས་ཉིད་ཟད་པ་བྷྲམ?། བྲལ་བཱ་འམ། འགགས་པ་འམ། སྣང་བར་བྱ་བ་མེད་དེ། དེ་ལྟར་སློབ་ན་དེ་བཞིན་ཉིད་ལ་སློབ་པ་སྟེ། ཕ་རོལ་ཏུ་ཕྱིན་པ་ནས། རྣམ་པ་ཐམས་ཅད་མཁྱེན ་བ་ཉིད་ཀྱི་བར་ལ་སློབ་པ་ཡིན་ནོ།། དེ་ལྟར་སློབ་པ་ནི་བསྒྲུབ་པ་ཐམས་ཅད་ཀྱི་མཆོག་གི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་འགྱུར་བ་ནས། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱང་པ་རྣམས་ཀྱི་ཕ་རོལ་ཏུ་སྟོན་པར་འགྱུར་རོ་ཞེས་བྱ་བ་ནི་རྣམ་པར་འཇོ ་བ་དགུ་པ་སྟེ། གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནས། ཕ་རོལ་ཏུ་ཕྱིན་པར་འགྱུར་རོ་ཞེས་བྱ་བའི་བར་གསུངས་པའོ།། ས་ཆེན་པོའི་ཕྱོགས་གྲང་ན་འཛམ་བུའི་ཆུ་ཀླུང་གི་གེ་སེར་འབྱུང་བ་དེ་ལྟ་བུ་ནི་ཉུང་བ་དེ་བཞིན་དུ ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པའི་སེམས་ཅན་དེ་ལྟ་བུ་ཡང་ཆེས་ཉུང་སྟེ། ཉན་ཐོས་ཀྱི་ས་ལ་གནས་པ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་འཕེལ་བ་བཅུ་པ་སྟེ། རབ་འབྱོར་འདི་ལྟ་སྟེ་ཞེས་བྱ་བྱ་ལ་སོགས་བླ་ནས། ཆེས ་མང་ངོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ།། སེམས་ཅན་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བའི་ཕྱིར་མི་ལྡོག་པའི་ས་གནོན་པ་དེ་དག་ནི་ཆེས་ཉུང་ལ་གང་དག་མོ་ནོན་པ་ནི་ཆེས་མོང་ངོ་ཞེས་བྱ་བ་ནི་རྣམ་པར ་འཕེལ་བ་བཅུ་གཅིག་པ་སྟེ། རབ་འབྱོར་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ནས། བསླབ་པར་བྱའོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ།། དེ་ལ་སྤྱོད་པས་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་འདོད་ཆགས་དང་ཞེ་སྡང་དང་གཏི ་མུག་གི་ཐ་བ་དང་ལྡན་པའི་སེམས་མི་སྐྱེད་དོ་ཞེས་བྱ་བ་ནི་རྣམ་པར་འཕེལ་བ་བཅུ་གཉིས་པ་སྟེ། རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་ནས། སེམས་མི་བསྐྱེད་དོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ།། དེ་ནི་གཟུགས་དང་ལྡན་པ་མ ་ཡིན་པ་ནས། ཡང་དག་པར་རྫོགས་པོའི་བྱང་ཆུབ་ཀྱི་བར་དང་ལྡན་པའི་སེམས་མི་སྐྱེད་དེ། དེ་དག་ནི་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་རྣམ་པར་འཕེལ་བ་བཅུ་གསུམ་པ་སྟེ། གང་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་ནས་ཐམས ་ཅད་དུ་འདུས་སོ་ཞེས་བྱ་བའི་བར་གྱིས་གང་གསུངས་སོ།། ཇི་ལྟར་འཇིག་ཚོགས་ལ་ལྟ་བུར་ལྟ་བའི་རྣམ་པ་དྲུག་ཅུ་རྩ་གཉིས་འདུས་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཅེས་བྱ་བ་ནི་རྣམ་པར ་འཕེལ་བ་བཅུ་བཞི་པ་སྟེ། རབ་འབྱོར་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ནས། བསླབ་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་པའོ།། བཅོམ་ལྡན་འདས་མ་རང་དང་གཞན་གྱིས་དོན་ཕུན་སུམ་ཚོགས་པ་མཛད་པའི་གནས་སྐབས་བརྙེས ་ཞིང་ཐེག་པ་དམན་པའི་འབྲས་བུ་མངོན་དུ་མི་མཛད་པ་གང་ཡིན་པ་དེ་ནི་རྣམ་པར་འཕེལ་པོ་བཅོ་ལྔ་པ་སྟེ། རབ་འབྱོར་ཞེས་བྱ་བ་ནས། མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ།། འདིར་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་འདི་ལ་དེ་བཞིན་ཉིད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་བསྒྲུབ་པ་ཞེས་བྱ་བ་མི་དམིགས་ལ། གང་འདིའི་འམ་གང་གོས་སམ་གང་དེས་ངེས་པར་འབྱུང་བ་ཞེས་བྱ་བ་སྟེ། མི་དམིགས་པ ་ནི་རྣམ་པར་འཕེལ་བ་བཅུ་དྲུག་པ་སྟེ། རབ་འབྱོར་ཞེས་བྱ་བ་ལ་སོགས་པ་ནུས། སྤྱོད་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ།། དེ་ལྟར་རྣམ་པར་འཕེལ་བ་བསྟན་ནས། བསྟན་པའི་དབང་དུ ་མཛད་དེ། སེམས་ཅན་དོན་ཡོངས་མི་གཏོང་བ།། ཀུན་མཁྱེན་ཆོས་ནི་རྣམ་པ་གསུམ།། ཡོངས་སུ་རྫོགས་པ་བླ་མེད་པ།། བསྟན་པ་ཞེས་ནི་མངོན་པར་བརྗོད་ཅེས་གསུངས་ཏེ། ཀུན་མཁྱེན་གྱི་ཆོས་རྣམ་པ་གསུམ་སྟེ། སངས ་རྒྱས་ཀྱི་ཆོས་རྣམས་དང་རང་བྱུང་གི་ཆོས་རྣམས་དང་མི་འཕྲོགས་པའི་ཆོས་རྣམས་ཡོངས་སུ་རྫོགས་པ་བླ་ན་མེད་པ་གང་ཡིན་པ་དེས་སེམས་ཅན་གྱིས་དོན་ཡོངས་སུ་མི་གཏོང་བར་འགྱུར་པ་དེའི་ཚེ་བསྟན་པ་ཞེས་བྱའོ།། ་དེ་ཇི་ལྟར་ཡོངས་སུ་མ་གཏང་བ་ཡིན་ཞེ་ན། བདག་བརྒལ་ནས་སེམས་ཅན་མ་རྒལ་བ་བསྒྲལ་བར་བྱ། བདག་གྲོལ་ནས་མ་གྲོལ་བ་དགྲོལ་བར་བྱ། བདག་དབུགས་ཕྱུང་ནས་དབུགས་མ་ཕྱུང་བ་དབུགས་དབྱུང་བར་བྱ།། ་བདག་ཡོངས་སུ་མྱ་ངན་ལས་འདས་ནས་ཡོངས་སུ་མྱ་ངན་ལས་མ་འདས་པ་མྱ་ངན་ལས་བཟླ་བར་བྱའོ་ཞེས་བྱ་བ་སྟེ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ཞེས་བྱ་བ་ལ་སོགས་པ་ནས། ཡོངས་སུ་མྱ་ངན་ལས་བཟློ་བའི་བར་གྱིས ་གང་གསུངས་པའོ།། དེ་ལྟར་བསྟན་པ་བསྟན་ནས་སེམས་ཀུན་ཏུ་གནས་པ། སྔར་བསྟན་པ་དེ་ཡང་ཏིང་ངེ་འཛིན་ཁོ་ན་ཡིན་པ་དེ་བས་ན་ཏིང་ངེ་འཛིན་གྱི་དབང་དུ་མཛད་ནས། གླིང་བཞི་པ་དང་སྟོང་དག་དང་།། སྟོང་གཉིས ་གསུམ་དག་དཔེར་མཛད་ནས།། བསོད་ནམས་མང་པོ་ཉིད་ཀྱིས་ནི།། ཏིང་འཛིན་ཡོངས་སུ་བསྒྲགས་པ་ཡིན།། ཞེས་བྱ་བ་གསུངས་ཏེ། གླིང་བཞི་པ་ནས་སྟོང་གསུམ་གྱི་འཇིག་རྟེན་གྱི་བར་སྲང་ཚད་དུ་བཟུང་བར་གཞལ ་བ་དང་དེ་བཞིན་སྟོང་པ་གཅིག་དང་གཉིས་དང་གསུམ་གྱི་རྒྱ་མཚོ་དག་ལ་སྐྲའི་རྩེ་མོ་བརྒྱར་བཤགས་པའི་རྩེ་མོས་ཆུའི་ཐིགས་པ་བླངས་པ་ནི་ཚད་གཟུང་བར་ནུས་ཀྱི། འདིར་ཐེག་པ་ལ་གསར་དུ་ཞུགས་པའི་བྱང ་ཆུབ་སེམས་དཔའ་ནས་སྐྱེ་བ་གཅིག་གིས་ཐོགས་པའི་བར་གྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་ཐམས་ཅད་ལ་རྗེས་སུ་ཡི་རུང་བའི་བསོད་ནམས་ཀྱི་ཕུང་པོ་ནི་མ་ཡིན་ནོ།། དེས་གཉིས་ཀྱི་འདུ ་ཤེས་མེད་པ་དང་། གཉིས་མེད་པའི་འདུ་ཤེས་མྱེད་པས་བསོད་ནམས་ཀྱི་ཕུང་པོ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེད་པ་དེ་བས་ན་དེ་ལྟར་དེ་སྲིད་དུ་བསོད་ནམས་ཀྱི་ཕུང་པོ་ལ་དམིས ་པའི་ཏིང་ངེ་འཛིན་ནི་བླ་ན་མེད་པ་ཡང་དྲུག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བའི་རྣམ་པ་ཡིན་ནོ།། གཉིས་དང་གཉིས་མེད་པའི་འདུ་ཤེས་ནུབ་པ་སེམས་དང་དོན་གཞན་ལ་མི་འཇུག་པའི་སེམས་ནི་སེམས་རང་བཞིན ་དུ་གནས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཏིང་ངེ་འཛིན་ཡིན་ཏེ། བཅོམ་ལྡན་འདས་དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནས། བྱང་ཆུབ་ཏུ་བསྔོ་བར་བགྱི་སྟེ་ཞེས་བྱ་བའི་བར་གྱིས་གང་གསུངས་པ་ཡིན་ནོ།། དེ་ནི་སེམས་གནས ་པ་བསྟན་པའོ།། མཐོང་ཞེས་བྱ་དང་བསྒོམ་པ་ཞེས།། བྱ་བའི་ལམ་ནི་སོ་སྲོ་ལཱ།། རྣམ་པར་རྟོག་པ་རྣམ་བཞི་ཡི།། གཉེན་པོ་རྣམ་པ་བཞི་དག་དང་།། ཞེས་བྱ་བ་གྲོང་དུ་གསུངས་པ་དེ་བསཱ་ན་དེའི་དབང་དུ་མཛད ་ནས། འཇུག་པ་དང་ནི་ལྡོག་པ་ལ།། གཟུང་བའི་རྣམ་རྟོག་སོ་སོར་དེ།། དགུ་ཡི་བདག་ཉིད་ཇི་བཞིན་ཡུལ།། མིནྡ་པའི་བདག་ཉིད་དག་ཅེས་བྱ་བ་གསུངས་ཏེ། དེ་ལ་གཟུང་བའི་རྣམ་པར་རྟོག་པ་ནི་གཉིས་ཏེ། གཟུང་བ་ལ ་རྣམ་པར་རྟོག་པའོ།། ཇི་ལྟར་རྣམ་པར་རྟོག་ཅེ་ན། གང་གི་ཕྱིར་དེ་དག་ནི་ཇི་ལྟ་བ་བཞིན་མ་ཡིན་པའི་ཡུལ་ལ་སྟེ། ཕྱིན་ཅི་ལོག་ཏུ་རྟོགས་པས་ན་རྣམ་པར་རྟོག་པའི་དབང་དུ་བྱས་པའོ།། དེ་དག་གི་ཡུལ་ཡང་གང་ཞེ་ན། འཇུག ་པའི་ཕྱོགས་དང་ལྡོག་པའི་ཕྱོགས་སོ།། སོ་སོར་ཞེས་བྱ་བ་ནི་ཕྱོགས་གཉི་ག་ལ་ཡང་དགུའི་བདག་ཉིད་དེ། རབ་ཏུ་དབྱེ་བ་དགུ་ཡིན་ནོ།། སེམས་ཅན་རྫས་དང་བཏགས་ཡོད་པར།། རྣམ་རྟོག་འཛིན་པ་དག་དུ་འདོད།། སོ་སོའི ་སྐྱེ་བོ་འཕགས་དབྱེ་བས།། སྱཻ་སྣོར་དེ་དག་དགུའི་བདག་ཉིད།། གཞན་འཛིན་པའི་རྣམ་པར་རྟོག་པ་གཉིས་སོ།། ཇི་ལྟར་གཉིས་ཞེ་ན། གོ་རིམ་བཞིན་དུ་རྫས་སུ་ཡོད་པ་དང་། བཏགས་པར་ཡོད་པའི་སེམས་ཅན་ལ་རྣམ་པར ་རྟོག་པའི་ཕྱིར་རོ།། དེ་ལ་དང་པོ་ནི་སོ་སོའི་སྐྱེ་བོ་དག་གིའོ།། གཉིས་པ་ནི་འཕགས་པ་དག་གི་སྟེ། དེ་དག་ནི་སོ་སོར་དགུའི་བདག་ཉིད་ཡིན་ནོ།། དེ་དག་ཇི་ལྟར་ན་འཛིན་པའི་རྣམ་པར་རྟོག་པ་ཡིན་ཞེ་ན། འཛིན་པ་མེད་པ ་ཁོ་ན་ལ་རྣམ་པར་རྟོག་པའི་ཕྱིར་ཏེ། ཡང་དག་པར་མེད་པ་ལྷ་རྣམ་པར་རྟོག་པས་ནཱ་རྣམ་པར་རྟོག་པའོ།། དེ་ཉིད་ནུ། གལ་ཏེ་གཟུང་དྲོན་དེ་བཞིན་མེད།། དེ་དག་གང་གི་འཛིན་པར་འདོད།། དེ་ལྟར་དེ་དག་འཛིན་པ་ཡི།། ་ངོ་བོ་སྟོང་པའི་མཚན་ཉིད་དོ།། ཞེས་བྱ་བ་གསུངས་ཏེ། འཛིན་པའི་ངོ་བོ་ཞེས་བྱ་བ་ནི་འཛིན་པའི་ངོ་བོ་སེམས་ཅན་གྱི་རང་བཞིན་གྱིས་སོ།། དེ་དག་ཅེས་བྱ་བ་ནི་འཛིན་པའི་རྣམ་པར་རྟོག་པ་དག་གོ། བྱང་ཆུབ་སེམས་དཔའི ་བླང་བར་བྱ་བ་གང་ཡིན་པ་དེ་ནི་འཇུག་པའི་ཕྱོགས་ཡིན་ལ། གང་ཡང་འདིའི་དོར་བར་བྱ་བ་དེ་ནི་འདིའི་ལྡོག་པའི་ཕྱོགས་ཡིན་ནོ།། དེ་ལ་འཇུག་པའི་ཕྱོགས་ལ་བརྟེན་པ་གཟུང་བའི་རྣམ་པར་རྟོག་པ་དང་པོ་ནི་ཕྱིར་མི་ལྡོག ་བ་དག་གིས་ཞེས་བྱ་བ་ལ་སོགས་པ་ནས། གཉེན་པོའི་ཕྱོགས་ཀྱི་གོང་ཡན་ཆུད་ཀྱིས་གསུངས་སོ།། གཉེན་པོ་ནི་གཉིས་ཀྱི་འདུ་ཤེས་སུ་མི་འགྱུར་པ་དང་གཉིས་མྱེད་པའི་འདུ་ཤེས་སུ་མི་འགྱུར་པའི་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པའོ།། ལྡོག་པའི་ཕྱོགས་ལ་བརྟེན་པར་གཟུང་བའི་རྣམ་པར་རྟོག་པ་གཉིས་པ་ནི་དེ་ནས་ཚེ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་ནས། རྣམ་པར་མི་རྟོག་པའི་ཆོས་མངོན་པར་རྫོགས་པར་འཚང་རྒྱའོ།། ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ།། འདིར་ཁམས་གསུམ་གྱིས་བསྡུས་པའི་ཆོས་རྣམས་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་རྣམས་ནི་ལྡོག་པའི་ཕྱོགས་ཡིན་ནོ།། རྣམ་པར་རྟོག་པ་དེའི ་གཉེན་པོ་ནི་རྣམ་པར་རྟོག་པ་མེད་པའོ།། ལྷག་མ་ནི་ཞར་ལ་འོངས་པའོ།། འཛིན་པའི་རྣམ་པར་རྟོག་པ་དང་པོ་སེམས་ཅན་རྫས་སུ་ཡོད་པ་ལ་བརྟེན་པ་ནི་སོ་སོའི་སྐྱེ་བོ་དག་གི་ཡིན་ཏེ། དེ་དག་གིས་མ་སྤངས ་པའི་ཕྱིར་དང་། འཕགས་པ་དག་གིས་ནི་མ་ཡིན་ཏེ། དེ་དག་གིས་སྤངས་པ་ཉིད་ཀྱི་ཕྱིར་དང་། མཐོང་བ་སྦྱང་བར་བྱ་བའི་སྐབས་ཡིན་པའི་ཕྱིར་ཏེ། དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ཞེས་བྱ་བ་ལ་སོགས་དང་། སྙིང་པོ་ལ་སྤྱོད་པ་ཞེས ་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བའི་བར་གྱིས་གསུངས་སོ།། འདིར་དབྱེ་ནི་སེམས་ཅན་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ་ཞེས་བྱ་དང་། དེའི་གཉེན་པོ་ནི་སེམས་ཅན ་དེ་དག་ཤིན་ཏུ་དམིགས་སུ་མེད་དོ་ཞེས་བྱ་བ་ལ་སོགས་བྱའོ།། ལྷག་མ་ནི་ཞར་ལ་འོངས་པའོ།། འཛིན་པའི་རྣམ་པར་རྟོག་པ་གཉིས་པ་སེམས་ཅན་བཏགས་པར་ཡོད་པ་ལ་བརྟེན་པ་ནི་འཕགས་པ་དག་གི་སྟེ། དེ་ཉན་ཐོས་དང་རང ་སངས་རྒྱས་དག་གིས་མ་སྤངས་པ་ཉིད་ཀྱི་ཕྱིར་དང་།། སོ་སོའི་སྐྱེ་བོ་དག་ལ་དང་པོ་ཉིད་ཡོད་པའི་ཕྱིར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་ནས། དེ་ནི་གནས་མེད་དོ་ཞེས་བྱ་བའི་བར་དུ་གང་གསུངས་པ ་སྟེ། དེ་ལ་དཔེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་དང་། གང་གི་གཉེན་པོའི་ཕྱོགས་ནི་བཅོམ་ལྡན་འདས་མ་མཆིས་སོ་ཞེས་བྱ་བ་ལ་སོགས་པའོ།། ལྷག་མ་ནི་ཞར་ལ་འོངས་པའོ།། རྣམ་པར་རྟོག་པ་བཞི་པོ ་འདི་ཡང་རྣམ་པ་དགུ་ཡིན་ནོ་ཞེས་གསུངས་པ་དེ་ལ་དང་པོ་རྣམ་པ་དགུ་གང་ཞེ་ན། ངོ་བོ་ཉིད་དང་རིགས་དང་ནི།། སྒྲུབ་པ་ཡང་དག་འགྲུབ་པ་དང་།། ཤེས་པའི་དམིགས་པ་མ་འཁྲུལ་དང་།། མི་མཐུན་ཕྱོགས་དང་གཉེན་པོ་དང་།། ་རང་གི་རྟོགས་དང་བྱེད་པ་དང་།། དེ་ལས་བྱ་བའི་འབྲས་བུ་དང་།། འཇུག་པའི་ཕྱོགས་ཀྱི་རྟེན་ཅན་གྱི།། རྣམ་རྟོག་དེ་ནི་རྣམ་དགུར་འདོད།། ཅེས་བྱ་བ་སྟེ། བྱེད་པ་དང་དེའི་ལས་བྱ་བའི་འབྲས་བུ་ཞེས་བྱ་བ་ནི་བྱེད་པ་དང་དེའི་ལས ་དང་བྱ་བའི་འབྲས་བུ་ཞེས་བྱ་བའི་དོན་ཏོ།། རྣམ་རྟོག་དེ་ནི་ཞེས་བྱ་བ་ནི་གཟུང་བའི་རྣམ་པར་རྟོག་པ་དང་པོའོ།། རྣམ་དགུར་འདོད་པ་ནི་གང་གི་ཕྱིར་དེའི་ངོ་བོ་ཉིད་ལ་སོགས་པ་གཟུང་བའི་ཡུལ་དགུའི་དབྱེ་བའི་སྒོ་ནས་རྣམ་པ་དགུར ་བཞེད་དོ།། འཇུག་པའི་ཕྱོགས་ལ་བརྟེན་པ་དེ་ཡང་ངོ་བོ་ཉིད་ལོ་སོགས་པ་དགུ་པོ་ནི་བྱང་ཆུབ་སེམས་དཔའི་བླང་བར་བྱ་བ་ཉིད་ཡིན་པའི་ཕྱིར་རོ།། དེ་ལ་དང་པོར་ངོ་བོ་ཉིད་ཀྱི་རྣམ་པར་རྟོག་པ་གཉེན་པོ་དང་བཅས་པའི་དབང་དུ་མཛད ་ནས། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་བྱ་བ་ལ་སོགས་པ་ནས། ཉེ་བར་གྱུར་ཏོ་སྙམ་ཡང་མི་བགྱིད་དོ་ཞེས་བྱ་བའི་བར་གྱིས་གསུངས་པའོ།། གཉེན་པོའི་ཕྱོགས་ཀྱིས་གཞུང་འདི་ཐམས་ཅད་ཞར་ལྔ་འོངས་པ་དང་བཅས ་པ་སྟེ། མཐར་དེ་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་རྣམ་པར་རྟོག་པ་རྣམས་ནི་དོན་གྱིས་གསུངས་སོ།། དེ་ལྟར་བྱང་ཆུབ་སེམས་དཔའི་ངོ་བོ་ནི་བྱང་ཆུབ་ཏུ་སེམས་དཔའ་ཉིད་དེ། བྱང་ཆུབ ་ཏུ་སེམས་བསྐྱེད་པ་ཉིད་ནི་ངོ་བོ་ཉིད་དོ།། དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཉིད་ཀྱི་ཕྱིར་ཉན་ཐོས་ཀྱི་ས་དང་རང་སངས་རྒྱས་ཀྱི་ས་ནི་བསྲིང་བར་བྱ་ཞིང་རྣམ་པ ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་གྱུར་ཏོ་སྙམ་མོ་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱི་རྣམ་པར་རྟོག་པའོ།། འདིའི་འོག་ནས་མདོ་འདི་ལྟ་སྟེ་ཞེས་བྱ་བའི་ཚིག་བརྒྱད་ཀྱིས་གཉེན་པོའི་ཕྱོགས་ནི་དངོས་སུ་གསུངས་སོ།། རིགས་ལ་སོགས ་བབའི་རྣམ་པར་རྟོག་པ་ནི་དཔེ་ཆོས་ཅན་དང་འདྲ་བ་དགག་པ་ལ་བཟློག་པ་ལས་ཤུགས་ཀྱིས་བསྟན་ཏོ།། སྒྲུབ་པའི་རྟེན་ནི་རིགས་ཡིན་ཏེ། དེ་བས་ན་བདག་དམན་པའི་བྱང་ཆུབ་བསྲིང་བར་བྱ་ཞིང་སངས་རྒྱས་ཀྱི་བྱང་ཆུབ་དང་ཉེ་བར ་གྱུར་ཏོ་ཞེས་བྱ་བ་ནི་རིགས་ཀྱི་རྣམ་པར་རྟོག་པའོ།། ཇི་ལྟར་ན་ནམ་མཁའ་ཐ་དད་པ་མེད་པ་དེ་ལ་ཅུང་ཞིག་ཀྱང་ཉེ་བ་དང་རིང་བ་མེད་པ་དེ་བཞིན་དུ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱི་རིགས་ལ་ཞེས་བྱ་བ་ནི་གཉེན ་པོའི་ཕྱོགས་ཡིན་ནོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ།། སྒྲུབ་པ་དག་གི་ཡང་དག་པར་འགྲུབ་པ་པོ་ནི་སྐྱེད་པ་སྟེ། དེ་བས་ན་བདག་གིས་བྱང་ཆུབ་དམན ་པ་བསྲིང་བར་བྱ་ཞིང་སངས་རྒྱས་ཀྱི་བྱང་ཆུབ་དང་ཉེ་བར་གྱུར་ཏོ་ཞེས་བྱ་བ་ནི། ཡང་དག་པར་འགྲུབ་པའི་རྣམ་པར་རྟོག་པའོ།། ཇི་ལྟར་སྒྱུ་མའི་སྐྱེས་བུ་རྣམ་པར་མི་རྟོག་པ་ཉིད་ཀྱི་ཕྱིར་འདི་སྙམ་དུ་བདག་ལས་སྒྱུ་མའི་མཁན་པོ་ཉེ་བ ་དང་རིང་བར་མྱི་སེམས་པ་དེ་བཞིན་དུ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་སྙམ་དུ་བདག་ལས་དམན་པའི་བྱང་ཆུབ་ནི་རིང་ལ། སངས་རྒྱས་ཀྱི་བྱང་ཆུབ་ཉེའོ་སྙམ་དུ་མི་སེམས་པ་ཞེས་བྱ་བ་ནི ་གཉེན་པོའི་ཕྱོགས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་རྣམ་པར་མི་རྟོག་པའི་ཕྱིར་རོ།། ཤེས་པའི་དམིགས་པ་མ་འཁྲུལ་བ་ནི་དམིགས་པ་མེད་པ་ཉིད་དོ།། དེ་བས་ན་བདག ་ལས་དམན་པའི་བྱང་ཆུབ་དང་རིང་བ་དང་སངས་རྒྱས་ཀྱི་བྱང་ཆུབ་དང་ཉེ་བ་ཞེས་བྱ་བ་ནི་དམིགས་པ་མེད་པའི་རྣམ་པར་རྟོག་པའོ།། ཇི་ལྟར་བཞིན་གྱི་གཟུགས་བརྙན་འདི་སྙམ་དུ་བདག་ནི་བཞིན་ལས་གཞན་པ་དང་ནི་རིང་ལ ་བཞིན་དང་ནི་ཉེའོ་ཞེས་མི་སེམས་པ་སྟེ། མེད་པའི་ཕྱིར་རོ།། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་སྙམ་དུ་བདག་ནི་དམན་པའི་བྱང་ཆུབ་དང་རིང་ལ། སངས་རྒྱས་ཀྱི་བྱང་ཆུབ་དང་ཉེའོ་སྙམ་དུ་མི་སེམས་སོ་ཞེས ་བྱ་བ་ནི་གཉེན་པོའི་ཕྱོགས་ཡིན་ཏེ། ཡོང་པ་མ་ཡིན་ཞེས་པའི་དམིགས་པ་ནི་མེད་པ་ཉིད་ཀྱི་ཕྱིར་རོ།། རྣམ་པར་མི་རྟོག་པའི་ཤེས་པ་ནི་གཉེན་པོ་ཡིན་ནོ།། རྣམ་པར་རྟོག་པ་ནི་མི་མཐུན་པའི་ཕྱོགས་ཡིན་ནོ་ཞེས་བྱ་བ་ནི་གཉེན ་པོ་དང་མི་མཐུན་པའི་ཕྱོགས་ཀྱི་རྣམ་པར་རྟོག་པ་སྟེ། དེ་ལྟར་དེ་བཞིན་གཤེགས་པ་ལ་གཉེན་པོ་དང་མི་མཐུན་པའི་ཕྱོགས་མི་མངའ་སྟེ། ཆོས་ཀྱི་དབྱིངས་ཙམ་ཉིད་ཡིན་པའི་ཕྱིར་རོ།། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་ཞེས་བྱ་བ་ནི་གཉེན་པོའོ།། དེ་བས་ནུ་བདག་གིས་གཉེན་པོའི་ཕྱོགས་ལས་མི་མཐུན་པའི་ཕྱོགས་ཟད་པ་ཐོབ་པར་འགྱུར་རོ་སྙམ་པའི་རླུང་གི་རྟོག་པའི་རྣམ་པར་རྟོག་བྱའོ།། ཇི་ལྟར་དེ་བཞིན།། ་གཤེགས་པས་རྣམ་པར་རྟོག་པ་ཐམས་ཅད་སྤངས་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་གཉེན་པོའི་ཕྱོགས་སོ།། བྱང་ཆུབ་སེམས་དཔའི་བྱེད་པ་པོ་དང་དེའི་ལས་གཉེན་པོའི་ཕྱོགས་བསྒོམ་པ་དང ་དེའི་བྱ་བའི་འབྲས་བུ་མི་མཐུན་པའི་ཕྱོགས་ཟད་པ་ཞེས་བྱ་བ་ནི་བྱེད་པ་དང་ལས་བྱ་བའི་འབྲས་བུའི་རྣམ་པར་རྟོག་པའོ།། ཇི་ལྟར་དེ་བཞིན་གཤེགས་པའི་སྤྲུལ་པའི་རྣམ་པར་མི་རྟོག་པ་ཉིད་ཀྱི་ཕྱིར་འདི་སྙམ་དུ ་བདག་ནི་དམན་པའི་བྱང་ཆུབ་དང་རིང་ལ། སངས་རྒྱས་ཀྱི་བྱང་ཆུབ་དང་ནི་ཉོའོ་སྙམ་དུ་མི་སེམས་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ངོ་།། ཇི་ལྟར་དེ་བཞིན་གཤེགས་པའི་སྤྲུལ་པ་རང་གི་བྱེ་བ ་བྱེད་ཀྱང་རྣམ་པར་མི་རྟོག་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱེད་ཀྱང་རྣམ་པར་རྟོག་པར་ནི་མི་བྱེད་དོ།། ཇི་ལྟར་སྤྲུལ་པ་བྱ་བ་དེའི་འབྲས་བུ་སྒྲུབ་པར་བྱེད་ཀྱང་རྣམ་པར་མི་རྟོག ་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པས་རྣམ་པར་རྟོག་པ་ཟད་པར་བྱེད་ན་ཡང་རྣམ་པར་མི་རྟོག་གོ་ཞེས་བྱ་བ་ནི་གཉེན་པོའི་ཕྱོགས་སོ།། དེ་ནི་གཟུང་བའི་རྣམ་པར་རྟོག་པ་དང་བོ་གཉེན་པོ་དང་བཅས་པ་རྣམ ་པ་དགུ་བསྟན་པའོ།། གཟུང་བའི་རྣམ་པར་རྟོག་པ་གཉིས་པའི་རྣམ་པ་དགུ་གང་ཞེ་ན། སྲིད་དང་ཞི་བར་ལྟུང་བའི་ཕྱིར།། རྟོགས་པ་དམན་པ་ཉིད་དང་ནི།། ཡོངས་སུ་འཛིན་པ་མེད་པ་དང་།། སྒྲུབ་པའི་རྣམ་པ་མ་ཚང་དང་།། གཞན་གྱི་རྐྱེན ་གྱིས་འགྲོ་བ་དང་།། ཆེད་དུ་བྱ་བ་ལོག་པ་དང་།། ཉི་ཚེ་བ་དང་སྣ་ཚོགས་ཉིད།། གནས་དང་འཇུག་ལ་རྨོངས་པ་དང་།། རྗེས་ལ་འགྲོ་ཞེས་བྱ་བ་ལ།། རྣམ་རྟོག་དགུ་ཡི་བདག་ཉིད་འདི།། ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་ཏེ།། ་ཉན་ཐོས་ལ་སོགས་ཡིད་ལས་བྱུང་ཞེས་བྱ་བ་གསུངས་ཏེ། དམན་པ་ནི་ཞན་པ་ཉིད་དོ།། རྟོགས་པ་དམན་པ་ལ་སོགས་པའི་སྐྱོན་བྱང་ཆུབ་སེམས་དཔས་སྤང་བར་བྱ་བའི་ངོ་བོ་རྣམ་པ་དགུ་ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་ནོ།། ་སྲིད་པ་དང་ཞི་བའི་དོན་དུ་གཉེར་བས་མི་སྤངས་པ་ཉིད་ཀྱི་ཕྱིར་ཉན་ཐོས་ལ་སོགས་པའི་ཡིད་ལས་བྱུང་བའོ།། རྫས་སུ་ཡོད་པ་ལ་འཛིན་པ་མི་དམིགས་པའི་ཕྱིར་འཁོར་བ་མ་ཡིན། ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་གིས་མྱ་ངན་ལས ་འདས་པ་མ་ཡིན་པ་དེ་བས་ན་དྲུག་པ་ཅི་ཞིག་བྱ་ཞེས་བྱ་བ་ནི་བརྒལ་བའོ།། དྲུག་པ་རྣམ་པར་རྟོག་པ་སྤོང་བར་བྱེད་པས་ལན་བཏབ་པ་ཡིན་ནོ།། ཕ་རོལ་ཏུ་ཕྱིན་པ་ལྔ་པོ་ཡོད་དུ་ཟིན་ཀྱང་དྲུག་པ་མེད་ན་རྟོགས་པ་དམན་པ་ཉིད་ལ ་སོགས་པར་འགྱུར་རོ་ཞེས་བྱ་བ་ནི་རྟོགས་པ་དམན་པ་ལ་སོགས་པའི་རྣམ་པར་རྟོག་པའོ།། དེ་དག་གི་གཉེན་པོའི་ཕྱོགས་ནི་དྲུག་པ་རྣམ་པར་མི་རྟོག་པ་ཁོ་ན་ཡིན་ནི།། གང་གི་ཕན་ཡོན་ནི་དང་པོར་དེ་ནས་ཚེ་དང་ལྡན་པ་རབ ་འབྱོར་ཞེས་བྱ་བ་ནས། ངོ་མཚར་ཆེའོ་ཞེས་བྱ་བའི་བར་གྱིས་གསུངས་པའོ།། དེ་ནས་འདི་ལྟ་སྟེ་ཞེས་བྱ་བའི་ཚིག་གཉིས་ཀྱི་ནི་རྟོག་པ་དམན་པའི་རྣམ་པར་རྟོག་པའོ།། དེ་ནས་འདི་ལྟ་སྟེ་ཞེས་བྱ་བའི་ཚིག ་བརྒྱད་ཀྱི་ནི་རྣམ་པར་རྟོག་པ་བརྒྱད་དོ།། དྲུག་པ་དང་བྲལ་བསྟན་ཕ་རོལ་ཏུ་ཕྱིན་པ་ལྔའི་མིང་ཡང་མི་ཐོབ་པ་དེ་བས་ན་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་ཐོབ་པའི་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་མི་འགྱུར་ཞིང་འཁོར་བར་ལྟུང་བར ་འགྱུར་རོ།། ཞི་བ་ཡང་ཡིད་དེ་རྫས་སུ་ཡོད་པའི་འཛིན་པ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་རྟོགས་པ་དམན་པའི་རྣམ་པར་རྟོག་བྱའོ།། ལྔ་པོ་དག་དྲུག་པས་ཡང་དག་པར་ཡོངས་སུ་བཟུང་ན་བདུད་ལ་སོགས་པས་མི་ཚུགས་པ་ཡིན ་ལ། དྲུག་པ་མེད་ན་དེ་མྱེད་དོ་ཞེས་བྱ་བ་ནཱི་ཡོངས་སུ་འཛིན་པ་མེད་པའི་རྣམ་པར་རྟོག་པའོ།། དེ་དྲག་དྲུག་པའི་གོ་བགོས་ན་བདུད་ལ་སོགས་པས་ཐུབ་པར་དཀའ་བ་ཡིན་ལ། དྲུག་པུ་མེད་ན་དེ་མེད་དེ་ཞེས་བྱ་བ་ནི་སྒྲུབ་པའི་རྣམ་པ་མ་ཚང ་བའི་རྣམ་པར་རྟོག་པའོ།། རྐྱེན་གྱི་སྒྲ་ནི་རག་ལས་པའི་ཚིག་གོ། གཞན་གྱི་རྐྱེན་ཁོ་ནས་ཡིན་གྱི། རང་གི་རྒྱུད་དུ་ནི་མ་ཡིན་ནོ་ཞེས་ངེས་པར་གཟུང་བར་ཡང་ཁོང་དུ་ཆུད་པར་བྱའོ།། དེ་བས་དེ་དག་བྱང་ཆུབ་ཆེན་པོར་དྲུག་པ་ལ་རག ་ལས་པི་ཁོ་ནས་འགྲོ་བ་ཡིན་གྱི། དྲུག་པ་མེད་པར་མ་ཡིན་ནོ་ཞེས་བྱ་བ་ནི་གཞན་གྱི་རྐྱེན་གྱིས་འགྲོ་བའི་རྣམ་པར་རྟོག་པའོ།། ཆུ་བོ་གང་གཱས་ཆུ་བྲན་གཞན་རྒྱ་མཚོར་འཇུག་པ་ལྟར་སངས་རྒྱས་ཀྱི་བྱང་ཆུབ་ཏུ་བགྲོད་པར ་བྱ་བའི་ཕྱིར་ལྔ་པོ་དག་གི་དྲུག་པ་ནི་ཆེད་དུ་བྱ་བ་ཡིན་ཏེ། དྲུག་པ་མེད་ན་མེད་དོ་ཞེས་བྱ་བ་ནི་ཆེད་དུ་བྱ་བ་ལྡོག་པའི་རྣམ་པར་རྟོག་པའོ།། དྲུག་པ་ནི་ཐམས་ཅད་དུ་བྱེད་པ་ཡིན་ལ་ལྔ་པོ་དགུ་ནི་ཕྱོགས་གཅིག་ཡིན་པ་དེ་བས་ན ་དྲུག་པ་མེད་པ་གང་ཟག་གློ་རྫས་སུ་མི་དམིགས་སུ་ཟིན་ཀྱང་ཉོན་མོངས་པའི་སྒྲིབ་པོ་ཟད་པར་འགྱུར་གྱི། ཤེས་བྱའི་སྒྲིབ་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཚེ་བའི་རྣམ་པར་རྟོག་པའོ།། ལྔ་པོ་དྲུག་པའི་ནང་དུ་འདུས་པ་ནི་དྲུག ་དང་རོ་གཅིག་པ་ཉིད་ཀྱི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཉིད་འཐོབ་པར་འགྱུར་བ་དེ་བས་ནི་དེ་དག་དྲུག་པ་དག་ལས་ཐ་མི་དང་ལ། དྷྲྀག་པ་མེད་ན་ཐ་དད་པར་འགྱུར་རོ་ཞེས་བྱ་བྷཱ་ནཱི་སྣ་ཚོགས་པ་ཉིད་ཀྱི་རྣམ་པར་རྟོག་པའོ།། དཔེར་ན་འཁོར་ལོ ་སྦྱར་བའི་དཔུང་གི་ཚོགས་ནི་འཁོར་ལོ་རིན་པོ་ཆེ་འགྲོ་བ་དང་འདུག་པ་མེད་པར་གནས་པ་དང་འཇུག་པ་ལ་འགྲོ་ཞིང་གནས་པ་མེད་དེ། བདག་ཉིད་ཀྱིས་མི་ཤེས་པའི་ཕྱིར་རོ།། དེ་བཞིན་དུ་དྲུག་པ་རྣམ་པ་ཐམས་ཅད་མཁྱེན་པ ་ཉིད་ཀྱི་ཕྱིར་འགྲོ་བླ་དང་དེ་ཉིད་ལ་གནས་ན་ལྔ་བློ་དྲུག་པའི་རྗེས་སུ་འབྲང་བ་ལ་དྲུག་པ་མེད་ན་མེད་དོ་ཞེས་བྱ་བ་ནི་གནས་པ་དང་འཇུག་པ་ལ་རྨོངས་པའི་རྣམ་པར་རྟོག་པའོ།། མིག་དང་ལྡན་པ་བཞིན་དུ་དྲུག་པ་རྣམ་པ་ཐམས་ཅང ་མཁྱེན་པོ་ཉིད་ཀྱི་ཕྱིར་སྔོན་དུ་འགྲོ་བར་བྱེད་ལ་ཕྱིས་ལོང་བ་བཞིན་དུ་ལྔ་པོ་དེས་ཁྲིད་པར་འགྱུར་ཏེ། དྲུག་པ་མེད་ན་འགྲོ་བར་མི་འགྱུར་རོ་ཞེས་བྱ་བ་ནི་རྗེས་ལ་འགྲོ་བའི་རྣམ་པར་རྟོག་པ་སྟེ། འབྲས་བུ་ལ་རྒྱུ་ཉེ་བར་བཏགས་པའི ་ཕྱིར་རོ།། དེ་ནི་གཟུང་བའི་རྣམ་པར་རྟོག་པ་གཉིས་པའི་རྣམ་པ་དགུ་ཡིན་ནོ།། འཛིན་པའི་རྣམ་པར་རྟོག་པ་དང་པོའི་རྣམ་པ་དགུ་གང་ཞེ་ན། འཛིན་དང་སོ་སོར་གཏོང་བ་དང་།། ཡིད་ལ་བྱེད་དང་ཁམ ་རྣམས་ནི།། གསུམ་ཅར་ཉེ་བར་འབྲེལ་པ་དང་།། གནས་དང་མངོན་པར་ཞེན་པ་དང་།། ཆོས་ཀྱི་དངོས་པོར་བཏགས་པ་དང་།། ཆགས་པ་དང་ནི་གཉེན་པོ་དང་།། ཇི་ལྟར་འདོད་བཞིན་འགྲོ་ཉམས་ལ།། འཛིན་པ་དང་པོར་ཤེས ་པར་བྱ།། ཞེས་གསུངས་ཏེ། འཛིན་པ་དང་སོ་སོར་གཏོང་བ་ལ་སོགས་པ་དགུའི་ཆོས་ལ་འཛིན་པ་རྫས་ཀྱིས་རྣམ་པར་རྟོག་པ་ནི་འཛིན་པའི་རྣམ་པར་རྟོག་པ་དགུའོ།། དེ་དག་ཀྱང་འཕགས་པ་དག་གིས་སྤངས་པ་ཉིད ་ཀྱི་ཕྱིར་སོ་སོའི་སྐྱེ་བོའི་ཆོས་རྣམས་སོ།། དེ་དག་གི་གཉེན་པོ་ནི་མདོ་ཇི་ལྟ་བ་བཞིན་དུ་དྲུག་པ་སྟེ། རྣམ་པར་མི་རྟོག་པའོ།། དེ་ལ་གསོལ་བ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནས། མི་འཛིན་མི་གཏོང་ངོ་ཞེས་བྱ་བར་ནི ་འཛིན་པ་དང་གཏོང་བའི་རྣམ་པར་རྟོག་པ་སྟེ། གཉེན་པོའི་ཕྱོགས་དང་བཅས་པར་བརྗོད་དོ།། གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། འཚང་རྒྱའོ་ཞེས་བྱ་བའི་བར་ནི་ཡིད་ལ་བྱེད་པའི་རྣམ་པར་རྟོག་པའོ།། གསོལ ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། ཆོས་གང་དང་ཡང་འདྲེ་བར་མི་བྱའོ་ཞེས་བྱ་བའི་བར་གྱིས་ཁམས་གསུམེ་ཅར་དང་ཉེ་བར་འབྲེལ་པའི་རྣམ་པར་རྟོག་པའོ།། གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། ་གནས་པར་མི་འགྱུར་རོ་ཞེས་བྱ་བའི་བར་གྱིས་གནས་པའི་རྣམ་པར་རྟོག་པའོ།། གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བའི་བར་གྱིས་མངོན་པར་ཞེན་པའི་རྣམ་པར་རྟོག་པའོ།། ། ་གལ་ཏེ་ཞེས་བྱ་བ་ནས། དེ་ནི་གནས་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་དངོས་པོར་བཏགས་པ་ནི་རྣམ་པར་རྟོག་པའོ།། དེ་ནས་ཚེ་དང་ལྡན་པ་ཞེས་བྱ་བ་ནས། སྤྱོད་པོ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ཆགས་པའི་རྣམ་པར་རྟོག་པའོ།། ་གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། གནས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་གཉེན་པོའི་རྣམ་པར་རྟོག་པའོ།། རབ་འབྱོར་འདི་ལྟ་སྟེ་ཞེས་བྱ་བ་ནས། དེར་གནས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ཇི་ལྟར་འདོད་པ ་བཞིན་དུ་འགྲོ་བ་ལས་ཉམས་པའི་རྣམ་པར་རྟོག་པའོ།། དེ་ནི་འཛིན་པའི་རྣམ་པར་རྟོག་པ་དང་པོ་རྣམ་པ་དགུའོ།། འཛིན་པའི་རྣམ་པར་རྟོག་པ་གཉིས་པ་རྣམ་པ་དགུ་གྲང་ཞེ་ན། ཆེད་བཞིན་ངེས་པར་མི་འབྱུང་དང་།། ལམ་དང་ལམ ་མིན་ངེས་འཛིན་མེད།། འགག་དང་བཅས་པའི་སྐྱེ་བ་དང་།། དངོས་པོ་ལྡན་དང་མི་ལྡན་དང་།། གནས་དང་རིགས་ནི་འཇི་ག་པ་དང་།། དོན་དུ་གཉེར་དང་རྒྱུ་མེད་དང་།། ཕྱིར་རྒོལ་བ་དང་དམིགས་པ་ལ།། ། འཛིན་པའི་རྣམ་རྟོག་གཞན ་ཡིན་ནོ།། ཞེས་གསུངས་ཏེ། བཏགས་པར་ཡོད་པའི་འཛིན་པ་མི་དམིགས་པ་ནི་འདིར་དྲུག་པའོ།། དེ་མེད་པ་ནི་ཆེད་དུ་བྱ་བ་ཇི་ལྟ་བ་བཞིན་དུ་ངེས་པར་འབྱུང་བར་མི་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ཐལ་བར་འགྱུར་པ་དགུ་ནི ་རྣམ་པར་རྟོག་པ་དགུའོ།། དེ་དག་ཀྱང་སོ་སོའི་སྐྱེ་བོའི་ཆོས་མ་ཡིན་ཏེ། དེ་དག་ལ་དང་པོ་ཉིད་ཡོད་པ་ཡིན་པའི་ཕྱིར་རོ།། དེ་ལྟར་ན་ནི་སའི་ཞེ་ན། འཕགས་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་ཡིན། ་ཏེ། དེ་དག་གིས་ནི་མ་སྤངས་པ་ཉིད་ཀྱི་ཕྱིར་རོ།། མདོ་ཇི་ལྟ་བ་བཞིན་དུ་དེ་དག་གི་གཉེན་པོའི་ཕྱོགས་ནི་དྲུག་པ་དེ་ཁོ་ན་ཡིན་ཏེ། སངས་རྒྱས་ཀྱི་བྱང་ཆུབ་ཏུ་ངེས་པར་འབྱུང་བའི་ཕྱིར་དྲུག་པ་ནི་ལྔ་པོ་དག་གི་ཁ་ལོ་སྒྱུར་བ་ཡིན་ལ། ་དྲུག་པ་མེད་ན་དམན་པའི་བྱང་ཆུབ་ལ་ངེས་པར་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་ཆེད་ཇི་ལྟ་བ་བཞིན་ངེས་པར་མི་འབྱུང་བའི་རྣམ་པར་རྟོག་པ་སྟེ། རབ་འབྱོར་འདི་ལྟ་སྟེ་ཞེས་བྱ་བ་ནུས། མཉམ་པ་ནས་འགྲོའོ་ཞེས་བྱ་བའི་བར ་གྱིས་གང་གསུངས་པའོ།། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་ནི་བྱང་ཆུབ་སེམས་དཔའི་ལམ་ལ། ཉན་ཐོས་ལ་སོགས་པའི་ལམ་ནི་དེ་དག་གི་ལོམ་མ་ཡིན་ཞེས་བྱ་བ་ནི་ལམ་དང་ལུམ་མ་ཡིན་པ་ངེས་པར་གཟུང་བ ་ཡིན་ལ། དྲུག་པ་མེད་པར་དེ་མེད་དོ་ཞེས་བྱ་བ་ནི་ལ་མོ་དང་ལམ་མ་ཡིན་པ་ལོ་ངེས་པར་འཛིན་པ་མེད་པའི་རྣམ་པར་རྟོག་པ་སྟེ། ཚིག་སྔ་མའི་མཇུག་ལ་དགག་པའི་ཡི་གེ་སྦྱར་ཏེ། ཡོད་པས་སོ།། གསོལ་པ། བཅོམ་ལྡན་འདས ་ཞེས་བྱ་བ་ནས། ལམ་དང་ལམ་མ་ཡིན་པའོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ཡང་སྐྱེ་བ་འམ་འགག་པ་མ་ཡིན་པ་ལ་དྲུག་པ་མེད་ན་སྐྱེ་བ་དང་འགག་པར་འགྱུར་རོ། ་ཞེས་བྱ་བ་ནི་སྐྱེ་བ་དང་། འགོག་པའི་རྣམ་པར་རྟོག་པ་སྟེ། གསོལ་པ་བཅོམ་ལྡན་འདས་ཞེས་བྱ་བ་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྩོན་པར་བྱའོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ།། དེ་དག་ལ་ཇི་ལྟར་བརྩོན་པར་བྱ་ཞེ་ན། ་གཟུགས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ནོ་ཞེས་བྱ་བ་དེ་ལྟར་རོ།། དྲུག་པ་མེ་དོན་དུ་མེད་དོ་ཞེས་བྱ་བ་ནི་ལྡན་པ་དང་མི་ལྡན་པའི་རྣམ་པར་རྟོག་པ་སྟེ། གསོལ་པ། ་བཅོམ་ལྡན་འདས་ཞེས་བྱ་བ་ནས། བརྩོན་པར་བྱའོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ།། གཟུགས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་གནས་པར་མི་བགྱིའོ་ཞེས་བྱ་བ་ནི་བརྩོན་པ་ཡིན་ལ། དྲུག་པ་མེད ་ན་དེ་དག་ལ་གནས་པར་འགྱུར་པ་ཞེས་བྱ་བ་ནི་གནས་བྱའི་རྣམ་པར་རྟོག་པ་སྟེ། རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས་མངོན་པར་རྫོགས་པོར་འཚང་རྒྱ་བར་བྱའོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ།། རིགས་ནི་ས་བོན་ཡི ་ཏེ། དེ་འདིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡིན་ལ་དྲུག་པ་མེད་ན་དེ་རྣམ་པར་འཇིག་པར་འགྱུར་རོ་ཞེས་བྱ་བ་ནི་རིགས་འཇིག་པའི་རྣམ་པར་རྟོག་པ་སྟེ། རབ་འབྱོར་འདི་ལྟ་སྟེ་ཞེས་བྱ་བ་ནས། འཁོར ་བ་ལས་ཡོངས་སུ་བསྒྲལ་བར་བྱའོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ།། གཞན་གྱི་དྲིང་མི་འཇོག་པར་འདོད་པ་ལ་སོགས་པའི་དོན་དུ་ཕ་རོལ་ཏུ་ཕྱིན་པ་དྲག་ལ་བསླབ་པར་བྱའོ།། དྲུག་པ་མེད་ན་དོན་དུ་གཉེར་བ་འགྲུབ ་པར་མི་འགྱུར་རོ་ཞེས་བྱ་བ་ནི་དོན་དུ་གཉེར་བ་མེད་པའི་རྣམ་པར་རྟོག་པ་སྟེ། རབ་འབྱོར་དེ་ལྟར་ན་ཞེས་བྱ་བ་ནས། སྨྲའོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ།། ཆོས་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ ་བྱུང་བ་ཡིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་གྱི། དྲུག་པ་དང་བྲལ་བར་ནི་མ་ཡིན་ནོ་ཞེས་བྱ་བ་ནི་རྒྱུ་མེད་པའི་རྣམ་པར་རྟོག་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ནས། རྣམ་པ ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་བསླབ་པར་བྱའོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ།། དྲུག་པ་ལ་སྤྱོད་ན་བདུད་ལ་སོགས་པས་ཐུབ་པར་དཀའ་བ་དང་། དུས་གསུམ་གྱི་དེ་བཞིན་གཤེགས་པས་དགོངས་པོ་མཛད་དེ། ཆོས ་ཐམས་ཅད་མི་དམིགས་པའི་ཕྱིར་རོ།། དྲུག་པ་མེད་ན་དེ་གཉི་ག་མེད་དོ་ཞེས་བྱ་བའི་བར་ནི་ཕྱིར་རྒོལ་བ་དང་དམིགས་པ་དག་ལ་རྣམ་པར་རྟོག་པ་སྟེ། རབ་འབྱོར་འདི་ལྟ་སྟེ་ཞེས་བྱ་བ་ནས། དགོངས་པར་མི་མཛད་དོ་ཞེས་བྱ་བའི་བར ་གྱིས་གང་གསུངས་པའོ།། དེ་ནི་འཛིན་པའི་རྣམ་པར་རྟོག་པ་གཉིས་པའི་རྣམ་པར་རྟོག་པ་དགུ་བསྟན་པའོ།། དེ་ལྟར་མཐོང་བས་སྤང་བར་བྱ་བའི་རྣམ་པར་རྟོག་པ་སུམ་ཅུ་རྩ་དྲུག་དང་དེའི་གཉེན་པོའི་ཕྱོགས་མཐོང་བའི ་ལམ་བསྟན་ནས། མཐོང་བའི་ལམ་དེ་ཉིད་ཀྱི་ཕན་ཡོན་ཉིད་ནི་དེ་ནས་ལྷའི་དབང་པོ་ཞེས་བྱ་བ་ནས། སངས་རྒྱས་སུ་འགྱུར་རོ་ཞེས་བྱ་བའི་བར་གྱིས་གསུངས་སོ།། དེ་ལ་མཐོང་བའི་ལམ་གྱི་དེ་མ་ཐག་ཉིད་དུ་བྱང་ཆུབ་པ་ནི ་མ་ཡིན་ཏེ། ས་དགུ་པ་དག་གིས་བར་དུ་ཆོད་པའི་ཕྱིར་རོ།། དེ་ཙམ་གྱིས་བར་དུ་ཟིན་ཀྱང་གདོན་མི་ཟ་བྱར་འགྱུར་བའི་ངེས་པ་རྟོགས་པར་ཡང་ནུས་པ་མ་ཡིན་ནོ་ཞེ་ན། འདིར་ནུས་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་རྒྱུ་གསུམ་ནི།། ་བྱང་ཆུབ་ལ་གཞན་སྟོན་པ་དང་།། དེ་ཡི་རྒྱུན་ཡོངས་གཏོང་དང་།། དེ་ཐོབ་བར་ཆད་མེད་པའི་རྒྱུ།། བསོད་ནམས་མང་པོའི་མཚན་ཉིད་དོ་ཞེས་གསུངས་ཏེ། བར་ཆུད་དང་བྲལ་ཞིང་འདྲི་ལ་དེ་མེད་པས་ན་བར་ཚད་མེད་པ་སྟེ། ་མྱེད་ན་མི་འབྱུང་བ་ཞེས་བྱ་བའི་དོན་ཏོ།། བྱང་ཆུབ་འཐོབ་པར་འགྱུར་བ་མེད་ན་མེད་པར་འགྱུར་པ་གང་ཡིན་པ་དེ་ནི་དེ་ཐོབ་པ་ལ་བར་ཆད་མེད་པའི་རྒྱུ་སྟེ། དེ་རྟོགས་པར་བྱེད་པའོ།། དེ་ཡང་རྣམ་པ་གསུམ་སྟེ། དྲི་ལ་དང་། ་བྱོ་ནི་གང་བྱང་ཆུབ་ལ་གཞོན་སྟོན་པ་ཡིན་ཏེ། ལུང་སྟོན་པའོ།། གཞན་ཞེས་བྱ་བ་ནི་མཐོང་བའི་ལམ་ལ་གནས་པའི་དགེ་སློང་བརྒྱ་ཕྲུག་དྲུག་ཅུ་ལོ་སྟེ། དེ་ནས་འཁོར་དེའི་ནང་ནས་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་པའོ།། དེའི་རྒྱུ་ནི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ད་ལྟར་བྱུང་བ་དང་མ་འོངས་པ་དག་ལ་བྱང་ཆུབ་ཀྱི་རྒྱུ་དོན་དུ་གཏོད་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པ་ཀུན་དགའ་བོ་ཐོས་པ་འཛིན་པ་ལ་གཏད་པ་གང་ཡིན་པ་དེ་ནི་རྒྱུ་གཉིས་པ་སྟེ། ཀུན་དགའ་བོ་རིགས་ཀྱི་བུ་འམ་ཞེས་བྱ་བ་ནས། ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ།། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་སྦྱོར་བས་བསོད་ནམས་མང་པོའི་མཚན་ཉིད་ནི་རྒྱུ་གསུམ་པ་སྟེ། ཀུན་དགའ་བོ་གལ་ཏེ་ཁྱོད་ཀྱིས་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་ནི་ཚད་མེད ་དྲོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ།། ཡང་ན་མཐོང་བའི་ལམ་ནི་བྱང་ཆུབ་ཐོབ་པ་དེ་མ་ཐག་ཏུ་སྐྱེད་པར་བྱེད་པ་ཡིན་ཏེ། གང་གི་ཕྱིར། དྲི་མ་ཟད་དང་མི་སྐྱེ་བའོ།། ཡེ་ཤེས་བྱང་ཆུབ་ཅེས་བརྗོད་དེ།། ཟད་མེད་སྐྱེ་མེད ་ཕྱིར་དེ་དག། གོ་རིམ་བཞིན་དུ་ཤེས་པར་བྱ་ཞེས་གསུངས་ཏེ། དྲི་མ་ཞེས་བྱ་བ་ནི་ཉོན་མོངས་པ་དང་། རྣམ་པར་རྟོག་པ་དག་གོ། ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པ་ནི་བྱང་ཆུབ་བོ།། དེ་ནི་མཐོང་བས་སྤངས་པ་དེ་དག ་མཐོང་བའི་ལམ་གྱི་དེ་མྱ་ཐག་ཏུ་འགྱུར་རོ་ཞེས་བྱ་བ་དེ་ལ་བལྟོས་ནས་བར་ཆད་མེད་པའི་རྒྱུ་ཉིད་ཡིན་ནོ།། དེ་ལ་ཆོས་རྣམས་ཀྱི་ཟད་པ་མེད་པར་ཤེས་པ་ནི་ཟོད་པ་ཤེས་པ་ཡིན་ལ། སྐྱེ་བ་དངོས་པོ་མེད་པར་ཤེས་པ་ནི་སྐྱེ་བ་ཤེས ་པ་སྟེ། གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། གཟུངས་ངས་བསྟན་པ་ནི་འདི་ཡི་ན་ནོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ།། དེ་གཱ་ལས་ཞེ་ན། སངས་རྒྱས་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལས་བྱུང ་བའི་ཕྱིར་རོ་ཞེས་གསུངས་ཏེ། འདི་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། འོ་ན་དེ་ལ་ཟད་པ་དང་མི་སྐྱེ་བ་ཤེས་པ་ཉིད་དུ་ཇི་ལྟར་གསུངས་ཞེ་ན། ཡུལ་མི་ཟད་པ་ཉིད་ཀྱིས་མི་ཟད་པ་ཉིད་དུ་གསུངས ་པའི་ཕྱིར་རོ།། དེ་དག་ཀྱང་གང་ལས་ཞེ་ན། ཆོས་དེ་དག་ཀྱང་སྐྱེ་བ་མེད་དེ། གང་སྐྱེ་བ་མེད་པ་དེ་ལ། ཟུང་བར་འགྱུར་བ་ལྟ་ག་ལ་ཡོད་ཅེས་གསུངས་པའི་ཕྱིར་རོ།། དེ་ལྟར་ན་དེ་ནི་བྱང་ཆུབ་ཀྱི་མཚན་ཉིད་མདོར་བསྡུས་པས་བསྟན ་པའོ།། དང་པོ་རྟུལ་པོའི་དབང་དུ་མཛད་ནས་ལྗགས་བཀྲམ་པས་དེ་དག་གི་དད་པ་བསྐྱེད་པ་དང་། ཕན་ཡོན་བསྟན་པས་སྤྲོ་བ་བསྐྱེད་པ་གསུངས་པ་ཡིན་ནོ།། དེ་ནས་ཚེ་དང་ལྡན་པ་རོབ་འབྱོར་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟར་ན ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ཡང་རྒྱས་པར་བྱང་ཆུབ་ཀྱི་མཚན་ཉིད་གསུངས་ཏེ།། འདི་ནི་ཟབ་བོ་ཞེས་བྱ་བ་ནི་ཟད ་བློ་དང་སྐྱེ་བ་མེད་པར་ཤེས་པའི་མཚན་ཉིད་ཅན་གྱི་བྱང་ཆུབ་བོ།། ནམ་མཁའ་མི་ཟད་པའི་ཕྱིར་ཞེས་བྱ་བ་ནི་བསྟན་པའོ།། གཟུགས་མི་ཟད་པ་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པ་དེ་བཞིན་ཉིད་ཙམ་དུ་ཡིན་པ་ཉིད ་ཀྱིས་མོ་ཟད་པའི་ཕྱིར་རོ།། གཟུགས་ལ་སོགས་པ་ནམ་མཁའ་ལྟར་ཟད་མི་ཤེས་པས་ཞེས་བྱ་བ་ལ། གཟུགས་ལ་སོགས་པ་དེ་བཞིན་ཉིད་ཙུམ་དུ་སོ་སོར་སྣང་བར་གྱུར་པ་ནི་གཟུགས་ལ་སོགས་པ་ནམ་མཁའ་ལྟ་བུའོ།། དེ་ཟང ་མི་ཤེས་པས་ཞེས་བྱ་བ་ནི་བཤད་པའོ།། དེ་མན་ཆད་ཕན་ཡོན་ནོ།། ཇི་ལྟར་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས་ཞེས་བྱ་བ་ནི་ཞི་བའི་རྒྱུར་འགྱུར་གྱི། མངོན་པར་མཐོ་བའི་རྒྱུ་དང་མི་ལྡན་པའི་ཕྱིར་རོ་ཞེས་བྱ་བར ་བསམས་པའོ།། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་བསྔོ་བའི་ཐབས་ལ་མཁས་པ་དེས་ལན་བཏབ་པ་ཡིན་ནོ།། དེ་ནི་བྱང་ཆུབ་ཀྱི་མཚན་ཉིད་རྒྱས་པའོ།། དེ་ལྟར་བསྡུས་པ་དང་རྒྱས་པར་མཛད་པ ་རུང་། སྐྱེ་བ་མེད་པའི་ཤེས་པའི་བྱང་ཆུབ་ཀྱི་མཚན་ཉིད་བསྟན་པ་ཡིན་ནོ།། གཞན་དག་ནི་སྔོན་བྱུང་བའི་རྣམ་པར་རྟོག་པ་དག་གཉེན་པོའི་ཕྱོགས་ཀྱིས་ཟད་པར་བྱས་པ་དང་། མ་འོངས་པ་མི་སྐྱེ་བར་བྱས་པ་དག་ནི་ཟད་པ་དང་མི ་སྐྱེ་བ་ཤེས་པའི་བྱང་ཆུབ་ཡིན་ནོ་སྙམ་དུ་སེམས་པ་དེ་བསྟན་བཅོས་མཛད་པས་གསལ་བ་བྱ་བའི་ཕྱིར། འགོག་པ་མེད་པའི་རང་བཞིན་ལ།། མཐོང་ཞེས་བྱ་བའི་ལམ་གྱིས་ནི།། རྣམ་པར་རྟོག་རིག་ཅི་ཞིག་ཟང་།། སྐྱེ་མེད་རྣམ ་པོ་ཅི་ཞིག་འཐོབ།། གཞན་གྱིས་ཆོས་རྣམས་ཀྱང་ཡོད་ལ།། སྟོན་པ་ལ་ཡང་ཤེས་བྱ་ཡི།། སློབ་པ་ཟོད་པར་བརྗོད་པ་གྲང་།། དེ་ལ་ཁོ་བོས་མཚར་དུ་བརྩི་སོ།། འདི་ལ་བསལ་བྱ་ཅི་ཡང་མེད།། བསྣུན་པར་བྱ་བ་ཅི་ཡང་མེད།། ་ཡང་དག་ཉིད་ལ་ཡང་དག་ལྟ།། ཡང་དགྲ་མཐོང་ན་རྣམ་པར་གྲོལ།། ཞེས་བྱ་བ་གསུངས་ཏེ། རང་གི་མཚན་ཉིད་ཀྱིས་སྟོང་པ་ནི་ཆོས་རྣམས་ཀྱི་རང་བཞིན་ཏེ། རང་གི་ངོ་བོའོ།། དེ་ཡང་ཐོག་མ་དང་ཐི་མ་མེད་པའོ།། དེ་བས་ན ་མཐོང་བའི་ལམ་གྱིས་རྣམ་པར་རྟོག་པའི་རིགས་ཅི་ཞིག་ཟད་པ་འམ་སྐྱེ་བ་མེད་པ་གང་ཡང་ཐོབ་པ་མེད་དོ།། ཇི་ལྟར་ཆོས་རྣམས་ཀྱི་མཚན་ཉིད་ནི་ཡོད་པ་ཡིན་ལ་དེ་བཞིན་དུ་སྟོན་པ་དེ་དག་གི་ཤེས་བྱའི་སྒྲིབ་པ་ཟད་པ་ཡིན་ནོ་ཞེས ་གཞན་གྱིས་བརྗོད་པ་གང་ཡིན་པ་འདི་ལ་ཁྲོ་བོས་ངོ་མཚར་བརྩིས་པ་ཡིན་ཏེ། དེ་དག་གི་མཚན་ཉིད་ཇི་ལྟ་བ་བཞིན་དུ་ཡོད་པ་མ་ཡིན་ཏེ། དཔྱང་མི་བཟོད་པ་ཉིད་ཀྱི་ཕྱིར་རོ།། དེ་བཞིན་དུ་ཤེས་བྱའི་སྒྲིབ་པ་ཡང་ཟད་པ་མ་ཡིན། ་ཏེ། ཁྱབ་པར་བྱེད་པ་ལོག་པའི་ཤེས་བྱའི་སྒྲིབ་པ་གཉེན་པོའི་ཕྱོགས་སུ་མ་རུང་བའི་ཕྱིར་རོ།། གང་གི་ཕྱིར་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་སྣ་ཚོགས་པ་ཆོས་ཉིད་ཙམ་ཡིན་པའི་རྒྱུ་དེའི་ཕྱིར་མི་མཐུན་པའི་ཕྱོགས་སུ་གྱུར་པ ་བསལ་ཞིང་དོར་བར་བྱ་བ་ཅི་ཡང་མེད་ཅིང་། གཉེན་པོའི་ཕྱོགས་སུ་གྱུར་པ་བསྟན་པར་བྱ་བ་ཅུང་ཟད་ཀྱང་མེད་དེ། སྐྱེ་བ་མེད་པའི་ཕྱིར་རོ།། འོ་ན་ཇི་ལྟར་ཞེ་ན། ཡང་དག་ཉིད་དུ་ཡང་དག་ལྟ་སྟེ། སྣ་ཚོགས་པ་ཆོས་ཀྱི་དབྱིངས ་ཙམ་ཉིད་དུ་དེ་ལྟར་བལྟོ་བར་བྱའོ།། དེ་དེ་ལྟར་མཐོང་ན་ཤེས་བྱའི་སྒྲིབ་པ་ལས་ཀྱང་གྲོལ་བར་འགྱུར་རོ།། དེ་ལ་འདིར་མཐོང་བའི་ལམ་སྐད་ཅིག་མ་དུ་ཞེ་ན། སྦྱིན་པ་ལ་སོགས་རེ་རེ་ལ།། དེ་དག་ཕན་ཚུན་བསྡུས་པ་གོང་། ་སྐད་ཅིག་གཅིག་པའི་བཟོད་པ་ཡིས།། བསྡུས་པ་དེ་འདིར་མཐོང་བའི་ལམ།། ཞེས་བྱ་བ་གསུངས་ཏེ། འདིར་ཞེས་བྱ་བ་ནི་རྩེ་མོའི་མངོན་པར་རྟོག་པ་ལའོ།། སྐད་ཅིག་མ་གཅིག་ནི་མཐོང་བའི་ལམ་མོ།། དེ་ཡིང་བཟོད་པས ་བསྡུས་པ་ཡིན་གྱིས་ཤེས་པས་ནི་མ་ཡིན་ནོ།། རེ་རེའི་སྒྲ་ལས་རང་གི་དོན་ལ་ཟློས་པའི་རྐྱེན་བྱུང་བ་དེ་བས་ན། སྦྱིན་པ་ལ་སོགས་རེ་རེ་ལ་གནས་པའོ།། དེ་དག་ཅེས་བྱ་བ་ནི་རང་ལས་གཞན་པ་ལྔ་པོ་དག་བསྡུས་པ་གང་ཡིན ་པའོ།། ཕན་ཚུན་ཞེས་བྱ་བ་ནི་གཅིག་ལ་གཅིག་གོ།། རེ་རེ་ནི་དྲུག་ཚན་ཏེ། བསྡུ་བར་བྱ་བ་དང་སྡུད་པར་བྱེད་པ་དག་དྲུག་ཚན་ནང་འཁྲུལ་པའི་ཕྱིར་རོ།། དེ་ནི་མཐོང་བའི་ལམ་ཡིན་ཏེ། བཅོམ་ལྡན་འདས ་ཀྱིས་ཇི་ལྟར་ན་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་།། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ་ཞེས་བྱ་བའི་བར་དུ་གང་གསུངས་པའོ།། འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བསམ་གཏན ་གྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྡུས་ནས་གང་གསུངས་པ་དེ་བསྟན་བཅོས་མཛད་པས།། དེ་ནས་སེང་གེ་རྣམ་བསྒྱིངས་པའི།། ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས།། རྟེན་ཅིང་འབྲེལ་འབྱུང་ལུགས་མཐུན་དང་།། ལུགས་མི་མཐུན ་ལས་རྟོག་པར་བྱེད།། ཅེས་བྱ་བ་གསུངས་ཏེ། དོན་ལས་ཅུང་ཞིག་ཉུང་བ་ལས་ཁོང་དུ་ཆུད་པར་བྱའོ།། དེ་ནས་ཞེས་བྱ་བ་ནི་དྲུག་ཚན་དྲུག་པའི་ཅུང་ཞིག་ཉུང་བ་ལས་འོག་ཏུ་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་སྙོམས ་པར་ཞུགས་ནསོ་བྱང་ཆུབ་སེམས་དཔའ་དེ་མདོ་ཇི་ལྟ་བ་བཞིན་དུ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོ་སོར་རྟོག་པར་བྱེད་དོ།། ལུགས་མི་མཐུན་ཞེས་བྱ་བ་ནི་ལུགས་ལས་བཟློག་པའི།། སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ ་འཛིན་དེ་ཡང་མདོ་དྲུག་ཚན་དྲུག་པའི་འོག་ཏུ་གསུངས་ལ་དེའི་འོག་ཏུ་ཐོད་རྒལ་གྱི་ཏིང་ངེ་འཛིན་གསུངས་ཏེ། ཐོད་རྒལ་དེ་ནི་བསྒོམ་པའི་ལམ་ཡིན་ནོ།། དེ་ཡང་བསྟན་བཅོས་མཛད་པས། འགོག་དང་བཙས་པའི་སྙོམས ་འཇུག་དགུར།། རྣམ་པ་གཉིས་སུ་སོང་འོངས་ནས།། འདོད་པར་བཏོགས་པའི་རྣམ་པར་ཤེས།། མཉམ་བཞག་མིན་པའི་མཚམས་བཟུང་སྟེ།། ཐོད་རྒལ་དུ་ནི་སྙོམས་འཇུག་པ།། གཅིག་དང་གཉིས་གསུམ་བཞི་དང་ལྷ།། ་དྲུག་དང་བདུན་དང་བརྒྱད་རྒལ་ནས།། འགོག་པའི་བར་དུ་མི་འདྲར་འགྲོ། ཞེས་བྱ་བ་གསུངས་ཏེ། ཡིན་ཞེས་བྱ་བ་ནི་ལྷག་མའོ།། ཇི་ལྟར་ཡིན་ཞེས། སྙོམས་པར་འཇུག་པ་དགུར་རྣམ་པ་གཉིས་སུ་སོང་ནས་སོ།། ཇི་ལྟར་དགུར་སོང ་ནས་ཞེ་ན། འགོག་པའི་བར་དུའོ།། འགོག་པའི་མཐར་བྱས་པ་ནི་བསམ་གཏན་བཞི་དང་། གཟུགས་མེད་པ་བཞི་དང་། འགོག་པའི་སྙོམས་པར་འཇུག་པ་ཞེས་བྱ་བའི་དོན་ཏོ།། དེ་ནི་འགྲོ་བ་གཅིག་ཡིན་ཏེ། རབ་འབྱོར་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་ཐོང་རྒལ་གྱི་ཏིང་ངེ་འཛིན་གང་ཞེ་ན། ཞེས་བྱ་བ་ནས། འདུ་ཤེས་དང་ཚོར་བ་འགོག་པ་ཉེ་བར་བསྒྲུབས་ཏེ་གནས་ཏེ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ།། ཇི་ལྟར་ན་ཡང་དགུར་སོང་པོ་ཡིན་ཞེ་ན། ་འགོག་པ་དང་བཅས་པའི་གཅིག་དང་། གཉིས་དང་གསུམ་དང་། བཞི་དང་། ལྷ་དང་། དྲུག་དང་། བདུན་དང་། བརྒྱད་རྣམ་པར་བརྒལ་བའི་བར་དུའོ།། འདོད་པར་གཏོགས་པའི་རྣམ་པར་ཤེས།། མཉམ་བཞག་མིན་པའི་མཚམས་བཟུང ་སྟེ།། ཞེས་བྱ་བ་ནི་མཉམ་པར་མ་བཞག་པའི་སེམས་ཀྱི་མཐར་ཐུག་པར་འགྲོ་བར་བྱེད་ཅེས་བྱ་བའི་དོན་ཏོ།། དེ་ནི་འགྲོ་བ་གཉིས་པ་ཏེ། འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས། བསམ་གཏན་དང་པོ་ལ་སྙོམས་པར ་འཇུག་གོ་ཞེས་བྱ་བ་ནས། འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས་མཉམ་པར་མ་བཞག་པའི་སེམས་ལ་གནས་སོ་ཞེས་བྱ་བའི་བར་གྱིས་གསུངས་སོ།། འདིར་སྙོམས་པར་འཇུག་པ་བརྒྱད་པོ་ར་ར ་ཞིང་འགོག་པའི་རྗེས་ལ་སྙོམས་པར་འཇུག་པ་ཡིན་ལ། དགུ་པ་ལ་ནི་སྙོམས་པར་འཇུག་པར་མི་ནུས་ཏེ། འགོག་པ་ལས་འགོག་པར་ལྡང་བ་ནི་མི་རིགས་པའི་ཕྱིར་རོ།། དེ་བས་ན་ཉེ་བའི་ཕྱིར་དང་ཤུགས་ཀྱིས་འདུ་ཤེས་མེད་འདུ་ཤེས ་མེད་མིན་གྱི་སྐྱེ་མཆེད་ལ་སྙོམས་པར་ཞུགས་ནས་དེ་ལས་ལངས་ཏེ། འགོག་པ་ལ་སྙོམས་པར་ཞུགས་ཤིང་དེ་ལས་ལངས་ནས་མཉམ་པར་མ་བཞག་པའི་སེམས་ལ་གནས་སོ་ཞེས་བྱ་བ་ནི་སོང་བ་གཉིས་པ་སྟེ་རྫོགས་སོ།། ། ་འོངས་ནས་ཞེས་བྱ་བ་ནི་གང་དུ་སོང་ནས་མཉམ་པར་མ་བཞག་པའི་སེམས་ལ་གནས་པ་དེ་ལས་འོངས་པ་དེ་ཉིད་ནི་སྙོམས་པར་འཇུག་པ་དགུ་ཡིན་ནོ།། ཅི་འདྲ་བར་གྱུར་པ་ཞེ་ན། མི་འདྲ་བར་འགྲོ་བ་ནི་རིགས་མི་འདྲ་བར་འགྲོ་བ ་སྟེ། མཉམ་པར་མ་བཞག་པ་ལས་མཉམ་པར་བཞག་པ་དང་མཉམ་པར་བཞག་པ་ལས་མཉམ་པར་མ་བཞག་པར་འཕོས་པར་གྱུར་ཞེས་བྱ་བའི་དོན་ཏོ།། འོངས་ནས་ཞེས་བྱ་བ་འདི་ལ་ཡང་། འདོད་པར་གཏོགས་པའི་རྣམ ་པར་ཤེས།། མཉམ་བཞག་མིན་པའི་མཚམས་བཟུང་སྟེ། ཞེས་བྱ་བ་དེ་དག་རྗེས་སུ་སྦྱར་རོ།། དེ་བས་ན་བསམ་གཏན་དང་པོ་ལས་ལངས་ནས་མཉམ་པར་མ་བཞག་པའི་སེམས་ལ་གནས་སོ།། དེ་ལྟར་གཉིས་སུ་སོང ་བའི་འོག་ཏུ་ལྷན་ཅིག་ཕྱིར་འོང་བ་སྟེ། མཉམ་པར་མ་བཞུག་པའི་སེམས་ལས་ལངས་ནས་འགོག་པ་ལ་སྙོམས་པར་འཇུག་གོ་ཞེས་བྱ་བ་ནས། བསམ་གཏན་དྲང་པོ་ལས་ལངས་ནས་མཉམ་པར་མ་བཞག་པའི་སེམས ་ལ་གནས་སོ་ཞེས་བྱ་བའི་བར་གྱིས་གང་གསུངས་ཏེ། གཉིས་སུ་སོང་བ་ལས་ལན་ཅིག་ཕྱིར་འོདྲ་བའོ།། གལ་ཏེ་ཐོད་རྒལ་ལ་སྙོམས་པར་འཇུག་པ་ནི་ཏིང་ངེ་འཛིན་ཡིན་ན། ཇི་ལྟར་མཉམ་པར་མུ་བཞག་བྱའི་སེམས་དང་མི ་འགལ་ཞེ་ན། སྙོམས་པར་འཇུག་པ་པོ་འཕོ་བ་ལ་སྙོམས་པར་འཇུག་པ་ཉེ་བར་བཏགས་པའི་ཕྱིར་འགལ་བུ་ཡོད་པ་མ་ཡིན་ནོ།། མདོ་ཇི་ལྟ་བ་བཞིན་དུ་ཏིང་ངེ་འཛིན་འདིའི་ལས་ནི་དེ་ཐོད་རྒལ་གྱི་ཏིང་ངེ་འཛིན་འདི་ལ་ཞེས་བྱ་བ ་ནས། ཐོབ་པར་བྱེད་དེ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ།། དེ་ལྟར་སྒོམ་པའི་ལམ་བསྟན་ནས། བསྒོམ་པས་སྤང་བར་བྱ་བ་སུམ་ཅུ་རྩ་དྲུག་བརྗོད་པར་བྱའོ།། དེ་ལ་གཟུང་བའི་རྣམ་པར་རྟོག་པ་དང་པོ་རྣམ་པ་དགུ། མདོར ་བསྡུས་རྒྱས་དང་སངས་རྒྱས་ཀྱིས།། བསྟང་བས་ཡོངས་སུ་མུ་བཟུང་དང་།། དུས་གསུམ་ཡོན་ཏན་མེད་པ་དང་།། ལེགས་པའི་ལམ་ནི་རྣམ་གསུམ་དང་།། གཟུང་བའི་རྣམ་རྟོག་འདི་གཅིག་སྟེ།། སྦྱོར་བའི་རྣམ་པའི་སྤྱོད་ཡུལ ་ཅན། ཞེས་བྱ་བ་གསུངས་ཏེ། གཅིག་སྟེ་ཞེས་བྱ་བ་ནི་དང་པོའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་གང་ཡིན་པ་དེའི་རྣམ་པ་སྟེ། ཁྱད་པར་གང་ཡིན་པ་དེའི་སྤྱོད་ཡུལ་ཅན་ཏེ། དེའི་ཡུལ་ཅན་ནོ།། མདོར་བསྡུས་པ་ནི་ཕ ་རོལ་ཏུ་ཕྱིན་པ་ལ་སོགས་པའི་དེ་བཞིན་ཉིད་ལ་སོགས་པའི་སྤྱིའི་མཚན་ཉིད་ཀྱིས་སོ།། རྒྱས་པར་ནི་རང་གི་མཚན་ཉིད་ཀྱིས་སོ།། དེ་དག་མི་ཤེས་པ་ནི་བསྡུས་དང་རྒྱས་པའི་རྣམ་པར་རྟོག་པའོ།། གང་དག ་གྲིགི་གཉེན་པོ་ནི་གནས་མང་པོ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནས། འདོད་པས་རྟོགས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་གསུངས་སོ།། སངས་རྒྱས་ཀྱིས་བསྟང་བས་ཡོངས་སུ་གཟུང་བ་གང་ཡིན་པ་དེ་མེད་པར་རྣམ་པར་རྟོག་པ ་ནི་རྟོག་པའོ།། གང་གི་གཉེན་པོ་ནི་གལ་ཏེ་ཇི་སྐད་དུ་བསྟན་པ་ཞེས་བྱ་བ་ནས། དེ་དག་ཀྱང་འདི་ལས་བྱུང་ངོ་ཞེས་བྱ་བའི་བར་གྱིས་གསུངས་སོ།། དུས་གསུམ་ཡོན་ཏན་མེད་པ་དང་།། ཞེས་བྱ་བ་ནི་ཕན་ཡོན་མེད་པའོ།། སྦྱོར་བའི་ལམ ་གྱི་དུས་དང་མཐོང་བའི་ལམ་གྱི་དུས་དང་སྒོམ་པའི་ལམ་གྱི་དུས་ཀྱི་ཡོན་ཏན་མེད་པར་རྣམ་པར་རྟོག་པ་ནི་རྟོག་པའོ།། གང་གི་གཉེན་པོ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་སྒོམ་པ་དེ་ལ་ལེགས་པ་འདི་དག་ཡོད་པར་རིག་པར་བྱའོ་ཞེས་བྱ་བྱའི་བར་གྱིས་གསུངས་སོ།། ལེགས་པའི་ལམ་ནི་རྣམ་གསུམ་ཞེས་བྱ་བ་ལ། བྱང་ཆུབ་ཀྱི་ལམ་རྣམ་པ་གསུམ་ཏོ།། སྦྱོར་བ་དང་མཐོང་བ་དང་བསྒོམ ་པ་ཞེས་བྱ་བ་སྟེ། དེ་མི་ཤེས་པ་ནི་རྣམ་པར་རྟོག་པའོ།། གང་གི་གཉེན་པོའི་ཕྱོགས་ནི་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་དང་། གང་ཡང་འདི་སྐད་དུ་ཞེས་བྱ་བ་ལ་སོགས་པས་གསུངས་སོ།། དེ་ལྟར ་ནི་གཟུང་བའི་རྣམ་པར་རྟོག་པ་དང་པོ་རྣམ་པ་དགུ་བསྟན་པའོ།། གཟུང་བའི་རྣམ་པར་རྟོག་པ་གཉིས་པའི་ཡུལ་གང་ཞེ་ན། གཉིས་པ་སེམས་དང་སེམས་བྱུང་རྣམས།། འཇུག་པའི་ཡུལ་ཅན་ཡིན་བཞེད་དེ།། དེ་དག་གང་ཝ ་དང་རྣམ་པ་དགུ་གང་ཞེ་ན། གང་གི་ཕྱིར། སེམས་མོ་བསྐྱེད་དང་བྱང་ཆུབ་ཀྱི།། སྙིང་པོ་ཡིད་ལ་མི་བྱེད་དང་།། ཐེག་པ་དམུན་པ་ཡིད་བྱེད་དང་།། རྫོགས་པའི་བྱང་ཆུབ་ཡིད་མི་བྱེད།། བསྒོམ་དང་བསྒོམ་པ་མེད་པ་དང་།། དེ་དག་བྱས ་ནི་བཟློག་ཉིད་དང་།། ཇི་བཞིན་དྲོན་མིན་རྣམ་རྟོག་པ།། སྦོམ་པོའི་ལམ་ལ་ཤེས་པར་བྱ།། ཞེས་བྱ་བ་འདི་ནི་གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། ཆོས་ཀྱི་དབྱིངས་ཇི་ལྟ་བ་བཞིན་ནོ་ཞེས་བྱ་བའི་བར་གྱིས་གསུངས་པ་ཡིན ་ནོ།། དེ་ལ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་ཞེས་བྱ་བས་ནི་བྱང་ཆུབ་ཏུ་སེམས་མི་བསྐྱེད་པའི་རྣམ་པར་རྟོག་པའོ།། བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་ཞེས་བྱ་བ་ལ་སོགས་པས་ནི་བྱང་ཆུབ་ཀྱི་སྙིང་པོ་ཡིད་ལ་མི་བྱེད་པའི ་རྣམ་པར་རྟོག་པའོ།། གསོལ་པ། བཅོམ་ལྡན་འདས་ཅི་ལགས་ཞེས་བྱ་བ་ལ་སོགས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཡིད་ལ་བྱེད་པའི་རྣམ་པར་རྟོག་པའོ།། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་ལ་སོགས་པས་ཡང ་དག་པར་རྫོགས་པའི་བྱང་ཆུབ་ཡིད་ལ་མི་བྱེད་པའི་རྣམ་པར་རྟོག་པའོ།། གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་བསྒོམས་པའི་རྣམ་པར་རྟོག་པའོ།། གསོལ་པ། འོ་ན་ཅི་ལགས། མོ་བསྒོམས་པ་ཞེས་བྱ་བ ་ལ་སོགས་བྱས་མ་བསྒོམས་པའི་རྣམ་པར་རྟོག་པའོ།། གསོལ་པ། འོ་ན་ཅི་ལ་གས། བསྒོམས་ཀྱང་བསྒོམས་ལ་ཞེས་བྱ་བ་ལ་སོགས་པས་བསྒོམས་པ་ཡང་མ་ཡིན་མ་བསྒོམས་པ་ཡང་མ་ཡིན་པའི། ་རྣམ་པར་རྟོག་པའོ།། གསོལ་པ། བཅོམ་ལྡན་འདས་འོ་ན་ཅི་ཞེས་བྱ་བ་ལ་སོགས་པས་དོན་ཇི་ལྟ་བ་བཞིན་མ་ཡིན་པའི་རྣམ་པར་རྟོག་པའོ་ཞེས་བྱ་བ་ནི་གཟུང་བའི་རྣམ་པར་རྟོག་པ་གཉིས་པའི་རྣམ་པ་དགུའོ།། འཛིན་པའི་རྣམ ་པར་རྟོག་པ་དང་པོ་དགུ་ཇི་ལྟ་བུ་ཞེ་ན། སེམས་ཅན་བཏགས་པའི་སྤྱོད་ཡུལ་དང་།། ཆོས་བཏགས་པ་དང་སྟོང་ཉིད་མིན།། ཆགས་དང་རབ་འབྱེད་བདག་ཉིད་དང་།། དངོས་པོར་བྱེད་དང་ཐེག་གསུམ་དང་།། ཡོན་ནི་དག་པ་མ་ཡིན། ་དང་། སྤྱོད་པ་རྣམ་པར་འཁྲུག་པ་ལ།། འཛིན་པར་བྱེད་པ་དང་པོར་དེ།། ཤེས་པར་བྱ་བར་བསྒྲགས་པ་ཡིན།། ཞེས་བྱ་བ་གསུངས་ཏེ། སེམས་ཅན་དག་ཏུ་ཐ་སྙད་དུ་བྱེད་པ་ཞེས་བྱ་བ་ནི་སེམས་ཅན་བཏགས་པའི་རྣམ་པར་རྟོག ་བ་སྟེ། གང་གི་གཉེན་པོ་ནི་གསོལ་པ། ཆོས་ཀྱི་དབྱིངས་ཇི་ལྟ་བུ་ལགས་ཞེས་བྱ་བ་ནས། ཆོས་ཐམས་ཅད་ལ་བསླབ་པར་བྱའོ་ཞེས་བྱ་བའི་བར་རོ།། གཟུགས་ལ་སོགས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ ་བསླབ་པར་བགྱི་འམ།། ཞེས་བྱ་བའི་བར་གྱིས་ནི་ཆོས་སུ་བཏགས་པའི་རྣམ་པར་རྟོག་པ་གསུངས་སོ།། དབྲི་བ་མེད་པ་དང་བསྣན་པ་མེད་པ་ཞེས་བྱ་བ་ནི་གཉེན་པོའི་ཕྱོགས་སོ།། དེ་གང་ཡིན་པ་གཉི་ག་ནི་གསལ་པ། བཅོམ ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནས། ཆོས་ཐམས་ཅད་རུང་གི་མཚན་ཉིད་ཀྱིས་སྟོང་པ་ཉིད་དུ་མཐོང་བས་མངོན་པར་འདུ་བྱེད་པ་མེད་པ་ལ་བསླབ་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་སོ།། ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས ་སྤྱོད་པ་མ་ཡིན་པ་མ་ཡིན་ཞེས་བྱ་བ་ནི་སྟོང་པ་མ་ཡིན། པ་ཉིད་ཀྱི་རྣམ་པར་རྟོག་པ་སྟེ། གང་གི་གཉེན་པོའི་ཕྱོགས་ནི་གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། རབ་འབྱོར་འདི་དག་ནི་གཉིས་སོ་ཞེས་བྱ་བའི་བར་གྱིས་གསུངས ་སོ།། ཆོས་རྣམས་ལ་དམིགས་པ་འམ་ཆོས་རྣམས་མི་དམིགས་པ་དམིགས་པ་ཞེས་བྱ་བ་ནི་ཆགས་པའི་བདག་ཉིད་ཀྱི་རྣམ་པར་རྟོག་པ་སྟེ། ཆགས་པའི་རྣམ་པར་རྟོག་པའོ།། དམིགས་པ་དང་མི་དམིགས་པ་གང་གི་མཉམ་པ་ཉིད་ནི ་གཉེན་པོའི་ཕྱོགས་ཏེ། གཉི་ག་དམིགས་སུ་མེད་པའི་ཕྱིར་འདི་ལྟ་སྟེ། གསོལ་པ། བཅོམ་ལྡནྡ་འདས་ཅི་ལགས་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་སོ།། འདི་ན་གཟུགས ་སོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བའི་བུར་ནི་ཆོས་རྣམ་པར་འབྱེད་པའི་བདག་ཉིད་ཀྱི་རྣམ་པར་རྟོག་པ་སྟེ། དེའི་གཉེན་པོའི་ཕྱོགས་ནི་ཇི་ལྟར་དམིགོས་སུ་མེད་པ་དེ་ལྟར་དེ་དག་རབ་ཏུ་དབྱེ་བར་བྱའོ་ཞེས་བྱ་བ ་གང་ཡིན་པའོ།། གཉི་ག་ནི་གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཞེས་བྱ་བ་ནས། དེ་ལྟར་ཆོས་ཐམས་ཅད་རྟོགས་པར་མི་བྱེད་དོ་ཞེས་བྱ་བའི་བར་གྱིས་གསུངས་སོ།། གཟུགས་ལ་སོགས་པའི་དངོས་པོ་གཟུགས་ཀྱི་དོན་དུ་བཅོམ ་ལྡན་འདས་མ་ལ་སྤྱོད་ཅེས་བྱ་བ་ནི་དངོས་པོའི་ཆེད་ཀྱི་རྣམ་པར་རྟོག་པའོ།། གཟུགས་ཀྱི་དོན་དུ་མི་སྤྱོད་དོ་ཞེས་བྱ་བ་གང་ཡིན་པ་དེ་ནི་གཉེན་པོའི་ཕྱོགས་སོ།། གཉི་ག་ནི་གསོལ་པ། བཅོམ་ལྡན་འདས་གལ་ཏེ ་ཞེས་བྱ་བ་ནས། མ་བྱས་རྣམ་པར་མ་བྱས་མངོན་པར་འདུ་མ་བྱས་པའི་ཚུལ་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་སོ།། ཐེག་པ་གསུམ་ལ་གནས་པས་ཞེས་བྱ་བས་ནི་ཐེག་པ་གསུམ ་གྱི་རྣམ་པར་རྟོག་པ་ཡིན་ལ། དེའི་གཉེན་པོའི་ཕྱོགས་ནི་ཆོས་ཅུང་ཟད་གནས་པ་ཡང་མི་དམྱིགས་སོ་ཞེས་བྱ་བ་གང་ཡིན་པའོ།། དེ་གཉི་ག་ནི་གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཞེས་བྱ་བ་ནས། སྤྲུལ་པ་ལྟ་བུར་ཡིད་ཆེས་པར ་བྱས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་སོ།། གལ་ཏེ་དེ་བཞིན་གཤེགས་པ་སྤྲུལ་པ་ལྟ་བུ་ཡིན་ན་དེ་ལ་ཇི་ལྟར་ཡོན་དག་པར་འགྱུར་ཞེས་བྱ་བ་ནི་ཡོན་མི་དག་པའི་རྣམ་པར་རྟོག་པ ་ཡིན་པ་དེ་བཞིན་གཤེགས་པའི་མི་དང་དེ་བཞིན་གཤེགས་པོའི་ཆོས་ཉིད་ཚད་མར་བྱས་ནས་ཞེས་བྱ་བ་གང་ཡིན་པ་ནི་གཉེན་པོའི་ཕྱོགས་སྷོ།། གཉི་ག་ནི་གསོལ་པ། བཅོམ་ལྡན་འདས་གོལ་ཏེ་དེ་ལྟར་སྤྲུལ་པ་ཞེས་བྱ་བ་ནས། ་བྱེ་བྲག་གང་ཡང་མེད་པར་བྱ་སྟེ། ཞེས་བྱ་བའི་བར་གྱིས་གསུངས་སོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཆོས་ཉིད་ལ་འཇུག་པ་འདི་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དོ་ཞེས་བྱ་བ་ནི་སྤྱོད་པ་རྣམ་པར་འཁྲུག་པའི་རྣམ ་པར་རྟོག་པའོ།། རྣམ་པར་འཁྲུག་པ་ནི་ཐ་དད་པར་འབྱེད་པ་སྟེ། དེ་ཉིད་རྣམ་པར་རྟོག་པའོ།། གང་གི་གཉེན་པོའི་ཕྱོགས་ནི་རབ་འབྱོར་ད་ལྟར་ཞེས་བྱ་བ་ནས། གནས་པ་ལས་གཞན་དུ་འགྱུར་བྱ་མི་དམིགས་སོ་ཞེས་བྱ་བའི་བར ་གྱིས་གསུངས་ཏེ། ཆོས་རྣམས་ཀྱི་ཆོས་ཉིད་ཅེས་བྱ་བ་ནས། རྣམ་པར་འཁྲུག་པར་མི་བྱའོ་ཞེས་བྱ་བའི་བར་གྱིས་གཉེན་པོའི་ཕྱོགས་བསྟན་པའོ།། འཁྲུག་པའི་རྣམ་པར་རྟོག་པ་ནི་ཤུགས་ཀྱི་ཁོང་དུ་ཆུད་པར་བྱའོ།། དེའི་འོག་ནས ་རབ་འབྱོར་གྱི་ཚིག་གིས་བྱརྒལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀས་ལན་བཏབ་པ་ཡིན་ནོ།། དེ་ལྟར་འཛིན་པའི་རྣམ་པར་རྟོག་པ་དང་པོ་དགུ་བསྟན་ནས། འཛིན་པའི་རྣམ་པར་རྟོག་པ་གཉིས་པའི་དབང་དུ་མཛད་དེ། སེམས་ཅན་བཏགས ་དང་དེ་ཡི་རྒྱུ།། ཡུལ་ཅན་བསྒོམ་པའི་ལམ་འབྲེལ་པ།། དེ་ལ་གནོད་པར་བྱེད་པ་ཡིས།། མི་མཐུན་ཕྱོགས་གཞན་རྣམ་པ་དགུ། ཞེས་བྱ་བ་གསུངས་ཏེ། སེམས་ཅན་དུ་བཏུགས་པ་ཡང་སངས་རྒྱས་དྲང་བྱང་ཆུབ་སེམས་དཔའ་ལ་སོགས་པར། ་བཏགས་པའོ།། དེའི་རྒྱུ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའོ།། དེ་དག་གི་ཡུལ་འབྲེལ་བཱ་ཇི་ལྟ་བ་བཞིན་དུ་འདིའི་ཡུལ་ཡིན་པ་སྭ་ན་དེའི་ཡུལ་ཅན་ནོ།། སྒོམ་པའི་ལམ་འབྲེལ་བ།། མི་མཐུན་ཕྱོགས་ཞེས་བྱ་བ་ནི་སྒོམ་པའི ་ལམ་གྱི་མི་མཐུན་པའི་ཕྱོགས་སོ།། དེ་ལ་གནོད་པར་བྱེད་པ་ཡིས་ཞེས་བྱ་བ་ནི་དེ་འཇོམས་པར་བྱེད་པ་ཉིད་ཀྱི་ཕྱིར་རོ།། གཞན་ཞེས་བྱ་བ་ནི་འཛིན་པའི་རྣམ་པར་རྟོག་པ་གཉིས་པའོ།། དེ་ཇི་ལྟར་རྣམ་པ་དགུ་ཡིན་ཞེ་ན། གང་གི་ཕྱིར། ཐམས ་ཅད་མཁྱེན་ཉིད་གསུམ་དག་གི།། བདག་ཉིད་ཇི་བཞིན་སྒྲིབ་རྣམ་གསུམ།། ནི་ལམྦྷ་དེ་བཞིན་ཉིད་སོགས་དང་།། མཚུངས་པར་ལྡན་དང་མ་ལྡན་དང་།། མི་མཉམ་སྡུག་བསྔལ་ལ་སོགས་དང་།། ཉོན་མོངས་རྣམས་ཏུ ་རང་བཞིན་དང་།། གཉིས་སུ་མེད་ལ་ཀུན་རྨོངས་པ།། རྣམ་པར་རྟོག་པ་ཐ་མར་བཞེད།། ཅེས་པ་གསུངས་ཏེ། རྨོངས་ཞེས་བྱ་བ་ནི་རྨོངས་པའི་བདག་ཉིད་དོ།། ཐ་མ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་ལས། ཐ་མར་གྱུར་པའོ།། ་ཐམས་ཅད་མཁྱེན་ཉིད་གསུམ་དག་གི། བདག་ཉིད་ཇི་བཞིན་ཞེས་བྱ་བ་ལ། རང་རང་དང་འབྲེལ་པའི་སྒྲིབ་པ་རྣམ་པ་གསུམ་སྟེ། རྨོངས་པའོ།། དེ་ལ་རྣམ་པར་རྟོག་པ་ནི་གསོལ་པ། བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད ་ཅེས་བྱ་བ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་བྱའོ་ཞེས་བྱ་བའི་བར་གྱིས་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྨོངས་པའོ།། རབ་འབྱོར་གང་ཡང་འདི་སྐད་དུ་ཞེས་བྱ་བ་ནས། ལམ་ཐམས་ཅད་བྱང་ཆུབོ་སེམས ་དཔའ་སེམས་དཔའ་ཆེན་པོས་ཤེས་པར་བྱ་སྟེ་ཞེས་བྱ་བའི་བར་གྱིས་ནི་ལོ་མ་ཤེས་པ་ཉིད་ལ་རྨོངས་པའོ།། གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་ཞེས་བྱ་བ་ནས། ལམ་ཐམས་ཅད་ངུ་ནི་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི ་ཐམས་ཅད་ཤེས་པ་ཉིད་ལ་རྨོངས་པའོ།། གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། ཅིའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་བར་གྱིས་ཞི་བའི་ལམ་ལ་རྨོངས་པ་སྟེ། འདིར་ཡང་གང་ལ་གནས་ནས་ཞི་བ་མངོན ་སུམ་དུ་བླང་བ་དེ་ནི་ཞི་བའི་ལམ་ཞེས་བྱ་བ་སྟེ། རྨོངས་པའོ།། གང་ཡང་གནས་མེད་པས་ཡང་དག་པའི་མཐའ་མངོན་སུམ་དུ་བྱའོ་ཞེས་བྱ་བའི་གཉེན་པོའི་ཕྱོགས་ཡིན་ཏེ། དེས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ཉིད ་ཞི་བ་ཡིན་ཏེ། འགའ་ཞིག་ལ་ཡང་གནས་པ་མེད་དོ་ཞེས་བྱ་བ་བསྟན་པའོ།། ལྷག་མ་ནི་ཞར་ལ་འོངས་པའོ།། དེ་བཞིན་ཉིད་ལ་སོགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྡན་པ་དང་མི་ལྡན་པ་ཞེས་བྱ་བ་ནི་ལྡན་པ་དང་མི་ལྡན ་པའི་རྣམ་པར་རྟོག་པ་སྟེ། གང་གི་གཉེན་པོའི་ཕྱོགས་ནི་རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས། མཚན་ཉིད་མེད་པར་མཚན་ཉིད་གཅིག་པའི་ཕྱིར་རོ་ཞེས་བྱ་བའི་བར་གྱིས་གསུངས་སོ།། ཤེས་རབ་ཀྱི་ཕྱི་རོལ་ཏུ་ཕྱིན་པ ་ལམ་གཞན་མཉམ་པ་ཉིད་ཅེས་བྱ་བ་ནི་མི་མཉམ་པ་ཉིད་ལ་རྨོངས་པ་སྟེ། གང་གི་གཉེན་པོའི་ཕྱོགས་ནི་རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས། དོན་ལ་སྤྱོད་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་སོ།། ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་མི་རྟག་པ་དང་། སྡུག་བསྔལ་ལ་སོགས་པ་ལྔ་སྤྱད་པར་མི་བྱ་ཞེས་བྱ་བ་ལ་རྨོངས་པ་སྟེ། གང་གི་གཉེན་པོའི་ཕྱོགས་ནི་རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པའི་དོན་ལ་སྤྱང་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་སོ།། དོན་ཡང་མ་ཡིན་དོན་མེད་པོ་ཡང་མོ་ཡིན་ཞེས་བྱ་བ་ནི་ཉོན་མོངས་པ་རྣམས་ཀྱི་རང་བཞིན་ཏེ། དེ་ལ་རྨོངས་པའི་རྣམ་པར་རྟོག་པའོ།། གང་གི་གཉེན་པོའི་ཕྱོགས་ནི ་ས། ཨུ་ས་ས། སྨོན་ས་སྔོན་ན་ས་རྒྱས་གས་སུ་།། ག་ས་ག་ནས་ང་སུ་ས་དམག་ན་གའདུན་རྣ་རྫ་། ་ས་ཐུབ་པ་འབྱུར་བར་རྨོངས་པ་། རྣམ་སྨྲ་འོ།། གང་གི་ཤི་གྱི་ཕྱོག་ན་། ས་ན་ལགས་ས་ས། ས་པན་དུ་ན་སྐྱེ་སྐྱེ་སྐྱེ ་བྱ་བྱའི་བར་སྐྱེས་གྲྀ་ས་སྷོ།། འདུས་བཅོས་ལས་ཀྱིས་མི་སུགས་པས་གྱིས་ཀྱུ་སྩ་སྩལ་ནི་གཞེས་དང་གཉིས་སྲུ་ཀྱི་མྀ་དམིགས་པའི་ང་དུ་མ་ལྡན་སུགས་ན།། ཞེས་ཟླ་དོན་ཏོ།། ་པོའི་རྣམ་པར་རྟོག་པ་གཉིས་ནི་དོན་དྲི་རྩཝ་བྱ་བཞིན་མ་ཡིན་པ་ཉིད་ལ་ནུས་པརདྨ་རྟོག་པ་ཉིད་སྦྱིན་པའི་ཕྱིར་བྱང་ཆུབ་སེམས་དཔའི་སྤྱོད་པ་དོན་མེད་པར་འགྱུར་རོ་ཞེ་ནི། འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ་སོགས་པ་གསུངས ་ཆུབ་སིམས་ད་དཀུའ་བ་སྦྱོད་པ་འི་ནི་དོན་མེདཔ་མ་ཡིན་ཧཱུ~ཾ། འདི་བའི་དོད་བསྒྲུབ་པ་ཧཱུ~ཾ་རོ་ཞེས་བྱ་བ་དགས་སོ།། དེ་ལྟར་ནི་འཛིན་པ་རྣམ་པ་ཊཱིག་པ་དག་བསྟན་ཏོ།། སྨོས་པས་སྣང་བྱུང་བྱུབ་རྣམ ་སྲམ་ཅ་ཅུ་དྲུག་གཉེན་པོ་དང་ཚོམས་པ་ལེགས་པར་བསྟན་ན་ཡོན་ཏན་དུ་འགྱུར་བའི་ལྷར་ཡིན་ཞེ་ན། ཡམས་ནད་འདི་རྣམས་བདེན་ནི།། ཡུན་རོང་མིན་ནས་དབུགས་ཕྱིན་སྟེར།། འགྲོ་བ་ཀུན་ཏུ་འགྲོ་བ་མོ།། བདི་སུམ་ཡིན ་ཕྲན་ཚོགས་ཀླུན།། རྒྱ་མཚོ་ཆེ་ལ་ཆུ་བོ་བཞིན།། འབྲས་བུ་མཆོག་གི་སྲ་བ་སྟེ།། སེམས་དཔའ་ཆེན་པོ་དཱ་ལ་ནི།། ནཱམ་བྷ་ཀཱནྡ་ཏུ་སྟོན་པར་བྱེད་ཅེས་བྱ་བ་གསུངས་ཏེ། གང་མཐོང་བ་དང་སྒོམ་པས་སྲུང་བར་བྱཱ་བ་རྣམ་པར་རྟོག་པ་དདྨ། ་ཅུ་རྩ་གཉིས་པོ་འདི་བསྟོན་ནས། ཡམས་ནད་དེ་དག་ཉིད་ཡོན་ཏན་ཕུན་སུམ་ཚོགས་པ་དག་འབྱུང་བའི་གེགས་ཉིད་ཡིན་པའི་ཕྱིར་འདི་རྣམས་ཟད་པར་འགྱུར་ནའོ།། ཡུན་རིང་ལོན་ཞེས་བྱ་བ་ཡུན་རིངོ་བོ་ལྡན་ནས། དབུགས།། ་ཕྱིན་ལྟར་ཞེས་བྱ་བ་ནི་སྔར་དེ་དག་གིས་བརྒྱལ་བ་བཞིན་དུ་གྱུར་པ་ཕྱིས་དེ་དག་ཟད་པར་གྱུར་པ་ནིའི་ཚེ་བ་རྙེད་པ་བཞིན་ཏེ། ཇི་ལྟ་ཇི་ལྟར་སའི་དབྱེ་བས་དེ་དག་ཟད་པ་དེ་ལྟ་དེ་ལྟར་བདག་ཉིད་འབྱུང་བར་འགྱུར་ཞེས་བྱ་བའི་དོན་ཏོ།། ། ་ལྷག་མ་ནི་གོ་སླའོ།། རབ་འབྱོར་འདི་ལྟ་སྟེ་ཞེས་བྱ་བ་ནས། ཕྱག་བྱས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་གསུངས་བཱའོ།། སྒོམ་པའི་ལམ་གྱི་འོག་ཏུ་བར་ཆད་མེད་པའི་ཏིང་ངེ་འཛིན་ཏེ། མདོ་ལས་གསོལ་པ། བཅོམ་ལྡན་འདས ་ཞེས་བྱ་བ་ནས། རྒྱུར་ཡང་མི་བཟོད་དོ་ཞེས་བྱ་བའི་བར་གྱིས་གསུངས་ཏེ། འདིར་བྱང་ཆུབབོ་སེམས་དཔའ་ཡང་འདི་ཡིན་ལ་ཞུགས་པ་ཡང་ཡིན་པས་སོ།། ཇི་ལྟར་དེ་ཞུགས་པ་ཡིན་ཞེ་ན། སངས་རྒྱས་ཀྱི་ལམ་བར་ཆད་མེད་པའི ་ཏིང་ངེ་འཛིན་ལ་གནས་པ་ཉིད་ཀྱི་ཕྱིར་རོ།། འདིའི་དོན་ནི། སྟོང་གསུམ་སྐྱེ་བོ་ཉན་ཐོས་དང་།། བསེ་རུའི་རྟོགས་པ་ཕུན་ཚོགས་དང་།། བྱང་ཆུབ་སེམས་དཔའི་སྐྱོན་མེད་ལ།། བཀོད་པའི་དགེ་རྣམས་དཔེར་མཛད་ནས།། བསོད་ནམས ་མང་པོ་ཉིད་ཀྱིས་ནི།། སངས་རྒྱས་ཉིད་ཀྱི་བར་མེད་དེ།། བར་ཆད་མེད་པའི་ཏིང་ངེ་འཛིན་ཞེས་བྱ་བ་གསུངས་ཏེ། སྟོང་གསུམ་གྱི་སྐྱོ་བོ་སྟེ་སེམས་ཅན་གྱི་འཇིག་རྟེན་དེ་དག་ཉན་ཐོས་ཀྱི་རྟོགས་པ་དང་རང་སངས ་རྒྱས་ཀྱི་རྟོགས་པ་དང་བྱང་ཆུབ་སེམས་དཔའི་སྐྱོན་སྙེད་པ་ལ་བཀོད་པ་ལས་དགེ་བ་གང་ཡིན་པ་དང་། བསོད་ནམས་ཐོབ་པ་གང་ཡིན་པ་དེ་དཔེར་མཛད་ནས།། དེ་ལ་བསོད་ནམས་མང་པོ་ཉིད་ཀྱིས་ཆེས་བསོད་ནམས་མང་བའི་རྒྱུ་ཉིད་དུ ་མཚན་པ་གང་ཡིན་པ་དེ་ནི་བར་ཆད་མེད་པའི་ཏིང་ངེ་འཛིན་ཏོ།། བར་ཆད་དང་བར་ཆོད་ནུས་པ་ནི་བར་ཆད་དོ།། བར་དུ་ཆོད་པ་མེད་པ་ནི་བར་ཆད་མེད་པའོ།། དེ་ཉིད་ཀྱི་ཕྱིར་སངས་རྒྱས་ཉིད་ཐོབ་པ་ལ་བར་ཆུད་མེད་ཅེས་བྱ་བ་གསུང་ཏེ ་སངས་རྒྱས་ཉིད་ཐོབ་པ་ལ་བར་ཆད་མེད་པའི་རྒྱུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། དེ་ནི་རྣམ་པ་ཀུན་མཁྱེན་ཉིད་ཅེས་བྱ་བ་ནི་སངས་རྒྱས་ཉིད་དེ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བའི་དོན་ཏོ།། གསོལ་པ། བཅོམ་ལྡན ་འདས་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱའོ་ཞེས་གང་གསུངས་པའོ།། འདི་ནི་དམིགས་པ་དངོས་མེད་དེ།། བདག་པོ་དྲན་པ་ཡིན་པར་བཞེད།། རྣམ་པ་ཞི་ཉིད་ཅེས་བྱ་བ་ལ།། རྣམ་པ་ཐམས་ཅ ་མཁྱེན་པོ་ཉིད་ནི་དངོས་པོ་མེད་པ་ལ་དམིགས་པ་སྟེ། གང་ཆོས་ཐམས་ཅད་མཚན་ཉིད་ཇི་ལྟ་བ་བཞིན་དུ་དངོས་པོ་མེད་པའོ།། བདག་པོ་དྲན་པ་ཡིན་པ་ནི་དེའི་རྟེན་ཉིད་ཡིན་པའི་ཕྱིར་རོ།། ཆོས་ཐམས་ཅད་ཀྱི་རྣམ་པ་ནུབ་པ་ནི ་ཞི་བ་སྟེ། དེ་ནི་དེའི་རྣམ་པའོ།། གསོལ་པ། བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱ་བ་ནས། མཚན་ཉིད་དོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ།། འདི་ལ་ནི། རབ་ཏུ་སྨྲ་རྣམས་རྒྱུད་མར་རྒོལ།། ཞེས་བྱ་བ་ལ། ་འདི་ལ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ལའོ།། སྨྲ་རྣམས་བརྒྱུད་མར་རྒོལ་བ་ནི་རྒོལ་བ་དག་དང་རྒོལ་བ་དག་གིས་བསྣུན་པས་འཇུག་པ་སྟེ། བེར་གའི་བརྒྱུད་མ་ལྟ་བུའོ།། ཇི་ལྟར་པོ་རྒྱུད་མར་རྒོལ་ཞེ་ན། གང་གི ་ཕྱིར། དམིགས་པ་འཐད་པ་དེ་ཡི་ནི།། ངོ་བོ་ཉིད་ངེས་གཟུང་བ་དང་།། རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་དང་།། དམ་པའི་དོན་དང་ཀུན་རྫོབ་དང་།། སྦྱོར་དང་དཀོམ་མཆོག་གསུམ་པོ་དང་།། ཐབས་བཅས་ཐུབ་པའི་རྟོགས་པ་དང་།། ཕྱིན་ཅི་ལོག ་ནི་ལམ་བཅས་དང་།། གཉེན་པོ་མི་མཐུན་ཕྱོགས་དང་ནི།། མཚན་ཉིད་དང་ནི་སྒོམ་པ་ལ།། སྨྲ་བ་རྣམས་ཀྱི་ལོག་རྟོགས་དང་།། རྣམ་པ་ཀུན་མཁྱེན་ཉིད་རྟེན་ཅན།། རྣམ་པ་བཅུ་དྲུག་དག་ཏུ་བཞེད།། ཅེས་གསུངས་ཏེ། རྣམ་པ་བཅུ་དྲུག ་ཅེས་བྱ་བ་ནི་བཅུ་དང་དྲུག་ཅེས་བྱ་བའི་དོན་ཏོ།། རྣམ་པ་ཀུན་མཁྱེན་ཉིད་རྟེན་ཅན་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པ་ཅན་ནོ།། ཅིའི་ཕྱིར་བཅུ་དྲུག་ཡིན་ཞེ་ན། གང་གི་ཕྱིར་དེ་དག་ནི་དམིགས་པ་འཐད་པ་ལ ་སོགས་པ་དོན་བཅུ་དྲུག་དག་ལའོ།། ལན་ནི་དོན་བཅུ་དྲུག་པའོ།། དེའི་ཡུལ་ཅན་གྱི་ཕྱོགས་སྔ་མ་ནི་ལོག་པར་རྟོགས་པའོ།། དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དམིགས་པའི་དངོས་པོ་མེད་པའི་ཕྱིར། གསོལ་པ། བཅོམ ་ལྡན་འདས་ཞེས་བྱ་བ་ནས། རྡོ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བའི་བར་གྱིས་དྲི་བ་ནི་འཐད་པ་ལ་ལོག་པར་རྟོགས་པ་སྟེ། དངོས་པོ་ནི་གཟུགས་དང་མིག་ལ་སོགས་པ་ནི་གཟུང་བ་དང་འཛིན་པའི་སྒོ་ནས་དམིགས་སོ ་ཞེས་བྱ་བར་བསམས་པའོ།། འཐད་པ་ནི་རབ་འབྱོར་དེ་ནི་འོད་ལྟར་ཞེས་བྱ་བ་ནས། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་ཏེ། གཟུང་བ་དང་འཛིན་པ་དང་བྲལ་བ་ཉིད་ཀྱིས་ངོ་བོ་ཉིད ་མེད་པ་ཉིད་དང་། དེ་བཞིན་ཉིད་ལ་སོགས་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ།། གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པ་ལགས་ཞེས་བྱ་བའི་བར་གྱིས་དེའི་རྡོ་རྗེ ་ཉིད་ངེས་པར་བཟུང་བ་ལ་ལོག་པར་རྟོགས་པ་སྟེ། དེ་ཁོ་ན་ཉིད་མཐོང་བས་ཐབས་ལྔ་མཁས་པ་ཅི་ཞིག་ཡིན་ཞེས་བསམས་པའོ།། ལན་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། ཡོངས་སུ་སྤངས་པར་འགྱུར་ཏེ་ཞེས་བྱ་བའི ་བར་ཏེ། སྦྱིན་པ་ལ་སོགས་པ་དག་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ངེས་པར་གཟུང་བྱ་ཉིད་ནི་དེའི་ཚེ་ཐབས་ལ་མཁས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། དེ་ཁོ་ན་ཉིད་མཐོང་བའི་ཐབས་ལ་མཁས་པ་བསྟན་པ་ན། འཕགས་པ་རྣམས་ཀྱི ་གང་ལགསོ་ཞེས་ཤུགས་ཀྱིས་ཁོངས་སུ་ཆུད་པར་བྱ་སྟེ། ལོག་པར་རྟོགས་པའོ།། ལན་ནི། རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་དང་ཞེས་བྱ་བ་ཡིན་ཏེ། དེ་ནི་ངེས་པར་སངས་རྒྱས་ཀྱི་སྤྱན་ཞེས་བྱ་བ་ནས། དོན་དམ་པར་མ་ཡིན་ནོ་ཞེས་བྱ ་བའི་བར་གྱིས་གསུངས་ཏེ། བསྡུས་པའི་དོན་ནི་རྣམ་པ་ནི་རབ་ཏུ་དབྱེ་བ་སྟེ། ཐམས་ཅད་མངོན་སུམ་གྱིས་ཉམས་སུ་མྱོང་བར་མཛད་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པའོ།། དངོས་པོ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ། ཡེ་ཤེས་དེ ་ཉིད་ཡང་དག་པའི་ཡེ་ཤེས་ཡིན་པའི་ཕྱིར། རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་སོ།། ཆོས་དེ་དག་ཐམས་ཅད་ནི་ཀུན་བརྟགས་པ་དང་། གཞན་གྱི་དབང་། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གསུམ་སྟེ། འདི་ལྟར་གཟུང་བ་དང་འཛིན་པའི་དོན་དང ་རྗེ་སྣང་བའི་བློ་དང་བཏགས་པ་དེའི་རང་བཞིན་གྱིས་སྟོང་པའོ།། གསུམ་པོ་དེ་དག་ཀྱང་དངོས་པོ་མེད་པའི་ངོ་བོ་ཉིད་གསུམ་གྱི་རྣམ་པ་ཡིན་ནོ།། སངས་རྒྱས་ཀྱི་སྤྱན་ཞེས་བྱ་བ་ལ། དོན་དམ་པར་རྟོགས་པའི་ཕྱིར་བྱང་ཆུབ་སེམས་དཔའ ་ནི་སངས་རྒྱས་སོ།། དེའི་སྤྱན་ནི་ཡང་དག་པའི་ཡེ་ཤེས་སོ།། དེས་རྣམ་པར་བལྟ་སྟེ་ན་ཞེས་བྱ་བ་ནི་གཉིས་ཀྱིས་སྟོང་པ་ཉིད་གཟིགས་ནས་སོ།། དངོས་པོ་ཡང་མི་དམིགས་ན་ཞེས་བྱ་བ་ནི་གཞན་དབང་གི་ངོ་བོ་ཉིད་དེ། དེ་ནི་དངོས་པོར ་ཏགས་པོས་སྟོང་པས་གསལ་བའི་ངོ་བོར་གནས་པ་ཉིད་ཀྱི་ཕྱིར་རོ།། དེ་ཡང་དམིགས་སུ་མེད་པ་ནི་ཀུན་ཏུ་རྟགས་པའི་ངོ་བོ་ཉིད་བྱིས་པས་གཟུང་བ་དེ་ལྟར་མེད་པ་ཉིད་ཀྱི་ཕྱིར་རོ།། སྨོས་ཀྱང་ཅི་དགོས་ཞེས་བྱ་བ་ནི་ཤིན་ཏུ་ཡང་ངོ་།། ་དངོས་པོ་མེད་པ་ཞེས་བྱ་བ་ནི་ཀུན་བརྟགས་པའི་དོན་ཏེ། དེ་ཡང་མཚན་ཉིད་ཇི་ལྟ་བ་བཞིན་དུ་མེད་པ་ཉིད་ཀྱི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་གང་དེ་དག་ཤིན་ཏུ་མི་དམིགས་པ་དེ་ཉིད་ནི་སྟོང་པ་ཉིད་ལ་དམིགས་པའོ།། གང་སྟོང་པ་ཉིད་དམིགས་པ ་དྲི་ཉིད་དེ་དག་མི་དམིགས་པ་ཡིན་ནོ་ཞེས་ཕན་ཚུན་འདྲ་བྱར་འགྱུར་རོ།། གཉིས་ཀྱི་སྟོང་པ་ཡང་གཉིས་ཀྱིས་དངོས་པོ་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་དངོས་པོ་མེད་པའི་ངོ་བོ་ཉིད་དོ།། དེ་ཉིད་ཀྱི་ཕྱིར་རབ་འབྱོར། ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཞེས་བྱ་བ་ནུས། དངོས་པོ་མེད་པའི་ངོ་བོ་ཉིད་ཅེས་བྱ་བའི་བར་གྱིས་གསུངས་ཏེ། དངོས་པོ་མེད་པ་གསུམ་པོའི་ཡང་རང་བཞིན་གང་ཡིན་པོ ་དེ་ལ་འདི་སྐད་ཅེས་བྱའོ།། རྣམ་པ་གསུམ་པོ་དེ་ཉིད་སོ་སོ་ཞིང་སྦྱིན་པ་དང་སྦྱིན་པ་པོ་དང་ལེན་པ་པོ་ལ་སོགས་པ་དང་སྦྱར་ན་རྣམ་པ་ཤིན་ཏུ་མང་པོར་འགྱུར་རོ།། དངོས་པོ་མེད་པར་ཞེས་བྱ་བ་ནི་གཉིས་ཀྱིས་སྟོང་པའི་རྣམ་པ་ཞེས་བྱ་བའི ་དོན་ཏོ།། ཤེས་སོ་ཞེས་བྱ་བ་ནི་ཡང་དག་པར་ཤེས་སོ་ཞེས་བྱ་བའི་དོན་ཏོ།། མ་བྱས་པ་ནི་བྱེད་པ་པོ་དང་བྲལ་བ་ཞེས་བྱ་བ་རྣམ་པ་གཞན་ནོ།། དེ་ཅིའི་ཕྱིར་ཞེ་ན། རང་གི་རྒྱུད་ཀྱི་བྱེད་པ་པོ་མེད་པའི་ཕྱིར་རོ།། ཆོས་རྣམས་ཆོས་ཉིད་དང ་བྲལ་བ་ཞེས་བྱ་བ་ནི་རྣམ་པ་གཞན་ཏེ། ཆོས་རྣམས་ཀྱི་མཚོན་ཉིད་ལ་ལས་དང་བྱ་བ་མེད་པ་ཉིད་ཀྱི་ཕྱིར་རོ།། ཆོས་ལ་དངོས་པོ་ཞེས་བྱ་བ་ནི་གཞན་གྱི་དབང་ངོ་།། དངོས་པོ་མ་མཆིས་ཞེས་བྱ་བ་ནི་ཀུན་ཏུ་བརྟགས་པ་དང་ཡོངས་སུ ་གྲུབ་པའོ།། འཚལ་བར་མི་རུང་ངོ་ཞེས་བྱ་བ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དེ། ཤེས་པ་ངོ་བོ་ཉིད་དང་མི་ལྡན་པའི་ཕྱིར་དང་། གཟུང་བ་དང་། འཛིན་པ་དང་བྲལ་བའི་ཕྱིར་རོ།། ཆོས་ཐམས་ཅད་ཡོངས་སུ་འཚལ་བ་མ་མཆིས་པས ་དངོས་པོ་མ་མཆིས་པ་འམ་དངོས་པོ་མ་མཆིས་པས་ཞེས་པ་དང་དེ་ལྟར་མི་འགྱུར་རོ་ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་དེ་སྐད་དུ་སྟོན་པ་གང་ཡིན་པ་དེ་ནི་འཇིག་རྟེན་གྱི་ཀུན་རྫོབ་ཡིན་གྱི། དོན་དམ་པར་ནི་མ་ཡིན་ནོ་ཞེས་བྱ་བ་ནི། ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་ལོག་པར་རྟོགས་པའོ།། འཇིག་རྟེན་གྱི་ཀུན་རྫོབ་ཀྱང་གཞན་དྲོན་དམ་པ་ཡང་གཞན་ནོ་ཞེས་བྱ་བ་ནི་བདེན་པ་ལ་ལོག་པར་རྟོགས་པའོ།། ལན་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ ་པ་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱད་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་ཏེ། འདིའི་དོན་ནི་དེ་དག་གི་དེ་བཞིན་ཉིད་ནི་འཕགས་པའི་ཡེ་ཤེས་ཀྱི་ཡུལ་དུ་གཅིག་པ་ཉིད་དོ།། ཀུན་རྫོབ་ནི་བྱིས ་བུའི་རྣམ་པར་ཤེས་པ་ཡིན་པ་དེ་བས་ན་དེ་ཉིད་ཀྱིས་བྱིས་པ་ལ་དངོས་པོ་ཡོད་ཅེས་བྱ་བ་འམ་དངོས་པོ་མེད་ཅེས་བྱ་བར་བརྗོད་པ་སྟེ། དེ་ལྟར་བདེན་པ་གཉིས་ལ་སོགས་པར་རྟོགས་པའོ།། དེ་ནས་ཚེ་དང་ལྡན་པ་རབ་འབྱོར ་གྱིས་ཞེས་བྱ་བ་ནས། བྱང་ཆུབ་ཏུ་སྤྱོད་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི་སྦྱོར་བ་ལ་ལོག་པར་རྟོགས་པ་སྟེ། འདིར་དེ་དག་གང་གི་ཚིག་བློ་དྲེགས་ཡིན་ཞེས་ལོག་པར་རྟོགས་པའོ།། དེ་ལྟར་ནི་མཐའ་གསུམ་ལ་དམིགས་ནས ་སྦྱིན་པ་ལ་སོགས་པའི་སྤྱོད་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིན་གྱི། རྣམ་པ་གཞན་དུ་ན་ནི་གང་གིས་གང་ལ་ཅི་ཞིག་སྦྱིན་པར་འགྱུར་ཞེས་སེམས་སོ།། ཚིག་གི་ཚིགས་འོག་མས་ནི་ལན་བཏབ་པ་ཡིན་ནོ།། ཆོས་ཐམས་ཅད ་སྟོང་པ་ཉིད་ལ་སྤྱོད་པ་གང་ཡིན་པ་བྱང་ཆུབ་ལ་སྤྱོད་པ་ཡིན་པ་དེ་བས་ན་དེ་ཉིད་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིན་ནོ་ཞེས་བྱ་བའི་དོན་ནོ།། དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ནས། དེའི་ཕྱིར་སངས་རྒྱས་སོ།། ་ཞེས་བྱ་བའི་བར་གྱིས་སངས་རྒྱས་དཀོན་མཆོག་ལ་ལོག་པར་རྟོགས་པ་སྟེ། འདིར་དེ་གང་གི་ཚིག་བླ་དགས་ཡིན་ཞེས་ལོག་པར་རྟོགས་པའོ།། འདི་སྙམ་དུ་གལ་ཏེ་ཤེས་པ་ཉིད་ཀྱི་ཕྱིར་སངས་རྒྱས་ཡིན་པ་དེའི་ཚེ། འགའ་ཞིག ་ཅེས་བྱ་བ་ཤེས་པ་གང་ཡིན་པ་དེ་ཐམས་ཅད་སངས་རྒྱས་སུ་འགྱུར་པ་དང་། དེ་ལ་ཤེས་པ་དང་ལྡན་པས་ན་སངས་རྒྱས་ཡིན་པ་དེའི་ཚེ་སེམས་ཅན་ཐམས་ཅད་སངས་རྒྱས་སུ་འགྱུར་ཏེ། བྱེད་པ་དང་ལྡན་པའི་རྐྱེན་མི་རིགས་སོ།། ་གཞན་ཡང་ཁྱབ་པའི་རིགས་པས་ཐམས་ཅད་མཁྱེན་པས་ན་སངས་རྒྱས་ཞེས་བརྗོད་པ་དེའི་ཚེ། གཟུང་བ་དང་འཛིན་པ་གྲུབ་བོ་ཞེས་སེམས་སོ།། ལྷག་མ་ནི་ལན་ཡིན་ནོ།། འདིར་ཡང་དག་པའི་དོན་ཅན་ནི་སངས་རྒྱས་ཞེས་བྱ་བ་སྟེ། ་ཞེས་བྱ་བ་ལ། ཡང་དག་པར་ཕྱིན་ཅི་མ་ལོག་པའི་དོན་གྱི་ཡུལ་གང་ལ་ཡོད་པ་དེ་ནི་ཡང་དག་པའི་དོན་ཏེ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རོ་གཅིག་པ་རབ་ཏུ་གསལ་བ་གང་ཡིན་པ་དེ་ནི་སངས་རྒྱས་ཞེས་བྱ་བའི་དོན་ཏོ།། རབ ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པས་ཇི་སྐད་དུ་བཤད་པའི་སངས་རྒྱས་ཀྱི་སྒྲའི་དོན་གྱི་ངེས་པའི་ཚིག་གཉིས་གསུངས་ཏེ། ཆོས་ཞེས་བྱ་བ་ནི་ཆོས་ཐམས་ཅད་དོ།། ཡང་དག་པ་ཞེས་བྱ་བ་ནི་དེ་བཞིན་ཉིད་དུ་རོ་གཅིག་པར ་གྱུར་པའོ།། མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་བྱ་བ་ནི་མ་ལུས་པར་ཡང་དག་པར་མཁྱེན་པའོ།། དེས་ཞེས་བྱ་བ་ནི་བྱེད་པ་པོའི་དྲུག་པའོ།། རྟོགས་པས་ན་སངས་རྒྱས་ཏོ།། དེ་འདི་ལ་ཤིན་ཏུ་བ་གསུམ་ཡོད་པའི་ཕྱིར་ན་སངས ་རྒྱས་ཏེ། དོན་ཐམས་ཅད་ཉིད་དང་། ཕྱིན་ཅི་མ་ལོག་པ་ཉིད་དང་། ཡང་དག་པ་ཉིད་ཅེས་བྱ་བ་ནི་ཤིན་ཏུ་བ་གསུམ་མོ།། ཡང་དག་པའི་དོན་རབ་ཏུ་རྟོགས་པ་ཞེས་བྱ་བ་ལ། ཆོས་ཐམས་ཅད་ཀྱི་ཚོགས་དེ་བཞིན་དུ་རོ་གཅིག་པ་ནི ་ཡང་དག་པའི་དོན་ཏོ།། རབ་ཏུ་རྟོགས་པ་ཞེས་བྱ་བས་ནི་མངོན་སུམ་གྱིས་སོ།། འདིའི་དོན་ནི་རྟོགས་པས་ན་སངས་རྒྱས་ཏེ། རབ་ཏུ་རྟོགས་པ་དང་ཡང་དག་པའི་ཡེ་ཤེས་ཞེས་བྱ་བ་འདི་ཡིན་ཏེ། སྤྱིའི་སྒྲས་ཀྱང་ཁྱད་པར་བརྗོད་པའི ་ཕྱིར་རོ།། དེ་ལ་ཤིན་ཏུ་བ་འདི་ཡོད་པས་ན་སངས་རྒྱས་ཏེ། དོན་ཐམས་ཅད་ཉིད་དང་ཕྱིན་ཅི་ལོག་པའི་དོན་ཡང་དག་པ་ཉིད་ཅེས་བྱ་བའོ།། དེ་ནི་སངས་རྒྱས་ཀྱི་སྒྲའི་དོན་དང་ངེས་པའི་ཚིག་གཞན་གྱིས་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ ་མངོན་པར་རྫོགས་པར་སངས་རྒྱས་པས་ན་སངས་རྒྱས་ཞེས་གསུངས་ཏེ། འདིར་ཆོས་ཐམས་ཅད་ཅེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་དེ་ཕུལ་དུ་བྱུང་བའི་ཕྱིར་རོ།། མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་བྱ་བ་ལ ་རྫོགས་པའི་སྒྲ་ནི་ཡང་དག་པ་ཉིད་དོ།། མངོན་པ་ནི་དེ་ཉིད་མ་ལུས་པོ་སྟེ། སྤྲོས་པ་ཐམས་ཅད་ཀྱིས་དབེན་པོ་མཁྱེན་པ་ཞེས་བྱ་བའི་དོན་ཏོ།། ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཉིད་ཀྱིས་ངོ་བོས་སོ།། སངས ་རྒྱས་ཞེས་བྱའོ་ཞེས་བྱ་བ་ནི་སྤྱི་བརྗོད་པར་འདོད་པས་གཅིག་གི་ཚིག་ཡིན་ནོ།། དེ་ནི་རྟོགས་པ་ཉིད་ཀྱིས་སངས་རྒྱས་ཡིན་ན་གང་གིས་ཤེས་པ་ཡིན་ཞེ་ན། ཆོས་དེ་དག་གི་ཡིན་པ་སྟེ། ཉེ་བར་གྱུར་པའི་ཕྱིར ་རོ།། སྤྲོས་པ་ཐམས་ཅད་ཀྱིས་དབེན་པ་དང་ཇི་ལྟ་བོ་བཞིན་དུ་ཞེས་བྱ་བ་གང་ལྔས་ཞེ་ན། སྤྱིའི་སྒྲ་ལས་ཀྱང་ཁྱད་པར་རྟོགས་པར་འགྱུར་རོ།། དེ་ལ་འདིར་ཆོས་ཀྱི་ཚོགས་ནི་སངས་རྒྱས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ཤིན་ཏུ་རྣམ་པར་དག ་པའོ།། སངས་རྒྱས་རྣམས་ཀྱི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཉིད་ནི་ངོ་བོ་ཉིད་ཀྱི་སྐུ་ཡིན་པ་དེ་བས་ན་སངས་རྒྱས་ཞེས་བྱ་བའོ།། རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ནས། བྱང་ཆུབ་ཅེས་བྱ་བའི་བར་ནི་ཆོས་དཀོན་མཆོག་ལ་ལོག ་བར་རྟོགས་པ་སྟེ། ཆོས་ཐམས་ཅད་ལས་ཕུལ་དུ་བྱུང་བའི་ཕྱིར་བླ་ན་མེད་པའི་བྱང་ཆུབ་ནི་ཆོས་དཀོན་མཆོག་གོ།། དེ་བོས་ན་གསུངས་པ། བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་ལ། གང་གི་ཚིག་བླ་དྭགས་ཞེས་བྱ་བ་ནི་ལོག་པར་རྟོགས ་པའོ།། འདི་སྙམ་དུ་གལ་ཏེ་རྟོགས་པ་ཙམུ་མམ་ཁྱད་དུ་འཕགས་པའི་ཤེས་པ་བྱང་ཆུབ་ཡིན་ན། ཆོས་དེ་གཉི་ག་ཆོས་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཉིད་མ་ཡིན་ནོ་ཞེས་བསམས་པའོ།། མདོ་འོག་མ་ནི་ལན་ཡིན་ཏེ ་བྱང་ཆུབ་ཅེས་བྱ་བ་ནི་སྟོང་པ་ཉིད་དེ། ཆོས་ཐམས་ཅད་སྤྲོས་པ་ཐམས་ཅད་དང་བྲལ་བས་གསལ་བཞིན་པར་གྱུར་པ་ཡིན་གྱི། རྣམ་པ་གཞན་དུ་ན་ཤིན་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ།། དེ་ནི་ཚིག་བླ་དགས་ཙམ་མོ་ཞེས་བྱ་བ ་ནི་འདི་ནི་བརྡར་བཏགས་པའི་མིང་ཡིན་གྱི། དོན་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། ཡང་ན་དབྱེར་མེད་པའི་དོན་ནི་བྱང་ཆུབ་ཀྱི་དོན་ཏོ་ཞེས་བྱ་བ་ལ། འདི་ལྟར་ཆོས་ཐམས་ཅད་ཡང་དག་པར་རྟོགས་པས་ན་བྱང་ཆུབ་སྟེ། དེ་ཡང་དེ་དག་སྟོང་པ ་ཉིད་ཀྱི་བདག་ཉིད་དབྱེར་མི་ཕྱེད་པ་གསལ་བར་གྱུར་པའོ།། ཡང་ན་བྱང་ཆུབ་རྟོགས་པ་ཙམ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། བྱང་ཆུབ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ནོ།། དེའི་དེ་བཞིན་ཉིད་དེ་ཁོ་ན་བཞིན་དུ་ངོ་བོ་ཉིད་ཀྱིས་གནས་པའོ།། མ ་ནོར་བ་དེ་བཞིན་ཉིད་ཅེས་བྱ་བ་ནི་སྤྲོས་པ་ཐམས་ཅད་དབེན་པའི་ཕྱིན་ཅི་མ་ལོག་པའོ།། གཞན་མ་ཡིན་པ་དེ་བཞིན་ཉིད་ཅེས་བྱ་བ་ལ། གཞན་ནི་ཀུན་བརྟགས་པ་ལས་གཞན་གྱི་དབང་གི་ངོ་བོ་ཉིད་དོ།། དེའི་དེ་བཞིན་ཉིད་ནི་དེ་བཞིན་ཉིད ་ཀྱི་དངོས་པོ་སྟེ། བཏགས་པའི་རང་བཞིན་གྱི་སོ་སོར་སྣང་བའོ།། དེ་ཉིད་ནི་འཁྲུལ་པའི་མཚན་ཉིད་དེ། དེ་དང་བྲལ་བས་ན་གཞན་གྱི་དེ་བཞིན་ཉིད་མ་ཡིན་ནོ།། རྣམ་པ་གཞན་དུ་མོ་འགྱུར་བ་ཞེས་བྱ་བ་ལ། རང་གི་ངོ་བོ་རིག་པ་ཙམ ་ལས་མ་རིག་པའི་བག་ཆགས་ཀྱིས་བྱས་པ་བརྫུན་པའི་ལྷག་མ་ཙམ་རིག་པ་ནི་རྣམ་པ་གཞན་དུ་འགྱུར་བའོ།། བག་ཆགས་ཟད་པ་ལས་དེ་དང་བྲལ་བ་ནི་རྣམ་པ་གཞན་དུ་མི་འགྱུར་བ་སྟེ། དེ་དག་ཐམས་ཅད་ཀྱིས་སྟོང་པ་ཉིད་དུ ་གསལ་བར་གྱུར་པ་བསྟན་པ་དེ་བས་ན་དེ་ཉིད་བྱང་ཆུབ་ཅེས་བྱའོ།། བྱང་ཆུབ་ཅེས་བྱ་བ་འདི་ནི་མིང་དང་མཚན་མ་ཙམ་སྟེ་ཞེས་བྱ་བ་ལ། བྱང་ཆུབ་ཅེས་བྱ་བའི་སྒྲ་འདིས་ཅི་ཞིག་བརྗོད་ཅེ་ན། མིང་དང་མཚན་མ་ཙམ་དུ་བརྗོད་པ་སྟེ། ་གཟུགས་ཅན་མ་ཡིན་པའི་ཕུང་པོ་མིང་གི་སྒྲར་བརྗོད་དོ།། མིང་ཡང་དེ་ཡིན་ལ་མཚན་མ་ཡང་ཡིན་པས་ན་མིང་དང་མཚན་མ་སྟེ། མཚན་མ་སྨོས་པས་རྒྱུ་མེད་པའི་མི་ལྡན་པའི་འདུ་བྱེད་རྣམ་པར་བཅད་པའི་ཕྱིར་རོ།། ་དེ་བས་ན་མིང་དང་མཚན་མའི་སྒྲ་འདིས་མིང་དང་མཚན་མས་ཁྱབ་པའི་ངོ་བོའི་བྱང་ཆུབ་མཚོན་པར་བྱེད་པ་སྟེ། བྱང་ཆུབ་མིང་དང་མཚན་མ་ཙམ་སྣ་ཚོགས་པ་རྣམ་པར་རིག་པ་ཙམ་དེ་ནི་བྱང་ཆུབ་ཅེས་བྱའོ།། ཙམ་གྱི་སྒྲ་ནི་ངེས་པར་གཟུང་བའི། ་དོན་ཏོ།། བྱང་ཆུབ་ཁོ་ན་ཡིན་གྱི། རྟོགས་པར་བྱ་བ་དང་། རྟོགས་པར་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བ་དོ།། ། འདི་སྐད་དུ་སྣ་ཚོགས་པ་རྟོགས་པ་ཙམ་ཉིད་རྟོགས་པར་བྱ་བ་དང་། རྟོགས་པར་བྱེད་པས་སྟོང་པ་ཉིད་ཡང་དག་པར་གསལ་བར་གྱུར ་པ་བྱང་ཆུབ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ།། སྣ་ཚོགས་ཞེས་བྱ་བ་ཅིའི་ཕྱིར་ཞེ་ན། ཁྱབ་པའི་རིགས་པའི་ཕྱིར་རོ།། ཇི་ལྟར་ན་ཙམ་གྱི་དོན་ཡིན་ཞེ་ན། ཚིག་གཅིག་ལས་ཀྱང་ངེས་པར་གཟུང་བ་ཁོང་དུ་ཆུད་པའི་ཕྱིར་ཆུ་ཉིད་འཐུང་ཞེས་བྱ་བ་ལྟ ་བུ་སྟེ། ཉིད་ཀྱི་དོན་ལ་དངོས་པོ་གཙོ་བོར་གྱུར་པའི་ཕྱིར་རོ།། ཡང་དག་པར་གསལ་བར་གྱུར་ཅེས་བྱ་བ་ཅིའི་ཕྱིར་ཞེ་ན། ཤུགས་ལས་ཡིན་ཏེ། རྣམ་པ་གཞན་དུ་ན་རྟོགས་པ་མེད་པ་དག་ཀྱང་བྱང་ཆུབ་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ།། དེ་ནི ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབོ་སྟེ། ཞེས་བྱ་བ་ལ། ཤེས་པར་བྱ་བ་ཡིན་པོས་ན་བྱང་ཆུབ་སྟེ། དེ་ཡང་རང་གི་མཐར་ཕྱིན་པ་དེ་བཞིན་གཤེགས་པའི་གསུང་ངོ་།། དེ་ཡང་ཆོས་ཐམས་ཅད་ཀྱི་ཐ་རང་བ་ནུབ་པའི་དེ་བཞིན ་ཉིད་གསལ་བར་གྱུར་པ་ཡིན་པ་དེ་བས་ན་བྱང་ཆུབ་ནི་སྟོང་པ་ཉིད་ཁོ་ནའོ།། དེ་ནི་སངས་རྒྱས་རྣམས་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཕྱིར་བྱང་ཆུབ་ཅེས་བྱ་བ་ལ་བྱང་ཆུབ་ཀྱི་སྒྲ་ནི་ལས་སུ་སྒྲུབ་པར་བྱེད་པ་ཁོ་ན་ཡིན་ནོ།། མངོན ་པར་རྫོགས་པར་སངས་རྒྱས་པ་དེའི་ཕྱིར་བྱང་ཆུབ་ཅེས་བྱ་བའི་སྒྲ་ནི་ཡང་དག་པ་ཉིད་དང་། མངོན་པའི་སྒྲ་ནི་མ་ལུས་པ་གསུངས་ཏེ། འཁྲུལ་པ་ཐམས་ཅད་ཀྱི་དབེན་པའི་སྒོ་ནས་མཁྱེན་པ་ཞེས་བྱ་བའི་དོན་ཏོ།། འཁྲུལ་པ་ཐམས་ཅད་ཀྱིས ་དབེན་པ་ནི་བྱང་ཆུབ་ཀྱི་སྒྲ་ལས་རབ་ཀྱི་མཐོར་ཕྱིན་པས་ཐོབ་པ་ཡིན་ལ། ཁྱབ་པའི་རིག་པས་ཆོས་ཐམས་ཅད་ཀྱི་ཞེས་བྱ་བ་ཐོབ་པ་དེ་བས་ན་བྱང་ཆུབ་ནི་སྟོང་པ་ཉིད་ཁོ་ན་ཡིན་ཏེ། དེ་ཉིད་ཆོས་དཀོན་མཆོག་ཡིན་ནོ།། གསོལ་པ། བཅོམ་ལྡན ་འདས་ཞེས་བྱ་བ་ནས། དེ་ལྟར་དག་པར་མི་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་དགེ་འདུན་དཀོན་མཆོག་ལ་ལོག་པར་རྟོགས་པ་སྟེ། འདིར་བྱང་ཆུབ་སེམས་དཔའི་དགེ་འདུན་ནི་དགེ་འདུན་དཀོན་མཆོག་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་ཐམས ་ཅད་ཀྱང་བྱང་ཆུབ་སེམས་དཔའ་ཡིན་ལ་དེ་དག་ཐམས་ཅད་ཀྱང་དགེ་འདུན་དཀོན་མཆོག་གོ་ནང་དུ་འདུ་བར་འགྱུར་རོ།། དེ་ཡང་རིགས་པས་མ་ཡིན་ཏེ་དབྱེར་མི་ཕྱེད་པའི་དོན་ནི་དགེ་འདུན་གྱི་དོན་ཡིན་ན། གལ་ཏེ་དེ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ ་ལ་མི་སྤྱོད་ན་རྒྱུ་མེད་པས་གང་ལས་དེའི་བྱང་ཆུབ་ཡིན། ཅི་སྟེ་སྤྱོད་ན་མི་དམིགས་པ་དང་བཅས་པ་གང་ལས་བྱང་ཆུབ་ཡིན། ཅི་སྟེ་གཉིས་མེད་པའི་ཚུལ་གྱིས་སྤྱོད་ན་འདིའི་བྱང་ཆུབ་ཀྱི་དོན་གྱི་དགེ་བའི་རྩ་བ་རྣམ་པར་འཕེལ་བར་མི་འགྱུར། ་རོ་ཞེས་བྱ་བ་ནི་ལྡོག་པར་རྟོགས་པའོ།། འདིར་ལན་ནི་གཉིས་ཀྱི་སྤྱོད་ན་དགེ་བའི་རྩ་བ་མི་འཕེལ་ལ་གཉིས་མེད་པས་སྤྱོད་ན་འཕེལ་ཏེ། འཕེལ་བར་གྱུར་པ་དེ་དག་གིས་གང་ནས་བརྩམས་ཏེ། བདུད་ལ་སོགས ་པས་མི་ཐུལ་བར་འགྱུར་ལ། གླང་མི་དགེ་བས་ཀྱང་བཅོམ་པ་ནི་དམན་པའི་བྱང་ཆུབ་ཏུ་ལྟུང་བ་དེ་བས་ན་དེ་དག་གིས་མི་ཆོམས་པར་གྱུར་པ་ནི་དགེ་འདུན་དཀོན་མཆོག་གི་གླེངས་སུ་འགྲོ་སྟེ། ཇི་སྐད་དུ། ངེས་འབྱེད་ཡན་ལག་ནས ་བཟུང་སྟེ།། མཐོང་དང་སྒོམ་པའི་ལམ་དག་ལ།། བྱང་ཆུབ་སེམས་དཔའ་གང་དག་གནས།། དེ་འདོར་ཕྱིར་མི་ལྡོག་པའི་ཚོགས།། ཞེས་བྱ་བ་གསུངས་པ་ཡིན་ནོ།། ལྷག་མ་ནི་ཞར་ལ་འོངས་པའོ།། གསོལ་པ། བཅོམ་ལྡན་འདས་ཞེས ་བྱ་བ་ནས། འཚང་རྒྱ་བར་མི་ནུས་སོ་ཞེས་བྱ་བའི་བར་གྱིས་ཐབས་ལ་མཁས་པ་ལ་སོགས་པར་རྟོགས་པའོ།། རབ་ཏུ་འབྱེད་པ་ལ་མཁས་པའི་སྒྲ་མ་གསུངས་པ་ནི་ཡུལ་གྱིས་ཡུལ་ཅན་བསྟན་པའི་ཕྱིར་རོ།། དེ་ལ་བཅོམ་ལྡན ་འདས་ཞེས་བྱ་བ་ནས། དེ་གང་ལགས་ཞེས་བྱ་བའི་བར་གྱིས་ནི་ལོག་པར་རྟོགས་པ་སྟེ། འདི་སྙམ་དུ་གལ་ཏེ་བདེན་པ་མཐོང་བ་དང་། མ་མཐོང་བ་དག་ལ་ཡང་ཐབས་མཁས་པ་གསུངས་པ་དེ་ལྟར་ན་ཡང་དེ་ཙམ་གྱི་དམན་པའི ་བྱང་ཆུབ་ལྡོག་པར་མི་འགྱུར་རོ་ཞེས་སེམས་སོ།། ཚིག་གིས་ཚོགས་འོག་མ་ནི་ལན་ཡིན་ནོ།། གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། སྤྲོས་པ་དང་བྲལ་བ་ནི་མངོན་པར་རྟོགས་པའོ་ཞེས་བྱ་བའི་བར་གྱིས་ནི་མངོན་པར ་རྟོགས་པ་ལ་ལོག་པར་རྟོགས་པ་ཡིན་ཏེ། རྟོགས་པ་ནི་ཡང་དག་པར་རྟོགས་པ་ཡིན་ལ་མངོན་དུ་ཕྱོགས་པས་རྟོགས་པ་ནི་མངོན་པར་རྟོགས་པའོ།། ཐུབ་པའི་ཞེས་བྱ་བ་ནི་ཐུབ་པ་ཉིད་ལ་མངོན་དུ་བལྟས་པའོ།། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། གཅིག་ཏུ་མི་འགྱུར་རམ་ཞེས་བྱ་བའི་བར་གྱིས་ནི་ལོག་པར་རྟོགས་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མངོན་པར་རྟོགས་པ་ནི་ཡོང་མེད་པ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི ་ལུན་ནོ།། གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། ཤེས་རབ་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ་ཞེས་བྱ་བའི་བར་གྱིས་ནི་ཕྱིན་ཅི་ལོག་གི་ལོག་པར་རྟོགས་པའོ།། མདོ་ལས་སྤྲོས་པའི་སྒྲ་དང་བསྟན ་བཅོས་ལས་ཕྱིན་ཅི་ལོག་གི་སྒྲ་གཉིས་ནི་དོན་གཅིག་པ་ཉིད་ཀྱི་ཕྱིར་རོ།། སྤྲོས་པ་ཞེས་བྱ་བ་དེ་ཡང་ཇི་ལྟར་ཡིན་ཞེས་བྱ་བ་ནི་ལོག་པར་རྟོགས་པའོ།། གལ་ཏེ་འདི་སྙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྲོས་པ་དང་བྲལ་བ་ཕྱིན་ཅི ་ལྡོག་བཞི་དང་བྲལ་བར་གྱུར་པའི་ཚེ་ཉན་ཐོས་ཀྱི་ལམ་དུ་འགྱུར་གྱིས་སངས་རྒྱས་ཀྱི་ལམ་ནི་མ་ཡིན་ནོ་ཞེས་སེམས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནི་ལན་ནོ།། མཱི་སྤྲོ་བ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས ་ཉིད་ཡིན་པའི་ཕྱིར་རྣམ་པ་མི་རྟོག་པའོ།། འཕྲོ་བར་མི་བྱེད་དོ་ཞེས་བྱ་བ་ནི་རྣམ་པར་རྟོག་པར་མི་བྱེད་པའོ།། ངོ་བོ་ཉིད་ནི་ངོ་བོ་ཉིད་འཕྲོ་བར་མི་བྱེད་ཅེས་བྱ་བ་ནི་ངོ་བོ་ཉིད་དང་བཅས་པའི་ཐ་དད་པ་དོག་ནི་དབྱེར་མེད་པ་དང ་མི་ལྡན་པའི་ཕྱིར་རོ།། དངོས་པོ་མེད་པ་ཡང་དངོས་པོ་མྱེད་པ་འཕྲོ་བར་མི་བྱེད་ཅེས་བྱ་བ་ནི་ངོ་བོ་ཉིད་མེད་པ་ལ་གཉི་ག་མེད་པའི་ཕྱིར་རོ།། ངོ་བོ་ཉིད་མེད་དོ་ཞེས་བྱ་བ་ནི་དཔྱད་མི་བཟོད་པའི་ཕྱིར་རོ།། སྐད་ཅིག། ་གཅིག་དང་ལྡན་པའི་ཞེས་བྱ་བ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་ལྡན་པའོ།། གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། ཆོས་ཐམས་ཅད་གང་ཡང་མ་འདུས་པ་མེད་དོ་ཞེས་བྱ་བའི་བར་གྱིས་ནི་ལམ་ལ་ལོག་པར་རྟོགས་པའོ།། ་དེ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པ་ནི་ལན་ཡིན་ལ། དེའི་ལྷག་ཡན་ཆད་ནི་ལོག་པར་རྟོགས་པའོ།། གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཞེས་བྱ་བ་ནས། ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ ་ཡིན་ནོ་ཞེས་བྱེ་བའི་བར་གྱིས་ནི་མི་མཐུན་པའི་ཕྱོགས་དང་གཉེན་པོའི་ཕྱོགས་ལ་ལྡོག་པར་རྟོགས་པའོ།། དེ་ལ་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་ནི་གཉེན་པོའི་ཕྱོགས་སོ།། ཇི་ལྟར་དེ་དག་གིས་བྱང་ཆུབ་ཐོབ་པར་བྱེད་པ་ཡིན་ཞེས ་བྱ་བའི་ལོག་པར་རྟོགས་པའོ།། ལུན་ནི་གཞུང་འོག་མ་བསླབ་པར་བྱའོ་ཞེས་བྱ་བའི་བར་གྱིས་ཡིན་ནོ།། དེའི་འོག་ནས་གསོལ་པ། བཅོམ་ལྡན་འདུས་ཞེས་བྱ་བ་ལ་སོགས་པ་ནི་མི་མཐུན་པའི་ཕྱོགས་ལ་ལོག་པར་རྟོགས ་པའོ།། འདི་སྙམ་དུ་མི་མཐུན་པའི་ཕྱོགས་ནི་ཉོན་མོངས་པ་དག་ཡིན་ལ། དེ་དག་གདུལ་བར་བྱེད་པ་ནི་ཆོས་འདུལ་བ་ཡིན་ཏེ། གལ་ཏེ་ཡོད་ནི་དེའི་ཚེ་སེམས་ཅན་དང་ཉོན་མོངས་པ་དག་ཡོད་པར་གྱུར་ལ་དེ་དག་དང་དེ་དག་དང ་ལྡན་པ་དང་བྲལ་བར་ཁས་བླངས་པར་བྱའོ་ཞེས་སེམས་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པ་ནི་ལན་ཡིན་ནོ།། ཆོས་འདུལ་བ་དེ་ཉིད་ནི་གང་དང་ལྡན་པ་དང་བྲལ་བའི་རྣམ་པར་རྟོགས་པའི་ཡུལ་མ ་ཡིན་ནོ་ཞེས་དགོངས་སོ།། རབ་འབྱོར་འདི་ནི་ཞེས་བྱ་བ་ནས། དེ་བཞིན་ཉིད་དུ་གནས་པའོ་ཞེས་བྱ་བའི་བར་གྱིས་མཚན་ཉིད་ལ་ལོག་པར་རྟོགས་པའོ།། ཆོས་ཀྱི་མཚན་ཉིད་གང་ཡང་དམིགས་པར་མི་འགྱུར་རོ་ཞེས་བྱ་བའི་བར་ནི་སྐབས ་ད་པའོ།། འཁོར་བ་ལས་དགྲོལ་བར་བགྱིའོ་ཞེས་བྱ་བའི་བར་གྱིས་ནི་ལོག་པར་རྟོགས་པའོ།། དེ་མན་ཆད་ནི་ལན་ཡིན་ནོ།། གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། སེམས་ཅན་ཐམས་ཅད་ཕུང་པོ་གསུམ་དུ་ལུང་བསྟན་པར་འགྱུར ་རོ་ཞེས་བྱ་བའི་བར་གྱིས་ནི་སྒོམ་པ་ལ་ལོག་པར་རྟོགས་པའོ།། དེ་ལ་དང་པོར་བསོད་ནམས་བྱ་བའི་དངོས་པོ་ལ་དགོད་པར་མི་ནུས་སོ་ཞེས་བྱ་བ་ཡན་ཆད་ཀྱིས་ནི་ལོག་པར་རྟོགས་པའོ།། འདིར་མཚན་ཉིད་ཐ་དད་པ་ཡང་མ་ལེགས ་ཞེས་བྱ་བ་ནི་མཚན་ཉིད་ཀྱི་རྣམ་པ་ཐ་དད་པ་མེད་པའོ།། དེ་མན་ཆང་རྒྱས་པར་ནི་ལན་ཡིན་ནོ།། དྲི་བ་གཞན་དག་ནི་དྲི་དང་འདྲེན་མའོ།། དེ་ལྟར་ལོག་པར་རྟོགས་པ་བཅུ་དྲུག་བསྟན་པ་ཡིན་ནོ།། །། མངོན་པར་རྟོགས་པའི ་རྒྱན་གྱི་འགྲེལ་པ་དག་ལྡན་ཞེས་བྱ་བ་རིན་ཆེན་འབྱུང་གནས་ཞི་བས་སྦྱར་བ་ལས་རྩེ་མོའི་མངོན་པར་རྟོགས་པ་སྟེ་ལེའུ་ལྔ་པའོ།། ། མཐར་གྱིས་པ། རྣམ་གསུམ་རྣམ་བཅུ་ཞེས་གོང་དུ་གསུངས་པ་དེ་ཚིགས་སུ་བཅད ་པ་གཅིག་གིས། སྦྱིན་པ་ཤེས་རབ་བར་དག་དང་།། སངས་རྒྱས་ལ་སོགས་དྲན་དང་ཆོས།། དངོས་མེད་ངོ་བོ་ཉིད་ཀྱིས་ནི།། མཐར་གྱིས་པ་ཡི་བྱ་བར་བཞེད།། ཅེས་བྱ་བ་གསུངས་ཏེ། སྦྱིན་པ་ནས། ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཞེས་བྱ་བའི་དོན་ཏོ།། སངས་རྒྱས་ལ་སོགས་དྲན་དང་ཞེས་བྱ་བ་ནི་སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། ཚུལ་ཁྲིམས་དང་། གཏོང་བ་དང་། ལྷ་རྗེས་སུ་དྲན་པོ་དག་གིས་སོ།། ཆོས་དངོས་མེད་ངོ་བོ་ཉིད་ཀྱིས ་ཞེས་བྱ་བ་ནི་ཆོས་རྣམས་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ཞེས་བྱ་བའི་དོན་ཏོ།། བཅུ་གསུམ་པོ་དེ་དག་གིས་མཐར་གྱིས་པའི་བྱ་བར་བཞེད་དོ།། དེ་ཞེས་བྱ་བ་ནི་རྩེ་མོའི་མངོན་པར་རྟོགས་པའི་སྐབས་བསྟན་ནས་བསྟན་པ་གང་ཡིན་པའོ།། ་མདོ་ལས་དང་པོར་འདིའི་བཅོམ་ལྡན་འདས་ཀྱིས་བཀའ་སྩོལ་པ་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་དོ་ཞེས་བྱ་བའི་བར་གྱིས་རྒོལ་བ་དང་ལན་ཡིན་ནོ།། དེ་ནས་གཞན་ཡང་ཞེས་བྱ་བའི་ཆོག་རེ་རེས་ཕ་རོལ་ཏུ་ཕྱིན ་པ་དྲུག་པོ་དག་གིས་མཐར་གྱིས་པའི་བྱ་བ་དྲུག་ཡིན་ནོ།། དེ་ནས་གཞན་ཡང་ཞེས་བྱ་བའི་ཚིག་ལྔས་སངས་རྒྱས་རྗེས་སུ་དྲན་པོ་ལྔ་ཡིན་ཏོ། གཟུགས་ལ་སོགས་པའི་ཕུང་པོ་དང་། མཚན་དང་དཔེ་བྱད་དང་། ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ ་དང་། སྟོབས་དང་མི་འཇིགས་པ་ལ་སོགས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཡིད་ལ་མི་བྱེད་པའོ།། དེ་ནས་ཇི་ལྟར་ན་ཞེས་བྱ་བའི་ཚིག་ལྔས་ཆོས་རྗེས་སུ་དྲན་པ་ལ་སོགས་པ་ལྔའོ།། དེ་ནས་གཞན་ཡང་ཞེས་བྱ་བའི་ཚིག་གཅིག་གིས ་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱིའོ།། དེ་ནས་དྲིས་པ་དང་ལན་དག་ཡིན་ནོ།། །། མངོན་པར་རྟོགས་པའི་རྒྱུན་གྱིས་འགྱེལ་པ་དག་ལྡན་ཞེས་བྱ་བ་རིན་ཆེན་འབྱུང་གནས་ཞི་བས་སྦྱར་བ་ལས་མཐར་གྱིས་བུའི ་མངོན་པར་རྟོགས་པ་སྟེ་ལེའུ་དྲུག་པའོ།། །། ད་ནི་སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པ་བརྗོད་པར་བྱ་བ་ཡིན་པོས་ན་རབ་འབྱོར་གྱིས་དང་པོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཇི་ལྟར་སེམས་བསྐྱེད་པ ་གཅིག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པའི་ཆོས་ཐམས་ཅད་དང་། མཚན་དང་དཔེ་བྱད་ཀྱི་མཐར་ཐུག་པ་ཡོངས་སུ་འཛིན་པ་ལུགས་ཞེས་བྱ་བ་ནི་འདྲི་བར་བྱེད་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པ་ནི ་ལན་ཡིན་ནོ།། སྐད་ཅིག་མ། གཅིག་གིས་མངོན་རྫོགས་བྱང་ཆུབ་པ།། མཚན་ཉིད་ཀྱིས་ནི་རྣམ་པ་བཞི་ཞེས་སྔར་གསུངས་པ་ཡིན་ནོ།། དེ་དག་གྲང་ཞེ་ན། ཟག་པ་མེད་པའི་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་ལ་མངོན་པར་རྟོགས་པ ་དང་། དགེ་བའི་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པ་དང་། མཚན་ཉིད་མེད་པའི་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པ་དང་།། གཉིས་སུ་མེད་པར་ཆོས་ཐམས་ཅད་སྐད་ཅིག་མ་གཅིག ་གིས་མངོན་པར་རྟོགས་པའོ།། བཞི་པོ་དེ་དག་ཚིག་གི་ཚོགས་བཞིས་འཆད་པར་མཛད་པ་དེ་བས་ན་དང་པོའི་དབང་དུ་མཛད་ནས། སྦྱིན་པ་ལ་སོགས་རེ་རེས་ཀྱང་།། ཟག་མེད་ཆོས་ཀུན་བསྡུས་པའི་ཕྱིར།། ཐུབ་པའི་སྐད་ཅིག་གཅིག་པ ་ཡིད་རྟོགས་པ་འདི་ནི་ཤེས་པར་བྱ།། ཇི་ལྟར་སྐྱེས་བུ་ཟོ་ཆུན་རྒྱུད།། རྡོག་ཐབས་གཅིག་གིས་བསྐྱོད་པ་ན།། ཐམས་ཅད་ཅིག་ཅར་འགུལ་བཱ་ལྟར།། སྐད་ཅིག་གཅིག་ཤེས་དེ་བཞིན་ནོ་ཞེས་གསུངས་ཏེ། བྱང་ཆུབ ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པ་ལོ་སོགས་རེ་རེས་ཀྱང་།། ཟག་པ་མེད་པའི་ཆོས་ཐམས་ཅད་བསྡུས་ཤིང་འཕངས་པའི་ཕྱིར་སྐད་ཅིག་མ་གཅིག་གིས་རྟོགས་པ་སྟེ། སེམས་ཀྱི་སྐད་ཅིག་མ་གཅིག་གིས ་མངོན་པར་རྟོགས་པ་སྟེ་དང་པོའོ།། ཇི་ལྟར་སྐྱེས་བུའི་རྡོག་པ་ཐབས་གཅིག་གིས་བསྐྱོད་པ་ན། ཟོ་ཆུན་གྱི་རྒྱུད་མོ་ཐམས་ཅད་ཅིགྲོ་ཅར་འགུལ་བ་དེ་བཞིན་དུ་སྦྱིན་པ་ལ་སོགས་པའི་སེམས་གཅིག་དང་ལྡན་པས་ཟག་པ་མེད་པའི་ཤེས ་པ་ཐམས་ཅད་སྔོན་གྱི་སྒོམ་པའི་ཤུགས་ཀྱིས་འདྲེན་པར་བྱེད་དེ། རབ་འབྱོར་འདི་ལ་ཞེས་བྱ་བ་ནས། ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་བྱ་བའི་བར་དུ་སྟེ། འདིར་དང་པོར་གཞན་དུ་མ་ཡིན་ཞེས་བྱ་བའི ་སྒྲ་དག་ནི་ངེས་པར་ཞེས་བྱ་བའི་དོན་ཏོ།། གཉིས་པའི་དབང་དུ་མཛད་ནས། གང་ཚེ་དཀར་པོ་ཐམས་ཅད་ཀྱི།། རང་བཞིན་ཤེས་རབ་ཕ་རོལ་ཕྱིན།། རྣམ་སྨིན་ཆོས་ཉིད་གནས་སྐབས་སྐྱེས།། དེ་ཚེ་སྐད་ཅིག་གཅིག་ཡེ་ཤེས།། ཞེས་བྱ་བ ་གསུངས་ཏེ། རྣམ་པར་སྨོན་པའི་ཆོས་ཉིད་རང་བཞིན་ལྷན་གྱིས་གྲུབ་པས་འཇུག་པའི་གནས་སྐབས་དེ་འདི་ལ་ཡོད་པས་དེ་སྐད་ཅེས་བརྗོད་དོ།། གནས་སྐབས་དེ་ཡང་ས་བརྒྱད་པ་ལ་སོགས་པའོ།། དཀར་པོ་ཐམས་ཅད་ཀྱི ་རང་བཞིན་ཞེས་བྱ་བ་ནི་ཆོས་དཀར་པོ་ཐམས་ཅད་ཀྱི་རང་བཞིན་ནོ།། སྐྱེས་ཞེས་བྱ་བ་ནི་འབྱུང་བར་གྱུར་པའོ།། ཡེ་ཤེས་ཞེས་བྱ་བ་ནི་དགེ་བའི་སེམས་ཅན་ཐམས་ཅད་དོ།། རབ་འབྱོར་ཇི་ལྟར་ན་ཞེས་བྱ་བ་ནས། རབ་ཏུ་ཡོངས་སུ་རྫོགས་པར ་འགྱུར་རོ།། ཞེས་བྱ་བའི་བར་གྱིས་གང་གསུངས་པའོ།། གསུམ་པའི་དབང་དུ་མཛད་ནས། སྦྱིན་པ་ལ་སོགས་སྤྱོད་པ་ཡིས།། ཆོས་ཀུན་རྨི་ལམ་འདུར་གནས་ནས།། ཆོས་རྣམས་མཚན་ཉིད་མེད་པར་ནི།། སྐད་ཅིག་མ་ནི་གཅིག ་གིས་རྟོགས།། ཞེས་བྱ་བ་གསུངས་ཏེ། རྟོགས་པ་ཞེས་བྱ་བ་ནི་ཁམས་ཀྱི་དོན་སྣ་ཚོགས་པ་ཉིད་ཀྱི་ཕྱིར་མཁྱེན་ཏོ་ཞེས་བྱ་བའི་དོན་ཏོ།། ལྷག་མ་ནི་རྟོགས་པར་སླའོ།། དེ་ནས་ཚེ་དང་ལྡན་པ་ཞེས་བྱ་བ་ནས། སྤྲུལ་པ་ལྟ་བུར་ཡོངས་སུ ་ཤེས་སོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ།། བཞི་པའི་དབང་དུ་མཛད་ནས། རྨི་ལམ་དང་ནི་དེ་མཐོང་ཉིད།། གཉིས་ཀྱི་ཚུལ་དུ་མི་མཐོང་ལྟར།། ཆོས་རྣམས་གཉིས་སུ་མེད་པ་ཡི།། དེ་ཉིད་སྐད་ཅིག་གཅིག་གིས་མཐོང་།། ཞེས་བྱ་བ ་གསུངས་ཏེ། རྨི་ལམ་དང་ནི་བྱེ་མཐོང་ཉིད་ཅེས་བྱ་བ་ནི་བྱེད་པ་དང་ལྡན་པ་ཡིན་དུ་ཟིན་ཀྱང་ལས་ཀྱི་གཉིས་པ་སྟེ། འབྲས་ཆན་པོ་ཚེད་དུ་འགྲོ་ཞེས་བྱ་བ་ལྟ་བུའོ།། ཡང་ན་གཞུང་གཞན་ལས་དེ་ལྟར་རྨི་ལམ་དེ་མཐོང་ཞེས་འབྱུང་སྟེ། དེ ་ལྟར་གྱི་དོན་ནི་སྔ་མ་དང་འདྲའོ་ཞེས་བྱ་བའི་དོན་ཏོ།། ལྷག་མ་ནི་གོ་སླའོ།། གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། མཚན་ཉིད་མེད་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བའི་བར་གྱིས ་གང་གསུངས་པའོ།། །། མངོན་པར་རྟོགས་པའི་རྒྱུན་གྱི་འགྲེལ་པ་དག་ལྡན་ཞེས་བྱ་བ་རིན་ཆེན་འབྱུང་གནས་ཞི་བས་སྦྱར་བ་ལས། སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་སྟེ ་ལེའུ་བདུན་པའོ།། །། མངོན་པར་རྟོག་པ་བརྒྱད་པའི་མདོར་བསྟན་པ་ནི། ངོ་བོ་ཉིད་ལོངས་རྫོགས་བཅས་དང་།། དེ་བཞིནི་སྤྲུལ་དང་རྣམ་གསུམ་དང་།། མཛད་དང་བཅས་པ་ཆོས་སྐུ་སྟེ།། རྣམ་པ་བཞིར་ནི་ཡོད་དག་བརྗོད ་ཅེས་བྱ་བ་སྔར་གསུངས་ཏེ། ངོ་བོ་ཉིད་དང་ལོངས་སྤྱོད་རྫོགས་པ་དང་།། སྤྲུལ་བི་ཞེས་བྱ་བ་རྣམ་པ་གསུམ་མཛད་པ་དང་བཅས་པ་ནི་ཆོས་ཀྱི་སྐུ་སྟེ། རྣམ་པ་བཞིར་གསུངས་སོ་ཞེས་བྱ་བའི་དོན་ཏོ།། དེ་ལ་དང་པོར་ངོ་བོ་ཉིད་དེའི ་དབང་དུ་མཛད་ནས། ཟག་པ་མེད་ཆོས་རྣམ་ཀུན་ཏུ།། རྣམ་པར་དགྲ་གྱུར་ཐོབ་གང་ཡིན།། དེ་དག་རང་བཞིན་མཚན་ཉིད་ཅན།། ངོ་བོ་ཉིད་ཀྱི་སྐུ་རུ་བཞེད།། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་།། རྣམ་པར་ཐར་དང་མཐར་གྱིས་ནི།། ་སྙོམས་འཇུག་དགུ་ཡི་བདག་ཉིད་དང་།། ཟད་པར་བཅུ་ཡི་བདག་ཉིད་དང་།། ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི།། རབ་ཏུ་དབྱེ་བ་རྣམ་བརྒྱད་དང་།། ཉོན་མོངས་མེད་དང་སྨོན་མཁྱེན་དང་།། མངོན་ཤེས་སོ་སོ་ཡང་དག་རིག། རྣམ ་པ་ཐམས་ཅད་དག་བཞི་དང་།། དབང་བཅུ་དག་ནི་སྟོབས་བཅུ་དང་།། མི་འཛགས་པ་ནི་བཞི་དག་དང་།། བསྲུང་བ་མེད་པ་རྣམ་གསུམ་དང་།། བསྙེལ་བ་མི་མངའ་ཆོས་ཉིད་དང་།། བག་ཆགས་ཡང་དག་བཅོམ་པ་དང་།། སྐྱེ་ལ ་ཐུགས་རྗེ་ཆེན་པོ་དང་།། ཐུབ་པ་ཁོ་ནའི་མ་འདྲེས་ཆོས།། བཅོ་བརྒྱད་བཤད་པ་གང་ཡིན་དང་།། རྣམ་པ་ཐམས་ཅད་མཁྱེན་ཉིད་དང་།། ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན།། ཞེས་བྱ་བའི་ཚིགས་སུ་བཅད་པ་དྲུག་གིས་གསུངས ་ཏེ། ཟག་པ་མེད་པའི་ཆོས་རྣམས་རྣམ་པ་ཐམས་ཅད་རྣམ་པར་དྲུག་པ་ཆོས་ཉིད་ཀྱིས་ངོ་བོ་ཉིད་གང་ཡིན་པ་དེ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ངོ་བོ་ཉིད་ཀྱི་སྐུ་སྟེ། གློ་བུར་གྱི་འཁྲུལ་པ་ཐམས་ཅད་དང་བྲལ་བས་རང ་བཞིན་དུ་གནས་པའི་ཕྱིར་རོ།། དེ་སྐད་དུ་ཡང་། སྒྲིབ་པ་ཀུན་གྱི་དྲི་མེད་དང་།། རྣམ་པ་ཐམས་ཅད་མཁྱེན་ཉིད་ཐོབ།། རིན་ཆེན་སྣོད་ནི་ཕྱེ་བ་ལྟར།། སངས་རྒྱས་ཉིད་ནི་ཡང་དག་བསྟན།། ཞེས་བྱ་བ་གསུངས་སོ།། ཟག་པ་མེད་པའི ་ཆོས་དེ་དག་ཀྱང་གང་ཞེ་ན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། ཚད་མེད་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་།། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། ཟད་པར་གྱི་སྐྱེ་མཆེད་བཅུ་དང་། ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་དང་། ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་དང་། སྨོན་ནས་མཁྱེན་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། རྣམ་པ་ཐམས་ཅད་དུ་ཡོངས་སུ་དག་པ་བཞི་དང་། དབང་བཅུ་དང་། སྟོབས ་བཅུ་དང་། མི་འཇིགས་པོ་བཞི་དང་། བསྲུང་བ་མེད་པ་གསུམ་དང་། དྲན་པ་ཉེ་བར་གཞག་པ་གསུམ་དང་བསྙེལ་བ་མི་མངའ་བའི་ཆོས་ཉིད་དང་། བག་ཆགས་ཡང་དག་པར་བཅོམ་པ་དང་། ཐུགས་རྗེ་ཆེན་པོ་དང་། སངས་རྒྱས ་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་བྱ་བ་ནི་དེ་ལྟར་རོ།། ཆོས་ཀྱི་སྐུ་ནི་ཆོས་ཀྱི་ཚོགས་སུ་བརྗོད་པ་ཡིན་ཏེ། གང་གི་རང་བཞིན་སངས་རྒྱས་རྣམས་ཀྱི་ངོ་བོ་ཉིད་ཀྱི་སྐུའོ། ་ཞེས་བྱ་བའི་དོན་ཏོ།། ཡང་ན་ཆོས་རྣམས་ཀྱི་རང་བཞིན་གྱི་ལུས་ངོ་བོ་ཉིད་ཀྱི་མཚན་ཉིད་བསྟན་ཅིང་ཆོས་དེ་དག་ཀྱང་བརྗོད་ནས། དེ་ལྟར་ཆོས་ཀྱི་སྐུ་བརྗོད་པ་ཡིན་ཞེས་བྱ་བས་མཇུག་སྡུད་པ་ཡིན་ནོ།། ཚིག་སྔ་མའི་དངོས་པོ་ག ་བོར་གྱུར་པ་ཉིད་ཀྱི་ཕྱིར་ཆོས་ཉིད་ཀྱི་སྐུ་ནི་ཆོས་ཀྱི་སྐུ་སྟེ། ངོ་བོ་ཉིད་ཀྱི་སྐུ་ཞེས་བྱ་བའི་དོན་ཏོ།། དེ་ལྟར་ན་ནི། གཅིག་མིན་དུའང་མིན་ཞེས་བྱ་བའི་ཆོས་ཀྱི་སྐུའི་བསྟོད་པ་འཐད་པར་འགྱུར་རོ།། གཞན་དག་ནི་ཆོས་དེ་དག་ཉིད་ཆོས་ཀྱི ་སྐུ་སྟེ། སངས་རྒྱས་རྣམས་ཀྱི་སྐུ་བཞི་པ་ཡིན་ལ། དེ་ལྟ་ཡིན་དང་ཚུལ་གཞན་ལས་སྐུ་བཞིར་གསུངས་པ་དེ་ནི་ལེགས་པར་གསུངས་པ་ཡིན་ནོ་ཞེས་སྨྲའོ།། དེ་ནི་བདེན་པ་མ་ཡིན་ནོ།། བཅོམ་ལྡན་འདས་མ་ལས་སྐུ་གསུམ ་ཉིད་དུ་གཞན་ཡང་ཞེས་བྱ་བའི་ཆོ་ག་གསུམ་དང་མདོ་གཞན་དག་ཀྱང་གསུངས་པའི་ཕྱིར་རོ།། སྔགས་ཀྱི་ཚུལ་ལ་བཞི་ཡང་རྣམ་པ་གཞན་ཉིད་དུ་ཡིན་ཏེ། སྐུ་དང་གསུང་དང་ཐུགས་ནི་སྐུ་གསུམ་ཡིན་ལ། བཞི་པའི་ནི་དེ་དག ་ཉིད་ཀྱི་ལས་སམ་མཉམ་པ་ཉིད་དོ།། དེ་ལྟར་ན་ནི་ཆོས་དེ་དག་སྐུ་གང་ཡིན་བསྡུས་པར་འགྱུར་ཞེ་ན། ངོ་བོ་ཉིད་ཀྱིས་ཏེ། དེ་དག་ནི་འཁྲུལ་པ་ཐམས་ཅད་དང་བྲལ་བས་གསལ་བའི་བདག་ཉིད་ཆོས་ཉིད་ཙམ་ཡིན་པའི་ཕྱིར་རོ།། ་དེ་དག་མཚན་ཉིད་ཀྱི་དབྱེ་བ་ནི་རྒྱུའི་གནས་སྐབས་ཀྱི་རྗེས་སུ་འབྲངས་ནས་ཀུན་རྫོབ་ཡིན་ནོ།། སྤྲོས་པས་མཆོག་གོ།། དེ་ཉིད་ཀྱི་ཕྱིར་ངོ་བོ་ཉིད་ཀྱི་སྐུ་ནི་གཞན་ཡང་ཞེས་བྱ་བའི་ཚིག་དང་པོ་ནས་བསླབ་པར་བྱའོ་ཞེས་བྱ་བའི་བར་གྱིས ་གསུངས་ཏེ། དེ་ལ་བཅོམ་ལྡན་འདས་ཉིད་ཀྱིས་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་དང་ཐམས་ཅད་དང་། མཚན་དང་དཔེ་བྱད་བཟང་པོ་དང་བཅས་པ་དང་བསྡུ་བའི་དངོས་པོའི་ནང་ནས་འཇིག་རྟེན་ལས་འདས་པའི་ཆོས་སྦྱིན་པར་རྣམ་པར ་འཆད་པར་གྱུར་ལ། བདག་གིས་ཀྱང་བསམ་གཏན་དང་། གཟུགས་མེད་པ་ལ་འཇུག་པ་དང་། ཚད་མེད་པ་ལ་འཇུག་པ་དང་། ལམ་གྱི་ཚོགས་རྒྱས་པར་མང་དུ་བསྟན་པས་དེ་དང་དེ་དག་རྒྱས་པར་ཤེས་པར་བྱའོ།། ཉོན་མོངས་པ་མེད་པ་དང ་སྨོན་ནས་ཤེས་པའི་མཚན་ཉིད་ཀྱང་དེ་ཉིད་དུ་འཚང་པར་འགྱུར་རོ།། དེ་དག་གི་ཉན་ཐོས་ཀྱི་འབྲས་བུ་གང་ཡིན་པ་དང་། སངས་རྒྱས་བཅོམ་ལྡན་འོདས་ཀྱི་འབྲས་བུ་གང་ཡིན་པ་ན། ཉན་ཐོས་ཉོན་མོངས་མེད་པའི་ལྟ།། ཉོན་མོངས་ཡོངས་སུ ་མི་སྤོང་ཉིད།། རྒྱལ་བ་གྲོང་སོགས་དེ་དག་གི། ཉོན་མོངས་རྒྱུན་གཅོད་ཉོན་མོངས་མེད།། སངས་རྒྱས་སྨོན་ནས་མཁྱེན་པ་ནི།། ལྷུན་གྱིས་གྲུབ་དང་ཆགས་སྤངས་དང་།། ཐོགས་བྱ་མེད་དང་རྟགས་གནས་དང་།། འདྲི་བ་ཀུན་ལ་ལན་འདེབས་བྱེད།། ་ཅེས་པའི་ཚོགས་སུ་བཅད་པ་གཉིས་ཀྱིས་གསུངས་ཏེ། ཉན་ཐོས་ཀྱི་ཉོན་མོངས་པ་མེད་པ་ནི་གྲོང་ལ་སོགས་པར་སེམས་ཅན་གང་དག་མཐོང་བར་གྱུར་པ་ན། དེའི་ཉོན་མོངས་པ་སྐྱེ་བར་འགྱུར་བ་ནི་མི་རུང་ངོ་ཞེས་དེ་དག་མཐོང་བ་ཉིད ་ཟློག་པར་བྱེད་ཀྱི། ཉོན་མོངས་པ་མངོན་སུམ་དུ་ནི་མ་ཡིན་ནོ།། དེ་བཞིན་གཤེགས་པའི་ཉོན་མོངས་པ་ནི་མཐོང་བ་ཡོད་ཀྱང་དེ་དག་གི་ཉོན་མོངས་པའི་རྒྱུན་ཉིད་གཅོད་པར་བྱེད་ཀྱི། མཐོང་བ་ནི་མ་ཡིན་ནོ།། སངས ་རྒྱས་དག་གི་སྨོན་ནས་མཁྱེན་པ་ལྷུན་གྱིས་གྲུབ་པ་ནི་རྣམ་པར་རྟོག་པ་མེད་པ་ཉིད་ཀྱི་ཕྱིར་རོ།། ཆགས་པ་མི་མངའ་བ་ནི་ལྟོས་པ་མེད་པ་ཉིད་ཀྱི་ཕྱིར་རོ།། ཐོག་པ་མེད་པ་ནི་ཐམས་ཅད་དུ་ཐོགས་པ་མི་མངའ་བ་ཉིད་ཀྱི་ཕྱིར་རོ།། རྟག་ཏུ་གནས ་པ་ནི་རྟག་ཏུ་ཐུགས་མཉམ་པ་ཉིད་ལ་གནས་པ་ཉིད་ཀྱི་ཕྱིར་རོ།། འདྲི་བ་ཐམས་ཅད་ཀྱི་ལན་ལོན་པར་མཛད་པ་ཉིད་ཀྱི་ཕྱིར་ན། འདྲི་བ་ཀུན་གྱི་ལན་འདེབས་པའོ།། ཉན་ཐོས་རྣམས་ཀྱི་ནི་བཟློག་པ་དག་ཡིན་ནོ།། རྒྱུད་ནི་ཡོངས་སུ་སྨིན ་གྱུར་ནས།། གང་དང་གང་ལ་ག་དང་ནི།། གང་ཚེ་བྱ་བ་ཕན་གྱུར་པ།། དེ་དང་དེ་ལ་དེ་སྣང་ངོ་།། དེ་དང་དེ་ལ་ཕན་པ་མཛད་པའི་ཕྱིར་རོ།། དེ་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱི་སངས་རྒྱས་སོ།། དེ་དང་པོའི་ཚེ་སྣང་བའི་ཕྱིར་རོ།། ཅིའི་ཕྱིར་ཐམས་ཅད་ལ་ཐམས ་ཅ་མི་སྣང་ཞེ་ན། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་།། ས་བོན་མི་རུང་མི་འཁྲུངས་ལྟར།། སངས་རྒྱས་རྣམས་ནི་བྱུང་གྱུར་ཀྱང་།། སྐལ་བ་མེད་པར་བཟང་མི་མྱོང་།། དེ་ལྟར་མཛད་པ་རྒྱ་ཚོའི་ཕྱིར།། སངས་རྒྱས་ཁྱབ་པར་ངེས་པར་བརྗོད།། ་དེ་ཉིད་ཟད་པ་མེད་པའི་ཕྱིར།། རྟག་པ་ཞེས་ཀྱང་བརྗོད་པ་ཡིན།། མཛད་པ་རྒྱ་ཆེ་བ་ནི་སྐལ་བ་ཇི་ལྟ་བ་བཞིན་དུ་སྣ་ཚོགས་པའི་དོན་མཛད་པའོ།། དེ་ཉིད་ཅེས་བྱ་བ་ནི་མཛད་པའོ།། ཟད་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་བྲལ་བ་མེད་པའི་ཕྱིར།། ་རོ།། ག། ཞན་ཡང་ཞེས་བྱ་བའི་ཚིག་གཉིས་པ་ནས། བསླབ་པར་བྱའོ་ཞེས་བྱ་བའི་བར་གྱིས་ལོངས་སྤྱོད་རྫོགས་པའི་སྐུ་གསུངས་ཏེ། འདིར་བྱང་ཆུབ་སེམས་དཔའ་སྨོས་པ་ནི་གཞན་དག་རྣམ་པར་བཅད་པའི་ཕྱིར་རོ།། སེམས་དཔ ་ཆེན་པོ་སྨོས་པ་ནི་འཕགས་པ་མ་ཡིན་པ་རྣམ་པར་བཅད་པའི་ཕྱིར་རོ།། མཆོག་ཏུ་ཞེས་བྱ་བ་ནི་སྒྲ་ཇི་ལྟ་བ་བཞིན་དུ་མ་ཡིན་པ་བསམ་པ་ཇི་ལྟ་བ་བཞིན་ནོ།། བླ་ན་མེད་པའི་དགའ་བ་དང་། མགུ་བ་དང་རབ་ཏུ་དགའ་བ་དང་། བདེ་བ་ཉེ་བར་ལོངས ་སྤྱོད་པའི་ཕྱིར་ཞེས་བྱ་བ་དེ་དག་གིས་ནི་འདི་སྐད་དུ་གང་དེ་ལྟར་ལོངས་སྤྱོད་རྫོགས་པ་སྟེ། དེ་ལ་ནུས་པར་གྱུར་པའི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་གསུངས་སོ།། བསྟན་བཅོས་མཛད་པས་དེ་དག་གི་དབང་དུ་མཛད་ནས། མཚན་ནི་སུམ ་ཙུ་རྩ་གཉིས་དང་།། དཔེ་བྱད་བརྒྱད་ཅུའི་བདགུ་ཉིད་འདི།། ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད།། ཅེས་གསུངས་སོ།། ཅིའི་ཕྱིར་ལོངས་སྤྱོད་རྫོགས་པ་ཡིན་ཞེ་ན། ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར་ཏེ། སྐུ་དེས་ཐེག་པ་ཆེན་པོ་ལ་ལོངས ་སྤྱོད་པའི་ཕྱིར་རོ།། བྱང་ཆུབ་སེམས་དཔས་ཐོབ་པ་དག་གིས་རྫོགས་པར་ལོངས་སྤྱོད་པ་ནས་ལོངས་སྤྱོད་རྫོགས་པའོ།། དེ་ལ་དང་པོར་མཚན་དག་ནི།། ཕྱག་ཞབས་འཁོར་ལོའི་མཚན་དང་རུས་སྤེལ་ཞབས།། ཕྱག་དང་ཞབས་སོར་དྲ་བས ་འབྲེལ་བ་དང་།། ཕྱག་ནི་ཞབས་བཅས་འཇམ་ཞིང་གཞོན་ཤ་ཅན།། འདི་ཡི་སྐུ་ནི་བདུན་དག་མཐོ་བ་དོང་།། སོར་མོ་རིང་དང་རྟིང་ཡངས་སྐུ་ཚེ་དྲང་།། ཞབས་ལོང་མི་མངོན་སྤུ་ནི་གྱེན་དུ་ཕྱོགས།། བྱིན་པ་ཨེ་ཎེ་ཡ་འདྲ་ཕྱག་རིང་མཛེས།། ་འདོམས་ཀྱི་སྦ་བ་སྲུབས་སྒྱུ་ནུབ་པའི་མཆོག། པགས་པ་གསེར་མདོག་པགས་པ་སྲ་བ་པ་དང་།། སྥུ་ནི་རེ་རེ་ནས་གཡས་ལེགས་འཁྲུངས་དང་།། ཞལ་མཛོད་སྤུས་བརྒྱན་རོ་སྟོད་སེང་གེའི་འདྲ།། འདི ་ཡི་དཔུང་པའི་མགོ་ཟླུམ་ཐལ་གོང་རྒྱས།། འདི་ལ་རོ་མི་ཞིམ་པའང་རོ་མཆོག་སྣང་།། སྐུ་ནི་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ།། གཙུག་ཏིར་ཡར་འཕགས་ལྕགས་རིང་མཛེས་པ་དང་།། ཚངས་དབྱངས་འགྲམ་པ་སེང་གེ་འདྲ་དང་ཚེམས། ་ཤིན་ཏུ་དཀར་དང་ཚང་མཉམ་ཐགས་བཟང་དང་།། གྲངས་ནི་བཞི་བཅུ་ཐམ་པ་ཚང་བ་དང་།། སྤྱན་ནི་མཐོན་མཐིང་སྤྱན་རྫི་བ་མཆོག་གི། འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན།། འདི་ཡི་ཕྱག་དང་ཞབས་ལ་འཁོར་ལོས་མཚན ་པས་ན།། ཕྱག་ཞབས་འཁོར་ལོས་མཚན་པའོ།། ལེགས་པར་གནས་པ་ཉིད་ཀྱི་ཕྱིར་འདི་ལ་རུས་སྦལ་དང་འདྲ་བའི་ཞབས་མངའ་བས་ན་རུས་སྦལ་ཞབས་ཏེ། དེ་ཡང་འདི་ཡིན་ལ་དེ་ཡང་ཡིན་པས་ན་ཞེས་བྱ་བ་ནི་བསྡུ་བའོ།། ་འདི་ལ་ཕྱག་དང་ཞབས་ཀྱི་སོར་མོ་དྲ་བས་འབྲེལ་པ་མངའ་བས་ན་ཕྱག་དང་ཞབས་སྐོར་མྱོ་དྲ་བས་འབྲེལ་བའོ།། ཕྱག་དང་ཞབས་བཅུས་འཇམ་ཞིང་གཞོན་ཤུ་ཅན།། འདི་ཡི་ཞེས་བྱ་བའི་འོག་མ་དང་སྦྱར་རོ།། འདི་ཡི་སྐུ་ནི ་བདུན་དག་མཐོང་བ་དང་ཞེས་བྱ་བ་ནི་མཚོན་པར་བྱེད་པའི་གསུམ་པའོ།། སྐུ་ནི་རྟེན་ཡིན་ནོ།། འདི་ཡི་སྐུ་བདུན་མཐོ་བ་དག་གིས་མཚོན་པར་བྱེད་ཅེས་བྱ་བའི་དོན་ཏོ།། དེ་དག་གིས་མཚན་ལྔ་བསྟན་པོ་ཡིན་ཏེ། ཕྱག་དང ་ཞབས་འཁོར་ལོས་མཚན་པ་ཉིད་དུང་། ཞབས་ཤིན་ཏུ་ལེགས་པར་གནས་པ་དང་། ཕྱག་དང་ཞབས་དྲ་བས་འབྲེལ་བ་ཉིད་དང་། ཕྱག་དང་ཞབས་གཞོན་ཤ་ཆགས་པ་ཉིད་དང་། བདུན་མཐོ་བ་ཉིད་ཅེས་བྱ་བའོ།། སོར་མོ་རིང ་དང་རྟིང་ཡངས་སྐུ་ཆེ་དྲང་།། ཞབས་ལོང་མི་མངོན་སྤུ་ནི་གྱེན་དུ་ཕྱོགས།། བྱིན་པ་ཨེ་ཎེ་ཡའི་འདྲ་ཕྱག་རིང་མཛེས།། འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པའི་མཆོག་ཅེས་བྱ་བ་ལ། སོར་མོ་རིང་བ་ཉིད་དང་རྟིང་པ་ཡངས་པ་ཞེས་བྱ་བ ་ནི་ཚོགས་པ་གཙོ་བོར་གྱུར་པའི་ཟླས་དབྱེ་བའོ།། སྐུ་ཆེ་དྲང་ཞེས་བྱ་བ་ནི་སྐུ་རྒྱ་ཆེ་ལ་དྲང་བའོ།། ཞབས་ལོང་བུ་མི་མངོན་པ་དང་། སྤུ་གྱེན་དུ་ཕྱོགས་པ་སྟེ། མདོ་ལས་པུསོ་མོའི་ལྷ་དང་། ལོང་བུ་མཛེས་པར་ནུབ་པས་ན་ཞབས་ཀྱི ་ལོང་བུ་མོ་མངོན་པ་ཞེས་གསུངས་པ་དེ་བསོ་ན་མི་མ་ངོན་པའི་སྒྲ་ནི་ཤིན་ཏུ་ལེགས་པར་སྦས་པའི་དོན་ཡིན་ནོ།། ལོང་བུའི་སྒྲ་ནི་པུས་མོའི་ལྷ་ང་དང་། ལྡོང་བུའི་རུས་པ་བརྗོད་པར་བྱེད་པ་སྟེ། བརླའི་རྩ་བ་མན་ཆད་ཀུན་ལ་ཞབས ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ།། འདོམས་ཀྱི་སྦ་བ་ནི་འདོམས་ཀྱི་སྦ་བ་སྟེ། འདི་ལ་འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པའི་མཆོག་མངའ་བས་ན། དེ་སྐད་ཅེས་བརྗོད་དོ།། འདིས་ནི་སྔོར་མོ་རིང་བ་ཉིད་དང་། རྟིང་པ་ཡངས་པ་ཉིད ་དང་། སྐུ་ཆེ་ལ་དྲང་བ་ཉིད་དང་། ཞབས་ཀྱི་ལོང་བུ་མི་མངོན་པ་ཉིད་དང་། སྤྱི་གྱེན་དུ་ཕྱོགས་པ་ཉིད་དང་། བྱིན་པ་ཨེ་ཎཻ་ཡའི་འདྲ་བ་ཉིད་དང་། ཕྱག་རིང་བ་མཛེས་པ་ཉིད་དང་། འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་ཉིད་ཅེས་བྱ་བ་མཚན ་བརྒྱད་ཡིན་ནོ།། པགས་པ་གསེར་མདོག་པགས་པ་སྲབ་པ་དང་།། སྥུ་ནི་རེ་རེ་ནས་གཡས་ལེགས་འཁྲུངས་དང་།། ཞལ་མཛོད་སྤུས་བརྒྱན་རོ། སྟོད་སེང་གེ་འདྲ།། འདི་ཡི་དཔུང་པའི་མགོ་ཟླུམ་ཐལ་གོང་རྒྱས།། ་ཞེས་བྱ་བ་ལ། འདི་ལ་རོ་སྟོད་སེང་གེ་དང་འདྲ་བ་མངའ་བས་ན་རོ་སྟོད་སེང་གེ་དང་འདྲ་བ་ཅན་ནོ།། མགོ་ཟླུམ་ཞེས་བྱ་བ་ཤིན་ཏུ་ཟླུམ་པ་སྟེ། མགུར་དང་རྒྱུད་ལེགས་པར་འབྲེལ་ཅིང་ལྷུན་ཟླུམ་པ་ཉིད་ཀྱི་ཕྱིར་རོ།། འཕྲག་པའི་བར ་ནི་ཐལ་གོང་སྟེ་བྲང་ངོ་།། འདི་ལ་དེ་རྒྱས་པ་མངའ་བས་ན་ཐལ་གོང་རྒྱས་པ་ཅན་ནོ།། འདིས་ནི་པགས་པ་གསེར་མདོག་ཉིད་དང་།། པགས་པ་སྲབ་པ་ཉིད་དང་། སཱུ་རེ་རེ་ནས་གཡས་ཕྱོགས་སུ་འཁྱིལ་བ་ཉིད་དང་། ཞལ་མཛོད་སྨྲས ་མཚན་པ་ཉིད་དང་། སྐུ་སྟོད་སེང་གི་འདྲ་བ་ཉིད་དང་། དཔུང་མགོ་ཤིན་ཏུ་ཟླུམ་པ་ཉིད་དང་། ཐལ་གོང་རྒྱས་པ་ཉིད་ཅེས་བྱ་བ་མཚན་བདུན་ཡིན་ནོ།། འདི་ལ་རོ་མི་ཞིམ་པའང་རཾ་མཆོག་སྣང་།། སྐུ་ནི་ནྱ་གྲོ་དྷ་ལྟར་ཆུ་ཞེང་གས ་གཙུག་ཏོར་ཡར་འཕགས་ལྗགས་རིང་མཛེས་པ་དང་།། ཚངས་དབྱངས་འགྲམ་པ་ས་གེ་འདྲ་དང་ཚམས།། ཤིན་ཏུ་དཀར་དང་ཚད་མཉམ་ཐགས་བཟང་དང་།། གྲངས་ནི་བཞི་བཅུ་ཐམ་པར་ཚང་བ་དང་།། སྤྱན་ནི་མཐོན ་མཐོང་སྤྱན་རྫིབ་མཆོག་གི། འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན།། ཞེས་བྱ་བའི་ཚིགས་སུ་བཅད་པ་གཉིས་པོ་འདིས་རོའི་མཆོག་མཁྱེན་པ་ཉིད་དང་། ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་ཉིད་དང་། དབུ་གཙུག་ཏོར་དང ་ལྡན་པ་ཉིད་དང་། ལྗགས་རིང་ཞིང་སྲབ་པ་ཉིད་དང་། ཚངས་པའི་དབྱངས་ཉིད་དང་། འགྲམ་པ་སེང་གེའི་འདྲ་བ་ཉིད་དང་། ཚེམས་དཀར་བ་ཉིད་དང་། ཚེམས་ཐགས་བཟང་བ་ཉིད་དང་། ཚེམས་མཉམ་ཞིང་བཞི་བཅུ་ཚང་བ་ཉིད་དང་། ་སྦྱིན་མཐོན་མཐིང་ཉིད་དང་། རྫི་མ་པའི་ལྟ་བུ་ཉིད་ཅེས་བྱ་བ་མཚོན་སུམ་ཅུ་རྩ་གཉིས་གསུངས་སོ།། འདི་ལ་བཅུའི་ཚད་ཀྱི་ཚོགས་མངའ་བས་ན་བཞི་བཅུ་ཐམ་པ་ཚང་བ་སྟེ། བཅུ་ཚན་བཞི་ཞེས་བྱ་བའི་དོན་ཏོ།། ཐམས་ཅད ་གཅིག་ཏུ་བསྡུས་ན་འདི་དག་སུམ་ཅུ་རྩ་གཉིས་ཡིན་ནོ།། བ་མཆོག་ནི་བ་དང་གླང་ངོ་།། ཡང་ན་བ་མཆོག་ནི་ཁྱུ་མཆོག་ལ་བྱའོ།། དེ་དག་བཤད་པ་དང་རྒྱུ་དང་སྔོན་གྱི་མཚན་མ་ནི་མདོ་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་སྦྱིན་པ་ལ་སྐྱེ། ་འདི་ལ་མཚན་ནི་གང་གང་གི། སྒྲུབ་པར་བྱེད་པའི་རྒྱུ་གང་ཡིན།། དེ་དང་དེ་ནི་རབ་རྫོགས་པས།། མཚན་ནི་འདི་དག་ཡང་དག་འགྲུབ།། འདིར་མཚན་རྒྱུ་གང་དག་གིས་སྒྲུབ་པར་བྱེད་པ་གང་ཡིན་པ་དེ་དང་དེ་རབ་ཏུ་རྫོགས་པས ་ལོངས་སྤྱོད་རྫོགས་པའི་སྐུ་འདིའི་མཚན་ཡང་དག་པར་འགྲུབ་པོ།། ཡང་གི་རྒྱུ་གང་ཡིན་ཞེ་ན། བླ་མ་སྐྱེལ་ལ་སོགས་པ་དང་།། ཡང་དག་བླངས་ལ་བསྟན་པ་དང་།། བསྡུ་བ་བསྟེན་དང་གྱ་ནོམ་པའི།། དངོས་པོ་སྦྱིན་དང་བསད ་བྱ་བ། ཐར་པར་བྱེད་དང་དགེ་བ་ནི།། ཡང་དག་བླངས་དང་སྤེལ་ལ་སོགས།། སྒྲུབ་བྱེད་རྒྱུ་ཡི་མཚན་ཉིད་དེ།། དེ་ལ་སོགས་པ་མདོ་བཞིན་ནོ་ཞེས་བྱ་བ་གསུངས་ཏེ། དེ་ལ་བླ་མ་དག་སྐྱེལ་བ་དང་བསུ་བ་དག་དང་། ཆོས ་ཉན་པ་དང་། མེ་ཏོག་གི་མཆོད་པ་དང་། མཆོད་རྟེན་གྱི་ཐད་དུ་འགྲོ་བ་ལ་སོགས་པ་གཡོགས་བྱས་པས་ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པ་ཡིན་ནོ།། ཡིད་དམ་ལ་ཤིན་ཏུ་བརྟན་པས་ཞབས ་ཤིན་ཏུ་གནས་པ་དང་། བཟའ་བ་དང་བཏུང་བ་ལ་སོགས་པ་གྱ་ནོམ་པ་བྱིན་པས་ཕྱག་དང་ཞབས་འཇམ་ཞིང་གཞོན་ཤ་ཚོགས་པ་ཉིད་དང་། བདུན་མཐོ་བ་ཉིད་དོ།། བསྡད་བར་བྱ་བ་ཐར་པར་བྱ་བ་མང་པོའི་ཚིག་ནརྀ་སོགས་པའི་དོན ་ཏོ།། བསད་པ་ཐར་པར་བྱས་པ་དང་། སྲོག་རྗེས་སུ་གཟུང་བར་བྱས་པ་དང་། སྲོག་གཅོད་པ་ལས་ལྡོག་པ་ཀུན་ནས་བསྟེན་པ་སྔ་སོར་མོ་རིང་བ་ཉིད་དང་། རྟིང་པ་ཡངས་པ་ཉིད་དང་། སྐུ་ཆེ་ཞིང་དྲང་བ་ཉིད་དོ།། དགེ་བའི་ཆོས་ཡང་དག ་པར་བླངས་པ་རྣམ་པར་སྤེལ་ཞིང་འགྲིབ་པར་མ་བྱས་པས་ཞབོས་ཀྱི་ལོང་བུ་མི་མངོན་པ་ཉིད་དང་། སྐུའི་སྤུ་གྱེན་དུ་ཕྱོགས་པ་ཉིད་དོ།། དེ་ལ་སོགས་པ་ནི་དེ་ལྟ་བུ་ལ་སོགས་པའོ།། མདོ་བཞིན་དུ་ཞེས་བྱ་བ་ནི་ཆོས་ཀྱི་སྦྱིན་པ་ཇི་སྐད་དུ ་འཆད་པར་འགྱུར་བའོ།། སྐྱེས་བུ་ཆེན་པོའི་བྱ་བ་བྱེད་པ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་ནི་སྐྱེས་བུ་ཆེན་པོ་སྟེ། དེ་དག་གསལ་བར་བྱེད་པས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་སོ།། དེ་དག ་མཛེས་པར་བྱེད་པའི་ཕྱིར་དཔེ་བྱད་བཟང་པོ་བརྒྱད་ཅུ་སྟེ། དེ་དག་གིས་དབང་དུ་བྱས་ནས། ཐུབ་པའི་སེན་མོ་ཟངས་མདོག་དང་།། མདོག་སྣུམ་མཐོ་དང་སོར་མོ་རྣམས།། ཟླུམོ་རྒྱས་བྱིན་གྱི་ཕྲ་བ་དང་།། རྩ་མི་མངོན་དང་མདུད་པ ་མེད།། ཅེས་བྱ་བ་འདིས་ནི་སེན་མོ་ཟངས་མདོག་ཉིད་དང་། སེན་མོ་མདོག་སྣུམ་པ་ཉིད་དང་། སེན་མོ་མཐོ་བ་ཉིད་དང་། སོར་མོ་ཟླུམ་པ་ཉིད་དང་། སོར་མོ་རྒྱས་པ་ཉིད་དང་། སོར་མོ་བྱིན་གྱིས་ཕྲ་བ་ཉིད་དང་། རྩ་མི་མངོན་པ་ཉིད་དང་། ་རྩ་མདུད་པ་མེད་པ་ཉིད་ཅེས་བྱ་བ་དཔེ་བྱད་བཟང་པོ་བརྒྱད་གསུངས་པ་ཡིན་ནོ།། ལོང་བུ་མི་མངོན་ཞབས་མཉམ་དང་།། སེང་གེ་གླང་ཆེན་བྱ་དང་ནི།། ཁྱུ་མཆོག་སྟབས་གཤེགས་གཡས་ཕྱོགས་དང་།། མཛེས་གཤེགས་དྲང ་དང་འཁྲོལ་བགྲ་ཆགས།། བྱི་དྲོར་བྱས་འདྲ་རིམ་པར་འཚམ།། ཞེས་བྱ་བའི་ཚིག་རྐང་པ་གཅིག་གིས་ལྷག་པའི་ཚིགས་སུ་བཅད་པས་ནི་ལོང་བུ་མི་མངོན་པ་ཉིད་དང་། ཞབས་མི་མཉམ་པ་མེད་པ་ཉིད་དང་། སེང་གེའི་སྟབས་སུ ་གཤེགས་པ་ཉིད་དང་། གླང་པོ་ཆེའི་སྟབས་སུ་གཤེགས་པ་ཉིད་དང་། ངང་པའི་སྟབས་སུ་གཤེགས་པ་ཉིད་དང་། ཁྱུ་མཆོག་གི་སྟབས་སུ་གཤེགས་པ་ཉིད་དང་། གཡས་ཕྱོགས་སུ་ལྡོག་ཅིང་གཤེགས་པ་ཉིད་དང ་མཛེས་པར་གཤེགས་པ་ཉིད་དང་།། སྐུ་དྲང་བ་ཉིད་དང་། སྐུ་འཁྲིལ་བག་ཆགས་པ་ཉིད་དང་། སྐཾ་བྱི་དོར་བྱས་པ་ཉིད་དང་། སྐུ་རིམ་པར་འཚམ་པ་ཉིད་ཅེས་བྱ་བ་བཅུ་གཉིས་སོ།། གཙང་དང་འཇམ་དེང་དག་པའི་སྐུ།། མཚན་ནི་ཡོངས ་སུ་རྫོགས་པ་དང་།། སྐུ་ཡི་ཁོ་ལག་ཡངས་ཤིང་བཟང་།། ཞེས་བྱ་བའི་ཚིག་རྐང་གསུམ་གྱིས་ནི་སྐུ་གཙང་བ་ཉིད་དང་། སྐུ་འཇམ་པ་ཉིད་དང་། སྐུ་རྣམ་པར་དག་པ་ཉིད་དང་། མཚན་རྫོགས་པ་ཉིད་དང་། སྐུའི་ཁོ་ལག་ཡངས ་ཤིང་མཛེས་པ་ཉིད་ཅེས་བྱ་བ་དཔེ་བྱད་བཟང་པོ་ལྔ་ཡིན་ནོ།། གོམ་སྙོམས་སྤྱན་ནི་དག་པ་དང་།། ཤིན་ཏུ་གཞོན་མདོག་ཅན་ཉིད་དང་།། སྐུ་ཞུམ་མེད་དང་རྒྱས་པ་དང་། ཤིན་ཏུ་གྲིམས་པའི་སྐུ་ཉིད་དང་།། ཞེས་བྱ ་བ་འདིས་ནི་གོམ་པ་སྙོམས་པ་ཉིད་དང་། སྤྱན་རྣམ་པར་དག་པ་ཉིད་དང་། སྐྱེ་ཤིན་ཏུ་གཞོན་ཤ་ཆགས་པ་ཉིད་དང་། སྐུ་ཞུམ་པ་མེད་པ་ཉིད་དང་། སྐུ་རྒྱས་པ་ཉིད་དང་། སྐུ་ཤིན་ཏུ་གྲིམས་པ་ཉིད་ཅེས་བྱ་བ་དྲུག་གོ།། ཡན་ལག་ཤིན་ཏུ ་རྣམ་འབྱེས་དང་།། གཟིགས་པ་མུན་མེད་དག་པ་དང་།། དཀུ་ཟླུམ་སྐབས་ཕྱིན་མི་རྙོངས་དང་།། ཕྱང་ངེ་བ་དང་ལྟེ་བ་ནི།། ཟ་བ་དང་གཡས་ཕྱོགས་འཁྱིལ་པ་དང་།། ཀུན་ནས་བལྟ་ན་སྡུག་པ་དང་།། ཞེས་བྱ་བའི་ཚིགས་སུ་བཅད་པ་ཕྱེད ་དང་གཉིས་པོ་འདིས་ནི་ཡན་ལག་དང་ཉིང་ལག་ཤིན་ཏུ་རྣམ་པར་འབྱེས་པ་ཉིད་དང་། གཟིགས་པ་རབ་རིབ་མེད་ཅིང་དག་པ་ཉིད་དང་། དཀུ་ཟླུམ་པ་ཉིད་དང་། དཀུ་སྐབས་ཕྱིན་པ་ཉིད་དང་། དཀུ་མ་རྙོངས་པ་ཉིད་དང་།། ཕྱལ་ཕྱང་ངེ་བ་ཉིད་དང་། ་ལྟེ་བ་ཟབ་པ་ཉིད་དང་། ལྟེ་བ་གླཡས་ཕྱོགས་སུ་འཁྱིལ་བ་ཉིད་དང་། ཀུན་ནས་མཛེས་པ་ཉིད་ཅེས་བྱ་བ་དགུའོ།། ཀུན་སྤྱོད་གཙང་དང་སྐུ་ལ་ནི།། སྨེ་བ་གནག་བག་མེད་པ་དང་།། ཕྱག་ནི་ཤྲིང་བལ་ལྟར་འཇམ་དང་།། ཕྱག་རིས་མདངས་ཡོད ་ཟབ་རིང་དང་།། ཞལ་ནི་ཧ་ཅིང་མི་རིང་དང་།། ཞལ་གཟུགས་བརྙན་འབྱུང་བ་དང་ཞེས་བྱ་བ་ལ། ཞལ་འདི་ལ་གཟུགས་ཀྱི་གཟུགས་བརྙན་འབྱུང་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། ཞལ་ཞེས་བྱ་བ་ནི་ཞལ་གདོང་སྟེ། ཞལ་གདོང་ལ་གཟུག ་ཀྱི་གཟུགས་བརྙན་མངའ་བའོ།། ཚོགས་སུ་བཅད་པ་ཕྱེད་དང་གཉིས་པོ་འདིས་ཀུན་ཏུ་སྤྱོད་པ་གཙང་བ་ཉིད་དང་། སྐུ་ལ་སྨེ་བ་གནག་བག་མེད་པ་ཉིད་དང་། ཕྱག་ཤིང་བལ་ལྟར་འཇམ་པ་ཉིད་དང་། ཕྱག་གི་རི་མོ་མདངས་ཡོད་པ་ཉིད ་དང་། ཕྱག་གི་རི་མོ་ཟབ་པ་ཉིད་དང་། ཕྱག་གི་རི་མོ་རུང་བ་ཉིད་དང་། ཞལ་གདོང་ལ་གཟུགས་བརྙན་མཐོང་བ་ཉིད་ཅེས་བྱ་བ་བརྒྱད་དོ།། ལྗགས་མཉེན་པོ་དང་སྲབ་པ་དང་།། དམར་དང་འབྲུག་གི་སྒྲ་ཉིད་དང་།། གསུང་མཉེན་འཇམ ་དང་མཆེ་བ་ཟླུམ།། རྣོ་དང་དཀར་དང་མཉམ་པ་དང་།། བྱིན་གྱི་ཕྲ་དུང་ཤངས་མཐོ་དང་།། མཆོག་ཏུ་དག་པ་ཉིད་དང་ནི།། ཞེས་བྱ་བ་ལ། མཆོག་ནི་ཤིན་ཏུ་བའོ།། ཚོགས་སུ་བཅད་པ་ཕྱེད་དང་གཉིས་པོ་འདིས་ནི་ལྗགས་མཉེན་པ་ཉིད ་དང་། ལྗགས་སྒྲུབ་པ་ཉིད་དང་། ལྗགས་དམར་བ་ཉིད་དང་། གླང་པོའི་ང་རོ་ཉིད་དང་། འབྲུག་གི་སྒྲ་དང་ལྡན་པ་ཉིད་དང་། གསུང་སྙན་ཅིང་མཉེན་ལ་འཇམ་པ་ཉིད་དང་། མཆེ་བ་ཟླུམ་པ་ཉིད་དང་། མཆེ་བ་རྣོ་བ་ཉིད་དང་། མཆེ་བ་དཀར ་བ་ཉིད་དང་། མཆེ་བ་མཉམ་པ་ཉིད་དང་། མཆེ་བ་བྱིན་གྱི་ཕྲ་བ་ཉིད་དང་། ཤངས་མཐོ་བ་ཉིད་དང་། གཙང་བ་ཉིད་ཅེས་བྱ་བ་བཅུ་གཉིས་སོ།། སྤྱན་ཡངས་པ་དང་རྫི་མ་སྟུག། པདྨའི་འདབ་མ་འདྲ་བ་དང་།། སྨིན་ཚུགས་རིང་དང ་འཇམ་པ་དང་།། སྣུམ་དང་སྤུ་ནི་མཉམ་པ་དང་།། ཕྱོག་རིང་རྒྱས་དང་སྙན་མཉམ་དང་།། ཉམས་པ་རྣམ་པར་སྤངས་པ་དང་། འཕྲལ་བ་ལེགས་པར་འབྱེས་པ་དང་།། དབྱེས་ཆེ་བ་དང་དབུ་རྒྱས་དང་།། ཞེས་བྱ་བའི་ཚོགས་སུ་བཅད་པ ་གཉིས་པོ་འདྲིས་ནི་སྤྱན་ཡངས་པ་ཉིད་དང་། རྫི་མ་སྟུག་པ་ཉིད་དང་། སྤྱན་དཀར་ནག་འབྱེས་ཤིང་པདྨའི་འདབ་མ་ལྟ་བུ་ཉིད་དང་། སྨིན་ཚུགས་རིང་བ་ཉིད་དང་། སྨིན་མ་འཇམ་པ་ཉིད་དང་། སྨིན་མ་སྣུམ་པ་ཉིད་དང་། ་སྨིན་མའི་སྤུ་མཉམ་པ་ཉིད་དང་། ཕྱག་རིང་ཞིང་རྒྱས་པ་ཉིད་དང་། སྙན་མཉམ་པ་ཉིད་དང་། སྙན་མ་ཉམས་པ་ཉིད་དང་། འཕྲལ་བ་ལེགས་པར་འབྱེས་པ་ཉིད་དང་། འཕྲལ་བ་འབྱེས་ཆེ་བ་ཉིད་དང་། དབུ་ཤིན་ཏུ་རྒྱས་པ་ཉིད་ཅེས་བྱ་བ་བཅུ་གསུམ ་མོ།། དབུ་སྐྲ་བུང་བ་ལྟར་གནག་དང་།། སྟག་འཇམ་མི་འཛིང་ངོ་བོ་དང་།། མི་གཤོར་སྐྱེས་པའི་ཡིད་འཕྲོག་དང་།། དཔལ་གྱི་བེའུ་དང་བཀྲ་ཤིས་ནི།། སངས་རྒྱས་དཔེ་བྱད་བཟང་པོར་བཞེད།། ཅེས་བྱ་བ་ཚིག་རྐང་ལྔ་པོ་འདིས་ནི་དབུ་སྐྲ་བུང་བ ་ལྟར་གནག་པ་ཉིད་དང་། དབུ་སྐྲ་སྟུག་པ་ཉིད་དང་། དབུ་སྐྲ་འཇམ་པ་ཉིད་དང་། དབུ་སྐྲ་མ་འཛིངས་པ་ཉིད་དང་། དབུ་སྐྲ་མི་གཤོར་བ་ཉིད་དང་། དབུ་སྐྲ་དྲི་ཞིམ་པ་ཉིད་དང་། ཕྱག་དང་ཞབས་ཀྱི་མཐིལ་ལ་དཔལ་གྱི་བེའུ་དང་། བཀྲ་ཤིས ་དང་གཡུང་དྲུང་འཁྱིལ་བས་བརྒྱན་པ་ཉིད་ཅེས་བྱ་བ་བདུན་ཡིན་ནོ།། དེ་དག་གཅིག་ཏུ་བྱས་ནས་སངས་རྒྱས་ཀྱི་དཔེ་བྱད་བཟང་པོ་བརྒྱད་ཅུ་དག་ཡིན་ནོ།། གང་གིས་སྲིད་པ་ཇི་སྲིད་པར།། འགྲོ་ལ་ཕན་པ་སྣ་ཚོགས་དག། མཉམ་དུ་མཛད ་པ་སྐུ་དེ་ནི།། ཐུབ་པའི་སྤྲུལ་པ་རྒྱུན་མི་འཆང་།། དེ་ལྟར་དེའི་ལས་འཁོར་བའི་བར།། རྒྱུན་མི་འཆད་པར་བཞེད་པ་ཡིན།། ཞེས་བྱ་བ་ལ། སྲིད་པ་ཇི་སྲིད་པར་ཞེས་བྱ་བ་ནི་འཁོར་བ་ཇི་སྲིད་པ་དང་། ནམ་མཁའ་ཇི་སྲིད་པའི་བར་དུའོ།། དེ ་ལྟར་སྐུ་གསུམ་གྱི་བདག་ཉིད་ཅན་གྱི་ཆོས་ཀྱི་སྐུ་བསྟན་ནས། དེའི་མཛད་པ་བརྗོད་པར་བྱ་བ་དེ་ལ། དངོས་པོ་མེད་པ་ཉིད་དུ་མངོན་སུམ་དུ་མཛད་པའི་ཆོས་ཐམས་ཅད་ལ་དགེ་བ་དང་། མི་དགེ་བ་ལ་སོགས་པ་རྣམས་གཞག་པ་མི་རིགས་པའི ་ཕྱིར་མི་རུང་ངོ་སྙམ་པའི་རབ་འབྱོར་གྱིས་དྲི་བ་དང་། བཅོམ་ལྡན་འདས་ཀྱི་ལན་དག་ཡིན་ནོ།། དེའི་མཛད་པ་ཡང་རྣམ་པ་ངུ་ཞིག་ཅེ་ན། དེའི་ཕྱིར། འགྲོ་རྣམས་ཞི་བའི་ལས་དང་ན།། བསྡུ་རྣམ་བཞི་ལ་འགོད་པ་དང་།། ཀུན་ནས་ཉོན་མོངས ་བཅས་པ་ཡི།། རྣམ་པར་བྱང་བ་རྟོགས་པ་དང་།། སེམས་ཅན་དོན་རྣམས་ཇི་བཞིན་གྱི།། དོན་དང་ཕ་རོལ་ཕྱིན་དྲུག་དང་།། སངས་རྒྱས་ལམ་དང་རང་བཞིན་གྱིས།། སྟོང་པ་ཉིད་དང་གཉིས་ཟོད་དང་།། བརྡ་དང་དམིགས་པ་མེད་པ་དང་།། ལུས ་ཅན་རྣམས་ནི་ཡོངས་སྨིན་དང་།། བྱང་ཆུབ་སེམས་དཔའི་ལམ་དང་ནི།། མངོན་པར་ཞེན་པ་བཟློག་པ་དང་།། བྱང་ཆུབ་ཐོབ་པ་སངས་རྒྱས་ཞིང་།། རྣམ་པར་དག་དང་ངེས་པ་དང་།། སེམས་ཅན་དོན་ནི་ཚད་མེད་དང་།། སངས་རྒྱས་སྟེན ་སོགས་ཡོན་ཏན་དང་།། བྱང་ཆུབ་ཡན་ལག་ལས་རྣམས་ནི།། ཆུད་མི་ཟླ་ད་དང་བདེན་མཐོང་དང་།། ཕྱིན་ཅི་ལོག་ནི་སྤང་བ་དང་།། དེ་བཞི་མེད་པའི་ཚུལ་དང་ནི།། རྣམ་པར་བྱང་དང་ཚོགས་དང་ནི།། འདུས་བྱས་འདུས་མ་བྱས་པ་ལ།། ཐ ་དང་ཡོངས་སུ་མི་ཤེས་དང་།། མྱ་ངན་འདས་ལ་འགོད་པ་སྟེ།། ཆོས་ཀྱི་སྐུ་ཡི་འཕྲིན་ལས་འདི།། རྣམ་པ་ཉི་ཤུ་བདུན་དུ་བཞེད་།། ཅེས་བྱ་བ་གསུངས་ཏེ། མཐའི་འགོང་པའི་སྒོ་ནི་དབུས་མ་ཀུན་ལ་སྦྱར་བར་བྱའོ།། དེ་ལ་ངས་འདི་ནས་ཞེས ་བྱ་བའི་ཚིག་གསུམ་གྱིས་དམྱལ་བ་དང་ཡི་དྭག་ས་དང་དུད་འགྲོའི་འགྲོ་བ་དག་རབ་ཏུ་ཞིང་ཡིན་ཏེ། དེ་སྤངས་ནས་བདེ་འགྲོར་འགྲོ་བའི་ཕྱིར་རོ།། ངས་འདི་ནས་ཞེས་བྱ་བའི་ཚིག་བཞི་པ་དང་། ལྔ་པ་དག་གིས ་འདོད་པའི་ཡོན་ཏན་གྱིས་རྒྱལ་བ་དང་། ཚིག་དེའི་ནང་ནོ་ཡོད་པའི་ལྷའི་བུའི་སྒྲ་ཡིས་དེ་དང་འདྲ་བ་ལྱཱ་མཱ་ཡིན་དག་ཀྱང་གཟུང་བའི་ཕྱིར་ལྷ་དང་ལྷ་མ་ཡིན་དང་ཚངས་པ་དག་རང་གི་གནས་ཀྱི་ཉེས་པ་མཐོང་བས་མི་རྣམས་ཀྱི་ནང ་དུ་འོང་བ་སྲིད་པའི་ཕྱིར་རོ།། མི་ལས་གཞན་པ་ཉིད་ཀྱི་འགྲོ་བ་རབ་ཏུ་ཞི་བའི་ལས་གསུངས་པ་ཡིན་གྱི། མི་རྣམས་ཀྱི་མ་ཡིན་ནོ།། ངས་འདྲི་ནས་ཞེས་བྱ་བའི་ཚིག་དྲུག་པ་ནས་བརྩམས་ཏེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་སྦྱིན་པར་རིག་པར་བྱའོ་ཞེས་བྱ་བ་ནས། བསྡུ་བའི་དངོས་པོ་རྣམ་པ་བཞི་ལ་འགོད་པའི་བར་དུ་སྟེ། དེ་ལ་སྦྱིན་པའི་བསྡུ་བའི་དངོས་པོའི་དབྱེ་བ་རྣམ་པ་གསུམ་སྟེ། ཟང་ཟིང་གི་སྦྱིན་པ་དང་། ་འཇིག་རྟེན་པའི་ཆོས་ཀྱི་སྦྱིན་པ་དང་། འཇིག་རྟེན་ལས་འདས་པོའི་ཆོས་ཀྱི་སྦྱིན་པའོ།། དེ་ལ་དང་པོ་ནི་གྲུབ་པ་དང་བདེ་བ་དང་ལྡན་པའི་ལམོ་ལ་བཀོད་དོ་ཞེས་བྱ་བའི་བར་དུའོ།། གཉིས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད ་ཀྱི་བར་ལ་འགོང་བར་བྱེད་དོ་ཞེས་བྱ་བའི་བར་དུའོ།། དེ་ལ་གསུམ་པ་ནི་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྦྱིན་པ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་བའོ།། ་རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནཱས། འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་ཞེས་བྱ་བའོ་ཞེས་ཆོས་སྟོན་ཏོ་ཞེས་བྱ་བའི་བར་གྱིས་ཀུན་ནས ་ཉོན་མོངས་པ་དང་རྣམ་པར་བྱེད་པ་ཤེས་པ་ལ་འགོད་པའི་ལས་སོ།། རབ་འབྱོར་འདི་ལྟ་སྟེ། དཔེར་ན་སྒྱུ་མའི་མཁན་པོ་ཞེས་བྱ་བ་ནས། སེམས་ཅན་དུ་གདགས་པ་ཡང་མི་དམིགས་ཏེ་ཞེས་བྱ་བའི་བར་གྱིས་ནི་སེམས ་ཅན་གྱི་དོན་ཇི་ལྟ་བ་བཞིན་ལ་བདག་ཉིད་འགོད་པའི་ལས་སོ།། བདག་ཀྱང་སྦྱིན་པ་གཏོང་ཞིང་ཞེས་བྱ་བ་ནས། མཐུན་པས་དགའ་བར་སྤྱོད་པ་ཞེས་བྱ་བའི་བར་གྱིས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འགོད་པའི་ལས་སོ།། བདག ་ཀྱང་དགེ་བ་བཅུའི་ཞེས་བྱ་བ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་ཏེ་ཞེས་བྱ་བའི་བར་གྱིས་ནི་སངས་རྒྱས་ཀྱི་ལམ་ལ་འགོད་པའི་ལས་སོ།། རབ་འབྱོར་གལ་ཏེ་ཡང་དག་པའི་མཐའ་ཡང་གཞན་ལ་ཞེས་བྱ་བ ་ནས། ཐེ་ཚོམ་ཟ་བར་འགྲུབ་ལྟ་གཱ་ལཱས་འོང་ཞེས་བྱ་བའི་བར་གྱིས་རང་བཞིན་གྱིས་སྟོང་པ་ཉིད་ལ་འགོད་པའི་ལས་སོ།། རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པའི་སྤྲུལ་པ་ཞེས་བྱ་བྱ་ནས་མངོན་པར ་རྟོགས་པར་བྱེད་པ་མེད་དེ་ཞེས་བྱ་བའི་བར་གྱིས་གཉིས་སུ་མེད་པའི་ཆོས་ལ་འགོད་པའི་ལས་སོ།། རབ་འབྱོར་དེ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པ་ཞེས་བྱ་བ་ནས། སེམས་ཅན་གྱི་དོན་བྱེད་དོ་ཞེས་བྱ་བའི་བར ་གྱིས་ནི་བརྡར་བཏགས་པ་ཤེས་པ་ལ་འགོད་པའི་ལས་སོ།། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཇོག་གོ་ཞེས་བྱ་བའི་བར་གྱིས ་ནི་དམིགས་སུ་མེད་པའི་ཡེ་ཤེས་ལ་འགོད་པའི་ལས་སོ།། གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། སེམས་ཅན་གང་ཡང་མི་དམིགས་སོ་ཞེས་བྱ་བའི་བར་གྱིས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་འགོད ་བའི་ལས་སོ།། དེ་ནུས་ཚེ་དང་ལྡན་པ་རབ་འབྱོར་ཞེས་བྱ་བ་ནས། ཆོས་རྣམ་པར་འགོད་པ་བྱས་ཤིང་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའི་ལམ་ལ་འགོད་པའི་ལས་སོ།། རབ་འབྱོར ་དེ་ལ་ཞེས་བྱ་བ་ལ་སོགས་པ་ནས། ལམ་ངོས་སེམས་ཅན་རྣམས་འཁོར་བ་ལས་ཐར་པར་བྱེད་དོ་ཞེས་བྱ་བའི་བར་གྱིས་ནི་མངོན་པར་ཞེན་པ་ཐམས་ཅད་སྤངས་པ་ལ་འགོད་པའི་ལས་སོ།། གསོལ་པ། བཅོམ་ལྡན་འདས་ཅི་ལགསོ ་ཞེས་བྱ་བ་ནས། དབང་སྒྱུར་བར་བྱ་བའི་བར་གྱིས་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་སློབ་པོ་ལ་འགོད་པའི་ལས་སོ།། རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ནས། བྱང་ཆུབ་ཏུ་ངེས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་སངས་རྒྱས ་ཀྱི་ཞིང་ཡོངས་སུ་དག་པོ་ལ་འགོད་པའི་ལས་སོ།། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་བྱ་བ་ནས། ངོ་མཚར་ཆེའོ་ཞེས་བྱ་བའི་བར་གྱིས་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པ་ལ་འགོད་པའི་ལས་སོ།། བཅོམ་ལྡན ་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་དཀར་པོ་ཞེས་བྱ་བ་ནས། ཐབས་ལ་མཁས་པ་ལ་སྤྱོད་པར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་སེམས་ཅན་གྱི་དོན་ཚད་མེད་པ་ལ་འགོད་པའི་ལས་སོ།། དེ་ནས་ཚེ་དང ་ལྡན་པ་རབ་འབྱོར་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མེད་དོ་ཞེས་བྱ་བའི་བར་གྱིས་ནི་སངས་རྒྱས་ལ་བརྟེན་པ་ལ་སོགས་པ་ལ་འགོད་པའི་ལས་སོ།། རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ནས། ་སེམས་ཅན་རྣམས་ཀྱི་དོན་བྱེད་དོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་ཀྱི་ཡན་ལག་ལ་འགོད་པའི་ལས་སོ།། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་བྱ་བ་ནས། མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བྱ་བའི་བར་གྱིས་ནི ་ལས་དང་འབྲས་བུ་ཆུད་མི་ཟ་བ་ལ་འགོད་པའི་ལས་སོ།། མངོན་པར་རྫོགས་པར་སངས་རྒྱས་ནས་ཞེས་བྱ་བ་ནས། སེམས་ཅན་རྣམས་ལ་ཆོས་སྟོན་ཏོ་ཞེས་བྱ་བའི་བར་གྱིས་ནི་བདེན་པ་མཐོང་བ་ལ་འགོད་པའི་ལས་སོ།། དེ་ནུས་ཚེ ་དང་ལྡན་པ་རབ་འབྱོར་གྱིས་ཞེས་བྱ་བ་ནས། དངོས་པོ་ལས་རྣམ་པར་འགྲེལ་ཏོ་ཞེས་བྱ་བའི་བར་གྱིས་ནི་ཕྱིན་ཅི་ལོག་སྤངས་པ་ལ་འགོད་པའི་ལས་སོ།། དེ་ནི་དོན་རྒྱས་པ་ཉིད་ཀྱི་ཕྱིར་བདག་གིས་ཀྱང་རྒྱས་པར་བཤད་པར་བྱ་སྟེ། ་གཟུགས་ལ་སོགས་པ་ལ་ཇི་ལྟར་བསླབ་པར་བགྱི་ཞེས་བྱ་བ་ནི་ཇི་ལྟར་ཚུལ་བཞིན་དུ་ཡོངས་སུ་ཤེས་པར་བྱ་བ་ཡིན་ཞེ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་ལ་སོགས་པ་མིང་ཙམ་དུ་ཟད་པར་བསླབ་པར ་བྱའོ་ཞེས་བྱ་བ་ནི་མིང་ཙམ་དུ་ཟད་པ་ནི་སྟོང་པ་ཉིད་དོ་ཞེས་བྱ་བར་དགོངས་སོ།། མིང་ཐོས་པ་ན་དངོས་པོ་ལ་དམིགས་པའི་ཕྱིར་མིང་ཙམ་དུ་ཟད་པ་མི་རིགས་པ་ཉིད་དང་། དངོས་པོ་མེད་པ་ཉིད་ལ་ནི་མིང་དེ་ཉིད ་ཀྱང་མེད་པར་འགྱུར་རོ་ཞེས་བྱ་བ་ནི་བྱམས་པས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་གང་འདི་གཟུགས་ཞེས་བྱ་བ་ལ་སོགས་པ་གློ་བུར་བ་ཞེས་བྱ་བའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་ཏེ། འདུ་བྱེད་ཀྱི་མཚན ་མའི་དངོས་པོ་ཞེས་བྱ་བ་ལ། རྒྱུ་དང་རྐྱེན་གྱིས་སྤྲུལ་པ་ཉིད་ཀྱི་ཕྱིར་འདུ་བྱེད་དོ།། དེ་ཡང་འདི་ཡིན་ལོ་མཚན་མ་ཡང་དེ་ཡིན་པས་ནི། རྣམ་པར་ཤེས་པ་སོ་སོར་སྣང་བ་ཡིན་པའི་ཕྱིར་དངོས་པོ་ནི་དངོས་པོའོ།། བླ་དགོསན་ངོ་རྗེ ་ཉིད་མེད་པའི་ཕྱིར་རོ།། བཏགས་པ་ནི་ཐ་སྙད་གང་གས་པར་བྱེད་པ་རྣམས་ཀྱིས་སོ།། འདི་ཉིད་ཀྱི་རྒྱུ་ནི་གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་པོ་མ་གཏོགས་པ་ཞེས་བྱ་བ་ནི་དངོས་པོ་མེད་དུ་ཟིན་ཀྱང་ངོ་།། ཡིད ་ཆེས་པ། དང་ཁོང་དུ་ཆུད་པ་དང་། སོ་སར་རིག་པར་འགྱུར་ཞེས་བྱ་བ་ནི་རྣམ་གྲངས་སོ།། བྱམས་པ་དེ་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པས་ནི་འདིར་རྒྱུ་གཉིས་པ་གསུངས་པ་ཡིན་ནོ།། དེ་འགལ་བ་ཉིད་དུ་བསྟན་པར ་བྱ་བའི་ཕྱིར་བྱམས་པས་བཅོམ་ལྡན་འདས་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་འདུ་བྱེད་ཀྱི་མཚན་མའི་དངོས་པོ་ལ་མིང་དང་འདུ་ཤེས་དང་གདགས་པ་དང་ཐ་སྙད་དུ་གཟུགས ་ཞེས་བྱ་བ་གང་ཡིན་པ་དེ་ཇི་སྙམ་དུ་སེམས། གཟུགས་ཀྱི་ངོ་བོ་ཉིད་དམ་བཏགས་པ་ཙམ་དུ་ཟད་ཅེས་གསུངས་པ་ལ། ངེས་བཅོམ་ལྡན་འདས་བཏགས་པ་ཙམ་དུ་བས་སོ་ཞེས་གསོལ་ཏོ།། དངོས་པོར་མེད་དུ་ཟིན་ཀྱང་དེ་ལྟར ་རྟོགས་སོ་ཞེས་བྱ་བར་བསམས་སོ།། བཅོམ་ལྡན་འདས་ཀྱིས་འོ་ན་བྱམས་པ་ཁྱོད་ཇི་ལྟ་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། བྱམས་པས་བཅོམ་ལྡན་འདས་དེ་སྟེ་ཞེས་བྱ་བ་ལ་སོགས་པ་གསོལ་ཏེ། གཟུགས ་ལ་སོགས་པ་བཏགས་པ་ཙམ་ཉིད་ལགས་པ་དེའི་ཚེ། བཏགས་པ་ཙམ་ཉིད་དེའི་ངོ་བོ་ཉིད་དམིགས་པ་ཉིད་དུ་མི་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའི་སྩལ་པ། བཏགས་པ་ཙམ་ཉིད་ནི་ངོ་བོ་ཉིད་མེད་པ་ཡིན་ཏེ ་སྐྱེ་བ་དང་འཇིག་པ་ལ་སོགས་པ་དབུ་མི་ལྡན་པའི་ཕྱིར་རོ།། དེ་ལྟར་གཟུགས་ལ་སོགས་པའི་ངོ་བོ་ཉིད་བཀག་པ་ན་བྱམས་པུས་བཅོམ་ལྡན་འདས་ཅི་ལགས་ཞེས་བྱ་བ་ལ་སོགས་པ་ནི་ནུས་པའོ།། བཅོམ་ལྡན་འདས་ཀྱིས ་གཟུགས་ལ་སོགས་པ་འཇིག་རྟེན་གྱིས་བེཛྲ་དང་ཐོ་སྙད་དུ་ཡོད་ཀྱི། དོན་དམ་པར་ནི་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་གསུངས་སོ།། བྱམས་པས་དེ་ལྟར་བདག་གིས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་འཚལ་བ་ལྟར ་ན་དབྱིངས་འདི་ནི་དོན་དམ་པར་བརྗོད་དུ་མ་མཆིས་སོ་ཞེས་གསོལ་ཏོ།། དེ་སྟེ་ཞེས་བྱ་བ་ནི་གལ་ཏེ་ཞེས་བྱ་བའི་དོན་ཏོ།། དེ་ལ་ཇི་ལྟར་ཞེས་བྱ་བའི་དོན་ནི་མཐར་དགག་པར་བྱེད་པའོ།། དེ་ཇི་ལྟར་དོན་དམ་པར་འགྱུར་ཞེ་ན་བྱ་བ་སྟེ། ་བཅོམ་ལྡན་འདས་ཀྱི་དོན་དམ་པར་ཡོད་དུ་མ་མེད་ཅེས་བྱ་བའི་དོན་ཏོ།། དེ་སྐད་ཅེས་ཞུས་ནས་སནྡྷ་འབྱིན་པ་ནི་དེ་སྣང་ཞེས་བྱ་བ་ལ་སྩོགས་པ་གསོལ་ཏེ། གལ་ཏེ་དངོས་པོ་དེ་དོན་དམ་པར་མ་མཆིས་ནའོ།། ་དེ་ཞེས་བྱ་བ་ནི་དེའི་ཚེ་དབྱིངས་དོན་དམ་པར་བརྗོད་དུ་མ་མཆིས་པ་ཇི་ལྟར་མཆིས་པར་འགྱུར་ཏེ་མི་འགྱུར་རོ།། གྲང་གི་ཕྱིར་འདུ་བྱེད་ཀྱི་མཚན་མའི་དངོས་པོ་བརྗོད་དུ་མེད་པའི་དབྱིངས་ཞེས་བྱ་བར་མི་རིགས་ཏེ། མེད་པར་ནི ་རྟེན་དང་མི་ལྡན་པ་ཉིད་ཀྱི་ཕྱིར་རོ་ཞེས་བསམས་པའོ།། རྟེན་དུ་འདོད་ན་ཡང་མཚུངས་པར་འགྱུར་ཏེ། གང་དེ་ནི་དེ་ཉིད་ཀྱི་ཆོས་ཉིད་དོ།། དེ་ཉིད་ཀྱི་ངོ་བོ་ཉིད་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་དེ་བས་ན་བྱམས་པ་ཁྱོད་ཅེས་བྱ་བ ་སོགས་པ་གསུངས་ཏེ། བཟོད་ཅིང་འདོད་པ་དང་སྤོབས་པས་སྡེ་ཞེས་བྱ་བའི་དོན་ཏོ།། ཤེས་རབ་སྤྱོད་པ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པ་ཉིད་ཀྱི་ཕྱིར་མཐར་ཕྱིན་པའི་ཤེས་རབ་བོ།། དེ་སྤྱོད་པ་ནི་མཉམ་པར་བཞོག་པ་ཉིད་ཀྱི་ཕྱིར ་རྒྱུན་གྱིས་འཇུག་པའོ།། དེ་ནི་མེ་ལགས་སོ་ཞེས་བྱ་བ་ནི་དམིགས་སོ་མ་མཆིས་སོ།། དེ་རྣམ་གྲངས་འདིས་ཀྱང་ཞེས་བྱ་བ་ལྟ། དེ་ཞེས་བྱ་བ་ནི་ཆོག་ཉེ་བར་འགོད་པའོ།། ཀྱང་གྲི་སྨྲས་ནི་འཆད་པར་འགྱུར་བ་ཡང་ངོ་།། རྣམ ་གྲངས་ཞེས་བྱ་བ་ནི་རྣམ་པའོ།། གཞན་མ་ཡིན་ཞེས་བྱ་བ་ནི་ཆོས་དང་ཆོས་ཉིད་དབྱེར་མེད་པའི་ཕྱིར། གཞན་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཆོས་ཉིད་ཡང་དག་པར་རིག་པའི་ཡེ་ཤེས་ལ་དེ་སོ་སོར་མི་སྣང་བའི་ཕྱིར་རོ།། འདུ ་བྱེད་ཅེས་བྱ་བ་ལ་སོགས་པ་ནི་རྣམ་གྲངས་གཞན་གསུངས་ཏེ། གཞན་ཡིན་པར་གྱུར་ན་ཞེས་བྱ་བ་ནི་གལ་ཏེ་གཞན་ཡིན་པར་གྱུར་ནའོ།། དེ་ལྟར་ན་ཞེས་བྱ་བ་ནི་དེ་ལྟར་ཡིན་ན་ཞེས་བྱ་བའི་དོན་ཏོ།། མྱ་ངན་ལས་འདས་པ་འམ་བླ་ན ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བ་ནི་གཞན་ཉིད་ཡིན་ན་ནི་དངོས་པོར་གྱུར་པའི་ཉོན་མོངས་པ་དང་འབྲེལ་པའང་མེད་པ་མེད་པའི་ཕྱིར་རོ།། གཞན་མ་ཡིན་པ ་ཉིད་ཡིན་ན་ནི་དེའི་མཚན་མ་ཡང་བྱིས་པས་དམིགས་སུ་མེད་པར་འགྱུར་ཏེ། བརྗོད་དུ་མེད་པའི་དབྱིངས་དང་འདྲ་སྟེ། གང་གི་ཕྱིར་མཚན་མ་དམིགས་པ་ལའང་དེའི་གཉེན་པོའི་ཕྱོགས་ལ་རབ་ཏུ་སྦྱོར་བའི་སྒོམ་པ་ལྟར་བརྗོད་དུ་མེད ་པའི་དབྱིངས་ཐོབ་པར་འགྱུར་རོ།། བྱམས་པས་གསོལ་པ། བརྗོད་དུ་མེད་པའི་དབྱིངས་དང་ཉེ་བར་འབྲེལ་པའི་ཤེས་རབ་ཀྱི་སྤྱོད་པ་ལ་དམིགས་སུ་མ་མཆིས་ན་དེ་ཅི་མ་མཆིས་པ་འམ་མཆིས་པ་ཡང་ལགས། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། དེ་ལ་འགའ་ཞིག་ཡོད་པ་ཉིད་དམ་མེད་པ་ཉིད་དུ་འགྱུར་བ་གང་ཡང་མེད་ལ་འོན་ཀྱང་གང་གི་ཚེ་རྣམ་པར་རྟོག་པར་གྱུར་པ་དེའི་ཚེ་རྣམ་པར་རྟོག་པ་ལ་སྣང་བར་གྱུར་ལ། རྣམ་པར་རྟོག་པ་དང་བྲལ་བ་ནི་སྣང་བར ་མི་འགྱུར་བ་དེ་བས་ན། དོན་དམ་པར་ཡོད་པ་མ་ཡིན་ཏེ། ཡེ་ཤེས་དམ་པའི་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ།། མེད་པ་ཉིད་ཀྱང་མ་ཡིན་ཏེ། རྣམ་པར་རྟོག་པའི་སྣང་བ་ཡིན་པའི་ཕྱིར་རི།། ཆོས་རབ་ཏུ་འབྱེད་པ་ལ་མཁས ་པ་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་རབ་ཏུ་འབྱེད་པའི་ངོ་བོ་ཉིད་གསུམ་སྟེ། གང་གཞན་དག་ལས་ཀུན་བརྟགས་པ་དང་། གཞན་གྱི་དབང་དང་། ཡོངས་སུ་གྲུབ་པ་གསུངས་པ་འདིར་གོ་རིམ་བཞིན་དུ ་ཀུནུ་བརྟགས་པའི་གཟུགས་ལ་སོགས་པ་དང་། རྣམ་པར་བརྟགས་པའི་གཟུགས་ལ་སྔོགས་པ་དང་། ཆོས་ཉིད་ཀྱི་གཟུགས་ལ་སོགས་པར་བསྟན་ཏོ།། དེ་ལ་སྣང་བ་ཡིན་ཡང་མེད་པའི་ཕྱིར་ཀུན་བརྟགས་པའོ།། རྒྱུ་དང་རྐྱེན་གྱིས ་བསྐྱེད་པའི་ཕྱིར་གཞན་གྱི་དབང་ངོ་།། གཞན་གྱི་དབང་ལ་ཀུན་ཏུ་བརྟགས་པའི་ངོ་བོ་ཉིད་ཀྱིས་སྟོང་པ་གང་ཡིན་པ་དེ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ།། དུས་ཐམས་ཅད་དུ་དེ་ཁོ་ན་བཞིན་དུ་ཡོད་པའི་ཕྱིར་རོ།། གཞན་གྱི་དབང་གང ་ཡིན་པ་དེ་ནི་རྣམ་པར་བརྟགས་པ་སྟེ། རྣམ་པ་གཞན་དུ་ཡོད་པ་ལ་རྣམ་པ་གཞན་དུ་སྣང་བའི་ཕྱིར་རོ།། ཆོས་རྣམས་ཀྱི་ཆོས་ཉིད་སྟོང་པ་ཉིད་གང་ཡིན་པ་ནི་དེ་ཉིད་དོ།། དེ་བས་ན་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི་ཆོས་ཉིད་ཅེས་བྱའོ།། ་གསོལ་བ། དེ་དག་གང་གི་རྫས་སུ་མཆིས།། གང་གི་རྫས་སུ་མ་མཆིས། གང་ནི་རྫས་སུ་མ་མཆིས་པ་དང་རྗེས་སུ་མ་མཆིས་པ་མ་ལགས་པའི་དོན་དམ་པས་རབ་ཏུ་ཕྱེ་བ་ལགས། བཅོམ་ལྡན་འདས་ཀྱིས་གསུམ་པོ་དག ་གོ་རིམ་བཞིན་དུ་བཀའ་སྩལ་ཏོ།། དེ་ལ་རྣམ་པར་བརྟགས་པ་ནི་རྫས་སུ་ཡོད་པ་ཉེ་བར་བླངས་ནས་ཞེས་བྱ་བ་གསུངས་སོ།། གསོལ་པ། བཅོམ་ལྡན་འདས་ཀྱིས་འདི་ལྟར་གཟུགས་ཞེས་བགྱི་བ་གཉིས་སུ་མ་མཆིས་པར་བརྩི་བ ་ནས། ཆོས་ཐམས་ཅད་གཉིས་སུ་མ་མཆིས་པར་བརྩིས་ཞེས་བྱ་བ་ཇི་ལྟར་ཞེ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་བརྟགས་པ་ལ་སོགས་པ་གསུམ་པོ་གཟུགས་ཀྱི་རབ་ཏུ་དབྱེ་བ་ནི་གཟུགས་མ་ཡིན། གཟུགས་མ་ཡིན་པ ་ཡང་མ་ཡིན་ལ། གང་གཟུགས་མ་ཡིན་གཟུགས་མ་ཡིན་པ་ཡང་མ་ཡིན་པ་དེ་ནི་གཉིས་སུ་མེད་དེ། དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་དུ་ཡིན་པ་དེ་བས་ན་གཉིས་སུ་མེད་པའི་གྲངས་སུ་བྱས་པ་ཡིན་ནོ།། གསོལ ་པ། བྱང་ཆུབ་སེམས་དཔའ་དེ་ལྟར་གཉིས་སུ་མེད་པ་ལ་མཁས་པས་ཇི་ལྟར་མཚན་ཉིད་ཡོངས་སུ་ཤེས་པ་དང་། ཇི་ལྟར་མཚན་ཉིད་སྤང་བ་དང་། ཇི་ལྟར་མཚན་ཉིད་མངོན་སུམ་དུ་བགྱི་བ་དང་། ཇི་ལྟར་མཚན་ཉིད་བསྒོམ་པ་བལྟ་བར་བགྱི ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཐའ་གཉིས་སྲུངས་ནས་དེ་དབུ་མའི་ལམ་ལ་རབ་ཏུ་ཞུགས་པའི་གང་ཞིག་གཟུགས་ཡོངས་སུ་ཤེས་པ་ཡང་མ་ཡིན་པ་ནས། སངས་རྒྱས་ཀྱིས་ཆོས་རྣམས་ཀྱི་བར་དུ་ཡོངས་སུ་ཤེས ་པ་ཡང་མེ་ཡིན་ཡོངས་སུ་མི་ཤེས་པ་ཡང་མ་ཡིན་པ་དེ་ཉིད་དེའི་ཡོངས་སུ་ཤེས་པའོ།། གང་སྤོང་བ་ཡང་མ་ཡིན་མི་སྤོང་བ་ཡང་མ་ཡིན་པ་དེ་ཉིད་དེའི་སྤོང་བའོ།། གང་མངོན་སུམ་དུ་བྱེད་པ་ཡང་མ་ཡིན་མངོན་སུམ་དུ་མི་བྱེད ་པ་ཡང་མ་ཡིན་པ་དེ་ཉིད་དེའི་མངོན་སུམ་དུ་བྱེད་པའོ།། གང་གཟུགས་ནས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་སྤང་བར་བྱ་བའི་ཕྱིར་ལམ་སྒོམ་པ་ཡང་མ་ཡིན། མི་སྒོམ་པ་ཡང་མ་ཡིན་པ་དེ་ཉིད་དེའི་བསྒོམ་པའོ།། གསོལ་པ། དེ ་ལྟར་ཡོངས་སུ་ཤེས་པ་ལ་སོགས་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའི་ཇི་ལྟར་མྱ་ངན་ལས་འདས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་མཆོག་ཏུ་ཟབ་པ་སྟེ། དེ་ལྟར་ན་དེ་མྱ་ངན ་ལས་འདས་པ་ཡང་མ་ཡིན། མྱ་ངན་ལས་མ་འདས་པ་ཡང་མ་ཡིན་པ་ནི་གཞན་གྱི་དོན་གྱི་དབང་དུ་མཛད་ནས་འཁོར་བ་ཡོངས་སུ་མ་སྤངས་པས་མྱ་ངན་ལས་འདུས་པ་མ་ཡིན་ལ། རང་གི་དོན་གྱི་དབང་དུ་མཛད་ནས་མྱ་ངནི་ལས་འདས ་པ་ཡོངས་སུ་མ་གཏང་བས་མྱ་དྲན་ལུས་མ་འདས་པ་མ་ཡིན་ཏེ། དེ་ནི་འཁོར་བ་ལ་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མྱ་ངན་ལས་འདས་པོར་རྣམ་པར་མི་རྟོག་གོ།། དེ་བས་ནི་འདི་ལ་གཉི་ག་ཡང་སྲིད་པར་འགྱུར་ཏེ། གཉི་ག ་ཡང་སྐྱོ་བ་མེད་པ་དེ་བས་ན་གོཉི་ག་ཡོངས་སུ་མི་སྤོང་ངོ་།། གསོལ་པ། གཉི་ག་མ་སྤངས་ན་ཇི་ལྟར་གཉི་ག་གཏང་བ་མ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཉི་ག་བླང་བ་འམ་བླང་བར་བྱ་བ་མ་ཡིན་པ་མི་སྨྲའི། འོན་ཀྱང ་སྟོང་པ་ཉིད་ལ་དམིགས་སུ་མེད་པའི་དབྱིངས་ལ་གནས་པ་ཉེ་བར་བླངས་ནས་བྱང་ཆུབ་སེམས་དཔས་མྱ་ངན་ལས་འདས་པ་ཡོངས་སུ་མི་གཏོང་བར་སྨྲའོ།། དེ་ཡོངས་སུ་མྱ་ངན་ལས་འདས་ཀྱང་རྣམ་པར་མི་རྟོག་པའི་དབྱིངས་ལ་དམིགས ་པའི་ཡེ་ཤེས་ཀྱིས་སེམས་ལ་དབང་དུ་གྱུར་པའི་ཐབས་ལ་མཁས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་འཁོར་བར་བསྟན་པའི་ཕྱིར་འཁོར་བ་ཡོངས་སུ་མི་གཏོང་བར་སྨྲའོ།། ཆོས་ཐམས་ཅད་དང་། དེའི་སྟོང་པ་ཉིད་དང་། གང ་དངོས་པོ་དང་། དངོས་པོ་མེད་པ་གཉིས་སུ་མེད་པ་དང་། གང་སྤྲོས་པ་མེད་པ་འདི་ནི་རྣམ་པར་མི་རྟོག་པའི་མཚན་ཉིད་མ་ལུས་པའོ།། གསོལ་པ། ཉན་ཐོས་ཐམས་ཅད་ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པ་ལ་གནས ་པ་ལགསྭ་སམ?། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དེ་ནི་མི་ཡིན་ནོ།། སེམས་ཅན་རྣམས་ནི་ཁམས་སྣ་ཚོགས་པ་དག་སྟེ། ཁ་ཅིག་དང་པོ་ནས་གྱ་ནོམ་པ་སྟེ་ཁྱད་པར་དུ་འཕགས་པ་དོན་དུ་གཉེར་ཏེ། དེ་ཉིད་ཁོང་དུ་ཆུད་པར ་བྱེད་པ་དེ་ཉིད་ཀྱིས་མགུ་བར་འགྱུར་རོ།། ཁ་ཅིག་དང་པོ་ཉིད་ནས་དམན་པའི་ཁྱད་པར་དོན་དུ་གཉེར་ཅིང་དེ་ཉིད་ཐོབ་པ་དེས་མགུ་བར་འགྱུར་རོ།། འགའ་ཞིག་ནི་དང་པོ་ཉིད་ནས་ཁྱད་པར་དམན་པ་དོན་དུ་གཉེར་ཞིང་དེ་ཉིད་ཐོབ་ནས་དེ་ཉིད་ཀྱིས ་མི་མགུ་བར་འགྱུར་བ་ཡོད་དེ། དེ་ལ་དང་པོ་ནི་བྱང་ཆུབ་སེམས་དཔའོ།། གཉིས་པ་ནི་ཉན་ཐོས་ཞི་བ་ཕྱོགས་གཅིག་པའོ།། གསུམ་པ་ནི་ཉན་ཐོས་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བའོ།། དེ་ཇི་ལྟར་དགྲ་བཅོམ་པ་ཉིད་དུ་གྱུར་ནས་ཡང་དག ་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བ་དེ་དང་དེར་སྐྱེ་བར་འགྱུར་ཞེ་ན། བྱམས་པ་ངས་ལས་དང་ཉོན་མོངས་པའི་དབང་གིས་སྐྱེ་བར་སྨྲས་པ་ནི་མུ་ཡིན་གྱི། འོན་ཀྱང་མྱ་ངན་ལས་འདས་པའི་མཐར་ཐུག་པར་འགྲོ་བའི་དགྲ་བཅོམ་པ་ལ ་ཡང་བསམ་གྱིས་མི་ཁྱབ་པ་སྐྱེ་བར་འགྱུར་བ་དག་གིས་སོ།། གསོལ་པ། བྱང་ཆུབ་སེམས་དཔའི་བསམ་པ་རྒྱ་ཆེ་བ་དང་། དེ་དག་གི་ལྷག་པའི་བསམ་པོ་མཐུ་ཆེ་བ་གང་ལགས། དེས་ན་དེ་དག་གྱ་ནོམ་པའི་ཁྱད་པར་དོན་དུ ་གཉེར་ཞིང་དེ་ཉིད་ཐོབ་པར་འགྱུར་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་འདི་ནི་བརྒྱ་བྱིན་ཉིད་དང་འཇིག་རྟེན་སྐྱོང་བ་ཉིད་དང་། འཁོར་ལོས་སྒྱུར་བ་ཉིད་ལ་སོགས་པ་འཇིག་རྟེན་པའི ་ཕུན་སུམ་ཚོགས་པ་ལ་རྣམ་པ་ཐམས་ཅད་དུ་དོན་དུ་མི་གཉེར་གྱི། བླ་ན་མེད་པའི་བྱང་ཆུབ་ཏུ་དགེ་བའི་རྩ་བ་ཡོངས་སུ་བསྔོ་བར་བྱེད་དེ། དེ་དག་ལ་ཡང་ཆགས་པ་མེད་པ་ཉིད་དང་། འཛིན་པ་མེད་པ་འདི་ནི་དེ་དག་གི་བསམ་པ་རྒྱ་ཆེ་བའོ།། ། ་གང་ཡང་དེ་ལ་མ་ཆགས་པའི་བདེ་བ་དང་། འཛིན་པ་མེད་པའི་བདེ་བ་དང་། མྱ་ངན་ལས་འདས་པའི་བདེ་བ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱེད་པར་འདོད་ཅིང་བྱང་ཆུབ་ཆེན་པོར་དགེ་བའི་རྩ་བ་ཡོངས་སུ་བསྔོ་བར་བྱེད་པ་དེ་ནི ་འདིར་དེ་དག་གི་ལྷག་པའི་བསམ་པ་མཐུ་ཆེ་བའོ།། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་བྱ་བ་ལ་སོགས་པ་ནི་རབ་འབྱོར་གྱི་དྲི་བའོ།། དེ་ནས་བཅོམ་ལྡན་འོངས་ཀྱིས་ཞེས་བྱ་བ་ལ་སོགས་པས་ནཱི་བཅོམ་ལྡན་འདས་ཀྱིས ་ལན་ནོ།། དེ་བས་ན་བྱང་ཆུབ་སེམས་དཔའ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་འཁྲུལ་པ་ལོག་པར་འཛིན་པ་གོང་ཡིན་པ་དེ་དག་ནི་ཕྱིན་ཅི་ལོག་སྟེ། དེ་དག་ཀྱང་བྱམས་པ་དང་རབ་འབྱོར་གྱི་ཚིག་གིས་སྟོན་པར་བྱེད ་དོ། དེ་དག་སྤངས་པ་དང་། དོར་བ་ལ་འགོད་པ་ནི་བཅོམ་ལྡན་འདས་ཀྱིས་བཀས་སོ།། དེ་ནི་འདིས་ཕྱིན་ཅི་ལོག་སྤངས་པ་ལ་འགོད་པའི་ལས་ཏེ། ཉི་ཤུ་རྩ་གཉིས་པའོ།། རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ནས། ཀུན ་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་མེད་དོ་ཞེས་བྱ་བའི་བྱར་གྱིས་ཕྱིན་ཅི་ལོག་གཞི་མེད་པ་ལ་འགོད་པའི་ལས་སོ།། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་བྱ་བ་ནས། ཚིག་གི་ལྷམ་ལྟས་འདས་པ་ཞེས་བྱ་བའི ་བར་གྱིས་ནི་རྣམ་པར་བྱུང་བ་ལ་འགོད་པའི་ལུས་སོ།། གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། དོན་དམ་པར་མ་ཡིན་ཞེས་བྱ་བའི་བར་གྱིས་ནི་རྣམ་པར་བྱུང་བའི་ཚོགས་ལ་འགོད་པའི་ལས་སོ།། གསོལ་པ། ་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཆོས་གང་མངོན་པར་རྫོགས་པར་སངས་རྒྱས་ཞེས་བྱ་བ་ནས། ཁྱུ་མཆོག་གི་མཐུར་མི་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་འདུས་བྱས་དང་འདུས་མ་བྱས་ཐ་མི་དྲད་པར་ཤེས་པ་ལ ་འགོད་པའི་ལས་སོ།། གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། ཡོད་པར་འགྱུར་རེ་སྐན་ཞེས་བྱ་བའི་བར་གྱིས་ན་མྱ་ངན་ལས་འདས་པ་ལ་འགོད་པའི་ལས་སོ།། དེ་ནི་ཆོས་ཀྱི་སྐུའི་ཕྲིནི་ལས་ཉི་ཤུ་རྩ་བདུན ་བསྟན་པའོ།། ཇི་ལྟར་ན་སྐུ་གསུམ་པོ་ཆོས་ཀྱི་སྐུ་ཡིན་ཞེ་ན། གཞོས་ཤིང་ནམ་ཡང་འཇིག་པར་མི་འགྱུར་བས་ན་ཆོས་སོ།། ཆོས་ཀྱང་འདི་ཡིན་ལ་སྐུ་ཡང་འདི་ཡིན་པས་ནུ་ཆོས་ཀྱི་སྒྲ་སྟེ། ལུས་ཉིད་ཡིན་པའི་ཕྱིརརོ ་དེ་བཞིན་གཤེགས་པའི་སྐུ་ནི་རྟག་པ་ཡིན་པའི་ཕྱིར་རོ་ཞེས་གསུངས་ཏེ། དེ་ལ་ངོ་བོ་ཉིད་ཀྱི་སྐུ་ནི་རང་བཞིན་གྱིས་རྟག་པ་ཉིད་ཀྱི་རྟག་པ་ཡིན་ཏེ། ཐོག་མ་དང་ཐ་མ་མེད་པའི་ཕྱིར་རོ།། ལོངས་སྤྱོད་རྫོགས་པོའི་སྤུན ་འཇོག་པ་མེད་པའི་རྟག་པ་ཉིད་ཀྱིས་རྟག་པ་སྟེ། ཐོག་མ་དང་ལྡན་ཡང་ཐ་མ་མེད་པའི་ཕྱིར་རོ།། སྤྲུལ་པའི་སྐུ་ནི་རྒྱུན་ཆགས་པའི་རྟག་པས་རྟག་པ་ཡིན་ཏེ། ཡུལ་ཐ་དད་པར་རྟག་པར་འཇུག་པའི ་ཕྱིར་རོ།། དེ་བཞིན་དུ་མཛད་པ་ཡང་རྟག་པར་འཇུག་པ་ཡིན་ནོ།། ཇི་ལྟར་མཛད་པ་ཆོས་ཀྱི་སྐུ་ཡིན་ཞེ་ན། མཛད་པ་དང་མཛད་པ་པོ་ཐ་དད་པ་མེད་པའི་ཕྱིར་རོ།། ཇི་ལྟར་རྣམ་པ་བཞི་ཡིན་ཞེ་ན། འཇིག་རྟེན་པས་ཐ་དད་པ་བརྟགས ་པའི་ཕྱིར་རོ།། དེ་ལྟར་ནུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཅིག་ལ་བསྡུས་པའི་དོན་རྣམ་པ་བརྒྱད་བསྟན་པ་ཡིན་ནོ།། མཚན་ཉིད་དེ་ཡི་སྦྱོར་བ་དང་།། དེ་རབ་དེ་ཡི་གོ་རིམ་དང་།། དེ་མཐའ་དེ་ཡི་རྣམ་སྨིན་ནི།། དོན་བསྡུས་གཞན ་ཏེ་རྣམ་པ་དྲུག། འདི་ནི་འདིའི་བསྡུས་པའི་དོན་གཞན་རྣམ་པ་དྲུག་སྟེ། དེ་ལྟར་མཚན་ཉིད་ནི་ཀུན་མཁྱེན་རྣམ་པ་གསུམ་མོ།། མཚན་ཉིད་དེའི་སྦྱོར་བ་ནི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའོ།། སྦྱོར་བའི་རབ ་ནི་རྩེ་མོའི་མངོན་པར་རྟོགས་པའོ།། སྦྱོར་བའི་གོ་རིམ་ནི་མཐར་གྱིས་པའི་མངོན་པར་རྟོགས་པའོ།། སྦྱོར་བའི་མཐའ་ནི་སྐད་ཅིག་མ་གཅིག་གྲོས་མངོན་པར་རྟོགས་པའོ།། སྦྱོར་བའི་འབྲས་བུ་ནི་ཆོས་ཀྱི་སྐུའོ།། ཡུལ་གྱི་རྒྱུ་ནི ་རྣམ་གསུམ་དང་།། སྦྱོར་བ་བཞི་ཡི་བདག་ཉིད་དང་།། ཆོས་སྐུ་ཕྲིན་ལས་འབྲས་བུ་ནི།། དོན་བསྡུས་གཞན་ཏེ་རྣམ་པ་གསུམ།། འདི་ནི་འདི་ཡི་དོན་བསྡུས་པ་གཞན་རྣམ་པ་གསུམ་ཡིན་ཏེ། རྒྱུ་དང་། སྦྱོར་བ་དང་། འབྲས ་བུ་ཞེས་བྱ་བའོ།། དེ་ལ་རྒྱུ་རྣམ་པ་གསུམ་སྟེ། ཐམས་ཅད་མཁྱེན་པ་ཉིད་གསུམ་ནི་སྦྱོར་བའི་ཡུལ་ལོ།། སྦྱོར་བ་བཞིའི་བདག་ཉིད་ནི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་དང་། རྩེ་མོའི་མངོན་པར་རྟོགས་པ ་དང་། མཐར་གྱིས་པའི་མངོན་པར་རྟོགས་པ་དང་། སྙིད་རྟོག་མ་གཅིག་གིས་མངོན་པར་རྟོགས་པ་དང་། སྦྱོར་བའི་འབྲས་བུ་ནི་ཆོས་ཀྱི་སྐུ་དང་ཆོས་ཀྱི་སྐུ་དེའི་ཕྱིན་ལས་ཀྱང་ངོ་།། ཐུབ་པས་ཚིག་གི་སྤྱོད ་ཡུལ་དག་ལས་འདས་པར་མཁྱེན་ནས་གསུང་གིས་ཕ་རོལ་ཕྱིན་མཆོག་གང་གསུངས་པ། ལ་ལར་གཞན་གྱི་སྟོབས་ལ་ཅུང་ཞིག་བསགས་པར་གྱུར་ཀྱང་བདག་ལ་དེ་དོན་བརྗོད་ནུས་ག་ལ་ཡོད།། བདག ་གིས་སངས་རྒྱས་ཡུམ་གྱི་མངོན་རྟོགས་རྒྱན་གྱི་འགྲེལ་བྱས་ལས་ཤེལ་ལྟར་དེངེས་ཤིང་མཁྱེའ་བཞིན་མཉམ་མེད ་བསོད་ནམསོ་གང་ཐོབ་པ། དེ་ལས་བྱང་ཆུབ་ཆེན་པོ་ཐོབ་ནས་འགྲོ་བ་མཐའ་མེད་པའི། ལམ་གྱུར་སྲོག་ཆགས་ཀུན་གྱིས་དེ་ལས་རྟག་པའི་གནས་ཐོབ་ཤོག། ་མངོན་པར་རྟོགས་པའི་རྒྱན་གྱི་ནི།། འགྲོལ་བ་དག་ལྡན་ཞེས་བྱ་བ། རིན་ཆེན་འབྱུང་གནས་འབད་པ་ཡིས། མདོར་བསྡུས་ཚིག་གསལ་སྦྱར་བ་ཡིན། ་འཕག་སྨྲ་བ་འཇམ་དཔལ་གྱི་དངོས་གྲུབ་བརྙེས་པ་མཁས་པ་ཆེན་པོ་རིན་ཆེན་འབྱུང་གནས་ཞབས་མཛད་པམངོན་པར་རྟོགས ་བྱབྱིའི་རྒྱུན་གྱི་འགྲེལ་པ་དག་ལྡན་ཞེས་བྱ་བ་རྫོགས་སོ།། ། དབང་ཕྱུག་དམ་པའི་མངའ་བདག་ལྔ་བཙུན་གོ་ཁྲི་བཀྲ་ཤེས ་འོད་ལྔ་བཙན་གྱི་བཀས་རྒྱ་གར་གྱི་སྒྲ་ཁོན་པོ་ཆེན་པོ་ཤྱེ་སྱཱ་བྷཱུ་ཏཱི་ཤཱམྦཱིའི་ཞལ་སྔ་ནས་དང་། བོད་ཀྱི་ལྟོ་ཙྪ་བ་དགེ་སློང་ཤཱུཿ་བློ་གྲོས་དང་། དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་།། ་ཏྲཱི་གྷཱ་རྟེན་ལ་ཕབ་སྲིད་ཀྱིས་པཎྜི་ཏ་ཆེན་པོ་ཤྭེངྒེ་བྷདྲྀ་། ནས་ཚོན་ཧཱུ~ཾ་ལིནྡྷ་བའི་གྲོས་སྤྱི་བཅྡོཾས་ཀྱི་གཏན་ལ་བ ་པའོ།། བཀྲ་ཤིས། བ་དམས་ཉིས་ལ་བྱིས་མི་ཚོར་བ་ལྔ་མ་ཡིན་མཅམ་དུ་མིང་བག་ཚ་སྡིག་ཐོབསཔ་འམ། དགེ་ས་བུ་ནའི་འརྩམ་པ ་