| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཨ་བྷི་ས་མ་ཡཱ་ལངྒ་ར་བྲིཏྟ་ཀཱིརྟི་ཀ་ལཱ་ནཱ་མ། བོད་སྐད་དུ། མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་གྲགས་པའི་ཆ་ཞེས་བྱ་བ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ ་ཕྱག་འཚལ་ལོ།། འཕགས་པ་བྱམས་པས་རྣམ་མཛད་པ།། སངས་རྒྱས་ཡུམ་གྱི་དོན་ཀུན་ནི།། སྡུད་པར་བྱེད་ཚིག་ལེའུར་བྱས།། ཐོས་ཤིང་རྣམ་པར་བསམས་ནས་ནི།། གཞན་ལ་ལན་མང་བཤད་གྱུར་ཀྱང་། ་དོན་རྣམས་བསྐྱུད་པའི་འཇིགས་པས་བརྩམས།། དེ་ལ་བཅོམ་ལྡན་འདས་འཕགས་པ་བྱམས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ་དག་གི་དོན་ཐམས་ཅད་བསྡུས་པ་མངོན་པར་རྟོགས་པ་བརྒྱད་ཀྱི་རྒྱན་གྱི ་ཚིག་ལེའུར་བྱས་པ་མཛད་པར་བཞེད་ནས་མངོན་པར་རྟོགས་པ་ཐམས་ཅད་འགྲུབ་པའི་རྒྱུར་སྲིད་པ་གསུམ་གྱི་བླ་མ་རྒྱལ་བའི་ཡུམ་བཅོམ་ལྡན་འདས་མ་ཉིད་ལ་ཐོག་མར་རེ་ཞིག་ཕྱག་འཚལ་བ་གསུངས་པ། ་ཀུན་ཤེས་ཞེས་བྱ་བ་ལ་སོགས་པ་སྟེ། གང་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཡུམ་བཅོམ་ལྡན་འདས་མྱ་སྟེ། འཆད་པར་འགྱུར་བ་མངོན་པར་རྟོགས་པ་བརྒྱད་ཀྱི་རང་བཞིན་ཉིད་ཀྱི་རབ་ཏུ་ཕྱེ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པའི་བདག་ཉིད་དོ།། གང་ཞིག་ཀུན་ཤེས་ནི་ཤེས་པས་སྲིད་ལ་མི་གནས་ཞེས་བྱ་བ་ལ་སོགས་པར་འཆད་པར་འགྱུར་བའི་དོན་གྱི་དངོས་པོ་དགུ་ཡོངས་སུ་ཤེས་པའི་རང་བཞིན་ཏེ། ཞི་བ་འཚོལ་བ་རྣམ ་སྒྲོལ་བར་བྱེད་པའི་དོན་གྱིས་ཉན་ཐོས་ཀྱི་སངས་རྒྱས་དང་རང་སངས་རྒྱ་ས་དང་ཤྲཱི་བོའི་ཉེ་བར་མཐུན་པས་མྱ་ངན་ལས་འདས་པ་རྣམ་པ་གཉིས་ཐོབ་པར་བྱེད་དོ།། གང་ཞིག་ལཱམ་ཞེས་པ་ནི་ཐམས་ཅད་ཤེས་བྱ ་ཉིད་སྔོན་དུ་སོང་བའི་བདག་ཉིད་མོག་མོག་པོར་བྱེད་ལ་སོགས་པ་འཆད་པར་འགྱུར་བའི་དངོས་པོ་བཅུ་གཅིག་གི་བདག་ཉིད་ཡོངས་སུ་ཤེས་པའི་རང་བཞིན་ཏེ། བྱང་ཆུབ་སེམས་དཔའི་རྣམས་ཀྱི་བྱ་བ་འགྲོ་བ་རྣམས་ལ་ཕན་པར་བྱེད་པའི ་དོན་གང་ཞིག་དེ་ཡིས་རྫོགས་པར་བྱེད་པའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཐོབ་པ་ཐམས་ཅད་ཤེས་པ་དང་། ལམ་ཤེས་པ་ཉིད་སྔོན་དུ་སོང་བ་ཅན་ནི་རྣམ་པ་ཀུན་མཁྱེན་པས་རབ་ཏུ་ཕྱེ་བའི་བདག་ཉིད་དེ། སྣ་ཚོགས་རྣམ་པ་འདི ་ངག་ཀུན་གསུངས་པ་ཞེས་སྟོན་པའི་མཚན་ཉིད་བྱ་བའི་སྒོ་ནས་རྟོགས་པར་བྱ་སྟེ། སེམས་བསྐྱེད་པ་ནི་ཞེས་པ་ལ་སོགས་པ་འཆད་པར་འགྱུར་བའི་དངོས་པོ་བཅུ་ཡོངས་སུ་ཤེས་པར་འགྱུར་བའི་བདག་ཉིད་དང་ལྡན་པ་ཞེས་པ་ནི ་གང་ཞིག་དངོས་སུ་མཛད་པའི་སྣ་ཚོགས་རྣམ་པ་ནི་འདི་དག་ཀུན་ཤེས་པ་ལ་རྣམ་ཀུན་ནི་ཆོས་ཐམས་ཅད་དོ།། འདི་དག་ནི་འདི་རྣམས་སོ།། ཐུབ་པ་ནི་སངས་རྒྱས་བཅོམ་ལྡན་འདས་སོ།། གསུངས་ཞེས་པ་ནི་གསུངས་པ་ཉིད ་དོ། དེ་ཞེས་པ་ནི་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་སློབ་མའི་ཚོགས་དང་ལྡན་པའོ།། སངས་རྒྱས་ཀྱི་ཡུམ་ནི་སྐྱོན་དང་ཡོན་ཏན་ཐམས་ཅད་གཏོང་བ་དང་ཐོབ་པའི་རྒྱུ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་སྐྱེད་བྱེད་མ ་སྟེ་ཕྱག་འཚལ་བསྟོད་ཅེས་བྱ་བར་འབྲེལ་ཏོ།། འདི་སྐད་ཅེས་འབྲས་བུ་མངོན་པར་རྟོགས་པར་བྱེད་པས་མངོན་པར་རྟོགས་པ་སྟེ་རྒྱུར་གྱུར་པ་བདུན་ནོ།། མངོན་པར་རྟོགས་པར་བྱ་བས་མངོན་པར་རྟོགས་པ་སྟེ་འབྲས་བུར་གྱུར་པ་གཅིག་པོ་སྟེ། ་དེ་ལྟར་མངོན་པར་རྟོགས་པ་བརྒྱད་ཀྱི་བདག་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ།། འདིར་ཀུན་ཤེས་ཞེས་པ་ལ་སོགས་པའི་གསུམ་པོ་ཉིད་རབ་ཏུ་དབྱེ་བས་ཅི་སྟེ་ཕྱག་འཚལ་ཞེས་བརྗོད་པར་ནི་མི་བྱ་སྟེ། འདི་རྣམས་ཉིད་ནི་དངོས ་པོའི་རབ་ཏུ་དབྱེ་བས་བྱེ་བ་ཡིན་ལ།། གཞན་ཀུན་ནི་འདི་རྣམས་ལྔས་སྤྲོས་པ་ཉིད་ཀྱི་ཕྱིར་རོ།། དེ་ལྟ་ན་གསུམ་པ་འདི་རྣམས་ཉིད་འདུས་པ་ནི་མངོན་པར་རྟོགས་པ་བཞི་པའོ།། རབ་ཏུ་གསལ་བར་སོང་བ་ནི་ལྔ་པའོ།། གོ་རིམས་སུ་རྟོགས ་པ་ནི་དྲུག་པའོ།། གྲཝནས་སྐྱབས་ཀྱི་དབྱེ་བས་གནས་ཀྱི་མཚན་ཉིད་དུ་གྱུར་པ་རྟོགས་པ་ནི་བདུན་པའོ།། འགྲོ་བའི་དོན་བྱེད་པའི་བྱ་བ་དང་བཅས་པ་དེ་བཞིན་གཤེགས་པའི་སྐུ་གསུམ་གྱི་བདག་ཉིད་ནི་བརྒྱད་བྱ་སྟེ། དེ་ལྟ་བས་ན་གསུམ་པོ ་འདི་རྣམས་ཉིད་ནི་དངོས་པའི་རབ་ཏུ་དབྱེ་བས་ཕྱེ་བ་ཞེས་རབ་ཏུ་རྟོགས་པར་བྱ་བའི་ཆེད་དུ་གསུམ་པོ་འདི་རྣམས་ཉིད་ཀྱིས་རབ་ཏུ་དབྱེ་བས་ཕྱག་འཚལ་ཞེ་བ་སྐྱོན་མེད་དོ།། གཞན་དགུ་འདི་སྙམ་དུ་མ་མཐོང་བ་དང་། མ་ཐོས་པ་དང་། སྔར ་རྣམ་པར་མ་ཤེས་པའི་ཡུལ་རྣམས་ལ་ཇི་ལྟར་བློས་མི་དཔྱོད་པ་དེ་བཞིན་དུ་མཐོང་བ་དང་ཐོས་པ་དང་སྔར་རྣམ་པར་ཤེས་པའི་ཡུལ་རྣམས་ཀྱང་དཔྱོད་པ་མེད་པའི་རང་བཞིན་ཏེ། ཆོས་ཐམས་ཅད་ནི་རབ་ཏུ་མི་གནས་པ་ཞེས་བྱེད ་སིམྦྷ་ག་བྱེད་པ་མྱེད་པ་འམ། རྣམ་པར་རྟོག་པ་ཐམས་ཅད་ལས་ཡང་དག་པར་འདས་པའི་གནས་སྐབས་ཀྱི་བྱེ་བྲག་གི་བདག་ཉིད་ནི་བསམ་གྱིས་མི་ཁྱབ་པའི་རྣལ་འབྱོར་ཞེས་བྱ་བ་འམ། དོན་དམ་པར་ཆོས་ཐམས ་ཅད་རང་བཞིན་མེད་ཅིང་ཀུན་རྫོབ་ཏུ་ཕུང་པོ་ལྔ་པོའི་རྒྱུན་རྣམས་གྲུབ་པོ་ཞེས་པའམ། ཆོས་ཐམས་ཅད་མ་སྐྱེས་པའི་ཡེ་ཤེས་ཞེས་པའམ། གཟུང་བའམ་འཛིན་པ་ལས་རྣམ་པར་གྲོལ་པོ་ན་མཁའོ་ལྟ་བུར་སྣང་བ་མེད་པར་གསལ ་བའི་རྒྱུན་ནོ་ཞེས་པ་འམ། ནམ་མཁའ་ཐམས་ཅད་དུ་ཁྱབ་ཅིང་སྣ་ཚོགས་ཀྱི་མཚན་མ་ནུས་པ་ལྟར་སྤྲོས་མཐའ་དག་ནི་བདེ་བ་ཆེན་པོའི་རང་བཞིན་དུ་གསལ་བས་རྒྱུན་ནོ་ཞེས་པའམ། སྤྲུལ་པའི་སྐྱེས་བུ་ལྟར་མ་བརྟགས་ན་ཉམས་དགའ ་བའི་མཐུས་རང་ལོངས་སྤྱོད་དང་གནས་ལ་སོགས་པའི་རྣམ་པ་ནི་གསལ་བའི་རྒྱུན་ཙམ་མོ་ཞེས་པ་འམ། སེམས་ཅན་སོ་སོ་ལ་ཐོག་མ་དང་ཐ་མ་མེད་པར་ཇི་སྲིད་སོ་སོར་སྣང་བ་དེ་སྲིད་པ་ནི་གཟུང་བ་དང་འཛིན་པར་བརྟགས་པ ་ལུས་ངེས་པར་གྲོལ་བ་ད་གག་པར་མི་ནུས་པའི་བསལ་བ་ཙམ་ལུས་དང་ལྗོངས་སྤྱོད་དང་གནས་ལ་སོགས་པའི་སྣ་ཚོགས་པའི་རྣམ་པའི་འཁོར་ལོའི་བདག་ཉིད་དུ་གསལ་བའི་རྒྱུན་ནོ་ཞེས་པ་འམ། སེམས་རྣམས་ལ་ཇི་སྲིད་སོ། ་སོར་སྣང་བ་དེ་སྲིད་ནི་གཟུང་བ་དང་འཛིན་པ་དང་རྒྱུ་དང་འབྲས་བུའི་མཐའ་བཞི་ལས་ངེས་པར་གྲོལ་གསལ་བ་ཙམ་དགག་པར་མི་ནུས་པ་གཉིས་སུ་མེད་པའི་སེམས་སུ་གསོལ་བ་ཞེས་པ་ལ་སོགས་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པའི་ཚིགས་གི་དོན་ཉེ་བར་མང་དུ་བརྗོད་དེ། དེ་བཞིན་དུ་གསུངས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ་དེ་བཞིན་གཤེགས་པའོ།། བསྒྲུབ་བྱ་དེའི་དོན་དུ་སྦྱོར་བས་གཞུང་དང་ལམ ་དག་ཀྱང་ངོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་མ་ཡིན་ནམ། དེ་ལ་འདིར་མངོན་པར་རྟོགས་པ་བརྒྱད་ཀྱི་བདག་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཅི་སྟེ་བཤད་ཅེས་སེམས་དཔའ་ལ་བདེན་ཏེ། སོ་སོ་རང་རང་གི ་བསམ་པས་དོན་དོམ་བྱར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདི་ལྟ་བུ་ཉིད་དེ། བཅས་པའི་བཅས་པ་གསུམ་གྱི་སྒྲའི་བརྗོད་བྱ་རྣམས་འགོག་པ་དང་ལམ་གྱི་བདེན་པར་བསྡུས་པ་ཞེས་ཉེ་བར་བརྗོད་པར་འགྱུར་ཏེ། དེ་ཡོངས་སུ ་བསྟན་པར་བྱ་བ་ཡང་འོག་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚིག་གི་དོན་བཤད་པའི་སྐབས་སུ་འབྱུང་བར་འགྱུར་ཞིང་། ཡང་ཇི་སྲིད་དུ་རབ་ཏུ་ཕྱེ་བ་དཀར་པོའི་ཆོས་རྣམས་ཡང་དག་པར་བསྡུས་པའི་རང་བཞིན ་འབྲས་བུ་དང་བཅས་པའི་ཐེག་པ་གསུམ་གྱི་སྒྲའི་བརྗོད་བྱ་རྣམས་འགོག་པ་དང་ལམ་གྱི་བདེན་པར་སྨྲས་པ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བདེ་བླག་ཏུ་རྟོག་པར་བྱ་བའི་དོན་དུ་མངོན་པར་རྟོགས་པ་བརྒྱད ་སོ་སོའི་རྣམ་པར་དབྱེ་བ་རྒྱལ་བ་བྱམས་པས་བརྩམས་ཞེས་པས་ཀྱང་སྔ་ཕྱི་འགལ་བ་མེད་དོ།། ཚིགས་བཅད་དང་པོའི་བཤད་པའོ།། འོ་ན་བཅོམ་ལྡན་འདས་ཉིད་ཀྱིས་རྒྱས་འབྲིང་རྣམ་པ་གསུམ་གྱི་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པར་མངོན་པར་རྟོགས་པ་བརྒྱད་ཀྱི་རིམ་པ་གསུངས་ན། དེ་ལ་བསྟན་བཅོས་འདི་བརྩམས་པ་དགོས་པ་ཅི་ཡོད་ཅེས་ཞུས་པ་ལ། གསུངས་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལམ།། ་སྟོན་པ་འདི་ལས་བཤད་པ་གང་།། གཞན་གྱིས་མྱོང་བ་མ་ཡིན་ཏེ།། བློ་དང་ལྡན་པས་རྟོགས་པར་འགྱུར།། ཆོས་སྤྱོད་བཅུ་ཡི་བདག་ཉིད་ཀྱི།། མདོ་དོན་དྲན་པ་ལ་བཞག་ནས།། བདེ་བླག་ཏུ་ནི་རྟོགས་འགྱུར་བ།། རྩོམ་པ་ཡི་ནི་དགོས་པ ་ཡིན། ཞེས་པ་སྟེ། དེ་ལ་སྣོད་དང་ལྡན་པའི་སློབ་མའི་རྒྱུད་ལ་མངོན་པར་རྟོགས་པ་བརྒྱུད་རིམ་པ་ཇི་ལྟ་བ་བཞིན་དུ་ཐེ་ཚོམ་མེད་ཅིང་ངེས་པ་སྐྱེད་པར་བྱེད་པའི་མཚན་ཉིད་ནི་བསྟན་བཅོས་འདིའི་དགོས་པ་ཡིན་པར་ཚིགས་སུ་བཅང ་བ་དང་པོས་བརྗོད་དོ།། འབྲས་བུ་སངས་རྒྱས་ཉིད་ཐོབ་པར་བྱ་བའི་རྒྱུར་ཉམས་སུ་ལེན་པའི་མཚན་ཉིད་ནི་དགོས་པའི་དགོས་པ་ཡིན་པར་ཚིགས་སུ་བཅད་པ་གཉིས་པས་བརྗོད་དེ། འདི་ནི་སྤྱིའི་དོན་ཏོ།། ད་ནི་ཚིག་གི་དོན་བརྗོད་པར་བྱ ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་པ་ནི་སངས་རྒྱས་ཉིད་དོ།། ཆོས་དང་ལོངས་སྤྱོད་དང་སྤྲུལ་པའི་སྐུ་གསུམ་གྱི་བདག་ཉིད་ཀྱི་དེ་བཞིན་གཤེགས་པ་འབྲས་བུར་གྱུར་པ་བརྒྱད་པ་ཆོས་ཀྱི་སྐུའི་མངོན་པར་རྟོགས་པ་ཞེས་བྱ་བའི ་དོན་ཏོ།། ལམ་ཞེས་པ་ནི་དེ་དང་བཅས་པ་སྟེ་མངོན་པར་རྟོགས་པ་བདུན་ནོ།། དེ་བས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལམ་ནི་བ་ལང་ཤིང་རྟ་བཞིན་ཏེ། རྣམ་པ་ཐམས་ཅད་མཁྱེན་ཉོ་བ་ཉིད་ལམ་པོ་ཉིད་མངོན་པར་རྟོགས་པ་བརྒྱད་ཀྱི ་བདག་ཉིད་དོ།། སྟོན་པ་ཞེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་སོ།། བཤད་པ་ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་འབྲིང་རྣམ་པ་གསུམ་གྱི་མདོ་བཤད་ཅིང་བསྡུས་པའོ།། དེ་ཇི་ལྟ་བུ་ཞེ་ན། གཞན་གྱིས་མྱོང་བ ་མ་ཡིན་ཏེ་ཞེས་པ་སྟེ། མྱོང་བ་མ་ཡིན་པ་ནི་ཉམས་སུ་མྱོང་བ་མ་ཡིན་པའོ།། གཞན་ནི་ཉན་ཐོས་ལ་སོགས་པ་སྙིང་རྗེ་མེད་པ་རྣམས་སོ་ཤེས་པ་ནི་འཆད་པར་འགྱུར་བའི་རིམ་པས་སོ།། བློ་དང་ལྡན་པ་ནི་བྱང་ཆུབ་སེམས་དཔའ ་རྣམས་ཡིན་ནོ།། འདི་ལོས་ཤེས་པ་ནི་མངོན་པར་རྟོགས་པའི་རྒྱན་གྱི་བསྟན་བཅོས་འདི་ལས་སོ།། རྟོགས་པར་འགྱུར་ནི་ངེས་པར་འགྱུར་བ་སྟེ། འདི་ནི་ཚིགས་སུ་བཅད་པ་དང་པོའི་དོན་ནོ།། མདོ་དོན་ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་མདོའི་དོན་མངོན་པར་རྟོགས་པ་བརྒྱད་ཀྱི་བདག་ཉིད་ཀྱི་བསྟན་བཅོས་འདི་ལས་རིམ་པ་ཇི་ལྟ་བ་བཞིན་དུ་ཐེ་ཚོམ་མེད་པར་རྟོབས་པའོ།། བདག་ཉིད་ཀྱི་ནི་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་བཅུའི་བདག་ཉིད་ཀྱི་ཆོས ་སྤྱོད་ཀྱང་ངོ་།། དྲན་པ་ནི་དྲན་པའི་ཡེ་ཤེས་སོ།། བཞག་པ་ནི་བསྐྱེད་པའོ།། བདེ་བླག་ཏུ་ནི་རྟོགས་འགྱུར་བ་ནི་བློ་དང་ལྡན་པས་སོ།། སྦྱོར་བ་ཇི་ལྟ་བ་བཞིན་དུ་སྤྱད་པར་བྱས་ཤིང་སངས་རྒྱས་ཉིད་ཀྱི་རྒྱུར་ཉམས་སུ་བླངས་ནས་སངས ་རྒྱས་ཉིད་ཀྱི་མཚན་ཉིད་ཐོབ་པར་འགྱུར་བ་ནི་སྐྱེས་བུའི་མཆོག་ཡིན་པས་དངོས་སུ་མངོན་སུམ་དུ་བགྱིས་ཤིག་ཅེས་པའི་དོན་ཏོ།། དེ་ལྟར་དགོས་པ་རྣམ་པོ་གཉིས་ཡོད་པར་མཐོང་བས་བསྟན་བཅོས་འདི་ལ་དགོས་པ་མེད་པར ་གང་གིས་ཀྱང་དོགས་པར་མི་བྱའོ།། ད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚིག་གི་དོན་བཤད་པར་བྱས་ཏེ། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཞེས་པའི་ཚིག་ནས་བཟུང་ནས་ཚིགས་སུ་བཅད་པ ་གཉིས་ཀྱིས་དངོས་པོ་བརྒྱད་བསྟན་ཏེ། དེ་ནི་བསྟན་བཅོས་ཀྱི་ལུས་རྣམ་པརྭ་བཞག་པ་མདོར་བསྡུས་ནས་གསུངས་སོ།། དེ་ནས་ཡང་ཚིགས་སུ་བཅད་པ་བཅུ་གསུམི་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལུས་ཀྱི་བདག་ཉིད་ཀྱི ་དངོས་པོ་བརྒྱད་པོ་འདི་རྣམས་ཉིད་རིམ་པ་ཇི་ལྟ་བ་བཞིན་དུ་བཅུ་དང་། བཅུ་གཅིག་དང་། དགུ་དང་། བཅུ་གཅིག་དང་། བརྒྱད་དང་། བཅུ་གསུམ་དང་། བཞི་དང་། བཞིའི་དངོས་པོ་བདུན་ཅུ་ཐམ་པར་ཕྱེ་བས་བསྟན་བཅོས་ཀྱི་ལུས ་རྣམ་པར་བཞག་པརྒྱུས་པར་གསུངས་སོ།། དངོས་པོ་བདུན་དུ་དེ་རྣམས་ཀྱང་བསྟན་བཅོས་ལྷག་མ་མཐའ་དག་གིས་འཆད་ཅེས་པས་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རྣམས་མདར་བསྡུས་པ་དང་རྒྱས་པའི་སྒོ ་ནས་བརྗོད་ཅེས་པ་ནི་སྤྱིའི་དོན་ཏོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མདོར་བསྡུས་ཏེ།། བསྟན་པའི་ཕྱིར་གསུངས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི།། དངོས་པོ་བརྒྱད་ཀྱི་ཡང་དག་བཤད།། རྣམ་ཀུན་མཁྱེན་ཉིད་ལ་མ་ཤེས ་ཉིད། དེ་ནས་ཐམས་ཅད་ཤེས་པ་ཉིད།། རྣམ་ཀུན་མངོན་རྫོགས་རྟོགས་པ་དང་།། རྩེ་མོར་ཕྱིན་དང་མཐར་གྱིས་པ།། སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ།། ཆོས་ཀྱི་སྐུ་དང་དེ་བཞིན་བརྒྱད་ཅེས་པའོ།། འདིར་དེ་ཁོ ་ན་ཉིད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་དེ། དེ་བཞིན་ཉིད་བེམས་པོ་ལས་རྣམ་པར་ལོག་པ་ལོངས་སྤྱོད་རྫོགས་པའི་སྐུ་དང་ཐ་མི་དད་པའི་རང་རིག་པའི་མངོན་སུམ་གྱིས་ཤིན་ཏུ་རྣམ་པར་དག་པར་སྟོང་པ་ཉིད་དངོས ་སུ་མངོན་སུམ་དུ་བྱེད་པ་ནི་ཆོས་ཀྱི་སྐུའོ།། ཤིན་ཏུ་རྣམ་པར་དག་པ་སྟོང་པ་ཉིད་ཀྱང་དེའི་ཡུལ་ཡིན་པ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བྱའོ།། ལོངས་སྤྱོད་རྫོགས་པའི་སྐུ་ཡང་དེའི་རྟེན་ཡིན་པ་ཉིད་ཀྱིས་ཤེས་རབ་ཏུ ་ཕྱིན་པའོ།། ལོངས་སྤྱོད་རྫོགས་པའི་སྐུ་ལ་བརྟེན་པའི་སྟོབས་དང་། མི་འཇིགས་པ་ལ་སོགས་པ་ལྡོག་པ་བྱས་པའི་དབྱེ་བས་ཕྱེ་བའི་ཡོན་ཏན་གྱི་ཚོགས་མཐའ་དོག་ཀྱང་དེ་དང་དངོས་པོ་གཅིག་ལ་རྟེན་གཅིག་པ་ཉིད་ཀྱིས་ནའོ།། ་སྤྲུལ་སྐུ་མཛད་པ་དང་བཅས་པ་ཡང་དེའི་འབྲས་བུ་འམ་ཉིད་ཀྱིས་སོ།། མངོན་པར་རྟོགས་པ་བདུན་ཀྱང་དེའི་རྒྱུ་ཉིད་ཀྱིས་མ་ཤེས་རབ་ཀྱི་ཕུ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། མངོན་པར་རྟོགས་པ་བརྒྱད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་ཞེས་བྱ་བའི་ཚིག་གིས་བརྗོད་བྱ་ཡིན་ནོ།། དེ་ལ་སེམས་བསྐྱེད་པ་དང་གདས་ངག་དང་། ངེས་འབྱེད་ཡན་ལབ་རྣམ་བཞི་དང་།། སྒྲུབ་པ་ཡིནི་རྟེན་གྱུར་པ།། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་།། དམིགས་པ་དག་དང་ཆེ་དང་ནི།། གོ ་ཆ་འཇུག་པའི་བྱ་བ་དང་།། ཚོགས་ནི་ངེས་པར་འབྱུང་བཅས་རྣམས།། ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད་ཅེས་པ་ལ། སེམས་བསྐྱེད་པ་དང་། གདམས་ངག་དང་། ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་། སྒྲུབ་པའི་རྟེན་དང་། སྒྲུབ ་པའི་དམིགས་པ་དང་། སྒྲུབ་པའི་ཆེད་དུ་བྱ་བ་དང་། སྒྲུབ་པའི་གོ་ཆ་དང་། སྒྲུབ་པའི་འཇུག་པ་དང་། སྒྲུབ་པའི་ཚོགས་དང་། སྒྲུབ་པའི་ངེས་པར་འབྱུང་བ་ཅེས་པ་སྟེ། དངོས་པོ་བཅུའི་བདག་ཉིད་ནི ་རྣམ་པ་ཐམས་ཅད་མཁྱེན་བྱའོ།། དེ་ལ་ཡང་ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད་ཅེས་པས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྟན་པའོ།། མོ་ག་མོག་པོར་བྱེད་ལ་སོགས་དང་།། སློབ་མ་བ་སེ་རུའི་ལམ་གང་དང་།། འདི་དང་གཞན་པའི ་ཡོན་ཏན་གྱིས།། ཕན་ཡོན་ཆེ་བ་མཐོང་བའི་ལམ།། བྱེད་པ་དང་ནི་མོས་པ་དང་།། བསྟོད་དང་བཀུར་དང་བསྔགས་པ་དང་།། བསྔོ་དང་རྗེས་སུ་ཡི་རང་དང་།། ཡིད་ལ་བྱེད་པ་བླ་མེད་དག། སྒྲུབ་དང་ཤིན་ཏུ་དག་པ་ཞེས།། བྱ་བ་འདི་ནི་བསྒོམ་པའི ་ལམ། བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱི།། ལམ་ཤེས་ཉིད་ནི་དེ་འདྲ་བཤད་ཅེས་པ་ལ། མོག་མོག་པོར་བྱེད་པ་ལ་སོགས་པ་བརྟེན་དང་། ཉན་ཐོས་ཀྱི་ལམ་དང་། རང་སངས་རྒྱས་ཀྱི་ལམ་དང་། ཕན་ཡོན་ཆེན་པོ་ནི་བྱང་ཆུབ ་སེམས་དཔའི་མཐང་ལམ་དང་། སྒོམ་པའི་ང་ལམ་གྱི་བྱེད་པ་དང་། མོས་པ་ཡིད་ལ་བྱེད་པ་དང་། བསྟོད་བཀུར་བསྔགས་པ་དང་། བསྔོ་བ་ཡིད་ལ་བྱེད་པ་དང་། རྗེསུ་ཡཱི་རང་བ་ཡིད་ལ་བྱེད་པ་དང་། སྒྲུབ་པ་དང་། ཤིན་ཏུ་དག་པ་ཞེས་པ་སྟེ།། ་དངོས་པོ་བཅུ་གཅིག་གི་བདག་ཉིད་ནི་ལམ་ཤེས་སོ།། དེ་ལ་ཡང་ཆུབ་སེམས་དཔའི་མཁས་པ་རྣམས་ཀྱི་ཞེས་པས་ལམ་ཤེས་པ་ཉིད་བསྟན་ཏོ།། ཤེས་པས་སྲིད་ལ་མི་གནས་ཤིང་།། སྙིང་རྗེས་ཞི་ལ་མི་གནས་དང་།། ཐབས་མ ་ཡིན་པས་རིང་བ་དང་།། ཐབས་ཀྱིས་རིང་བ་མ་ཡིན་དང་།། མི་མཐུན་གཉེན་པོའི་ཕྱོགས་དང་།། སྦྱོར་དང་དེ་ཡི་མཉམ་ཉིད་དང་།། ཉན་ཐོས་ལ་སོགས་མཐོང་བའི་ལམ།། དེ་འདྲ་ཀུན་ཤེས་ཉིད་དུ་འདོད་ཅེས་པ་སྟེ། འཁོར་བ་ལ་རབ་ཏུ་མི་གནྡ ་པ་དང་། མྱ་ངན་ལས་འདས་པ་ལ་རབ་ཏུ་མི་གནས་པ་དང་། རིང་བ་དང་། རིང་བ་མི་ཡིན་པ་དང་། མི་མཐུན་པའི་ཕྱོགས་དང་། གཉེན་པོའི་ཕྱོགས་དང་། རབ་ཏུ་སྦྱོར་བ་དང་། མཉམ་པ་ཉིད་དང་། མཐོང་བའི་ལམ་དང་ཞེས་པ་སྟེ། དངོས་པོ ་དགུའི་བདོག་ཉིད་ནི་ཐམས་ཅད་ཤེས་པའོ།། དེ་ཡང་ཉན་ཐོས་ལ་སོགས་པས་ཤེས་པས་ཀུན་ཤེས་ཉིད་བསྟན་པའོ།། རྣམ་པ་སྦྱོར་བར་བཅས་རྣམས་དང་། ཡོན་ཏན་སྐྱོན་ནི་མཚན་ཉིད་བཅས།། ཐར་དང་ངེས་འབྱེད་ཆ་མཐུན་དང་། སློབ ་པ་ཕྱིར་མི་ལྡོག་པའི་ཚོགས།། སྲིད་ད་བཞི་པ་མཉམ་ཉིད་དང་།། ཞིང་ངག་བླ་ན་མེད་པ་ནི།། རྣམ་ཀུན་མངོ་ན་རྫོགས་རྟོགས་པ་སྟེ།། དེ་ནི་ཐབས་ལ་མཁས་པ་ཡིན།། ཞེས་པ་སྟེ། རྣམ་པ་དང་། སྦྱོར་བ་དང་། ཡོན་ཏན་དང་། སྐྱོན་དང་། མཚན ་ཉིད་དང་། མཐར་པའི་ཆ་དང་མཐུན་པ་དང་། ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་། སློབ་པ་ཕྱིར་མི་ལྡོག་པའི་ཚོགས་དང་། འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། ཐབས ་ལ་མཁས་པ་ཞེས་བྱ་སྟེ། དངོས་པོ་བཅུ་གཅིག་གི་བདོག་ཉིད་ནི་རྣམ་ཀུན་མངོན་རྫོགས་རྟོགས་པའོ།། དེ་ཡང་རྣམ་ཀུན་མངོན་རྫོགས་ཞེས་པས་བསྟན་ཏོ།། དེ་ཡི་རྟག་དང་རྣམ་འཕེལ་དང་།། བརྟན་དང་སེམས་ཀུན་གནས་པ་དང་།། ། ་མཐོང་ཞེས་བྱ་དང་སྒོམ་པ་ཞེས།། བྱ་བའི་ལཱམ་ནི་སོ་སོ་ལ།། རྣམ་པར་རྟོག་པ་རྣམ་བཞི་ཡི།། གཉེན་པོ་རྣམ་པ་བཞི་དང་མི་བར་ཆད་མེད་བྱའི་ཏིང་ངེ་འཛིན།། ལོག་པར་བསྒྲུབ་དང་བཅས་པ་ནི།། རྩེ་མོའི་མངོན་རྟོགས ་ཞེས་པ་ལ་རྟགས་དང་། རྣམ་པར་འཕེལ་བ་དང་། བརྟན་པ་དང་ཏིང་ངེ་འཛིན་དང་། མཐོང་བའི་ལམ་ལ་རྣམ་པར་རྟོག་པ་རྣམ་པ་བཞིའི་གཉེན་པོ་དང་། བསྒོམ་པའི་ལམ་ལ་རྣམ་པར་རྟོག་པ་བཞིའི་གཉེན་པོ་དང་། བར་ཆད་མེད་པའི ་ཏིང་ངེ་འཛིན་དང་། ལོག་པར་བསྒྲུབ་དང་ཞེས་པའི་དངོས་པོ་བརྒྱད་ཀྱི་བདག་ཉིད་ནི་རྩེ་མོའི་མངོན་པར་རྟོག་པ་སྟེ། རྩེ་མོའི་མངོན་རྟོག་ཞེས་པས་བསྟན་ཏོ།། རྣམ་གསུམ་རྣམ་བཅུ་མཐར་གྱིས་ཞེས་པ་ནི་སྦྱིན་པ་དང་། ཚུལ་ཁྲིམས་དང་།། ་བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་སྟེ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། གཏོང་བ་དང་། ཚུལ་ཁྲིམས་དང་། ལྷ་སྟེ་རྗེས་སུ་དྲན་པ་དྲུག་དང་། ཆོས་ཐམས་ཅད ་དངོས་པོ་མེད་པ་དང་ཞེས་པའི་དངོས་པོ་བཅུ་གསུམ་གྱི་བདག་ཉིད་ནི་མཐར་གྱེས་པའི་མངོན་པར་རྟོགས་པ་སྟེ། དེ་ཡང་མཐར་གྱིས་པ་ཞེས་པས་བསྟན་ཏོ།། སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ།། མཚན་ཉིད་ཀྱིས་ནི་རྣམ་པ ་བཞི་ཞེས་པ་ནི་ཟག་པ་མེད་པའི་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པ་དང་། དཀར་པོའི་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པ་དང་། མཚན་ཉིད་མེད་པའི་ཆོས་ཐམས་ཅད ་སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པ་དང་། ཆོས་ཐམས་ཅད་གཉིས་སུ་མེད་པའི་སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པ་སྟེ། དངོས་པོ་བཞིའི་བདག་ཉིད་ནི་སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པའོ།། དེ་ཡང ་སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ་ཅེས་པས་བསྟན་ཏེ། ངོ་བོ་ཉིད་ཡོངས་རྫོགས་བཅས་དང་།། སྤྲུལ་པ་ཞེས་ནི་རྣམ་གསུམ་དང་།། ཆོས་སྐུ་མཛད་པར་བཅས་པ་སྟེ།། རྣམ་པ་བཞིར་ནི་ཡང་དག་བརྗོད་ཅེས་པ་ལ།། ངོ་བོ་ཉིད་ཀྱི་སྐུ་དང་། ལོངས ་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་དང་། དེའི་མཛད་པ་དང་ཞེས་པའི་དངོས་པོ་བཞིའི་བདག་ཉིད་ཆོས་ཀྱི་སྐུའོ།། དེ་ཡང་ཆོས་སྐུ་ཞེས་པ་བསྟན་ཏོ།། མངོན་པར་རྟོགས་པ་བརྒྱད་བསྟན་པའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚིག་གི ་དོན་གང་ཞེས་བཤོས་པར་འདོད་པ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་ཚིག་བརྒྱད་ཀྱི་དོན་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚིག་གི་དོན་དུ་བརྗོད་དོ།། ཚིག་བརྒྱད་པོ་དེ་རྣམས་ཀྱི་དོན་ཀྱང་གང་ཞེས་ཤེས ་བྱར་འདོད་པ་ལ་སེམས་བསྐྱེད་པ་ལ་སོགས་པའི་ཚིག་བདུན་ཅུའི་དོན་རྣམས་ཀྱིས་དོན་བརྗོད་དོ།། ད་ནི་ཚིག་བདུན་ཆུའི་དོན་མདོར་བསྟན་པ་དེ་རྣམས་བཤད་པའི་ཕྱིར་གསུངས་པ། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར།། ཡང་དག ་རྫོགས་པའི་བྱང་ཆུབ་འདོ་།། དེ་དང་དེ་ནི་མདོ་བཞིན་དུ།། བསྡུས་དང་རྒྱས་པའི་སྒོ་ནས་བརྗོད་ཅེས་པ་ལ་སེམས་ཤེས་པ་ནི་གཞན་དོན་དུ་དོན་ཙམ་འཛིན་པ་ལ་བརྗོད་དེ། དེ་བས་ན་སེམས་ཀྱི་སྒྲས་ཡང་དག་པར་རྫོགས་པའི་བྱང་ཆུབ ་འདོད་པ་ཉིད་ལ་གསྐྱེད་དོ།། གང་ཞིག་རྟེན་གསུངས་པ། སེམས་བསྐྱོད་བ་ནི་གཞན་དོན་བྱིར།། ཡང་དག་རྫོགས་པའི་བྱང་ཆུབ་འདོད།། ཅེས་པ་སྒོ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཉིད་ལ་བྱའོ།། དེ་ལ ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་པ། གཞན་དོན་ཕྱིར་ཞེས་པ་སྟེ། གཞན་ནི་རང་ལས་གཞན་པའི་སེམས་ཅན་ཐམས་ཅད་དོ།། དེ་རྣམས་ཀྱི་དོན་ནི་འཁོར་བ་དང་འཁོར་བའི་རྒྱུ་དག་ལས་ཡོངས་སོ་སྒྲོལ་བ་དང་། སངས་རྒྱས་ཉིད་དང ་སངས་རྒྱས་ཉིད་ཀྱི་རྒྱུ་ལ་རྣམ་པར་འགོད་པ་སྟེ། འགྲོ་པོའི་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཉིད་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཞེས་པའི་དོན་ཏོ།། ཇི་ལྟར་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ ་དེ་བསྡུས་པ་དང་རྒྱས་པའི་སྒོ་ནས་ཕྱུང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ལ་བཤད་དོ།། དེ་ཡང་གཞན་གྱི་དོན་དུ་ག་སངས་སོ།། དེ་བཞིན་དུ་བདག་གིས་ཀྱང་འདིར་རྗེས་སུ་མཐུན་པར་བསྣུན་པར་བྱ་སྟེ། དེ་དང་དོ་ནི་མདོ ་བཞིན་དུ།། བསྡུས་དང་རྒྱས་པའི་སྒོ་ནས་བརྗོད་ཅེས་པ་སྟེ། མོ་བཞིན་ནི་མདོ་དང་རྗེས་སུ་མཐུན་པར་བྱས་ཀྱི་རང་གར་ནི་མ་ཡིན་ནོ།། བྱང་ཆུབ་ཏུ་སེམས་བསྐྱེད་པའི་ངོ་བོ་བཤད་ནས། དེ་ནི་དེའི་རབ་ཏུ་དབྱེ་བོ་གསུངས་པ། དེ་ཡངས ་གསེར་ཟླ་བ་མོ།། གཏེར་དང་རིན་ཆེན་འབྱུང་གནས་མཚོ།། རྡོ་རྗེ་རི་སྨན་བཤེས་གཉེན་དང་།། ཡིད་བཞིན་ནོར་བུ་ཉི་མ་གླུ།། རྒྱལ་པོའི་མཛོད་དང་ལམ་པོ་ཆེ།། གཞོན་མ་བཀོད་མའི་ཆུ་དང་ནི།། སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས།། རྣམ་པ ་ཉི་ཤུ་རྩ་གཉིས་སོ།། ཞེས་པ་ལ། དེ་ཡང་ཞེས་པ་སེམས་བསྐྱེད་པ་སྟེ། འདུན་པ་ལ་སོགས་པ་དང་བཅས་པ་དཀར་པོའི་ཆོས་ཐམས་ཅད་བསྐྱེད་ཅིང་འཛིན་པ་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་ས་ལ་སོགས་པ་དང་མཐུན་པར་འགྱུར ་བ་རྣམ་པ་ཉི་ཤུ་རྩ་གཉིས་སུ་རྟོགས་པར་བྱའོ།། དེ་ལྟ་བས་ན་སེམས་བསྐྱེད་པ་འདུན་པ་ཆུང་ངུ་བཅུས་པའི་སེམས་བསྐྱེད་པ་ནི་ས་ལྟ་བུ་སྟེ། དཀར་པོའི་ཆོས་ཐམས་ཅད་ཀྱི་ས་བོན་གྱི་གཞི་བྱེད་ཅིང་འཛིན་པར་འགྱུར་བས་སོ།། མདུན་པ་འབྲིང ་ངདང་བཅས་པ་ནི་གསེར་ལྟ་བུ་སྟེ། ནམ་བྱང་ཆུབ་ཀྱི་བར་དུ་མི་འགྱུར་ཞིང་མི་ཟད་པས་ནའོ།། འདུན་པ་ཆེན་པོ་དང་བཅོས་པ་ནི་ཟླ་བ་ཚེས་པ་ལྟ་བུ་སྟེ། ཉི་མ་ལ་སོ་སོ་ལ་འཕེལ་བར་འགྱུར་བས་སོ།། ས་དང་པོ་ལ་འཇུག་པའི་ལམ་དང ་བཅས་པས་མེ་ལྟ་བུ་སྟེ། ཐམས་ཅད་མཁྱེན་པ་ཉིད་གསུམ་ལ་སྒྲིབ་པའི་ཤིང་སྲེགས་པས་ནའོ།། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་བཅས་པ་གཏེར་ལྟ་བུ་སྟེ། སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པའི་ཕྱིར་རོ།། ཚུལ་ཁྲིམས་ཀྱི་ཕ ་རོལ་ཏུ་ཕྱིན་པ་དང་བཅས་པས་རིན་ཆེན་འབྱུང་གནས་ལྟ་བུ་སྟེ། ཡོན་ཏན་མཐའ་དག་ནི་རིན་ཆེན་འབྱུང་བའི་རྟེན་དུ་གྱུར་པས་སོ།། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་བཅས་པས་རྒྱ་མཚོ་ཆེན་པོ་ལྟ་བུ་སྟེ། མི་མཐུན་པའི་གནོད་པ་ཐམས ་ཅད་ཀྱིས་མི་བསྐྱོད་པས་སོ།། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བཅས་སེབས་རྡོ་རྗེ་ལྟ་བུ་སྟེ། ཡིད་ཆེས་པའི་འདོད་པའི་དོན་གཞན་གྱིས་མི་ཕྱེད་པས་ནའོ།། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་བཅས་པས་རི་བོ་ལྷུན་པོ་ལྟ་བུ ་སྟེ་རྣམ་པ་གཡེང་བས་དམིགས་པ་ལས་རབ་ཏུ་མི་གཡོས་པས་སོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བཅས་པས་སྨན་ལྟ་བུ་སྟེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ནཱད་རྣམས་རབ་ཏུ་ཞི་བར་བྱེད་པས ་སོ།། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བཅས་པས་དགེ་བའི་བཤེས་གཉེན་ལྟ་བུ་སྟེ། གནས་སྐབས་ཐམས་ཅད་དུ་སེམས་ཅན་གྱི་དོན་ཡོངས་སུ་མྱི་གཏིང་བའི་ཕྱིར་རོ།། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང་བཅས་པས་ཡིད་བཞིན ་གྱི་ནོར་བུ་སྟེ། ཇི་ལྟར་སྨོན་ལམ་བཏབ་པ་བཞིན་འབྲས་བུ་ཐོབ་པས་སོ།། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བཅས་པས་ཉི་མ་ལྟ་བུ་སྟེ། གདུལ་བྱའི་ས་བོན་རྣམས་ཡོངས་སུ་སྨོན་པར་བྱེད་པས་སོ།། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ་བཅས་པས་སྙན་པའི་གླུའི་སྒྲ་ལྟ་བུ་སྟེ། གདུལ་བྱ་རྣམས་འཇུག་པར་བྱེད་པའི་ཆོས་སྟོན་པས་ནའོ།། མངོན་པར་ཤེས་པ་དང་བཅས་པར་གྱུར་བས་རྒྱལ་པོ་ཆེན་པོ་ལྟ་བུ་སྟེ། ཐོགས་པ་མེད་པར་སེམས་ཅན་གྱི་དོན་ཉམས་སུ་ལེན ་བས་སོ།། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགསོ་དང་བཅས་པས་མཛོད་ལྟ་བུ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དུ་མའི་གནས་སུ་གྱུར་པས་ནའོ།། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་བཅས་པས་ལམ་པོ་ཆེ་ལྟ་བུ་སྟེ། ་འཕགས་པ་ཐམས་ཅད་གཤེགས་པ་དང་རྗེས་སུ་གཤེགས་པའི་ཕྱིར་རོ།། ཐུགས་རྗེ་དང་ཤེས་རབ་ཏུ་བཅས་པས་གཞོན་པ་ལྟ་བུ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པའི་མཐར་མི་ལྷུང་ཞིང་མི་གནས་པའི་མྱ་ངན་ལས་འདྲ ་པར་བདེ་བར་ཡང་དག་པར་བཞུད་པའི་ཕྱིར་རོ།། གཟུངས་དང་སོ་སོ་ཡང་དག་པར་རིག་པ་དང་བཅས་པས་བཀོད་མའི་ཆུ་བོ་ལྟ་བུ་སྟེ། ཟད་པ་མེད་པར་ཐོས་པ་དང་མ་ཐོས་པའི་ཆོས་ཐམས་ཅད་འཛིན་པས་ནའོ།། ཆོས་ཀྱི་སྦྱིན་པ་དང་བཅས ་པས་སྒྲ་སྙན་པས་ལྟ་བུ་སྟེ། ཐར་པ་འདོད་པའི་གདུལ་བྱ་རྣམས་ལ་ཐར་པའི་རྒྱུ་དང་བཅས་བྱར་སྙན་པར་སྒྲོགས་པར་བྱེད་པས་སོ།། ཐེག་པ་གཅིག་ལ་མ་དང་བཅས་ཆུ་བོའི་རྒྱུན་ལྟ་བུ་སྟེ། དབྱེ་བ་མེད་པར་གཞན་གྱི་དོན་བྱེད་པསྡུ་ནའོ།། ཆོས ་ཀྱི་སྐུ་དང་བཅས་པས་སྤྲིན་ལྟ་བུ་སྟེ། དགའ་ལྡན་གྱི་གནས་ལ་སོགས་པར་སེམས་ཅན་གྱི་དོན་ཡང་དགྲ་པར་མཐོང་ན་བདུད་རྩིའི་ཆར་རབ་ཏུ་འབེབས་པས་སོ།། དཱི་ལི་ལས་རིང་པོ་པའི་ས་སོ་ཡང་དག་པར་བསྡུས་པ་གསུམ་མོ།། ས་དང་པོ ་ལ་རབ་ཏུ་འཇུག་པའི་ལམ་གྱིས་ཡང་དག་པར་བསྡུས་པ་གཅིག་གོ།། རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུས་ཡང་དག་པར་བསྡུས་པ་མཐོང་བ་དང་སྒོམ་པའི་ལམ་གྱི་བཅུའོ།། ཁྱད་པར་གྱིས་ལམ་གྱིས་ཡང་དག་པར་བསྡུས་པ ་ལྔ་པོའོ།། སྦྱོར་བ་དང་དངོས་གཞི་དང་མཇུག་གི་རབ་ཏུ་དབྱེ་བས་སངས་རྒྱས་ཀྱི་སས་ཡང་དག་པར་བསྡུས་པ་གསུངས་ཏེ། སེམས་བསྐྱེད་པ་ནི་རྣམ་པ་ཉི་ཤུ་རྩ་གཉིས་སོ།། སེམས་བསྐྱེད་པ་གསུངས་ནས་གདམ་ངག་བརྗོད་པར་བྱ ་སྟེ། ཆོ་ག་ཇི་ལྟ་བ་བཞིན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དགེ་བའི་བཤེས་གཉེན་ལས་བྱ་བ་རྣམས་སློབ་པ་ནི་གདམས་ངག་སྟེ། དེ་ཡང་ཡུལ་གྱི་དབྱི་བས་རྣམ་པ་བཅུར་གསུང་ས་ཏེ། སྒྲུབ་དང་བདེན་པ་རྣམས་དང་ནི།། སངས ་རྒྱས་ལ་སོགས་དཀོན་མཆོག་གསུམ།། མ་ཞེན་ཡོངས་སུ་མཱི་ངལ་དང་།། ལམ་ནི་ཡོངས་སུ་འཛིན་པ་དང་།། སྤྱན་ལྔ་དང་ནི་མངོན་ཤེས་ཀྱི།། ཡོན་ཏན་དྲུག་དང་མཐོང་ལམ་དང་།། སྒོམ་ཞེས་བྱ་ལ ་གདམ་ངག་ནི།། བཅུ་ཡི་བདག་ཉིད་ཤེས་པར་བྱ་ཞེས་པ་ལ། སྒྲུབ་དང་ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་བཟུང་སྟེ་ཇི་སྲོང་སངས་རྒྱས་ཉིད་ཀྱི་བར་དུ་དཀར་ཕྱེའི་ཆོས་མཐའ་དག་ལྔ་ཡང་དག་པོར ་བརྟེན་ཏེ་ཐུན་མོང་དུ་བསླབ་པར་བྱ་བ་དང་། བྱེ་བྲག་ཏུ་འཆད་པར་འགྱུར་བའི་གོ་ཆ་དང་། འཇུག་པ་དང་།། ཚོགས་དང་། ངེས་པར་འབྱུང་བར་བཤད་པ་རབ་ཏུ་སྦྱོར་བ་དང་། མཐོང་བ་དང་། བསྒོམ་པ་དང་། ཁྱད་པར་གྱི་རང་བཞིན་དང་བཞི ་ལ་སྒྲུབ་པ་སྟེ། གསུངས་པའི་མཚན་ཉིད་སློབ་པ་རྣམས་ཇི་ལྟ་བ་བཞིན་དུ་རྟོགས་པ་ནི་སྒྲུབ་པ་ལ་གདམས་པའོ།། བདེན་པ་རྣམས་ཤེས་པ་ནི་འཕགས་པའི་བདེན་པ་བཞི་རྣམས་ཏེ། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག ་པ་དང་ལམ་མོ།། སྡུག་བསྔལ་ནི་འབྲས་བུར་གྱུར་པའི་གཟུགས་ལ་སོགས་པའི་ཕུང་པོ་སྟེ། འབྲས་བུར་གྱུར་པའི་སེམས་ཅན་གྱི་འཇིག་རྟེན་གྱིས་ཡང་དག་པར་བསྡུས་པའོ།། ཀུན་འབྱུང་ནི་དེ་དང་འདྲ་བར་སྡུག་བསྔལ ་སྐྱེད་པའི་རྒྱུར་གྱུར་པའི་གཟུགས་ལ་སོགས་པའི་ཕུང་པོ་དེ་རྣམས་ཉིད་དེ། རྒྱུར་གྱུར་པའི་སེམས་ཅན་གྱིས་ཡང་དག་པར་བསྡུས་པའོ།། འགོག་པ་ནི་སྡུག་བསྔལ་ཟད་པ་མྱ་ངན་ལས་འདས་པ་མ་སྐྱེས་པ་མི་འགག་པ་བྱ ་བ་མེད་པ་ལས་དང་ཉོན་མོངས་པ་དང་སྐྱེ་བའི་མི་མཐུན་པར་གྱུར་པ་འཇིགས་པ་ཐམས་ཅད་རབ་ཏུ་བཅོམ་པ་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྒྱུར་གྱུར་པ་ཡོད་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་དུ་གྲུབ་པ་ཞེས་བརྗོད ་པའི་དངོས་པོའི་བྱེ་བྲག་ནི་མྱ་ངན་ལས་འོངས་པར་འདོད་དོ།། ལམ་ནི་འགོག་པའི་རྒྱུ་སྟེ། ཡང་དག་པའི་ལྦུ་བ་ལ་སོགས་པ་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་འཕགས་པའི་ལམ་ཡན་ལག་བརྒྱད་ནི ་ལམ་གྱི་བདེན་པོ་ཞེས་པོ་སྟེ་བྱེ་བྲག་ཏུ་སྨྲ་བའོ།། དེ་ལ་བཟུང་བ་དང་འཛིན་པའི་རང་བཞིན་གྱིས་དངོས་པོའི་ཆོས་ཐམས་ཅད་ཀྱི་སྒྲའི་བརྗོད་བྱ་འཕགས་པའི་བདེན་བྱ་བཞིར་བྱེ་བྲག་ཏུ་སྨྲ་བ་ལ་སོགས་པས་ཀུན་ཏུ་བརྟགས་པའི ་ཚུལ་དེ་རྣམས་ཐམས་ཅད་ནི་བྱང་ཆུབ་སེམས་དཔས་དོན་དམ་པར་རང་བཞིན་མེད་ཅིང་ཀུན་རྫོབ་ཏུ་ཐམས་ཅད་སྣང་བར་ཤེས་པར་བྱའོ།། འཁོར་དང་། སློབ་པ་དང་། ཉན་ཐོས་དང་རང་སངས་རྒྱས་དང་། བྱང་ཆུབ་སེམ ་དཔའ་དང་། ཡང་དག་རྫོགས་པའི་སངས་རྒྱས་དང་། མྱ་ངན་ལས་འདས་པ་དང་། གཡོ་ཏེ་དེ་ལས་ཆེས་ཁྱད་པར་དུ་འཕགས་འབའི་ཆོས་གཅིག་ཡོད་ན་ཡང་ཞེས་པའི་ཕྱོགས་འདི་ཡང་ཀུན་ཏུ་བརྟགས་པའི་ཚུལ ་གྱིས་འདི་དག་ཐམས་ཅད་རང་བཞིན་མེད་ཅིང་ཀུན་རྫོབ་ཏུ་རྣམ་པར་བཞག་པར་རྟོགས་པར་བྱ་སྟེ། ཆོས་དེ་དག་ཐམས་ཅད་ནི་གཟུང་བ་དང་འཛིན་པ་མེད་པར་དེ་དང་དེའི་རྣམ་པར་གསལ་བར་ཡོངས་སུ་གྱུར་པའི་བདག ་ཉིད་ཀྱི་གནས་སྐབས་སྨྲ་གནས་པ་ཉིད་ཀྱི་ཕྱིར་རོ།། དེ་ཡང་རྣམ་པར་ཤེས་པ་ཡོངས་སུ་གྱུར་པ་ཉོན་མོངས་པ་དང་བཅས་པའི་འཁོར་བའི་གནས་སྐབས་འབྲས་བུར་གྱུར་པ་ནི་སྡུག་བསྔལ་གྱི་བདེན་པའོ།། ་དེ་ཉིད་ཡོངས་སུ་གྱུར་པ་དེ་དང་འདྲ་བ་འཇིག་རྟེན་ཕ་རོལ་གྱི་རྒྱུར་གྱུར་པ་ནི་ཀུན་འབྱུང་གི་བདེན་པའོ།། དེ་ཉིད་ཡོངས་སུ་གྱུར་པ་མཚན་དང་དཔེ་བྱད་འབར་བ་སྐྱོན་མེད་ཅིང་ཡོན་ཏན་བྱེད་པ་ནི་འགོག་པའི་བདེན་པའོ།། རྣམ་པར་ཤེས་པ ་ཡོངས་སུ་གྱུར་པས་ཕ་རོལ་ཏུ་ཕྱིན་པ་བཅུ་ཡང་དག་པར་འདུས་པ་ནི་ལམ་གྱི་བདེན་པར་གནས་པ་སྟེ། འཕགས་པའི་བདེན་པ་བཞི་རྣམས་སོ།། རྣམ་པར་ཤེས་པ་ཡོངས་སུ་གྱུར་པ་དེ་ཡང་དོན་དམ་པར་སྒྱུ་མ་འམ་ཞེས་བྱ་བ་ལ་སོགས ་པ་ནི་བརྩོད་པའི་སའོ།། ཚུ་རོལ་གྱི་གནས་ལ་གནས་པ་མུ་སྟེགས་མཐའ་དག་དང་བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པ་རྣམས་དང་མཐུན་པ་ཐེག་པ་ཆེན་པོ་ལ་གནས་པ་རྣམས་ཀྱིས་ནི་དོན་ལོགས་ཤིག་ཏུ་འདོད་པ་དེ་རྣམས་ལས་རིང་དུ ་འདས་པའོ།། ཞེས་པ་ནི་འཕགས་པའི་བདེན་པ་བཞི་ལ་གདམས་པའོ།། སངས་རྒྱས་ལ་སོགས་དཀོན་མཆོག་གསུམ་ཞེས་པ་ནི་སངས་རྒྱས་དཀོན་མཆོག་དང་། ཆོས་དཀོན་མཆོག་དང་། དགེ་འདུན་དཀོན་མཆོག་ཅེས་པ་སྟེ་དཀོན ་མཆོག་གསུམ་མོ།། ཤིན་ཏུ་རྣམ་པར་དག་པར་བརྟགས་པའི་གཟུང་བ་དང་འཛིན་པས་སྟོང་པ་ཉིད་མངོན་སུམ་དུ་མཛད་པ་དང་། སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མཐའ་དག་གི་རྟེན་དུ་གྱུར་པ་གཞན ་བེམས་པོ་ལས་རྣམ་པར་ལོག་པའི་མཚན་དང་དཔེ་བྱད་དུ་འབར་བའི་ལོངས་སྤྱོད་རྫོགས་པའི་བདག་ཉིད་དང་།། སྤྲུལ་པ་སྣ་ཚོགས་པས་འགྲོ་བའི་དོན་མཛད་པ་ཞེས་པ་སྟེ། ཆོས་དང་ལོངསུ་སྤྱོད་རྫོགས་པ་དང་། སྤྲུལ་པ ་སྟེ། སྐུ་གསུམ་གྱི་བདག་ཉིད་ནི་དེ་བཞིན་གཤེགས་པའོ་ཞེས་རྟོགས་པར་བྱེད་པ་ནི་སངས་རྒྱས་དཀོན་མཆོག་ལོ་གདམིས་པའོ།། དམ་པའི་ཆོས་ནི་རྣམ་པ་གཉིས་ནི་སྟོན་པའི་ལུང་དང་། རྟོགས་པའི་བདག་ཉིད་ཅེས་པ ་སྟེ། ལུང་ལས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། སློབ་པ་རྣམས་ཀྱིས་བྱང་ཆུབ་ཀྱི་ཕྱོགས་ཚད་མེད་པ་ལ་སོགས་པ་ལ་རྟོགས་པ་དང་བཅས་པའི་ཡིད་ཀྱི་ཡོན་ཏན་དང་། དེ་བརྗོད་བྱར ་བྱེད་པ་གསུང་རབ་ཡན་ཏ་ལག་བཅུ་གཉིས་ཀྱི་ཆོས་ཀྱང་ངེས་པར་བྱེད་པ་ནི་ཆོས་དཀོན་མཆོག་ལ་གདམས་པའོ།། བྱང་ཆུབ་སེམས་དཔའི་སྡོམ་པ་བླངས་པ་སོ་སོའི་སྐྱེ་བོ་ནས་བཟུང་སྟེ་ཇི་སྲིད་ས་བཅུ་པ་ལ་རབ་ཏུ་ཞུགས་པའི་སྣ་ཚོགས་པའི ་རོབ་ཏུ་དབྱེ་བས་ཕྱེ་བའི་བློ་དང་ལྡན་པ་བདག་ཉིད་ཆེན་པོ་དེ་རྣམས་ནི་བྱང་ཆུབ་སེམས་དཔའི་དགེ་འདུན་ནོ།། དགེ་སློང་གི་སྡོམ་པ་བླངས་པ་སོ་སོའི་སྐྱེ་བོ་ནས་བཟུང་སྟེ་ཇི་སྲིད་ཁམས་ན་འདོད་ཆགས་དང་བྲལ་བ་གང་ཟག་ཆེན་པོ་བརྒྱད་ལ ་སོགས་པོའི་དབྱེ་བས་ཆེ་བ་ཉིད་ཆེན་པོ་དེ་རྣམས་ཐམས་ཅད་ནི་ཉན་ཐོས་ཀྱི་དགེ་འདུན་ནོ།། ཞེས་ངེས་པར་བྱེད་པ་ནི་དགེ་འདུན་དཀོན་མཆོག་ལ་གང་མོས་པའོ།། དཀོན་མཆོག་གསུམ་པོ་དེ་རྣམས་ལ་གདམས་པའོ།། མ་ཞེ་ན་ཞེས་པ་ནི ་བསོད་ནམས་དང་ཡེ་ཤེས་བསྐྱེད་པ་ཞུགས་པའི་བྱང་ཆུབ་སེམས་དཔའ་དེ་ནི་མི་མཐུན་པའི་ཡུལ་རྣམས་ལ་ཞེན་པ་ནི་མི་ལྡན་པ་སྟེ། ཕུང་པོ་ལྔ་ལ་སོགས་པ་དངོས་པོ་ཐམས་ཅད་མི་དམིགས་པས་དེ་ལས ་ལྡོག་པ་ནི་མ་ཞེན་པར་གདམས་པའོ།། ཡོངས་སུ་མི་ངལ་ཞེས་པ་ནི་བསྐལ་པ་གྲངས་མེད་པ་གསུམ་གྱི་ཡུན་གྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བ་ལ་ལུས་དང་ངག་དང་སེམས་ཡོངས་སུ་ངལ་བར་གྱུར་པ་དེ་ཡང་གཟུང་བ ་དང་འཛིན་པར་སྒྲོ་བཏགས་པ་ལས་གྱུར་པ་སྟེ། དེ་བས་ན་ཐམས་ཅད་གཉིས་སུ་མེད་ཅིང་སྣ་ཚོགས་ཀྱི་རྣམ་པར་གསལ་བ་ཙམ་གྱི་བདག་ཉིད་དོ་ཞེས་སྣ་ཚོགས་རྣམས་འདི་ལྟར་ངེས་པར་བྱེད་པ་ནི་ཡོངས་སུ་མི་ངལ་བར་གདམས ་བཔའོ། ལམ་ནི་ཡོངས་སུ་འཛིན་པནྡེ་བ་ནི་ལྷར་ཡོངསུ་གྱུར་པའི་དེ་ཁོ་ན་ཉིད་རྟོགས་པ་སྔོན་དུ་སོང་ནས་ཚོགས་མཐའ་དག་ལ་གོམས་པར་བྱེད་པ་ནི་ལམ་སྟེ། དེའི་རྣམ་པར་དབྱེ་བ་ཐམས་ཅད་རྟོགས་པར་བྱ་བའི་དོན་དུ་ཕྱོགས་བཅུའི་འཇིག ་རྟེན་གྱི་ཁམས་ན་ཞུགས་པའི་སངས་རྒྱས་ལ་སོགས་པས་གསུངས་པ་འཛིན་པ་ནཱི་ལམ་ཡོངས་སུ་འཛིན་པ་ལ་གདམས་པའོ།། སྤྱན་ལྔ་ཞེས་པ་ལ་ཤཱའི་སྤྱན་གྱིས་ནི་དངོས་པོ་སོ་སོར་ངེས་པ་རྣམས་འཛིན་ཏོ།། རྣམ་པར་སྨིན་པའི་སྤྱན ་གྱིས་ནི་སེམས་ཅན་ཐམས་ཅད་ཀྱི་སྐྱེ་བ་དང་འཆི་བ་འཛིན་ཏོ།། ཤེས་རབ་ཀྱི་སྤྱན་གྱིས་ནི་ཇི་ལྟར་གནས་པའི་དངོས་པོའི་དེ་ཁོ་ན་ཉིད་འཛིན་པར་བྱེད་དོ།། ཆོས་ཀྱི་སྤྱན་གྱིས་ནི་འཕགས་པའི་གང་ཟག་ཐམས་ཅད་འཛིན་ནོ།། སངས་རྒྱས ་ཀྱི་སྤྱན་གྱིས་ནི་ཆོས་ཐམས་ཅད་ཀྱི་རྣམ་པ་ཀུན་འཛིན་ཏེ། འདི་དག་ཐམས་ཅད་ཤེས་པའི་སྣང་བའི་བདག་ཉིད་དུ་ངེས་པར་བྱེད་པ་ནི་སྤྱན་ལྔ་ལ་གདམས་པའོ།། མངོན་ཤེས་དྲུག་གི་ཡོན་ཏན་ཞེས་པ་ལ། རྫུ་འཕྲུལ་གྱི་མངོན་པར་ཤེས ་བ་ནི་ས་གཡོ་བ་ལ་སོགས་པར་བྱེད་པའི་བྱ་བའོ།། ལྷའི་རྣ་བའི་མངོན་པར་ཤེས་པ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གནས་པའི་ཕྲ་བ་དང་ཆེན་པོའི་སྒྲ་ཐམས་ཅད་ཐོས་པར་བྱེད་པའི་བྱ་བའོ།། གཞན་གྱི་སེམས་ཤེས་པའི་མངོན ་པར་ཤེས་པ་ནི་འདོད་ཆགས་དང་བཅོས་པ་ལོ་སོགས་པའི་གཞན་གྱི་སེམས་ཤེས་པའི་བྱ་བའོ།། སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་བྱར་ཤེས་པ་ནི་རང་དང་གཞན་སྣ་ཚོགས་པའི་སྐྱེ་བ་རྗེས་སུ་དྲན་པའི་བྱ་བའོ།། མངོན་པར་འདུས་བྱས ་པ་ཅན་གྱི་ལྷའི་མིགུ་གི་མངོན་པར་ཤེས་པ་ནི་གཟུགས་ཐམས་ཅད་ཡོངས་སུ་ཤེས་པའི་བྱ་བྱའོ།། ཟག་བཟད་པ་ཤེས་པའི་མངོན་པར་ཤེས་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རྣམས་སྤོང་བའི་བྱ་བའོ།། འདི་རྣམས ་ཐམས་ཅད་ཉིད་ནི་དེ་དང་དེའི་སེམས་ཀྱི་རྣམ་པའི་བདག་ཉིད་དོ་ཞེས་ངེས་པར་བྱེད་པ་ནི་མ་ངོན་པར་ཤེས་པ་དྲུག་ལ་གདམས་པའོ།། མཐོང་ལམ་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་ལ་གནས་པ་སྡུག་བསྔལ་དང་ཀུན་འབྱུང་དང་འགོག། ་བ་དང་ལམ་གྱི་བདེན་པ་རྣམས་ལ་སོ་སོར་ཆོས་ཤེས་པའི་བཟོང་བ་དང་། ཆོས་ཤེས་པ་དང་རྗེས་སུ་ཤེས་པོའི་བཟོད་པ་དང་། རྗེས་སུ་ཤེས་པ་ཞེས་པོ་སྟེ་སྐད་ཅིག་མ་བཅུ་དྲུག་གི་བདག་ཉིད་ནི་མཐོང་བའི་ལམ་དུ་འདོང་ངོ་།། ་དེ་ཡང་བྱང་ཆུབ་སེམས་དཔའ་རྨི་ལམ་ལྟ་བུར་ཆོས་ཐམས་ཅད་ལྷག་པར་མོས་པར་བྱས་ཏེ། དེ་ལ་སྤྱང་བར་བྱ་བའི་དངོས་པོའི་གཉེན་པོའི་ཕྱོགས་སྒོམ་པར་བྱ་ཞེས་སློབ་པ་ནི་མཐོང་བའི་ལམ་ལ་གདམས ་པའོ།། མཐོང་བའི་ལམ་གྱིས་ཡུལ་དུ་བྱས་པའི་དངོས་པོ་འམ་གཞན་ཡང་རུང་རུང་སྟེ། ཡང་ནས་ཡང་དུ་ཡིད་ལ་གོམས་པར་བྱེད་པ་ནི་སྒོམ་པའི་ལམ་ཏེ། དེ་ཡང་རྨི་ལམ་ལ་སོགས་པ་ལྟ་བུ་སྟེ། སྤང་བར་བྱ་བའི་དངོས་པོ་དང་དེའི ་གཉེན་པོའི་ཕྱོགས་ཉིད་བསྒོམ་པར་བྱ་ཞེས་ངེས་པར་བྱེད་པ་ནི་སྒོམ་པའི་ལམ་ལ་གདམས་པའོ།། དགེ་འདུན་ནི་འཕགས་པ་དང་འཕགས་པ་མ་ཡིན་པ་དང་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་རྣམས་ཐུན་མོང་དུ་གསུངས་སོ།། ད་ནི ་འཕགས་པོ་ཉན་ཐོས་དང་ཐུན་མོ་དྲོ་གི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར་གསུངས་པ། དབང་པོ་རྟུལ་དང་རྣོན་པོ་དག། དང་དང་མཐོང་ཐོབ་རིགས་ནས་རིགས།། བར་ཆད་གཅིག་པར་སྐྱེས་ནས་དང་།། བྱེད་དང་བྱེད་མེད་འོག་མི་འགྲོ། འཕར་གསུ ་སྲིད་རྩེའི་མཐར་ཐུག་འགྲོ། གཟུགས་ཀྱི་འདོད་ཆགས་བཅོམ་པ་དང་།། མཐོང་ཆོས་ཞི་ལུས་མངོན་སུམ་བྱེད།། བསེ་རུ་དང་ནི་ཉི་ཤུའོ་ཞེས་པ་དང་འདིར་ཉི་ཤུ་ཐེམ་པ་ནི་འཕགས་པ་དང་གང་ཟག་ལ་དམ་བཅས་པ་སྟེ། དད་པས་མོས་པ ་དང་། མཐོང་བས་ཐོབ་པ་དང་རྒྱུན་ཏུ་ཞུགས་པ་དང་། ལྷའི་རིགས་ནས་རིགས་དང་། མའི་རིགས་ནས་རིགས་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་སོ་སོར་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་ཁར་ཆད་གཅིག་པ་དང་། ་ཕྱིར་མི་འོང་བའི་འབྲས་བུ་ལ་སོ་སོར་ཞུག་པ་དང་། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ཕྱིར་མི་འོང་བ་དང་། སྐྱེ་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ཕྱིར་མི་འོང་བ་དང་། མངོན་པར་འདུ་བྱེད་པ་དང་བཅས་པར་ཡོངས་སུ་མྱ་ངན ་ལས་འདའ་བ་ཕྱིར་མི་འོང་བ་དང་། མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའོ་བ་ཕྱིར་མི་འོང་བ་དང་། འཕར་བ་ཕྱིར་མི་འོང་བ་དང་། ཕྱེད་དུ་འཕར་པ་ཕྱིར་མི་འོང་བ་དང་། གནས་ཐམས་ཅད་དུ་འཕར་བ་ཕྱིར་མི་འོང་བ ་དང་། མཐོང་བའི་ཆོས་ལ་ཞི་བ་ཕྱིར་མི་འོང་བ་དང་། ལུས་ཀྱི་མངོན་སུམ་དུ་བྱེད་པ་ཕྱིར་མི་འོང་བ་དང་། དགྲ་བཅོམ་པའི་འབྲས་བུ་ལ་སོ་སོར་ཞུགས་པ་དང་། ཉན་ཐོས་ཀྱི་སངས་རྒྱས་ནི་སངས་རྒྱས་དཀོན་མཆོག་གི་ནང་དུ་འདུས ་བས་ན་རང་སངས་རྒྱས་དང་ཞེས་པ་སྟེ་ཉི་ཤུའོ།། འདི་ནི་ཚོགས་བཅད་གཉིས་ལ། དོད་དང་མཐོང་ཐོབ་ཅེས་པ་གཉིས་ནི་རབ་ཏུ་དབྱེ་བར་གསུངས་སོ།། དབང་པོ་རྟུལ་དང་རྣོན་པོ་དག་ཅེས་པ་ནི་འདི་དག་གི་བྱེ་བྲག་ཏུ་གྱུར་པས་རབ་ཏུ་དབྱེ་བ ་བགྲང་བར་ནི་མི་བྱའོ།། རྒྱུན་ཏུ་ཞུགས་པ་ནི་རབ་ཏུ་དབྱེ་བར་དོན་གྱིས་ཤེས་པར་བྱའོ།། ལྷའི་རིགས་ནས་རིགས་དང་། མིའི་རིགས་ནས་རིགས་ནི་དངོས་སུ་རབ་ཏུ་དབྱེ་བར་གསལ་ལོ།། འབྲས་བུ་གཉིས་པ་ལ་སོ་སོར་ཞུགས་པ་དང་། ་འབྲས་བུ་གཉིས་པ་ལ་གནས་པ་རབ་ཏུ་དབྱེ་བར་དོན་གྱིས་ཤེས་པར་བྱའོ།། བར་ཆད་གཅིག་པ་ནི་རབ་ཏུ་དབྱེ་བར་ཚིག་གིས་གསལ་ལོ།། འབྲས་བུ་གསུམ་པ་ལ་སོ་སོར་ཞུགས་པ་ནི་རབ་ཏུ་དབྱེ་བར་དོན་གྱིས་ཤེས་པར་བྱའོ།། ་བར་མ་དོ་དང་། སྤྱི་གནས་དང་། བྱེད་དང་བྱེད་མེད། འོག་མིན་ཞེས་པ་ལ་བར་མ་དོར་ཞེས་པ་ནི་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བའོ།། སྐྱེས་ནས་ཤེས་པ་ནི་སྐྱེས་ནས་ཡོངས་སུ་མྱ་ངན་ལས ་འདའ་བའོ།། བྱེད་དང་ཞེས་པ་ནི་མངོན་པར་འདུ་བྱེད་པ་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བའོ།། བྱེད་མེད་ཅེས་པ་ནི་མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་པ་སྟེ། མིང་གིས་ཕྱོགས་གཅིག་གིས ་ཕྱིར་མི་འོང་བ་བཞི་པོ་རྣམས་གསུངས་སོ།། འོག་མིན་ཞེས་པ་ནི་འདི་རྣམས་ཀྱི་ཁྱད་པར་ཡིན་པས་རབ་ཏུ་དབྱེ་བ་ནི་མ་ཡིན་ནོ།། འཕར་གསུམ་ཞེས་པ་ནི་ཕྱིར་མི་འོང་བའི་རབ་ཏུ་དབྱེ་བའོ།། སྲིད་རྩེའི་མཐར་ཐུག་འགྲོ་དང་། གཟུགས ་འདོད་ཆགས་བཙམ་པ་ཞེས་པ་འདི་རྣམས་ཀྱང་རབ་ཏུ་དབྱེ་བ་མ་ཡིན་ནོ།། མཐོང་ཆོ་སྣ་ཞི་བ་དང་། ལུས་ཀྱི་མངོན་སྨྲ་མྦུ་དུ་བྱེད་པ་ཞེས་པ་ནི་རབ་ཏུ་དབྱེ་བར་ཚིག་གིས་གས་ལོ།། དགྲ་བཅོམ་པའི་འབྲས་བུ་ལ་སོ་སོ་བདུགས་པ ་ནི་རབ་ཏུ་དབྱེ་བར་དོན་གྱིས་ཤེས་པར་བྱའོ།། ཉན་ཐོས་ཀྱི་སངས་རྒྱས་སངས་རྒྱས་དཀོན་མཆོག་གི་ནང་དུ་འདུས་པའི་ཕྱིར་ན་རང་སངས་རྒྱས་དང་བཅས་པས་གང་ཟག་ཉི་ཤུའོ།། ད་ནི་ངེས་པར་འབྱེད་པའི་ཡན་ལག་བརྗོད་པར ་བྱ་སྟེ། ངེས་པར་འབྱེད་པ་ནི་འདིར་རྣམ་པར་རྟོག་པ་མེད་པའི་སྐད་ཅིག་མ་བཅུ་དྲུག་གི་བདག་ཉིད་ཀྱི་མཐོང་ལམ་ལོ།། དེའི་ཡན་ལག་ནི་རྒྱུ་སྟེ། རྣམ་པ་བཞི་བསྒོམས་པའི་རང་བཞིན་གྱིས་གོང་ནས་གོང་དུ་ཁྱད་པར་འཕགས་པ་སྟེ། ་དེ་རྣམས་རིམ་པ་ཇི་ལྟ་བ་བཞིན་དུ་དྲོད་དང་རྩེ་མོ་དང་བཟོད་བྱ་དང་ཆོས་ཀྱི་མཆོག་ཅེས་པ་སྟེ། དྲོད་ཐོབ་པ་དང་། རྩེ་མོ་སྐྱོབ་པ་དང་། བཟོད་པ་ཐོབ་པ་དང་། ཆོས་ཀྱི་སཆོག་ཐོབ་པ་ཞེས་པའོ།། ངེས་པར་འབྱེད་པའི་ཆ་དང་མཐུན་པ་དེ་སྲུང་བརྗོད ་པཔུར་བྱ་སྟེ། འདི་རྣམས་ནི་ཉན་ཐོས་རྣམས་ལ་ཡང་ཡོད། བྱང་ཆུབ་སེམས་དཔའ་རྣམས་ལ་ཡོད་དེ། དེ་ལ་ཉན་ཐོས་ལ་སོགས་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ཀྱི་དམིགས་པ་ནི་བདེན་པ་བཞི་པོ་རྣམས་སོ།། རྣམ་པ ་ནི་མི་རྟོག་པ་ལ་སོགས་པ་སྟེ། སྡུག་བསྔལ་གྱི་བདེན་པ་ནི་མི་རྟག་པ། སྡུག་བསྔལ་བ། སྟོང་པ། བདག་མེད་པའི་མཚན་ཉིད་དོ།། ཀུན་འབྱུང་གི་བདེན་པ་ནི་ཀུན་འབྱུང་བ། རྒྱུ། རྐྱེན་རབ་ཏུ་བསྐྱེད་པའི་རང་བཞིན་ནོ།། འགོག་པའི་བདེན་པ་ནི ་འགོག་པ། གྱ་ནོམ་པ། ངེས་པར་འབྱུང་བའི་བདག་ཉིད་དོ།། ལམ་གྱི་བདེན་པ་ནི་ལམ། རིགས་པ། སྒྲུབ་པ་ངེས་པར་འབྱིན་པའི་རང་བཞིན་ཞེས་པ་སྟེ། ཉན་ཐོས་ལ་སོགས་པའི་དམིགས་པ་དང་རྣམ་པའོ།། བྱང་ཆུབ་སེམས་དཔའ ་རྣམས་ཀྱི་དྲོད་ལ་སོགས་པ་སོ་སོར་ཆུང་ངུ་དང་འབྲིང་དང་ཆེན་པོའི་དབྱེ་བས་རྣམ་པ་བཅུ་གཉིས་སུ་གྱུར་ཏེ། ཉན་ཐོས་ཀྱི་ལམ་དྲོད་ལ་སོགས་པ་ལས་གང་ཞིག་གིས་ཁྱད་པར་གྱིས་ཁྱད་པར་འཕགས་པར་གྱུར་པ་སྟེ། དེ་རྣམས་བསྟན ་པའི་ཕྱིར་གསུངས་པ།། དམིགས་པ་དང་ནི་རྣམ་པ་དང་།། རྒྱུ་དང་ཡོངས་སུ་འཛིན་པ་ཡིས།། བྱང་ཆུབ་སེམས་དཔའ་སྐྱོབ་པ་ཡི།། དྲོད་སོགས་བདག་ཉིད་ཇི་བཞིན་དུ།། རྣམ་རྟོགས་བཞི་པོ་ལྡན་རྟེན་པ།། ཆུང་རིང་འབྲིང་དང་ཆེན་པོ ་རྣམས།། ཉན་ཐོས་བསེ་རུ་ལྟ་བུ་དང་།། བཅས་པ་དག་ལས་ཁྱད་པར་འཕགས་ཤེས་པ་ལ། དམིགས་པ་དང་། རྣམ་པ་དང་། ཐེག་པ་གསུམ་ཆར་ཐོབ་པའི་རྒྱུ་དང་། ཐབས་ལ་མཁས་པའི་དགེ་བའི ་བཤེས་གཉེན་གྱི་མཚན་ཉིད་ཡང་དག་པར་ཡོངས་སུ་འཛིན་པ་དང་། རྣམ་པར་རྟོག་པ་བཞི་སྤོང་བའི་སྦྱོར་བ་དང་ལྡན་པ་དང་། བྱང་ཆུབ་སེམས་དཔའ་དང་འབྲེལ་བའི་དྲོད་ལ་སོགས་པ་ཆུང་ངུ་དང་འབྲིང་དང་ཆེན་པོས་ཁྱད་བདུ་འཕགས ་པའོ།། གང་ལས་ཤེ་ན། གསུངས་པ། ཉན་ཐོས་བསེ་རུ་ལྟ་བུ་དང་། བཅས་པ་དག་ལས་ཁྱད་པར་འཕགསོ་ཞེས་པ་སྟེ། ཉན་ཐོས་དང་རང་སངས་རྒྱས་དང་འབྲེལ་བའི་དྲོད་ལ་སོགས་པ་ལས་ཤེས་པའི་དོན་ཏོ།། དྲོད་ཆུང་ངུའི་དམིག ་པ་དང་རྣམ་པ་བཤད་པར་བྱ་སྟེ། དམིགས་པ་མི་རྟག་ལ་སོགས་པ།། བདེན་པའི་རྟེན་ཅན་དེ་ཡི་ནི།། རྣམ་པ་མངོན་ཞེན་ལ་སོགས་འགོག་ཅེས་བྱ་བ་ལ། དམིགས་པ་ཞེས་པ་ནི་དམིགས་པའི་ཆོས་རྣམས་ཏེ། དམིགས་པར་བྱེད་ཅིང ་ཡུལ་དུ་བྱེད་པས་ནའོ།། འདིར་སྡུག་བསྔལ་ལ་སོགས་པ་བདེན་པ་བཞིའི་ཆོས་ཅན་ལ། དེའི་རྣམ་པ་མི་རྟག་པ་ལ་སོགས་པ་བཅུ་དྲུག་གི་ཆོས་ནི་དམིགས་པའོ།། དམིགས་པ་སྟེ་དེ་རྣམས་ཉིད་ལ་མངོན་པར་ཞེན་པ་ལ་སོགས ་འགོག་ཅེས་པ་ལ་སོགས་ཀྱི་སྒྲས་གཞན་ཡང་སྒྲོ་བཏགས་པའི་ཆོས་རྣམས་སོ།། འགོག་ཅེས་པ་ནི་མངོན་པར་ཞེན་པ་མེད་པར་ཆོས་རྣམས་གསལ་བ་ཙམ་ཉིད་དོ།། གཞན་དུ་ཡང་དངོས་པོ་མེད་པའི་སྒྲས་དངོས་པོའི་ཁྱད ་བར་རོ།། མི་དམིགས་པའི་སྒྲས་མི་དམིགས་པའི་ཁྱད་པར་སྟེ། རིགས་པ་རྗེས་སུ་འཚོལ་བ་རྣམས་ཀྱིས་སྦྱར་བར་བྱའོ།། དེ་ལ་སྒྱུ་མ་ལྟ་བུའམ། སྒྱུ་མ་ལྟ་བུ་མ་ཡིན་ཞེས་པ་ནི་རྩོད་པའི་སའི་བྱེ་བྲག་སྟེ་། ཕྱིས་བསྟན་ཞིང་གསལ ་བྱབར་བྱའོ།། ཐམས་ཅད་ནས་ཐམས་ཅད་དུ་མེད་པ་ཙམ་ནི་ཁས་བླང་བར་མི་བྱ་བ་ཉིད་དོ།། ཐེག་པ་གསུམ་ཆུར་ཐོབ་པའི་རྒྱ་སྐྱེས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲོད་ལ་སོགས་པས་ཐེག་པ་གསུམ་ཆར་གྱི་འབྲས་བུ་དེ་ཡང ་ཐོབ་པོའི་རྒྱུ་ཉིད་དོ།། ཉན་ཐོས་ལ་སོགས་པའི་དྲོད་ལ་སོགས་པས་རང་རིང་གི་ཐེག་པ་དེའི་འབྲས་བུ་ཐོབ་པའི་རྒྱུ་ཉིད་དོ།། དྲོད་འབྲིང་པོའི་དམིགས་པ་དང་རྣམ་པར་བརྗོད་པ་ནི། གཟུགས་སོགས་སྐྱེ་འཇིག་ཅེས་པ་ནི་དམིགས ་པའོ།། གནས་བྲལ་དང་ཞེས་པ་ནི་རྣམ་པའོ།། གཟུགས་ལ་སོགས་པའི་ཕུང་པོ་དང་སྐྱེད་མཆེད་དང་ཁམས་རྣམས་ཀྱི་སྐྱོ་བ་དང་འཇིག་པ་ནི་སྐྱེ་འཇིག་སྟེ། གནས་འགོག་ཅེས་པ་ནི་དམིགསོ་བའོ།། འགོག་པའི་སྒྲ ་ནི་སྔ་མའི་སྙེགས་ས་རྩ་བ་ཉིད་ཀྱིས་སོ།། བརྗོད་པར་བྱེད་པའི་སྒྲ་རྣམས་ཀྱིས་རྒྱུན་འདྲ་བ་མེད་པའི་གནས་སྐབས་རྣམས་ནི་གནས་བྲལ་ལོ།། རྒྱུན་འདྲ་བའི་གནས་སྐབས་རྣམས་ནི་གནས་པ་ཞེས་པ་སྟེ།། གནས ་བྲལ་དང་གནས་ངག་འགོག་པའི་ཞེན་པ་ནི་གནས་སོ།། དྲོད་ཆེན་པོར་གྱུར་པའི་དེ་མིགས་པ་དང་རྣམ་པ་གསུངས་པ། བཏགས་དང་བརྗོད་དུ་མེད་ཅེས་པ་ལ་བཏགས་པ་ནི་དམིགས་པའོ།། བརྗོད་དུ་མེད་པ་ནི ་རྣམ་པའོ།། དེའི་དོན་ནི་འདི་ཡིན་ཏེ། གཟུགས་ལ་སོགས་པའི་ཕུང་པོ་དང་སྐྱེ་མཆེད་དང་ཁཾས་རྣམས་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའི་ཆོས་ཐམས་ཅད་ནི་རང ་བཞིན་གྱིས་མ་སྐྱེས་པ་ཉིད་དེ། གཟུང་བ་དང་འཛིན་པ་ལས་གྲོལ་བ་བདག་ཉིད་སོ་སོའི་རིགས་པ་སྣ་ཚོགས་དེ་རྣམས་ནི་གསལ་བྱའི་རྒྱུད་ཙམ་གྱི་བདག་ཉིད་དོ།། དེའི་ཕྱིར་གཟུགས་ལ་སོགས་པའི་བདག་ཉིད་ཀྱི་ཆོས ་ཐམས་ཅད་ནི་བཏོགས་པར་ཡོད་པར་གྲུབ་སྟེ། རང་རིག་སེམས་སུ་སྣང་བ་ཉིད་ལ་སྒྲོ་བཏགས་ཤིང་ཐ་སྙད་དུ་བྱ་ཞེས་པ་ནི་དམིགས་པའོ།། དེ་རྣམས་བཏགས་པར་གྲུབ་པ་ཉིད་ཀྱིས་དགེ་བ་དང་མི་དགེ་བ་ལ་སོགས་པ་ཐམ ་ཅད་ནི་རང་བཞིན་གྱིས་བརྗོད་དུ་མེད་ཅེས་པ་རྣམ་པའོ།། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མེའི་སྔོན་དུ་འབྱུང་བས་ན་དྲོད་ཅེས་པ་སྟེ། རྣམ་པ་གསུམ་མོ།། རྩེ་མོ་ཆུང་ངུའི་དམིགས་པ་དང་རྣམ་པ་གསུངས་པ། གཟུགས ་སྩོགས་མི་གནས་དེ་རྣམས་ནི།། དེའི་ངོ་བོར་རང་བཞིན་མེད།། དེ་དག་གཅིག་གི་རང་བཞིན་གཅིག། དེ་མི་རྟག་སོགས་པར་མི་གནས་ཞེས་པ་ལ། ཚིགས་སུ་བཤད་པ་དང་པོ་འདིའི་ཕྱེད་ཀྱིས་ནི་དམིགས་པ་བསྟན་ཏོ།། ། ་ཕྱི་མ་བྱེད་ཀྱིས་ནི་དེའི་རྣམ་པ་བསྟན་ཏོ།། གང་གི་ཕྱིར་དེ་རྣམས་ནི་གཟུགས་ལ་སོགས་པའོ།། དེའི་ངོ་བོར་ནི་གཟུགས་ལ་སོགས་པའི་ངོ་བོར་རོ།། རང་བཞིན་ནི་དངོས་པོར་མ་གྲུབ་པའོ།། དེའི་ཕྱིར་གཟུགས ་སོགས་ནི་གཟུགས་ཀྱི་ཕུ་པོ་ལ་སོགས་པའོ།། མི་གནས་ནི་ཁས་མི་ལེན་པ་སྟེ་དམིགས་པ་བསྟན་ནོ།། དེ་དག་ནི་གཟུགས་ལ་སོགས་པ་སྟེ། དེ་ལ་སྟོང་པ་ཉིད་དུ་གཅིག་པ་ནི་ཕན་ཚུན་རང་བཞིན་གཅིག་པ་ཉིད་ཀྱིས་སོ།། དེ ་བས་ན་གཟུགས་ལ་སོགས་པ་མི་རྟག་པ་དང་རྟག་པ་ལ་སོགས་པར་མི་གནས་ཞེས་པ་སྟེ། ཁས་མ་བླངས་ཞེས་པ་ནི་རྣམ་པའོ།། རྩེ་མོ་འབྲིང་པོའི་དམིགས་པ་དང་རྣམ་པ་བརྗོད་པར་བྱ་སྟེ། དེ་རྣམས་དེའི་ངོ་བོས་སྟོང་།། དེ་དག་གཅི ་གྱི་རང་བཞིན་གཅིག་ཅེས་པ་ནི་དམྱིགས་པའོ།། ཆོས་རྣམས་མི་འཛིན་གང་ཡིན་དང་ཞེས་པ་ནི་རྣམ་པའོ།། དེ་རྣམས་ཞེས་པ་ནི་གཟུགས་ལ་སོགས་པའི་ཕུང་པོར་གྱུར་པ་རྣམས་ཏེ། མི་རྟག་པ་དང་། སྡུག་བསྔལ་བ་དང་།། ་སྟོང་པ་དང་། བདག་མེད་པ་ལ་སོགས་པ་རྣམས་སོ་སོར་གཟུགས་སྟོང་པ་དང་། དེའི་ངོ་བོས་སྟོང་ཞེས་པ་ནི་མི་རྟག་པ་ལ་སོགས་པའི་རང་བཞིན་དེའི་ངོ་བོས་སྟོང་པ་ཉིད་དོ།། དེས་ན་མི་རྟག་པ་ལ་སོགས་པ་དང་། སྟོང་པ་དག ་གཅིག་པ་ནི་ཕན་ཚུན་རང་བཞིན་གཅིག་པ་ཉིད་ཀྱིས་ཞེས་པ་དམིགས་པའོ།། ཆོས་རྣམས་ནི་གཟུགས་ལ་སོགས་པའི་ཕུང་པོ་རྣམས་ཀྱིས་དེ་ཁོ་ན་ཉིད་རང་བཞིན་གྱིས་འོད་གསལ་བའོ།། གང་ཟག་རྗེས་སུ་མི་འཛིན་པ ་དེ་ནི་རྣམ་པའོ།། ང་ནི་གཟུགས་ལ་སོགས་པ་རང་བཞིན་གྱིས་འོད་གསལ་བ་རྩེ་མོར་གྱུར་པ་ཆེན་པོ་དེའི་དམིགས་པ་དང་། རྣམ་པ་བརྗོད་པར་བྱ་སྟེ། དེ་ལ་མཚན་མར་མི་མཐོང་ཕྱིར་ཞེས་པ་ནི་དམིགས་པའོ།། ཐམས་ཅད ་དམིགས་སུ་མྱེད་པར་ནི།། ཤེ་སྐུ་རབ་ཀྱིས་ནི་ཡོངས་བརྟགས་པ་ཞེས་པ་ནི་རྣམ་པའོ།། དེ་རྣམས་ནི་གཟུགས་ལ་སོགས་པ་རང་བཞིན་གྱིས་འོད་གསལ་བ་དེ་ཉིད་དོ།། མཚན་ས་ནི་དབྱེ་བའི་སྐབས་ཀྱི་རྒྱུར་སྲུང་། ་པའི་ས་ཡང་དག་པར་མཐོང་བ་ནི་སྒྲོ་མི་འདོགས་པ་སྟེ་དམིགས་པའོ།། ཐམས་ཅད་ནི་བརྟགས་པའི་ཆོས་ཐམས་ཅད་དོ།། དམིགས་སུ་མེད་པར་ནི་གཉིས་སུ་མེད་པར་དམིགས་པའི་བདག་ཉིད་དོ།། ཡོངས་སུ་རྟོག་པ་ནི་རང ་བཞིན་རྗེས་སུ་དཔྱོད་ཅེས་པ་སྟེ། རྣམ་པ་དགུ་ནི་དགེ་བའི་རྩ་བ་གཡོ་བའི་རྩེ་མོར་གྱུར་པ་ཉིད་ཀྱི་རྩེ་མོར་གྱུར་པ་རྣམ་པ་གསུམ་མོ།། བཟོད་པ་ཆུང་ངུའི་དམིགས་པ་དང་རྣམ་པ་བརྗོད་པར་བྱ་སྟེ། གཟུགས་སོགས་ངོ་བོ་ཉིད་མེད་ཉིད།། ་དེ་མེད་པ་ནི་ངོ་བོ་ཉིད་ཅེས་པ་ལ། གཟུགས་སོགས་ངོ་བོ་ཉིད་མེད་ཅེས་པ་སྟེ་དམིགས་པའོ།། དེ་རྣམས་ནི་གཟུགས་ལ་སོགས་པ་དངོས་པོ་མེད་པའོ།། ངོ་བོས་སྟོང་པ་ཉིད་ནི་བརྟཿ། བསྟོང་པ་དེའི་རང་བཞིན་ཏེ། གཟུགས་ལ་སོགས ་པ་སྟོང་པ་ནི་མ་ཡིན་ཞེས་པ་རྣམ་པའོ།། བཟོད་པ་འབྲིང་གི་དམིགས་པ་དང་རྣམ་པ་བརྗོད་པར་བྱ་སྟེ། དེ་དག་སྐྱེད་མེད་ངེས་འབྱུང་མེད་ཅེས་པ་ནི་དམིགས་པའོ།། ངག་དང་ཞེས་པ་ནི་རྣམ་པའོ།། འདིར་ཡང་གཟུགས་སོགས ་ཞེསཾ་པ་ལ་སྙེག་པ་སྟེ་སྐྱེད་མེད་ཅེས་པ་གཟུགས་ལ་སོགས་པ་སྐྱེད་མེད་པའོ།། ངེས་འབྲུང་མོད་ཅེས་པ་ནི་གཟུགས་ལ་སོགས་པ་རླག་པ་མེད་པའི་ངག་དང་ཞེས་པ་ནི་གཟུགས་ལ་སོགས་པ་དག་པའོ།། བཟོད་པ་ཆེན་པོའི ་དམིགས་པ་དང་རྣམ་པ་བརྗོད་པར་བྱ་སྟེ། དེ་རྣམས་མཚན་མ་མེད་ཅེས་པ་ནི་དམིགས་པ་སྟེ། དེ་རྣམས་ཞེས་པ་ནི་གཟུགས་ལ་སོགས་པའོ།། མཚན་མ་མེད་པ་ཉིད་ནི་དེ་རྣམས་མཚན་མེད་པའོ།། དེའི་མཚན་མར་མི་བརྟེན་པས། མོས་མིན། ་འདུ་ཤེས་མེད་པ་ཡིན་ཞེས་པ་ནི་རྣམ་པའོ།། དེའི་གཟུགས་ལ་སོགས་པ་རྣམས་སོ།། མཚན་མ་ནི་དབྱེ་བའི་ཐ་སྙད་ཀྱི་རྒྱུའོ།། དེ་ལ་མི་བརྟེན་པ་ནི་དེ་རྣམས་ལ་མཚན་མ་མེད་པའོ།། གཟུགས་ལ་སོགས་པའི་མཚན་ཉིད་ལ་མི ་རྟེན་པའོ།། དངོས་པོ་མེད་པས་ན་མོས་མིན་ནི་ཁ་ས་མི་ལེན་པའོ།། འདུ་ཤེས་མེད་ནི་མཚན་མ་ཡོངས་སུ་འཛིན་པའི་དངོས་པོ་མེད་པའོ།། ཆོས་ཆེན་པོ་ལ་བཟོད་པས་ན་བཟོད་པ་སྟེ་རྣམ་པ་གསུམ་མོ།། ཆོས་མཆོག་ཆུང ་ངུའི་དམིགས་པ་དང་རྣམ་པ་བརྗོད་པར་བྱ་སྟེ། ཏིང་འཛིན་ཞེས་པ་ནི་དམིགས་པའོ།། དེའི་བྱེད་པ་ཞེས་བྱ་བ་ནི་རྣམ་པ་སྟེ། མདོ་ལས་ཇི་ལྟར་གསུངས་པ་དཔའ་བར་འགྲོ་བ་དང་། ནམ་མཁའ་མཛོད་དང་དྲི་མ་མེད་པ་དང་། སེང་གེ་རྣམ ་པབར་རོལ་པ་ལ་སོགས་པའི་ཏིང་ངེ་འཛིན་ནི་དམིགས་པའོ།། ཏིང་འཛིན་དེའི་བྱེད་པ་ནི་མྱུརརོ་བར་མངོན་པར་རྫོགས་པར་བྱང་ཆུབ་ཅིང་དཀའ་བ་མེད་པར་འགྲོ་བའི་བྱེད་པ་ཞེས་པ་ནི་རྣམ་པའོ།། ཆོས་མཆོག་འབྲིང་གི་དམིགས་པ ་དང་རྣམ་པ་བརྗོད་པར་བྱ་སྟེ། ལུང་སྟོན་ཞེས་པ་ནི་དམིགས་པའོ།། རློམ་པོ་ཟད་ཅེས་པོ་ནི་རྣམ་པའོ།། དེ་ལྟར་སྐུ་གསུམ་གྱི་བདག་ཉིད་ཀྱི་དེ་བཞིན་གཤེགས་པ་སངས་རྒྱས་ཉིད་དུ་ཐོག་མར་ལུང་སྟོན་པ་ནི་དམིགས་པའོ།། ཁྱང ་བྱང་ཆུབ་སེམས་དཔའ་བདག་ནི་རྣམ་རྟོག་ཐམས་ཅད་ལས་འདས་པ་ཞེས་པའི་ང་རྒྱུ་ལ་ཟད་པ་ནི་རྣམ་པའོ།། ཆོས་མཆོག་ཆེན་པོའི་དམིགས་པ་ས་བརྗོད་པར་བྱ་སྟེ། གསུམ་པོ་གཅིག་གི་ངོ་བར ་གཅིག་ཅེས་པ་ནི་དམིགས་པའོ།། ཏིང་འཛིན་པར་མི་རྟོག་པ་ཅེས་པ་ནི་རྣམ་པའོ།། བྱང་ཆུབ་སེམས་དཔའ་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ཕན་ཚུན་རང་བཞིན་གཅིག་པོ་ཞེས་པ་ནི་དམིགས་པའོ།། བྱང་ཆུབ ་སེམས་དཔའ་དེ་ཡང་ཏིང་ངེ་འཛིན་ལ་སོགས་པ་དེ་ལ་རྣམ་པར་རྟོག་པར་མི་བྱེད་ཅེས་པ་ནི་རྣམ་པའོ།། འཇིག་རྟེན་པའི་ཆོས་ཐམས་ཅད་ལས་ཤིན་ཏུ་འདས་པའི་ཆོས་ཀྱི་མཆོག་དེ་རྣམ་པ་གསུམ་མོ།། དེ་ལྟར་ངེས་པར་འབྱེད་པའི ་ཆ་དང་མཐུན་པ་བཞི་པོ་དམས་སོ་སོར་ཆུང་ངུ་དང་འབྲིང་དང་ཆེན་པོའི་དབྱེ་བོས་རྣམ་པ་བཅུ་གཉིས་སུ་ཞེས་པར་བྱའོ།། འཆད་པར་འགྱུར་བའི་མཐོང་དང་སྒོམ་པའི་ལམ་གྱི་མི་མཐུན་པའི་ཕྱོགས་སུ་གྱུར་པ་ཉིད་ཀྱིས ་སྤང་བར་བྱ་བའི་རྣམ་པར་རྟོག་པ་བཞི་སྤོང་བའི་ཡང་དག་པའི་སྦྱོར་བ་བརྗོད་པའི་ཕྱིར་གསུངས་པ། གཟུང་བར་རྟོག་པ་རྣམ་པ་གཉིས།། བཞི་དང་དེའི་གཉེན་པོ་ཡི། རྨོངས་དང་ཕུང་སོགས་དབྱི་བ་ཡིས།། དེ་ནི་སོ་སོར ་རྣམ་པར་དགུ་ཞེས་པ་ལ། གཟུང་བའི་རྣམ་རྟོག་དེ་ནི་རྣམ་པ་གཉིས་ཏེ། ཀུན་ནས་ཉོན་མོངས་པ་ལ་རྟེན་པ་དང་། གཉེན་པོའི་ཕྱོགས་ཀྱི་དངོས་པོ་ལ་རྟེན་པའོ།། ཀུན་ནས་ཉོན་མོངས་པའི་དངོས་པོ་དེ་ཡང་རྣམ་པ་དགུ་ཡིན་པ ་ཉིད་ཀྱི་དེའི་རྣམ་པར་རྟོག་པ་ཡང་རྣམ་པ་དགུའོ།། གཉེན་པོའི་ཕྱོགས་ཀྱི་དངོས་པོ་ཡང་རྣམ་པ་དགུ་ཡིན་པ་ཉིད་ཀྱིས་དེའི་རྣམ་རྟོག་ཀྱང་རྣམ་པ་དགུ་ཞེས་པ་སྟེ། གཟུང་བའི་རྣམ་རྟོག་ནི་སོ་སོར་རྣམ་པ་དགུའོ།། དེ་ལ་མ་རིག ་པས་ཡོངས་སུ་བསླང་བའི་ཡུལ་ཉིད་ཀྱི་ན་མ་རིག་པའི་རྣམ་པར་རྟོག་པའོ།། ཕུང་པོ་རྣམ་པར་རྟོག་པ་དང་། མིང་དང་གཟུགས་ལ་མངོན་པར་ཞེན་པའི་རྣམ་པར་རྟོག་པ་དང་མཐའ་གཉིས་ལ་ཞེན་པའི་རྣམ་པར་རྟོག་པ་དང་། ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མི་ཤེས་པའི་རྣམ་པར་རྟོག་པ་དང་། འཕགས་པའི་ལམ་ལ་མི་གནས་པའི་རྣམ་པར་རྟོག་པ་དང་། དམིགས་པའི་རྣམ་པར་རྟོག་པ་དང་། བདག་ལ་སོགས་པར་རྣམ་པར་རྟོག་པ་དང་། ་རྣམ་པར་དག་པ་སྐྱེ་བ་ལ་སོགས་པར་རྣམ་པར་རྟོག་པ་སྟེ། ཀུན་ནས་ཉོན་མོངས་པའི་དངོས་པོ་ལ་གནས་པའི་རྣམ་པར་རྟོག་པ་དགུའོ།། དེ་བཞིན་དུ་ཕུང་པོའི་དོན་དུ་རྣམ་པར་རྟོག་པ་དང་། སྐྱེ་མཆེད་དུ་རྣམ་པར་རྟོག་པ་དང་། རྟེན་ཅིང ་འབྲེལ་བར་འབྱུང་བར་རྣམ་པར་རྟོག་པ་དང་། སྟོང་པའི་དོན་ལ་རྣམ་པར་རྟོག་པ་དང་། ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་རྟོག་པ་དང་། མཐོང་བའི་ལམ་ལ་རྣམ་པར་རྟོག་པ་དང་། སྒོམ་པའི་ལམ་ལ་རྣམ་པར་རྟོག་པ་དང་། མི་སློབ ་པའི་ལམ་ལ་རྣམ་པར་རྟོག་པ་སྟེ། གཉེན་པོའི་ཕྱོགས་ཀྱི་དངོས་པོ་ལ་བརྟེན་པའི་རྣམ་པར་རྟོག་པ་ཡང་རྣམ་པ་དགུའོ།། བདག་སོགས་རང་དབང་ངོ་བོ་དང་། དེ་བཞིན་ཕུང་སོགས་རྟེན་སྒོ་ནས། རྫས་དང་བཏགས་པའི་རྟེན་ཅན ་གྱིས།། འཛིན་པའི་རྣམ་པ་གཉིས་སུ་འདོད་ཅེས་པ་ལ། འཛིན་པའི་ནོར་རྟོག་པ་ཡང་རྣམ་པ་གཉིས་ཏེ། རྫས་ཀྱི་བདག་ཉིད་དུ་གནས་པ་དང་། བཏག་པའི་བདག་ཉིད་དུ་གནས་པའོ།། རྫས་ཀྱི་བདག་ཉིད ་བཀྱང་འཆད་པར་འགྱུར་བ་རང་དབང་ལ་སོགས་པའི་དབྱེ་བ་རྣམ་པ་དགུ་ཉིད་ཀྱིས་དེའི་ཡུལ་ཅན་གྱི་རྣམ་པར་རྟོག་པ་ཡང་སོ་སོར་དགུའོ།། བཏབས་པའི་བདག་ཉིད་དུ་གྲུབ་པ་ཡང་ཕུང་པོ་ལ་སོགས་པ་ལ་བརྟེན་པའི་སྒོ་ནས་རྣམ ་པ་དགུ་ཉིད་ཀྱིས་དེའི་ཡུལ་ཅན་ཉིད་ཀྱིས་རྣམ་པར་རྟོག་པ་ཡང་རྣམ་པ་དགུའོ།། འདི་ཉིད་གསུངས་པ། དེ་བཞིན་ཞེས་པ་སྟེ། ཇི་ལྟར་གཟུང་བའི་རྣམ་རྟོག་སོ་སོར་རྣམ་པ་དགུ་ཡིན་པ་དེ་ལྟར་འཛིན་པའི་རྣམ་རྟོག་ཀྱང་ཞེས་པའི ་དོན་ཏོ།། དེ་བདག་རང་དབང་ཅན་དུ་རྣམ་པར་རྟོག་པ་དང་། གཅིག་པུར་རྣམ་པར་རྟོག་པ་དང་། རྒྱུར་རྣམ་པར་རྟོག་པ་དང་། ལྟེ་བ་པོ་ལ་སོགས་པའི་བདག་ཏུ་རྣམ་པར་རྟོག་པ་དང་། ཀུན་ནས་ཉོན་མོངས་པར་རྣམ་པར་རྟོག་པ ་དང་། བདག་འདོད་ཆགས་དང་བྲལ་བའི་གཞིར་རྣམ་པར་རྟོག་པ་དང་། བདག་མཐོང་བའི་ལམ་གྱི་གཞིར་རྣམ་པར་རྟོག་པ་དང་། སྒོམ་པའི་ལམ་གྱི་གཞིར་རྣམ་པར་རྟོག་པ་དང་། དོན་བྱས་པའི་གཞིར་རྣམ་པར་རྟོག་པ་སྟེ། ་རྫས་ཀྱི་རང་བཞིན་ལ་བརྟེན་པོའི་རྣམ་པར་རྟོག་པ་དགུའོ།། ཕུང་པོར་བཏགས་པའི་རྣམ་པར་རྟོག་པ་དང་། སྐྱེ་མཆེད་དུ་བཏགས་པའི་རྣམ་པར་རྟོག་པ་དང་། ཁམས་སུ་བཏགས་པའི་རྣམ་པར་རྟོག་པ་དང་། རྟེན ་ཅིང་འབྲེལ་པར་འབྱུང་བར་བཏགས་པའི་རྣམ་པར་རྟོག་པ་དང་། བྱེ་རྣམ་པར་བྱང་བར་བཏགས་པའི་རྣམ་པར་རྟོག་པ་དང་། མཐོང་བའི་ལམ་དུ་བཏགས་པའི་རྣས་པར་རྟོག་པ་དང་། སྒོམ་པའི་ལམ་དུ་བཏགས་པའི་རྣམ་པར་རྟོག་པ ་དང་། ཁྱད་པར་གྱི་ལམ་དུ་བཏགས་པའི་རྣམ་པར་རྟོག་པ་དང་། མི་སློབ་པའི་ལམ་དུ་བཏགས་པའི་རྣམ་པར་རྟོག་པ་ཞེས་པ་སྟེ། བཏགས་པའི་རང་བཞིན་དུ་གནས་པའི་རྣམ་པར་རྟོག་པ་དགུའོ།། སྔོན་དུ་མདོར་བསྟན ་བའི་ཡོངས་སུ་འཛིན་པ་དེ་རྒྱས་པར་བསྟན་པའི་དུས་ལ་བབ་པས་གསུངས་པ། སེམས་མི་འགོང་བ་ཉིད་སོགས་ཀྱིས།། ངོ་བོ་ཉིད་མེད་སོགས་སྟོན་བྱེད།། དེའི་མི་མཐུན་ཕྱོགས་བོར་བ།། རྣམ་པ་ཀུན་ཏུ་ཡོངས་འཛིན ་ཡིན་ཞེས་པ་ལ། སེམས་ཞེས་པ་ནི་སློབ་མའི་སེམས་སོ།། མི་འགོང་བ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྐྱེད་པ་ལ་མ་ཞུམ་པའོ།། སོགས་པའི་སྒྲས་ཇི་ལྟར་དམན་པར་མི་འགྱུར་བའོ།། དེ་བཞིན་དུ་ཡང་དག ་པ་ཐབས་ལ་མཁས་པས་རང་བཞིན་མེད་པ་ལ་སོགས་པ་སྟོན་པའོ།། རང་བཞིན་མེད་པ་ནི་བཏགས་པའི་གཟུང་བྱ་དང་འཛིན་པས་སྟོང་བྱ་ཡིན་གྱི། ཐམས་ཅད་དུ་ཆུད་པ་ཉིད་ནི་མ་ཡིན་ནོ།། སྩོགས་པའི་སྒྲས་ནི་བསློད ་ནམས་ཀྱི་སྟེ་དེ་གཉིས་ཀ་ཡང་སྟོན་པ་པོ།། དེའི་ཁྱད་པར་ཇི་ལྟ་བུ་ཞེ་ན། གསུངས་པ། དེ་ཡི་མི་མཐུན་ཕྱོགས་བོར་བ་ཞེས་པ་ལ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དེ་དག་གི་གང་ཞིག་མི་མཐུན་པའི་ཕྱོགས་ནི ་སར་སྣ་ལ་སོགས་པ་དང་། མ་རིག་པ་ལ་སོགས་པའོ།། ། དེ་དག་བོར་བ་ནི་གང་ཞིག་དེའི་མི་མཐུན་པའི་ཕྱོགས་དེ་དག་བོར་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དེ་དག་སྟོན་པའོ།། དེ་དག་ཉེ་བར་བསྐྱེད། ་པ་པོ་སེར་སྣ་ལ་སོགས་པའི་ཉེས་པ་དང་བྲལ་བའི་སྐྱེས་བུའི་ཁྱད་པར་ཡང་དག་པར་ཡོངས་སུ་འཛིན་པ། དགེ་བའི་བཤེས་གཉེན་ཞེས་པོའི་དོན་ཏོ།། ད་ནི་སྒྲུབ་པའི་རྟེན་བརྗོད་པར་བྱ་སྟེ། སྒྲུབ་པ་ནི་བྱང་ཆུབ་ཀྱི་སྤྱོད་པའོ།། རྟེན་ནི་གཞིའོ།། ་དེ་ཉིད་གསུངས་པ། རྟོག་པ་ཡི་ནི་ཆོས་དྲུག་དང་།། གཉེན་པོ་དང་ནི་སྤོང་བ་དང་།། དེ་དག་ཡོངས་སུ་གཏུགས་པ་དང་།། ཤེས་རབ་སྙིང་བརྩེར་བཅས་པ་དང་།། སློབ་མ་ཐུན་མོང་མིན་ཉིད་དང་།། གཞན་གྱི་དོན་གྱི་གོ་རིམས་དང་།། ཡེ་ཤེས ་རྩོལ་བ་མོ་མངར་བར།། འཇུག་པའི་རྟེན་ལ་རིགས་ཞེས་བརྗོད་ཅེས་པ་ལ། དྲོད་ལ་སོགས་པ་བཅུ་གསུམ་གྱི་རྟོགས་པའི་ཆོས་ཀྱི་མཚན་ཉིད་ཀྱི་སྒྲུབ་པའི་རྟེན་ནི་རིགས་ཏེ་ཐོག་མར་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས ་དཔར་བརྗོད་དོ།། ཆོས་ཀྱི་དབྱིངས་ནི་དངོས་པོར་མ་གྲུབ་པ་ཉིད་ཀྱིས་དངོས་སུ་རིགས་མ་ཡིན་ཏེ། འོན་ཀྱང་དམིགས་པ་ཡིན་པ་ཉིད་ཀྱིས་རིགས་ཞེས་བརྗོད་དོ།། རྒྱུའི་དོན་གྱིས་རིགས་ཀྱིས་དོན་ཏེ། ཇི་སྐད་གསུངས་པའི་བྱང་ཆུབ ་སེམས་དཔའ་ཉིད་དོ།། རྟོགས་པའི་ཆོས་དྲུག་ཅེས་པ་ནི་དྲོད་དང་རྩེ་མོ་དང་། བཟོད་པ་དང་། ཆོས་ཀྱི་མཆོག་དང་། མཐོང་བའི་ལམ་དང་། སྒོམ་པའི་ལམ་ཞི་པ་སྟེ། ཆོས་རྣམ་པ་དྲུག་རྟོགས་པའོ།། གཉེན་པོ་དང་ནི་སྤོང་བ་དང ་ཞེས་པ་ལ་གཉེན་པོའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དེ་དག་ནི་གཉེན་པོའི་ཕྱོགས་དང་མི་མཐུན་པའི་ཕྱོགས་སོ།། ཡོངས་སུ་གཏུགས་པ་ནི་རྟོགས་པ་བརྟན་པ་འམ། རྣམ་པར་རྟོག་པ་ཟད་པ་སྟེ། དེ་དག་གཅིག་ཏུ་བགྲང ་ངོ།། ཤེས་རབ་སྙིང་པོ་ཌཱུར་བཅས་པ་ཞེས་པ་ལ་སྙིང་རྗེས་ཡོངས་སུ་ཟིན་པའི་ཤེས་རབ་སྟེ། དེ་དག་ཀྱང་གཅིག་ཏུ་གསལ་ལོ།། སློབ་མ་ཐུན་མོང་མིན་ཉིད་དང་ཞེས་པ་ནི་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི ་ཆོས་སོ།། གཞན་གྱི་དོན་གྱི་གོ་རིམ་དང་ཞེས་པ་ལ་བསམ་པ་ཇི་ལྟ་བ་བཞིན་དུ་ཐེག་པ་གསུམ་སྟོན་པའི་གོ་རིམས་སོ།། ཡེ་ཤེས་རྩོལ་བ་མི་མངའ་བར་ཞེས་པ་ནི་སངས་རྒྱས་ཀྱི་ཡེ་ཤེས་དཀའ་བ་མེད་པས་ཆོས་བཅུ ་གསུམ་རྟོགས་པའོ།། གང་ཞིག་རིག་པ་ནི་འདིར་སྐབས་ཀྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་པོ།། སྒྲུབ་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེའི་རྟེན་གྱིས་གནས་ཞེས་པའི་དོན་ཏོ།། འོ་ན་རྒྱུ་བ་དང་མི་རྒྱུ་བར་བཅས་པའི ་སྣ་ཚོགས་རྣམས་ནི་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་དེ།། དེ་བས་ན་ཆོས་ཀྱི་དབྱངས་དང་སྟོང་པོ་འདི་ནི་ག་ཅིག་ཉིད་ཀྱིས་ན་ཉན་ཐོས་ཀྱི་བྱང་ཆུབ་སེམས་བསྐྱེད་པའི་ཉན་ཐོས་ཀྱི་བྱང་ཆུབ་སེམས་དཔའི་ནི་ཉན་ཐོས་ཀྱི་རིགས་སོ། ་ཞེས་པ་འདི་དང་། དེ་ལྟར་ངེས་པོར་རང་སངས་རྒྱས་ཀྱི་རིགས་དང་།། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རིགས་ཞེས་པ་མི་འཐད་།། ཆོས་ཀྱི་དབྱིངས་ལ་དབྱེར་མོང་ཕྱིར།། རིགས་ནི་ཐ་དད་རུང་མ་ཡིན་ཞེས་རྒོལ ་པའོ།། རྟེན་བྱའི་ཆོས་ཀྱི་བྱེ་བྲག་གིས།། དེ་ཡི་དབྱེ་བ་ཡོངས་སུ་བརྗོད་ཅེས་པ་ནི་ལྡན་ནོ།། ཆོས་ཀྱི་དབྱིངས་ཐམས་ཅད་དུ་བྱེ་བྲབ་མེད་པ་ཡིན་ཀྱང་ཉན་ཐོས་ཀྱི་བྱང་ཆུབ་སེམས་དཔའ་ནི་ཉན་ཐོས་ཉིད་རྫོགས ་པར་བྱེད། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་ཆོས་རྣམས་ཀྱི་གཞིར་གྱུར་པ་གང་ཡིན་པ་དེ་རྣམས་དེའི་རིགས་སོ།། དེ་ལྟར་གང་ཞིག་རང་སངས་རྒྱས་ཀྱི་བྱང་ཆུབ་སེམས་དཔའི་ཆོས་རྣམས་ཀྱི་རྟེན་དུ་གྱུར་པ་དེ་རྣམས་དེའི ་རིགས་སོ།། དེ་ལྟར་གང་ཞིག་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བྱང་ཆུབ་སེམས་དཔའི་ཆོས་རྣམས་ཀྱི་རྟེན་དུ་གྱུར་པ་དེ་ནི་དེའི་རིགས་སོ།། ཇི་ལྟར་བྱེ་བྲག་མེད་པའི་བུམ་པ་རྣམས་ལས་ལ་ལ་ནི་འབྲུ་མར་གྱི་བུམ་པ། ལ་ལ ་ནི་མར་གྱི་བུམ། ལ་ལ་ནི་སྦྲང་རྩིའི་བུམ་པ་ཞེས་པ་ལྟ་བུའོ།། སྒྲུབ་པའི་རྟོན་བཤད་ནས་ད་ནི་དམིགས་པ་བརྗོད་པར་བྱ་སྟེ། དམིགས་བྱ་ཆོས་རྣམས་ཐམས་ཅད་དེ།། དེ་ཡང་དགེ་ལ་སོགས་པ་ཡིན།། འཇིག་རྟེན་པ་ཡི་རྟོགས་པ ་གང་དག་འཇིག་རྟེན་འདས་འདོད་དང་།། ཟག་བཅས་ཟག་པ་མེདོ་ཆོས་དང་།། གང་དག་འདུས་བྱས་འདུས་མ་བྱས།། སློབ་མ་ཐུན་མོང་ཆོས་རྣམས་དང་།། གང་དག་ཐུབ་པའི་ཐུན་མོང་མིན་ཞེས་པ་ལ། ཐོག་མར་ཆོས་ཐམས ་ཅད་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་སྟེ་རྣམ་པ་གསུམ་དུ་དབྱེའོ།། དགེ་བ་ནི་དྲི་མ་མེད་པའི་ལམ་མོ།། མི་དགེ་བ་ནི་སྲོག་གཅོད་པ་ལ་སོགས་པ་སྟེ། བདོ་འགྲོ་དང་ངན་འགྲོ་སྟེར་བར་བྱེད་པ་ཉིད་ཀྱིས་ནའོ།། ལུང་དུ་མ ་བསྟན་པ་ནི་ལུས་ཀྱི་ལས་ལ་སོགས་པའོ།། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་དེ་རྣམས་ལས་ས་བོན་རུལ་བ་ལྟ་བུར་ལུང་དུ་མ་བསྟན་པའི་ཆོས་བཞག་པ་སྟེ། དགེ་བ་དང་དམི་དགེ་བའི་ཆོས་དེ་དག་མདོར་བསྡུས་ནས་རྣམ་པ ་བཞིར་དབྱེ་བར་བྱ་སྟེ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། ཟག་པ་དང་བཅས་པ་དང་། བྲག་བྱ་མེད་པའོ།། དེ་ལ་འཇིག་རྟེན་པ་ནི་བྱིས་པའི་སྐྱེ་བོ་ཐམས་ཅད་དང་འབྲེལ་བའི་ཕུང་པོ་ལྔ་ལ་སོགས་པའོ།། འཇིག་རྟེན ་ལས་འདས་པ་ནི་འཕགས་པའི་སྐྱེ་བོ་ཐམས་ཅད་ཀྱིས་ཡང་དག་པར་བསྡུས་པའི་བསམ་གཏན་བཞི་ལ་སོགས་པའོ།། ཟག་པ་དང་བཅས་པ་ནི་བདག་ཏུ་ལྟ་བའི་གཉེན་པོ་མ་ཡིན་པ་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་སོགས་པའོ།། ། ་ཟག་པ་མེད་པའི་བདག་ཏུ་ལྟ་བའི་གོ་ཉེན་པོ་དྲན་པ་ཉེ་བར་བཞག་པ་ལ་སོགས་པའོ།། ཡང་དགེ་བ་དང་། མི་དགེ་བའི་ཆོས་དེ་དག་རྣམ་བྱ་བཞི་སྟེ། འདུས་བྱས་དང་། འདུས་མ་བྱས་དང་། སློབ་མ་ཐུན་མོང་བ་དང་། ཐུན་མོང་མིན ་བར་བརྗོད་པའོ།། འདུས་བྱས་ནི་རྒྱུ་དང་རྐྱེན་ལ་བལྟོས་པ་སྟེ། འདོད་པའི་ཁམས་ལ་སོགས་པའོ།། འདུས་མ་བྱས་ནི་རྒྱུ་རྐྱེན་ལ་མི་བལྟོས་པ་སྟེ། སྟོང་པ་ཉིད་ལ་སོགས་པའོ།། སློབ་མ་ཐུན་མོང་ན་འཕགས་པའི་རིགས ་ཐམས་ཅད་ཀྱིས་རབ་ཏུ་བསྒོམས་པའི་བསམ་གཏན་བཞི་ལ་སོགས་པའོ།། ཐུན་མོང་མིན་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་པས་གོམས་པའི་སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པའོ།། ་དེ་ལྟར་ན་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་སྟེ། གསུམ་དང་། བཞི་དང་། བཞིས་དམིགས་པ་རྣམ་པ་བཅུ་གཅིག་ཏུ་གསུངས་པའོ།། སྒྲུབ་པའི་ཆེད་དུ་བྱ་བ་བརྗོད་པར་བྱ་སྟེ། སེམས་ཅན་ཀུན ་མཆོག་ཉིད་སེམས་དང་།། སྤོང་དང་རྟོགས་དང་གསུམ་བྱོ་ལ།། ཆེན་པོ་གསུམ་གྱི་རང་འབྱུང་གི། ཆེད་དུ་བྱ་བ་འདི་ཤེས་བྱ་ཞེས་པ་ལ། གང་དག་གི་དོན་དུ་བསོད་ནམས་ད་ཡེ་ཤེས་ཀྱི་ཚོགས་བསྐྱེད་ཅིང་སོགས་པ་ནི་ཆེད་དུ་བྱ ་བའོ།། དེ་གང་གི་ཞེ་ན། གསུངས་སེམས་ཅན་ཀུན་མཆོག་སྐྱེས་པ་སྟེ། སེམས་ཅན་ཐམས་ཅད་ལ་རྣམ་པ་ཐམས་ཅད་ཀྱི་མཆོག་བྱེད་པ་ནི་སེམས་ཅན་ཀུན་མཆོག་གོ།། དེ་ཁྱད་པར་ཇི་ལྟ་ཞེས་པ་ལ་གསུངས་པ། སེམས ་དང་ཞེས་པ་ལ་སོགས་པ་སྟེ། སེམས་དང་། སྤོང་བ་དང་། རྟོགས་པ་ཉིད་དང་གསུམ་མོ།། དེ་ལ་ཆེན་པོ་གསུམ་ལ་སེམས་ཆེན་པོ་ནི་རྣམ་པ་ཐམས་ཅད་ཀྱིས་ཆོས་ཐམས་ཅད་མངོན་སུམ་དུ་བྱེད་པའོ།། སྤོང་བ་ཆེན་པོ་ནི་ཉོན ་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་དང་བྲལ་བའོ།། རྟོགས་པ་ཆེན་པོ་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཐོབ་པའོ།། ཆེན་པོ་གསུམ་གྱིས་མཚོན ་པ་གང་ཡིན་པ་དེ་ནི་སེམས་ཅན་མཆོག་སྟེ། འདི་ནི་སྒྲུབ་པའི་ཆེད་དུ་བྱ་བའོ།། རང་བྱུང་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་གྱི། ཉན་ཐོས་ལ་སོགས་པ་ནི་མ་ཡིན་ནོ།། དེ་བས་ན་བྱང་ཆུབ་སེམས་དཔའ་རྣམས ་ཀྱིས་དེ་བཞིན་དུ་བསྒྲུབ་པར་བྱ་ཞེས་བསྟན་ཏོ།། སྒྲུབ་པའི་རྟེན་དང་། དམིགས་པ་དང་། ཆེད་དུ་བྱ་བ་རྣམས་གསུངས་ནས། ད་ནི་སྒྲུབ་པ་བཞི་པོ་རྣམས་བརྗོད་པར་བྱ་སྟེ། དེ་ལས་སྒྲུབ་པའི་གོ་ཆ་གསུངས་པ། སྦྱིན་ལ་སོགས ་བྱ་རྣམ་དྲུག་ལ།། རྡོ་རྣམས་སོ་སོར་བསྡུས་པ་ཡིས།། གོ་ཆའི་སྒྲུབ་པ་གང་ཡིན་ནི།། དྲུག་ཚན་དྲག་གླི་དྷི་བཞིན་བཤུད་ཅེས་པའོ།། སྦྱིན་ལ་སོགས་པ་ཞེས་པ་ལ།། སྦྱིན་པ་རྣམ་པ་གསུམ་ནི་རྫས་དང་། མི་འཇིགས་པ་དང ་ཆོས་སོ།། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང་། སྡོམ་པའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་སོ།། སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པ་དང་། གཞན་གྱིས་གནོད་པ་བྱས་པ་ལ ་ཇི་མི་སྙམ་པ་དང་། ཆོསཱ་ལ་ངེས་པར་སེམས་པའི་བཟོད་པའོ།། སྦྱོར་བའི་བརྩོན་འགྲུས་དང་། མཱི་ལྷོད་པའི་བརྩོན་འགྲུས་དང་། གོ་ཆའི་བརྩོན་འགྲུས་སོ།། རང་གི་སྐྱོན་སྤོང་བ་དང་། རྫུ་འཕྲུལ་བསྐྱེད་པ་དང་། མཐོང་བའི་ཆོས ་ལ་བདེ་བར་གནས་པའི་བསམ་གཏན་ནོ།། ཐོས་པའི་རང་བཞིན་གྱི་ཤེས་རབ་དང་། བསམ་པའི་རང་བཞིན་དང་། སྒོམ་པའི་རང་བཞིན་གྱི་ཤེས་རབ་ཅེས་སྟེ། དེ་ལྟར་སོ་སོར་རྣམ་པ་གསུམ་གསུམ་མོ།། ཕ་རོལ་ཏུ ་ཕྱིན་པ་དྲུག་ལས་གཅིག་གི་བདག་ཉིད་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་རྣམ་པར་བཞག་པར་བྱ་སྟེ། བྱང་ཆུབ་སེམས་དཔའི་གོ་ཆ་ཡིན་པས་སོ།། དེ་ལ་སྦྱིན་པ་གཏོང་བ་དང་། དེའི་འབྲས་བུ་ཉན་ཐོས་ལ་སོགས་པ། ་སྤོང་བ་དང་། ནམ་བྱང་ཆུབ་མྱ་ཐོབ་ཀྱི་བརླངདུ་སྦྱིན་པ་འདི་ལ་གཏོང་བར་བྱ་ཞེས་པ་ལ་སོགས་པར་མི་སེམས་པ་ནི་ཆོས་ལ་ངེས་པར་སེམས་པའི་བཟོད་པའོ།། འདི་ཉིད་ཡང་ནས་ཡང་དུ་ཉིད་ཀྱང་སྙོམས ་པར་བྱེད་ཅིང་གཞན་རྣམས་ལ་ཡང་སྟོན་པར་སྤྲོ་བ་ནི་བརྩོན་འགྲུས་སོ།། སོར་སྣ་ལ་སོགས་པ་ཡོངས་སུ་སྤངས་ནས་སྦྱིན་པ་དེ་ཉིད་ལ་སེམས་རྩེ་གཅིག་པ་ནི་བསམ་གཏན་ནོ།། སྦྱིན་པ་དེ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས ་སུ་བསྔོ་བའི་དུས་སུ་འདི་དག་ཐམས་ཅད་ནི་སྒྱུ་མ་ལྟ་བུའོ་ཞེས་ཤེས་པར་བྱེད་པ་ནི་ཤེས་རབ་ཅེས་པ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གཅིག་པུ་ཉིད་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་སོ།། དེ་ལྟར་ཚུལ་ཁྲིམས་བསྲུང་བ་དང་། ་བཟོད་པ་ཕུན་སུམ་ཚོགས་པར་བྱ་བ་དང་། བརྩོན་འགྲུས་བརྩམ་པར་བྱ་བ་དང་། བསམ་གཏན་ཉམས་སུ་བློང་བ་དང་། ཤེས་རབ་བསྐྱེད་པ་སྟེ། དེའི་འབྲས་བུ་ཡང་སེམས་ཅན་ཐམས་ཅད་ལ་དབུལ་ཞེས་བསྔོ་བར་བྱའོ་ཞེས་པ ་ཕ་རོལ་ཏུ་ཕྱིན་པ་དྲུག་ཉིད་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་འགྱུར་ཏེ། དེ་བས་ན་དྲུག་ཚན་དྲུག་ནི་སུམ་ཅུ་རྩེ་དྲུག་ཏེ་གོ་ཆའི་སྒྲུབ་པའོ།། གཉིས་པ་སྒྲུབ་པའི་འཇུག་པ་བརྗོད་པར་བྱ་སྟེ། འཇུག་པའི་སྒྲུབ་པ་ནི་བྱང་ཆུབ་ཀྱི་ཆེད་དུ ་འགྲོ་བར་རྩོམ་པའི་སྟེ། དེ་ཡང་ཡུལ་གྱི་དབྱི་བས་རྣམ་པ་དགུར་གསུངས་སོ།། བསམ་གཏན་གཟུགས་མེད་སྦྱིན་སོགས་དང་།། ལམ་དང་བྱམས་ལ་སོགས་པ་དང་།། དམིགས་པ་མེད་དང་ལྡན་པོ་དང་།། འཁོར་གསུམ་རྣམ ་བར་དག་པ་དང་། ཆེད་དུ་བྱ་དང་མངོན་ཤེས་དྲུག། རྣམ་ཀུན་མཁྱེན་པའི་ཚུལ་ལ་ནི།། འཇུག་པའི་སྒྲུབ་པ་ཐེག་ཆེན་ལ།། འཛེགས་པ་ཡིན་པར་ཤེས་པར་བྱ་ཞེས་པ་སྟེ། བསམ་གཏན་ཞེས་པ་ནི་བསམ་གཏན་བཞི་སྟེ།། ་རྟོག་པ་དང་། དཔྱོད་པ་ས་དང་། དགའ་བ་དང་། བདེ་བ་དང་། སེམས་རྩེ་གཅིག་པ་སྟེ། ཡན་ལག་ལྔ་ནི་བསམ་གཏན་དང་པོའོ།། ནང་ཡོངས་སུ་དང་བ་དང་། དགའ་བ་དང་། བདེ་བྱ་དང་། སེམས་རྩེ་གཅིག་པ་སྟེ། ཡན་ལག་བཞི་ནི ་བསམ་གཏན་གཉིས་པའོ།། བཏང་སྙོམས་དང་། དྲན་པ་དང་། ཤེས་བཞིན་དང་། བདེ་བ་དང་། སེམས་རྩེ་གཅིག་པ་སྟེ། ཡན་ལག་ལྔ་ནི་བསམ་གཏན་གསུམ་པའོ།། བཏང་སྙོམས་ཡོངས་སུ་དག་པ་དང་། དྲན་པ་ཡོངས་སུ་དག ་བཔ་དང་། སྡུག་བསྔལ་བ་དང་། བདེ་བ་མ་ཡིན་པའི་ཚོར་བ་དང་། སེམས་རྩེ་གཅིག་པ་སྟེ། ཡན་ལག་བཞི་ནི་བསམ་གཏན་བཞི་པའོ།། གཟུགས་མེད་བཞི་ནི་འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་དག་ལས་འདོད་ཆགས ་དང་བྲལ་ནས་ན་མཁའ་ཉིད་ལ་མཐའ་ཡས་པར་དམིགས་པར་བྱེད་དེ། དེས་ན་ན་མཁའ་མཐའ་ཡས་སྐྱེ་མཆེད་དོ།། དེ་ལ་སྨྲ་ཀྱང་འདོད་ཆགས་དང་བྲལ་ནས་རྣམ་པར་ཤེས་པ་ཉིད་གཅིག་པུ་ལ་མཐའ་ཡས་པར་དམིགས ་ཏེ། དེ་བས་ན་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དོ།། དེ་ལས་ཀྱང་འདོད་ཆགས་དང་བྲལ་ནས་ཅུང་ཟད་མེད་པ་ཉིད་ལ་དམིགས་པར་བྱེད་དེ། དེ་བས་ན་ཅུང་ཟད་མེད་པའི་སྐྱེ་མཆེད་དོ།། དེ་ནས་དེ་ལས་ཀྱང་འདོད་ཆགས ་དང་བྲལ་ནས་འདུ་ཤེས་མྱེད་འདུ་ཤེས་མེད་མིན་ཉིད་ལ་དམིགས་པར་བྱེད་དེ། དེ་བྱས་ན་འདུ་ཤེས་མེད་མིན་མཐའ་ཡས་སྐྱེ་མཆེད་ཅེས་པ་སྟེ། བསམ་གཏན་གཟུགས་མེད་ལ་སྒྲུབ་པའི་འཇུག་པ་ཞེས ་ཐམས་ཅད་དུ་འདུན་པའི་མཐའ་ཅན་སྦྱར་བར་བྱའོ།། སྦྱིན་སོགས་ཞེས་པ་ནི་ཇི་སྐད་གསུངས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ།། ལམ་ཞེས་པ་ནི་མཐོང་བ་དང་། སྒོམ་པ་དང་། མི་སློབ་པ་དང་། ཁྱད་པར་གྱི་ལམ་རྣམས་སོ།། བྱམས ་ལ་སོགས་ཞེས་པ་ནི་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་རྣམས་ཏེ། སེམས་ཅན་ཐམས་ཅ་ད་བདེ་བ་དང་ལྡན་པར་འདོད་པ་ནི་བྱམས་པའོ།། སྡུག་བསྔལ་དང་བྲལ་བར་འདོད་པ་ནི་སྙིང་རྗེའོ།། བདེ ་བ་དང་ལྔ་མི་འབྲལ་བར་འདོད་པ་ནི་དགའ་བའོ།། སྡུག་བསྔལ་དང་བྲལ་བ་དང་ལྡན་པར་འདོད་པ་ནི་བཏང་སྙོམས་ཏེ་བྱམས་པ་ལ་སོགས་པའོ།། དམིགས་པ་མེད་དང་ལྡན་པ་དང་ཞེས་པ་ནི་གཟུང་བ་དང་འཛིན་པའི་དངོས ་བོར་བཏེགས་པ་མཐའ་དག་མི་དམིགས་པ་སྟེ། གཉིས་སུ་མེད་པར་དམིགས་པའི་རང་བཞིན་ནོ།། འཁོར་གསུམ་རྣམ་པར་དག་པ་དང་ཞེས་པ་ནི་སྦྱིན་པ་པོ་དང་། སྦྱིན་པར་བྱ་བའི་དངོས་པོ་དང་། སྦྱིན་བྱ་རྣམས་རྨི་ལམ ་ལྟ་བུ་ལ་སོགས་པར་སོ་སོར་སྣང་བས་རྣམ་པར་དག་པར་བྱའོ།། ཆེད་དུ་བྱ་དང་ཞེས་པ་ནི་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་བྱ་བ་དང་། སྐྱོན་ཐམས་ཅད་ལས་གྲོལ་བར་བྱ་བ་དང་། ཡོན་ཏན་ཐམས་ཅད་དང་ལྡན ་པབཔར་སྟེ། དེས་ན་ཆེད་དུ་བྱ་བ་ནི་རྣམ་པ་གསུམ་མོ།། མངོན་ཤེས་དྲུག་ཅེས་པ་ནི་སྔོན་དུ་བཤད་པ་རྣམས་སོ།། རྣམ་ཀུན་མཁྱེན་པའི་ཚུལ་ཞེས་པ་ལ་རྣམ་པ་ཐམས་ཅད་ཀྱི་ཆོས་ཐམས་ཅད་རྟོགས་པ་ནི་རྣམ་ཀུན ་མཁྱེན་ནོ།། དེའི་ཚུལ་ནི་ལམ་མོ།། འཛེགས་པ་ནི་ཐེག་པ་ཆེན་པོ་ལ་སྒྲུབ་པའི་འཇུག་པ་སྟེ་རྣམ་པ་དགུར་བརྗོད་དོ།། ད་ནི་གསུམ་པ་བསྒྲུབ་པའི་ཚོགས་བརྗོད་པར་བྱ་སྟེ། བརྩེ་དང་སྦྱིན་ལ་སོགས་པ་དྲུག། ཞི་གནས་ལྷག་མཐོང ་བཅས་པ་དང་།། ཟུང་དུ་འབྲེལ་བའི་ལམ་གང་དང་།། ཐབས་ལ་མཁས་པ་གང་ཡིན་དང་།། ཡེ་ཤེས་དང་ནི་བསོད་ནམས་དང་།། ལམ་དང་གཟུངས་དང་ས་བཅུ་དང་།། གཉེན་པོ་ཚོགས་ཀྱི་སྒྲུབ་པ་ཡི།། རིམ་པ་ཡིན་པར་ཤེས ་བར་བྱ།། ཞེས་པ་ལ། བྱང་ཆུབ་ཀྱི་ཚོགས་སུ་གྱུར་པས་ཚོགས་སུ་བཅུ་བདུན་ཏེ། སྙིང་རྗེའི་ཚོགས་དང་། སྦྱིན་པའི་ཚོགས་དང་། ཚུལ་ཁྲིམས་ཀྱི་ཚོགས་དང་། བཟོད་པའི་ཚོགས་དང་། བརྩོན་འགྲུས་ཀྱི་ཚོགས་དང་། བས ་གཏན་གྱི་ཚོགས་དང་། ཤེས་རབ་ཀྱི་ཚོགས་དང་། ཞི་གནས་ཀྱི་ཚོགས་དང་། ལྷག་མཐོང་གི་ཚོགས་དང་། ཟུང་དུ་འཇུག་པའི་ལམ་གྱི་ཚོགས་དང་། ཐབས་ལ་མཁས་པའི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་དང་། བསོད་ནམས ་ཀྱི་ཚོགས་དང་ལམ་གྱི་ཚོགས་དང་། གཟུངས་ཀྱི་ཚོགས་དང་། སའི་ཚོགས་དང་། གཉེན་པོའི་ཚོགས་ཤེས་པའོ།། ཞི་གནས་ཤེས་པ་ནི་སེམས་རྩེ་གཅིག་པའོ།། ལྷག་མཐོང་བཅས་པ་ཞེས་པ་ནི་ལྷག་མཐོང་བཅས་པར ་འཇུག་པའོ།། ཁྱད་པར་དུ་མཐོང་བ་ནི་ལྷག་མཐོང་སྟེ། ཤེས་རབ་ཅེས་པའི་དོན་ཏོ།། ཟུང་དུ་འབྲེལ་པའི་ལམ་གང་ཞེས་པ་ནི་ཞི་གནས་དང་ལྷག་མཐོང་དག་ནི་ཟུང་ངོ་།། དེ་མཉམ་པར་འཇུག་པ་ནི་ཟུང་དུ ་འབྲེལ་པའི་ལམ་མོ།། ཐབས་ལ་མཁས་པ་གང་ཡིན་དང་ཞེས་པ་ལ། སངས་རྒྱས་ཉིད་ཀྱི་ཐབས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་སྟེ། དེ་རྣམས་ལ་མཁས་པ་ནི་ཐབས་ལ་མཁས་པའོ།། ཡེ་ཤེས་ཞེས་པ་ནི་སྟོང་པ་ཉིད་ཉི་ཤུའི་ཡེ་ཤེས་སོ།། ་བསོད་ནམས་ཞེས་པ་ན་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། དེའི་ཡུལ་བརྩོན་འགྲུས་ཀྱང་བསོད་ནམས་སོ།། ལམ་ཞེས་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པའོ།། གཟུངས་དང་ཞེས་པ་ནི ་གཟུངས་རྣམ་པ་བཞི་རྣམ་པ་སྟེ། བཟོད་པའི་གཟུངས་དང་། ཆོས་ཀྱི་གཟུངས། དོན་གྱི་གཟུངས་དང་། སྔགས་ཀྱི་གཟུངས་རྣམས་སོ།། ས་བཅུ་ཞེས་པ་ནི་རབ་ཏུ་དགའ་བ་ལ་སོགས་པའོ།། གཉེན་པོ་ཞེས་པ་ནི་མཐོང་བ་དང་སྒོམ ་པའི་ལམ་དག་རྣམ་པ་བརྒྱད་དུ་འཆད་པར་འགྱུར་བའི་གནས་སྐབས་ཀྱི་བྱེ་བྲག་གིས་ཏེ། ལམ་དེ་དག་ཉིད་ཀྱི་མི་མཐུན་པའི་ཕྱོགས་སུ་གྱུར་པ་རྣམ་པར་རྟོག་པ་བརྒྱད་སུན་འབྱིན་པར་བྱེད་པ་ཉིད་ཀྱིས་ནི་གཉེན་པོའི་ཕྱོགས ་སོ། སྟོང་པ་ཉིད་ཉི་ཤུ་བརྗོད་པར་བྱ་སྟེ། ནང་གང་ཕྱི་དང་གཉིས་ཀ་དང་།། དངོས་པོ་སྟོང་པ་ཉིད་དང་ནི།། ཕྱོགས་དང་མྱ་ངན་འདས་ལམ་དང་།། རྒྱུ་ལས་སྐྱེས་དང་གཞན་པ་དང་།། མཐོའ་ལས་འདས་སོགས་དོར་མེད་དང ་རང་བཞིན་དངོས་པོ་ཐམས་ཅད་དང་།། སྐྱེས་སོགས་ཆོས་རྣམས་འདས་པ་སོགས་དང་།། འབྲེལ་དང་གཞན་པའི་གཟུགས་དག་དང་།། ནམ་མཁའ་སྟོང་པ་བརྗོད་པ་དང་།། ཆོས་དང་གཞན་པའི་དངོས་པོ་དང་།། རང་རང་ངོ་བོས་སྟོང་པ་ཉིད།། ་སྟོང་པ་ཉི་ཤུ་ཐམ་པར་འདོད་ཅེས་པའོ།། དེ་ལ་སྟོང་པ་ཞེས་བྱ་བ་ནི་ཐམས་ཅད་དུ་འོད་གསལ་བ་བརྟགས་པའི་རང་བཞིན་ཉིད་ཀྱི་སྟོང་པའོ་ཞེས་བྱ་བར་བྱམས་པ་ལ་སོགས་པ་བཞེད་དོ།། ནང་ཞེས་པ་ནི་མིག་ལ་སོགས་པའི ་དབང་པོ་ལྔའི་བདག་ཉིད་ཀྱི་ལུས་སྟོང་པ་སྟེ་ནང་སྟོང་པ་ཉིད་དོ།། ཕྱི་ཞེས་པ་ནི་ལུས་ལ་ཕྱི་རོལ་གྱི་གཟུགས་ལ་སོགས་པ་སྟོང་པ་སྟེ། ཕྱི་སྟོང་པ་ཉིད་དོ།། གཉིས་ཀ་ཞེས་པ་ནི་ལུས་ལས་ཕྱི་རོལ་མ་ཡིན་པ་དང་། ལུས་ཀྱི་དབང་པོས ་མ་ཁྱབ་པའི་སེན་མོ་ལ་སོགས་པ་དེ་དག་གི་བདག་ཉིད་སྟོང་པ་སྟེ། དེས་ན་དེ་ནི་ཕྱི་ནང་སྟོང་པ་ཉིད་དོ།། དངོས་པོ་སྟོང་པ་ཉིད་ཅེས་པ་ནི་གང་ཟག་ལ་སོགས་པ་སྟོང་པ་སྟེ། དེ་ནི་སྟོང་པ་ཉིད་སྟོང་པ་ཉིད་དོ།། ཕྱོགས་ཞེས་པ་ནི་ཕྱོགས ་བཅུ་པོ་རྣམས་སྟོང་པ་སྟེ། དེ་ནི་ཆེན་པོ་སྟོང་པ་ཉིད་དོ།། མྱ་ངན་འདས་ལ་མ་ཞེས་པ་ནི་ལམ་དང་བཅས་པའི་མྱ་ངན་ལས་འདས་སྟོང་པ་དེ་ནི་དོན་དམ་པ་སྟོང་པ་ཉིད་། རྒྱུ་ལས་སྐྱེས་དང་གཞན་པ་དང་ཞེས་པ་ལ། རྒྱུ་ལས་སྐྱེས་པའི ་ཁམས་གསུམ་པོ་རྣམས་སྟོང་པ་སྟེ། དེ་ནི་འདུས་བྱས་སྟོང་པ་ཉིད་དོ།། གཞན་ནི་མ་སྐྱེས་པ་ལ་སོགས་པ་སྟེ། དེ་ནི་འདུས་མ་བྱས་སྟོང་པ་ཉིད་དོ།། མཐའ་ལས་འདས་སོ་གས་དོར་མེད་དང་།། རང་བཞིན་དངོས་པོ་ཐམས་ཅད་དང ་ཞེས་པ་ལ། མཐའ་ལས་འདས་པ་ནི་རྟག་པའི་དངོས་པོ་སྟེ། དེའི་སྟོང་པ་ཉིད་ནི་མཐའ་ལས་འདས་པ་སྟོང་པ་ཉིད་དོ།། སོགས་པའི་སྒྲས་ཐོག་མ་དང་ཐ་མ་མྱེད་པ་གཟུངས་སྟེ་གང་ལ་ཐོག་མ་དང་ཐ་མ་མེད ་པ་སྟེ་འཁོར་བའོ།། དེ་སྟོང་པ་ཉིད་ནི་ཐོག་མ་དང་ཐ་མྱེད་པ་སྟོང་པ་ཉིད་དོ།། དོར་བ་ནི་རྣམ་པར་གཡེང་བ་སྟེ་གང་ལ་དེ་མེད་པ་ནི་དོར་བ་མེད་པ་སྟེ། ཟག་པའི་ལམ་ལོ།། དེའི་སྟོང་པ་ཉིད་ནི་དོར་བ་མེད་པ་སྟོང་པ་ཉིད་དོ།། རང་བཞིན་ཞེས་པ ་ནི་ཆོས་ཀྱི་དབྱིངས་ཏེ་དེའི་སྟོང་པ་ཉིད་ནི་རང་བཞིན་སྟོང་པ་ཉིད་དོ།། དངོས་པོ་ཐམས་ཅད་ཅེས་པ་ནི་དངོས་པོ་ཐམས་ཅད་སྟོང་པ་ཉིད་དེ། དེའི་སྟོང་པ་ཉིད་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དོ།། སྐྱེ་སོགས་ཆོས་རྣམས་འདས་པ་ལགས་ཞེས ་པ་ལ། སྐྱེ་སོགས་ཆོས་རྣམས་ནི་འདུས་བྱས་ཀྱི་དངོས་པོའི་སྐྱེ་བ་ལ་སོགས་པའི་ཆོས་ཏེ། སྐྱེ་བ་དང་། གནས་པ་དང་། རྒས་པ་དང་། འཆི་བ་སྟེ། འདུས་བྱས་ཀྱི་མཚན་ཉིད་ཅེས་པའི་དོན་ཏོ།། དེའི་སྟོང་པ་ཉིད་ནི་རང་གི་མཚན་ཉིད་སྟོང་པ ་ཉིད་དོ།། འདས་པ་ལ་སོགས་པ་ནི་འདས་པོ་དང་། མ་འོངས་པ་དང་། ད་ལྟར་ཏེ། དུས་གསུམ་མོ།། དེའི་སྟོང་པ་ཉིད་ནི་མི་དམིགས་པ་སྟོང་པ་ཉིད་དོ།། འབྲེལ་དང་གཞན་པའི་གཟུགས་ཞེས་པ་ལ་ཡང་དག་པར་འབྲེལ་བའི་གཟུགས ་ནི་ཡང་དག་པར་ལྡན་པའི་ཆོས་ཏེ། འབྲས་དང་ཡུངས་ཀར་ལ་སོགས་པའི་ཕུང་པོ་སྟེ། དེའི་སྟོང་པ་ཉིད་ནི་དངོས་པོ་མེད་པར་རང་བཞིན་སྟོང་པ་ཉིད་དོ།། གཞན་པའི་གཟུགས་ནི་དངོས་པོ་མེད་པ་སྟེ། དེ་དག་ཐ་སྙད་དུ་བྱ་བའི་རྒྱ ་འབྲས་དང་ཡུངས་ཀར་ལ་སོགས་པ་ཉིད་དེ། དེའི་སྟོང་པ་ཉིད་ནི་དངོས་པོ་མེད་པ་སྟོང་པ་ཉིད་དོ།། ནམ་མཁའ་སྟོང་པར་བརྗོད་པ་ཞེས་པ་ལ་ནམ་མཁའ་ཞེས་བྱ་བ་དང་། སྟོང་པ་ཞེས་བྱ་བ་སྟེ། དངོས་པོ་དང་དངོས་པོ་མེད་པ་ཉིད་དོ།། ཆོས ་ཞེས་པ་ལ་ལུང་དང་རྟོགས་པའི་ཆོས་དང་། དེའི་སྟོང་པ་ནི་རང་བཞིན་སྟོང་པ་ཉིད་དོ།། གཞན་པའི་དངོས་པོ་དང་། རང་རང་ངོ་བོས་སྟོང་པ་ཉིད་ཅེས་པ་ལ་གཞན་ནི་ལུས་ལས་ལོགས་ཤིག་པའི་བདག་ཉིད་རང་བཞིན་གྱིས་ཏེ། ་རང་བཞིན་དེ་ཁོ་ན་ཉིད་ཀྱིས་སྟོང་པས་གཞན་པའི་དངོས་པོ་སྟོང་པ་ཉིད་ཅེས་པའོ།། སྟོང་ཚོགས་རང་བཞིན་མེད་པ་ལ་འགྲོ་བ་རྣམས་ཀྱིས་དེ་དང་དེའི་རྣམ་པར་སྒྲོ་འདོགས་པ་བཅད་པའི་དོན་དུ་སྟོང་པ་ཉིད་ཉི་ཤུར་བརྗོད་དོ།། ་འདི་རྣ་མས་ཡོངས་སུ་ཤེས་པ་ནི་ཡེ་ཤེས་ཀྱི་ཚོགས་སོ།། ས་བཅུ་ཞེས་པ་ནི་སུའི་ཚོགས་སུ་བརྗོད་དོ།། ས་བཅུ་ནི་རབ་ཏུ་དགའ་བ་དང་། དྲི་མ་མྱེད་པ་དང་། འོད་བྱེད་པ་དང་། འོད་འཕྲོ་བ་དང་། བགྲོད་པར་དཀའ་བ་དང་། མངོན ་དུ་གྱུར་པ་དང་། རིང་དུ་སོང་བ་དང་། མི་གཡོ་བ་དང་། ལེགས་པའི་བློ་གྲོས་དང་། ཆོས་ཀྱི་སྤྲིན་ནོ།། འདི་རྣམས་ཀྱི་ཚོགས་ནི་དེ་རྣམས་རིམ་པར་རྟོགས་པར་བྱ་བའི་ཕྱིར་གསུངས་པ། ཡོངས་སུ་སྦྱོང་བ་རྣམ་བཅུ་ཡི།། ས ་ནི་དང་པོ་ཐོབ་འགྱུར་ཏོ།། བསམ་དང་ཕན་པའི་དངོས་ཉིད་དང་།། སེམས་ཅན་རྣམས་ལ་སེམས་མཉམ་ཉིད།། བཏོང་དང་བཤེས་གཉེན་བསྟེན་པ་དང་།། དོམ་ཆོས་དམིགས་པ་འཚོལ་བ་དང་།། རྟག་ཏུ་ངེས་འབྱུང ་སེམས་ཉིད་དང་། སངས་རྒྱས་སྐུར་འདོད་དགའ་བ་དང་། ཆོས་སྟོན་པ་དང་བདེན་པ་ཡི།། ཚིག་ནི་བཅུ་པ་ཡིན་པར་འདོད།། འདི་དག་རང་བཞིན་མི་དམིགས་པས།། ཡོངས་སུ་སྦྱོངས་པ་ཤེས་པར་བྱ།། ། ་ཞེས་པ་སྟེ། བསམ་ཞེས་པ་ནི་སེམས་ཅན་ཐམས་ཅད་ལ་མི་བསླུ་བའི་བསམ་པའོ།། ཕན་པའི་དངོས་ཉིད་ཅེས་པ་ནི་སེམས་ཅན་ཐམས་ཅད་ལ་ཕན་པར་དགྱེས་པར་བྱེད་པའོ།། སེམས་ཅན་རྣམས་ལ་སེམས་མཉམ་ཉིད་ཅེས་པ ་ནི་སེམས་ཅན་ཐམས་ཅད་ལ་ཕན་པར་སེམས་པའོ།། གཏོང་དང་ཞེས་པ་ནི་ཐམས་ཅད་གཏོང་བའོ།། ཁ་ཤེས་གཉེན་བསྟེན་པ་ནི་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱེད་པའོ།། དམ་ཆོས་དམིགས་པ་ཚོལ་བ་དང་ཞེས ་བ་ནི་སངས་རྒྱས་ཀྱི་གསུང་ལ་ཇི་སྲིད་དུ་རབ་ཏུ་འབྱེད་པ་དེ་སྲིད་དུ་འཆོལ་ཞིང་དཔྱོད་པའོ།། ག་ཏུ་ངེས་འབྱུང་སེམས་ཉིད་དང་ཞེས་པ་ནི། ཁྱིམ་གྱི་གནས་ལས་ལོག་པའོ།། སངས་རྒྱས་སྐུར་འདོད་དགའ་བ་དང་ཞེས་པ ་ནི་སངས་རྒྱས་ནི་བཅོམ་ལྡན་འདས་ཏེ། ཆོས་དྲང་ལོངས་སྤྱོད་རྫོགས་པ་དང་།། སྤྲུལ་སྐུ་གསུམ་དུ་འདོད་པའོ།། ཆོས་སྟོན་པ་དང་ཞེས་པ་ནི་ཟང་ཟིང་ལ་མི་བལྟོས་པའི་སེམས་ཀྱིས་ཆོས་སྟོན་པའོ།། བདེན་པའི་ཚིག་ནི ་བཅུ་པ་ཡིན་པར་འདོད་ཅེས་པ་ལ། བདེན་པའི་ཚིག་ནི་བདེན་པའི་ཚིགས་རྣམས་ཏེ། དེ་རྒྱུ་བཅུ་པར་འདོད་དོ།། འདི་དག་རང་བཞིན་མི་དམིགས་པས།། ཡོངས་སུ་སྦྱོང་བར་ཤེས་པར་བྱ་ཞེས་པ་ལ།། འདི་དག་ནི་བསམ ་པ་ལ་སོགས་པའོ།། ཡོངས་སུ་སྦྱོང་བ་ནི་རྣམ་པར་དག་པའོ།། གཟུང་བ་དང་འཛིན་པའི་རང་བཞིན་མི་དམིགས་པ་ནི་གཉིས་སུ་མེད་པ་ཉེ་བར་དམིགས་པའི་བདག་ཉིད་དོ།། ཤེས་པར་བྱ་ཞེས་པ་ནི་རྟོགས་པར་བྱ་བའོ།། འདི་རྣམས ་ནི་རབ་ཏུ་དགའ་བའི་སར་འཇུག་པོའི་ཐབས་ཏེ། ཡོངས་སུ་སྦྱོང་བ་བཅུ་པོ་རྣམས་སྟོང་པ་ཉིད་དུ་བསྒོམས་པས། ས་དང་པོ་རབ་ཏུ་དགའ་བ་ཐོབ་པར་འགྱུར་རོ།། ཚུལ་ཁྲིམས་བྱས་པ་གཟོ་དང་བཟོད།། རབ་ཏུ་དགའ་དང་སྙིང་བརྩེ་ཆེ།། ་བཀུར་སྟི་གུས་པར་ཉན་པ་དང་།། བརྒྱད་པ་སྦྱིན་སུ་སོགས་བརྩོན་ཞེས་པ་སྟེ། ཚུལ་ཁྲིམས་ཞེས་པ་ནི་ཚུལ་ཁྲིམས་རྣམ་པ་གསུམ་ཡོངས་སུ་རྫོགས་པའོ།། བྱས་པ་གཟོ་ཞེས་པ་ནི་གཞན་གྱིས་ཕན་པ་བྱས་པ་དྲན་པའོ།། ་བཟོད་ཅེས་པ་ནི་བཟོད་པ་རྣམ་གསུམ་རྫོགས་པའོ།། རབ་ཏུ་དགའ་དང་ཞེས་པ་ནི་ད་མ་བཱི་ཚིས་ལུས་ལ་རབ་ཏུ་དགའ་བའོ།། སྙིང་བརྩེ་ཞེས་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྙིང་རྗེས་བཅིངས་པའོ།། ཅེས་པ་ནི་མཁན་པོ ་ལ་སོགས་པ་ལ་འདུད་པའོ།། གུས་པ་ཞེས་པ་ནི་དགེ་བའི་བཤེས་གཉེན་གྱིས་བསྟན་པའི་ཆོས་རྣམས་ཉམས་སུ་ལེན་པའོ།། བརྩོན་འགྲུས་ཞེས་པ་ནི་སྦྱིན་པ་ལ་སོགས་པ་དགེ་བའི་ཆོས་ཐམས་ཅད་ལ་སྤྲོ་བའོ།། ་ལས་བརྒྱད་པོ་འདི་རྣམས་ཀྱིས་ས་གཉིས་པ་དྲི་མ་མེད་པ་ཐོབ་པར་འགྱུར་རོ།། ཐོས་པས་མི་ངོམས་ཉིད་དང་ནི།། ཟང་ཟིང་མེད་པར་ཆོས་སྦྱིན་དང་།། སངས་རྒྱས་ཞིང་ཀུན་སྦྱོང་བ་དང་།། འཁོར་བས་ཡོངས་སུ་མི་སྐྱོ་དང་།། ་ངོ་ཚ་ཁྲེལ་ཡོད་ཅེས་བྱ་བ།། རློམ་མེད་བདག་ཉིད་དེ་རྣམ་ལྔ་ཞེས་པ་སྟེ། ཐོས་པས་མི་ངོམས་ཉིད་དང་ནི་ཞེས་པ་ནི་ཆོས་ཉན་པས་ངོམས་པ་མེད་པའོ།། ཟང་ཟིང་མེད་པར་ཆོས་སྤྲིན་དང་ཞེས་པ་ནི་རྙེད་པ ་ལ་སོགས་པ་ལ་མི་བལྟོས་པའི་སེམས་ཀྱི་ཆོས་རྣམས་སྟོན་པའོ།། སངས་རྒྱས་ཞིང་ཀུན་སྤྱོད་པ་དང་ཞེས་པ་ནི་རྟེན་དང་རྟེན་པའི་སངས་རྒྱས་ཀྱི་ཞིང་ཡང་དག་པར་སྦྱོང་བའོ།། འཁོར་བས་ཡོངས་སུ་མི་སྐྱོ་དང་ཞེས་པ་ནི་ཕན ་བཏགས་པའི་སེམས་ཅན་རྣམས་ཀྱི་ཚུལ་མི་སྡུག་པ་བསྟན་ཡང་ཡོངས་སུ་མི་སྐྱོ་བའོ།། ངོ་ཚ་ཁྲེལ་ཡོད་ཅེས་བྱ་བ་ཞེས་པ་ནི་རང་དང་གཞན་གྱི་དབང་དུ་བྱས་ཏེ་མི་དགེ་བའི་ཆོས་རྣམས་ལས་ལྡོག་པ་སྟེ། དེ་ལྟར ་རྣམ་པ་ལྔའོ།། རློམ་མེད་བདག་ཉིད་ནི་རྣམ་པ་རྟོག་པ་མེད་པའི་ལས་ཏེ། དེས་ནས་གསུམ་པ་འོད་བྱེད་པ་ཐོབ་པར་འགྱུར་རོ།། ནགས་གནས་འདོད་ཆུང་ཕྱོགས་ཤེས་དང་།། སྦྱངས་པ་ཡང་དགེ་སྡོམ་རྟེན་དང་།། བསླབ ་པ་ཡོངས་སུ་མི་གཏོང་དང་།། འདོད་པ་རྣམས་ལ་སྨོད་པ་དང་།། མྱ་ངན་འདས་དང་བདོག་ཀུན་གཏོང་།། མི་ཞུམ་པ་དང་ལྟ་བ་མེད་ཅེས་པ་སྟེ། ནགས་གནས་ཞེས་པ་ནི་དགོན་པ་ནི་གནས་པའོ།། འདོད་ཆུང་ཞེས་པ་ནི ་མ་ཐོབ་པའི་རྫས་རྣམས་ལ་མ་ཆགས་པའོ།། ཆོག་ཤེས་ཞེས་པ་ནི་རྙེད་པ་ཐོབ་པས་ཆོག་ཤེས་ཤིང་།། ལྷག་པ་མི་འདོད་པའོ།། སྦྱངས་པ་ཡང་དག་སྡོམ་རྟེན་དང་ཞེས་པ་ལ། བསོད་སྙོམས་པ་ལ་སོགས་པ ་སྦྱངས་པའི་ཡོན་ཏན་བཅུ་གཉིས་བརྟེན་པའོ།། བསླབ་པ་ཡོངས་སུ་མི་གཏོང་དང་ཞེས་པ་ནི་འཚོལ་བའི་ཆེད་དུ་ཡང་བསླབ་པ་རྣམས་ཡོངས་སུ་མི་གཏོང་བའོ།། འདོད་པ་རྣམས་ལ་སྨོད་པ་དང་ཞེས་པ་ནི་འདོད་པའི་ཡོན་ཏན་ལྔ་རྣམས ་ལ་སྨོད་པའོ།། མྱ་ངན་འདས་ཞེས་པ་ནི་འཁོར་བ་ལས་བཟློག་པའོ།། བདོག་ཀུན་གཏོང་ཞེས་པ་ནི་ཀུན་བཏགས་པར་ཡོད་པ་ཐམས་ཅད་གཏོང་བའོ།། མི་ཞུས་ཞེས་པ་ནི་དགེ་བ་རྣམས་ཉམས་སུ་བླང་བ་ལ་སེམས་མ་ཞུམ་པའོ།། ། ་བལྟོས་པ་མེད་ཅེས་པ་ནི་དངོས་པོ་ཐམས་ཅད་ལ་མི་བལྟོས་པའོ།། སྔོན་བཞིན་དུ་ཡོངས་སུ་སྦྱངས་པ་བཅུའི་ལས་རྣམས་ཀྱི་ས་བཞི་པ་འོད་འཕྲོ་བ་ཐོབ་པར་འགྱུར་རོ།། འདིས་དང་ཁྱིམ་ལ་འཁྲེན་པ་དང་།། འདུ་འཛིར་གྱུར་པའི ་གནས་དང་ནི།། བདག་བསྟོད་གཞན་ལ་བརྙས་པ་དང་།། མི་དགེའི་ལས་ལམ་བཅུ་དང་ནི།། རློམ་པས་ཁེངས་དང་ཕྱིན་ཅི་ལོག། ཡིད་གཉིས་དང་ནི་ཉོན་མོངས་བཟོད།། བཅུ་པོ་འདི་དག་རྣམ་སྤངས་ན།། ས་ལྔ་པ་ནི་ཡང་དག་ཐོབ་ཅེས ་པ་ནི་འདྲིས་དང་ཞེས་པ་ནི་རྙེད་པ་ལ་སོགས་པའི་དོན་དུ་ཕྱུག་པོ་ལ་སོགས་པ་དང་ཡང་དག་པར་སྨྲ་བའོ།། ཁྱིམ་ལ་འཁྲེན་པ་ཞེས་པ་ནི་དད་པ་ཅན་གྱི་ཁྱིམ་ཉེ་བར་མི་སྟོན་པའོ།། འདུ་འཛིར་གྱུར་པའི་གནས་དང་ནི་ཞེས་པ་སྐྱེ་བོས ་ཡོངས་སུ་གང་བའི་གྲོང་ལ་སོགས་པའོ།། བདག་བསྟོད་གཞན་ལ་བརྙས་པ་དང་ཞེས་པ་ནི་རང་ཉིད་ལ་སྟོང་ར་ཟེར་ཞིང་གཞན་ལ་སྨོད་པའོ།། མི་དགའི་ལས་ལམ་བཅུ་དང་ནི་ཞེས་པ་ནི་མི་དགེ་བ་བཅུའི་ལས་ཀྱི་ལ་མོ་མོ།། ་རློམ་པ་ཞེས་པ་ནི་ཐོས་པ་ལ་སོགས་པའི་ང་རྒྱལ་ལོ།། ཁེངས་དང་ཞེས་པ་ནི་གཞན་ལ་མི་འདུད་པའོ།། ཕྱིན་ཅི་ལོག་ཅེས་པ་ནི་དགེ་བ་རྣམས་ལ་མི་དགེ་བ་ལ་སོགས་པར་ཕྱིན་ཅི་ལོག་ཏུ་ཞེན་པའོ།། ཡིད ་གཉིས་ཞེས་པ་ནི་བདེན་པ་དང་། དཀོན་མཆོག་དང་། ལས་དང་འབྲས་བུ་རྣམས་ལ་ཐེ་ཚོམ་སྐྱེས་པའོ།། ཉོན་མོངས་བཟོད་ཅེས་པ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པ་ལ་ལྷག་པར་བརྟན་པའོ།། རྣམ་སྤངས་ནས ་ཞེས་པ་ནི་ཐམས་ཅད་དུ་གཉིས་པའི་མཐའ་ཅན་སྦྱར་བར་བྱའོ།། བཅུ་པོ་འདི་དག་རྣམ་པར་སྤངས་པའི་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ས་ལྔ་པ་སྦྱང་དཀའ་བ་ཐོབ་པར་འགྱུར་རོ།། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན ་འགྲུས།། བསམ་གཏན་ཤེས་རབ་རབ་རྫོགས་པས།། སློབ་མ་དང་ནི་བསེ་རུ་ལ།། དགའ་དང་སྐྲག་པའི་སེམས་སྤངས་པ།། བསླངས་ན་མི་ཞུམ་བདོག་པ་ཀུནོ།། བཏང་ཡང་མི་དགའ་མེད་པ་དང་།། དབུལ་ཡང་སློང་བ་མི་སྤོང་བས།། ། ་ས་ནི་དྲུག་པ་ཡང་དག་འཐོབ་ཅེས་བྱ་སྟེ། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་རབ་ཏུ་རྫོགས་པ་ཞེས་པ་ནི་ཆོས་དྲུག་པོ་རྣམས་མི་སྤོང་བ་དང་། དེ་བཞིན་དུ་ཉན་ཐོས་ལ་མངོན་པར་དགའ་བ་དང་། རང་སངས་རྒྱས་ལ་མངོན ་པབར་དགའ་བ་དང་། དུས་ཡུན་རིང་པོར་ཚོགས་རྣམས་ལ་གོམས་པར་བྱ་བ་ལ་སྐྲག་པའི་སེམས་སྤངས་པ་ཞེས་པ་ནི་གསུམ་པོ་རྣམས་སོ།། གང་གིས་སེམས་མི་ཞུམ་པ་དང་། བདོག་པ་ཐམས་ཅད་བཏང་ཡང་མི་དགའ་བ་མེད ་བ་དང་།། དབུལ་ཡང་སློང་བ་རྣམས་མི་སྤོང་བ་སྟེ། ཆོས་བཅུ་གཉིས་པོ་འདི་རྣམས་ཀྱིས་ས་དྲུག་པ་མངོན་དུ་གྱུར་པ་ཐོབ་པར་འགྱུར་རོ།། བདག་དང་སེམས་ཅན་འཛིན་པ་དང་།། སྲོག་དང་གང་ཟག་ཆད་རྟག་དང་།། མཚན་མ་རྒྱུ་དང ་ཕུང་པོ་དང་།། ཁམས་དང་སྐྱེ་མཆེད་དག་དང་ནི།། ཁམས་གསུམ་པ་ལ་ཆགས་གནས་དང་།། སེམཱ་ས་ནི་ཀུན་ཏུ་ཞུམ་པ་དང་།། དཀོན་མཆོག་སུཾ་དང་ཚུལ་ཁྲིམས་དང་།། དེ་ལྟར་ལྟ་ལ་མངོན་ཞེན་དང་།། སྟོང་པ་ཉིད་ལ་རྩོད་པ་དང་།། ་དེ་དང་འགལ་བའི་ཉེས་པ་ནི།། ཉི་ཤུ་གང་ལ་རྣམ་ཆུད་པ།། དེ་ཡི་ས་ནི་བདུན་པ་ཐོབ་ཅེས་པ་ལ།། འཛིན་པ་ཞེས་པ་ནི་མངོན་པར་ཞེན་པ་སྟེ། དེ་ཡང་བདག་གི་སྒྲ་དང་པོར་བྱས་ནས་སྐྱེ་མཆེད་ཀྱི་སྒྲའི་བར་གྱི་ཚིག་བཅུ་གཅིག་པོ་རྣམས ་ལ་སོ་སྐོར་སྦྱར་བར་བྱའོ།། བདག་ཏུ་འཛིན་པ་དང་སེམས་ཅནྡ་དུ་འཛིན་པ་དང་། སྲོག་ཏུ་འཛིན་པ་དང་། གང་ཟག་ཏུ་འཛིན་པ་དང་། ཆད་པར་འཛིན་པ་དང་། རྟག་པར་འཛིན་པ་དང་། མཚན་མར་འཛིན་པ་དང་། རྒྱུར་འཛིན་པ་དང་། ཕུང ་པོར་འཛིན་པ་དང་། ཁམས་སུ་འཛིན་པ་དང་། སྐྱེ་མཆེད་དུ་འཛིན་པ་ཞེས་པ་སྟེ་བཅུ་གཅིག་གོ། ཁམས་གསུམ་བྱ་ལ་ཆགས་གནས་དང་།། སེམས་ནི་ཀུན་ཏུ་ཞུམ་པ་དང་།། ཞེས་པ་ནི་ཁམས་གསུམ་དུ་གནས་པ་ལུས་ཀྱིས་སོ།། ་ཁམས་གསུམ་པ་ལ་ཆགས་པ་ནི་ཡིད་ཀྱིས་སོ།། སེམས་ནི་ཀུན་ཏུ་ཞུམ་པ་ཞེས་པ་ནི་གཉིས་ཀའོ།། དཀོན་མཆོག་གསུམ་དང་ཚུལ་ཁྲིམས་དང་།། དེ་ལྟར་ལྟ་ལ་མངོན་ཞེ་ན་དང་ཞེས་པ་ནི་གཟུང་བ་འཛིན་པའི་དངོས་པོས་སངས ་རྒྱུས་སུ་ལྟ་བ་ལ་མི་རྟེན་པ་དང་ཆོས་སུ་ལྟ་བ་ལ་མི་རྟེན་པ་དང་། དགེ་འདུན་དུ་ལྟ་བ་ལ་མི་རྟེན་པ་དང་། ཚུལ་ཁྲིམས་སུ་ལྟ་བ་ལ་མི་རྟེན་པ་སྟེ་རྣམ་པ་བཞི་རྣམས་སོ།། སྟོང་པ་ཉིད་ལ་རྩོད་པ་དང་ཞེས་པ་ནི་ཆོས ་ཐམས་ཅད་ཀྱི་སྟོང་པ་ཉིད་ལ་བརྩོད་པ་སྟེ། ཐེ་ཚོམ་ཞེས་པའི་དོན་ཏོ།། དེ་དང་འགལ་བཱི་ཞེས་པ་ནི་སྟོང་པ་ཉིད་དང་འགལ་བའོ།། དེ་ལྟར་ཉེས་པ་ཉི་ཤུ་ཐམས་ཅད་དང་བྲལ་བ་སྟེ། འཆད་པར་འགྱུར་བའི་ཡོན་ཏན་ཉི་ཤུ་ཐམ་པ ་གང་ལ་ཡོངས་སུ་རྫོགས་པ་དེས་ནི་ས་བདུན་པ་རིང་དུ་སོང་བ་ཐོབ་པར་འགྱུར་རོ།། གང་ཞིག་ཡོན་ཏན་ཉི་ཤུ་ཐམ་པ་ཡོངས་སུ་རྫོགས་པར་བྱེད་པ་དེ་རྣམས་བསྟན་པའི་ཕྱིར་གསུངས་པ། རྣམ་ཐར་སྒོ་གསུམ་ཤེས་པ་དང་། ་འཁོར་གསུམ་རྣམ་པར་དག་པ་ཉིད་དང་།། སྙིང་རྗེ་དང་ནི་རློམ་མེད་དང་།། ཆོས་མཉམ་ཉིད་དང་ཚུལ་གཅིག་ཤེས།། མི་སྐྱེ་བ་དང་ཟད་ཤེས་དང་།། ཚུལ་རྣམས་རྣམ་པ་གཅིག་ཏུ་སྟོན།། རྟོག་པ་ཀུན་ཏུ་འཇོམས་པ་དང་།། འདུ ་ཤེས་ལྷ་དང་ཉོན་མོངས་སྤོང་།། ཞི་གནས་ངེས་པར་སེམས་པ་དང་།། ལྷག་མཐོང་ལ་ནི་མཁས་པ་དང་།། སེམས་དུལ་བ་དང་ཐམས་ཅད་ལ།། ཐོགས་པ་མེད་པའི་ཡེ་ཤེས་དང་།། ཆགས་པའི་ས་མིན་གར་འདོད་པ།། ཞིང་གཞན ་དུ་ནི་མཉམ་འགྲོ་དང་།། ཀུན་ཏུ་བདག་གི་ངོ་བོ་ནི།། སྟོན་པ་ཉིད་དང་ཉི་ཤུའོ།། ཞེས་པ་སྟེ། ཡོན་ཏན་ཉི་ཤུའོ།། སྒོ་གསུམ་ཞེས་པ་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཞེས་པའོ།། འཁོར་གསུམ་རྣམ་པར ་དངག་ཉིད་དང་ཞེས་པ་ནི་སྟེར་བ་པོ་དང་། ལེན་པ་པོ་དང་། སྦྱིན་པར་བྱ་བའི་དངོས་པོ་རྣམས་ཏེ། རང་རང་གི་སེམས་སུ་སྤང་བ་ཙམ་གྱི་བདག་ཉིད་རྟོགས་པའོ།། སྙིང་རྗེས་ཤེས་པ་ནི་ཆོས་ལ་དམིགས་པའི་སྙིང་རྗེ་ཆེན་པོའོ།། རློམ་མེད་ཅེས ་བ་ནི་གཟུང་བ་དང་འཛིན་པའི་དངོས་པོ་མི་དམིགས་པའོ།། ཆོས་མཉམ་ཉིད་ཅེས་པ་ནི་ཆོས་ཐམས་ཅད་རང་བཞིན་གྱི་འོད་གསལ་བ་དེས་མཉམ་ཞིང་སྙོམས་པའོ།། ཚུལ་གཅིག་ཤེས་ཞེས་པ་ནི་འགྲོ་བའི་དོན་བྱེད་པར་ནུས་པའི ་ཐེག་པ་ཆེན་པོའི་རང་བཞིན་ནི་ཚུལ་གཅིག་ཅེས་པའོ།། མི་སྐྱེ་བ་དང་ཟད་ཤེས་དང་ཞེས་པ་ནི་ཕུང་པོ་ལྔ་པོ་རྣམས་མ་སྐྱེས་པར་ཤེས་པ་དང་བརྟགས་པས་སྟོང་པའི་མཚན་ཉིད་ཀྱི་ཟབ་མོའི་ཆོས་ཉིད་ནི་ཟད་པ་ཞེས་པའོ།། ་ཆོས་རྣམས་རྣམ་པ་གཅིག་ཏུ་སྟོན་ཞེས་པ་ནི་དེ་ཁོ་ན་ཉིད་ཐེག་པ་ཆེན་པོའི་མཚན་ཉིད་གཅིག་གི་ཚུལ་དུ་སྟོན་པའོ།། རྟོག་པ་ཀུན་ཏུ་འཇོམས་པ་དང་ཞེས་པ་ནི་ཆོས་རྣམས་ཐམས་ཅད་ཀྱི་རྟོག་པ་ཡང་དག་པར་འཇོམས་པའོ།། ་འདུ་ཤེས་ལྟ་དང་ཉོན་མོངས་སྤོང་ཞེས་པ་ནི་མཚན་མ་རྣམས་སྤོང་བ་དང་། ལྟ་བ་ལྔ་པོ་རྣམས་སྤོང་བ་དང་། འདོད་ཆག་ལ་སོགས་པའི་ཉོན་མོངས་པ་རྣམས་སྤོང་བའོ།། ཞི་གནས་ངེས་པར་སེམས་པ་དང་ཞེས་པ་ནི་སེམས ་རྩེ་གཅིག་ཏུ་བྱས་ནས་སྒོམ་པའོ།། ལྷག་མཐོང་ལ་ནི་མཁས་པ་དང་ཞེས་པ་ལ། ལྷག་མཐོང་ནི་ཤེས་རབ་པོ།། མཁས་པ་ནི་ལྷག་མཐོང་དེ་ལ་མཁས་ཞེས་པའི་དོན་ཏོ།། སེམས་དུལ་ཞེས་པ་ནི་སེམས་ཡོངས་སུ་ཞི་བའོ།། ་ཐམས་ཅད་ལ་ཐོགས་པ་མེད་པའི་ཡེ་ཤེས་ཞེས་པ་ནི་གཟུགས་ལ་སོགས་པ་ལ་མི་ཐོགས་པའི་ཡེ་ཤེས་སོ།། ཆགས་པའི་ས་མིན་ཞེས་པ་ནི་མངོན་པར་ཞེན་པའི་གནས་མ་ཡིན་པའོ།། གར་འདོད་པར ་ཞིང་གཞན་དུ་ནི་མཉམ་འགྲོ་བ་ཞེས་པ་ལ་ཇི་ལྟར་འདོད་པར་དུས་མཉམ་པར་སངས་རྒྱས་ཀྱི་ཞིང་དུ་འགྲོ་བའོ།། ཀུན་ཏུ་བདག་གི་ངོ་བོ་ནི།། སྟོན་པ་ཉིད་དང་ཞེས་པ་ནི་གདུལ་བྱའི་རྗེས་སུ་མཐུན་པར་ཐམས་ཅད་དུ་བདག་གི་ངོ་བོ ་ཡང་སྟོན་པ་ཞེས་པའོ།། ཡོན་ཏན་ཉི་ཤུ་ཡོངས་སུ་རྫོགས་ཤིང་སྔོན་དུ་གསུངས་པའི་སྐྱོན་ཉི་ཤུ་པོ་རྣམས་ཡོངས་སུ་སྤངས་པས་ས་བདུན་པ་རིང་དུ་སོང་བ་ཐོབ་པར་འགྱུར་རོ།། སེམས་ཅན་ཀུན་ཡིད་ཤེས་པ་དང་།། མངོན་པར་ཤེས ་པས་བརྩེ་བ་དང་།། སངས་རྒྱས་ཞིང་བཟང་སྒྲུབ་པ་དང་།། ཡོངས་སུ་བརྟགས་ཕྱིར་སངས་རྒྱས་བརྟེན།། དབང་པོ་ཤེས་དང་རྒྱལ་བ་ཡི།། ཞིང་སྦྱོང་སྒྱུ་མ་ལྟར་གནས་དང་།། བསམས་བཞིན་སྲིད་པ་ལེན་པ་དང་།། ལས་ནི་རྣམ་པ ་འདི་བརྒྱད་བཤད་ཅེས་པ་སྟེ། སེམས་ཅན་ཀུན་ཡིད་ཤེས་པ་དང་ཞེས་པ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་དཔྱོད་པ་ཤེས་པའོ།། མངོན་པར་ཤེས་པས་རྩེ་བ་དང་ཞེས་པ་ནི་འཇིག་རྟེན་གྱི་ཁམས་རྣམས་སུ་རྩེ་བ་ནི་སངས ་རྒྱས་ཀྱི་རྣམ་འཕྲུལ་གྱིས་སོ།། མཛེས་པའི་མངོན་པར་ཤེས་པ་ནི་སོ་སོར་གཞོམ་དུ་མེད་པའོ།། སངས་རྒྱས་ཞིང་བཟང་སྒྲུབ་པ་ཞེས་པ་ནི་རྟེན་གྱི་སངས་རྒྱས་ཀྱི་ཞིང་གསེར་གྱི་བྱེ་མ་བརྡལ་བ་ལ་སོགས་པའི་རང་བཞིན་དུ་ཡོངས ་སུ་གྱུར་པའོ།། ཡོངས་སུ་བརྟགས་ཕྱིར་སངས་རྒྱས་རྟེན་ཞེས་པ་ནི་རྣམ་པ་ཐམས་ཅད་ཀྱི་ཆོས་ཐམས་ཅད་ཡོངས་སུ་བརྟག་པ་བྱས་པར་གྱུར་པའོ།། དེ་ཡོངས་སུ་བརྟག་པའི་མཚན་ཉིད་ནི་སངས་རྒྱས་ལ་གུས་པའོ།། དབང་པོ་ཤེས ་ཞེས་པ་ནི་དད་པ་ལ་སོགས་པའི་དབང་པོ་མཆོག་དམན་ཤེས་པའོ།། རྒྱལ་བའི་ཞིང་སྦྱོང་ཞེས་པ་ནི་རྟེན་པའི་སངས་རྒྱས་ཀྱི་ཞིང་གི་བདག་ཉིད་ཀྱི་སེམས་ཅན་ཡོངས་སུ་དག་པར་བྱེད་པའོ།། སྒྱུ་མ་ལྟར་གནས་ཞེས་པ་ནི་ཐམས་ཅད་དུ་སྒྱུ ་མ་ལྟ་བུར་ཤེས་པའོ།། བསམས་བཞིན་སྲིད་པ་ལེན་པ་དང་ཞེས་པ་ནི་སེམས་ཅན་གྱི་དོན་དུ་ལྟ་བའི་བློ་མངོན་དུ་སོང་བས་སྐྱེ་བའི་ལེན་པ་སྟེ། དངོས་པོ་བརྒྱད་པོ་འདི་རྣམས་ཀྱིས་སོ་བརྒྱད་པ་མི་གཡོ་བ་ཐོབ་པར་འགྱུར་རོ།། སྨོན ་ལམ་དག་ནི་མཐའ་ཡས་དང་།། ལྷ་ལ་སོགས་པའི་སྐད་ཤེས་དང་།། སྤོབས་པ་ཆུ་བོ་ལྟ་བུ་དང་།། མངལ་དུ་འཇུག་པ་མཆོག་དང་ནི།། རིགས་དང་རུས་དང་ཆོ་འབྲང་དང་།། འཁོར་དང་སྐྱེ་བ་དག་དང་ནི།། ངེས་འབྱུང་བྱང་ཆུབ་ཤིང་རྣམས་ཀྱི།། ་ཡོན་ཏན་ཕུན་སུམ་ཚོགས་པ་ཡིན་ཞེས་པ་སྟེ། སྨོན་ལམ་དག་ནི་མཐའ་ཡས་ཞེས་པ་ནི་སྨོན་ལམ་གྱི་དོན་མཐའ་ཡས་ཐོབ་པའོ།། ལྷ་ལ་སོགས་པའི་སྐད་ཤེས་པ་ནི་ལྷ་རྣམས་དང་། སེམས་ཅན་ཐམས་ཅད་ཀྱི་སྐད་ཡོངས་སུ་ཤེས ་པའོ།། སྤོབས་པ་ཆུ་བོ་ལྟ་བུ་དང་ཞེས་པ་ནི་ཆུ་བོའི་རྒྱུན་ལྟར་དངོས་པོ་སོ་སོ་རྣམས་ལ་མི་ཟད་པའི་སྤོབས་པ་ཕུ་ན་སུམ་ཚོགས་པ་སྟེ། མཐའི་ཕུན་སུམ་ཚོགས་པ་ཞེས་པ་འདི་ནས་བཟུང་ནས་ཐམས་ཅད་དུ་སྦྱར་བར་བྱའོ།། ་མངལ་དུ་འཇུག་པ་མཆོག་དང་ནི་ཞེས་པ་ལ། སྐྱེ་བོ་ཐམས་ཅད་ཀྱིས་བསྔགས་པའི་མངལ་དུ་འཇུག་པ་ཕུན་སུམ་ཚོགས་པའོ།། རིགས་དང་རུས་དང་ཞེས་པ་ནི་རྒྱལ་པོ་ལ་སོགས་པའི་མཚན་ཉིད་ནི་རིགས ་ཕུན་སུམཱ་ཚོགས་པའོ།། རྗེའུ་རིགས་ལ་སོགས་པའི་མཚན་ཉིད་ནི་རུས་ཕུན་སུམ་ཚོགས་པའོ།། ཆོས་འབྲང་ཞེས་པ་ནི་ཉེ་དུ་ལ་སོགས་པའི་རྗེས་སུ་འབྲང་བའི་མཚན་ཉིད་ཀྱི་ཆོ་འབྲང་ཕུན་སུམ་ཚོགས་པའོ།། འཁོར་དང་ཞེས ་བ་ནི་རང་གི་བྱང་ཆུབ་ཀྱི་འཁོར་ཕུན་སུམ་ཚོགས་པའོ།། སྐྱེ་བ་ཞེས་པ་ནི་དབང་པོ་ལ་སོགས་པར་སྐྱེས་པ་ནི་སྐྱེ་བ་ཕུན་སུམ་ཚོགས་པའོ།། ངེས་འབྱུང་བྱང་ཆུབ་ཤིང་རྣམས་ཀྱི་ཞེས་པ་ནི་སངས་རྒྱས་ལ་སོགས་པས ་བསྐུལ་བའི་ངེས་པར་འབྱུང་སྟེ། ངེས་འབྱུང་ཕུན་སུམ་ཚོགས་པའོ།། ཡིད་བཞིན་གྱི་ནོར་བུ་ལྟ་བུའི་ཤཽ་ཨ་ཤྭདྠ་ལ་སོགས་པ་ནི་བྱང་ཆུབ་ཀྱི་ཤིང་ཕུན་སུམ་ཚོགས་པའོ།། ཡོན་ཏན་ཕུན་སུམ་ཚོགས་པ་ཞེས་པ་ནི ་ཡོནི་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་སྟེ། ཡོན་ཏན་ཕུན་སུམ་ཚོགས་པའོ།། དངོས་པོ་བཅུ་གཉིས་པོ་འདི་རྣམས་ཀྱིས་དགུ་པ་ལེགས་པའི་བློ་གྲོས་ཐོབ་པར་འགྱུར་རོ།། འཆད་པར་འགྱུར་བའི་ས་དགུ་པོ ་གང་རྣམས་ཀྱི་ཚོགས་དེ་རྣམས་ཐམས་ཅད་བསྡོམས་པ་ནི་ས་བཅུ་པའི་ཚོགས་ཡིན་ཞིང་། དོན་གྱི་ཤུགས་ཀྱིས་ཤེས་པར་བྱ་བས་དེའི་ཚོགས་ལོགས་ཤིག་ཏུ་བརྗོད་པར་མི་བྱའོ།། ས་བཅུ་པ་ནི་རང་བཞིན་བསྟན ་པའི་ཕྱིར་གསུངས་པ། ས་དགུ་འདས་ནས་ཡེ་ཤེས་ནི།། གང་གིས་སངས་རྒྱས་སྔར་གནས་པ།། དེ་ནི་བྱང་ཆུབ་སེམས་དཔའི་ས།། བཅུ་པ་ཡིན་པར་ཤེས་པར་བྱ་ཞེས་པ་སྟེ། ས་དགུ་འདས་ནས་ཞེས་པ་ནི་རིགས་ལ་སོགས་པའི་ས་དགུ ་སྟེ། དེ་ལ་རིགས་ཀྱིས་ནི་མྱ་ངན་ལས་འདས་པའི་རིགས་ཅན་ནོ།། བརྒྱད་པའི་ས་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སོ་སོར་ཞུགས་པའོ།། མཐོང་བའི་ས་ནི་རྒྱུན་ཏུ་ཞུགས་པ་རྣམས་ཀྱིའོ།། བསྲབ་པའི་ས་ནི་ལན་ཅིག་ཕྱིར་འོང་བ ་རྣམས་ཀྱིའོ།། འདོད་ཆགས་དང་བྲལ་བའི་ས་ནི་ཕྱིར་མི་འོང་བ་རྣམས་ཀྱིའོ།། བྱས་པས་བསྲུང་བའི་ས་ནི་སོ་སོར་ཞུགས་པ་གསུམ་གྱིའོ།། ཉན་ཐོས་ཀྱི་ས་ནི་ཉན་ཐོས་ཀྱིའོ།། རང་སངས་རྒྱས་ཀྱི་ས་ནི་རང་སངས་རྒྱས་ཀྱིའོ།། ་བྱང་ཆུབ་སེམས་དཔའི་ས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟེ། སྔོན་དུ་བརྗོད་པའི་ས་དགུ་པོ་རྣམས་གཅིག་ཏུ་བསྡུས་ནས་སོ།། ས་དགུ་པོ་འདི་རྣམས་ལས་ཡང་དག་པར་འདས་ནས་བྱང་ཆུབ་སེམས་དཔའི་ཡེ་ཤེས་གང་གིས་ཀུན་ཏུ ་འོད་སངས་པ་རྒྱས་པའི་སར་གནས་པར་འགྱུར་བའི་ཡེ་ཤེས་ཀྱི་བདག་ཉིད་དེ་ནི་བྱང་ཆུབ་སེམས་དཔའི་ས་བཅུ་པའོ།། ས་རྣམས་ཀྱི་ཚོགས་དག་བརྗོད་ནས།། ད་ནི་གཉེན་པོའི་ཚོགས་རྣམས་བརྗོད་པར་བྱ་བས་དེའི་དབང་དུ་བྱས་ན་གསུངས ་པ། མཐོང་དང་སྒོམ་པའི་ལམ་དག་ལ།། གཟུང་དང་འཛིན་པའི་རྣམ་རྟོག་རྣམསོ།། ཉེ་བར་ཞི་བར་བྱ་བའི་ཕྱིར།། གཉེན་པོ་རྣམ་པ་བརྒྱད་ཅེས་བྱ་ཞེས་པ་སྟེ། མཐོང་བའི་ལམ་ལ་གནས་སྐབས་ཀྱི་བྱེ་བྲག་བཞིའི་བདག་ཉིད་ཀྱིས ་གཉེན་པོ་རྣམ་པ་བཞིའོ།། སྒོམ་པ་ལམ་གནས་སྐབས་བཞིའི་བྱེ་བྲག་གི་བདག་ཉིད་ཀྱིས་གཉེན་པོའི་རྣམ་པ་བཞི་རྣམས་སོ།། མཐོང་བ་དང་སྒོམ་པའི་ལམ་དག་གནས་སྐབས་བྱེ་བྲག་གི་བདག་ཉིད་ཀྱིས ་གཉེན་པོ་རྣམ་པ་བརྒྱད་དུ་ཤེས་པར་བྱའོ།། དེའི་ཅིའི་དོན་དུ་ཤེས་པར་བྱ་ཞེས་པ་ལ་གསུངས་པ། གཟུང་བ་ཞེས་པ་ལ་སོགས་པ་ལ་དངོས་པོ་ཙམ་གྱི་རང་བཞིན་དུ་གནས་པ་དང་། གཉེན་པོའི་དངོས་པོར་གནས་པ་སྟེ། གཟུང་བའི་རྣམ་རྟོག ་གཉིས་སོ།། གང་ཟག་ཀྱི་རང་བཞིན་དང་། གང་ཟག་བཏགས་པ་ལ་བརྟེན་པའི་རང་བཞིན་ཏེ།། འཛིན་པའི་རྣམ་རྟོག་རྣམ་པ་གཉིས་སོ།། མཐོང་བའི་ལམ་ལ་གཟུང་བ་དང་འཛིན་པའི་རྣམ་རྟོག་རྣམ་པ་བཞིའོ།། སྒོམ་པའི་ལམ་ལ་ཡང ་གཟུང་བ་དང་འཛིན་པའི་རྣམ་རྟོག་རྣམ་པ་བཞི་སྟེ། གཟུང་བ་དང་འཛིན་པའི་རྣམ་རྟོག་བརྒྱང་པོ་མི་མཐུན་པའི་ཕྱོགས་དེ་རྣམས་ཉེ་བར་ཞི་བར་བྱ་བ་དང་། སྤང་བའི་ཕྱིར་གཉེན་པོ་རྣམ་པ་བརྒྱད་དུ་རྟོགས་པར་བྱའོ།། སྒྲུབ་པའི ་ངེས་པར་འབྱུང་བྱ་སྐྱེ་བཞི་པ་གསུངས་པ། ཚོད་དུ་བྱ་དང་མཉམ་ཉིད་དང་།། སེམས་ཅན་དོན་དང་འབད་མེད་དང་།། ཤིན་ཏུ་ངེས་པར་འབྱུང་བ་དང་།། རྣམ་པའི་མཚན་ཉིད་ངེས་འབྱུང་དང་།། རྣམ་པ་ཐམས་ཅད་མཁྱེན་ཉིད་དོ།། ངེས ་འབྱུང་ལམ་གྱི་སྤྱོད་ཡུལ་ཅན།། རྣམ་པ་བརྒྱད་ཀྱི་བདག་ཉིད་འདི།། ངེས་འབྱུང་སྒྲུབ་པ་ཡིན་ཞེས་བྱ་ཞེས་པ་སྟེ། ཆེང་དུ་བྱ་ཞེས་པ་ནི་སེམས་ཆེན་པོ་ལ་སོགས་པ་རྣམ་པ་གསུམ་གྱི་བྱེ་བྲག་གིས་སེམས་ཅན་ཐམས་ཅད་ལས་ཁྱང ་བར་དུ་འཕགས་པ་མཆོག་གི་བདག་ཉིད་བྱེད་པའོ།། མཉམ་ཉིད་ཅེས་པ་ནི་རང་གསལ་བའི་བདག་ཉིད་ཀྱི་ཆོས་ཐམས་ཅད་གཟུང་བ་དང་འཛིན་པས་སྟོང་པར་མཉམ་པའོ།། སེམས་ཅན་དོན་ཞེས་པ་ནི་ཇི་སྲིད་རྣམ་པར་འཁོར་བ་མ་སྟོངས་ཀྱི་བར་དུ ་འགྲོ་བའི་དོན་བྱེད་པའོ།། འབད་མེད་ཅེས་པ་ནི་ཚེགས་མེད་པར་སེམས་ཅན་ཐམས་ཅད་ཀྱི་བྱ་བ་བྱེད་པའོ།། ཤིན་ཏུ་ཞེས་པ་ནི་རྟག་པ་དང་ཆད་པ་ནི་མཐའ་གཉིས་ལ་མཉམ་པའི་རང་བཞིན་ལ་གནས་པའི་ངེས་འབྱུང་ཐོབ་པའི་མཚན ་ཉིད་ཅེས་པ་ནི་ཐེག་པ་གསུམ་གྱི་དོན་ཐོབ་པའོ།། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཞེས་པ་ནི་རྣམ་པ་ཐམས་ཅད་ཡོངས་སུ་ཤེས་པའོ།། དེས་འབྱུང་ལམ་གྱི་སྤྱོད་ཡུལ་ཅན་ཞེས་པ་ནི་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིས ་བའི་ཕ་རོལ་ཏུ་ཕྱིན་པ་བཅུའི་བདག་ཉིད་ནི་བྱང་ཆུབ་སེམས་དཔའི་ཡུལ་ཡིན་ནོ།། དེ་ལྟར་ཆེད་དུ་བྱ་བའི་ངེས་པར་འབྱུང་བ་དང་། མཉམ་པ་ཉིད་དུ་ངེས་པར་འབྱུང་བ་དང་། སེམས་ཅན་གྱི་དོན་དུ་ངེས་པར་འབྱུང་བ་དང་། ཚེགས་མེད ་པར་ངེས་པར་འབྱུང་བ་དང་། ཤིན་ཏུ་ངེས་པར་འབྱུང་བ་དང་། ཐོབ་པའི་ངེས་པར་འབྱུང་བ་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ངེས་པར་འབྱུང་བ་དང་། ལམ་གྱི་ངེས་པར་འབྱུང་བ་ཅེས་པ་སྟེ། ཡུལ་གྱི་དབྱེ་བས་སྒྲུབ་པའི་ངེས་པར ་འབྱུང་བ་རྣམ་པ་བརྒྱད་གསུངས་སོ།། མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་གྲགས་པའི་ཆ་ཞེས་བྱ་བ་ལ་ས་སྐབས་དང་པོའི་འགྲེལ་པའོ།། །། ད་ནི་ལམ་ཤེས་བསྟན་པའི་ཕྱིར་གསུངས་པ། ལྷ་རྣམས་རུང་བར ་བྱ་བའི་ཕྱིར།། འོད་ཀྱི་མོག་མོག་པོར་མཛད་དང་།། ཡུལ་ངེས་པ་དང་ཁྱབ་པ་དང་།། རང་བཞིན་དང་ནི་དེའི་ལས་ཞེས་པ་སྟེ། མོག་མོག་པོར་མཛད་ཅེས་པ་ནི་ང་རྒྱལ་གྱི་ས་རབ་ཏུ་མྱོས་པའི་ལྷའི་རིགས་རྣམས་ཀྱི ་འོད་མེད་པར་མཛད་པའོ།། འོད་ཀྱིས་ཞེས་པ་ནི་སངས་རྒྱས་ཀྱི་སྐུའི་འོད་ཀྱིས་སོ།། དོན་ཅིའི་ཕྱིར་ཞེས་པ་ལ་གསུངས་པ། རུང་བར་བྱ་བའི་ཕྱིར་ཞེས་པ་སྟེ། རུང་བ་ནི་གཅིག་ནས་གཅིག་ཏུ་བརྒྱད་ནས་སངས་རྒྱས་ཉིད་དུ་བྱེད་པའི་ཕྱིར་ཏེ། དེ་ཡང ་བྱང་ཆུབ་ཀྱི་སེམས་ཉིད་དོ།། དེ་བས་ན་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་བའི་ཕྱིར་མོག་མོག་པོར་བྱས་ཞེས་པའི་དོན་ཏོ།། འཇིག་རྟེན་པ་ཐམས་ཅད་ལས་མཐོ་ཞིང་ཕུལ་དུ་གྱུར་པའི་བཅོམ་ལྡན་འདས་ཏེ། དེས་ན་དེའི་རང་བཞིན་ཐོབ་པར་བྱ་བའི ་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་པ་བྱ་ཞེས་བྱ་བའི་དོན་ཏོ།། ཡུལ་ངེས་པ་དངོ་ཞེས་པ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཡུལ་ལ་སྐལ་བ་དང་ལྡན་པ་ནི་བྱང་ཆུབ་སེམས་དཔའི་རིགས་ཅན་ཡིན་གྱི་ཉན་ཐོས་ལ་སོགས་པའི་རིགས་ཅན ་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ།། ཁྱབ་པ་ཞེས་པ་ནི་ཞི་བ་བགྲོད་པ་གཅིག་པའི་ཉན་རང་གི་བྱང་ཆུབ་ཉིད་ལ་ངེས་པས་ན་དེ་མ་གཏོགས་པ་གཞན་བྱང་ཆུབ་ཏུ་གྱུར་པའི་ཉན་ཐོས་ལ་སོགས་པ་ཐམས་ཅད་ཀྱིས་ཀྱང་བྱ་ང་ཆུབ་ཏུ ་སེམས་བསྐྱེད་པར་བྱ་ཞེས་པ་སྟེ། དེ་བས་ན་བྱང་ཆུབ་ཏུ་སེམས་བསྐྱེད་པས་འདི་རྣམས་ཐམས་ཅད་ལ་ཁྱབ་པའོ།། རང་བཞིན་ཞེས་པ་ནི་སེམས་ཅན་གྱི་དོན་དུ་མྱ་ངན་ལས་འདས་པ་ལ་ཞེན་པ་སྤོང་བ་དང་ཉོན་མོངས་པ་ཐམས་ཅད ་ཡོངས་སུ་མི་གཏོང་བའི་རང་བཞིན་ནོ།། དེའི་ལས་ཞེས་པ་ནི་ཇི་སྲིད་ནམ་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་བ་རྣམས་ཀྱི་དོན་བསྐལ་པ་ཇི་ལྟ་བ་བཞིན་དུ་བྱེད་པ་ནི་བྱང་ཆུབ་སེམས་དཔའི་ལས་སོ།། ལམ་ཤེས་ནི་བྱང་ཆུབ་སེམས་དཔའ་འབའ ་ཞིག་གི་ཡིན་ཏེ། དེས་ན་ཉན་ཐོས་ལ་སོགས་པའི་ལམ་འདིར་བསྟན་པར་མི་རིགས་སོ་སྙམ་པ་ལ། བྱང་ཆུབ་སེམས་དཔས་ཉན་ཐོས་ལ་སོགས་པའི་ལམ་ལ་རང་གི་ཤེས་རབ་ཀྱིས་དག་པར་བྱས་ཏེ་གོམས་པར་བྱ་བ་ཡིན་པས ་དེས་ན་ཉན་ཐོས་ཀྱི་ལམ་གསུངས་པ། ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི།། འཕགས་པའི་བདེན་པ་བཞི་དག་གི། རྣམ་པམི་དམིགས་སྒོ་ནས་ནི།། ཉན་ཐོས་ལམ་འདི་ཤེས་པར་བྱ་ཞེས་པ་སྟེ། སྡུག་བསྔལ་གྱི་བདེན་པ་ལ་མི་རྟག་པ་ཉིད་དང་། ་སྡུག་བསྔལ་བ་ཉིད་དང་། སྟོང་པ་ཉིད་དང་། ཞི་བ་ཉིད་དང་ཞེས་པ་སྟེ་རྣམ་པ་བཞིའོ།། ཞི་བ་ཞེས་པ་ནི་བདག་མེད་པའི་དོན་ཏོ།། ཀུན་འབྱུང་གི་བདེན་པ་ལ་ཀུན་འབྱུང་བ་ཉིད་དང་། རྒྱུ་ཉིད་དང་། རབ་ཏུ་སྐྱེ་བ་ཉིད་དང་། རྐྱེན་ཉིད་དང་། ནད་དང ་འབྲས་དང་། ཕོལ་མིག་དང་། མི་སྡུག་པ་ཞེས་པ་སྟེ། རྣམ་པའི་དབྱེ་བ་བརྒྱད་དོ།། ཡང་སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་དག་ལ་གཞན་པ་ཉིད་དང་། འཇིག་པའི་ཆོས་ཅན་ཉིད་དང་། མི་རྟོག་པ་ཉིད་དང་། ཞི་གནས་ཉིད་དང་ཞེས ་པ་ནི་རྣམ་པའི་དབྱེ་བ་བཞིའོ།། ཡང་དེ་དག་ལ་འཇིགས་པ་ཉིད་དང་།། འཚེ་བ་ཉིད་དང་། འདྲེན་པ་ཉིད་དང་ཞེས་པ་སྟེ་རྣམ་པའི་དབྱེ་བ་གསུམ་མོ།། འགོག་པའི་བདེན་པ་ལ་བདག་ཉིད་དང་། ཞི་བ་ཉིད་དང་། རྣམ་པར་བྲལ་བ་ཉིད་དང་། ་སྟོང་པ་ཉིད་དང་། མཚན་མ་མེད་པ་ཉིད་དང་། སྨོན་པ་མེད་པ་ཉིད་དང་། མངོན་པར་འདུས་མ་བྱས་པ་ཉིད་དང་ཞེས་པ་སྟེ་རྣམ་པའི་དབྱེ་བ་བདུན་ནོ།། ལམ་གྱི་བདེན་པ་ལ་ལམ་ཉིད་དང་། རིགས་པ་ཉིད་དང་། ་སྒྲུབ་པ་ཉིད་དང་། ངེས་པར་འབྱིན་པ་ཉིད་དང་ཞེས་པ་རྣམ་པའི་དབྱེ་བ་བཞི་སྟེ། དེ་རྣམས་ནི་ཉན་ཐོས་རྣམས་མ་ངན་ལས་འདས་པའི་གློང་ཁྱེར་དུ་འཇུག་པར་བྱེད་པའི་ལམ་མོ།། བྱང་ཆུབ་སེམས་དཔའ་རྣམ་པ་དེ་རྣམས་ལ ་གཟུང་བ་དང་འཛིན་པའི་རང་བཞིན་དུ་མི་དམིགས་ཤིང་གཉིས་སུ་མེད་པ་ཡོངས་སུ་དམིགས་པའི་བདག་ཉིད་ཀྱི་དེ་ཁོ་ན་སོ་སོར་རིག་པའི་ལམ་འདིས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་དོ།། ཉན་ཐོས་རྣམས་ཀྱི ་དྲོད་ལ་སོགས་པའི་ལམ་གཞན་ལོགས་ཤིག་ཏུ་གསུངས་པ་དེ་ལྟར་བྱང་ཆུབ་སེམས་དཔའི་ཡང་དག་པར་བྱ་སྟེ་དེ་དག་གསུངས་པ། འཕགས་པ་ཉན་ཐོས་ལམ་ལ་ནི།། གཟུགས་ལ་སོགས་པ་སྟོང་པའི་ཕྱིར།། སྟོང་པ་ཉིད ་རྣམས་དབྱེར་མེད་པས།། དྲོ་བ་དེ་དག་མི་དམིགས་པས།། རྩེ་མོར་གྱུར་པོ་དག་ཏུ་འདོད།། དེ་ལ་རྟགས་ལ་སོགས་ཚུལ་གྱིས།། གནས་པ་བཀུག་པས་བཟོད་པ་རྣམས།། ས་བཅུ་དག་ལས་བརྩམས་ནས་ནི།། མི་གནས་རྒྱས་པར་བསྟན་པ ་ཡིས། ཆོས་ཀྱི་མཆོག་ཏུ་འགྱུར་བཤད་དེ།། ཅིའི་ཕྱིར་ཞེ་ན་སངས་རྒྱས་ཀྱིས།། མཁྱེན་ནས་ཆོས་རྣམས་མ་གཟིགས་ཕྱིར་ཞེས་པ་སྟེ། གཟུགས་ལ་སོགས་པ་ཕུང་པོ་དེ་དེའི་སྟོང་པ་ཉིད་དང་། གཟུགས་ལ་སོགས་པའི་སྟོང་པ ་རྣམས་དབྱེར་མེད་པ་དག་དྲོད་དུ་འདོད་དོ།། དེ་རྣམས་ཞེས་པ་ནི་གཟུགས་ལ་སོགས་པ་མི་དམིགས་པས་རྩེ་མྱོར་གྱུར་པའོ།། དེ་ལ་ཞེས་པ་ནི་གཟུགས་ལ་སོགས་པ་ལ་རྟག་པ་དང་མི་རྟག་པར་གནས་པ་བཀླག་པ་ནི་བཟོད་པར་བཞེད་དོ།། ་ས་བཅུ་ཞེས་པ་ནི་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་དང་པོར་བས་ནས་ཆོས་ཐམས་ཅད་ལ་ངག་གི་ཚོགས་རྒྱས་པར་མི་གནས་པར་བསྟན་པ་སྟེ། གཟུང་བ་དང་འཛིན་པར་བརྟགས་པའི་ཚུལ་གྱིས་ཐམས་ཅད་ཁས་བླང ་དུ་མེད་པར་སྟོན་པའོ།། འོ་ན་ཆོས་ཐམས་ཅད་བརྟགས་པའི་ཚུ་ལ་དུ་མི་གནས་པ་དང་། སོ་སོར་རིག་པའི་བདག་ཉིད་གསལ་བ་ཙམ་གྱི་ཚུལ་ལོ།། ཞེས་པ་འདི་ཇི་ལྟར་ཤེས་སྙམ་པ་ལ་གསུངས་པ། ཅིའི་ཕྱིར་ཞེ་ན་སངས་རྒྱས ་ཀྱིས་ཤེས་པ་སྟེ། བཅོམ་ལྡན་འདས་ཀྱིས་བཏགས་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་ཆོས་རྣམས་ཡང་དག་པར་མ་གཟིགས་པ་ཉིད་ཡིན་གྱི། ཡང་ག། སེལ་བའི་བདག་ཉིད་ཙམ་གྱི་གཟིགས་པ་མ་ཡིན་ཏེ། སངས་རྒྱས ་བཅོམ་ལྡན་འདས་དབང་པོར་བྱས་པ་མེད་པར་ཐལ་བའི་ཕྱིར་རོ།། ཀུན་རྫོབ་ཏུ་སངས་རྒྱས་བཅོམ་ལྡན་འདས་མེད་པ་མ་ཡིན་ནོ་ཞེ་ན། གཞན་བེམས་པོ་ལས་ལོགས་པ་ཚོགས་པ་གཉིས་སུ་མེད་པ་དེ་མ་གྲུབ་ན་ཀུན་རྫོབ ་ཀུན་བལྟོས་པ་མེད་པས་མ་གྲུབ་པར་ཐལ་བར་འགྱུརརོ།། ཞེས་པ་ནི་ཆོས་མཆོག་གི་རྟོགས་པར་གསུངས་སོ།། འཕགས་པ་ཉན་ཐོས་ལམ་ལ་ནི་ཞེས་པ་ཉན་ཐོས་ཀྱི་ལམ་ཡང་བྱང་ཆུབ་སེམས་དཔས་རྣམ ་པར་བཞག་པར་ཤེས་པར་བྱ་བའི་དོན་ཏོ།། ཉན་ཐོས་ཀྱི་ལམ་ལས་རང་སངས་རྒྱས་ཀྱི་ལམ་ཁྱད་པར་དུ་འཕགས་པར་བསྟན་པར་འདོད་ནས་ཉན་ཐོས་ཀྱི་སངས་རྒྱས་ལས་རང་སངས་ཀྱི་སངས་རྒྱས་ཉིད ་ཁྱད་པར་དུ་གསུངས་པ། རང་འབྱུང་བདག་ཉིད་རྟོགས་པའི་ཕྱིར། གཞན་གྱིས་བསྟན་ཀྱང་མི་དགོས་ལ།། བསེ་རུ་ལྟ་བུའི་ཡེ་ཤེས་ནི།། ཟབ་པ་ཉིད་དུ་མངོན་པར་བརྗོད་ཅེས་པ་སྟེ། ཉན་ཐོས་རྣམས་ནི་གཞན་ལས་ཐོས་ནས་རྣམ་པར་གྲོལ ་བབའོ།། རང་སངས་རྒྱས་ནི་གཞན་གྱིས་བསྟན་པ་ལ་མི་བལྟོས་པ་ཉིད་དེ། སྔོན་གོམས་པར་བྱས་པའི་སྟོབས་ཀྱིས་གྲོལ་བར་འགྱུར་རོ།། དེ་བས་ན་དེ་རྣམས་ལ་གཞན་གྱི་བསྟན་མི་དགོས་ཞེས་པ་ནི་ཁྱད་པར་འཕགས་པ་གཅིག ་གོ། ཉན་ཐོས་ནི་ཚིག་གི་སྒོ་ནས་གཞན་རྣམས་ལ་ཆོས་རྣམས་གོ་བར་བྱེད་པའོ།། རང་སངས་རྒྱས་ནི་ཚིག་མེད་པར་སྨོན་ལམ་གྱི་སྟོབས་ཀྱིས་ཡེ་ཤེས་ཀྱི་ནུས་པས་གཞན་རྣམས་ལ་ཆོས་ཀྱི་གོ་བོ་སྟོན་པར་བྱེད་དོ་ཞེས་པ་སྟེ། ་ཡེ་ཤེས་ཟབ་པ་འདིས་ནི་ཁྱད་པར་འཕགས་པ་གཉིས་པའོ།། ཚིག་མེད་པརརོ་ཆོས་རྣམས་བསྟན་པར་ཇི་ལྟར་ནུས་ཤེས་དོགས་པ་ལ་གསུངས་པ། གང་གང་དོན་ནི་གང་གང་ལ།། ཇི་ལྟ་ཇི་ལྟར་ཉན་དེ་དང་།། དེ་ལ་སྒྲ་མེད་ཀྱང་དོན་དེ།། དེ ་ནི་དེ་ལྟ་དེ་ལྟར་སྣང་ཞེས་པ་སྟེ།། ཚིགས་བཅད་འདིའི་དོན་ནི་ལོ་སླའོ།། རང་སངས་རྒྱས་ཀྱི་བྱེ་བྲག་རྣམས་མངོན་པར་བསྟན་ནས། དེའི་ལམ་གྱི་བྱེ་བྲག་ཀྱང་གསུངས་པ།། གཟུང་བའི་རྟོགས་པ་ཉམས་ཕྱིར་དང་།། འཛིན་པ་མ་སྤངས ་ཕྱིར་དང་ནི།། རྟེན་གྱི་བསེ་རུ་ལྟ་བུའི་ལམ།། ཡང་དག་བསྡུས་པར་ཤེས་པར་བྱ་ཞེས་པ་སྟེ། གཟུང་བའི་དོན་གྱི་རྟོག་པ་དང་། འཛིན་པའི་དོན་གྱི་རྟོག་པ་རིམ་པ་ཇི་ལྟ་བ་བཞིན་དུ་སྤངས་པ་དང་། མ་སྤངས་པ་དང་། རང་སངས་རྒྱས་ཀྱི་ཐེག ་བོས་ཡང་དག་པར་བསྡུས་པའི་རྟེན་པའི་ཆོས་ཀྱི་རྟེན་དུ་གྱུར་པ་དང་། ཇི་ལྟར་གསུངས་པའི་བདེན་པ་བཞིའི་བདག་ཉིད་རྣམས་ནི་རང་སངས་རྒྱས་ཀྱི་ལམ་མོ།། དེ་ཡང་བྱང་ཆུབ་སེམས་དཔས་སྟོང་པ་ཉིད་ཀྱི་རྣམ་པར་དག་པར ་བྱ་བར་རྟོགས་པར་བྱའོ།། རང་སངས་རྒྱས་ཀྱི་ལམ་གྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཇི་ལྟ་བ་ཡིན་པ་དེ་བྱང་ཆུབ་སེམས་དཔས་རྟོགས་པར་བྱ་བ་དེ་ལྟ་བུ་གསུངས་པོ། བཏགས་པའི་ཆོས་ཉིད་མི་འགལ་བར།། སྟོན་པའི་རྣམ་པ ་དྲྀ་གྱུར་པ།། རྩེ་མོར་གྱུར་པ་གཟུགས་ལ་སོགས།། འགྲིབ་པ་མེད་ལ་སོགས་པས་ཕྱེ།། ནང་སྟོང་ཉིད་ལ་སོགས་པས་ཡིས།། གཟུགས་སོགས་མི་འཛིན་ཕྱིར་བཟད་པ།། གཟུགས་སོགས་སྐྱེ་བ་མེད་སོགས་ཀྱི།། རྣམ་པ་ཅན་ནི་ཆོས ་ཀྱི་མཆོག་ཅེས་པ་སྟེ། གཟུགས་ལ་སོགས་པའི་ཕུང་པོ་བཏགས་པའི་ཡོད་པ་ཀུན་རྫོབ་ཀྱི་གནས་སྐབས་དེའི་མི་འགལ་བ་ནི་གཟུགས་ལ་སོགས་པའི་ཕུང་པོའི་ཆོས་ཉིད་གསུངས་པ་སྟེ། གཟུགས་བསྟན་པ་ལས་དེའི་རྣམ་པ་ནི ་དྲོད་ཀྱི་རྟོགས་པའོ།། བཏགས་པའི་ཡོད་པ་གཉིས་ཀྱི་གཟུགས་ལ་སོགས་པའི་ཕུང་པོ་རྣམས་འཕེལ་བ་མེད་ཅིང་འབྲི་བ་མེད་པ་ཞེས་པ་རྩེ་མོར་གྱུར་པའི་རྟོགས་པའོ།། ཇི་སྐད་གསུངས་པའི་སྟོང་པ་ཉིད་ཉི་ཤུ་པོ་རྣམས་ཀྱི ་གཟུགས་ལ་སོགས་པའི་ཕུང་པོ་རྣམས་ཁས་མི་ལེན་པ་ནི་བཟོད་པའི་རྟོགས་པའོ།། གཟུགས་ལ་སོགས་པའི་ཕུང་པོ་རྣམས་སོ་སོར་མ་སྐྱེས་ཤིང་མི་འགག་པའི་ཚུལ་ནི་ཆོས་ཀྱི་མཆོག་གི་རྟོགས་པའོ།། ་འདི་ནས་བཟུང་སྟེ་བྱང་ཆུབ་སེམས་དཔའི་ལམ་བརྗོད་པར་བྱ་སྟེ། དེ་ལ་རེ་ཞིག་མཐོང་བའི་ལམ་གསུངས་པ།། བདེན་དང་བདེན་ལ་བཟོད་པ་དང་།། ཤེས་པའི་སྐད་ཅིག་རྣམ་བཞི་ཡིས།། ལམ་ཤེས་ཉིད་ལ་མཐོང་བའི་ལམ།། ཕན ་ཡོན་བཅས་པ་འདི་བཤད་དོ་ཞེས་པ་སྟེ། བདེན་པ་སོ་སོ་ལ་སྐད་ཅིག་མ་བཞི་བཞི་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་ཆོས་ཤེས་པ་དང་། སྡུག་བསྔལ་ལ་རྗེས་སུ་ཤེས་པ་འི་བཟོད་པ་དང་། སྡུག ་བསྔལ་ལ་རྗེ་སུ་ཤེས་པ་སྟེ། དེ་ལྟར་ཀུན་འབྱུང་གི་བདེན་པ་དང་། འགོག་པའི་བདེན་པ་དང་། ལམ་གྱི་བདེན་པ་རྣམས་ལ་ཡང་སྟེ། བྱང་ཆུབ་སེམས་དཔའི་ལམ་ཤེས་ལ་སྐད་ཅིག་མ་འདི་རྣམས་ཀྱིས་མཐོང་ལམ་འདི་བརྗོད ་བའོ།། ཕན་ཡོན་བཅས་པ་འདི་ཞེས་པ་ནི་མདོ་རྣམས་ལས་ཕན་ཡོན་རྒྱས་པར་གསུངས་པ་དེ་འདིར་མདོར་སྡུས་ནས་བརྗོད་ཅེས་པའི་དོན་ཏོ།། ཚིགས་སུ་བཅད་པ་ལྔས་སྡུག་བསྔལ་ལ་ཆོས་ཤེས་པ་ལ་སོགས་པའི་སྐད་ཅིག ་མ་བཅུ་དྲུག་པོ་འདི་རྣམས་ཀྱི་རང་བཞིན་བསྟན་པའི་ཕྱིར་གསུངས་པ། དེ་བཞིན་ཉིད་དང་སངས་རྒྱས་ངག། ཕན་ཚུན་རྟེན་པ་རྟེན་མེད་ཕྱིར།། རྣམ་གྲངས་ཁས་མི་ལེན་པ་དང་།། ཆེན་པོ་ཚད་མེད་ཉིད་དང་བཅས།། དཔག་མེད ་མཐའ་ཉིད་མེད་པ་དང་།། དེར་གནས་གཟུགས་ལ་སོགས་པ་ལ།། སངས་རྒྱས་ཉིད་དུ་ངེས་འཛིན་དང་།། བླང་མེད་དོར་བ་མེད་སོགས་དང་།། བྱམས་ལ་སོགས་དང་སྟོང་ཉིད་དང་།། སངས་རྒྱས་ཉིད་ནི་ཐོབ་པ་དང་།། རྣམ་པར་བྱང་ཀུན ་ཡོངས་བསྡུས་དང་།། ཉམ་ང་བ་དང་ནད་ཀུན་སེལ།། མྱ་ངན་འདས་འཛིན་ཞི་ཉིད་དང་།། སངས་རྒྱས་རྣམས་ཀྱིས་བསྲུང་ལ་སོགས།། སྲོག་མི་གཅོད་པ་ལ་སོགས་པ།། རྣམ་པ་ཀུན་མཁྱེན་ཚུལ་ལ་ནི།། བདག་ཉིད་གནས་ཏེ་སེམས ་ཅན་དག། འགོད་དང་སྦྱིན་པ་ལ་སོགས་པ།། རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ།། ལམ་ཤེས་ཉིད་ཀྱི་སྐད་ཅིག་མ་ཞེས་པ་སྟེ། དེ་བཞིན་ཉིད་དང་སངས་རྒྱས་དག། ཕན་ཚུན་རྟེན་དང་རྟེན་མེད་ཕྱིར།། རྣམ་གྲངས་ཁས་མི་ལེན་པ་དང་།། ་ཞེས་པ་ལ་སོགས་པ་ལ། གཟུགས་ལ་སོགས་པ་སྟོང་པ་ཉིད་དང་སངས་རྒྱས་དག་རྟེན་དང་རྟེན་པ་མེད་པས་དེའི་བདག་ཉིད་དེ། དེ་བས་ན་རྣམ་གྲངས་ཀྱི་དབྱེ་བ་ཁས་མི་ལེན་པ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ།། ཆེན ་པོ་ཚད་མེད་ཉིད་དང་བཅས་ཞེས་པ་ནི་ཚད་མེད་པ་དང་བཅས་པ་དེས་འཇུག་ཅེས་པས་ཚད་མེད་བཅས་ཏེ་ཆེན་པོ་དང་ཚད་མེད་པ་ཞེས་པའི་དོན་ཏོ།། གཟུགས་ལ་སོགས་པ་ཐམས་ཅད་དུ་ཡུལ་དང་དུས་ཀྱི་དངོས་པོ་མེད་པར ་ཡོངས་སུ་མ་ཆད་པས་ཆེན་པོ་ཞེས་པ་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའོ།། གཟུགས་ལ་སོགས་པ་ཚད་འདི་དག་ཙམ་མོ་ཞེས་ཡོངས་སུ་བཅད་པས་ཚད་གཟུང་དུ་མེད་པས་ཚད་མེད་པ་ཞེས་པ་སྟེ། སྡུག་བསྔལ་ལ་རྗེས ་རྗེ་སུ་ཤེས་པའི་བཟོད་པའོ།། དཔག་མེད་མཐའ་ཉིད་མེད་པ་དང་ཞེས་བྱ་ལ་མཐའ་ཉིད་ནི་མཐའ་སྟེ། དཔག་པ་དང་མཐའ་དག་མེད་པ་ཞེས་དཔག་མེད་ཅེས་པའི་དོན་ཏོ།། གཟུགས་ལ་སོག་པ་རྣམས ་བགྲང་བས་ཡོངས་སུ་བཅད་དུ་མེད་པས་ན་དཔག་མེད་ཅེས་པ་སྟེ། སྡུག་བསྔལ་ལ་རྗེས་སུ་ཤེས་པའོ།། གཟུགས་ལ་སོགས་པ་རྣམས་ཀྱི་མཐའ་མེད་པས་ན་མཐའ་མེད་ཅེས་པ་སྟེ། ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པའོ།། ། ་གཟུགས་ལ་སོགས་པ་ཞེས་པའི་ཚིག་ནི་ཐམས་ཅད་དུ་ཚིག་རྐང་ལ་སྦྱོར་བར་བྱའོ།། དེར་གནས་སངས་རྒྱས་ཉིད་ཅེས་པ་ནི་དེ་ལ་གཟུགས་ལ་སོགས་པའི་དེ་བཞིན་ཉིད་འདི་ལ་གནས་པ་རྟེན་ལ་སྟེ། སངས་རྒྱས་ཉིད་དུ་བལྟ་བར་བྱ ་ཞེས་པ་ནི་ཀུན་འབྱུང་ལ་ཆོས་ཤེས་པའོ།། བླང་མེད་དོར་བ་མེད་སོགས་དང་ཞེས་པ་ལ། གཟུགས་ལ་སོགས་པ་བླང་བར་མི་བྱ་ཞིང་དོར་བར་མི་བྱའོ།། སོགས་པའི་སྒྲས་སོ་སོ་བདག་ཉིད་རིག་པ་ཉིད་ཀྱི་གཟུགས་ལ་སོགས་པ་རྣམས་ཇི ་ལྟ་བ་བཞིན་དུ་རྟོགས་པ་ནི་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པའོ།། བྱམས་ལ་སོགས་ཞེས་པ་ནི་བྱམས་པ་དང་སྙིང་རྗེ་དོང་དགའ་བ་དང་བཏང་སྙོམས་ཏེ་ཀུན་འབྱུང་ལ་རྗེས་སུ་ཤེས་པའོ།། སྟོང་ཉིད་ཐོབ་པ་ཞེས་པ་ནི་སྟོང་པ་ཉིད ་ཉི་ཤུ་པོ་རྣམས་མཐོང་སྟེ། འགོག་པ་ལ་ཆོས་ཤེས་པའི་བཟོད་པའོ།། སངས་རྒྱས་ཉིད་དུ་ངེས་འཛིན་དང་ཞེས་པ་ནི་སངས་རྒྱས་མེད་པའི་ཞིང་ཁམས་རྣམས་སུ་སེམས་ཅན་གྱི་དོན་བྱེད་པའི་སངས་རྒྱས་ཀྱི་སྐུར་སྟོན་པ ་ནི་འགོག་པ་ལ་ཆོས་ཤེས་པའོ།། རྣས་པར་བྱང་ཀུན་ཤེས་པ་ལ་འདིར་ཡང་ངེས་འཛིན་ཞེས་པ་གོང་མའི་སྐབས་དང་སྦྱར་བ་སྟེ། འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པའོ།། ཉམ་ངབ་དང་ནང་ཀུན་སེལ་ཞེས་པ་ལ་ཉམ་ང་བ་ནི་སེམས ་ཀྱི་སྡུག་བསྔལ་ལོ།། ནད་ནི་ལུས་ཀྱི་སྡུག་བསྔལ་ཏེ་དེ་དག་སེལ་བ་ནི་ཀུན་ཏུ་གསལ་བ་ཞེས་པ་སྟེ། འགོག་པ་ལ་རྗེས་སུ་ཤེས་པའོ།། མྱ་ངན་འདྲ་འཛིན་ཞི་ཉིད་དང་ཞེས་པ་ནི་ལམ་ལ་ཆོས་ཤེས་པའི་བཟོད་པའོ།། སངས་རྒྱས་རྣམས ་ཀྱི་སྲུང་ལ་སོགས་ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཞུགས་པའི་གནས་དག་སངས་རྒྱས་བཅོམ་ལྡན་འདས་ཀྱི་གནས་སྐབས་ཐམས་ཅད་དུ་ཤིན་ཏུ་སྲུང་བར་འགྱུར་རོ།། སོགས་པའི་སྒྲས་ནི་དགེ་བ་རྣམས་འཕེལ ་བར་བྱེད་པ་སྟེ་ལམ་ལ་ཆོས་ཤེས་པའོ།། སྲོག་མི་གཅོད་པ་ལ་སོགས་པ།། རྣམ་པ་ཀུན་མཁྱེན་ཚུལ་ལ་ནི།། བདག་ཉིད་གནས་ཏེ་སེམས་ཅན་དག། འགོད་པ་དང་ཞེས་པ་ལ་སྲོག་གཅོད་པ་ལས་སླར་ལྡོག་པ་དང་པོར་བྱས་ནས ་ཇི་སྲིད་རྣམ་པ་ཐམས་ཅད་མཁྱེན་པའི་བར་ལ་བདག་ཉིད་གནས་ནས་གཞན་དག་ཀྱང་དེ་རྣམས་ཉིད་ལ་འགོད་པར་བྱེད་པ་ཞེས་པ་ནི་ལམ་ལ་རྗེས་སུ་ཤེས་པའི་བཟོད་པའོ།། སྦྱིན་པ་ལ་སོགས་པ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་ཅེས་པ ་ནི་ལམ་ལ་རྗེས་སུ་ཤེས་པ་སྟེ། སྐད་ཅིག་མ་བཅུ་དྲུག་གི་བདག་ཉིད་ཀྱི་བྱང་ཆུབ་སེམས་དཔའི་མཐོང་བའི་ལམ་བཤད་དོ།། །། སྒོམ་པའི་ལམ་བརྗོད་པར་བྱ་བ་ལ། དེའི་བྱེད་པ་རྣམ་པ་དྲུག་མདོ་ལས ་དང་པོར་གསུངས་པ་འདིས་ན་དེ་ལ་རེ་ཞིག་བྱེད་པ་ཉིད་གསུངས་པ། ཀུན་ནས་ཞི་དང་ཐམས་ཅད་ལ།། འདུད་དང་ཉོན་མོངས་ལས་རྒྱུ་ལ་དང་།། གནོད་པས་རྫིབ་མེད་ཉིད་དང་།། བྱང་ཆུབ་དང་ནི་རྟེན་མཚང་ཉིད ་ཅེས་པ་ལ། ཀུན་ནས་ཞི་ཞེས་པ་ནི་རྣམ་པ་རྣམས་ཀྱི་རང་གི་སེམས་འདུལ་བར་བྱེད་པ་ཉིད་ཀྱིས་ནི་ཞི་བའོ།། འདུད་ཅེས་པ་ནི་དགེ་བའི་བཤེས་གཉེན་ལ་སོགས་པ་ལ་ཕྱག་བྱེད་པའོ།། ཉོན་མོངས་ལས་རྒྱལ་ཞེས་པ་ནི་འདོད་ཆགས ་དང་ཞེ་སྡང་དང་གཏི་མུག་ལ་སོགས་པ་རྣམས་རྣམ་པར་བཅོམ་པའོ།། གནོད་པས་རྫི་བ་མེད་ཉིད་དང་ཞེས་པ་གཞན་དག་གིས་གནོད་པ་བྱས་པ་ཡུལ་དུ་མི་བྱེད་པས་དུག་མེད་པར་གྱུར་པའོ།། བྱང་ཆུབ་ཅེས་པ་ཡང་དག་པར་རྫོགས་པའི། ་བྱང་ཆུབ་ཏུ་རྫོགས་པའོ།། རྟེན་མཆོད་ཅེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཀློག་པ་ལ་སོགས་པའི་གནས་དེ་རྣམས་སུ་ལྷ་དང་ལྷ་མ་ཡིན་དང་མི་རྣམས་ཀྱིས་མཆོད་པར་འགྱུར་བ་སྟེ། རྣམ་པ་དྲུག་པོ་འདི་རྣམས་ནི་སྒོམ་པའི་ལམ ་གྱི་བྱེད་པ་འམ་ལས་སོ།། ད་ནི་སྒོམ་པའི་ལམ་གྱི་དབྱེ་བ་བརྗོད་པར་བྱ་སྟེ། དེ་ཡང་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་ཆོས་ཀྱི་དབྱེ་བས་རྣམ་པ་གཉིས་སོ།། དེ་ལ་ཟག་པ་དང་བཅས་པ་ནི་མོས་པ་དང་བསྔོ་བ་དང་རྗེས་སུ་ཡི་རང ་བཞོས་བྱ་བའི་སྒོམ་པའི་ལམ་མོ།། དེ་རྣམས་ལ་མོ་སོ་པ་ཡིད་བྱེད་པ་ཞེས་བྱ་བ་སྒོམ་པའི་ལམ་གསུངས་པ། མོས་པ་རང་གི་དོན་དང་ནི།། རང་གཞན་དོན་དང་གཞན་དོན་དང་།། རྣམ་གསུམ་ཤེས་བྱ་དེ་ཡང་ནི།། ཆུང་དང་འབྲིང་དང་ཆེན ་པོ་སྟེ།། སོ་སོར་རྣམ་པ་གསུམ་དུ་འདོད།། ཆུང་ངུའི་ཆུང་སོགས་དབྱེ་བ་ཡིས།། དེ་ཡང་རྣམ་གསུམ་དེ་ལྟར་ན།། རྣམ་པ་ཉི་ཤུ་བདུན་དུ་འདོད་ཅེས་པ་སྟེ། འདིར་གཞུང་གི་བདག་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཆེས་ལྷག་པར་ཡང་དག ་པར་ཡིད་ཆེས་པ་ནི་མོས་པ་སྟེ། དེ་ཡང་རྣམ་པ་གསུམ་དུ་ཤེས་པར་བྱའོ།། རང་གི་དོན་རྣམ་པ་གསུམ་དུ་ཤེས་པར་བྱ་ཞེས་པ་ལ། ཆུང་ངུ་དང་འབྲིང་དང་ཆེན་པོ་སྟེ་ཞེས་པས་སོ།། ཆུང་ངུའི་ཆུང་ངུ་ལ་སོགས་པའི་དབྱེ་བས་དེ་རྣམས་ཀྱང་སོ་སོར ་རྣམ་པ་གསུ་མ་གསུམ་དུ་འགྱུར་རོ།། དེ་ལྟར་རྣམ་པ་ཉི་ཤུ་བདུན་དུ་འདོད་ཅེས་པ་ནི་རྣམ་པ་འདིའི་ཚུལ་གྱིས་རབ་ཏུ་དབྱེ་བའོ།། དེ་ལ་རང་གི་དོན་གྱིས་མོས་པ་རྣམས་ནི། འདི་ལྟ་སྟེ་ཆུང་ངུའི་ཆུང་ངུ་དང་། ཆུང་ངུའི་འབྲིང་པོ་དང་། ་ཆུང་ངུའི་ཆེན་པོ་དང་། འབྲིང་གི་ཆུང་ངུ་དང་། འབྲིང་གི་འབྲིང་པོ་དང་། འབྲིང་གི་ཆེན་པོ་དང་། ཆེན་པོའི་ཆུང་ངུ་དང་། ཆེན་པོའི་འབྲིང་པོ་དང་། ཆེན་པོའི་ཆེན་པོའོ།། དེ་ལྟར་རང་གཞན་ཉིད་ཀྱི་མོས་པ་དང་། གཞན་གྱི་མོས་པ་དག་ཀྱང་རིག་པར་བྱ་སྟེ། ་མོས་པའི་དབྱེ་བ་ཉི་ཤུ་རྩ་བདུན་ནོ།། ཇི་ལྟ་བ་བཞིན་དུ་གསུངས་པའི་མོས་པ་བསྒོམ་པའི་བྱང་ཆུབ་སེམས་དཔའ་སྤྲོ་བར་བྱ་བའི་དབང་དུ་མོས་པཱ་ལ་འདི་ལྟར་སངས་རྒྱས་ལ་སོགས་པས་བསྟོད་པ་ལ་སོགས་པར་བྱེད་དེ། དེ་བསྟན ་པའི་ཕྱིར་བསྟོད་པ་དང་བཀུར་བ་དང་བསྔགས་པ་རྣམས་གསུངས་པ། ཤེས་རབ་ཕ་རོལ་ཕྱིན་པ་ལ།། མོས་པའི་གནས་སྐབས་རྣམས་ལ་ནི།། དགུ་ཚན་གསུམ་གྱིས་བསྟོད་པ་དང་།། བཀུར་བ་དང་ནི་བསྔགས་པར་འདོད་ཅེས ་པ་སྟེ། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བྱང་ཆུབ་སེམས་དཔའ་གང་ཞིག་མོས་པ་དེའི་མོས་པ་རྣམས་ཆུང་ངུ་དང་འབྲིང་དང་ཆེན་པོའི་དབྱེ་བས་དགུ་ཆེན་གསུམ་གྱི་ཉི་ཤུ་རྩ་བདུན་གྱི་རྣམ་པ་ཇི་ལྟར་ཕྱེ་བ་དེ་ལྟར ་བསྟོད་པ་དག་ཀྱང་ཤེས་པར་བྱ་སྟེ། དེ་ལ་བསྟོད་པ་ནི་བསྟོང་པ་ཙམ་མོ།། བཀུར་བ་ནི་འབྲིང་དུ་བསྟོད་པའོ།། བསྔགས་པ་ནི་ཆེར་བསྟོད་པའོ།། བསྔོ་བ་ཡིད་ལ་བྱེད་པ་ཞེས་བྱ་བའི་སྒོམ་པའི་ལམ་གསུངས་པ། ཡོངས་སུ་བསྔོ་བོར་ཁྱད་པར ་ཅན།། དེ་ཡི་བྱེད་པ་མཆོག་ཡིན་ནོ།། དེ་ནི་དམིགས་མེད་རྣམ་པ་ཅན།། ཕྱིན་ཅི་མ་ལོག་མཚན་ཉིད་དོ།། དབེན་དང་སངས་རྒྱས་བསོད་ནམས་ཚོགས།། རང་བཞིན་དྲན་པའི་སྤྱོད་ཡུལ་ཅན།། ཐབས་མཁས་མཚན་མ་མེད་པ་དང་།། སངས་རྒྱས་རྗེས ་སུ་ཡི་རང་དང་།། ཁམས་གསུམ་གཏོགས་པ་མ་ཡིན་དང་།། ཆུང་དང་འབྲིང་དང་ཆེན་པོ་ཡི།། བསྔོ་བ་གཞན་ནི་རྣམ་གསུམ་ཏེ།། བསོད་ནམས་ཆེ་འབྱུང་བདག་ཉིད་དོ་ཞེས་པ་སྟེ། ཉན་ཐོས་ལ་སོགས་པའི་བསོད་ནམས་ཀྱི་ཕུང་པོ ་ལས་བྱང་ཆུབ་སེམས་དཔེའི་བསོད་ནམས་ཀྱི་ཕུང་པོ་ཡོངས་སུ་བསྔོ་བ་འདིས་ཁྱད་པར་དུ་བྱེད་པས་ཁྱད་པར་ཅན་ཏེ། དེས་ཡོངས་སུ་བསྔོ་བ་ནི་ཁྱད་པར་ཅན་གྱི་ཡོངས་སུ་བསྔོ་བའོ།། དེའི་ཁྱད་པ་དྲ་འདི་གང་གི་ཞེས་པ་ལ་གསུངས ་པ། དོ་ནཽ་ཞེས་པ་སྟེ། བྱང་ཆུབ་སེམས་དཔའི་འོ།། བྱེད་པ་མཆོག་ནི་སེམས་ཅན་ཐམས་ཅད་ལ་ཐུན་མོང་དུ་བྱས་ཏེ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསོད་ནམས་ཡོངས་སུ་བསྔོ་བའི་མཚན་ཉིད་དེ། བྱ་བའི་ཁྱད་པར་གྱིས་ཁྱད ་པབར་དུ་ཡོངསུ་བསྔོ་བའོ།། དེ་ནི་དམིགས་མེད་རྣམ་པ་ཙནྡྲ་ཞེས་པ་ནི། བསོད་ནམས་གང་ཞིག་ཡོངས་སུ་བསྔོ་བ་དང་། བྱང་ཆུབ་གང་ཞིག་ཏུ་དང་། སེམས་གང་གིས་དང་། བསྔོ་བ་གང་གིས་དང་བསྔོ་བར་བྱེད་པ་ལ་སོགས་པ་དེ་རྣམས ་ཐམས་ཅད་ཇི་ལྟ་བ་བཞིན་གྱི་མཚན་ཉིད་དུ་མེད་པས་མི་དམིགས་པར་ཡོངས་སུ་བསྔོའོ།། ཕྱིན་ཅི་མ་ལོག་མཚན་ཉིད་དོ་ཞེས་པ་ལ། ཇི་བཞིན་པའི་དོན་རྟོགས་པ་ནི་ཕྱིན་ཅི་མ་ལོག་པ་སྟེ། དེས་ཡོངས་སུ་བསྔོ་བ་ནི་ཕྱིན་ཅི་མ ་ལོག་པས་ཡོངས་སུ་བསྔོ་བའོ།། དབེན་དང་ཞེས་པ་ནི་འདུ་ཤེས་ཐམས་ཅད་ལས་རྣམ་པར་གྲོལ་བའི་སེམས་ཀྱིས་ཡོངས་སུ་བསྔོ་བ་ནི་དབེན་དང་ཡོངས་སུ་བསྔོ་བའོ།། སངས་རྒྱས་བསོད་ནམས་ཚོགས། རང་བཞིན་དྲན་པའི་སྤྱོད་ཡུལ ་ཅན་ཞེས་པ་ལ། སངས་རྒྱས་ལ་སོགས་པ་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་དེའི་རང་བཞིན་ནི་མི་རྟག་པ་ལ་སོགས་པའོ།། དེ་དྲན་པའི་སྤྱོད་ཡུལ་དུ་གང་གིས་ཡོངས་སུ་བསྔོ་བ་དེ་ནི་སངས་རྒྱུ་བསོད་ནམས་ཚོགས་ཀྱི་རང་བཞིན་དྲན་པའི ་སྤྱོད་ཡུལ་དུ་ཡོངས་སུ་བསྔོ་བའོ།། ཐབས་བཅས་ཤེས་པ་ནི་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལས་མ་འདས་པས་ཡོངས་སུ་བསྔོ་བ་ནི་ཐབས་དང་བཅས་པས་ཡོངས་སུ་བསྔོ་བྱའོ།། མཚན་མ་མེད་ཅེས་པ་ནི་མཚན་མར་མི་རྟོགས ་བས་ཡོངས་སུ་བསྔོ་བ་ནི་མཚན་མ་མེད་པ་ཡོངས་སུ་བསྔོ་བའོ།། སངས་རྒྱས་རྗེས་སུ་ཡི་རང་དང་ཞེས་པ་ནི་སངས་རྒྱས་ཐམས་ཅད་ཀྱིས་རྗེས་སུ་གནང་ནས་ཡོངས་སུ་བསྔོ་བའོ།། ཁམས་གསུམ་གཏོགས་པ་མ་ཡིན་དང་ཞེས ་པ་ལ། སྲིད་པའི་དངོས་པོ་ལ་མ་ཆགས་པས་ཡོངས་སུ་བསྔོ་བ་ནི་ཁམས་གསུམ་གཏོགས་པ་མ་ཡིན་པས་ཡོངས་སུ་བསྔོ་བའོ།། བསྔོ་བ་གཞན་ནི་རྣམ་གསུམ་པོ་ཞེས་པ་ལ་སོགས་པ་ནི་གཞན་ཡོངས་སུ ་བསྔོ་བའོ།། བསོད་ནམས་ཆེ་འབྱུང་བདག་ཉིད་ངོ་ཞེས་པ་ཡོངས་སུ་མ་གོས་པ་སྟེ། དེ་ཡིང་ཆུང་ངུ་དང་། འབྲིང་དང་ཆེན་པོའི་དབྱེ་བས་རྣམ་པ་གསུམ་མོ།། མཚན་མ་མེད་པའི་རྣལ་འབྱོར་གྱིས་ཡོངས་སུ་བསྔོ་བ་ནི་ཆུང་ངུའོ།། མི་དམིགས་པའི ་རྣལ་འབྱོར་གྱིས་ཡོངས་སུ་བསྔོ་བ་ནི་འབྲིང་ངོ་།། གཞན་མ་ཡིན་པའི་དེ་ཉིད་ཀྱིས་རྣལ་འབྱོར་གྱི་ཡོངས་སུ་བསྔོ་བ་ནི་ཆེན་པོ་སྟེ། ཡོངས་སུ་བསྔོ་བའི་དབྱེ་བ་རྣམ་པ་བཅུ་གཉིས་སུ་བཤད་དོ།། རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་གསུངས ་པ་ཐབས་དང་མི་དམིགས་པ་དག་གིས།། དགེ་བའི་རྩ་ལ་ཡི་རང་བ། རྗེས་སུ་ཡི་རང་ཡིད་བྱེད་པ།། བསྒོམ་པ་ཡིན་པར་འདིར་བརྗོད་དོ་ཞེས་པ་སྟེ། ཐབས་ཀྱིས་ཀུན་རྫོབ་ཏུ་བསོད་ནམས་ཀྱི་ཚོགས་ལ་དམིགས་པར་བྱ་ཞིང་མི་དམིགས། ་པར་གཟུང་བ་དང་འཛིན་པ་དག་མི་དམིགས་པར་རྣམ་པར་དག་པར་བྱས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་ལ་རྗེས་སུ་ཡི་རང་བ་ནི་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པའོ།། མོས་པ་ཡིད ་ལ་བྱེད་པ་དང་། ཡོངས་སུ་བསྔོ་བ་ཡིད་ལ་བྱེད་པ་དང་། རྗེས་སུ་ཡི་རང་བ་བྱེད་པའི་བདག་ཉིད་རྣམ་པ་གསུམ་ནི་ཟག་པ་དང་བཅས་པའི་སྒོམ་པའི་ལམ་མོ།། ད་ནི་ཟག་པ་མེད་པའི་སྒོམ་པའི་ལམ་བརྗོད་པར་བྱ་སྟེ། དེ་ཡང ་རྣམ་པ་གཉིས་ཏེ། མངོན་དུ་གྱུར་པ་དང་། ཤིན་ཏུ་དག་པའོ།། དེ་ལ་མངོན་དུ་གསུངས་པ་དེ་ཡི་ངོ་བོ་ཉིད་མཆོག་ཉིད།། ཀུན་ལ་མངོན་དུ་མི་བྱེད་དང་།། ཆོས་རྣམས་དམིགས་པ་མེད་པར་ནི།། གཏོང་བར་བྱེད་པ་དོན་ཆེན་ཉིད་ཅེས་པ་སྟེ། ་ངོ་ངོ་ཞེས་པ་ནི་གཟུགས་ལ་སོགས་པའི་ཆོས་རྣམས་ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་དུ་སྟོན་པ་ནི་སྒོམ་པའི་ལམ་གྱི་རང་བཞིན་ནོ།། མཆོག་ཅེས་པ་ནི་སྒོམ་པའི་ལམ་མ་གཏོགས་པར་སངས་རྒྱས་ཐོབ་པར་མི་འགྱུར་ཞེས་པ ་འདིས་ན་མཆོག་གོ། ཀུན་ལ་མངོན་དུ་མི་བྱེད་ཅེས་པ་ནི་སྒོམ་པའི་ལམ་གྱི་བྱེ་བྲག་རྟོགས་པས་རབ་ཏུ་སྦྱོང་བ་ཡང་དེ་ཁོ་ན་ཉིད་ལ་ཏེ། གཟུགས་ཀྱི་ཕུང་པོ་ལ་སོགས་པའི་ཆོས་ཐམས་ཅད་མ་སྐྱེས་པའོ།། ཆོས་རྣམས་དམིགས ་པ་མེད་པ་ནི་ཞེས་པ་ལ་མི་དམིགས་པར་རྣམ་པར་དག་པར་བྱས་ཏེ། ཀུན་རྫོབ་ཏུ་རྣལ་འབྱོར་པས་སངས་རྒྱས་ཐམས་ཅད་ཀྱི་ཆོས་རྣམས་བསྐྱེད་པར་བྱའོ།། དོན་ཆེན་ཞེས་པ་ལ་ཆེན་པོ་ནི་སངས་རྒྱས་ཉིད་ཀྱི་དོན་ཏེ། འདིས་ན་དོན་ཆེན ་ནི་སྒོམ་པའི་ལམ་ཏེ། དེའི་སྒོམ་པ་ནི་མངོན་དུ་གྱུར་པ་མཚོན་གྱི་སྒོམ་པའི་ལམ་མོ།། སྒོམ་པའི་ལས་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མཐའ་དག་ཁས་ལེན་པའི་རྩ་བ་ནི་མོས་པའོ།། མོས་པ་དེ་ཉིད་གང་གི་རྒྱུ་མཚན་ཉིད ་ཀྱིས་ཤེས་པ་ལ་གསུངས་པ། སངས་རྒྱས་རྟེན་དང་སྦྱིན་སོགས་དང་།། ཐབས་ལ་མཁས་པ་གང་ཡིན་དང་།། འདི་ལ་མོས་པའི་རྒྱུ་དག་ཡིན།། ཆོས་ཀྱིས་ཕོངས་པའི་རྒྱུ་དག་ནི།། བདུད་ཀྱི་ཐིབས་ཀྱི་ནོན་པ་དང་། ཟབ་མོའི ་ཆོས་ལ་མ་མོས་དང་།། ཕུང་པོ་ལ་སོགས་མངོན་ཞེན་དང་།། སྡིག་པའི་གྲོགས་པོས་ཟིན་པའོ་ཞེས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་བསྟེན་ཅིང་བཀུར་བ་དང་། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ ་བཅུ་ལ་གོམས་པར་བྱ་བ་དང་། ཐབས་ནི་སངས་རྒྱས་ཉིད་འགྲུབ་པའི་རྒྱུ་རྐྱེན་ཏེ། དེ་ལ་མཁས་པ་ནི་སངས་རྒྱས་ཀྱི་ཆོས་ལ་མོས་པའི་རྒྱུ་དག་ཡིན་ནོ།། བདུད་ཀྱི་ཐིབས་ཀྱིས་ནོན་ཅིང་འཚེ་བ་དང་། ཐོབ་མོའི་ཆོས་ལ་མི་མོས་པ་དང་། ཕུང ་པོ་དང་ཁམས་དང་སྐྱེ་མཆེད་ལ་མངོན་པར་ཞེན་པ་དང་། སྡིག་པའི་གྲོགས་པོས་ཟིན་པ་ཞེས་པ་ནི་ཆོས་ཀྱི་ཕོངས་པའི་རྒྱུ་ཡིན་ནོ།། རྣམ་པར་དག་པའི་མཚན་ཉིད་ཀྱི་སྒོམ་པའི་ལམ་གསུངས་པ། འབྲས་བུ་དག་པ་གཟུགས་ལ་སོགས། ་དག་པ་ཉིད་དེ་གང་གི་ཕྱིར།། དེ་གཉིས་མཐའ་དང་མ་ཡིན་ཞིང་།། གཅད་དུ་མེད་པས་དག་པར་བརྗོད་ཅེས་པ་སྟེ། འབྲས་བུ་ནི་བྱང་ཆུབ་སྟེ། ཟག་པ་མེད་པ་རྣམ་པར་དག་པ་གང་ཞིག་མི་མཐུན་པའི་ཕྱོགས་ལ་ངེས་པར་གྲོལ་བ་དེ་ནི ་གཞན་མ་ཡིན་ཏེ། འོན་ཀྱང་གཟུགས་ལ་སོགས་པ་དག་པ་ཉིད་དོ།། གཟུགས་ལ་སོགས་པའི་ཕུང་པོ་ཟག་པ་དང་བཅས་པ་གང་ཞིག་དག་པ་ནི་དེ་ཉིད་དེའི་ཕྱིར་འབྲས་བུ་དག་པ་དང་གཟུགས་དག་པ་ལ་སོགས་པ་དག་པ་དེ་གཉིས ་དབྱེར་མེད་བཅད་དུ་མེད་པའི་ཕྱིར་ཐ་དད་པ་མ་ཡིན་ཞེས་པ་ནི་འབྲས་བུ་དང་། གཟུགས་ལ་སོགས་པ་གཉིས་ཀ་རྣམ་པར་དག་པས་ན་ཐ་དད་དུ་མ་གྲུབ་པའོ།། བཅད་དུ་མེད་ཅེས་པ་ནི་འབྲས་བུ་དག་པ་དང་། གཟུགས་ལ ་སོགས་པ་དག་པ་གཉིས་སུ་མེད་པའི་རང་བཞིན་ཞེས་པའི་དོན་ཏོ།། ཐུན་མོང་གི་རྣམ་པར་དག་པའི་མཚན་ཉིད་བསྟན་ནས་བྱེ་བྲག་རྣམས་གསུངས་པ། ཉོན་མོངས་ཤེས་བྱ་ལམ་གསུམ་གྱི།། ཉམས་ཕྱིར་སློབ་མ་བསེ་རུ་དང་།། རྒྱལ་སྲས ་རྣམས་ཀྱི་དག་པ་སྟེ།། སངས་རྒྱས་རྣམ་ཀུན་ཤིན་ཏུ་ཞེས་པ་སྟེ། འདོད་ཆགས་པའི་ཉོན་མོངས་པ་རྣམས་སྤངས་པ་ལ་སོ་ཉན་ཐོས་ཀྱི་རྣམ་པར་དག་པའོ།། ཤེས་བྱའི་སྒྲིབ་པའི་ཕྱོགས་གཟུང་བའི་རྣམ་པར་རྟོག་པ་སྤངས་པ་ལས་རང་སངས།། ་ས་ཀྱི་རྣམ་པར་དག་པའོ།། ཐེག་པ་གསུམ་ཐོབ་པར་བྱེད་པ་ལ་སྒྲིབ་པ་སྤངས་པ་ལས་བྱང་ཆུབ་སེམས་དཔའི་རྣམ་པར་དག་པའོ།། རྣམ་པ་ཐམས་ཅད་ཀྱིས་ཆོས་ཐམས་ཅད་ལ་ཉོན་མོངས་པ་དང་ཤེས་པའི་སྒྲིབ་པ་བག་ཆགས་དང ་བཅས་པ་སྤངས་པ་ལས་ཤིན་ཏུ་སྟེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྣམ་པར་དག་པའོ།། ས་དགུ་ནི་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཀྱི་སྙོམས་པར་འཇུག་པ་བརྒྱད་དེ། དེ་རྣམས་རྣམ་པར ་དག་པ་ནི་བསྒྲུབ་པར་བྱའོ།། དེ་བས་ནཱ་ས་དགུ་ལ་བསྒོམ་པའི་ལམ་རྣམ་པ་དགུར་བསྟན་པར་བྱ་སྟེ། ས་དགུ་ལ་ནི་ཆེན་པོ་ཡི།། ཆེན་པོ་ལ་སོགས་དྲི་མ་ཡི།། གཉེན་པོའི་ཕྱོགས་ཆུང་ངུ་ཡི།། ཆུང་ངུ་ལ་སོགས་ལམ་ཡིན་ནོ་ཞེས་པ་སྟེ་དག ་པར་བྱེད་པས་ན་དག་པོའོ།། ཆེན་པོའི་ཆེན་པོ་ལ་སོགས་པ་མི་མཐུན་པའི་ཕྱོགས་རྣམ་པ་དགུའི་གཉེན་པོའི་ཕྱོགས་ཉིད་ནི་ཆུང་ངུའི་ཆུང་ངུ་ལ་སོགས་པའི་ལམ་གྱི་རིམ་པ་ཇི་ལྟ་བ་བཞིན་དུ་རྣམ་པ་དགུའོ།། སངས་རྒྱས་ཀྱི་དག ་བཙྪེ་སྦྱར་ཤིན་ཏུ་སྐྱེས་པ་ཟླ་གསུངས་གཙུན་ཀང་དུ་སྨྲ་ས་པཱ་ཡིས།། ལམཱ་ནི་འདུལ་དང་གཞལ་བྱུ་ག། ཉས་པ་ཉིད་ཀྱི་ཁམས་གསམ་ཀྱི།། གཉེན་པ་ཞིང་དུ་འདོད་པ་ཡིན་ཞེས་པ་སྟེ། འབས་སྐྱེད ་དང་གརྒྱལ་བྱ་མཉམ་པ་ཉིད་ཅེས་པ་ལ་འཇལ་བྱེད་ནི་འཛིན་པའོ།། ཞལ་བྱ་ནི་གཟུང་བ་སྐྱེ་དག་གི་མཉམ་པ་ཉིད་ནི་གཅིག་ཏུ་ཡང་མེད་ཅིང་གཉི་སྒྱུ་སྨྲ་ཡང་མེད་པས་མ་གྲུབ་པ་ཉིད་ཀྱི་ཕྱིར་མཉམ་པའོ།། དེ་དག་ཉིད་ཁམས་གསུམ་པ ་ཉེན་པོའི་ཕྱོགས་ཉིད་སྭཱ་ཏེ། ཛཾ་སྐད་ཀསངྱས་པའི་ཤིན་འི་སྒོམྦྷ་པའོ་ལནྡྲ་ཞེས་སྟེ་བྱིན་ཏུ་དག་པའི་སང་ས་རྒྱས་བཅོམ་ལྡན་ནས་སོ།། ནྡྷ། དེ་ནི་སྤ་སྨྲ་པ་མེས་ཞེས་པ་ནི་ཆུང་གྷྲི་ཤ+འུ་དཱུ་ལ་སྡིགས་པ་བཙུན་པའི་ཕྱོགས ་རླུང་ཐུར་རླུང་དྲིལ་སོ་བས་པའི་མི་མཐུན་པའི་ཕྱོགས་ཉིད་ལའི་ཞེས་པ་ནི་མྱི་རིགས་ཏེ། གཉེན་པོའི་ཕྱོགས་ཆེན་པོའི་ཆེན་པོ་ལ་སོགས་པས་མྱི་མཐུན་པའི་ཕྱོགས་ཆུ་ཥྞཱི་ཆུང་རྡུལ་སོགས་པ་སྤྱོང་བ་ནི་རིགས་ཏེ། དཔེར་ན་གོས་ལྔ་ཞོན ་དྲྀམྦི་ཕྲ་མོ་དྲུག་བཀྲ་བ་ནི་ཁྲུས་མ་ཁན་གྱི་བརྩོན་པ་ཆེན་པོ་སྤང་བར་ནུས་སོ།། དེ་བས་ན་ཇི་ཝཱར་ག་སྦྱོངས་པའི་རིམ་པར་རྟོགས་པར་བྱའོ།། མངོན་པར་ཟློག་སྤྲོ་བའི་སྐྱོན་གྱི་འཁྱིལ་བ་གྲགས་པའི་ཆ་ཞེས་བྱ་བ་ལས་སྐབས་གཉིས་པའི ་འགྲེལ་བའོ། ངནི་ཉོན་ཐོས་ལ་མཤེས་པའི་གཡོན་ག་ཐམས་ཅད་ཤེས་པ་ནཱི་ཙཱ་ལས་བཤད་པ་བདེན་པ་ཅན་ལ་རྣམ་པ་བཅུ་དྲུག་གི་བདག་ཉིད་ལ་སོགས་པ་ཇི་ལྟ་བ་བཞིན་དུ་འདིར་བྱང་ཆུབ་སེམས་དཔའི་ལས་ལ ་རྟོགས་པར་བྱའོ།། དེ་ལྟ་བས་ན་རྟོགས་པའི་ཕྱིར་གསུངས་པ། ཚུ་རོལ་ཕ་རོལ་མཐའ་ལ་མིན།། དེ་དག་པར་ན་མི་གནས་པ།། དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར།། ཤེས་རབ་ཕ་རོལ་ཕྱིན་པར་འདོད་ཅེས་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་ནི་འདིར་ཐམས་ཅད་ཤེས་པའོ།། འདི་ལ་ཉན་ཐོས་ཀྱི་དུས་རྣམས་མཉམ་པ་ཉིད་ཡོངས་སུ་ཤེས་པ་མེད་པས་ན་འཁོར་བ་དང་མྱ་ངན་ལས་འདས་པ་དང་དབུས་སུ་ཡང་ཁས་མི་ལེན་ཏེ། བྱང་ཆུབ་སེམས་དཔས་འདི་ལྟ་བུར་ཁས་བླང་བར་མི ་བྱ་ཞེས་རྟོགས་པ་བྱ་སྟེ། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། ཚུ་རོལ་མིན་ཞེས་པ་ནི་འཁོར་བ་ལའོ།། ཕ་རོལ་མིན་ཞེས་པ་ནི་མྱ་ངོན་ལས་འདས་པའོ།། དེ་དག་པར་ན་མི་གནས་ཞེས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ།། ། ་འདོད་པ་ནི་ཡང་དག་པར་འདོད་པའོ།། གང་ཞེས་པ་ལ་གསུངས་པ། དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར་ཞེས་པ་སྟེ། དུས་གསུམ་པོ་རྣམས་ཀྱི་དངོས་པོ་ཀུན་རང་གསལ་བའི་བདག་ཉིད་གཟུང་བ་དང་འཛིན་པས་སྟོང་པ་དེ་ཉིད་མཉམ ་པ་ཉིད་དེ་དག་དངོས་སུ་མངོན་དུ་བྱས་པས་འཁོར་བ་ལ་རབ་ཏུ་མི་གནས་པ་དང་མྱ་ངན་ལས་འདས་པ་ལ་རབ་ཏུ་མི་གནས་ཞེས་བཤད་དོ།། འོ་ན་སྟོང་པ་ཉིད་ནི་ཐམས་ཅད་དུ་ཡོད་པ་ཉིད་དེ་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པ་ཡང་ཐམས་ཅད་དུ་ཡོད་པ་ཡིན་ནོ།། དེ་དག་ཉན་ཐོས་རྣམས་ཀྱི་ཅི་སྟེ་མི་རྟོགས། བྱང་ཆུབ་སེམས་དཔའ་ཁོ་ནས་ཅི་སྟེ་རྟོགས་ཞེས་སེམས་པ་ལ་གསུངས་པ། དེ་ནི་མཚན་མར་དམིགས་སྒོ་ནས།། ཐབས་མ་ཡིན་པས་རིང་བ་སྷོ།། ་དེ་ནི་ཐབས་ལ་མཁས་པ་ཡིས།། ཡང་དག་ཉེ་བ་ཉིད་དུ་བཤད་ཅེས་པ་སྟེ། དེ་ནི་མཚན་མར་དམིགས་སྒོ་ནས་ཞེས་པ་ནི་ཕུང་པོ་ལ་སོགས་པ་གཟུང་བ་དང་འཛིན་པ་དག་ཏུ་ཡོངས་སུ་འཛིན་པ་སྟེ། དེ་ཡང ་མཚན་མར་འཛིན་པས་སོ།། གཟུང་བ་དང་འཛིན་པར་དམིགས་པས་ཐབས་མ་ཡིན་ནོ།། ཐབས་མ་ཡིན་པ་དེས་ན་ཉན་ཐོས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིང་བ་སྟེ། མི་རྟག་པ་ལ་སོགས་པ་བཞིན་དུ་མངོན་སུམ་དུ་བྱས་ཀྱང ་ངེས་པ་མ་སྐྱེས་པའོ།། སངས་རྒྱས་ལ་སྩོགས་པ་རྣམས་ནི་ཐབས་ལ་མཁས་པས་གཟུང་བ་དང་འཛིན་པ་བཀག་པའོ།། མཚན་ཉིད་ཀྱི་སྟོང་པ་ཉིད་མངོན་སུམ་དུ་བྱེད་པའི་བདག་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི ་ཀུན་ཏུ་ཉེ་བར་བརྗོད་དོ།། འདིས་ནི་ཉེ་བ་དང་རིང་བ་དག་བཤད་དོ།། ཉན་ཐོས་ལ་སོགས། རྣམས་ཀྱིས་གཟུང་བ་དང་འཛིན་པ་ལ་སོགས་པའི་ཕུང་པོ་རྣམས་ལ་བདག་གིས་བྱིན་གྱིས་བརླབས་པར་ཤེས་པ་ནི་མི་མཐུན་པའི་ཕྱོགས ་སོ། དེ་དག་སྟོང་པ་ཉིད་དུ་ངེས་པར་བྱས་པ་ཉིད་གཉེན་པོའི་ཕྱོགས་སོ།། དུས་གསུམ་གྱི་རང་བཞིན་གཅིག་ཏུ་ཤེས་པ་ནི་མི་མཐུན་པའི་ཕྱོགས་སོ།། འདི་ནི་འདྲེས་པའོ།། འདི་ནི་མ་འོངས་པའོ།། འདི་ནི་དེ་ལྟར་རྀ། ་ནས་དབྱའི་ངེས་པར་ཤེས་པ་ནི་གཞོན་པོའི་ཕྱོགས་སོ།། སོར་སྣ་ལ་སོགས་པ་མ་ཐུན་པའི་ཕྱོགས་སོ།། སྦྱིན་པ་ལ་སོགས་པ་ལ་ཆགས་པ་དང་། བྱང་ཆུབ་ཀྱི་ཕྱོགས་རྣམས་ལ་ཆགས་པ་ནི་གཉེན་པོའི་ཕྱོགས ་སོ།། འདི་དག་ཀྱང་བྱང་ཆུབ་སེམས་དཔའི་མི་མཐུན་པའི་ཕྱོགས་ཡིན་ནོ་ཞེས་བསྟན་པའི་ཕྱིར་གསུངས་པ། གཟུགས་སོགས་ཕུང་པོ་སྟོང་ཉིད་དང་།། དུས་གསུམ་རྟོགས་པའི་ཆོས་རྣམས་དང་།། སྦྱིན་སོགས་བྱང་ཆུབ་ཕྱོགས།། ་རྣམས་ལ།། སྤྱོད་པའི་འདོད་ཤིས་མི་མཐུན་ཕྱོགས་ཤེས་པའོ།། བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་གཉེན་པོའི་ཕྱོགས་གང་ཡིན་ཞེས་སེམས་པ་གསུངས་པ། སྦྱིན་ལ་སོགས་ལ་ངར་འཛིན་མེད།། གཞན་དག་དེ་ལོ་སྦྱོར་བྱེད་པོ། ་དེ་ནི་ཆགས་པའི་མཐའ་འགོག་པས།། རྒྱལ་ལ་སོགས་པ་ཆགས་པ་ཕྲ་ཞེས་པ་སྟེ། སྦྱིན་པ་ལ་སོགས་པ་ལ་རང་ཉིད་ཀྱང་ཀུན་ཏུ་སྤྱོད་པ་དང་། གཞན་དག་ཀྱང་དེ་ལ་འགོད་པར་བྱེད་པ་དང་། བདག་དང་བ་དག་གི་མེད་པོར་རྟོགས ་པས་ངར་འཛིན་མེད་པ་ན་ཆགས་པ་མྱེད་པ་ལ་རབ་ཏུ་ཞུགས་པའི་བྱང་ཆུབ་སེམས་དྲོ་པའི་གཉེན་པོའི་ཕྱོགས་སོ།། འདི་ཞེས་པ་འོ་མ་འདི་ཉིད་ཅེས་པའི་ཆགས་པ་མེད་པ་ལ་ཞུགས་པའི་མཚན་ཉིད་ནི་ང་རྒྱལ་མེད་པའོ།། ཆགས ་པའི་མཐའ་འགོག་པ་ནི་ཆགས་པའི་ཚོགས་རྣམས་ལ་ཟད་པར་བྱེད་ཅིང་འགོག་པར་བྱེད་པས་ན་འགོག་པའོ།། གལ་ཏེ་བྱང་ཆུབ་སེམས་དཔས་ཆགས་པ་མེད་པ་ཁོ་ན་ལ་འཇུག་པར་བྱེད་ན་དེ་ལྟ་ན་ནི་དེ་བཞིན་གཤེགས་པ་ལ ་སོགས་པ་རྣམས་ལ་མཆོད་པ་བྱ་བ་དང་། གུས་པ་བྱ་བ་དང་། ཕྱག་བྱ་བ་དང་། སྦྱིན་པ་ལ་སོགས་པ་ཡང་མངོན་པར་ཆགས་པ་ཡིན་པས། མི་མཐུན་པའི་ཕྱོགས་སུ་ཐལ་བར་འགྱུར་རོ་ཞེས་སེམས་ན་བདེན་ཏེ། བླ་ན་མེད་པའི ་ཚོགས་ཀྱི་རྒྱུར་ཆགས་པ་ཕྲ་མོ་འདི་ཡང་མི་མཐུན་པའི་ཕྱོགས་ཉིད་དོ་ཞེས་པ་འདི་ལ་སྐྲག་པར་མི་བྱའོ།། ཆགས་པ་ཕྲ་མོ་འདི་མི་མཐུན་པའི་ཕྱོགས་ཉིད་ཡིན་པ་དེ་ཇི་ལྟར་ཞེས་པ་ལ་གསུངས ་པ། ཆོས་ཀྱི་ལམ་ནི་རང་བཞིན་གྱིས།། དབེན་པའི་ཕྱིར་ན་དེ་ཟབ་ཅེས་པ་སྟེ། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། ཟབ་པ་གཟུང་བ་དང་འཛིན་པས་སྟོང་པའི་ཡུལ་ཏེ། ངོ་བོ་ཉིད་ཀྱིས་སོ།། ཆོས་ཀྱི་ལམ་ནི་རྟགས་པའི ་ཚོགས་ཏེ། བདེན་པ་མེད་པའོ།། དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེར་ཆགས་པ་ཐམས་ཅད་དང་བྲལ་བས་ན་ཆགས་པ་ཕྲ་མོ་ཡང་མི་མཐུན་པའི་ཕྱོགས་ཉིད་དོ།། དེ་ལ་ཆགས་པ་ཕྲ་མོ་རྣམས་ཇི་ལྟར་སྤོང་ཞེས་སེམས ་པ་ལ་གསུངས་པ། ཆོས་རྣམས་རང་བཞིན་གཅིག་པར་ནི།། ཤེས་པས་ཆགས་པ་སྤོང་བ་ཉིད་ཅེས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཇི་ལྟར་རྟོགས་པར་དཀའ་ཞེས་པ་ལ་གསུ་ངེས་པ། མཐོང་བ་ལ་སོགས ་བཀག་པ་ཡིས།། དེ་ནི་རྟོགས་པར་དཀའ་བས་བཤད་ཅེས་པ་སྟེ། མཐོང་བ་ནི་མཐོང་བྱ་འམ་མཐོང་བྱེད་དོ།། སོགས་པའི་སྒྲས་བྱེད་པ་པོ་ལ་སོགས་པ་གཟུང་ངོ་།། དེ་བཀག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད ་གསལ་བའི་བདག་ཉིད་དེ་ནི་རྟོགས་པར་དཀའ་བར་བརྗོད་དོ།། དེས་ན་རྟོགས་པར་དཀའ་བའི་ཕྱིར་བཅོམ་ལྡན་འདས་མ་ནི་ཤིན་ཏུ་ཟབ་བོ།། ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུང་བ་དང་། འཛིན་པ་ལ་སོགས ་པའི་དངོས་པོར་བསམ་གྱིས་མི་ཁྱབ་པ་དེ་ཇི་ལྟར་ཞེས་པ་ལ་གསུངས་པ། གཟུགས་ལ་སོགས་པར་མི་ཤེས་ཕྱིར།། དེ་ནི་བསམ་གྱིས་མི་ཁྱབ་པར་འདོད་ཅེས་པ་སྟེ། གཟུ་གས་ལ་སོགས་པར་ཞེས་པ་ནི་གཟུགས་ཀྱི་ཕུང་པོ ་ལ་སོགས་པ་ནི་གཟུང་སྟེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་མཐར་ཐུག་པྲ་དེའི་བདག་ཉིད་དུ་འདུས་ཏེ། གཟུང་བ་དང་འཛིན་པའི་དངོས་པོ་དང་བཅས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསམ་གྱིས་མི་ཁྱབ་པར ་འདོད་དེ། དེ་ལྟ་བས་ན་གཟུང་བ་ལ་སོགས་པའི་དངོས་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྟོགས་པ་ནི་བྱང་ཆུབ་སེམས་དཔའི་མི་མཐུན་པའི་ཕྱོགས་སོ།། མི་མཐུན་པའི་ཕྱོགས་དང་གཉེན་པོའི་ཕྱོགས་དག་གིས་ཉེ་བར ་བསྡུ་བ་གསུངས་པ། དེ་ལྟར་ཀུན་ཤེས་ཉིད་ལུགས་ལ།། མི་མཐུན་ཕྱོགས་དང་གཉེན་པོ་དག། རྣམ་པར་དབྱེ་བ་མ་ལུས་པ།། ཇི་སྐད་བཤད་པ་འདི་ཤེས་བྱ་ཞེས་པ་སྟེ། ཐམས་ཅད་ཅེས་པའི་དབངོ་དུ་བྱས་པའི་ཉན་ཐོས ་ཐོས་དང་བྱང་ཆུབ་སེམས་དཔའ་དག་གི་ཇི་སྐད་གསུངས་པའི་རིམ་པས་མི་མཐུན་པའི་ཕྱོགས་དང་གཉེན་པོའོ་ཕྱོགས་ཀྱི་དབྱེ་བ་ཤེས་པར་བྱའོ།། ཇི་ལྟར་ཐམས་ཅད་ཅེས་པ་ལ་གནས་པའི་ཉན་ཐོས་ཀྱི་རབ་ཏུ་སྦྱོར་བ་དེ ་ལ་བྱང་ཆུབ་སེམས་དཔའ་ནི་ཀུན་ཏུ་སྤྱད་པར་མི་བྱ་སྟེ། དེ་ཉིད་བསྟན་པའི་ཕྱིར་གསུངས་པོ། གཟུགས་སོགས་དེ་མི་རྟག་སོགས་དང་།། དེ་མོ་རྫོག་དང་རབ་རྫོགས་དང་།། དེ་ལ་ཆགས་པ་མེད་ཉིད་ལ།། སྦྱོར་པོ་བཀག ་པས་སྤྱོད་པ་ནི།། མི་འགྱུར་བྱེད་པོ་མེད་ཉིད་དང་།། སྦྱོར་བ་བཀག་པ་རྣམ་གསུམ་དང་།། སྐལ་པ་ཇི་བཞིན་འབྲས་ཐོབ་པས།། དེ་ནི་འབྲས་བུ་ཡོད་འདོད་དང་།། གཞན་ལ་རག་ལས་མིན་གང་དང་།། ཤེས་བྱེད་རྣམ ་བདུན་སྣང་བ་ལ་ཞེས་པ་སྟེ། གཟུགས་སོགས་ཞེས་པ་ནི་གཟུགས་དང་ཚོར་བ་ལ་སོགས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པའི་མཐར་ཐུག་པའོ།། དེ་མི་རྟག་སོགས་ཞེས་པ་ནི་གཟུགས་ལ་སོགས་པ་དེ་རྟག་པ་དང་མི་རྟོག་པ་ལ ་སོགས་པར་དབྱེ་བའོ།། དེ་མ་རྫོགས་དང་རབ་རྫོགས་དང་ཞེས་པ་ལ་གཟུགས་ལ་སོགས་པ་མ་རྫོགས་པ་དང་རབ་ཏུ་རྫོགས་པ་ཉིད་ཀྱིས་སོ།། དེ་ལ་ཆགས་པ་མེད་ཉིད་ལ་ཞེས་པ་ནི་གཟུགས་ལ་སོགས་པ་ལ་མ་ཞེན་པ་ཉིད་ཀྱིས་ཏེ། ་དེ་ལ་གསུངས་པའི་ཡུལ་རྣམ་པ་བཞི་དང་འཆད་པར་འགྱུར་བ་རྣམ་པ་བཞི་སྟེ་དེ་ལྟར་ན་རྣམ་པ་བརྒྱད་ལའོ།། སྦྱོར་བ་བཀག་པས་སྤྱོད་པ་ནི་ཞེས་པ་ལ་སྤྱོད་པ་ནི་ཉམས་སུ་བླང་བའོ།། སྦྱོར་བ་ནི་རྟོག་པའོ།། དེའི་དགག ་པ་ནི་དེ་དག་སྤོང་བ་སྟེ། རྣམ་པར་རྟོག་པ་མེད་པ་ཉིད་ནི་བྱང་ཆུབ་སེམས་དཔའི་རབ་ཏུ་སྦྱོར་བའོ།། དེའི་ཤུགས་ཀྱིས་ན་ཉན་ཐོས་ལ་སོགས་པའི་རྣམ་པར་རྟོག་པ་དང་བཅས་པ་ཉིད་ནི་རབ་ཏུ་སྦྱོར་བ་སྟེ། དེའི་སྡེ་སྣོད་དུ་ཤེས་པར་བྱའོ།། ་མ་འགྱུར་ཞེས་པ་ནི་གཟུགས་ལ་སོགས་པ་འགྱུར་བར་སྒྲོ་འདོགས་པ་མི་བྱེད་པའོ།། བྱེད་པ་མེད་ཉིད་ཅེས་པ་ནི་གཟུགས་ལ་སོགས་པ་ནམ་ཡང་བྱེད་པ་པོར་རྟོག་པར་མི་བྱེད་པའོ།། སྦྱོར་བ་དཀའ་བ་རྣམ་གསུམ་དང་ཞེས་པ ་ནི་སངས་རྒྱས་ཀྱི་ཆོས་རྣམས་རྟོགས་པར་བྱ་བའི་ཆའི་དཀའ་སྤྱོད་དང་། འཇུག་པའི་དཀའ་སྤྱོད་དང་། སྟོན་པའི་མཚན་ཉིད་ཀྱི་བྱེད་པའི་དཀར་སྤྱོད་དོ།། དེའི་འབྲས་བུ་ཡོད་འདོད་དང་ཞེས་པ་ནི་ཆོས་ཐམས་ཅད་སྟོན་པའི་མཚན་ཉིད་ཀྱི ་དཀའ་བ་སྤྱོད་པ་ནི་འབྲས་བུ་མེད་པ་མ་ཡིན་ནོ།། དེ་བས་ན་སྐལ་པ་ཇི་ལྟ་བ་བཞིན་འབྲས་བུ་ཐོབ་པར་བྱེད་པའོ།། གཞན་ལོ་རག་ལས་མིནོ་གང་དག་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རང་ཉིད་ཀྱི་ཆོས་ཉིད་རྟོགས་པ་ནི་གཞན ་ལ་རག་མ་ལས་པ་སྟེ། གཞན་ལས་རྟོགས་པ་མ་ཡིན་ཞེས་པ་འདིས་སོ།། ཤེས་བྱེད་རྣམ་བདུན་ཞེས་པ་ནི་ཆོས་ཐམས་ཅད་ནི་རྨི་ལམ་དང་། སྒྱུ་མ་དང་། སྨིག་རྒྱུ་དང་། གཟུགས་བརྙན་དང་། དྲི་ཟའི་གྲོང་ཁྱེར་དང་། སྒྲ་བརྙན ་དང་། སྤྲུལ་བ་ལྟ་བུར་ཤེས་པར་བྱེད་པ་ཉིད་ཀྱིས་ཏེ། རྣམ་བདུན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣ་མས་སོ།། དེ་ལ་གཟུགས་ལ་སོགས་པའི་རིབ་ཏུ་སྦྱོར་བ་དང་། གཟུགས་ལ་སོགས་པ་མི་རྟག་པ་ལ་སོགས་པའི་རབ་ཏུ ་སྦྱོར་བ་དང་། གཟུགས་ལ་སོགས་པ་ཡོངསུ་མ་རྫོགས་པའི་རབ་ཏུ་སྦྱོར་བ་དང་། གཟུགས་ལ་སོགས་པ་ལ་ཆགས་པ་མེད་པའི་རབ་ཏུ་སྦྱོར་བ་དང་། གཟུགས་ལ་སོགས་པ་མི་འགྱུར་བར་རབ་ཏུ་སྦྱོར་བ་དང་། ཆོས་ཐམས་ཅད ་ནོནི་བྱེད་པ་པོ་མེད་པའི་རབ་ཏུ་སྦྱོར་བ་དང་། སངས་རྒྱས་ཐམས་ཅད་ཀྱི་ཆོས་རྣམས་ཐོབ་པར་བྱ་བའི་ཆེད་དུ་གོ་ཆའི་དཀའ་སྤྱོད་ཀྱི་རབ་ཏུ་སྦྱོར་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པར་བྱ་བའི་ཆེད་དུ་འཇུག་པའི་དཀའ ་སྤྱོད་ཀྱི་རབ་ཏུ་སྦྱོར་བ་དང་། སེམས་ཅན་ཐམས་ཅད་ལ་རྣམ་པ་ཐམས་ཅད་ཀྱི་ཆོས་ཐམས་ཅད་སྟོན་པའི་བདག་ཉིད་ཀྱི་ཕྲིན་ལས་ཀྱི་དོན་དུ་འདུག་པ་ཉིད་ཀྱིས་ན་ཕྲིན་ལས་ཀྱི་དཀའ་སྤྱོད་ཀྱི་རབ་ཏུ་སྦྱོར། ་བའོ།། ངེས་པར་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་བྱེད་པ་ཉིད་ཀྱིས་འབྲས་བུ་ཡོད་པའི་རབ་ཏུ་སྦྱོར་བའོ།། རང་ཉིད་ཀྱིས་ཡུལ་ཐམས་ཅད་ཡོངས་སུ་ཤེས་པས་གཞན་ལ་རག་མ་ལས་པའི་རབ་ཏུ་སྦྱོར་བ་དང་། ཇི་སྐད་གསུངས། ་པའི་རྣམ་པ་བདུན་པོའི་རབ་ཏུ་སྦྱོར་བ་ཞེས་པ་སྟེ། བྱང་ཆུབ་སེམས་དཔའི་ཆགས་པ་མེད་པའི་རབ་ཏུ་སྦྱོར་རྣམ་པ་བཅུ་གཉིས་སོ།། མཉམ་པ་ཉིད་ཀྱི་སྒོ་ནས་རབ་ཏུ་སྦྱོར་བ་བསྒོམ་པར་བྱ་ཞེས་པས་མཉམ་པ་ཉིད་གསུངས་པ། ་གཟུགས་ལ་སོགས་ལ་རློམ་མེད་པ།། རྣམ་བཞི་དེ་ཡི་མཉམ་པ་ཉིད་ཅེས་པ་སྟེ། གཟུགས་ལ་སོགས་པ་རྣམ་པ་བཅུ་གཉིས་ཀྱིས་རབ་ཏུ་སྦྱོར་བ་ཞེས་པ་སྟེ། དེའི་རབ་ཏུ་སྦྱོར་བས་མཉམ་པ་ཉིད་ཅེས་པར་འབྲེལ་ལོ།། གཟུགས ་ལ་སོགས་པ་ལ་རྣམ་པར་རྟོགས་པར་མི་བྱེད་པ་དང་། གཟུགས་ལ་སོགས་པ་ཅུང་ཟད་ཀྱང་རྣམ་པར་རྟོགས་པར་མི་བྱེད་པ་དང་། གཟུགས་ལ་སོགས་པ་ལ་གཞན་དང་། གཞན་དུ་རྣམ་པར་མི་འབྱེད་པ་དང་། གཟུགས་ལ ་སོགས་པ་བདག་གིས་རྟོགས་ཞེས་རྣམ་པར་རྟོག་པར་མི་བྱེད་ཅེས་པ་སྟེ། རློམ་མེད་བཞིའི་རབ་ཏུ་སྦྱོར་བས་མཉམ་པ་ཉིད། ར་ཏུ་སྐྱོགས་མཉམ་པ་ཉིད་བརྗོད་ནས་མཐོང་བའི་ལམ་ཤེས་པར་བྱ་བའི་ཕྱིར་མཐོང་བའི་ལམ་དེ་ཉིད ་དུ་གསུངས་པ། སྡུག་བསྔལ་ལ་སོགས་བདེན་པ་ལ།། ཆོས་ཤེས་རྗེས་སུ་ཤེས་པ་དང་།། བཟོད་ཤེས་སྐད་ཅིག་བདག་ཉིད་འདི།། ཀུན་ཤེས་ཚུལ་ལ་མཐོང་བའི་ལམ་ཞེས་པ་སྟེ། བདེན་པ་སོ་སོ་ལ་ཆོས་ཤེས ་པའི་བཟོད་པ་དང་། ཆོས་ཤེས་པ་དང་། རྗེས་སུ་ཤེས་པའི་བཟོད་པ་དང་། རྗེས་སུ་ཤེས་པ་སྟེ། དེ་ལྟར་སྐད་ཅིག་མ་བཅུ་དྲུག་གི་བདག་ཉིད་ནི་ཐམས་ཅད་ཤེས་པའི་དབང་དུ་བྱས་པའི་མཐོང་བའི་ལམ་མོ།། སྐད་ཅིག་མ ་བཅུ་དྲུག་པོ་རྣམས་རིམ་པ་བཞིན་བསྟན་པའི་ཕྱིར་གསུངས་པ། གཟུགས་རྟག་མ་ཡིན་མི་རྟག་མིན།། མཐའ་ལས་འདས་དང་རྣམ་དག་དང་།། མ་སྐྱེས་མ་འགགས་ལ་སོགས་དང་།། མཁའ་འདྲ་ཆགས་པ་སྤངས་པ ་དང་།། ཡོངས་སུ་འཛིན་ལས་གྲོལ་བ་དང་།། ངོ་བོ་ཉིད་ཀྱི་བརྗོད་མེད་དང་།། གང་ཕྱིར་འདི་དོན་བརྗོད་པ་ཡིས།། གཞན་ལ་སྦྱིན་དུ་མེད་པ་དང་།། དམིགས་པ་མེད་པར་བྱེད་པ་དང་།། ཤིན་ཏུ་རྣམ་དག་ནད་མི་འབྱུང་།། ་ངན་སོང་ཆ་དང་འབྲས་བུ་ནི།། མངོན་དུ་བྱ་ལ་མྱི་རྟོག་ཉིད།། མཚན་མ་དག་དང་མ་འབྲེལ་དང་།། དངོས་དང་མིང་དང་གཉིས་པོ་ལ།། ཤེས་པ་སྐྱེ་བ་མེད་པ་ནི།། ཀུན་ཤེས་ཉིད་ཀྱིས་སྐད་ཅིག་མ་ཞེས་པ་སྟེ། གཟུགས་རྟག ་མ་ཡིན་མི་རྟག་མིན་ཞེས་པ་ནི་གཟུགས་དང་ཚོར་བ་ལ་སོགས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པའི་མཐར་ཐུག་པ་རྣམས་རང་བཞིན་གྱིས་འོད་གསལ་ཞིང་བརྟགས་པའི་རང་བཞིན་མེད་པ་ཉིད་ཀྱིས་རྟག་པ་མ ་ཡིན་ཞིང་མི་རྟག་པ་ཡང་མ་ཡིན་ཞེས་པ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ།། མཐའ་ལས་འདས་དང་ཞེས་པ་ནི་བརྟགས་པ་ཉིད་དང་བྲལ་བས་རྟག་པ་དང་ཆད་པའི་མཐའ་གཉིས ་ལས་འདས་ཤེས་པ་སྡུག་བསྔལ་ལ་ཆོས་ཤེས་པའོ།། རྣམ་དག་དང་ཞེས་པ་ནི་གཟུགས་ལ་སོགས་པ་རང་བཞིན་གྱིས་ཡོངས་སུ་དག་པ་ཞེས་པ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པའོ།། མ་སྐྱེས་མ་འགགས ་ལ་སོགས་དང་།། ཞེས་པ་ནི་གཟུགས་ལ་སོགས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པའི་མཐར་ཐུག་པ་རྣམས་མ་སྐྱེས་པ་དང་མ་འགགས་པ་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མེད་པ་ནི་སྡུག་བསྔལ་རྗེས ་སུ་ཤེས་པའོ།། མཁའ་འདྲ་ཞེས་པ་ནི་གཟུགས་ལ་སོགས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པའི་མཐར་ཐུག་པ་རྣམས་འོད་གསལ་བ་ཉིད་ཀྱིས་སྒྲོ་བཏགས་པའི་སྤྲོས་པ་ཐམས་ཅད་ལས་གྲོལ་ཞེས་པ་ཀུན་འབྱུང ་ལ་ཆོས་ཤེས་པའི་བཟོད་པའོ།། ཆགས་པ་སྤངས་པ་ནི་གཟུགས་ལ་སོགས་པ་རྣམས་རང་བཞིན་གྱིས་ཡོངས་སུ་དག་པ་ཉིད་ཀྱིས་ན་མཁའ་ལྟར་གོས་པ་མེད་པ་ཞེས་པ་ཀུན་འབྱུང་ལ་རྗེས་སུ་ཤེས་པའོ།། ཡོངས་སུ ་འཛིན་ལས་གྲོལ་བ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་རྣམས་ན་མཁའ་ལྟར་གཟུང་བ་དང་འཛིན་པ་མེད་པ་ཞེས་པ་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པའོ།། ངོ་བོ་ཉིད་ཀྱིས་བརྗོད་མེད་དང་ཞེས་པ་ནི་གཟུགས་ལ ་སོགས་པ་རྣམས་རང་བཞིན་གྱིས་རྣམ་པར་རྟོག་པ་མེད་པར་གསལ་བས་བརྗོད་དུ་མེད་པ་སྟེ། བརྗོད་བྱ་དང་རྗོད་བྱེད་དུ་མེད་པ་ཞེས་པ་ཀུན་འབྱུང་ལ་རྗེས་སུ་ཤེས་པའོ།། བརྗོད་པ་ཡིས་ཤེས་པ་དང་གྲོལ་བ་ཞེས་པ ་སྦྱར་ཏེ། བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་རྒྱུ་རྣམས་ཀྱིས་གཟུགས་ལ་སོགས་པ་ནི་གྲོལ་བའོ།། ཅི་སྟེ་ཞེས་པ་ལ་གསུངས་པ། གང་ཕྱིར་འདི་དོན་བརྗོད་པའི་རྒྱུས་གཞན་དག་ལ་ཐོབ་པ་མེད་པ་དེས་ན་གཟུགས་ལ ་སོགས་པ་རྣམས་བརྗོད་དུ་མེད་ཅིང་རྒྱུར་མེད་ཅེས་པ་འགོག་པ་ལ་ཆོས་ཤེས་པའི་བཟོད་པའོ།། དམིགས་པ་མེད་པར་བྱེད་པ་དང་ཞེས་པ་ནི་གཟུགས་ལ་སོགས་པ་རྣམས་དམིགས་པར་བྱ་བའི་བདག་ཉིད་དུ་བྱེད་པ་མེད་པ་ནི ་འགོག་པ་ལ་ཆོས་ཤེས་པའོ།། ཤིན་ཏུ་རྣམ་དག་ཅེས་པ་ནི་གཟུགས་ལ་སོགས་རྣམས་ཏེ། དེ་ཁོ་ན་ཉིད་དུ་དྲིའི་མའི་ཞིང་ཙམ་ཡང་མེད་པས་ན་ཤིན་ཏུ་རྣམ་དག་སྟེ། འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པོའོ།། ནངད་མི་འབྱུང ་ཞེས་པ་ནི་གཟུགས་ལ་སོགས་པ་ཤིན་ཏུ་རྣམ་པར་དག་པས་ནད་ལ་སོགས་པ་འབྱུང་བར་མི་འགྱུར་ཏེ། འགོག་པ་ལ་རྗེས་སུ་ཤེས་པའོ།། ངན་སོང་ཆང་དང་ཞེས་པ་ལ། ངན་སོང་རྣམས་ཆད་པ་ནི་ངན་འགྲོ་ལས་འདས་པ ་སྟེ། གཟུགས་ལ་སོགས་པ་རྣམས་ཤིན་ཏུ་རྣམ་པར་དག་པར་མོས་པ་ཉིད་ཀྱིས་ངན་སོང་ཆད་པར་འགྱུར་ཏེ། ལམ་ལས་ཆོས་ཤེས་པའི་བཟོད་པའོ།། མི་རྟོག་ཉིད་ཅེས་པ་ནི་ཆོས་ཐམས་ཅད་སྐྱེ་བ་དང་འགག་པའི ་རྣམ་པར་རྟོག་པ་ཟད་པ་སྟེ། དེ་ལྟ་མོད་ཀྱི་གཟུགས་ལ་སོགས་པ་རྣམས་ཤིན་ཏུ་རྣམ་པར་དག་པར་མོས་པ་ཉིད་ཀྱི་ལམ་ལ་ཆོས་ཤེས་པའོ།། འབྲས་བུ་མངོན་དུ་བྱ་བ་དང་། མཚན་མ་དག་དང་མ ་འབྲེལ་དང་ཞེས་པ་ལ། སངས་རྒྱས་ལ་སོགས་པའི་འབྲས་བུ་རྣམས་མངོན་དུ་བྱ་བའི་དོན་དུ་རྣམ་པར་རྟོག་པའི་རྒྱུ་མཚན་མ་རྣམས་ཡོངས་སུ་སྤོང་བ་ཞེས་པ་ནི་ལམ་ལ་རྗེས་སུ་ཤེས་པའི་བཟོད་པའོ།། དངོས་དང་མིང་དང་གཉིས ་བོ་ལ། ཤེས་པ་སྐྱེ་བ་མེད་པ་ནི་ཞེས་པ་ལ། དངོས་ཞེས་པ་ནི་བརྗོད་པར་བྱ་བ་སྟེ། དོན་གྱི་དངོས་པོའོ།། མིང་ཞེས་པ་ནི་དེ་བརྗོད་བྱེད་དེ་ཚིག་གོ།། གཉིས་པོ་ཞེས་པ་ནི་གཟུང་བ་དང་འཛིན་པ་དག་གོ།། ཤེས་པ་ཞེས་པ་ནི་གསུངས ་པབའི་དོན་རྣམས་གང་གིས་ཤེས་པའི་དོན་དོན་དམ་པར་མ་སྐྱེས་པའོ།། དང་ཡིག་ནི་སྡུད་པ་སྟེ། བརྗོད་པར་བྱ་བ་དང་། རྗོད་པར་བྱེད་པ་དང་གཟུང་བ་དང་འཛིན་པ་རྣམས་ཀྱང་མ་སྐྱེས་པ་སྟེ་ལམ་ལ་རྗེས་སུ་ཤེས་པ་དང་། ཀུན་ཤེས ་ཉིད་ཀྱི་སྐད་ཅིག་མ་ཞེས་པའོ།། འདི་རྣམས་བྱང་ཆུབ་སེམས་དཔས་ཐམས་ཅད་ཅེས་པ་འདིའི་མཐོང་བའི་ལམ་གྱི་བདག་ཉིད་སྐད་ཅིག་མ་བཅུ་དྲུག་ཏུ་པ་རྟོགས་པར་བྱའོ།། ཉན་ཐོས་ཀྱིས་ཇི་ལྟར་རྟོགས་པར་བྱ་བའི ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་བ་ལ་སོགས་པ་དེ་ལྟར་ཉན་ཐོས་ཀྱི་ལམ་ཉིད་དུ་བརྗོད་དོ།། ཐམས་ཅད་ཤེས་པ་ཉིད་ལ་བྱང་ཆུབ་སེམས་དཔས་ཉན་ཐོས་ཀྱི་ལམ་ཤེས་པར་ནི་བྱ་སྟེ། མངོན་དུ་བྱ་བ་ནི་མ་ཡིན་ནོ།། ་དེས་ན་འདིར་བསྒོམ་པའི་ལམ་མྱ་བསྟན་ཏོ།། ཀུན་མཁྱེན་རྣམ་པ་གསུམ་རྒྱས་པའི་ཚུལ་གྱིས་བསྟན་ནས་ཉེ་བར་བསྡུ་བའི་ཕྱིར་གསུངས་པ། དེ་ལྟར་འདི་དང་ཡང་འདི་དང་།། ཡང་འདི་ཡིན་ཏེ་རྣམ་གསུཾ་བོ།། འདིས་ནི་གནས་སྐབས ་གསུམ་པོ་དག། རྫོགས་པར་ཡོངས་སུ་བསྟན་པ་ཡིནོ་ཞེས་པ་སྟེ། ཛཾ་སྐད་གསུངས་པའི་རིགས་པས་འདི་དང་ཞེས་པོ་ནི་རྣམ་པ་ཐམས་ཅད་མཁྱེན་པའོ།། ཡང་འདི་ཞེས་པ་ནི་ལམ་ཤེས་པའོ།། ཡང་འདི་ཡིན་ཏེ་ཞེས་པ་ནི ་ཐམས་ཅད་ཤེས་པའོ།། ལེའུ་གསུམ་རྫོགས་པར་བསྟན་པའོ།། མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་གྲགས་པའི་ཆ་ཞེས་བྱ་བ་ལས་སྐབས་གསུམ་པའི་འགྲེལ་པའོ།། །། ཀུན་མཁྱེན་པ ་གསུམ་ཡོངས་སུ་ཤེས་པར་དབང་དུ་བྱེ་བའི་དོན་དུ་ཡང་དངོས་པོ་དང་ལམ་དང་རྣམ་པོ་རྣམས་བསྡུས་ནས་ནས་ཀུན་མཁྱེན་རྣམ་པ་གསུམ་བསྒོམ་པར་བྱ་ཞེས་པས་རྣམ་པ་ཀུན་མངོན་པར་བྱང་ཆུབ་གསུངས་པོ། བཞི ་དང་ཡེ་ཤེས་རྣམ་པ་ཡི།། རྣམ་པ་ཞེས་བྱ་མཚན་ཉིད།། ཀུན་མཁྱེན་ཉིད་ནི་རྣམ་གསུམ་ཕྱིར།། དོན་རྣམ་པ་གསུམ་དུ་འདོད་ཅེས་པ་སྟེ། བཞི་དང་ཞེས་པོ་ནི་ཆོས་ཅན་ཉིད་དུ་ཀུན་བརྟགས་པོའི་བདེན་པ་བཞི་ལ་སོགས ་བར་དམིགས་པའོ།། དེ་ལ་གང་ཞིག་ཡེ་ཤེས་ཀྱི་རྣམ་པ་ཡེ་ཤེས་ཀྱི་བྱ་བར་འགྱུར་བ་དང་། རྟོགས་པར་འགྱུར་བའི་མི་རྟག་པ་ལ་སོགས་པའི་ཆོས་ཀྱི་རབ་ཏུ་དབྱེ་བ་སྟེ། དེ་རྣམས་ཀྱི་རྣམ་པ་ནི་མཚན་ཉིད་ཅེས་པ་ནི ་མཚན་མའོ།། ཀུན་མཁྱེན་རྣམས་རྣམ་པ་གསུམ་ཡིན་པ་ཉིད་ཀྱིས་ན་དེའི་རྣམ་པ་ཡང་གསུམ་ཉིད་དོ།། དེ་ལ་ཐམས་ཅད་ཤེས་པར་རྟོགས་པའི་རྣམ་པ་དག་གསུངས་པ། མེད་པའི་རྣམ་པ་ནས་གཟུང ་སྟེ། མི་གཡོ་བའི་རྣམ་པའི་བར།། བདེན་པ་སོ་སོ་ལ་བཞི་དང་།། ལམ་ལ་དེ་ནི་བཅོ་ལྔར་བཤད་ཅེས་པ་སྟེ། མེད་པའི་རྣམ་པ་ནས་གཟུང་སྟེ་ཇི་སྲིད་མི་གཡོ་བའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པའི་བར་རྣམ་པ་ཉི་ཤུ་རྩ་བདུན་ཏེ། སྡུག ་བསྔལ་བ་དང་ཀུན་འབྱུང་བ་དང་། འགོག་པའི་བདེན་པ་རྣམས་བཞི་བཞིའོ།། ལྷག་མ་བཅོ་ལྔ་ནི་ལམ་གྱི་བདེན་པའོ།། དེ་ལ་སྡུག་བསྔལ་ལ་མེད་པ་ཉིད་དང་། མཉམ་པ་ཉིད་དང་དབེན་པ་ཉིད་དང་། ཀུན་གཉེར་མེད་པ་ཉིད་དེ་རྣམ ་བ་བཞིའོ།། ཀུན་འབྱུང་ལ་གནས་མེད་པ་ཉིད་དང་། ནམ་མཁའ་མེད་པ་ཉིད་དང་། བརྗོད་དུ་མེད་པ་ཉིད་དང་། རློམ་པ་མེད་པ་ཞེས་པ་སྟེ་བཞིའོ།། འགོག་པ་ལ་འོང་བ་མེད་པ་ཉིད། བསྡུར་མེད་པ་དང་། ཟད་པ་མེད་པ་དང་། སྐྱེ་བ་མེད་པ ་ཉིད་དེ་རྣམ་པ་བཞིའོ།། ལམ་ལ་བྱེད་པ་པོ་མེད་པ་དང་།། ཤེས་པ་པོ་མེད་པ་དང་། འཕོ་བ་མེད་པ་དང་། ཉམ་པ་མེད་པ་དང་། རྨི་ལམ་དང་། སྒྲ་བརྙན་དང་། གཟུགས་བརྙན་དང་། སྨིག་རྒྱུ་དང་། སྒྱུ་མ་དང་། ཀུན་ནས་ཉོན་མོངས་པ ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། ཡོངས་སུ་མ་གོས་པ་དང་། ང་རྒྱལ་མེད་པ་དང་། གཡོ་བ་མེད་པ་དང་། རྨི་ལམ་སྟེ་བཅོ་ལྔའོ།། སྤྱིར་སྡོམ་ན་ཉི་ཤུ་རྩ་བདུན་ཏེ་ཐམས་ཅད་ཤེས་པའི་རྣམ་པ་ལྔའོ།། ལམ་ཤེས་ཀྱི ་དབང་དུ་བྱས་ནས་གསུངས་པ། རྒྱུ་དང་ལམ་དང་སྡུག་བསྔལ་དང་།། འགོག་པ་ལ་ནི་གོ་རིམ་བཞིན།། དེ་དག་བརྒྱད་དང་བདུན་དང་ནི།། ལྷ་དང་བཅུ་དྲུག་ཅེས་གྲགས་སོ་ཞེས་པ་སྟེ། རྒྱུ་ནི་ཀུན་འབྱུང་ངོ་།། འདིར་ཀུན་འབྱུང་ཐོག་མར ་གསུངས་པོ་ནི་འབྲས་བུའི་ཐབས་སུ་གྱུར་པ་ཉིད་ཀྱིས་ནའོ།། སྡུག་བསྔལ་དང་འགོག་པ་ཕྱིས་གསུངས་པ་ནི་འབྲས་བུར་གྱུར་པ་ཉིད་ཀྱིས་ནའོ།། དེ་རྣམས་ཀྱི་རྣམ་པ་ནི་རིམ་པ་ཇི་ལྟ་བུ་བཞིན་དུ་བརྒྱད་དང་། བདུན་དང་། ལྔ་དང་། ་བཅུ་དྲུག་ཏུ་མདོ་ལས་གསུངས་པའོ།། དེ་ལ་ཀུན་འབྱུང་ལ་ཆགས་པ་དང་བྲལ་བ་དང་། གནས་པ་མེད་པ་དང་། ཞི་བ་དང་། འདོད་ཆགས་མེད་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་དང་། ཉོན་མོངས་པ་མེད་པ་དང་། བདེན ་བ་མེང་པ་སྟེ་བརྒྱད་དོ།། ལམ་ལ་ཚད་མེད་པ་དང་། མཐའ་གཉིས་ཀྱི་རྗེས་སུ་མི་འགྲོ་བ་མེད་པ་དང་། སོ་སོ་བ་མེད་པ་དང་། གཞན་ལ་རག་ཏུ་མེད་པ་དང་། རྣམ་པར་རྟོག་པ་མེད་པ་དང་། གཞལ་བྱ་མེད་པ་དང་། གོ་སྐབས་མྱེད ་པའི་རྣམ་པ་དང་བདུན་ནོ།། སྡུག་བསྔལ་ལ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་ཉིད་དང་། བདག་མེད་པ་དང་། མཚན་ཉིད་མེད་པའི་རྣམ་པ་དང་ལྔའོ།། འགོག་པ་ལ་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ ་བོ་ཉིད་སྟོང་པ་ཉིད་བཅུ་དྲུག་གི་རྣམ་པ་བཅུ་དྲུག་སྟེ། སྤྱིར་སྡོམས་ན་རྣམ་པ་སུམ་ཅུ་དྲུག་གོ།། རྣམ་པ་ཐམས་ཅད་མཁྱེན་པར་རྟོགས་པའི་རྣམ་པ་རྣམས་གསུངས་པ། ཀུན་མཁྱེན་ཉིད་གསུམ་བྱེ་བྲག་གིས།། ལམ་གྱི་བདེན་པ་དང ་མཐུན་པར།། དྲན་པ་ཉེ་བར་གཞག་ནས་གཟུང་སྟེ།། ཐ་མོ་སངས་རྒྱས་ཉིད་རྣམ་པར།། སློབ་མ་བྱང་ཆུབ་སེམས་དཔའི་དང་།། སངས་རྒྱས་རྣམས་ལ་རིམ་བཞིན་ཏེ།། སུམ་ཅུ་བདུན་དང་སུམ་ཅུ་བཞི།། སུམ་ཅུ་རྩ་དགུ་དག་ཏུ་བཞེད ་ཅེས་པ་སྟེ། འཕགས་པའི་གང་ཟག་ཐམས་ཅད་ཡང་དག་པར་བསྡུས་པ་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། ཀུན་མཁྱེན་གསུམ་ཡང་དག་པར་བསྡུས་པའི་ལམ་གྱི་གྲངས་ཇི་ལྟ་བ་བཞིན་དུ་ཉན་ཐོས་རྣམས་ཀྱི་སུམ་ཅུ་རྩ ་བདུན་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སུམ་ཅུ་རྩ་བཞི་དང་། སངས་རྒྱས་རྣམས་ཀྱི་སུམ་ཅུ་རྩ་དགུར་བཞེད་དོ།། དེ་ལ་ལུས་དྲན་པ་ཉེ་བར་བཞག་པ་དང་། ཚོར་བ་དྲན་པ་ཉེ་བར་བཞག་པ་དང་། སེམས་དྲན་པ་ཉེ་བར ་བཞག་པ་དང་། ཆོས་དྲན་པ་ཉེ་བར་བཞག་པ་སྟེ། དྲན་པ་ཉེ་བར་བཞག་པ་བཞིའོ།། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བ་དང་། མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པ་དང་། དགེ་བའི་ཆོས་མ་སྐྱེས་པ ་རྣམས་བསྐྱེད་པ་དང་། དགེ་བའི་ཆོས་སྐྱེས་པ་རྣམས་འཕེལ་བར་བྱེད་པ་སྟེ་ཡང་དག་པར་སྤོང་བ་བཞི་རྣམས་སོ།། འདུན་པའི་ཏིང་ངེ་འཛིན་དང་། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་དང་། སེམས་ཀྱི་ཏིང་ངེ་འཛིན་དང་། དཔྱོད་པའི ་ཏིང་ངེ་འཛིན་ཏེ། རྫུ་འཕྲུལ་གྱི་རྐང་པ་བཞི་རྣམས་སོ།། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་རྗེ་རྣམས་སོ།། འདི་རྣམས་ཉིད་མི་མཐུན ་པའི་ཕྱོགས་ཀྱིས་མོ་རྫོབས་ན་དད་པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། དྲན་པའི་སྟོབས་དང་། ཏིང་ངེ་འཛིན་གྱི་སྟོབས་དང་། ཤེས་རབ་ཀྱི་སྟོབས་དང་ལྔ་པོ་རྣམས་སོ།། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག ་དྲདང་། ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཤིན་ཏུ་སྦྱངས་པ་ཡང་དྲག་བྱང་ཆུབ ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་ལྔདག་བྱང་ཆུབ་ཀྱི་ཡན་ལག་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་བ་སྟེ་བྱང་ཆུབ་ཀྱི་ཡན་ལག་བདུན་ནོ།། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་ས་རྟོག་པ་དང་། ་ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡོང་དག་པའི་རྩོལ་བ་དང་། ཡང་དགོ་བའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཞེས་བྱ་བ་སྟེ་འཕགས་པའི་ལམ་ཡན ་ལག་བརྒྱད་དོ།། འདི་རྣམས་ནི་ཐམས་ཅད་ཤེས་པ་ཉིད་དུ་རྟོགས་པའི་རྣམ་པ་སུམ་ཅུན་བདུན་ཏེ་སློབ་མ་རྣམས་ཀྱིའོ།། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་སྟེ་རྣམ་པར་ཐར་པའི་སྒོ ་གསུམ་དང་། གཟུགས་ཅན་རྣམས་ལ་གཟུགས་སུ་ལྟ་བ་ནི་རྣམ་པར་ཐར་པ་དང་པོའོ།། ནང་གཟུགས་ཅན་གྱི་མཚན་མ་ལ་ཕྱིའི་གཟུགས་སུ་ལྟ་བ་ནི་རྣམ་པར་ཐར་པ་གཉིས་པའོ།། སྡུག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་དུ ་བྱས་ཏེ་གནས་པ་ནི་རྣམ་པར་ཐར་པ་གསུམ་པའོ།། འདིར་ལུས་ཀྱི་ཤེས་པ་དང་ནི་ཤེས་རབ་ཀྱིས་ཤེས་པར་རྟོགས་པོར་བྱའོ།། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང ་མོང་བའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང་། འདུ་ཤེས་དང་ཚོར་བ་དག་འགོག་པ་སྟེ་ལྔའོ།། སྔོར་གྱི་གསུམ་དང་བསྡོམས་པས་རྣམ་པར་ཐར་པ་བརྒྱད་དོ།། བསམ་གཏན་དང་པོ་དང་། བསམ ་གཏན་གཉིས་པ་དང་། བསམ་གཏན་གསུམ་པ་དང་། བསམ་གཽ་ཏན་བཞི་པ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་མིན་གྱི ་སྐྱེ་མཆེད་དང་། འགོག་པའི་སྙོམས་པར་འཇུག་པ་སྟེ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའོ།། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་ཏེ་བདེན་པ་བཞི་པོ་རྣམས་དང་། སྦྱིན་པ ་ལ་སོགས་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་རྣམས་ཏེ། རྣམ་པསུམ་ཅུ་རྩ་བཞི་པོ་ལམ་ཤེས་ཀྱིས་ཡང་དག་པར་བསྡུས་པ་ནི་བྱང་ཆུབ་སེམས་དཔྱའ་རྣམས་ཀྱིའོ།། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་། ་ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང་། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང་། འཇིག་རྟེན་གྱི་ཁམས་དུ་མི་མཁྱེན་པའི་སྟོབས་དང་། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས ་དང་། ཐམས་ཅད་དུ་འགྲོ་བའི་ལོམ་མཁྱེན་པའི་སྟོབས་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་མཁྱེན་པའི་སྟོབས་དང་། སྔོན་གྱི་གནས་རྗེསུ་དྲན་པའི་སྟོབས་དང་། འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་དང་། ་ཟག་པ་ཟད་པ་ཟད་པ་མཁྱེན་པའི་སྟོབས་ཏེ་བཅུ་པོ་རྣམས་སོ།། མངོན་པར་བྱང་ཆུབ་པ་ལ་མི་འཇིགས་པ་དང་། ཐེག་པ་རྣམས་ཟད་པ་ལ་མི་འཇིགས་པ་དང་། བར་དུ་གཅོད་པའི་ཆོས་རྣམས་ཀྱིས་མི་འཇིགས་པ་དང་། ངེས ་པར་འབྱུང་བའི་ཆོས་རྣམས་ཀྱིས་མི་འཇིགས་པ་བཞི་རྣམས་སོ།། ཆོས་སོ་སོར་ཡང་དག་པར་རིག་པ་དང་། དོན་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི་ཚིག་སོ་སོར་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ཡང ་དག་པར་རིག་པ་སྟེ་སོ་སོ་ཡང་དག་པར་རིག་པ་བཞིའོ།། འཁྲུལ་པ་མི་མངའ་བ་དང་། ཅ་ཅོ་མི་མངའ་བ་དང་། དྲན་པ་ཉམས་པ་མི་མངའ་བ་དང་། སེམས་མཉམ་པར་མ་གཞག་པ་མི་མངའ་བ་དང་། འདུ་ཤེས་སྣ་ཚོགས ་མི་མངའ་བ་དང་། སེམས་ཅན་རྣམས་ལ་བཏང་སྙོམས་སུ་བཞག་པ་མི་མངའ་བ་དང་འདུན་པ་ཉམས་པ་མི་མངའ་བ་དང་། བརྩོན་འགྲུས་ཉམས་པ་མི་མངའ་བ་དང་། དྲན་པ་ཉམས་བྱ་མི ་མངའ་བ་དང་། ཏིང་ངེ་འཛིན་ཉམས་པ་མི་མངའ་བ་དང་། ཤེས་རབ་ཉམས་པ་མི་མངའ་བ་དང་། རྣམ་པར་གྲོལ་བ་ཉམས་པ་མི་མངའ་བ་དང་། ལུས་ཀྱི་ལས་རྣམས་ཡེ་ཤེས་མངོན་དུ་འགྲོ་བ་དང་། ངག་གི་ལས་རྣམས་ཡེ་ཤེས་སྔོན ་དུ་འགྲོ་བ་དང་། ཡིད་ཀྱི་ལས་རྣམས་ཡེ་ཤེས་སྟོན་དུ་འགྲོ་བ་དང་། འདས་པ་ལ་མ་ཆགས་ཤིང་མ་ཉམས་པའི་ཡེ་ཤེས་དང་། མ་འོངས་པ་རྣམས་ལ་མ་ཆགས་ཤིང་མ་ཉམས་པའི་ཡེ་ཤེས་དང་། ལ་ལྟར་རྣམས་ལ་མ་ཆགས ་ཤིང་མ་ཉམས་པའི་ཡེ་ཤེས་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དོ།། སངས་རྒྱས་ཀྱི་གསུངས་པའི་དེ་བཞིན་ཉིད་དང་། ཆོས་ཐམས་ཅད་ཀྱི་གཙོ་བོར་རང་འབྱུང་བ་དང་། རྣམ་པ་ཀུན་མངོན་པར་བྱང་ཆུབ་པ་ཞེས་པ ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་རྣམ་པ་དག་སུམ་ཅུ་རྩ་དགུའོ།། དེ་ལྟར་ཐམས་ཅད་ཤེས་པ་ཉིད་ཀྱིས་བསྡུས་པའི་རྣམ་པ་ཉི་ཤུ་རྩ་བདུན་ནོ།། ལམ་ཤེས་པ་ཉིད་ཀྱིས་བསྡུས་པའི་རྣམ་པ་སུམོ་ཅུ་རྩ་དྲུག་གོ། ་རྣམ་པ་ཐམས་ཅད་མཁྱེན་པས་ཡང་དག་པར་བསྡུས་པ་ལ་གང་ཟག་གི་རབ་ཏུ་དབྱེ་བས་སུམ་ཅུ་རྩ་བདུན་དང་། སུམ་ཅུ་རྩ་བཞི་དང་། སུམ་ཅུ་རྩ་དགུ་ཅེས་པ་སྟེ་བཅུ་ལྷག་པའི་བརྒྱའོ།། ཐམས་ཅད་གཅིག་ཏུ་བསྡུས་ན་བདུན་ཅུ་རྩ ་གསུམ་ལྷག་པའི་བརྒྱ་ཐམས་པའི་རྣམ་པ་རྣམས་སོ།། རྣམ་པ་དག་གསུངས་ནས། ད་ནི་ཇི་ལྟར་རབ་ཏུ་སྦྱོར་བ་མདོར་བསྟན་པ་དེ་རྣམས་བརྗོད་པར་བྱ་སྟེ། བཅོམ་ལྡན་འདས་མ་ཡང་ཤེས་རབ་ཏུ་སྦྱོར་བ་ཉི་ཤུ་བརྗོད་པར་བྱ་བ་དེ་ལ་རབ ་ཏུ་སྦྱོར་བར་བྱེད་པ་ཡང་སྦྱོར་བ་པོ་ཉིད་ལས་འགྱུར་ཏེ། དེ་བས་ན་ཐོས་པར་འགྱུར་བ་ཡང་རྙེད་པར་དཀའ་ཞེས་བསྟན་པའི་ཕྱིར་གསུངས་པ། སངས་རྒྱས་རྣམས་ལ་བཀུར་སྟི་བྱས།། དེ་ལས་དགེ་བོའི་རྩ་བ་བསྐྲུན།། དགེ་བའི་བཤེས ་ཀྱིས་མགོན་བཅས་པ།། འདི་ཉན་པ་ཡི་སྣོད་ཡིན་ནོ།། སངས་རྒྱས་བསྟེན་དང་ཀུན་འདི་དང་།། སྦྱིན་དང་ཚུལ་ཁྲིམས་སོགས་སྤྱོད་པས།། ལེན་དང་འཛིན་པ་ལ་སོགས་པོའི།། སྣོད་དུ་དམ་པ་རྣམས་བཞེད་དོ་ཞེས་པ་སྟེ། ངེས ་ངེས་པར་བདག་ཉིད་ཆོས་ཉན་པ་པོ་གང་གིས་སྔོན་དུ་སངས་རྒྱས་རྣམས་ལ་སྐྱབས་སུ་འགྲོ་བས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་བྱས་པས་སྐལ་བ་དང་ལྡན་པར་འགྱུར་བ་སྟེ་སངས་རྒྱས་ནི་ཆགས་པ་དང་ཞེ་སྡང་དང ་གཏི་མུག་མེད་པའི་མཚན་ཉིད་ཅན་ཡིན་ཏེ། དེ་རྣམས་ལ་དགེ་བའི་རྩ་བ་བསྐྲུན་པས་ན། དགེ་བའི་བཤེས་གཉེན་གྱིས་བྱིན་གྱིས་བརླབསོ་པ་ལ་སོགས་པ་བཞི་པོ་རྣམས་ཉིད་ཀྱིས་འདི་ཉན་པའི་སྐལ་བ་དང་ལྡན་ཞིང་སྣོད ་ཡིན་གྱི་གཞན་ནི་མ་ཡིན་ནོ།། ཡང་གང་གིས་སྐྱེ་བ་སྔ་མ་ལ་སངས་རྒྱས་རྣམས་ལ་ལན་མང་དུ་བཀུར་སྟི་བྱས་པ་དང་། ཡང་དག་པར་དྲིས་པ་དང་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བཅས་པ་ལ་ལེགས ་བར་གོམས་པར་བྱས་ན་དེ་དག་ཉིད་ལེན་པ་དང་འཛིན་པ་དང་དོན་རྟོགས་པ་ལ་སོགས་པའི་སྣོད་དུ་འགྱུར་ཞེས་པ་ནི་ཚོགས་བཅད་དག་གི་དོན་ནོ།། ད་ནི་རབ་ཏུ་སྦྱོར་བ་རྣམས་བསྟན་པའི་ཕྱིར་གསུངས་པ།། ་གཟུགས་ལ་སོགས་ལ་མི་གནས་ཕྱིར།། དེ་ལོ་སྦྱོར་བ་བཀག་པའི་ཕྱིར།། དེ་ཡི་དེ་བཞིན་ཉིད་ཟབ་ཕྱིར།། དེ་རྣམས་གཏིང་དཔག་དཀའ་བའི་ཕྱིར།། དེ་དག་ཚད་ནི་མེད་ཕྱིར་དང་།། ཚེགས་ཆེན་ཡུན་རིངས་རྟོགས་པའི་ཕྱིར།། ལུང་བསྐྲུན ་ཕྱིར་མི་ལྡོག་པ་དང་།། ངེས་འབྱུང་བར་ཆད་མེད་ཅེས་དང་།། བྱང་ཆུབ་ཉོ་དང་མྱུར་བ་དང་།། གཞན་དོན་འཕེལ་མེད་འགྲིབ་མེད་ཕྱིར།། ཆོས་དང་ཆོས་མིན་སོགས་མི་མཐོང་།། གཟུགས་སོགས་བསམ་མི་ཁྱབ་མི་མཐོང་།། གཟུགས་སོགས ་དཽ་ཡི་མཚན་མ་དང་།། དེ་ཡི་ངོ་བོར་རྣམ་མིཎྜོ་ག། འབྲས་བུ་རིན་ཆེན་སྦྱིན་བྱེད་དང་།། དེ་ནི་དག་པ་མཚམས་དང་བཅས་ཞེས་པ་སྟེ། གཟུགས་ལ་སོགས་ལ་མི་གནས་ཕྱིར་ཞེས་པ་ནི་གཟུགས་ལ་སོགས་པའི་ཕུང་པོ་རྣམས་ཁས་མི ་ལེན་པ་སྟེ། གཟུགས་ལ་སོགས་པ་ལ་མི་གནས་པའི་རབ་ཏུ་སྦྱོར་བའོ།། དེ་ལ་སྦྱོར་བ་བཀག་པའི་ཕྱིར་ཞེས་པ་ནི་གཟུགས་ལ་སོགས་པ་ལ་ཆགས་པའི་མཚན་ཉིད་ཀྱི་སྦྱོར་བ་བཀག་པ་ནི་གཟུགས་སོ་ལཱ་ལཱ་རྣལ་འབྱོར་བཀག་པའི ་རབ་ཏུ་སྦྱོར་བའོ།། དེའི་དེ་བཞིན་ཉིད་ཟབ་ཕྱིར་ཞེས་པ་ནི་གཟུགས་ལ་སོགས་པའི་དེ་བཞིན་ཉིད་ཟབ་པའི་ཕྱིར་བཅོམ་ལྡན་འདས་མ་ནི་ཟབ་པ་སྟེ་ཟབ་པའི་རབ་ཏུ་སྦྱོར་བའོ།། དེ་རྣམས་གཏིང་དཔག་དཀའ་བའི་ཕྱིར་ཞེས་པ་གཟུགས ་ལ་སོགས་པ་གཏིང་དཔག་དཀའ་བ་ཉིད་ཀྱིས་ན་བཅོམ་ལྡན་འདས་མ་ནི་ག་ཏིང་དཔག་དཀའ་བའི་རབ་ཏུ་སྦྱོར་བའོ།། དེ་དག་ཚད་ནི་མེད་ཕྱིར་དང་ཞེས་པ་ནི་གཟུགས་ལ་སོགས་པ་ཚད་མེད་པའི་ཕྱིར་བཅོམ་ལྡན་འདས་མ་ནི་ཚད་མེད་པ་སྟེ། ་ཚད་མེད་པའི་རབ་ཏུ་སྦྱོར་བའོ།། ཆགས་ཆེན་ཡུན་རིངས་རྟོགས་པའི་ཕྱིར་ཞེས་པ་ནི་བཅོམ་ལྡན་འདས་མ་དེ་ཡིས་སྦྱོར་བ་བྱས་པའི་སྡིག་པ་རྣམས་དག་པ་ནི་ཚེགས་ཆེན་པོ་ཡུན་རིངས་ཀྱིས་མངོན་པར་རྟོགས་ཞེས་པ་སྟེ། ཚེགས ་ཆེན་ཡུན་རིང་གིས་རྟོགས་པའི་རབ་ཏུ་སྦྱོར་བའོ།། ལུང་བསྟན་ཞེས་པ་ནི་གང་གིས་འདི་ལྟ་བུའི་བཅོམ་ལྡན་འདས་མི་ཐོས་ནས་མི་སྒེག་ཅིང་ཇི་ལྟར་ནུས་པ་བཞིན་དུ་རབ་ཏུ་འཇུག་པ་དེ་ནི་སངས་རྒྱས་ཉིད་གསུམ་གྱིས་རྗེས་ལ ་ལུང་བསྟན་པ་ཐོབ་ཏུ་པ་ཅེས་པ་ནི་ལུང་བསྟོན་པ་རབ་ཏུ་ཐོབ་པའི་སྦྱོར་བ་པའོ།། ཕྱིར་མི་ལྡོག་ཅེས་པ་ནི་གང་གིས་བཅོམ་ལྡན་འདས་མ་འདི་དག་ལ་རྟོག་པ་མེད་པ་ཐོབ་པར་འདོད་པ་དང་། ཇི་སྲིད་དུ་དོན་འདི་རྣམས་ཡིད་ལ་བྱེད་པར ་འགྱུར་བ་དེ་ནི་ཕྱིར་མི་ལྡོག་པར་འགྱུར་ཏེ། ཕྱིར་མི་ལྡོག་པའི་རབ་ཏུ་སྦྱོར་བའོ།། ངེས་འབྱུང་ཞེས་པ་ནི་གང་ཞིག་འདི་ལྟ་བུའི་བཅོམ་ལྡན་འདས་མ་ཐོབ་པར་བྱ་བའི་ཕྱིར་ཇི་སྲིད་དུ་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་དེ་ནི་བྱ་དཀའ་བོའི ་མཐའ་ལས་ངེས་པར་འབྱུང་བ་སྟེ། ངེས་པོར་འབྱུང་བའི་རབ་ཏུ་སྦྱོར་བའོ།། བར་ཆད་མེད་བཅས་ཞེས་པ་ནི་བར་ཆད་མེད་པ་དང་བཅས་པར་འཇུག་པ་སྟེ། ངོས་པོར་འབྱུང་བ་དང་བཅས་པ་ནི་ངེས་པོར་འབྱུང་པོ་དང་བར་ཆད ་མེད་པའི་དོན་ཏོ།། གང་གིས་བཅོམ་ལྡན་འདས་མ་མཐོང་བ་ལ་སོགས་པ་ཐོབ་པ་ངེས་བར་ཆད་མེད་པ་ཉིད་དུ་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་ཅེས་པ་སྟེ། བར་ཆད་མེད་པའི་རབ་ཏུ་སྦྱོར་བའོ།། བྱང་ཆུབ ་ཉེ་དང་ཞེས་པ་ནི་གང་གིས་བཅོམ་ལྡན་འདས་མ་ལ་བལྟ་བ་ལ་སོགས་པའི་དོན་ཐོབ་པ་དེས་ཉེ་བ་ཉིད་དུ་མངོན་པར་བྱང་ཆུབ་པ་ཐོབ་ཅེས་པ་སྟེ། ཉེ་བར་མངོན་པར་བྱང་ཆུབ་པའི་རབ་ཏུ་སྦྱོར་བའོ།། མྱུར་བ་ཞེས་པ་ནི་བྱང་ཆུབ་ཏུ ་ཞེས་པ་དང་སྦྱར་ཏེ། གང་གིས་བཅོམ་ལྡན་འདས་མ་བལྟ་བ་ལ་སོགས་པ་བྷྱོ་བ་པ་དེས་ཡུན་རིངས་པོ་མ་ཡིན་པས་ཡང་དག་པར་བྱང་ཆུབ་ཅེས་པ་སྟེ། མྱུར་བར་མངོན་པར་བྱང་ཆུབ་པའི་རབ་ཏུ་སྦྱོར་བའོ།། གཞན་དོན་ཞེས་པ ་ནི་གཞན་གྱི་དོན་དུ་བྱང་ཆུབ་སེམས་དཔའ་རྣམས་རྣམ་པ་དུ་མའི་རབ་ཏུ་སྦྱོར་བས་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་འཇུག་ཅེས་པ་སྟེ། གཞན་དོན་གྱི་རབ་ཏུ་སྦྱོར་བའོ།། འཕོལ་མེད་འགྲིབ་མེད་ཅེས་པ་ནི་ཤེས་རབ་ཀྱི་རོལ ་ཏུ་ཕྱིན་པ་སྤྱོད་པ་འདི་ལ་གང་གིས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམས་འཕེལ་བ་དང་འགྲིབ་པར་མ་མཐོང་བ་དེ་ནི་འཕེལ་མེད་འགྲིབ་མོད་ཀྱི་རབ་ཏུ་སྦྱོར་བའོ།། ཆོས་དང་ཆོ་སྣ་མིན་སོགས་མི་མཐོང ་ཞེས་པ་ནི་གང་ཞིག་གཟུགས་ནས་ཇི་སྲིད་ཐམས་ཅད་མཁྱེན་པའི་བར་དུ་ཆོས་ཤེས་པ་དེ་ནི་རྗེས་སུ་མི་མཐོང་ངོ་།། ཆོས་མིན་ཞེས་རྗེས་སུ་མི་མཐོང་བ་དེ་ནི་ཆོས་དང་ཆོས་མིན་ལ་སོགས་པ་མི་དམིགས་པའི་རབ་ཏུ ་སྦྱོར་བའོ།། གཟུགས་བ་སོགས་བསམ་མི་ཁྱབ་མི་མཐོང་ཞེས་པ་ནི་གཟུགས་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ནས་ཇི་སྲིད་ཐམས་ཅད་མཁྱེན་པའི་བར་དུ་བསམ་གྱིས་མི་ཁྱབ་སྟེ། དེའི་དོན་མི་མཐོང་བ་ནི་མཚན་མ ་མོམེད་པའི་བར་དུ་སྦྱོར་བའོ།། གཟུགས་སོགས་དེ་ཡི་མཚན་མ་དང་།། དེའི་ངོ་བོར་རྣམས་མི་རྟོག་ཅེས་པ་ནི་ཏིང་ངེ་འཛིན་ལ་གནས་ཏེ་གཟུགས་ལ་སོགས་པ་ནས་ཇི་སྲིད་ཐམས་ཅད་མཁྱེན་པའི་བར་དུ་རྣམ་པར་རྟོག ་པ་མེད་པ་ནི་རྣམ་རྟོག་མེད་པའི་རབ་ཏུ་སྦྱོར་བའོ།། འབྲས་བུ་རིན་ཆེན་སྦྱིན་བྱེད་དང་ཞེས་པ་ལ། འབྲས་བུ་རིན་ཆེན་ནི་རྒྱུན་ཏུ་ཞུགས་པ་ནས་ཇི་སྲིད་ཆོས་ཀྱི་འཁོར་ལོ་བསྐོར་བའི་བར་དུའོ།། དེ་སྟེར་བ~ཾ་ནི་བཅོམ་ལྡན ་འདས་མ་སྟེ་འབྲས་བུ་རིན་ཆེན་སྦྱིན་བྱེད་ཀྱི་རབ་ཏུ་སྦྱོར་བའོ།། དག་པ་ཞེས་པ་ལ། དྲུག་པའི་ཕུང་པོ་ནི་བཅོམ་ལྡན་འདས་མ་སྟེ། གཟུགས་ལ་སོགས་པ་དག་པ་ནས་ཇི་སྲིད་ཐམས་ཅད་ལ་མཁྱེན་པའི་བར་དུ་བྱེད་དེ། ་རྣམ་པར་དག་པའི་རབ་ཏུ་སྦྱོར་བའོ།། མཚམྱས་དང་བཅས་ཞེས་པ་ནི་སྐྱེས་བུའི་དོན་མཆོག་ཡིན་པ་ཉིད་ཀྱིས་བཅོམ་ལྡན་འདས་མ་ནི་བར་དུ་གཅོད་པ་མང་བ་སྟེ། དེས་ནཱ་ལོ་གཅིག་གི་བར་གྱིས་རྫོགས་པ་ནི ་བཟང་པོའོ།། རབ་ཏུ་སྦྱོར་བ་ཉི་ཤུ་པོ་རྣམས་བརྗོད་ནས། ད་ནི་རབ་ཏུ་སྦྱོར་པོ་བྱེད་པའི་ཡོན་ཏན་བསྔགས་པ་དེ་དག་གསུངས་པ། བདུད་ཀྱི་མཐུ་བཅོམ་ལ་སོགས་པ།། ཡོན་ཏན་རྣམ་པ་བཅུ་བཞིའོ་ཞེས་པ་སྟེ། བདུ ་རྣམས་ཀྱི་ནུས་པ་བཅོམ་པའི་ཡོན་ཏན་དང་། སངྱས་རྣམས་ཀྱི་དགོངས་པ་ཡོན་ཏན་དང་། སངས་རྒྱས་རྣམས་ཀྱིས་གཟིགས་པའི་ཡོན་ཏན་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཉེ་བར་གྱུར ་པའི་ཡོན་ཏན་དང་། དོན་ཆེན་པོ་ལ་སོགས་པའི་ཡོན་ཏན་དང་། ཕྱོགས་རྣམས་སུ་གཟིགས་པ་ཡོན་ཏན་དང་། དཀར་པོའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པའི་ཡོན་ཏན་དང་། ཆོས་ཐམས་ཅད་བརྗོད་པའི་ཡོན་ཏན་དང་། མི་ཕྱེ ་བའི་ཡོན་ཏན་དང་། སྐྱེ་བོ་མང་པོ་ལ་དགེ་བའི་རྩ་བ་རྣམས་བསྐྱེད་པའི་ཡོན་ཏན་དང་། དམ་བཅས་པའི་དོན་རྫོགས་པར་བྱེད་པའི་ཡོན་ཏན་དང་། འབྲས་བུ་རྒྱ་ཆེན་པོ་ཡོངས་སུ་འཛིན་པའི་ཡོན་ཏན་དང་། མདོའི་དོན་རྣམས་རབ་ཏུ ་རྟོགས་པའི་ཡོན་ཏན་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ངེས་པར་ཐོབ་པའི་ཡོན་ཏན་ཏེ་ཡོན་ཏན་བཅུ་བཞི་པོ་རྣམས་བརྗོད་པའོ།། རབ་ཏུ་སྦྱོར་བ་རྣམས་ཀྱིས་ཡོན་ཏན་བཤད་ནས། སྐྱོན་རྣམས་བརྗོད་པར་བྱ་སྟེ། རབ་ཏུ་སྦྱོར་བ་རྣམས ་ལ་བར་ཆད་བྱེད་པ་ནི་སྐྱོན་ཏེ། དེ་དག་གསུངས་པ། སྐྱོན་ནི་བཅུ་ཚན་བཞིར་བཅས་པ།། དྲུག་ཏུ་ངེས་པར་རྟོགས་པར་བྱ་ཞེས་པ་སྟེ། སྐྱོན་བཞི་བཅུ་རྩ་དྲུག་ཅེས་པའི་དོན་ཏེ། དུས་ཡུན་རིང་པོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ ་བ་དང་། ཤིན་ཏུ་མྱུར་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཀྱི་རྣམ་པར་གཡེང་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤཱི་བ་དྷོ་འདི་ཡང་སྐྱོན་ཡིན་ཏེ། ཡུན་རིང་དུ་གོམས་པར་མ་བྱས་པས་རྩ་བ་མ་བཅོམ་པོའི་ཤིང ་ངམ་གློག་ལྟར་གཡོ་ཞིང་མི་བརྟན་པས་སོ།། བཅོམ་ལྡན་འདས་མ་མཉན་པ་ལ་སོགས་པ་ལ་ལུས་རྣམ་པར་གཡེང་བ་དང་། སེམས་ཀྱི་རྣམ་པར་གཡེང་བ་དང་། ཀློག་པ་ལ་སོགས་པ་མ་དད་པ་ལ་སོགས་པས ་བྱས་པ་དང་། བཅོམ་ལྡན་འདས་མ་ལ་མི་མོས་པའི་རྒྱུས་སྤྱོད་པ་ལ་སོགས་པའི་ཚིག་འཛིན་པ་དང་། བཅོམ་ལྡན་འདས་མ་ཐོབ་པའི་རྒྱུར་མངོན་པར་ཞེན་པ་ཉམས་པ་དང་། བླ་ན་མེད་པའི་ཆོས་ཀྱི་བདུད་རྩི་ཉིད་ནི་བཙོ ་ལྡན་འདས་མ་སྟེ་དེ་ལ་མཆོག་མྱང་བ་ཉམས་པ་དང་ཐོག་པ་ཆེན་པོ་ཐེག་པ་ཐམས་ཅད་ཀྱི་བླ་ན་མེད་པར་འཛིན་པ་ཉམས་ས་པ་དང་། བཅོམ་ལྡན་འདས་མ་ལ་ཞུགས་པའི་བྱ་བ་ཉམས་པ་སྟེ། བཅུ་ཚན་དང་པོའོ།། བཅོམ ་ལྡན་འདས་མ་ཐོབ་པའི་ཐབས་ལ་རྨོངས་པ་དང་། ཚིག་རྐང་དམྱན་པ་དང་། མཆོག་དག་ལ་ཡང་དག་པར་རྨོངས་པ་དང་། བཅོམ་ལྡན་འདས་མ་ལ་དོན་ཐ་དེད་པ་དུ་མར་ཡོངས་སུ་རྟོག་པོ་དང་། བཅོམ་ལྡན་འདས་མ་དྲི་བ་ལ་མངོན ་པར་ཞེན་པ་དང་། བཅོམ་ལྡན་འདས་མ་ལ་དངོས་པོ་མེད་པར་མངོན་པར་ཞེན་པ་དང་། བཅོམ་ལྡན་འདས་མལ་ཡི་གེར་མངོན་པར་ཞེན་པ་དང་། བཅོམ་ལྡན་འདས་མ་ལ་ཡི་གེ་མེད་པར་མངོན་པར་ཞེན་པ་དང་། སྐྱེ་བོའི་གནས་ལ ་སོགས་པ་ལ་ཡིད་ལ་བྱེད་པ་དང་། རྙེད་པ་དང་བཀུར་སྟི་དང་བསྟོད་པ་ལ་སོགས་པ་ཉམས་སུ་ལེན་པ་དང་། ཉན་ཐོས་ལ་སོགས་པའི་མདོ་ལམ་མ་ཡིན་པ་དག་ལ་བྱང་ཆུབ་ཐོབ་པའི་ཐབས་མཁས་པོའི་ལམ་མོ།། ཞེས་པ་ནི་བན ་ཆེན་གཉིས་པའོ།། ཆོས་སྟོན་པ་པོ་དང་ཉན་བྱ་པོ་དག་ཆོས་བསྟན་པའི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་མི་མཐུན་པའི་འདོད་པའོ།། འདུན་པའི་ཡུལ་གྱི་དབྱེ་བས་མི་མཐུན་པའི་ཕྱོག་ལ་འདོད་པའོ།། བླ་མ ་རྙེད་པ་མི་འདོད་ལ་སློབ་མ་ཅུང་ཟད་ཙམ་འདོད་པ་མི་མཐུན་པའི་ཕྱོགས་འདོད་པའོ།། སྦྱངས་པའི་ཡོན་ཏན་ལ་སྦྱོར་བ་དང་མི་སྦྱོར་བ་མི་མཐུན་པའི་འདོད་པའོ།། དགེ་བ་དང་མི་དགེ་བ་འདོད་པ་མཽ་མཐུན་པའི་འདོད་པའོ།། གཏོང་བ་དང་སེར་སྣ ་མི་མཐུན་པའི་འདོད་པའོ།། སྦྱིན་པ་དང་མི་ལེན་པ་མི་མཐུན་པའི་འདོད་པའོ།། མདོར་བསྟན་རྒྱས་པས་གོ་ཡང་མི་མཐུན་པའི་འདོད་པའོ།། མདོ་ལ་སོགས་པ་ཆོས་ཤེས་པ་དང་མངོན་པར་མི་ཤེས་པ་དག་ཀྱང་མི་མཐུན་པའི་འདོད་པའོ།། ་ཕ་རོལ་ཏུ་ཕྱིན་པ་དྲུག་མཉམ་པར་རྟོགས་པ་དང་མཉམ་པར་མ་རྟོགས་པ་དག་མི་མཐུན་པའི་འདོད་པ་སྟེ་བཅུ་ཚན་གསུམ་པའོ།། ཐབས་ལ་མཁས་པ་དང་མི་མཁས་པ་དག་མི་མཐུན་པའི་འདོད་པའོ།། གཟུངས་སོ་སོར་ཐོབ་པ་དང་མ་ཐོབ ་པ་དག་མི་མཐུན་པའི་འདོད་པའོ།། ཡི་གེ་འདྲི་བར་འདོད་པ་དང་མི་འདོད་པ་དག་མི་མཐུན་པའི་འདོད་པའོ།། འདོད་པའི་འདུན་པ་དང་བྲལ་བར་འདོད་པ་དང་མི་འདོད་པ་དག་མི་མཐུན་པའི་འདོད་པའོ།། ངན་འགྲོ་ལས་དབེན་པ་དང་མི་དབེན ་པ་དག་མི་མཐུན་པའི་འདོད་པའོ།། བདེ་འགྲོར་འགྲོ་བ་ལ་ཡིད་དགའ་བ་དང་ཡིད་མི་དགའ་བ་མི་མཐུན་པའི་འདོད་པའོ།། གཅིག་པུར་གནས་པར་འདོད་ཅིང་འཁོར་རྣམས་སུ་འགྲོ་བར་དགའ་བ་ཡང་མི་མཐུན་པའི་འདོད་པའོ།། ་སྐབས་འབྱེད་པར་འདོད་པ་དང་སྐབས་འབྱེད་པར་མི་འདོད་པ་དག་ཀྱང་མི་མཐུན་པའི་འདོད་པའོ།། ནོར་རྫས་དོན་དུ་གཉེར་བ་དང་ནོར་རྫས་དོན་དུ་མི་གཉེར་བ་ཡང་མི་མཐུན་པའི་འདོད་པའོ།། འཆི་བ་ལ་སོགས་པའི་ཆེད་ཀྱིས་ཡུལ་རྣམས་སུ་འགྲོ ་བར་འདོད་པ་དང་། འགྲོ་བར་མི་འདོད་པ་ཡང་མི་མཐུན་པའི་འདོད་པ་ཞེས་པ་སྟེ་བཅུ་ཚན་བཞི་པའོ།། མུ་གེའི་ཡུལ་དུ་འགྲོ་བར་འདོད་པ་དང་མི་འདོད་པ་ཡང་མི་མཐུན་པའི་འདོད་པའོ།། ཆོམ་རྐུན་ལ་སོགས་པ་ཡོད་པའི་ཡུལ་ཕྱོགས་སུ་འགྲོ ་བར་འདོད་པ་དང་མི་འདོད་པ་ཡང་མི་མཐུན་པའི་འདོད་པའོ།། ཁྱིམ་བདག་དད་པ་ཅན་གྱི་ཕྱོགས་སུ་འགྲོ་བར་ཡིད་དགའ་བ་དང་ཡིད་མི་དགའ་བ་ཡང་མི་མཐུན་པའི་འདོད་པའོ།། བདུད་ཀྱིས་རབ་ཏུ་སྦྱོར་བའི་བར་ཆོད་བྱས་པ་ཡང་མི་མཐུན་པའི ་འདོད་པའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་འཛིན་པ་ཡང་མི་མཐུན་པའི་འདོད་པའོ།། བདུད་ཀྱིས་སྤྲུལ་པའི་སངས་རྒྱས་ཀྱི་གཟུགས་ལ་སོགས་པ་ལ་མངོན་པར་འདོད་པ་ཡང་བདུད་ཀྱི་ལས་ཏེ། སྐྱོན་བཞི་བཅུ་རྩ་དྲུག་པོ ་རྣམས་བརྗོད་པའོ།། རབ་ཏུ་སྦྱོར་བ་རྣམས་ཀྱི་མཚན་ཉིད་བསྟན་པའི་ཕྱིར་གསུངས་པ། གང་གིས་མཚོན་དེ་མཚན་ཉིད་དུ།། ཤེས་བྱ་དེ་ཡང་ཤེས་པ་དང་།། ཁྱད་པར་བྱེད་དང་རྣམ་གསུམ་སྟེ།། མཚོན་བྱ་ངོ་བོ་ཉིད་གང་ཡང་ཞེས་པ་སྟེ། ་མཚོན་པར་བྱེད་པར་འདོད་པ་མཚན་ཉིད་དེ་གང་ཞིག་བྱེད་པར་བསྒྲུབ་པའི་མཚན་ཉིད་དེ་ནི་རྣམ་པ་གསུམ་སྟེ། ཤེས་པ་དང་། བྱེ་བྲག་དང་བྱེད་པའོ།། གང་ཞིག་མཚོན་པར་བྱ་བའི་མཚན་ཉིད་དེ་ལས་བསྒྲུབ་པའོ།། དེ་ཡང་རང་བཞིན ་ཉིད་ཅེས་མཚན་ཉིད་རྣམ་པ་བཞིའོ་དེ་ལ་ཐམས་ཅད་ཤེས་པའི་དབང་དུ་བྱས་ཏེ་རྣམ་པར་ཤེས་པའི་བདག་ཉིད་རྣམ་པ་བཅུ་དྲུག་མཚན་ཉིད་དུ་བསྟན་པའི་ཕྱིར་གསུངས་བྱ། དེ་བཞིན་གཤེགས་པ་འབྱུང་བ ་དང་།། འཇིག་རྟེན་འཇིགས་མེད་བདག་ཉིད་དང་།། སེམས་ཅན་སེམས་ཀྱི་སྤྱོད་པ་དང་།། དེ་བསྡུས་པ་དང་ཕྱིར་བལྟས་དང་།། མི་ཟད་པ་འི་རྣམ་པ་དང་།། ཆགས་བཅས་སོགས་དང་རྒྱ་ཆེན་དང་།། ཆེན་པོར་གྱུར་དང་ཚད་མེད་དང་།། རྣམ ་ཤེས་བསྟན་དུ་མེད་པ་དང་།། སེམས་ལྟར་མེད་དང་ཤེས་པ་སྟེ།། གཡོ་བ་ལ་སོགས་ཤེས་བྱ་དང་།། དེ་ལས་གཞན་ཡང་དེ་དག་ནི།། དེ་བཞིན་ཉིད་ཀྱིས་རྣམ་པར་ཤེས།། ཐུབ་པས་དེ་བཞིན་ཉིད་རྟོགས་ཏེ།། གཞན་བསྟན་པ་ཞེས་བྱ་བ། ་ཐམས་ཅད་ཤེས་པ་ཉིད་སྐབས་ཀྱི།། ཤེས་པའི་མཚན་ཉིད་བསྡུས་པ་ཡིན།། ཞེས་པ་སྟེ། ཤེས་པ་ཞེས་པ་ནི་ཚིག་འདི་རྣམས་ལ་བདུན་པའི་མཐའ་ཅན་དུ་སྦྱར་བར་བྱའོ།། དེ་བཞིན་གཤེགས་པ་འབྱུང་བ་དང་ཞེས་པ་ནི་བཅོམ་ལྡན ་འདས་མ་ལས་དེ་བཞིན་གཤེགས་པ་རྣམས་སྐྱེ་བར་ཤེས་པའོ།། འཇིག་རྟེན་འཇིག་མེད་བདག་ཉིད་དང་ཞེས་པ་ནི་འཇིག་རྟེན་རྣམས་ཀྱི་རྒྱུན་གནས་པ་མི་ཉམས་པར་ཤེས་པའོ།། སེམས་ཅན་སེམས་ཀྱི་སྤྱོད་པ་དང་ཞེས་པ ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་ཡུལ་ཤེས་པའོ།། དེ་བསྡུས་པ་དང་ཕྱིར་བལྟས་དང་ཞེས་པ་སེམས་ཀྱི་རྣམ་པར་གཡེང་བ་དང་། མི་གཡེང་བ་ཤེས་པའོ།། མི་ཟད་པ་ཡི་རྣམ་པ་དང་ཞེས་པ་ནི་སེམས་མི་ཟད་པའི ་རྣམ་པར་ཤེས་པའོ།། ཆགས་བཅས་སོགས་ཤེས་པ་ནི་འདོད་ཆགས་དང་བཅས་པའི་སེམས་དང་། འདོད་ཆགས་དང་བྲལ་བ་ལ་སོགས་པའི་སེམས་ཤེས་པའོ།། རྒྱ་ཆེན་ཞེས་པ་ནི་སེམས་རྒྱ་ཆེ་བ་ཤེས་པའོ།། ཆེན་པོར་གྱུར་དང་ཞེས་བྱ ་བ་ནི་ཆེན་པོ་སྟོང་པ་ཉིད་དུ་གྱུར་པའི་སེམས་ཏེ་ཆེན་པོར་གྱུར་པའི་སེམས་ཤེས་པའོ།། ཚད་མེད་ཅེས་པ་ནི་ཚད་མེད་པའི་སེམས་ཤེས་པའོ།། རྣམ་ཤེས་བསྟན་དུ་མེད་པ་དང་ཞེས་པ་ནི་བསྟན་དུ་མེད་པའི་མིག་ཤེས་པ་པ་སྟེ། གང་ཞིག ་གཟུགས་ལ་བསྟན་དུ་མེད་པ་དེ་ནི་བསྟན་དུ་མེད་པའི་སེམས་ཤེས་པའོ།། སེམས་ལྟར་མིང་དང་ཤེས་པ་སྟེ་ཞེས་པ་ནི་གང་གི་སེམས་ལྟར་མེད་པ་དེ་ཤེས་པ་ནི་ལྟར་མེད་པའི་སེམས་ཤེས་པའོ།། གཡོ་བ་ལ་སོགས་ཤེས་བྱ་དང་ཞེས་པ ་ལ་སེམས་དེའི་གཡོ་བ་དང་མི་གཡོ་བ་དང་གཉིས་ཀ་དང་རབ་ཏུ་འགེགས་པ་ཤེས་པའོ།། དེ་ལ་གཡོ་བ་ནི་རྣམ་པར་གྱུར་པའོ།། མི་གཡོ་བ་ནི་འགོག་པ་སྟེ་མ་གྱུར་པའོ།། གཉིས་ཀ་ནི་གྱུར་པ་དག་གིས་རབ་ཏུ་འགེགས་པ་ནི་གཉི ་ཀ་འགེགས་པ་སྟེ་གྱུར་པ་ཡང་མ་ཡིན་མ་གྱུར་པ་ཡང་མ་ཡིན་ཞེས་པའོ།། དེ་རྣམས་ནི་དེ་བཞིན་ཉིད་རྣམ་པར་ཤེས་ཞེས་བྱ་བ་སྟེ་གཡོ་བ་ལ་སོགས་པ་རྣམས་ཉིད་དེ་དེ་བཞིན་ཉིད་ཀྱི་རྣམ་པར་ཤེས་པའོ།། ཐུབ་པས་དེ་བཞིན་ཉིད ་རྟོགས་ཏེ།། གཞན་ལ་བསྟན་པ་ཞེས་བྱ་འདི་ཅེས་པ་ལ་ཐུབ་པས་དེ་ཉིད་ཡང་དག་པར་རྟོགས་ནས་གང་ཞིག་ཡང་དག་པར་རྟོགས་པ་དེ་ཉིད་གཞན་རྣམས་ལ་སྟོན་པ་སྟེ་ཆོས་སྟོན་པ་ཤེས་པའོ།། ཐམས་ཅད་ཤེས་པ་ཉིད ་སྐབས་ཀྱི།། ཤེས་པའི་མཚན་ཉིད་བསྡུས་པ་ཡིན་ཞེས་པ་ནི་ཉེ་བར་བསྡུ་བ་ཡིན་ནོ།། ལམ་ཤེས་པ་ཉིད་ཀྱི་དབང་དུ་བྱས་ནས་ཤེས་པའི་མཚན་ཉིད་རྣམ་པ་བཅུ་དྲུག་རྟོགས་པར་བྱ་བའི་ཕྱིར་གསུངས ་བ། སྟོང་ཉིད་མཚན་མེ་མེད་བཅས་དང་།། སྨོན་པ་རྣམ་པར་སྤངས་པ་དང་།། སྐྱེ་མེད་འགག་པ་མེད་སོགས་དང་།། ཆོས་ཉིད་རྣམ་པར་འཁྲུག་མེད་དང་།། འདུ་མི་བྱེད་དང་རྣམ་མི་རྟོག། རབ་དབྱེ་མཚན་ཉིད་མེད་ཉིད་ལ།། ལམ་ཤེས ་ཉིད་ཀྱི་སྐབས་ཀྱི་ནི།། ཤེས་པའི་མཚན་ཉིད་ཡིན་པར་བཞེད་ཅེས་པ་སྟེ། ཤེས་པའི་སྒྲ་ནི་བདུན་པའི་མཐའ་ཅན་ཏེ་ཀུན་ཏུ་སྦྱར་རོ།། སྟོང་ཉིད་ཅེས་པ་ནི་སྟོང་པ་ཉིད་ཤེས་པའོ།། མཚན་མ་མོད་བཅས་ཤེས་པ་ནི་མཚན་མ་མེད་པར ་ཤེས་པའོ།། སྨོན་པ་རྣམ་པར་སྤངས་པ་དང་ཞེས་པ་ནི་སྨོན་པ་མེད་པར་ཤེས་པའོ།། སྐྱེ་མེད་འགག་པ་མེད་སོགས་དང་ཞེས་པ་ལ་སོགས་པའི་སྒྲས་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་སོགས་པ་སྟེ། ་གཟུགས་དེ་ནི་མི་སྐྱེས་པ་དང་། མ་འགག་པ་དེ་ལ་སོགས་པ་ཞེས་པའོ།། ཆོས་ཉིད་རྣམ་པར་འཁྲུག་མེད་དང་ཞེས་པ་ལ་ཐམས་ཅད་དུ་ཆད་པ་སྤངས་པ་ཉིད་ཀྱིས་བསལ་བ་བརྟགས་པས་སྟོང་པོ་ཁས་བླངས་པས་ཆོས་ཉིད ་འཁྲུགས་པ་མེད་པར་ཤེས་པའོ།། འདུ་མི་བྱེད་ཅེས་པ་རྟོགས་པའི་ཆོས་ཐམས་ཅད་འདུ་བྱ་བ་མེད་པས་འདུ་མི་བྱེད་པར་ཞེས་པའོ།། རྣམ་མི་རྟོག་ཅེས་པ་ནི་ཆོས་ཐམས་ཅད་ལ་མི་རྟོག་ཅེས་པས་མི་རྟོག་པར་ཤེས ་པའོ།། རབ་དབྱེ་མཚན་ཉིད་མེད་ཉིད་ལ་ཞེས་པ་ནི་ཆོས་ཐམས་ཅད་རབ་ཏུ་དབྱེ་བ་མེད་པར་ཤེས་པ་དང་། ཆོས་ཐམས་ཅད་མཚན་ཉིད་མེད་པར་ཤེས་པའོ།། ལམ་ཤེས་ཞེས་པ་ནི་ཉེ་བར་བསྡུ་བའོ།། རྣམ་པ་ཐམས་ཅད་མཁྱེན ་པའི་དབང་དུ་བྱས་ཏེ་ཤེས་པའི་མཚན་ཉིད་རྣམ་པ་བཅུ་དྲུག་ཏུ་བསྟན་པར་བྱ་སྟེ། རང་གི་ཆོས་བརྟན་ཉེར་གནས་པས།། གནས་དང་གུས་པར་བྱ་བ་དང་།། བླ་མ་ཉིད་དང་མཉེས་པ་དང་།། དེ་ལ་མཆོད་དང་བྱེད་པ་པོ།། ཀུན ་འཇུག་མཁྱེན་པ་གང་ཡིན་དང་།། མ་མཐོང་སྟོན་པར་མཛད་པ་དང་།། འཇིག་རྟེན་སྟོང་ཉིད་རྣམ་པ་དང་།། བརྗོད་དང་ཤེས་མཛད་མངོན་སུམ་དང་།། བསམ་མི་ཁྱབ་དང་ཞི་ཉིད་སྟོན།། འཇིག་རྟེན་འདུ་ཤེས་འགོག་པ་ལ ་རྣམ་ཀུན་མཁྱེན་པའི་ཚུལ་ལ་ནི།། ཤེས་པའི་མཚན་ཉིད་ཅེས་བཤད་དོ་ཞེས་པརྗེ་ཤེས་པ་ཞེས་པ་ཞེས་པ་ནི་ཐམས་ཅད་དུ་སྦྱར་བར་བྱའོ།། རང་གི་ཆོས་བརྟེན་ཉེར་གནས་པས།། གནས་དང་ཞེས་པ་ལ་རང་གི་ཆོས་ནི ་འགྲོ་བའི་དོན་ཏེ། དེ་ལ་ཉེ་བར་བསྟན་ནས་སངས་རྒྱས་བཅོམ་ལྡན་འདས་གནས་ཞེས་ངེས་པར་བྱས་པ་ནི་རང་གི་ཆོས་ལོ་ཉེ་བར་བརྟན་ཏེ་གནས་པར་ཤེས་པའོ།། གུས་པར་བྱ་བ་དང་། བླ་མ་ཉིད་དང་། མཉེས་པ་དང ་ཞེས་པ་ལ་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་གུས་པར་བྱ་བ་ལ་སོགས་པར་ཤེས་པའོ།། དེ་ལ་མཆོད་དང་བྱེད་མེད་དང་ཞེས་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་ཀྱིས་ཆོས་དེ་ལ་མཆོད་པ་བྱས ་པཱ་དང་། མཆོད་པར་བྱེད་བྱ་བོ་དེ་དག་ཤེས་པ་ནི་དེ་ལ་མཆོད་པ་དང་བྱེད་པ་པོ་ཤེས་པ་གཉིས་སོ།། ཀུནྡ་འཇུག་མཁྱེན་པ་གང་ཡིན་དང་ཞེས་པ་ནི་འཇིག་རྟེན་ཐམས་ཅད་ཀྱི་རང་བཞིན་ཤེས ་པའོ།། མ་མཐོང་སྟོན་པར་མཛད་པ་དང་ཞེས་པ་ནི་མ་མཐོང་པོའི་དོན་སྟོན་པར་ཤེས་པའོ།། འཇིག་རྟེན་སྟོང་ཉིད་རྣམ་པ་དང་།། བརྗོད་དང་ཤེས་མཛད་མངོན་སུམ་དང་ཞེས་པ་ནི་འཇིག་རྟེན་ཐམས་ཅད་ཀྱི་སྟོང་པ་ཉིད་ཀྱི་རྣམ ་པར་ཤེས་པ་དང་། འཇིག་རྟེན་ཐམས་ཅད་ཀྱི་སྟོང་པ་ཉིད་དུ་བརྗོད་པ་ཤེས་པ་དང་། འཇིག་རྟེན་ཐམས་ཅད་ཀྱི་སྟོང་པ་ཉིད་དབང་པོས་ཤེས་པའོ།། དབང་པོ་ལ་བརྟེན་པས་ན་དབང་པོ་སྟེ་མངོན་སུམ་དུ་སྟོན་པ་པོ་ཞེས ་པའི་དོན་ཏོ།། བསམ་མི་ཁྱབ་དང་ཞི་ཉིད་སྟོན་ཞེས་པ་ནི་འཇིག་རྟེན་ཐམས་ཅད་ཀྱི་བས་ཀྱིས་མྱི་ཁྱབ་པ་དང་ཞི་བ་ཉིད་ཤེས་པའོ།། འཇིག་རྟེན་འདུ་ཤེས་འགོག་པ་ལ་ཞེས་པ་ནི་འཇིག་རྟེན་གྱི་མཚན་མ་འགོག་པ་ཤེས ་བའོ།། ཤེས་པའི་མཚན་ཉིད་ཅེས་ནི་ཉེ་བར་བསྡུ་བ་སྟེ། ཤེས་པའི་མཚན་ཉིད་གསུངས་པའི་མངོན་དུ་གསུངས་པའི་རབ་ཏུ་སྦྱོར་བ་རྣམས་ཀྱི་ཤེས་པའི་མཚན་ཉིད་བརྗོད་ནས་ཁྱད་པར་གྱི་མཚན་ཉིད་གསུངས་པ། ་བསམ་མི་ཁྱབ་སོགས་ཁྱད་པར་གྱིས།། ཁྱད་ཞུགས་བདེན་པའི་སྤྱོད་ཡུལ་ཅན།། སྐད་ཅིག་མ་ནི་བཅུ་དྲུག་གིས།། ཁྱད་པར་མཚན་ཉིད་བཤད་པ་ཡིན།། ཞེས་པ་སྟེ། བསམ་གྱིས་མི་ཁྱབ་པ་ལ་སོགས་པ་འཆང ་བུབར་འགྱུར་བའི་ཁྱད་པར་རྣམས་ཀྱིས་ཉན་ཐོས་ལ་སོགས་པའི་ལམ་ལས་ཁྱད་པར་དུ་འཕགས་ཏེ། བདེན་པ་བཞིའི་ཡུལ་ལ་སྐད་ཅིག་མ་བཅུ་དྲུག་གིས་ཁྱད་པར་གྱིས་མཚན་ཉིད་མདོ་ལས་གསུངས་པའོ།། བསམ་གྱིས ་མི་ཁྱབ་པ་ལ་སོགས་པའི་ཁྱད་པར་གང་ཞིག་ཅེས་པ་ལ་གསུངས་པ། བསམ་མི་ཁྱབ་དང་མི་མཉམ་དང་།། གཞལ་དང་བགྲང་ལས་ཡང་དག་འདསོ།། འཕགས་པ་ཀུན་སྤྱད་མཁས་པ་ཡིས།། རིག་བྱ་ཐུན་མོང ་མྲིནོ་ཞེས་ཉིད།། ཤེས་མྱུར་ཉུང་དང་མང་མེད་དང་།། སྒྲུབ་དང་ཡང་དག་འགྲུབ་པ་དང་།། དམིགོས་པ་རྟེན་བཅས་པ་དང་།། མཐའ་དག་པ་དང་ཡོངས་སུ་འཛིན་དང་།། རོ་མྱང་མེད་དང་ཁད་པར་ནི།། བཅུ་དྲུག་བདག་ཉིད་ཤེས་བྱ་སྟེ།། གང ་གིས་ལམ་ནི་གཞན་དག་ལས།། ཁྱད་དུ་འཕགས་པས་ཁྱད་པར་ལམ་ཞེས་པ་སྟེ། བསམ་མི་ཁྱབ་དང་མི་མཉམ་དང་ཞེས་པ་ནི་སངས་རྒྱས་ལ་སོགས་པའི་ཆོས་ཐམས་ཅད་ནི་བསམ་པ་ལ་སོ་འདས་པས་ན་བསམ་གྱིས་མི་ཁྱབ ་ཅེས་པའི་དོན་ཏོ།། མཉམ་པ་ལས་འདས་པཱ་ན་མི་མཉམ་པ་ཉིད་དོ།། གཞལ་དང་བགྲང་འདས་ཡོང་དག་འདས་ཞེས་པ་ནི་ཚད་ལ་སོགས་བུ་ལས་འདས་པས་ན་གཞལ་དུ་མེད་པའོ།། བགྲང་བ་ལས་འདས་པས་ན་གྲངས་མེད་པ ་ཉིད་དོ།། ཁྱད་པར་བཞི་པོ་འདིས་རིམ་པ་ཇི་ལྟ་བ་བཞིན་དུ་ཁྱད་པར་འཕགས་པ་སྡུག་བསྔལ་གྱིས་བདེན་པར་འགྱུར་བའི་སྐད་ཅིག་མ་བཞིའོ།། འཕགས་པ་ཀུན་སྡུད་ཅེས་པ་ནི་འཕགས་པ་ཀུན་ཀྱང་བཅོམ་ལྡན་འདས་མའི ་ནང་དུ་འདུས་ཞེས་པ་ནི་ཁྱད་པ་གཅིག་གོ།། མཁས་པ་ཡིས། རིག་བྱ་ཐུན་མོང་མིན་ཤེས་ཉིད་ཅེས་པ་ནི་བཅོམ་ལྡན་འདས་མ་ནི་མཁས་པའི་རིག་བྱ་སྟེ་གཉིས་པའོ།། དེ་ཡང་ཉན་ཐོས་ལ་སོགས ་པ་དང་ཐུན་མྱོང་མ་ཡིན་པ་ཉིད་ཀྱི་དངོས་པོ་ཤེས་པ་སྟེ་གསུམ་པའོ།། ཤེས་མྱུར་ཉུང་དང་མང་མེད་དང་ཞེས་པ་ལ་མྱུར་བར་མངོན་པར་ཤེས་པ་ཉིད་ཅེས་པ་བཞི་པ་སྟེ། ཁྱད་པར་རྣམ་པ་བཞི་ཡིས་ཁྱད་པར་འཕགས་པ་ནི་ཀུན་འབྱུང་གི ་བདེན་པར་རྟོགས་པའི་སྐད་ཅིག་མ་བཞིའོ།། ཉུང་དང་མང་བ་མེད་པ་ནི་ཉུང་དང་མང་མེད་ཅེས་པ་ཁྱད་པར་གཅིག་གོ། སྒྲུབ་དང་ཡང་དག་འགྲུབ་པ་དང་ཞེས་པ་ནི་བཅོམ་ལྡན་འདས་མ་སྒྲུབ་པོ་ན་ཐོས་པ་ལས་གོང་ནས་གོང་དུ ་ཙམས་སུ་མྱོང་བ་ནི་གཉིས་པའོ།། ཡང་དག་འགྲུབ་པ་ནི་གོང་ནས་གོང་དུ་སངས་རྒྱས་ཀྱི་ཆོས་རྣམས་འཐོབ་སྟེ་གསུམ་པའོ།། དམིགས་པ་ཞེས་པ་ནི་བཅོམ་ལྡན་འདས་མ་ལ་བདག་ཉིད་ཐམས་ཅད་ཀྱི་དངོས་པོས་དམིགས ་པའོ།། ཁྱད་པར་བཞི་པོ་འདིས་ཁྱད་དུ་འཕགས་པ་ནི་འགོག་པའི་བདེན་པར་གཏོགས་པའི་སྐད་ཅིག་མ་བཞི་པོ་རྣམས་སོ།། རྟེན་དང་བཅས་ཤེས་པ་ནི་རྟེན་དང་བཅས་པར་བྱང་ཆུབ་སེམས་དཔའ་གནས་པས་རྟེན་བཅསོ།། ། ་རྟེན་གྱི་སྒྲས་འདིར་བྱང་ཆུབ་སེམས་དཔས་ལམ་དང་བཅས་པར་གཟུང་བར་བྱ་ཞེས་པ་སྟེ་ཁྱད་པར་གཅིག་གོ། མཐའ་དག་ཅེས་པ་ནི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དོ།། མཐའ་དག་གི་ཁྱད་པར་དེ་གཉིས་པའོ།། ཡོངས་སུ ་འཛིན་ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པའི་བྱང་ཆུབ་སེམས་དཔའ་ངེས་པར་སངས་རྒྱས་ཉིད་དུ་འགྱུར་རོ་ཞེས་པ་ནི་གསུམ་པའོ།། རོ་མྱང་མེད་བཅེས་པ་ནི་འདི་ནི་བྱང་ཆུབ་སེམས་དཔས་དགེ་བའི་རྩ ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེད་ཀྱི་ཆོས་ཐམས་ཅད་གཟུང་བ་དང་འཛིན་པར་དེས་རོ་མྱང་བར་མི་བྱེད་ཅེས་པ་སྟེ། ཁྱད་པར་རྣམ་པ་བཞིས་ཁྱད་པར་འཕགས་པ་ནི་ལམ ་གྱི་བདེན་པའི་སྐད་ཅིག་མ་བཞི་པའོ།། ཁྱེད་པར་ལོམ་ཞེས་པ་ལ་སོགས་པ་ནི་ཁྱད་པོར་གྱི་སྒྲའི་དོན་དུ་བསྟན་པ་སྟེ་ཉེ་བར་བསྡུ་བའོ།། ཁྱད་པར་གྱི་མཚན་ཉིད་གསུངས་པའི་མངོན་དུ་གསུངས་པའི་རབ་ཏུ་སྦྱོར་བ་ནི་བདག་བྱང་ཆུབ ་སེམས་དཔའི་གང་ཞིག་འཆད་པར་འགྱུར་བ་ཕན་པ་ལ་སོགས་པའི་བྱ་བ་བྱེད་པའོ།། དེ་ལ་རབ་ཏུ་སྦྱོར་བའི་བྱེད་པའི་མཚན་ཉིད་དེ་དག་གསུངས་པ། ཕན་དང་བདེ་དང་སྐྱོབ་པ་དང་།། མི་རྣམས་ཀྱི་ནི་སྐྱབས་དོག་དང་།། གླན་སོ་དང ་མགོན་དང་གླིང་དང་ནི།། ཡོངས་འདྲེན་པ་ཞེས་བྱ་བ་དང་།། ལྷུན་གྱིས་གྲུབ་དང་ཐེག་གསུམ་གྱི།། འབྲས་བུ་མངོན་སུམ་མི་བྱེད་བདག། ཐ་མར་གྱུར་པའི་མཛད་པ་སྟེ།། འདི་ནི་བྱེད་པའི་མཚན་ཉིད་ཡོན་ཞེས་པ་སྟེ། མི་རྣམས ་ཞེས་པ་ནི་ཚིག་རྐང་རྣམས་ཐམས་ཅད་དུ་སྦྱར་བར་བྱའོ།། ཕན་པ་དང་ཞེས་པ་ནི་མྱ་ངན་ལས་འདས་པའི་ལམ་ཕན་པ་ཉི་དུ་ཉོ་བར་སྟོན་པ་ནི་ཕན་པའི་བྱེད་པའོ།། ཁང་པ་ཅེས་པ་ནི་མྱ་ངན་ལས་འདས་པའི་བདེ་བ་ལ་རྣམ་པར་འཇོས ་པ་སྟེ་བདེ་བའི་བྱེད་པའོ།། སྐྱོབ་པ་ཞེས་པ་ནི་སེམས་ཅན་ཐམས་ཅད་རྣམ་པར་ལྷུང་བ་ལས་སྐྱོབ་པར་བྱེད་པ་སྟེ། འདིས་ནི་སྐྱོབ་པ་ནི་ཆོས་སྟོན་པ་སྐྱོབ་པའི་བྱེད་པའོ།། སྐྱབས་ཞེས་པ་ནི་འཇིགས་པ་ཉེ་བར ་གནས་བྱ་རྣམས་འཇིགས་པ་ལས་སྒྲོལ་པོ་སྟེ། སྐྱབས་ཀྱི་བྱེད་པའོ།། གནས་དང་ཞེས་པ་ནི་སེམས་ཅན་ཐམས་ཅད་ཀྱི་གནས་ཀྱི་རང་བཞིན་དུ་ཉེ་བར་གནས་པ་སྟེ་གནས་ཀྱི་བྱེད་པོའོ།། མགོན་དོང་ཞེས་པ་ནི་འཁོར་བར་སོང་བ ་རྣམས་ཡོན་ཏན་ཐམས་ཅད་དང་ལྡན་པར་བྱེད་པ་སྟེ། མགོན་གྱི་བྱེད་པའོ།། གླིང་དང་ཞེས་པ་ནི་འདོད་ཆལས་ལ་སོགས་པའི་ཉོན་མོངས་པའི་རྒྱུ་མཚོར་བྱིང་བ་རྣམས་ཆོས་ཀྱི་སྐམ་སར་འཇོག་པ་སྟེ་གླིང་གི་བྱེད་པའོ།། ཡོངས ་འདྲེན་པ་ཞེས་བྱ་བ་དང་ཞེས་པ་ནི་རྣམ་པར་ལྷུང་བའི་སེམས་ཅན་ཐམས་ཅད་ཆོས་བསྟན་པས་སྡུད་པ་སྟེ་ཡོངས་སུ་འདྲེན་པའི་བྱེད་པའོ།། ལྷུན་གྱིས་གྲུབ་དང་ཞེས་པ་ནི་འབད་པ་མི་དགོས་པར་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ ་སྟེ་ལྷུན་གྱིས་གྲུབ་པའི་བྱེད་པའོ།། ཐེག་གསུམ་གྱི་ཞེས་པ་ནི་སེམས་ཅན་དོན་གྱི་བྱ་བའི་ཕྱིར་ཐེག་པ་གསུམ་གྱིས་ངེས་པར་འབྱུང་བའི་འབྲས་བུ་མངོན་སུམ་མི་བྱེད་བདག་ཅེས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱིང ་ཆུབ་ཀྱི་འབྲས་བུ་དག་རྣམ་པ་ཐམས་ཅད་དུ་མངོན་མི་བྱེད་པ་དང་། སེམས་ཅན་གྱི་དོན་བྱ་བའི་ཕྱིར་ཚོགས་ཡོངས་སུ་རྫོགས་པར་བྱེད་ཀྱི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་ཡང་མངོན་དུ་མི་བྱེད་པ་སྟེ། ཐེག་པ ་གསུམ་གྱིས་ངེས་པར་འབྱུང་བ་དེའི་འབྲས་བུ་མངོན་སུམ་དུ་བྱེད་པ་དེ་ནི་ངེས་པར་འབྱུང་བའི་བྱེད་པའོ།། ཐ་མར་གྱུར་པའི་མཛད་པ་སྟེ་ཞེས་པ་ལ། གྱུར་པ་ནི་འབྲས་བུ་ཐོབ་པ་སྟེ། གྱུར་པའི་མཛད་པ་ནི་ཐ་མའོ།། འདི་ནི་བྱེད་པའི་མཚན ་ཉིད་ཡིན་ཞེས་པ་ནི་ཉེ་བར་བསྡུ་བའོ།། ཀུན་མཁྱེན་རྣམ་པ་གསུམ་གྱི་རབ་ཏུ་སྦྱོར་བ་རྣམས་ཀྱི་བྱེད་པར་སྒྲུབ་པའི་མཚན་ཉིད་རྣམ་པ་གསུམ་བརྗོད་ནས། ད་ནི་ལས་སུ་སྒྲུབ་པའི་རང་བཞིན་གྱི་མཚན་ཉིད་གསུམ་པ།། ཉོན་མོངས་རྟགས ་དདུང་མཚན་མ་དང་།། མི་མཐུན་ཕྱོགས་དང་གཉེན་པོ་དག། དབེན་དང་དཀའ་དོང་ངེས་པ་དང་།། ཆེད་དུ་བྱ་དང་མི་དམིགས་དང་།། མངོན་པར་ཞེན་པ་བཀག་པ་དང་།། དམིགས་པ་ཞེས་བྱ་གང་ཡིན་དང་།། མི་མཐུན་ཐོགས་པ་མེད་པ ་སྟེ། གཞི་མེད་འགྲོ་མེད་སྐྱེ་མེད་དང་།། དེ་བཞིན་ཉིད་ནི་མི་དམིགས་དང་།། ངོ་བོ་ཉིད་བཅུ་དྲུག་བདག་ཉིད།། མཚན་གཞི་ལྟ་བུར་མཚོན་པས་ན།། མཚན་ཉིད་བཞི་པར་བཞེད་པ་ཡིན་ཞེས་པ་སྟེ། ཉོན་མོངས་ཞེས་པ་ནི་འདོད་ཆགས ་སོགས་པའི་ཉོན་མོངས་པ་རྣམས་ཀྱིས་དབེན་པའི་རང་བཞིན་ནོ།། རྟགས་དང་ཞེས་པ་ནི་གང་ཞིག་ཉོན་མོངས་པ་རྣམས་ཀྱི་རྟགས་དེ་དག་དང་བྲལ་བའི་རང་བཞིན་ནོ།། མཚན་མ་ཞེས་པ་ནི་ཉོན་མོངས་པའི་མཚན་མ་གང ་རྣམས་ཡོངས་སུ་འཛིན་པ་དེ་རྣམས་ཀྱིས་དབེན་པའི་རང་བཞིན་ནོ།། མི་མཐུན་ཕྱོགས་དང་གཉེན་པོ་དག་ཅེས་པ་ལ། མི་མཐུན་པའི་ཕྱོགས་དང་གཞན་པོའི་ཕྱོགས་ནི་འདོད་ཆགས་ལ་སོགས་པ་དང་། འདོད་ཆགས་མེད ་པ་ལ་སོགས་པ་སྟེ།། དེ་གཉིས་ལས་དབེན་པའི་རང་བཞིན་ནོ།། དཀའ་དང་ཞེས་པ་ནི་སེམས་ཅན་ཡོངསུ་བསྒྲལ་བའི་ཕྱིར་དཀའ་བའི་རང་བཞིན་ནོ།། ངེས་པ་དང་ཞེས་པ་ནི་ཐེག་པ་གཞན་རྣམས་ལས་དབེན ་པས་ཐེག་པ་ཆེན་པོ་ཉིད་ལ་དགའ་བའི་རང་བཞིན་ནོ།། ཆེད་དུ་བྱ་དང་ཞེས་པ་ནི་སེམས་ཅན་ཐམས་ཅད་ཀྱི་མཆོག་ལ་སོགས་པའི་ཆེད་དུ་བྱེད་པ་སྟེ། ཆེད་དུ་བྱ་བ་དེའི་རང་བཞིན་ནོ།། མི་དམིགས་དང་ཞེས་པ་ནི་བསྒོམ་བྱ་དང་སྒོམ་པའི ་ཆོས་དག་མི་དམིགས་པའི་རང་བཞིན་ནོ།། མངོན་པར་ཞེན་པ་བཀོག་པ་དང་ཞེས་པ་ནི་མངོན་པར་ཞེན་པའི་རང་བཞིན་ནོ།། དམིགས་པ་ཞེས་བྱ་གང་ཡིན་དང་ཞེས་པ་ལ། དམིགས་པར་བྱ་བར་དམིགས་པ་སྟེ་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད ་དེདེ། དེ་ཉིད་ཀྱི་རང་བཞིན་ནི་འདི་ཡིན་པས་དམིགས་པའི་རང་བཞིན་ནོ།། མི་མཐུན་ཞེས་པ་ནི་འཇིག་རྟེན་པ་ཐམས་ཅད་དང་མི་མཐུན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་ཀྱི་ཆོས་བསྟན་པ་ནི་འཇིག་རྟེན་པ་རྣམས་ནི་མངོན ་བར་བརྗོད་པ་ལ་འཇུག་སྟེ། དེ་བས་མངོན་པར་བརྗོད་པ་དེ་མེད་པའི་བདུག་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་ཀྱི་བསྟན་པས་འཇིག་རྟེན་པ་ཐམས་ཅད་ལས་མི་མཐུན་པར་གྱུར་པའི་རང་བཞིན་ནོ།། ཐོགས་པ་མེད་པ ་ཞེས་པ་ནི་གཟུགས་ནས་ཇི་སྲིད་རྣམ་པ་ཐམས་ཅད་མཁྱེན་པའི་བར་དུ་ཐོགས་པ་མེད་པ་སྟེ། ཐོགས་པ་མེད་པའི་རང་བཞིན་ནོ།། གཞི་མེད་འགྲོ་མེད་སྐྱེ་མེད་དང་ཞེས་པ་ནི་དེ་ཆོས་སྟོན་པར་གྱུར་པ་ན་གནས་མེད་པ་དང་འགྲོ་བ་མེད་པ་དང ་སྐྱེ་བ་མེད་པ་སྟེ། གནས་འདི་ལ་གཟུགས་ལ་སོགས་པ་མེད་ཅེས་པ་ནི་གནས་མེད་པའི་རང་བཞིན་ནོ།། འདིར་འགྲོ་མེད་ཅེས་པ་ནི་འགྲོ་བ་མེད་པའི་རང་བཞིན་ནོ།། སྐྱེ་མེད་ཅེས་པས་སྐྱེ་བ་མེད་པའི་རང་བཞིན་ནོ།། དེ་བཞིན་ཉིད་ནི་མི ་དམིགས་དང་ཞེས་པ་ལ། དེ་བཞིན་ཉིད་ནི་སྟོང་པ་ཉིད་དེ། སྟོང་པ་ཉིད་དེ་ལས་ལྷག་པར་གྱུར་པ་ཉམས་སུ་མྱོང་བ་མེད་པ་དེ་ནི་རྟོག་པ་ལ་སོགས་པ་བཞིན་དུ་ཐ་སྙད་དུ་བཏགས་པ་ཉིད་ཅེས་པ་སྟེ། དེ་བཞིན་དུ་དམིགས་སུ་མེད་པའི ་རང་བཞིན་ནོ།། ངོ་བོ་ཉིད་བཅུ་དྲུག་བདག་ཉིད་ཅེས་པ་ནི་གང་ཞིག་དེའི་དེ་མ་ཐག་ཏུ་གསུངས་པའི་རྣམ་པ་བཅུ་དྲུག་གི་རང་བཞིན་ནོ།། བཞི་པའི་མཚན་ཉིད་དེ་འདིར་ཇི་ལྟར་མཚན་ཉིད་ཡིན། འདིས་མཚོན་པས་ཞེས་སེམས་པ་ལ ་གསུངས་པ། མཚན་གཞི་ལྟ་བུ་མཚོན་བས་ན་ཞེས་པ་ལ། མཚན་གཞི་འམ་མཚན་ཉིད་དག་ཀྱང་སྟེ། དེས་ན་ཆོས་གཉིས་ནི་བརྟགས་པའི་རང་བཞིན་གྱི་མཚན་ཉིད་དུ་བརྗོད་དོ།། ད་ནི་ཐར་པའི་ཆ་དང་མཐུན་པ་བསྟན ་བཔའི་ཕྱིར་གསུངས་པ། མཚན་མེད་རབ་ཏུ་སྦྱིན་ལ་སོགས།། ཡང་དྲུག་སྒྲུབ་ལྟ་མཁས་པ་ནཱི།། རྣམ་པ་ཐམས་ཅད་རྟོགས་འདི་ལ།། ཐར་པའི་ཆ་དང་མཐུན་པ་འདོད་ཅེས་བྱཱ་སྟེ། མཚན་མར་དབྱེ་བའི་གནས་སྐབས ་རྒྱུའི་ཡུལ་དུ་མེད་པའི་ཤེས་པ་གང་ཡིན་པ་དེ་ནི་མཚན་མ་མེད་པ་སྟེ། དེ་ཁོ་ན་ཉིད་དུ་དམིགས་པ་མེད་པའི་ཤེས་པའོ།། དེས་ཁྱད་པར་དུ་བྱས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནས་རྣམ་པ་ཐམས་ཅད ་མཁྱེན་པའི་མཐར་ཐུག་པ་དེ་རྣམས་རང་གི་སྙེམས་ལ་ཡང་འགྲུབ་པ་དེའི་དོན་འདི་སྟེ། མཚན་མ་མེད་པའི་སྦྱིན་པ་ལ་སོགས་པ་རྣམས་རང་གི་སེམས་ལ་བསྐྱེད་པའི་དོན་དུ་མཁས་པ་སྟེ། དེ་མ་ཐག་ཏུ ་འཆང་བར་འགྱུར་རོ།། དེ་ལ་རྣམ་པོ་ཐམས་ཅད་མངོན་པར་བྱང་ཆུབ་པ་འདིར་ཐར་པའི་ཆ་དང་མཐུན་པ་ཐར་པ་ཐོབ་པར་བྱེད་པའི་དགེ་བོའི་རྩ་བ་རྣམས་ལ་འདོད་དོ།། གཞན་དུ་ཐར་པར་བསྔོ་བའི་དགེ་པ་རྣམས་ལ་ཐར་པའི ་ཆ་དང་མཐུན་པ་ཞེས་དགོངས་སོ།། ག་ཞིག་འདིར་ཐར་པའི་ཚེ་དང་མཐུན་པའི་དགེ་བའི་རྩ་བ་མཁས་པ་དུ་ཞི་ག་ཅེས་པ་ལོ་གསུངས་པ། སངས་རྒྱས་སོགས་དམིགས་དད་པ་དང་།། སྦྱིན་སིགས་སྤྱོད་ཡུལ་བརྩོན་འགྲུས་དང་།། ་བསམ་པ་ཕུན་ཚོགས་དྲན་པ་དང་།། རྣམ་པར་མི་རྟོག་ཏིང་འཛིན་དང་།། ཆོས་རྣམས་རྣམ་པ་ཐམས་ཅད་དུ།། ཤེས་པའི་ཤེས་རབ་དང་རྣམ་ལྔ།། རྫོགས་པའི་བྱང་ཆུབ་རྣོན་ཡིས།། འགོས་རྟུལ་པོས་རྟོགས་དཀར་པོ་ཞེས ་ཅེས་པ་སྟེ། སངས་རྒྱས་སོགས་དམིགས་དད་པ་དང་ཞེས་པ་ནི་དང་པོའོ།། སྦྱིན་སོགས་སྤྱོད་ཡུལ་བརྩོན་འགྲུས་དང་ཞེས་པ་ནི་གཉིས་པའོ།། བསམ་པ་ཡུན་ཚོགས་དྲན་པ་ནི་སེམས་ཅན་ཐམས་ཅད་ལ་ཡིད་རང་བས ་དགེ་བ་འདོང་པ་སྟེ་གསུམ་པའོ།། རྣམ་པར་མི་རྟོག་ཏིང་འཛིན་ནི་བཞི་པའོ།། དངོས་པོ་ཐམས་ཅད་ཀྱི་ཆོས་ལ་རྣམ་པ་ཐམས་ཅད་དུ་ཤེས་པ་ནི་ཤེས་རབ་སྟེ་ལྔ་པའོ།། དགེ་བའི་རྣམ་པ་ལྔ་ནི་ཐར་པའི་ཆ་དང་མཐུན ་བྱར་བཞེད་དོ།། དད་པ་ལ་སོགས་པ་འདི་རྣམས་རྣོ་བའི་ཆེན་པོ་ཉིད་ཀྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ།། འབྲིང་གིས་རང་སངས་རྒྱས་ཀྱི་བྱང་ཆུབ་པོ།། ཆུང་ངུས་ཉན་ཐོས་ཀྱིས་བྱང་ཆུབ ་ཐོབ་པར་གསུངས་སོ།། ད་ནི་ངེས་པར་འབྱེད་པ་ཆ་དང་མཐུན་པར་གསུངས་པ། དྲོ་བ་རྣམས་ཀྱི་དམིགས་པ་འདིར།། སེམས་ཅན་ཐམས་ཅད་ཡིན་པར་བསྔགས།། དེ་དག་ཉིད་ལ་སེམས་མཉམ་སྩོགས།། རྣམ་པ་དག ་ནི་བཅུར་བཤད་དོ།། བདག་ཉིད་སྡིག་པ་ལོས་ལྡོག་ཅིང་།། སྦྱིན་ལ་སོགས་པས་གནས་པ་གཞན།། དེ་དག་ལ་ནི་འགོད་པ་དང་།། བསྔགས་པ་བརྗོད་དང་མཐུན་པ་ཉིད།། རྩེར་གྱུར་དེ་བཞིན་བཟོད་པ་ནི།། རང་གཞན་རྟེན་ཅན ་བདེན་པ་ཤེས་པ།། ཆོས་མཆོག་དེ་བཞིན་སེམས་ཅན་རྣམས།། སྨིན་བྱེད་སོགས་ཀྱིས་ཤེས་པར་བྱ་ཞེས་པ་སྟེ། འདིར་ཞེས་པ་ནི་རྣམ་པ་ཀུན་མངོན་པར་བྱང་ཆུབ་པར་རོ།། དྲོ་བ་རྣམས་ཀྱིས་དམིགས་པ་ནི་སེམས་ཅན ་ཐམས་ཅད་དོ།། རྣམ་པ་དག་ནི་སེམས་ཅན་ཐམས་ཅད་ལ་རྣམ་པ་བཅུར་བལྟ་སྟེ། མཉམ་པ་དང་། བྱམས་པ་དང་། ཕན་པ་དང་། ཞེ་སྡང་བ་མེད་པ་དང་། བརྙན་པ་མེད་པ་དང་། མ་དང་ཕ་དང་། སྲིང་མོ་དང་། སྤྱན་ཟླ་དང་། ་བུ་དང་བུ་མོ་དང་། མཛའ་བོ་དང་བཤེས་དང་གཉེན་དང་སྣག་གི་གཉེན་མཚམས་ཀྱི་རྣམ་པའི་རང་བཞིན་ནོ།། སྣག་གི་གཉེན་མཚམས་ནི་ཤ་ཁྲིག་གིས་འབྲེལ་པ་སྟེ་དྲོད་དུ་གྱུར་པའོ།། བདག་ཉིད་སྡིག་པ་ལས་ལྡོག་ཅིང་།། སྦྱིན ་ལ་སོགས་ལ་གནས་པས་གཞན།། དེ་དག་ལ་ནི་འགོང་བ་དང་།། བསྔགས་པས་བརྗོད་དང་མཐུན་པ་ཉིད།། རྩེར་གྱུར་ཞེས་པ་ནི་རང་ཉིད་མི་དགེ་བྱ་བཅུ་ལས་ལྡོག་ཅིང་སྦྱིན་པ་ལ་སོགས་པ་ལ་གནས ་བས་གཞན་དག་ཀྱང་མི་དགེ་བ་བཅུ་ལས་ཟློག་པ་དང་། སྦྱིན་པ་ལ་སོགས་པ་ལས་འགོད་པ་དང་། དེ་ལྟར་གནས་པའི་བསྔགས་པ་བརྗོད་པའོ།། མཐུན་པ་ནི་དེ་དག་ལས་ཐབས་སྣ་ཚོགས་ཀྱིས་ཕན་པར་བྱེད་པ་སྟེ་རྩེ་མོར་གྱུར་པའོ།། ་དེ་བཞིན་བཟོད་པ་ནི། རང་གཞན་རྟེན་ཅན་བདེན་ཤེས་པ་ཞེས་པ་ལ། རང་དང་གཞན་རྣམས་ལ་བདེན་པའི་ཤེས་པ་བསྐྱེད་པ་ནི་བཟོད་པའོ།། ཆོས་མཆོག་དེ་བཞིན་སེམས་ཅན་རྣམས།། སྨིན་བྱེད་སོགས་ཀྱིས་ཞེས་པར་བྱ་ཞེས་པ་སྟེ། དེ ་བཞིན་ཞེས་པ་ནི་རང་དང་གཞན་རྣམས་ཀྱི་རྟེན་གྱི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ཅེས་པ་སྟེ། འདིར་ཞེས་པ་ནི་ཐེག་པ་ཆེན་པོར་རོ།། གཞན་ནི་གོ་སླའོ།། ཕྱིར་མི་ལྡོག་པའི་མཚན་ཉིད་གསུངས་པ། གཟུགས་ལ་སོགས ་ལས་ལྡོག་སོགས་རྟགས།། རྣམ་པ་ཉི་ཤུ་བསྐྱེད་པ་ཡིས།། ངེས་འབྱེད་ཡན་ལག་གནས་པོ་ཡི།། ཕྱིར་མི་ལྡོག་པའི་མཚན་ཉིད་འདི་ཞེས་པ་སྟེ། གཟུགས་ལ་སོགས་པོ་ལས་བཟློག་པ་ཉིད་ལ་སོགས་པའི་རྟགས་ཉི་ཤུས་ངེས ་པར་འབྱིང་པའི་ཆ་དང་མཐུན་པ་ལ་གནས་པའི་ཕྱིར་མི་ལྡོག་པར་ངེས་པར་འབྱེད་དོ།། མཚན་ཉིད་ཉི་ཤུ་པོ་དེ་རྣམས་ཀྱང་གང་ཡིན་ཞེས་སེམས་པ་ལ་གསུངས་པ། གཟུགས་ལ་སོགས་ལས་ལྡོག་པ་དང་།། ཐེ་ཚོམ་མི་དལ་ཟད ་པ་དང་། བདྲག་ཉིད་དགེ་བ་ལ་གནས་ཤིང་། གཞན་དག་དེ་ལ་འདོད་པ་དང་། གཞན་གྱི་རྟེན་སྦྱིན་མོ་པ་དང་།། ཟབ་མོའི་དོན་ལའང་སོམ་ཉི་མེད།། གྱིས་ལུས་སོགས་དང་སྒྲིབ་པ་ནི།། རྣམ་པ་ལྔ་དང་མི་འགྲོགས་དང་།། ཕག་ལ་ཉལ་ཀུན་འཇོམས་པ་དང་།། དྲན་པ ་དང་ནི་ཤེས་བཞིན་དང་།། སོ་ཡོས་ལ་སོགས་པ་གཙང་བ་དང་།། ལུས་ལ་སྲིན་བུ་རྣམས་མི་འབྱུང་།། གྱ་གྱུ་མེད་སེམས་སྦྱངས་པ་ནི།། ལེན་དང་སེར་སྣ་མེད་སོགས་དང་།། ཆོས་ཉིད་ལྡན་པར་འགྲོ་ཉིད་དང་།། སེམས་ཅན་དོན་དུ་དམྱལ་ཚོལ་དང་།། ་གཞན་གྱིས་བཀྲི་བར་མི་བཏུབ་དང་།། ལམ་གཞན་ཉེ་བར་སྟོན་བདུད་ལ།། བདུད་ཅེས་བྱ་བར་རྟོགས་པ་དང་།། སངས་རྒྱ་སོ་དགྱེས་པའི་སྤྱོད་པ་སྟེ།། རྟག་ནི་ཉི་ཤུ་དེ་དག་གིས།། དྲོད་དང་རྩེ་མོ་བཟོད་བཅས་དང་།། ཆོས་མཆོག་རྣམ་སོ་ལ་གནས་པ ་ནིརྫོགས་པའི་བྱང་ཆུབ་ལས་མི་ལྡོག་ཅེས་པ་སྟེ། གཟུགས་ལ་སོགས་ལས་མ་ལྡོག་པ་དང་ཞེས་པ་ནི་ཆོས་ཐམས་ཅད་འོད་གསལ་བ་ཉིད་ཀྱིས་གཟུང་བ་ལ་སོགས་པའི་དངོས་པོ་མེད་པར་རྟོགས་པ་སྟེ་མཚན་ཉིད་གཅིག་གོ།། ཐེ་ཚོམ་མི ་དལ་ཟད་པ་དང་ཞེས་པ་ནི་ཐེ་ཚོམ་ཟད་པ་དང་མི་དལ་ཟད་པའོ།། དེ་ལ་བདེན་པ་དང་དཀོན་མཆོག་དང་ལས་དང་འབྲས་བུ་རྣམས་ལ་ཡིད་གཉིས་ཡོད་པ་སྟེ་ཐེ་ཚོམ་མོ།། དེ་ཟད་པ་ནི་གཉིས་པའོ།། ལྡོག་པར་རྟོགས་པ་དང་། དམྱལ་བ་དང་། ཡི ་དགས་དང་བྱོལ་སོང་དང་། ལྷ་ཚེ་རིང་བ་དང་། སངས་རྒྱས་ཀྱི་གསུང་མི་གྲག་པ་དང་། མཐའ་འཁོབ་ཏུ་སྐྱེས་པ་དང་། དབང་པོས་ཆང་བ་སྟེ་མི་ཁོམ་པ་བརྒྱ་དོ།། དེ་རྣམས་ཟད་པ་ནི་གསུམ་པའོ།། བདག་ཉིད་དགེ་པ་ལ་གནས་ཤིང་ཞེས་པ་ནི་རང་ཉིད་། ་པརྣམས་ལ་གནས་ནས་གཞན་རྣམས་ཀྱང་དེ་ལ་འགོད་པ་ནི་བཞི་པའོ།། གཞན་གྱི་རྟེན་ཅན་སྦྱིན་སོགས་དང་ཞེས་པ་ནི་སེམས་ཅན་ཐམས་ཅད་ལ་སྦྱིན་པ་ལ་སོགས་པ་སྡོད་པར་བྱེད་པ་ནི་ལྔ་པའོ།། ཟབ་མོའི་དོན་ལ ་ཡང་སོམ་ཉི་མེད་ཅེས་པ་ནི་ཕྱིན་ཅི་མ་ལོག་པའི་སྟོང་པ་ཉིད་རྟོགས་པར་བྱ་བ་ལ་དགེ་བའི་བཤེས་གཉེན་ལ་མི་བལྟོས་པ་སྟེ་དྲུག་པའོ།། བྱམས་པ་སྔོན་དུ་འགྲོ་བའི་ལུས་དང་ངག་དང་ཡིད་ཀྱི་ལས་ཏེ་བདུན་པའོ།། སྒྲིབ་པ་ནི་རྣམ་པ་ལྔ་དང ་མི་འགྲོགས་དང་ཞེས་པ་ནི་འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། གཉིད་དང་། རྨུགས་པ་དང་། རྒོད་པ་དང་། འགྱོད་པར་དང་། ཐེ་ཚོམ་སྟེ་སྒྲིབ་པ་རྣམ་པ་ལྔ་དང་། མི་འགྲོགས་པ་ནི་བརྒྱད་པའོ།། བག་ལ་ཉལ་ཀུན་འཇོམས་པ་དང་ཞེས ་པ་བག་ལ་ཉལ་དང་ཉོན་མོངས་པ་དེ་རྣམས་སྤོང་བ་ནི་དགུ་པའོ།། དྲན་པ་དང་ནི་ཤེས་བཞིན་དང་ཞེས་པ་ནི་དྲན་པ་དང་བཅས་པའི་ཤེས་བཞིན་ནོ།། དྲན་པ་ནི་སྔོན་ཉམས་སུ་མྱོང་བ་རྣམས་སྔོན་དུ་བྱེད་པའོ།། ཤེས་བཞིན་ནི་ཡང་དང་ཡང ་དུ་ལུས་དང་ངག་རྣམས་ལ་སོ་སོར་རྟོག་པ་སྟེ། དྲན་པ་དང་བཅས་པའི་ཤེས་བཞིན་ནི་བཅུ་པའོ།། གོས་ལ་སོགས་པ་གཙང་བ་ནི་བཅུ་གཅིག་པའོ།། ལུས་ལ་སྲིན་བུ་རྣམས་མི་འབྱུང་བ་ནི་བཅུ་གཉིས་པའོ།། གྱ་གྱུ་མེད་སེམས་ཅེས ་པ་ནི་སེམས་དང་ལུས་དང་ངག་རྣམས་ཡོན་པོ་མ་ཡིན་པ་སྟེ་བཅུ་གསུམ་པའོ།། སྦྱངས་པ་ནི་ལེན་ཞེས་པ་ནི་སྦྱངས་པའི་ཡོན་ཏན་རྣམས་ཡང་དག་པར་ལེན་པ་དེ་ཡང་བཅུ་གཉིས་ཏེ། ཕྱག་དར་ཁྲོད་པ་དང་། ཆོས་གོས་གསུམ་པ་དང་། ་ཕྱིར་བ་པ་དང་། བསོད་སྙོམས་པ་དང་། སྟན་གཅིག་པ་དང་། ཕྱིས་མི་ལེན་པ་དང་། དགོན་པ་པ་དང་། ཤིང་དྲང་པ་དང་། དུར་ཁྲོད་པ་དང་། གཞི་ཇི་བཞིན་པ་དང་། སྨན་བསྐུས་ཏེ་བོ་ཪྴ་བ་སྟེ་བཅུ་བཞི་པའོ།། སེར་སྣ་མེད་སོགས་ཞེས་པ་ནི ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགསུ་གྱུར་པ་སེར་སྣ་ལ་སོགས་པ་དེ་དག་མེད་པ་བཅོ་ལྔ་པའོ།། ཆོས་ཉིད་ལྡན་པར་འགྲོ་ཉིད་དང་ཞེས་པ་ནི་གཟུང་བ་དང་འཛིན་པས་སྟོང་པ་ཉིད་མི་འགག་པས་གོང་ནས་གོང་དུ ་འགྲོ་བ་སྟེ་བཅུ་དྲུག་པའོ།། སེམས་ཅན་དོན་དུ་དམྱལ་འཚོལ་དང་ཞེས་པ་ནི་ཐུག་རྗེ་ཆེན་པོས་སེམས་ཅན་གྱི་དོན་དུ་དམྱལ་བར་འགྲོ་བ་ནི་བཅུ་བདུན་པའོ།། གཞན་གྱི་བཀྲི་བར་མི་བཏུབ་དང་།། ཞེས་པ་ནི་བཅོ་བརྒྱད་པའོ།། ལམ ་གཞན་ཉེ་བར་སྟོན་བདུད་ལ།། བདུད་ཅེས་བྱ་བར་རྟོགས་པ་དང་ཞེས་པ་ལ། དེ་བཞིན་གཤེགས་པས་གསུངས་པའི་ལམ་ལས་ལམ་གཞན་ཉིད་བདུད་ཀྱི་ལམ་དུ་བརྗོད་པར་བྱ་སྟེ། དེ་དག་གི་བདུད་ཉིད་དུ་ཤེས་པ་དེ་ནི ་བཅུ་དགུ་པའོ།། སངས་རྒྱས་དེ་གྱེས་པའི་སྤྱོད་པ་སྟེ་ཞེས་པ་ནི་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སྤྱོད་པ་དེ་དག་ལས་སངས་རྒྱས་ཐམས་ཅད་དགྱེས་པར་འགྱུར་ཞེས་པོ་སྟེ་ཉི་ཤུ་པའོ།། དྲོད་དང་རྩེ་མོ་ཞེས་པ་ལ ་སོགས་པ་ལ་ནི་ཉེ་བར་བསྡུ་བའི་ཚིགསུ་བཅད་པ་སྟེ། ངེས་པོར་འབྱེད་པའི་ཡན་ལག་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་རྟགས་ཉི་ཤུ་པོ་འདིས་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར ་མཚོན་ཞེས་པའི་དོན་ཏོ།། མཐོང་བའི་ལམ་ལ་གནས་པའི་ཕྱིར་མི་ལྡོགས་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་མཚན་ཉིད་གསུངས་པ། མཐོང་བའི་ལམ་ལ་བཟོད་པ་དང་།། ཤེས་པའི་སྐད་ཅིག ་བཅུ་དྲུག་ནི།། བྱང་ཆུབ་སེམས་དཔའ་མི་ལྡོག་པའི།། མཚན་ཉིད་ཡིན་པར་ཤེས་པར་བྱ།། ཞེས་པ་ནི་མཐོང་བའི་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་རྟགས་སུ་རིག་པར་བྱ་བ་རྣམས་ནི་བཟོད་པ་དང་ཤྭེ ་པའི་སྐད་ཅིག་བཅུ་དྲུག་ཅེས་པའི་དོན་ཏོ།། སྐད་ཅིག་མ་བཅུ་དྲུག་པོ་དེ་རྣམས་ཀྱང་གང་ཞེས་པ་ལ་གསུངས་པ། གཟུགས་སོགས་འདུ་ཤེས་ལྡོག་པ་དང་།། སེམས་བརྟན་ཐེག་པ་དམན་དག་ལས།། རྣམ་ལྡོག་བསམ་གཏན ་ལ་སོགས་པའི།། ཡན་ལག་ཡོངས་སུ་ཟད་པ་དང་།། ལུས་སེམས་ཡང་བ་ཉིད་དང་ནི།། འདོད་ལ་སྤྱོད་ལ་ཐབས་མཁས་དང་།། རྟག་ཏུ་ཚངས་པར་སྤྱོད་པ་དང་།། འཚོ་བ་རྣམ་པར་དག་ཉིད་དང་།། ཕུང་སྔོགས་བར་ཆད་བྱེད་རྣམས ་དང་།། ཚོགས་དང་དབང་སོགས་བཅས་པ་ཡི།། གཡུལ་འགྱེད་སེར་སྣ་ལ་སྲོགས་ལ། སྦྱོར་དང་རྗེས་སུ་སྦྱོར་བ་ཡི།། གནས་པ་སོ་སོར་བཀག་པ་དང་།། ཆོས་ནི་རྡུལ་ཙམ་མི་དམིགས་ཉིད།། རང་གི་ས་ལ་ངེས་པ་ཉིད།། ས ་གསུམ་ལ་ནི་གནས་པ་དང་།། ཆོས་ཀྱི་དོན་དུ་སྲོག་གཏོང་བ།། དེ་འདྲའི་སྐད་ཅིག་བཅུ་དྲུག་ནོ།། བློ་ལྡན་མཐོང་པོའི་ལམ་གནས་ཀྱི།། ཕྱིར་མི་ལྡོག་པའི་རྟགས་དག་ཡིན་ཞེས་པ་སྟེ། གཟུགས་སོགས་འདུ་ཤེས་ལྡོག་པ་དང ་ཞེས་པ་ནི་གཟུགས་ལ་སོགས་པ་ནས་ཇི་སྲིད་སངས་རྒྱས་ཀྱི་བར་དུ་འདུ་ཤེས་མཚམ་མ་སྟེ། རྟོགས་བྱ་དང་རྟོགས་བྱེད་ཀྱི་དངོས་པོ་དེ་དག་ལྡོག་པ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ།། སེམས་བརྟན་ཞེས་པ་ནི་བདུད་ལ་སོགས ་པས་མི་ཕྱེད་པ་འམ། བྱང་ཆུབ་ཀྱི་སེམས་བརྟན་པ་སྟེ་སྡུག་བསྔལ་ལ་ཆོས་ཤེས་པའོ།། ཐེག་པ་དམན་ངག་ལས། རྣམ་ལྡོག་ཅེས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་དག་ཡོངས་སུ་སྤོང་བ་སྟེ། སྡུག་བསྔལ་ལ་རྗེས་སུ ་ཤེས་པའི་བཟོད་པའོ།། བསམ་གཏན་ལ་སོགས་པའི་ཡན་ལག་ཡོངས་སུ་ཟད་པ་དང་ཞེས་པ་ནི་བསམ་གཏན་དང་གཟུགས་མེད་པ་ལ་སོགས་པ་གང་རྣམས་ཀྱི་ཡན་ལག་ནི་དེ་ཐོབ་པར་བྱེད་པའི་རྟགས་ཏེ། དྲི་རྣམས་ཡོད ་སུ་ཟད་ཅིང་ཉམས་དམའ་བར་བྱས་པ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའོ།། ལུས་སེམས་ཡང་བ་ཉིད་དང་ནི་ཞེས་པ་ལ་ལུས་ཡང་བ་ནི་ལུས་ཀྱི་ལས་ལ་ཟོ་མདོག་པར་འཇུག་པའོ།། སེམས་ཡང་བ་ནི་ཡུལ་ལ་འཛིན ་པ་ལ་མཁས་ཤིང་རྒྱལ་བཱ་སྷོ་དེ་གཉིས་ཀ་ཡང་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པའོ།། འདོད་ལ་སྤྱོད་ལ་ཐབས་མཁས་དང་ཞེས་པ་ནི་ཁྱིམ་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ཡོངསུ་སྟོན་པར་བྱ ་བའི་ཐབས་ལ་མཁས་པ་ཉིད་ཀྱིས་མ་ཆགས་པར་འདོད་པ་སྟེན་པར་བྱེད་ཅེས་པ་སྟེ། ཀུན་འབྱུང་ལ་ཆོས་ཤེས་པའོ།། རྟག་ཏུ་ཚངས་པར་སྤྱོད་པ་དང་ཞེས་པ་ནི་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པའོ།། འཚོབ ་རྣམ་པར་དག་ཉིད་དང་ཞེས་པ་ནི་ཕན་པར་བྱེད་པས་འཚོ་བ་སྟེ་ཀུནྡྷ་འབྱུ་ལ་རྗེས་སུ་ཤེས་པའོ།། དྲང་སོགས་ཞེས་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་སྦྱོར་དང་རྗེས་སུ་སྦྱར་བ ་གནས་པ་སོ་སོར་བཀུག་པ་དང་ཞེས་འཆད་པར་འགྱུར་བ་དེ་འདིར་ཡང་བལྟ་བར་བྱའོ།། དེ་ལ་སྦྱོར་བ་ནི་མངོན་པར་ཆགས་པའོ།། རྗེསུ་སྦྱོར་བ་ནི་མངོན་པར་མ་ཆགས་པའོ།། དེ་དག་གི་གནས་པ་ནི་སེམས་ཀྱི་སྤྱོད་པའོ།། དེ ་སོ་སོར་བཀག་པ་ནི་འགོག་པ་ལ་ཆོས་ཤེས་པའི་བཟོད་པའོ།། བར་ཆད་བྱེད་རྣམས་སྐྱེས་པ་ནི་རྟོགས་པའི་བར་དུ་གཅོད་པའི་ཆོས་རྣམས་ལ་ཇི་ལྟར་གསུངས་པའི་སྦྱོར་བས་གནས་པ་སོ་སོར་བཀག་པ་ནི་འགོག་པ་ལ་ཆོས ་ཤེས་པའོ།། ཚོགས་ཞེས་པ་ནི་བྱང་ཆུབ་ཀྱི་ཚོགས་ཏེ། སྦྱིན་པ་ལ་སོགས་པ་ལྀ་ཇི་ལྟར་བརྗོད་པའི་སྦྱོར་བ་དང་རྗེསུ་སྦྱོར་བས་གནས་པ་སོ་སོར་བཀག་པ་ནི་འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པའོ།། དབང་སོགས་བཅས་པ་ཡི ་གཡུལ་འགྱུད། ཅེགས་དབང་པོར་བཅས་པར་འཇུག་པོ་ཞེས་པས་དབང་བཅས་ནི་ཡུལ་དང་སྟེ། གང་དང་གྲང་དུ་དབང་སྩོགས་བཅས་པར་གཡུལ་འགྱེད་པ་ནི་དབང་པོ་དང་ཡུལ་དག་གཡུལ་འམེད་པ་དེ་དང་དེར་སྦྱོར་བ་དང་། ་རྗེསུ་སྦྱོར་བའི་གནས་པ་སོ་སོར་བཀག་པ་ནི་འགོག་པ་ལ་རྗེས་སུ་ཤེས་པའོ།། སེར་སྣ་ལ་སོགས་ཞེས་པ་ནི་སེར་སྣ་ལ་སོགས་པ་ན་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགསུ་གྱུར་པ་ལ་སྦྱོར ་བབ་དང་། རྗེས་སུ་སྦྱོར་བའི་གནས་པ་སོ་སོར་བཀག་པ་ནི་ལམ་ལ་ཆོས་ཤེས་པའི་བཟོད་པའོ།། ཆོས་ནི་རྡུལ་ཙམ་མི་དམིགས་ཉིད་ཅེས་པ་ནི་གཟུང་བ་དང་འཛིན་པའི་ཆོས་ཀྱི་མཚན་ཉིད་མི་དམིགས་པ་སྟེ། ལམ་ལ་ཆོས ་ཤེས་པའོ།། རང་གི་ས་ལ་ངེས་པ་ཉིད།། ས་གསུམ་ལ་ནི་གནས་པ་དང་ཞེས་པ་ལ་ཀུན་མཁྱེན་གསུམ་གྱི་བདག་ཉིད་ཀྱི་རང་གི་ས་གསུམ་ལ་ཇི་ལྟ་བ་བཞིན་དུ་ངེས་པར་བྱས་ཏེ་གནས་པ་ནི་ལམ་ལ་རྗེས་སུ་ཤེས་པའི ་བཟོད་པའོ།། ཆོས་ཀྱི་དོན་དུ་སྲོག་གཏོང་བ་ཞེས་པ་ལ་ཆོས་ནི་མདོ་སྡེ་དང་མངོན་པ་དང་འདུལ་བའི་གཞུང་གི་བདག་ཉིད་དང་དེའི་དོན་ཏེ་དེའི་ཆེད་དུ་སྲོག་ཀྱང་གཏོང་བ་སྟེ་ལམ་ལ་རྗེས་སུ་ཤེས་པའོ།། དེ་འདྲའི་སྐད་ཅིག ་བཅུ་དྲུག་ནི།། བློ་ལྡན་མཐོང་བའི་ལམ་གནས་ཀྱི།། ཕྱིར་མྱི་ལྡོག་པའི་རྟགས་དག་ཡིན་ཞེས་པ་ནི་ཉེ་བར་བསྡུ་བའོ།། སྒོམ་པའི་ལམ་ལ་གནས་པའི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་མཚན་ཉིད ་རྟོགས་པར་བྱ་བའི་ཕྱིར་དེའི་བྱེ་བྲག་སྒོམ་པའི་ལཱ་མཽ་བརྗོད་པར་འདོད་ནས་དེའི་བྱེ་བྲག་རྣམས་རེ་ཞིག་གསུངས་པ། སྒོམ་པའི་ལམ་ནི་ཟབ་པ་སྟེ།། ཟབ་མོ་སྟོང་པ་ཉིད་ལ་སོགས།། ཟབ་པ་དེའི་སྒོ་འོདོགས་དང་།། སྐུརཱུ་བའི ་མཐའ་ལ་སོ་གྲོལ་བ་ཉིད་ཅེས་པ་སྟེ། སྒོམ་པའི་ལམ་ཟབ་པ་ནི་རྟོགས་པར་དཀའ་བ་སྟེ། ཟབ་པ་དེ་ནི་སྟོང་པ་ཉིད་ལ་སོགས་པའོ།། སོགས་པའི་སྒྲས་ནི་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། རང་བཞིན་གྱིས། ་འོད་གསལ་བ་རྣམས་གཟུང་ངོ་།། སྒོམ་པའི་ལམ་གྱིས་ཟབ་པ་ནི་སྟོང་པ་ཉིད་དུ་བརྗོད་ན་སྟོང་པ་ཉིད་ཇི་ལྟ་བུ་ཞེས་པ་ལ་གསུངས་པ། སྒྲོ་འདོགས་དང་། སྐྱུར་བྱའི་མཐའ་ལསྣ་གྲོལ་བ་ཉིད་ཅེས་པ་སྟེ། སྒྲོ་འདོགས་ཀྱི ་མཐའ་ལས་གྲོལ་བའི་སྟོང་པ་ཉིད་ནི་ཟབ་མོ་ཞེས་པའི་དོན་ཏོ།། སྒྲོ་འདོགས་པ་ནི་བརྟགས་པ་རྣམ་སུའོ།། བསྐུར་པ་ནི་བསལ་བ་རྣམས་ལའོ།། གཉིས་ཀ་ལས་གྲོལ་བ་སྟོང་པ་ཉིད་ནི་སྒོམ་པའི་ལམ་གྱི་བྱེ་བྲག་ཏུ་བརྗོད་དོ།། སྒོམ་པའི་ལམ་གྱི ་ཁྱད་པར་དུ་གསུངས་པ། ངེས་འབྱེད་ཡན་ལག་དང་མཐོང་བའི།། ལམ་དང་སྒོམ་པའི་ལམ་ཉིད་ལ།། ཡང་དང་ཡང་དུ་སེམས་པ་དང་།། འཇལ་དང་ངེས་རྟོག་སྒོམ་པའི་ལམ་ཞེས་པ་སྟེ། ངེས་པར་འབྱེད་པའི་ཡན་ལག་དང་། མཐོང་བའི་ལམ་དང་། ་སྒོམ་པའི་ལམ་ལ་གནས་ནས་དེའི་སྐབས་སུ་མཐོང་བའི་དོན་དག་ཐོས་པ་དང་བསམ་པ་དང་སྒོམ་པའི་རང་བཞིན་གྱིས་ཤེས་པས་རིམ་པ་ཇི་ལྟ་བ་བཞིན་དུ་ཡང་ནས་ཡང་དུ་སེམས་པ་དང་འཇལ་བ་དང་ངེས་པར་རྟོག་པ་རྣམས་ཀྱི་རྒྱུན ་ལམ་བྱུང་བ་ནི་སྒོམ་པའི་ལམ་མོ།། འདི་རྣམས་དུ་ཞེསུ་སེམས་པ་ལ་གསུངས་པ།། དེ་ནི་རྒྱུན་ཆགས་ཡིན་པའི་ཕྱིར།། ཆུང་དང་འབྲིང་དང་ཆེན་པོ་རྣམས།། ཆུང་ངུའི་ཆུང་སོགས་དབྱེ་བ་ཡིས།། རྣམ་པས་རྣམ་པ་དགུར་བཞེད་ཞེས་པ་ནི་སྒོམ ་བའི་ལམ་ནི་རྣམ་པ་དགུར་བཞེད་དོ།། ཡང་དེ་ཉིད་ཀྱིས་དེའི་མི་མཐུན་པའི་ཕྱོགས་ཀྱི་རབ་ཏུ་དབྱེ་བ་ཡང་དགུར་བརྗོད་དོ།། ཇི་ལྟར་ཞེས་པ་ལ་གསུངས་པ།། ཆུང་དང་འབྲིང་དང་ཆེན་པོ་དེ་རྣམས།། ཆུང་ངུའི་ཆུང་སོགས་དབྱེ་བ་ཡིས་ཞེས་པ་སྟེ། ་དེ་ལ་ཆུང་ངུའི་ཆུང་ངུ་དང་ཆུང་ངུའི་འབྲིང་དང་ཆུང་ངུའི་ཆུང་ངུའི་ཆེན་པོ་དང་། འབྲིང་གི་ཆུང་ངུ་དང་འབྲིང་གི་འབྲིང་དང་འབྲིང་གི་ཆེན་པོ་དང་། ཆེན་པོའི་ཆུང་ངུ་དང་ཆེན་པོའི་འབྲིང་དང་ཆེན་པོའི་ཆེན་པོའོ།། རིམ་པ་འདི་གཉིས་ཀྱིས་མི་མཐུན་པའི། ་ཕྱོགས་རྣམས་ཀྱང་རྣམ་པ་དགུར་རིག་པར་བྱའོ།། གཉེན་པོའི་ཕྱོགས་ནི་གོ་རིམ་ཇི་ལྟ་བས་འཇོམས་པར་བྱེད་དོ།། མི་མཐུན་པའི་ཕྱོགས་ནི་གོ་རིམ་ལས་ལྡོག་པ་གཞོམ་བྱ་སྟེ། མར་མེའི་སྣང་བ་ཕྲ་མོས་མུན་ནག་ཆེན་པོ་རྣམས་སོ་སོར ་འཇོམས་ཞེས་པའི་དཔེ་ཉིད་ཀྱིས་ཏེ། སྒོམ་པའི་ལམ་ནི་རྣམ་པ་དགུའོ།། འོ་ན་རྒྱལ་བའི་ཡུམ་དེ་དང་དེར་སྒོམ་པའི་རལ་མ་རེ་རེའི་རབ་ཏུ་དབྱེ་བ་ལས་ཀྱང་བསོད་ནམས་གྲངས་མེད་ཅིང་གཞལ་དུ་མེད་པ་ཚད་མེད་པ་སྐྱེའོ།། སྒོམ ་པའི་ལམ་ཡང་གྲངས་མེད་ཅིང་གཞལ་དུ་མེད་པ་དང་། ཚད་མེད་པའི་དབྱེ་བར་གསུངས་ན། དེ་ལ་འདིར་རྣམ་པ་དགུར་ཇི་ལྟར་འགྱུར་ཞེས་པ་ལ་གསུངས་པ། གྲངས་མེད་ལ་བསྟན་པ་རྣམས།། དམ་པའི་དོན་དུ་བཟོད་མ་ཡིན།། ཀུན་རྫོབ ་དེ་དག་ཐུགས་རྩེ་བས།། རྒྱུ་མཐུན་གྱུར་པར་ཐུབ་པ་བཞེད་ཅེས་པ་སྟེ། སྒོམ་པའི་ལམ་ལས་བསོད་ནམས་གྲངས་མེད་པ་ལ་སོགས་པ་སྐྱེ་བར་འགྱུར་ཞེས་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་པ་དེ་རྣམས་ནི་དོན་དམ ་པར་བསྟན་པར་མི་ནུས་པ་དང་། སྒོམ་པའི་ལམ་ཡང་གཞལ་དུ་མེད་པ་ལ་སོགས་པ་རབ་ཏུ་དབྱེ་བར་མི་ནུས་པའོ།། འོ་ན་དོན་ཅིའི་ཕྱིར་དེར་གསུངས་མཉམ་པ་ལ། ཐུགས་རྗེ་ཆེན་པོས་བྱིས་པོའི་སྐྱེ་བོ་རྣམས་བཞུག་པའི་ཕྱིར་ཐུབ་པ ་རྣམས་ཀྱིས་གསུངས་པ་ཞེས་པ་སྟེ། དེ་བས་ན་སྒོམ་པའི་ལྷམ་ནི་རྣམ་པ་དག་ཉིད་དོ།། དེ་ནི་རྣམ་པར་རྟོག་པའི་བདག་ཉིད་ཡིན་པས་དེ་ཁོ་ན་ཉིད་དུ་རང་བཞིན་མེད་པའི་ཕྱིར་སྒོམ་པའི་ལམ་ནི་དོན་མེད་པ་ཉིད་དུ་སྟོན ་བའི་ཕྱིར་གསུངས་པ། དངོས་པོ་བརྗོད་དུ་མེད་པ་ལ།། ཉམས་པ་དང་ནི་འཕེལ་མི་རུང་།། སྒྲོམ་ཞེས་བྱ་བའི་ལམ་གྱིས་ནོ།། ཅི་ཞིག་ཉམས་ཤིང་ཅི་ཞིག་ཐོབ་ཅེས་པ་སྟེ། དངོས་པོ་ཞེས་པ་ནི་སེམས་དཔའ་དང་འཇལ་བ་ལ་སོགས་པ་ཇི་ལྟར ་གསུངས་པའི་སྒོམ་པའི་ལམ་ནི་དངོས་པོའོ།། བརྗོད་དུ་མེད་ཅེས་པ་ནི་གང་ཟག་ལ་སོགས་པ་བཞིན་དུ་བརྗོད་དུ་མེད་པའི་དངོས་པོར་གྱུར་པའོ།། ཉམས་པ་དང་ནི་འདི་ལ་མི་རུང་ཞེས་པ་ནི་མི་མཐུན་པའི་ཕྱོགས་དང་གཉེན་པའི་ཕྱོགས་ཀྱི་བདུ ་ཉིད་དེ་དག་ཉམས་པ་དང་འཕེལ་བ་དག་མེད་པའོ།། དེ་ལ་སྒོམ་པའི་ལམུ་འདིས་ཅི་ཞིག་འཇོམས་ཤིང་ཅི་ཞིག་ནི་འཕེལ་ཏེ། ཅུང་ཟད་ཀྱང་མེད་པས་ཅི་ཡང་མི་བྱེད་ཞེས་པ་ནི་རྒལ་བའི་དོན་ཏོ།། འདིར་ལན་ནི། བྱང་ཆུབ་ཇི་ལྟ་དེ་བཞིན་དུ།། འདི་ནི། ་འདོད་པའི་དོན་སྒྲུབ་བྱེད་ཅེས་པ་སྟེ། ཇི་ལྟར་བྱང་ཆུབ་དེ་བཞིན་དུ་ཞེས་པ་ནི་དེ་ཁོ་ན་ཉིད་དུ་གཉིསུ་མེད་པའི་ཤེས་པའི་བདག་ཉིད་ཡང་ཀུན་རྫོབ་ཏུ་ཡང་སངས་རྒྱས་ཀྱི་མཐའ་དག་འཛིན་པ་དང་འགྲོ་བའི་དོན་བྱེད་པ་སྟེ། དེ་བཞིན་དུ་སྒོམ་པ ་ལམ་འདི་ཡང་ཀུན་རྫོབ་ཏུ་རང་གི་ཡུལ་ལོ་ཡང་དག་པར་ངེས་པར་བྱས་ཏེ་མངོན་པར་འདོད་པའི་དོན་སྒྲུབ་པ་དང་། ཉོན་མོངས་པ་ཟད་པའི་བྱ་བ་དང་བྱང་ཆུབ་བསྐྱེད་པར་བྱེད་པའི་མཚན་ཉིད་སྒྲུབ་པར་བྱེད་ཅེས་པས་སྒོམ་པའི་ལམ ་འདི་དོན་མེད་པ་མ་ཡིན་ནོ།། འོན་ཀྱང་བྱང་ཆུབ་ཉིད་ནི་ཇི་ལྟ་བུ།། སྒོམ་པའི་ལམ་འདི་ཇི་ལྟ་བུར་རྟོགས་པར་བྱ་ཞེས་པ་ལ་གསུངས་པ། བྱང་ཆུབ་དེ་བཞིན་ཉིད་མཚན་ཉིད།། དེ་ཡང་དེའི་མཚན་ཉིད་བཞེད་ཅེས་པ་སྟེ་དེ་བཞིན་ཉིད་འདི་སྟོང་པ ་ཉིད་དོ།། མཚན་ཉིད་འདི་རང་བཞིན་ནོ།། གང་ཞིག་སྒོམ་པའི་ལམ་དེ་ཡང་དེའི་མཚན་ཉིད་དེ། གང་གི་རང་བཞོན་དེ་བཞིན་ཡིན་ཡིན་པར་དེ་ལྟར་དེའི་མཚན་ཉིད་ཀྱང་དེ་བཞིན་ནོ།། ཇི་ལྟར་བྱང་ཆུབ་སྟོང་པ་ཉིད་ཡིན་ཡང་ཀུན་རྫོབ་ཏུ་མངོན་པར ་འདོད་པའི་དོན་རྣམས་བྱེད་དོ།། དེ་བཞིན་དུ་སྒོམ་པའི་ལམ་འདྲི་ཡང་གནས་པ་ཉིད་ཅེས་པའི་དོན་ཏོ།། འོ་ན་བྱང་ཆུབ་གྲུབ་པར་གྱུར་ནས་དཔེར་བྱ་བ་མ་ཡིན་གྱི་མ་གྲུབ་པ་ནི་དཔེར་སྦྱར་བར་མི་བྱའོ་ཞེས་བསྟན་པའི་ཕྱིར་གསུངས་པ། སེམས ་ནི་སྔ་མས་བྱང་ཆུབ་པ་རོ་ཞེས་པ་ལ་སོགས་པ་སྟེ། བྱང་ཆུབ་ནི་རྣམ་པ་ཐམས་ཅད་ཀྱིས་ཆོས་ཐམས་ཅད་མངོན་སུམ་དུ་བྱེད་པ་ཅན་རྣམ་པོར་མི་རྟོག་པའི་ཤེས་རབ་པོ།། དེ་ཡང་སྒོམ་པའི་ལོམ་གྱི་བདག་ཉིད་རྣམ་པར་རྟོག་པ་རྣམས ་འདུས་པ་ཉི་དུ་གོ་སྟེ། རྣམ་པར་རྟོག་པ་རྣམས་ནི་དུས་གཅིག་པ་ཡང་མ་གྲུབ་སྟེ་དུས་གཅིག་ལ་འདུས་པ་མེད་པས་སོ།། རིམ་གྱིས་སོ་སོར་བྱེད་པ་ཡང་མེད་དེ། དེ་རེ་རེ་ཉིད་རྒྱུ་ཡིན་པས་གཞན་རྣམས་དོན་མེད་པར་ཐལ་བར་འགྱུར་ཞེས་པའི ་སུནི་འབྱིན་ནི་གྲགས་པས་བཏང་སྙོམས་སུ་བཞག་པའོ།། སེམས་ནི་སྔ་མས་བྱང་ཆུབ་པར།། རིགས་མིན་ཕྱི་མས་མ་ཀྱང་མ་ཡིན་ཞེས་པ་སྟེ། དེ་ལ་རེ་ཞིག་སྒོམ་པའི་ལམ་གྱི་སེམས་སྔ་མས་ཀྱང་བྱང་ཆུབ་ཀྱི་མི་སྐྱེད་དེ། ཕྱེ་མ་རྣམས ་དོན་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ།། ཕྱི་མས་ཀྱ་མ་ཡིན་ཏེ། སྒོམ་པའི་ལམ་སྔ་མ་རྣམས་ངོན་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ།། དེ་བས་ན་བྱང་ཆུང་བསྐྱེད་པ་ནི་ཤིན་ཏུ་དཀའོ་ཞེས་བྱ་ནི་བཱརྒལ་བྱའོ།། ་མར་མེའི་དཔེའི་ཚུལ་གྱིས་ནི།། བྱང་ཆུབ་བར་དུ་འགྱུར་བ་ཡིན་ཞེས་པ་ནི་ལན་ནོ།། དེའི་དོན་ནི་འདི་ལྟ་སྟེ། དབེརྙན་མར་མེའི་སྐད་ཅིག་དང་པོས་སྡོང་བུ་ཚིག་པ་ནི་མྱ་ཡིན་ཏོ། ཕྱི་མ་རྣམས་དོན་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ།། ཕྱི་མས་ཚིག ་པ་ཡང་མ་ཡིན་ཏེ། སྔ་མ་རྣམས་དོན་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ།། འོན་ཀྱང་མཱར་མེའི་རྒྱུན་གྱིས་ཚིག་ཅེས་མར་མེའི་དཔེས་གསུངས་ཏེ། དེ་ལྟར་སྒོམ་པའི་ལོམ་ཡང་རྒྱུན་ཉིད་ཀྱིས་བྱང་ཆུབ་བསྐྱེད་ཅེས་པའོ།། བསྐྱེད་པའི་ལམ ་བརྒལ་བ་སྔོན་དུ་སོང་བའི་ལན་གདབ་པས་རྣམ་པར་གཞག་པར་བྱོས་ནས། ད་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་མཚན་ཉིད་གསུངས་པ། ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད།། སྐྱེ་བ་དང་ནི་འགག་པ་དང་།། དེ་བཞིན ་ཉིད་དང་ཤེས་བྱ་དང་།། ཤེས་དང་སྤྱོད་པ་གཉིས་མེད་དང་།། ཐབས་མཁས་བྱ་ལ་ཐོབ་པ་ཉིད་ཅེས་པོ་སྟེ། ཆོས་ཀྱི་ཉིད་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ནོ།། གང་ཞིག་རྣམ་པ་བརྒྱད་པོ་ཕན་ཚུན་འགལ་བ་ཉམ་སུ་ལེན་པས་ན་ཟབ་པའོ།། དེ་སྒོམ ་པ་པོའི་བྱང་ཆུབ་སེམས་དཔའ་སྒོམ་པའི་ལམ་ལ་གནས་པའི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་ཡུལ་རྣམ་པ་བརྒྱད་ཟབ་པ་སྟེ། གང་དང་གང་ཞེས་པ་ལ་གསུངས་པ། སྐྱེ་བ་དང་ཞེས་པ་ལ་སོགས་པའོ།། སྐྱེ ་བ་ནི་ཟབ་པ་སྟེ། གཉིསུ་མེད་ཀྱང་འཁོར་བའི་ཐོག་མ་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་ཡོད་པས་སོ།། འགག་པ་ཡང་ཟབ་པ་སྟེ། མ་སྐྱེས་ཀྱང་འགག་བྱ་ཡོད་པས་ནའོ།། དེ་བཞིན་ཉིད་འདི་ཡང་ཟབ་པ་སྟེ། དེའི་བདག་ཉིད་ཡིན་ཡང་དེ ་བསྒོམ་པས་ནའོ།། ཤེས་བྱ་ཡང་ཟབ་པ་སྟེ། ཤེས་པ་མེད་ཀྱང་དེ་རྣམ་པར་གནས་པ་སོ།། ཤེས་པ་ཡང་ཟབ་སྟེ། ཤེས་བྱ་མེད་ཀྱང་ཤེས་པ་ཡོད་ནའོ།། སྤྱོད་པ་ཡང་ཟབ་པ་སྟེ། ཆོས་ཐམས་ཅད་ལ་བྱ་བ་མེད་ཀྱང་བྱང་ཆུབ་ཀྱི་སྤྱད་པ་སྤྱོད ་པབས་ནའོ།། གཉིས་སུ་མེད་པ་ཡང་ཟབ་པ་སྟེ། གཉིསུ་སྒྲོ་འདོགས་པ་ཡིན་ཡང་གཉིསུ་མེད་པའི་སེམས་སུ་གསལ་བར་ངེས་པསོ།། ཐབས་ལ་མཁསོ་པ་ཡང་ཟབ་སྟེ། འགྲོ་བ་རྣམས་མ་གྲུབ་ཀྱང་རྒྱུན་མི་འོཆད་པར་འ་གྲོ་བ ་མཐའ་དག་གི་དོན་བྱེད་པས་ཏེ་འདི་རྣམས་ཐམས་ཅད་ནི་མི་འགལ་བ་སྟེ། དོན་དམ་པ་དང་ཀུན་རྫོབ་ཀྱི་བདྲེན་པ་དག་ལ་མཉམ་པར་བརྟེན་པ་ཉིད་ཀྱིས་ན་ཞེས་བརྗོད་དོ།། སློབ་པ་ཕྱིར་མི་ལྡོག་པའི་ཚོགས་རྣམས་སོ།། ད་ནི་སྲིད་དང་ཞི ་བ་མཉམ་ཉིད་དང་ཞེས་མདོར་བསྟན་པ་བཤད་པའི་ཕྱིར་གསུངས་པ། ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར།། སྲིད་དང་ཞི་བར་མི་རྟོག་པ།། ལས་མེད་ལ་སོགས་ཀླན་ཀ་ཡི།། ལན་ནི་ཇི་སྐད་བཤད་པར་ཟད་ཅེས་པ་སྟེ། སྲིད་པ་ཞེས་པ་ནི་ཉོན ་མོངས་པ་དང་བཅས་པའི་ཁམས་གསུམ་པའི་སེམ་སུ་སྣང་བའོ།། ཞི་བ་ཞེས་པ་ནི་ཆོས་དང་ལོངས་སྤྱོད་དང་སྤྲུལ་པའི་སྐུ་གསུམ་གྱི་རྣམ་པ་ཉོན་མོངས་པ་མེད་པའི་སེམསུ་སྣང་སྟེ། ཁྱད་པར་དུ་ཡང་དག་པར་རྫོགས་པའི་སངས ་རྒྱུས་ཞེས་བརྗོད་དོ།། དེ་དག་ཏུ་རྟོག་པ་མེད་པ་ནི་དབྱེ་བར་མི་ཤེས་པ་སྟེ། སྟོང་པ་ཉིད་ཀྱིས་བྱིན་གྱིས་བརླབས་པ་རང་རང་གི་སེམས་སུ་སྣང་བ་ཙམ་གྱི་བདག་ཉིད་ཡིན་པ་དེས་ན་སྤྱིའི་ཤེས་པའི་ཞེས་པའི་དོན་ཏོ།། ། ་ད་ལྟརར་ཡིན་པ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་རྨི་ལམ་ལྟ་བུ་ཉིད་ཀྱིས་སོ།། སད་པའི་གནས་སྐབས་ཀྱི་བདག་ཉིད་ཀྱི་སེམས་ཀྱི་སྣང་བ་རྣམས་རྨི་ལམ་ལྟ་བུ་སྟེ། རྨི་ལམ་ནི་གཉིད་ཀྱི་གནས་སྐབས་ལ་ཉེ་བར་དམིགས་པར་གྱུར་པ་ན ་ལས་པ་དང་གླང་པོ་ལ་སོགས་པའི་རྣམ་པ་སེམས་སུ་སྣང་བྱའོ།། ཆོས་རྣམས་ཀྱང་དེ་དང་དེ་འདྲ་བ་ཉིད་ཀྱིས་ཐ་མལ་གྱི་རང་བཞིན་ལས་རིང་དུ་འདས་པས་དེ་རྟོགས་པ་ཉིད་ནི་སངས་རྒྱས་ཞེས་དགོངས་པའོ།། ལས་མེད་ལ་སོ ་ཀླན་ཀ་ཡི།། ལན་ནི་ཇི་སྐད་བཤེད་པར་ཟད་ཅེས་པ་ལ། ཆོས་ཆོས་ཐམས་ཅད་ནི་རྨི་ལམ་ལྟ་བུ་ཡིན་པས་ཇི་ལྟར་མདོ་སྡེ་ལས་གསུངས་པ། དེ་བཞིན་དུ་རྨི་ལམ་དུ་སྦྱིན་པ་དང་རྣམ་པར་འཚེ་བ་ལ་སོགས་པས་བསོད་ནམས་དང ་སྡིག་པར་འགྱུར་བ་མེད་དོ།། དེ་བཞིན་དུ་གཉིད་མ་ལོག་པའི་གནས་སྐབས་སུ་ཡང་ཐལ་བར་འགྱུ་རོ་ཞེས་པ་ནི་བརྒལ་བའོ།། ལྡན་ནི་ཇི་ལྟར་མདོ་ལས་གསུངས་པོ་དེ་བཞིན་དུ་རྟོགས་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཇི་ལྟར ་གསུངས་པ་དམིགས་པ་དང་བཅས་པོ་ཉིད་ལས་ལས་རྣམས་སྐྱེ་བར་འགྱུར་གྱི་གཞན་དམིགས་པ་མེད་པ་ལས་ནི་མ་ཡིན་ནོ་ཞེས་སོ།། རྨི་ལམ་གྱི་སྐབསུ་འདིར་དམིགས་པར་མེད་པའི་སེམས་ཏེ། དེ་བས་ན་གཞན་གྱི་རྒྱུད་དུ ་གྲུབ་བ་མེད་པས་དེ་དག་ཚར་བཅད་པ་དང་ཕན་གདགས་པར་བྱས་པ་ལས་སྡིག་པ་དང་བསོད་ནམས་ངག་མེད་པ་ནི་རིག་པའོ།། ཐ་མལ་གཉིད་མ་ལོག་པའི་གནས་སྐབས་ནི་དངོས་པོར་གྱུར་པ་མི་བསླུ་བའི་ཡུལ་ཅན་ཉིད་ཀྱིས་སེམས ་སྣང་བ་གཞན་གྱི་རྒྱུད་ལས་སྐྱེས་པར་གྱུར་པ་ཉིད་ཀྱིས་དམིགས་པ་དང་བཅས་པའོ།། སློབ་དཔོན་དབྱིག་གཉེན་ཞབས་ཀྱིས་ཇི་ལྟར་གསུངས་པ། ཕན་ཚུན་བདག་པོ་ཉིད་ཀྱིས་ན།། རྣམ་པར་ཤེས་པ་ངེས་པ་ཡིན་ཞེས་པའོ།། ། ་དྲོ་དག་འདིར་ཐ་མལོ་གཱཉིད་མ་ལོག་པའི་གནས་སྐབས་གཞན་གྱི་རྒྱུད་དུ་གྲུབ་པ་དེ་རྣམས་ཕན་གདགས་པ་དང་ཚར་བཅད་པ་བྱས་ན་བསོད་ནམས་དང་སྡིག་པ་དག་གི་རྣམ་པར་བཞག་པ་ནི་ལེག་པར་གནས་པ་ཉིད་དོ།། སངས་རྒྱས་ཀྱི ་ཞིང་ཡོངས་སུ་དགྲ་བའི་དབང་དུ་བྱས་ཏེ་གསུངས་པ། སེམས་ཅན་འཇིག་རྟེན་དེ་བཞིན་དུ།། སྣོད་ཀྱི་འཇིག་རྟེན་མ་དག་པ།། དེ་ལ་དག་པར་བསྒྲུབས་པ་ཡི་སེ།། སངས་རྒྱས་ཞིང་ནི་དག་པ་ཉིད་ཅེས་པ་སྟེ། སེམས་ཅན་འཇིག་རྟེན་ནི་སེམས ་ཅན་དང་བཅས་པའི་མཚན་མ་སྟེ། གང་ཞིག་མ་དག་པ་ནི་སྒོམ་པ་དང་། ལྟོགས་པ་ལ་སོགས་པའོ།། དེ་ཕྱིས་གཞན་དག་མཐོང་ནས་རང་གི་སངས་རྒྱས་ཀྱི་ཞིང་གི་སེམས་ཅན་རྣམས་དྲུག་པ་ཉེ་བར་སྤྱད་པར་བྱེད་པ་དེ་སྨོན་ལམ་ལ་སོགས ་པས་ལྷའི་ལོངས་སྤྱོད་ལ་ཉེ་བར་སྡུད་པས་སེམས་ཅན་གྱི་འཇིག་རྟེན་དག་པར་བྱེད་དོ།། དེ་བཞིན་དུ་སྣོད་ཀྱི་འཇིག་རྟེན་ནི་སེམས་མེད་པའི་སྡེ་ཚན་ཏེ། གང་ཞིག་མ་དག་པ་ཞེས་པ་འདིར་ཡང་སྦར་བར་བྱ་སྟེ། ཚེར་མ་དང་རྡོ་བ་དང་ངམ་གྲོག ་ལ་སོགས་པ་དེ་ཡིས་གཞན་དག་མཐོང་བས་རང་གི་སངས་རྒྱས་ཀྱི་འཇིག་རྟེན་དག་པ་ཉེ་བར་སྤྱད་པ་གསེར་ལ་སོགས་པའི་རང་བཞིན་གྱིས་གཞི་མཉམ་པར་སྐྱེད་པ་ནི་སྣོད་ཀྱི་འཇིག་རྟེན་དག་པར་བྱེད་པའོ།། ། ་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་དག་པ་ཉིད་ནི་སངས་རྒྱས་ཀྱི་ཞིང་དག་པར་གསུངས་ཏེ། དེ་གཉིས་ཀྱི་བདག་ཉིད་ནི་དེ་ཡིན་པའི་ཕྱིར་རོ།། ཐབས་ལ་མཁས་པ་བསྟན་པའི་ཕྱིར་གསུངས་པ། འདི་ཡུལ་རབ་ཏུ་སྦྱོར་བ་སྟེ།། དགྲ་རྣམས་ལྔ་ནི ་འདས་པ་དང་།། མི་གནས་ཇི་བཞིན་ཤུགས་དང་ནི།། ཐུན་མོང་མ་ཡིན་མཚན་ཉིད་དང་།། མ་ཆགས་པ་དང་མི་དམིགས་དང་།། མཚན་མོ་སྨོན་ལམ་ཟད་པ་དང་།། དེ་ཡི་རྟགས་དང་ཚད་མེད་པ་ཐབས་ལ་མཁས་པ་རྣམ་པ་བཅུ་ཞེས་པ་སྟེ། ཐབས་ནི་སངས།། ་རྒྱས་ཉིད་ཀྱི་བསྒྲུབ་ཐབས་སོ།། དེ་ལ་མཁས་པ་ནི་ཕྱིན་ཅི་མ་ལོག་པའི་ཤེས་པ་སྟེ་ཐབས་ལ་མཁས་པའོ།། འདི་ཡི་ཞེས་པ་ནི་ཐབས་ལ་མཁས་པ་སྟེ། དེའི་ཡུལ་དང་རབ་ཏུ་སྦྱོར་བ་བརྗོད་པར་བྱ་བ་སྟེ། དེ་ལ་ཏིང་ངེ་འཛིན་རྣམ་པ་གསུམ་དང་། ་བྱང་ཆུབ་ཀྱི་ཕྱོགས་རྣམས་ཤེས་པ་སྟེ། ཡུལ་ནི་མདོ་ཉིད་ཀྱིས་རྒྱས་པར་གསུངསོ།། རབ་ཏུ་སྦྱོར་བ་ཞེས་པ་ནི། དགྲ་རྣམས་ལས་ནི་འདས་པ་དང་ཞེས་པ་ལ་སོགས་པའི་རྐང་པ་བཅུ་པོ་རྣམས་ལ་སོ་སོར་ཡང་དག་པར་སྦྱོར་བས་རྣམ་པ ་བཅུར་རིག་པོར་བྱའོ།། དགྲ་རྣམས་ནི་དགྲ་ཉིད་དེ་བདུད་བཞི་ལ་སོགས་པ་སྟེ། རབ་ཏུ་སྦྱོར་བ་གང་ཞིག་དེ་རྣམས་ལས་འདས་པ་དེ་ནི་དགྲ་རྣམས་ལས་འདས་པའི་རབ་ཏུ་སྦྱོར་བའོ།། གང་གི་ཆོས་ཐམས་ཅད་ལས་གནས་ཀྱང་ལ་ལར ་རབ་ཏུ་མི་གནས་པ་དེ་ནི་མི་གནས་པའི་རབ་ཏུ་སྦྱོར་བྱའོ།། གང་གི་ཇི་ལྟར་སྨོན་ལམ་བཞིན་དུ་འགྲོ་བའི་དོན་བྱ་བའི་ཕྱིར་བྱང་ཆུབ་ཀྱི་ལམ་ལ་གོམས་པར་བྱེད་པ་དེ་ནི་ཤུགས་ཀྱིས་རབ་ཏུ་སྦྱོར་བའོ།། གང་གིས་ཡང་དག་པར་རྫོགས་པའི་སྤྱོད་པ ་ཉིད་ལ་གོམས་པར་བྱེད་པ་དེ་ནི་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་རབ་ཏུ་སྦྱོར་བའོ།། གང་གིས་སེམས་ཅན་ཐམས་ཅད་ཀྱི་འཇིགས་པ་བསལ་བའི་ཕྱིར་བྱང་ཆུབ་ཀྱི་སྤྱོད་པ་ཀུན་ཏུ་སྤྱོད་པ་དེ་ནི་མ་ཆགས་པའི་རབ་ཏུ ་སྦྱོར་བའོ།། གང་གིས་རྟགས་པའི་ཆོས་ཐམས་ཅད་མི་དམིགས་པར་བསྟན་པའི་དོན་དུ་སངས་རྒྱས་ཀྱི་རྒྱུ་ལ་གོམས་པར་བྱེད་པ་དེ་ནི་མི་དམིགས་པའི་རབ་ཏུ་སྦྱོར་བའོ།། གང་གིས་སེམས་ཅན་ཐམས་ཅད་ཀྱི་མཚན་མར་གཟུང་བ་བསལ ་བོའི་དོན་དུ་སངས་རྒྱས་ཉིད་ཀྱི་རྒྱུ་ལ་རབ་ཏུ་གོམས་པར་བྱེད་པ་དེ་ནི་མཚན་མ་མེད་པའི་རབ་ཏུ་སྦྱོར་བ་འོ།། གུང་གིས་སེམས་ཅན་ཐམས་ཅད་སྲིད་པ་གསུམ་དུ་སྨོན་ལམ་གདབ་ཅིང་ཟད་པར་བྱ་བའི་ཕྱིར་བྱང་ཆུབ་ཀྱི་རྒྱུ་ལ་སྤྱོད ་པ་དེ་ནི་སྨོན་པ་མེད་པའི་རབ་ཏུ་སྦྱོར་བའོ།། དེ་ཡི་ཞེས་པ་ནི་ཕྱིར་མི་ལྡོག་པའོ།། གང་ཞིག་ལ་སོགས་པས་དེ་མཚོན་པར་བྱེད་ཅིང་ཤེས་པར་བྱེད་པ་དེ་ནི་རྟགས་ཀྱི་རབ་ཏུ་སྦྱོར་བའོ།། གང་གིས་ཚད་མོད་བའི་ཡུལྀ་དང་དུས་ཀྱི་སེམསོ་ཅན ་རྣམས་ཡོངས་སུ་བསྐྱབ་པའི་ཕྱིར་བྱང་ཆུབ་ཀྱི་རྒྱུ་ལ་གོམས་པར་བྱེད་པ་དེ་ནི་ཚད་མེད་པའི་རབ་ཏུ་སྦྱོར་བའོ།། རབ་ཏུ་སྦྱོར་བ་རྣམ་པ་བཅུར་ཕྱེ་བས་ཐབས་ལ་མཁས་པོ་གསུང་སོ།། མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་གྲགས། ་བའི་ཆ་ཞེས་བྱ་བ་ལས་སྐབས་བཞི་པའི་འགྲེལ་པའོ།། ། རྩེ་མོའི་མངོན་པར་རྟོགས་པ་ལ་དེའི་རྟགས་དང་ཞེས་པ་ལ་སོགས་པའི་དངོས་པོ་དགུ་མདོར་བསྟན་པ་དེ་ལས་རྟགས་བཤད་པའི་ཕྱིར་གསུངས ་པ། རྨི་ལམ་ན་ཡང་ཆོས་རྣམས་ཀུན།། རྨི་ལམ་ལྟ་བུར་ལྟ་ལ་སོགས།། རྩེ་མོར་ཕྱིན་པའི་སྦྱོར་བའི་རྟགས།། རྣམ་པ་བཅུ་གཉིས་དག་ཏུ་བཞེད་ཅེས་པ་སྟེ། རྩེ་མོའི་མངོན་རྟོགས་ཀྱི་རྟགས་རྣམས་རྣམ་པ་བཅུ་གཉིས་པོ་དེ་རྣམས ་ལས་གང་གིས་རྨི་ལམ་ན་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་ལྟ་བ་ལ་སོགས་པ་ནི་རྟགོས་གཅིག་གོ།། སོགས་པའི་སྒྲས་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་དང་སྲིད་པ་གསུམ་དུ་སེམས་མི་བསྐྱེད་པ་ནི་གཉིས ་པའོ།། རྨི་ལམ་ན་དེ་བཞིན་གཤེགས་པ་ལ་སོགས་པ་མཐོང་བ་ནི་གསུམ་པའོ།། རྨི་ལམ་ན་ན་མཁའ་ལས་སངས་རྒྱས་ཀྱི་རྫུ་འཕྲུལ་རྣམ་པར་འཕྲུལ་པ་མཐོང་བ་ནི་བཞི་པའོ།། རྨི་ལམ་ན་ཆོས་སྟོན་པའི་སེམས་སྐྱེ་བ་ནི་ལྷ ་པའོ། དམྱལ་བ་ལ་སོགས་པའི་ངན་འགྲོ་གསུམ་མཐོང་བ་ལས་རང་གི་སངས་རྒྱས་ཀྱི་ཞིང་དུ་དེ་དག་སྤང་བའི་སེམས་ནི་དྲུག་པའོ།། རྨི་ལམ་འམ་སད་པའི་གནས་སྐབསུ་གལ་ཏེ་བདག་སྔོན་གྱི་སངས་རྒྱས་ཀྱིས ་ལུང་བསྟན་པ་ཡིན་ན་གྲོང་ཁྱེར་ལ་སོགས་པ་ཚིག་པ་རབ་ཏུ་ཞི་བར་གྱུར་ཅིག་ཅེས་པས་བདེན་པའི་བྱིན་གྱིས་བརླབས་ཀྱིས་རབ་ཏུ་ཞི་བ་ནི་བདུན་པའོ།། གལ་ཏེ་བདག་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལ ་ལྷག་པར་མོས་པའི་སེམས་དང་བཅས་པར་གྱུར་ན་དེ་ཡི་མི་འདི་ལས་མི་མ་ཡིན་པ་རིང་དུ་སོང་ཞིག་ཅེས་པས་བདུད་ཀྱིས་བྱིན་གྱིས་བརླབས་པ་མིན་པར་བདེན་པའི་བྱིན་པརླབས་ཀྱིས་མི་མ་ཡིན་པ་རིང་དུ་འབྲོས་པ་ནི་བརྒྱུད་པའོ།། 2 ་ཉིད་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཚན་ཉིད་མངོན་པར་ཤེས་ནས་དགེ་བའི་བཤེས་གཉེན་དུ་བསྟེན་པ་ནི་དགུ་པའོ།། རྣམ་པ་ཐམས་ཅད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ནི་བཅུ་པའོ།། ཐམས་ཅད་ལ ་མངོན་པར་མ་ཞེན་པ་ནི་བཅུ་གཅིག་པའོ།། སངས་རྒྱས་ཀྱི་བྱང་ཆུབ་ཏུ་ཉེ་བར་གྱུར་པ་ནི་བཅུ་གཉིས་པ་སྟེ། དེ་ལྟར་རྟོགས་བཅུ་གཉིས།། རྩེ་མོར་ཕྱིན་པའི་རྣལ་འབྱོར་པའི་རྟགས་རྣམས་མངོན་པར་བརྗོད་ནས། དེའི་རྣམ་འཕེལ་གསུངས ་པ་འཛམ་བུའི་གླིང་གི་སྐྱེ་བོ་རྙེད།། སངས་རྒྱས་མཆོད་པོའི་དགེ་ལ་སོགས།། དཔེར་མཛད་ནས་ནི་རྣམ་མང་དུ།། རྣམ་འཕེལ་བཅུ་དྲུག་བདག་ཉིད་དོ་ཞེས་པ་སྟེ། ཏི་ངེ་འཛིན་གོང་ནས་གོང་དུ་གྱུར་པའི་གནས་སྐབས་ཀྱི་བྱེ་བྲག་རྣམས ་ནི་རྣམ་འཕེལོ།། རྣམ་པ་བཅུ་དྲུག་ཇི་ལྟར་ཤེས་པར་བྱ་སྙམ་པ་ལ་གསུངས་པ། འཛམ་བུའི་གླིང་ཞེས་པ་ལ་སོགས་པ་སྟེ། འཛོམྦུའི་གླིང་ན་གནས་པའི་སེམས་ཅན་གྱི་གྲངས་ཇི་སྙེད་པ་དེ་སྙེད་ཀྱིས་མཚོན་པོའི་སངས་རྒྱས ་དེ་སྙེད་ལ་མཆོད་པ་བྱས་པའི་བསོད་ནམས་གང་ཞིག་དཔེར་བྱས་པ་དེ་ནི་དེ་བཞིན་ནོ།། སངྱས་དེ་རྣམས་ལ་མཆོད་པའི་དགེ་བ་ལ་སོགས་པ་དཔེར་ལན་མང་དུ་མཛད་དེ་དཔེ་ཡིས་རྣམ་པ་བཅུ་དྲུག་ཏུ་དབྱེ་བ་བྱས་པས་རྣམ་པར ་འཕེལ་བ་བཅུ་དྲུག་ཏུ་རྟོགས་པར་བྱའོ།། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱེད་པ་རྣམ་འཕེལ་གཅིགོ།། ཆོས་རྣམས་མ་སྐྱེས་པར་བཟོད་པ་སོ་སོར་ཐོབ་པ་གཉིས་པའོ།། རྟོགས་བྱ་དང་རྟོགས་པ་པོའི་ཆོས ་དྲག་མི་དམིགས་པ་ནི་གསུམ་བྱའོ།། ཁྱད་པར་དུ་འཕགས་པའི་དགེ་བ་བཅུ་ལ་སོ་ཌ་པ་ཐོབ་པ་ནི་བཞི་པའོ།། གཟུགས་མེད་པའི་སྙོམས་པར་འཇུག་པ་ཐོབ་པ་ནི་ལྟ་བའོ།། ལྷ་ཐམས་ཅད་ཀྱི་སྡེར་ཉེ་བར་འཕོ་བ་ནི་དྲུག་པའོ།། བདུད་ཐ~ཾད ་ཟིལ་གྱིས་གནོན་པ་ནི་བདུན་པའོ།། བྱང་ཆུབ་སེམས་དཔའི་གནས་སྐབས་ཉིད་དུ་ཆོས་སྟོན་པ་ལ་སོགས་པ་སངས་རྒྱས་དང་འདྲ་བ་དེ་དག་གི་གནས་སྐབས་ནི་བརྒྱད་པའོ།། ཡོངསུ་དག་པ་ལ་སློབ་པ་ནི་དགུ་པའོ།། སངས་རྒྱས ་ཀྱི་སྤྱོད་ཡུལ་དུ་གྱུར་པ་ནི་བཅུ་པའོ།། སངས་རྒྱས་ཉིད་ཀྱི་འབྲས་བུ་ཐོབ་པའི་མཚན་མ་ནི་བཅུ་གཅིག་པའོ། ཕ་རོལ་ཏུ་ཕྱིན་པའི་མིམཐུན་པའི་ཕྱོགས་ཀྱི་སེམས་མི་བསྐྱེད་པ་ནི་བཅུ་གཉིས་པའོ།། གཟུགས་ལ་སོགས་པ་རྣམས་རང ་རིག་པར་གྲུབ་པ་ཉིད་ཀྱིས་གཟུགས་ལ་སོགས་པ་དང་ལྷན་ཅིག་ཏུ་གྱུར་པའི་དབང་པོའི་ཤེས་པ་མི་སྐྱེ་བ་ནི་བཅུ་གསུམ་པའོ།། ཕ་རོལ་ཏུ་ཕྱིན་པ་རྣམས་སྤྱད་པའི་ཤེས་པ་ནི་བཅུ་བཞི་པའོ།། ཕུན་སུམ་ཚོགས་པ་ཐམས་ཅད་སོ་སོར ་ཐོབ་པ་ནི་བཅོ་ལྔ་པའོ།། ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཀུན་ཏུ་ཉེ་བར་གྱུར་པ་ནི་བཅུ་དྲུག་པ་སྟེ།། དེ་ལྟར་ན་རྣམ་འཕེལ་རྣམ་པ་བཅུ་དྲུག་གོ།། ད་ནི་བརྟན་པ་གསུངས་པ། སེམས་ཅན་དོན་ཡོངས་མི་གཏོང་བ།། ཀུན་མཁྱེན་ཉིད ་གསུམ་ཆོས་རྣམས་ཀྱི།། ཡོང་སུ་རྫོགས་པ་བླ་མེད་པ།། ངེས་པ་ཞེས་ནི་མངོན་པར་བརྗོད་ཅེས་པ་སྟེ། འདི་སྐད་གསུངས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་ཀུན་མཁྱེན་གསུམ་དུ་གཏོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད ་པ་ལ་སོགས་པའི་ཆོས་རྣམས་ཡོང་སུ་རྫོགས་པ་བླ་ན་མེད་པར་གྱུར་པ་དེ་ཡང་སེམས་ཅན་གྱི་དོན་ཡོངསུ་མི་གཏོང་བར་གྱུར་པ་དེ་ནི་རྩེ་མོའི་མངོན་རྟོགས་ཀྱི་ངེས་པར་བརྗོ་དོ།། སེམས་ཀུན་གནས་ཤེས་སྔོན་དུ་མདོར་བསྟན་པ་དེ་ཡང་ཏིང ་འཛིན་ཉིད།། དེ་བས་ན་ཏིངངེ་འཛིན་གྱི་དབང་དུ་བྱས་ཏེ་གསུངས་པ། གླིང་བཞི་པ་དང་སྟོང་དག་དང་།། སྟོང་གཉིས་གསུམ་དག་དཔེར་མཛད་ནས།། བསོད་ནམས་མང་པོ་ཉིད་ཀྱིས་ནི།། ཏིང་འཛིན་ཡོངསུ་བསྒྲགས་པ་ཡིན་ཞེས་པ་སྟེ། འདིའི་དོན་ལྟར ་འདོད། གླིང་བཞི་པ་ལ་སོགས་སྟོང་དང་། སྟོང་གཉིས་པ་དང་། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམསུ་གནས་པའི་སེམས་ཅན་དེ་རྣམས་ཀྱི་གང་ཞིག་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཚོགས་ནས་སྙིང་རྗེ་ལ་སོགས་པའི་ཚོགས་དང་། ་གང་ཞིག་དེའི་རང་བཞིན་གྱི་ཏིང་འཛིན་དཔག་ཏུ་མེད་པ་དེ་རྣམས་ཀྱི་བསོད་ནམས་གང་ཡིན་པ་དེ་རྣམས་དཔེར་བྱས་ཏེ། དེ་བས་ཀྱང་བསོད་ནམས་དུ་མའི་བདག་ཉིད་ནི་གཡོ་བའི་ཏིང་འཛིན་ཏེ་སེམས་ཀུན་ཏུ་གནས་པ་ཞེས་བྱའོ།། ། ་མཐོང་ཞེས་བྱ་དང་སྒོམ་པ་ཞེས་བྱ་བའི་ལམ་ནི་སོ་སོ་ལ། རྣམ་པར་རྟོག་པ་རྣམ་བཞི་ཡི།། གཉེན་པོ་རྣམ་པ་བཞི་དང་ནི་ཞེས་པས་མངོན་དུ་མདོར་བསྟན་པ་དེ་ནི་དེའི་དབང་དུ་བྱས་ཏེ་གསུངས་པ། འཇུག་པ་དང་ནི་ལྡོག ་པ་ལ།། གཟུང་བའི་རྣམ་རྟོག་སོ་སོར་དེ།། དགུ་ཡི་བདག་ཉིད་ཇི་བཞིན་ཡུལ།། མིན་པའི་བདག་ཉིད་དག་ཤེས་བྱ་ཞེས་པ་སྟེ། དེ་ལ་རེ་ཞིག་གཟུང་བའི་རྣམ་རྟོག་རྣམ་པ་གཉི་སོ།། གཟུང་བའི་ཡུལ་ཇི་ལྟ་བུ་ཞེས་སེམས་དཔའ་ལ ་གསུངས་པ། ཇི་ལྟ་ཡུལ་མིན་བདག་ཉིད་ཅེས་པ་སྟེ། མི་བདེན་པ་ལ་འདོད་པའི་བདག་ཉིད།། རྣམ་པར་རྟོག་པ་འདི་ཡུལ་ལ་འཇུག་པ་ནི་བྱང་ཆུབ་སེམས་དཔའི་བླང་བར་བྱ་བའི་ཕྱོག་སོ།། ལྡོག་པ་ནི་བྱང་ཆུབ་སེམས་དཔའ་འདོར་བར་བྱ་བའི་ཕྱོགསསོ།། ། ་དེ་ཡང་སོར་ཡུལ་གྱི་དབྱེ་བས་རྣམ་པ་དགུའོ།། གཟུང་བའི་རྣམ་པར་རྟོག་པ་མངོན་པར་བརྗོད་ནས། འཛིན་པའི་རྣམ་པར་རྟོག་པ་གསུངས་པ། སེམས་ཅན་རྫས་དང་རྟག་ཡོད་པར།། རྣམ་རྟག་འཛིན་པ་དག་ཏུ་འདོད།། སོ་སོའི་སྐྱེ་བོ་འཕགས་དབྱེ་བས། ་སོ་སོར་དེ་དག་དགུ་བདག་ཉིད་ཅེས་པ་སྟེ། གཞན་འཇུག་པ་ནི་རྣམ་རྟོག་གཉིས་ཀྱང་འཛིན་པ་པོ་ཡུལ་གྱིས་སོ།། གཉིས་ཇི་ལྟར་མཉམ་པ་ལ། རིམ་པ་ཇི་ལྟ་བར་རྫས་དང་རྟགས་པའི་ཡོད་པ་སྟེ། སེམས་ཅན་རྣམས་ཀྱི་རྣམ་པར་རྟོགས་པསོ།། ། ་དེ་ལ་དང་པོ་ནི་སོ་སོའི་སྐྱེ་བའིའོ།། གཉིས་པ་ནི་འཕགས་པ་རྣམས་ཀྱིའོ།། དེ་ཡང་སོ་སྦྱོར་རྣམ་པ་དགུའོ།། འདི་ཇི་ལྟར་མྱི་བདེན་པ་ལ་འདོད་པའི་བདག་ཉིད་ཀྱི་རྟོག་པར་རྟོག་པ་སྦྱིནྡ་ཞེ་མ་མི་བདེན་པ་ཉིད་ལ་འཛིན་པ་པོའི་རྣམ་རྟོག་གཉིས་སོ།། ་དག་ཉིད་གསུངས་པ། གོལ་ཏེ་གཟུང་དོན་དེ་བཞིན་མེད།། དེ་དག་གང་གི་འཛིན་པར་འདོད།། དེ་ལྟར་དེ་དག་འཛིན་པ་ཡི།། ངོ་བོས་སྟོ། ང་པའི་མཚན་ཉིད་དོ་ཞེས་པ་སྟེ། འཛིན་པའི་ངོ་བོས་ཞེས་པ་ནི་འཛིན་པ་པོའི་ཚུལ་གྱིསོ།། དེ་དག་ཅེས་པ་ནི་འཛིན ་བའི་རྣམ་པར་རྟོག་པའོ།། རྣམ་པར་རྟོགས་པ་བཞི་པོ་འདི་ཡང་སོ་སོར་རྣམ་པ་དགུར་གསུངས་པ། དེ་ལས་དང་པོ་རྣམ་པ་དགུ་པོ་ཇི་ལྟ་བུ་ཞེས་སེམས་དཔ་ལ་གསུངས་པ་ཉིད་དང་རིགས་དང་ནི།། ལམཱ་ནི་ཡང་དག་འགྲུབ་པ་དང་། ཤེས་པའི་དམིགས ་པབ་མ་འཁྲུལ་དང་།། མི་མཐུན་ཕྱོགས་དང་གཉེན་པོ་དང་།། རང་གིས་རྟོགས་དང་བྱེད་པ་དང་།། དེའི་ལས་བྱའི་འབྲས་བུ་ལ།། འཇུག་པའི་ཕྱོགས་ཀྱི་རྟེན་ཅན་གྱི།། རྣམ་རྟོག་དེ་ནི་རྣམ་དགུར་འདོད་ཅེས་པ་སྟེ། འདི་རྣམས་ཞེས་པ་ནི་ཐོག་མའི་གཟུང། ་རྟོག་རྣམས་སོ།། ངོ་བོ་ཉིད་ཅེས་པ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ངོ་བོ་སྟེ། ངོ་བོ་ཉིད་ཀྱིས་རྣམ་པར་རྟོག་པའོ།། རིགས་ཞེས་པ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རིགས་ལ་རིགསུ་རྣམ་པར་རྟོག་པའོ།། ལམ་ནི་ཡང་དག་འགྲུབ་པ ་དང་ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་དུ་བྱེད་པོ་ལ་ལམ་ཡང་དག་པར་འགྲུབ་པའི་རྣམ་པར་རྟོག་པའོ།། ཤེས་པའི་དམིགས་པ་མ་འཁྲུལ་དང་ཞེས་པ་ནི་ཤེས་པའི་དམིགས་པ་མེད་པ་ཉིད་ཀྱིས་ཏེ་ཤེས་པའི་དམིགས་པ ་མ་འཁྲུལ་པའི་རྣམ་པར་རྟོག་པའོ།། མི་མཐུན་ཕྱོགས་དང་གཉེན་རླུང་ཞེས་པ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་གཉེན་པོའི་ཕྱོག་སོ།། རྣམ་པར་རྟོག་པ་ནི་མི་མཐུན་པའི་ཕྱོགས་ཏེ། གཉེན་པོའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ཀྱི་རྣམ་པར ་རྟོག་པའོ།། རང་གི་རྟོགས་ཞེས་པ་ནི་ཉན་ཐོས་ལ་སོགས་པའི་ཆོས་སྤངས་ནས་བྱང་ཆུབ་སེམས་དཔའི་ཆོས་རང་གིས་རྟོགས་པ་སྟེ། རང་གིས་རྟོགས་པའི་རྣམ་པར་རྟོག་པའོ།། བྱེད་པ་དང་། དེའི་ལས་བྱའི་འབྲས་བུ་ལ་ཞེས་པ་ལ། བྱང་ཆུབ ་སེམས་དཔའི་བྱེད་པ་པོ་ཞེས་འདིར་བྱེད་པར་རྣམ་པར་རྟོག་པའོ།། དེའི་ལས་ནི་གཉེན་པོའི་ཕྱོགས་བསྒོམ་པ་སྟེ། དེའི་ལས་ཀྱི་རྣམ་པར་རྟོག་པའོ།། བྱ་བའི་འབྲས་བུ་ནི་མི་མཐུན་པའི་ཕྱོགས་ཟད་པ་སྟེ། བྱ་བའི་འབྲས་བུ་ནི ་རྣམ་པར་རྟོག་པའོ།། དང་པོར་གཟུང་བའི་རང་བཞིན་གྱི་དངོས་པོ་དགུ་སྤངས་པ་ལས་ཐོག་མར་གཟུང་བའི་རྣམ་པར་རྟོག་པ་དགུའོ།། ངོ་བོ་ཉིད་ལ་སོགས་པ་བླང་བར་བྱ་བ་ཉིད་ཀྱིས་འཇུག་པའི་ཕྱོགས་ཀྱིས་བྱིན་གྱིས་བརླབས་པོར་འདི་དག་ཤེས ་པར་བྱའོ།། གཟུང་བའི་རྣམ་པར་རྟོག་པ་གཉིས་པ་འདི་ཡང་རྣམ་པ་དགུར་ཇི་ལྟར་འགྱུར་ཞེས་པ་ལ་གསུངས་པ། སྲིད་དང་ཞི་བར་ལྷུང་བའི་ཕྱིར།། རྟོགས་པ་དམན་པ་ཉིད་དང་ནི།། ཡོངས་སུ་འཛིན་པ་མེད་པ་དང་།། ལམ་གྱི་རྣམ་པ་མ་ཚང་དང་། ་གཞན་གྱི་རྐྱེན་གྱིས་འགྲོ་བ་དང་།། ཆེད་དུ་བྱ་བ་ལོག་པ་དང་།། ཉི་ཚེ་བ་དང་སྣ་ཚོགས་ཉིད།། གནས་དང་འཇུག་ལ་རྨོངས་པ་དང་།། རྗེས་ལ་འགྲོ་ཞེས་བྱ་བ་ལ།། རྣམ་རྟོག་དགུ་ཡི་བདག་ཉིད་འདི།། ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་ཏེ།། ཉན་ཐོས་ལ ་སོགས་ཡིད་ལ་འབྱུང་ཞེས་པ་སྟེ། སྲིད་དང་ཞི་བར་ལྷུང་བའི་ཕྱིར།། རྟོགས་པ་དམན་པ་ཉིད་དང་ནི་ཞེས་པ་ལྔ་འཁོར་བ་དང་མྱ་ངན་ལས་འདས་པ་ལྷུང་བ་ཉིད་ཀྱིས་སྲིད་པ་དང་ཞི་བའི་མཚན་ཉིད་ཡོངས་སུ་མ་ཤེས་པས་རྟོགས་པ་དམན ་པ་སྟེ། རྟོགས་པ་དམན་པའི་རྣམ་པར་རྟོག་པའོ།། ཡོངས་སུ་འཛིན་པ་མེད་པ་དང་ཞེས་པ་ལ། ཡོངས་སུ་འཛིན་པ་ནི་ཇི་སྐད་གསུངས་པའི་དགེ་བའི་བཤེས་གཉེན་ཏེ། ཡོངས་སུ་འཛིན་པ་མེད་པའི་རྣམ་པར་རྟོག་པའོ།། ལམ་གྱི་རྣམ་པ ་མ་ཚང་དང་ཞེས་པ་ནི་ཤེས་བྱའི་སྒྲིབ་པ་མཐའ་དྲུག་གི་གཉེན་པོའི་ཕྱོགས་ཀྱི་ལམ་མ་ཚང་བ་ནི་ལམ་མ་ཚང་བའི་རྣམ་པར་རྟོག་པའོ།། གཞན་གྱི་རྐྱེན་གྱིས་འགྲོ་བ་དང་ཞེས་པ་ནི་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་བལྟོས་ནས ་རང་གི་ལམ་རྟོགས་པ་ཉིད་ཀྱིས་གཞན་གྱི་རྐྱེན་གྱིས་འགྲོ་བའི་རྣམ་པར་རྟོག་པའོ།། ཆེད་དུ་བྱ་བ་ལོག་པ་དང་ཞེས་པ་ནི་སྙིང་རྗེ་མེད་པས་ཇི་སྐད་གསུངས་པའི་ཆེད་དུ་བྱ་བ་སྤངས་པ་ནི་ཆེད་དུ་བྱ་བ་ལོག་པའི་རྣམ་པར་རྟོག་པའོ།། ཉི་ཚེ ་བ་ཞེས་པ་ནི་ཉོན་མོངས་པའི་སྒྲིབ་པ་སྤངས་ནས་ལམ་ཙམ་ཉིད་རྟོགས་པ་ནི་ཉི་ཚེ་བའི་རྣམ་པར་རྟོག་པའོ།། སྣ་ཚོགས་ཉིད་ཅེས་པ་ནི་འབྲས་བུ་དང་པོ་ལ་སོགས་པ་རྟོགས་པ་ནི་སྣ་ཚོགས་ཀྱི་རྣམ་པར་རྟོག་པའོ།། གནས་དང་འཇུག་ལ་རྨོངས ་བུ་དང་ཞེས་པ་ནི་བདེ་འགྲོ་དང་ངན་འགྲོ་དྲུག་ལ་གནས་པ་དང་འབྱུང་བ་ལ་རྨོངས་པ་ནི་གནས་པ་དང་འཇུག་པ་མི་ཤེས་པའི་རྣམ་པར་རྟོག་པའོ།། རྗེས་ལ་འགྲོ་ཞེས་བྱ་བ་ལ་རང་ཉིད་ཀྱིས་ཡོངས་སུ་མི་ཤེས་པས་སངས་རྒྱས་དང་བྱང་ཆུབ ་སེམས་དཔའ་དྲུག་གི་རྗེས་སུ་འགྲོ་བ་ནི་རྗེས་སུ་འགྲོ་བའི་རྣམ་པར་རྟོག་པ་སྟེ། གཟུང་རྟོག་གཉིས་དགུ་ཆེན་ནོ།། ཡུལ་འདི་རྣམས་ཀྱང་བྱང་ཆུབ་སེམས་དཔས་སྤོང་བར་བྱ་བ་ཉིད་ལོག་པའི་ཕྱོགས་ཡིན་པར་ཤེས་པར་བྱའོ།། རྫས་སུ ་ཡོད་པར་སོ་སོའི་སྐྱེ་བོས་བརྟགས་པར་འཛིན་པའི་རྣམ་པར་རྟོག་པ་དང་པོ་རྣམ་པ་དགུར་ཇི་ལྟར་འགྱུར་ཞེས་པ་ལ་གསུངས་པ། འཛིན་དང་སོ་སོ་ཐར་པ་དང་།། ཡིད་ལ་བྱེད་དང་ཁམས་རྣམས་ནི།། གསུམ་ཆར་ཉེ་བོར་འབྲེལ་བ་དང་།། ་གནས་དང་མངོན་པར་ཞེན་པ་དང་།། ཆོས་ཀྱི་དངོས་པོ་བཏགས་པ་དང་།། ཆགས་པ་དང་ནི་གཉེན་པོ་དང་།། ཇི་ལྟར་འདོད་བཞིན་འགྲོ་ཉམས་ལ།། འཛིན་པ་དང་པོར་ཤེས་པར་བྱ་ཞེས་པ་སྟེ། སྒོམ་པའི ་ལམ་གྱི་རབ་ཏུ་སྦྱོར་བའི་གནས་སྐབས་ཀྱི་སྤྱང་བྱ་འཛིན་པ་རྫས་སུ་ཡོད་པ་བདག་ཉིད་དུ་འཛིན་པ་དང་ཐར་པ་ལ་སོགས་པའི་ཆོས་རྣམ་པ་དགུ་སྟེ། དྲིའི་རྣམ་པར་རྟོག་པ་ཡང་འཛིན་པའི་རྣམ་པར་རྟོག་པ་དགུའོ།། དེ་ཡང་འཕགས་པ ་རྣམས་ཀྱི་རབ་ཏུ་སྤངས་པ་ཉིད་ཀྱིས་ན་སོ་སོའི་སྐྱེ་བོ་རྣམས་ཀྱི་ཆོས་སོ།། དེ་ལ་འཛིན་པ་དང་སོ་སོར་ཐར་པ་དང་ཞེས་པ་ནི་རྫས་སུ་ཡོད་པའི་བདག་ཉིད་སྡུག་པ་དང་མི་སྡུག་པ་དག་ཉེ་བར་ལེན་པ་དང་ཡོངས་སུ་གཏོང་བ་ནི་འཛིན་པ་དང ་སོ་སོར་ཐར་པའི་རྣམ་པར་རྟོག་པའོ།། དེ་ལྟར་གོ་ཞན་རྣམས་ལ་ཡང་བདག་གི་དབང་དུ་བྱས་པ་ཉིད་ཀྱིས་ཐམས་ཅད་ལ་བསྒྲུབ་པར་བྱ་བ་ནི་ཇི་ལྟར་རིག་པར་བལྟ་བར་བྱའོ།། ཡིད་ལ་བྱེད་དང་ཞེས་པ་ནི་བཏགས་པའི་དོན་གང་ཞིག་ཡིད ་ལ་བྱེད་པ་ནི་ཡིད་ལ་བྱེད་པའི་རྣམ་པར་རྟོག་བྱའོ།། ཁམས་རྣམས་ནི་གསུམ་ཆར་ཉེ་བར་འབྲེལ་པ་དང་ཞེས་པ་ནི་ཤི་བའི་དྲི་མ་ཐག་ཏུ་བདག་རྫས་སུ་ཡོད་པ་ཁྱོམས་གསུམ་པ་དང་འཇུག་པ་ནི་ཁམས་གསུམ་པ་དང་འབྲེལ་བའི ་རྣམ་པར་རྟག་པའོ།། གནས་ཤེས་པ་ནི་སྟོང་པ་ཉིད་ཀྱིས་གནས་སྒྲ། བས་ཏེ་གནས་ལ་རྣམ་པར་རྟོག་པའོ།། མངོན་པར་ཞེན་པ་ཞེས་པ་ལ་སངས་རྒྱས་ལ་སོགས་པ་ལ་མངོན་པར་ཞེན་པ་ནི་མངོན་པར་ཞེན་པའི་རྣམ་པར་རྟོག ་པའོ།། ཆོས་ཀྱི་དངོས་པོ་བཏགས་པ་དང་ཞེས་པ་ལ། བཏགས་པའི་ཆོས་བཏགས་པའི་དངོས་པོ་ནི་བཏགས་པའི་རྣམ་པར་རྟོག་པའོ།། ཆགས་པ་ནི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་བསྐྱེད་པ་ལ་ཆགས་པ་སྟེ། ཆགས་པའི་རྣམ་པར་རྟོག ་པའོ།། དགཉེན་པོ་ཞེས་པ་ནི་ཉོན་མོངས་པ་ཐམས་ཅད་ཀྱི་གཉེན་པོའི་ཕྱོགས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་གྱི་བདག་ཉིད་ནི་གཉེན་པོའི་ཕྱོགས་ཀྱི་རྣམ་པར་རྟོག་པའོ།། ཇི་ལྟར་འདོད་བཞིན་འགྲོ་ཉམས་ལ་ཞེས་པ་ནི ་མངོན་པར་ཤེས་པ་ལ་སོགས་བ་མེད་པར་ཇི་ལྟར་འདོད་པ་བཞིན་འགྲོ་བ་ནི་ཉམས་པ་སྟེ། ཇི་ལྟར་འདོད་པ་བཞིན་འགྲོ་ཉམས་ཀྱི་རྣམ་པར་རྟོག་པོའོ།། འཛིན་པའི་རྣམ་པར་རྟོག་པ་དང་པོའི་དགུ་ཚན་ནོ།། འཛིན་པའི་རྣམ་པར ་རྟོག་པ་གཉིས་པ་བཏགས་པའི་ཡོད་པ་ནི་རྣམ་པ་དགུར་ཇི་ལྟར་འགྱུར་ཞེས་པ་ལ་གསུངས་པ། ཚད་བཞིན་ངེས་པར་མི་འབྱུང་བ་དང་།། ལམ་ལ་ལམ་མིན་འཛིན་པ་དང་།། འགག་དང་བཅས་པའི་སྐྱེ་བ་དང་།། དངོས་པོ་ལྡན ་དང་མི་ལྡན་དང་།། གནས་དང་རིགས་ནི་འཇིགས་པ་དང་།། དོན་དུ་གཉེར་དང་རྒྱུ་མེད་དང་།། ཕྱིར་རྒོལ་བ་ནི་དམིགས་པ་ལ།། འཛིན་པའི་རྣམ་རྟོག་གཞན་ཡིན་ནོ་ཞེས་པ་སྟེ། ཆེད་བཞིན་ངེས་པར་མི་འབྱུང་དང་ཞེས་པ་ནི ་ཉན་ཐོས་ཀྱི་ལྟ་བར་གྱུར་པ་ཉིད་ཀྱིས་ཇི་ལྟར་གསུངས་པའི་ཆེད་དུ་བྱ་བ་རྣམ་པ་གསུམ་པོ་རྣམས་ལ་སོ་སོར་མི་འགྲོ་བ་ནི་ཆེད་བཞིན་ངེས་པར་མི་འབྱུང་བའི་རྣམ་པར་རྟོག་པའོ།། ལམ་ལ་ལམ་མི་ནི་འཛིན་པ་དང་ཞེས ་པ་ནི་རང་གི་མངོན་པར་འདོད་པའི་ལམ་ཡོངས་སུ་མི་ཤེས་པས་ལམ་གཞན་ལ་ལམ་དུ་འཛིན་པ་ནི་ལམ་ལ་ལམ་མིན་དུ་འཛིན་པའི་རྣམ་པར་རྟོག་པའོ།། འགག་དང་བཅས་པའི་སྐྱེ་བ་དང་ཞེས་པ་ནི ་བཏགས་པའི་ཆོས་ཐམས་ཅད་ནི་སྐྱེ་བ་དང་འགག་པའི་རྣམ་པར་རྟོག་པའོ།། དངོས་པོ་ལྡན་དང་མི་ལྡན་དང་ཞེས་པ་ནི་དངོས་པོ་མཐའ་དག་མཚམས་མེད་པ་དང་བར་མཚམས་དང་བཅས་པར་སོ་སོར་སྣང་བ་ཉིད་ཀྱིས་ལྡན་པ་དང་མི་ལྡན ་བ་སྟེ་ལྡན་པ་དང་མི་ལྡན་པའི་རྣམ་པོར་རྟོག་པའོ།། གནས་ཞེས་པ་ནི་གཟུགས་ལ་སོགས་པའི་གནས་རྣམས་ནི་ན་མཁའ་ལ་ཀུན་ཏུ་གནས་པའི་ནམ་མཁའ་ལྡིང་ལྟ་བུ་ཉིད་ཀྱིས་ཏེ། གནས་ཀྱི་རྣམ་པར་རྟོག་པའོ།། རིགས་ནི་འཇིག་པ ་དྲང་ཞེས་པ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པས་ཉན་ཐོས་ལ་སོགས་པའི་རིགས་འཇིག་པ་སྟེ། ཉན་ཐོས་ལ་སོགས་པའི་རིགས་འཇིག་པའི་རྣམ་པར་རྟོག་པའོ།། དོན་དུ་གཉེར་དང་རྒྱུ་མེད་དང་ཞེས་པ། དོན་དུ་གཉེར་བ་ནི་སྟོང་པ ་ཉིད་དེ་ལ་དོན་དུ་གཉེར་བ་མེད་པ་སྟེ། དོན་དུ་གཉེར་བ་མེད་པའི་རྣམ་པར་རྟོག་པའོ།། རྒྱུ་མེད་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་མེད་པ་སྟེ། རྒྱུ་མེད་ཀྱི་རྣམ་པར་རྟོག་པའོ།། ཕྱིར་རྒོལ་བ་ནི་དམིགས་པ་ལ་ཞེས་པ་ནི་ང་རྒྱལ་ལ་སོགས་པ ་དམིགས་པ་སྟེ། ཕྱིར་རྒོལ་བ་དམིགས་པའི་རྣམ་པར་རྟོག་པའོ།། གསུངས་པའི་མ་ཐོང་བའི་ལམ་གྱི་སྤང་བར་བྱ་བའི་རྟོག་པ་སུམ་ཅུ་རྩ་དྲུག་པོ་རྣམས་ནི་མི་མཐུན་པའི་ཕྱོགསུ་གྱུར་པ་དང་གཉེན་པོའི་ཕྱོགས་ཏེ་འདི་རྣམས ་ཉིད་དོ།། མཐོང་བའི་ལམ་གྱི་གནས་སྐབས་ཀྱི་ཁྱད་པར་གྱི་བདག་ཉིད་རྣམས་ན་ཇི་ལྟར་མདོ་བཞིན་དུ་རྟོགས་པར་བྱའོ།། འོ་ན་མཐོང་བའི་ལམ་ནི་དང་པོར་དེ་ཁོ་ན་ཉིད་ཤེས་པའི་ཡེ་ཤེས་ཡིན་ཏེ། དེ་ཡང་ཡེ་ཤེས་ཀྱི་ཚོགས་ཀྱི་ནང ་དུ་འདུས་པས་བསོད་ནམས་ཀྱི་ཚོགས་མེད་པར་དེ་དག་ཙམ་གྱིས་ནི་བྱང་ཆུབ་ཏུ་མི་འགྱུར་རོ་མཉམ་པ་ལ་གསུངས་པ། དེ་བས་ན་བསོད་ནམས་ཀྱི་ཚོགས་ཀྱི་བདག་ཉིད་ཀྱི་བྱང་ཆུབ་ཀྱི་རྒྱུ་ལ་གཞན་གསུམ་བསྟན་པའི་ཕྱིར་གསུངས ་པབྱང་ཆུབ་གཞན་ལ་སྟོན་པ་དང་།། དེའི་རྒྱུ་ནི་ཡོངས་གཏོང་དང་།། དེ་ཐོབ་པར་ཆུད་མེད་པའི་རྒྱུ།། བསོད་ནམས་མང་པོའི་མཚན་ཉིད་དོ།། ཞེས་པ་སྟེ། བྱང་ཆུབ་གཞན་ལ་སྟོན་པ་དང་ཞེས་པ་ནི་ཡང་དག་པར་རྫོགས་པའི་བྱང ་ཆུ་བོ་གཞན་དག་ལ་སྟོན་པ་ནི་གཅིག་གོ།། དེའི་རྒྱུ་ནི་ཡོངས་གཏོད་ཞེས་པ་ནི། དེའི་རྒྱུ་ནི་བྱང་ཆུབ་ཀྱི་རྒྱུ་སྟེ། ཤེས་རབ་ཀྱི་ཕ་རོ་ལ་ཏུ་ཕྱིན་པའི་གཞུང་གི་བདག་ཉིད་བྱང་ཆུབ་ཀྱི་དོན་དུ་ཡོངསུ་གཏོད་པ་ནི་གཉིས་པའོ།། དེ་ཐོབ་བོར ་ཚད་མེད་པའི་རྒྱུ།། བསོད་ནམས་མང་པོའི་མཚན་ཉིད་དོ་ཞེས་པ་ལ། ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བ་ལ་བར་ཚད་མེད་པ་ཇི་སྲིད་རབ་ཏུ་དབྱེ་བ་བྱེད་པར་གྱུར་པ་རང་གི་རྒྱུད་ལ་ཡོད་པའི་བསོད་ནམས ་ཀྱི་ཚེ་གས་ཀྱི་མཚན་ཉིད་ནི་གསུམ་པའོ།། རྒྱུ་ཞེས་པ་ནི་ཚོགས་རྣམ་པ་གཉིས་ཀྱིས་བསྒྲུབ་པའི་བྱང་ཆུབ་ཀྱིའོ།། འོ་ན་ཡང་དག་པར་རྫོགས་པོའི་བྱང་ཆུབ་འདི་ཐོབ་པར་བྱ་བའི་ཆེད་དུ་ཅི་ཞིག་གསུངས ་རྣས་པ་ལ་གསུངས་པ། དྲིམ་བྱུང་དང་མི་མྨེ་ངྠའི།། སྣེ་ཤེས་བྱུང་མཐུཿས་བརྒྱུད་པྟཱ། ཟདདུ་མེད་སྒྱུར་ཕྱིར་དེ་དང་། སོ་རིམ་བཞིན་དུ་ཤེས་པར་བྱ་ཞེས་པ་སྟེ། འདྲར་ཆུགས ་བཅད་ཕྱེད་དང་པོས་ཉན་ཐོས་ཀྱིས་ས་ལ་གནས་ནས་རྗེས་སུ་འཚོལ་བའི་བྱང་ཆུབ་ཀྱི་མཚན་ཉིད་གསུངས་སོ།། བྱེད་ཕྱི་མས་ཐེག་པ་ཚོན་པོ་རྗེས་སུ་འཆོལ་བའི་བྱང་ཆུབ་ཀྱི་མཚན་ཉིད་དེ་གཉིས་ཏེ ་བར་བཀོད་པའོ།། དྲི་མནི་ཉོན་མོངས་དང་ཤེས་བྱའི་སྐྱོབ་པ་རྣམས་སོ།། རུད་པ་དང་མཱི་སྐྱེ་བ་ནི་སྐྱེས་པ་རྣམས་ཟང་པོ་དངོ་མ་སྐྱེས་པ་རྣམས་མི་སྐྱེ་བའོ།། དེ་དག་ནཱི་ཐོད་བྱ་དང་མི་སྐྱེ་བའི་ཤེས་པ་གང་ཡིན་སྒྲུཔ་སྟེ། ་དེ་ནི་བྱང་ཆུབ་ཅེས་བརྗོད་དོ།། དྲི་མ་རྣམས་ཟུང་བ་དང་མི་སྐྱེ་བའི་ཡེ་ཤེས་ཀྱི་མཚན་ཉིད་ནི་བྱང་ཆུབ་ཅེས་པའི་དོན་ཏོ།། བྱང་ཆུབ་ཀྱི་མཚན་ཉིད་གཅིག་གོ།། འདི་དག་སྤངས་ནས་གཞན་རིགས ་བས་ལེནྡ་པར་བྱེད་པ་ནི་ཐེག་པ་ཆེན་པོ་གྱུར་པའི་བྱང་ཆུབ་ཀྱི་མཚན་ཉིད་ཅེས་བརྗོད་དེ།། བླ་མ་རྣམས་ནི་སྒྲོ་བཏགས་པ་ཉིད་ཀྱི་བདག་ལ་སོགས་པ་ལྟ་བུ་སྟེ། གང་གི་ཕྱིར་ཟད ་པ་དང་མི་སྐྱེ་བོ་དག་མེད་པས་སོ།། དེ་བས་ན་ཟད་པ་མེད་པས་མ་སྐྱེས་པ་སྟེ། ཟད་པ་མེད་པ་ཉིད་དང་མི་སྐྱེ་བ་མེད་པ་ཉིད་དུ་ཤེས་པར་བྱ་སྟེ། དེ་ཉིད་ནི་ཐེག་པ་ཆེན་པོ་པ ་བྱང་ཆུབ་ཏུ་རྟོག་པར་བྱའོ།། ཐེག་པ་ཆེན་བྷྱོནྡྷ་རང་བཞིན་གྱིས་ཡོངས་སྨྲ་དག་པར་བྱཱནྡྷ།། ཐེག་པ་རྒྱུན་བྷྱོའི་རང་བཞིན་གྱིས་ཡོངས་སུ་དྲུག་པ་ཉིད་དུ། ཆོས་ཐམ་སྨྲ་ཅད་ཀྱི་དྲི་མཉེས ་ཥྚྲྀ་དྷཱི་ཉིད་བློས་དེ་ཁོ་ན་ཉིད་དྷཱ་བྷ་དང་མི་སྐྱེ་བ་མེང་པར་ཤེས་བྱའི་མཚན་ཉི་ན་བྱང་ཆུབ་ཅེ་སྨྲ་པའི་དོན་ཏོ།། དུ་ནི་དང་པ་དང་མི་སྐྱེ་བྷཱུའི་སྐྱེ་ཤེས་ནི་བྱང་ཆུབ་ཅེས་སྔོན་དུ་བྷ་ནྡྲ་པཱ ་xxx ་xxx ་རང་བཞིན་ཏེ་དེ་ཡང་ཐུག་མ་དང་ཐ་མ་མེད་པའི་ཐམས་ཅད་དུ་ཡོད་པ་ཉིད་དོ།། དྷེ་བཱས་ནཱ་དྷེའི་མི་མཐུན་པའི་ཕྱོག་སྨྱ་མྦྷ་བ་སྨྱོབ་བྱས་པ ་གཟུང་བ་དང་འཛིན་པ་བདག་ཉིད་ཀྱིས་ནི་ཉོན་མོངས་པ་ལ་སོགས་པའི་དྲི་མ་ཐམས་ཅད་འདིར་མེད་པ་ཉིད་དོ།། དེ་བས་མཐོང་བའི་ལམ་གྱིས་རྣམ་པར་རྟོག་པའི་རིག་ནི་སེཾའིག་བང་པ་ལ་སྐྱེ་བ་མོང་བ་ཀྱི་ཞིག་ཐོབ་སྟེ། ཅི་ཡང ་མེད་པས་ཞེས་པར་དགོངས་སོ།། འོ་ན་ཆོས་ཐམས་ཅད་ཀྱང་གཟུང་བ་དང་འཛིན་པའི་བདག་ཉིད་ལ་ཤེས་བྱ་ཉིད་ཀྱི་སྒྲིབ་པ་ཟད་པར་བརྗོད་པར་བྱ་བ་ཡིན་ན་ནི་དེ་བཞིན་དུ་ཇི་ལྟར་བཤད་ཅེས་པ་ལ་གསུངས་པ། ་གཞན་གྱི་ཆོས་རྣམས་ཀྱང་ཡོང་ལ།། ཤེས་བྱ་ལ་ཡང་སྟོན་པ་ཡི།། སྒྲིབ་པ་ཟད་པར་བརྗོད་པ་གང་།། དེ་ལ་ཁོ་བོས་མཚར་དུ་རྩིས་ཞེས་པ་སྟེ། གཟུགས་ཀྱི་ཕུང་པོ་ལ་སོགས་པའི་ཆོས་རྣམས་དངོས་པོ་ཞེས་བྱ་བར་ཡོད་ཅིང་ངེ་འཛིན་པའི ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཤེས་བྱའི་སྒྲིབ་པ་རྣམས་ཟད་པ་ཞེས་པ་འདི་ལ་ཁོ་བོས་མཚར་དུ་བརྩིས་པའོ།། གཟུགས་ཀྱི་ཕུང་པ་ལ་སོགས་པ་བརྟག་བཟོད་པ་ཉིད་དེར་སྒྲོ་བཏགས་པའི་ཤེས་བྱའི་སྒྲིབ་པ་དེའི་ནུས་མཐུས་ཏེ། ་དེས་ན་ཤེས་བྱའི་སྒྲིབ་པ་རྣམས་ཇི་ལྟར་ཟད་ཅེས་པར་དགེངས་སོ།། འོ་ན་ཤེས་བྱའི་སྒྲིབ་པ་རྣམས་ཇི་ལྟར་ཟད་ཅེས་པ་ལ་གསུངས་པ། འདི་ལ་བསལ་བྱ་ཅི་ཡང་མེད། བསྣུན་པར་བྱ་བ་ཅུང་ཟད་མེད།། ཡང་དག་ཉིད་དུ་ཡང་དག་ལྔ།། ཡང ་ངས་མཐོང་ན་རྣམ་པར་གྲོལ་ཞེས་པ་སྟེ། འདི་ལ་ཞེས་པ་ནི་གཉིས་སུ་མེད་པའི་སེམས་གསལ་བའི་རྒྱུན་གྱི་བདག་ཉིད་ཀྱི་ཆོས་ཐམས་ཅད་ལྡོག་པས་བྱས་པའི་དབྱེ་བས་ཡོངས་སུ་བརྟགས་པའི་གཟུང་བ་དང་འཛིན་པས་སྟོང་པ་ཉིད་དེ། ་དེས་ན་སྟོང་པ་ཉིད་འདི་ལ་བསལ་བར་བྱ་བ་ཅི་ཡང་མེད་དོ།། དེའི་རྟེན་དུ་གྱུར་པའི་སེམས་ཀྱི་རང་བཞིན་དེ་ལ། དེ་ལས་ནི་སྟོང་པ་ཉིད་ཀྱང་བསེལ་བར་ཐལ་བར་འགྱུར་རོ།། འདི་ལ་བསྣན་པར་བྱ་བ་ཅུང་ཟད་མེད་པ་ནི་བེམས་པོ་ལ ་སོགས་པའི་རང་བཞིན་ནོ།། འོ་ན་ཇི་ལྟར་བྱ་ཞེས་སེམས་པ་ལ་གསུངས་པ། ཡང་དག་ཉིད་དུ་ཡང་ངག་ལྟ།། ཡང་དག་མཐོང་ན་རྣམ་པར་གྲོལ་ཞེས་པ་སྟེ། ལྟ་བ་ནི་རང་རིག་པས་མངོན་སུམ་དུ་བྱའོ།། ཡང་དག་ཉིད་ཀྱིས་ནི་ཚད་མས ་སོ།། ཡང་དག་ཉིད་ནི་དེ་ཁོ་ན་ཉིད་དེ་སྟོང་པ་ཉིད་ཀྱི་བདག་ཉིད་དོ།། གང་གིས་ཡང་དག་མཐོང་ནས་རྣམ་པར་གྲོལ་བ་དེ་ནི་འཁོར་བའི་འཆིང་བ་ལས་གྲོལ་བར་འགྱུར་བའོ།། བྱང་ཆུབ་ལ་སོགས་པ་སྐབས་ལས་འོངས་པ་རྣམས ་བཤད་ནས། གཙོ་བོར་བསྟན་པར་བྱ་བ་མཐོང་བའི་ལམ་གསུངས་པ། སྦྱིན་པ་ལ་སོགས་རེ་རེར་ནི།། དེ་དག་ཕན་ཚུན་བསྡུད་པ་གང་།། སྐད་ཅིག་གཅིག་པའི་བཟོད་པ་ཡིས།། བསྡུས་པ་དེ་འདིར་མཐོང་བའི་ལམ།། དེ་ནས་སེང ་གེ་རྣམ་བསྒྱིངས་པའི།། ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས།། རྟེན་ཅིང་འབྲེལ་འབྱུང་ལུགས་མཐུན་དང་།། ལུགས་མི་མཐུན་ལ་རྟོག་པར་བྱེད་ཅེས་པ་སྟེ། སྦྱིན་པ་ལ་སོགས་ཞེས་བྱ་བ་ནི་བདུན་པའི་མཐའ་ཅན་ནོ།། སྦྱིན་པ་ལ་སོགས་པ ་གཅིག་གི་ནང་དུ་གཞན་རྣམས་འདུས་པའོ།། དེ་དག་ཅེས་པ་ནི་རང་ལས་གཞན་པའི་ལྔ་པོ་རྣམས་སོ།། ཕན་ཚུན་ནི་གཅིག་ལ་གཅིག་གོ།། བསྡུས་པའི་རྩེ་མོའི་མངོན་རྟོགས་འདིར་རོ།། མཐོང་བའི་ལམ་སྐད་ཅིག་མི་གཅིག་ཏུ་རྟོགས ་བྱའོ།། དེ་ཡང་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་སྐད་ཅིག་མ་ཡིན་པར་གཟུང་གི་གཞན་མ་ཡིན་པར་ངེས་སོ།། དེ་འདིར་མཐོང་བའི་ལམ་ཞེས་པ་ནི་སེམས་དབང་དུ་བྱས་པའི་དོན་དེ་ལུང་ལས་རབ་ཏུ་གྲགས་པའོ ་དེ་ནས་སེང་གེ་རྣམ་བསྒྱིངས་པའི་ཞེས་པའི་ཏིང་ངེ་འཛིན་ལ་བྱང་ཆུབ་སེམས་དཔའ་སྙོམས་པར་ཞུགས་ཏེ་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་ལ་ལུགས་སུ་འབྱུང་བ་ནི་མ་རིག་པའི་རྐྱེན་གྱིས ་བྱེད་ཅེས་པ་ལ་སོགས་པ་དང་། མི་མཐུན་པ་ནི་མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་པ་ལ་སོགས་པའོ།། རྟོག་པར་བྱེད་ཅེས་པ་ནི་དབྱེད་པར་བྱེད་པ་སྟེ་མཐོང་བའི་ལམ་བརྗོད་པའོ།། ང་ནི་སྒོམ་པའི་ལམ་འདི་ལ་ཐོང་རྒལ ་གྱི་སྙོམས་པར་འཇུག་པར་བསྟན་པའི་ཕྱིར་གསུངས་པ། འགོག་དང་བཅས་པའི་སྙོམས་འཇུག་དགུར།། རྣམ་པ་གཉིས་སུ་སོང་འོངས་ནས།། འདོད་པར་རྟོགས་པའི་རྣམ་པར་ཤེས།། མཉམ་གཞག་མིན་པས་མཚམས་གཟུང་སྟེ།། ་ཐད་རྒལ་དུ་ནི་སྙོམས་འཇུག་པ། གཅིག་དང་གཉིས་གསུམ་བཞི་དང་ལྔ།། དྲུག་དང་བདུན་དང་བརྒྱད་རྒལ་ནས། འགོག་པའི་བར་དུ་མི་འདྲར་འགྲོ་ཞེས་པ་སྟེ།། འདོད་པར་རྟོགས་པའི་རྣམ་པར་ཤེས།། མཉམ་གཞག་མིན་པས ་མཚམས་བཟུང་སྟེ་ཞེས་པ་ནི་འདོད་པའི་ཁམས་པ་རྣམས་ནི་ངོ་བོ་ཉིད་ཀྱིས་རྣམ་པར་གཡོ་བ་ཡིན་པས་རྣམ་པར་རྟོག་པའི་ཡེ་ཤེས་ནས་མཚམས་བཟུང་བ་བྱས་པའོ།། འགོག་དང་བཅས་པའི་སྙོམས་འཇུག་ཅེས་པ་ནི་འགོག ་པའི་སྙེམས་པར་འཇུག་པ་མཐར་བྱས་ཏེ། བསམ་གཏན་བཞི་དང་གཟུགས་མེད་པ་བཞིའོ།། འགོག་པའི་སྙོམས་པར་འཇུག་པ་དང་ཞེས་པ་ནི་སྙོམས་པར་འཇུག་པ་དགུའོ།། སོང་འོངས་ནས་ཤེས་པ་ནི་བསམ་གཏན་དང་པོ་ནས ་གཟུང་ནས་གེ་རིམས་སུ་བསྒོམ་པའི་ཕྱིར་འགོག་པའི་བར་དུ་སོང་བའོ།། དེ་ནས་འགོག་པ་ནས་བརྩམས་ཏེ་གེ་རིམ་ལས་བཟློག་ཏེ་བསྒོམ་པའི་ཕྱིར་བསམ་གཏན་དང་པོའི་བར་དུ་སླར་འོངས་པའོ།། རྣམ་པ་གཉིས་སུ་ཤེས་པ་ནི་གེ་རིམ ་ལས་བཟློག་པའི་ཚུལ་གྱིས་འགྲོ་བ་དང་འོང་བ་ཤེས་བྱའི་དོན་ཏོ།། འགོག་པ་ནས་བསམ་གཏན་དང་པོར་འོངས་ཏེ་སླར་ཡང་གང་གིས་གཅིག་དང་གཉིས་གསུམ་བཞི་དང་ལྔ། དྲུག་དང་བདུན་དང་བརྒྱད་དུ་ཐོད་རྒལ་དུ་སྙོམས་པར ་འཇུག་གོ།། འགོག་པའི་སྙོམས་པར་འཇུག་པ་སྟེ་ཇི་སྲིད་དེར་ཞུགས་པའོ།། དེ་ལ་རྟོགས་པའི་རིམ་པ་འདི་ནི་མི་འདྲ་བར་འགྲོ་བས་ན་མི་འདྲ་བ་སྟེ། ཐོད་རྒལ་གྱི་སྙོམས་པར་འཇུག་པར་བརྗོད་དོ།། དེ་ཉིད་འདིར་བྱང་ཆུབ་སེམས་དཔའི ་སྒོམ་པའི་ལམ་དུ་བརྗོད་དོ།། སྒོམ་པའི་ལམ་གྱི་སྤང་བར་བྱ་བའི་རྟོག་པ་སུམ་ཅུ་རྩ་དྲུག་ཡོད་པ་དེ་ལས་ཐེག་མར་གཟུང་བའི་རྣམ་རྟོག་རྣམ་པ་དགུ་གསུངས་པ། མདོར་བསྡུས་རྒྱས་དང་སངས་རྒྱས་ཀྱི།། བསྟང་བས་ཡོངས་སུ ་མ་བཟུང་དང་།། དུས་གསུམ་ཡོན་ཏན་མེད་པ་དང་།། ལེགས་པའི་ལམ་ནི་རྣམ་གསུམ་ལ།། གཟུང་བའི་རྣམ་རྟོག་འདི་གཅིག་སྟེ། སྦྱོར་བའི་རྣམ་པའི་སྤྱོད་ཡུལ་ཅན་ཞེས་པ་སྟེ། མེ་དོར་བསྡུས་ཞེས་པ་ནི་སེམས་ཅན་གྱི་ངོར་ཆོས ་སྟོན་པ་མདོར་བསྡུས་པ་སྟེ། མདོར་བསྡུས་པའི་རྣམ་པར་རྟོག་པའོ།། རྒྱས་དང་ཞེས་པ་ནི་དེ་ཉིད་ལ་ཆོས་སྟོན་པ་སྟེ་རྒྱས་པའི་རྣམ་པར་རྟོག་པའོ།། སངས་རྒྱས་ཀྱིས་བསྟང་བས་ཡོངས་སུ་མ་བཟུང་དང་ཞེས་པ་ནི་སངས་རྒྱས ་ཀྱིས་བསྟང་བས་གང་ཞིག་ཡོངས་སུ་མ་བཟུང་བ་དེ་ནི་མེད་པའི་རྣམ་པར་རྟོག་པའོ།། དུས་གསུམ་ཡོན་ཏན་མེད་པ་དང་ཞེས་པ་ལ། ཡོན་ཏན་ནི་རྗེས་སུ་བསྔགས་པ་སྟེ། དེ་དག་མེད་པའོ།། དེས་ཅིར་འགྱུར་ཞེས་པ་ལ། ་དུས་གསུམ་སྟེ་རབ་ཏུ་སྦྱོར་བའི་ལམ་གྱི་དུས་སུ་ཡོན་ཏན་མེད་པའི་རྣམ་པར་རྟོག་པ་དང་། མཐོང་བའི་ལམ་གྱི་དུས་སུ་ཡོན་ཏན་མེད་པའི་རྣམ་པར་རྟོག་པ་དང་། སྒོམ་པའི་ལམ་གྱི་དུས་སུ་ཡོན་ཏན་མེད་པའི་རྣམ་པར་རྟོག་པའོ།། ལེགས་པའི ་ལམ་ནི་རྣམ་གསུམ་ལ་ཞེས་པ་ནི་བྱང་ཆུབ་རྣམ་པ་གསུམ་གྱི་ལམ་སྟེ། རབ་ཏུ་སྦྱོར་བའི་ལམ་གྱི་རྣམ་པར་རྟོག་པ་དང་། མཐོང་བའི་ལམ་གྱི་རྣམ་པར་རྟོག་པ་དང་། སྒོམ་པའི་ལམ་གྱི་རྣམ་པར་རྟོག་པའོ།། གཟུང་བའི་རྣམ་རྟོག་འདི་གཅིག་སྟེ། ་ཞེས་བྱ་བ་ནི་གཟུང་བའི་རྣམ་རྟག་ཐོག་མིའི་གཅིག་པ་ཉིད་རྣམ་པ་དགུར་ཕྱེ་བའོ།། ཁྱད་པར་ཇི་ལྟ་བུ་ཞེ་ན། གསུངས་པ། སྦྱོར་བའི་རྣམ་པའི་སྤྱོད་ཡུལ་ཅན་ཏེ་སྒོམ་པའི་ལམ་གྱི་སྦྱོར་བ་གང་གི་རྣམ་པའི་ཁྱད་པར་ཡིན་པ་དེའི་ཡུལ་ནི ་གཞོམ་བྱ་ཉིད་ཀྱི་ཡུལ་ཏེ། ཐོག་མའི་གཟུང་རྟོག་རྣམ་པ་དགུ་ཞེས་པའོ།། གཟུང་པོའི་རྣམ་པར་རྟོག་པ་གཉིས་པའི་ཡུལ་གྲང་ཞིག་ཅེས་པ་ལ་གསུངས་པ། གཉིས་པ་སེམས་དང་སེམས་བྱུང་རྣམས།། འཇུག་པའི་ཡུལ་ཅན་ཡིན་བཞེད་དེ།། ་སེམས་མི་སྐྱེད་དང་བྱང་ཆུབ་ཀྱི།། སྙིང་པོ་ཡིད་ལ་མི་བྱེད་དང་།། ཐེག་པ་དམན་པ་ཡིད་བྱེད་དང་།། རྫོགས་པའི་བྱང་ཆུབ་ཡིད་མི་བྱེད།། སྐེམ་དང་སྒོམ་པ་མེད་པ་དང་།། དེ་དག་ལས་ནི་བཟློག་ཉིད་དང་།། ཇི་བཞིན་དོན་མིན་རྣམ་རྟོག་པ།། ་སྒོམ་པའི་ལམ་ལ་ཤེས་པར་བྱ་ཞེས་པ་སྟེ། གཉིས་པ་སེམས་དང་སེམས་བྱུང་རྣམས།། འཇུག་པའི་ཡུལ་ཅན་ཡིན་བཞེད་དེ་ཞེས་པ་ནི་སྐེམ་པའི་ལམ་དང་ལྷན་ཅིག་ཏུ་སྤྱོད་པའི་སེམས་དང་སེམས་ལས་བྱུང་བ་རྣམས་མི་སྐྱེ་བ་ལ ་སོགས་པའི་གནས་སྐབས་ལ་གང་ཞིག་ལ་ལར་འཇུག་པའི་ཡུལ་ཅན་ནི་གཟུང་བའི་རྣམ་རྟག་གཉིས་ཤེས་པའི་དོན་ཏོ།། དེ་ནས་སེམས་མི་སྐྱེ་དང་ཞེས་པ་ལ་སེགས་པ་འདི་རྣམས་ཉིད་རྣམ་རྟག་རྣམ་པ་དགུ་པོའི་ཡུལ་དུ་བརྗོད་དོ།། ། ་སེམས་མི་སྐྱེ་དང་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་མི་སྐྱེ་བའི་རྣམ་པར་རྟོག་པའོ།། བྱང་ཆུབ་ཀྱི་སྙིང་པོ་ཡིད་ལ་མི་བྱེད་དང་ཞེས་པ་ལ་བྱང་ཆུབོ་ཀྱི་སྙིང་པོ་ཡིད་ལ་མི་བྱེད་པ་ནི་བྱང་ཆུབ་ཀྱི་སྙིང་པོ་ཡིད་ལ་མི་བྱེང་པའི་རྣམ་པར ་རྟོག་པའོ།། ཐེག་པ་དམུན་པ་ཡིད་བྱེད་དང་ཞེས་པོ་ནི་ཉན་ཐོས་ཀྱི་ཐེག་པ་ཡིད་ལ་བྱུང་བའི་རྣམ་པར་རྟོག་པོ་དང་། རླུང་སངས་རྒྱས་ཀྱི་ཐེག་པ་ཡིད་ལ་བྱེད་པའི་རྣམ་པར་རྟོག་པའོ།། རྫོགས་པའི་བྱང་ཆུབ་ཡིད་མི་བྱེད ་ཅེས་པ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིད་ལ་མི་བྱུང་པའི་རྣམ་པར་རྟོག་པའོ།། སྐྱེམ་དང་ཞེས་པ་ནི་སྐོམ་པའི་རྣམ་པར་རྟོག་པའོ།། སྒོམ་པ་མེད་པ་དང་ཞེས་པ་ནི་སྒོམ་པ་མེད་པའི་རྣམ་པ་རོ་རྟག་པའོ།། དེ་དག ་ལས་ནི་བཟློག་ཉིད་དང་ཞེས་པ་ནི་སྒོམ་པ་ཡང་མིན་སྒོམ་པ་མིན་པ་ཡང་མིན་པའི་རྣམ་པར་རྟོག་པའོ།། ཇི་བཞིན་དོན་མིན་ཞེས་པ་ནི་ཡུལ་མེད་པ་ཉིད་ཀྱིས་ཇི་བཞིན་དོན་མིན་པའི་རྣམ་པར་རྟོག་པའོ།། གཟུང་བའི་རྣམ་རྟོག ་གཉིས་པའི་དགུ་ཚན་ནོ།། འཛིན་བུའི་རྣམ་རྟོག་དང་པོ་རྣམ་པ་དགུར་ཇི་ལྟར་འགྱུར་ཞེས་པ་ལ་གསུངས་པ། སེམས་ཅན་བཏགས་པའི་སྤྱོད་ཡུལ་ཅན།། ཆོས་བཏགས་པ་དང་སྟོང་ཉིད་མིན།། ཆགས་དང་རབ་འབྱུང ་བདག་ཉིད་དང་།། དངོས་པོར་བྱེད་དང་ཐེག་གསུམ་དང་།། ཡོན་ནི་དག་པ་མ་ཡིན་དང་།། སྤྱོད་པ་རྣམ་པར་འཁྲུགས་པ་ལ།། འཛིན་པར་བྱེད་པ་དང་པོར་དེ།། ཤེས་པར་བྱ་བ་བསྒྲགས་པ་ཡིན་ཞེས་པ་སྟེ། སེམས་ཅན་བཏགས་པའི་སྤྱོད་ཡུལ ་ཅན་ཞེས་པ་ནི་སེམས་ཅན་རྣམས་རྫས་སུ་ཡོད་པར་མ་གྲུབ་པས་སེམས་ཅན་རྣམས་ནི་བཏགས་པའི་རྣམ་པར་རྟོག་པའོ།། ཆོས་བཏགས་པ་ཞེས་པ་ནི་ཕུང་པོ་ལ་སོགས་པའི་ཆོས་རྣམས་འདི་རྫས་སུ་ཡོད་པར་མ་གྲུབ་པས་ཆོས་རྣམས ་ནི་བཏགས་པའི་ཡོད་པ་ཞེས་པ་ཆོས་བཏགས་པའི་རྣམ་པར་རྟོག་པའོ།། སྟོང་མིན་ཉིད་ཅེས་པ་ནི་འཁོར་བ་ནས་བཟུང་སྟེ་བཏགས་པའི་ཆོས་རྣམས་ཡོངས་སུ་མི་གཏོང་བས་སྟོང་ཉིད་མིན་པའི་རྣམ་པར་རྟོག་པའོ།། ཆགས་དང ་ཞེས་པ་དང་ནི་གཟུང་བ་དང་འཛིན་པ་དག་མེད་ཀྱང་གཟུང་དང་འཛིན་པར་སོ་སོར་སྣང་བའི་བསམ་པའི་རྒྱུར་ཡོད་པས་ཆགས་པར་རྣམ་པར་རྟོག་པའོ།། རབ་འབྱེད་བདག་ཉིད་ཅེས་པ་འདི་ནི་གཟུགས་སོ་ཞེས་པ་ནས་བཟུང་སྟེ། ཇི ་སྲིད་དུ་འདི་ནི་རྣམ་པ་ཐམས་ཅད་མཁྱེན་པའོ་ཞེས་པའི་བར་ཏེ་ཆོས་རབ་ཏུ་འབྱེད་པའི་རྣམ་པར་རྟོག་པའོ།། དངོས་པོར་བྱེད་ཅེས་པ་ལ་དངོས་པོར་ནི་གཟུགས་ལ་སོགས་པའོ།། བྱེད་པའི་གཟུགས་ལ་སོགས་པའི་དངོས་པོའི་ཆེད ་དུ་བཅོམ་ལྡན་འདས་མ་ལ་ཀུན་ཏུ་སྦྱོར་བ་སྟེ། དངོས་པོའི་ཆེད་དུ་རྣམ་པར་རྟོག་པའོ།། ཐེག་པ་གསུམ་དང་ཞེས་པ་ནི་ངེས་པར་རྟོག་པ་ལ་རྣམ་པར་གནས་པའི་ཐེག་པ་གསུམ་པོ་ནི་ཐེག་པ་གསུམ་དུ་རྣམ་པར་རྟོག་པའོ།། ཡོན་ནི་དག་བླ་མ ་ཡིན་དང་ཞེས་པ་ནི་གལ་ཏེ་བཞིན་གཤེགས་པ་རྣམས་སྤྲུལ་པ་ལྟ་བུ་ཡིན་ན་དེ་ལ་ཡོན་ཕུལ་བས་ཇི་ལྟ་བུར་ཡང་དག་པར་འགྱུར་ཞེས་པ་ནི་ཡོན་དྲག་པ་མ་ཡིན་པའི་རྣམ་པར་རྟོག་པའོ།། སྦྱོར་བ་རྣམ་པར་འཁྲུགས་པ་ལ་ཞེས་པ་ནི ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དུ་གཞུང་ངེས་ཡང་དག་པར་རྗེས་སུ་འཛིན་པ་ནི་སྤྱོད་པ་རྣམ་པར་འཁྲུགས་པའི་རྣམ་པར་རྟོག་པ་སྟེ། འཛིན་པའི་རྣམ་རྟོག་ཐོག་མའི་དགུ་ཚན་རྣམས་སོ།། འཛིན་པའི་རྣམ་རྟོག་གཉིས་པ་རྟོགས ་པར་བྱ་བའི་ཕྱིར་གསུངས་པ། སེམས་ཅན་བཏགས་དང་དེ་རྒྱུ་ཡི། ཡུལ་ཅནྡ་སྒོམ་པའི་ལམ་འབྲེལ་བ།། དེ་ལ་གནོད་པར་བྱེད་པ་ཡིས།། མི་མཐུན་ཕྱོགས་གཞན་རྣམ་པ་དགུ་ཞེས་པ་སྟེ། སེམས་ཅན་བཏགས་དང་ཞེས་པ་ནི་སྤངས ་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་ཡང་བཏགས་པའོ།། དེའི་རྒྱུ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ལ་སོགས་པ་ཡང་བཏགས་པའོ།། དེའི་ཡུལ་ཞེས་པ་འདི་སེམས་ཅན་བཏགས་པ་དེའི་རྒྱུའི་ཡུལ་ལོ།། གཞན་ཞེས་པ་ནི ་འཛིན་པའི་རྣམ་རྟོག་གཉིས་པའོ།། སྒོམ་པའི་ལམ་འབྲེལ་པ། མི་མཐུན་ཕྱོགས་ཞེས་པ་ནི་སྒོམ་པའི་ལམ་གྱི་མི་མཐུན་པའི་ཕྱོགས་སོ།། དེ་ལ་གནོད་པ་བྱེད་པ་ཡིས་ཞེས་པ་ནི་དེ་ལ་གནོད་པ་བྱིང་བ་ཉིད་ཀྱིས་ནའོ།། འདི་རྣམ་པ ་དགུར་ཇི་ལྟར་འགྱུར་སྙམ་པ་ལ་གསུངས་པ། ཐམས་ཅད་མཁྱེན་ཉིད་གསུམ་ངག་གི། བདག་ཉིད་ཇི་བཞིན་སྒྲིབ་རྣམ་གསུམ།། ཞི་ལམ་དེ་བཞིན་ཉིད་སོགས་དང་།། མཚུངས་པར་ལྡན་དང་མི་ལྡན་དང་།། མི་མཉམ ་བསྔལ་ལ་སོགས་དང་།། ཉོན་མོངས་རྣམས་ཀྱི་རང་བཞིན་དང་།། གཉིས་སུ་མེད་ལ་ཀུན་རྨོངས་ལ།། རྣམ་པར་རྟོག་པ་ཐར་མར་བཞེད་ཅེས་པ་སྟེ། འཛིན་པའི་རྣམ་རྟོག་ཕྱི་མའོ།། ཐམས་ཅད་མཁྱེན་ཉིད་གསུམ་དག་གིས།། བདག་ཉིད་ཇི ་ནིན་སྒྲིབ་རྣམ་གསུམ་ཞེས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་སྒྲིབ་པ་ལ་གང་ཞིག་ཀུན་ཏུ་རྨོངས་པ་དང་ནི་མཐའ་ན་ཡོད་པའི་ཀུན་རྨོངས་ཀྱི་ཚིག་སྦྱར་བར་བྱ་སྟེ། དེ་ལྟར་ཐམས་ཅད་དུ་གཞན་རྣམས་ལ་ཡང་ཀུན་རྨོངས་ཀྱི་ཚིག་སྦྱར་བར ་འོ།། རྣམ་པ་ཐམས་ཅད་མཁྱེན་པའི་སྒྲིབ་པ་ལ་ཀུན་ཏུ་རྨོངས་པ་དང་། ལམ་མཁྱེན་པའི་སྒྲིབ་པཱ་ལ་ཀུན་ཏུ་རྨོངས་པ་དང་། ཐམས་ཅད་ཤེས་པའི་སྒྲིབ་པ་ལ་ཀུན་ཏུ་རྨོངས་པའོ།། ཞི་ལམ་ཞེས་པ་ནི་ཉན་ཐོས་ལ་སོགས་པའི་ལམ་ལ་ཀུན ་རྨོངས་པའོ།། དེ་བཞིན་ཉིད་སོགས་དང་མཚུངས་པར་ལྡན་དྲུང་མི་ལྡན་དང་ཞེས་པོ་ནི་དེ་བཞིན་ཉིད་དང་། སོགས་པའི་སྒྲས་སྐད་ཅིག་མ་ཉིད་ལ་སོགས་པ་སྟེ། འདིས་ཆོས་ཐམས་ཅད་དང་མཚུངས་པར་ལྡན་པ་དང་མི་ལྡན་པར་ཀུན་ཏུ་རྨོངས ་པའོ།། མི་མཉམ་ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆོས་དཀོན་མཆོག་ཡིན་པ་ཉིད་ཀྱིས་འདྲ་བ་ལ་ཀུན་ཏུ་རྨོངས་པའོ།། སྡུག་བསྔལ་ལ་སོགས་ཞེས་པ་ནི་སྡུག་བསྔལ་གྱི་བདེན་པ་ལ་སོགས་པ་ལ་ཀུན་ཏུ་རྨོངས་པའོ།། ཉོན ་རྨོངས་པ་རྣམས་ཀྱི་རང་བཞིན་དང་ཞེས་པ་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་ཀྱི་རང་བཞིན་ལ་ཀུན་ཏུ་རྨོངས་པའོ།། གཉིས་སུ་མེད་པ་ལ་ཞེས་པ་ནི་གཟུང་བ་དང་འཛིན་པ་སྟོང་པ་ཉིད་ལ་ཀུན་ཏུ་རྨོངས་པའོ།། ཀུན་ཏུ་རྨོངས་པའི་ཚིག ་རྐང་དགུ་པོ་རྣམས་ལ་རྣམ་པར་རྟོག་པའི་སྒྲ་ཡང་ཀུན་ཏུ་སྦྱར་རོ།། འཛིན་པའི་རྣམ་རྟོག་གཉིས་པ་རྣམ་པ་དགུར་གསུངས་པའོ།། འདིར་མཐོང་བའི་ལམ་ལ་སྤང་བར་བྱ་བའི་གཟུང་བའི་རྣམ་པར་རྟོག་པ་གཉིས་དང་འཛིན་པའི་རྣམ་པར་རྟོག་པ ་ཡང་གཉིས་སུ་གསུངསོ།། འདི་ཉིད་ཀྱིས་ན་རྣམ་པར་རྟོག་པོ་རྣམ་པ་བཞིའོ།། དེ་རྣམས་སོ་སོར་དགུ་དགུ་སྟེ། སུམ་ཅུ་རྩ་དྲུག་ཏུ་འགྱུར་རོ།། འདི་རྣམས་ཉིད་ཡང་འདོད་པོ་དང་གཟུགས་མེད་པའི་དབྱེ་བས་རྣམ་པ་གསུམ་དུ་ཕྱེ་ན་རྣམ་རྟོག་བརྒྱ ་རྩ་བརྒྱད་དུ་འགྱུར་རོ།། དེ་ལྟར་སྒོམ་པའི་ལམ་གྱི་སྤང་བར་བྱ་བའི་རྣམ་པར་རྟོག་པ་ཡང་བརྒྱ་རྩ་བརྒྱད་དུ་རྟོགས་པར་བྱའོ།། འདི་རྣམས་ཐམས་ཅད་ནི་མི་མཐུན་པའི་ཕྱོགས་ཡིན་པ་ཉིད་ཀྱིས་མཐོང་བའི་ལམ་དང་སྒོམ་པའི་ལམ་གྱི་གནས ་སྐབས་ཀྱི་ཁྱད་པར་གྱི་གཉེན་པོའི་ཕྱོགས་ཀྱིས་སྤང་བར་བྱ་བ་ནི་ལུང་ལས་གསལ་ལོ།། གཉེན་པོའི་ཕྱོགས་དང་བཅས་པའི་མཐོང་བའི་ལམ་དང་། སྒོམ་པའི་ལམ་གྱིས་སྤང་བར་བྱ་བའི་རྟོག་པ་ཉིས་བརྒྱ་དང་བཅུ་དྲུག་ཏུ་བསྟན་ཏོ།། ཇི ་ལྟར་གསུངས་པའི་རྣམ་པར་རྟོག་པོ་དེ་རྣམས་ཟད་ནས་བྱང་ཆུབ་སེམས་དཔའ་ཅིར་འགྱུར་ཞེས་པ་ལ་གསུངས་པ། ཡམས་ནང་འདི་རྣམས་ཟད་ནས་ནི།། ཡུན་རིང་ལོན་ནས་དབུགས་འབྱིན་ལྟར།། རྣམ་པ་ཀུན་ཏུ་འགྲོ་བ་ཡི། བདེ་སྒྲུབ ་ཡོན་ཏན་ཕུན་ཚོགས་ཀུན།། རྒྱ་མཚོ་ཆེ་ལ་ཆུ་བོ་བཞིན།། འབྲས་བུ་མཆོག་གིས་སྤ་བ་ཡི།། སེམས་དཔའ་ཆེན་པོ་དེ་ལ་ནི།། རྣམ་པ་ཀུན་ཏུ་སྟོན་པར་བྱེད་ཅེས་པ་ནི་གསུངས་པའི་རྣམ་པར་རྟོག་པ་རྣམས་སོ།། ཡམས ་ནད་ནི་ཡོན་ཏན་ཉེ་བར་འཇོམས་པ་སྟེ། འདི་རྣམས་ཟད་པར་གྱུར་ནས་སོ།། ཡུན་རིང་ལོན་ནས་ཞེས་པ་ནི་དུས་ཡུན་རིང་པོས་སོ།། དབུགས་འབྱིན་ལྟར་ཞེས་པ་ནི་སླར་འོངས་པའི་སྲོག་ལྟ་བུའོ།། སེམས་དཔའ་ཆེན་པོ་ཞེས་པ་ནི་སྒོམ ་བའི་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའོ།། སྒོམ་པའི་ལམ་གྱི་དེ་མ་ཐག་ཏུ་བར་ཆད་མེད་པའི་ལམ་ཞེས་པས་ན་བར་ཆད་མེད་པོའི་ཏིང་ངེ་འཛིན་གསུངས་པ། སྟོང་གསུམ་སྐྱེ་བོ་ཉན་ཐོས་དང་། བསེ་རུའི་རྟོགས་པ་ཕུན ་ཚོགས་དང་།། བྱང་ཆུབ་སེམས་དཔའི་སྐྱོན་མེད་ལ།། བཀོད་པའི་དགེ་རྣམས་དཔེར་མཛད་ནས།། བསོད་ནམས་མང་པོ་ཉིད་ཀྱིས་ནི།། སངས་རྒྱས་ཉིད་ཀྱི་བར་མེད་དེ།། བར་ཆད་མེད་པའི་ཏིང་ངེ་འཛིན།། དེ་ནི་རྣམ་པ་ཀུན་མཁྱེན ་ཉིད་ཅེས་པ་སྟེ། སྟོང་གསུམ་ན་གང་ཞིག་སེམས་ཅན་གྱི་འཇིག་རྟེན་གནས་པ་དེ་རྣམས་ཉན་ཐོས་ཀྱི་བྱང་ཆུབ་དང་། རང་སངས་རྒྱས་ཀྱི་བྱང་ཆུབ་དང་། བྱང་ཆུབ་སེམས་དཔའི་རྟོགས་པ་རྣམས་ལ་བཀོད་པས་དགེ་བ་གང་དག་ཐོབ ་པ་དཔེར་ཉེ་བར་མཚོན་པར་བྱས་ཏེ། དེ་བས་ཀྱང་བསོད་ནམས་ཆེས་མང་ཞིང་བསོད་ནམས་གྱ་ནོམ་པའི་རྒྱུར་གྱུར་པ་གང་མཚོན་པའི་ཏིང་ངེ་འཛིན་གྱི་ཁྱད་པར་དེ་ནི་བར་ཆད་མེད་པའི་ཏིང་ངེ་འཛིན་ལྟ་བུར་གྱུར་པ་ཞིག ་མཉམ་པ་ལ་གསུངས་པ། སངས་རྒྱས་ཉིད་ཀྱི་བར་མེད་དེ་ཞེས་པ་སྟེ། བར་ཆད་མེད་པའི་སངས་རྒྱས་ཉིད་ཐོབ་པའི་རྒྱུ་ཞེས་པའི་དོན་ཏོ།། བར་ཆད་མེད་པའི་ཏིང་ངེ་འཛིན་གྱི་རྒྱུས་ཐོབ་པའི་སངས་རྒྱས་ཉིད་ཇི་ལྟ་བུ་ཞེས་སེམས་པ་ལ་གསུངས ་པ། དེ་ནི་རྣམ་པ་ཀུན་མཁྱེན་ཉིད་ཅེས་པ་སྟེ། སངས་རྒྱས་ཉིད་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་གྱི། གཞན་ནི་མ་ཡིན་ཞེས་པའི་དོན་ཏོ།། འོ་ན་སངས་རྒྱས་ཉིད་ཀྱི་མཚན་ཉིད་རྣམ་པ་ཐམས་ཅད་མཁྱེན་པར་གསུངས་པ་དེའི ་དམིགས་པ་ནི་གང་ཞིག་ཡིན་བདག་པོའི་རྒྱུ་ནི་ཅི་ཞིག་ཡིན། རྣམ་པ་ནི་ཇི་ལྟ་བུ་ཞེས་ཤེས་པར་འདོད་པ་ལ་བསྟན་པའི་ཕྱིར་གསུངས་པ། འདི་ཡི་དམིགས་པ་དངོས་མེད་དེ། བདག་པོ་དྲན་པ་ཡིན་པར་བཞེད་། རྣམ་པ་ཞི་ཉིད་འདི་ལ ་ནི། རབ་ཏུ་སྒྲ་རྣམས་རྒྱུད་མར་རྒོལ་ཞེས་པ་སྟེ། འདི་ཡི་ཞེས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པའིའོ།། དེའི་དམིགས་པ་དངོས་པོ་མེད་པ་ནི་ཆོས་ཐམས་ཅད་བརྟགས་པས་སྟོང་པ་ཉིད་དོ།། བདག་པོ་དྲན་པ་ཡིན་པར་བཞེད་ཅེས་པ ་ནི་ཏིང་ངེ་འཛིན་ཉིད་བསྐྱེད་པའི་རྒྱུར་གྱུར་པས་སོ།། རང་བཞིན་གྱིས་ཞི་བ་ནི་རྣམ་པའོ།། འདི་ལ་ཞེས་པ་ནི་གནས་པ་འདི་ལྔའོ།། རབ་ཏུ་སྒྲ་རྣམས་རྒྱུད་མར་རྒོལ་ཞེས་པ་ནི་ཕྱིར་རྒོལ་བ་ལ་སོགས་པ་རྣམས་ཡོད་པའི་དོན་གང་ཞིག ་ལ་ཕྱིར་རྒོལ་བ་རྣམས་དང་ཕན་ཚུན་རྩོད་པར་འགྱུར་མཉམ་པ་ལ་གསུངས་པ། དམིགས་པ་འཐད་དང་དེ་ཡི་ནི།། ངོ་བོ་ཉིད་ངེས་གཟུང་བ་དང་།། རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་དང་། དམ་པའི་དོན་དང་ཀུན་རྫོབ་དང་།། སྦྱོར་དང ་དཀོན་མཆོག་གསུམ་པོ་དང་།། ཐབས་མཁས་ཐུབ་པའི་རྟོག་པ་དང་།། ཕྱིན་ཅི་ལོག་ནི་ལམ་བཅས་དང་།། གཉེན་པོ་མི་མཐུན་ཕྱོགས་དག་དང་།། མཚན་ཉིད་དང་ནི་སྒོམ་པ་ལ།། སྨྲ་བ་རྣམས་ཀྱི་ལོག་རྟོགས ་པདྨ་རྣམ་པ་ཀུན་མཁྱེན་ཉིད་རྟེན་ཅན།། རྣམ་པ་བཅུ་དྲུག་དག་ཏུ་བཞེད་ཅེས་པ་སྟེ། དམིགས་པ་འཐོང་དང་ཞེས་པ་ནི་གཟུགས་ལ་སོགས་པ་མེད་པ་ལ་ཇི་ལྟར་དམིགས་པ་འཐད་ཅེས་པ་སྟེ། དམིགས་པ་འཐད་པ་ལ་རྩོད་པའོ།། ། ་དེའི་ངོ་བོ་ཉིད་ཅེས་པོ་ནི་གཟུགས་ལ་སོགས་པ་དེའི་ངོ་བོར་འཛིན་ཞེས་པ་སྟེ། དེའི་ངོ་བོ་ཉིད་ངེས་པར་རྒོལ་བའོ།། རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་དང་ཞེས་པ་ནི་དངོས་པོ་ཐམས་ཅད་མེད་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད ་ཀྱང་མེད་ན་ཇི་ལྟར་དེ་རྟོགས་པའི་བདག་ཉིད་ཀྱི་ཡེ་ཤེས་ཡོད་ཅེས་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་རྒོལ་བའོ།། དམ་པའི་དོན་ཞེས་པ་ནི་སྟོང་པའི་དངོས་པོ་མེད་ལ་སྟོང་པ་ཉིད་དོན་དམ་པའི་རང་བཞིན་དུ་མེད ་ཅེས་པ་ནི་དོན་དམ་པ་ལ་རྒོལ་བའི།། ཀུན་རྫོབ་ཅེས་པ་བདེན་པ་ལ་བལྟོས་ནས་བརྫུན་པ་ཡིནྡ་ལ། བདེན་པ་མ་གྲུབ་པས་དེ་ཡང་མི་འགྲུབ་སྟེ། དེ་བས་ན་གཉིས་ཀ་ཡང་མ་གྲུབ་ཅེས་པ་ནི་བདེན་པ་གཉིས་ལ་བརྒལ་བའོ།། སྦྱོར ་དང་ཞེས་པ་ནི་སྦྱོར་བ་ལ་སོགས་པ་མི་དམིགས་ན་ཇི་ལྟར་དེ་རྣམས་ངེས་ཤིང་ཀུན་ཏུ་སྤྱོང་། ཇི་ལྟར་དེ་དག་ཉེ་བར་དམིགས་ཞེས་པ་ནི་སྦྱོར་བ་ལ་བརྒལ་བའོ།། དཀོན་མཆོག་གསུམ་པོ་ཞེས་པ་ནི་རྟོགས་བྱ་བ་སོགས་པས་ཇི ་ལྟར་ཆོས་ཐམས་ཅད་ཀྱི་རང་བཞིན་རྟོགས་པའི་ནི་སངས་རྒྱས་ཡིན་ཞེས་པ་ནི་སངས་རྒྱས་དཀོན་མཆོག་ལ་བརྒལ་བའོ།། ཚིག་ཏུ་མ་གྲུབ་པས་ཇི་ལྟར་དེའི་རྒྱུན་གྱི་བྱེ་བྲག་རྣམས་ཆོས་རྣམས་ཡིན་ཞེས་པས་ནི་དཀོན་མཆོག་ལ ་བརྒལ་བའོ།། ཆོས་མ་གྲུབ་ན་ཇི་ལྟར་དེའི་དོན་རྟོགས་པའི་དགེ་འདུན་ཡིན་ཞེས་པ་ནི་དགེ་འདུན་དཀོན་མཆོག་ལ་བརྒལ་བའོ།། ཐབས་མཁས་ཞེས་པ་ནི་སངས་རྒྱས་ཉིད་མེད་ན་ཇི་ལྟར་དེའི་ཐབས་ལ་མཁས་པ་ཡིན་ཞེས ་པ་ནི་ཐབས་ལ་མཁས་པ་ལ་བརྒལ་བའོ་ཐུབ་པའི་རྟོགས་པ་ཞེས་པ་ནི་དེ་བཞིན་གཤེགས་པ་ཉིད་མེད་ན་ཇི་ལྟར་དེའི་རྟོགས་པ་བསྟན་པ་ཡིན་ཞེས་པ་ནི་རྟོགས་པ་ལས་བརྒལ་བའོ།། ཕྱིན་ཅི་ལོག་ཅེས་པ་ནི ་ཡོད་པ་ཉིད་དང་། མེད་པ་ཉིད་དང་རྟག་པ་ཉིད་དང་། མི་རྟག་པ་ཉིད་ལ་སོགས་པ་དུ་མར་ཕྱིན་ཅི་ལོག་ཏུ་རྟོགས་པའི་གནས་སྐབས་ཞེས་པ་ནི་ཕྱིན་ཅི་ལོག་ལ་བརྒལ་བའོ།། ལམ་ཞེས་པ་ནི་ཉན་ཐོས་ལ ་སོགས་པའི་ལམ་དུ་མར་གསུངས་ན་གང་ལ་ཡིད་བརྟེན་པར་བྱ་ཞེས་བྱ་བ་ནི་ལམ་ལ་བརྒལ་བའོ།། གཉེན་པོ་མི་མཐུན་ཕྱོགས་ངག་དང་ཞེས་པ་ནི་དམ་བཅས་པ་ཙམ་ཉིད་ཀྱིས་གཉེན་པོའི་ཕྱོགས་དང་མི་མཐུན་པའི་ཕྱོགས ་སུ་འགྱུར་རམ་ཞེས་པ་ནི་གཉེན་པོ་དང་མི་མཐུན་པའི་ཕྱོགས་ལས་བརྒལ་བའོ།། མཚན་ཉིད་ཅེས་པ་ནི་མཚན་ཉིད་མེད་པའི་མཚན་ཉིད་ཅེས་པ་ནི་ཆོས་ཀྱི་མཚན་ཉིད་ལ་བརྒལ་བའོ།། སྒོམ་པ་ལ་ཞེས་པ་ནི་རྣམ་པ་དུ་མར ་གསུངས་པས་གང་ལ་བསྒོམ་པར་བྱ་ཞེས་པ་ནི་བསྒོམ་པར་བྱ་བ་ལ་བརྒལ་བའོ།། ལོག་རྟོགས་ཞེས་པ་ནི་རྣམ་པ་བདུན་ནིའོ།། ཡུལ་གང་ཞེས་པ་ལ་གསུངས་པ། རྣམ་པ་ཀུན་མཁྱེན་ཉིད་རྟེན་ཅན་ཞེས་པ་སྟེ་རྣམ་པ ་ཐམས་ཅད་མཁྱེན་པ་ཉིད་ལ་ལོག་པར་རྟོགས་པའོ།། དྲུག་དང་བཅུ་ནི་བཅུ་དྲུག་ཅེས་པའི་དོན་ཏོ།། འདིར་དོན་དམ་པའི་བདེན་པ་ལ་བལྟོས་ནས་བརྒལ་བའོ།། ཀུན་རྫོབ་ཀྱི་བདེན་པ་ལ་བལྟོས་ནས་ནི་ལན་གདབ་པར་བྱའོ།། ཀུན་རྫོབ་ཀྱི་བདེན ་བ་ལ་བལྟོས་ནས་ནི་བརྒལ་བའོ།། དོན་དམ་པའི་བདེན་པ་ལ་བལྟོས་ནས་ནི་ལན་གདབ་པར་བྱའོ།། མངོན་པར་རྟོག་པའི་རྒྱན་གྱི་འགྲེལ་པ་གྲགས་པའི་ཆ་ཞེས་བྱ་བ་ལས་སྐྱབས་ལྔ་པའི་འགྲེལ་པའོ།། །། འཁྲུགས་པར་རྟོགས ་བའི་དོན་རྣམས་གོ་རིམ་བཞིན་བསྟན་པར་བྱ་བའི་ཕྱིར་མཐར་གྱིས་མངོན་པར་རྟོག་པ་གསུངས་པ། སྦྱིན་པ་ཤེས་རབ་པར་དག་དང་།། སངས་རྒྱས་ལ་སོགས་དྲན་དང་ཆོས།། དངོས་མེད་ངོ་བོ་ཉིད་ཀྱིས་ཏེ།། མཐར་གྱིས་པ་ཡི་བྱ་བར་བཞེད ་ཅེས་པ་སྟེ། སྦྱིན་པ་དང་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སངས་རྒྱས་དང་ཆོས་དང་། དགེ་འདུན་དང་། ཚུལ་ཁྲིམས་དང་། གཏོང་བ་དང་ལྷ་རྣམས་རྗེས ་སུ་དྲན་པ་དང་། བརྟགས་པའི་ཆོས་ཐམས་ཅད་མ་གྲུབ་པ་དང་ཞེས་པ་ནི་དངོས་པོ་བཅུ་གསུམ་པོ་རྣམས་ཀྱིས་མཐར་གྱིས་པའི་མངོན་པར་རྟོགས་པར་བརྗོད་དོ།། མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་གྲགས་པའི་ཆ་ཞེས ་བྱ་བ་ལས་སྐབས་དྲུག་པའི་འགྲེལ་པའོ།། མཐར་གྱིས་པའི་མངོན་པར་རྟོགས་པའི་དེ་མ་ཐག་ཏུ་སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པའོ།། དེ་ཡང་མཚན་ཉིད་ཀྱིས་རྣམ་པ་བཞི་སྟེ། ཟག་པ་མེད་པའི་ཆོས་ཐམས་ཅད་སྐད ་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པ་དང་། དཀར་པོའི་ཆོས་ཐམས་ཅད་སྐད་ཅིག་མུ་གཅིག་ལ་མངོན་པར་བྱང་ཆུབ་པ་དང་། མཚན་ཉིད་མེད་པའི་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པ་དང་། ་གཉིས་སུ་མེད་པའི་ཆོས་ཐམས་ཅད་སྐད་ཅིག་མུ་གཅིག་ལ་མངོན་པར་བྱང་ཆུབ་པའོ།། འདི་རྣམས་ལ་ཐེག་མ་རྟོགས་པར་བྱ་བའི་ཕྱིར་གསུངས་པ། སྦྱིན་པ་ལ་སོགས་རཾ་རས་ཀྱང་།། ཟག་མེད་ཆོས་ཀུན་བསྡུས་པའི་ཕྱིར།། ། ་ཐུབ་པའི་སྐད་ཅིག་མ་གཅིག་པའི།། རྟོགས་པ་འདི་ནི་ཤེས་པར་བྱ་ཞེས་པ་སྟེ། ཟུག་མེད་ཆོས་ཀུན་ནི་སངས་རྒྱས་ཀྱི་ཟག་པ་མེད་པའི་ཆོས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་དང་། མཚན་དང་དཔེ་བྱད་རྣམས ་དང་། སྤྲུལ་པའི་མཛད་པའི་མཐར་ཐུག་པའི།། དེ་རྣམས་ཀྱི་ནང་ནས་སྦྱིན་པ་ལ་སོགས་བྱ་རེ་རེས་ཀྱང་།། ཟག་པ་མེད་པའི་ཆོས་འདི་རྣམས་ཡང་དག་པར་བསྡུས་ཏེ། སྦྱིན་པ་ལ་སོགས་པའི་སེམས་གཅིག་གི་སྐད་ཅིག་གི ་དུས་སུ་ཟག་པ་མེད་པའི་ཆོས་གཞན་ཐམས་ཅད་ཀྱང་རྟོགས་པས་ན་ཟག་པ་མེད་པའི་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པ་ཞེས་བྱའོ།། དེ་ཡང་ཐུབ་པ་ཉིད་ཀྱི་ཡིན་གྱི་ཉན་ཐོས་ལ་སོགས་པ་རྣམས ་ཀྱི་ས་ཡིན་ནོ།། བྱང་ཆུབ་སེམས་དཔའ་ནི་ལམ་གྱི་གནས་སྐབས་སུ་བརྗོད་དོ།། ཟག་པ་མེད་པའི་ཆོས་ཅིག་ཤེས་པའི་དུས་སུ་ཟག་པ་མེད་པའི་ཆོས་ཐམས་ཅད་ཇི་ལྟར་ཤེས་ཞེས་པ་འཇིག་རྟེན་པའི་དཔེས ་རྟོག་པར་བྱ་བའི་ཕྱིར་གསུངས་པ། ཇི་ལྟར་སྐྱེས་བུས་ཟོ་ཆུའི་རྒྱུད།། རྟོག་ཐབས་གཅིག་གིས་བསྐྱོད་པ་ན།། ཐམས་ཅད་གཅིག་ཆར་འགུལ་བ་ལྟར།། སྐད་ཅིག་ཡེ་ཤེས་དེ་བཞིན་ནོ་ཞེས་པ་སྟེ། དཔེར་ན་སྐྱེས་བུས་ཟོ་ཆུའི་གདུང་བུ ་གཅིག་རྟོག་ཐབས་གཅིག་གིས་བསྐྱོད་པར་གྱུར་ན་ཟོ་ཆུ་ཐམས་ཅད་དུས་གཅིག་ལ་འགུལ་བར་འགྱུར་རོ།། དེ་ལྟར་སྦྱིན་པ་ལ་སོགས་པའི་སེམས་གཅིག་གི་དུས་སུ་ཡང་ཟག་པ་མེད་པའི་ཆོས་ཐམས་ཅངྒ་རབ་ཏུ་ལྟུང་ཞིང ་སྐྱོན་གོམས་པར་བྱས་པའི་ཤུགས་ཉིད་ཀྱིས་ཐམས་ཅད་དུས་གཅིག་ཏུ་རྟོགས་པར་འགྱུར་རོ།། གཉིས་པ་བསྟེན་པོའི་ཕྱིར་གསུངས་པ། གང་ཚེ་ཆོས་དཀར་ཐམས་ཅད་ཀྱི།། རང་བཞིན་ཤེས་རབ་ཕ་རོལ་ཕྱིན།། སྤྱི་རྣམ་སྨིན ་ཆོས་ཉིད་གནས་སྐབས་སྐྱེས།། དེ་ཚེ་སྐད་ཅིག་གཅིག་ཡེ་ཤེས་ཞེས་པ་སྟེ། རྣམ་སྨིན་ཆོས་ཉིད་ཅེས་པ་ནི་ལྷུན་གྱིས་གྲུབ་པར་རབ་ཏུ་གནས་པ་ཞེས་པ་ནི་རྣམ་སྨིན་ཆོས་ཉིད་ཀྱི་གནས་སྐབས་སོ།། དཀར་པོའི་ཆོས་ཐམས ་ཅད་བདག་ཉིད་ཇི་ལྟ་བུ་ཞེས་པ་ལ་དཀར་པོའི་ཆོས་ཐམས་ཅད་ཀྱི་རང་བཞིན་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རིགས་ཏེ། འདི་ལྟར་ཡེ་ཤེས་བསྐྱེད་པ་སྐད་ཅིག་གཅིག་གི་ཡེ་ཤེས་ཀྱི་དངོས་སུ་དཀར་པོའི་ཆོས་ཐམས་ཅད ་རྟོགས་པས་སོ།། གསུམ་པ་བསྟན་པར་བྱ་བའི་ཕྱིར་གསུངས་པ། སྦྱིན་ལ་སོགས་པའི་སྤྱོད་པ་ཡིས།། ཆོས་ཀུན་རྨི་ལམ་འདྲར་གནས་ན།། ཆོས་རྣམས་མཚན་ཉིད་མེད་པ་ཉིད།། སྐད་ཅིག་མ་ནི་གཅིག་གིས་རྟོགས་ཞེས་པ་སྟེ།། ་ཆོས་རྣམས་ཞེས་པ་ནི་གཟུགས་ལ་སོགས་པ་རྣམས་སོ།། གང་དག་གི་མཚན་ཉིད་ནི་གཟུགས་ཀྱིས་ཐོགས་པ་དང་བཅས་པའི་བདག་ཉིད་དོ་ཞེས་པ་ལ་སོགས་པ་སྟེ་མེད་པའོ།། སྐད་ཅིག་མ་ནི་གཅིག་གིས་རྟོགས་ཞེས་པ་ནི ་མངོན་སུམ་དུ་བྱེད་པ་ཐོབ་པ་ཞེས་བྱ་བའི་དོན་ཏོ།། བཞི་པ་རྟོགས་པར་བྱ་བའི་ཕྱིར་གསུངས་པ། རྨི་ལམ་དང་ནི་དེ་མཐོང་ཉིད།། གཉིས་ཀྱི་ཚུལ་དུ་མི་མཐོང་ལྟར།། ཆོས་རྣམས་གཉིས་སུ་མེད་པ་ཡི།། དེ་ཉིད་སྐད་ཅིག ་གཅིག་གིས་མཐོང་ཞེས་པ་སྟེ། གཉིད་ལོག་པའི་གནས་སྐབས་སུ་ཉེ་བར་ཐོབ་པའི་ཡུལ་དེ་རྣམས་ནི་བདག་ཉིད་སོ་སོར་རིག་པ་ཉིད་དེ། གཟུང་བར་བྱ་བའི་ཡུལ་མེད་ཀྱང་དེས་གཟུང་བར་ལོགས་ཤིག་ཏུ་ཤིང་དང་རི་དང་རྒྱ་མཚོ ་ལ་སོགས་པར་ཉེ་བར་བཏགས་ཏེ་ན་མཁའི་ཁམས་ཀྱི་རྣམ་པར་ཤེས་པ་ཉིད་ཀྱིས་བེམས་པོར་ཆུད་པ་ལྟར་མངོན་ནོ།། དེ་མཐོང་ཞེས་པ་ལ་རྨི་ལམ་མཐོང་བའི་སྐྱེས་བུ་སེམས་བསལ་བའི་བདག་ཉིད་དེས་འཛིན་པ་པ་མེད་ཀྱང ་འཛིན་པ་པོར་ལོགས་ཤིག་ཏུ་བརྟགས་པ་ལག་པ་དང་རྐང་པ་ལ་སོགས་པའི་རྣམ་པར་འཁོར་ལོའོ།། གཉིས་པ་འདི་ནི་བརྫུན་པས་ཉེ་བར་བཞག་པ་སྟེ། གང་ཞིག་གཟུང་བ་དང་འཛིན་པར་དབྱེ་བར་མི་ལྟ་བས་དེས་ན་ཆོས་ཀྱི ་རྣམ་པ་གཟུགས་བརྙན་ལྟ་བུ་དང་གཉིས་སུ་མེད་པའི་སེམས་རང་གསལ་བའི་རྒྱུན་གྱི་བདག་ཉིད་དོ།། གཉིས་སུ་མེད་པ་ནི་བརྟགས་པའི་གཟུང་བ་དང་འཛིན་པ་ལ་སོགས་པར་གྲོལ་བའི་མཚན་ཉིད་དེ་སྐད ་ཅིག་མ་གཅིག་གིས་མཐོང་བ་སྟེ། སྐད་ཅིག་གཅིག་ལ་མངོན་པར་བྱང་ཆུབ་པ་རྣམ་པ་བཞིའོ།། མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་གྲགས་པའི་ཆ་ཞེས་བྱ་བ་ལས་སྐབས་བདུན་པའི་འགྲེལ་པའོ།། །། མངོན་པར ་རྟོགས་པ་བརྒྱད་པ་མངོན་དུ་བསྟན་པ་གསུངས་པ། ངོ་བོ་ཉིད་ལོངས་རྫོགས་བཅས་དང་། དེ་བཞིན་གཞན་པ་སྤྲུལ་པ་ནི།། ཆོས་སྐུ་མཛད་པར་བཅས་པ་སྟེ། རྣམ་པ་བཞིར་ནི་ཡང་དག་བརྗོད་ཅེས་པ་དེའི་དོན་ནི་འདི་ཡིན་ཏེ། ཆོས ་ཀྱི་སྐུའི་མངོན་པར་རྟོགས་པ་བཤད་བྱ་རྗེས་སུ་བཟུང་སྟེ། དེས་ནི་ངོ་བོ་ཉིད་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་དང་། སྐུ་གསུམ་གྱི་མཛད་པ་འགྲོ་བའི་དོན་བྱེད་པའི་བྱ་བ་དང་བཅས་པས་རྣམ་པ་བཞིར ་ཡོངས་སུ་བཟུང་བའོ།། དཔེར་ན་བཅུ་དྲུག་ཏུ་དམ་བཅས་པ་ལས་གྲངས་མ་ཚང་བས་ཚས་བསྟོན་ཏེ། གྲངས་ཁྲེས་བླངས་བུ་ལྟར་མདོར་བསྣུན་པའི་ཆོག་དང་བཅས་པས་སྐུ་བཞིར་ཁས་བླངས་པ་དེ་རང་དགའ་བྱེད་པ་སྟེ། ་སྙིང་རྗེའི་གནས་ཡིན་ནོ།། ཐེག་པ་གཞན་དང་སྐུ་བཞི་དང་སྐུ་ལྔ་དང་རྣམ་པར་བཞག་པ་ཐེག་པ་གཞན་གྱི་ཚུལ་ཡིན་ལ། འདི་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཡིན་པས་སོ།། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་འདིར་ཡང་བྱང་ཆུབ་ཀྱི ་ཕྱོགས་ལ་སོགས་པའི་ཡོན་ཏན་གྱི་ཚོགས་རྣམས་ནི་ལོངས་སྤྱོད་རྫོགས་པའི་ཕྱོགས་ཉིད་ཡིན་པས་ན་སྐུ་གསུམ་དུ་རྣམ་པར་བཞག་པ་ཉིད་ཡིན་ཏེ། གཞན་དུ་ན་བཅོམ་ལྡན་འདས་ཀྱི་གདུང་ལ་སོགས་པ་ཡང་སྐུ་ལོགས་ཤིག་པར ་རྣམ་པར་བཞག་པར་ཐལ་བར་འགྱུར་ཏེ། དེ་བས་ན་སྐུ་གསུམ་དུ་བཤད་པ་འདི་ཉིད་ནི་རིགས་པའོ།། དེ་རྣམས་ལས་ངོ་བོ་ཉིད། ཀྱིས་སྐུ་བསྟན་པའི་ཕྱིར་གསུངས་པ། ཐུབ་པའི་ངོ་བོ་ཉིད་སྐུ་ནི། ཟག་པ་མེད་ཆོས་རྣམས་ཀུན་ཏུ།། རྣམ ་པར་དག་གྱུར་གང་དག་ཡིན།། དེ་དག་རང་བཞིན་མཚན་ཉིད་ཅན་ཞེས་པ་སྟེ། ཆོས་གང་ཞེས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་དང་། དེའི་སྟེན་པའི་ཡོད་ཀྱིས་ཡོན་ཏན་གྱི་ཚོགས་དང་། སྤྲུལ་པའི་སྐུ་དང་། དེ་དག་གི་མཛད་པའི་མཚན ་ཉིད་དང་། དངོས་པོ་རྣམ་པ་བཞི་པའོ།། རྣམ་པ་ཀུན་རྣམ་པར་དག་པ་ཟག་པ་མེད་པ་གང་ཞིག་ཆོས་དེ་རྣམས་ཀྱི་རང་བཞིན་དེ་ནི་རྣམ་པར་དག་པ་སྟེ། བརྟགས་པའི་གཟུང་བ་དང་། འཛིན་པ་སྟོང་པ་ཉིད་དོ།། དེ་ནི་སངས་རྒྱས་བཅོམ་ལྡན ་འདས་རྣམས་ཀྱི་སྐུ་ཡིན་ནོ།། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པ་དང་། དེ་དག་གི་མཛད་པ་རྣམས་ཡོངས་སུ་མ་དག་པ་མེད་པའི་འམ་ཟག་པ་དང་བཅས་པ་མེད་དེ། ཟག་པ་མེད་ཆོས་རྣམས་ཀུན་ཏུ།། རྣམ་པར་དག་འགྱུར་གང་དག ་ཡིན་ཞེས་པའི་ཚིག་གིས་ཡང་དག་པར་གཟུང་བར་བྱ་བ་ཡིན་ནོ།། དེ་ལ་འདི་ལྟར་ལྡོག་པར་བྱས་པའི་ཐ་དད་ཀྱིས་ཡོངས་སུ་བརྟགས་པའི་སྟོང་པ་ཉིད་ཀྱི་བདག་ཉིད་ནི་ངོ་བོ་ཉིད་ཀྱི་སྐུར་རྟོགས་པར་བྱའོ།། ཆོས་གང་ཞེས་པ་ལ། བྱང ་ཆུབ་ཀྱི་ཕྱོགས་དང་། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པ་དང་། དེ་དག་གི་མཛད་པའི་མཚན་ཉིད་སྟེ། གང་རྣམས་ཀྱི་རང་བཞིན་ནི་ངོ་བོ་ཉིད་ཀྱི་སྐུར་རྟོགས་པར་བྱ་བ་དེ་རྣམས་རིམ་པ་ཇི་ལྟ་བ་བཞིན་དུ་བསྟན་པའི་ཕྱིར ་གསུངས་པ། བྱང་ཆུབ་ཅེས་པ་ལ་སོགས་པ་སྟེ། བྱང་ཆུབ་ཕྱོགས་ཤེས་པ་ལུས་དྲན་པ་ཉེ་བར་གཞག་པ་དང་། ཚོར་བ་དྲན་པ་ཉེ་བར་གཞུག་པ་དང་། སེམས་དྲན་པ་ཉེ་བར་གཞག་པ་དང་། ཆོས་དྲན་པ་ཉེ་བར་གཞག་པ་བཞི་པོ་རྣམས་སོ།། ། ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པ་དང་། མི་དགེ་བའི་ཆོས་སྐྱེས་པ་རྣམས་ཕྱིར་སྦྱོང་བའི་རྩོན་པ་དང་། དགེ་པའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་བརྩོན་པ་དང་། དགེ་བའི་ཆོས་སྐྱེས་པ་འཕེལ་བར་བྱེད་པའི་ཕྱིར ་བརྩོན་པ་སྟེ། ཡང་དག་པར་སྤོང་བ་བཞི་རྣམས་སོ།། འདུན་པའི་ཏིང་ངེ་འཛིན་དང་། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་དང་། སེམས་པའི་ཏིང་ངེ་འཛིན་དང་། དཔྱོད་པའི་ཏིང་ངེ་འཛིན་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་རྣམ་སོ།། དད་པའི་དབང་པོ་དང་། དྲན་པའི ་བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་སྟེ། དབང་པོ་རྣམས་སོ།། འདི་རྣམས་ཉིད་མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་མནན་པར་མི་ནུས་པས་སྟོབས་སུ་གྱུར་པ་སྟེ། དང་བུའི ་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། དྲན་པའི་སྟོབས་དང་། ཏིང་ངེ་འཛིན་གྱི་སྟོབས་དང་། ཤེས་རབ་ཀྱི་སྟོབས་ཏེ། སྟོབས་རྣམ་པ་ལྔའོ།། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རབ་ཏུ་འབྱེད་པ་ཡང་དག་བྱང་ཆུབ་ཀྱི ་ཡན་ལག་དང་། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བཏང་སྙོམས་ཡང་དག ་བྱང་ཆུབ་ཀྱི་ཡན་ལག་སྟེ་རྣམ་པ་བདུན་ནོ།། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང ་དག་པའི་ཏིང་ངེ་འཛིན་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམས་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནོ།། ཚད་མེད་ཅེས་པ་ནི་ཚད་གཟུང་དུ་མེད་པར་སེམས་ཅན་ལ་དམིགས་པ་ཉིད་ཀྱིས་ཏེ། བྱམས་པ་དང་། སྙིང་རྗེ ་དང་། དགའ་བ་དང་། བཏང་སྙོམས་ཏེ་ཚད་མེད་པ་བཞིའོ།། རྣམ་པར་ཐར་པ་དང་། ཞེས་པ་ནི་ནང་གཟུགསུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགསུ་ལྟ་བ་ནི་གཅིག་གོ།། ནང་གཟུགས་ཀྱི་མཚན་མ་མེད་ལ་ཕྱིའི་གཟུགསུ་ལྟ་བ་ནི་གཉིས་པའོ།། ་སྡུག་པའི་རྣམ་པར་ཐར་པ་ལུས་ཀྱི་མངོན་སུམ་དུ་བྱས་ཏེ་གནས་པ་འདི་ནི་གསུམ་པའོ།། གཟུགས་མྱེད་བཞི་རྣམས་དང་། འདུ་ཤེས་དང་ཚོར་བ་འགོག་པ་སྟེ་རྣམ་པར་ཐར་པ་བརྒྱད་དོ།། མཐར་གྱིས་གནས་པའི་སྙོམས་པར་འཇུག ་པ་དགུ་ཞེས་པ་ནི་བསམ་གཏན་བཞི་རྣམས་དང་། གཟུགས་མེད་བཞི་པོ་རྣམས་དང་། འདུ་ཤེས་དང་ཚོར་བ་འགོག་པ་སྟེ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་པོ་རྣམས་སོ།། ཟད་པར་བཅུའི་བདག་ཉིད་དང་ཞེས་པ་ནི ་ཟད་པར་གྱི་སྐྱེ་མཆེད་ནི་ཟད་པར་སའི་སྐྱེ་མཆེད་དང་། ཟད་པར་ཆུ་དང་། ཟད་པར་མེ་དང་། ཟད་པར་རླུང་དང་། ཟད་པར་སྔོན་པོ་དང་། ཟད་པར་སེར་པོ་དང་། ཟད་པར་དམར་པོ་དང་། ཟད་པར་དཀར་པོ་དང་། ཟད་པར་ན་མཁའ་དང་། ཟད ་པར་རྣམ་པར་ཤེས་པ་སྟེ། ཟད་པ་གྱི་སྐྱེ་མཆེད་བཅུའོ།། ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི་རབ་ཏུ་དབྱེ་བས་རྣམ་པ་བརྒྱད་ཅེས་པ་ནི་ནང་གཟུགས་ལ་མཚན་མར་འདུ་ཤེས་ཤིང་ཕྱིའི་གཟུགས་ལ་ནི་བསྡུས་པ་འམ་ང་རྒྱལ་ཅན་དུ་ལྟ་བ་སྟེ། དེ ་ཟིལ་གྱིས་གནོན་པར་ཤེས་པ་ནི་ཕྱི་སྟེ་གཅིག་གོ།། ནང་གི་གཟུགས་མཚན་མ་རོ་འདུ་ཤེས་ཤིང་ཕྱིའི་གཟུགས་ཅན་ལ་རྒྱས་པར་ལྟ་བ་སྟེ། དེ་ཟིལ་གྱིས་གནོན་པར་ཤེས་པ་ནི་གཉིས་པའོ།། ནད་གི་གཟུགས་ནི་གཟུགས་མེད་པར་འདུ ་ཤེས་ལ་ཕྱིའི་གཟུགས་ལ་བསྡུས་ནས་ལྟ་བ་དེ་ཟིལ་གྱིས་གནོན་པར་ཤེས་པ་ནི་གསུམ་པའོ།། ནང་གི་གཟུགས་ལ་གཟུགས་མེད་པར་འདུ་ཤེས་ཤིང་ཕྱིའི་གཟུགས་ཅན་ལ་རྒྱས་པར་ལྟ་བ་སྟེ་ཟིལ་གྱིས་གནོན་པར་ཤེས་པ་ནི་བཞི ་པའོ།། ང་གི་གཟུགས་ལ་མཚན་མར་འདུ་ཤེས་ཤིང་ཕྱིའི་གཟུགས་ལ་སྔོན་པོར་ལྟ་བ་ནི་ལྔ་པའོ།། དེ་ལྟར་སེར་པོར་མཐོང་བ་ནི་དྲུག་པའོ།། དམར་པོར་མཐོང་བ་ནི་བདུན་པའོ།། དཀར་པོར་མཐོང་བ་ནི་བརྒྱད་པ་སྟེ། ཟིལ་གྱིས་གནོན ་པའི་སྐྱེ་མཆེད་རྣམ་པ་བརྒྱད་དོ།། ཉོན་མོངས་མེད་དང་ཞེས་པ་ནི་ཉོན་མོངས་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། གང་ཞིག་ལ་སྙོམས་པར་ཞུགས་ནས་གཞན་གྱི་རྒྱུད་ལ་བརྟེན་ནས་ཀྱང་ཉོན་མོངས་པ་རྣམས་ཀུན་ཏུ་འབྱུང་བར་མི་འགྱུར ་བའོ།། སྨོན་ནས་མཁྱེན་ཞེས་པ་ནི་དགོས་པ་ཐམས་ཅད་ལས་ངེས་པར་གྲོལ་ནས་ཐེ་ཚོམ་མ་ལུས་པ་སེལ་བའི་ཤེས་པ་ནི་སྨོན་ནས་མཁྱེན་ནོ།། མངོན་ཤེས་ཞེས་པ་ནི་རྫུ་འཕྲུལ་གྱི་མངོན་པར་ཤེས་པ་དང་། ལྷའི་རྣ་བའི་མངོན་པར་ཤེས ་པ་དང་། གཞན་གྱིས་སེམས་ཤེས་བྱ་བའི་མངོན་པར་ཤེས་པ་དང་། སྔོན་གྱི་གནས་རྗེ་སུ་དྲན་པའི་མངོན་པར་ཤེས་པ་དང་། ལྷའི་མིག་གི་མངོན་པར་ཤེས་པ་དང་། ཟག་པར་ཟད་པའི་མངོན་པར་ཤེས་པ་སྟེ། མངོན་པར་ཤེས་པ ་དྲུག་གོ།། སོ་སོར་ཡང་དགུ་རིག་ཅེས་པ་ནི། ཆོས་སོ་སོར་ཡང་དག་པར་རིག་པ་དང་། དོན་སོ་སོར་ཡང་དག་པར་རིག་པ་དང་། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་སྟེ། སོ་སོ་ཡང་དག ་པར་ཤེས་པ་རྣམ་པ་བཞིའོ།། རྣམ་པ་ཐམས་ཅད་དག་བཞི་དང་ཞེས་པ་ནི་རྟེན་རྣམ་པར་དག་པ་དང་། དམིགས་པ་རྣམ་པར་དག་པ་དང་། སེམས་རྣམ་པར་དག་པ་དང་། ཡེ་ཤེས་རྣམ་པར་དག་པ་སྟེ། དག་པ་རྣམ་པ་བཞི་རྣམས་སོ།། ། ་དབང་བཅུ་ཞེས་པ་ནི་ཚེ་ལ་དབང་བ་དང་། སེམས་ལ་དབང་བ་དང་། ཡོངས་སུ་ཤེས་པ་ལ་དབང་བ་དང་། ལས་ལ་དབང་བ་དང་། སྐྱེ་བ་ལ་དབང་བ་དང་། མོས་པ་ལ་དབང་བ་དང་། སྨོན་ལམ་ལ་དབང་བ་དང་། རྫུ་འཕྲུལ་ལ་དབང་བ་དང་། ་ཡེ་ཤེས་ལ་དབང་བ་དང་། ཆོས་ལ་དབང་བ་སྟེ། དབང་བཅུའོ།། སྟོབས་བཅུ་ཞེས་པ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང་། ཁམས་སྣ་ཚོགས་མཁྱེན་པའི ་སྟོབས་དང་། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང་། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ ་བྱང་བ་མཁྱེན་པའི་སྟོབས་དང་། སྔོན་གྱིས་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང་། འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་དང་། ཟག་པ་ཟད་པ་མཁྱེན་པའི་སྟོབས་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱིས་སྟོབས་བཅུའོ།། ་མི་འཇིགས་པ་ནི་བཞི་ཞེས་པ་ནི་མངོན་པར་བྱང་ཆུབ་པ་ལ་མི་འཇིགས་པ་དང་། ཟག་པ་རྣམས་ཟད་པ་ལ་མི་འཇིགས་པ་དང་། བར་ཆད་ཀྱི་ཆོས་རྣམས་ཀྱིས་མི་འཇིགས་པ་དང་། མྱ་ངན་ལས་འདས་པའི་ཆོས་ལ་མི་འཇིགས ་པ་སྟེ། མི་འཇིགས་པ་རྣམ་པ་བཞིའོ།། བསྲུང་བ་མེད་པ་རྣམ་གསུམ་དང་། ཞེས་པ་ནི་སྐྱོན་མེད་པ་ཉིད་ཀྱི་དེ་བཞིན་གཤེགས་པ་ལ་གཞན་གྱིས་འཇིགས་པ་མེད་དེ། དེས་ན་སྐུ་ལ་བསྲུང་བ་མེད་པ་དང་། གསུང་ལ་བསྲུང་བ། ་མེད་པ་དང་། ཐུགས་ལ་བསྲུང་བ་མེད་པ་དང་། བསྲུང་བ་མེད་པ་རྣམ་པ་གསུམ་མོ།། དྲན་པ་ཉེ་བར་གཞག་པ་རྣམ་གསུམ་དང་ཞེས་པ་ནི་ཆོས་རྣམས་སྟོན་པས་ན་ཉན་པར་འདོད་པ་དང་། ཉན་པར་མི་འདོད་པ་དང་། གཉི་གར་མི ་འདོད་པ་ལ་རིམ་པ་ཇི་ལྟ་བ་བཞིན་དུ་རྗེསུ་ཆགས་པ་དང་། ཞེ་སྡང་བ་དང་། གཉི་ག་དག་བྲལ་བ་སྟེ། དེ་ལྟར་བཅོམ་ལྡན་འདས་དྲན་པ་དང་ལྡན་པར་གནས་པ་ནི་དྲན་པ་ཉེ་བར་གཞག་པ་རྣམ་པ་གསུམ་མོ།། བསྙེལ་བ་མི་མངའ ་མཆོས་ཉིད་དང་ཞེས་པ་ནི་སེམས་ཅན་གྱི་དོན་བྱེད་པའི་དུས་ལས་མ་འདུས་པའི་མཚན་ཉིད་ནི་བསྒྱེལ་བ་མི་མངའ་བའི་ཆོས་ཉིད་དོ།། བག་ཆགས་ཡང་དགྲ་བཅོམ་པ་དང་ཞེས་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་བག ་ཆགས་ཡང་དག་པར་བཅོམ་པའོ།། སྐྱེ་ལ་ཐུགས་རྗེ་ཆེན་པོ་དང་ཞེས་པ་ནི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དང་དེའི་རྒྱུ་རྣམས་བསལ་བར་བཞེད་པའོ།། ཐུབ་པ་ཁོ་ནའི་མ་འདྲེས་ཆོས་བཅོ་བརྒྱད་བཤད་པ་གང་ཡིན་དང ་ཞེས་པ་ནི་སྐུ་ལ་འཁྲུལ་པ་མི་མངའ་བ་དང་། གསུང་ལ་ཅ་ཅོ་མི་མངའ་བ་དང་། དྲན་པ་ཉམས་པ་མི་མངའ་བ་དང་། སེམས་མཉམ་པར་མ་བཞག་པ་མི་མངའ་བ་དང་། འདུ་ཤེས་སྣ་ཚོགས་མི་མྱོངའ་བ་དང་། གྲངས་སོ་སོ་ལ ་བཏང་སྙོམས་མི་མངའ་བ་དང་། འདུན་པ་ཡོངས་སུ་ཉམས་པ་མི་མངའ་བ་དང་། བརྩོན་འགྲུས་ཡོངས་སུ་ཉམས་པ་མི་མངའ་བ་དང་། དྲན་པ་ཡོངས་སུ་ཉམས་པ་མི་མངའ་བ་དང་། ཏིང་ངེ་འཛིན་ཡོངས་སུ་ཉམས་པ་མི་མངའ ་བ་དང་། ཤེས་རབ་ཡོངས་སུ་ཉམས་པ་མི་མངའ་བ་དང་། རྣམ་པར་གྲོལ་བ་ཡོངས་སུ་ཉམས་པ་མི་མངའ་བ་དང་། ལུས་ཀྱི་ལས་ཀྱི་སྔོན་དུ་ཡེ་ཤེས་འགྲོ་བ་དང་། ངག་གི་ལས་ཀྱི་སྔོན་དུ་ཡེ་ཤེས་འགྲོ་བ་དང་། ཡིད་ཀྱི་ལས ་ཀྱི་སྔོན་དུ་ཡེ་ཤེས་འགྲོ་བ་དང་། འདས་པ་རྣམས་ལ་མ་ཆགས་ཤིང་མ་ཐོགས་པའི་ཡེ་ཤེས་དང་། མ་འོངས་པ་རྣམས་ལ་མ་ཆགས་ཤིང་མ་ཐོགས་པའི་ཡེ་ཤེས་དང་། ད་ལྟར་བ་རྣམས་ལ་མ་ཆགས་ཤིང་མ་ཐོགས་པའི་ཡེ་ཤེས ་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཅེས་བྱའོ།། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཞེས་པ་ནི་ཇི་ལྟར་གསུངས་པའི་རྣམ་པ་ཐམས་ཅད་མཁྱེན་པའི་བདག་ཉིད་ཀྱི་མངོན་པར་རྟོགས་པའོ།། ། ་དེ་ལྟར་དེ་བཞིན་གཤེགས་པ་ཆོས་ཅན་ལ་ཆོས་ཀྱི་ཕུང་པོར་མངོན་པར་བརྗོད་དེ་ལྡོག་པས་བྱས་པའི་ཐ་དད་དུ་ཡོངས་སུ་བརྟགས་པ་དེ་བཞིན་གཤེགས་པའི་ཐུགས་ཀྱི་ཡོན་ཏན་གྱི་ཆོས་སོ།། ཉན་ཐོས་ལ་སོགས་པའི་ཉོན ་མོངས་པ་མེད་པའི་ཏིང་ངེ་འཛིན་ལ་སངས་རྒྱས་ཀྱི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་འབྲས་བུའི་སྒོ་ནས་བྱེ་བྲག་ཏུ་བསྟན་པའི་ཕྱིར་གསུངས་པ། ཉན་ཐོས་ཉོན་མོངས་པའི་ལྷ།། མིའི་ཉོན་མོངས་ཡོངས་སྤོང་བ་ཉིད།། རྒྱལ ་བ་གྲོང་སོགས་དེ་དག་གི། ཉོན་མོངས་རྒྱུན་གཅོད་ཉོན་མོངས་མེད་ཅེས་པ་སྟེ། ཉོན་མོངས་མེད་ཅེས་པ་ནི་ཉོན་མོངས་པ་རྣམས་མེད་པ་དང་གང་ཞིག་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་དེ་ནི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན ་གྱི་བྱེ་བྲལ་ཉན་ཐོས་རྣམས་གང་ཞིག་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པར་གྱུར་པའི་ཉན་ཐོས་དེ་རྣམས་ཀྱིས་མཐོང་ན་མིའི་ཉོན་མོངས་པ་རྣམས་འབྱུང་བར་མི་འགྱུར་ཞིང་མི་སྐྱེ་བའོ།། དེ་བཞིན ་གཤེགས་པ་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་ནི་གང་ཞིག་མཐོང་བ་དང་མ་མཐོང་བ་རྣམས་ཀྱང་རུང་སྟེ་གྲོང་ཁྱེར་ལ་སོགས་པའི་སེམས་ཅན་གྱི་ཉོན་མོངས་པའི་རྒྱུན་གཅོད་པོ་ནི་བྱེ་བྲག་གོ།། ་ཉན་ཐོས་ལ་སོགས་བའི་སྨོན་གནས་མཁྱེན་པ་བས་དེ་བཞིན་གཤེགས་པའི་སྐྱོན་གནས་མཁྱེན་པ་ཁྱད་པར་དུ་འཕགས་པར་བསྟན་པའི་ཕྱིར་གསུངས་པ། སངས་རྒྱས་སྨོན་ནས་མཁྱེན་པ་ནི།། ལྷུན་གྱིས་གྲུབ་དང་ཆགས ་སྤངས་དང་།། ཐོགས་པ་མེད་དང་རྟག་གནས་དང་།། དྲི་བ་ཀུན་ལན་འདེབས་པར་བཞེད་ཅེས་པ་སྟེ། སངས་རྒྱས་ཀྱི་གོང་སྨོན་ནས་མཁྱེན་པ་ལྷུན་གྱིས་གྲུབ་པ་ནི་རྣམ་པར་རྟོག་པ་མེད་པ་ཉིད་ཀྱིས་སོ།། ཆགས་སྤངས་ནི་བལྟོས་པ་མེད ་པ་ཉིད་ཀྱིས་སོ།། ཐོགས་མེད་ནི་ཐམས་ཅད་དུ་ཐོགས་པ་མེད་པས་སོ།། རྟག་གནས་ནི་འཁོར་བ་མ་སྟོངས་ཀྱི་བར་དུ་ཀུན་ཏུ་གནས་པས་ནའོ།། དྲི་བ་ཀུན་ལན་འདེབས་པར་བཞེད་ཅེས་པ་ནི་སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པས་ཏེ། ་ཉན་ཐོས་ལ་སོགས་པ་རྣམས་ཀྱི་ནི་འདི་རྣམས་ལས་ཕྱིན་ཅི་ལོག་པའོ།། འོ་ན་རྟག་པར་འགྲོ་བའི་དོན་བྱེད་པའི་ནུས་པ་ཡོད་པ་ནི་ཡོན་ཏན་ཐམས་ཅད་ཀྱི་རང་བཞིན་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་ཀྱི་དེ་བཞིན་གཤེགས་པ་ཀུན་ཏུ ་གནས་པ་ཡིན་ཡང་རྟག་པར་དོན་མི་བྱེད་པ་ཅི་སྟེ་ཞེས་རྒལ་བའི་ལན་གདབ་པའི་ཕྱིར་གསུངས་པ། རྒྱུ་ནི་ཡོངས་སུ་སྨིན་གྱུར་ནས། གང་དང་གང་ལ་གང་དང་ནི།། དེ་ཚེ་བྱེ་བ་ཕན་གྱུར་པ།། དེ་དང་དེ་ལ་དེར་སྣང་ངོ་ཞེས་པ་སྟེ། རྒྱུ་ནི་དགེ ་བའི་རྩ་བ་སྔོན་དུ་བསྐྱེད་པ་རྣམས་སོ།། ཡོངས་སུ་སྨིན་པར་མི་འགྱུར་བའོ།། སེམས་ཅན་གང་ལ་དུས་གང་ཆོས་བསྟན་པ་ལ་སོགས་པའི་བྱ་བ་ནི་ཕྱིས་ཕན་པར་འགྱུར་ཏེ། དེས་ན་དེའི་དོན་བྱེད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས ་པར་བརྗོད་དེ། ཆོས་སྟོན་པ་པོ་ལ་སོགས་པར་ཉེ་བར་གནས་པ་ཉིད་ཀྱིས་སོ།། འདི་རྣམས་ཀྱི་རྗེས་སུ་འཐུན་པའི་དཔེ་བསྟན་པའི་ཕྱིར་གསུངས་པ། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་།། ས་བོན་མི་རུང་མི་འགྱུར་ལྟར།། ། ་སངས་རྒྱས་རྣམས་ནི་བྱུང་གྱུར་ཀྱང་།། སྐལ་པ་མེད་པས་བཟང་མི་མྱོང་ཞེས་པ་སྟེ། གོ་སླའོ།། འོ་ན་ཡོན་ཏན་ཐམས་ཅད་ཀྱི་གནས་ལོངས་སྤྱོད་རྫོགས་པའི་སྐུ་ནི་སངས་རྒྱས་ཉིད་དེ། དེ་ཡང་དངོས་པོར་གྱུར་པ་ཉིད་ཀྱིས་ཕྱོགས་གཅིག ་ཉིད་དང་། སྐད་ཅིག་མའི་རྒྱུན་གྱི་བདག་ཉིད་ཡིན་ན་དེ་ཇི་ལྟར་འདིས་ཀུན་ཏུ་ཁྱབ་པ་དང་རྟག་པ་ཉིད་དག་ཏུ་བརྗོད་ཅེས་སེམས་པ་ལ་གསུངས་པ། དེ་ལྟར་མཛད་པ་རྒྱ་ཆེའི་ཕྱིར།། སངས་རྒྱས་ཁྱབ་པར་ངེས་པར་བརྗོད།། དེ་ཉིད་ཟད་པ ་མེད་པའི་ཕྱིར།། རྟག་པ་ཞེས་ཀྱང་བརྗོད་པ་ཡིན་ཞེས་པ་སྟེ། ཇི་ལྟར་རྒྱལ་པོ་ཕྱོགས་གཅིག་པ་ཡིན་ཡང་ཡུལ་ཕྱོགས་ཇི་ཙམ་དུ་རྒྱལ་པོའི་བཀའ་ལུང་བཞིན་དུ་བྱ་བ་བྱེད་པའི་ཡུལ་དེ་སྲིད་དུ་ནི་རྒྱལ་པོས་ཁྱབ་ཅེས་བརྗོད་དོ།། དེ་བཞིན ་དུ་བཅོམ་ལྡན་འདས་ཀྱང་ན་མཁའི་ཁམས་ཇི་སྲིད་པ་དེ་སྐད་དུ་གདུལ་བྱ་རྣམས་ལ་ཆོས་སྟོན་པའི་བྱ་བའི་རྣམ་འཕྲུལ་གྱི་ཁྱབ་པས་ཁྱབ་པ་ཞེས་བརྗོད་དོ།། ཇི་ལྟར་ཆུ་བོ་གངྒཱ་རྒྱུན་མི་འཚང་བར་འབབ་པས་རྟག་པ་ཞེས་བརྗོད་དོ།། ་ངངོ་བཞིན་དུ་བཅོམ་ལྡན་འདས་ཀྱང་འོག་མིན་གྱི་གནས་སྟུག་པོ་བཀོད་པའི་ཞིང་ཁམས་ཀྱི་གཞལ་ཡས་ཁང་ན་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་རྒྱུན་མི་འཆང་བར་བཞུགས་པ་ལ་རྟག་པ་ཞེས་བརྗོད་དོ།། ཆོས་ཀྱི་སྐུ་དེ་ནི་དེ ་བཞིན་གཤེགས་པ་ལས་ལྡོག་པས་བྱས་པའི་ཐ་དད་དུ་ཡོངས་སུ་བརྟགས་པའི་ཡིད་ཀྱི་ཡོན་ཏན་རིན་པོ་ཆེའི་ཚོགས་སུ་བརྗོད་དོ།། ཆོས་སུ་གྱུར་པ་ཡིད་ཀྱི་ཡོན་ཏན་རྣམས་མངོན་པར་བརྗོད་ནས་ཆོས་ཅན་དུ་གྱུར་པ་བེམས་པོ་ལ ་སོགས་པའི་ལོངས་སྤྱོད་རྫོགས་པའི་སྐུ་བསྟན་པའི་ཕྱིར་གསུངས་པ། མཚན་ནི་སུམ་ཅུ་རྩ་གཉིས་དང་།། དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི།། ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར།། ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད་ཅེས་པ་སྟེ།། ་ཅི་ཞིག་ལོངས་སྤྱོད་པ་ཞེས་པ་ལ་གསུངས་པ། ཐེག་ཚོན་ཉེ་བར་ལོངས་སྤྱོད་ཕྱིར་ཞེས་པ་སྟེ། ཐེག་པ་ཆེན་པོའི་ཆོས་ཉན་པ་ལ་སོགས་པའི་སྒོ་ནས་ཤེས་པའི་དོན་ཏོ།། ས་བཅུའི་དབང་ཕྱུག་རྣམས་ཀྱིས་ཐེག་པ་ཆེན་པོ་ཉེ་བར ་ལོངས་སྤྱོད་པའི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱའོ།། ཐེག་པ་ཆེན་པོའི་གཞུང་ལ་ཡང་ལོངས་སྤྱོད་པའི་སྐུ་འདི་བེམས་པོ་གཟུགས་སྐུའི་བདག་ཉིད་ཅེས་ཟེར་བ་ནི་ཆེར་འཁྲུལ་པ་ཡིན་ཏེ། འདི་བེམས་པོ་ཉིད་དུ་རྟོགས་པ ་ནི་རྨོངས་པ་རྣམས་ཀྱིས་ཡོངས་སུ་བརྟགས་པའོ།། འདི་བརྫུན་པ་ནི་མ་ཡིན་ཏེ། བེམས་པོ་ལས་ལོག་པོར་རང་རིག་པའི་མངོན་སུམ་ཉིད་ཀྱིས་གྲུབ་པས་སོ།། ལྡོག་པས་བྱས་པའི་ཐ་དད་ཙམ་དུ་ཡེ་ཤེས་ཀྱི་བདག་ཉིད་འདི་གནས ་པའོ།། མཚན་སུམ་ཅུ་རྩ་གཉིས་པོ་དེ་རྣམས་ཀྱང་གང་དག་ཅེས་པ་ལ་ཚིགས་བཅད་ལྔས་གསུངས་པ། ཕྱག་ཞབས་འཁོར་ལོས་མཚན་དང་རུས་སྦལ་ཞབས།། ཕྱག་དང་ཞབས་སོར་དྲ་བས་འབྲེལ་བ་དང་།། ཕྱག་ནི་ཞབས ་བཅས་འཇམ་ཞིང་གཞོན་ཤ་ཆགས།། འདི་ཡི་སྐུ་ནི་བདུན་དག་མཐོ་བ་དང་།། སོར་མོ་རིང་དང་རྟིང་ཡངས་སྐུ་ཆེ་དྲང་།། ཞབས་ལོང་མི་མངོན་སྤུ་ནི་གྱེན་དུ་ཕྱོགས།། བྱིན་པ་ཨེ་ཎེ་ཡའི་འདྲ་ཕྱག་རིང་མཛེས།། འདོམས་ཀྱི་སྒྲུབ ་སྦུབས་སུ་ནུབ་པའི་མཆོག། པགས་པ་གསེར་མདོག་པགས་པ་སྲུབ་པ་དང་།། སྤུ་ནི་རེ་རེ་ནས་གཡས་ལེགས་འཁྲུངས་དང་།། ཞལ་མཛོད་སྤུས་བརྒྱན་རོ་སྟོད་སེང་གེ་འདྲ།། འདི་ཡི་དཔུང་པ་མགོ་ཟླུམ་ཐལ་གོང་རྒྱས།། འདི་ལ་རོ་མི་ཞིམ ་པཌཱུ་མཆོག་སྣང་།། སྐུ་ནི་ནྱ་གྲོ་དྷཱ་ལྟར་ཆུ་ཞེང་ག་བ།། གཙུག་ཏོར་ཡར་འཕགས་ལྗགས་རིངས་མཛེས་པ་དང་།། ཚངས་དབྱངས་འགྲམ་པོ་སེང་གེ་འདྲ་དང་ཚེམས།། ཤིན་ཏུ་དཀར་དང་ཚད་མཉམ་ཐག་བཟངས་དང་།། གྲངས་ནི་བཞི ་བཞི་བཅུ་ཐམ་པ་ཚང་བ་དང་།། སྤྱན་ནི་མཐོན་མཐོང་སྤྱན་རྫིབ་མཆོག་གི། འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན་ཞེས་པ་སྟེ། ཕྱག་ཞབས་འཁོར་ལོས་མཚན་ཞེས་པ་ནི་ཕྱག་དང་ཞབས་ཀྱི་མཐིལ་ལ་འཁོར་ལོས་མཚན་པའོ།། རུས ་སྦྲུལ་ཞབས་ཞེས་པ་ནི་ཞབས་ཀྱི་མཐིལ་ཀུན་གྱིསར་རེག་པ་སྟེ། རུས་སྦལ་ལྟར་ས་མཉམ་པ་ར་ས་ལ་ཀུན་གནོན་པའོ།། ཕྱག་དང་ཞབས་སོར་དྲ་བས་འབྲེལ་པ་དང་ཞེས་པོ་ནི་ཕྱག་དང་ཞབས་ཀྱི་སོ་མོའི་བར་རྣམས་འབྲེལ་བའོ།། ཕྱག ་ནི་ཞབས་པ་ས་འཇམ་ཞིང་གཞོན་ཤ་ཆགས་ཞེས་པ་ནི་ཕྱག་དང་ཞབས་དག་འཇམ་ཞིང་གཞོན་ཤ་དང་ལྡན་པའོ།། འདི་ཡི་སྐུ་ནི་བདུན་དག་མཐོ་བ་དང་ཞེས་པ་ནི་ལག་པ་དང་རྐང་པ་དང་དཔུང་པ་གཉིས་དང་མགྲིན་པ་སྟེ། བདུན་པོ ་མཐོ་བ་འདིས་སྐུ་མཚན་པ་ནི་བདུན་མཐོ་བའོ།། སོར་མོ་རིང་དང་ཞེས་པ་ནི་སོར་མོ་རྣམས་རིང་བའོ།། རྟིང་ཡངས་ཞེས་པ་ནི་ཇི་ལྟར་མཛེས་པར་ཤ་རྒྱས་ཤིང་།། རྟིང་པ་ཡངས་པའོ།། སྐུ་ཆེ་དྲང་ཞེས་པ་ནི་སྐུ་ཆེ་ཞིང་དྲང་བའོ།། ཞབས་ལོང་མི་མངོན་ཞེས་པ ་ནཱིནི་ངར་དང་རྐང་པའི་བར་ན་གནས་པ་ཉིད་ཀྱིས་ན་ལོང་བུ་མི་མངོན་པའོ།། སྤུ་རྣམས་གྱེན་དུ་ཕྱོགས་ཞེས་པ་ནི་ལུས་ཀྱི་སྤུ་རྣམས་གྱེན་དུ་ཕྱོགས་པའོ།། བྱིན་པ་ཨེ་ཎེ་ཡའི་འདྲ་ཞེས་པ་ལ་ཨེ་ཎཻ་ཡ་ནི་རི་དགས་ཀྱི་བྱེ་བྲག་སྟེ། དེའི་བྱིན་པ་ཚིགས ་མེད་ཅིང་ཟླུམ་ལ་ཁད་ཀྱིས་ཕྲ་བ་སྟེ། དེ་ལྟར་གྱུར་པས་ཨེ་ཏཱི་ཡའི་བྱིན་པའོ།། ཕྱག་རིང་ཞེས་པ་ནི་ཕྱག་གིས་བརླར་སླེབས་པའོ།། འདོམས་ཀྱི་སྦ་བྱ་སྦུབསུ་ནུབ་པའི་མཆོག་ཅེས་པ་ལ་འདོམས་ནི་གསང་བའི་གྲན་སོ།། སྦུབས་ནི་བིགས ་པའོ།། ནུབ་པ་ནི་སྨྲས་པའོ།། མཆོག་ནི་ཁྱད་པར་འཕགས་པ་སྟེ། འདོམས་ཀྱི་སྦ་བ་སྦུབསུ་ནུབ་པས་ནའོ།། པགས་པ་གསེར་མདོག་ཅེས་པ་གསེར་བཙོ་མའི་ཁ་དོག་ལྟ་བུའོ།། པགས་པ་སྲབ་ཅེས་པ་ནི་པགས་པ་ཤིན་ཏུ་སྲབ་པའོ།། སྤུ་ནི་རེ་རེ ་ནས་གཡས་ལེགས་འཁྲུངས་དང་ཞེས་པ་ནི་བ་སྤུ་རེ་རེ་ནས་གཡས་ཕྱོགསུ་འཁྱིལ་བའོ།། ཞལ་མཛོད་སྤུས་རྒྱན་ཞེས་པ་ནི་མཛོད་སྤུས་མཚན་པའི་ཞལ་ལོ།། རོ་སྟོང་སེང་གེའི་འདྲ་ཞེས་པ་ནི་སྐུ་སྟོང་སེང་གེའི་འདྲ་བའོ།། འདིའི་དཔུང་མགོ ་ཟླུམ་ཞེས་པ་ནི་ཤིན་ཏུ་ཡང་ཟླུམ་པའི་དཔུང་པའོ།། ཐལ་གོང་རྒྱས་ཞེས་པ་ནི་དེ་དག་མཐོ་བ་ནི་ཐལ་གོང་རྒྱས་པའོ།། འདི་ལ་རོ་མི་ཞིམ་པའང་རོ་མཆོག་སྣང་ཞེས་པ་ནི་རོ་མི་ཞིམ་པ་དག་ཀྱང་རོ་མཆོག་ཏུ་སྣང་ཞེས་པའོ།། སྐུ་ནི་ནྱ་གྲོ་དྷ་ལྟར ་ཆུ་ཞེང་གབ་ཅེས་པ་ནི་ནྱ་གྲོ་དྷ་ལྟར་ཀུན་ཏུ་ཚང་མཉམ་པའོ།། གཙུག་ཏོར་ཡར་འཕགས་པ་ནི་སྤྱི་བོར་གཙུག་ཏོར་གྱིས་མཛེས་པའོ།། ལྗགས་རིང་མཛེས་ཞེས་པ་ནི་ལྗགས་རིང་ཞིང་སྲབ་ལ་མཛེས་པའོ།། ཚངས་དབྱངས ་ཞེས་པ་ནི་ཚངས་པའི་དབྱངས་ལྟ་བུའོ།། འགྲམ་པ་སེང་གེའི་འདྲ་ཞེས་པ་ནི་འགྲམ་པ་སེང་གེའི་འགྲམ་པ་ལྟ་བུ་ཡིན་ནོ།། ཤིན་ཏུ་དཀར་ཞེས་པ་ནི་ཚེམས་ཤིན་ཏུ་དཀར་བའོ།། ཚད་མཉམ་ཞེས་པ་ནི་ཚེམས་རྣམས་མཉམ ་པའོ།། ཐགས་བཟང་ཞེས་པ་ནི་ཙལ་ཅོལ་མ་ཡིན་པའི་ཚེམས་སོ།། གྲངས་ནི་བཞི་བཅུ་ཐམ་པར་ཚང་བ་དང་ཞེས་པ་ནི་མ་ཆད་ཅིང་མ་ལྷག་པར་གྲངས་བཞི་བཅུ་ཐམ་པར་གྱུར་པའོ།། དེས་ན་ཚེམས་མཉམ་པར་གྲངས་བཞི ་བཅུའོ།། སྤྱན་ནི་མཐོན་མཐིང་ཞེས་པ་མངོན་པར་སྔོ་བའི་སྤྱན་ནོ།། སྤྱན་རྫིབ་མཆོག་གི་འདྲ་བ་ཞེས་པ་ནི་མཆོག་གི་རྫི་མ་ལྟ་བུ་གང་གི་སྤྱན་ལ་ཡོད་པ་དེ་ནི་རྫི་མ་བ་མཆོག་གི་ལྟ་བུའོ།། འདི་རྣམས་སུམ་ཅུ་རྩ་གཉིས་མཚན ་ཞེས་པ་ནི་སྐྱེས་བུ་ཆེན་པོར་མཚེན་པར་བྱེད་པས་མཚན་ཉིད་དོ།། སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམས་ཀྱི་མཚན་སུམ་ཅུ་རྩ་གཉིས་ཐུན་མོང་མ ་ཡིན་པའོ།། མཚན་བཟང་པོ་འདི་རྣམས་ཀྱང་འདི་རང་རང་གི་རྒྱུ་ལ་གོམས་པར་བྱས་པས་འགྱུར་རོ།། ཞེས་བསྟན་པའི་ཕྱིར་གསུངས་པ། འདི་ཡི་མཚན་ནི་གང་གང་གི། སྒྲུབ་པར་བྱེད་པའི་རྒྱུ་གང་ཡིན།། དེ་དང་དེ་ནི་རབ ་རྫོགས་པས། མཚན་ནི་འདི་རྣམས་ཡང་དག་འགྲུབ་ཅེས་པ་སྟེ། འདི་ཡི་ཞེས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ནོ།། མཚན་གང་དང་གང་གི་རྒྱུ་རྣམས་ལ་གོམས་པར་བྱས་ཤིང་བསླབས་པས་མཚན་དང་དེ་རྣམས་རབ ་ཏུ་རྫོགས་པར་འགྱུར་རོ།། སྟོབས་དང་མི་འཇིགས་པ་ལ་སོགས་པ་རྣམས་ནི་ཐུགས་ཀྱི་ཡོན་ཏན་ཡིན་པ་ཉིད་ཀྱིས་ཤིན་ཏུ་ཡང་མི་མངོན་པས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་པོ་དེ་ཉིད་ཀྱིས་ལོངས་སྤྱོད་རྫོགས་པའི ་སྐུར་ངེས་ཤེས་པའི་དོན་ཏོ།། མཚན་རྣམས་ཐོབ་པར་བྱེད་པའི་རྒྱུ་གང་དང་གང་གི་ཞེས་པ་གསུངས་པ། བླ་མ་སྐྱེལ་ལ་སོགས་པ་དང་།། ཡང་དག་བླངས་པ་བསྟན་པ་དང་།། བསྡུ་བ་བསྟེན་དང་གྱ་ནོམ་པའི།། དངོས་པོ་སྦྱིན ་དང་བསད་བྱ་བ།། ཐར་པར་བྱེད་དང་དགེ་བ་ནི།། ཡང་དག་བླངས་པ་སྤེལ་ལ་སོགས།། སྒྲུབ་བྱེད་རྒྱུའི་མཚན་ཉིད་དེ། མདོ་ལས་ཇི་སྐད་འབྱུང་བ་བཞིན་ཞེས་པ་དེའི་དོན་ནི་འདི་ཡིན་ཏེ། བླ་མ་རྣམས་སྐྱེལ་བ་དང་སླར་ཡང ་སྣུན་པ་སུ་བོ་དང་། ཆོས་རྣམས་ཉན་པ་དང་། མེ་ཏོག་གི་ཕྲེང་བ་ལ་སོགས་པ་འབུལ་བ་དང་། འཁོར་གཡོག་འབུལ་བ་དང་། མཆོད་རྟེན་ལ་སོགས་པ་ལ་ཕྱག་ལ་སོགས་པ་བྱས་པས་ཕྱག་དང་ཞབས་ཀྱི་མཐིལ་དག་འཁོར ་ལོས་མཚན་པའོ།། ཆོས་སྤྱོད་ཀྱི་ཡི་དམ་ལ་བརྟན་པས་ཞབས་ལེགས་པར་གནས་པ་སྟེ་རུས་སྦལ་ཞབས་སོ།། སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་འཐུན་པས་ཕྱག་དང་ཞབས་ཀྱི་སོར་མོ་རྣམས་དྲ ་བས་འབྲེལ་བའོ།། མཆོག་གི་ཁ་ཟས་དང་བཏུང་བ་བྱིན་པས་ཕྱག་དང་ཞབས་དག་འཇམ་ཞིང་གཞོན་ཤ་ཆགས་པ་དང་། སྐུའི་བདུན་མཐོ་བ་ཡང་འདི་ཉིད་ཀྱིས་སོ།། བཅིངས་པ་རྣམས་ཐར ་བར་བྱས་པས་སྐྱོར་མོ་རྣམས་རིང་བའོ།། སྲོག་རྗེས་སུ་སྲུང་བ་བྱས་པས་ཞབས་ཀྱི་རྟིང་པ་ཡོངས་པའོ།། སྲོག་གཅོད་པ་ལ་སླར་ལོག་པས་སྐུ་ཆེ་ཞིང་དྲང་བའོ།། དགེ་བའི་རྩ་བ་རྣམས་ལ་ཡི་དམ་དུ་བཅས་པས་ཞབས ་ཀྱི་ལོང་བུ་མི་མངོན་པའི།། དགེ་བ་ཡང་དག་པར་བླངས་པ་ལ་ཡིངམ་དུ་སློབ་པས་སྐུའི་བ་སྤུ་གྱེན་དུ་ཕྱོགས་པའོ།། སོགས་པའི་སྒྲས་ཡང་དག་པར་བསྡུས་པ་བརྗོད་པར་བྱ་སྟེ། མཆོད་པ་དང་། སྒྱུ་རྩལ་ལ་སོགས་པ ་རིག་པ་སྦྱིན་པ་བྱིན་པས་བྱིན་པ་རི་དགས་ཨེ་ཎེ་ཡའི་འདྲ་བའོ།། ནོར་ཡོད་ཅིང་སློང་བ་པོ་འོངས་པའི་དུས་སུ་ཕྱིར་མ་ལོག་པས་ཕྱག་རིང་བའོ།། སྐྱེ་བོ་ཐམས་ཅད་ཚངས་པར་སྤྱོད་པ་ལ་བཀོད་པ་དང་། གསང་བར ་གཉེར་གཏང་པོ་དག་བསྲུངས་པས་འདོམས་ཀྱི་ལྟ་བ་སྦུབས་སུ་ནུབ་པའི་མཆོག་གོ། གྱ་ནོམ་པའི་གདིང་བ་དག་བྱིན་པས་ཁ་དོག་གསེར་བཙོ་མ་ལྟ་བུའོ།། གནས་ཁང་མཆོག་དག་སྦྱིན་པར་བྱིན་པས་ལྤགས་པ ་སྲབ་པའོ།། 2དུ་འཛིའི་གནས་ལ་སོགས་པ་ཡོངས་སུ་སྤངས་པས་སྐུ་རྣམས་རེ་རེ་ནས་གཡས་ཕྱོགས་སུ་འཁྲུངས་པའོ།། བླ་མ་འམ་གོང་མ་རྣམས་གནས་ཇི་ལྟར་འཇོག་པས་ཞལ་མཛོད་སྤུས་བརྒྱན་པའོ།། ཐམས ་ཅད་དུ་རྩུབ་པའི་ངག་རྣམ་པར་སྤངས་པས་སྒྱུ་སྟོང་སེང་གེ་འདྲའོ།། སྙན་པར་སྨྲ་བ་དང་མཐུན་པར་ཕེབས་པར་སྨྲ་བས་དཔུང་པ་ཟླུམ་པའོ།། སྨན་ལ་སོགས་པའི་སྦྱིན་པ་བྱིན་པས་ཐལ་གོང་རྒྱས་པའོ།། ནང་པའི་ནང ་གཡོག་བྱས་པས་རོ་མི་ཞིམ་པ་ཡང་རོ་མཆོག་ཏུ་སྣང་བའོ།། ནགས་ཚལ་དང་སྐྱེད་མོས་ཚལ་ལ་སོགས་པ་ཡིད་དུ་འོང་པ་སྦྱིན་པ་བྱིན་པས་སྐུ་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པའོ།། ལྷ་ཁང་ལ་སོགས་པ་ཁྱད་པར་དུ་འཕགས་པ ་བྱིན་པ་ལས་དབུའི་གཙུག་ཏོར་ཡར་འཕགས་པའོ།། འཇམ་པ་ལ་སོགས་པའི་ཚིག་སྨྲས་པ་ལས་ལྗགས་རིང་ཞིང་མཛེས་པའོ།། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་རྣམས་དམ་པའི་ཆོས་ཤེས་པར་བྱས ་པོ་ལས་ཚངས་པའི་དབྱངས་སོ།། ངག་བཀྱིལ་པ་ལས་རྣམ་པར་ལོག་པ་ལས་སེང་གེའི་འགྲམ་པའོ།། སྐྱེ་བོ་ཐམས་ཅད་ལ་ཡང་དག་པར་སེམས་པ་ལ་སོགས་པས་ཚེམས་ཤིན་ཏུ་དཀར་བའོ།། འཚེ་བ་ཡང་དག ་པར་དག་པ་ལས་ཚེམས་མཉམ་པའོ།། བདེན་པའི་ངག་ལ་ཀུན་ཏུ་སྤྱོད་པ་ལས་ཚེམས་ཐགས་བཟང་བའོ།། དབྱེན་པའི་ཚིག་ལ་གོམས་པར་མི་བྱེད་པས་མཉམ་པར་གྲངས་བཞི་བཅུ་ཐེམ་པའོ།། སེམས་ཅན ་ཐམས་ཅད་ལ་བུ་གཅིག་པ་ལྟར་ལྟ་བས་སྤྱན་མཐོན་མཐོང་ངོ་།། ཞེ་སྡང་ལ་སོགས་པ་ལས་ལོག་པར་སྟོན་པས་སྤྱན་གྱི་རྫི་མ་བ་མཆོག་གི་ལྟ་བུ་སྟེ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་རྒྱུ་དང་བཅས ་པ་བསྟན་པའོ།། ད་ནི་དཔེ་བྱད་བཟང་པོ་བརྒྱད་ཅུ་བསྟན་པའི་ཕྱིར་གསུངས་པ། ཐུབ་པའི་སེན་མོ་གྲངས་མདོག་དང་།། མདོག་སྣུམ་མཐོ་དང་སོར་མོ་རྣམས།། ཟླུམ་རྒྱས་བྱིན་གྱིས་ཕྲ་བ་དང་།། རྟ་མི་མངོན་དང་མདུད་པ་མེད།། ལོང་བུ་མི་མངོན་ཞབས་མཉམ་དང་།། ་སེངྒེ་གླང་ཆེན་བྱ་དང་ནི།། ཁྱུ་མཆོག་སྟབས་གཤེགས་གཡས་ཕྱོགས་དང་།། མཛེས་གཤེགས་དྲང་དང་འཁྲིལ་བག་དང་།། བྱི་དོར་བྱས་འདྲ་རིམ་པར་འཚམ།། གཙང་དང་འཇམ་དང་དག་པའི་སྐུ།། སྐུའི་ཁོ་ལག་ཡངས་ཤིང་བཟང་།། གོམས་སྙོམས་ཅན་ནི་དག་པ ་དང་། ཤིན་ཏུ་གཞོན་མདོག་བདག་ཉིད་ཅན།། སྐུ་ཞུམ་མེད་དང་རྒྱས་པ་དང་།། ཤིན་ཏུ་གྲིམས་པའི་སྐུ་ཉིད་དང་།། ཡན་ལག་ཤིན་ཏུ་རྣམ་འབྱེད་དང་།། གཟིགས་པ་མུན་མེད་དག་པ་དང་།། དཀུ་ཟླུམ་སྐབས་ཕྱེ་ནེ་མ་རྙོངས་དང་།། ཕྱ་དང་བ་དང་ལྟེ་བ་ནི།། ཟབ་དང་གཡས་ཕྱོགས ་འཁྱིལ་པ་དང་།། ཀུན་ནས་ལྟ་ན་སྡུག་པ་དང་།། ཀུན་སྤྱོད་གཙང་དང་སྐུ་ལ་ནི།། སྨེ་བ་ནག་བག་མེད་པ་དང་།། ཕྱག་ནི་ཤིང་བལ་ལྟར་འཇམ་དང་།། ཕྱག་རིས་མངངས་ཡོང་ཟབ་རིངས་དང་།། ཞལ་ནི་ཧ་ཅང་མི་རིང་དང་།། མཆུ་ནི་བིམྦ་ལྔར་དམར་དང་།། ལྗགས་མཉེན་པ་དང ་སྲབ་པ་དང་།། དམར་དང་འབྲུག་གི་སྒྲ་ཉིད་དང་།། གསུང་གཉེན་འཛེམ་དང་མཆེ་བ་ཟླུམ།། རྣོ་དང་དཀར་དང་མཉམ་པ་དང་།། བྱིན་གྱིས་ཕྲ་དང་ཤངས་མཐོ་དང་།། མཆོག་ཏུ་དག་པ་དག་དང་ནི།། སྤྱན་ཡངས་པ་དང་རྫི་མ་སྟུག། པདྨའི་འདབ་མ་འདྲ་བ་དང་།། སྨིན་ཚུགས ་རིང་དང་འཇམ་པ་དང་།། སྣུམ་དང་སྤུ་ནི་མཉམ་པ་དང་།། ཕྱག་རིངས་རྒྱས་དང་སྙན་མཉམ་དང་།། ཉམས་པ་རྣམ་པར་སྤངས་པ་དང་།། དཔྲལ་བ་ལེགས་པར་འབྱེས་པ་དང་།། དབྱེས་ཆེ་བ་དང་དབུ་རྒྱས་དང་།། དབུ་སྐྲ་བུང་བ་ལྟར་གནག་དང་།། སྟུག་འཇམ་མི་འཛིག ་ངོ་བོ་དང་།། མི་བཤོར་སྐྱེས་བུའི་ཡིད་འཕྲོག་དང་།། དཔལ་གྱི་བེའུ་བཀྲ་ཤིས་ནི།། གཡུང་དྲུང་འཁྱིལ་པས་བརྒྱན་པ་སྟེ།། སངས་རྒྱས་དཔེ་བྱད་བཟང་པོར་བཞེད་ཅེས་པ་སྟེ།། ཟངས་མདོག་ཅེས་པ་ནི་འདུ་བྱེད་ཐམས་ཅད་ལ་མ་ཆགས་པས་སེན་མོ་ཟངས་མདོག་ལྷ ་བུའོ།། མདོག་སྣུམ་ཅེས་པ་ནི་སེམས་ཅན་ཐམས་ཅད་ལ་ཕན་པར་མོས་པ་ཉིད་ཀྱིས་མདོག་སྣུམ་པའོ།། མཐོ་ཞེས་པ་ནི་གང་ཞིག་རིགས་མཐོ་བར་སྐྱེ་བར་བྱེད་པའི་ལས་དེ་ཉིད་ཀྱིས་སེན་མོ་མཐོ་བའོ།། སེན་མོ་རྣམས་ཟླུམ་ཞེས་པ་ནི་ཁ་ན་མ་ཐོ་བ་མེད་པ་ཉིད་ཀྱིས ་སོར་མོ་རྣམས་ཟླུམ་པའོ།། རྒྱས་ཞེས་པ་ནི་དགེ་འདུན་ཉིད་ཀྱིས་སོར་མོ་རྣམ་སོ།། བྱིན་གྱིས་ཕྲ་བ་ཞེས་པ་ནི་ཡང་དག་པ་ལ་གོ་རིམསུ་འཇུག་པ་ཉིད་ཀྱིས་སོར་མོ་རྣམས་བྱིན་གྱིས་ཕྲ་བའོ།། རྩ་མི་མངོན་བྲེས་པ་ནི་ལུས་ལ་སོགས་པའི་ལས་ཀྱི་མཐའ་ཤིན་ཏུ་མི ་མངོན་པས་རྩ་མི་མངོན་པའོ།། མདུད་པ་མེད་ཅེས་པ་ནི་ཉོན་མོངས་པ་རྣམས་བཀྲོལ་བ་ཉིད་ཀྱིས་རྩ་རྣམས་མདུད་པ་མེད་པའོ།། ལོང་བུ་མི་མངོན་ཞེས་པ་ནི་ཆོས་ཤིན་ཏུ་གསང་བའི་བློ་ཉིད་ཀྱིས་ལོང་བུ་མི་མངོན་པའོ།། ཞབས་མཉམ་ཞེས་པ་ནི་ངན་འགྲོའི་གནས ་ཐམས་ཅད་ལས་སྐྱེ་བོ་རྣམས་ཀུན་ཏུ་བསྐུལ་བ་ཉིད་ཀྱིས་ཞབས་མི་མཉམ་པ་མེད་པའོ།། སེངྒེ་ཞེས་པ་ནི་སྲིད་པ་ཟིལ་གྱིས་གནོན་པའི་དགེ་པ་ཉིད་ཀྱིས་སེངྒེའི་སྣབསུ་གཤེགས་པའོ།། གླང་ཆེན་ཞེས་པ་ནི་འདོད་ཆགས་ཟིལ་གྱིས་གནོན་པའི་དགེ་བླ་དེས ་ཀླུའི་སྟབསུ་གཤེགས་པའོ།། བྱ་ཞེས་པ་ནི་ནམ་མཁའ་ལ་ཀུན་ཏུ་འགྲོ་བའི་དགེ་བ་དེས་ངང་པའི་སྟབསུ་གཤེགས་པའོ།། ཁྱུ་མཆོག་ཅེས་པ་ནི་སྐྱེས་བུ་དམ་པའི་དགེ་བ་དེས་ཁྱུ་མཆོག་གི་སྟབསུ་གཤེགས་པའོ།། གཡས་ཕྱོགས་གཤེགས་པ་ཞེས་པ་ནི་རིག ་བའི་ལམ་དུ་གཤེགས་པའི་དགེ་བ་དེས་གཡས་ཕྱོགསུ་གཤེགས་པའོ།། མཛེས་གཤེགས་ཞེས་པ་ནི་དགེ་བ་ལ་རབ་ཏུ་ངང་བ་དེས་མཛེས་པར་གཤེགས་པའོ།། དྲང་དང་ཞེས་པ་ནི་རྟག་པར་དྲང་པོའི་སེམས་ཀྱི་དགེ་བ་དེས་དྲང་པོར་གཤེགས་པའོ།། འཁྲིལ ་བག་ཆགས་ཅེས་པ་ནི་རྣམ་པར་དག་པའི་ཡོན་ཏན་བརྗོད་པ་དེས་འཁྲིལ་བག་ཆགས་པའོ།། བྱི་དོར་བྱས་འདྲ་ཞེས་པ་ནི་སྡིག་པའི་ཆོས་བྱི་དོར་བྱས་པ་དེས་སྐུ་བྱི་ངོར་བྱས་པ་ལྟ་བུའོ།། རིམ་པར་འཚམ་ཞེས་པ་ནི་སྣོད་དང་རྗེ་སུ་མཐུན་པར་ཆོས་སྟོན་པ་དེས་སྐུ་རིམ་པར་འཚམ ་པའོ།། གཙང་དང་ཞེས་པ་ནི་ལུས་ལ་སོགས་པ་གཙང་སྦྲའི་སྤྱོད་པ་དེ་སྐུ་གཙང་བའོ།། འཇམ་དང་ཞེས་པ་ནི་སེམས་འཇམ་པ་ཉིད་ཀྱིས་སྐུ་འཇམ་པའོ།། དག་པའི་སྐུ་ཞེས་པ་ནི་སེམས་རྣམ་པར་དག་པ་ཉིད་ཀྱི་སྐུ་རྣམ་པར་དག་པའོ།། མཚན་ནི་ཡོངསུ་རྫོགས་པ་དང་ཞེས་པ ་ནི་ཆོས་ཐམས་ཅད་ཡོངསུ་རྒྱས་པར་བཏུལ་བ་དེས་མཚན་ཡོངསུ་རྫོགས་པའོ།། སྐུའི་ཁོ་ལག་ཅེས་པ་ནི་ཡོན་ཏན་མཛེས་ཤིང་ཆེ་བར་བརྗོད་པ་དེས་སྐུའི་ཁོ་ལོག་རྒྱ་ཆེ་བའོ།། གོམས་སྙོམས་པ་ནི་ཐམས་ཅད་ལ་སེམས་མཉམ་པ་ཉིད་ཀྱིས་གོམ་པ་སྙོམས་ཤིང ་ཞབས་མཉམ་པའོ།། སྤྱན་ནི་དག་པ་ཞེས་པ་ནི་ཤིན་ཏུ་རྒྱས་པར་དག་པའི་ཆོས་བསྟན་པ་དེས་སྤྱན་རྣམ་པར་དག་པའོ།། ཤིན་ཏུ་གཞོན་མདོག་ཅན་ཞེས་པ་ནི་རྟོགས་པར་སླ་བའི་ཆོས་བསྟན་པས་ཤིན་ཏུ་གཞོན་མདོག་ཅན།། སྐུ་ཞུམ་མེད་ཅེས་པ་ནི་རྟག་པར་སེམས ་ཤུབུམ་པ་ཉིད་ཀྱིས་ན་སྤུ་ཞུམ་པ་མེད་པའོ།། རྒྱས་པ་དོང་ཞེས་པ་ནི་དགེ་བ་རྣམས་རྒྱས་པར་གྱུར་པ་ཉིད་ཀྱིས་སྐུ་རྒྱས་པའོ།། ཤིན་ཏུ་གྲིམས་པའི་སྐུ་ཉིད་དང་ཞེས་པ་ནི་ཡང་སྲིད་པར་སྐྱེ་བཟང་བའི་བྱེད་ལས་གང་ཡིན་པ་དེ་ཉིད་ཀྱིས་སྐུ་ཤིན་ཏུ་གྲིམས་པའོ།། ཡན ་ལག་ཤིན་ཏུ་རྣམ་འབྱེས་ཞེས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཤིན་ཏུ་ཕྱེ་སྟེ་བསྟན་པ་དེས་ཡན་ལག་དང་ཉིང་ལག་རྣམས་རྣམ་པར་འབྱེས་པའོ།། གཟིགས་པ་མུན་མེད་དག་པ་དང་ཞེས་པ་ནི་ཤིན་ཏུ་རྣམ་པར་དག་པའི་དངོས་པོ་སྟོན་པ་པོ་ཉིད་ཀྱིས་གཟིགས་པ་མུན་པ ་མེད་ཅིང་དག་པའོ།། དཀུ་ཟླུམ་ཞེས་པ་ནི་སློབ་མ་ཕུན་སུམ་ཚོགས་པར་བཟླུམས་པའི་ལུས་ཉིད་ཀྱིས་དཀུ་ཟླུམ་པའོ།། སྐབས་ཕྱིན་ཞེས་པ་ནི་འཁོར་བའི་སྐྱོན་གྱིས་མ་གོས་པས་དཀུ་སྐབས་ཕྱིན་པའོ།། མ་རྙོངས་ཞེས་པ་ནི་ང་རྒྱལ་གྱི་རྭ་བཅག་པ་ཉིད་ཀྱིས་དཀུ་མ ་རྙོངས་པའོ།། ཕྱང་དེ་བ་དང་ཞེས་པ་ནི་ཆོས་མི་ཟད་པར་གནས་པ་ཉིད་ཀྱིས་དཀྲི་ཕྱང་དེ་བའོ།། ལྟེ་བ་ཟབ་ཅེས་པ་ནི་ཆོས་ཟབ་མོ་སོ་སོར་རིག་པ་ཉིད་ཀྱིས་ལྟེ་བ་ཟབ་པའོ།། ལྟེ་བ་གཡས་ཕྱོགས་འཁྱིལ་པ་ཞེས་པ་ནི་སློབ་མ་རིགས་པས་འཛིན་པའི་ལས་དེ་ཉིད་ཀྱིས ་ལྟེལྟ་བ་གཡས་ཕྱོགསུ་འཁྱིལ་པའོ།། ཀུན་ནས་ལྟ་ན་སྡུག་པ་ཞེས་པ་ནི་འཁོར་རྣམས་མཆོག་ཏུ་གྱུར་པའི་ལས་གང་ཡིན་པ་དེ་ཉིད་ཀྱིས་ཀུན་ནས་ལྟ་ན་སྡུག་པའོ།། ཀུན་སྤྱོད་གཙང་དང་ཞེས་པ་ནི་སེམས་གཙང་བ་ཉིད་ཀྱིས་ཀུན་སྤྱོད་གཙང་བའོ།། སྐུ་ལ་ནི་སྨེ་བ་ནག ་བག་མེད་པ་དང་ཞེས་པ་ནི་དུས་མ་ཡིན་པར་ཆོས་མི་འདུལ་བ་ཉིད་ཀྱིས་སྐུ་ལ་སྨེ་བ་ནག་བག་མེད་པའོ།། ཕྱག་ནི་ཤིང་བལ་ལྟར་འཇམ་དང་ཞེས་པ་ནི་ལུས་ལ་སོགས་པ་འཇམ་པ་ཐོབ་པར་བྱེད་པའི་ཆོས་སྟོན་པ་པོ་ཉིད་ཀྱིས་ཤིང་བལ་ལྟར་འཛེམ་པའི་ཕྱག་གོ།། ་ཕྱག་རིས་མངངས་ཡོད་ཅེས་པ་ནི་མངངས་དང་ལྡན་པར་ཐོས་པ་ཆེན་པོ་སོ་སོར་ཐོབ་པ་ཉིད་ཀྱིས་ཕྱག་རིས་མདོངས་ཡོད་དོ།། ཟབ་ཅེས་པ་ནི་ཆོས་ཟབ་མོ་ལ་ཀུན་ཏུ་གནས་པ་ཉིད་ཀྱིས་ཕྱག་གི་རི་མོ་ཟབ་པའོ།། རིང་ཞེས་པ་ནི་ཡང་དག་པར་རིག་པར་ཡོངསུ་དག་པའི་ཆོས ་སྟོན་པ་ཉིད་ཀྱིས་ཕྱག་གི་སོར་མོ་རིང་བའོ།། ཞལ་ནི་ཧ་ཅང་མྱི་རིང་དང་ཞེས་པ་ནི་བསླབ་པའི་གནས་དུ་མ་སྟོན་པ་པོ་ཉིད་ཀྱི་ཞལ་ཧ་ཅང་མི་རིང་བའོ།། མཆུ་ནི་བིམྦ་ལྟར་དམར་དང་ཞེས་པ་ནི་འཇིག་རྟེན་ཐམས་ཅད་གཟུགས་བརྙན་ལྟར་རིག་པ་ཉིད ་ཀྱིས་བིམྦྷ་ལྟར་དམར་བའི་མཆུའོ།། ལྗགས་གཉེན་ཞེས་པ་ནི་འཇམ་པའི་ཚིག་གིས་འདུལ་བ་ཉིད་ཀྱིས་ལྗགས་གཉེན་པའོ།། སྲབ་ཅེས་པ་ནི་ཡོན་ཏན་དུ་མ་ཉེ་བར་བརྗོད་པ་ཉིད་ཀྱིས་ལྗགས་སྲབ་པའོ།། དམར་དང་ཞེས་པ་ནི་བྱིས་པའི་སྐྱེ་བོ་རྣམས་གཏིང་དཔག ་དཀའ་བའི་ཆོས་ཀྱིས་འདུལ་བར་བཞེད་པ་ཉིད་ཀྱིས་ལྗགས་དམར་བའོ།། འབྲུག་གི་སྒྲ་ཉིད་ཅེས་པ་ནི་འཇིགས་པ་ཐམས་ཅད་ལས་སེལ་བའི་ལས་ཉིད་ཀྱིས་འབྲུག་གི་སྒྲ་ཉིད་དོ།། གསུང་གཉེན་འཇམ་ཞེས་པ་ནི་འཇམ་པ་ལ་སོགས་པར་གསུངས་པས ་གསུང་གཉེན་ཞིང་འཇམ་པའོ།། མཆེ་བ་ཟླུམ་ཞེས་པ་ནི་སྲིད་པར་ཡང་དག་པར་སྦྱོར་བ་ལ་ཟློག་པ་ཉིད་ཀྱིས་མཆེ་བ་ཟླུམ་པའོ།། རྣོ་ཞེས་པ་ནི་གདུལ་དཀའ་བའི་སྐྱེ་བོ་འདུལ་བ་ཉིད་ཀྱིས་མཆེ་བ་རྣོ་བའོ།། དཀར་ཞེས་པ་ནི་དཀར་བའི་ཆོས་ཀྱིས་འདུལ་བ་ཉིད་ཀྱིས ་མཆེ་བ་དཀར་བའོ།། འཇམ་ཞེས་པ་ནི་མཉམ་པའི་ས་ལ་རབ་ཏུ་གནས་པ་ཉིད་ཀྱིས་མཆེ་བ་མྱཉམ་པའོ།། བྱིན་གྱི་ཕྲ་ཞེས་པ་ནི་མངོན་པར་རྟོག་པའི་རིམ་པ་གསོལ་བར་བྱེང་བ་ཉིད་ཀྱིས་མཆེ་བ་བྱིན་གྱིས་ཕྲ་བའོ།། ཤུངས་མཐོ་ཞེས་པ་ནི་ཤེས་རབ་གསལ ་བར་བྱེད་པའི་གནས་ཉིད་ཀྱིས་ཤངས་མཐོ་བའོ།། མཆོག་ཏུ་དག་པ་ཞེས་པ་ནི་དག་པའི་སྐྱེ་བོའི་རིགསུ་སྐྱེ་བའི་ལས་གང་ཡིན་པ་དེ་ཉིད་ཀྱིས་ཤངས་དག་ཅིང་གཙང་བའོ།། སྤྱན་ཡངས་ཞེས་པ་ནི་མཆོག་ཏུ་རྒྱ་ཆེ་བའི་ཆོས་བསྟན་པ་ཉིད་ཀྱིས་སྤྱན་ཡངས་པའོ།། ། ་རྗེ་མ་སྟུག་ཅེས་པ་ནི་སེམས་ཅན་གྱི་ཚོགས་རྣམས་རིག་པས་བསྡུས་པས་སྤྱན་གྱི་རྫི་མ་སྟུག་པའོ།། པདྨའི་འདབ་མ་འདྲ་བ་དང་ཞེས་པ་ནི་ལང་འཚོ་དང་ལྡན་པའི་སྐྱེ་བོ་ཐམས་ཅད་ཀྱིས་མངོན་པར་བསྔགས་པའི་ལས་གང་ཡིན་པ་དེ་ཉིད་ཀྱིས་པདྨའི་འདབ་མ་འདྲ་བའི ་སྤྱན།། སྨིན་ཚུགས་རིང་ཞེས་པ་ནི་རྟག་ཏུ་རིང་དུ་གཟིགས་པ་ཉིད་ཀྱིས་སྨིན་ཚུགས་རིང་པོའོ།། འཇམ་ཞེས་པ་ནི་འཇམ་པར་ཆོས་ཀྱིས་འདུལ་བའི་དགེ་བ་ཉིད་ཀྱིས་སྨིན་མ་འཇམ་པའོ།། སྣུམ་ཞེས་པ་ནི་དགེ་བས་སྣུམ་པའི་རྒྱུད་ཀྱིས་ཤིན་ཏུ་སྣུམ་པའི་སྨིན་མའོ།། སྤུ ་མོམཉམ་ཞེས་པ་ནི་སྐྱོན་ཀུན་ཏུ་ལྟ་བ་ཉིད་ཀྱིས་སྨིན་མའི་སྤུ་རྣམས་མཉམ་པའོ།། ཕྱག་རིང་རྒྱས་ཞེས་པ་ནི་གཞན་གྱི་སྡུག་བསྔལ་སེལ་བ་ཉིད་ཀྱིས་ཕྱག་རིང་ཞིང་རྒྱས་པའོ།། སྙན་མཉམ་ཞེས་པ་ནི་འདོད་ཆགས་ལ་སོགས་པའི་གཡུལ་ལས་རྣམ་པར་རྒྱལ་བསན ་སྙན་མཉམ་པའོ།། ཉམས་པ་རྣམ་པར་སྤངས་པ་ཞེས་པ་ནི་སེམས་ཅན་ཐམས་ཅད་ལ་མ་ཉམས་པའི་རྒྱུན་ཉིད་དུ་བྱས་པས་སྙན་གྱི་དབང་པོ་མ་ཉམས་པའོ།། དཔྲལ་བ་ལེགས་པར་འབྱེས་པ་དང་ཞེས་པ་ནི་ལྟ་བ་གཞན་ཐམས་ཅད་ལས་རྣམ་པར་ལོག་པ་ཉིད་ཀྱིས ་དཔྲལ་བ་ལེགས་པར་འབྱེས་པའོ།། དབྱེས་ཆེ་བ་ཞེས་པ་ནི་ཕྱིར་རྒོལ་བ་ཐང་རབ་ཏུ་ཕམ་པར་བྱས་པ་ཉིད་ཀྱིས་དཔྲལ་བའི་དབྱེས་ཆེ་བའོ།། དབུ་རྒྱས་ཞེས་པ་ནི་སྨོན་ལམ་མཆོག་ཏུ་ཡོངསུ་རྒྱས་པ་ཉིད་ཀྱིས་དབུ་རྒྱས་པའོ།། དབུ་སྐྲ་བུང་བ་ལྟར་གནག་དང་ཞེས་པ་ནི ་ཡུལ་རྣམས་ལ་ཆགས་པ་ལ་སོགས་པ་ལས་ལོག་པ་ཉིད་ཀྱིས་དབུ་སྐྲ་བུང་བ་ལྟར་གནག་པའོ།། སྟུག་ཅེས་པ་ནི་མཐོང་བ་དང་སྒོམ་པའི་ལམ་གྱི་སྤང་བར་བྱ་བ་རྣམས་ཟད་པར་བྱ་བ་ཉིད་ཀྱིས་དབུ་སྐྲ་སྟུག་པའོ།། འཇམ་ཞེས་པ་ནི་འཇམ་པའི་བློས་ཡོངསུ་ཤེས ་པ་ཉིད་ཀྱིས་དབུ་སྐྲ་འཇམ་པའོ།། མི་འཛིངས་ངོ་བོ་ཞེས་པ་ནི་འདོད་ཆགས་ལ་སོགས་པས་སེམས་མི་འཛིངས་པ་ཉིད་ཀྱིས་དབུ་སྐྲ་མི་འཛིངས་པའོ།། མི་བཱ་ཤོར་ཞེས་པ་ནི་རྟག་པར་ཚིག་རྩུབ་པ་མ་ཡིན་པ་ཉིད་ཀྱིས་དབུ་སྐྲ་མི་བཤོར ་པའོ།། སྐྱེས་བུའི་ཡིད་འཕྲོག་ཅེས་པ་ནི་བྱང་ཆུབ་ཀྱི་ཡུན་ལག་གི་མེ་ཏོག་གཅལ་དུ་བཀྲམ་པ་ཉིད་ཀྱིས་སྐྱེས་བུའི་ཡིད་འཕྲོག་པའི་དབུ་སྐྲའོ།། དཔལ་གྱི་བེའུ་བཀྲ་ཤིས་ནི་ཞེས་པ་ཐམས་ཅད་མཛེས་པར་གྱུར་པའི་ལས་གང་ཡིན་པ་དེ་ཉིད ་ཀྱིས་དཔོལ་གྱི་བེའུ་དང་བཀྲ་ཤིས་ལ་སོགས་པའི་རི་མོ་ཕྱག་དང་ཞབས་ཀྱི་མཐིལ་དག་ལ་ཡོད་པའོ།། སངས་རྒྱས་བཅོམ་ལྡན་འདས་ཀྱི་དཔེ་བྱད་བཟང་པོ་བརྒྱད་བཅུ་བསྟན་པའོ།། ཡོན་ཏན་མཐའ་དག་དང་ལྡན་པ་ལོངས་སྤྱོད་རྫོགས ་བའི་སྐུ་བསྟན་ནས། སྤྲུལ་པའི་སྐུ་བསྟན་པའི་ཕྱིར་གསུངས་པ། གང་གིས་འཁོར་བ་ཇི་སྲིད་པར། འགྲོ་ལ་ཕན་པ་སྣ་ཚོགས་ངག། མཉམ་དུ་མཛད་པ་སྐུ་དེ་ནི།། ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆང་།། ཅེས་པ་ནི་ཤཱཀྱ་ཐུབ་པ་ལ་སོགས་པའི་སྤྲུལ་པའི་སྐུ ་གང་དང་གང་གིས་འཇིག་རྟེན་གྱི་ཁམས་སྣ་ཚོགས་པར་སེམས་ཅན་མཐའ་དག་ལ་ཡང་དག་པར་ཕན་པའི་དོན་མཉམ་པར་མཛད་ཅིང་འདིའི་སྐུ་རྒྱུན་མི་འཆད་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྤྲུལ་པའི་སྐུའོ།། དེ་ལྟར་ངོ་བོ་ཉིད་ཀྱི་སྐུ་མངོན ་སུམ་དུ་མཛད་པ་པོ་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་གྱི་རང་བཞིན་གྱི་དཔལ་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ནམ་མཁའི་ཁམས་མཐའ་དག་ཏུ་དག་པ་སྣ ་ཚོགས་པས་ཁྱབ་པར་མཛད་ན་ཇི་སྲིད་ན་མཁའི་མཐས་གཏུགས་པར་འགྲོ་བའི་དོན་རྣམས་བྱེད་དོ།། རྣམ་པ་ཉི་ཤུ་རྩ་བདུན་གྱིས་འགྲོ་བའི་དོན་བྱེད་པ་ནི་འདིའི་མཛད་པར་བསྟན་པའི་ཕྱིར་གསུངས་པ། དེ་བཞིན་ལས་ཀྱང་རྒྱུན་མི་འཆང་།། འདི་ཡི ་འཁོར་བ་ཡིན་པར་བཤད།། འགྲོ་རྣམས་ཞི་བའི་ལས་དང་ནི།། བསྡུ་རྣམ་བཞི་ལ་འགོད་པ་དང་།། ཀུན་ནས་ཉོན་མོངས་བཅས་པ་ཡི།། རྣམ་པར་བྱང་བ་རྟོག་པ་དང་།། སེམས་ཅན་རྣམས་དོན་ཇི་བཞིན་གྱི།། དོན་དང་ཕ་རོལ་ཕྱིན་དྲུག་དང་།། སངས ་རྒྱས་ལམ་དང་རང་བཞིན་གྱིས།། སྟོང་པ་ཉིད་དང་གཉིས་ཟད་དང་།། བརྡའ་དང་དམིགས་པ་མེད་པ་དང་།། ལུས་ཅན་རྣམས་ནི་ཡོངས་སྨིན་དང་།། བྱང་ཆུབ་སེམས་དཔའི་ལམ་དང་ནི།། མངོན་པར་ཞེན་པ་ལྡོག་པ་དང་།། བྱང་ཆུབ་ཐོབ་དང་སངས ་རྒྱས་ཞིང་།། རྣམ་པར་དག་དང་ངེས་པ་དང་།། སེམས་ཅན་དོན་ནི་ཚད་མེད་དང་།། སངས་རྒྱས་བསྟེན་སོགས་ཡོན་ཏན་དང་།། བྱང་ཆུབ་ཡན་ལག་ལས་རྣམས་ནི།། ཆུད་མི་ཟ་དང་བདེན་མཐོང་དང་།། ཕྱིན་ཅི་ལོག་ནི་སྤངས་པ་དང་།། དེ་བཞིན་མེད ་པའི་ཚུལ་དང་ནི།། རྣམ་པར་བྱང་དང་ཚོགས་དང་ནི།། འདུས་བྱས་འདུས་མ་བྱས་པ་ལ།། ཐ་དད་ཡོངསུ་མི་ཤེས་དང་། མྱ་ངན་འདས་ལ་འགོད་པ་སྟེ། ཆོས་ཀྱི་སྐུའི་ཕྲིན་ལས་འདི།། རྣམ་པ་ཉི་ཤུ་བདུན་དུ་བཞེད་ཅེས་པ་སྟེ།། འགྲོ་རྣམས་ཞི་བའི་ལས། ་དང་ནི་ཞེས་པ་ནི་སེམས་ཅན་རྣམས་ལ་ཆོས་བསྟན་པའི་དོན་དུ་དེ་རྣམས་ཀྱི་ངན་འགྲོ་རབ་ཏུ་ཞི་བར་བྱེང་བའི་ཕྲིན་ལས་སོ།། བསྡུ་རྣམ་བཞི་ལ་འགོད་པ་དང་ཞེས་པ་ནི་བསྡུ་བའི་དངོས་པོ་བནི་ལ་འགོང་བའི་འཕྲིན་ལས་སོ།། ཀུན་ནས་ཉོན ་མོངས་བཅས་པ་ཡི།། རྣམ་པར་བྱུང་བ་རྟོགས་པ་དང་ཞེས་པ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱུང་བ་རྟོགས་པ་ལ་འགོད་པའི་ཕྲིན་ལས་སོ།། སེམས་ཅན་རྣམས་དོན་ཇི་བཞིན་གྱི།། དོན་དང་ཞེས་པ་ནི་སེམས་ཅན ་ལ་དོན་ཇི་ལྟ་བ་བཞིན་དུ་སྟེ་ཕྱིན་ཅི་མ་ལོག་པའི་རང་བཞིན་ལ་འགོད་པའི་འཕྲིན་ལས་སོ།། ཕ་རོལ་ཕྱིན་དྲུག་ཅེས་པ་ནི། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འགོད་པའི་ཕྲིན་ལས་སོ།། སངས་རྒྱས་ལམ་ཞེས་པ་ནི་བསམ་པ ་ཇི་ལྟ་བ་བཞིན་དུ་ཉན་ཐོས་དང་། རང་སངས་རྒྱས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་ལ་འགྲོང་པའི་ཕྲིན་ལས་སོ།། རང་བཞིན་གྱིས་སྟོང་པ་ཉིད་ཅེས་པ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་ལ་འགོང་བའི ་འཕྲིན་ལས་སོ།། གཉིས་ཟད་ཅེས་པ་ནི་སྒྲོས་བཏགས་པའི་གཟུང་བ་དང་འཛིན་པ་གཉིས་ཟད་པ་ལ་འགོད་པའི་ཕྲིན་ལས་སོ།། བརྡའ་ཞེས་པ་ནི་སྒྲ་དང་དོན་དག་དེ་ཁོ་ན་ཉིད་དུ་འབྲེལ་པ་མེད་པས་བརྗོད་བྱ་དང་རྗོད་བྱེད་དུ་བརྡར་བཏགས ་པ་ལ་འགོད་པའི་ཕྱིན་ལས་སོ།། དམིགས་པ་མེད་པ་ཞེས་པ་ནི་ཆོས་ཐམས་ཅད་མི་དམིགས་པ་ལ་འགོད་པའི་ཕྲིན་ལས་སོ།། ལུས་ཅན་རྣམས་ནི་ཡོངས་སྨིན་དང་ཞེས་ནི་སེམས་ཅན་རྣམས་ཡོངས་སུ་སྨིན་པ་ལ་འགོད་པའི་ཕྲིན་ལས་སོ།། བྱང ་ཆུབ་སེམས་དཔའི་ལམ་དང་ནི་ཞེས་པ་ནི་བྱང་ཆུབ་སེམས་དཔའི་ལམ་ལ་འགོད་པའི་ཕྲིན་ལས་སོ།། མངོན་པར་ཞེན་པ་བཟློག་པ་དང་ཞེས་པ་ནི་མངོན་པར་ཞེན་པ་ཐམས་ཅད་བཟློག་པ་ལ་འགོད་པའི་ཕྲིན་ལས་ཡིན་ནོ།། བྱང་ཆུབ་ཐོབ་དང ་ཞེས་པ་ནི་རང་རང་གི་བྱང་ཆུབ་ལ་འགོང་བའི་ཕྲིན་ལས་སོ།། སངས་རྒྱས་ཀྱི་ཞིང་རྣམ་པར་དག་ཅེས་པ་ནི་སངས་རྒྱས་ཀྱི་ཞིང་ཡོང་སུ་དག་པ་ལ་འགོད་པའི་ཕྲིན་ལས་སོ།། དེས་དང་ཞེས་པ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས ་བ་ལ་འགོང་པའི་ཕྲིན་ལས་སོ།། སེམས་ཅན་དོན་ནི་ཚད་མེད་དང་ཞེས་པ་ནི་སེམས་ཅན་གྱི་དོན་ཚད་མེད་པ་ལ་འགོད་པའི་ཕྲིན་ལས་སོ།། སངས་རྒྱས་བསྟེན་སོགས་ཡོན་ཏན་དང་ཞེས་པ་ནི་སངས་རྒྱས་བསྟེན་པ་ལ་སོགས་པའི་ཡོན་ཏན་ལ ་འགོད་པའི་ཕྲིན་ལས་སོ།། བྱང་ཆུབ་ཡན་ལག་ཅེས་པ་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་འགོད་པའི་ཕྲིན་ལས་སོ།། ལས་རྣམས་ཆུང་མི་ཟ་ཞེས་པ་ནི་ལས་ཀྱི་འབྲས་བུ་ཆུང་མི་ཟ་བ་ལ་འགོད་པའི་ཕྲིན་ལས་སོ།། བདེན་མཐོང ་ཞེས་པ་ནི་འཕགས་པའི་བདོན་པ་བཞི་མཐོང་བ་ལ་འགོད་པའི་ཕྲིན་ལས་སོ།། ཕྱིན་ཅི་ལོག་ནི་སྤངས་པ་དང་ཞེས་པ་ནི་ཐམས་ཅད་དུ་ཡུལ་རྣམས་ལ་འཁྲུལ་པ་སྤངས་པ་ལ་འགོད་པའི་ཕྲིན་ལས་སོ།། དེ་གཞི་མེད ་བའི་ཚུལ་དང་ནི་ཞེས་པ་ནི་འཁྲུལ་པའི་གཞི་མེད་པ་ལ་འགོང་བའི་ཕྲིན་ལས་སོ།། རྣམ་པར་བྱང་དང་ཞེས་པ་ནི་དཀར་པོའི་ཆོས་ཐམས་ཅད་ལ་འགོད་པའི་ཕྲིན་ལས་སོ།། ཚོགས་ཞེས་པ་ནི་བསོད་ནམས་དང་ཡེ་ཤེས ་ཀྱི་ཚོགས་རྣམས་ལ་འགོད་པའི་ཕྲིན་ལས་སོ།། འདུས་བྱས་འདུས་མ་བྱས་པ་ལ།། ཐ་དད་ཡོངས་སུ་མི་ཤེས་དང་ཞེས་པ་ནི་འདུས་བྱས་དང་འདུས་མ་བྱས་ངག་ཐ་དད་དུ་ཡོངས་སུ་མི་ཤེས་པ་ལ་འགོད་པའི་ཕྲིན་ལས་སོ།། མྱ་ངན ་འདས་ལ་འགོང་པ་སྟེ་ཞེས་པ་ནི་ཇི་ལྟར་རིགས་པར་ཕུང་པོ་ལྕག་བཅས་དང་ལྷག་མེད་ཀྱི་མྱ་ངན་ལས་འདས་པ་ལ་འགོད་པའི་ཕྲིན་ལས་སོ།། ཆོས་ཀྱི་སྐུའི་ཕྲིན་ལས་ཞེས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའི ་བདག་ཉིད་ཀྱི། བཅོམ་ལྡན་འདས་ལ་ས་ཐ་མི་དང་གང་ཞིག་ལྡོག་པས་བྱས་པའི་ཐ་དད་ཙམ་ཡོངས་སུ་བརྟགས་པའི་བྱང་ཆུབ་ཀྱི་ཕྱོགས་དང་ཚད་མེད་པ་ལ་སོགས་པ་ཡིད་ཀྱི་ཡོན་ཏན་དེ་རྣམས་ནི་བསགས་པའི་ཕྱིར་ཆོས་ཀྱི་སྐུ་ཞེས ་བྱ་བ་སྐུ་བཞི་པ་ནི་མ་ཡིན་ནོ།། ཕྲིན་ལས་རྣམ་པ་ཉི་ཤུ་རྩ་བདུན་དུ་བསྟན་པའོ།། །། མངོན་པར་རྟོགས་པའི་རྐྱེན་གྱི་འགྲེལ་པ་གྲོགས་པའི་ཆ་ཞེས་བྱ་བ་ལས་སྐབས་བརྒྱད་པའི་འགྲེལ་པའོ།། །། དེ་ལྟར་རེ་ཞིག་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་རྣམ་པ་བརྒྱད་དུ་བསྡུ་བ་གསུངས་ནས། གཞན་ཡང་རྣམ་པ་དྲུག་དུ་བསྟན་པའི་ཕྱིར་གསུངས་པ། མཚན་ཉིད་དེའི་སྦྱོར་བ་དང་།། དེ་རབ་དེ་ཡི་གོ་རིམ་དང་།། དེའི་མཐའ་དེའི་རྣམ་སྨིན་ནི།། དོན་བསྡུས་གཞན་ཏེ་རྣམ་པ་དྲུག། མཚན་ཉིད་ཅེས ་བ་ནི་སྦྱོར་བའི་གཞིར་མཚོན་པར་བྱེད་པས་ན་མཚན་ཉིད་དེ་ཀུན་མཁྱེན་རྣམ་པ་གསུམ།། མཚན་ཉིད་དེའི་སྦྱོར་བ་ནི་རྣམ་པ་ཀུན་མངོན་པར་བྱང་ཆུབ་པའི་མངོན་པར་རྟོག་པ་ནི་སྦྱོར་བའོ།། རབ་གསལ་བ་ནི་མངོན་པར་རྟོགས་པའོ།། སྦྱོར་བའི་གོ་རིམ་ནི ་མཐར་གྱིས་པའི་མངོན་པར་རྟོགས་པའོ།། སྦྱོར་བའི་མཐའི་སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པའོ།། སྦྱོར་བའི་འབྲས་བུ་ཆོས་སྐུ་མངོན་པར་རྟོགས་པའོ།། སླར་ཡང་འདི་ཉིད་དོན་རྣམ་པ་གསུམ་དུ་གསུངས་ཏེ། ཡུལ་གྱི་རྒྱུ་ནི་གསུམ་དག ་དང་། སྦྱོར་བ་བཞི་ཡི་བདག་ཉིད་དང་།། ཆོས་སྐུ་ཕྲིན་ལས་བདག་ཉིད་ནི།། མདོར་བསྡུས་གཞན་ཏེ་རྣམ་པ་གསུམ་ཞེས་པ་སྟེ།། འདི་ཉིད་དོན་གཞན་རྣམ་པ་གསུམ་གྱིས་བསྡུས་ཏེ། དེ་ལ་རྒྱུ་དང་སྦྱོར་བ་དང་འབྲས་བུའོ།། ་དེ་ལ་རྒྱུ་ནི་རྣམ་པ་གསུམ་སྟེ། སྦྱོར་བ་ཡུལ་གྱིས་ཀུན་མཁྱེན་རྣམ་པ་གསུམ་མོ།། སྦྱོར་བ་བཞིའི་བདག་ཉིད་རྣམ་པ་ཀུན་མངོན་པར་བྱང་ཆུབ་པའི་མངོན་པར་རྟོགས་པ་དང་། རྩེ་མོའི་མངོན་པར་རྟོགས་པ་དང་། ་མཐར་གྱིས་པའི་མངོན་པར་རྟོགས་པ་དང་། སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པའི་མངོན་པར་རྟོགས་པའོ།། སྦྱོར་བའི་འབྲས་བུ་ནི་ཆོས་དང་། ལོངས་སྤྱོད་རྫོགས་པའི་དང་། སྤྲུལ་པའི་སྐུ་དང་། དེའི་མཛད ་པའོ།། ཚིག་དོན་ལེགས་པར་འབྱེད་པའི་འགྲེལ།། གཞན་དག་མེད་པའི་བཤད་མཁན་ལ།། བློ་ལྡན་སློབ་མས་དྲིས་ནས་སྐྱེསོ།། དེ་ལ་བརྩེ་ཕྱིར་ངས་འདི་བྱས།། གོལ་ཏེ་གཞན་གྱིས་མཐོང་བ་ལ།། འབྲས་ཐོབ་བདག ་གི་དགེ་ཤིང་གིས།། བདག་གི་བླ་མ་ཡེ་ཤེས་དཔལ།། ཆོས་ཀྱི་གྲགས་པའི་གཞུང་ལ་ནི།། ཤེས་རབ་འབྱུང་གནས་གཉིས་པ་ཡིན།། བསྟན་བཅོས་ཇི་སྙེད་ཡོད་པ་ཡི།། སྙིང་པོའི་དོན་རྣམས་རང་གིས་རྟོགས།། ་ཀུན་ལ་གདམ་ངག་བསྟེར་བའི་བློ།། གཡོ་སྒྱུ་མེད་ཅིང་བརྟན་པ་རུ།། བྱང་ཆུབ་སེམས་དཔའི་སྤྱོད་པ་ཅན།། སྡེ་སྣོད་རྣམ་བཞིའི་གླེང་གཞི་ལ།། དབང་པོའི་རྒྱལ་པོ་ཆེན་པོ་སྟེ།། དེ་ཡི་སློབ་མར་གྱུར་པ ་སྐྱེས།། དོན་ཡོད་པ་ཡི་དགེ་སློང་རིན་ཆེན་གྲགས་པ་ཞེས་བྱང་རྒྱལ་མེད།། རྒོལ་བྱ་ངན་པའི་ཚོགས་ཀྱིས་མུན་ནག་གཏམས་པ་ལ།། ཉི་མ་བཅུ་གཉིས་བསྡོམས་པའི་འོད་ཟེར་འདྲ ་བ་ཡིན།། གཞན་གྱིས་གསོལ་བ་བཏབ་ནས་འགྲེལ་པ་འདི་བྱས་པས།། བསདངྐ་ནཱ་མས་གང་ཞིག་ཐོབ་ངས་འགྲོ་ཀུན་གྲོལ་གྱུར་ཅིག། མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་གྲགས་པའི་ཆ་ཞེས་བྱ་བ ་བདྡྷི་ཏ་རཏྣ་ཀཱིཎྜཱིས་མང་བ་རྫོགས་སོ།། རྒྱ་གར་གྱི་བཎྜི་ཏ་ཆེན་པོ་རཏྣ་ཀཱིནྠི་དང་། བོད་ཀྱི་ལོ་ཙཱ་བ་ཆིངས་ཡོན་ཏན་འབར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕུབ་པའོ།། བདག་གིས་འདི་འགྱུར ་བསོད་ནམས་ཀྱིས།། སེམས་ཅན་ཀུན་གྱི་རྒྱུན་དུ་ནི། འདི་བསྒྱུར་བསོད་ནམས་གང་ཐོབ་དེས།། ཕ་མ་སློབ་དཔོན་སེམས་ཅན་གྱིས།། རྒྱས་འབྲིང་རྣམ་པ་གསུམ་རིག་གི། སྐབས་བརྒྱད་དོན་ནི་རྟོགས་པར་ཤོག ་ཡང་མ་འིའི་ས་རྒྱ་ཀྱིལ་མཚན་མ་གྱུར་ཐབཅིསདམང་བསགས་པར་སྡིག་པབས་སུམ་འམ། དགེ་ས་དུས་སྔའིས་ས་སུམས་།། ཐ་མི་བྱེང་དུ་གྲང་བ་ག་ཡང་བྱམ་པན། ་