| Wylie | e-texts produced with BDRC’s OCR application |
རྒྱུ་གར་སྐད་དུ། སཉྩ་ཡ་གཱ་ཐཱ་པིཉྩ་ཀ། བོད་སྐད་དུ། སྡུད་པ་ཚིགས་སུ་བཅད་པའི་དཀའ་འགྲེལ། བམ་པོ་དང་པོ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། རྒྱལ་བའི་དབང་པོ ་དང་ནི་བདེ་གཤེགས་སྲས་དང་དགེ་སྦྱོང་ཚུལ་ཙམ་འདོད་པ་རྣམས། འབྲས་བུ་དམ་པ་དང་ནི་རྒྱུ་དང་དམན་པའི་ཡིད་ཀྱིས་འཇུག་པའི་བྱེ་བྲག་གིས། རྣམ་པ་ཐམས་ཅད་མཐའ་དག་ལམ་དང་ཤེས་བྱ་ཀུན་ཤེས་གང་གི་ཕ་རོལ་མཆོག། ་འགྲོ་འགྱུར་ཡུམ་དེར་ཡུན་རིངས་བཏུད་ནས་འཁྲུལ་སྤངས་བློ་ཡིས་དེ་འགྲེལ་རྒྱས་པར་བྱ།། མ་ལུས་འགྲོ་བའི་རྩ་ལག་འཁྲུལ་པའི་དྲི་མ་བྲལ་བ་ཡི།། བློ་ཅན་རྣམས་ཀྱི་འབད་པ་སྐྱེད་དེ་འདི་རྒྱན་མཛོད་མོད་ཀྱི།། དེ་ཉིད་ཕྱིར་ནཱ་བདག ་ཀྱང་འདི་ལ་ངེས་པར་འཇུག་རིགས་ཏེ།། མཁས་རྣམས་ཞུགས་པའི་ལམ་ནི་ཆེན་པོ་ཉིད་དུ་མི་འགྱུར་མིན།། དེ་ལ་ཡང་དག་པར་སྡུས་པར་བྱེད་པས་རྒྱས་པ་ལྔ་དད་པ་རྣམས་ཀྱི་དབང་དུ་མཛད་ནས་རྒྱུ་དང་འབྲས་བུ་ཕུན་སུམ་ཚོགས ་པ་རྣམ་པར་དག་པར་བྱ་བའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྐབས་ཀྱིས་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་པོར་བཤད་པ་ཡང་ཚིགསུ་བཅད་བ་དག་གིས་རྒྱས་པར་རབ་ཏུ་སྟོན་པ་ལ་ཟློས་པ་ལ་སོགས ་བའི་ཉེས་པ་བསལ་པོར་འདོད་ནས། དེ་ནས་ཡང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། དེ་ནས་ཡང་ཞེས་བྱ་བ་ནི་རྒྱས་པར་བསྟན་པའི་མཇུག་ཐོགས་སུ་འམ། འཁོར་ཤེས་རབ་མདོར་བསྡུས་ཏེ་བསྟན་པ་མཉན་པར་རུང་བར་ཐུགས་སུ ་ཆུང་མ་ཐག་ཏུ་སྟེ། ཚིག་གི་ཕྲང་འདི་ནི་སྤྱིར་ན་དེ་མ་ཐག་བརྗོད་པར་བྱ་བ་ཡིན་པའི་ཕྱིར་རོ།། རྣམ་པ་གཅིག་ཏུ་ན་ཡང་ཞེས་བྱ་བའི་སྒྲ་ནི་འདིར་ཚིག་གི་རྒྱན་ཡིན་པར་བལྟ་བའོ།། བཅོམ་ལྡན་འདས་ཞེས་བྱ་བ་ནི ་བདུད་བཞི་བཅོམ་པའི་ཕྱིར་རམ། དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ།། སྐལ་ཞེས་བྱ་བའི་སྒྲ་ནི་དབང་ཕྱུག་ལ་སོགས་པ་བརྗོད་པར་བྱེད་པ་ཡིན་ཏེ། དབང་ཕྱུག་དང་ནི་གཟུགས་བཟང་དང་། གྲགས་དང་དཔལ་དང་ཡེ་ཤེས་དང་། ་བརྩོན་འགྲུས་ཕུན་སུམ་ཚོགས་ལྡན་པ།། དྲུག་པོ་དག་ལ་སྐལ་ཞེས་བཤད་ཅེས་གང་བཤད་པ་ཡིན་ནོ།། དེ་ལ་བཅོམ་ལྡན་འདས་ཀྱི་དབང་ཕྱུག་ཕུན་སུམ་ཚོགས་པ་ནི་དེ་བཞིན་ཉིད་རྣམ་པར་དག་པ་རྣམ་པར་རྟོགས་པའི་བག་ཆགས་མ་ལུས ་པས་དབེན་པའི་བདག་ཉིད་ཡིན་ཏེ། རང་དང་གཞན་གྱི་དོན་འགྲུབ་པ་ནི་ངེས་རབ་ཏུ་ཕྱེ་བའི་ཕྱིར་རོ།། གཟུགས་བཟང་བ་ཕུན་སུམ་ཚོགས་པ་ནི་དེ་ལས་གཞན་པའི་ཡེ་ཤེས་ཀྱི་འབྱུང་གནས་ཡིན་པ་ཉིད་ཀྱི་ཕྱིར་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན་ཏེ། ་བཅོམ་ལྡན་འདས་ཀྱི་རང་བཞིན་ནི་ཡེ་ཤེས་འདིར་མཚན་ཉིད་གཅིག་པའི་ཕྱིར་རོ།། གྲགས་པ་དང་དཔལ་ཕུན་སུམ་ཚོགས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན་ཏེ། ཐུགས་རྩེ་བ་ལ་སོགས་པའི་ཡོན་ཏན་རིན་པོ་ཆེས་རབ་ཏུ་ཕྱེ་བའི་ཕྱིར ་འགྲོ་བ་ཐམས་ཅད་ལ་ཕན་པ་བསྐྱེད་པར་བཟོད་པ་ཉིད་ཀྱིས་གྲགས་པ་ཕུན་སུམ་ཚོགས་པ་མཐའ་དག་གི་ཡང་དག་པའི་རྟེན་ཡིན་པའི་ཕྱིར་དང་།། དཔལ་དང་ལྡན་པའི་ཕྱིར་རོ།། ཡེ་ཤེས་ཕུན་སུམ་ཚོགས་པ་ནི་སོ་སོར་རྟོག་པའི་ཡེ་ཤེས ་ཡིན་ཏེ། དངོས་པོ་ཐམས་ཅད་ཕྱིན་ཅི་མ་ལོག་པར་ཡོངས་སུ་གཅོད་པའི་བདག་ཉིད་ཡིན་པའི་ཕྱིར་རོ།། བརྩོན་འགྲུས་ཕུན་སུམ་ཚོགས་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས་རབ་ཏུ་ཕྱེ་བ་བྱ་བ་སྒྲུབ་པའི་ཡེ་ཤེས་ཡིན་ཏེ། ་ཡོན་ཏན་རིན་པོ་ཆེ་ཐུན་མོང་མ་ཡིན་པ་དེ་ལྟ་བུས་བརྒྱན་པའི་བཅོམ་ལྡན་འདས་བདེ་བར་གཤེགས་པས། ཚིགས་སུ་བཅད་པ་འདི་དག་དཀའ་སྩལ་ཏོ་ཞེས་བྱ་བར་སྦྱར་རོ།། འདི་སྨོས་པ་ཡང་ཚིགས་སུ་བཅད་པ་དག་གིས་ཤེས་རབ ་བསྟན་པ་ལ་མ་གུས་པ་དག་ཡོངས་སུ་སྤང་བའི་ཕྱིར་རོ།། དེ་ལྟ་མ་ཡིན་ཏེ་དེ་ལས་གཞན་པས་བསྟན་ན་ལོག་པར་བསྟན་པར་དོགས་པས་མ་དད་པར་འགྱུར་ཡང་བཅོམ་ལྡན་འདས་ཅི་ཞིག་སྟོན་ཅིང་ཚིགས་སུ་བཅད་པ་དག་དཀའ་སྩལ ་ཅེ་ན། ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྟོན་ཞིང་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་དཀའ་སྩལ་ཏོ། ཞེས་བྱ་བ་གསུངས་ཏེ། སྔར་རྒྱས་པར་བསྟན་པ་གང་དག་ཡིན་པ་དེ་དག་ཉིད་ཅེས་བྱ་བའི་ཐ་ཚིག་གོ། ཤེས་རབ་ནི་སྤྱིར ་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡིན་ནོ།། དེའི་ཕ་རོལ་ནི་མོས་པས་སྤྱོད་པའི་གནས་སྐབས་ན་ནི་ཆོས་ཐམས་ཅད་བདག་མེད་པར་ཡིད་ཆེས་པ་ཡིན་ནོ།། རབ་ཏུ་དགའ་བ་ལ་སོགས་པའི་གནས་སྐབས་ན་ནི་རྟོག་པ་ཐམས་ཅད་ཀྱི ་དབེན་པ་ཡིན་ནོ།། དེ་ལྟ་བས་ན་གང་དག་དེ་ལྟ་བུའི་ཕ་རོལ་དེའི་བདག་ཉིད་དུ་གྱུར་པ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ།། དེ་དག་སྟོན་ཅིང་ཞེས་བྱ་བ་ནི་གང་ཟག་ལ་སོགས་པའི་རྣམ་པར་རྟོགས་པས་དབེན་པར ་སྒྲོགས་ཤིང་ངོ་།། མོས་པས་སྤྱོད་པ་ལ་ཡོད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་རྟོག་པའི་ངོ་བོ་ཡིན་པའི་ཕྱིར།། ཚིགས་སུ་བཅད་པ་ཐོས་མ་ཐག་ཏུ་གདུལ་བྱའི་སྐྱེ་བོའི་རྒྱུད་གཞུང་ལུགས་ཀྱིས་འདུ་བྱེད ་སྐྱེད་པ་ཅན་དག་ལ་སྐྱེ་བས་རབ་ཏུ་སྟོན་པ་མ་ཡིན་ནམ། འཇིག་རྟེན་ལས་འདས་པ་ནི་དེ་ལྟར་མ་ཡིན་ཏེ། དེ་ནི་རྣམ་པར་རྟོག་པ་ལས་འདས་པའི་ངོ་བོ་ཡིན་པའི་ཕྱིར་དང་ཐོས་མ་ཐག་ཏུ་ཡང་མི་སྐྱེ་བའི་ཕྱིར་རོ།། དེ་ལྟ་མ་ཡིན་ན་སྒོམ་པ ་བ་དོན་མེད་པར་ཐལ་བར་འགྱུར་རོ།། ཐོས་པ་ཙམ་གྱི་མཇུག་ཐོགས་སུ་འཁྲུལ་པ་དང་བྲལ་བའི་ཡེ་ཤེས་སྐྱེ་ན་ནི་སྒོམ་པ་དོན་ཅུང་ཟད་ཀྱང་རྒྱས་པར་མི་བྱེད་དོ།། གལ་ཏེ་ཐོས་པ་ཙམ་གྱིས་དོན་མཐོང་བར་འགྱུར་ན་སྒོམ་པ་དོན་མེད ་འགྱུར་ཞེས་གང་བཤད་པ་ལྟ་བུ་ཡིན་ན་དེ་ཇི་ལྟར་ཁྱད་པར་མེད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྟོན་ཅིང་ཞེས་བརྗོད་ཅེ་ན། འདི་ནི་དེ་ལྟ་མ་ཡིན་ཏེ། བདག་མེད་པར་ཡིད་ཆེས་པ་ནི་འཇིག་རྟེན་ལས་འདས་པ་དང་ཅིག་ཤོས ་ཀྱི་གནས་སྐབས་དག་ཏུ་ཁྱད་པར་རྟོག་པ་མེད་པར་སྐྱེ་བའི་ཕྱིར་རོ།། འདི་ལྟར་རྣལ་འབྱོར་པ་འཇིག་རྟེན་ལས་འདས་པའི་ས་མངོན་དུ་བྱས་པ་རྣམས་ལ་ཡང་ལངས་པའི་ཚེ་དེ་ཁོ་ན་ཉིད་འདི་ནི་བཅོམ་ལྡན་འདས་ཀྱིས་ཇི་སྐད ་བཤད་པ་དེ་ཁོ་ན་ལྟར་ཡིན་ནོ་ཞེས་རྣམ་པར་རྟོག་པའི་བློ་ཐོས་པ་དང་རྟོགས་པ་ཐ་དད་པར་རྟོག་པ་མེད་པ་ཅན་འབྱུང་བ་ཁོ་ནའོ།། དེ་ལྟ་བས་ན་རྣམ་པར་རྟོག་པ་དེ་ལྟ་བུ་འཇུག་པ་ལས་བལྟོས་ཏེ་ཐ་སྙད་ཀྱི་སྒོ་ནས་ཤེས་རབ ་བླ་ན་མེད་པ་རབ་ཏུ་སྟོན་པ་ལ་འགལ་བ་ཅི་ཡང་མེད་དོ།། རྟོག་པའི་སྐྱོན་བསལ་བའི་ཡེ་ཤེས་ནི་ཡང་དག་པའི་ན་བསྒོམས་པའི་དབང་ཁོ་ནས་འབྱུང་བས་བསྒོམ་པ་འབྲས་བུ་མེད་པ་ཡང་མ་ཡིན་ནོ།། སྔོན་གོམ་པ་ཡོངས་སུ ་བསྒོམས་པའི་སེམས་དང་ལྡན་པ་རྣམས་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་ཐོས་མི་ཐག་པ་ཁོ་ནར་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་བའི་ཕྱིར་དེ་བསྟན་པ་དངོས་སུ་ཡང་མི་འགལ་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྟན ་པ་འདི་བཤད་པས་ན་བྱང་ཆུབ་སེམས་དཔའ་དྲུག་ཁྱིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ལྟ་བུ་ཡིན་ནོ།། ཡང་ཅིའི་ཕྱིར་སྔར་ཡང་རྒྱས་པར་བསྟན་ཟིན་པ་འདི་སྟོན་ཞེ་ན། འཁོར་བཞི་པོ ་དེ་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་ཅེས་བྱ་བ་ནི་སྔར་བདག་མེད་པ་བསྟན་པའི་དབང་དུ་མཛད་པ་དུག་ཉིད་ཡིན་གྱི་གཞན་དག་ནི་རུང་བ་མ་ཡིན་པའི་ཕྱིར་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ།། འཁོར་བཞི་པོ་ཞེས་བྱ་བ ་ནི་དགེ་སློང་དང་དགེ་སློང་མ་དང་། དགེ་བསྙེན་དང་དགེ་བསྨིན་མ་རྣམས་ཏེ། འདི་ཙམ་ཁོ་ནས་གདུལ་བྱའི་སྐྱེ་བོ་གཙོ་བོ་ཀུན་ནས་བསྡུས་པའི་ཕྱིར་རོ།། ཡང་ན་རབ་ཏུ་བྱུང་བའི་ཕྱོགས་བཅོམ་ལྡན་འདས་ཀྱིས་བསྟན་པའི་ལྷག་པའི ་ཚུལ་ཁྲིམས་ཀྱི་བསླབ་པ་དང་ལྡན་པ་འམ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་ཁས་བླངས་པས་ཁྱིམ་ནི་གནས་པའི་ཕྱོགས་ཐབས་ལ་མཁས་པོ་དཔེ་མེད་པས་གཟུགས་ལ་སོགས་པའི་ཡུལ་ཉེ་བར ་སྤྱད་པ་ཟིལ་གྱིས་ནོན་པ་ཞིག་བཅོམ་ལྡན་འདས་མ་ཐོས་པ་དང་བསམ་པ་ལ་སོགས་པའི་རིམ་གྱིས་བསྒྲུབ་པར་འགྱུར་གྱི་དབང་དུ་བྱ་བ་མ་ཡིན་པའི་ཕྱིར་གཞན་ནི་མ་ཡིན་པས་ལྷག་པར་མ་སྨོས་སོ།། ཡང་དགྲ ་པར་དགའ་བར་མཛད་པའི་ཕྱིར་ཞེས་བྱ་བ་ནི་མདོར་བསྡུས་ཏེ་བསྟན་པ་ལ་མོས་པ་རྣམས་ཀུན་ཏུ་དགའ་བར་མཛད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། རྣམ་པ་གཅིག་ཏུ་ན་གང་ཞིག་དེ་ཁོ་ན་ཉིད་གཟིགས་པས་གཞུང་རྒྱས་པ་འདི་སྙེད་གཅིག ་གིས་བསྟན་པའི་དོན་གང་ཡིན་པ་དེ་དེ་ཚིགས་སུ་བཅད་པ་ཉུང་ངུ་ཞིག་གིས་རབ་ཏུ་བསྟན་ཏོ་ཞེས་བཅོམ་ལྡན་འདས་གསུང་ལ་མངའ་བ་ཉིད་དུ་རྟོགས་ནས་གུས་པ་དང་བཅས་པའི་སེམས་དང་ལྡན་པ་རྣམས་ཀྱི་དགའ་བ་གང་ཡིན་པ་དེ་ནི ་ཡང་དག་པར་དགའ་བ་ཡིན་ཏེ། འདི་ནི་མོས་པས་སྤྱོད་པའི་ས་ན་ཡོད་པའི་འཇིག་རྟེན་པ་ཡིན་ནོ།། འཇིག་རྟེན་ལས་འདས་པས་ནི་ཤེས་རབ་མདོར་བསྡུས་ཏེ་བསྟན་པའི་སྒོ་ནས་གཞུང་རྒྱས་པ་ལ་མངོན་པར་ཞེན་པ་སྤངས་པ་དོན་ལ་གཞོལ་བའི ་སེམས་དང་ལྡན་པ་ཚིག་གིས་དོན་ཉུང་ཤས་ཤིག་གི་རྗེས་སུ་འབྲངས་ཏེ་འགྲོ་བ་མཐའ་དག་བདག་མེད་པར་སྒོམ་པར་བྱེད་པ་རྣམས་ཀྱིས་རབ་ཏུ་དགའ་བ་ལ་སོགས་པ་དང་ལྡན་པར་འགྱུར་བ་ཡིན་ནོ།། དེ་ལྟ་བས་ན་ཚིག་འདིས་ནི་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་ནི་བརྗོད་པར་བྱ་བ་ཡིན་ནོ།། དེ་གསལ་བར་བྱེད་པ་ནི་དངོས་སུ་དགོས་པ་ཡིན་ནོ།། ཡང་དག་པར་དགའ་བར་བླ་ན་ཡོད་པ་དང་བླ་ན་མེད་པ་ནི་བརྒྱུད་པས་ཡིན་ནོ།། དེ་དག་གི་ཐབས་དང་ཐབས་ཀྱིས་བསྒྲུབ་པར་བྱ་བའི་མཚན ་ཉིད་ཀྱི་འབྲེལ་པ་ནི་ཚོགས་སུ་བཅད་པ་ཉེ་བར་ལེན་པ་ལ་ཤུགས་ཀྱིས་བསྟན་པར་ཁོང་དུ་ཆུད་པར་བྱའོ།། ཡང་འདིར་བརྗོད་པར་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ཡང་ཇི་ལྟར་ཤེས་ཚིགས་སུ ་བཅད་པ་དེ་དག་ཀྱང་གང་ཡིན་ཞེ་ན། དགའ་དང་གུས་དང་དད་པའི་མཆོག་ཅེས་བྱ་བ་ལ་སྩོགས་པ་གསུངས་ཏེ། དགའ་བ་ནི་དམ་པའི་ཆོས་ལ་དགའ་བའོ།། གུས་པ་ནི་ཆོས་སྨྲ་བ་ལ་སོགས་པ་ལ་ཞེས་བྱེད་པའོ་དད་པ་ནི་ཐེག་པ་ཆེན་པོ ་མཉན་པ་ལ་སོགས་པའི་འབྲས་བུ་ལྔ་མངོན་པར་ཡིད་ཆེས་པ་སྟེ་དེའི་སྐབས་ཡིན་པའི་ཕྱིར་རོ།། མཆོག་ཅེས་བྱ་བ་ནི་ཐམས་ཅད་དང་འབྲེལ་བའི་ཕྱིར་འདི་དག་ཐམས་ཅད་ཆེན་པོའི་ཡང་ཆེན་པའོ།། ཉེར་གཞག་སྟེ་ཞེས་བྱ་བ་ནི་ཉེ་བར ་བཞག་སྟེའོ།། འདི་སྐད་དུ་དད་པ་དང་མི་ལྡན་པའི་དམ་པའི་ཆོས་ཉན་པའི་མི་མཐུན་པའི་ཕྱོགས་ནི་གཉིས་ཡོད་དེ་དམ་པའི་ཆོས་ལ་སྡང་བ་དང་མཱ་གུས་པའོ།། དེ་དག་གི་གཉེན་པོར་འདི་གསུམ་ཉེ་བར་བཞག་ནས་བཅོམ་ལྡན་འདས་མ་མཉན ་པར་བྱའོ་ཞེས་བཤད་པ་ཡིན་ནོ།། ཚུལ་བཞིན་ཡིད་ལ་བྱེད་པའི་སྒྲུབ་པ་དང་འགལ་བའི་ཆོས་རྣམས་ཡོངས་སུ་སྤངས་ནས་ཞེས་བསྟན་པའི་ཕྱིར། སྒྲིབ་པ་ཉོན་མོངས་པ་གསལ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲིབ ་པ་ཉོན་མོངས་ཞེས་བྱ་བ་ནི་སྒྲིབ་པ་དག་ཉིད་དོན་ཕྱིན་ཅི་ལོག་པར་འཛིན་པའི་བགེགས་བྱེད་པ་ཉིད་ཀྱིས་གནོད་པར་བྱེད་པའི་ཕྱིར་འདོད་པའི་འདུན་པ་ལ་སོགས་པའི་སྒྲིབ་པའི་བདག་ཉིད་ཀྱི་ཉོན་མོངས་པ་དག་ཡིན་ཏེ་དེ་དག་བསལ་ནས་ཞེས ་བྱ་བར་སྦྱར་རོ།། དྲི་མ་ལས་འདས་པ་ཞེས་བྱ་བ་ནི་ཤིན་ཏུ་ཀུན་ཏུ་མི་སྤྱོད་པའི་ཕྱིར་སྦྱིན་པ་ལ་སོགས་པ་ཆོས་དཀར་པོ་དང་འགལ་བ་སེར་སྣ་ལ་སོགས་པའི་དྲི་མ་དག་ལས་གྲོལ་བ་ཞེས་བྱ་བའི་དོན་ཏོ།། ལ ་ལ་ལས་ནི་དྲི་མ་རབ་ཞི་བ་ཞེས་འབྱུང་སྟེ། དེར་ནི་དྲི་མ་ཞེས་བྱ་བའི་སྒྲ་ཚིག་སྔ་མ་དང་སྦྱར་རོ།། རབ་ཞི་ཞེས་བྱ་བ་ནི་ཉན་པ་དང་མཐུན་པའི་སྤྱོད་ལམ་ལ་རྣམ་པར་གནས་པ་ཞེས་བྱ་བའི་ཐ་ཚིག་གོ། དེ་ལྟ་བས་ན་དེ་ལྟ་བུ་དག་གི་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་མཉན་པར་གྱིས་ཞེས་བྱ་བར་སྦྱར་རོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་ནི།། དངོས་པོ་བརྒྱད་ཀྱིས་ཡང་དག་བཤད།། རྣམ་ཀུན་མཁྱེན་ཉིད་ལམ་ཤེས་ཉིད།། དེ་ནས་ཐམས་ཅད་ཤེས་པ་ཉིད།། རྣམ་ཀུན་མངོན ་རྫོགས་རྟོགས་པ་དང་།། རྩེ་མོར་ཕྱིན་དང་མཐར་གྱིས་པ།། སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ།། ཆོས་ཀྱི་སྐུ་དང་དེ་རྣ་མས་བརྒྱད།། ཅེས་བྱ་བ་ཡིན་ནོ།། དེ་ལ་ཤེས་རབ་བསྒྲུབ་པའི་དགོངས་པ་མཐར་ཐུག་པ་ནི་སེམས་བསྐྱེད ་པ་ལ་སོགས་པ་རྒྱུ་དང་འབྲས་བུའི་རྣམ་པ་མཐའ་དག་ལྗོངས་སུ་བཅོད་པའི་ངོ་བོ་ཡིན་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་ནོ།། དེ་ཡང་སེམས་བསྐྱེད་པ་དང་གདམས་ངག་དང་། ངེས་འབྱེད་ཡན་ལག་རྣམ་ཅན ་དང་།། སྒྲུབ་པ་ཡི་ནི་རྟེན་གྱུར་པ།། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་།། དམིགས་པ་དག་དང་ཆད་དང་ནི།། གོ་ཆ་འཇུག་པའི་བྱ་བ་དང་།། ཚོགས་ནི་ངེས་པར་འབྱུང་བཅས་རྣམས།། ཐུབ་པའི་རྣམ ་ཀུན་མཁྱེན་པ་ཉིད། ཅེས་བྱ་བ་ཡིན་ཏེ། བཅོམ་ལྡན་འདས་ཅིའི་སླད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལགས། རབ་འབྱོར་རྣམ་པ་གང་དག ་དང་རྟག་གང་དག་དང་མཚོན་མ་གང་དག་གིས་ཆོས་རྣམས་རབ་ཏུ་བསྟན་པའི་རྣམ་པ་དེ་དག་དང་རྟོགས་དེ་དག་དང་མཚན་མ་དེ་དག་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་དེ་དེས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དེ་བཞིན་གཤེས ་བའི་ཡིན་ནོ་ཞེས་བརྗོད་དོ་ཞེས་གང་གསུངས་པ་ཡིན་ནོ།། དེ་ལ་ཉན་པ་པོའི་སྐྱེ་བོ་ཉན་ཐོས་ལ་སོགས་པ་ལྔས་ཁྱད་པར་དུ་འཕགས་པའི་སྒོ་ནས་སེམས་བསྐྱེད་པ་བསྟན་པའི་ཕྱིར། འགྲོ་དྲོན་མངོན་ཞུགས་ཞེས་བྱ་བ་གསུངས་ཏེ། ་འགྲོ་བའི་དོན་ནི་ཅི་རིགས་པར་བྱང་ཆུབ་གསུམ་ཐོབ་པ་ཡིན་ནོ།། དེའི་ཕྱིར་མངོན་པར་ཞུགས་པ་སྟེ། སྦྱིན་པ་ལ་སོགས་པ་དགེ་བའི་ཆོས་ལ་ཞུགས་པ་དག་ཡིན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉན་པར་གྱིས་ཤིག་གཞན་དུ་ན་ཆོས ་ཆོས་ཀྱི་རྣམ་པ་ཐམས་ཅད་རྟོགས་པ་མེད་པར་གཞན་གྱི་དོན་བྱ་བར་མི་འཐད་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ཏེ།། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང ་ཆུབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ།། ཞེས་བྱ་བ་ལ་སོགས་པ་གང་རྒྱས་པར་གསུངས་པ་ཡིན་ནོ།། རང་གི་དོན་ལ་བརྩོན་པ་རྣམས་ལ་ཡང་བཅོམ་ལྡན་མ་འདི་འདོད་པའི་འབྲས་བུ ་འབྱུང་བའི་རྒྱུ་མཚན་དུ་འགྱུར་བ་མ་ཡིན་ནམ་འདི་ལྟར་ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མཉན་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་ན་དེ་ཇི་ལྟར་འགྲོ་དོན ་མངོན་ཞུགས་ཞེས་བྱ་ཞེ་ན། ངེས་པའི་ཤེས་རབ་ཕ་རོལ་ཏུ་ཕྱིན་ཅེས་བྱ་བ་གསུངས་ཏེ། འདི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པའི་འབྲས་བུ་ནི་གཙོ་བོར་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་ལ་དེ་ཡང ་བྱང་ཆུབ་སེམས་དཔའ་རྣམས་ཁོ་ནའི་ཡིན་ཏེ་གཞན་དག་ལ་ནི་དེའི་འབྲས་བུ་མངོན་པར་རྫོགས་པར་བྱང་ཆུབ་པའི་སྐབས་མེད་པའི་ཕྱིར་རོ་ཞེས་བཤད་པ་ཡིན་ནོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས ་ཁོ་ན་ཡིན་ཇི་ཞིག་ནི་ཁྱད་པར་འཕགས་སྙམ་པ་ལ། གང་ལ་དཔའ་རྣམས་སྤྱོད་ཅེས་བྱ་བ་གསུངས་ཏེ། གང་ལ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལའོ།། སྤྱོད་པ་ཞེས་བྱ་བ་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་གོམས་པའི་ཁྱད་པར་གྱི ་འཇུག་པའོ།། དཔའ་རྣམས་ཤེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཏེ། བདུད་ལ་སོགས་པས་ཟིལ་གྱིས་མི་ནོན་པའི་ཕྱིར་རོ།། འདི་སྐད་དུ་གླུང་ལ་བདེ་བར་གཤེགས་པའི་སྲས་རྣམས་འཇུག་པ་དེ་ཉིད་དེ་དག་གི་ཐུན་མོང་མ ་ཡིན་པའི་ལམ་ཡིན་ལ་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཡིན་ཏེ། དེ་ཉིད་ཀྱི་ནང་དུ་དེ་ལས་གཞན་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་འདུས་པའི་ཕྱིར་ཏེ་དེ་བཞིན་དུ་འཆད་པར་འགྱུར་རོ་ཞེས་བརྗོད་པ་ཡིན་ནོ།། རྣམཔ་གཅིག་ཏུ ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལ་བྱང་ཆུབ་སེམས་དཔའ་རྣམས་སྤྱོད་པ་དེ་ནི་དེ་དག་གི་ཐུན་མོང་མ་ཡིན་པ་ཉིད་དུ་སྦྱར་བར་རིག་པར་བྱ་སྟེ། དེ་ཡང་འགྲོ་བ་མཐའ་དག་བདག་མེད་པའི་རྣམ་པའི་སྤྱོད་ཡུལ་ཅན་ཡིན་ནོ།། མི་རྟག་པ་ལ ་སོགས་པའི་རྣམ་པ་ཙམ་གྱི་སྤྱོད་ཡུལ་ནི་མ་ཡིན་ཏེ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པའི་ངོ་བོ་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ།། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་པ་གང་ཡིན་པ ་དེ་ནི་བྱང་ཆུབ་སེམས་དཔའི་ལ་མོ་འདི་ཉིད་བྱང་ཆུབ་མཐའ་དག་ཡོངས་སུ་གཅོད་པའི་རྒྱུ་ཡིན་པ་ཉིད་ཀྱིས་ཆེ་བའི་བདག་ཉིད་བརྗོད་པའི་ཕྱིར་རོ།། ཁ་ཅིག་ན་རེ་ཉན་ཐོས་ལ་སོགས་པའི་བྱང་ཆུབ་ཀྱི་གནས་སྐབས་སུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་སྙིང་རྗེ་ཆེན་པོ་ལ་སོགས་པའི་ཐབས་དང་བྲལ་བ་ཡིན་པར་བལྟ་བར་བྱས་ཏེ་ཉན་ཐོས་ལ་སོགས་པའི་སའི་རྒྱུ་ནི་ཆོས་ཐམས་ཅད་བདག་མེད་པར་ཡིད་ཆེས་པ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་ཁོ་ན་ཡིན་པའི་ཕྱིར་རོ།། གང ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱའོ་ཞེས་བྱ་བ་ཁྱད་པར་མེད་པར་གསུངས་པ་དེ་ནི་འདིར་ཆོས་ཐམས་ཅད་བདག་མེད་པ་ཡིད་ཆེས་པ་ཙམཱ་ལ་བལྟོས་པའི་ཕྱིར་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དེ་ཁོ་ན་ཉིད ་ཡིད་ལ་བྱེད་པ་ནི་ཐབས་དམ་པས་ཟིན་པའི་ཕྱིར་ཉན་ཐོས་ཀྱི་ཡིད་ལ་བྱེད་པ་ལས་ཐ་དད་པ་ཡིན་ནོ།། ཞེས་བརྗོད་དོ།། གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་ན་དེ་ཇི་ལྟར ་བཙུན་པ་རབ་འབྱོར་ལ་སོགས་པ་བྱང་ཆུབ་སེམས་དཔའ་ལ་འདོམས་པར་ཞུགས་གདམ་ངག་གི་དེ་ཁོ་ན་ཉིད་མཐོང་བ་ནི་ཕལ་ཆེར་གདམ་ངག་ཁ་ན་མ་ཐོ་བ་མེད་པར་བྱེད་པར་བཟོད་པ་མ་ཡིན་ཏེ། དེ་ལྟ་མ་ཡིན་ན ་རྫོགས་པའི་སངས་རྒྱས་དང་ཉན་ཐོས་དག་གཞན་གྱི་དོན་པ་བལྔ་ཁྱད་བྱར་མེད་པར་འགྱུར་བའི་ཕྱིར་རོ་ཞེ་ན། དེ་སྤང་བའི་ཕྱིར་འཛམ་བུའི་གླིང་འདིར་ཆུ་ཀླུང་ཇི་སྙེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་སྙེད་ཅེས་བྱ་བ་ནི་ཇི་སྙེད་ཡོད་པའོ།། ་ཀྲུཀླུང་ནི་གངྒཱ་དང་པཀྵ་དང་སིནྡྷུ་དང་སཱི་ཏ་ཞེས་བྱ་བ་བཞི་སྟེ་དེ་དག་ཉིད་མ་དྲོས་པ་ལས་འབྱུང་བའི་ཕྱིར་རོ།། འབབ་པ་ཞེས་བྱ་བ་ནི་རྒྱན་གྱིས་འབབ་པའོ།། ཅི་ཞིག་བྱེད་ཅེ་ན། མེ་ཏོག་ཅེས་བྱ་བ་ལ་སོགས་པ་གསུངས་སོ།། མེ་ཏོག་དང་འབྲས་བུ ་མང་བའི་སེ་ག་དང་ནགས་ཚལ་གང་དག་ཡིན་པ་སྟེ་དེ་རྣམས་སྐྱེད་བྱེད་ཅེས་བྱ་བ་ནི་སྐྱེད་པར་བྱེད་ཅིང་། སྒྲུབ་པར་བྱེད་ཅེས་བྱ་བའོ་དོན་ཏོ།། ཅི་ཞིག་ལ་རྟེན་ཅེ་ན། ཀླུ་དབང་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་སྐད་དུ་གང་གི་ཕྱིར་ཀླུ ་དབང་ཀླུ་རྣམས་ཀྱི་བདག་པོ་མ་དྲོས་པ་ཞེས་བྱ་བ་གང་ཡིན་པ་དེ་ལ་བརྟེན་ནས་ཆུ་བོ་དེ་དག་འབབ་པ་དེའི་ཕྱིར་ནི་ཀླུའི་བདག་པོ་དེ་ཁོ་ནའི་མཐུ་དཔལ་ཏེ་མཐུ་ཕུན་སུམ་ཚོགས་པ་ཡིན་ནོ་ཞེས་བཤད་པར་འགྱུར་རོ།། དེ་དང་འདྲ་བར་རྒྱལ་བའི ་ཉན་ཐོས་པ་དག་ཇི་སྙེད་ཆོས་སྟོན་དང་ཞེས་བྱ་བ་ལ་སོགས་པ་ལ་རྒྱལ་བའི་ཉན་ཐོས་པ་དག་ཅེས་བྱ་བ་ནི་རབ་འབྱོར་ལ་སོགས་པའོ།། ཆོས་ནི་གང་གིས་རྟོགས་པའི་རྒྱུ་མཐུན་པ་བསྟན་པའི་མཚན་ཉིད་དག་གོ། སྟོན་ཅེས་བྱ་བ ་ནི་བསྟན་པའི་སྒོ་ནས་སོ།། འཆད་ཅེས་བྱ་བ་ནི་བཤད་པའི་སྒོ་ནས་སོ།། བརྗོད་པ་ཞེས་བྱ་བ་ནི་དེ་གཏན་ལ་འབེབས་པའི་སྒོ་ནས་སོ།། རིག་པ་དག་དང་ཞེས་གང་གསུངས་པ་ནི་བལྟོས་པ་དང་བྱ་བ་བྱེད་པ་དང་ཆོས་ཉིད་དང་འཐུང ་པའི་མཚན་ཉིད་བཞི་དག་དང་ལྡན་པར་ཞེས་བྱ་བར་ཡིན་ནོ།། དེ་བསྟན་པའི་འབྲས་བུ་བསྟན་པའི་ཕྱིར། མཆོག་འཕགས་བདེ་བ་བྱེད་དང་ཞེ་བྱ་བ་གསུངས་ཏེ། མཆོག་ནི་ཕུང་པོ་དང་བཅས་པའི་མྱ་ངན་ལས་འདས་པ་བས་མཆོག ་ཡིན་པའི་ཕྱིར་རོ།། འཕགས་པ་ནི་འཚེ་བ་ཐམས་ཅད་དང་བྲལ་བའི་ཕྱིར་རོ།། བདེ་བ་བྱེད་པ་ནི་ཕུང་པོའི་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་བདག་ཉིད་ཀྱི་བདེ་བ་ཕུན་སུམ་ཚོགས་པའོ།། དེའི་འབྲས་བུ་ཐོབ་པ་ཞེས་བྱ་བ་ནི ་བསྟན་པ་དེའི་འབྲས་བུ་རྒྱུན་དུ་ཞུགས་པ་ལ་སོགས་པའོ།། ཇི་སྙེད་འབྲས་བུ་གྲུབ་པ་ཡང་ཞེས་རྣམ་པར་དབྱེ་བས་བསྒྱུར་ནས་སྦྱར་བར་བྱ་སྟེ། དེ་བཤད་པ་དང་དེའི་འབྲས་བུ་ནི་བཅོམ་ལྡན་འདས་ཁོ་ནའི་རའུ་ཡིན་གྱི་ཉན་ཐོས་ལ་སོགས ་པའི་ནི་མ་ཡིན་ཏེ་དེའི་རང་དབང་མེད་པའི་ཕྱིར་རོ་དེ་དག་ཀུན་ཀྱང་ཞེས་བྱ་བ་ལ་སོགས་པའི་དོན་ནི་གོ་བར་ཟད་དོ།། ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་ཇི་ལྟར་ན་དེ་བཤད་པའི་འབྲས་བུ་རང་གིས་རྟོགས་པས་རབ་ཏུ་ཕྱེ་བ་ཡིན་ཡང་དེ་དག་ལ་རང ་དབང་མེད་སྙམ་དུ་བསམས་པ་ཡིན་ཏེ། དེ་ཡོངས་སུ་སྤང་བའི་ཕྱིར། རྒྱལ་བས་ཆོས་ཚུལ་གང་བསྟན་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་ལ་དོན་ནི་གང་གང་གི་ཕྱིར་རྒྱལ་བས་ཆོས་ཀྱི་ཚུལ་གང་ཟག་ལ་སོགས་པས ་སྟོང་པའི་མཚན་ཉིད་པ་བྱུང་བ་གང་དག་སྦྱིན་པ་ད་བུལ་བཅོམ་ལྡན་འདས་ཀྱི་སྟོབ་སྒྱུར་གྱུར་པ་རབ་འབྱོར་ལ་སོགས་པས་ཐོས་པ་ལ་སོགས་པའི་རིམ་གྱིས་བསླ་བསྣ་ཏེ། དེ་དག་མངོན་སུས་དྷྱ་བྷྱས་ནཱ་དུ ་ལྟར་རྟོགས་པ་དྨ་ཤྲཱིན་གང་ཀྱི་བླ་རྣམས་ལ་རབ་ཏུ་སྟོན་པར་བྱེད་བ་རྗེའི་ཕྱིར་འདི་བཅོམ་ལྡན་འདས་ཀྱི་མམ་སྨིན་གྱི་དང་གཞིང་གི་བདག་ཉིད་ནི་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱི་ལདུ་མེད་པར་རིང་གིས་རྣམ་པ་ཐམས་ཅད་ཡོངས་སུ་ཤེས་པ ་ཡང་མི་སྲིད་པའི་ཕྱིར་རོ།། བཅོམ་ལྡན་འདས་རྣམས་ནི་དེ་ལྟ་མ་ཡིན་ཏེ།། གཞན་གྱི་ལུང་མེད་པ་ཉིད་དུ་སྲིད་པ་ཐ་མའི་གནས་སྐྱབས་ན་རྣམ་པ་ཐམས་ཅད་དང་ལྡན་པ་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ།། བྱང ་ཆུབ་སེམས་དཔའི་ལམ་གང་ཡིན་པ་དེ་ལ་ནི་ཉན་ཐོས་རྣམས་ཀྱི་རང་དབང་ཐག་རིང་དུ་སྤངས་པ་ཁོ་ན་ཡིན་ཏེ། དེའི་རང་གི་ངོ་བོ་རྟོགས་པ། ཅུང་ཟད་ཀྱང་མེད་པའི་ཕྱིར་རོ།། འདི་ལྟར་ཉན་ཐོས་དེ་ཁོ་ན་ཉིད་མི་རྟོགས་པ་རྣམས ་ཀྱང་རྒྱལ་བའི་སྲས་ཀྱི་ཚུལ་འབྲས་བུ་དང་བཅས་པ་རབ་ཏུ་སྟོན་པར་བྱེད་པས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱི་བྱིན་གྱིས་བརླབས་ཀྱི་ཐུགས་ཀྱི་མངའ་འདི་ནི་མཆོག་ཡིན་པར་གསལྔ་བ་ཁོ་ནར་ཁྱོད་དུ་ཆུད་པར་བྱ་སྟེ། དེ་ལྟ་བུ་ནི ་སྨོན་པ་དང་འཇུག་པའི་བདག་ཉིད་ཀྱི་སེམས་བསྐྱེད་པ་ཡིན་ནོ།། འདི་ནི་བདེ་བར་གཤེགས་པའི་ཡོན་ཏན་མཐའ་དག་འདྲེན་པར་བྱེད་པ་ཉིད་ཀྱི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ལམ་ཐུན་མོང་མ་ཡིན་པའི་ངོ་བོ་ཉིད་ཡིན་པའི ་ཕྱིར་བྱང་ཆུབ་ཀྱི་སེམས་བསྐྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ལ་རྣལ་འབྱོར་དུ་བྱའོ་ཞེས་བསྟན་ནས། འདི་ཉིད་དུ་མངོན་པར་འདོད་པའི་འབྲས་བུ་འཐོབ་པའི་གཙོ་བོའི་བྱ་ཐབས་ཉེ་བར་སྟོན་པའི་རང་བཞིན་མཐོང་བ་དང་སྒོམ་པའི ་ལམ་ལ་གདམས་པ་བསྟན་པའི་ཕྱིར། གང་ལ་ཤེས་རབ་ཕ་རོལ་ཕྱིན་མཆོག་མི་དམིགས་ཤིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་ལ་ཞེས་བྱ་བ་རྣམ་པར་བསྒྱུར་ཏེ་སྦྱར་རོ།། ཤེས་རབ་ནི་འགྲོ་བ་ཐམས ་ཅད་བདག་མེད་པར་རྟོགས་པའི་མཚན་ཉིད་དོ།། དེ་ཉིད་དེ་ལས་གཞན་པའི་ཕ་རོལ་ཏུ་ཕྱིན་པ་བས་མཆོག་ཏུ་གྱུར་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་མཆོག་ཡིན་ནོ།། དེ་དམིགས་པ་ནི་གང་ཟག་ལ་སོགས་པ་དང་འབྲེལ་པ་ཉིད་དུ་འམ་འཛིན་པ ་ལ་སོགས་པའི་རྣམ་པ་ཉིད་དུ་མངོན་པར་ཞེན་པ་སྟེ། དེ་མེད་པ་ཞེས་བྱ་བར་སྦྱར་རོ།། བྱང་ཆུབ་སེམས་དཔའ་ཡང་གང་ཐོག་ལ་སོགས་པའི་རྫས་དང་ཕུང་པོ་ལ་སོགས་པར་བཏགས་པའི་བདག་ཉིད་དུ་ཡང་མི་དམིགས་སོ།། བྱང་ཆུབ ་སེམས་དཔའ་གང་ལ་མཐོང་བ་དང་སྒོམ་པའི་ལམ་གྱི་གནས་སྐབས་དགོ་ན་དེ་ལ་སྐྲག་པ་མེད་པའི་བདག་ཉིད་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་རྟོགས་པ་ཡོད་པ་དེ་ལ་གདམ་ངག་དང་རྗེས་སུ་བསྟན་པ་ཡིན་ཏེ། དེ་ཁོ་ན་ཉིད་རྟོགས ་པ་དང་ཆུད་མི་ཟ་བར་བྱ་བའི་དོན་དུ་རིག་པར་བྱའོ་ཞེས་བྱ་བ་ནི་ཚིག་གི་ལྷག་མ་ཡིན་ནོ།། འདི་སྐད་དུ་བྱང་ཆུབ་སེམས་དཔའ་སྟོང་པ་ལ་སོགས་པ་ལ་ཞུགས་ཀྱང་སེམས་ཅན་ལ་སོགས་པར་ལྟ་བ་མ་བསལ་ནས་བླ ་ན་མེད་པའི་བྱང་ཆུབ་མངོན་དུ་བྱ་མི་ནུས་ཏེ། དེ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་བག་ཆགས་ཐམས་ཅད་ལས་རྣམ་པར་གྲོལ་བའི་ངོ་བོ་ཡིན་པའི་ཕྱིར་ལ་སེམས་ཅན་ལ་སོགས་པར་ལྟ་བ ་ཡང་ཉོན་མོངས་པ་མཐའ་དག་གི་གནས་ཀྱི་ངོ་བོས་དེའི་མི་མཐུན་པའི་ཕྱོགས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ།། དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་རེ་ཞིག་སེམས་ཅན་དུ་ལྟ་བ་བདག་གིས་འདི་བསྒྲུབ་པར་བྱའོ་སྙམ་ལ་བདག་དང་གཞན ་བུ་ཤེས་པའི་བདག་ཉིད་དགེ་བ་དང་ཅིག་ཤོས་སུ་ཐ་སྙད་གདགས་པའི་རྗེས་སུ་འབྲང་བ་གང་ཡིན་པ་དེ་ཡང་གཉེན་པོའི་སྒོ་ནས་བསལ་བར་བྱའོ།། དེ་མ་གསྔལ་ན་མི་སྡུག་པ་ལ་སོགས་པར་མོས་པ་ཡིད་ལ་བྱེད་པ་ཙམ་གྱིས་ནི་དེ་ལ ་རག་ལས་ཏེ་འབྱུང་བའི་ཉོན་མོངས་པའི་རིགས་གཏན་ནས་བསལ་བར་མི་ནུས་པའི་ཕྱིར་རོ།། ཞེས་བརྗོད་པར་འགྱུར་རོ།། གཞན་ཡང་། ཏིང་ངེ་འཛིན་འཇིག་རྟེན་ན་ནི་སྒོམ་མོད་ཀྱི།། དེ་ཡི་བདག་གི་འདུ་ཤེས་མི་འཇིག་ན།། ་དེ་ལ་ཉོན་མོངས་ཡང་རབ་འཁྲུགས་འགྱུར་ཏེ།། ལྷག་སྤྱོད་འདིར་ནི་ཏིང་འཛིན་བསྒོམ་པ་བཞིན།། ཞེས་གསུངས་པ་ལྟ་བུ་ཡིན་ནོ།། བདག་ཏུ་ལྟ་བའི་གཉེན་པོ་ནི་བདག་མེད་པའི་ལྟ་བ་ཡིན་ཏེ། དེ་ནི་བདག་མེད་པ་ལ་སོགས་པའི ་སྤྱོད་ཡུལ་ཅན་ཡིན་པ་ཉིད་ཀྱིས་དེ་དང་འགལ་བའི་ཕྱིར་རོ།། གལ་ཏེ་འདི་གཉིས་ཕན་ཚུན་དམིགས་པ་འགལ་བའི་ཕྱིར་འགལ་བར་འདྲ་བ་མ་ཡིན་ནམ་འདི་ལ་གང་ལྷག་པ་ཅི་ཞིག་ཡོད་ན་དེས་ན་བདག་མེད་པར་ལྟ་བ་ཁོ་ན་སེམས ་ཅན་དུ་ལྟ་བའི་གཉེན་པོར་བཞག་ལ། འདི་ནི་དེའི་གཉེན་པོ་མ་ཡིན་ཞེ་ན། དེ་ནི་མྱ་ཡིན་ཏེ། སེམས་ཅན་ལ་སོགས་པར་ལྟ་བ་ནི་དམིགས་པ་མེད་པའི་ཕྱིར་རོ།། འདི་ལྟར་འདིའི་ཡུལ་གང་ཟག་ལ་སོགས་པའི་རྫས་ཕུང་པོ་ལ་སོགས ་པ་ལས་མ་གཏོགས་པ་གཞན་གྱིས་ཀུན་བརྟགས་པ་ལྟ་བུ་ཞིག་ཡིན་ནམ། ཕུང་པོ་ལ་སོགས་པ་ཞིག་ཡིན་པར་འགྱུར་གྲང་། གང་ཟག་གི་རྫས་ལ་དམིགས་པ་ཉིད་གཅིག་ཡིན་ན་ཡང་སེམས་ཅན་དུ་ལྟ་བ་མངོན་སུམ་གྱི་མཚན་ཉིད ་དམ་རྗེས་སུ་དཔག་པའི་བདག་ཉིད་གཅིག་ཡིན་པར་འགྱུར་གྲང་ན། དེ་ལ་རེ་ཞིག་འདི་མངོན་སུམ་ནི་མ་ཡིན་ཏེ། སྔོན་པོ་ལ་སོགས་པར་སྣང་བ་བཞིན་དུ་མིག་ལ་སོགས་པའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་མི་བྱེད་པའི ་ཕྱིར་དང་ཡོངས་སུ་མི་གསལ་བའི་རྣམ་པ་ཅན་ཡིན་པའི་ཕྱིར་རོ།། དབང་པོའི་བྱེད་པ་ལ་མི་བལྟོས་པར་སྐྱེ་བའི་ཤེས་པ་མི་གསལ་བར་སྣང་བ་ཅན་ནི་མངོན་སུམ་ཡིན་པར་འོས་པ་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་ཤེས་པ་ཐམས་ཅད ་མངོན་སུམ་ཉིད་དུ་ཐལ་བར་འགྱུར་རོ།། འདི་ནི་སྔོན་པོ་མཐོང་བ་ན་སྔོན་པོར་རྟོག་པའི་བློ་བཞིན་དུ་བདག་གཞན་མཐོང་བའི་རྗེས་སུ་འགྲོ་བ་ཡིན་པའི་ཕྱིར་རྣམ་པར་རྟོག་པའི་བདག་ཉིད་ཀྱི་མངོན་སུམ་ཡང་མ་ཡིན་ཏེ།། ལུས་ལ་སོགས ་པ་ཀུན་ཏུ་རིག་པ་ལས་མ་གཏོགས་པར་བདག་གི་རྣམ་པར་མི་རྟོགས་པའི་ཕྱིར་རོ།། གལ་ཏེ་འདི་ནི་བདག་གི་ལུས་ལ་སོགས་པ་ཡིན་ནོ་ཞེས་ཐ་དད་པར་ཤེས་པའི་ཕྱིར་ཐ་དད་པ་རབ་ཏུ་གྲུབ་པ་ཡོད་དོ་ཞེ་ན། མ་ཡིན་ཏེ་ཤེས ་པ་ཙམ་འཇུག་པ་ལ་མངོན་སུམ་གྱི་ཐ་སྙད་མི་སྲིད་པའི་ཕྱིར་ཏེ། དེ་ལས་གཞན་པ་ལས་ཐ་དད་པ་སྔོན་པོ་ལ་སོགས་པ་རྣམ་པ་ཡོངས་སུ་གསལ་བར་མཐོང་བ་ལ་འདི་ནི་སེར་པོ་ལ་སོགས་པ་ལ་ཐ་དད་པ་ཡིན་ནོ། ་ཞེས་བྱ་བར་ཤེས་པ་ནི་མངོན་སུམ་གྱི་ཐ་སྙད་ཀྱི་ཡུལ་ཅན་ཡིན་པར་འགྱུར་རོ།། དེ་ལྟོ་མ་ཡིན་ཏེ། ཤེས་པ་ཙམ་མངོན་སུམ་ཉིད་ཡིན་ན་ནི་རྟོག་པ་ཐམས་ཅད་མངོན་སུམ་གྱི་ཐ་སྙད་ཀྱི་ཡུལ་ཅན་ཡིན་པའི་ཕྱིར་འཁྲུལ་པ་འམ་མ་འཁྲུལ་པ ་ཅུང་ཟད་ཀྱང་མེད་པར་འགྱུར་རོ།། དེ་ལྟ་བས་ན། ལུས་ལ་སོགས་པ་ཀུན་ཏུ་རིག་པ་ལས་བདག་ཐ་དད་པར་མ་གྲུབ་ན་ཐ་དད་པའི་བློ་འཁྲུལ་པ་ཡིན་ནོ།། འདི་ནི་བདག་གིས་མཐོང་ངོ་བོ་ལྟའོ་བལྟ་བར་བྱའོ་སྙམ་དུ་ཤེས་པའི་མངོན་སུམ་དུས་གསུམ ་གྱི་རྗེས་སུ་འགྲོ་བ་བསྒྲུབ་པར་བྱེད་པ་ཡིན་ཡང་བསལ་བྱ་ཡིན་ཏེ། དུས་ལ་སོགས་པས་སོ་སོར་ངེས་པའི་ཁྱད་པར་དུ་བྱས་པའི་བདེ་བ་ལ་སོགས་པའི་གནས་སྐབས་ལས་མ་གཏོགས་པ་རྗེས་སུ་འགྲོ་བའི་བདག་ཉིད་གཅིག་བློ་མི ་སྣང་བའི་ཕྱིར་དང་། སྣང་བ་རྣམས་ཀྱང་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ།། ཤེས་པ་ཡོད་པ་ཙམ་ལྔ་བདག་ཏུ་ཤེས་པ་ཡང་མངོན་སུམ་གྱི་ཚད་མ་མ་ཡིན་ནོ།། རྟགས་མེད་པའི་ཕྱིར་རྗེས་སུ་དཔག་པ་ཡང་མ་ཡིན་ཏེ། དོན་ལྐོག་ཏུ ་གྱུར་པ་ལ་རྟགས་ཀྱིས་བསྐྱེད་པའི་ཤེས་པ་ནི་རྗེས་སུ་དཔག་པ་ཡིན་ན་བསྒྲུབ་པར་བྱ་བའི་བདག་ལ་ནི་རྟགས་ཅུང་ཟད་ཀྱང་མེད་དོ།། གལ་ཏེ་དྲན་པ་ལ་སོགས་པ་རྟགས་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་དག་བདག་མངོན་སུམ་དུ ་མ་གྱུར་པ་དང་། འབྲེལ་པ་མི་རྟོག་པའི་ཕྱིར་དང་ཚད་མས་གནོད་པའི་ཡང་ཕྱིར་རོ།། དྲན་པ་ལ་སོགས་པ་དང་གིས་འཇིག་པའི་ངོ་བོ་ཉིད་དུ་གྱུར་པའི་རང་བཞིན་རྣམས་ནི་ངང་གིས་མི་འཇིག་པའི་ངོ་བོ་ཉིད་དུ་ཀུན་བརྟགས་པའི་བདག་དང་དེའི་བདག ་ཉིད་དུ་མི་རུང་བའི་ཕྱིར་རོ།། ཕན་ཚུན་འགུལ་བའི་བདག་ཉིད་རྣམས་ཀྱང་གཅིག་པ་ཉིད་ཡིན་ན་ནི་ཐ་དད་པ་ཅུང་ཟད་ཀྱང་མེད་པས་འགྲོ་བ་མཐའ་དག་ཐ་དད་པ་དང་ཐ་དད་མ་ཡིན་པའི་ཐ་སྙད་མེད་པར་ཐལ་བར་འགྱུར་རོ།། དྲན་པ་ལ་སོགས ་པ་བདག་གི་འབྲས་བུ་ཡང་མ་ཡིན་ཏེ། རིམ་གྱིས་སྐྱེ་བ་དང་ལྡན་པའི་ཕྱིར་རོ།། རྒྱུ་བ་དགུ་རྟག་པ་གཅིག་པའི་ངོ་བོ་ཡིན་པས་རིམ་པ་དང་མི་ལྡན་པ་ལ་ནི་དེ་ཙམ་ལ་རག་ལས་ཏེ་འབྱུང་བའི་འབྲས་བུ་རིམ་ཅན་དུ་རིག་པ་མ་ཡིན་ནོ།། གལ ་ཏེ་ནང་གི་བདག་ལྷན་ཅིག་བྱེད་པར་རིམ་པ་དང་ལྡན་པ་ཉེ་བར་བལྟོས་ནས་རང་གི་འབྲས་བུ་སྐྱེད་པ་ལ་རིམ་པ་ཁོ་ནས་བྱེད་པའི་ཕྱིར་འབྲས་བུ་རིམེ་ཅན་ཡིན་ནོ་ཞེ་ན། མ་ཡིན་ཏེ་རྟག་པ་ཉིད་ཀྱིས་ཕྱིན་པ་བྱར་མེད་པ་ནི་དེ་ལས་གཞན་པ་ལ ་བལྟོས་པ་མེད་པའི་ཕྱིར་རོ།། ཕན་པ་བྱ་བ། ཉིད་ཡིན་ན་ཡང་ཕན་པ་ནི་དེ་དང་ཐ་མི་དད་པའི་ངོ་བོ་ཡིན་པའི་ཕྱིར་དེ་བྱས་ན་བདག་བྱས་པར་ཐལ་བར་འགྱུར་ཏེ། དེ་ལྟ་ན་ཡང་བདག་རྟག་པ་ཉིད་མ་ཡིན་ནོ།། ཕན་པ་བདག་དང་ཐ་དད་པ་ཉིད ་གཅིག་ཡིན་ན་ནི་དྲན་པ་ལ་སོགས་པོ་བཞིན་དུ་འབྲེལ་བ་མི་འཐད་ལ། ཐུག་པ་མེད་པར་ཡང་ཐལ་བར་འགྱུར་རོ།། དེ་ལྟ་བས་ན་བདག་ཕན་པ་ཞེས་བྱ་བ་འབྲེལ་པ་མེད་པ་དངོས་པོ་གཞན་ལ་ཕན་འདོགས་པའི་ལྷན་ཅིག་བྱེད་པ ་ཉེ་བ་ལ་མི་བལྟོས་པ་ནི་རིམ་གྱིས་བྱེད་པ་དང་བྲལ་བའི་ཕྱིར་དེ་ཙམ་ལ་རག་ལས་པའི་དྲན་པ་ལ་སོགས་པ་ཅིག་ཅར་འབྱུང་བར་འགྱུར་རོ།། དེ་ལྟ་ན་ནི་སྐད་ཅིག་མ་གཉིས་པ་ལ་སོགས་པ་འདོད་ཆགས་ལ ་སོགས་པ་ཉེས་པའི་རྒྱུན་མེད་པས་འགྲོ་བ་མ་ལུས་པ་འབད་མི་དགོས་པར་མྱ་ངན་ལས་འདས་པའི་ཕུན་སུམ་ཚོགས་པ་ཡང་དག་པར་ཐོབ་པར་འགྱུར་ཏེ། འདོད་ཆགས་ལ་སོགས་པ་ཡང་བདག་གིས་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར ་བསྟན་མ་ཡིན་པ་དེ་དག་ཀྱང་ཅིག་ཅར་ཁོ་ནར་འབྱུང་བའི་ཕྱིར་རོ།། དེ་ལྟ་ན་ཡང་བདག་མི་རྟག་པ་ཉིད་ཡིན་ཏེ། སྔོན་ངན་པ་ལ་སོགས་པ་སྐྱེད་པར་བྱེད་པའི་དེ་བྱེད་པ་སྐད་ཅིག་མ་ཕྱིན་ཆད་དེ་མི་བྱེད་པའི་ཕྱིར་རོ།། དེའི་ཚེ་ནི་དངོས་པོ་ཡང་མ ་ཡིན་པ་ཉིད་དེ་དངོས་པོའི་མཚན་ཉིད་ནི་དོན་བྱེད་ནས་པ་ཡིན་པའི་ཕྱིར་རོ།། ཟླ་བཱ་གཉིས་ལ་སོགས་པར་སྣང་བ་ཕྱི་རོལ་གྱི་གཟུགས་ཉིད་དུ་དོན་བྱེད་པ་དང་བྲལ་བྱ་ངག་དངོས་པོ་ཉིད་དུ་མ་གྲུབ་པའི་ཡང་ཕྱིར་རོ།། འདིས་ནི་ཕུང་པོ་ལ་སོགས ་པ་ཡང་རྟག་པའི་ཕྱོགས་ཉམས་པའི་ཕྱིར་བདག་ཏུ་ལྟ་བའི་དམིགས་པ་ཉིད་ཡིན་པ་བཀག་པར་ཁོང་དུ་ཆུད་པར་བྱ་སྟེ། འོག་ནས་དེ་དག་གཅིག་པ་ཉིད་ལ་སོགས་པའི་མཚན་ཉིད་དུ་མི་འཐད་པའི་ཕྱིར་རོ།། ཞེས་ཀྱང་བཤད་པར ་བྱའོ།། ད་ནི་བདག་ལ་སོགས་པ་མེད་ན་ཇི་ལྟར་ཐམས་ཅད་ལ་འདི་ནི་བདག་གོ་ཞེས་ཐ་སྙད་འཇུག་རྣལ་འབྱོར་པ་ཟད་པ་དང་མི་སྐྱེ་བ་ཤེས་པ་ཐོབ་པ་རྣམས་ཀྱི་བདག་གི་ཟག་པ་ཟད་དོ་ཞེས་བྱ་བ་ལ་སོགས་པའི་བློ་ཡང་ཇི ་ལྟར་རབ་ཏུ་འགྲུབ་ཅེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། བདག་ལ་སོགས་པ་དང་སེམས་ཅན་དུ་ལྟ་བ་ལ་སོགས་པར་འབྲེལ་པ་མེད་པའི་ཕྱིར་རོ།། གང་ཞིག་གང་དང་འབྲེལ་པར་རབ་ཏུ་འགྲུབ་པ་དེ་ཁོ་ན་དེ་བསལ་ན་འབྱུང་བར་མི་འགྱུར་བ་ཡིན ་ན་བདག་ཏུ་ལྟ་བ་ལ་སོགས་པ་ནི་བདག་དང་འབྲེལ་པར་ཡང་མ་གྲུབ་པོ་ཞེས་ཕལ་ཆེར་བསྟན་ཟིན་ཏོ།། དེ་སྐྱེ་བ་ལ་ཕུང་པོ་ལ་སོགས་པར་སྣང་བ་མ་བརྟགས་གཅིག་པུ་ན་དགའ་བ་ནི་ཇི་ལྟར་མཐོང་བ་བཞིན་རྒྱུ་ཡིན་པ་ཉིད་དོ།། དེ་ཉིད་ལ་དགོངས ་ནས་བཅོམ་ལྡན་འདས་ཀྱིས་ཀྱང་དེ་དང་དེ་ལས་དགེ་སློང་དག་ཀྱང་སུ་དག་བདག་གོ་ཞེ་འམ་བདག་གིའོ་ཞེས་ཡང་དག་པར་རྗེས་སུ་ལྟ་བ་དེ་དག་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ཁོ་ན་ལ་ཡང་དག་པར་རྗེས་སུ་བལྟའོ་ཞེས་གསུངས ་སོ།། གལ་ཏེ་ཕུང་པོ་ལ་སོགས་པ་བདག་ལ་སོགས་པའི་ངོ་བོ་མ་ཡིན་ན་དེ་ཇི་ལྟར་བདག་ལ་སོགས་པའི་བློའི་ཡུལ་ཡིན་ཞེ་ན། དེ་ཉིད་ཀྱི་ཕྱིར་དེའི་བློའི་ཡུལ་མེད་པས་འཁྲུལ་པ་ཡིན་ནོ།། དེ་ལྟ་མ་ཡིན་ཏེ་ཡུལ་ཡོད་པ་ཉིད་ཅིག་ཡིན་ན ་ཤེས་པ་ཐམས་ཅད་ལ་འཁྲུལ་པ་དང་ཅིག་ཤོས་ཀྱི་ཐ་སྙད་མི་འཐད་དོ།། གལ་ཏེ་འདི་འཁྲུལ་པ་ཡིན་ན་ཇི་ལྟར་དེ་ཁོ་ན་ཉིད་མཐོང་བ་དག་འཇུག་ཅེ་ན། མཱ་ཡིན་ཏེ། དེ་དག་ནི་དེའི་མཚན་ཉིད་ལ་ཀུནྡ་ཏུ་རྨོངས་པ་མེད་པའི་ཕྱིར་རོ།། ་ངོ་བོ་གཞན་ཡོངས་སུ་འཛིན་པར་ལྷག་པར་ཞེན་པ་ལས་བལྟོས་ནས་འཁྲུལ་པར་མངོན་པར་འདོད་པའི་ཤེས་པ་དག་འཁྲུལ་པར་རྣམ་པར་བཞག་གི་རང་གི་ངོ་བོ་ལ་ལྟོས་ནས་ནི་མ་ཡིན་ཏེ། རང་གི་ངོ་བོ་ཇི་ལྟ་བ་བཞིན་ཉམས ་མྱོང་བའི་བདག་ཉིད་ཀྱི་རང་ལ་སྒྲོ་འདོགས་པ་མེད་པའི་ཕྱིར་རོ།། དེ་ལྟ་བུས་ན་རྣལ་འབྱོར་པ་སེམས་ཀྱི་འཇུག་པ་མཐའ་དག་རང་གི་རྣམ་པ་ཙམ་ཡོངས་སུ་འཛིན་པ་དང་ལྡན་པར་ལྟ་བ་རྣམ་ཀྱང་རྣམ ་པར་རྟོག་པ་འབྱུང་བའི་ཚེ་རྒྱུ་འགོའ་ཞིག་གིས་བདག་དང་བདག་གིས་ཞེས་བྱ་བ་ལ་སོགས་པའི་རྣམ་པར་རྟོག་པ་འཇུག་པ་ལ་ཉེས་པ་མེད་པ་ཁོ་ནའོ།། གལ་ཏེ་བདག་ལ་སོགས་པ་འདི་ཐམས་ཅད་ཡང་དག་པར་མེད་མོད་ཀྱི་འོན་ཀྱང ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པར་བྱེད་པ་དང་ལྡན་པས་བྱང་ཆུབ་མངོན་སུམ་དུ་བྱ་དགོས་སོ།། དེ་མི་དམིགས་པ་ན་ནི་དེ་གོམས་པ་ཡང་མི་སྲིད་པའི་ཕྱིར་ཏེ་དེ་ལྟ་བས་ན་དེ་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པར་བལྟ་བར་བྱ་དགོས་པ་ཁོ་ནའོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་གང་ཟག་ལ་སོགས་པའི་བདག་ཉིད་དུ་མེད་ན་དེ་དང་འབྲེལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མེད་པའི་ཕྱིར་དང་གཟུང་བ་ལ ་སོགས་པའི་རྣམ་པའི་མཚན་ཉིད་དང་མི་ལྡན་པའི་ཡང་ཕྱིར་རོ།། དེ་གོམས་པ་ནི་དེའི་མཚན་ཉིད་ལ་ཀུན་ཏུ་རྨོངས་པ་མེད་པ་དང་ལྡན་པ་རྣམས་ལ་ཀུན་རྫོབ་ཏུ་འགལ་བ་མེད་པ་ཁོ་ནའོ་ཞེས་ཕལ་ཆེར་བསྟན་ཟིན་ཏོ།། ། ་དེ་ལྟ་བས་ན་གཉེན་པོ་དེ་ལྟ་བུ་གོམས་པའི་སྒོ་ནས་མཐོང་བའི་ལམ་ཉོན་མོངས་པའི་བག་ཆགས་ཐམས་ཅད་འགལ་བ་འཛིན་པ་ལ་སོགས་པར་རྟོག་པས་དབེན་པར་མཚན་ཉིད་གཅིག་པ་ཡང་དག་པར་སྐྱེས་ན་གང་ཟག ་ལ་སོགས་པར་རྟོག་ས་བྱའོ་རྒྱུན་སྤྱོད་པར་འགྱུར་རོ་ཞེས་བསྟན་ནས། བྱང་ཆུབ་སེམས་དཔའ་ཡང་དག་པའི་གདམས་དགུ་ལ་གནས་པ་ལ་ཐོས་པ་ལ་སོགས་པའི་རིམ་གྱིས་མངོན་པར་འཕེལ་བའི་ཐར་པའི་ཆ་དང་མཐུན་པ ་དྲག་ལས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མྱེའི་སྔ་ཉས་ཡིན་པའི་ཕྱིར་ངེས་པར་འབྱེད་པའི་ཆུ་དང་མཐུན་པ་དྲོ་བར་གྱུར་པ་སྐྱེ་བོ་ཞེས་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་མི་དམིགས་ཞེས་བྱ་བུ་ག་སུངས་ཏེ། བྱང ་སེམས་དཔའ་གང་ལ་བྱང་ཆུབ་ཀྱི་སེམས་སྨོད་པ་དང་འཇུག་པའི་བདག་ཉིད་མི་རྟག་པ་ལ་སོགས་པའི་བྱེ་བྲག་གིས་ཐ་དད་པ་དམིགས་ཤིང་མངོན་པར་ཞེན་པ་མེད་པ་ཞེས་བྱ་བར་སྦྱར་རོ།། འདི་ནི་མཚན་པ་མེད་པར་ཟད ་ཀྱི་སྣང་བ་ཐོབ་པའི་ཏིང་ངེ་འཛིན་གྱི་གནས་སྐབས་ན་དངོས་པོ་ཐམས་ཅད་བརྗོད་པའི་རྗེས་སུ་འཇུག་པར་རྟོགས་པས་གཟུགས་ལ་སོགས་པའི་ཕུང་པོའི་རྣམ་པ་ཐམས་ཅད་ལ་ཡང་མིངོན་པར་ཞེན་པ་མེད་པའི་ཕྱིར། འདི་ནི ་དང་པི་ལ་སོགས་པའི་དབང་པོ་ཆུངདུ་ངས་རབ་ཏུ་བྱེ་བའི་ཕྱིར་དྲོ་བར་སྦྱར་བ་ཆུད་ང་ཡིན་པར་ལྟ་བར་བྱའོ།། འབྲིང་ནི་དེ་སྐད་བོས་ནས་རྨོངས་པ་མེད་ཅིང་མི་སྐྲག་པ་ཞེས་བྱ་བ་ཡིན་ཏེ། རྨོངས་པ་ནི་ཡང་དགེ་པར་མ་རྟོགས་པར ་སྐྲག་པ་ནི་འཇིགས་པར་ལྟ་བ་ཉིད་དོ།། གང་ལ་དེ་ཉིད་མེད་པ་སྟེ། དེ་ཁོ་ན་ཉིད་ཚད་མ་དང་མི་འགལ་ཞིང་ཆེ་བ་མེད་པ་དབང་པོ་འབྲིང་པོའི་མོས་པས་ཡུལ་དུ་བྱས་པའི་ཕྱིར་རོ།། ཆེན་པོ་ནི་བྱང་ཆུབ་སེམས་དཔའ་དེན་།། ་གཤེགས་ཤེས་རབ་སྤྱོད་ཅེས་བྱ་བ་ཡིན་ཏུ། སྤྱོད་ཅེས་བྱ་བ་ནི་སྐྱེ་བ་དང་འགལ་བ་ལ་མངོན་པར་ཞེན་པ་སེལ་བའི་སྒོ་ནུས་ཡུལ་དུ་བྱེད་པའོ།། བདེ་གཤེགས་ཤེས ་རབ་ནི་གང་ཞིག་སྐྱེ་བ་ལ་སོགས་པར་མངོན་པར་ཞེན་པའི་གཉེན་པོ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ལྟ་བས་ན་འདིས་ནི་ཉན་ཐོས་ལ་སོགས་པའི་དྲོ་བར་གྱུར་པ་ལས་བྱང་ཆུབ་སེམས་དཔའི་དྲོ་བར ་གྱུར་པ་སྣང་བ་ཐོབ་པའི་ཏིང་ངེ་འཛིན་གྱི་མཚན་ཉིད་ཁྱད་པར་བཞིས་ཁྱད་པར་དུ་འཕགས་པར་བསྟན་ཏེ། དམིགས་པའི་ཁྱད་པར་གྱིས་ནི་དངོས་པོ་ཐམས་ཅད་མི་རྟག་པ་ལ་སོགས་པའི་རྣམ་པར་དམིགས་པའི་ཕྱིར་རོ།། ་རྣམ་པའི་ཁྱད་པར་གྱིས་ནི་བརྗོད་པ་ཙམ་དུ་རྟོགས་པས་དེ་ལ་མངོན་པར་ཞེན་པ་མེད་པའི་རྣམ་པ་ཅན་ཡིན་པའི་ཕྱིར་རོ།། ཡོངས་སུ་འཛིན་པ་དང་རྒྱུ་ཉིད་ཀྱི་ཁྱད་པར་དག་ནི་བདེ་བར་གཤེགས་པ་ལ་སོགས ་པ་ཐམས་ཅད་ཀྱིས་ཡོངས་སུ་འཛིན་པ་དང་བྱང་ཆུབ་གསུམ་གྱི་རྒྱུ་རྣམ་པར་དག་པའི་ངོ་བོའི་མཚན་ཉིད་འོག་ནས་འབྱུང་བ་དག་འདིར་ཡང་བལྟ་བར་བྱའོ།། ཉན་ཐོས་ལ་སོགས་པའི་དྲོ་བར་གྱུར ་པ་ནི་ཕལ་ཆེར་ཕུང་པོ་ལ་སོགས་པ་ཙམ་ལ་དམིགས་པ་དང་མི་རྟག་པ་ལ་སོགས་པར་མངོན་པར་ཞེན་པའི་རྣམ་པ་ཅན་དང་། བདེ་བར་གཤེགས་པ་ལ་སོགས་པ་ཡོངས་སུ་འཛིན་པ ་དང་བྲལ་བ་དང་བདག་ཉིད་ཀྱི་ཉོན་མོངས་པ་ཙམ་གྱི་གཉེན་པོ་ཡིན་པའི་ཕྱིར།། རང་གི་བྱང་ཆུབ་ཀྱི་ཙམ་གྱི་འབྲས་བུ་ཅན་ཡིན་ཏེ། དེ་བཞིན་དུ་ངེས་པར་འབྱེད་པའི་ཆ་དང ་མཐུན་པ་ལྷག་མ་རྣམས་ལ་ཡང་ཅི་རིག་པར་ཁྱད་པར་བཞིས་ཤེས་པར་བྱའོ།། དེ་ལྟར་རེ་ཞིག་གཙོ་བོར་གང་ཟག་ལ་སོགས་པའི་དངོས་པོར་རྟོག་བྱ་དངོས་སུ་བསལ་ནས་གཟུགས་ལ ་སོགས་པའི་དངོས་པོར་རྟོག་པ་བསལ་བའི་སྒོ་ནས་དྲོ་བར་གྱུར་པའི་འཇུག་ཐོགས་སུ་རྩེ་མོར་གྱུར་པ་སྣང་བ་མཇེད་པའི་ཏིང་ངེ་འཛིན་གྱི་ངོ་བོ་ཉིད་དབང་པོ་ཤིན་ཏུ་མཆོག་ཏུ་གྱུར་པའི་གནས ་སྐབས་བསྟན་པའི་ཕྱིར་རོ།། གཟུགས་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ལ་སོགས་པ་ནི་སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པས ་ཡང་དག་པར་བསྡུས་པ་ཡིན་ནོ།། བསྡུས་པའི་དོན་ནི་བྱང་ཆུབ་སེམས་དཔའ་དེ་ལ་རྩེ་མོའི་གནས་སྐབས་ན་གཟུགས་ལ་སོགས་པར་སྣང་བ་སེམས་ཙམ་གྱི་རྣམ་པ་གཉིས་ཀྱི་རྡུལ་ཕྲ་རབ་ལ་སོགས ་པའི་གཟུགས་མི་རྟག་པ་ལ་སོགས་པའི་རྣམ་པ་ཅན་ཡང་གནས་ཏེ་ང་མིགས་པའི་ཡུལ་རྡུལ་ཙམ་ཡང་ཡོད་པ་མིན་པ་འམ་མི་སྣང་སྟེ་དེ་ནི་ཡང་དག་པར་རིགས་པ་དང་ལུང་གི་སྒོ་ནས་མི་འཐད་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ།། གཟུགས ་ལ་སོགས་པ་ནི་གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར་ཏེ། འདི་ལྟར་དེ་དག་ཐོག་མ་དང་དབུས་དང་ཟས་ལ་སོགས་པའི་བྱེ་བྲག་གིས་ཡིན་ལག་དུ་མའི་ངོ་བོ་ཉིད་དུ་སྣང་བའི་ཕྱིར་དང་དེ་ལ་མ་གཏོགས་པའི་ཡན་ལག་ཅན་ལ་སོགས་པ་གཅིག ་པུ་ཡང་མི་དམིགས་པའི་ཕྱིར་ངོ་བོ་ཉིད་གཅིག་པ་མ་ཡིན་ནོ།། འོན་ཏེ་དམིགས་པ་ན་དབུས་དང་ནི་ཡན་ལག་དུ་མ་ལ་མ་གཏོགས་པའི་གཅིག་པུ་རང་གི་བདག་ཉིད་ཙམ་དུ་གནས་པའི་ཕྱིར་དུ་མ་ཉིད་ཉམས་པ་མེད་དོ།། ཕན་ཚུན་འདྲེས ་པ་མེད་པའི་ངོ་བོར་སྣང་བའི་དུ་མ་ནི་གཅིག་ཏུ་འགྱུར་བར་འོས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་བྱ་བའི་ཕྱིར་དང་གཅིག་འགྱུར་ན་ཡང་ཐམས་ཅད་འགྱུར་བར་འགྱུར་བའི་ཕྱིར་རོ།། རྗེས་སུ་དཔག་པའི་སྒོ་ནས་ཀྱང་དེ་གཅིག་པ་ཉིད་དུ ་མི་འགྲུབ་སྟེ། སྔོན་པོ་ལ་སོགས་པ་ཕན་ཚུན་ཡན་ལག་ཐ་དད་པའི་བདག་ཉིད་དུ་སྣང་བ་ལ་དེའི་གཅིག་པ་ཉིད་མངོན་སུམ་གྱིས་གནོད་པའི་ཕྱིར་རོ།། ཡན་ལག་ལས་མ་གཏོགས་པའི་ཡན་ལག་ཅན་ཞི་ག་རབ་ཏུ ་གྲུབ་པར་རྟོག་ན་ནི་དུ་མ་ཉིད་ཉམ་པ་མེད་དོ།། ཞེས་བསྟན་ཟིན་ཏོ།། དེའི་བློ་ལ་འདུག་པ་མེ་རྗེས་སུ་དཔག་པས་རབ་ཏུ་གྲུབ་པའི་ཕྱིར་རིའི་བདག་ཉིད་མེར་སྣང་བ་ནི་མ་ཡིན་ཏེ། དེ་མ་ཡིན་པའི་རྣམ་པར་སྣང་བའི་ཕྱིར་རོ།། ཡན་ལག ་ཅན་མངོན་སུམ་མ་ཡིན་པ་དང་འབྲེལ་པ་རབ་ཏུ་གྲུབ་པའི་རྟགས་ཀྱང་ཅུང་ཟད་ཀྱང་མེད་ལ་རྟགས་དང་རྟགས་ཅན་འབྲེལ་པ་རྟོགས་པ་མེད་པར་ཡང་རྗེས་སུ་དཔག་པ་མི་འཇུག་པའི་ཕྱིར་རོ།། གཅིག་པ་ཉིད་དུ་རྟོག་པ་ནི་སྔོན་པོ་ལ་སོགས་པ་ཡན ་ལག་སྣ་ཚོགས་ཀྱི་ངོ་བོར་སྣང་བ་དག་ལ་ཡང་འཇུག་པའི་ཕྱིར་འཁྲུལ་པ་ཡིན་ནོ།། དེ་སྐྱེ་བའི་རྒྱུ་མཚན་ཡང་སྔོན་པོ་ལ་སོགས་པ་དེ་དག་ཉིད་ཡིན་ཏེ། དེ་མཐོང་བ་ཉིད་ལ་ཐ་དད་པ་མ་ཡིན་པའི་བློ་སྐྱེ་བའི་ཕྱིར་དང་དེ་ལས་གཞན་པའི་གཅིག་པུའི ་ངོ་བོ་ཡང་མ་མཐོང་བའི་ཕྱིར་རོ།། གལ་ཏེ་འོ་ན་སྔོན་པོ་ལ་སོགས་པའི་རྡུལ་ཕྲ་རབ་བསགས་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། རྡུལ་ཕྱཝ་རབ་ཆ་ཤས་མེད་པའི་བདག་ཉིད་རྣམས་ཀྱང་མི་རྟོག་པའི་ཕྱིར་རོ།། སྔོན་པོ་ལ་སོགས་པར་སྣང་བ་ན་ཡན ་ལག་མེད་པའི་རྡུལ་ཕྲ་རབ་ཀྱི་གཟུགས་ཅུང་ཟད་ཀྱང་མི་དམིགས་ཏེ། སྔོན་པོ་ལ་སོགས་པ་རགས་པར་སྣང་བ་ཉིད་དུ་ཤེས་པའི་ཕྱིར་རོ།། གལ་ཏེ་རགས་པ་ནི་ཕྲ་མོ་བསགས་པ་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་དེ་གྲུབ་ན་རྡུལ་ཕྲ་རབ་ཀྱང ་གྲུབ་པ་ཡིན་ནོ་ཞེ་ན་མ་ཡིན་ཏེ། རྡུལ་ཕྲ་རབ་དང་རགས་པ་དག་འབྲེལ་པ་མི་རྟོགས་པའི་ཕྱིར་རོ།། རྡུལ་ཕྲ་རབ་གྲུབ་ན་དེ་བསགས་པའི་བདག་ཉིད་རགས་པ་རབ་ཏུ་གྲུབ་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ།། ཡན་ལག་མེད་པ ་རྣམས་ལ་བསགས་པ་མི་འགྲུབ་པའི་ཡང་ཕྱིར་ཏེ། དབུས་ན་འདུག་པའི་རྡུལ་ཕྲ་རབ་ལ་བལྟོས་ནས་ཕྱོགས་དང་ཡུལ་ཐ་དད་པ་ན་གནས་པའི་རྡུལ་ཕྲ་རབ་རྣམས་བྱསགས་པ་ཡིན་ན། དེ་ཡང་རྡུལ་ཕྲ་རབ་ཆ་ཤས ་མེད་པ་ལ་ཕྱོགས་དང་ཡུལ་ཐ་དད་པ་མི་སྲིད་པའི་ཕྱིར་མི་འཐད་དོ།། ཕྱོགས་དང་ཡུལ་གཅིག་ཉིད་ཡིན་ན་ནི་རྡུལ་ཕྲ་རབ་གཅིག་ཁོ་ནུར་རྡུལ་ཕྲ་རབ་ཐམས་ཅད་ཞུགས་པའི་ཕྱིར་སྔོན་པོ་ལ་སོགས་པ་ལ་མཐོང་བ་ཙམ་ཡང་མེད་ན་རགས་པའི ་རྣམ་པ་སོ་སོར་ངེས་པས་དེ་ལས་གཞན་པའི་དོན་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་མཐོང་བ་དང་དོན་བྱེད་པ་དག་ཀྱང་རབ་ཏུ་གྲུབ་པའི་ཕྱིར་ལ་རྡུལ་ཕྲ་རབ་ནི་དབང་པོས་མི་སོང་བའི་ཕྱིར་དང་། སྒྲིབ་པ་ལ་སོགས་པའི་དོན་བྱེད་པར་ཡང་རབ་ཏུ ་མི་འགྲུབ་པའི་ཕྱིར་རོ།། གཅིག་དང་དུ་མ་ལས་མ་གཏོགས་པ་གང་གིས་ན་སྔོན་པོ་ལ་སོགས་པ་དངོས་པོ་ཡོད་པར་འགྱུར་བའི་རྣམ་པ་གཞན་ནི་ཡོད་པ་མ་ཡིན་ཏེ། འདི་གཉིས་ནི་ཕན་ཚུན་འགལ་བས་རྣམ་པ་གཞན་རྣམ་པར་གཅོད ་པའི་མཚན་ཉིད་ཡིན་པའི་ཕྱིར་རོ།། དེ་ལྟར་གཟུགས་ཀྱི་ཕུང་པོའི་མཚན་ཉིད་དང་མི་ལྡན་ན་དེ་ལ་རྟེན་ཅིང་དམིགས་པ་ཚོར་བ་ལ་སོགས་པ་ཡང་མཚན་ཉིད་དང་བྲལ་བར་ཤེས་པར་བྱ་སྟེ། སེམས་དང་སེམས་ལས་བྱུང་བ་སྔོན་པོ་ལ ་སོགས་པར་སྣང་བ་རྣམས་ཇི་སྐད་བཤད་པའི་རིམ་གྱིས་གཅིག་དང་དུ་མའི་རྣམ་པ་དང་བྲལ་བའི་ཡང་ཕྱིར་རོ།། དེ་ལྟར་གཟུགས་ལ་སོགས་པའི་བདག་ཉིད་ཀྱི་གནས་བསལ་ནས་འགོག་པའི་བདེན་པས་བསྡུས་པ་དེ་བཞིན་ཉིད ་ལ་སོགས་པའི་ངོ་བོ་ཉིད་ཀྱི་གནས་བསལ་བའི་ཕྱིར་དེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ།། ཆོས་ཀུན་ལ་མི་གནས་ཞེས་བྱ་བ་ནི་དེ་བཞིན་ཉིད་ལ་སོགས་པའི་བདག་ཉིད་ཀྱི་ཆོས ་ཐམས་ཅད་མངོན་པར་ཞེན་པ་མེད་པ་སྟེ། ཡང་དག་པར་ན་དེ་དག་གཟུང་བ་མེད་པ་ལ་སོགས་པ་ཉིད་ཀྱི་སྟོང་པ་ཉིད་ཀྱི་རྣམ་པ་ཡིན་པའི་ཕྱིར། འོ་ན་ཇི་ལྟར་བྱང་ཆུབ་སེམས་དཔའ་ལམ་གྱི་བདེན་པས་ཡང་དག་པར་བསྡུས་པའི་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅེ་ན། གནས་པ་མེད་པར་སྤྱོད་ཅེས་བྱ་བ་གསུངས་ཏེ། གང་ཟག་དང་གཟུགས་ལ་སོགས་པའི་ཆོས་ཀྱི་རྣམ་པ་ཐམས་ཅད་ལ་མི་གནས་པ་ཉིད་དུ་དེ་སྒོམ་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ།། གང་གི ་ཕྱིར་བྱང་ཆུབ་སེམས་དཔའ་ངོས་སྟོང་པ་ཉིད་ཀྱི་རྣམ་པར་རྟོག་པའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་ཆོས་དང་ཆོས་ཅན་དུ་རྟོག་པའི་མཚན་མ་དག་གིས་ཡོངས་སུ་གཟུང་བ་མེད་ཅིང་བདག་གིར་བྱས་པ་མེད་པ་དེ་ཉིད་ཀྱི ་ཕྱིར་མཚན་མའི་ཉོན་མོངས་པ་དང་བྲལ་བས་བདེ་གཤེགས་རྣམས་ཀྱི་བྱང་ཆུབ་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པ་འཐོབ་པོ་ཞེས་བྱ་བར་སྦྱར་རོ།། འདིའི་ཕན་ཡོན་རབ་ཏུ་བསྟན་པས་ནི་ཀུན་རྫོབ་ཏུ་ཡང་དངོས་པོ་མེད ་བར་རྟོག་པ་བསལ་བསལ་བར་ཤེས་པར་བྱ་སྟེ། ངག་དེ་ལྟ་བུ་ལ་སོགས་པ་རྫོགས་ཀྱི་བར་དུ་གང་ཅུང་ཟད་ཡོད་པར་བསྟན་པ་ཐམས་ཅད་ནི་འདི་ལྟ་བུར་དགོངས་པ་ཉིད་དུ་རིག་པར་བྱ་སྟེ། འདི་ནི་རྩེ་མོར་གྱུར་པ་ཆུང ་ཡིན་ནོ།། འབྲིང་ནི་ཇི་ལྟར་ཀུན་ཏུ་རྒྱུ་བ་ཕྲེང་ཅན་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། བྱུང་གྱུར་ཞེས་བྱ་བ་ནི་འབྱུང་བར་འགྱུར་བའོ།། ཤེས་པ་ཡིས་དམིགས་པ་ནི་འཇིག་རྟེན་པའི་རྟོགས་པའི་ཤེས་པས་ཕྱི་དང་ནང ་ལ་སོགས་པའི་བྱེ་བྲག་གིས་འཛིན་པ་ལྔ་སོགས་པའི་ངོ་བོ་ཉིད་དུ་ལྷག་པར་ཆགས་པ་སྟེ་དེ་ལྟ་བུར་གྱུར་པ་མེད་པའོ།། ཕུང་པོ་རྣམ་བྱར་འཇིག་པ་ནི་ཕུང་པོ་རྣམ་པ་ཐམས་ཅད་དུ་མི་དམིགས་པ་སྟེ། དེ་ལྟ་བུར་གྱུར་པ་ཇི་ལྟ་བར་ཞེས ་བྱ་བར་སྦྱར་རོ།། དེ་ལྟ་བས་ན་འདིས་ནི་ཇི་སྐད་དུ་ཀུན་ཏུ་རྒྱུ་ཕྲེང་བ་ཅན་འཇིག་རྟེན་པའི་ལམ་ཉིད་ཆེ་བའི་ཤེས་པས་རྟོག་པ་སྔོན་དུ་འགྲོ་བའི་འཇིག་རྟེན་ལས་འདས་པའི་ལམ་ལ་ཞུགས་པ་ཡང་གལ་ཏེ་དངོས་པོ་འགའ་ཞིག་དམིགས་པར ་གྱུར་ན་དེའི་ཚེ་འདི་ལྔ་དད་པ་རྙེད་པར་ཡང་མི་འགྱུར་ཏེ། འཇིག་རྟེན་ལས་འདས་པ་དང་ཅིག་ཤོས་ཀྱི་ལམ་དག་དངོས་པོར་དམིགས་པའི་བདག་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རོ་ཞེས་སྟོན་པར་བྱེད་དོ།། དེ་ལྟ་བས་ན་དངོས་པོ་རྣམ་པ ་ཐམས་ཅད་དུ་མི་དམིགས་པའི་བདག་ཉིད་ཁོ་ན་འཇིག་རྟེན་ལས་འདས་པའི་ཚུལ་ཡིན་ལ་དེ་ལས་གཞན་པ་ནི་སྒྲོ་བཏགས་པའི་རྣམ་པའི་སྤྱོད་ཡུལ་ཅན་ཡིན་པ་ཉིད་ཀྱི་ཉོན་མོངས་པའི་བག་ཚུགས་མཐའ་དག་གི་གཉེན་པོ་མ་ཡིན ་པའི་ཕྱིར་འཇིག་རྟེན་པ་ཡིན་ནོ།། གལ་ཏེ་གང་ཟག་གིས་དབེན་པའི་ཁྱད་པར་ཕུང་པོ་ཙམ་ལ་རྣམ་པར་ལྟ་བ་རྣམས་ཀྱང་སེམས་ཅན་དུ་ལྟ་བ་མེད་ན། ཉོན་མོངས་པོའི་ཚོགས་ཐམས་ཅད་སྤོང་བར་འགྱུར་བ་ཁོ་ན་མ་ཡིན་ནམ ་དེ་ཇི་ལྟར་ན་གང་ཟག་ཙམ་མེད་པར་ལྟ་བ་འཇིག་རྟེན་ལས་འདས་པ་ཉིད་མ་ཡིན་ཞེ་ན། མ་ཡིན་ཏེ། ཕུང་པོ་ལ་མངོན་པར་ཞེན་པ་མ་སྤངས་ན་སེམས་ཅན་དུ་ལྟ་བ་མི་རྟོག་པའི་ཕྱིར་རོ།། དེ་ནི་ཕུང་པོ་ལ་མངོན་པར་ཞེན་བྷ་ལས་རབ་ཏུ ་བྱུང་བའི་ཕྱིར་ཏེ། སེམས་ཅན་དུ་ལྟ་བ་ལྷན་ཅིག་སྐྱེས་པ་ནི་ཕུང་པོ་དམིགས་པ་ལ་མ་བཏོགས་པ་གཞན་ལས་འབྱུང་བར་མི་དམིགས་སོ།། རྟག་པ་ལ་སོགས་པར་མངོན་པར་ཞེན་པ་ཡང་ཕུང་པོར་ཡོངས་སུ་འཛིན་པ་ལ་རག ་ལས་པའི་ཕྱིར་དེ་ཡངང་པོ་དོན་དམ་པར་ཡོད་པ་མ་ཡིན་པ་ལ་མི་རྟག་པ་ཉིད་དུ་མོས་པས་སྦྱོང་བ་མི་སྲིད་པའི་ཕྱིར་རོ།། དེ་ལྟ་མ་ཡིན་ན་མི་སྡུག་པ་ལ་སོགས་པར་མོས་པ་ཡིད་ལ་བྱེད་པ་ཡང་ཉོན་མོངས་པའི་གཉེན་པོར་འགྱུར ་བར་ཐལ་པོར་འགྱུར་རོ།། དེ་ལྟ་བས་ན་ཕུང་པོ་མི་དམིགས་པ་ནི་ཚད་མས་འཐད་པའི་དེ་ཁོ་ན་ཉིད་ཀྱི་ཡུལ་ཅན་ཡིན་པའི་ཕྱིར་དེ་ཁོ་ན་ཉིད་ཡིད་ལ་བྱེད་པས་ཉེས་པའི་བག་ཆགས་མཐའ་དག་གི་གཉེན་པོར་གྱུར་པ་ཡིན་གྱི་དེར ་དམིགས་པ་ནི་མ་ཡིན་ཏེ། ཇི་སྐད་དུ་ཇི་སྲིད་ཕུང་པོར་འཛིན་དེ་སྲིད། དེ་ལས་བདག་ཅེས་བྱ་བར་ཡང་བཤད་དོ།། །། བམ་པོ་གཉིས་པའོ།། ཁ་ཅིག་ན་རེ་ལ་ལ་ལས་གང་ཟག་མེད་པ་ཙམ་རྟོགས་པས་ཉོན ་མོངས་པ་སྤོང་བར་བཤད་པ་གང་ཡང་ཡིན་པ་དེ་ནི་དེ་སྐད་དུ་བཤད་པས་གདུལ་བའི་སྐྱེ་བོའི་ངོར་བྱས་པ་ཡིན་གྱི་ཡང་དག་པར་ཡོད་པ་ནི་མ་ཡིན་ཏེ། དགེ་སློང་དག་ཁུར་ཡང་ཡོད་ལ་ཁུར་ཁྱེར་བ་ཡང་ཡོད་དོ་ཞེས་བྱ་བ་ལ། ་སོགས་པ་བཤད་པ་བཞིན་ནོ།། ཞེས་ཟེར་རོ།། དེ་ལྟར་དཔེའི་སྒོ་ནས་ཆོས་ཐམས་ཅད་བདག་མེད་པར་བསྟན་ནས་འདི་ཉིད་ལ་བྱང་ཆུབ་སེམས་དཔའ་བར་བསྟན་པའི་ཕྱིར།། བྱང་ཆུབ་སེམས་དཔའ ་གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ད་ལྟར་ཞེས་བྱ་བ་ནི་དེ་ལྟ་བུར་རོ།། གང་ཞིག་ཇི་ལྟར་ཕྲེང་བ་ཅན་གྱིས་ཆོས་རྣམས་ཡོངས་སུ་ཤེས་པ་དེ་ལྟར་ཤེས་པ་ཞེས་བྱ་བ་དང་སྦྱར་རོ།། གང་ཞིག་དེ་ལྟར་ཆོས་ཐམས་ཅད ་བདག་མེད་པར་ཡང་རྣམ་པར་ལྟ་བ་མྱ་ངན་ལས་འདས་པ་སྟེ། ཉན་ཐོས་ཀྱི་མྱ་ངན་ལས་འདས་པ་ལ་མི་རེག་ཅིང་ཡུལ་དུ་མི་བྱེད་པ་ཞེས་བྱ་བ་དང་རྣལ་དུ་སྦྱར་ཏེ་ཐུགས་བརྩེ་བ་ཆེན་པོས་འགྲོ་བ་ཐམས་ཅད་ལ་ལྟ་བ་དང་བཅས་པ ་ནི་ཆོས་ཐམས་ཅད་མི་དམིགས་པ་ཡིད་ལ་བྱེད་པའི་ཕྱིར་རོ།། དེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ།། གནས་ཞེས་བྱ་བ་ནི་ཤེས་རབ་སྒོམ་པར་བྱེད་པ་སྟེ་བ་དབྱར་གཤེགས་པ་རྣམས་ཀྱི་ཞེས་བྱ་བ་ནི་ཚིག་ལྷག་མ་ཡིན་ནོ།། རྩེ་མོར ་གྱུར་པ་ཆེན་པོ་བསྟན་པའི་ཕྱིར་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཞེས་བྱ་བ་ནི་རྩེ་མོར་གྱུར་པ་ཆེན་པོའི་གནས་སྐབས་པའི་བྱང་ཆུབ་སེམས་དཔའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྟོག་པ་ཡང་ངོ་བོ་ཉིད་ཀྱི ་སྒོ་ནས་ནི་འདི་ནི་གང་ཡིན་གང་ཞེས་གསུངས་པ་ཡིན་ནོ།། གང་ཞེས་བྱ་བའི་སྒྲ་ནི་སྤོང་བ་ཡིན་པར་བལྟ་བར་བྱ་སྟེ་དེའི་ངོ་བོ་ཉིད་འཛིན་པ་ལ་སོགས་པའི་རྣམ་པར་མི་འཐད་པའི་ཕྱིར་རོ།། འབྲེལ་བའི་སྒོ་ནས་ནི་སུའི་ཡིན་ཞེས་གང ་གསུངས་པ་ཡིན་ནོ།། སུ་ཞེས་བྱ་བ་ནི་སྔ་མ་བཞིན་ཏེ། དེ་དང་འབྲེལ་པའི་བདག་ལ་སོགས་པ་མེད་པའི་ཕྱིར་རོ།། ཡུལ་གྱི་སྒོ་ནས་ནི་གང་ལས་ཡིན་ཞེས་ཆོས་འདི་ཐམས་ཅད་སྟོང་པར་རྟོག་ཅེས་བྱ་བ་གང་གསུངས་པ་ཡིན་ཏེ། ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་བདག་ཉིད་ཀྱི་ཆོས་ཐམས་ཅད་ཆོས་དང་ཆོས་ཅན་གྱི་དངོས་པོ་དང་དེ་སྟོང་པ་ཉིད་དུ་ཡང་མི་འཐད་པའི་ཕྱིར་རོ།། རྟོག་ཅེས་བྱ་བ་ནི་དཔྱོད་པ་བྱེད་པའོ།། ཞུམ་པ་མེད་ཅིང་ཞེས་བྱ་བ ་ནི་ཐམས་ཅད་སེམས་ཙམ་དུ་རྟོགས་པའི་ཕྱིར་ཀུན་ཏུ་རྨོངས་པར་མི་འགྱུར་ཞིང་ཞེས་བྱ་བའི་ཐ་ཚིག་གོ། ལྷག་མ་ནི་གོ་སླའོ།། དེ་ལྟར་རིམ་གྱིས་འཕེལ་བའི་རྩེ་མོར་གྱུར་པ་ལོས་གཟུང་བ་དང་འཛིན་པ་མེད་པར་རྟོགས ་པའི་མཚན་ཉིད་ཀྱི་བཟོད་པ་དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་གི་ཏིང་ངེ་འཛིན་གྱི་བདག་ཉིད་དག་སྐྱེ་བར་འགྱུར་རོ་ཞེས་སྟོན་ཅིང་གཟུགས་ལ་སོགས་པའི་འདུ་ཤེས་ཕྱིན་ཅི་ལོག་གི་ངོ་བོ་ཉིད་ཡིན་པར་བསྟན་པའི་ཕྱིར། གལ་ཏེ ་མི་ཤེས་བཞིན་དུ་གཟུགས་སུ་འདུ་ཤེས་ཤྲིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གྲལ་ཏེ་ཞེས་བྱ་བ་ནི་བརྒྱ་ལའོ།། མི་ཤེས་བཞིན་དུ་ཞེས་བྱ་བ་ནི་གཟོད་མ་ནས་སྐྱེ་བ་མེད་པའི་དོན་ཁོང་དུ་མ་ཆུད་པར་རོ།། གཟུགས་སུ ་འདུ་ཤེས་པ་ནི་གཟུགས་ལ་སོགས་པ་ལ་སྤྱི་དང་ཁྱད་པར་གྱི་མཚན་མར་མངོན་པར་ཞེན་པའོ།། རྟོག་ཅེས་བྱ་བ་ནི་གལ་ཏེ་ཕུང་པོ་དག་ལ་སྟོང་པ་ཉིད་དུ་གཟུང་བའི་བདག་ཉིད་དུ་རྟོག་པར་བྱེད་ན་ཡང་ངོ་།། མཚན་མ་ལ ་ཞེས་བྱ་བ་ནི་མཚན་མ་ལ་ཏེ། ཕྱིན་ཅི་ལོག་ལྔ་ཞེས་བྱ་བའི་དོན་ཏོ།། ཅིའི་ཕྱིར་ཞེ་ན། སྐྱེ་མྱེད་གཱན་སཱ་ལ་དང་མྱ་ཡིན་ཞེས་བྱ་བ་གསུངས་ཏེ། སྐྱེ་བ་མེད་པ་ཉིད་སྒྲིབ་པའི་བག་ཆགས་ཐམས་ཅད་སྤོང ་བའི་གནས་སུ་གྱུར་པའི་ཕྱིར་གནས་ཡིན་ནོ།། དེ་ལ་མ་དད་པ་ནི་མ་མོས་པ་སྟེ། གང་གི་ཕྱིར་ཞེས་བྱ་བ་ནི་ལྷག་མ་ཡིན་ནོ།། ཕྱིན་ཅི་ལོག་འདིའི་གཉེན་པོར་ཕྱིན་ཅི་མ་ལོག་པོ་བསྟན་པའི་ཕྱིར། གང་ཞིག་གཟུགས་མིན་ཚོར་མིན ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། སེམས་དཔའ་ཞེས་བྱ་བ་ནི་འདུ་བྱེད་ཀྱི་ཕུང་པོ་ཐམས་ཅད་ཉེ་བར་མཚོན་པའི་ཕྱིར་རོ།། ཡང་ན་འདུ་བྱེད་ཐམས་ཅད་སེམས་མངོན་པར་འདུ་བྱེད་པའི་ངོ་བོ་ཉིད་ཀྱི་སེམས་དཔའི་བདག ་ཉིད་ཡིན་པའི་ཕྱིར་ཏེ། འདུ་བྱེད་ཀྱི་ཕུང་པོ་གང་ཞེ་ན། སེམས་དཔའི་ཚོགས་དྲུག་ཏེ་ཞེས་གང་གསུངས་པ་ཡིན་ནོ།། མི་སྤྱོད་ཅེས་བྱ་བ་ནི་གཟུགས་ལ་སོགས་པ་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་རྣམ་པ་ཉིད་ཡིན་པའི་ཕྱིར ་གཟུགས་ལ་སོགས་པ་གསུང་བའི་བདག་ཉིད་ཀྱི་ངོ་བོ་ཉིད་དང་བྲལ་བར་རྟོགས་པའི་ཕྱིར་ཏེ་འདི་ནི་བཟོད་པ་ཆུང་ངུ་ཡིན་ནོ།། གནས་པ་མེད་པར་སྤྱོད་ཅེས་བྱ་བ་ནི་རྟེན་པ་མེད་པར་སྤྱོད་པ་སྟེ། ཀུན་ནས་ཉོན་མོངས་པ་དང་རྣམ ་པར་བྱང་བའི་བདག་ཉིད་ཀྱི་ཆོས་རྣམས་མ་སྐྱེས་པར་དེ་བར་འབྱུང་བ་མི་འཐད་པའི་ཕྱིར་རོ།། མ་སྐྱེས་པ་ནི་ཡང་དག་པར་ན་གང་གིས་ན་དེ་ལོ་བརྟེན་ནས་སྤྱོད་པར་འགྱུར་པ་རྣམ་པར་དག་པར་འགྱུར་པའི་མཚན་ཉིད ་ཀྱིས་ངེས་པར་འབྱུང་བ་སྒྲུབ་པར་མི་བྱེད་དེ་འདི་ནི་བཟོད་པ་འབྲིང་ཡིན་ནོ།། དེ་ནི་སྤྱོད་པ་མེད་ན་དེ་དང་ལྡན་པའི་བྱེད་པ་པོ་ཡང་སྤྱོད་ཅེས་བྱ་བར་མི་དམིགས་པས་སྤྱོད་ཅེས་བྱ་བ་ལ་སོགས་པའི་རྣམ་པར་བྱེད་པ་པོ་མཚན་མ་མི་དམྱིགས ་ཏེ། གཟུགས་ལ་སོགས་པའི་མཚན་མ་རྣམ་པ་ཐམས་ཅད་དུ་མེད་ན་ཆོས་ཐམས་ཅད་གཟུང་བའི་ངོ་བོ་ཉིད་མ་ཡིན་པ་ཉིད་ཀྱི་བྱེད་པ་པོ་མེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ།། བྱེད་པ་པོ་མེད་དུ་ཟིན་ཀྱང་འོན་ཀྱང་ཅིའི་ཕྱིར་སོ་སོའི ་སྐྱེ་བོ་བཞིན་དུ་དེར་མི་དམིགས་ཤེ་ན། དེ་ལྟར་ཤེས་རབ་བསྟན་ཞེས་བྱ་བ་སྨོས་ཏེ། ཤེས་རབ་ཀྱིས་མཚན་མ་ཐམས་ཅད་ཀྱིས་མི་གཡོས་པའི་ཕྱིར་རོ།། དེ་ཉིད་བསལ་བར་བྱ་བའི་ཕྱིར་སྐྱེ་མེད་བློ་ལྡན་ཞེས་བྱ་བ་སྨོས་ཏེ། འདི ་སྒོང་དུ་གང་གི་ཕྱིར་དེ་བཟོད་པ་ཆེན་པོའི་དབང་གིས་ཆོས་ཐམས་ཅད་སྐྱེ་བ་མེད་པར་མོས་པ་དེའི་ཕྱིར་དེ་མཚན་མ་དེ་དག་མི་དམིགས་ཏེ། སྐྱེ་བ་མེད་པར་མོས་པའི་མཚན་མ་ལ་མངོན་པར་ཞེན་པ་ཐམས་ཅད་ཀྱི་གཉེན་པོ་ཡིན་པའི ་ཕྱིར་རོ་འདི་ནི་བཟོད་པ་ཆེན་པོ་ཡིན་ནོ།། དེ་ལྟར་རིམ་གྱིས་བཟོད་པ་ཆེན་པོ་ཐོབ་པའི་རྗེས་ལ་བར་ཚད་མེད་པར་མཐོང་བའི་ལམ་ཐོབ་པ་ཡིན་པའི་ཕྱིར་བྱར་ཆད་མེད་པའི་ཏིང་ངེ་འཛིན་གྱིས་བསྡུས་པའི་ཆོས་ཀྱི་མཆོག་གི་གནས ་སྐབས་ཀྱི་ཏིང་ངེ་འཛིན་ཞི་བ་མཆོག་ལ་རེག་ཅེས་བྱ་བ་སྨོས་ཏེ། དེ་ལ་དགེ་བ་རྩེ་གཅིག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཏིང་ངེ་འཛིན་དག་སྟེ་དཔའ་བར་འགྲོ་བ་ལ་སོགས་པའོ།། འཛིན་པའི་གཡེང་བ་མེད་པའི་ཕྱིར་ཞི་བ་དག་གོ། ་མྱུར་དུ་མངོན་པར་རྫོགས་པར་རྫོགས་པར་བྱང་ཆུབ་པའི་རྒྱུ་ཡིན་པའི་ཕྱིར་མཆོག་དག་གོ། དེ་དག་ལ་རེག་པ་ནི་བྱང་ཆུབ་སེམས་དཔའ་བདག་ཉིད་ཇི་ལྟ་བ་བཞིན་དུ་རང་གི་མིང་དང་དོན་བྱེད་པའི་རྣམ་པ ་ཡུལ་དུ་བྱེད་དོ་ཞེས་བྱ་བར་སྦྱར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་པར་བསྟན་པ་ལས་ཇི་སྐད་དུ། དེ་ལ་དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གྲང་ཞེ་ན་ཏིང་ངེ་འཛིན་གང་གིས་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱོད་ཡུལ་ཉམ་སུ ་མྱོང་བ་སྟེ། འདི་ནི་དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཞེས་བྱའོ་ཞེས་བྱ་བ་རྒྱས་པར་གསུངས་པ་ལྟ་བུ་ཡིན་ནོ།། འདི་དག་ནི་ཆོས་ཀྱི་མཆོག་ཆུང་ངུ་ཡིན་ནོ།། འབྲིང་བསྟན་པའི་ཕྱིར། བྱང་ཆུབ་སེམས་གང་དེ་ལྟར་འདིར ་བདག་ཞིར་གནས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་ཞེས་བྱ་བ་ནི་དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་འཛིན་ནའོ།། བདག་ཞིར་གནས་པ་ཞེས་བྱ་བ་ནི་འཛིན་པའི་རྟོག་པའི་གཡོང་བ་མེད་པའི་ཕྱིར་སེམས་རབ་ཏུ་ཞི་བྱ་ཞེས་བྱ ་བའི་ཐ་ཚིག་གོ།། དེ་ནི་ཞེས་བྱ་བ་ནི་ཆོས་ཀྱི་མཆོག་གི་གནས་སྐབས་པའི་བྱང་ཆུབ་སེམས་དཔའོ།། སྔོན་གྱི་དེ་བཞིན་གཤེགས་པ་ཞེས་སྨོས་པ་ནི་དེ་བཞིན་གཤེགས་པ་གཞན་དག་གིས་ཀྱང་དེ་ལུ་བསྟན་པའི་ཕྱིར་ཉེ་བར་མཚོན་པའི ་དོན་ཏེ། སངས་རྒྱས་གང་དག་ད་ལྟར་ཕྱོགས་བཅུའི་འཇིག་རྟེན་ན་བཞུགས་པ་དེ་དག་ཀྱང་གང་ཞིག་ཏིང་ངེ་འཛིན་འདི་དག་གིས་གནས་པ་དེ་ལ་ལུང་སྟོན་ཏོ་ཞེས་གང་གསུངས་པ་ཡིན་ནོ་ཞེས་ལུང་བསྟན་ཞེས་བྱ་བ་ངེས་པར་རྫོགས ་པར་བྱང་ཆུབ་ཐོབ་པར་རབ་ཏུ་བསྟན་པའོ།། རློམ་སེམས་མེད་ཅེས་བྱ་བ་ནི་གནས་དྲན་ལེན་གྱི་གཡེང་བ་མ་དྲོན་དུ་མི་བྱེད་ཅེས་བྱ་བའི་ཐ་ཚིག་གོ།། དེ་ཉིད་བསྟན་པའི་ཕྱིར་བདག་ནི་མཉམ་པར་བཞག་ཅེའམ་ལངས་ཞེས་བྱ་བ་སྨོས་ཏེ། ་ངར་འཛིན་པ་ནི་ཉེས་པ་ཐམས་ཅད་སྐྱེ་བའི་རྒྱུ་མཚན་གྱི་དངོས་པོས་གནས་དྲན་ལེན་གྱི་གཡེང་བའི་མཚན་ཉིད་ཡིན་པའི་ཕྱིར་རོ།། འདི་ལས་ལངས་ནས་ཡང་མངོན་པར་ཞེན་པ་མེད་པའི་ཕྱིར་གཏན་མེད་པར་བསྟན་པ་ཡིན་ནོ།། འདི་ཉིད ་ལ་དྲི་བ་དང་བཅས་པའི་ལན་གྱི་སྒོ་ནས་ཆོས་ཀྱི་མཆོག་ཆེན་པོ་བསྟན་པའི་ཕྱིར། ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་སྨོས་སོ།། ཅིའི་ཕྱིར་ཞེ་ན། བ་དག་ཡོད་ན་དེའི་ངར་འཛིན་ཕྱིན་ཅི་མ་ལོག་པའི་བདག་ཉིད་ཀྱིས་རྣམ་པར་གཡེང་བའི་ངོ་བོ་མ ་ཡིན་པའི་ཕྱིར་ཇི་ལྟར་དེ་ཀུན་ནས་མི་ལྡང་སྙམ་དུ་བསམ་པ་ཡིན་ནོ།། དེ་ཡོངས་སུ་སྤང་བའི་ཕྱིར་ཆོས་ཀྱི་རང་བཞིན་ཡོངས་སུ་ཤེས་ཕྱིར་ཞེས་བྱ་བ་སྨོས་སོ།། དེ་སྐད་དུ་དེ་ལ་བདག་ཡོད་ན་དེ་ལ་ངར་འཛིན་པ་འམ་དེ་ལ་ཕྱིན་ཅི ་མ་ལོག་པར་འགྱུར་བ་ཞིག་ན་དེ་གཉིས་ནི་ཡོད་པ་མ་ཡིན་ཏེ། གཟུགས་ལ་སོགས་པའི་ཆོས་བསྒོམ་པར་བྱ་བ་དང་སྒོམ་པར་བྱེང་པ་ལ་སོགས་པའི་བྱེ་བྲག་གིས་ཐ་དད་པ་རྣམས་ཡང་དག་བྱར་ན་མེད་པའི་ཕྱིར་དང་ཆོས་ཀྱི་མཆོག ་ཆེན་པོའི་གནས་སྐབས་ན་མོས་པ་དེའི་ངོ་བོ་ཉིད་དུ་རབ་ཀྱི་མཐར་ཕྱིན་པའི་ཡང་ཕྱིར་རོ་ཞེས་བརྗོད་པ་ཡིན་ནོ།། ངེས་པར་འབྱོད་པའི་ཆ་དང་མཐུན་པའི་གནས་སྐབས་འདི་དག་ནི་རྣམ་པར་རྟོག་པ་དང་བཅས་པའི་ཕྱིར་མཐོང ་པས་སྤང་བར་བྱ་བ་གཟུང་བ་དང་འཛིན་པའི་རྣམ་པར་རྟོགས་པ་གཉིས་དང་མཚུངས་པར་ལྡན་པ་ཡིན་ནོ།། དེ་ལ་གཟུང་བར་རྣམ་པར་རྟོག་པ་རྣམ་པ་གཉིས་ཏེ་དངོས་པོ་ཙམ་ལ་རྟེན་པ་ནི་གང་གིས ་ན་ཕུང་པོ་ལ་སོགས་པ་དངོས་པོ་ཙམྱ་ལ་བརྗོད་པ་ཙམ་དུ་ཤེས་པའོ།། གཉེན་པོ་ལ་རྟེན་པ་ནི་གང་གིས་ན་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་རྣམ་པ་རྣམ་པར་བྱུང་བའི་དངོས་པོ་ཁོ་ན་ལས་སེམས་ཙམ་དུ་རྣམ་པར་འཇོག་པར ་བྱེད་པའོ།། འཛིན་པར་རྣམ་པར་རྟོག་པ་ཡང་རྣམ་པ་གཉིས་ཏེ། གང་ཟག་གི་རྫས་ལ་རྟེན་པ་ནི་གླང་གིས་ནཱ་འཛིན་པའི་རྣམ་པ་གང་ཟག་གི་རྫས་སུ་སྒྲོ་བཏགས་པ་གཙོ་བོར་སེམས་ཅན་ལ་སོགས་པ་ལྟ་བའི་ཡུལ་གྱི་དངོས ་པོའི་གོག་པར་བྱེད་པའོ།། དེར་གདགས་པ་ལ་རྟེན་པ་ནི་གང་གིས་ནཱ་དེར་གདགས་པ་ཙམ་ཡང་འཛིན་པ་མ་ཡིན་པ་ཉིད་དུ་རབ་ཏུ་འབྱེད་བྱར་བྱེད་པའོ།། འདི་དག་ཀྱང་གོ་རིམས་བཞིན་དུ་ངེས་པར་འབྱེད་པའི་ཆ་བཞི་པོ་དྲུག་ལ ་ལྟ་བར་བྱ་སྟེ། དེ་ལ་གཟུང་བར་རྣམ་པར་རྟོག་པ་དང་པོ་རྣམ་པ་དཀུའི་དབང་དུ་མཛད་ནས། དེ་ལྟར་སྤྱོད་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དེ་ལྟར་ཞེས་བྱ་བ་ནི་དྲོ་བར་གྱུར་པའི་གནས་སྐབས་སུ་རབ་ཏུ་བསྟན་པའི་མི ་དམིགས་པའི་ཚུལ་གྱིས་སོ།། བདེ་གཤེགས་རྣམས་ཀྱི་ཤེས་རབ་ཅེས་བྱ་བ་ནི་སྦྱིན་པ་ལ་སོགས་པ་ཆོས་དཀར་པོ་རྣམས་མི་དམིགས་པའི་བདག་ཉིད་དེ་ནི་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུར་གྱུར་པའི ་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། འདི་ནི་རྣམ་པར་བྱང་བའི་དངོས་པོ་ལ་རྣམ་པར་རྟོག་པ་ཡིན་ནོ།། དམིགས་པ་ཞེས་བྱ་བ་ནི་མི་འགྱུར་ཞེས་བྱ་བ་དང་འགྲེལ་བའི་ཕྱིར་དམིགས་པར་མི་འགྱུར་བ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། དེ ་ཡང་ཅི་ཞིག་ཅེ་ན། ཆོས་གང་སྤྱོད་པ་ཞེས་བྱ་བ་སྨོས་ཏེ་ཆོས་ནི་བདག་ལ་སོགས་པའོ་དེ་ཉིད་མི་དམིགས་པའི་སྤྱོད་པའི་རྟེན་ཡིན་པའི་ཕྱིར་ཏེ་སེམས་ཅན་དུ་རྣམ་པར་རྟོག་པ་ཡིན་ནོ།། ཡང་ཅིའི་ཕྱིར་ན་མི་དམིགས་ཇི་ལྟར་ན་བདགུ་ལ ་སོགས་པ་མི་དམིགས་པས་རང་དང་གཞན་ཡོངས་སུ་སྨིན་པ་ལ་སོགས་པའི་མཚན་ཉིད་ཀྱི་སྤྱོད་པར་འགྱུར་ཞེ་ན། སྤྱོད་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། འདི་སྐད་དུ་ཆོས་ཐམས་ཅད་སྐྱེ་བ་མི་དམིགས་པའི་མཚན་ཉིད་ཀྱི་སྤྱོད ་པ་མེད་པ་གང་ཡིན་པ་དེ་ཉིད་མཚན་མ་དང་མི་འགལ་བའི་ཕྱིར་དང་བདག་དང་གཞན་རྣམ་པར་དྲུག་པའི་རྒྱུ་ཡིན་པའི་ཕྱིར་སྤྱོད་པ་དམ་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་མོས་པ་ཡིད་ལ་བྱེད་པ་ཙམ་གྱིས་ནི་སྒྲིབ་པ་སྤོང་བ་མེད་པའི་ཕྱིར་རོ་འོདི ་ཁོང་དུ་ཆུད་ནས་ཆོས་ཅི་ཡང་མི་དམིགས་པ་ཡིན་ནོ་ཞེས་བརྗོད་པར་འགྱུར་རོ།། དེ་ཉིད་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སྐྱེ་བ་རྣམ་པར་དག་པ་རྣམ་པར་རྟོག་པ་ཡིན་ནོ།། གལ་ཏེ་ཆོས་མི་དམིགས་པ་ཡང་ཇི་ལྟར་མེད ་ན་གང་གིས་ན། དེ་མི་དམིགས་པ་ཁོ་ན་ལ་བཤད་པའི་མཚན་ཉིད་ཀྱི་སྤྱོད་པར་འགྱུར་ཞེ་ན། དེ་ནི་མ་ཡིན་ཏེ། དངོས་པོ་ཇི་ལྟར་བྱིས་པས་དམིགས་པ་ཚད་མས་གནོད་པ་ཉིད་ཀྱིས་མེད་པའི་ཕྱིར་རོ་ཞེས་བཤད་པ་ཡིན་ཏེ་འཆད་པར ་ཡང་འགྱུར་རོ།། འོ་ན་ཆོས་ཇི་ལྟ་བུར་ཡོང་ཞེ་ན། གང་ཞིག་ཡོད་པ་མ་ཡིན་ཞེས་བྱ་བ་སྨོས་སོ།། དེ་ནི་ཡོད་དོ་ཞེས་བྱ་བ་ཚིག་ལྷག་མ་ཡིན་ཏེ། བྱིས་པས་དམིགས་པའི་སྤྱོད་ཡུལ་ནི་སྒྲོ་བཏགས་པའི་སྤྱོད་ཡུལ ་ཡིན་པའི་ཕྱིར་དེས་སྒྲོ་བཏགས་པས་དབེན་པར་མཚན་ཉིད་གཅིག་པ་ཁོ་ན་དོན་དམ་པའི་ཡོད་པ་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ།། འདི་ཉིད་ལ་མཚན་མར་བརྗོད་པའི་འབྲེལ་པ། དེ་ནི་མེད་ཅེས་བྱ་བ་སྨོས་ཏེ། དེ་ཉིད་ཀྱི་ཕྱིར་ཆོས་དེ་ནི་ཇི ་ལྟར་བཏགས་པ་ལྟར་ཡོད་པ་མ་ཡིན་པས་མེད་པའི་ས་བརྗོད་དོ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ལྟར་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་མེད་ཞེས་བྱ་བའོ་ཞེས་གསུངས་པ་ཡིན་ཏེ། མེད་པར་རྣམ་པར་རྟོག་པ་ཡིན་ནོ།། གལ་ཏེ་གཟུགས་ལ་སོགས ་པ་རབ་ཏུ་དབྱེ་བ་ཐ་དད་པའི་ཆོས་ཡོད་པ་མ་ཡིན་ནཱ་མ་དོ་ནི་ལྟར་ན་འདི་མེད་པ་ཉིད་ཡིན་ཞེ་ན། མ་ཡིན་ཏེ། གཟུགས་ལ་སྩོགས་པ་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཕྱིར་ཇི་སྐད་སྔར་བཤད་པ་ལྟ་བུ་ཏེ། བཅོམ་ལྡན་འདས་མ་ལས། ཤཱ་རིའི ་བུ་གཟུགས་ནི་ནང་སྟོང་པ་ཉིད་ཀྱི་ཕྱིར་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ།། ཕུང་པོ་ལ་སོགས་པ་དམིགས་པར་རྣམ་པར་རྟོག་པ་ཡིན་ཏེ་སྔ་མ་ཁོ་ན་རབ་ཏུ་སྒྲུབ་པ་ལྷུར་ལེན་པ་ཡིན་པར་ཁོང་དུ་ཆུད་པར ་བྱའོ།། དེ་ཉིད་བསྟེན་པའི་ཕྱིར་བྱིས་པ་རྣམས་ཀྱི་དེ་ཞེས་བྱ་བ་སྨོས་ཏེ། བྱིས་པ་ཞེས་བྱ་བ་ནི་ཆོས་ཀྱི་རང་གི་ངོ་བོ་མ་གཏོགས་པའོ།། དེ་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་རྣམ་པས་བསྒྲུབས་པས་གཟུགས་ལ་སོགས་པའི་བྱེ་བྲག ་གིས་ཐ་དད་པའི་ཆོས་ཡོད་པ་མ་ཡིན་པ་ཞེས་བྱ་བའི་དོན་ཏོ།། བརྟགས་ཞེས་བྱ་བ་ནི་མིང་དང་གཟུགས་ལ་སོགས་པ་ཉིད་དུ་བརྟགས་ནས་ཞེས་བྱ་བའི་ཐ་ཚིག་སྟེ། མིང་དང་གཟུགས་སུ་མངོན་པར་ཞེན་པར་རྣམ་པར་རྟོག་པ་ཡིན་ནོ།། ་དེ་ལྟར་བརྟགས་ནས་ཅི་ཞིག་བྱེད་ཅེ་ན། མྱེད་དང་ཡོད་པར་བྱེད་ཅེས་བྱ་བ་སྨོས་ཏེ། མེད་པ་ནི་སྒྱུར་བ་འདེབས་པའི་མཚན་ཉིད་དོ།། ཡོད་པ་ནི་སྒྲོ་འདོགས་པའི་མཐའི་ངོ་བོ་ཉིད་དོ།། བྱེད་པ་ནི་སློང་བར་བྱེད་པ་སྟེ། མཐའ་གཉིས་ལ ་ཆགས་པར་རྣམ་པར་རྟོག་པ་ཡིན་ནོ།། འདི་ཉིད་རང་བཞིན་གྱིས་སྐྱོན་ཆགས་པ་ཉིད་ཡིན་པར་ཡོད་དང་མེད་པ་འདི་གཉིས་མེད་པའི་ཆོས་ཉིད་ཡིན་ཏེ། ཞེས་བྱ་བ་སྨོས་སོ།། འདི་སྐད་དུ་གཟུགས་ལ་སོགས་པ་ཡང་དག་པར་ཡོད་པ ་མ་ཡིན་པའི་ཕྱིར་དེ་དག་ལ་སྒྲོ་འདོགས་པ་སྔོན་དུ་འགྲོ་བ་ཡོད་པ་དོང་མེད་པར་རྣམ་པར་རྟོག་པ་དག་ཇི་ལྟར་ཕྱིན་ཅི་མ་ལོག་པའི་ངོ་བོར་འགྱུར་ཏེ་རྣམ་པ་ཐམས་ཅད་དུ་ཡོད་པ་མ་ཡིན་པ་ལ་ནི་ཡུལ་དང་དུས་དང་རྣམ་པ་ལ་བལྟོས ་ནས་མེད་པར་རྣམ་པར་རྟོག་པ་འམ། ཡོད་པར་རྣམ་པར་རྟོག་པ་དོན་དམ་པ་ཡིན་པར་འོས་པ་མ་ཡིན་ནོ་ཕྱིན་ཅི་ལོག་ཀྱང་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ཡོངས་སུ་མི་ཤེས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཁམས ་གསུམ་པ་ལས་ངེས་པར་འབྱུང་བའི་བགེགས་མ་རེངས་པ་ཡིན་ནོ།། ཞེས་བཤད་པར་འགྱུར་ཏེ། འདི་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མི་ཤེས་པར་རྣམ་པར་རྟོག་པ་ཡིན་ནོ།། འདི་ལ་གལ་ཏེ་ཇི་ལྟར་ན་ངེས ་པར་འབྱུང་བའི་ཏུ་བགེགས་ཡིན་ཡོད་པ་དང་མེད་པར་རྟོག་པ་ཡོད་ཀྱང་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ཇི་ཙམ་དུ་བསྒྲུབ་པས་སྐྱོན་མེད་པའི་གོ་འཕང་དང་འགལ་བ་མེད་པ་ཁོ་ནའོ་ཞེ་ན། དེ་ནི་མ ་ཡིན་ཏེ། ཇི་སྐད་བཤད་པའི་ཕྱིན་ཅི་ལོག་དང་ལྡན་པ་ནི་ཆོས་ཐམས་ཅད་བདག་མེད་པར་མོས་པ་མེད་པར་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མེད་པའི་ཕྱིར་རོ།། འཁོར་གསུམ་རྣམ་པར་དག་པ་དང་བྲལ ་ན་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པའི་ཐ་སྙད་ལ་བརྟེན་པ་མ་ཡིན་ཏེ། གཟུགས་ནི་གཟུགས་ཀྱིས་སྟོང་ངོ་ཞེས་བྱ་བར་དང་པ་མི་བྱེད་པ་ནས་བྱང་ཆུབ་ཀྱིས་སྟོང་ངོ་ཞེས་བྱ་བའི་བར་དུ་དད་པར་མི་བྱེད་ན་དེ་དག་སྦྱིན་པའི་ཕ་རོལ་ཏུ ་ཕྱིན་པ་ལ་གནས་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ།། འདི་ནི་འཕགས་པའི་ལམ་ལ་མི་གནས་པར་རྣམ་པར་རྟོག་པ་ཡིན་ནོ།། དངོས་སུ་མ་བཤད་ཀྱང་རྣམ་པར་རྟོག་པ་སྔ་མ་རབ་ཏུ་གྲུབ་པར་བྱ་བའི ་ཕྱིར་ཤུགས་ཀྱིས་རྒྱས་པར་བསྟན་པ་དང་མཐུན་པར་རྗེས་སུ་འབྲང་བར་བྱ་སྟེ་གཟུང་བར་རྣམ་པར་རྟོག་པ་དང་པོ་རྣམ་པ་དགུ་ཡིན་ནོ།། འོ་ན་གང་ཞིག་ངེས་པར་འབྱུང་ཞེ་ན། བྱང་ཆུབ་སེམས་དཔའ་གང་གིས་འདི་ཤོས་ངེས ་པར་འབྱུང་ཞེས་བྱ་བ་སྨོས་ཏེ། གང་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་འདི་སྣང་བ་ཙམ་ཡིན་པར་ཤེས་པ་དེས་ནི་སྒྲིབ་པ་མཐའ་དག་གི་གཉེན་པོ་ཐོབ་པའི་ཕྱིར་ཁམས་གསུམ་པ་ལས་ངེས་པར་འབྱུང ་ངོ་ཞེས་བྱ་བཱི་ཐ་ཚིག་གོ།། དེ་ལྟ་བུ་ནི་གཟུང་བར་རྣམ་པར་རྟོག་པ་གཉིས་པ་ཡིན་ནོ།། དེ་ལྟར་གཟུགས་ལ་སོགས་པ་དངོས་པོ་མེད་པར་རབ་ཏུ་བསྟན་པ་བཤད་པ་དང་འཆང་བྱར་འགྱུར་བས་ནི་ཡོངས་སུ་གྲུབ་པའི་མཚན་ཉིད ་བཤད་པར་རེག་པར་བྱའོ།། གལ་ཏེ་གཟུགས་ལ་སོགས་པ་སྣང་བ་ཙམ་དུ་ཟད་ན་དེ་ཇི་ལྟར་ན་དེ་ལ་བདག་ལ་སོགས་པས་འཛིན་པ་ཉིད་དུ་ཤེས་སྙམ་དུ་དོགས་པའི་སྐབས་འཛིན་པར་རྟོགས་པ་དང་པོ་རབ་ཏུ་བསྟན་པའི་སྒོ་ནས ་བསལ་བའི་ཕྱིར། གླང་འདིར་ཕུང་པོ་ལྔ་དགུ་སྒྱུ་མ་འདྲར་ཤེས་ཤིང་ཞེས་བྱ་བ་ལ་སོགས་བྱ་སྨོས་ཏེ། འདི་སྐད་དུ་གང་ཟག་རྣམ་པ་ཐམས་ཅད་དུ་སྔར་བཀག་པའི་ཕྱིར་དང་ཕུང་པོ་རྣམས་ཀྱང་རང་གི་མཚན་ཉིད་དང་བྲལ་བའི་ཕྱིར་བྱང ་ཆུབ་སེམས་དཔའ་འདི་དག་སྒྱུ་མ་དང་འདྲ་བ་ཁོ་ནར་ཤེས་པར་བྱའོ།། ཞེས་བཤད་པ་ཡིན་ནོ།། སྒྱུ་མ་སྨོས་པ་ནི་ཡོད་པ་མ་ཡིན་པ་ལས་སྣང་བ་ཉེ་བར་མཚོན་པ་ཡིན་ནོ།། ཇི་སྟེ་གལ་ཏེ་དེ་དག་སྒྱུ་མ་དང་འདྲ་བ་ཡིན་ན་འོ་ན་ནི་བློ་དགོ ་ཉིད་ཐམས་ཅད་ཀྱིས་མེད་པ་ལས་སྣང་བའི་ངོ་བོ་མ་ཡིན་ཏེ། འདྲ་བའི་གཞི་ནི་ཅུང་ཟད་ཅིག་ཐ་དད་དོ་ཞེ་ན། སྒྱུ་མ་གཞན་དང་ཕུང་པོ་གཞན་དུ་མི་བྱེད་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕུང་པོ་ལ་སོགས་པ་དང་། སྒྱུ་མ་ནི་གཅིག ་ཏུ་འཁྲུལ་པའི་བདག་ཉིད་དུ་ཐ་དད་པ་མེད་པའི་ཕྱིར་རོ།། དཔེར་སྨོས་པ་ནི་འཇིག་རྟེན་ན་གྲགས་པ་ལ་བལྟོས་པའི་ཕྱིར་རོ།། སྙམ་དུ་དགོངས་པ་ཡིན་ནོ།། བདག་ཅེས་བྱ་བ་ལ་སོགས་པར་བརྟགས་པ་ཙམ་འཛིན་པའི་རྣམ་པར་འདོད ་བྱ་དངོས་པོར་ཡོད་དོ་སྙམ་དུ་སེམས་དཔའ་འཛིན་པའི་རྣམ་པར་རྟོག་པ་གཉིས་པའི་སྒོ་ནས་བསལྟ་བའི་ཕྱིར། སྣ་ཚོགས་འདུ་ཤེས་བྲལ་ཞིང་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། སྣ་ཚོགས་ཉིད་ཀྱིས་འདུ་ཤེས་ནི་བདག ་ལ་སོགས་པ་རྣམ་པ་མང་པོར་འདོགས་པ་སྟེ་དེ་དང་བྲལ་བའོ།། གཟུང་བ་མེད་ན་དེ་འཛིན་པ་མི་འཐད་པས་དེ་ཙམ་ལ་ཡང་འཛིན་པའི་རྣམ་པར་མངོན་པར་མ་ཞེན་པའི་ཕྱིར་ཏེ། སེམས་ཙམ་བརྟེན་ནས་ཕྱི་རོལ་ནི།། ངོ་བོ་ཉིད་མེད་ཤེས་པར་བྱ།། ་དེ་བཞིན་ཉིད་དམིགས་གནས་ནས་སུ།། སེམས་ཙམ་ལས་ནི་བཟླ་བར་བྱ་ཞེས་གང་གསུངས་པ་ཡིན་ནོ།། དེའི་ཕྱིར་ཕྱིན་ཅི་ལོག་མེད་པས་ཉེ་བར་ཞི་སྤྱོད་ཡིན་ནོ།། ལྷག་མ་ནི་གོ་སླའོ།། དེ་ལྟ་བས་ན་འདིས་ནི་ཕུང་པོ་འཁྲུལ་པ་ཙམ་དུ་རབ་ཏུ ་བསྟན་པས་གཞན་གྱི་དབང་གི་ངོ་བོ་ཉིད་བཤད་པ་ཡིན་ཏེ། དེ་བཞིན་དུ་གཞན་ལ་ཡང་རིག་པར་བྱའོ།། ཇི་ཙམ་དུ་འཇིག་རྟེན་གྱི་ཐ་སྙད་ལ་བལྟོས་ནས་དངོས་པོའི་སྒོ་ནས་བསྟན་པ་དེ་ཐམས་ཅད་ནི་ཀུན་བརྟགས་པ་ཡིན་ནོ།། གང་ཞིག་དེ་ལྟར ་མོས་པར་དཀའ་བའི་ཤེས་རབ་བསྟན་པ་ལ་སྐྲག་པར་མི་འགྱུར་རམ་ཞེ་ན། དགེ་བའི་བཤེས་དང་ལྡན་ཞིང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནི་རྒྱུ་གཉིས་ཀྱིས་ན་འཇིགས་པ་མེད་པར་བཤད་དེ། རྟེན་གྱི་སྟོབས་ཀྱིས་ནི་དགེ་བའི ་བཤེས་གཉེན་དང་ལྡན་པ་ཉིད་ཀྱི་ཕྱིར་རོ།། རང་གི་ཤེས་རབ་ཀྱི་སྟོབས་ཀྱིས་ནི་ལྷག་མཐོང་དང་ལྡན་པ་ཉིད་ཀྱི་ཕྱིར་ཏེ། ཤེས་རབ་འཆལ་པ་དགེ་བའི་བཤེས་གཉེན་དང་ཕྲང་བ་ནི་དོན་ཅུང་ཟད་ཀྱང་རྒྱས་པར་མི་འགྱུར་རོ།། ཟློག་པ ་སྐྲག་པའི་རྒྱུ་གང་ཞིག་སྡིག་པའི་གྲོགས་ལྡན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་གྱི་དྲིང་འཇོག་པ་ནི་བློ་ཞན་པའི་ཕྱིར་རོ།། དེ་ཉིད་གཞན་དག་གིས་ཆོམས་པར་འགྱུར་པའི་ཕྱིར། སྣོད་སོ་མ་གཏང་ཆུས་རེག་ཞིག་པ་བཞིན་ཏེ། ་ངེས་པར་འབྱེད་པའི་ཆ་དུ་མཐུན་པའི་གནས་སྐབས་ཐམས་ཅད་ཡོངས་སུ་གཟུང་བ་སྨོས་པ་ཁོང་དུ་ཆུད་པར་བྱའོ།། གང་ཟག་ལ་སོགས་པ་མེད་ན་ཇི་ལྟར་འདི་དེ་དང་དེ་ལས་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཞེས་བྱ་བར ་ཐ་སྙད་འདོགས་ཤེ་ན། ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ཡང་ན་ཅི་ཞེས་བྱ་བའི་སྒྲ་ནི་སྤོང་བའི་དོན་ཡིན་པའི་ཕྱིར་དེ་ལྟར་གཟུགས་ལ་སོགས་པ་མྱེད་ན་ཐ་སྙད་འདི་རྒྱུ་རྐྱེན་མེད་པ་ཅན་ཡིན་ནོ་ཞེས་བྱ་བ་ཡིན་ནོ།། ཀུན་རྫོབ་ཏུ ་འཇུག་གོ་ཞེས་བྱ་བ་འབའ་ཞིག་ལྷུར་བྱུ་བའི་དོན་ཡིན་པར་ཟད་དེ། རབ་འབྱོར་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཚིག་གི་དོན་ནི་ཚིག་གི་དོན་མེད་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གང་རྒྱས་པར་གསུངས་པ་ཡིན་ནོ།། དེ་ལ་ཐ་སྙད ་འདིའི་རྒྱུ་མཚན་ཁྱད་པར་དུ་བསྟན་པའི་ཕྱིར། ཀུན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཟུགས་ལ་སོགས་པ་ཐམས་ཅད་ལ་ཆགས་པ་ཟད་པ་ནི་རྣམ་པར་རྟོག་པ་སྤོང་བྱའོ།། ཅིའི་ཕྱིར་དེར་འདོད་ཅེ་ན་འདི་ལྟར་ཆགས་པ་གཅོད་བྱེད ་དེ་རྟོག་པ་མཐའ་དག་སེལ་བའི་ངང་ཚུལ་ཅན་ཡིན་ཏེ། དེའི་ཕྱིར་འདི་ནི་བྱང་ཆུབ་སེམས་དཔའི་མིང་འཐོབ་བོ་ཅེས་བྱ་བར་སྦྱར་རོ།། འདི་སྐད་དུ་ཕུང་པོ་ལ་སོགས་པ་འཛིན་པ་ལ་སོགས་པའི་རྣམ་པ་དང་བྲལ་བར་མཚུངས་མོད ་ཀྵིཾ་ཕུང་པོའི་རྒྱུན་གང་ཞིག་བཤད་པ་དང་འཆད་པར་འགྱུར་བའི་ངེས་པར་འབྱེད་པའི་ཆུ་དང་མཐུན་པ་ལ་སོགས་པ་སྒྲུབ་པ་རིམ་གྱིས་སྒྲིབ་པ་ཐམས་ཅད་སྤོང་བའི་རྒྱུ་ཡིན་པ་དེ་ཁོ་ན་བྱང་ཆུབ་སེམས་དཔའ་ཐ་སྙད་གདག ་པའི་ཡུལ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ།། དེ་ལྟ་བས་ན་འདིས་ནི་སྒྲུབ་པའི་གཞི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས་རིགས་པ་ཡིན་ཏེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པའི་གནས་སྐབས་ཐུན་མོང་མ ་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིགས་ཀྱིས་རབ་ཏུ་ཕྱེ་བ་ཡིན་ནོ་ཞེས་བྱ་བར་བསྟན་པའི་ཕྱིར་རོ།། སྒྲུབ་པའི་དམིགས་པ་བསྟན་པའི་ཕྱིར། རྒྱལ་བ་རྣམས་ཀྱི་བྱང་ཆུབ་ཆགས་མེད་གྱུར་ལ་རེག་ཅེས་བྱ་བ་སྨོས་ཏེ། བྱང་ཆུབ ་སེམས་དཔའ་རང་བཞིན་གྱི་རིགས་དང་ལྡན་པའི་གོ་ཆ་ལ་སོགས་པའི་སྒྲུབ་པའི་དམིགས་པ་ནི་གཙོ་བོར་ནི་རྫོགས་པར་སངས་རྒྱས་པའི་བྱང་ཆུབ་ཡིན་པའི་ཕྱིར་རོ།། ཆགས་མཽད་གྱུར་ཅེས་བྱ་བ་ནི་མཚན་མ་ཐམས་ཅད་དང་བྲལ་བའི་བྱང་ཆུབ ་ཅེས་བྱ་བར་སྦྱར་རོ།། ལྷག་མ་ནི་དོན་གོ་བར་ཟད་དོ།། བྱང་ཆུབ་སེམས་དཔར་ཐ་སྙད་གདགས་པའི་རྒྱུའི་ཐབས་ཀྱིས་དམིགས་པ་བཤད་ཟིན་ཏོ།། སེམས་དཔ་ཆེ་ཞེས་བྱ་བ་ལ་སོགས་པ་འབྱུང་དེ་ལ་བྱང་ཆུབ་ལ་དམིགས་པའི་སྒྲུབ ་བའི་བྱང་ཆུབ་སེམས་དཔའ་ཆེན་པོར་བསྟན་པའི་རྒྱུ་ཆེ་བའི་བདག་ཉིད་ཀྱི་ཆེད་ནི་རྣམ་པ་གསུམ་སྟེ། སེམས་བསྐྱེད་པའི་ཆེ་བའི་བདག་ཉིད་ནི། སེམས་ཅན་ཚོགས་རྣམས་མང་པོའི་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ།། འདི་ནི་སེམས ་ཅན་གྱི་ཚོགས་མང་པོ་ཚད་མེད་པ་སེམས་ཅན་གྱི་ཚོགས་རབ་ཏུ་དབྱེ་བ་དཔག་ཏུ་མེད་པའི་མཆོག་ཕུལ་དུ་བྱུང་བར་གྱུར་པ་ཡིན་ཏེ། འདི་ལྟར་འགྲོ་བ་ཡོངས་སུ་བསྐྱབ་པའི་ཕྱིར་སྨོན་ལ་མ་བཏབ་པ་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ།། སྤོང་བ ་ཆེ་བའི་བདག་ཉིད་ནི་སེམས་ཅན་གྱི་ཁམས་ཀྱི་བདག་ལ་སོགས་པར་ལྟ་བའི་རྣམ་པ་ཐམས་ཅད་གཅོད་པར་བྱེད་པ་ཡིན་པའི་ཕྱིར་ཏེ་ལྷ་རྣམས་ནི་རྟག་པ་ལ་སོགས་པར་རོ།། རྟོགས་པ་ཆེ་བའི་བདག་ཉིད་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས ་བའི་མཚན་ཉིད་དེ། དངོས་སུ་མཱ་གསུངས་ཀྱང་ཤུགས་ཀྱིས་ཁོང་དུ་ཆུད་པར་བྱ་སྟེ། རྟོགས་པའི་ཁྱད་པར་མེད་པར་འགྲོ་བ་ཐམས་ཅད་ཀྱི་ཉོན་མོངས་པ་སྤངས་པར་མི་འཐད་པའི་ཕྱིར་རོ།། དེ་ལྟ་བུ་ནི་སྒྲུབ་པའི་ཆེད་ཡིན་ཏེ། སྒྲུབ་པ་ནི་ཇི་སྐད ་བཤད་བྱའི་ཆེ་བའི་བདག་ཉིད་ཀྱི་ཆེད་དུ་འཇུག་པའི་ཕྱིར་རོ།། གལ་ཏེ་དེ་ལྟར་ན་འོ་ན་ནི་ཆེད་དམིགས་པ་ལས་ཐ་མི་དད་པར་ཐུལ་བར་འགྱུར་རོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། དམིགས་པ་ནི་སྒྲུབ་པ་དང་དུས་མཉམ་པ་ཉིད་དུ་དེའི་ཡུལ་གྱི ་དངོས་པོར་རྣམ་པར་བཞག་པའི་ཕྱིར་ཡིན་ཆེ་དུ་ནི་དེའི་འབྲས་བུ་འབྱུང་བར་འགྱུར་བའི་གནས་སྐབས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ།། སྒྲུབ་པ་དེ་ཡང་རྣམ་པ་བཞི་སྟེ། གོ་ཆའི་སྒྲུབ་པ་དང་། འཇུག་པའི་སྒྲུབ་པ་དང་། ཚོགས་ཀྱི་སྒྲུབ་དང་། ་ངེས་པར་འབྱུང་བའི་སྒྲུབ་པའོ།། དེ་ལ་གོ་ཆ་ནི་རྣམ་པ་དྲུག་ཏུ་རིག་པར་བྱ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་ནི། གཏོང་བ་ཆེ་ཞེས་གང་གསུངས་པ་ཡིན་ཏེ། ཕྱི་དང་ནང་གི་དངོས་པོའི་རྣམ་པ་ཐམས་ཅད་གཏོང་བའི་བསམ་པ ་ཅན་ཡིན་པའི་ཕྱིར་རོ།། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་ནི། བློ་ཆེ་ཞེས་བྱ་བ་ཡིན་ཏེ། རང་དང་གཞན་ལ་བརྟེན་པའི་འཆལ་བའི་ཚུལ་ཁྲིམས་ཀྱི་གཉེན་པོའི་བསམ་པ་ཅན་ཡིན་པ་ཉིད་ཀྱིས་བློ་རྒྱ་ཆེ་བའི་ཕྱིར ་རོ།། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་བྱ་རྣམ་པ་བཞིའི་གོ་ཆ་ནི་མཐུ་ཆེ་ཞེས་བྱ་བ་ཡིན་ཏེ་གཞན་གྱི་གནོད་པ་དང་དཀའ་བ་བྱེད་པ་དང་རྣམ་པར་གཡེང་བ་ཉིད་དང་དེ་ཁོ་ན་ལ་མ་མོས་པ་རྣམས་ཀྱིས་ཟིལ་གྱིས་མི་ནོན་པའི་བསམ་པ ་ཅན་ཡིན་པའི་ཕྱིར་རོ།། འཇུག་པའི་སྒྲུབ་པ་སྦྱོར་བའི་མཚན་ཉིད་ནི་ཐེག་ཆེན་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། ཐེག་པ་ཆེན་པོ་ནི་སེམས་བསྐྱེད་པ་ལ་སོགས་པའི་མཚན་ཉིད་ཇི་སྐད་བཤད་པ་བྱང་ཆུབ་སེམས་དཔའི་ལམ་འབྲས་བུ ་དང་བཅས་པ་ཡིན་ནོ།། དེ་ལ་ཞུགས་པ་ནི་དེ་ལ་སྦྱོར་བ་བྱས་པ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ལྟར་སྦྱོར་བ་བྱས་པ་ནི་ཚོགས་ཡོངས་སུ་རྫོགས་པར་བྱེད་དེ་དེའི་ཕྱིར་ཞི་གནས་ཀྱི་ཚོགས་གོ་ཆ་ཆེན་པོ་བགོས་ཞེས་བྱ་བ་སྨོས་ཏེ། རྣམ་པར་གཡེང་བ ་ཐམས་ཅད་ཀྱིས་མི་འཁྲུགས་པའི་བསམ་པ་ཅན་ཡིན་པའི་ཕྱིར་གྲོ་ཆ་ཆེན་པོ་བགོས་པའོ་སྙམ་དུ་དགོངས་པ་ཡིན་ནོ།། དེ་ཉིད་ཀྱི་མཐུ་བསྟན་པའི་ཕྱིར། བདུད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྩེ་གཅིག་པའི་ཡིད་དང་ལྡན་པས་ནི ་བདུད་ཐམས་ཅད་ཟིལ་གྱིས་མནན་པར་ནུས་པའི་ཕྱིར་རོ།། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་ཐ་དད་དུ་གདགས་པས་སེམས་དཔའ་ཆེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དེ་ཇི་ལྟར་ཕྱིན་ཅི་མ་ལོག་པར་འགྱུར། ་ནེན། སྒྱུ་མ་མཁས་ནས་བྱ་བ་ལ་སོགས་པ་སྨོས་སོ།། སྒྱུ་མ་མཁན་ཞེས་བྱ་བ་ལ་སྤྲོས་པ་ནི་དེ་སྦྲུལ་པ་དག་ལ་ཀུན་ཏུ་རྨོངས་པ་མེད་པར་བསྐྲུན་པའི་ཕྱིར་རོ།། ནི་མདོ་ཞེས་བྱ་བ་སྨོས་པ་ནི་སེམས་ཅན་མང་བློ་སནྡ་ཏུ་རྨོངས་པའི་རྒྱུ་ཞིང ་དུ་བསྟན་པའི་ཕྱིར་རོ།། གསང་བྱ་དེ་དག་ཅི་འདྀ་ཞེས་བྱ་བ་ནཱི་སྒྱུ་མ་བྱས་པོའི་གསང་བར་བྱ་བ་དྷེ་དྲུག་ཇི་ལྟེ་བྷཱ་ཞེས་བྱ་བའི་ཐ་ཚིག་གོ།། འགྲོ་ཀུ་ཞེས་བྱ་བ་ནི་འགྲོ་བ་སྤྲུལ་པ་དང་འདྲ་བར་ཤེས་ཞེས་བྱ་བར་སྦྱར་རོ།། འདི་སྤྱད་དུ་དྷི་ཝཱར་སྒྱུ་མ ་མཁན་ཁོ་ནས་སྒྲོ་མ་བྱས་པ་འཁྲུལ་པ་ཙམ་ཉིད་དུ་ཤེས་ཀྱི་དེ་ལ་ཀུན་ཏུ་རྨོངས་པའི་ཕྱིར་སྐྱེ་བོ་གནན་གྱིས་ནི་མ་ཡིན་པ་དེ་ལྟར་བྱང་ཆུབ་སེམས་དཔའི་སྦྱིན་པོའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལ་གནས་པ་ཁོ་ནས་སྦྱིན་པར་བྱ ་བབལ་སོགས་པ་འགྲོ་བ་མཐའ་དག་སྤྲུལ་པ་ལྟ་བུར་ཤྭེས་སོ་ཞེས་བཤད་པརར་གྱུར་ཏི། བྱང་ཆུབ་སེམས་དབུའི་ལྷག་མཐོང་གཱི་ཚོགས་ཐུན་མོང་མ་སྦྱིན་པ་ཡིན་ནོ།། ཇི་སྟེ་གལ་ཏེ་འགྲོ་བ་འཁྲུལ་བཅུམ་ཡིན་ན་དེ་ཇི་ལྟར་བྱང ་རླུཆུབ་སེམས་དཔའ་དེ་བཅིངས་པཱ་ལཱས་བྱུར་བར་བྱ་བྱའི་ཕྱིར་འཇུག་ཅེ་ན། གཟུགས་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དེ་ཅིའི་ཕྱིར་ཞེ་ན། ཡོད་པ་མྱིན་ཞེས་བྱ་བ་སྨོས་པ་ཡིན་ཏེ་ཇི་སྐད་བ་ཤད་བའི་རྣམ་པསྣ་མེད་པ་ལ ་བཅིངས་པ་དང་ཐར་པ་མི་འཐད་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ།། འོ་ན་ཇི་ལྟར་བྱང་ཆུབ་འཐོབ་པར་འགྱུར་ཞེ་ན། དེ་ལྟར་ཞེས་བྱ་ལ་སོགས་པ་སྨོས་ཏེ། དེ་ལྟར་བཤད་མ་ཐག་པ་ལྟ་བུའི་སོ་སོར་རྟོག་པའི་མཚན་ཉིད་ཀྱི ་ཤེས་རབ་ཀྱི་སྭཱ་ཞེས་བྱ་བའི་ཐ་ཚིག་གོ།། ཞུམ་པའི་སེམས་མེད་པ་ཞེས་བྱ་བ་ནི་རྩུ་བ་ཆེན་པོའི་མཐུས་ཉན་ཐོས་ལ་སོགས་པའི་བྱང་ཆུབ་ལ་ཆགས་པ་མེད་པ་ཞེས་བྱ་བའི་དོན་ཏེ། འདི་ནི་ཟུང་དུ་འབྲེལ་པའི་ཚོགས་ཡིན་ནོ། ་འདི་ཉིད་ཀྱི་ཆེ་བའི་བདག་ཉིད་བསྟན་པའི་ཕྱིར་གྲོ་ཆ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་དཔའ་ཆེན་པོར་ཐ་སྙད་གདགས་པའི་རྒྱུ་བཤད་ཟིན་ཏོ།། ཐེག་པ་ཆེན་པོ་ལ་ཞུགས་པ་ཞེས་བཤད་པ་གང་ཡིན་པ་དེ་ལ། ཐེག་པ་ཆེན་པོར་ཐ་སྙད ་གདགས་པའི་རྒྱུ་མཚན་གང་ཡིན་ཞེ་ན། ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། དེ་ལྟ་བས་ན་འདིར་རྒྱུ་བཤད་པ་དེ་གང་ཞེས་བྱ་བ་ནི་བཤད་མ་ཐག་པ་ལྟ་བུའི་ཆོས་དགེ་བའི་རང་བཞིན་ལའོ།། ཞོན་ནས་ཞེས་བྱ་བ་ནི་བདག་ཉིད་ཚོགས ་བསགས་པ་ཉིད་ཀྱིས་དེ་ལ་གནས་ཞེས་བྱ་བའི་ཐ་ཚིག་གོ། དེ་དག་ཀྱང་བདག་ཉིད་ཀྱི་ཚོགས་ཇི་ལྟ་བ་བཞིན་དུ་འགོད་པའི་ཕྱིར་ཏེ། དེ་ལྟ་བས་ན་རང་དང་གཞན་ཡོངས་སུ་སྨིན་པའི་རྒྱུ་མཚན་ཡིན་པའི་ཕྱིར་འདི་ནི་ཐེག་པ་ཆེན་པོ་ཡིན་ཏེ། ཐེག་པ ་གཞན་ལ་རྣམ་པ་འདི་མི་སྲིད་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ།། འདི་ནི་ཐབས་ལ་མཁས་པའི་ཚོགས་ཡིན་ནོ།། ཇི་ལྟར་དེ་ལ་འདི་སྐྱེད་ཀྱི་མཐུ་ཞིག་ཡོད་སྙམ་པ་ལ་མཁའ་འདྲ་ཞེས་བྱ་བ་སྨོས་ཏེ། འདི་ལྟར་ནང་སྟོང་པ་ཉིད་ལ་སོགས ་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཕྱིན་ཅི་མ་ལོག་པའི་བདག་ཉིད་ཡིན་ཞེས་བྱ་བའི་ཐ་ཚིག་གོ།། འདི་ནི་ཡེ་ཤེས་ཀྱི་ཚོགས་ཡིན་ནོ།། གཞལ་མེད་ཁང་ཆེན་ཞེས་བྱ་བ་ནི་འདི་ལྟར་དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་གྱི་ཚོགས ་ཀྱི་མཚན་ཉིད་ཡིན་པའི་ཕྱིར་དགའ་བར་བྱེད་པ་ཉིད་ཀྱིས་གླནལྟ་མེད་ཁང་བཞིན་དུ་གཞལ་མེད་ཁང་ཕྱིན་ཏེ། བསོད་ནམས་ཀྱི་ཚོགས་ཡིན་ནོ།། འདི་ལྟར་དགའ་བ་ནི་ཟག་པ་མེད་པ་སྟེ། ལམ་གྱི་ཚོགས་ཀྱི་བདག་ཉིད་ཡིན་པའི་ཕྱིར་རོ།། སྒྱིད་པཱཧྣི ་རབ་ཏུ་དགའ་བ་ལ་སོགས་པས་རྣམ་པར་དག་པའི་མཚན་ཉིད་ཡིན་ཏེ། བདག་ཉིད་ཇི་ལྟ་བ་བཞིན་དུ་སའི་ཚོགས་ཀྱིས་ངོ་བོ་ཉིད་ཡིན་པའི་ཕྱིར་རོ།། བདེ་བ་ནི་རྟོག་པའི་ཚེ་བ་ཐམས་ཅད་སྤང་བའི་བདག་ཉིད་ཡིན་ཏེ། གཉེན་པོའི་ཚོགས་ཡིན་པ་ཉིད་ཀྱི་ཕྱིར་རོ།། ། ་མངོན་པར་འཐོབ་བྱེད་ཅེས་བྱ་བ་ནི་མངོན་དུ་ཐོབ་པར་བྱེད་པའོ།། དེ་ལྟ་བས་ན་འདི་ནི་ཐེག་པ་ཆེན་པོ་ཡིན་པས་ན་ཐེག་པའི་མཆོག་ཅེས་བྱ་བ་སྨོས་ཏེ། ཚོགས་ཀྱི་སྐུས་བཤད་ཟིན་ཏོ།། ཚོགས་བསགས་པ་ནི་ངེས་པར་འབྱུང་བར་འགྱུར་བས་འདི་མན་ཆད ་ངེས་པར་འབྱུང་བའི་སྒྲུབ་པ་བརྗོད་པར་བྱ་སྟེ། དེ་ལ་ཐོག་པ་ནི་ཕྱོགས་གཞན་ལ་སོགས་པར་ཕྱིན་པར་བྱེད་པའི་བདག་ཉིད་ཀྱིས་འགྲོ་བའི་བྱེད་པའི་ཁྱད་པར་ཡིན་པར་གྲགས་སོ་དེ་ལ་འདི་ཕྱོགས་གང་དུ་འགྲོ་ན་ཐེག་པ་ཡིན་ཞེ་ན། གང་ཞིག་ཞོན་ནས་ཞེས ་བྱ་བ་ལ་སོགས་པ་སྨོས་སོ།། ཕྱོགས་ཞེས་སྨོས་པ་ནི་ཉེ་བར་མཛེནྡ་པ་ཙམ་དུ་ཐད་དེ་ཆོས་ཐམས་ཅད་ཀྱང་ཡུལ་ལ་སོགས་པའི་བདག་ཉིད་དུ་དམིགས་སུ་མེད་པའི་ཕྱིར་རོ།། དེ་ལྟ་བུ་ནི་མཉམ་པ་ཉིད་དུ་ངེས་པར་འབྱུང་བའི་སྒྲུབ་པ་ཡིན་ནོ།། རློན་ནས ་ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་གང་ཞིག་ཞོན་ནས་འགྲོ་བར་ནི་ཐེག་པ་འགྲོ་བར་ཡིན་པ་འམ། ཡང་ན་བྱེད་པ་པོ་ཉིད་དུ་བརྗོད་པར་འདོད་ན་ནི་བྱང་ཆུབ་སེམས་དཔའ་ཡིན་ཏེ། དེ་ཡང་དམིགས་སུ་མེད་ཅེས་བྱ་བ་ལྷག་མ་ཡིན་ནོ།། དེ་ལྟ་བུ་ནི་སེམས ་ཅན་གྱི་དོན་དུ་ངེས་པར་འབྱུང་བའི་སྒྲུབ་པ་ཡིན་ནོ།། གལ་ཏེ་འོ་ན་ཇི་ལྟར་མྱ་ངན་ལས་འདས་པར་ཐ་སྙད་གདགས་ཤེ་ན། མྱ་ངན་ལས་འདས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། འདི་སྐད་དུ་རེ་ཞིག་གཞན་གྱིས་ཀུན་བརྟགས་པའི ་འགྲོ་བ་ལ་སོགས་པའི་བྱ་བ་ནི་མི་འཐད་དེ། དེ་ནི་རྫས་ལ་བརྟེན་པའི་ཕྱིར་ལ་ཡན་ལགྲ་ལ་སོགས་པའི་རྫས་ཀྱང་མེད་པའི་ཕྱིར་རོ་ཞེས་བཤད་ཟིན་ཏོ།། དེ་ལ་མ་གཏོགས་པ་མྱི་དམིགས་པའི་ཡང་ཕྱིར་རོ་ཞེས་བཤད་པ་ཡིན་ནོ།། གལ་ཏེ་འོ་ན་ཡུལ ་གཞན་དུ་འབྱུང་བ་ཙས་བྱ་བ་ཡིན་པར་ཟད་མོད་ཅེ་ན་མ་ཡིན་ཏེ། གཟུགས་ལ་སོགས་པའི་ཕུང་པོ་མེད་ན་དེ་འབྱུང་བ་ཡང་མི་འཐད་པའི་ཕྱིར་རོ།། མྱ་ངན་ལས་འདྲ་བ་ཀུན་ནས་ཉོན་མོངས་པ་མེད་པ་ཙམ་གྱི་མཚན་ཉིད་དུ་ནི་ཀུན་ནས་ཉོན་མོངས་པ་ཉིད་འགྲོ ་བ་མ་ཡིན་ཏེ། དེའི་ཚེ་ན་དེ་མེད་པའི་ཕྱིར་རོ།། རྣམ་པར་བྱང་བ་ལ་དུ་མ་ཡིན་ཏེ། དེ་ཡང་འཁྲུལ་པ་དང་བྲལ་པ་ཙམ་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ།། གལ་ཏེ་སེམས་བསྐྱེད་པ་བྱིན་ཅི་མ་ལོག་པའི་བདག་ཉིད་ཀྱི་རྣམ་པར་བྱུང་བ་ཞིག་དེར་འགྲོ་བར་འགྱུར་རོ། ་ཞེ་ན་མ་ཡིན་ཏེ། དངོས་པོ་དང་དངོས་པོ་མེད་པ་དགྲ་འབྲེལ་པ་མེད་པའི་ཕྱིར་རོ།། མྱ་ངན་ལས་འོདས་པ་མ་ཡིན་པའི་བདག་ཉིད་ཡིན་ན་ནི་རྣམ་པར་བྱང་བར་ངོ་བོ་ཉིད་གཅིག་པོ་ཡིན་པས་ཅིའི་ཕྱིར་དེར་འགྲོ་བར་འཐད་པ་མ་ཡིན་ནོ།། དེ་ཉིད་དེར་འགྲོ་བར་འགྱུར་བ ་ནི་མ་ཡིན་ཏེ། འགྲོ་བ་པོ་དང་འགྲོད་པར་བྱ་བ་དག་ནི་གན་ཐ་དད་པའི་ཕྱིར་རོ།། འགྲོ་བ་ལ་སོགས་པ་ཇི་ལྟར་མངོན་པར་ཞེན་པ་གཟུང་བ་ལ་སོགས་པའི་བདག་ཉིད་དུ་མེད་པའི་ལང་ཕྱིར་རོ།། དེ་ལྟ་བས་ན་མྱ་ངན་ལས་འདས་པ་ནི་གཙོ་བོར་ན་འགྲོ་བ་ལ་སོགས ་པ་མི་དམིགས་པ་ཙམ་ཁོ་ན་མ་བཙལ་བས་རབ་ཏུ་འགྲུབ་པའི་དགའ་བ་ཡིན་ནོ་ཞེས་བཤད་པར་འགྱུར་ཏེ། ལྷུན་གྱིས་གྲུབ་པར་ངེས་པར་འབྱུང་བའི་བསྒྲུབ་པ་ཡིན་ནོ།། འདི་ཉིད་འཇིག་རྟེན་ན་གྲགས་པས་རབ་ཏུ་བསྒྲུབ་པའི་ཕྱིར། དཔེར་ན་ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། འཇིག་རྟེན་གྱི་ཐ་སྙད་མི་ཤི་བར་སོང་ངོ་ཞེས་བྱ་བར་ཡང་དེའི་འགྲོ་བ་མི་དམིགས་པ་ཙམ་ཁོ་ན་ལ་འཇུག་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ།། དེར་འགྲོ་བ་མི་སྣང་བ་འམ་དུས་སུ་འཕོས་པ་ཡིན་ནོ་ཞེས་བྱ་བར་ཡང་རིག་པ་དང་ལྡན ་བ་ཡིན་ཏེ། ཚད་མེད་པའི་ཕྱིར་དང་ཚད་མས་གནོད་པའི་ཡང་ཕྱིར་རོ།། དེའི་སོ་ན་འདུག་པ་ཉིད་མི་སྣང་བ་ལ་སོགས་པ་ཡིན་ན་དེ་བཞིན་དུ་དམིགས་པ་ལ་སོགས་པར་ཐལ་བར་འགྱུར་བའི་ཕྱིར་ཏེ། དེ་ལྟ་བས་ན་ཡང་དག་པར་ན་མི་སྣང་བ་འམ་དུས་སུ ་འཕོ་བ་འགའ་ཡང་མེད་དོ།། མི་དམིགས་པའི་བདག་ཉིད་ཡིན་ན་ནི་དངོས་པོ་དེ་ཉིད་མ་ཡིན་ཏེ། དེ་ཉིད་ནི་གཞན་ཉིད་ཡིན་པར་མི་འཐད་པའི་ཕྱིར་རོ།། དེ་ལྟ་མ་ཡིན་ན་ཐམས་ཅད་ལ་ཐ་དད་པ་མེད་པར་ཐལ་བར་འགྱུར་ཏེ། ཧ་ཅང་སྨོས་པས་ཆོག་གོ།། རྨྱངས ་ཞེས་བྱ་བ་ནི་སྔོན་གྱི་མཐའ་ལ་སོགས་པར་ཐེག་པ་མི་དམིགས་པའི་ཕྱིར་ཏེ། རྣམ་པ་ཐམས་ཅད་དུ་མི་དམིགས་པ་ཉིད་མྱ་ངན་འདས་པར་ཐ་སྙད་གདགས་པའི་རྒྱུ་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ།། ཐེག་པ་འདིའི་སྔོན་གྱི་མཐའ་མི་དམིགས་སོ།། ་ཞེས་བྱ་བ་ལ་སོགས་པར་གང་གསུངས་པ་ཡིན་ཏེ། དེ་ལྟ་བུ་ནི་མཐའ་ལས་འདས་པར་ངེས་པར་འབྱུང་བའི་སྒྲུབ་པ་ཡིན་ནོ།། གལ་ཏེ་རེ་ཞིག་བྱང་ཆུབ་སེམས་དཔའ་ཡང་ཡིད་ལ་དེའི་སེམས་བསྐྱེད་པ་ལ་སོགས་པའི་ཁྱད་པར་ཁོ་ན་ཡང་ཐེག་པ་ཆེན ་པོ་ལ་སོགས་པ་ཡིན་པར་འགྱུར་བ་མ་ཡིན་ནམ་ཞེ་ན། དེའི་ཕྱིར་སྔོན་གྱི་མཐའ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔོན་གྱི་མཐའ་ནི་སོ་སོའི་སྐྱེ་བོའི་གནས་སྐབས་སོ།། ཕྱི་མའི་མཐའི་མི་སློབ་པའོ།། ད་ལྟར་བྱུང་བ་ནི་སློབ་པའོ། ་ཡང་ནི་སྔོན་གྱི་མཐའ་ལ་སོགས་པ་ནི་སྤྱིར་འདས་པ་ལ་སོགས་པའི་དུས་ཡིན་ཏེ། དེར་བྱང་ཆུབ་སེམས་དཔའ་གང་ཟག་ལ་སོགས་པའི་བདག་ཉིད་དུ་མི་དམིགས་ཞེས་བྱ་བར་སྦྱར་རོ།། དེ་ཉིད་བསྟན་པའི་ཕྱིར་དུས་གསུམ་དག་པ་ཞེས་བྱ་བ་སྨོས་ཏེ། ་མེད་པ་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་རོ།། དེ་ལྟ་བུ་ནི་ཐོབ་པར་བྱེད་པ་བཀག་པ་ཡིན་ནོ།། འདུས་མ་བྱས་ཞེས་བྱ་བ་ནི་གོང་ནས་གོང་མའི་གནས་སྐབས་ཀྱི་ངོ་བོ་ཉིད་དུ་མ་བསྒྲུབ་པས་ཏེ། དེ་ལྟ་བུ་ནི་ཐོབ་པར་བྱ་བ་བཀག་པ་ཡིན་ནོ།། སྤྲོས་མེད ་ཅེས་བྱ་བ་ནི་རྣམ་པར་བྱུང་བ་ཐོབ་པར་དམིགས་པའི་སྤྲོས་པ་མེད་པའི་ཕྱིར་ཏེ། དེ་ལྟ་བུ་ནི་འཐོབ་པ་བཀག་པ་ཡིན་ནོ།། ཐོབ་པར་བྱེད་པ་ལ་སོགས་པ་མི་དམིགས་པ་དེ་ཉིད་སྒྲིབ་པ་མྱེང་པ་ཡིན་པའི་ཕྱིར་ངེས་པ་འབྱུང་བའི་མཆོག་ཡིན་ནོ།། འདི་ནི ་ཞེས་བྱ་བ་ལ་སོགས་པདེ་ལྟ་བུ་ནི་ཐོབ་པའི་ངེས་པར་འབྱུང་བའི་སྒྲུབ་པ་ཡིན་ནོ།། མི་དམིགས་པ་ཁོ་ན་ལྷུར་བྱས་ན་ཐབས་དང་བྲལ་བས་ནམ་ཞིག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་ཞེ་ན། གང་གི་ཞེས་བྱ་བ་ལ་སོགས་བྱས་སྨོས་སོ།། ཚེ། ་ཞེས་བྱ་བ་ལ་སོགས་པ་ནི་དུས་ནི་བརྡར་བརྟགས་པ་ཙམ་དུ་ཟད་པ་ཉིད་དུ་བསྟན་པའི་ཕྱིར་རོ།། སེམས་ཅན་འདུ་ཤེས་མེད་ཅེས་བྱ་བ་ནི་སེམས་ཅན་དུ་མངོན་པར་ཞེན་པ་དང་ལྡན་པ་ལ་ནི་སྙིང་རྩེ་བ་ཆེན་པོ་མེད་དེ། དེ་ནི་ཀུན་ཏུ་རྨོངས་པའི་གཉེན ་པོ་ཡིན་པའི་ཕྱིར་རོ་སྙམ་དུ་གོངས་པ་ཡིན་ནོ།། དེ་བསྟན་པའི་ཕྱིར་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཅན་དུ་དམིགས་པ་ནི་སྒྲིབ་པའི་གཉེན་པོ་མ་ཡིན་ཏེ་ཕྱིན་ཅི་ལོག་གི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ།། གལ་ཏེ་ཞེས་བྱ་བ་ལ་སོགས ་པ་ལ་སེམས་ཅན་དང་སྡུག་བསྔལ་དུ་ཤེས་པ་ཉིད་སྡུག་བསྔལ་ཡང་སྙམ་ཞེས་བྱ་བ་ལ་སོགས་པས་གསལ་བར་བྱེད་དོ།། ཡོངས་རྟོག་ཅེས་བྱ་བ་ནི་རང་དང་གཞན་དག་ཏུ་མངོན་པར་ཞེན་པའོ།། ལྷག་མ་ནི་དོན་གོ་བར་ཟད་དོ།། ཐབས་དང་ཤེས་རབ་ཀྱི ་རང་གི་ངོ་བོ་ཕྱིན་ཅི་མ་ལོག་པར་བསྟན་པའི་ཕྱིར། བདག་ཅི་འདྲ་བར་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དེ་འདྲར་སེམས་ཅན་ཐམས་ཅད་ཤེས་ཞེས་བྱ་བ་ནི་བདག་ཉིད་ལ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཡང་སྙིང་བརྩེ་བས་ཕན་པ་དང་བདེ་བུ ་སྐྱེད་པར་ཞུགས་པའི་ཕྱིར་རོ།། དེ་འདྲར་ཆོས་ཀུན་ཤེས་ཞེས་བྱ་བ་ན་ཤེས་རབ་ཀྱིས་གཞན་གྱིས་ཀུན་བརྟགས་པའི་སེམས་ཅན་བཞིན་དུ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པའི་ཕྱིར་རོ།། དེ་བསྟན་པའི་ཕྱིར་སྐྱེ་བ་མེད་དང་ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ་དོན་གོ་བར་ཟད་དོ།། དེ་ལྟ་བུ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བའི་སྒྲུབ་པ་ཡིན་ནོ།། ཡང་ཅིའི་ཕྱིར་སྐྱེ་བ་ལ་སོགས་པར་རྟོག་པ་ལས་འདས་པ་ཁོ་ན་ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཞེ་ན། འཇིག་རྟེན་དག་ན་ཆོས ་མིང་ཇི་སྙེད་ཅེས་བྱ་བ་ལ་སོགས་པ་སྨོས་སོ།། ཀུན་ལ་སྐྱེ་བ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཐ་སྙད་ཀྱིས་བདག་གིས་བྱས་པའི་ཆོས་ཐམས་ཅད་ལ་སྐྱེ་བའོ།། ཡང་དག་འདས་པ་ནི་འགག་པའོ།། སྤངས་ནས་ཞེས་བྱ་བ་ནི་དེ་གཉིས་ཡོངས་སུ ་སྤངས་ནས་སོ།། འཆི་མེད་ཅེས་བྱ་བ་ནི་ཉམས་པ་མེད་པ་སྟེ་ཕྱིན་ཅི་ལོག་རྣམས་ཀྱིས་ཟིལ་གྱིས་མི་ནོན་པའི་ཕྱིར་རོ།། དེའི་ཕྱིར་ཡེ་ཤེས་འདི་ནི་དམ་པ་ཡིན་ནོ།། དེ་ལས་གཞན་མེད་ཅེས་བྱ་བ་ནི་འདི་ལྟར་འདིའི་གྲོང་ན་ཡེ ་ཤེས་ཕྱིན་ཅི་མ་ལོག་པ་གཞན་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། དེ་ལྟ་བས་ན་ཡེ་ཤེས་འདི་ཁོ་ན་སྐྱེ་བ་ལ་སོགས་པའི་རྟོག་པའི་དྲི་མ་དང་བྲལ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་གྱི་གཞན་ནི་མ་ཡིན་ཏེ། དོན་དམ་པ་མ་ཡིན་པའི་ཕྱིར་རོ།། ་དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་གོ་བར་སླའོ།། དེ་ལ་འདིར་ཐེ་ཚོམ་མེད་པའི་འཇིག་རྟེན་ལས་འདས་པའི་ལམ་ཆོས་ཐམས་ཅད་མཉམ་པོ་ཉིད་ལ་གནས་པ་བསྟན་པའི་ཕྱིར། དེ་ལྟར་སྤྱོད་ཅེས་བྱ་བ་ལ་སོགས་པ་སྨོས་སོ།། ཤེས་རབ་ལྡན ་ཞེས་བྱ་བ་ནི་ཤེས་རབ་ཅན་ནོ།། མཉམ་པ་ཉིད་ལ་གནས་པ་ཉིད་བསྟན་པའི་ཕྱིར་རང་བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་དོན་གོ་བར་ཟད་དོ།། དེ་ལྟ་བུ་ནི་ལམ་གྱི་ངེས་པར་འབྱུང་བའི་སྒྲུབ་པ་ཡིན་ནོ།། དེ་ལ་འདིར་གོ་རིམ་ནི་འདི་ཡིན་ཏེ། བྱང་ཆུབ ་ཀྱི་སེམས་བསྐྱེད་པ་ཡང་དག་པའི་གདམ་དག་བསྒྲུབས་པས་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་ངེས་པར་འབྱེད་པའི་ཆ་དག་བསྐྱེད་པར་བྱེད་དོ།། ཐུན་མོང་མ་ཡིན་པའི་སྒྲུབ་པ་དེ་ཡང་རྟེན་གང་ཡིན་པ་དང་དམིགས་པ་གང་ཡིན ་བ་དང་ཆེད་དུ་བྱ་བ་གང་ཡིན་པ་ནས་རྣམ་པའི་བར་དང་ལྡན་པ་ཡིན་ནོ།། དེ་ལ་འདིར་སྒྲིབ་པ་མེད་པའི་ཡེ་ཤེས་གང་ཡིན་པ་འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་ནོ།། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བཤད་ཟིན་ཏོ།། ། ་འབོརའི་རྒྱུ་ནི་ལམ་གྱི་རྣམ་པར་ཤེས་པ་ཉིད་ཡིན་ལ་དེ་ཡང་དྲོ་བ་ལ་སོགས་པའི་གནས་སྐབས་ཀྱི་བྱེ་བྲག་གིས་ཅི་རིགས་པར་བདག་དང་གཞན་ཡོངས་སུ་སྨིན་པར་བྱེད་པ་ཡིན་ནོ།། སློབ་མ་བསེ་རུའི་ལམ་གང་དང་།། འདི་དང་གཞན་པའི་ཡོན་ཏན ་གྱིས།། ཕན་ཡོན་ཆེ་བ་མཐོང་བའི་ལམ།། བྱེད་པ་དང་ནི་མོས་པ་དང་།། བསྟོད་དང་བཀུར་དང་བསྔགས་པ་དང་།། བསྔོ་དང་རྗེས་སུ་ཡི་རང་བ།། ཡིད་ལ་བྱེད་པ་བླ་མེད་དག། སྒྲུབ་དང་ཤིན་ཏུ་དག་པ་ཞེས།། བྱ་བ་འདི་ནི་སྒོམ་པའི་ལམ།། བྱང་ཆུབ ་སེམས་དཔའ་མཁས་རྣམས་ཀྱི།། ལམ་ཤེས་ཉིད་ནི་དེ་འདྲར་བཤད།། གསོལ་པ་བཅོམ་ལྡན་འདས་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་གྱི་རྣམ་པར་ཤེས་པ་ཉིད་ལགས། བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་ནི ་ཉན་ཐོས་ཀྱི་ལམ་གང་ཡིན་པ་དབྱར་ང་སངས་རྒྱས་ཀྱི་ལམ་གང་ཡིན་པ་དང་སངས་རྒྱས་ཀྱི་ལམ་གང་ཡིན་པའི་ལ་མོ་ཐམས་ཅད་བསྐྱེད་པར་བྱ་ཞིང་ལམ་ཐམས་ཅད་ཤེས་པར་བྱའོ་ཞེས་བྱ་བ་གང་རྒྱས་པར་གསུངས་པ་ཡིན་ནོ།། དེ་ལ་བྱང་ཆུབ ་སེམས་དཔས་དམིགས་པའི་སྒོ་ནས་དྲོ་བར་གྱུར་པ་ལ་སོགས་པའི་གནས་སྐབས་ཀྱི་ཉན་ཐོས་ཀྱི་ལམ་མཱི་དམིགས་པའི་ཚུལ་གྱིས་ཡོངས་སུ་ཤེས་པ་ནི་གང་ཞིག་གཟུགས་ལ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དེ་ནི་གཟུགས་ལ་སོགས་པའི ་ཕུང་པོ་ལ་དམིགས་པ་ཡིན་པའི་ཕྱིར་དེ་སྐད་ཅེས་བཤད་དོ།། ཆོས་ཉིད་གནས་པ་ཞེས་བྱ་བ་ལ་ཆོས་ཉིད་ནི་སྟོང་པ་ཉིད་དེ། གང་གི་ཕྱིར་དེ་ལ་གནས་པ་དེའི་ཕྱིར་གཟུགས་ལ་སོགས་པ་ལ་མི་གནས་སོ་སྙམ་དུ་དགོངས་པ་ཡིན་ནོ།། ་གཟུགས་ལ་སོགས་པ་དྲང་སྟོང་པ་ཉིད་ལ་གནས་པ་དགག་པ་དང་སྒྲུབ་པ་དག་གིས་ནི་གོ་རིམ་བཞིན་དུ་དྲོད་དང་རྩེ་མོའི་གནས་སྐབས་དག་ཤེས་པ་བསྟན་ཏོ།། རྟག་པ་ལ་སོགས་པའི་གཉེན་པོའི་སྒོ་ནས་ནི་རྟག ་དང་མི་རྟག་ཅེས་བྱ་བ་ལ་སོགས་པ་ཡིན་ཏེ། འདི་ནི་ཉེ་བར་མཚོན་པར་ཟད་ཀྱི་ཀུན་འབྱུང་བ་ལ་སོགས་པའི་རྣམ་པ་དག་ཀྱང་ཡོངས་སུ་ཤེས་པར་བྱ་བ་ཡིན་པའི་ཕྱིར་རོ།། དེ་ལྟ་བུ་ནི་བཟོད་པའི་གནས་སྐབས་ཤེས་པ་ཡིན་ནོ།། འབྲས་བུའི ་སྒོ་ནས་ནི་འབྲས་བུ་ཐོབ་དང་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། འབྲས་བུ་ཐོབ་པ་ནི་སློབ་པའི་གནས་སྐབས་ན་ཡོད་པ་ཡིན་ནོ།། རང་སངས་རྒྱས་དང་རྫོགས་པའི་སངས་རྒྱས་ཀྱིས་སྨོས་པ་ནི་གང་ཞིག་མཆོག་ལ་ཡང་མི་གནས་པ་དེ་ཇི ་ལྟར་གནས་པར་འགྱུར་ཞེས་ཤེས་པར་བྱ་བའི་ཕྱིར་ཏེ། དེ་ལྟ་བུ་ནི་ཆོས་ཀྱི་མཆོག་གི་གནས་སྐབས་ཀྱི་ཁྱད་པར་ཡིན་ནོ།། དེ་བཞིན་དུ་མཐོང་བ་དང་སྒོམ་པའི་ལམ་གྱི་གནས་སྐབས་ཀྱི་ཁྱད་པར་ཡང་འབྲས་བུ་རྟོག་པའི་བྱེ་བྲག་གིས ་ཁྲོང་དུ་ཆུད་པར་བྱའོ།། ཡང་ཅིའི་ཕྱིར་སངས་རྒྱས་ཀྱི་ས་ལ་ཡང་མི་གནས་ཤེ་ན། རྫོགས་པའི་སངས་རྒྱས་ཀྱི་ས་ནི་ཆོས་ཐམས་ཅད་ལ་མི་གནས་པའི་མཚན་ཉིད་ཡིན་པའི་ཕྱིར་དང་འདྲ་བར་བྱ་ཆུབ་སེམས་དཔས་ཀྱང་གང་ལ་ཡང ་མི་གནས་པར་བྱ་དགོས་ཏེ། དེའི་ཕྱིར་ཇི་ལྟར་འདྲེན་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། འདུས་མ་བྱས་ཁམས་ནི་མྱ་ངན་ལས་འདས་པའི་དབྱིངས་སོ།། འདུས་བྱས་ནི་འཁོར་བའོ།། གནས་ལ་ཞེས་བྱ་བ་ནི་འདུས་བྱས་དང་འདུས་མ་བྱས ་ཀྱི་མཚན་ཉིད་ཀྱི་གནས་ལ་ཞེས་བྱ་བའི་ཐ་ཚིག་གོ།། གནས་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་ཕྱིར་མཐུན་པའི་ཕྱོགས་རྣམས་ཀྱིས་མི་གཡོས་པ་ཡིན་ཞེས་བྱ་བའི་དོན་ཏོ།། དེ་ཉིད་བསྟན་པའི་ཕྱིར་གནས་མེད་གནས་ཡིན་ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ་དོན་གོ་བར་ཟད་དོ།། འདིར་ནི་རྣམ་པར་རྟོག་པའི་ཡུལ་མ་ཡིན་པས་བརྗོད་དུ་མེད་པ་ཉིད་མི་གནས་པའི་རྒྱུ་ཡིན་པར་རྟོག་པར་བྱ་སྟེ། འདིའི་དབང་དུ་མཛད་ནས། ལྷའི་བུ་དེ་ལྟར་ན་འདི་ལ་ཅུང་ཟད་ཀྱང་སྟོན་པ་མེད་དོ་ཞེས་བྱ་བ་གང་རྒྱས ་པར་གསུངས་སོ།། དེ་ལྟ་བུ་ནི་རང་སངས་རྒྱས་ཀྱི་ལམ་ལ་གཟུང་བའི་རྟོག་པ་སྤངས་པའི་ཁྱད་པར་ཡིན་ནོ།། འདིས་ནི་ཉན་ཐོས་ཀྱི་ལམ་ལས་ཁྱད་པར་དུ་འཕགས་པར་རིག་པར་བྱ་སྟེ། དེ་ལ་ནི་གཟུང་བའི་རྣམ་པར་རྟོག་པ་མ་སྤངས་པའི་ཕྱིར་རོ།། ། ་ལམ་གྱི་རྣམ་པར་ཤེས་པ་འདི་ཉིད་བྱང་ཆུབ་གསུམ་གྱི་རྒྱུའི་དངོས་པོར་བསྟན་པས་ལམ་ཐམས་ཅད་ཀྱི་ཡུལ་ཅན་ཉིད་དུ་བསྟན་པའི་ཕྱིར། གང་བདག་ཅེས་བྱ་བ་ལ་སོགས་པ་སྨོས་སོ།། བཟོད་པ་འདི་ལ་མ་རྟེན་ཞེས་བྱ་བ་ནི་བདག་ཉིད་ཇི་ལྟ ་བ་བཞིན་ལམ་ལ་མོས་པ་མེད་པར་ཞེས་བྱ་བའི་ཐ་ཚིག་གོ། འདི་ཉིད་ཀྱི་དཔེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་བར་སླའོ།། གལ་ཏེ་ཆོས་ཐམས་ཅད་བརྗོད་དུ་མེད་པ་ཉིད་ཡིན་ན། ཆོས་སྨྲ་བ་ལ་སོགས་པ་དེ་བཤད་པ་ལ་སོགས་པ་མི ་འཐད་པ་མ་ཡིན་ནམ་ཞེ་ན། དེའི་ཕྱིར་ཆོས་འཆད་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། འདི་སྐད་དུ་དངོས་པོ་རྣམས་བརྗོད་དུ་མེད་པ་ཉིད་ཡིན་ཡང་བཤད་པ་ལ་སོགས་པའི་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་ཀུན་རྫོབ་ཏུ་ཡིན་གྱི་ཡང་དག་པ ་ནི་མ་ཡིན་ཏེ། ཐམས་ཅད་སྒྱུ་མ་ལྟ་བུར་མེད་པ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བརྗོད་པ་ཡིན་ནོ།། འདིས་རང་སངས་རྒྱས་ཀྱི་རྟོགས་པ་འཛིན་པར་རྟོག་པ་མ་སྤངས་པས་རྫོགས་པའི་སངས་རྒྱས་ཀྱི་རྟོགས་པ་རྟོགས་པ ་ཐམས་ཅད་ཀྱིས་དབེན་པས་ཁྱད་པར་དུ་འཕགས་སོ་ཞེས་བྱ་བར་བསྟན་པར་ཁོང་དུ་ཆུད་པར་བྱའོ།། མོས་པ་དེ་ལྟ་བུའི་རྟེན་བསྟན་པའི་ཕྱིར་གང་ཟག་བཞི་པོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། རྒྱལ་སྲས་བདེན་ལ་མཁས་པ་ནི།། མཐོང་བའི་ལམ ་ཐོབ་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ།། སོམ་ཉི་སྤངས་པ་ཞེས་བྱ་བ་ནི་ཐེ་ཚོམ་དང་བྲལ་བ་ཞེས་པའི་ཐ་ཚིག་ཏེ། ཉན་ཐོས་དང་རང་རྒྱལ་བའི་ལམ་མངོན་སུམ་དུ་བྱེད་པ་ན་ནི་དེ་ལྟ་མ་ཡིན་ནོ།། ཇི་ལྟར་དེ་དག་གི་འབྲས་བུ་མངོན་དུ་བྱེད་པར་མི་འགྱུར ་ཞེ་ན་བྱང་ཆུབ་སེམས་དཔོའི་མཁས་རིག་དེ་ལྟར་སྤྱོད་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། མཁས་པ་ནི་བདག་ཉིད་དེར་མི་དམིགས་པའི་ཕྱིར་དེ་ལ་ཕྱིན་ཅི་མ་ལོག་པ་ཞེས་བྱ་བའི་དོན་ཏོ།། རིག་ཅེས་བྱ་བ་ནི་མཁས་པ་སྟེ། བདག་ཉིད་ཇི་ལྟ་བ ་བཞིན་དུ་ཉན་ཐོས་ལ་སོགས་པའི་ལམ་གྱི་རྣམ་པ་ལ་མཁས་པའི་ཕྱིར་རོ།། གང་ཞིག་གིང་ལ་དམིགས་པ་དེ་ནི་དེའི་བདག་ཉིད་ཁོ་ནར་འགྱུར་བ་མ་ཡིན་ནོ།། དེ་ལྟ་མ་ཡིན་ན་རྣམ་པར་བྱང་བ་འཕགས་པའི་ལམ་ཀུན་ནས་ཉོན་མོངས་པའི་ཕྱོགས ་ཀྱི་མཚན་ཉིད་ལ་དམིགས་པ་ཡང་ཀུན་ནས་ཉོན་མོངས་པའི་བདག་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ།། འོ་ན་གང་ལ་སློབ་ཅེ་ན། ཐམས་ཅད་མཁྱེན་པ་ཉིད་ཆེད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དེ་ཉིད་ཕྱིན་ཅི་མ་ལོག་པ་ཉིད་དུ་བསྟོན་པའི། ་ཕྱིར། གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱོབ་པ་ནི་ཉན་ཐོས་དང་རང་རྒྱལ་བའི་དྲོ་བར་གྱུར་པ་ལ་སོགས་པའི་གནས་སྐབས་ཀྱི་མཚན་ཉིད་དོ།། མི་སློབ་པ་ནི་དེ་ལས་བཟློག་པ་སྟེ་གང་ཞིག་རྣམ་པ་ཐམས་ཅད་དུ་གཟུང་བ་ལ་སོགས་པར ་མངོན་པར་ཞེན་པ་མེད་པའི་ཕྱིར་དེ་གཉིས་ལ་མི་སློབ་པ་དེའི་སློབ་པ་ནི་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་འདི་ཉིད་ཡིན་ནོ་ཞེས་བྱ་བར་སྦྱར་རོ།། དེ་ལྟ་བུ་ནི་རང་སངས་རྒྱས་ཀྱི་ལམ་གྱི་དྲོ་བར་གྱུར་པའི་གནས་སྐབས་ཤེས་པ་ཡིན་ནོ།། དེ་ཇི ་ལྟར་བྱང་ཆུབ་སེམས་དཔའ་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་དག་འགྲིབ་པ་དང་འཕེལ་བར་བྱ་བའི་ཕྱིར་སློབ་ཅེ་ན། གཟུགས་འཕེལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ཆོས་རྣམས་སྣ་ཚོགས་ནི་ཚོར་བ་ལ་སོགས་པའོ།། དེ་ལྟ ་ནི་རྩེ་མོར་གྱུར་པ་ཤེས་པ་ཡིན་ནོ།། འོ་ན་ཅི་ཞིག་འཛིན་པར་བྱེད་ཅེ་ན། སློབ་ཅིང་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཡོངས་འཛིན་ལ་ཞེས་བྱ་བ་སྨོས་ཏེ། ནང་སྟོང་པ་ཉིད་ལ་སོགས་པའི་ཕྱིར་གཟུགས་ལ་སོགས་པ་ལ་ཡོངས་སུ་འཛིན་པ་མེད་པ་ཉིད ་སློབ་པ་དམ་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ།། དེ་ལྟ་བུ་ནི་བཟོད་པ་ལ་ཕྱིན་ཅི་མ་ལོག་པ་ཡིན་ནོ།། ངེས་འབྱུང་གང་ཡིན་ཞེས་བྱ་བ་ལྔ་ནི་འདི་ལྟར་སྐྱེ་བ་ལ་སོགས་པར་མི་ལྟ་བ་ནི་རྟོག་པ་ཐམས་ཅད་ལས་གྲོལྔ་ལྷོ་ཞེས་བྱ་བའི་ཐ་ཚིག་གོ།། ་དེ་ལྟ་བུ་ནི་ཆོས་ཀྱི་མཆོག་ལ་ཀུན་ཏུ་མ་རྨོངས་པ་ཡིན་ནོ།། དེ་ལྟ་རང་སངས་རྒྱས་ཀྱི་ལམ་ཤེས་པ་ཉིད་བཤད་པ་ཡིན་ནོ།། འདི་མན་ཆད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཤེས་པ་བདེན་པ་བཞིའི་ཡུལ་ཅན་ཡིན་པར་རིག ་པར་བྱ་སྟེ། འདི་ལྟ་སྟེ་སྡུག་བསྔལ་ལ་དམིགས་པའི་སྒོ་ནས་ནི་གཟུགས་ནི་ཤེས་རབ་མ་ཡིན་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ།། དེ་ལ་གཟུགས་ལ་སོགས་པ་དང་ཤེས་རབ་དེའི་བདག་ཉིད་དུ་མི་དམིགས་པ ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཡིན་ནོ།། རྟེན་དང་བརྟེན་པའི་དངོས་པོར་མི་དམིགས་པ་ནི་སྡུག་བསྔལ་ལ་ཆོས་ཤེས་པ་ཡིན་ནོ།། ཇི་ལྟར་དེའི་བདག་ཉིད་མ་ཡིན་ཞེ་ན། འདི་ལྟ་བུ་གཟུགས་ལ་སོགས་པ་དང་ཤེས་རབ་འདི་ནི་ནམ་མཁའི ་ཁམས་དང་མཚུངས་ཏེ། ངོ་བོ་ཉིད་མེད་པའི་ཕྱིར་རོ།། དེ་ལྟ་བུ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ཡིན་ནོ།། ཇི་ལྟར་རྟེན་དང་བརྟེན་པའི་དངོས་པོ་མ་ཡིན་ཞེ་ན། འདི་ལྟར་ཡོད་པ་མ་ཡིན་པས་ཐ་དད་མེད་དེ། དེ་ནི་ཐ་དད་པ་ལ་བརྟེན་པའི་ཕྱིར་རོ།། ། ་དེ་ལྟ་བུ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པ་ཡིན་ནོ།། དེ་བཞིན་དུ་བདེན་པ་གཞན་དག་ལ་ཡང་བཟོད་པ་དང་ཤེས་པ་རྟོག་པ་ཅི་རིགས་པར་སྦྱར་བར་བྱའོ།། དེ་ལྟ་ཡིན་ན་འཁྲུལ་པ་ཙམ་ཡང་ག་ལས་འབྱུང་ཞེ་ན། ཀུན་འབྱུང་བ་ལ་དམིགས་པའི ་སྒོནནས་ནི། དམིགས་པ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དམིགས་པ་ནི་གཟུང་བའི་རྣམ་པར་བགྲང་བ་གཟུགས་ལ་སོགས་པའོ།། དེའི་རང་བཞིན་ནི་རིགས་མཐུན་པའི་རྣམ་པ་དུས་ཕྱིས་འབྱུང་བ་སྐྱེད་པར་བྱེད་པ་ཉིད་ཡིན་ནོ།། ཕ་མ་མཐའ ་མེད་ཅེས་བྱ་བ་ནི་རིགས་མཐུན་པ་རབ་ཏུ་སྐྱེ་བ་སྟེ་རྒྱུན་ཆང་བ་མེད་པ་ཞེས་བྱ་བའི་ཐ་ཚིག་གོ།། སེམས་ཅན་ནི་འཛིན་པའི་རྣམ་པར་ཀུན་ཏུ་བརྟགས་པའི་ཕུང་པོ་ལ་སོགས་པའོ།། ལྷག་མ་རྣམས་ནི་སྔ་མ་བཞིན་ནོ།། འོ་ན་ནི་ནམ་མཁའ་དང་མཚུངས ་བ་མ་ཡིན་ནོ་ཞེ་ན། ནམ་མཁའ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་དག་པར་ན་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་དབེན་པར་མཚན་ཉིད་གཅིག་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ།། དེ་ལྟར་ཡུལ་མཐའ་མེད་པའི་ཕྱིར་ཤེས་རབ་ཀྱང་མཐའ ་མེད་པས་ཤེས་རབ་ཅེས་བྱ་བ་ལ་སོགས་པ་སྨོས་སོ།། དེ་ལྟར་རྒྱུ་དང་བཅས་པར་འབྱུང་བའི་སྡུག་བསྔལ་ཇི་ལྟར་ལྡོག་ཅེ་ན། འགོག་པ་ལ་དམིགས་པའི་སྒོ་ནས་ནི་འདུ་ཤེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདུ་ཤེས་ནི་འཛིན་པ་ལ་སོགས་པའི ་རྣམ་པར་རྟོག་པ་ཡིན་ནོ།། ཚུ་རོལ་ཡིན་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀུན་འབྱུང་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ།། རྣམ་པར་བཤིག་ནས་ཞེས་བྱ་བ་ནི་བོར་ནས་སོ།། ཕ་རོལ་ཞེས་བྱ་བ་ནི་རྣམ་པར་བྱུང་བའོ།། འདི་སྐད་དུ་སྡུག་བསྔལ ་གྱི་རྒྱུ་ནི་ཕྱིན་ཅི་ལོག་མ་གཏོགས་པ་གཞན་མོད་པ་དེ་ལ་དེ་ཡང་གཉེན་པོ་མངོན་དུ་གྱུར་པས་བྲལ་བ་ལ་རྣམ་པར་བྱང་བ་ཞེས་གྲགས་ཏེ། དེ་ལྔ་གནས་པ་རྣམས་ཁོ་ན་སྟོན་པའི་ཐུགས་དང་མཐུན་པར་འཇུག་པའི་ཕྱིར་རོ་ཞེས་བཤད་པ་ཡིན་ནོ།། ་གང་དག་ཅེས་བྱ་བ་ལ་སོགས་པའི་ཚིག་གི་དོན་ནི་གོ་བར་ཟད་དོ།། ཇི་ལྟར་ན་བདག་ལ་སོགས་པར་འདུ་ཤེས་པ་ཙམོ་ཀུན་ནས་ཉོན་མོངས་པ་ཡིན་ཏེ་དེ་ནི་འདུ་ཤེས་པར་བྱ་བའི་གཞན་གྱི་དབང་དུ་གྱུར་པའི་ཕྱིར་རོ་ཞེ་ན། ལམ་ལ་དམིགས་པའི ་ནས་ནི་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། འདི་སྐད་དུ་གལ་ཏེ་བཅོམ་ལྡན་འདས་ཀྱིས་སེམས་ཅན་ལ་སོགས་པའི་ཐ་སྙད་དུས་མཐའ་ཡས་པ་ཞིག་ཏུ་བརྗོད་པར་གྱུར་ཀྱང་དེས་ཀྱང་སེམས་ཅན་ལ་སོགས་པ་རབ་ཏུ་འགྲུབ་པར ་མི་སྤྱོད་དེ། དེ་ལས་མྱི་འབྱུང་བའི་ཕྱིར་དང་དེ་དང་འབྲེལ་པ་རབ་ཏུ་མ་གྲུབ་པའི་ཕྱིར་རོ་ཞེས་སྔར་བཤད་ཟིན་ཏོ་ཞེས་བརྗོད་པར་འགྱུར་རོ།། སེམས་ཅན་ལ་སོགས་པ་སྐྱེ་བ་མེད་པར་རྟོགས་པ་དེ་ཉིད་གཉེན་པོ་ཕན་སྔོན་ཆེ ་བ་ཡིན་པས་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྤྱོད་པ་དེ་ལྟ་བུ་ནི་མཐོང་བ་དང་ཚེ་ཕྱི་མའི་ཡོན་ཏན་སྐྱེ་བའི་རྒྱུ་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ།། མཐོང་བའི་ལམ་བཤད་ཟིན་ཏོ།། །། བམ་པོ་གསུམ་པ།། འདི་མན་ཆད་ནི་སྒོམ་པའི་ལམ ་བྱེད་པ་དང་བཅས་པ་ཡིན་ནོ།། བྱེད་པ་དེ་ཡང་རྣམ་པ་གསུམ་སྟེ། ལུང་བསྟན་པ་ཐོབ་པའི་བྱེད་པ་ནི་གང་ཚེ་ང་ནི་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ།། འདི་དང་ཞེས་བྱ་བ་ནི་སྒོམ་པའི་ལམ་གྱིས་བསྡུས་པ་དང་ཞེས་བྱ་བའི་ཐ་ཚིག་གོ།། མཐུན ་པར་སྨྲ་འགྱུར་ཞེས་བྱ་བ་ནི་གཞན་དུ་མི་སྨྲ་བའི་ཕྱིར་ཏེ། མི་སྐྱེ་བའི་ཆོས་ལ་བཟོད་པ་དང་བཅས་པ་འདི་ཉིད་ལུང་བསྟན་པ་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་རོ།། ལྷག་མ་ནི་གོ་སླའོ།། མི་རྫི་བའི་བྱེད་པ་ནི་འཛིན་པ་ལ་སོགས་པ་ལ་ཞུགས་པ་ལ ་དུག་ལ་སོགས་པས་མི་ཚུགས་པ་ཡིན་པའི་ཕྱིར་ཤེས་རབ་ཕ་རོལ་ཕྱིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། འཛིན་པ་ནི་ཚིག་གིས་སྒོ་ནས་མོས་པ་ཡིད་ལ་བྱེད་པས་སོ།། ཆུབ་བྱེད་པ་ནི་དོན་གྱི་སྒོ་ནས་དེ་ཁོ་ན་དང་མྱོས་པ་ཡིད་ལ་བྱེད ་བ་དག་གིས་སོ།། བར་ཆད་བྱེད་པ་མེད་པའི་བྱེད་པ་ནི་འཛིན་པ་ལ་སོགས་པ་ལ་བདུད་ལ་སོགས་པས་གླགས་མི་ཐོད་པ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། གླགས་ནི་ཀླན་ཀའོ།། རྙེད་མི་འགྱུར་ཞེས་བྱ་བ་ནི་རྙེད་པར་མི་འགྱུར ་བ་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ལ་བྱེད་པའི་རིམ་པ་ནི་ལུང་བསྟན་པ་ནི་ཡང་དག་པར་ཐོབ་ནས་གཞན་དག་གིས་མི་ཚུགས་ཤིང་བར་ཆད་བྱེད་པ་མེད་པ་ནི་བྱང་ཆུབ་སྒྲུབ་པར་བྱེད་དོ་ཞེས་བྱ་བ་ཡིན་ནོ།། སྒོམ་པའི་ལམ་ནི་རྣམ་པ་གཉིས ་ཏེ། དག་པ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའོ།། དེ་ལ་དང་པོ་ནི་མྱོས་པ་དང་རྗེས་སུ་ཡིད་རང་བ་དང་བསྔོ་བ་ཡིད་ལ་བྱེད་པའི་མཚན་ཉིད་ཡིན་ནོ།། མོས་པ་ཡང་རྣམ་པ་གསུམ་སྟེ། རང་གི་དོན་གྱི་མོས་པ་ནི་དེ་ཡང་མཆོད་རྟེན་ལ ་མཆོད་པ་བས་ཕུལ་དུ་བྱུང་བ་ཚད་ལ་འདས་པའི་བསོད་ནམས་ཉེ་བར་སོགས་པའི་རྒྱུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་འཛིན་པ་ལ་སོགས་པའི་རྟེན་ཡིན་ནོ།། མཆོད་པ་ཕུལ་དུ་བྱུང་བ་དེ་ཡང་འབྲེལ་པའི་སྒོ་ནས་ནི་བདེ་གཤེགས ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ།། དེའི་རྟེན་གྱི་ཁྱད་པར་སྒྲུབ་པའི་སྒོ་ནས་ནི་བྱས་ཤིང་ཞེས་བྱ་བ་གང་འབྱུང་བ་ཡིན་ཏེ། རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་བྱས་ནས་ཞེས་བྱ་བར་སྦྱར་རོ།། དེ་མང་བ་ཉིད་ཀྱི་སྒོ་ནས་ནི་དེ་དག ་ཅེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། གངྒཱའི་བྱེ་མ་སྙེད་ཀྱི་ཞེས་བྱ་བ་ནི་གངྒཱའི་ཀླུང་གི་བྱེ་མ་དང་མཉམ་པ་ཞེས་བྱ་བའི་ཐ་ཚིག་གོ།། ཡོངས་སུ་རྟག་བཟུང་ཞིང་ཞེས་བྱ་བ་ནི་ཡོངས་སུ་རྟོག་པ་ཉེ་བར་བཟུང་ནས་ཏེ། ཡང་དག་པར་ན་སེམས ་ཅན་དེ་དག་ཐམས་ཅད་དེ་ལྟ་བུའི་མཆོད་པ་ལ་སྦྱོར་བ་མི་སྲིད་པའི་ཕྱིར་རོ།། བྱེད་པ་པོ་མང་པོའི་སྒོ་ནས་ནི་སེམས་ཅན་ཇི་སྙེད་པ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ་བྱེ་བ་ཞེས་བྱ་བ་ནི་བྱེད་པ་དག་ན་ཡོད་པ་ཞེས་བྱ་བའི་དོན་ཏོ།། བར་ཆད་མེད ་བར་སྦྱོར་བའི་སྒོ་ནས་ནི་ལས་གཞན་མི་བྱེད་ཅེས་བྱ་བ་འབྱུང་བ་ཡིན་ཏེ་མཆོད་པ་བྱེད་ཅེས་བྱ་བར་སྦྱར་རོ།། ཡོ་བྱེད་ཀྱི་ཁྱད་པར་གྱི་སྒོ་ནས་ནི་ལྷའི་མེ་ཏོག་ཅེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ།། དུས་ཀྱི་ཁྱད་པར་གྱི་སྒོ་ནས ་ནི་བསྐལ་པ་འམ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་འཛིན་པ་ལ་སོགས་པ་ནི་རྫོགས་པའི་བྱང་ཆུབ་ཀྱི་གཙོ་བོའི་རྒྱུར་གྱུར་པའི་ཕྱིར་དེ་བས་ཀྱང་ཆེས་མཆོག་ཏུ་གྱུར་པའི་ཕྱིར་གང་ཞིག་ཅེས་བྱ ་བ་ལ་སོགས་པ་གསུངས་སོ།། བསྟི་སྟང་བྱེད་གྱུར་ན་ཞེས་བྱ་བ་ལ་ནི་བསྔོ་སྟང་བྱེད་པར་གྱུར་ན་ཞེས་བྱ་བ་ཡིན་ནོ།། རང་དང་གཞན་གྱི་དོན་གྱི་མོས་པ་ནི་དེ་ཡང་རང་དང་གཞན་ཡོངས་སུ་སྨིན་པ་དང་མཐུན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་རྟོགས་པའི་ཡུལ་ཅན་ཡིན་ཏེ། དེའི་དབང་དུ་མཛད་ནས། རིགས་སྔགས་ཆེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། བཅོམ་ལྡན་འདས་མ་རིགས་སྔགས་ཆེན་པོ་ཉིད་ཡིན་པ་ཡང་འཚེ་བ་ཐམས་ཅད་ཞི་བའི་ཕྱིར་སྡུག་བསྔལ་ཆོས་ཞེས་བྱ ་ལ་སོགས་པ་འབྱུང་བ་ཡིན་ནོ།། དུས་གསུམ་གྱི་བདེ་བར་གཤེགས་པའི་རྒྱུ་གཅིག་ཡིན་པའི་ཕྱིར་ནི་གང་དག་འདས་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། མཁས་པ་ཞེས་བྱ་བ་ནི་བཤེས་གཉེན་ཅན་ཏེ། ཤེས་རབ་ཀྱི་སྟོབས་ཀྱི ་ཕྱིན་ཅི་མ་ལོག་པའི་ཕྱིར་རོ།། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བའི་རྒྱུ་ཡིན་པ་ཉིད་ཀྱི་ཕྱིར་ནི་འདུས་བྱས་བདེ་དང་ཞེས་བྱ་བ་ལ་སོགས་པ་ཡིན་ནོ།། འདུས་བྱས་ནི་ཟག་པ་དང་བཅས་པའོ།། འདུས་མ་བྱས་ནི་གཞན་ནོ།། ་གུལ་ཏེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཚོགས་མཐའ་ཡས་པ་ཞིག་ཡོད་པ་མ་ཡིན་ནམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷག་མ་ཅི་ཞིག་ཡོད་ན་གང་གིས་ནཱ་འདི་ཁོ་ན་རིག་སྔགས་ཆེན་མོ་ཞེས་བྱ་ཞེ་ན། འདི་ཁོ་ན་ས་བཞིན་དུ་ཡོན་ཏན་གྱི་ལོ ་ཏོག་སྐྱེ་བའི་གཞིར་གྱུར་པའི་ཕྱིར་ནི་ས་བོན་བཏབ་ནས་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ།། བྱང་ཆུབ་ཡོན་ཏན་ནི་སྟོབས་ལ་སོགས་པའོ།། དེ་དག་ཅེས་བྱ་བ་ནི་ཡོན་ཏན་ལ་སོགས་པའོ།། འཁོར་ལོས་སྒྱུར་བ་བཞིན་དུ་ཡོན་ཏན་རིན་པོ་ཆེ་ལ ་རང་དབང་ཡོད་པའི་ཕྱིར་ནི་འཁོར་ལོས་སྒྱུར་རྒྱལ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ།། འདི་སྐད་དུ་དེ་ནི་བདག་མེད་པ་ལ་ཕྱིན་ཅི་མ་ལོག་པར་ངོ་བོ་གཅིག་པའི་ཕྱིར་དང་དེ་ལ་རག་ལས་ཏེ་རབ་ཏུ་སྐྱེ་བའི་ཕྱིར་བྱང་ཆུབ་སེམས་དཔའ་གང་ལ་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་དེ་ཡོད་པ་དེ་ཁོ་ན་ལ་དེ་ལས་གཞན་པའི་ཡོན་ཏན་གྱི་ཚོགས་ཡོད་ཀྱི་གཞན་ལ་ནི་མེད་དོ་ཞེས་བཤད་པ་ཡིན། གཞན་གྱིས་དོན་གྱི་མོས་པ་ནི་དེ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ལས་ཡིན་ཏེ། རྟག་ཏུ་གཞན་གྱི་དོན་བྱེད ་བའི་ཡུལ་ཅན་ཡིན་ནོ།། དེ་བསྟན་པའི་ཕྱིར་རྒྱལ་བས་བརྒྱ་བྱིན་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དྲི་བའི་ལན་དེ་ཉིད་གལ་ཏེ་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ།། གྱུར་ལ་ཞེས་བྱ་བ་ནི་གྱུར་ཏེའོ།། བྱུར་བུར་གཏམས་གྱུར་ཀྱང་ཞེས་བྱ་བ་ནི་ས ་རྒྱས་ཀྱི་ཞིང་རྣམས་བདེ་བར་གཤེགས་པའི་རོང་བསྲེལ་གྱི། མཆོད་རྟེན་གྱིས་བྱུར་བུར་བཀང་བར་གྱུར་ཀྱང་ཞེས་བྱ་བར་སྦྱར་རོ།། དེ་དག་ཀྱང་ཡོངས་སུ་བཏང་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་གཞན་གྱི་དོན་དཔག་ཏུ་མེད་པའི་རྟེན་ཡིན་པའི་ཕྱིར ་མཆོད་པར་བྱ་བའི་དོན་དུ་ལེན་ཏོ་ཞེས་བྱ་བར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟ་བུ་ནི་ཆུང་ངུ་ཡིན་ནོ།། བདེ་བར་གཤེགས་པའི་རིང་བསྲེལ་ལ་མཆོད་པ་ཡང་ཚོགས་དཔག་ཏུ་མེད ་པའི་རྒྱུ་ཡིན་པའི་ཕྱིར་ཅིའི་ཕྱིར་དེ་ཡོངས་སུ་གཏོང་སྙམ་དུ་བསམས་ནས། ཅི་སླད་ཅེ་ན་ཞེས་བྱ་བ་སྨོས་སོ།། དེའི་ལེན་གདབ་པར། སྐུ་གདུང་མི་གུས་བདག་མ་ལགས་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། འོན་ཀྱང་ཞེས་བྱ་བ་ནི་དེ་ལྟ་ཡིན་ཡང་ངོ་།། ་ཤེས་རབ་ཡོངས་སུ་བསྒོས་པས་ཞེས་བྱ་བ་ནི་སྐུ་གདུང་རྣམས་ཤེས་རབ་ཀྱིས་ཡོངས་སུ་བསྒོས་པས་ཞེས་སྦྱར་ཏེ། གཟུགས་ཕུན་སུམ་ཚོགས་པ་ཕུལ་དུ་བྱུང་བ་ཡང་ཤེས་རབ་ཀྱི་རྟེན་ཡིན་པས་རབ་ཏུ་ཕྱེ་བའི་ཕྱིར་དང་དེ་རྟོགས་པའི་རྟེན་དུ་གྱུར་པའི་ཕྱིར་རོ།། ་མཆོད་པར་བགྱིད་ཅེས་བྱ་བ་ནི་མཆོད་པར་བགྱིད་དོ་ཞེས་བྱ་བའི་ཐ་ཚིག་གོ།། འདི་ཉིད་ཀྱི་དཔེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། འོ་ན་ནི་བཅོམ་ལྡན་འདས་ཀྱིས་མྱ་ངན་ལས་འདས་པ་བསྟན་པ་ན་དེའི་རྟེན་མ་ཡིན་པའི་ཕྱིར་རིང་བསྲེལ་ལ་མཆོད་པར ་མི་འགྱུར་རོ་ཞེ་ན། དེ་ནོར་བུའི་གབ་ཚེའི་ཚུལ་གྱིས་ལན་གདབ་པའི་ཕྱིར། ནོར་བུ་རིན་ཆེན་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དེ་ནི་ཞེས་བྱ་བ་ནི་གབ་ཚེ་དེ་ཡང་ཞེས་བྱ་བའི་ཐ་ཚིག་གོ།། དེ་ཕྱུང་གྱུར་ཀྱང་ཞེས་བྱ་བ་ནོར་བུ་དེ་ཕྱུང་ཡང་ངོ་།། དངོས་བསྟན་པའི ་ཕྱིར། དེ་བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། འཛིན་འཚལ་ཞེས་བྱ་བ་ནི་ཀུན་འཛིན་པར་འཚལ་བའོ།། འདི་ནི་ཐར་པ་ལགས་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བ་ལྷག་མ་ཡིན་ཏེ། ཤེས་རབ་ཁོ་ན་རྟོག་པའི་ལྕགས་སྒྲོག་གཅོད་པའི་ཐབས་ཡིན་པ ་ཕྱིར་དང་དེའི་བདག་ཉིད་ཡིན་པའི་ཕྱིར་རོ།། ཕ་རོལ་ཏུ་ཕྱིན་པ་གཞན་ཡང་དེ་ལ་རགཱ་ལུས་པའི་ངོ་བོ་ཡིན་པའི་ཕྱིར་ནི་སྦྱིན་པ་སྦྱིན་པའི་སྔོན་དུ་འགྲོ་བ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ།། སྔོན་དུ་འགྲོ་བ་ནི་རྒྱུར་གྱུར་པ་ཡིན་ཏེ། ཕྱིན་ཅི་ལོག་ཏུ་གྱུར ་པ་ལ་ནི་རྣམ་པ་ཐམས་ཅད་དུ་སྦྱིན་པ་ལ་སོགས་པ་མི་འཐད་པའི་ཕྱིར། ཆུད་མི་བཟན་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་སེར་སྣ་ལ་སོགས་པས་ཟིལ་གྱིས་མནོན་པར་བྱ་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ།། དགེ་བའི་ཆོས་ཡོངས་སུ་འཛིན་པ་ཞེས ་བྱ་བ་ནི་དངོས་དང་མཇུག་གི་གནས་སྐབས་དག་དུའོ།། ཤེས་རབ་ནི་འབའ་ཞིག་གིས་རང་གི་བྱ་བ་བྱེད་པས་འདི་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་བུ་ནི་འབྲིང་ཡིན་ནོ།། ཤིང་སྣ་ཚོགས་ཀྱི་གྲིབ་མ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ཡུལ་སྣ་ཚོགས ་པ་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རོ་གཅིག་པའི་ཕྱིར་ནི་དཔེར་ན་འཛམ་པའི་གླིང་ན་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། འཛམ་བུའི་གླིང་མོས་པ་ནི་གླིང་འདི་ན་འདུག་པ་རྣམས་ལ་གྲགས་པའི་ཕྱིར་རོ།། རྣམ་པ་སྣ་ཚོགས ་ལ་སོགས་པ་ནི་གོ་རིམ་བཞིན་དུ་རིགས་དང་དབྱིབས་དང་ཁ་དོག་ཐ་དད་པའི་ཕྱིར་རོ།། བརྗོད་པ་མ་རྟོག་པར་ཞེས་བྱ་བ་ནི་ཐམས་ཅད་ལ་གྲིབ་མ་ཞེས་བྱ་བའི་མིང་དུ་བརྗོད་པ་འབའ་ཞིག་ཏུ་ཟད་དོ་ཞེས་བྱ་བའི་ཐ་ཚིག་གོ།། རྒྱལ་བའི་ཞེས་བྱ་བ ་སྨོས་པ་ནི་དེ་དང་འབྲེལ་པའི་སྦྱིན་པ་ལ་སོགས་པ་སྦྱིན་པར་བྱ་བ་ལ་སོགས་པ་མི་དམིགས་པའི་རྣམ་པ་ཉིད་དུ་བསྟན་པ་འི་ཕྱིར་རོ།། དེའི་ཕྱིར་དེ་དག་ཤེས་རབ་ཅེས་བརྗོད་པར་བསྟན་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཕ་རོལ་ཏུ་ཕྱིན་པ་རྣམས་ཤེས་རབ་ཀྱི་བདག་ཉིད་ཡིན་པས་གྲོལ་བའི་རྒྱུའི་ངོ་བོ་ཡིན་པར་ཀུན་ཏུ་བསྟན་ནས། དེའི་བདག་ཉིད་ཡིན་པར་བསྟན་པའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཕྱིར ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་གྱི་དོན་གྱི་མོས་པ་ཆེན་པོ་ཡིན་ནོ།། དེ་བཞིན་དུ་སྔ་མ་དག་ལ་ཡང་ཆུང་ངུ་ལ་སོགས་པའི་བྱེ་བྲག་བདག་ཉིད་ཇི་ལྟ་བ་བཞིན་དུ་སྦྱར་བར་བྱའོ།། མོས་པ་ཡིད་ལ་བྱེད་པ་འདི་ཉིད་ཀྱི་ཕྱིན་ཅི་མ་ལོག་པར་སྟོན ་པའི་བསྟོད་པ་ཤེས་རབ་ལྟར་བཅོས་པ་སྤངས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་སྟོན་པས་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། བཅོས་མ་ཉིད་གསལ་བར་བྱ་བའི་ཕྱིར། མཁས ་པ་ནས་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕུང་པོ་ལ་སོགས་པའི་ཆོས་རྣམས་ཡང་དག་པར་ན་མེད་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ།། ཤེས་རབ་ཕྱིན་ཅི་མ་ལོག་པར་སྟོན་པ་ནི་གང་ལ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། སྟོན་པ ་གང་ལ་ཞེས་བྱ་བ་ལྷག་མ་ཡིན་ནོ།། དེ་ལ་མི་དམིགས་པའི་རྒྱུ་བསྟན་པའི་ཕྱིར་ཆོས་ཀུན་སྐྱེ་མེད་ཅེས་བྱ་བ་ལ་སོགས་པ་གསུངས་སོ་འདི་ཉིད་ལ་བཀུར་བ་ནི་ལ་ལས་གང་གཱའི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། གང་གིས་ན་ཞེས ་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལྷག་མ་ཡིན་ཏེ། དེ་སྦྱིན་པ་ལ་ཞུགས་པ་ནི་བསམ་པ་དམ་པ་ལས་བྱུང་བ་ཉིད་ཀྱིས་མཆོག་ཏུ་གྱུར་པའི་ཕྱིར་རོ།། སེམས་ཅན་མཆོག་ལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ལའོ།། མཆོག་ཅེས་བྱ་བ ་སྒྲ་ནི་དམ་པར་བརྗོད་པར་བྱེད་པ་ཡིན་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་གཞན་གྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་ཞེས་བྱ་བ་རྒྱས་པར་གང་གསུངས་པ་ཡིན་ནོ།། ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་ཁམས་གསུམ་ལས་འདོད་ཆགས་དང་བྲལ་བ་ལས ་མཆོག་ཏུ་གྱུར་པ་གཞན་ཅི་ཞིག་ཡོད་སྙམ་དུ་བསོམ་པ་ཡིན་ནོ།། དེའི་ལེན་གདབ་པར་སྨྲ་མཆོག་དེ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ་འདིར་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གླེགས་བམ་ལ་བྲིས་པ་ལའོ།། བསླབས་ནས་ཞེས ་བྱ་བ་ནི་མཉན་པ་ལ་སོགས་པའི་རིམ་གྱིས་གོམས་པར་བྱས་པས་ཞེས་བྱ་བའི་ཐ་ཚིག་གོ། སྟོང་པ་ཉིད་རྟོགས་པའི་འབྲས་བུ་ཡང་ཅི་རིགས་པར་སེམས་ཅན་རྣམས་ཀྱི་བྱང་ཆུབ་གསུམ་འབྱུང་བ་ཡིན་པས། དེ་ཐོས་ཅེས་བྱ་བ་ལ་སོགས་པ ་གསུངས་ཏེ། དེའི་ཕྱིར་རང་གི་ཉོན་མོངས་པ་ཙམ་སྤངས་པའི་མཚན་ཉིད་ཀྱི་དགྲ་བཅོམ་པ་ཉིད་པས་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་གླེགས་བམ་སྦྱིན་པ་ཇི་སྐད་བཤད་པ་ཁྱད་པར་འཕགས་སོ་སྙམ་དུ་དགོངས་པ་ཡིན་ནོ།། འདི་ཉིད ་རབ་ཏུ་བསྒྲུབ་པའི་ཧཱུ~ཾ། མྱུ་གུ་ལ་སོགས་པ་དང་ཆོས་མཐུན་པར་བསྔགས་པ་བསྟན་པའི་ཕྱིར། མྱུ་གུ་མེད་པར་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་ལ་མྱུ་གུ་ལྟ་བུ་ནི་བྱང་ཆུབ་ཀྱི་སེམས་བསམ་པ་དག་པའི་སའི་མཚན་ཉིད་ཡིན་ཏེ། ་དེ་ནི་ཡལ་ག་ལ་སོགས་པ་ལྟ་བུ་འཇིག་རྟེན་དང་ཅིག་ཤོས་ཀྱི་ཆོས་དང་རྫོགས་པའི་བྱང་ཆུབ་རབ་ཏུ་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་དང་དེ་ཁོ་ན་ཉིད་ལ་མོས་པའི་ས་བོན་ལས་བྱུང་བའི་ཕྱིར་རོ།། ཉི་མ་ལྟ་བུ་ནི་རྣམ་པར་སྨིན་པའི་སས་བསྡུས ་པ་ཡིན་ཏེ། དེ་ནི་མངོན་པར་འདུ་བྱེད་པ་མེད་པར་མཚན་མ་མེད་པས་འོད་གསལ་བའི་ཕྱིར་དང་སོ་སོ་ཡང་དག་པར་རིག་པའི་འོད་ཟེར་དག་གིས་དེ་ཁོ་ན་ཉིད་རབ་ཏུ་སྟོན་པ་སྔོན་དུ་འགྲོ་བ་ཅན་འགྲོ་བའི་དགེ་བའི་ལས་ཀྱི ་རྒྱུ་ཡིན་པའི་ཕྱིར་རོ།། མ་དྲོས་པ་ལྟ་བུ་ནི་སངས་རྒྱས་ཀྱིས་ཀུན་ཏུ་འོང་སྒྲིབ་པ་ཐམས་ཅད་སྤངས་པའི་ངོ་བོ་ཉིད་ཡིན་ནོ།། དེ་མེད་ན་ཆུ་ཀླུང་ལྟ་བུ་ཐོས་པ་ལས་བྱུང་བའི་ཡེ་ཤེས་ལ་སོགས་པ་མི་འཐད་པའི་ཕྱིར་ཏེ། དེ་བསྟན་པར་བྱ་བའི་ཕྱིར་ཡེ་ཤེས་གང ་ལས་འབྱུང་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཡེ་ཤེས་འབྱུང་བ་ནི་ཐོས་པ་ལས་བྱུང་བའི་ཡེ་ཤེས་ཀྱི་ཆུ་བོའི་རྒྱུན་ཏེ། དེ་ནི་བྱང་ཆུབ་གསུམ་གྱི་ས་བོན་རྒྱས་པར་བྱེད་པའི་རྒྱུར་གྱུར་པའི་ཕྱིར་རོ།། ཡོན་ཏན་འཕེལ་བ་ནི་བསམ་པ་དང་བསྒོམས ་པའི་བདག་ཉིད་དེ་དེ་ཡང་ཡང་དག་པར་དགའ་བའི་རྒྱུ་ཡིན་པའི་ཕྱིར་མེ་ཏོག་དང་འ་བྲས་བུ་ལྟ་བུ་ཡིན་ནོ།། སངས་རྒྱས་ཀྱི་ཆོས་ནི་སྟོབས་ལ་སོགས་པ་ཡོན་ཏན་རིན་པོ་ཆེའི་མཚན་ཉིད་ཡིན་ཏེ། རང་དང་གཞན་གྱི་རྟེན་སྣང་བར་བྱེད་པའི་རྒྱུ་ཡིན་པལ ་ཡིན་པའི་ཕྱིར་རོ།། བསྟོད་པ་ལ་སོགས་པ་འདི་དག་ནི་རང་དང་གཉི་ག་དང་གཞན་གྱི་དོན་གྱི་སྐབས་ཀྱིས་ཐ་དད་པའི་རྣམ་པར་བཞུག་པར་རིག་པར་བྱའོ།། དེས་ན་མདོ་གཞན་ལས་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྟོད་ཅིང་བཀུར་ལ་བསྔག ་བ་དག་དང་ཞེས་གསུངས་པ་འདི་ཡང་ལེག་པར་དྲངས་པ་ཡིན་ནོ།། མོས་པ་ཡིད་ལ་བྱེད་པ་བཤད་ཟིན་ཏོ།། དེ་ལྟར་མོས་པས་ཟིན་པ་ནི་བསོད་ནམས་ཀྱི་ཚོགས་ལ་རྗེས་སུ་ཡི་རང་བའི་ཁྱད་པར་གྱིས་འཕེལ་བར་འགྱུར་པས་འཇིག་རྟེན་འདི ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། སྣང་བྱེད་ཅེས་བྱ་བ་ནི་སྣང་བར་བྱེད་པ་སྟེ་སྐར་མ་ཅེས་བྱ་བ་ནི་ཐ་ཚིག་གོ།། སྲོག་ཆགས་ནི་སྲིན་བུ་མེ་ཁྱེར་ལ་སོགས་པ་སྟེ་འདི་ནི་ཉེ་བར་མཚོན་པར་ཟད་དོ།། འོད་ཟེར་གཅིག་ཕྱུང་ཞེས་བྱ་བ་ནི་འོད་ཅིག་ཕྱུང ་བ་ལ་ཞེས་བྱ་བའི་ཐ་ཚིག་གོ། མི་ཕོད་ཅེས་བྱ་བ་ནི་ཆར་ཡང་མི་ཕོད་ངོ་ཞེས་བྱ་བར་སྦྱར་རོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་རྗེས་སུ་ཡི་རང་བའི་སེམས་ལ་ཉན་ཐོས་ཀྱི་ཚོགས་ཀྱིས་བསགས་པའི་བསོད་ནམས་ཀྱི་ཚོགས་ཀྱིས་ཆར་ཡང་མི ་ཕོད་དེ་བསམ་པ་དམན་པའི་འབྲས་བུ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ཉན་ཐོས་ཚོགས་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དོན་གོ་བར་ཟད་དོ།། དེ་ལྟར་དགེ་བ་བསྔགས་པ་འཕེལ་བ་ཡང་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་བྱ ་དགོས་སོ་དེ་ལྟ་བས་ན་བསྔོ་བ་ཡིད་ལ་བྱེད་པ་རྣམ་པ་ལྔ་སྟེ། མི་དམིགས་པའི་བསྔོ་བ་ནི་བདེ་བར་གཤེགས་པ་ལ་སོགས་པ་ཐམས་ཅད་ཀྱི་བསོད་ནམས་ལ་རྗེས་སུ་ཡི་རང་བས་བསྐྱེད་པའི་དགེ་བའི་རྩ་བ་མི་དམིགས་པའི་ཚུལ་གྱིས ་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་ཕྱིར། འདས་དུས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། བྱེ་སྟོང་ཞེས་བྱ་བ་ནི་བྱེ་བ་སྟོང་རྣམས་ནའོ།། མྱ་དྲནཱ་ལས་འདས་པ་ཞེས་བྱ་བ་ནི་ཡོངས་སུ་མྱ་ངན་ལས་འདས་ནས་རིང ་པོ་མ་ལོན་པ་བསྟན་པ་མ་ནུབ་པ་རྣམས་ཞེས་བྱ་བའི་ཐ་ཚིག་སྟེ། ཡོངས་སུ་མྱ་ངན་ལས་འདས་ནས་རིང་ཞིག་ལོན་པ་ནི་གོང་དུ་འདས་པ་ཉིད་དུ་བཤད་ཟིན་པའི་ཕྱིར་རོ།། དེ་བར་ཞེས་བྱ་བ་ནི་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ ་དང་དམ་པའི་ཆོས་ནུབ་པའི་དུས་ཀྱི་བར་གྱི་ཞེས་བྱ་བའི་ཐ་ཚིག་གོ།། བསོད་ནམས་དེའི་མཚན་ཉིད་ཇི་ལྟ་བུ་ཞིག་ཅེ་ན། ཕ་རོལ་ཕྱིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕ་རོལ་དུ་ཕྱིན་པའི་ངོ་བོ་ཉིད་རྒྱུའི་གནས ་སྐབས་ཀྱིས་བསྡུས་པ་དང་སངས་རྒྱས་ཀྱི་ཆོས་ཀྱི་བདག་ཉིད་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་འབྲས་བུས་རབ་ཏུ་ཆེ་བ་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ།། གང་ཡང་ཞེས་བྱ་བ་ནི་བསོད་ནམས་ཞེས་བྱ་བར་སྦྱར་རོ།། སངས ་རྒྱས་སྲས་རྣམས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་སྲས་རྣམས་ཀྱི་དགེ་བ་ཟག་པ་དང་བཅས་པ་སྟེ། གཞན་ནི་སློབ་པ་ལ་སོགས་པའི་བྱེ་བྲག་གིས་བཤད་པའི་ཕྱིར་རོ།། ཟག་པ་མེད་པ་ཞེས་བྱ་བ་ནི་ཆོས་གང་དག་ཡིན་པ་ཞེས་བྱ་བ་ནི་ཆོས ་ཡང་དག་ཡིན་པ་ཞེས་བྱ་བ་ལྷག་མ་ཡིན་ནོ།། བསྡུས་ནས་ཞེས་བྱ་བ་ནི་བློས་བསྡུས་ནས་བསོད་ནམས་དེ་ཞེས་བྱ་བ་ལ་ཁོང་ནས་དྲང་ངོ་།། བྱང་ཆུབ་ཕྱིར་ཞེས་བྱ་བ་ནི་དེའི་ཆེད་དུའོ།། བསྔོ་ཞེས་བྱ་བ་ནི་ཡོངས་སུ་བསྔོ་བར་བྱེད་པའོ།། དེ ་ལྟར་ཡོངས་སུ་བསྔོ་ཞེས་བྱ་བ་ནི་ཡོངས་སུ་བསྔོ་བར་བྱེད་པའོ།། གལ་ཏེ་སེམས་སུ་འདུ་ཤེས་འབྱུང་འགྱུར་ཞིང་ཞེས་བྱ་བ་ནི་ཡོངས་སུ་བསྔོ་བའི་སེམས་ལྕེ་འཛིན་པ་ལ་སོགས་པར་ཞེན་པོ་སྟེ་འདུ་ཤེས་ཀྱི་དོན་ནི་ཐམས་ཅད་ལ་ཡང ་དེ་དང་འདྲ་བར་ཁོང་དུ་ཆུད་པར་བྱའོ།། འདུ་ཤེས་ན་ཉེས་པ་ཅི་ཞིག་ཡོད་ན་ཙམ་འདུ་ཤེས་ཕྱིར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྷ་གནས་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་ལ་མངོན་པར་ཞེན་པའོ།། འདི་ལྟར་སེམས་སྔར་བཤད ་བའི་འདུ་ཤེས་གསུམ་གྱི་མཚན་ཉིད་ཀྱི་ཆགས་པ་གསུམ་པོ་དེ་ལ་ཆགས་པ་གསུམ་པོ་དེ་ལ་ཆགས་པ་ཡིན་ཏེ། དེ་ལྟ་ན་ཡང་ཡོངས་སུ་བསྔོས་པར་མི་ཆུང་པས་ན་དམིགས་པ་ཡོད་པས་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ཡོངས་སུ་བསྔོ ་ནི་སྟོན་བསགས་པའི་དགེ་བ་ལ་བརྟེན་ནས་རྫོགས་པའི་སངས་རྒྱས་ཉིད་དུ་རུང་བའི་སེམས་སྐྱེ་བ་ཡིན་ཏེ། སྒྲོ་འདོགས་པའི་སེམས་ནི་དེ་དང་མཐུན་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ།། མི་དམིགས་པ་ནི་ཕྱིན་ཅི་མ་ལོག་པ་ཡིན་པས་ཕྱིན་ཅི་མ ་ལོག་པའི་བསྔོ་བ་སྟེ། དེ་ཡང་སྐད་ཅིག་མ་ཉིད་དུ་སོ་སོར་རྟོག་པས་བདག་ཏུ་ཕྱིན་ཅི་མ་ལོག་པོའི་སྒོ་ནས་ནི་གྲོལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། གང་དུ་ཞེས་བྱ་བ་ནི་བྱང་ཆུབ་ཏུའོ།། འདི་སྐད་དུ་རྣམ་པར་རྟོག་པས་ཡུལ་དུ ་མ་བྱས་པར་ནི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་མི་སྲིད་ལ་དེར་རྣམ་པར་རྟོག་པ་ཡང་དུས་སྡུས་ཡིན་པས་རེ་ཞིག་ན་ཡང་དག་བར་ན་དེའི་དམིགས་པར་གྱུར་པ་བྱང་ཆུབ་ཀྱང་འཇིག་པར་འགྱུར་ཏེ། དེ་དང་ཐ་མི་དད་པའི་ཕྱིར་རོ་ཞེས་བཤད་པ་ཡིན་ནོ།། ་རྒྱོཆོ་བོ་ལ་ཕྱིན་ཅི་མ་ལོག་པའི་སྒོ་ནས་ནི་ཆོས་ཀྱིས་ཞེས་བྱ་བྱ་ལ་སོགས་པ་གསུངས་པ་ཡིན་ནོ།། ཆོས་ཐམས་ཅད་ཕན་ཚུན་གཟུང་བ་ལ་སོགས་པའི་ཡིན་པའི་ཕྱིར་དང་ཡང་དག་པར་ན་མ་སྐྱེས་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ཏེ། ཆོས་ཀྱིས་ཆོས ་མི་ཤེས་སོ་ཞེས་བྱ་བ་གང་རྒྱས་པར་གསུངས་པ་ཡིན་ནོ།། རྐྱེན་ཅི་མ་ལོག་པ་ཡང་སྐྱེ་བ་མེད་པ་ལ་ཡང་མཚན་མར་མི་བྱེད་པ་དང་ལྡན་པ་ཡིན་པས་དེའི་ཕྱིར་མཚན་མ་མེད་པའི་བསྔོ་བ་ནི། གལ་ཏེ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ།། ཆོས ་ཀྱེ་མཚན་མ་ཡང་ཁ་ཟས་བཟང་པོ་དུག་དང་འདྲེས་པ་ཟླ་བ་ལྟ་བུར་མཐར་གནོད་པའི་ཕྱིར། ཇི་ལྟར་དུག་ཅེས་བྱ་བ་ལ་སོགས་པ་སྨོས་སོ།། དེ་ལྟ་བས་ན་རྒྱལ་བས་སྣང་བའི་ཡོངས་སུ་བསྔོ་བ་ཁོ་ན་མཆོག་ཡིན་པས་སངས་རྒྱས ་ཀྱིས་སྣང་བའི་སྔོ་བ་སྟེ། དེ་ནི་དེ་ལྟས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། ཇི་ལྟར་ཞེས་བྱ་བ་ནི་ཇི་ལྟར་རྒྱལ་བས་མཁྱེན་པ་ལྟར་རྗེས་སུ་ཡི་རང་བ་དང་ཡོངས་སུ་བསྔོ་བར་བྱའོ་ཞེས་བྱ་བར་སྦྱར་རོ།། དེ་ཞེས་བྱ་བ་ནི་དགེ་བ་དེ་ཞེས་བྱ་བ་ནི་དགེ་བ་དེ ་ཞེས་བྱ་བར་བསྙེག་གོ།། དེ་ཡོངས་སུ་མཁྱེན་པ་ཡང་རྣམ་པ་དང་རྒྱུ་དང་མཚན་ཉིད་ཀྱི་སྒོ་ནས་ཡིན་པར་བསྟན་པའི་ཕྱིར། རྣམ་པ་གང་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་ལྟར་ཞེས་བྱ་བ་ནི་ཚུལ་དེ་ལྟར་ན་སངས་རྒྱས་མི་སྤོང་བའི་རྒྱུ་ཡིན་མོ། ་ལ་བས་གསུངས་པ་སྨྲ་ཞེས་བྱ་བ་ནི་ངེས་གནང་བའི་ཡོངས་སུ་བསྔོ་བ་དང་ལྡན་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ།། དེའི་ཕྱིར་བསོད་ནམས་ཀྱི་ཚོགས་མཚུངས་པ་མེད་པས་བསོད་ནམས་ཆེན་པོའི་བསྔོ་བ་སྟེ་ལྔ་པ་དེ་ནི་དེ་ལྟར་ཡོངས་སུ་བསྔོ ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། ཐམས་ཅད་ཅེས་བྱ་བ་ནི་དམིགས་པ་ཐམས་ཅད་དོ།། ལྷག་མ་ནི་གོ་སླའོ།། དག་པ་འཇིག་རྟེན་པའི་སྒོམ་པའི་ལམ་བཤད་ཟིན་ཏོ།། འཇིག་རྟེན་ལས་འདས་པ་ནི་སྒྲུབ་པ་དང་རྣམ་པར་དག་པའི་མངོན ་པར་རྟོག་པའི་བྱེ་བྲག་གིས་རྣམ་པ་གཉིས་སོ།། དེ་ལ་མངོན་པར་རྟོགས་པ་དང་པོ་ནི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་མིག་ཏུ་གྱུར་པ་ཉིད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་ཆེད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པའི་ཕྱིར་ཏེ། དེ་ནི ་དམུས་ལོང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། དམུས་ལོང་སྨོས་པ་ནི་ཤིན་ཏུ་རང་དབང་མེད་པར་བསྟན་པའི་ཕྱིར་ཏེ་གཞན་ནི་སྔོན་གོམས་པས་ཀྱང་ལ་མ་ཤེས་པར་འགྱུར་རོ།། མིག་མེད་ཅེས་བྱ་བ་ནི་མིག་མེད་པ་དག་སྟེ། དངོས་གཞི་གན ་སྐབས་ན་ཤེས་རབ་ཀྱིས་མིག་མེད་པའི་ཕྱིར་རོ།། དམིགས་སུ་མེད་པས་ཞེས་བྱ་བ་ནི་འཇུག་གི་གནས་སྐབས་ན་ཤེས་རབ་ཀྱི་དམིགས་བུ་དང་བྲལ་བའི་ཕྱིར་རོ།། གང་ཚེ་ཞེས་བྱ་བ་ནི་གནས་སྐབས་གང་ནའོ།། ཤེས་རབ་ཀྱིས་ནི་རབ་ཏུ་ཟིན་གྱུར་པ ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་བདག་གིར་བྱས་པ་ཞེས་བྱ་བར་སྦྱར་རོ།། འདིའི་མིང་ཞེས་བྱ་བ་ནི་ཤེས་རབ་ཅེས་བྱ་བའི་མིང་ཅེས་བྱ་བར་བསྙེག་གོ། དེ་མེད་ན་རི་མོའི་ལས་བཞིན་དུ་རྙེད་པ་ཕུན་སུམ་ཚོགས་པའི་མཆོག་མེད ་པས་དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་དོན་གོ་བར་ཟད་དོ།། དེ་ཡང་མི་དམིགས་བྱའི་བདག་ཉིད་ཡིན་པས་མི་དམིགས་པའི་རྣམ་པ་སྒྲུབ་པའི་ཕྱིར་ནི་གང་ཚེ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ནམ་མཁའ ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདུས་བྱས་ལ་སོགས་པ་ལ་དམིགས་པ་དང་འགལ་བས་རྣམ་པ་ཐམས་ཅད་དུ་དབེན་པར་སྤྱོད་ཡུལ་གཅིག་པའི་ཕྱིར་རོ།། འདིས་ནི་དག་པ་འཇིག་རྟེན་པ་ལས་ཁྱད་པར་དུ ་བསྟན་པ་ཡིན་ནོ།། དེའི་སྤྱོད་ཡུལ་ནི་ཆོས་ཐམས་ཅད་སྣང་བཙོམ་ཡིན་པའི་ཕྱིར་ཏེ་རྣམ་པམི་རྟོག་པའི་ཡེ་ཤེས་ཀྱིས་ནི་ཆོས་ཐམས་ཅད་ན་མཁའི་ངོས་དང་འདྲ་བ་ཐུགས་སུ་ཆུད་དོ་རྗེས་ལས་ཐོབ་པ་ནི་ཆོས་ཐམས་ཅད་སྤྲུལ་པ་ལྟ་བུའི་བར་དུ ་གཟིགས་སོ་ཞེས་གང་བཤད་པ་ཡིན་ནོ།། དེ་ལྟར་ན་དམིགས་པ་དང་བཅས་པའི་སྙིང་བརྩེ་བ་ཡང་འཁྲུལ་པ་ཡིན་པས། གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་བར་སླའོ།། དེ་ལྟར་སྒྲུབ་པ་ནི་རིམ་གྱིས་སྒྲིབ་པ་དང ་བྲུལ་བས་མངོན་པར་རྟོགས་པ་གཉིས་པའོ།། དེ་ཉེ་བར་བསྟན་པ་ཡང་རིགས་མཐུན་པ་ལས་རབ་ཏུ་སྐྱེ་བའི་རྒྱུ་ཅན་ཡིན་པས་དེ་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ།། སྔོན་སྤྱད་སྤྱོད་པའི་ཚེ་ཞེས་བྱ་བ ་ནིནི་ཚེ་སྒྱུ་མ་ལའོ།། སོམཱ་ཉི་མེད་ཅེས་བྱ་བ་ནི་བློ་གྲོས་སོམ་ཉི་མེད་པ་ཁོ་ནར་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ།། ཐོས་མ་ཐག་ཏུ་ཞེས་བྱ་བ་ནི་ཐོས་པ་ཙོམ་ཁོ་ན་སྟེ། ཚེ་འདི་ལ་ཞེས་བྱ་བ་ལྷག་མ་ཡིན་ནོ།། སྟོན་པའི་འདུ་ཤེས་པ་སྐྱེད་ཅེས་བྱ་བ་ནི་ཤོས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཞེས་བྱ་བར་སྦྱར་རོ།། དེས་ནི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དེ་ཉིད་ཀྱིས་རྟོགས་པར་འགྱུར་ཞེས་བྱ་བར་སྦྱར་ཏེ། རྫོགས་པའི་བྱང་ཆུབ་ཏུ་ངེས་པའི་ཕྱིར་མཐུན་པའི་རྒྱུ་ཕུན་སུམ་ཚོགས་པས་དེ་ཁོ་ན་ཉིད་ལ་མོས ་བའི་ཕྱིར་འགྱུར་ཞེས་བྱ་བར་ནི་འགྱུར་རོ།། དེ་སྤོང་བའི་རྒྱུ་སེལ་བའི་སྒོ་ནས་ནི་སྔོན་སྤྱོད་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏོ།། བསྙོན་བཀུར་བྱས་སུ་ཟིན་ཀྱང་ཞེས་བྱ་བ་ལྷག་མ་ཡིན་ནོ།། སྤོང་བྱེད་དེ་ཞེས་བྱ་བ་ནི་བདེ་བར་གཤེགས་པ་ལ ་མཆོད་པ་ཤེས་རབ་ལ་མོས་པ་མེད་པ་ནི་དེ་ལ་མོས་པའི་རྒྱུ་མ་ཡིན་པའི་ཕྱིར་རོ།། སྐྱབས་མེད་གྱུར་པ་ནི་དེ་ཁོ་ན་ཉིད་སྤོང་ན་བསོད་ནམས་ཐམས་ཅད་སྤངས་པའི་ཕྱིར་རོ།། དེ་ཁོ་ན་ཉིད་ལ་མོས་པ་ཕུན་སུམ་ཚོགས་པ་ནི་དེ་དང་རིགས་མཐུན་པ་ལས་ར ་ཏུ་སྐྱེ་བ་ཅན་ཡིན་པས། དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ལེགས་པར་དོན་དུ་གཉེར་བདེ་སྤོང་བ་དང་ལྡན་པ་ནི་ཚོང་པ་རིང་པོ་ཆེའི་གླིང་དུ་འགྲོ་བ་རུང་ཟོང་ཟད་པ་བཞིན་དུ་བདེ་བར་གཤེགས་པ་ལ་མཆོད་པ་ལ་སོགས་པ་ཡང་དོན་མེད་པ་ཁོ་ནར་འགྱུར ་བསོ། དཔེར་ན་ཚོང་བ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། འབྲས་བུ་དག་པའི་རྣམ་པའི་སྒོ་ནས་ནི་གཟུགས་ཀྱི་དགེ་བ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ།། གཟུགས་ཀྱི་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཡིན་པའི་ཕྱིར་ཕུང་པོ་ལ་སོགས་པའི་ཞེས་བྱ་བའི ་ཐ་ཚིག་གོ།། འབྲས་བུའི་དག་པ་ནི་སློབ་པའི་གནས་སྐབས་ན་ཏེ། དག་པ་ནི་སྒྲོ་བཏགས་པས་དབེན་པའི་སྒོ་ནས་ཡིན་པར་སྦྱར་རོ།། དེའི་ཕྱིར་གཟུགས་ལ་སོགས་པ་དེ་དང་མི་སློབ་པའི་གནས་སྐབས་སུ་ཡང་ཐ་མི་དད་པས་འབྲས་བུ་གཟུགས་དག་ཅེས་བྱ ་བ་ལ་སོགས་པ་སྨོས་སོ།། གཞན་ཉིད་ཡིན་བཞིན་དུ་ཇི་ལྟར་དེ་ལྟར་ཡིན་ཞེ་ན། ནམ་མཁའ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབྱེར་མེད་བཅད་དུ་མེད་ཅེས་བྱ་བ་ནི་གོ་རིམ་བཞིན་དུ་རྫས་དང་རྣམ་པ་ཐ་དད་པ་མེད་པའི་ཕྱིར། དེ་ལྟར་རོ་གཅིག་པར་རྟོགས ་པ་ཉིད་དུ་དག་པ་ཡིན་ནོ།། སྙམ་དུ་དགོངས་པ་ཡིན་ཏེ། དེ་ལྟ་བུ་འདི་ནི་ལམ་གྱི་རྣམ་པར་ཤེས་པ་ཉིད་ཀྱི་མཚན་ཉིད་བཤད་པ་ཡིན་ནོ།། ། འདི་མན་ཆད་ནི་བྱང་ཆུབ་གཞན་ཤེས་པར་བྱས་ནས་སྤང་བར་བྱ་དགོས་པ་ཐམས་ཅད་ཤེས་པ་ཉིད་ཀྱི ་མཚན་ཉིད་དེ། དེ་ཡང་ཤེས་པས་སྲིད་ལ་མི་གནས་ཤིང་། སྙིང་རྗེས་ཞི་ལ་མི་གནས་དང་།། ཐབས་མ་ཡིན་པས་རིང་བ་དང་།། ཐབས་ཀྱིས་རིང་བ་མ་ཡིན་ཉིད།། མི་མཐུན་གཉེན་པོའི་ཕྱོགས་དག་དང་། སྦྱོར་དང་དེ་ཡི་མཉམ་ཉིད་དང་།། ཉན་ཐོས་ལ ་སོགས་མཐོང་བའི་ལམ།། དེ་འདྲ་ཀུན་ཤེས་ཉིད་དུ་འདོད།། ཕུང་པོ་ལ་སོགས་པ་ཙམ་ལ་མི་རྟག་པ་ལ་སོགས་པའི་རྣམ་པར་ཤེས་པའི་ཕྱིར་ཏེ། བཅོམ་ལྡན་འདས་ཅིའི་སླད་དུ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཐམས ་ཅད་ཤེས་པ་ཉིད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཐམས་ཅད་ཅེས་བྱ་བ་ནི་འདི་ལྟ་སྟེ། ནང་དང་ཕྱིའི་ཆོས་འདི་ཙམ་དུ་ཟད་ལ་དེ་དག་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཤེས་ཀྱི་ལམ་ཐམས་ཅད་ཀྱིས་ཀྱང་མ་ཡིན་པ་རྣམ ་ཡི་སུངས་པ་ཡིན་ནོ།། དེ་ཡང་སྲིད་པ་དང་ཞི་བ་ལ་མི་གནས་པའི་སྒོ་ནས་སྤོང་བས། ཁམས་གསུམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁམས་གསུམ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པ་དག་གོ།། དེ་དག་ལས་ཡང་དག་འདས་པ་ནི་དེ་དག ་གི་རང་གི་ངོ་བོ་ཡོངས་སུ་ཤེས་པས་དེ་ལ་སྲེད་པ་མེད་པའི་ཕྱིར་རོ།། རྣམ་པར་གྲོལ་བའང་མིན་ཞེས་བྱ་བ་ནི་གཞན་ལ་ཕན་པར་བྱ་བའི་ཕྱིར་སྐྱེ་བ་ལ་སོགས་པ་སྟོན་པའི་ཕྱིར་རོ།། དེ་ཉིད་བསྟན་པའི་ཕྱིར་ཉོན་མོངས་གུསལ་བར་གྱུར་ཀྱང་ཞེས་བྱ་བ། ་ལ་སོགས་པ་གསུངས་ཏེ་ཉོན་མོངས་པ་དང་བྲལ་ཡང་སྙིང་རྗེ་ཆེན་པོའི་གཞན་གྱི་དབང་གིས་གྲོང་དུ་རྒྱུ་བ་བཞིན་དུ་སྤྲུལ་པའམ་སྐྱོ་བ་ལ་དབང་ཐོབ་པས་སྐྱེ་བ་ལ་འགལ་བ་མེད་པའི་ཕྱིར་རོ་སྙམ་དུ་དགོད་པ་ཡིནོ།། སྐྱེ་བའི་སྲིད་པའི་ཉོན་མོངས ་པ། ཀུན་གྱི་ཉོན་མོངས་ཤེས་བཤད་པ་གང་ཡིན་པ་དེ་ནི་ཉོན་མོངས་པ་དང་མཐུན་པའི་སྐྱེ་བ་ལ་དགོངས་པ་ཡིན་ཏེ་སྤྲོས་པས་མཆོག་གོ།། ཚུལ་ལུགས་རྨེད་དུ་བྱུང་བ་འདི་ག་ལས་ཡིན་ཞེ་ན། ཤེས་རབ་ཕ་རོལ་ཕྱིན་པ་ཡིས་ཞེས་བྱ་བ་སྨོས་སོ།། ་དེ་ཁྱད་པར་དུ་བྱ་བའི་ཕྱིར་གར་སྤྱོད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་གཞན་ལ་སྙིང་བརྩེ་བས་རབ་ཏུ་ཕྱེ་བ་གང་ཡིན་པ་དེ་ཡི་མིག་འཕྲུལ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ།། འདིའི་མཐུན་པ་ནི་སྲིད ་བའི་ཚོགས་སུ་གྱུར་པའི་ཕྱིར་ཕུང་པོ་ལ་མངོན་པར་ཞེན་པ་ཡིན་པས་འགྲོ་བ་འདི་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ་། མིང་ནི་ཚོར་བ་ལ་སོགས་པའི་ཕུང་པོ་བཞིའོ།། གཟུགས་ནི་གཟུགས་ཀྱི་ཕུང་པོ་སྟེ། མིང་དང་གཟུགས་ནི་ཆགས་པའི་གནས ་ཡིན་པའི་ཕྱིར་དང་། རྒལ་བར་དཀའ་བའི་ཕྱིར་འདམ་རྫབ་ལྟ་བུར་འདམ་ཡིན་ནོ།། དེ་དག་ལ་ཆགས་པ་ཡང་སློང་བའི་རྒྱུ་མ་རུང་སྨྲ་པ་ཡིན་པས་འཁོར་བའི་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁོར་བ་ནི་རླུང་གིས་འཁོར་ལོ ་བཞིན་དུ་ཉོན་མོངས་པ་དང་ལས་དང་ཚེ་རྣམས་རྒྱུན་མི་འཆད་པར་འབྱུང་བའི་ཕྱིར་འཁོར་ལོ་ལྟ་བུ་ཡིན་ནོ།། དེའི་གཉེན་པོ་ཡང་མི་མཐུན་པའི་ཉེས་པ་རྟོགས་པའི་སྒོ་ནས་ནི་འགྲོ་བ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། འཁྲུལ་པ་ཞེས ་བྱ་བ་ནི་འགྲོ་བ་འཁྲུལ་པ་ཞེས་བྱ་བར་སྦྱར་རོ།། རིངགས་རྒྱུར་ཚུང་འདྲ་ཞེས་བྱ་བ་ནི་རི་དུགས་རྒྱར་ཆུད་པ་དང་འདྲ་བར་ཏེ། ངེས་པར་འབྱུང་བ་མ་ཐོབ་པའི་ཕྱིར་རོ།། བདག་ཉིད་མ་འཁྲུལ་པས་འགྲོ་བ་སྐྱབས་པར་འཇུག་པའི་སྒོ་ནས་ནི ་ཤེས་རབ་ལྡན་པ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ།། རྣམ་པར་རྒྱུ་ཞེས་བྱ་བ་ནི་མིང་ལ་སོགས་པ་ལ་མི་གནས་པ་རྣམས་སྙིང་རྗེས་འགྲོ་བ་ལ་ཕན་པར་བྱ་བའི་ཕྱིར་འཇུག་གོ།། དེ་ལྟ་མ་ཡིན་ན་བྱང་ཆུབ་གཞན་སྤོངས་པར་མི་འགྱུར ་རོ། ཞེས་བྱ་བའི་ཐ་ཚིག་གོ།། གཟུགས་ལ་སོགས་པ་འདི་དྲག་ལ་མི་སྤྱོད་པ་ཁོ་ན་སྦྱོར་བ་ཡིན་པས། སྤྱོད་པ་ཡོངས་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆགས་པ་ཐམས་ཅད་ཅེས་བྱ་བ་ནི་གཟུགས་ལ་སོགས་པ་ལ ་བསྟན་པ་དང་ཅིག་ཤོས་ལ་སོགས་པའི་རྣམ་པར་མངོན་པར་ཞེན་པའི་མཚན་ཉིད་དག་གོ། དེ་ཡོངས་སུ་སྤངས་པའི་ཕྱིར་སྤྱོད་པ་མཆོག་ཡིན་པས་ཆགས་ལས་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། སྤྱོད་པ་ཡོངས་དག་གསལ་བར་བྱ་བའི་ཕྱིར ་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། འགྲོ་ཞེས་བྱ་བ་ནི་རྫོགས་པའི་བྱང་ཆུབ་ཏུ་ཞེས་བྱ་བ་ལྷག་མ་ཡིན་ནོ།། རློམ་སེམས་ཐམས་ཅད་དང་བྲལ་ན་སྦྱོར་བ་མཉམ་པ་ཉིད་ཀྱིས་ཉི་མ་བཞིན་དུ་འོད་གསལ་བའི་ཕྱིར་དང་མེ་བཞིན་དུ་འགྲོ་བ ་ཉོན་མོངས་པའི་བུད་ཤིང་སྲེག་པའི་ཕྱིར་ནི། ཉི་མ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ་དོན་གོ་བར་ཟད་དོ།། དེ་ལྟར་རབ་ཏུ་སྦྱོར་བ་ནི་རང་བཞིན་གྱིས་དགེ་བ་ཡིད་ལ་བྱེད་པའི་སྒོ་ནས་ཐམས་ཅད་ཤེས་པ་ཉིད་ཀྱི་ལམ་སྤོང་སྟེ། དེའི་ཡུལ ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་བྱེ་བྲག་གིས་བདེན་པ་བཞི་ཡིན་པའི་ཕྱིར། ཆོས་རྣམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་བཞིན་སྐྱེས་བྱ་བ་ནི་རང་བཞིན་གྱིས་ཉོན་མོངས་པ་མེད་པའི་ཕྱིར་རོ།། ཡོངས ་དག་ཅེས་བྱ་བ་ནི་ཤེས་བྱའི་སྒྲིབ་པ་དང་བྲལ་བ་སྟེ། ཡང་དག་པར་ན་མེད་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ།། གལ་ཏེ་དེ་ལྟར་ན་འོ་ན་ནི་ལྟ་བ་པོ་དག་གི་མཚན་ཉིད་ལེན་པའི་ཕྱིར་བདག་ཏུ་དམིགས་པ་མ་ཡིན་ནམ་ཞེ་ན། བྱེད་པ་པོ་ཡང་མི ་དམིགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་བས་ན་གང་ཟག་མི་དམིགས་པ་འདིས་ནི་ཐམས་ཅད་ཤེས་པ་ཉིད་ཀྱི་མཐོང་བའི་ལམ་མཚོན་པ་ཡིན་ཏེ། ཉན་ཐོས་ལ་སོགས་པའི་རྟོགས་པ་ནི་ཕལ་ཆེར་གང་ཟག་ཙམ་མ་དམིགས་པའི་ངོ་བོ་ཡིན ་པའི་ཕྱིར་རོ།། ལམ་གྱི་རབ་ཏུ་དབྱེ་བ་འདི་ནི་ལམ་གྱི་རྣམ་པར་ཤེས་པ་ཉིད་ཀྱི་སྐབས་སུ་རྒྱས་པར་བཤད་ཟིན་པས་ཡང་མི་བརྗོད་དོ།། ཆོས་ཐམས་ཅད་མི་དམིགས་པའི་སྒོ་ནུས་དེ་སྤོང་བ་ནི། ཆོས་ཀུན་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དེ་ལྟ་བུ ་ཐམས་ཅད་ཤེས་པ་ཉིད་ཀྱི་མཚན་ཉིད་ཡིན་ནོ།། །། བྱང་ཆུབ་སེམས་དཔས་དེ་ལྟར་ངེས་པར་གཟུང་ནས་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་མཚན་ཉིད་ཀྱི་སྦྱོར་བ་ཡིད་ལ་བྱ་དགོས་པས་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས ་སྟེདེ་ཡང་རྟེན་ནི་སྦྱོར་བར་བཅས་པ་དང་།། ཡོན་ཏན་སྐྱོན་ནི་མཚན་ཉིད་བཅས།། ཐར་དང་ངེས་འབྱེད་ཆ་མཐུན་དང་།། སློབ་པ་ཕྱིར་མི་ལྡོགས་པའི་ཚོགས།། སྲིད་དང་ཞི་བ་མཉམ་ཉིད་དང་།། ཞིང་ངག་བླ་ན་མེད་པ་ནི།། རྣམ་ཀུན་མངོན་རྫོགས་རྟོགས་པ་སྟེ།། ་འདི་ནི་ཐབས་མཁས་བཅས་པ་ཡིན།། དེ་ལ་རེ་ཞིག་སྦྱོར་བའི་རྟེན་ནི་རྒྱལ་བ་ལ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏོ།། ཤེས་རབ་སྤྱོད་ཅེས་བྱ་བ་ནི་ཤེས་རབ་ལ་མི་སྐྲག་པའི་སེམས་ཀྱིས་འཇུག་པ་ཞེས་བྱ་བའི་ཐ་ཚིག་གོ།། འདི་ནི་སྦྱོར་བའི་རྟེན ་བྱང་ཆུབ་སེམས་དཔའི་སྔོན་གྱི་སངས་རྒྱས་ལ་ལྷག་བར་བྱ་བ་བྱས་པ། དེ་ལ་དགེ་བའི་རྩ་བ་བསྐྲུན་པ། བཤེས་གཉེན་དམ་པ་ལ་བརྟེན་ལ། ཤེས་རབ་ལ་མོས་པ་དང་ལྡན་པ་ཡིན་ནོ་ཞེས་བསྟན་པ་ཡིན་ཏེ། གཞན་ལ་ནི་སྤྱོད་པ་འདི་ལྟ་བུ་མི་འཐད་པའི ་ཕྱིར་རོ་ཞེས་སྔར་རྒྱ་ཆེར་བཤད་ཟིན་ཏོ།། སྦྱོར་བ་འདི་ནི་རྣམ་པ་བཅུ་སྟེ། འདི་ལྟ་སྟེ་སྦྱོར་བ་མེད་པའི་སྦྱོར་བ་ནི། ཕུང་པོ་ཁམས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁམས་ལ་ཞེས་བྱ་བ་ནི་མིག་སོགས་པ་ལའོ།། ཡང་ཕུང་པོ ་ཞེས་བྱ་བ་སྨོས་པ་ནི་ཟག་པ་མེད་པའི་ཕུང་པོ་ཡིན་པར་གཟུང་བའི་ཕྱིར་རོ།། བྱང་ཆུབ་སེམས་དཔའི་བརྩོན་ཞེས་བྱ་བ་ནི་སྦྱོར་བ་མེད་པ་ཉིད་རྣམ་པ་ཐམས་ཅད་དུ་ཕྱིན་ཅི་མ་ལོག་པ་ཉིད་ཀྱིས་བརྩོན་པའི་བདག་ཉིད་ཡིན་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན ་ནོ།། ཤེས་རབ་ལ་ཐེ་ཚོམ་མེད་པ་ནི་ལུང་བསྟན་པའི་གཞི་ཡིན་པའི་ཕྱིར་ལུང་བསྟན་པའི་སྦྱོར་བ་ནི། སེམས་ཅན་དེ་ནི་རིང་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། སྦྲུལ་དང་སྒྱུ་མ་འདྲ་ཞེས་བྱ་བ་ནི་དེ་དག་དང་འདྲ་བའི་ཕྱིར་རོ།། ཕྱིར་མི་ལྡོག་པའི ་སྦྱོར་བ་ནི་སོམ་ཉི་མེད་པའི་སྦྱོར་བ་ལ་ཕྱིར་མི་ལྡོག་པ་ཡིན་པའི་ཕྱིར། ཕྱིར་ཞིང་སྦྱོར་བྱེད་ཅེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། སློབ་ལ་ཞེས་བྱ་བ་ནི་ལྷག་པའི་ཚུལ་ཁྲིམས་དང་ལྷག་པའི་སེམས་ཀྱི་བསླབ་པ་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ།། ངེས་པར ་འབྱུང་བའི་སྦྱོར་བ་ནི་དགོན་པར་ཞུགས་པས་གནག་རྫི་ལ་སོགས་པ་མཐོང་བ་བཞིན་དུ་ཤེས་རབ་མཉན་པ་བར་དུ་གཅོད་པའི་ཐིབས་པོ་ཐམས་ཅད་ལས་འདའ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ།། དགོན་པའི་ལམ་ནི་ཞེས་བྱ་བ་ལ་སོགས་པ་འཐུང་བ ་ཡིན་ཏེ། མཚམས་ཀྱི་ནགས་ཚལ་ཕུན་སུམ་ཚོགས་ཞེས་བྱ་བ་ནི་གྲོང་ལ་སོགས་པའི་མཚམས་དང་ལྡན་པའི་ནགས་ཚལ་ཕུན་སུམ་ཚོགས་པ་ཞེས་བྱ་བའི་ཐ་ཚིག་གོ། ཉེ་བའི་ཞེས་བྱ་བ་ནི་དེ་ན་ཡོད་པའི་གྲོང་ལ་སོགས་པ་གང་ཡིན་པ་དེ་དག་ཉེ་བའི ་འོ།། འདི་དག་ཅེས་བྱ་བ་ནི་གནག་རྫི་ལ་སོགས་པའི་རྟགས་སོ།། ནགས་ཞེས་བྱ་བ་ནི་དབུགས་ཕྱིན་པའི་རྒྱུའོ་སྙམ་དུ་དགོངས་པ་ཡིན་ནོ།། དབུལ་ཕྱིན་ཐོབ་པར་གྱུར་ཅིང་ཞེས་བྱ་བ་ནི་ཤེས་རབ་མཉན་པ་སྲིད་པའི་ཉེས་པའི་གཉེན་པོ་ཡིན་པའི་ཕྱིར་རོ།། འཇིག ་མེད་དེ་ཞེས་བྱ་བ་ནི་རྫོགས་པའི་བྱང་ཆུབ་ཏུ་སྨོན་པས་གཞན་གྱིས་གེགས་བྱེད་པ་ཡིན་པའི་ཕྱིར་རོ།། དེ་བསལ་བར་བྱ་བའི་ཕྱིར། དགྲ་བཅོམ་ཞེས་བྱ་བ་ལ་སོག་པ་སྨོས་སོ།། རྟག་ཏུ་སྦྱོར་བ་ནི་རྒྱ་མཚོ་ཆེན་པོར་འགྲོ་བ་བཞིན་དུ་རྫོགས་པའི་བྱང ་ཆུབ་ཏུ་ཞུགས་པ་ཡང་། དེ་དང་ཉེ་བར་གྱུར་ན་རྟག་ཏུ་འཇུག་པའི་རྟགས་མཐོང་བ་ཡིན་པའི་ཕྱིར་མི་ཞིག་ཅེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། རྟགས་ཞེས་བྱ་བ་ནི་རིང་བའི་རྟགས་ཏེ་ཤིང་ལ་སོགས་པ་ཞེས་བྱ་བའི་ཐ་ཚིག་གོ།། རྒྱ་མཚོ་ཆེན་པོ་ཉེ ་བར་གྱུར་ཏོ་སྙམ་ཏེ་ཞེས་བྱ་བ་ནི་དེ་དང་ཉེ་བ་ན་ཤིང་ལ་སོགས་པ་མེད་པའི་ཕྱིར་རོ།། རིག་པར་བྱ་ཞེས་བྱ་བ་ནི་ཤེས་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ།། དེ་ཅི་ཞིག་ཅེ་ན། རྣམ་པར་འདྲེན་པས་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། བདག་ཅེས ་བ་ནི་བདག་ཉིད་དོ།། རེག་པར་འགྱུར་ཞེས་བྱ་བ་ནི་མངོན་དུ་བྱེད་པར་འགྱུར་བ་སྟེ་དེའི་རྟགས་ཐོས་པ་ལ་སོགས་པ་རྟག་ཏུ་དམིགས་པའི་ཕྱིར་རོ།། སྙམ་དུ་དགོངས་པ་ཡིན་ནོ།། མངོན་པར་རྫོགས་པར་བྱང་ཆུབ་པར་ཉེ་བའི་སྦྱོར་བ་ནི་དཔྱིད་ཀྱི ་དུས་སུ་ལོ་མ་ལྷགས་པའི་སྡོང་པོ་བཞིན་དུ་ཤེས་རབ་ཐོབ་པ་ཡང་དྲི་མ་མེད་པའི་ཡོན་ཏན་གྱི་ལོ་མ་ལ་སོགས་པ་ཉེ་བའི་གཞིར་གྱུར་པ་ཡིན་པའི་ཕྱིར། དཔྱིད་དུས་བཟང་ལ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། དཔྱིད་དུས་བཟང་ལ་ཞེས ་བྱ་བ་སྨོས་པ་ནི་དུས་ལོག་པ་སྤང་བའི་ཕྱིར། བསྐྲུན་ཞེས་བྱ་བ་ནི་འགྲུབ་པར་འགྱུར་བ་སྟེ། ཡལ་ག་རྣམས་ཀྱིས་ལོ་མ་ལ་སོགས་པ་ཞེས་བྱ་བ་བར་སྐབས་དང་སྦྱར་རོ།། ལྷག་མ་ནི་དོན་གོ་བར་ཟད་དོ།། མྱུར་དུ་མངོན་པར་རྫོགས ་པར་བྱང་ཆུབ་པའི་སྦྱོར་བ་ནི་སྦྲུམ་མ་སྡུག་བསྔལ་གྱིས་ཉེན་པ་བཞིན་དུ་ཤེས་རབ་ལ་འདུན་པ་ལ་སོགས་པ་དང་ལྡན་པ་ལས་མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་འབྱུང་བ་ཡིན་པའི་ཕྱིར་དཔེར་ན་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ།། གང ་ཞེས་བྱ་བ་ནི་སྡུག་བསྔལ་དག་གིས་ཉམས་ཐག་པ་ཞེས་བྱ་བ་ལྷག་མ་ཡིན་ནོ།། སྐྱེད་པ་ཞེས་བྱ་བ་ནི་སྐྱེད་པར་བྱེད་པའི་ཞེས་བྱ་བའི་ཐ་ཚིག་གོ།། འཕེལ་བ་དང་འགྲིབ་པ་མེད་པའི་སྦྱོར་བ་ནི་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བ་མི་དགེ་བ་དང ་ཅིག་ཤེས་དག་ལ་འཕེལ་བ་དང་འགྲིབ་པར་མི་ལྟ་བ་ཡིན་པའི་ཕྱིར་ཤེབ་ཀྱི་ཕ་རོལ་ཕྱིན་མཆོག་ཅེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། གཟུགས་ཞེས་སྨོས་པ་ནི་ཚོར་བ་ལ་སོགས་པ་ཡང་ཉེ་བར་མཚོན་པ་ཡིན་ནོ།། ཆོས་དང་ཆོས་མ་ཡིན་པ ་མི་དམིགས་པའི་སྦྱོར་བ་ནི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་ཀྱི་གཉེན་པོ་མི་མཐུན་པའི་ཕྱོགས་དང་བཅས་པ་དང་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ཅེས་བྱ་བ་དམིགས་པ་ཡིན་པའི་ཕྱིར། གང་ཞིག་ཆོས་དང་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། གང ་ཞིག་མི་མཐོང་བ་དེ་གནས་ཞེས་བྱ་བར་སྦྱར་རོ།། འདིའི་རྣམ་པར་མི་རྟོག་པའི་སྦྱོར་བ་ཡང་འདིར་སངས་རྒྱས་ཀྱི་ཆོས་ལ་སོགས་པ་ལ་ཡང་མི་རྟོག་པ་ཡིན་པའི་ཕྱིར། གང་ཞིག་འདིར་སྤྱོད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། རྣམ ་པར་མི་རྟོག་ཅེས་བྱ་བ་ནི་ངོ་བོ་ཉིད་ལ་རྣམ་པ་པར་མི་རྟོག་པའི་ཕྱིར་རོ།། རྟོག་བྲལ་ཞེས་བྱ་བ་ནི་སྒྲོ་འདོགས་པའི་རྟོག་པ་དང་བྲལ་བའི་ཕྱིར་རོ།། བྱིན་གྱིས་བརླབས་ཀྱིས་སྤྱོད་ཅེས་བྱ་བ་ནི་སྨོན་ལམ་གྱི་ཤུགས་ཀྱིས་འགྲོ་བ་ཡོངས་སུ་སྨིན་པར་བྱ ་བའི་ཆེད་དུ་འཇུག་པའི་ཕྱིར་རོ།། འདིས་ནི་རྣམ་པར་རྟོག་པའི་མཚན་མ་རྣམ་པ་བཞི་དང་བྲལ་བའི་སྦྱོར་བ་བསྟན་པ་ཡིན་ཏེ། ཕུང་པོ་དང་ཕ་རོལ་དུ་ཕྱིན་པ་དང་དེ་ཁོ་ན་ཉིད་དང་། སངས་རྒྱས་ཀྱི་ཆོས་རྣམས་ལ་གོ་རིམ་བཞིན་དུ་རང་བཞིན་དང་། གཉེན ་བོ་དང་དེ་ཁོ་ན་ཉིད་དང་ཐོབ་པར་རྟོག་པའི་མཚན་མའི་མཚན་ཉིད་ཡིན་པའི་ཕྱིར་རོ།། མཚན་མའི་རབ་ཏུ་དབྱེ་བ་འདི་ནི་རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་བསྟན་པ་ལ་ཁོང་དུ་ཆུད་པར་བྱའོ།། དེ་ལྟར་སྦྱོར་བ་ཁ་ན་མ་ཐོ་བ་མེད་པའི་ཕན་ཡོན་མདོར ་བསྟན་པ་མི་འདི་ནི་ཤེས་རབ་ཅེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། དེ་ལྟར་སྦྱོར་བ་ནི་བདུད་ཀྱིས་ཟིལ་གྱིས་མི་ནོན་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ།། འདི་ལ་བདུད་ཀྱི་བར་དུ་གཅོད་པར་འགྱུར་བ་ཡང་གང ་དགྲ་ཡིན་ཞེ་ན། སྨྲ་བའི་ཟླ་བ་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རབ་འབྱོར་གྱིས་ཞུས་པ་ནི་དེས་གདུལ་བའི་འགྲོ་བ་དད་པར་བྱ་བའི་ཕྱིར་རོ།། སྨྲ་བའི་ཟླ་བ་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་གསལ་བར་བྱེད་པ་ཡིན་པའི་ཕྱིར་ཏེ། དེ་བས། ་ན་དེ་ལ་ཞུའོ་སྙམ་དུ་དགོངས་པ་ཡིན་ནོ།། ཡོན་ཏན་ནི་ཤེས་རབ་ལ་སྦྱོར་བ་སྟེ། དེ་ཁོ་ནའི་ཁོངས་སུ་ཡོན་ཏན་ཐམས་ཅད་འདུས་པའི་ཕྱིར་རོ།། དེ་ལས་ཞེས་བྱ་བ་ནི་བར་དུ་གཅོད་པར་འགྱུར་བ་དེ་དག་ལས་ཞེས་བྱ་བའི་ཐ་ཚིག་གོ།། ཅུང་ཟད་ཙམ ་ཞེས་བྱ་བ་ནི་བར་དུ་གཅོད་པར་འགྱུར་བ་རྣམ་པ་དགུ་སྟེ། འདི་ལྟ་སྟེ་བྱ་བ་གཞན་ལ་སྤོབས་པ་ནི།། རྒྱལ་བའི་ཤེས་རབ་ཕ་རོལ་ཕྱིན་ཅེས་བྱ་བ་ལ་སོགས་པ་ཡིན་ཏེ། འདྲི་ཚེ་ཞེས་བྱ་བ་ནི་འདྲི་བའི་ཚེ་ནའོ།། ཐ་དད་པ་ཉིད་ནི ་ཡུལ་ཐ་དད་པའི་ཕྱིར་རོ།། རྣམ་པ་དུ་མ་ཉིད་ནི་ཡུལ་གཅིག་ལ་རྣམ་པ་སྣ་ཚོགས་པའི་ཕྱིར་རོ།། དེ་ལ་སྤོབས་པ་མྱུར་བ་ཉིད་ནི་ཤེས་རབ་འདྲི་བར་སེམས་པ་བར་མ་དོ་ཁོ་ནར་ལྡོག་པ་ཡིན་པའི་ཕྱིར་རོ།། འགྲོ་བའི་དོན་མ་བྱས་པར་ཞེས་བྱ་བ་ལ་སོགས་པ ་འཐུང་བ་ཡིན་ནོ།། དོན་ཞེས་བྱ་བ་ལ་དོན་ནི་ཤེས་རབ་འདྲི་བ་ལ་སོགས་པ་ཡིན་ཏེ། དེ་ནི་འགྲོ་བ་ལ་ཕན་པའི་རྟེན་ཡིན་པའི་ཕྱིར་རོ།། ཕྱིར་ཕྱོགས་པའི་རྒྱུ་མཚན་འཛིན་པ་ཉིད་ནི་འདི་ལས་བདག་གིས་མིང་མ་སྨོས་པའི་སྒོ་ནས་ལུང་བསྟན་པ་མེད་དོ། ་སྙམ་ནས་ཕྱིར་ཕྱོགས་ཤིང་སྤོང་བ་སྲིད་པའི་ཕྱིར་འདི་བཤད་ཚེ་ན་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ་རིགས་ནི་ཆོ་རིགས་སོ།། བདུད་ཀྱི་ལས་ཞེས་བྱ་བ་ནི་དེ་ནི་ཞེས་བྱ་བ་ལྷག་མ་ཡིན་ཏེ་བདུད་ཀྱི་བྱིན་གྱིས་བརླབས་ཁོ་ནས་སྤོང་བ་སྟེ། དེ་ལྟ་བུ་འབྱུང ་བའི་ཕྱིར་རོ།། རྩ་བ་མདོར་བ་ནི་ཡལ་ག་ལ་སོགས་པ་ལྟ་བུའི་ཆོས་གཞན་གྱི་གཞི་ཡིན་པས་ཐམས་ཅད་ཀྱི་རྩ་བར་གྱུར་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མདོར་བ་ཡིན་པའི་ཕྱིར་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། ཐེག་པ་མཆོས ་ལས་ཉམས་པ་ནི་གླང་པོ་དོན་དུ་གཉེར་བ་ཞིག་དེ་སྙེད་ཀྱང་དེའི་རྗེས་འཚོལ་བ་བཞིན་དུ་ཐེག་པའི་མཆོག་ཏུ་གྱུར་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྤངས་ནས་མདོ་གཞན་འཚོལ་བར་བྱེད་པ་ཡིན་པའི་ཕྱིར། གླང་པོ་ཞེས་བྱ་བ་ལ ་སོགས་པ་གསུངས་པ་ཡིན་ནོ།། གྱ་ནོམ་པའི་རོ་མྱང་བ་ལས་ཉམས་པ་ནི་ཁ་མས་བཟང་པོ་བོར་ནས་ཁ་ཟས་དྲན་པ་འཚོལ་བ་བཞིན་དུ་ཤེས་རབ་བོར་ནས་ལམ་གཞན་གྱིས་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བར་བྱེད་པ་ཡིན་པའི་ཕྱིར་དཔེར ་ནལ་ལ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། དགྲ་བཅོམ་རྣམས་ཀྱི་ས་དང་དེ་དང་ལྡན་པའི་མདོ་ལ་སོགས་པས་སོ།། བཀུར་སྟི་ལ་སོགས་པ་ལ་བལྟོས་པ་ཉིད་ནི། བཀུར་སྟི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ལྷ་དང་བཅས་པའི ་སེམས་ཞེས་བྱ་བ་ནི་སྟི་ལ་སྟང་ལ་སོགས་པ་ལ་ཞེས་བྱ་བར་སྦྱར་རོ།། འདྲིས་བྱེད་ཅེས་བྱ་བ་ནི་བཤེས་པར་བྱེད་པའོ།། ཐབས་མ་ཡིན་པས་ཐབས་ལ་མཁས་པ་འཚོལ་བས་ནི་ཆོས་བཏང་ནས་ནི་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། ཆོས་ནི ་ཤོས་རབ་ཅེས་བྱ་བ་ཡིན་ནོ།། ཆོས་མིན་ཞེས་བྱ་བ་ནི་བདུད་ཀྱིས་བསྟབས་པའི་མདོ་གོམས་པར་བྱེད་པའོ།། ལམ་གོལ་འགྲོ་བ་ཅེས་བྱ་བ་ནི་དེ་ལྟ་བུར་ཞེས་བྱ་བ་ལྕུག་མ་ཡིན་ནོ།། སྟོན་པར་བྱེད་པ་ལ་དགའ་བ་མེད་པ་ནི། གང་དག་དེའི་ཚེ་ནུ་ཞེས་བྱ་བ ་ལ་སོགས་པ་འབྱུང་བ་ཡིན་ཏེ། འདུན་ཅིང་ཞེས་བྱ་བ་ནི་མངོན་པར་འདོད་ཅིང་ངོ་།། དང་གྱུར་ནས་ཞེས་བྱ་བ་ནི་ཤེས་རབ་ཀྱི་འབྲས་བུ་ལ་མངོན་པར་ཡིད་ཆེས་པའི་ཕྱིར་རོ།། བྱ་བ་ལྡན་ཞེས་བྱ་བ་ནི་བྱ་བ་གཞན་ལ་བྲལ་བའོ།། རིག་ནས་ཞེས་བྱ་བ ་ནི་ཤེས་ནས་སོ།། བར་དུ་གཅོད་པ་མང་བ་ཉིད་བསྟན་པའི་ཕྱིར་དེའི་ཚེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་ཚེ་ན་ཞེས་བྱ་བ་ནི་ཤེས་རབ་འདྲི་བ་ལ་སོགས་པའི་ཚེ་ནའོ།། གང་དག་གིས་ཞེས་བྱ་བ་ནི་གང་རྣམས་ཀྱིས་སོ།། དགེ ་སློང་སྨོས་པ་ནི་ལས་གཞན་མེད་པ་རྣམས་ལ་ཡང་བར་ཆད་བྱེད་པ་ཡོད་པ་བསྟན་པའི་ཕྱིར་རོ།། བར་ཆད་བྱེད་པའི་རྒྱུ་བསྟན་པའི་ཕྱིར་རིན་ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིན་ཆེན་ཆོས་ཞེས་བྱ་བ་ནི་ཆོས་ཐམས་ཅད ་ཀྱི་དེ་ཁོ་ན་ཉིད་སྟོན་པར་བྱེད་པ་ཡིན་པའི་ཕྱིར་རོ།། དཀོན་ལ་ཞེས་བྱ་བ་ནི་ཤེས་རབ་རྙེད་པ་ནི་ཡུན་རིང་མོ་ཞིག་ནས་ཞུགས་པས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ་ཞེས་བཤད་དོ།། དེའི་ཕྱིར་དེ་ནི་ཞུགས་ནས་རིང་པོ་མ་ལོན་དུ་མི་འཐོབ་པས། ཐེག་པ ་གསར་དུ་ཞུགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བློ་ཆུང་བ་ཅེས་བྱ་བ་ནི་བློ་གྲོས་ཚད་ཡོད་པའོ།། འོན་ཀྱང་ཅིའི་ཕྱིར་མ་རྙེད་ཅེ་ན། དེ་ལ་བར་ཆད་བྱ་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དེ་ནི་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཁོ་ནས་རྙེད ་པར་འགྱུར་བར་ཕྱོགས་བཅུའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ཡོངས་སུ་འཛིན་ཞེས་བྱ་བ་ནི་འདྲི་བ་ལ་སོགས་པ་བར་ཆད་མང་བ་ཉིད་དོ།། དེ་ལ་སྦྱོར་བ་ནི་བརྩོན་ནོ་ཞེས་བྱ་བའི་ཐ་ཚིག་གོ།། ཤེས་རབ་ལ་དགོངས་པ་ནི་བཅོམ་ལྡན་འདས་རྣམས་དེ ་ལས་འཁྲུངས་པའི་ཕྱིར་རོ།། མ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རིམ་གྲོ་བྱེད་ཅེས་བྱ་བ་ནི་སྲིད་ཞུ་བྱེད་པའོ།། ཡུམ་གྱུར་ཞེས་བྱ་བ་ནི་ཡུམ་དུ་གྱུར་པའོ།། དགོངས་པ་མཛད་ཅེས་བྱ་བ་ནི་བགེགས་མེད་པར་བྱ་བའི་ཕྱིར་ཞེས་བྱ་བ་ཁོང་ནས ་དྲངངོ་།། བར་ཆད་བྱེད་པའི་རབ་ཏུ་དབྱེ་བ་བཤད་ཟིན་ཏོ།། ། རྣམ་པ་ཀུན་མངོན་པར་རྫོགས་པརྟོགས་པ་འདི་ཁོ་ནའི་མཚན་ཉིད་བརྗོད་པར་བྱ་སྟེ། དེ་ཡང་ཤེས་པ་དང་ཁྱད་པར་དང་བྱེད་པ་དང་། ངོ་བོ་ཉིད་ཀྱི་མཚན་ཉིད་ཀྱི་དབྱེ་བས་རྣམ་པ་བཞིའོ ་དེ་ལ་ཤེས་པའི་མཚན་ཉིད་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྒོ་ནས་རྣམ་པ་བཅུ་སྟེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་དབང་དུ་བྱས་ནས་དེ་དེ་བཞིན་གཤེགས་པ་མངོན་པར་བསྒྲུབ་པ་ཤེས་པ་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཤེས ་རབ་ཀྱིས་བསྐྱེད་པ་ཡིན་པའི་ཕྱིར། གང་དག་ཅེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། འདི་ལས་ཞེས་བྱ་བ་ནི་སྦྱོར་བའི་བདག་ཉིད་ཀྱི་ཤེས་རབ་ཇི་སྐད་བཤད་པའི་དབང་དུ་མཛད་པ་ཡིན་ནོ།། འཇིག་རྟེན་ཞེས་བ་ནི་ཕུང་པོ་ལ་སོགས་པའི་བདག་ཉིད་ཀྱི ་འཇིག་རྟེན་རང་དང་སྤྱིའི་མཚན་ཉིད་དུ་ཡོངས་སུ་གཅོད་བའི་ཕྱིར་ཏེ་དེ་སྟོན་པས་འཇིག་རྟེན་སྟོན་པ་ཞེས་བྱ་བ་གསུངས་སོ།། ངའི་ཕྱིར་བཅོམ་ལྡན་འདས་མ་རྫོགས་པའི་སངས་རྒྱས་ཀྱི་ཡུམ་དངོས་ཡིན་པས། རྒྱལ་བ་ཅེས་བྱ་བ་ལ་སོགས་པ་སྨོས་སོ།། ་སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་ཤེས་པ་ནི་འགྲོ་བ་ཐམས་ཅད་ཀྱི་སེམས་ཀྱི་རབ་ཏུ་དབྱེ་བ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པ་ཡིན་པའི་ཕྱིར། སེམས་ཅན་གཞན་གྱི་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ།། ཆོས་ཉིད་མི་འཁྲུགས་པ་ཤེས་པ་ནི ་དེ་བཞིན་ཉིད་ནི་སོ་སོའི་སྐྱེ་བོ་དང་འཕགས་པའི་བྱེ་བྲག་གིས་ཀྱང་གཞན་པ་མ་ཡིན་པའི་ཕྱིར། འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། འཇིག་རྟེན་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་དང་སློབ་པའི་ངོ་བོ་ཉི་ས་དངོས་བྲལ་ཞེས་བྱ་བ་ནི་འཛིན་པ་ལ་སོགས ་པར་སྒྲོ་བཏགས་པ་ལོག་པོ་ཙམ་གྱི་བདག་ཉིད་ཡིན་པ་འབའ་ཞིན་ཏུ་ཟད་དེ་དེ་ནི་ཚུལ་འདྲ་བ་ཙམ་དུ་རྣམ་པར་བཞག་པའི་རྗེས་སུ་འགྲོ་བའི་རྣམ་པ་ཡིན་གྱི་ཡང་དག་པའི་རྣམ་པ་ནི་འགོའ་ཡང་མེད་དོ་སྙམ་དུ་དགོངས་པ་ཡིན་ནོ།། ཤེས་རབ་ཕ་རོལ་ཕྱིན ་པས་ཞེས་བྱ་བ་ནི་ལམ་གྱི་རྣམ་པ་སྤྱོད་ཡུལ་ཅན་ཀྱི་ཤེས་རབ་ཀྱིས་སོ།། མཁྱེན་ཞེས་བྱ་བ་ནི་ཐུགས་སུ་ཆུད་པ་སྟེ་དེ་བཞིན་ཉིད་ཅེས་བྱ་བར་སྦྱར་རོ།། ཇི་ལྟར་འདི་ཐ་དད་པ་མ་ཡིན་ཞེ་ན། རབ་ཏུ་དབྱེ་བ་ཤེས་པ་སྟེ་དེ་བཞིན ་གཤེགས་པ་རྣམས་འདས་པ་ལ་སོགས་པས་ཐ་དད་ཀྱང་ཆོས་ཉིད་སོ་ན་འདུག་པའི་ཕྱིར་རོ།། མཁས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གནས་སམ་ཞེས་བྱ་བ་ནི་གནས་ཀྱང་རུང་བའོ།། ཆོས་ཉིད་ངེས་པ་ཞེས་བྱ་བ་ནི་ཆོས་ཉིད་ངེས་པ་སྟེ། དེ་བསྟན ་པའི་ཕྱིར་ཆོས་རྣམས་སྟོང་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། མཚན་ཉིད་མེད་པ་ཤེས་པ་ནི། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། འདི་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་མཚན་ཉིད་ཀྱིས་དབེན་པའི ་བདག་ཉིད་ཀྱི་དེ་བཞིན་ཉིད་ཅེས་བྱ་བར་སྦྱར་རོ།། དེའི་ཕྱིར་སངས་རྒྱས་སུ་ཐ་སྙད་གདགས་པ་ཡིན་པས། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། རྟེན་རང་གི་ཆོས་ཤེས་པ་ནི་རྣམ་པ་ཐམས་ཅད་ཤེས་པ་ཉིད་ཀྱིས་བདེ་བར་གཤེགས་པ་སྐྱེད ་པར་བྱེད་པ་ཡིན་པའི་ཕྱིར་དང་། དེ་བཞིན་གཤེགས་པ་གནས་པའི་རྐྱེན་ཡིན་པའི་ཕྱིར། ཤེས་རབ་ཕ་རོལ་ཕྱིན་པ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་པའི་རྣམ་པར་འདོད་པ་ཉིད་དགའ་ཚལ་ཡིན་ཏེ། ་དགའ་བ་རྣམ་པ་དུ་མིའི་རྟེན་ཡིན་པའི་ཕྱིར་རོ།། དེ་ལྟ་བུ་དེས་ནི་ཅི་ཞིག་མཛད་ཅེ་ན། བྱེད་པ་མེད་པ་ཤེས་པ་སྟེ་འགྲོ་བ་ཡོངས་སུ་སྨིན་པར་བྱ་བ་ལ་སོགས་པ་ལ་ཞུགས་ཀྱང་བྱེད་པོ་པོ་ལ་སོགས་པ་མི་དམིགས་པའི་ཕྱིར། སེམས་ཅན་ཞེས་བྱ་བ། ་ལ་སོགས་པ་སྨོས་སོ།། ཇི་ལྟར་ཡོངས་སུ་སྨིན་པར་བྱེད་ཅེ་ན། སྟོང་པ་ཉིད་སྟོན་པར་བྱེད་པ་ཤེས་པ་སྟེ་སེདེ་བཞིན་དུ་ཤེས་རབ་ཀྱིའི་དང་། རྫོབ་ལ་བརྟེན་ནས་མུ་སྟེགས་ཅན་རི་དགས་སྐྲག་པར་བྱེད་པའི་རྒྱུ་སྟོང་པ་ཉིད་ཀྱི་སྒྲ་སྒྲོགས་པའི་ཕྱིར། ་དཔེར་ན་སེངྒེ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། འཇིགས་པ་མེད་པར་ཞེས་བྱ་བ་ནི་བག་ཚ་བ་མེད་པར་རོ།། ཇི་ལྟར་རྣམ་པར་གྲོལ་བར་བྱེད་ཅེ་ན། སྟོང་པ་ཉིད་མཐོང་བའི་ཤེས་པ་སྟེ། ཉི་མའི་འོད་ཟེར་བཞིན་དུ་བདག་ཉིད་ཤེས་རབ་ཀྱི ་ནམཁའ་ལ་གནས་ཏེ་སྲིད་པའི་སྲིད་པ་བསལ་ནས་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྟོན་པའི་ཕྱིར་དཔེར་ན་ན་མཁའ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། ཤེས་པའི་མཚན་ཉིད་བཤད་ཟིན་ཏོ།། ས་གཞན་ལས་ཁྱད་པར་འཕགས ་བ་ནི་རྣམ་པ་བརྒྱད་དེ་མཐོང་བས་ཁྱད་པར་དུ་འཕགས་པ་ནི་སྡུག་བསྔལ་གྱི་བདག་ཉིད་ཀྱི་གཟུགས་ལ་སོགས་པ་མཐོང་བ་མེད་པ་ཉིད་མཐོང་བ་ཕྱིན་ཅི་མ་ལོག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་གཟུགས་རྣམས་ཞེས་བྱ་བ་ལ་སོགས་པ་འབྱུང ་བ་ཡིན་ཏེ། རྣམ་པར་ཤེས་པ་ནི་འཇུག་པའི་རྣམ་པར་ཤེས་པ་དྲུག་གོ།། སེམས་ནི་ཀུན་གཞི་རྣམ་པར་ཤེས་པའོ།། ཡིད་ནི་ཉོན་མོང་པ་ཅན་གྱི་ཡོད་དོ།། ཇི་ལྟར་ན་མཐོང་བ་མེད་པ་ཉིད་མཐོང་བར་འགྱུར་ཞེ་ན། ན་མཁའ་ཞེས་བྱ་བ་ལ་སོས ་བ་སྨོས་ཏེ། འདི་སྐད་དུ་ཇི་ལྟར་ཀ་བ་ལ་སོགས་པའི་དངོས་པོ་མ་མཐོང་བ་ལ་ནམ་མཁའ་མཐོང་བའི་ཐ་སྙད་འདོགས་ཀྱི་ན་མཁའི་དངོས་པོར་གྱུཔ་མཐོང་བའི་ཕྱིར་ནི་མ་ཡིན་པ་དེ་བཞིན་དུ་བརྟགས་པ་མེད་པར་མཐོང་བ་ཉིད་ཆོས ་མཐོང་བ་དམ་པ་ཡིན་ནོ་ཞེས་ཐ་སྙད་བརྟགས་ཏེ་དེ་བསྟན་པའི་ཐབས་གཞན་ནི་མེད་པའི་ཕྱིར་རོ་ཞེས་བཤད་པ་ཡིན་ནོ།། ཡང་མ་མཐོང་བ་ལ་རང་དང་གཞན་གྱི་དོན་འབྱུང་བ་ཅི་ཞིག་ཡོད་ཅེ་ན། བྱ་བ་ཐམས་ཅད་བསྡུས་པས ་ཁྱད་པར་དུ་འཕགས་པ་སྟེ། ཤེས་ལ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བློན་པོ་བཞིན་དུ་བདག་དང་གཞན་ལ་ཕན་པ་སྒྲུབ་པ་ཡིན་པའི་ཕྱིར། གང་གིས་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ་དེ་ལྟར་ཞེས་བྱ་བ་ནི་དེ་ལྟར་བཤད་པའི་ཚུལ་དུའོ།། ཆོས་ཀུན ་ཞེས་བྱ་བ་ནི་ཀུན་འབྱུང་བའི་ངོ་བོ་ཉིད་དག་གོ།། རྒྱལ་པོ་བཏང་སྙོམས་འདུག་པ་ཇི་ལྟ་བ་དེ་བཞིན་དུ་ཞེས་བྱ་བ་ཁོང་ནས་དྲང་ངོ་།། སངས་རྒྱས་མཛད་དང་ཞེས་བྱ་བ་སེམས་ཅན་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱེད་པའོ།། ཉན་ཐོས ་ཆོས་རྣམས་ནི་བདེན་པའི་ཚུལ་ལ་འགོད་པའོ།། བཏང་སྙོམས་སུ་འདུག་པ་ཉིད་རབ་ཏུ་བསྟན་པའི་ཕྱིར་རྒྱལ་པོ་གྲོང་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྡུད་པ་ནི་ལེན་པ་སྟེ་བློན་པོའི་དབང་གིས་ཞེས་བྱ་བ་ཁོང་ནས་དབྱུང་ངོ་།། ཡོན་ཏན ་ཞེས་བྱ་བ་ནི་རང་གི་དོན་ཕུན་སུམ་ཚོགས་པའི་མཚན་ཉིད་ཀྱི་ཡོན་ཏན་དག་སྟེ། ཤེས་རབ་ཀྱི་མཐུས་ཞེས་བྱ་བ་ལྷག་མ་ཡིན་ནོ།། དེ་ལྟར་བདག་ཉིད་བཏང་སྙོམས་སུ་འདུག་ན་རིང་མོ་ཞིག་ཏུ་འབྲས་བུ་ཕུན་སུམ་ཚོགས་པར་མི་འགྱུར་བར་བྱ ་བའི་ཕྱིར་མྱུར་དུ་མངོན་པར་ཤེས་པ་ཉིད་ཀྱི་ཁྱད་པར་དུ་འཕགས་པ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་དང་བ་དང་ལྡན་པ་ནི་འགོག་པ་ལ་ཆོས་ཤེས་པ་ཉིད་ཀྱིས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཕྱིར་གོ། ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྟན་པ་ནི་དང་ཅེས་བྱ་བར་སྦྱར་རོ།། ཟིལ་གྱིས་མི་ནོན་ཅེས་བྱ་བ་ནི་སྒྲིབ་ཐམས་ཅད་ཀྱིས་མ་གཙེས་པར་རོ།། དེ་བཞིན་དུ་གཞན་དག་ལ་ཡང་རབ་ཏུ་དབྱེ་བའི་མཚམས་སྦྱར་བ་ནི་ཅི་རིགས་པར་བརྟག་པར ་བྱའོ།། དམིགས་པས་ཁྱད་པར་དུ་འཕགས་པ་ནི་གྲུ་ཆུག་པོའི་མི་རོ་ལ་སོགས་པ་ལ་འཇུ་བ་ཁྲོ་ན་ལྟར་འགོག་པ་ལ་རྗེས་སུ་ཤེས་པས་སྲིད་པའི་རྒྱ་མཚོའི་ཕ་རོལ་དུ་འགྲོ་བའི་ཕྱིར། དཔེར་ན་རྒྱ་མཚོར་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། ་རྒྱ་མཚོ་སྨོས་པ་ནི་རྟེན་མེད་པས་རྒལ་བར་དཀའ་བ་ཉིད་དུ་བསྟན་པའི་ཕྱིར་རོ།། གང་ཞིག་འཛིན་པ་ཞེས་བྱ་བ་ནི་རོ་ལ་སོགས་པ་ལ་ཞེས་བྱ་བར་སྦྱར་རོ།། དད་པ་ནི་ཡོད་པ་ཉིད་དང་མངོན་པར་འདོད་པའི་རྣམ་པ་ཡིན་ནོ།། ཐབས་ནི་སྙིང་བརྩེ་བ་ལ་སོགས ་པའི་མཚན་ཉིད་དོ།། ཡོན་ཏན་དེ་ཉིད་གང་དག་གམ་ཤེས་རབ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། །། བམ་པོ་བཞི་པ།། རྟེན་གྱིས་ཁྱད་པར་དུ་འཕགས་པ་ནི་རྫ་མ་སོ་བཏང་བ་བཞིན་དུ་ལམ་ཤེས་པ་ཁོ་ན་བྱང་ཆུབ་ཀྱི་ཚོགས་ཀྱི ་ཆུ་ཐུབ་པར་བྱེད་པ་ཡིན་པའི་ཕྱིར། དཔེར་ན་ལ་ལ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། བདེ་བར་ཞེས་བྱ་བ་ནི་བདེ་བླག་ཏུ་ཞེས་བྱ་བའི་ཐ་ཚིག་གོ། ཕྱིན་པར་འགྱུར་ཞེས་བྱ་བ་ནི་བུམ་པ་ཞེས་བྱ་བར་སྐབས་དང་སྦྱར་རོ།། ཀྱང་ཞེས་བྱ་བ་ནི་འོན ་ཀྱང་ཞེས་བྱ་བའི་ཐ་ཚིག་གོ། མ་རུང་འགྱུར་ཞེས་བྱ་བ་ནི་བྱང་ཆུབ་གཞན་དུ་ལྷུང་བའོ་དད་པས་ཞེས་བྱ་བ་ནི་དད་པ་ཅན་གྱིས་སོ།། སོ་གཉིས་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་མཚན་ཉིད་དོ།། ལྷག་མོ་ནི་གོ་སླའོ།། ཕུན་སུམ་ཚོགས ་བས་ཁྱད་བ་དུ་འཕགས་པ་ནི་རྒྱ་མཚོའི་གྲཝ་བཅོས་ལེགས་མ་བྱས་པ་དང་། ཅིག་ཤོས་དག་བཞིན་དུ་ཤེས་རབ་ཉམས་པ་དང་། ཅིག་ཤོས་དག་རྫོགས་པའི་བྱང་ཆུབ་ཡོངས་སུ་ཉམས་པ་དང་ཐོབ་པའི་རྒྱུ་ཡིན་པའི་ཕྱིར། ་དཔེར་ན་བཅོས་ལེགས་མ་བྱས་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། ནོར་དང་བཅས་ཤིང་ཞེས་བྱ་བ་ནི་གྱ་ནོར་དང་བཅས་ཤིང་ཞེས་བྱ་བར་སྦྱར་རོ།། དེ་ཉིད་ཅེས་བྱ་བ་ནི་གོང་དུ་བཤད་པའི་བྱང་ཆུབ་སེམས་དཔའོ།། མ་སྨྲས་པ་ནི་ཉོན ་རྨོངས་པ་དག་གིས་སོ།། མ་ཉམས་པ་ནི་ཤེས་པའི་སྒྲིབ་པས་སོ།། ཡོངས་སུ་བཟུང་བས་ཁྱད་པར་དུ་འཕགས་པ་ནི་མི་ཉམས་ཆུང་བ་བཞིན་དུ་ལྷན་ཅིག་བྱེད་པ་ཤེས་རབ་དང་ཐབས་ཀྱིས་ཡོངས་སུ་མ་ཟིན་པས་སྲིད་པ་དང་ཞི་བར་སྒྲུབ ་བ་སྲིད་པའི་ཕྱིར། ལོ་བརྒྱ་ཉི་ཤུ་ཞེས་བྱ་བ་ལ་སོགས་པའི་བྱུང་བ་ཡིན་ཏེ། འཇིག་པ་མེད་ཅིང་ཞེས་བྱ་བ་ནི་ཉམས་སུ་མྱོང་བར་མི་འགྱུར་ཞིང་ཞེས་བྱ་བའི་དོན་ཏོ།། མི་ཉམས་ཞེས་བྱ་བ་ནི་སྲིད་པ་དང་ཞི་བ་གཅིག་ཏུ་ངེས་པར་མི་འགྱུར་རོ་ཞེས་བྱ ་བའི་ཐ་ཚིག་གོ།། རོ་མྱང་བ་མེད་པས་ཁྱད་པར་དུ་འཕགས་པ་ནི་བཤེས་གཉེན་དམ་པའི་གངམ་ངག་གི་སྟོབས་ཀྱིས་མཆོག་ཏུ་འཛིན་པ་མེད་པའི་སྦྱིན་པ་ལ་སོགས་པ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་ཡིན་པའི་ཕྱིར། བྱང་ཆུབ་སེམས ་དཔའ་དང་པོའི་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། ལས་དང་པོའི་ས་ནི་མོས་པ་སྤྱོད་པ་ཡིན་ནོ།། ཡང་ན་རབ་ཏུ་དགའ་བ་ཡིན་ཏེ་ཟག་པ་མེད་པ་དང་པོའི་ཡོངས་སུ་སྦྱོར་བར་གྱུར་པའི་ཕྱིར་རོ།། སློབ་མ་བཟང་པོ་བླ་མ་ལ་གུས་པ་གང ་ཡིན་པ་དེ་དང་ལྡན་པའོ།། དེ་དག་གིས་ཞེས་བྱ་བ་ནི་དེ་རྣམས་ཀྱིས་སོ།། མཁས་པ་ཞེས་བྱ་བ་ནི་ཡང་དག་པའི་གདམས་ངག་ལ་མཁས་པའི་ཕྱིར་མཁས་པ་རྣམས་ཏེ་དགེ་བྱའི་བཤེས་གཉེན་ཞེས་བྱ་བར་སྦྱར་རོ།། བརྟེན་པར་བྱ་ཞེ་བྱས ་བརྟེན་པར་བྱ་བའོ།། དེ་ལས་ཞེས་བྱ་བ་ནི་དགེ་བོའི་བཤེས་གཉེན་དེ་དག་ལས་སོ།། དེ་དག་ཅེས་བྱ་བ་ནི་དེ་དག་འབྱུང་བར་བྱེད་པ་ཡིན་ཏེ་གང་གི་ཕྱིརརོ་ཞེས་བྱ་བ་ལྷག་མ་ཡིན་ནོ།། ཡོན་ཏན་རྣམས་ཇི་ལྟར་འབྱུང་བ་དེ་བསྟན་པའི་ཕྱིར། ཤེས ་རབ་ཕ་རོལོ་ཕྱིན་པ་ཞེས་བྱ་བ་གསུངས་ཏེ་ཤེས་རབ་ལའོ།། དེ་ཉིད་ཀྱི་ཕྱིར་འདི་ནི་བཅོམ་ལྡན་འདས་ཀྱིས་ཀྱང་གསུངས་པ་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ད་ནི་གདམས་ངག་བསྟན་པའི་ཕྱིར། སྦྱིན་དང་ཞེས་བྱ་བ་ལ་སོག ་པ་གསུངས་ཏེ། བྱང་ཆུབ་ནི་རྣམ་པར་བྱང་བའི་བདག་ཉིད་རྣམས་སོ།། ཕུང་པོ་ནི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་རྣམས་སོ།། དེ་ལ་དེ་སྐད་བསྟན་པར་བྱ་ཞེས་བྱ་བ་ནི་དེ་དག་ལ་དེ་སྐད་བསྟན་པར་བྱ་བའམ་དེ་དག་བཟུང་བར ་བྱའོ་ཞེས་བྱ་བར་སྦྱར་རོ།། རྟེན་གྱིས་ཁྱད་པར་དུ་འི་ཕགས་པ་ལ་སོགས་པ་བཞི་པོ་འདི་དག་ནི་ལམ་གྱི་བཟོད་པ་དང་ཤེས་པའི་བྱེ་བྲག་གི་སྒོ་ནས་ཤེས་པར་བྱའོ།། ཁྱོད་པར་དུ་འཕགས་པ་བཤད་ཟིན་ཏོ།། །། དེའི་བྱེད་པ་ནི ་འགྲོ་བའི་སྐྱབས་ལོ་སོགས་པའི་དོན་གྱིས་རྣམ་པ་དགུ་སྟེ། དེ་ལྟར་སྤྱོད་པ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། ལེགས་མཚོ་སྨྲ་བའི་ཟླ་བ་ཅེས་བྱ་བ་ནི་མཆོག་སྟོན་པར་བྱེད་པ་ཉིད་ཀྱིས་གཞན་གྱི་དོན་སྒྲུབ་པ་རང་གི ་ཡོན་ཏན་ཕུན་སུམ་ཚོགས་པ་སྔོན་དུ་འགྲོ་བ་ཅན་དུ་རབ་ཏུ་བསྟན་པའི་ཕྱིར་རོ།། སྐྱབས་ནི་འཁོར་བ་པའི་སྡུག་བསྔལ་བཟློག་པར་བྱེད་པའི་ཕྱིར་རོ།། དཔུང་གཉེན་ནི་མྱ་ངན་ལས་འདས་པའི་བདེ་བ་ལ་འགོད་པར་བྱེད ་པའི་ཕྱིར་རོ།། གནས་ནི་སྡུག་བསྔལ་གྱི་རྒྱུ་སེལ་བར་བྱེད་པའི་ཕྱིར་རོ།། རྟེན་ནི་དེའི་དབང་གིས་རྣམ་པར་བྱེང་བར་འགྲོ་བའི་ཕྱིར་རོ།། བློ་ནི་ཕན་པ་དང་ཅིག་ཤོས་ཡོངས་སུ་གཅོད་པ་དེ་ལ་རག་ལས་པའི་ཕྱིར་རོ།། གླིང་ནི་དེ་ལ་བརྟེན་པ་རྣམས ་སྲིད་པོའི་སྲེད་པའི་ཆུས་ཟིལ་གྱིས་མི་ནོན་པའི་ཕྱིར་རོ།། ཡོངས་འདྲེན་པ་ནི་རང་དང་གཞན་གྱི་དོན་ལ་འཇུག་པ་དེ་ལ་བརྟེན་པའི་ཕྱིར་རོ།། ཇི་ལྟར་ན་དེ་ལྟ་བུ་ཡིན་ཞེ་ན་འདི་ལྟར་དོན་འདོད་པ་ཡིན་ཏེ་སྙིང་བརྩེ་བ་ཆེན་པོ་དང་ལྡན་པས་སོ ་ཞེས་བྱ་བའི་ཐ་ཚིག་གོ། གསལ་བྱེད་ནི་གང་ཟག་ལ་བདག་མེད་པར་རབ་ཏུ་བསྟན་པར་བྱེད་པའི་ཕྱིར་རོ།། སྒྲོན་མ་ནི་འགྲོ་བ་བདག་མེད་པར་རབ་ཏུ་སྟོན་པར་བྱེད་པའི་ཕྱིར་རོ།། སླུ་བའི་ཟླ་བ་ཉིད་ཡིན་པར་རབ་ཏུ་བསྟན་པའི་ཕྱིར། ཆོས་མཆོ ་སྨྲ་བཅོས་བྱ་བ་སྨོས་ཏེ། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱིས་དེ་ཁོ་ན་ཉིད་རབ་ཏུ་སྟོན་པར་བྱེད་པའི་ཕྱིར་རོ།། མི་ཨུ་རུ་ཁྲུགས་པ་ནི་མི་འཇིགས་པ་བཞི་དང་ལྡན་པའི་ཕྱིར་ཏེ། དེ་ལྟ་བུ་ནི་བྱེད་པའི་མཚན་ཉིད་ཡིན་ནོ།། འདིར་ནི་ཕྱི་མ ་ཕྱི་མ་སྔ་མ་སྔ་མའི་རྒྱུ་ཡིན་པར་ཁོང་དུ་ཆུད་པར་བྱའོ།། གང་གིས་ན་དེ་ལྟ་བུར་འགྱུར་བ་འདིའི་ངོ་བོ་ཉིད་ཀྱི་མཚན་ཉིད་ཅི་ཞིག་ཡིན་ཞེ་ན། ངོ་བོ་ཉིད་ཀྱི་མཚན་ཉིད་དེ་ཡང་རྣམ་པ་བརྒྱད་དོ།། དཀའ་བ་བྱེད་པའི་ངོ་བོ་ཉིད་ནི་འགྲོ་བའི་སྐྱབས ་ལ་སོགས་པ་བྱ་དཀའ་ཡང་དེའི་གོ་ཆ་གྱོན་པའི་ཕྱིར། གྲགས་ཆེན་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ།། དེ་ལྟ་ན་ཇི་ལྟར་རྨོངས་པར་མི་འགྱུར་ཞེ་ན། མི་དམིགས་པའི་ངོ་བོ་ཉིད་དེ་དེའི་དོན་དུ་བརྩོན་ཡང་དེའི་ཕུང་པོ་ལ་སོགས་པའི ་མཚན་ཉིད་མི་དམིགས་པའི་ཕྱིར་ཕུང་པོ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ།། འོ་ན་ནི་རྣམ་པར་བྱང་བ་ལ་མངོན་པར་ཞེན་པར་འགྱུར་རོ་ཞེ་ན། མངོན་པར་ཞེན་པ་མེད་པའི་ངོ་བོ་ཉིད་དེ་ཐེག་པ་གསུམ་གྱི་དབང་དུ་བྱས་ནས་རྣམ་པར ་བྱང་བ་ལ་མངོན་པར་ཞེན་པ་མེད་ཅིང་ཐེ་ཚོམ་མེད་པ་རྣམས་རང་དང་གཞན་གྱི་དོན་ལས་ཕྱིར་མི་ལྡོག་པ་ཉིད་དུ་ངེས་པར་གཟུང་བའི་ཕྱིར་ཐེག་པ་གསུམ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ།། གཡོ་བ་མྱེད་པ་ནི་ཀུན་ནས་ཉོན་མོངས ་པའི་ཕྱོགས་ཀྱིས་སོ།། མི་འཁྲུགས་ཆོས་ཅན་ནི་མྱ་ངན་ལས་འདས་པ་སྟེ་དེ་ལྟ་མ་ཡིན་ནི་ཕྱིན་ཅི་ལོག་པའི་ཕྱིར་མི་ལྡོག་པ་ཉིད་མ་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ།། སྤྲོས་པ་མེད་པ་ནི་ཐེ་ཚོམ་ཆུང་ངུ་ལ་སོགས་པ་གསུམ་དང་བྲལ་བའི ་ཕྱིར་ཏེ་དེ་ཉིད་ཐེ་ཚོམ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། ཡང་ཇི་ལྟར་ན་ཐེག་པ་ཆེན་པོར་འདུ་ཤེས་པ་དེ་ཡང་ཕྱིན་ཅི་ལོག་པ་ཉིད་ཡིན་དེའི་ཡུལ་ནི་ཤིན་ཏུ་རྣམ་པར་བྱང་བའི་ཕྱིར་རོ་ཞེ་ན། དམིགས་པ་མེད་པའི་ངོ་བོ་ཉིད་དེ ་ཆོས་ཟབ་པ་ཉིད་ཀྱིས་དམིགས་པར་བྱ་བ་དང་དམིགས་པར་བྱེད་པའི་ཁྱད་པར་མེད་པས་སྟོན་པ་ཡང་ཆོས་ཀྱི་འཁོར་ལོ་བསྐོར་བར་འཇུག་པ་ལ་ཐུགས་ལས་ཆུང་ངུར་མཛད་པའི་ཕྱིར་འདྲེན་པ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ ་འབྱུང་བ་ཡིན་ཏེ་རྡོགས་པ་ནི་མཐོང་བའི་ལམ་གྱིས་སོ།། ཐོབ་པ་ནི་བསྒོམ་པས་སོ།། སུ་ཤེས་སྣུམ་ཞེས་བྱ་བ་ནི་འགས་ཀྱང་མི་གོའོ།། སྙམ་ནས་ཞེས་བྱ་བའི་ཐ་ཚིག་སྟེ། ཡང་དག་པར་ན་མེད་པའི་ཕྱིར་དང་མི་མཐུན་པའི ་ཕྱོགས་ལ་མངོན་པར་དགའ་བའི་ཕྱིར་རོ།། སྙམ་ན་ས་ཞེས་བྱ་བའི་ཐ་ཚིག་གོ།། དེའི་ཕྱིར་འཇིག་རྟེན་དང་མི་མཐུན་པའི་ངོ་བོ་ཉིད་ནི། སེམས་ཅན་རྣམས་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ།། གནས་ཞེས་བྱ་བ་ནི་སེམས་ཅན་དུ་ལྟ་བུ་སྟེ་དེ་ནི ་ཡུལ་ལ་སྲེད་པ་ལ་སོགས་པའི་རྟེན་ཡིན་པའི་ཕྱིར་རོ།། འཛིན་པ་ནི་ཆོས་སུ་རྣམ་པར་རྟོག་པའོ།། མཁས་པ་ནི་སེམས་ཅན་དུ་ལྟ་བའོ།། བླན་མོངས་པ་ནི་ཡུལ་ལ་མངོན་པར་འདོད་བ་སོ།། མུན་པ་བཞིན་ཞེས་བྱ་བ་ནི་འཛིན་པ་ལ་སོགས ་རྟོགས་པས་སོ།། ཆོས་ནི་དེ་དང་མི་མཐུན་པ་ཡིནཱ་པས། ཐོབ་པར་བྱ་བའི་ཆོས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེས་ན་འཇིག་རྟེན་དག་དང་བརྗོད་པ་འབྱུང་ཞེས་བྱ་བ་ནི་དེའི་ཕྱིར་བརྩོད་དོ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ཉིད་རབ་ཏུ་སྒྲུབ་པའི ་ཕྱིར་གཞི་མེད་པའི་ངོ་བོ་ཉིད་དེ། ཆོས་ཀྱི་དབྱིངས་ནི་ཕྱོགས་ཐམས་ཅད་ཀྱི་ནམ་མཁའ་བཞིན་དུ་གཟུགས་ལ་སོགས་པའི་གཞི་མེད་པའི་ཕྱིར་རང་བཞིན་གྱི་གཞི་མ་ཡིན་པའི་ཕྱིར་ན་མཁའི་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ།། ཅིའི་ཕྱིར་ཐ ་དོད་པ་ཉིད་མེད་ཅེ་ན། འདི་ལྟར་བྱེ་བྲག་གྱུར་པ་མེད་དེ་ཐམས་ཅད་དུ་དབེན་པར་མཚན་ཉིད་གཅིག་པའི་ཕྱིར་ཏེ་དེ་བཞིན་དུ་ཆོས་ཀྱི་དབྱིངས་ཀྱང་ཞེས་བྱ་བ་ལྷག་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། འགྲོ་བ་མེད་པའི་མཚན་ཉིད་དེ་ཀུན་རྫོབ་ཏུ་ངོས་དང ་རྣམ་པར་བྱང་བ་ལ་སོགས་པ་ཐ་དད་ཀྱང་དེ་ཁོ་ན་ཉིད་ལ་འཛིན་པ་ལ་སོགས་པའི་ཁྱད་པར་དུ་འགྲོ་བ་མེད་པའི་ཕྱིར་འདས་པའི་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། འདས་བྱའི་དེ་བཞིན་ཉིད་གང་ཡིན་པ་ཞེས་དེ་སྐད་དུ་སྦྱར་རོ།། བྱེ ་བྲག་མེད་པ་ནི་འཛིན་པ་ལ་སོགས་པས་དབེན་པ་ནི་ཐམས་ཅད་དུ་འདྲ་བའི་ཕྱིར་རོ།། དེ་རབ་ཏུ་བསྒྲུབ་པའི་ཕྱིར་དེ་བཞིན་ཉིད་མི་དམིགས་པའི་ངོ་བོ་ཉིད་དེ་དེ་ཁོ་ན་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་དེ་བཞིན་ཉིད་ལ་ཡང་མི་དམིག ་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་དང་དེ་ནི་དེའི་རྗེས་སུ་མཐུན་པའི་ཕྱིར་དེའི་དོན་དུ་ཡང་ཤེས་རབ་ལ་བརྩོན་པར་བྱ་བ་ཡིན་པས། བདེ་གཤེགས་བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། འདི་ནི་ཞེས་བྱ་བ་ནི་དེ་བཞིན་ཉིད་ཅེས་བྱ་བར་སྐབས ་དང་སྦྱར་རོ།། ཐོབ་འདོད་པ་ཞེས་བྱ་བ་ནི་མི་དམིགས་པའི་ཚུལ་གྱིས་ཐོབ་པར་འདོད་པའོ།། དེ་ལྟ་མ་ཡིན་ཏེ། འཛིན་པ་ལ་སོགས་པའི་བྱེ་བྲག་ཡོད་ན་ཐ་དད་པ་དང་བྲལ་བ་མེད་པའི་ཕྱིར་རོ།། སྦྱོར་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔས་ཞེས ་བྱེ་བོར་སྦྱར་རོ།། དེ་ཅིའི་ཕྱིར་ཞེ་ནི། ཤེས་རབ་མེད་ན་ཞེས་བྱ་བ་ལ་སོག་པ་སྨོས་ཏེ། བྱ་འདབ་གཤོག་མེད་པས་ཉམས་བཙལ་མེད་པ་བཞིན་དུ་དེ་ལས་གཞན་པའི་དགེ་བ་བསགས་ཀྱང་ཐབས་དང་ཤེས་རབ་ཀྱི་འདབ་བཤོག་མེད་ན ་ས་གཞན་དུ་ལྷུང་བ་སྲིད་པོའི་ཕྱིར། བྱ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏོ།། ལུས་དཔག་ཚད་བརྒྱ་རྩ་ལྔ་བཅུ་པ་ཞེས་སྨོས་པ་ནི་དེ་ལྟ་བུར་ཆེན་པོ་ཡང་འདབ་གཤོག་མིང་ན་ན་མཁའ་ལ་འགྲོ་བར་མི་ནུས་པར་བསྟན་པའི་ཕྱིར་རོ།། སུམ ་རྩཝ་གསུམ་པའི་གནས་ནས་ཛ་མྲའི་གླིང་དུ་མྱོང་བ་སྨོས་པ་ནི་ཡུལ་ཐུག་རིང་བར་བསྟན་པའི་ཕྱིར་ཏེ་ཐག་ཉེ་བར་འགྲོ་བ་ནི་སྒྲུབ་པ་སླུ་བའི་ཕྱིར་འདབ་གཤོག་མེད་ཀྱང་ཇི་ཞིག་ལྟར་ནུས་སོ།། མཆོངས་ན་ཞེས་བྱ་བ་ནི་བོར་ནཱའོ།། ་དེར་ནི་ཞེས་བྱ་བ་ནི་དེ་ནས་སམ་ཛམྦུའི་གླིང་དེར་ནི་ཞེས་པར་སྦྱར་རོ།། དངོས་བསྟན་པའི་ཕྱིར་རྒྱལ་བ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགེ་བ་གཞན་ཉེ་བར་བསགས་པ་ཡང་མཐའ་དག་གི་སྒོ་ནས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ ་ལ་སོགས་པ་ལྔ་ཅར་བསྒྲུབ་པའི་ཕྱིར་རོ།། གལ་ཏེ་ཤྭེ་རབ་མེད་ན་ཇི་ལྟར་ཕ་རོལ་ཏུ་ཕྱིན་པར་ཐ་སྙད་གདགས་ཤེ་ན། བདེན་མོད་ཀྱི་གཞན་གྱི་བསམ་པ་དང་བསྟན་པར་གསུངས་པའི་ཕྱིར་ཉེས་པ་མེད་དོ།། དུས་རིང་བའི་སྒོ་ནས་ནི་བསྐལ་པ་དུ་མར་ཡང ་དག་པར་བསྒྲུབ་པའི་ཕྱིར་རོ།། སྤེལ་བའི་སྒོ་ནས་ནི་སྨོན་ལམ་ཆེན་པོ་མཐའ་ཡས་པ་བསྒོམས་པས་དེ་སྤེལ་བའི་ཕྱིར་རོ།། འོན་ཀྱང་ངེས་པར་འབྱིན་པའི་གཙོ་བོ་མེད་པའི་ཕྱིར་བྱང་ཆུབ་མི་ཐོབ་པས་ཐབས་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ་མཚན་ཉིད་ཀྱི་རབ་ཏུ་དབྱེ་བ་བཤད་ཟིན་ཏོ།། ཐབས་དང་ཤེས་རབ་འབྲས་བུ་དང་བཅས་པ་ཡང་ཐུར་པའི་ཆ་དང་མཐུན་པ་ཅན་གྱི་ཡིན་པས། སངས་རྒྱས་ཐེག་པ་འདི་ལ་ངེས་འབྱུང་ཞེས་བྱ་བ་ལ་སོག་པ་གསུངས་ཏེ།། སྦྱིན་པ་ལ་སོགས་པ ་ཡང་དག་པར་སྒྲུབ་པ་ལ་མཁས་པ་མཚན་མར་མ་བྱས་པ་ནི་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་ཐར་པའི་ཆ་དང་མཐུན་པ་ཡིན་པར་འདོད་དོ།། འདི་ལ་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་སངས་རྒྱས་ཀྱི་ཡེ་ཤེས་ལ་ཞེས ་བྱ་བར་སྦྱར་རོ།། ངེས་པར་འབྱུང་འདོད་ཅེས་བྱ་བ་ནི་མཚན་མ་མེད་པའི་སྦྱིན་པ་ལ་སོགས་པ་ལ་མོས་པས་ངེས་པར་འབྱུང་བར་འདོད་པ་ཞེས་བྱ་བའི་ཐ་ཚིག་གོ།། གང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ།། དེ་ལྟར་ཐར་པའི་ཆ་དང་མཐུན་པ་ཐོབ་པ་དེ ་ནི་སྦྱོར་བའི་ལམ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྒྲུབ་པར་བྱེད་བྱས། འགྲོ་བ་ཀུན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་སྙོམས་ཞེས་བྱ་བ་ནི་དྲོ་བར་གྱུར་པ་ཐོབ་པ་ནི་བརྗོད་པ་ཙམ་དུ་མོས་པས་རང་དང་གཞན་མཉམ་པ་ཉིད ་ཐོབ་པའི་ཕྱིར་རོ།། ཕ་མའི་འདུ་ཤོས་ཞེས་བྱ་བ་ནི་རྟག་ཏུ་དེ་ལ་འདོད་པ་དོན་དུ་གཉེར་བའི་ཕྱིར་རོ།། ཕན་པའི་སེམས་ནི་རྩེ་མོར་གྱུར་པའི་གནས་སྐབྱས་པའི་ཡིན་ཏེ། ཕྱི་མ་ལ་ཕྲན་པར་བྱ་བར་སེམས་དཔའི་ཕྱིར་རོ།། བྱམས་པའི་ཡིད་ཅེས་བྱ ་བ་ནི་བཟོད་པའི་གནས་སྐབས་ན་ཡོད་པ་སྟེ། བདེ་བ་ཁ་ན་མ་ཐོ་བ་མེད་པ་ཉེ་བར་བསྒྲུབ་པར་སེམས་པའི་ཕྱིར་རོ།། ཐ་བ་མེད་པ་ནི་ཆོས་ཀྱི་མཆོག་གི་གནས་སྐབས་ན་ཡོད་པ་ཡིན་ཏེ། གནོད་སེམས་མེད་པའི་ཕྱིར་རོ།། དྲང་ལ་ཞེས་བྱ་བ་ནི་གཡོ ་མེད་པའི་ཕྱིར་རོ།། དེ་ལྟར་བསམ་པ་བསྟུན་ནས་སྦྱོར་བ་བྱསྟན་པའི་ཕྱིར་ཚིག་འཇམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིས་ནི་བྱམས་པའི་ལུས་ཀྱི་ལས་ཀྱང་ཉེ་བར་མཚོན་པ་ཡིན་ནོ།། འདི་དག་ཀྱང་གོང་དུ་བཤད་པ་ནི་དེ་ཁོ་ན་ཉིད་ཡིན ་ལ་བྱེད་པའི་ཁྱད་པར་གྱིས་རབ་ཏུ་ཕྱེ་བ་ཡིན་ནོ།། དེ་ནི་འགྲོ་བ་ལ་ཕན་པའི་ཐབས་ཀྱིས་ཁྱད་པར་དུ་བྱས་པ་ཡིན་ཏེ། དེའི་ཕྱིར་བཟློས་པ་ཉིད་མ་ཡིན་ནོ།། དེ་བཞིན་དུ་གཞན་ལ་ཡང་མི་བཟློས་པ་ཉིད་དུ་སྐབས་ཀྱིས་ཁོང་དུ་ཆུད་པར་བྱའོ།། ། ་མི་ལྡོག་རིག་པར་བྱ་ཞེས་གསུངས་པ་གང་ཡིན་པ་དེ་ལམ་འདི་ལ་དེ་དག་གི་རྟགས་ཀྱི་རབ་ཏུ་དབྱེ་བ་གང་ཡིན་ཞེ་ན། འཇིག་རྟེན་མགོན་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱོགས་ཙམ་ཞེས་བྱ་བ་ནི་དེ་དག་གི་ཡོན་ཏན་མཐ ་དག་ནི་བསྟན་པ་འམ་མཉན་པར་མི་ནུས་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ།། ཕྱིར་མི་ལྡོག་པ་དེ་དག་ཀྱང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་མཐོང་བ་དང་སྒོམ་པའི་ལམ་གྱི་བྱེ་བྲག་གིས་རྣམ་པ་གསུམ་མོ།། དེ་ལ་ཡོན་ཏན་བཅུ་དྲུག ་གིས་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་གནས་སྐབས་དྲུག་ཡིན་པས། མཐའ་དག་འདུ་ཤེས་བྲལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕུང་པོ་ལ་སོགས་པ་བརྗོད་པ་ཙམ་དུ་རྟོགས་པའི་ཕྱིར་ཐ་དད་པ་ཉིད་ཀྱི་འདུ་ཤེས་ཉིད་མེད་པ་དང་། ་འཐད་བར་སྨྲ་བ་དང་། གཞན་མུ་སྟེགས་ཅན་ལ་མི་བརྟེན་པའི་ཕྱིར་དཀོན་མཆོག་གསུམ་ལ་མི་ཕྱེད་པ་ཉིད་དང་། རྟག་ཏུ་སྡིག་པ་སྤོང་བ་དང་། རང་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དགེ་བའི་ལས་ཀྱི་ལམ་ལ་རྟེན་པ་དང་། འགྲོ་བ་ཡོངས་སུ ་སྨིན་པར་བྱ་བའི་ཕྱིར་ཟང་ཟིང་མེད་པར་ཆོས་ཀྱི་མཆོག་སྦྱིན་པ་དང་། སྒྲིབ་པ་སྤང་བའི་ཕྱིར་ཆོས་ཟབ་མོ་ལ་མངོན་པར་དགའ་བ་དང་། བྱམས་པའི་ངགུ་གི་ལས་དང་། སྤྱོད་ལམ་ཐམས་ཅད་དུ་ལེགས་པར་ཤེས་བཞིན་དང་ལྡན་པ་དང་། གཟུང ་བའི་གཡེང་བ་མེད་པ་ནི་རྟག་ཏུ་ཕྱི་ནང་གི་གཙང་སྦྲ་དང་ལྡན་པས་གཞན་མུ་སྟེགས་ཅན་དད་པར་བྱ་བའི་ཕྱིར་ནང་གི་གཙང་སྦྲ་ཀུན་ཏུ་སྤྱོད་པ་དང་། བསོད་ནམས་ཀྱི་མཐུས་ཆོས་གོས་ལ་སོགས་པ་ལ་དྲི་ང་བ་ལ་སོགས་པ་མེད་པའི་ཕྱིར་གོས ་ལ་གཟོབ་པ་དང་། ལུས་ཀྱི་ལས་ལྟ་སྩོགས་པ་ཁ་ན་མ་ཐོ་བ་མེད་པའི་ཕྱིར་སྒོ་གསུམ་དབེན་ཞིང་དག་པ་དང་སྦྱངས་པའི་ཡོན་ཏན་ཀུན་ནས་ཉོན་མོངས་པ་མེད་པ་ཡང་དག་པར་ལེན་པའི་ཕྱིར་རྙེད་པ་ལ་སོགས་བྱ་ལ་མི་ལྟ་བུ་དང་། འཛིན་པའོ།། ་གཡེང་བྱ་མེད་ན་ཕ་རོལ་ཏུ་ཕྱིན་པའི་མཐུན་པའི་ཕྱོགས་རྣམས་ཀྱིས་མི་འཁྲུགས་པའི་ཕྱིར་ཁྱུ་མཆོག་དང་། རྟག་ཏུ་ཆོས་འདོད་པ་དང་། བདུད་ལ་སྩོགས་པ་བྱང་ཆུབ་ལས་མི་ཟློག་པའི་ཕྱིར་གཞན་གྱི་དྲིང་མི་འཇོག་པས་སོ།། ཡོན་ཏན་འདི ་དག་ནི་དྲོ་བར་གྱུར་པ་ལ་སོགས་པའི་གནས་སྐབས་སུ་ཅི་རིགས་པར་སྦྱར་བར་བྱའོ།། བཅུ་དྲུག་གིས་མཐོང་བའི་ལམ་གྱི་གནས་སྐབས་དག་ཡིན་པས། བསམ་གཏན་བཞི་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསམ་གཏན་བཞི ་ཡིད་ལ་བྱེད་པའི་རྣམ་པར་མི་གཡེང་བ་དང་། སྡུག་བསྔལ་གྱི་རྣམ་པ་ལ་ཕྱིན་ཅི་མ་ལྡོག་པ་ནི་བསམ་གཏན་ལ་མི་གནས་པའི་ཕྱིར་རོ་མྱང་བ་མེད་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པའི་ཕྱིར་གྲགས་པ་མྱི་འདོད་པ་དང་། ་ཀུན་ནས་མནར་སེམས་ཀྱི་དངོས་པོ་དག་བདག་མེད་པར་ཁོང་དུ་ཆུད་པའི་ཕྱིར་ཁྲོ་བ་མེད་པ་དང་། ཐབས་ལ་མཁས་པ་ནི་སྲེད་པོ་མེད་ཀྱང་འཇིག་རྟེན་ལ་སྙིང་བརྩེ་བས་དེ་དག་དང་མཐུན་ན་ཁྱིམ་ན་གནས་པ་ཀུན་ཏུ་སྟོན་པའི་ཕྱིར་དངོས ་པོ་ལ་མངོན་པར་ཞེན་པ་མེད་པ་དང་འཚོ་བའི་ཆེད་དུ་ཡང་བས་ལོངས་སྤྱོད་སྒྲུབ་པ་མེད་པའི་ཕྱིར་འཚོ་བ་དག་པ་དང་། ཉོན་མོངས་པ་ཅན་གྱི་སེམས་ཀྱིས་དྲག་ཤུལ་མི་སྤྱོད་པ་དང་། བུད་མེད་དབང་དུ་བྱ་བ་ལ་སོགས་པ་མི་སྦྱོར་བའི་ཕྱིར་ལུས ་ཀྵི་ལས་དམ་པ་དང་། ཁྱེའུར་འགྱུརརོ་ཞེའམ་བུ་མོར་འགྱུར་རོ་ཞེས་བྱ་བ་སྟོན་པ་ལ་སོགས་པ་སྤངས་པའི་ཕྱིར་དག་གི་ལས་ཉོན་མོངས་པ་ཅན་མ་ཡིན་པ་དང་། དངོས་པོ་ཐམས་ཅད་རང་བཞིན་གྱིས་མྱ་ངན་ལས ་འདས་པར་རྟོགས་པའི་ཕྱིར་དབེན་པའི་ཤེས་རབ་མངོན་པར་བརྩོན་པ་དང་། ངོ་བོ་ཉིད་ཀྱིས་ཞི་བར་ཁོང་དུ་ཆུད་པའི་ཕྱིར་འཐབ་པ་ལ་སོགས་པ་དང་བྲལ་བ་དང་། རྒྱུད་གཞན་ལ་ཡང་ཆོས་གྱ་ནོམ་པ་ཉེ་བར་བསྒྲུབ་པའི་བས་མཽ་པ་ཅན་ཡིན་པའི ་ཕྱིར་བྱམས་པ་བསྟན་པ་དང་། དེ་ཁོ་ན་ངེས་པར་འབྱུང་བ་ཡིན་པ་རྟོགས་པས་བྱང་ཆུབ་གཞན་མངོན་པར་མི་འདོད་པའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་འདོད་ཅིང་དེའི་བསྟན་པ་ལ་གཞོལ་བ་དང་། མཐའ་འཁོབ་ལ་སོགས་པ་སྤངས་པའི་ཕྱིར་སྐྱེ ་བོ་ལ་དབང་བ་ཉིད་དང་། རིགས་པ་དང་ལྡན་པའི་ཆོས་རྟོགས་པས་བདག་ཉིད་ལ་ཕྱིར་མི་ལྡོག་པ་ཉིད་དུ་ངེས་པར་འཛིན་པའི་ཕྱིར་རང་གི་ས་ལ་ཐེ་ཚོམ་མེད་པ་དང་། རང་གི་རྟོགས་པ་རི་རབ་དང་འདྲ་བའི་ཕྱིར་མི་གཡོ་བ་ཉིད་དང་། འདི་ཁོ་ན ་ངེས་པར་འབྱུང་བ་ཡིན་ནོ།། ཞེས་བྱ་བར་རྟོགས་ན་དེའི་ཕྱིར་སྲོག་ཀྱང་ཡོངས་སུ་མ་དོར་བའི་ཕྱིར་དམ་པའི་ཆོས་ལ་དགའ་བས་སོ།། འདི་དག་ནི་བདེན་པ་སོ་སོའི་བཟོད་པ་དང་ཤེས་པ་དང་མཐུན་པར་ཅི་རིགས་པར་མི་རྟག་པ་ལ་སོགས ་བའི་རྣམ་པའི་སྒོ་ནས་བལྟ་བར་བྱའོ།། སྒོམ་པའི་ལམ་ལ་གནས་པ་རྣམས་ནི་ཆོས་ཟབ་མོ་ཇི་ལྟར་མཐོང་བ་གོམས་པར་བྱེད་པ་ཡིན་པས། གཟུགས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཚན་མ་མེད་པ་ནི་རང་བཞིན་གྱིས་གཟུགས ་སུ་རུང་བ་ལ་སོགས་པའི་མཚན་མ་མེད་པའི་ཕྱིར་རོ།། ཞི་བ་ནི་སྟོང་པ་ཉིད་དང་སྨོན་པ་མེད་པའི་བདག་ཉིད་ཡིན་པའི་ཕྱིར་ཏེ། དེའི་ཕྱིར་ཟབ་མོ་སྙམ་དུ་དགོངས་པ་ཡིན་ནོ།། དཔེར་ན་མདའ་ཡིས་ཞེས་བྱ་བ་ལ་སོགས་པ་ནི་འདི་སྐད་དུ ་མངའ་ལ་སོགས་པས་རྒྱ་མཚོའི་གཏིང་ཇི་སྐད་དུ་བཤད་པའི་ཚུལ་དུ་ཤེས་རབ་ཀྱི་ཕུང་པོ་ལ་སོགས་པ་ལ་ག་ཏིང་མ་རྙེད་པ་ནི་ཕྱིར་མི་ལྡོག་པ་དག་ཡིན་པར་རིག་པར་བྱའོ།། ཞེས་བཤད་པ་ཡིན་ནོ།། འདི་ཉིད་ཀྱི་ཡོན་ཏན་དྲི་བ་མངོན་དུ་འགྲོ་བ ་ཅན་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཟ་བུ་གྱུར་ཅེས་བྱ་བ་ནི་ག་ཏིང་དབྲོག་དཀའ་བའི་ཕྱིར་རོ།། ཐེག་པ་ནི་བྱང་ཆུབ་ཀྱི་ལམ་ཡིན་པའི་ཕྱིར་རོ།། དོན་དམ་པ་ནི་ཡེ་ཤེས་དམ་པའི་ཡུལ་ཡིན ་པའི་ཕྱིར་རོ།། ཚོགས་མཽད་ནི་རང་བཞིན་གྱིས་དག་པའི་ཕྱིར་རོ།། དེ་ཡང་ཆོས་ལ་བདག་མེད་པ་སྟོན་པར་བྱེད་པ་ཡིན་པའི་ཕྱིར་གང་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ལ་ཞེས་བྱ་བ་ནི་ཆོས་གང་དག་ལ་ཞེས་བྱ་བར་སྦྱར་རོ།། བསོད་ནམ། ་ཀྱི་ཚད་བསྟན་པའི་ཕྱིར་དཔེར་ནཱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱེས་བུ་རྗེས་སུ་ཆགས་པ་དཔེར་བརྗོད་པ་ནི་བུད་མེད་དང་ཕྲད་པར་དུས་བཏབ་ནས་དེ་ལ་རྣམ་པར་རྟོག་པ་མང་བར་བསྟན་པའི་ཕྱིར་རོ།། ཐོབ་པར་འགྱུར་ཞེས་བྱ་བ་ནི ་ཤེས་རབ་ཡིད་ལ་བྱེད་པ་སྐད་ཅིག་མ་ཅུང་ཟད་གཅིག་གིས་བསྐལ་བ་དེ་སྙེད་དུ་བསྒྲུབ་པར་བྱ་བའི་བསོད་ནམས་སྔོན་དུ་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། ཆོས་ཟབ་མོ་ལ་གོམས་པ་ཡང་ཆུང་ངུ་དང་འབྲིང་པོ་དང་ཆེན་པོའི་བྱེ་བྲག་གིས་རྣམ་པ ་གསུམ་མོ།། དེ་ལ་ཆུང་ངུ་ནི་སྦྱིན་པ་ལ་སོགས་པ་གཞན་མཆོག་ཏུ་གྱུར་པ་ཡང་ཤེས་རབ་ཀྱི་ཆོས་སྦྱིན་པ་ཙམ་གྱིས་ཟིལ་གྱིས་གནོན་པ་ཡིན་པའི་ཕྱིར། བྱང་ཆུབ་སེམས་དཔའ་གང་ཞིག་ཅེས་བྱ་བ་ལ་སོགས་པ་འབྱུང་བ ་ཡིན་ཏེ། དགྲ་བཅོམ་པ་རང་རྒྱལ་ཞེས་བྱ་བ་ནི་དགྲ་བཅོམ་པ་དང་རང་སངས་རྒྱས་དག་ལ་ཞེས་བྱ་བའི་ཐ་ཚིག་གོ། འབྲིང་ནི་ཤོས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་ལས་བྱུང་བའི་ཆོས་སྦྱིན་པ་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ནི་ཁམས་གསུམ་པའི་བསོད ་ནམས་ཐམས་ཅད་པས་མཆོག་ཡིན་པའི་ཕྱིར། བྱང་ཆུབ་སེམས་དཔའ་གང་ཞིག་ཅེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ།། ཆེན་པོ་ནི་དེ་ལྟར་མཆོག་ཏུ་གྱུར་པའི་བསོད་ནམས་ཀྱི་ཚོགས་ལ་ཡང་གསོག་ལ་སོགས་པར་རྟོགས་པས་ཟག་པ ་མེད་པའི་བསོད་ནམས་གཞལ་དུ་མེད་པ་ཡོངས་སུ་འཛིན་པ་ཡིན་པའི་ཕྱིར། བསོད་ནམས་དེ་ཡང་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། གསོག་ནི་གཟུགས་སུ་རུང་བའི་མཚན་ཉིད་ལ་སོགས་པས་དབེན་པའི་ཕྱིར་རོ།། སྟོང་པ་ནི་སྡུག་བསྔལ ་ལ་སོགས་པའི་རྣམ་པས་སྟོང་པའི་ཕྱིར་རོ།། གསོབ་ནི་མཚན་མ་མེད་པའི་ཕྱིར་རོ།། ཡ་མ་བརླ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་རོ།། སྙིང་པོ་མེད་པ་ནི་འཛིན་པ་ལ་སོགས་པ་དང་བྲལ་བའི་ཕྱིར་རོ།། གཞལ་དུ་མེད་པ་ཞེས་བྱ་བ་ནི་སྟོང་པ ་ཉིད་དུ་རོ་གཅིག་པས་གཞལ་བྱ་བ་ལ་སོགས་པའི་སྒྲ་མི་འཇུག་པའི་ཕྱིར་རོ།། དེ་ལྟ་ན་དེ་ཁོ་ན་ཉིད་ནི་རྣམ་པར་རྟོག་པ་མེད་པའི་ཕྱིར་གཞལ་དུ་མེད་པ་ཞེས་བྱ་བ་ལ་སོགས་པའི་ཐ་སྙད་ཀྱང་མི་འཇུག་པ་མ་ཡིན་ནམ་དེ་ལྟ་ན་ཡང་བརྗོད་པ་ཙམ་ནི་གཉེར ་མ་ཡིན་པའི་ཕྱིར་མྱི་མཐུན་པ་དང་གཉེན་པོ་དག་ཉམས་པ་དང་འབྲེལ་བ་མེད་པར་ཐལ་བར་འགྱུར་བས། སངས་རྒྱས་ཀྱིས་བཤད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། བཤད་ཅེས་བྱ་བ་ནི་མདོར་བསྟན་པའི་སྒོ་ནས་སོ།། རབ་ཏུ་སྦྱར་ཞིང་ཞེས་བྱ་བ་ནི་རྒྱས ་བཔར་བཤད་པོའི་སྒོ་ནས་སོ།། རབ་ཏུ་བསྟན་པ་ནི་ཐེ་ཚོམ་སྤོང་བའི་སྒོ་ནས་སོ།། བསྒྲལ་བ་བྱེ་བ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ནི་གཉེན་པོ་མ་ཡིན་པ་གོམས་པ་ནི་ཡུན་རིང་མོ་ཞིག་ལོན་དུ་ཟིན་ཀྱང་དོན་མེད་པར་རབ་ཏུ་བསྟན་པའི་ཕྱིར་རོ།། དེ་བཞིན་དུ ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་ཀྱང་གཉེན་པོ་མ་ཡིན་ཏེ། དེ་དག་ཀྱང་སྦྱོར་བའི་དུས་ན་རྣམ་པར་རྟོག་པའི་མཚན་ཉིད་ཡིན་པའི་ཕྱིར། རྒྱལ་བ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དེའི་ལེན་གདབ་པར་ཡོངས་བསྔོ་ཞེས་པ་ལ་སོགས་པ་སྨོས་ཏེ། ་དེ་ལྟར་རློམ་སེམས་ཐམས་ཅད་ལས་འདས་པའི་ཡོངས་སུ་བསྔོ་བ་ཉིད་རྣམ་པར་མི་རྟོག་པའི་གོ་འཕང་རབ་ཏུ་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ།། སེམས་དང་པོ་བསྐྱེད་པས་རབ་ཏུ་ཕྱེ་བའི་ཡོངས་སུ་བསྔོ་བ་ནི་བྱང་ཆུབ་པའི་རྒྱུ་མ ་ཡིན་ཏེ། དེ་ནི་དེའི་ཚེ་ན་འགགས་ནས་ཡུན་རིང་ཞིག་ལོན་པའི་ཕྱིར་རོ།། བར་ཆད་མེད་པའི་ལམ་གྱི་མཚན་ཉིད་ཀྱང་མ་ཡིན་ཏེ། སེམས་དང་པོ་ལ་སོགས་པ་དོན་མེད་པར་འགྱུར་བའི་ཕྱིར་རོ།། དེ་དག་འདུས་པ་ཡང་མ་ཡིན་ཏེ། དེ་དག་ནི་རིམ་གྱིས་འབྲུ ་བ་ཉིད་དང་རིང་དུ་མི་གནས་པ་ཉིད་ཀྱིས་ལྷན་ཅིག་པ་མེད་པའི་ཕྱིར་རོ་ཞེ་ན། དེ་འབྲུ་མར་གྱི་སྙིང་པོ་སྲེག་པའི་ཚུལ་གྱིས་ལན་གདབ་པའི་ཕྱིར་འབྲུ་མར་སྙིང་པོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། འབྲུ་མར་གྱི་སྙིང་པོ་སྨོས་པ་ནི་སྲེག་པའི་རིམ་པ ་རྟོགས་པར་བྱ་བའི་ཕྱིར་ཏེ། གཞན་ལ་ནི་མྱུར་དུ་ཚིག་པ་སྲིད་པས་རིམ་པ་བཅུག་དཀའ་བར་འགྱུར་རོ།། འདི་ལ་དགོངས་པ་ནི་དཔེར་ན་མེ་ལྕེ་ཕྲད་པ་དང་པོ་ཁོ་ནས་ཀྱང་སྙིང་པོ་རིལ་གྱིས་མི་སྲེག་ལ་དང་པོ་ལ་སྩོགས ་པ་མེད་ན་ཕྱི་མ་ཉིད་ཀྱང་མེད་པའི་ཕྱིར་ཕྱི་མ་ཁོ་ནས་ཀྱང་མ་ཡིན་པ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པའི་རིམ་པ་ཡང་དེ་དང་འདྲ་ཞེས་བྱ་བ་ཡིན་ནོ།། དེ་བསྟན་པའི་ཕྱིར། དང་པོའི་སེམས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོའི ་སེམས་ནི་མོས་པ་སྤྱོད་པས་རབ་ཏུ་བསྡུས་པའོ།། ཞི་བ་ནི་བྱང་ཆུབ་ཅེས་བྱ་བར་སྐབས་དང་སྦྱར་རོ།། འབྱུང་ཞེས་བྱ་བ་ནི་མྱུ་གུ་ལ་སོགས་པ་གཅིག་ནས་གཅིག་ཏུ་བརྒྱད་དེ་སྐྱེ་བ་ཅེས་བྱ་བའི་ཐ་ཚིག་གོ།། དེ་ཡང་ཞེས་བྱ་བ་ན་ས་བོན་དེ་ཡང་ཞེས ་བྱ་བའི་ཐ་ཚིག་གོ།། ཤིང་ཡང་མེད་པར་དེ་མིན་ལྟར་ཞེས་བྱ་བ་ནི་ས་བོན་གྱི་མཇུག་ཐོགས་སུ་ཡ་ལ་ག་ལ་སོགས་པ་མི་སྐྱེ་བའི་ཕྱིར་རོ།། རྒྱུ་ཞེས་བྱ་བ་ནི་བྱེད་རྒྱུ་སྟེ་བརྒྱུད་པས་ཞེས་བྱ་བ་ལྷག་མ་ཡིན་ནོ།། དེ་ནི་སྙིང་རྗེ་དང་མཚུངས་པར་ལྡན ་པོས་ས་བོན་གྲུབ་པོ་དང་འདྲ་བའི་ཕྱིར་རོ།། འགགས་ལ་ཞེས་བྱ་བ་ནི་སྐད་ཅིག་མ་གཉིས་པ་ལ་སོགས་པའི་དུས་ན་སེམས་ཀྱི་སྐད་ཅིག་མ་སྔ་མ་འགོགས་པའི་ཕྱིར་རོ།། མེད་པ་དེའི་མ་ཡིན་ཞེས་བྱ་བ་ནི་འགགས་པའི་དུས་གཞན་ན་ཡང་ཡོང ་པ་མ་ཡིན་པའི་ཕྱིར་བྱང་ཆུབ་ནི་དེའི་མ་ཡིན། དངོས་སུའོ་སྙམ་དུ་དགོངས་པ་ཡིན་ནོ།། རིམ་གྱིས་ནི་སེམས་ཀྱི་སྐད་ཅིག་མ་སྔ་མ་སྔ་མ་རྣམས་ཚོགས་སུ་རྫོགས་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་ཐིགས་པས་བུམ་པ་འགེངས་པ ་བཞིན་དུ་བྱང་ཆུབ་ཀྱི་རྒྱུ་ཡིན་པས། ཆུའི་ཐིགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་ཆུའི་ཐིགས་པས་ཞེས་བྱ་བ་ནི་ཆུའི་ཐིགས་པ་དག་གིས་སོ།། རིམ་གྱིས་ཞེས་བྱ་བ་ནི་མཐར་གྱིས་ཞེས་བྱ་བའི་ཐ་ཚིག་གོ།། དེ་ཞེས་བྱ་བ་ནི་བུམྦྷ་པ་ཞེས ་བྱ་བར་སྦྱར་རོ།། ཐབས་ཀྱི་མཐུས་ནི་བྱང་ཆུབ་མཆོག་རྒྱུ་ཡིན་ཏེ། དེ་ནི་ཚོགས་ཡོངས་སུ་རྫོགས་པར་བྱ་བ་ཉིད་ལ་ཆུ་ལྟ་བུ་ཡིན་པའི་ཕྱིར་རོ།། དེ་ལྟ་བས་ན་ཆོས་ཟབ་མོ་ལ་གོམས་པ་ནི་རྫོགས་པའི་སངས་རྒྱས་ཀྱི་རྒྱུར་གྱུར་པའི་ཕྱིར ་ཕྱིར་མི་ལྡོག་པ་ཉིད་ཀྱི་རྟགས་དམ་པ་ཡིན་ནོ།། ཕྱིར་མི་ལྡོག་པའི་རབ་ཏུ་དབྱེ་བ་བཤད་ཟིན་ནོ།། །། དེ་དག་གིས་ཀྱང་མི་གནས་པའི་མྱ་ངན་ལས་འདས་པ་ལ་བསླབ་པར་བྱ་དགོས་པས་འཁོར་བ་དང་མྱ་ངན་ལས་འདས་པ ་མཉམ་པ་ཉིད་ནི་སྟོང་པ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། མྱ་ངན་ལས་འདས་པ་ནི་འགྲོ་བ་ལ་ཕན་འདོགས་པའི་སེམས་ཉམས་པའོ།། མཚན་མ་ནི་འཛིན་པ་ལ་སོགས་པའོ།། འདིར་དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སྟོང་པ་ཉིད་དུ་རོ་གཅིག་པའི་ཕྱིར་རྒྱ་མཚོའི་ཚུ་རོལ་དང་ཕ་རོལ་གྱི་འགྲམ་ལྟ་བུ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་གནས་སྐབས་དག་ལ་བློ་གྲོས་མ་ཆགས་པར་གནས་སོ་སྙམ་དུ་དགོངས ་བཔ་ཡིན་ནོ།། དེ་ལྟར་སྤྱོད་པའི་ཞེས་བྱ་བ་ནི་བདག་མེད་པ་ཉིད་དུ་རྣམ་པར་བལྟ་བའོ།། རློམ་སེམས་མེད་ཅེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཁྱད་པར་མེད་པ་རྟོགས་པའི་ཕྱིར་རོ།། འདི་ལ་ཅིའང་མེད་ཅེས་བྱ་བ ་ནི་ཁྱད་པར་མེད་པར་རྟོགས་བྱས་ན་བྱང་ཆུབ་ལ་སྐྲག་པ་མེད་པ་སྟེ། ཡང་དག་པར་ན་མཉམ་པ་ཉིད་དུ་རྟོགས་པ་ཁོ་ན་ཁྱད་པར་དཔེ་མེད་པ་ཡིན་པའི་ཕྱིར་རོ།། དེ་ལྟར་མཉམ་པ་ཉིད་ལ་ཞིང་རྣམ་པར་དག་པ་ནི ་སྣོང་དང་སེམས་ཅན་གྱི་འཇིག་རྟེན་དག་ལ་མྱ་ངན་གྱི་དགོན་པ་དང་གནོད་སེམས་ལ་སོགས་པ་མཐོང་ན་དེ་དག་རྣམ་པར་སྦྱང་བའི་ཕྱིར་ཕྱི་མའི་མཐའི་མུར་ཐུག་པར་གོ་ཆ་གྱོན་པའི་ཕྱིར་དང་དེ་ཡང་སྐྱོ་བ་མེད་པའི་ཕྱིར། འཇིག་རྟེན་དགོན་པའི ་ལིམ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། རྟག་ཏུ་བརྩོན་ཞེས་བྱ་བ་ནི་རྟག་ཏུ་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་རབ་ཏུ་ཞུགས་པའོ།། རོབ་ཤེས་ནས་ཞེས་བྱ་བ་ནི་དགོན་པ་ལ་སོགས་པ་སྒྱུ་མ་ལྟ་བྱོར་ལྟ་བའོ།། ཞིང་དག་པ་བཤད ་ཟིན་ཏོ།། །། དེ་ཡང་ཐབས་དང་ལྡན་པའི་འབྲས་བུ་ཡིན་པས་ཐབས་ལ་མཁས་པ་སྟེ། དེའི་ཡུལ་ནི་སྟོང་པ་ཉིད་དོ།། དེའི་སྦྱོར་བ་ནི་སྙིང་བརྩེ་བས་སེམས་ཅན་ལ་ལྟ་བ་སྔོན་དུ་འགྲོ་བའི་ཤྭེ་རབ་ཡིད་ལ་བྱེད་པ་ཡིན་པས་བྱང་ཆུབ་སེམས ་དཔའ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། མཉམ་པར་མ་བཞག་ཅེས་བྱ་བ་ནི་འཇུག་དང་སྦྱོར་བའི་གནས་སྐབས་དག་ནོའོ།། ཡོངས་མི་ཉམས་ཞེས་བྱ་བ་ནི་ཤེས་རབ་དང་སྙིང་བརྩེ་བ་དག་གིས་འཁོར་བ་དང་མྱ་ངན་ལས་འདས་པར ་མི་ལྷུང་བའི་ཕྱིར་རོ།། ཐབས་དེ་ཡང་རྣམ་པ་བཅུ་གཉིས་ཏེ། བར་ཆད་བྱེད་པོ་ལས་ཡང་དག་པར་འདའ་བའི་ཐབས་ནི་སྒྱུ་རྩལ་ལ་མཁས་པའི་སྐྱེས་བུ་བཞིན་དུ་བྱམས་པས་སེམས་ཅན་གྱི་ཁམས་ལ་དམིགས་ཏེ་ཞུགས་པ་བདུད་ལ ་སོགས་པ་བར་ཆད་བྱེད་པ་ལས་ཡང་དག་པར་འདའ་བའི་ཕྱིར། དཔེར་ན་སྐྱེས་བུ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། བརྩོན་ཞེས་བྱ་བ་ནི་གོམས་པར་བྱས་པའོ།། སྒྱུ་མ་སྨྲ་བ་ཞེས་བྱ་བ་ནི་གཅིག་པུས་ཀྱང་འཁོར་དུ་ས་སྟོན་པའི་ཕྱིར་རོ།། འགྲོ ་དོན་རབ་ཏུ་འདོད་པ་ཞེས་བྱ་བ་ནི་སྙིང་རྗེ་མེད་པ་ནི་ནུས་སུ་ཟིན་ཀྱང་གཞན་ཡོངས་སུ་བསྐྱབ་པ་ལ་མི་འཇུག་པའི་ཕྱིར་རོ།། དེ་ཡིས་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་སྐྱེས་བུས་སོ།། ཀུན་ཏུ་ཞེས་བྱ་བ་ནི་ཐམས་ཅད་ལ་ཏེ་སེམས་ཅན་གྱི་ཁམས ་ཞེས་བྱ་བར་སྦྱར་རོ།། ས་གཉིས་ལས་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱིས་དག་ལས་ཏེ། རབ་འདས་ནས་ཞེས་བྱ་བར་སྐབས་དང་སྦྱར་རོ།། བྱང་ཆུབ་རིག་མི་བྱེད་ཅེས་བྱ་བ་ནི་ཚོགས་མ་རྫོགས་པའམ་དེ་ལ་ཡང་མངོན་པར ་ཞེན་པོ་མེང་པོའི་ཕྱིར་རོ།། སྙམ་དུ་དགོངས་པོ་ཡིན་ནོ།། ཐུན་མོང་མ་ཡིན་པའི་ཐབས་ནི་འགྲོ་བའི་ལས་ཀྱི་དབང་གིས་ནམ་མཁའ་ལ་སྣོད་ཀྱི་འཇིག་རྟེན་གནས་པ་བཞིན་དུ་སེམས་ཅན་ཡོངས་སུ་མི་གཏོང་བའི་བསམ་པས་ཤིན་ཏུ་དཀའ་བའི་སྟོང ་པ་ཉིད་ལ་གནས་པའི་ཕྱིར་མཁའ་ལ་བྱ་ལ་སོགས་པ་འབྱུང་བྱ་ཡིན་ཏེ། དེ་ལ་ཞེས་བྱ་བ་ནི་ཆུའི་ཕུང་པོ་དེ་ལའོ།། འགྲོ་བ་ཅེས་བྱ་བ་ནི་རྟེན་ཞེས་བྱ་བར་སྦྱར་རོ།། ལས་ལ་སྤྱོད་པའི་རྒྱུ་ཞེས་བྱ་བ་ནི་སྣོད་ཀྱི་འཇིག་རྟེན་མེད་པ་ལས་ཀྱི ་འབྲས་བུ་ལ་སྤྱད་པར་མི་ནུས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ།། བྱ་བ་ཞེས་བྱ་བ་ནི་སྨྱོན་པ་ལ་སོགས་པ་བསྡུ་བའི་དངོས་པོའི་མཚན་ཉིད་དག་གོ། བྱ་བ་སྟོན་པ་གང་ལ་རྟེན་སེམས་ཅན་རྣམས་ཀྱིས་ཤེས་པའི་ཆེད་དུ་སྨོན་ལམ་གང ་ཡིན་པ་དེ་ཁོ་ན་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ།། གནས་པ་མེད་ཅེས་བྱ་བ་ནི་སྟོང་པ་ཉིད་ནི་ན་མཁའ་བཞིན་དུ་རྟེན་མ་ཡིན་པའི་ཕྱིར་ཏེ། འོན་ཀྱང་ས་གཞན་དུ་མི་ལྟུང་ངོ་སྙམ་དུ་དགོངས་པ་ཡིན་ནོ།། མཚན ་མ་མེད་པའི་ཐབས་ནི་སྟོང་པ་ཉིད་ལ་གནས་པ་མཚན་མོ་དང་མཚན་མ་མེད་པ་དག་ཏུ་མི་འཛིན་པའི་ཕྱིར། གང་གི་ཚེ་ན་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། མཚན་མ་ལ་མངོན་པར་མ་ཞེན་པའི་ཕྱིར་ཞི་ལ་སྤྱོད་པ་ཡིན་ནོ།། མཚན་མ ་མེད་པ་ལ་མངོན་པར་མ་ཞེན་པའི་ཕྱིར་རབ་ཞི་སྤྱོད་པ་ཡིན་ནོ།། མི་གནས་པར་གནས་པའི་ཐབས་ནི་ན་མཁ་དང་ས་ངག་ལ་བྱ་བཞིན་དུ་ཞི་བ་དང་མཚན་མ་དག་ལ་མི་གནས་པར་སེམས་ཅན་གྱི་དོན་བྱ་བ་ལ་གནས་པའི་ཕྱིར་བར་སྣང་ཞེས ་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། དེ་ན་གནས་པ་མ་ཡིན་ཞེས་བྱ་བ་ནི་ན་མཁའ་ཁོ་ན་ལ་འགྲོ་བའི་ཕྱིར་རོ།། རྣམ་ཐར་སྒོ་ཞེས་བྱ་བ་ནི་སྟོང་པ་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་བདག་ཉིད་ཡིན་ཏེ། གྲོལ་བའི་ཐབས་ཡིན་པའི ་སྦྱོར་རོ།། སྨོན་ལམ་མི་འབེན་པས་རྗེས་སྨྲ་འཇག་པའི་ཐབས་ནི་འབོང་དཔྱ་ལ་མཁས་པ་ཇི་ལྟར་འདོང་བ་བཞིན་དུ་མིངའ་གོནས་དུ་འཕངས་པ་འཛིན་པ་དེ་ལྟར་ཤེས་རབ་ལ་གནས་པ་སྦྱིན་གྱི་སྨོན་ལམ་གྱི་འཛིན་པའི་རྗེམས ་འཇུག་པས་མང་དག་པའི་མཐར་མངོན་སུམ་དུ་བྱེད་པའི་ཕྱིར། དཔེར་ན་འབོང་སྐབས་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། མངའ་གཞན་དག་ཅེས་བྱ་བ་ནི་གནས་གནན་གི་གིས་མི།། ཕྱི་བཞིན་ཆུང་མར་ལོང་བཏགས ་ནས་ཞེས་བྱ་བ་ནི་རྒྱུད་མར་འཕངས་ཏེ་སྔར་འཕངས་པའི་མངའ་སྟེ་ས་ལ་ལྷུང་དུ་མི་སྟེར་རོ་ཞེས་བྱ་བར་སྦྱར་རོ།། ཐབས་ནི་སྙིང་བརྩེ་བ་ལ་སོགས་པའི་མཚན་ཉིད་དོ།། སྟོབས་ནི་གནས་དང་གནས་མ་ཡིན་པ་ཞེས་པ་ལ་སོགས་པའོ། ་རྫུ་འཕྲུལ་ནི་ན་མཁའ་ལ་འགྲོ་བ་ལ་སོགས་བྱའོ།། རྣམ་དཔྱོད་པ་ནི་ངོ་བོ་ཉིད་མེད་པར་བལྟ་བའོ།། སྟོང་ཉིད་དམ་པ་ནི་རྣམ་པར་རྟོག་པའི་བག་ཆགས་མཐའ་དག་མེད་པའོ།། དེ་ཐོབ་མི་བྱེད་པ་ནི་ཚོགས་ཡོངས་སུ་མ་རྫོགས་པས ་དེ་མངོན་སུམ་བྱས་ན་ལྷུན་གྱིས་གྲུབ་པར་འགྲོ་བ་ཡོངས་སུ་སྐྱོབ་པ་མེད་པའི་ཕྱིར་རོ།། ཚོགས་ཡོངས་སུ་རྫོགས་པ་ཡང་དག་པའི་རྣམ་པར་རྟོག་པའི་མངོན་པར་བསྒྲུབ་པས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་ཏེ། ས་མི་གཡོ་བ་ལས་གལ ་ཏེ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བྱང་ཆུབ་སེམས་དཔའ་དེ་མངོན་པརུ་བསྒྲུབ་པའི་སྒོ་ལྔ་གཞུག་པ་མཛད་དེ་ཉིད་འདིའི་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་གང་གསུངས་པ་ལྔ་པུ་ཡིན་ནོ།། སྐྱོ་བ་མེད་པའི ་ཐབས་ནི་དགེ་སློང་རྫུ་འཕྲུལ་དང་ལྡན་པ་ན་མཁའ་ལ་དུས་གཅིག་ཏུ་ཆོ་འཕྲུལ་བྱེད་པ་དག་གིས་མི་སྐྱོ་བ་བཞིན་དུ་སྟོང་པ་ཉིད་ལ་གནས་པ་ཡང་སེམས་ཅན་སྐྱབས་པའི་བྱ་བ་དག་གིས་སྐྱོ་བར་མི་འགྱུར་བའི་ཕྱིར་བ་རན་དགེ་སློང ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། དགེ་སློང་སྨོས་པ་ནི་དེ་ལ་ཐེ་ཚོམ་མེད་པ་རྣམས་འདི་ལ་ཐེ་ཚོམ་མི་ཟ་བར་བྱ་བའི་ཕྱིར་རོ།། ཅིག་ཅར་ཆོ་འཕྲུལ་བྱེད་པ་ནི་དུས་གཅིག་ཏུ་བྱ་བ་འགོལ་བར་སྟོན་པའོ།། དེ་བསྟན་པའི་ཕྱིར་འགྲོ ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱོ་བ་མེད་ཅིང་ཞེས་བྱ་བ་ནི་བསམ་པའི་སྒོ་ནས་སོ།། དུབ་པ་མེད་ཅེས་བྱ་བ་ནི་སྦྱོར་བའི་སྒོ་ནས་སོ།། ཡེ་ཤེས་རྫུ་འཕྲུལ་ཕ་རོལ་ཏུ་ཕྱིན་ཞེས་བྱ་བ་ནི་ཐབས་དང་ཡེ་ཤེས ་དོན་ཡོད་པ་ཕུལ་དུ་བྱུང་བའོ།། ཟུང་དུ་འབྲེལ་བུའི་ཐབས་ནི་མ་གལང་ས་ཆེན་པོ་རོ་མཆོང་བ་བཞིན་དུ་སྟོང་བརྩེ་བ་མངོན་དུ་འགྲོ་བའི་རྣམ་པར་ཐར་པའི་སྒོ་མངོན་དུ་གྱུར་ནི་ཤེས་རབ་དང་ཐབས་ཀྱི་གདུགས་གཉིས་ཡོངས་སུ ་བཟུང་བས་ས་གཞན་དུ་མི་ལྟུང་བའི་ཕྱིར། དཔེར་ན་མི་འགའ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏོ། མཆོང་བར་བྱེད་ཅིང་ཞེས་བྱ་བ་ནི་འདོར་བར་བྱེད་པ་སྟེ་ལུས་ཞེས་བྱ་བར་སྦྱར་རོ།། ། ལྷུང་བར་མི་འགྱུར་ཞེས་བྱ་བ་ནི་སྣང ་པར་མི་འགྱུར་ཞེས་བྱ་བའི་ཐ་ཚིག་གོ།། ཇི་སྙེད་དེར་ནི་འགྲོ་བར་འགྱུར་ཞེས་བྱ་བ་ནི་བགྲོད་པར་བྱ་བ་ཇི་སྙེད་པ་དེར་བདེ་བླག་ཁྱོ་ནར་འགྲོ་བར་འགྱུར་སྙམ་དུ་དགོངས་པ་ཡིན་ནོ།། ཆོས་རྣམས་ཤེས་བྱ་བ་ནི་སྟོང་པ་ཉིད་ལ་སོགས ་པ་ཞེས་བྱ་བར་སྐབསོ་དང་སྦྱར་རོ།། འགྲོ་ལ་ཕན་པ་བསྐྱེད་པའི་ཐབས་ནི་རིན་པོ་ཆེའི་གླིང་དུ་ཕྱིན་པ་བཞིན་དུ་ཏིང་ངེ་འཛིན་གྱི་མཆོག་ཐོབ་པ་འཇིག་རྟེན་ལ་སྙིང་བརྩེ་བས་ཡང་དག་པའི་རྣམ་པར་རྟོག་པ་མངོན་དུ་བྱེད ་པའི་ཕྱིར་རོ།། དེ་ལྟ་མ་ཡིན་ན་གཞན་གྱི་དོན་མི་འཐང་པོའི་ཕྱིར། དཔེར་ན་རིན་ཆེན་འདོད་པ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ་ཕྱིར་ཡང་ཁྱིམ་དུ་འོང་འགྱུར་བ་ཞེས་བྱ་བ་ནི་སླར་འོང་བར་འགྱུར་བ་ཞེས་བྱ་བར་སྦྱར་རོ།། ཡིད་མི ་བདེར་འཇོག་པ་མིན་ཞེས་བྱ་བ་ནི་གཉེན་བཤེས་ཀྱི་ཚོགས་སྡུག་བསྔལ་བ་འབའ་ཞིག་ཡིད་ལ་བཞག་ནས་ཕྱིར་མི་ལྡོག་པ་ཡིན་ཏེ། རང་གི་དོན་ནི་མེད་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ།། སྟོང་པ་ཉིད་ནི་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་ཡིན་པའི ་ཕྱིར་དང་སྲིད་པའི་ཆུ་མེད་པའི་ཕྱིར་རིན་ཆེན་གྱི་གླིང་ཡིན་ནོ།། ཆགས་པ་མེད་པའི་ཐབས་ནི་ཚོང་པ་བཞིན་དུ་མཁས་པར་བྱ་བའི་ཕྱིར་ལམ་ལ་སོགས་པས་རབ་ཏུ་ཞུགས་ཀྱང་དེ་ལ་མི་གནས་པའི་ཕྱིར། དཔེར་ན་དོན་གཉེར་ཞེས་བྱ་བ་ལ་སོགས་པ ་འབྱུང་བ་ཡིན་ཏེ། བར་གྱི་ཞེས་བྱ་བ་ནི་བགྲོད་པར་བྱ་བའི་ལཱམ་ཀ་ཡིའོ།། གྲོང་ཁྱེར་གང་ཡིན་པ་དང་གྲོང་བརྡུལ་གང་ཡིན་པར་ཞེས་བྱ་བར་སྦྱར་རོ།། འགྲོ་ཞེས་བྱ་བ་ནི་གྲོང་ཁྱེར་ལ་སོགས་པ་དེ་དག་ཏུ་འགྲོ་བ་ལའོ།། དེ་ཡང་ཞེས་བྱ་བ་ནི་གྲོང་ཁྱེར་ལ ་སོགས་པར་རོ།། ལམ་ལ་མཁས་པར་འགྱུར་ཞེས་བྱ་བ་ནི་ལམ་རྒྱས་ལ་མཁས་པར་བྱ་བ་འབའ་ཞིག་གི་དོན་དུ་རྟོག་པར་བྱེད་པ་ཁོ་ནར་ཟད་དོ།། ངི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ།། རང་རྒྱལ་རྣམས་ཀྱི་ཞེས་བྱ་བ་ནི་རྣམ་པར་གྲོལ་བ་དང་ཤེས ་བ་ཞེས་བྱ་བར་སྦྱར་ཏེ་ཤེས་པ་ནི་ལམ་མོ།། ཀུན་ལ་ཞེས་བྱ་བ་ནི་ལམ་ལ་སོགས་པ་རབ་ཏུ་དབྱེ་བ་དང་བཅས་པ་ལ་ཞེས་བྱ་བའི་ཐ་ཚིག་གོ།། ། བྱམས་པ་ཆེན་པོའི་སྦྱོར་བའི་ཐབས་ནི་འགྲོ་བ་ལ་བྱམས་པ་མངོན་དུ་འགྲོ་བའི་སྟོང་པ ་ཉིད་ལ་སོགས་པོ་མངོན་སུམ་དུ་གྱུར་ན་མྱ་ངན་ལས་འདས་པ་དང་འདུས་བྱས་སུ་གདགོས་པ་ལས་ཡང་དག་པར་འོངས་པའི་ཕྱིར་རོ།། གང་ཚེ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། དེ་ནི་གནས་མེང་ངོ་ཞེས་བྱ་བ་ནི་བྱམས་པའི་སྦྱོར ་བ་དང་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དག་ནི་གོ་རིམ་བཞིན་དུ་མྱ་ངན་ལྔས་འདས་པ་དང་སྲིད་པ་གདགས་པ་དང་འགལ་བའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ།། མི་དམིགས་པའི་ཐབས་ནི་སྤྲུལ་པ་བཞིན་དུ་རྣམ་པར་ཐར་པའོ ་སྒོ་ལ་གནས་པ་ནི་གདུལ་བར་བྱ་བ་རྣམས་ཀྱིས་བྱ་བ་ཐམས་ཅད་ལ་ལུས་ཙམ་རྟོགས་པའི་ཕྱིར་སྙིང་ཙམ་དུ་འདོགས་པས། དཔེར་ན་སྤྲུལ་པའི་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། མི་ལུས་མི་སྣང་མ་ཡིན་ཞིང་ཞེས་བྱ་བ་ནི་ཀུན་ཏུ་རྟོགས་པ་མེད ་ཀྱང་ལུས་ཀྱི་བྱེད་པ་ཙམ་རྟོགས་པའི་ཕྱིར་རོ།། མིང་གིས་ཀྱང་ཞེས་བྱ་བ་ནི་མིང་ཁོ་ནས་ཞེས་བྱ་བའི་ཐ་ཚིག་གོ།། ཕྱིར་མི་ལྡོག་པའི་རྟགས་ཀྱི་ཐབས་ནི་བདག་ཉིད་ཐབས་དང་ཤེས་རབ་ལ་གནས་ཤིང་གཞན་དགུ་ལ་ཡང་དེ་སྟོན་པས་ཕྱིར་མི་ལྡོག་པ་ཉིད་དུ། ་ངེས་པར་འཛིན་པ་ཡིན་པའི་ཕྱིར། གོལ་ཏེ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། སྤྱོད་པ་ཞེས་བྱ་བ་ནི་སྤྱོད་པའོ།། ཆོས་ཟབ་མོ་ཉིད་བསྟན་པའི་ཕྱིར་སྟོང་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཕྱིར་མི་ལྡོག་པའི་སའི་ཆོས་ནི་འགྲོ་བ་ལ་ལྟ་བ་དང ་ལྡན་པའི་སྟོང་པ་ཉིད་ལ་སོགས་པར་གོམས་པར་བྱེད་པའི་མཚན་ཉིད་དག་གོ།། ལུང་མོ་བསྟན་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རབྱ་བ་སྤྱོད་པ་ལ་སོགས་པ་འདྲི་བར་བྱེད་པ་རྣམས་ལ་ཇི་སྐད་དུ་བཤད་པའི་ཆོས་རབ་བསྟན་པར་བདག་ཉིད་མ་མོས ་པའི་ཕྱིར་དང་སེམས་ཅན་ལ་བསླུ་བའི་ཕྱིར་རྫོགས་པའི་བྱང་ཆུབ་ཀྱི་འོས་མ་ཡིན་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ།། འདིར་ཡང་ཐབས་ཀྱི་གོ་རིམ་ནི་སྔ་མ་སྔ་མ་རབ་ཏུ་སྒྲུབ་པར་ཕྱི་མ་ཕྱི་མ་བསྟན་པ་འམ། ཡང་ན་བདུད་ལ་སོགས་པས་བར ་ཆང་མ་བྱས་པ་ནི་ཐུན་མོང་དུ་མ་ཡིན་པའི་ཐབས་ལ་བརྟེན་ནས་མཚན་མ་མེད་པ་ལ་གནས་པ་ཡིན་ནོ།། ཞེས་བྱ་བར་ཁོང་དུ་ཆུད་པར་བྱ་སྟེ་དེ་བཞིན་དུ་འོག་མ་དག་ལ་ཡང་རབ་ཏུ་དབྱེ་བའི་གོ་རིམ་ནི་ཅི་རིགས་པར་སྦྱར་བར་བྱའོ།། རྣམ་པ་ཐམས་ཅད ་མངོན་པོར་རྟོགས་པ་བཤད་ཟིན་ཏོ།། །། དེ་ལྟར་ཡང་དག་པར་རབ་ཏུ་བརྩོན་པ་ནི་ཤེས་རབ་ཕུལ་དུ་གྱུར་པ་སྒྲུབ་པར་བྱེད་པས་རྩེ་མོར་ཕྱིན་པའི་མངོན་པར་རྟོགས་པ་ཏེ། དེ་ཡང་དེའི་རྟགས་དང་རྣམ་འཕེལ་དང་། བརྟན་དང་སེམས ་ཀུན་གནས་པ་དང་། མཐོང་ཞེས་བྱ་དང་སྒོམ་པ་ཞེས་བྱ་བའི་ལམ་ནི་སོ་སོ་ལ། རྣམ་པར་རྟོག་པ་རྣམ་བཞི་ཡི།། གཉེན་པོ་རྣམ་པ་བཞི་དོག་དང་།། བར་ཆད་མེད་པའི་ཏིང་འཛིན།། ལོག་པར་སྒྲུབ་དང་བཅས་པ་ནི།། ཡང་དག་བྱང་ཆུབ་འབྲས་འབྱུང་བའི།། རྩེ་མོའི ་མངོན་རྟོགས་ཡིན་པར་གསུངས།། རེ་ཞིག་དེའི་ཡིད་ཆོས་པར་བྱེད་པའི་རྟགས་ནི་རྣམ་པ་དགུར་བཤད་དེ། ས་གཞན་ལ་དགའ་བ་མེད་པའི་རྟགས་ནི་སྙིང་བརྩེ་བ་དང་ཤེས་རབ་ཕུལ་དུ་བྱུང་བས་གོ་རིམ་བཞིན་དུ་རྨི་ལམ་ན་ཡང་སཱ་གཞན་དང ་ཁམས་གསུམ་པ་དག་ལ་དགའ་བ་མེད་པའི་ཕྱིར། དགྲ་བཅོམ་ས་དང་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ།། རང་དང་གཞན་གྱི་དོན་གྱི་དབང་དུ་བྱས་པའི་རྟགས་ནི་རྨི་ལམ་ན་ཡང་བདག་དང་གཞན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རྫོགས ་པའི་སངས་རྒྱས་མཐོང་བ་དང་འགྲོ་བ་ལ་ཆོས་རབ་ཏུ་སྟོན་པའི་ཕྱིར། སངས་རྒྱས་རྣམས་མཐོང་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ།། ལུང་བསྟན་ཡིན་པར་རིག་པར་བྱ་ཞེས་བྱ་བ་ནི་ཐམས་ཅད་ཤེས་རབ་ཕུལ་དུ་བྱུང་བ་ཐོབ། ་པའི་ཕྱིར་རོ།། སྙིང་བརྩེ་བ་ཕུན་སུམ་ཚོགས་པའི་རྟགས་ནི་རྨི་ལམ་ན་ཡང་དྲན་སོང་དུ་སྐྱེས་པའི་སེམས་ཅན་མཐོང་ན་དེའི་མོང་ལ་ངན་སོང་རྣམ་པར་བཟློག་པའི་སྨོན་ལམ་འདེབས་པའི་ཕྱིར། རྨི་ལམ་ན་ནི་ཞེས ་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ།། མཐུ་ཕུན་སུམ་ཚོགས་པའི་རྟགས་ནི་བདེན་པའི་བྱིན་གྱི་བརླབས་ཀྱིས་གྲོང་ཁྱེར་ལ་མེ་འབར་བ་ལ་སོགས་པ་རབ་ཏུ་ཞི་བར་བྱེད་པའི་ཕྱིར། བདེན་པའི་བྱིན་གྱི་བརླབས་ཞེས་བྱ་བ་ལ་སོགས་པ་འབྱུང ་བ་ཡིན་ནོ།། མངོན་པའི་ང་རྒྱལ་མེད་པ་ཉིད་ཀྱི་རྟགས་ནི་བདེན་པའི་བྱིན་གྱི་བརླབས་ཀྱིས་འབྱུང་པོའི་གདོན་ལ་སོགས་པ་རབ་ཏུ་ཞི་ཡང་དྲེགས་པར་མི་འགྱུར་པའི་ཕྱིར། འཇིག་རྟེན་འབྱུང་པོའི་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། ་ཕན་དང་སྙིང་བརྩེར་ལྡན་པ་ནི་རྙེད་པ་ལ་སོགས་པ་འདོད་པ་མ་ཡིན་པའོ་ཞེས་བྱ་བར་དགོངས་པ་ཡིན་ནོ།། རློམ་སེམས་ནི་བདག་ནི་ཕྱིར་མི་ལྡོག་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་མཚན་མར་འཛིན་པ་ཡིན་ནོ།། དེ་སྔོན་དུ་འགྲོ་བའི་ཁོང ་པ་ནི་མངོན་པའི་ང་རྒྱལ་ཡིན་ལ་མངོན་པའི་ང་རྒྱལ་ཅན་ཡང་ཕྱིར་མི་ལྡོག་པ་མ་ཡིན་པས། ཇི་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ།། རློམ་སེམས་ཀྱི་རང་གི་ངོ་བོ་བསྟན་པའི་ཕྱིར། བདག ་ལུང་བསྟན་སྙམ་ཞེས་བྱ་བ་གསུངས་སོ།། ཅིའི་ཕྱིར་ཞེ་ན། བདེན་པའི་བྱིན་གྱི་བརླབས་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། འབྱོར་པས་ཞེས་བྱ་བ་ནི་འགྲུབ་པར་འགྱུར་བ་སྟེ། གང་གི་ཕྱིར་བདག་གི་ཞེས་བྱ་བ་ལྷག་མ་ཡིན་ནོ།། ་གཞན་གྱིས་ལུང་བསྟན་ཞེས་བྱ་བ་ནི་བདུད་ཀྱིས་སངས་རྒྱས་སུ་འགྱུར་རོ་ཞེས་བསྟན་པོ།། དེ་ཉིད་རྒྱས་པར་བསྟན་པའི་ཕྱིར། མིང་གི་གཞི་ལས་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། གང་ལ་གཞི་མིང་ཁོ་ན་ཡོད་པ་དེ་ནི་དེ་སྐད་ཅེས་བྱ་སྟེ། ་སྨྲ་ཞེས་བྱ་བ་ཁྱད་པར་ཡིན་ནོ།། དེ་ཉིད་བསྟན་པའི་ཕྱིར། འདི་སྐད་ཅེས་བྱ་བ་ལ་སོགས་པ་སྨོས་སོ།། བདུན་མེས་རྒྱུད་ཀྱི་ཞེས་བྱ་བ་ནི་མིང་ནི་འདི་ཞེས་བྱ་ཞེས་བྱ་བ་ལྷག་མ་ཡིན་ནོ།། གང་ཚེ་ཁྱོད་ནི་སངས་རྒྱས་འགྱུར་བའི་ཞེས་བྱ་བ་ནི་གང་གི། ་ཚེ་འགྲུབ་པར་འགྱུར་བའི་ཞེས་བྱ་བའི་ཐ་ཚིག་གོ། ཁྱོད་ཅེས་བྱ་བ་ནི་ཁྱོད་ཀྱིའོ།། འདི་སྐད་དུ་ཁྱོད་དང་ཕ་མ་ལ་སོ་གས་པ་དང་། ཕ་མེས་བདུན་རྒྱུད་ཀྱི་བར་གྱི་མིང་ནི་འདི་ཞེས་བྱའོ།། གང་གི་ཚེ་ཁྱོད་རྫོགས་པའི་སངས་རྒྱས་སུ་འགྱུར་པ་དེའི ་ཚེ་ཁྱོད་ཀྱི་མིང་འདི་ཞེས་བྱ་བ་ཁོ་ནར་འགྱུར་རོ།། ཁྱོད་ཀྱི་སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་པ་ཡང་ཚེ་སྔ་མ་ལ་ཡང་འདི་ཁོ་ན་དང་འདྲ་བར་གྱུར་པས་ཁྱོད་ནི་གདོན་མི་ཟླ་བོར་སངས་རྒྱས་སུ་འགྱུར་རོ་ཞེས་བདུད་ཀྱིས་བསྟན་པས་ང་རྒྱལ ་འཛིན་པ་ནི་ལུང་མ་བསྟན་པ་ཡིན་པར་རིག་པར་བྱའོ་ཞེས་བཤད་པ་ཡིན་ནོ།། དབེན་པ་ནི་གནས་པ་ན་རབ་ཏུ་དབེན་པའི་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ།། བདུད་ཀྱིས་ཡོངས་སུ་བསླང་ཞེས་པ་ནི་བདུད་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནོ།། ། ་དེ་ལྟ་མ་ཡིན་ན་སྐྱེ་བོ་མེད་པའི་གྲོང་ལ་སོགས་པོ་ལ་གནས་པ་ཙམ་གྱིས་ནི་ཁེངས་པ་མེད་པའི་ཕྱིར་རོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུན་པའི་དབེན་པ་གང་ཡིན་ཞེ་ན། རྟག་ཏུ་གྲོང་ད་ང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མ་གཏོགས ་པར་ཞེས་བྱ་བ་ནི་སྙིང་རྗེས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་ཤེས་རབ་ཀྱིས་བྱང་ཆུབ་ལ་སྦྱོར་བ་འབའ་ཞིག་ཏུ་ཟུང་དེ་གྲོང་ལ་སོགས་པན་གནས་ཀྱང་སེམས་སྲིང་པའི་བདེ་བ་ལ་མ་ཆགས་སོ་སྙམ་དུ ་དགོངས་པ་ཡིན་ནོ།། གཞར་མི་བསྐྱེད་ཅེས་བྱ་བ་ནི་དགྲ་བཅོམ་པ་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་ནམ་ཡང་དག་པ་པོསྐྱེད་པར་མི་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ།། འདི་ནི་དབེན་པར་གསུངས་ཞེས་བྱ་བ་ནི་སྲིད་པ་དང་ཞི་བ་ལ་མ ་ཆགས་པས་དབེན་པ་ཡིན་པོའི་ཕྱིརརོ།། དེ་ལས་གཞན་པ་ནི་སྐྱེ་བོས་ཤིན་ཏུ་དབེན་པ་ན་གནས་ཀྱང་འདྲེ་བར་གནས་པ་ཁོ་ན་ཡིན་པས། གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ་འདི་ནི་ཞེས་བྱ་བ་ནི་བཤད་མ་ཐག་པའི་དབེན་པའོ།། ་ལྷག་པའི་ང་རྒྱལ་གྱི་ཡུལ་བསྟན་པའི་ཕྱིར། བྱང་ཆུབྱ་སེམས་དཔའ་འགྲོ་བའི་དོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཞེས་བྱ་བ་ནི་གྲོང་གི་ནང་ན་སྤྱོད་པའི་བྱང་ཆུབ་སེམས་དཔའ་ལའོ།། བརྙས་པ་བྱེད་པ་ཞེས་བྱ་བ་ནི་ཁྱད་དུ ་གསོད་བར་བྱེད་པའོ།། ཇི་ལྟར་ཞེ་ན་འདི་ནི་དགོན་དབེན་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དེ་ལྟ་བས་ན་གྲོང་དང་དགོན་པ་ན་སྤྱོད་པ་གཉིས་ལས་སྔར་བཤད་པའི་དབེན་པ་ཁོ་ན་མཆོག་ཡིན་པས་གང་ཞིག་གྲོང་ངམ་ཞེས་བྱ་བ་ལ་སོགས་པ ་སྨོས་སོ།། འདིས་ཆེ་བའི་བདག་ཉིད་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་དྲོད་སྙོམས་ཞེས་བྱ་བ་ལ་སོགས་པ་གསུས་ཏེ། བྱང་ཆུབ་སེམས་དཔའ་གང་ཞིག་དབེན་པ་དེ་ལྟ་བུ་ལ་དྲོད་སྙོམ་ཞིང་བརྙས་པར་བྱེད་པ་དེ་ནི་དབེན་པ་གཞན་ལ་རྟེན་པའི ་ཕྱིར་བདག་ཉིད་ཉམས་ཤིང་ཕུང་བར་འགྱུར་བ་འབའ་ཞིག་ཏུ་ཟད་དེ་ལུས་དུབ་པ་འབྲས་བུ་མེད་བྱ་ཙམ་གྱིས་ཞེས་བྱ་བའི་ཐ་ཚིག་གོ།། བཤེས་གཉེན་དམ་པ་ལ་བརྟེན་པའི་རྟགས་ནི་ནད་པ་སྨན་པ་ལ་བརྟེན་པ་བཞིན་དུ་ང་རྒྱལ་བཅོམ་ཞིང་སྐྱོ ་བ་མེད་པར་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱེད་པའི་ཕྱིར། དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། གསོ་ཕྱིར་ཞེས་བྱ་བ་ནི་གསོ་བར་བྱ་བའི་ཕྱིར་ཏེ་ཇི་ལྟར་ནང་པའི་ཚོགས་ཀྱིས་སྨན་པ་ལ་བསྙེན་བཀུར་བྱ་བ་དེ་བཞིན་དུ་དགེ ་བའི་བཤེས་གཉེན་ལ་རྟེན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ཡང་གང་ཞེ་ན་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སངས་རྒྱས་གང་དག་ཡིན་པ་དང་བྱང་ཆུབ་སེམས་དཔའ་གང་དག་ཡིན་པ་དང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་གང་དག ་ཡིན་པ་དེ་དག་ནི་དགེ་བའི་བཤེས་གཉེན་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དེ་དག་རྗེས་སུ་སྟོན་བྱེད་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་ཅེས་བྱ་བ་ནི་སངས་རྒྱས་ལ་སོགས་པའོ།། འདི་ནི་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མཚན་ཉིད་དོ།། ་རྒྱུ་རྣམས་གཉིས་ཀྱིས་ཞེས་བྱ་བ་ནི་རྗེས་སུ་སྟོན་པ་དང་རང་གི་མཚན་ཉིད་ཀྱི་རྒྱུ་རྣམ་གཉིས་ཀྱིས་ཞེས་བྱ་བའི་དོན་ཏོ།། སྒྲུབ་པ་དེ་ཡང་གཙོ་བོར་ཤེས་རབ་ཡིན་པས་ཤེས་རབ་དམ་པ་ལ་མངོན་པར་བརྩོན་པའི་རྟགས་ནི་བདེ་བར་གཤེགས ་བཾ་སེམས་ཅད་ཀྱི་བགྲོད་པ་གཅོག་པ་ཡིན་པ་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ལ་མངོན་པར་བརྩོན་པ་ཡིན་པའི་ཕྱིར། རྒྱལ་བ་འདས་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། གསལ་ཞེས་བྱ་བ་ནི་གསལ་བར་བྱེད་པ་སྟེ། རྣམ་པ་ཐམས་ཅད ་མཁྱེན་པ་ཉིད་ཀྱི་དབང་དུ་བྱས་པའི་ཕྱིར་རོ།། སྒྲོ་ནས་ནི་ལམ་ཤེས་པ་ཉིད་ཀྱི་རྒྱུ་ལས་བྱུང་བའི་ཕྱིར་རོ།། སྣང་བ་ནི་ཐམས་ཅད་ཤེས་པ་ཉིད་ཀྱི་རང་གི་ངོ་བོ་རབ་ཏུ་སྟོན་པའི་ཕྱིར་རོ།། སྟོན་མཆོག་ཅེས་བྱ་བ་ནི་ཉོན་མོངས་པ་ཚར ་གཅོད་པར་བྱེད་པའི་ཕྱིར་དང་། བྱང་ཆུབ་གཞན་ལ་སྐྱོབ་པའི་ཕྱིར་རོ།། ཆོས་ཐམས་ཅད་ཐ་དད་པ་མེད་པར་རྟོགས་པའི་རྟགས་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་མཚན་ཉིད་གཅིག་པར་ཡོངས་སུ་གཅོད་པའི་ཕྱིར་རོ།། ་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། མཚན་ཉིད་སྟོང་ཞེས་བྱ་བ་ནི་འཛིན་པ་ལ་སོགས་པའི་རྣམ་པས་སོ།། ཆོས་འདི་ཐམས་ཅད་ཅེས་བྱ་བ་ནི་གཟུགས་ལ་སོགས་པའོ།། མཚན་ཉིད་དེ་དང་འདྲར་ཤེས་ཞེས་བྱ་བ་ནི་དེ་ཁོ་ན་བཞིན ་དུ་འཛིན་པ་ལ་སོགས་པའི་རྣམ་པས་དབེན་པར་རོ།། དེ་ཉིད་གསལ་བར་བྱ་བའི་ཕྱིར་སྟོང་ཞིང་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། འདི་སྐད་དུ་བཤད་པ་ཡིན་ཏེ། ལྐོག་ཏུ་གྱུར་པ་ནི་འཛིན་པ་ཉིད་མ་ཡིན་ཏེ་བདག་ཉིད་ཀྱི་བྱེད་པ་མི་ཤེས་པ ་ནི་འཛིན་པ་ཉིད་དུ་རབ་ཏུ་མ་གྲུབ་པའི་ཕྱིར་རོ།། རང་གི་ངོ་བོར་མི་ཤེས་པ་ནི་ཡོད་པའི་ཐ་སྙད་ཀྱི་ཡུལ་མ་ཡིན་ཏེ། དེ་ལྟ་ན་ནི་ཐམས་ཅད་ཀྱི་ངོ་བོ་ཉིད་དུས་ཐམས་ཅད་དུ་ཡོད་པར་ཐལ་བར་འགྱུར་བའི་ཕྱིར་རོ།། ཡུལ་ཡོངས་སུ་གཅོད་པའི ་སྒོ་ནས་དེ་རབ་ཏུ་འགྲུབ་པ་ཡང་མ་ཡིན་ཏེ། ལྐོག་ཏུ་གྱུར་པའི་བདག་ཉིད་དང་ཡུལ་རིག་པར་འབྲེལ་པར་མ་གྲུབ་པའི་ཕྱིར་རོ།། མེད་ན་མི་འབྱུང་བ་རབ་ཏུ་གྲུབ་པ་མེད་པར་ནི་འགའ་ཡང་གང་གི་རྟགས་ཀྱི་དངོས་པོ་ཡང་མ་ཡིན་ཏེ་ཧ་ཅང ་ཐལ་བར་འགྱུར་བའི་ཕྱིར་རོ།། གལ་ཏེ་འཛིན་པ་མེད་པ་ནི་རང་གི་བེམས་པོའི་བདག་ཉིད་ཡུལ་ཡོངས་སུ་གཅོད་པ་མི་འཐད་པའི་ཕྱིར་རོ་ཞེ་ན་མ་ཡིན་ཏེ། དེ་དག་རྗེས་སུ་འབྲེལ་པ་རྟོགས་པ་མེད་པར་དེ་ལྟ་བུ་མི་སྲིད་པའི་ཕྱིར་རོ།། ཡུལ་བེམས ་བོའི་བདག་ཉིད་ནི་རང་གི་ངོ་བོ་མི་འདོར་བ་ཡིན་པས་འཛིན་པ་ཡོད་དུ་ཟིན་ཀྱང་ཇི་ལྟར་ཤེས་པར་འགྱུར། འོན་ཏེ་དེའི་རང་གི་ངོ་བོ་ཉམས་ན་རང་གིས་རྟོགས་པའི་བདག་ཉིད་ཁོ་ནར་སྐྱེ་བས་དེའི་རྣམ་པ་ཡོངས་སུ་གཅོད་པའི་ཕྱིར་རོ་ཞེ་ན ་འཛིན་པ་དེའི་ངོ་བོ་སྐྱེད་པར་བྱེད་པ་ཡིན་པ་འབའ་ཞིག་ཏུ་འགྱུར་རོ།། དེ་ནི་མི་འདོད་པ་ཡང་མ་ཡིན་ཏེ། རང་དབང་དུ་རིག་པ་ཡང་གཞན་ལ་རག་ལས་ཏེ་སྐྱེ་བར་ཁས་ལེན་པའི་ཕྱིརརོ།། གལ་ཏེ་ངས་ཤེས་སོ་ཞེས་བྱ་བར་བདག་ཏུ་འཛིན ་པ་པོ་ཤེས་པའི་ཕྱིར་སྔོན་པོ་ལ་སོགས་པའི་རྣམ་པ་ཉམས་སུ་མྱོང་བ་རང་དབང་ཅན་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་ལྟར་ཉམས་སུ་མྱོང་བ་མེད་པའི་རྣམ་པར་རྟོག་པ་དེའི་རྟོགས་ཀྱི་རྗེས་སུ་འབྲང་བ་མ་ཡིན་པ་ནི་སློབ་པའི་རྟོག་པ ་བཞིན་དུ་ཚད་མ་མ་ཡིན་པའི་ཕྱིར་དང་ཚད་མས་གནོད་པའི་ཕྱིར་ཡང་མ་ཡིན་ཏེ། སྔོན་པོ་ལ་སོགས་པར་སྣང་བ་ནི་གཞན་གྱི་བྱེད་པས་དབེན་པར་སྣང་བའི་ཕྱིར་རོ།། འཇིག་རྟེན་པའི་ཐ་སྙེད་ཐམས་ཅད་ནི་སྣང་བ་དང་རྣམ་པར་རྟོག་པ ་ལ་རག་ལས་པ་ཁོ་ན་ཡིན་ལ་དེ་གཉིས་ཀྱང་རང་རིག་པའི་མཚན་ཉིད་ཡིན་པས་འཛིན་པ་པོ་ལྐོག་ཏུ་གྱུར་པ་གཞན་བརྟག་པའི་ཚེགས་དབྱུང་བ་ནི་མི་དགོས་སོ།། གལ་ཏེ་དེ་བས་ན་འཛིན་པའི་རྣམ་པ་ནི་མངོན་སུམ་ཡིན་ལ ་གཟུང་བ་ནི་ལྐོག་ཏུ་གྱུར་པ་ཡིན་དུ་ཟད་མོད་ཅེ་ན། མ་ཡིན་ཏེ། ཕན་ཚུན་འགུལ་བའི་ཕྱིར་ཏེ་ལྐོག་ཏུ་གྱུར་པ་ཉིད་ནི་རྟོགས་པར་མ་གྱུར་པའི་རྣམ་པ་ཡིན་ལ་གཟུང་བ་ཉིད་ནི་རྟོགས་པར་གྱུར་པའི་རང་བཞིན་ཡིན་པས ་དེ་དག་གཅིག་ལ་གཅིག་པར་ཇི་ལྟར་འགྱུར། ཕྱི་རོལ་གྱི་དོན་ལྐོག་ཏུ་གྱུར་པ་ཡིན་ན་ཉམས་སུ་མྱོང་བ་ནི་དེ་ལས་བྱུང་བ་དང་འདྲ་བ་དག་གིས་ཀྱང་དེ་འཛིན་པ་ཉིད་དུ་རུང་བ་མ་ཡིན་ཏེ། ཤིན་ཏུ་མངོན་སུམ་དུ་མ་གྱུར་པ་ནི་སྐྱེད་པར་བྱེད ་པ་དང་འདྲ་བ་དག་ཏུ་རབ་ཏུ་མི་འགྲུབ་པའི་ཕྱིར་རོ།། ཉམས་སུ་མྱོང་བར་སོ་སོར་ངེས་པ་ནི་རང་གི་རྒྱུ་ལས་བྱུང་བ་དེ་ལ་རག་ལས་ཏེ་འབྱུང་བ་ཁོ་ན་ཡིན་ནོ།། དེ་ལྟ་བས་ན་བདག་ཉིད་ཀྱིས་བསལ་བའི་ཕྱོགས་ལ་ལན་འདེབས་པའི་ཡོངས ་སུ་ངལ་བ་ནི་དོན་མེད་དོ།། གལ་ཏེ་གཟུང་བ་དང་འཛིན་པའི་མཚན་ཉིད་དེ་དག་ནི་གྲགས་པ་ཁོ་ན་ཡིན་ཏེ། ཕྱི་དང་ནང་གི་སྔོན་པོ་ལ་སོགས་པ་དང་སིམ་པ་ལ་སོགས་པའི་ཚོར་བ་དག་ནི་ཡུལ་དང་ཡུལ་ཅན་གྱི་ངོ་བོ་ཉིད་དུ་རྟོགས་པའི་ཕྱིར ་རོ་ཞེ་ན། དེ་ཡང་རིག་པ་དང་ལྡན་པ་མ་ཡིན་ཏེ། བ་ལང་གི་རྭ་ལྟ་བུར་ཕན་ཚུན་ཡོངས་སུ་འཛིན་པའི་བྱེད་པས་སྟོང་པ་དེ་དག་ནི་དུས་གཅིག་ཏུ་སྣང་བས་གཟུང་བ་དང་འཛིན་པའི་དངོས་པོ་སོ་སོར་ངེས་པར་མི་འཐད་པའི་ཕྱིར་རོ།། གྲོལ ་ཏེ་ཚོགས་པ་སྔ་མ་ལས་སོ་སོར་ངེས་པ་ཡིན་ནོ་ཞེ་ན་མ་ཡིན་ཏེ། བྱེད་པ་མེད་པ་ཉིད་ཀྱིས་ཁྱད་པར་མེད་པའི་ཕྱིར་རོ།། ཡུལ་དང་ཡུལ་ཅནི་ཉིད་དུ་དེ་དག་གི་ཁྱད་པར་གྲུབ་ན་ནི་དུས་གཅིག་ཏུ་སྣང་བ་འདི་ག་ལས་ཡིན་ཞེས་དྲིས ་ན་ཚོགས་པ་སྔ་མ་ལས་སོ་ཞེས་བརྗོད་པར་བྱ་བ་ཡིན་ནོ་ལྷག་པར་ཞེན་པ་ལས་ནང་གི་མྱོང་བ་འཛིན་པ་ཉིད་དུ་འགྲུབ་པ་ཡང་མ་ཡིན་ཏེ། དེ་ནི་དཀར་པོའི་བདག་ཉིད་ལ་སེར་པོར་ཤེས་པ་བཞིན་དུ་གཞན་དུ་སྣང་བས་གནོད་པའི་ཕྱིར་རོ་ཞེས ་ཕལ་ཆེར་བཤད་ཟིན་ཏོ།། གལ་ཏེ་སྔོན་པོ་ལ་སོགས་པ་ནི་སྔོན་མ་ཤེས་པ་ནང་གི་རིག་པའི་དུས་ཁོ་ན་ནི་སྣང་བའི་ཕྱིར་གཟུང་བ་ཉིད་ཡིན་ལ་སིམ་པ་ལ་སོགས་པ་ནི་རང་གི་རྒྱུད་ལ་མ་ཤེས་པ་མེད་པའི་ཕྱིར་རང་རིག་པའི་མཚན་ཉིད་ཀྱིས་འཛིན ་བཞིད་ཡིན་མོ་ཞེ་ན། མ་ཡིན་ཏེ་དེ་བཞིན་དུ་སྔོན་པོའི་ངོ་བོ་ལ་ཡང་མི་གསལ་བ་མེད་པའི་ཕྱིར་རོ།། སྔོན་པོའི་རྣམ་པོར་སྣང་བ་ནི་ལྐོག་ཏུ་གྱུར་པ་ཡིན་པར་འོས་པ་མ་ཡིན་ཏེ། དེ་ནི་གཞན་དུ་འགྱུར་བ་དང་འགལ་བའི་ཕྱིར་སིམ་པ་ལ་སོགསཔ ་ཡིན་ནོ།། གཞན་དུ་ནུ་རྟག་ཏུ་རྟོག་པར་གྱུར་པའི་རྣམ་པ་ཉིད་དམ་རྟོག་པར་མ་གྱུར་པའི་རྣམ་པ་ཉིད་དམ་དེ་གཉི་གའི་ངོ་བོ་ཉིད་དུ་འགྱུར་རོ།། དེ་ལ་ཡང་མ་མཐོང་བར་གྱུར་པའི་རྣམ་པ་ལས་ཐ་དད་པར་མཐོང་བར་གྱུར་པ་སྣང་བའི་ཕྱིར་དེ ་ཉིད་རྣམ་པ་གཞན་ཉིད་ནི་མ་ཡིན་ཏེ་མང་དུ་བརྗོད་པས་ཆོག་གོ།། དེར་རྟོག་པ་ལས་མ་གཏོགས་པ་ལྐོག་ཏུ་གྱུར་པ་ཞེས་བྱ་བ་ཡང་ཡོད་པ་མ་ཡིན་ནོ།། ཀུན་ཏུ་རྟོག་པ་དང་སྣང་བ་ལ་ཡོད་པ་དག་གསལ་བ་དང་། ཅིག་ཤོས་ཀྱི་རང་གི་ངོ་བོའི ་མཚན་ཉིད་ཡིན་པའི་ཕྱིར་ཐ་དད་པ་མེད་པའི་ངོ་བོ་ཉིད་དུ་ནི་ཐལ་བར་མི་འགྱུར་རོ།། སྣང་བ་ལ་སོགས་པའི་རང་གི་རྒྱུ་སོ་སོར་ངེས་པ་ནི་གོང་དུ་ཕལ་ཆེར་བཤད་ཟིན་པ་ཉིད་།། དེ་ལྟ་བས་ན་མ་མཐོང་བ་རྟགས་པ་ནི་དོན་ཅུང་ཟད་ཀྱང་རྒྱས ་པར་མི་འགྱུར་རོ།། གསུང་རབ་ཁ་ཅིག་ལས་འཛིན་པ་ལ་སོགས་པའི་ཐ་སྙད་གདགས་པ་འབྱུང་བ་གང་ཡིན་པ་དེ་ནི་དེ་ལ་ཞེན་པ་ལ་བལྟོས་ནས་གདུལྟ་བྱའི་ངོར་མཛད་པ་ཡིན་པས་ངེས་ཀྱང་འཁྲུལ་པ་མེད་དོ།། ་དེ་ལྟ་བས་ན་ཇི་སྐད་བཤད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱིས་ན་འཛིན་པ་ལ་སོགས་པས་དབེན་པར་མཚུངས་པའི་ཕྱིར་ཡང་དག་པར་སྤྲོས་པ་མེད་པའི་ངོ་བོ་ཉིད་ཀྱིས་ཐ་དད་པའི་མཚན་ཉིད་ཀྱི་དངོས་པོ་ནི ་ཅུང་ཟད་ཀྱང་མེད་དོ་ཞེས་བྱ་བར་གནས་སོ།། དེ་ལྟར་ཡིན་ནོ་སེམས་ཅན་རྣམས་ཇི་ལྟར་འཁོར་ཞེ་ན། སེམས་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ཟས་ནི་གཟུགས་ལ་སོགས་པ་ཡིན་ཏེ་སྤྱད་པར་བྱ་བ་ཡིན་པའི་ཕྱིར་རོ།། དེ་འདོད ་པ་ནི་དེ་དག་ལ་མངོན་པར་འདོད་པ་སྟེ་འཇིག་ཚོགས་ལ་མངོན་པར་ཞེན་པའི་ཕྱིར་རོ།། དེ་བསྟན་པའི་ཕྱིར་ཡོངས་སུ་རྟོགས་པས་ཞེས་བྱ་བ་སྨོས་ཏེ། དྲ་དང་ངའི་ཞེས་བྱ་བ་ལ་སོགས་པ་མངོན་པར་ཞེན་པས་སོ།། འཁོར་བ ་དང་ཞེས་བྱ་བ་ནི་རྟོག་པ་ལ་སྔ་མའི་དབང་གིས་བདག་ལ་སོགས་པར་རྟོག་པར་འཇུག་པ་ཉིད་འཁོར་པོ་ཡིན་པར་དགོངས་པ་ཡིན་ནོ།། ཡང་དག་པར་ནི་དེའི་མཚན་ཉིད་བྲལ་བའི་ཕྱིར་རྣམ་པར་རྟོག་པའི་འཆིང་བ་འདི་ཡང ་ནམ་མཁའ་ལ་འདུད་པ་འདིར་བ་དང་འདྲ་བས། བདག་དང་ཞེས་བྱ་བ་སོགས་པ་སྨོས་ཏེ། གཉིས་ཞེས་བྱ་བ་ནི་བདག་དང་བདག་གི་མཚན་ཉིད་ཀྱི་ཆོས་རྣམས་སོ།། ཡང་དག་མིན་ཞེས་བྱ་བ་ནི་མ་སྐྱེས་པ་སྟེ། དེ་ལྟ་བས་ན ་སྦྱོང་བ་ཡིན་གྱི་གང་ཟག་དང་བྲལ་བ་ཙམ་གྱིས་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ།། བདག་ཉིད་ཀྱིས་ཞེས་བྱ་བ་ནི་བདག་ཉིད་ཀྱིས་ལོག་པར་ཞེན་པའི་མཚན་ཉིད་ཀྱིས་བཅིངས་པ་ཡིན་གྱི་དབང་ཕྱུག་ལ་སོགས་པས་ནི་མ་ཡིན་ཏེ་དེ་ནི་དེ ་སྐྱེད་པར་བྱེད་པ་ཉིད་དུ་མི་འཐད་པའི་ཕྱིར་རོ།། རིགས་མཐུན་པའི་རྣམ་པར་རྟོག་པ་སྔ་མ་མ་གཏོགས་པར་རྣམ་པར་རྟོག་པ་ཕྱི་མ་འབྱུང་བའི་རྒྱུ་གཞན་ནི་མ་མཐོང་སྟེ་ཉམས་སུ་མྱོང་བ་རྣམ་པར་མ་བརྟགས་པའི་ངོ་བོ་ཉིད་མ་གཏོག ་བོར་བེམས་པོའི་བྱདག་ཉིད་ས་ལ་སོགས་པ་ནི་མེད་པའི་ཕྱིར། ནུས་པ་མ་མཐོང་བ་ནི་ཅུང་ཟད་ཀྱང་རྒྱུའི་ཐ་སྙད་ཀྱི་ཡུལ་མ་ཡིན་ཏེ་ཧ་ཅིང་ཐལ་བར་འགྱུར་བའི་ཕྱིར་རོ།། བརྟན་པོ་རྣམས་ཀྱང་རྒྱུ་མ་ཡིན་པའི་ཕྱིར་རོ།། ཞེས་ཕལ ་ཆེར་བཤད་ཟིན་ཏོ་མང་དུ་མི་དགོས་སོ།། དེ་ལྟ་བས་ན་དོན་གཞན་མེད་ཀྱང་དོགས་པའི་དུག་བཞིན་དུ་རྟོག་པ་ཙམ་ཁོ་ན་སྡུག་བསྔལ་འབྱུང་བའི་རྒྱུ་ཡིན་པས། དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ངོགསོ་པས་ཞེས་བྱ་བ་ནི་སྤྲུལ ་ལ་སོགས་པ་མཐོང་བའི་སྒོ་ནས་དུག་ཏུ་དོགས་པས་སོ།། རྒྱལ་བར་འགྱུར་ཞེས་བྱ་བ་ནི་ཡང་དག་པར་ན་དུག་རྨ་དང་ཁོང་དུ་སོང་བ་མེད་ཀྱང་དེར་འདུ་ཤེས་པ་ཙམ་ཁོ་ནས་རྒྱལ་བ་ལ་སོགས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག ་གོ། ཡང་དག་མིན་རྟོག་སྐྱེ་ཞིང་འཆི་ཞེས་བྱ་བ་ནི་དེ་བཞིན་དུ་བདག་ལ་སོགས་པ་མེད་ཀྱང་མི་མཁས་པ་དག་དེར་རྟོག་པ་ཙམ་ཁོ་ནས་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གྱི་རྒྱུན་འབྱུང་ངོ་ཞེས་བྱ་བའི་དོན་ཏོ།། ། ་བམ་པོ་ལྔ་པ།། ཆོས་ཐམས་ཅད་ནི་སྟོང་པའོཞེས་རྟོགས་པ་ལྐུགྷྲ་པརྱཱ་ཞེནྡྲ་པའི་ཡུལ་ལ་བལྟོས་ནས་ཆོས་རྣམས་མཚུངས་པ་ཉིད་ཡིན་ཡང་ཀུར་ནས་ཉོན་མོངས་པ་དང་རྣམ་པར་བྱུང་བའི་བྱེ་བྲག་རྟོགས་པ་ཤེས ་རབ་ཕུལ་དུ་བྱུང་བའི་རྟགས་ཏེ་དགུ་པ་ནི། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ།། ཇི་ལྟར་ཞེས་བྱ་བ་ནི་གཟུང་བ་ལ་སོགས་པའི་མཚན་ཉིད་ཀྱི་རྣམ་པ་གང་གིས་སོ།། འཛིན་པ་ནི་མངོན་པར་ཞེན་པའོ།། དེ་ལྟར་ཞེས་པ ་ནི་དེའི་རང་གི་ངོ་བོ་ཁོ་ན་ལ་བལྟོས་ནས་ཡིན་གྱི་བདག་མེད་པར་རྟོགས་པའི་ཡུལ་ལ་བལྟོས་ནས་ནི་མ་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ།། དེའི་ངོ་བོ་ནི་འཛིན་པ་ལ་སོགས་པར་རྣམ་པར་རྟོག་པ་ཡང་རྣམ་པར་བྱང་བར་མཚན་ཉིད ་གཅིག་པའི་ཕྱིར་གལ་ཏེ་ཇི་ལྟར་ན་གཅིག་ལ་ཀུན་ནས་ཉོན་མོངས་པའདང་རྣམ་པར་བྱང་བའི་བདག་ཉིད་ཕན་ཚུན་ཤིན་ཏུ་འགལ་བ་དག་ཏུ་འགྱུར་ཞེ་ན། མ་ཡིན་ཏེ་ཀུན་ནས་ཉོན་མོངས་པའི་ཕྱོགས་ཁོ་ན་བདག་མེད་པའི་ཤེས་པ ་ལ་དབེན་པའི་མཚན་ཉིད་དུ་སྣང་བས་ཐ་དད་པ་མ་ཡིན་པས་འཛིན་པ་ལས་བལྟོས་པའི་ཕྱིར་ཏེ། སྟོང་པར་ཤེས་པ་ཤིན་ཏུ་བརྟན་པ་བསྐྱེད་པའི་ཆེད་དུ་དེ་ལྟར་རྣམ་པར་བཞག་པའི་ཕྱིར་རོ།། དངོས་སུ་ནི་མེད་པ་ལ་སྒྲོ་འདོག ་བ་མེད་པའི་མཚན་ཉིད་གཅིག་ཏུ་རྣམ་པར་བྱང་བའི་བདག་ཉིད་དེ་ཁོ་ན་ཉིད་རྟོག་པའི་ཡུལ་ཅན་ལས་ཀུན་ནས་ཉོན་མོངས་པའི་ཕྱོགས་ལོག་པའི་རྣམ་པར་རྟོག་པའི་རྒྱུན་ཏུ་འཇུག་པ་གཞན་ཡིན་ནོ་དེ་བསྟན་པའི་ཕྱིར། འདི་ལ ་གང་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དག་ལའོ།། གང་ཡང་ཞེས་བྱ་བ་ནི་བདག་ལ་སོགས་པའོ།། རྟོགས་ཞེས་བྱ་བ་ནི་ཆོས་དང་གང་ཟག་ཏུ་ཀུན་ཏུ་བཏགས་པ་མེད ་བའི་ཕྱིར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་བྱེ་བྲག་ནི་ཇི་སྐད་བཤད་པའི་མཚན་ཉིད་ཁོ་ནར་ཟད་དོ་ཞེས་བྱ་བར་ཁོང་དུ་ཆུད་ངོ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ལྟ་མ་ཡིན་ན་རྟོན་ཅིང་འབྲེལ་པར་འབྱུང་བའི་རང་གི་ངོ་བོ་རབ་ཏུ་རྣམ ་པར་དབྱེ་བ་དྲི་མ་དང་བཅས་པ་དང་དྲི་མ་མེད་པ་མ་གཏོགས་པས་ཤེས་རབ་ཕུལ་དུ་བྱུང་བར་མི་འགྱུར་རོ།། རྟགས་ཀྱི་རབ་ཏུ་དབྱེ་བ་བཤད་ཟིན་ཏོ།། །། ཤེས་རབ་མངོན་པར་འཕེལ་བ་ནི་རྣམ་པ་བཅུ་གཅིག་སྟེ། འདི་ལྟ་སྟེ། དེ ་ན་པས་མངོན་པར་འཕེལ་བ་ནི་བདག་ཉིད་ཤེས་རབ་ཡིད་ལ་བྱེད་པ་དང་ལྡན་ལ་གཞན་གྱི་དོན་གྱི་དབང་དུ་བྱས་ནས་དེ་སྟོན་པ་དེ་ལས་གཞན་པ་སྦྱིན་པ་ལས་བྱུང་བའི་བསོད་ནམས་ཀྱི་ཚོགས་པས་མཆོག་ཏུ་གྱུར་བའི་ཕྱིར། ཛམྦུའི ་གླིང་ན་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ།། སྦྱིན་པ་མི་ཆུང་བ་ཉིད་ནི་རྣམ་པ་བཞི་སྟེ། འབྲེལ་པའི་ཁྱད་པར་གྱིས་ནི་སེམས་ཅན་ཐམས་ཅད་དང་འབྲེལ་བའི་ཕྱིར་ཏེ་ཛམྦུའི་གླིང་སྨོས་པ་ནི་ཉེ་བར་མཚོན་པར་ཟད་དོ།། སྦྱོར་བའི་ཁྱད ་བར་གྱིས་ནི་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཀྱིས་རབ་ཏུ་སྦྱོར་བའི་ཕྱིར་རོ།། གཞིའི་ཁྱད་པར་གྱིས་ནི་ལོ་བྱེ་བ་ཕྲག་དུ་མར་ཡང་དག་པར་བསྒྲུབ་པའི་ཕྱིར་རོ།། འཇུག་གིས་ཁྱད་པར་གྱིས་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི ་ཕྱིར་རོ།། དེ་བས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཏུ་སྟོན་པ་ཤིན་ཏུ་མཆོག་ཏུ་གྱུར་པ་ཡིན་པས། གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐུ་ན་ཞེས་བྱ་བ་ནི་ཆུང་ངུ་ནའོ།། རྗེས་སུ་མཐུན་བྱེད་ན་ཞེས་བྱ་བ་ནི་རབ ་ཏུ་སྟོན་པར་བྱེད་ནའོ།། བསོད་ནམས་ཆར་མི་ཕོད་ཅེས་བྱ་བ་ནི་བསོད་ནམས་ཀྱི་ཆར་ཡང་མི་ཕོང་ངོ་ཞེས་བྱ་བའི་ཐ་ཚིག་གོ། འཇུག་པར་བྱ་ཞེས་བྱ་བ་ནི་རབ་ཏུ་བསྟན་པར་བྱ་བ་སྟེ། ཤེས་ས་ཀྱི་ཆོས་སྦྱིན་པ་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་བདེ་བ་འདྲེན ་པར་བྱེད་པ་ཡིན་པའི་ཕྱིར་རོ།། ཟུང་དུ་འབྲེལ་བའི་ཡི་དེ་ལ་བྱེད་པས་མངོན་པར་འཕེལ་བ་ནི་ཤེས་རབ་དང་སྙིང་རྗེ་ཡིད་ལ་བྱེད་པ་དང་ལྡན་པ་འཕྲ་བ་ཐམས་ཅད་ཀྱི་བསོད་ནམས་དོན་ཡོད་པའི་འབྱུང་གནས་ཡིན་པའི་ཕྱིར་ཤེས་ར་ཕ་རོལ་ཕྱིན ་མཆོག་ཅེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། སྙིང་རྗེའི་ཆེ་བ་ཉིད་ནི་འགྲོ་བ་མཐའ་དག་ལ་དམིགས་ཀྱང་དེ་ལ་ཕྱིན་ཅི་མ་ལོག་པའི་ཕྱིར་རོ།། དེ་བསྟན་པའི་ཕྱིར་སེམས་ཅན་འདུ་ཤེས་མེད་ཅེས་བྱ་བ་གསུངས་སོ།། དོན་ཡོད་ཡོངས་སུ་སྤྱོད་ཅེས ་བྱ་བ་ནི་ཡང་དག་པའི་བསླབ་པ་ཕུན་སུམ་ཚོགས་པས་དེའི་ཆོས་གོས་ལ་སོགས་པ་ཡོངས་སུ་སྤྱོད་པ་བདག་དང་གཞན་གྱི་འབྲས་བུ་དོན་ཡོད་པར་འགྱུར་བའི་ཕྱིར་རོ།། གཞན་གྱི་དོན་དུ་རུང་བ་ཉིད་ཀྱིས་མངོན་པར་འཕེལ་བ་ནི་ཤེས་རབ་ལེགས ་བར་སྦྱོར་བ་སེམས་ཅན་འདུ་ཤེས་མེད་ཅེས་བྱ་བ་གསུངས་སོ།། ཐམས་ཅད་འདྲེན་པའི་རྒྱུར་གྱུར་པའི་ཕྱིར། བྱང་ཆུབ་སེམས་དཔའ་གང་འདིར་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། ཡུན་རིང་འབྲེལ་པ་ཞེས་བྱ་བ་ནི་ཐོག་པ་མེད་པའི ་དུས་ནས་ཉོན་མོངས་པ་ཅན་དུ་གྱུར་པའི་ཕྱིར་རོ།། ལམ་ཡང་ཞེས་བྱ་བ་ནི་ཆོས་ལ་བདག་མེད་པའི་ལམ་སྟེ་དེ་ནི་ཐེ་ཚོམ་མེད་པའི་རྒྱུ་ཡིན་པའི་ཕྱིར་རོ།། ཕ་རོལ་ཅེས་བྱ་བ་ནི་འགྲམ་སྟེ་མྱ་ངན་ལས་འདས་པའི་མཚན་ཉིད་དོ།། སྟོན་ཅེས་བྱ་བ ་ནི་ཉེ་བར་སྟོན་པ་སྟེ། རྣམ་པ་གཞན་གྱིས་སེམས་ཅན་གྱི་ཁམས་དགྲོལ་མི་ནུས་སོ།། སྙམ་དུ་དགོངས་པ་ཡིན་ནོ།། ཤེས་རབ་ཕ་རོལ་ཕྱིན་པ་ལ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་ཏེ་དེའི་ཕྱིར་བྱ་དགོས་སོ་ཞེས་བྱ་བ ་ལྷག་མ་ཡིན་ནོ།། བར་ཆད་མེད་པར་རབ་ཏུ་སྦྱོར་བས་མངོན་པར་འཕེལ་བ་ནི་མི་བཀྲེན་པས་རིན་པོ་ཆེ་རྙེད་དེ་སྟོར་བ་ལས་རིན་པོ་ཆེ་ཡིད་ལོ་བྱེད་པ་བཞིན་དུ་ཤེས་རབ་ལ་རབ་ཏུ་སྦྱོར་བ་བར་ཆད་མེད་པའི་ཕྱིར། མི་ཞིག་ཅེས་བྱ་བ་ལ་སོགས་པ ་འབྱུང་བ་ཡིན་ཏེ་སྔོན་ཀྱང་མ་རྙེད་པ་ཞེས་བྱ་བ་ནི་གཞན་གྱིས་རིན་པོ་ཆེ་རྙེད་པ་ནི་ཤིན་ཏུ་དགའ་བ་མེད་པའི་ཕྱིར་རོ།། མཆོག་ཅེས་བྱ་བ་ནི་བྱ་བ་ངན་པ་ལ་དགའ་བར་མི་འགྱུར་བའི་ཕྱིར་རོ།། རྙེད་པར་གྱུར་ཏེ་ཞེས་བྱ་བ་ནི་རིན་པོ་ཆེའི་མཆོག ་རྙེད་པར་གྱུར་ཏེ་ཞེས་བྱ་བར་སྦྱར་རོ།། རྙེད་མ་ཐག་ཏུ་ཞེས་བྱ་བ་ནི་དེའི་མོ་ལ་སྟེ་རིང་མོ་ཞིག་ཏུ་སྤྱད་སྤྱད་ནས་སྟོར་བ་ནི་ཕལ་ཆེར་ཧ་ཙོང་སྡུག་བསྔལ་བའི་རྒྱུར་མི་འགྱུར་བའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ།། སྟོར་ན་ནི་ཞེས་བྱ་བ་ནི་རླག ་ན་ཏེ་མི་གང་ཞིག་གིས་རིན་པོ་ཆེ་དེ་ཞེས་བྱ་བར་སྐབས་དང་སྦྱར་རོ།། རིན་ཆེན་མངོན་འདོད་ཅེས་བྱ་བ་ནི་རྟག་ཏུ་རིན་པོ་ཆེ་ཡིད་ལ་བྱེད་པ་དེ་ཁོ་ན་ཡང་ལ་མི་བདེ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ།། དེ་དང་འདྲ་བར་ཤེས་རབ་ཀྱི་ཡོན་ཏན ་རྗེས་སུ་དྲན་པ་ལྷུར་བླང་བར་བྱའོ་ཞེས་བསྟན་པའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་རབ་ཏུ་སྦྱོར་བ་ནི་གཏི་མུག་གི་མུན་པ་འཇོམས་པར་བྱེད་པ་ཡིན་པའི་ཕྱིར་རིན་པོ་ཆེ་དང་འདྲ་བ་ཉིད་དོ།། རིན་ཆེན ་རྙེད་པ་དང་འདྲ་བར་བག་ཡོད་པར་གྱིས་ཤིག་ཅེས་བསྟན་པའི་ཕྱིར། རིན་ཆེན་རྙེད་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྙེད་ནས་ཞེས་བྱ་བ་ནི་སྔར་སྦྱོར་བའི་རིན་པོ་ཆེ་དེ་མཐོང་ནས་ཞེས་བྱ་བའི་དོན་ཏོ།། བླངས་ཏེ་ཞེས་བྱ་བ་ནི་བླངས་ནས ་སོརབ་ཏུ་བརྩོན་ཞེས་བྱ་བ་ནི་བག་ཡོད་པར་བྱས་ཏེའོ།། ཀྲིས་ནས་ཞེས་བྱ་བ་ནི་གོས་ལ་སོགས་པའི་ནང་དུ་དམ་པོར་ཐུམ་པོར་ཕུར་ནས་ཏེ་རིན་པོ་ཆེ་ཞེས་བྱ་བར་སྐབས་དང་སྦྱར་རོ།། མྱུར་དུ་འགྲོ་བར་བྱེད་པ་ཞེས་བྱ་བ་ནི་གང ་ཞིག་དགྲ་འོང་གིས་ངོགས་ནས་མྱུ་དུ་འགྲོ་བ་དེ་ནི་ཞི་བར་འགྱུར་ཏེ་ཡང་རིན་པོ་ཆེ་དེ་མི་སྦྱོར་བར་བྱ་བའི་ཕྱིར་སྙམ་དུ་དགོངས་པ་ཡིན་ནོ།། སྤངས་པས་མངོན་པར་འཕེལ་བ་ཉིད་ནི་ཉི་མ་བཞིན་དུ་བྱང་ཆུབ་སེམས་དཔའ་ཤེས་རབ ་ལ་མངོན་པར་བརྩོན་པ་དམ་པ་མ་ཡིན་པའི་ལྟ་བའི་མུན་པ་ཐམས་ཅད་སྤངས་པས་ཅི་རིགས་པར་སྲིན་བུ་མེ་ཁྱེར་ལ་སོགས་པ་ལྟ་བུའི་ཉན་འཐོས་ལ་སོགས་པ་བས་མཆོག་ཏུ་གྱུར་པའི་ཕྱིར་ཉི་མ་ཞེས་བྱ་བ་ལ་སོགས་པ ་འབྱུང་བ་ཡིན་ཏེ་གང་ལ་སྤྲིན་དང་བྲལ་བའི་འོད་ཟེར་གྱི་དྲ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། མུན་ནགས་ཐིབས་པོའི་མུན་པ་ཞེས་བྱ་བ་ལ་སོགས་པ་ནི་ཤིན་ཏུ་སྨག་ཏུ་གྱུར་པ་སྟེ་མཚན་མོ་ཞེས་བྱ་བའི་ཐ་ཚིག་གོ།། འཇོམས ་ཞེས་བྱ་བ་ནི་སེལ་བའོ།། སྲིན་བུ་མེ་ཁྱེར་ཞེས་བྱ་བ་ནི་མེ་ཁྱེར་རྣམས་སོ།། སྲོག་ཆགས་འབྱུང་པོ་ནི་དེ་ལས་གཞན་པའི་སྲོག་ཆགས་འོད་དང་བཅས་པ་རྣམས་སོ།། ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་ཅེས་བྱ་བ་ནི་ཇི་སྐད་བཤད་པའི་ཤེས ་རབ་རྟོག་པའི་སྤྲིན་མཐའ་དག་དང་བྲལ་ན་འོད་གསལ་བའི་ཕྱིར་རོ།། བྱང་ཆུབ་སེམས་མང་ཞེས་བྱ་བ་ནི་དམིགས་པ་ཅན་ཞེས་བྱ་བ་ལྷག་མ་ཡིན་ནོ།། དེ་དག་ཀྱང་ཟིལ་གྱིས་གནོན་ཏོ་ཞེས་བྱ་བར་སྦྱར་ཏེ། དམིགས་པ་ནི་རྫོགས་པའི་བྱང་ཆུབ ་ཀྱི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་རོ།། གཞན་ཡོངས་སུ་སྨིན་པོར་བྱེད་པས་མངོན་པར་འཕེལ་བ་ནི་རྒྱལ་པོའི་བུ་བཞིན་དུ་བྱང་ཆུབ་སེམས་དཔའ་རང་གི་བདེ་བ་བགོ་བཤའ་བྱེད་པའི་ངང་ཚུལ་ཅན་ཡིན་པས་འཇིག་རྟེན་པ་ཐམས ་ཅད་ཀྱིས་མངོན་པོར་འགྲོ་བར་བྱ་བའི་འོས་ཡིན་པའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། ཀུན་གྱིས་ཞེས་བྱ་བ་ནི་དེ་ལས་གཞན་པའི་རྒྱལ་བའི་བུ་ཀུན་གྱི་ནང་ནཱ་ཞེས་བྱ་བའི་ཐ་ཚིག་གོ།། མངོན་པར་འགྲོ་བྱ་འོས ་ཞེས་བྱ་བ་ནི་བསྟེན་པར་འོས་པ་ཡིན་ནོ།། ཅིའི་ཕྱིར་ཞེ་ན་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ད་ལྟ་ན་ཡང་དྲི་བྱ་བ་ནི་ད་ལྟ་ཉིད་ནས་ཀྱང་དེ་རྒྱལ་སྲིད་མ་ཐོབ་པ་ཉིད་ནུ་གྲེ་བྱ་བཱི་ཐ་ཚིག་གོ།། སྨོས་ཅི་དགོས་ཞེས་བྱ་བ་ནི་རྒྱལ་སྲིད་ལ་གནས་ན་ལྟ་ཧ་ཅང་ཡང་དགའ་བར ་བྱེད་ཅེས་བྱ་བའི་ཐ་ཚིག་གོ། བདུད་རྩི་སྦྱིན་པར་བྱེད་ཅེས་བྱ་བ་ནི་རང་གིས་རྟོགས་པའི་ཐབས་གཞན་དག་ལ་ཡང་སྟོན་པའི་ཕྱིར་རོ།། ཆོས་ཀྱི་རྒྱལ་པོ་ཞེས་བྱ་བ་ནི་རྫོགས་པའི་སངས་རྒྱས་ཏེ་ཆོས་ཐམས་ཅད་ལ་མངའ་སྒྱུར་བའི ་ཕྱིར་རོ།། མཐུས་མངོན་པར་འཕེལ་བ་ནི་དེ་ལྟར་རང་དང་གཞན་གྱི་དོན་དང་མཐུན་པའི་ཤེས་རབ་མངོན་པར་འཕེལ་བ་བདུད་ཀྱི་གནོད་པ་ཐམས་ཅད་ཟིལ་གྱིས་མི་ནོན་པའི་ཕྱིར། དེའི་ཚེ་ན་ཞེས་བྱ་བ་ལ་སོགས ་པ་འབྱུང་བ་ཡིན་ཏེ། དེའི་ཚོན་ཞེས་བྱ་བ་ནི་ཤེས་རབ་ཕུལ་དུ་བྱུང་བའི་ཚེ་ནའོ།། ཟུག་རྔུ་ལྡན་པར་འགྱུར་ཞེས་བྱ་བ་ནི་མྱ་ངན་ལ་སོགས་པའི་ཟུག་རྔུ་དང་ལྡན་པའི་ཕྱིར་རོ་དྲི་བསྟན་པའི་ཕྱིར། མྱ་ང་ཚོལ་ཅེས་བྱ་ལ་བྱོལ་ས་བྱ་ཉམ་པ་ཆེས་བྱ་ཞིས ་གི་གནོདས་བྱ་དོན་དུ་གཉེར་བ་གང་ཡིན་པ་དེ་འདིར་མ་གྲུབ་པོ་སྙམ་དུ་སེམས་པའི་ཕྱིར་རོ།། སྡུག་བསྔལ་འདི་ལུས་ཀྱི་ཚོར་བ་སིམ་པ་མ་ཡིན་པའོ།། ཡང་མི་བདེ་བ་ཡིད་ཀྱིའོ།། ཉམ་ཆུང་བ་ནི་སྟོབས་མེད་པའོ།། སྐར་མདའ་སྟོང ་ཞེས་བྱ་བ་ནི་བདུད་ཀྱིས་ཞེས་བྱ་བར་སྐབས་དང་སྦྱར་ཏེ་བྱང་ཆུབ་སེམས་དཔའ་ལ་འཇིགས་པ་བསྟན་པའི་ཕྱིར་ཞེས་བྱ་བ་ནི་ལྷག་མ་ཡིན་ནོ།། དེ་ཉིད་བསྟན་པའི་ཕྱིར། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ཞེས ་བྱ་བ་ནི་ཅི་ནས་ཀྱང་ངོ་།། འགྱུ་རོ་ཞེས་བྱ་བ་ནི་འགྱུར་སྙམ་ནས་སོ།། འོན་ཀྱང་བྱང་ཆུབ་སེམས་དཔའི་ཡིད་འཁྲུག་པ་མེང་པ་དེ་ཅིའི་ཕྱིར་ཞེ་ན། གང་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དེ་དག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ།། ་བསམ་པ་རབ་ལྡན་ཞིང་ཞེས་བྱ་བ་ནི་གུས་པར་བྱས་ཏེ་སྦྱོར་བའི་ཕྱིར་རོ།། ཉིན་མཚན་ཞེས་བྱ་བ་ནི་ཉིན་མཚོན་དུ་སྟེ་རྟག་ཏུ་སྦྱོར་བའི་ཕྱིར་རོ།། སེམས་མཁའ་འགྲོ་བྱ་ལྟར་གྱུར་པ་ཉིད་ནི་སྲིང་པ་དང་ཞི་བ་ལ་མི་གནས་པའི ་ཕྱིར་རོ།། ལུས་དང་ངག་གི་ལས་དག་ནི་དེས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ།། ནག་པོའི་རྩ་ལག་ནི་བདུད་དེ་སྡིག་པ་ལ་དགའ་བའི་ཕྱིར་རོ།། སྤྱོད་པ་གང་ཞིག་བདུད་ཀྱིས་གླགས་རྙེད་པའི་རྒྱུ་ཡིན་ཞེ་ན་གང་ཚེ་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། འཐབ་པ་ནི་ལུས་ཀྱིས་ཀུན་ཏུ་བརྩོམ་པའོ།། རྩོད་པ་ནི་ངག་གིས་སོ།། མི་མཐུན་པ་ནི་སྔོན་གྱི་ཁོ་ན་རྗེས་སུ་དྲན་པའི་ཕྱིར་རོ།། ཁྲོས་པའི་སེམས་དང་ལྡན་གྱུར་པ་ནི་ད་ལྟར་བྱུང་བའི་ཀུན་ནས་མནར་སེམས་ཀྱི་གཞི ་མཐོང་བའི་ཕྱིར་རོ།། ཉམས་བདེར་འགྱུར་བ་ནི་དགོའ་བ་སྔོན་དུ་འགྲོ་བའི་ལུས་ཀྱི་བདེ་བ་དང་ལྡན་པའི་ཕྱིར་རོ།། དེ་དགའ་བའི་རྒྱུ་བསྟན་པའི་ཕྱིར། དེ་གཉིས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་གཉིས་འཐབ་མོ་ལ་སོགས་པ ་ལ་ཞུགས་པས་ན་སྨད་པར་བྱ་བའི་དངོས་པོ་ལ་མངོན་པ་རེ་ཞེན་པའི་ཕྱིར་ཤ་ཟ་དང་འདྲའོ་སྙམ་ནས་སོ།། དམ་བཅས་རང་གི་ཞེས་བྱ་བ་ནི་བདག་ཉིད་ཀྱིའོ།། དམ་བཅས་པ་ནི་རང་དང་གཞན་གྱི་དོན་སྒྲུབ་པའི་སྨོན་ལམ་མོ།། ཅིའི ་ཕྱིར་དེ་ཉམས་ཤེ་ན། སྡང་ཞིང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྡང་པོ་ནི་བསམ་པའི་སྒོ་ནས་སོ།། བཟོད་དང་བྲལ་བ་ནི་སྦྱོར་བའི་སྒོ་ནས་སོ།། ག་ལ་ཡོད་ཅེས་བྱ་བ་ནི་ཡོད་རེ་སྐན་ཞེས་བྱ་བའི་ཐ་ཚིག་སྟེ། བཟོད་པ་དང་བྲལ་བའི ་ཚོགས་ཐམས་ཅད་དང་འགལ་བའི་ཕྱིར་རོ།། ཕྱོགས་དང་བཅས་པ་ཞེས་བྱ་བ་ནི་འཁོར་དང་བཅས་པའོ།། ལུང་མ་བསྟན་པ་ཞིག་གིས་ལུང་བསྟན་པ་ཇི་སྐད་བཤད་པའི་རྟགས་དང་ལྗོན་པ་རྣམས་ལ་སེམས་རབ་ཏུ་སྡང ་ན་ཡང་བདུད་ཀྱིས་གླགས་རྙེད་པའི་རྒྱུ་ཡིན་པས། ལུང་བསྟན་མ་ཐོབ་ཅེས་བྱ་བ་ལ་སོགས་པ་སྨོས་སོ།། གཞི་ནས་གོ་ཆ་བགོ་དགོས་སོ་ཞེས་བྱ་བ་ནི་གལ་ཏེ་བར་སྐབས་སུ་ངོའི་གཉེན་པོ་མི་བྱེད་ན་ཉེས་པ་དང ་ལྡན་པའི་སེམས་ཀྱི་སྐད་ཅིག་མ་ཇི་སྙེད་པ་དེ་སྙེད་ཀྱི་བསྐལ་པར་གཞི་ན་སྣ་ཚོགས་བསགས་ནས་རྫོགས་པའི་བྱང་ཆུབ་བསྒྲུབ་པར་བྱ་དགོས་ཏེ་གཞན་དུ་ནི་མ་ཡིན་ནོ།། དྲན་པས་མངོན་པར་འཕེལ་བ་ནི་སེམས་སྡང་བ་ཐམས ་ཅེད་ལ་དྲན་པ་ཉེ་བར་གནས་པས་དེ་ལས་མྱུར་དུ་ངེས་པར་འབྱུང་བའི་ཕྱིར། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་སྨོསོ།། སེམས་ནི་བཟང་བ་མིན་སྙམ་ཞེས་བྱ་བ་ནི་སེམས་འདི་རུང་བ་མ་ཡིན་ནོ་སྙམ་པ་སྟེ། དྲན་པ་སྐྱེད ་བྱེད་ཅེས་བྱ་བར་སྦྱར་རོ།། ཅིའི་ཕྱིར་ཞེ་ན། བཟོད་པའི་ཕ་རོལ་ཏུ་ཕྱིན་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་མཐུན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། དེ་ལྟར་དྲན་པ་ཉེ་བར་གནས་པ ་ནི་སོ་སོར་འཆགས་པར་བྱེད་དོ་འདི་ནི་བདག་གིས་མི་རིགས་པ་བྱས་སོ་ཞེས་འཆགས་པར་བྱེད་དོ།། ཕྱིས་ཀྱང་སྡོམ་པར་བྱེད་དེ་ཕྱིན་ཆད་དེ་ལྟར་མི་བྱའོ་ཞེས་སེམས་ཀྱིས་སྡོམ་པའི་ཕྱིར་རོ།། དགའ་བར་མི་བྱེད་པ་ནི། ་བདག་ལྟ་བུ་ཀུན་ལ་ཕན་པོ་དང་བདེ་བ་ཉེ་བར་བསྒྲུབ་པ་མཐའ་དག་བྱ་དགོས་པ་གང་ཡིན་པ་དེས་འཁྲུག་པར་བྱ་འམ་ཞེས་རང་གི་བསམ་པ་ལ་སྨོད་པའི་ཕྱིར་རོ།། དེ་ནི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ།། མི་འདོད་པ ་འབྱུང་བའི་གཞིར་གྱུར་པའི་སེམས་ཅན་ནི་སྐྱེས་ཟིན་པའི་ཕྱིར་སྐྱེ་བའི་གླེགས་བྱེད་པ་ཡང་མ་ཡིན་ལ་སྐད་ཅིག་མ་ཡིན་པས་རང་གི་དང་ཁོ་ནས་ཞིག་པའི་ཕྱིར་དེ་འཇིག་པར་བྱེད་པ་མ་ཡིན་ནམྱ་དེ་འཆགུས་པ་ལ ་སོགས་པ་བྱེད་པས་ཡོན་ཏན་ཅི་ཞིག་འཐོབ་ཅེ་ན། སངས་རྒྱས་ཚོས་འདིར་སློབ་ཅེས་བྱ་བ་སྨོས་ཏེ། དུག་ལ་སོགས་པ་ལ་འགལ་བའི་རྐྱེན་ཉེ་བར་སྦྱོར་བྱ་བཞིན་དུ་ཉེས་པའི་གཉེན་པོའི་སེམས་ཀྱང་མ་འོངས་པའི་མི་འདོད་པའི ་འབྲས་བུའི་གླེགས་བྱེད་པས་མངོན་པར་འདོད་པའི་བྱ་བ་འགྲུབ་པའི་རྒྱུར་གྱུར་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ།། བསླབ་པའི་ཁྱད་པར་གྱིས་མངོན་པར་འཕེལ་བ་ནི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་འཁོར་གསུམ་ཡོངས ་སུ་དག་པར་སློབ་པའི་ཕྱིར། གང་ཞིག་སློབ་ཚེ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ།། ཁས་མི་ལེན་ཞེས་བྱ་བ་ནི་མངོན་པར་ཞེན་པ་མེད་པ་སྟེ། ཡང་དག་པར་ན་རྫས་ལ་མ་གཏོགས་པའི་བྱ་བ་མེད་པའི་ཕྱིར་རོ།། སློབ་པོ་ནི་བདག། ་ལ་སོགས་པའི་བྱེད་པའོ།། བསླབ་པའི་ཆོས་རྣམས་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་མཚན་ཉིད་དེ་དག་ནི་བསློབ་པར་བྱ་བ་ཡིན་པའི་ཕྱིར་རོ།། དམིགས་པ་ནི་དམིགས་པར་བྱེད་པ་སྟེ་མེད་ཅེས་བྱ་བར་སྦྱར་རོ།། མི་རྟོག་པ་ཞེས་བྱ། ་བ་ནི་ཡང་དག་བོར་ན་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་དང་དེའི་མི་མཐུན་པའི་ཕྱོགས་མཚན་ཉིད་ཀྱིས་དབེན་པར་ངོ་བོ་ཐ་མི་དད་པའི་ཕྱི་རོ་ཞེས་བྱ་བའི་ཐ་ཚིག་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་ཟད་པོས་མངོན་པར་འཕེལ་བ་ནི ་དེ་ལྟར་མི་དམིགས་པའི་སྤྱོད་པས་མི་མཐུན་པའི་ཕྱོགས་རྣམ་པ་ཐམས་ཅད་དུ་སོང་བའི་ཕྱིར་རོ།། བྱང་ཆུབ་སེམས་དཔའ་གང་ཞིག་ཅེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། བསླབ་ཉམས་ཞེས་བྱ་བ་ནི་ལྷག་པའི ་སེམས་དང་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཉམས་པའོ།། ཚུལ་ཁྲིམས་འཆལ་པ་ནི་ལྷག་པའི་ཚུལ་ཁྲིམས་མེད་པ་སྟེ་མི་འགྱུར་རོ་ཞེས་བྱ་བར་སྦྱར་རོ།། བརྙེས་པར་བྱ་ཕྱིར་ཞེས་བྱ་བ་ནི་བརྙེས་པར་བྱ་བའི་ཕྱིར་རོ།། དེ་ནི་ཞེས་བྱ་བ་ནི ་བྱང་ཆུབ་སེམས་དཔའོ།། དེ་ཅིའི་ཕྱིར་ཞེ་ན། བསླབ་ལྷག་བསླབ་ལ་མཁས་ཏེ་ལྷག་པའི་ཚུལ་ཁྲིམས་ལ་སོགས་པའི་བསླབ་པའི་ངོ་བོ་ཉིད་ཤེས་པ་ཡིན་ནོ།། དེ་ཡང་ཇི་ལྟར་ཞེ་ན། འདི་ལྟར་དམིགས་པ་མེད་ཅེས་བྱ་བ་སྨོས་ཏེ། བསླབ་པ་ཐམས ་ཅད་སྟོང་པའི་ངོ་བོ་ཉིད་དུ་ཤེས་པའི་ཕྱིར་རོ།། དེའི་མཇུག་བསྡུ་བར་མཁས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སློབ་ཅེས་བྱ་བ་ནི་སློབ་པ་རྣམས་ཀྱིའོ།། གཅིག་ཙམ་ཡང་ཞེས་བྱ་བ་ནི་སེམས་བསྐྱེད་པ་གཅིག་ཀྱང་མི་དགེ་བར་མི་འབྱུང་ངོ་། ་སྙམ་དུ་དགོངས་པ་ཡིན་ཏེ། དེའི་གཉེན་པོ་ཤིན་ཏུ་ངང་དུ་གྱུར་པའི་ཕྱིར་རོ།། དེ་དཔེས་བསྟན་པའི་ཕྱིར་རོ།། ཉི་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བར་སྣང་ལ་མུན་པ་མི་གནས་པ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བར་སྦྱར་རོ།། བཞིན ་ཞེས་བྱ་བ་ནི་འདྲ་བའི་དོན་ཡིན་ནོ།། གཉེན་པོ་རྙེད་པས་མངོན་པར་འཕེལ་བ་ནི་ལྟ་བའི་རབ་ཏུ་དབྱེ་བ་མ་ལུས་པ་འཇིག་ཚོགས་ལ་ལྟ་བའི་ནང་དུ་འདུས་པ་བཞིན་དུ་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཁོ་ནིའི་ནང་དུ་ཕ་རོལ་ཏུ་ཕྱིན་པ ་ཐམས་ཅད་འདུས་པའི་ཕྱིར། ཤེས་རབ་ཕ་ཕྱིན་ལ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། འདིར་ནི་འདུས་པར་འགྱུར་ཞེས་བྱ་བ་ནི་ཤེས་རབ་ནི་དེ་ལས་གཞན་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་འགྲུབ་པའི་རྒྱུར་གྱུར་པའི་ཕྱིར་དང་སེར ་སྣ་ལ་སོགས་པ་མི་མཐུན་པའི་ཕྱོགས་རྣམ་པ་དྲུག་བཟློག་པའི་ཕྱིར་རོ།། གཉིས་ཞེས་བྱ་བ་ནི་རྩ་གཉིས་ཏེ་ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་པོ་འདི་དག་ནི་ཚངས་པའི་དྲ་བའི་མདོའི་རྗེས་འབྲངས་སུ་ཏེ་ཁོང་དུ་ཆུད་པར་བྱའོ།། འདུས་ཞེས ་བྱི་བ་ནི་འཇིག་ཚོགས་ལ་ལྟ་བའི་ནང་དུ་ཞེས་བྱ་བར་སྦྱར་ཏེ། ལྟ་བར་གྱུར་པ་ཐམས་ཅད་བདག་ཏུ་ལྟ་བས་རབ་ཏུ་ཕྱེ་བའི་ཕྱིར་རོ།། སྲོག་གི་དབང་པོའི་ནང་དུ་དབང་པོ་གཞན་འདུས་པ་ལྟ་བུ་ཡིན་པས་ན། དཔེར་ན་ཞེས་བྱ་བ་ལ་སོགས་པ ་སྨོས་སོ།། འགག་པར་འགྱུར་ཞེས་བྱ་བ་ནི་འགོག་པར་འགྱུར་བ་སྟེ། མིག་ལ་སོགས་པའི་རྒྱུད་ཀྱི་རྒྱུན་འཇུག་པའི་རྒྱུནི་སྲོག་གི་དབང་པོ་ཡིན་པས་དེ་མེད་ན་དེའི་ནང་དུ་འདུས་པ་མིག་གི་དབང་པོ་ལ་སོགས་པ་ནུས་པའི་བདག་ཉིད་རྣ ་འབྱུང་བར་མི་འཐད་པའི་ཕྱིར་རོ།། འདུས་པར་གསུངས་ཞེས་བྱ་བ་ནི་དེ་དང་འདྲུ་བར་དྲི་མ་མེད་པའི་ཡིད་ལ་བརྟེན་པའི་ཤེས་རབ་མེད་ན་དེའི་ནང་དུ་ཁྱད་པར་ལ་བརྟེན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་འགགས་པའི ་ཕྱིར་ཤེས་རབ་སྤྱོད་པ་དང་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་འདི་དག་ཐམས་ཅད་ནི་དེ་ཁོ་ནར་འདུས་པར་བཤད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། མངོན་པར་འཕེལ་བ་བཤད་ཟིན་ཏོ།། འདིའི་བསྟན་པ་ནི་ཐབས་ལ་མཁས་པས་སྐྱེ་བོ་དེ ་ལྟ་བུ་དག་ལ་ཕན་གདགགས་པའི་ཕྱིར་བདག་གིས་བསླབ་པར་བྱ་བ་འབའ་ཞིག་ཏུ་ཟད་དོ་སྙམ་པས་ཉན་ཐོས་ལ་སོགས་པའི་ཡོན་ཏན་ཐམས་ཅད་ལ་ཡང་དག་པར་སློབ་ཀྱང་དེ་དག་ལ་དམིགས་ཤིང་དགའ་བ་མེད་པའི ་ཕྱིར། བྱང་ཆུབ་སེམས་མཁས་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། དེ་ལ་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པའི་ཡོན་ཏན་ལའོ།། གནས་ཞེས་བྱ་བ་ནི་དམིགས་པ་སྟེ་མེད་ཅེས་བྱ་བར་སྦྱར་ཏེ། དེ་དག་ཀྱང་ཡང་དག་པར་ན་བདག་མེད་པར ་རྟོགས་པའི་ཕྱིར་རོ།། མི་བསྐྱེད་ཅེས་བྱ་བ་ནི་སྐྱེད་པར་མི་བྱེད་པ་སྟེ། སྙིང་རྗེ་ཆེན་པོའི་གཞན་གྱི་དབང་དུ་གྱུར་པའི་ཕྱིར་རོ།། སྙམ་དུ་དགོངས་པ་ཡིན་ནོ།། དེ་ལྟར་ཕྱིར་མི་ལྡོག་པའི་ཆོས་ཉིད་ཀྱིས་བརྟན་པ་ཕུལ་དུ་བྱུང་བར་གྱུར་ན་ཕྱིར་མི་ལྡོག ་བའི་སེམས་བསྐྱེད་པ་ཏིང་ངེ་འཛིན་གྱིས་ཉེ་བར་ཟིན་པ་ནི་དེ་ལས་གཞན་པའི་རྗེས་སུ་ཡི་རང་བར་བྱེད་པ་རྣམས་ཀྱི་བསོད་ནམས་ཀྱི་འབྱུང་གནས་མཆོག་ཡིན་པས། མི་ལྡོག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྲད་ལ་གཞལ་བས་ཞེས་བྱ་བ ་ནི་སྲང་ལ་བཏབ་པས་སོ།། ཚད་གཟུང་རུང་ཞེས་བྱ་བ་ནི་ཚང་ཟིན་པར་འགྱུར་བ་སྟེ། དེ་ནི་འདི་སྐད་དུ་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ན་ཡོད་པའི་རི་རབ་རྣམས་ནི་སྲང་ལ་གཞལ་བས་དེ་དག་གི་ཚད་ཤེས་པར་ནུས་ཀྱང་སྲིད་ཀྱི ་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་ཀྱི་ཚོགས་ནི་དེ་ལྟ་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ།། ཅིའི་ཕྱིར་ཞེ་ན་འདི་ལྟར་དགེ་བ་དོན་གཉེར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱིར་མི་ལྡོག་པའི་སེམས་བསྐྱེད་པ་ལ་རྗེས་སུ་ཡི་རང་ན་ཐར ་པཔ་འདོད་པ་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོ་ལ་རྗེས་སུ་ཡི་རང་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། འགྲོ་བའི་ཐར་པ་ནི་རྫོགས་པའི་སངས་རྒྱས་ཀྱི་ཆོས་བསྟན་པ་ལས་རབ་ཏུ་བྱུང་བའི་ཕྱིར་ལ་རྫོགས་པའི་སངས་རྒྱས་ཀྱང་། ་ཕྱིར་མི་ལྡོག་པའི་སེམས་བསྐྱེད་པ་ལ་རག་ལས་པའི་ཕྱིར་ཏེ། དེ་བས་ན་དེ་ལ་རྗེས་སུ་ཡི་རང་ནས་འགྲོ་བ་མཐའ་དག་གི་བསོད་ནམས་ལ་རྗེས་སུ་ཡི་རང་བ་ཡིན་པས། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཕྱིར་ཞེས་བྱ་བ་ནི ་ཡེ་ཤེས་ཕུན་སུམ་ཚོགས་པའི་ངོ་བོའི་ཐར་པ་དེའི་ཆེད་དུའོ།། ཁ་ཅིག་ལས་ནི་ཅིའི་ཕྱིར་ཞེས་འབྱུང་སྟེ། དེ་ནི་ཅིའི་ཕྱིར་ན་ཞེས་དྲི་བའི་དོན་དུ་བལྟ་བར་བྱའོ།། དེ་དག་ཅེས་བྱ་བ་ནི་ཕྱིར་མི་ལྡོག་པ་རྣམས་སོ།། སྡུག་བསྔལ་ཟད་པར་བྱ་ཕྱིར ་ཞེས་བྱ་བ་ནི་ཉོན་མོངས་པ་བག་ཆགས་དང་བཅས་པ་སྤང་བར་བྱ་བའི་ཕྱིར་ཏེ་གཞན་དུ་ན་སྡུག་བསྔ་ལ་ཟད་པ་མེད་པའི་ཕྱིར་རོ།། དེ་ལྟར་ཏིང་ངེ་འཛིན་ཐོབ་པའི་ཤེས་རབ་མངོན་པར་འཕེལ་བ་ལས་ངེས་པར་འབྱེད་པའི་ཆུ་དང་མཐུན ་པའི་གནས་སྐབས་ཀྱི་རྣམ་པར་རྟོག་པའི་གཉེན་པོར་མཐོང་བའི་ལམ་གྱི་བདག་ཉིད་མཆོག་ཏུ་གྱུར་པ་འབྱུང་ངོ་།། རྣམ་པར་རྟོག་པ་དེ་ཡང་གཟུང་བ་དང་འཛིན་པར་རྣམ་པར་རྟོག་པ་དག་རེ་རེ་ལ་རྣམ་པ་གཉིས་གཉིས་ཡོད ་པའི་ཕྱིར་རྣམ་པ་བཞིའོ།། དེ་ལ་གཟུང་བར་རྣམ་པར་རྟོག་པ་འཇུག་པའི་ཕྱོགས་མཐའ་དག་ལ་རྟེན་པ་དེའི་གཉེན་པོར་སེམས་བསྐྱེད་པ་ལ་སོགས་པའི་ཆོས་རྣམས་ལ་བདག་ཉིད་ཀྱིས་རྣམ་པར་རྟོག་པ་མེད་པས་སྟོང་པ་ཉིད་ལ ་སོགས་པའི་རྣམ་པར་ཡོངས་སུ་ཤེས་པའི་ཕྱིར། བྱང་ཆུབ་སེམས་དཔའ་གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་རྣམས་ཀུན་ནི་འཇུག་པའི་ཕྱོགས་སུ་བསྡུས་པའི་སེམས་བསྐྱེད་པ་ལ་སོགས ་བའོ།། སྤྲོས་མེད་ཅེས་བྱ་བ་ནི་སྨོན་པའི་སྤྲོས་པ་མེད་པར་ཞེས་བྱ་བའི་དོན་ཏོ།། ལྕོག་པའི་ཆོས་མཐའ་དག་ལ་བརྟེན་པ་དེ་བསལ་བས་སྒྲིབ་པ་ཐམས་ཅད་བཟློག་པར་བྱ་བའི་ཕྱིར་ཤེས་རབ་གང་གིས་སྟོང་པ་ལ་སོགས་པའི་མཚན་ཉིད་ཀྱི ་ཆོས་རྣམས་ཤེས་ཤིང་། དེ་ལ་ཡང་གཉིས་ཀྱི་འདུ་ཤེས་མེད་པོས་བྱང་ཆུབ་འཚོལ་བའི་ཕྱིར། དེ་ནི་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། དེ་ནི་ཤེས་རབ་གཉིས་ཀྱིས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དེ་ནི་ཤེས་རབ་ཀྱིས་གཉིས ་སུ་མངོན་པར་ཞེན་པས་བྱང་ཆུབ་འཚོལ་བར་མི་བྱེད་དེ་འཇིག་རྟེན་ལས་འདས་པའི་གནས་སྐབས་ན་རྣམ་པར་བྱང་བར་རྣམ་པར་རྟོག་པ་ཡང་མེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། རྣམ་པར་རྟོག་པ་ཐམས་ཅད་ནི་ཐམས་ཅད་དུ ་འཛིན་པ་ལ་སོགས་པར་རྟོག་པ་འབྱུང་བའི་ཕྱིར་དང་ཐམས་ཅད་ལས་རྣམ་པར་ལྡོག་པའི་བདག་ཉིད་ཀྱི་དངོས་པོ་ལ་དངོས་པོ་གཞན་དང་ཐ་མི་དད་པར་འཛིན་པའི་ཕྱིར་རང་བཞིན་གྱིས་ཕྱིན་ཅི་ལོག་གི་མཚན་ཉིད་ཁོ་ན་ཡིན་ནོ།། ་གལ་ཏེ་དེ་བས་ན་དེ་ལྟར་ཤེས་པས་ཡོད་པའི་ཕྱིར་དངོས་པོ་རྣམས་ཐ་མི་དད་པ་ཡིན་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། དངོས་པོ་ཡོད་པའི་རང་གི་ངོ་བོ་ནི་དོན་བྱེད་ནུས་པ་ཡིན་ལ་དེ་དག་ཀྱང་གཅིག་པ་ཉིད་ཡིན་ན་ནི་དངོས་པོ་ཐམས ་ཅད་དོན་ཅིག་བྱེད་པར་ཐལ་བར་འགྱུར་རོ།། དེ་ལྟ་ན་ཡང་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དག་ལ་ཡང་ཐ་མི་དད་པར་འཛིན་པས་གཅིག་པ་ཉིད་ན་བཅིངས་པ་དང་ཐར་པ་སོ་སོར་རྣམ་པར་བཞག་པ་མི་འཐད་དོ།། གལ་ཏེ་དེ་དག ་ཉིད་སོ་སོའི་ཁྱད་པར་ལ་བརྟེན་པོའི་ནུས་པ་ཐ་དད་པས་ཐ་སྙད་ཐ་དད་པ་ཡོད་དོ་ཞེ་ན། དེ་ལྟ་ན་ནི་དངོས་པོའི་ངོ་བོ་དོན་གྱི་བྱ་བ་བྱེད་པ་ནི་རྗེས་སུ་འགྲོ་བ་མེད་པའི་ཕྱིར་ལ་བརྟན་པ་གཅིག་པུའི་བདག་ཉིད་ནི་རང་ཤེས་པ་བསྐྱེད་པའི་མཐུ་ཡང ་མེད་པས་རྗེས་སུ་འགྲོ་བ་མ་ཡིན་པའང་དངོས་པོ་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་ཐུན་མོང་མ་ཡིན་པ་ཉིད་གྲུབ་པ་ཡིན་ལ། གཟུང་བ་དང་འཛིན་པའི་རྣམ་པ་དང་བྲལ་བའི་ཡང་ཕྱིར་ཏེ། ཕལ་ཆེར་བཤད་ཟིན་ཏོ།། དེ་དོང་འདྲ་བར་རྣམ ་བཔར་ལོག་པ་ཇི་ལྟར་འཛིན་པ་ཡ་འཁྲུལ་པ་ཡིན་པའི་ཕྱིར་རང་གི་ངོ་བོ་ལ་བལྟོས་ནས་རྣམ་པར་མི་རྟོག་པ་ཉིད་ཡིན་ཡང་སྒྲིབ་པའི་གཉེན་པོ་མ་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་ནི་དེས་བྱང་ཆུབ་འཆོལ་བར་མི་བྱེད་དོ་ཞེས་བྱ་བར ་གནས་སོ།། འཛིན་པར་རྣམ་པར་རྟོག་པ་ཡང་རྣམ་པ་གཉིས་ཡིན་ཏེ། སེམས་ཅན་རྫས་སུ་ཡོད་པ་ལ་བརྟེན་པ་དང་། དེར་གདགས་པ་ལ་བརྟེན་པོའོ།། དེ་དག་མེད་པར་བསྟན་པའི་ཕྱིར། རྣལ་འབྱོར་པ་དོ་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། བརྩོན་པ་ནི་སེམས་ཅན་དོན་དམ་པར་ཡོད་པར་རྟོག་པ་མེད་པའི་ཕྱིར་ཏེ་དོན་ཡོད་ན་ནི་ཕྱིན་ཅི་ལོག་པའི་ཕྱིར་བརྩོན་པ་མ་ཡིན་ནོ།། རྣལ་འབྱོར་པ་ཞེས་བྱ་བ་ནི་ཡང་དག་པོར་བཏགས་པ་ཙམ་ལ་ཡང་འཛིན་པ ་ཉིད་དུ་མི་རྟོག་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ།། རྣམ་པར་རྟོག་པ་དེ་ཡང་མདོར་བསྟན་རྣམ་པ་བཞིར་རིག་པར་བྱ་སྟེ། རིགས་སུ་རྣམ་པར་རྟོག་པ་ནི་དེ་བསལ་བར་བདག་ནི་རྫོགས་པའི་བྱང་ཆུབ་ཀྱི་འོས ་ཡིན་གྱི་ཉན་ཐོས་ལ་སོགས་པའི་བྱང་ཆུབ་དང་མི་འགོལ་ལོ་སྙམ་དུ་ཡང་རྣམ་པར་རྟོག་པ་མེད་པའི་ཕྱིའོ།། ན་མཁའི་ཁམས་ཞེས་བྱ་བཱ་ལ་སོགས་པ་སྨོས་ཏེ། དེ་དྲང་ཞེས་བྱ་བ་ནི་ནམ་མཁའི་ཁམས་ལ་དེ་དང་ངོ་།། དེར་ཞེས ་བྱ་བ་ནི་ན་མཁར་རོ།། གང་གིས་ཀྱང་ནི་དེ་མ་ཐོབ་ཅེས་བྱ་བ་ནི་གང་གིས་ཀྱང་ན་མཁའི་ཁམས་སུ་ཐོབ་ཡོད་ངོ་ཞེས་བྱ་བར་སྦྱར་རོ།། དེ་ནི་འདི་སྐད་དུ་དཔེརི་ན་ན་མཁའི་ཁམས་ཀྱི་མིང་གཞན་ན་མཁའ་ཞེས་བྱ་བ་དང་ལྡན་པ ་མེཡང་དེ་དང་འགལ་བ་མེད་ལ་དངོས་པོ་མེད་པར་རོ་གཅིག་པའི་ཕྱིར་གང་གིས་ཀྱང་དེ་མ་ཐོབ་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཉེ་བར་ཞི་བར་སྤྱོད་པ་ཡང་རྫོགས་པའི་བྱང་ཆུབ་དང་ཉེ་བར་ཡང་མ་ཡིན་བདག་ཉིད་བྱང ་ཆུབ་གཞན་དང་འགལ་ལོ་སྙམ་དུ་ཡང་མི་སེམས་ཏེ། ཡང་དག་པར་ན་ཐམས་ཅད་དབེན་པར་མཚན་ཉིད་གཅོག་པའི་ཕྱིར་རོ་ཞེས་བརྗོད་པ་ཡིན་ནོ།། ཡང་དག་བྱར་འགྲུབ་པོར་རྣམ་པར་རྟོག་པ་དེ་བསལ་བའི་ཕྱིར་སྒྱུ་མ ་བྱས་པའི་སྐྱེས་བུ་བཞིན་དུ་འགྲོ་བའི་དོན་ཡང་དག་པར་བསྒྲུབ་པའི་རྣམ་པར་རྟོག་པ་མེད་ཀྱང་སྐྱེ་བ་སྣ་ཚོགས་ལ་སོགས་པའི་བྱ་བ་རབ་ཏུ་འབྱུང་བའི་ཕྱིར། སྐྱེ་བོའི་དབུས་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེ་བོ་འདི་ཞེས ་བྱ་བ་ནི་སྐྱེ་བོའི་ཚོགས་སོ།། དེ་ཡང་ཞེས་བྱ་བ་ནི་སྐྱེས་བུ་དེ་ཡང་ཞེས་བྱ་བར་སྦྱར་རོ།། དེའི་བྱེད་པ་བསྟན་པའི་ཕྱིར། རྫུ་འཕྲུལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འགྲོ་བ་རྣམས་དང་འབྲེལ་བའི་རྫུ་འཕྲུལ་སྟོན་པ་ཁྱོ་ན་བྱེད་པ་ཡིན ་ནོ་ཞེས་བྱ་བའི་ཐ་ཚིག་གོ།། ཡང་དག་པར་ནོ་ཇི་ལྟར་ལྟང་མོ་པ་རྣམས་ཀྱིས་དེའི་ལུས་ལ་སོགས་པ་ལ་སྐྱེས་བུ་ཡང་དགེ་བའི་ངོ་བོ་ཤེས་པ་དེ་ལྟ་བུ་ནི་མེད་པས་དེ་བསྟན་པའི་ཕྱིར། དེ་ལ་ལུས་མེད་ཅེས་བྱ་བ་ལ་སོགས་པ་སྨོས ་སོ། དེ་བཞིན་ཞེས་བྱ་བ་ནི་སྒྱུ་མའི་སྐྱེས་བུ་བཞིན་དུའོ།། ནམ་ཡང་མི་སེམས་ཞེས་བྱ་བ་ནི་གཞརོ་ཡང་མི་སེམས་པ་སྟེ་རྣམ་པར་རྟོག་པ་ཞེས་བྱ་བ་ལྷག་མ་ཡིན་ནོ།། གང་ཞིག་ཅེ་ན་བྱང་ཆུབ་རྟོགས་ནས་ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། དོན་དམ་པར་ན་གོང་ཟག་ལ་སོགས་པ་མེད་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ།། སྐྱེ་བ་སྣ་ཚོགས་ནི་སྐྱེ་བ་ལ་དབང་བ་ཉིད་ཀྱི་མི་ལ་སོགས་པ་སྐྱེ་བའོ།། བྱ་བ་མང་ལྡན་པ་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས ་པའི་དངོས་པོ་དང་ལྡན་པའོ།། བྱེད་པར་རྣམ་པར་རྟོག་པ་ནི་དེ་དགག་པས་དེ་བཞིན་གཤེགས་པའི་སྤྲུལ་པ་བཞིན་དུ་བྱ་བ་ཐམས་ཅད་མངོན་པར་འགྲུབ་པའི་ཕྱིར། དཔེར་ན་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ་སྤྲུལ་པ་དེ་བྱེད་པ་ཞེས་བྱ་བ་ནི་བྱེད་པ་ན་སྟེ་རྣམ་པར་རྟོག་པའི་ཤེས་པ་མེད་པར་ཞེས་བྱ་བར་སྦྱར་རོ།། །། བྱ་བའི་འབྲས་བུའི་རྣམ་པར་རྟོག་པ་ནི་དེ་བསལ་བས་ཤིང་གི་འཁྲུལ་འཁོར་བཞིན་དུ་རང་གི་བྱང་བའི ་འབྲས་བུ་ཐམས་ཅད་མངོན་པར་བསྒྲུབ་པའི་ཕྱིར། ཤིང་མཁན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤིང་མཁན་ཞེས་བྱ་བ་ནི་འཁྲུལ་འཁོར་མཁན་ནོ།། བཟོ་བོ་ཞེས་བྱ་བ་ནི་རང་གི་བྱ་བ་ལ་མཁས་པའོ།། མཁས། ་པ་དེས་ཞེས་བྱ་བ་ནི་དེ་ལས་གཞན་པའི་སྒྱུ་རྩལ་ལ་མཁས་པ་སྟེ་གཞན་གྱིས་ནི་དེ་ལྟ་བུའི་འཁྲུལ་འཁོར་འགྲུབ་པར་མི་འགྱུར་རོ།། སྐྱེས་པ་བུད་མེད་དང་འདྲ་བར་ཞེས་བྱ་བ་ནི་སྐྱེས་པ་དང་བུད་མེད་ལྟ་བུ་ཞེས་བྱ་བའི་དོན་ཏོ།། རྣམ་པར་མི་རྟོག ་བ་ནི་བྱ་བ་ནུར་མའི་འབྲས་བུ་ལ་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ།། གལ་ཏེ་འོ་ན་ནི་བྱ་བ་ལ་འཇུག་པ་མ་ཡིན་ཏེ། དེ་ནི་རྣམ་པར་རྟོག་པ་ལ་རག་ལས་པའི་ཕྱིར་རོ་ཞེ་ན། ཉེས་པ་མེད་དེ། འཁྲུལ་འཁོར་བཞིན་དུ་ཡོད་པ་ཙམ་གྱིས་དེ་ལ་འཇུག ་པབའི་ཕྱིར་རོ།། དེ་ལ་ནི་རྒྱུ་བཟོ་བྱེད་པའི་རྣམ་པར་རྟོག་པ་ཡོད་པས་འདི་ནི་དེ་དང་མི་འདྲའོ།། སྙམ་དུ་ཡང་དོགས་པར་མི་བྱ་སྟེ་འདི་ལ་ཡང་སྔོན་གྱི་སྨོན་ལམ་གྱི་འཕེན་པ་ཡོད་པའི་ཕྱིར་རོ།། རྣམ་པར་རྟོག་པ་ལ་ཡང་རང་ཡོད་པ་ཙམ་མ ་གཏོགས་པ་བྱེད་པ་གཞན་ནི་མྱེད་པ་ཁོ་ན་ཡིན་ལ་དེ་ནི་འདི་དང་ཡང་ཁྱད་པར་མེད་དོ།། ཤིན་ཏུ་གོམས་པ་དང་ལྡན་པ་རྣམས་ལ་རྒྱུ་རྣམ་པར་རྟོག་པའི་ཤེས་པ་མེད་པར་ཁ་ཏོན་ལ་སོགས་པའི་བྱ་བ་འཇུག་པ་དག་འབྱུང་བ་ཡང ་མཐོང་སྟེ་མདོ་དུ་མི་དགོས་སོ།། དེ་ལྟར་རྣམ་པར་མི་རྟོག་པའི་སྤྱོད་པའི་ཕན་ཡོན་ནི་རྣམ་པ་གསུམ་སྟེ། བཀུར་སྟི་ཕུན་སུམ་ཚོགས་ནི་བརྒྱ་བྱིན་ལ་སོགས་པ་ཐམས་ཅད་ཀྱིས་ཕྱག་བྱས་པའི་ཕྱིར། དེ་ལྟར་སྤྱོད་མཁས་ཞེས་བྱ ་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ།། སངས་རྒྱས་ཐམས་ཅད་ཀྱིས་དགོངས་པ་ནི་སངས་རྒྱས་ཐམས་ཅད་ཀྱིས་དེའི་ཡོན་ཏན་བརྗོད་པའི་ཕྱིར། ཕྱོགས་བཅུའོ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ།། བར་ཆད་བྱེད་པ་མེད་པ་ཉིད ་ནོནི་བདུད་ཐམས་ཅད་ཀྱིས་ཀྱང་བར་ཆད་བྱ་བར་མི་ནུས་པའི་ཕྱིར། གང་གཱའི་ཀླུང་མཉམ་ཞེས་བྱ་བ་ལ་སོག་པ་འབྱུང་བ་ཡིན་ཏེ། འདི་སྐད་དུ་གལ་ཏེ་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ཡོད་པའི་སེམས་ཅན་རྣམས་བདུད་དུ་གྱུར་ལ ་བདུད་རེ་རེས་ཀྱང་བ་སྤུར་བུ་ག་རེ་རེ་ནས་བྱུང་བའི་བདུད་ཀྱི་ལུས་ཀྱི་ཚད་དེ་སྙེད་གཅིག་སྤྲུལ་དུ་ཟིན་ཀྱང་འོན་ཀྱང་བྱང་ཆུབ་སེམས་དཔའ་རྣམ་པར་མི་རྟོག་པར་སྤྱོད་པ་ལ་བར་ཆད་བྱ་བར་མི་ནུས་སོ་ཞེས་བཤད་པ་ཡིན་ནོ།། དེ་ཉིད་གསལ ་བར་བྱ་བའི་ཕྱིར། རྒྱུ་རྣམ་བཞིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་བཞི་ལས་སྟོང་པ་ཉིད་ལ་རྣམ་པར་གནས་པ་ནི་ཆོས་བདག་མེད་པ་རྟོགས་པར་བདུད་ཀྱིས་སྤྲུལ་པའི་ཡུལ་གྱི་ཉེ་བར་སྤྱད་པ་དབྱེ་མེད་པ་དག་ལ་མངོན་པར་ཞེན ་པ་མོང་བའི་ཕྱིར་རོ།། སེམས་ཅན་ཐམས་ཅད་ཀྱི་མི་གཏོང་བ་ཉིད་ནི་སྙིང་རྗེས་སེམས་ཅན་ལ་ལྟེ་བ་དང་བཅས་པ་འགྲོ་བ་མི་མཐུན་པ་མཐོང་བ་ལས་ཡང་དག་པའི་མཐའ་མངོན་དུ་མི་བྱེད་པའི་ཕྱིར་རོ།། དམ་བཅས་པ་བརྟན་པ་ཉིད ་ནི་ཇི་སྐད་དུ་སྨྲས་པ་དེ་བཞིན་བྱེད་པས་ལེ་ལོ་མེད་པ་བྱ་བ་ཐམས་ཅད་ལ་བར་ཆད་མེད་པར་རབ་ཏུ་སྦྱོར་བའི་ཕྱིར་རོ།། སངས་རྒྱས་ཀྱི་དགོངས་པ་ཉིད་ནི་ཚོགས་བསགས་པས་བོང་བར་གཤེགས་པས་བྱིན་གྱིས་བརླབས ་པའི་སྦྱོར་བ་འབྲས་བུ་ཡོད་པར་འགྱུར་བའི་ཕྱིར་རོ།། བདེ་གཤེགས་བྱིན་རླབས་ཅན་ཞེས་བྱ་བྱ་ནི་གངལ་རྟེན་བདེ་བར་གཤེགས་པ་ཁོ་ནའི་བྱིན་གྱིས་བརླབས་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། ཐམས་ཅད ་དུ་ཡང་ཤེས་རབ་ཁོ་ན་གཙོ་བོ་ཡིན་པས་དེ་ལ་མོས་པ་སྔོན་དུ་འགྲོ་བའི་རབ་ཏུ་འཇུག་པ་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚོགས་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར། དེ་བཞིན་གཤེགས་པ་ཡུམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ་ཐམས་ཅད་མཁྱེན་པ་ཉིད་ལ་ཞུགས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པ་དང་ལྡན་པ་ཐམས་ཅད་མཁྱེན་པ་ཉིད་གཅིག་ཏུ་གཞོལ་བ་ཡིན་པའི་ཕྱིར་རོ།། སྙམ་དུ་དགོངས་པའོ།། གལ་ཏེ་ཐམས་ཅད་མཁྱེན་པ་ཉིད་ལ་ཞུག ་ནའོ་ན་ཇི་ལྟར་རྣམ་པར་མི་རྟོག་པ་ཡིན་རང་གི་ལམ་གྱི་འབྲས་བུ་ལ་རྣམ་པར་རྟོག་པ་མེད་པ་ནི་དྲི་ལ་འཇུག་པ་མི་འཐང་ངོ་ཞེ་ན། དེའི་ལན་གདབ་པར་ཆོས་དབྱིངས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྟོབས་ལ་སོགས་པའི་ཆོས་ཀྱི་རྒྱུ་ཡིན་པའི ་ཕྱིར་ཆོས་ཀྱི་དབྱིངས་སོ།། དུས་ཐམས་ཅད་དུ་འགྱུར་བ་མེད་པའི་ཕྱིར་དེ་བཞིན་ཉིད་དེ་སྟོང་པ་ཉིད་དེ་ནི་རྟག་ཏུ་དེ་ཁོ་ན་བཞིན་པའི་ཕྱིར་རོ།། གནས་པར་མི་འགྱུར་ཞེས་བྱ་བ་ནི་དེ་ལ་ཡང་མངོན་པར་ཞེན་པའི་བདག་ཉིད་ཀྱིས་གནས་པར ་མི་བྱེད་དོ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ལ་མངོན་པར་ཞེན་པ་ནི་ཕྱིན་ཅི་ལོག་པ་ཉིད་ཀྱིས་དེ་ལ་གནས་པའི་ངོ་བོ་མ་ཡིན་པའི་ཕྱིར་རོ།། དེ་ལྟ་བས་ན་གནས་པ་མེད་པ་སྟེ། མངོན་པར་ཞེན་པ་མེད་པ་ཁོ་ན་གནས་པ་ཞེས་བྱ་བ་ཡིན་ཏེ། དེ ་བཞིན་ཉིད་ལ་གནས་པ་ཡིན་ནོ་ཞེས་བྱ་བར་སྐབས་དང་སྦྱར་རོ།། བར་སྣང་ལ་སྤྲིན་དང་རིགས་སྔགས་འཆང་བ་དང་འདྲ་བས། དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གནས་མེད་ཅེས་བྱ་བ་ནི་ཁྱིམ་མེད་པའོ།། གནས་འདོད་པ ་ཞེས་བྱ་བ་ནི་གནས་མངོན་པར་བསྒྲུབ་པར་འདོད་པས་ཏེ། འདི་སྐད་དུ་དཔེར་ན་རིག་སྔགས་འཆང་བར་སྣང་ལ་རྒྱུ་བ་གནས་མངོན་པར་བསྒྲུབ་པར་འདོད་ན་ན་མཁའ་ཁོ་ན་ལ་དུས་མ་ཡིན་པར་མེ་ཏོག་དང་འབྲས་བུ་དང་ལོ་མ་དང ་ལྡན་པའི་ཤིང་གི་སྐྱེད་མོས་ཚལ་ལ་སོགས་པ་བྱིན་གྱིས་རློབ་པར་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ལ་མི་དམིགས་པའི་ཚུལ་གྱིས་གནས་པ་ཡང་རང་དང་གཞན་གྱི་ཡོན་ཏན་ཕུན་ཚོགས་པའི་རྟེན་གྱི ་མཆོག་ཡིན་ནོ་ཞེས་བཤད་པ་ཡིན་ནོ།། གལ་ཏེ་དེ་ལྟ་ན་དེ་བཞིན་ཉིད་ལ་མི་གནས་པ་ཡིན་པས་དེ་ཇི་ལྟར་འཇིག་རྟེན་ལས་འདས་པའི་ལམ་གྱིས་དེ་རྟོགས་ནས་དག་པ་འཇིག་རྟེན་པའི་གནས་སྐབས་ན་གཞན་དགྲ་ལ་སྟོན་པར ་བྱེད་ཅེ་ན། དེའི་ལནཱ་གདབ་པར་དེ་ལྟར་སྤྱོད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟོགས་པར་བྱེད་པ་ནི་ཁོང་དུ་ཆུད་པར་བྱེད་པའོ།། སངས་རྒྱས་ཆོས་རྣམས་ནི་སྟོབས་ལ་སོགས་པའོ།། དམིགས་མི་འགྱུར་ཞེས་བྱ་བ་ནི་དམིགས་པར ་མོ་བྱེད་པ་སྟེ། འཇིག་རྟེན་ལས་འདས་པའི་གནས་སྐབས་ན་ཞེས་བྱ་བའི་ཐ་ཚིག་གོ། ཆོས་འདོད་ལྟ་བར་བྱེད་ཅེ་ས་བྱ་བ་ནི་ཚིག་དང་དོན་འཛིན་པར་ནུས་པའི་ཉན་པ་པོ་སྟེ་མི་དམིགས་ཞེས་བྱ་བར་སྐབས་དང་སྦྱར་རོ།། ཞི་འདོད ་ཅེས་བྱ་བ་ནི་བདག་དང་གཞན་གྱི་སྒྲིབ་སྤང་བར་འདོད་པ་རྣམས་སོ།། དེ་ཉིད་ཀྱི་ཁྱད་པར་ནི་ཡོན་ཏན་དགའ་ཞེས་བྱ་བ་ཡིན་ཏེ། ཡེ་ཤེས་ཕུན་སུམ་ཚོགས་པ་འདོད་པ་རྣམས་ཞེས་བྱ་བའི་དོན་ཏོ།། འདི་ནི ་གནས་པ་ཡིན་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་ཚུལ་གྱིས་གང་ཟག་ལ་སོགས་པ་མི་དམིགས་པ་ཁོ་ན་རྟོག་པ་ཐམས་ཅད་ཀྱི་གཉེན་པོ་ཡིན་པ་ཉིད་ཀྱིས་མཐོང་བའི་ལམ་གྱི་བདག་ཉིད་དང་དེའི་རྗེས་ལ་ཐོབ་པ་ནི་གནས་པ་ཡིན་ཏེ། ་མཆོག་ཏུ་རབ་ཏུ་དགའ་བའི་རྒྱུ་ཡིན་པའི་ཕྱིར་རོ།། གཞན་ནི་ཀུན་ནས་ཉོན་མོངས་པ་ལ་བརྟེན་པའི་ཕྱིར་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། མཐོང་བའི་ལམ་འདི་ནི་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཡིན་ལ་དེའི་རྒྱུ་ཡང་རྣམ་པ་གསུམ ་སྟེ། རྫོགས་པའི་བྱང་ཆུབ་ཀྱི་ཚུལ་ལ་གཞན་ཡང་དག་པར་སྦྱོར་བ་ནི་སྙིང་བརྩེ་བའི་ཤེས་རབ་ཀྱི་གནས་པ་ཉན་ཐོས་ལ་སོགས་པའི་གནས་པ་ཐམས་ཅད་པས་ཕུལ་དུ་བྱུང་པོ་རང་དང་གཞན་གྱི་དོན་གྱི་རྟེན་ལ་གཞན་ཡང ་དག་པར་སྦྱོར་བ་རྫོགས་པའི་བྱང་ཆུབ་འདྲེན་པར་བྱེད་པ་ཡིན་པའི་ཕྱིར། དེ་བཞིན་གཤེགས་ཀྱིས་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། དགྲ་བཅོམ་རྣམ་ཐར་ཞེས་བྱ་བ་ནི་དགྲ་བཅོམ་བྱ་རྣམས་ཀྱི་རྣམ་པར་ཐར་པ ་གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ཞེས་བྱ་བ་ལ་སོགས་པོ་མ་ཆགས་པའི་མཚན་ཉིད་བརྒྱད་པོ་ཇི་སྙེད་པ་ཞེས་བྱ་བའི་དོན་ཏོ།། དེ་བཞིན་གཤེགས་ཀྱི་མ་གཏོགས་པར་ཞེས་བྱ་བ་ནི་རྫོགས་པའི་སངས་རྒྱས་ཀྱི ་གནས་པ་དག་མ་གཏོགས་པར་ཏེ། དེ་དག་ནི་རྣམ་པ་ཐམས་ཅད་དུ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་བག་ཆགས་དང་བྲལ་བ་ཉིད་ཀྱིས་གོང་ན་མེད་པ་ཡིན་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ།། ཡང་ན་དེ་བཞིན་གཤེགས་པ ་རྣམས་ཀྱི་རྣམ་པར་ཐར་པ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་སྒྲིབ་པ་མེད་པས་རབ་ཏུ་ཕྱེ་བོས་དགྲ་བཅོམ་པ་སྟེ་ཡོན་ཏན་མ་ལུས་པའི་འོས་སུ་གྱུར་པ་དེ་མ་གཏོགས་པར་བྱ་བར་སྦྱར་རོ།། གནས་པ་འདི་ནི་ཞེས་བྱ་བ་ནི་ཇི་སྐད་བཤད ་པའི་རྟོག་པའི་སྐྱོན་དང་བྲལ་བ་མཐོང་བའི་ལམ་གྱི་བདག་ཉིད་ཀྱི་སེམས་བསྐྱེད་པ་འདི་ནི་ཞེས་བྱ་བར་དགོ། ངེས་པ་ཡིན་ནོ།། ཞི་བ་ནི་བདག་ཉིད་ཇི་ལྟ་བ་བཞིན་དུ་འདོད་པ་ལ་སོགས་པ་ལ་ཆགས་པའི་ཉེས་པ་དང་བྲལ་བའི་ཕྱིར་རོ།། ། ་དེ་དག་ཏིང་ངེ་འཛིན་ཡང་ཡིན་ཏེ། བསམ་གཏན་དང་གཟུགས་མེད་པ་དང་ཚད་མེད་པའི་ངོ་བོ་ཡིན་པའི་ཕྱིར་རོ།། རབ་ཞི་བདེ་ཞེས་བྱ་བ་ནི་ཟག་པ་མེད་པའི་ཚོར་བ་སིམ་པ་སྟེ། དེ་དང་མཚུངས་པར་ལྡན་པའི་གནས་པ་ཇི་སྙེད་པ ་ཞེས་བྱ་བར་སྐབས་དང་སྦྱར་རོ།། ཀུན་གྱི་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པའི་གནས་པ་ཀུན་གྱི་ནང་ནའོ།། མཆོག་ནི་རང་གི་དོན་ཕུན་སུམ་ཚོགས་པའི་རྒྱུ་ཡིན་པའི་ཕྱིར་རོ།། གོང་ན་མེད་པ་ཡིན་ཞེས་བྱ་བ་ནི་གཞན་གྱི་དོན་ཕུན་སུམ ་ཚོགསོ་བའི་རྒྱུ་ཡིན་པའི་ཕྱིར་རོ།། འདི་ནི་སྟོང་པ་ཉིད་ཀྱི་སྤྱོད་ཡུལ་ཅན་ཡིན་ཡང་ཐུན་མོང་མ་ཡིན་པའི་ཐབས་ཀྱིས་བར་མ་དོར་མྱ་ངན་ལས་འདའ་བར་མི་འགྲོ་བའི་ཕྱིར། འདབ་ཆགས་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ་འདི་སྐད་དུ་དཔེར་ན་བྱ་ནི་ན་མཁའ་ལ་གནས་ཀྱང་ལྟུང་བར་མི་འགྱུར་ལ་ཉནི་ཆུའི་ནང་ལ་གནས་ཀྱང་འཆུབས་ཏེ་མི་འཆ་སྟེ། དེ་གཉིས་ནི་སོང་གིས་དེ་ནུ་སྤྱོད་པའི་ཕྱིར་རོ།། དེ་བཞིན་དུ་སངས ་རྒྱས་དང་བྱང་ཆུབ་སེམས་དཔའ་ཡང་ཤེས་རབ་དང་སྙིང་བརྩེ་བས་ཆོས་ཐམས་ཅད་བདག་མེད་པ་གཟིགས་བཞིན་དུ་ཐུགས་སྐྱོ་བར་མི་འགྱུར་བས་པར་མ་དོར་རང་དང་གཞན་གྱི་དོན་དང་མཐུན་པའི་སེམས་བསྐྱེད་པའི ་གེགས་བྱེད་པའི་མྱ་ངན་ལས་འདས་པ་ཡང་མངོན་དུ་མི་མཛད་དོ།། གང་གི་ཕྱིར་དེ་ལྟར་ཤེས་རབ་ཀྱི་གནས་པ་དོན་ཆེན་པོ་ཡིན་པ་དེའི་ཕྱིར། སེམས་ཅན་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཅན་ཀུན་གྱི་ཡོན ་ཏན་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསམ་གཏན་ལ་སོགས་པའི་ཡོན་ཏན་རྣམས་སོ།། དེ་དག་གི་མཆོག་ཏུ་ཞེས་བྱ་བ་ནི་མཆོག་ཉིད་དུའོ།། འགྲོ་བར་འདོད་པའི་སྤངས་པ་ཕུན་སུམ་ཚོགས་པ་མ་ལུས་པར ་ཐོབ་པར་འདོད་པའོ།། མཆོག་རེག་ཅེས་བྱ་བ་ནི་མངོན་དུ་བྱ་བ་ཞེས་བྱ་བར་འདོད་པ་ཞེས་བྱ་བའི་ཐ་ཚིག་གོ། དེ་ཅི་ཞིག་ཅེ་ན་སངས་རྒྱས་ཡེ་ཤེས་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ཕུན་སུམ་ཚོགས་པའི་མཚན་ཉིད ་ཐུན་མོང་མ་ཡིན་པའི་ཕྱིར་མཆོག་ཏུ་རྨད་བྱུང་ཡིན་ནོ།། དེ་ལྟར་ཤེས་རབ་ཀྱི་གནས་པ་སྤངས་པ་དང་ཡེ་ཤེས་ཀྱི་མཚན་ཉིད་རང་གི་དོན་ཕུན་སུམ་ཚོགས་པའི་རྒྱུ་ཉིད་དུ་བསྟན་ནས་གཞན་ལ་ཕན་པ་བསྒྲུབ་པའི་རྟེན་ཉིད་ཡིན། ་པབར་བསྟན་པའི་ཕྱིར། ཆོས་ཀྱི་སྦྱིན་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཆོས་ཀྱི་སྦྱིན་པ་ནི་ཕ་རོལ་ཏུ་ཕྱིན་པའི་ཆོས་རབ་ཏུ་སྟོན་པ་སྟེ་སྦྱིན་པར་འདོད་པ་གང་ཡིན་པ་ཞེས་བྱ་བར་སྦྱར་རོ།། རབ་ནི་ཐོས་པའི་གནས་སྐབས ་ན་ཕྲ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཁམས་རྟས་པ་བསྐྱེད་པར་བྱེད་པ་ཡིན་པའི་ཕྱིར་རོ།། མཆོག་ནི་སེམས་པའི་ཚེ་ན་མདོའི་དོན་ཕྱིན་ཅི་མ་ལོག་པ་ལ་རྗེས་སུ་འཇུག་པའི་ཐབས་ཡིན་པའི་ཕྱིར་རོ།། དམ་པ་ནི་སྒོམ་པའི་ཚེ་ན་འཇིག་རྟེན་དང ་འཇིག་རྟེན་ལས་འདས་པའི་དོན་འགྲུབ་པའི་རྒྱུ་ཡིན་པོའི་ཕྱིར་རོ།། ཕན་མཛད་རྣམས་ཀྱི་ཞེས་བྱ་བ་ནི་བདེ་བར་གཤེགས་པ་སྲས་དང་བཅས་པ་རྣམས་དང་འབྲེལ་བ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འགྲུབ་པའི་རྟེན་ནི ་ཇི་སྐད་བཤད་པའི་ཤེས་རབ་ཡིན་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ།། གླ་ནས་ཤེས་བྱ་བ་ནི་གནས་པའོ།། འདི་ལ་ཞེས་བྱ་བ་ནི་བཤད་མ་ཐག་པ་ལའོ།། བསྟེན་པར་གྱིས་ཞེས་བྱ་བ་ནི་ངེས་ཞེས་བྱ་བ་ཁོ་ནས་དྲང་ངོ་།། དེ་བསྟན ་བའི་ཕྱིར་བསླབ་པ་འདི་ནི་ཞེས་བྱ་བ་ལ་སྩོགས་པ་སྨོས་ཏེ། འདི་ནི་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསླབ་པ་འདིའོ།། བསླབ་པ་ཡོངས་བརྗོད་པ་ཞེས་བྱ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་སློབ་པ་དྲག ་གོ་དོབསླབ་ཇི་སྙེད་ཀུན་གྱི་ཞེས་བྱ་བ་ནི་བསླབ་པ་ཐམས་ཅད་ཀྱི་ནངོ་ནའོ།། འདི་ནི་སེར་སྣ་ལ་སོགས་པའི་བག་ཆགས་ཀྱི་གཉེན་པོ་ཡིན་པའི་ཕྱིར་མཆོག་ཀྱང་ཡིན་ལ་ཡོན་ཏན་བླ་ན་མེད་པ་ཐམས་ཅད་འགྲུབ་པའི་རྒྱུ ་ཡིན་པ་ནི་ཕྱིར་གོང་ན་མེད་པ་ཡང་ཡིན་ནོ།། གླང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་མཁས་བྱ་གང་ཞིག་ཅེས་བྱ་བ་ལ་སོགས་པ་སྤྲོས་ཏེ། བསྒྲུབ་པ་ཀུན་ཞེས་བྱ་བ་ནི་བསྒྲུབ་པ་ཐམས་ཅད་ཀྱིའོ།། ཕ་རོལ་འགྲོ་འོང ་པས་ཞེས་བྱ་བ་ནི་སྦྱིན་པར་བྱ་བ་ལ་སོགས་པ་མི་དམིགས་པའི་བདག་ཉིད་འཁོར་གསུམ་རྣམ་པར་དག་པའི་ཕ་རོལ་མངོན་དུ་བྱ་བར་འདོད་པས་ཞེས་བྱ་བའི་དོན་ཏོ།། སངས་རྒྱས་བསླབ་པ་ཞེས་བྱ་བ་ནི་གང་གི་ཕྱིར་འདི་སངས་རྒྱས ་རྣམས་ཀྱི་ཐུན་མོང་མ་ཡིན་པ་དེའི་ལམ་ཡིན་པ་དེའི་ཕྱིར་འདི་ཁོ་ན་ལ་སླབ་པར་གྱིས་ཤིག་ཅེས་བསྒོ་བའི་དོན་ཡིན་ནོ།། །། ཏུད་བ་དག་ལ་ཤེས་རབ་ཡོངས་སུ་གཏོད་པ་ནི་ཐོས་པོ་ལ་སོགས་པའི་རིམ་གྱིས་ཆུད་མི ་གསན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་མཆོག་གི་ཆོས་གཏོད་པ་ནི་བྱང་ཆུབ་དང་མཐུན་པའི་ཕྱིར་ཏེ། དེ་བསྟན་པའི་ཕྱིར་འདི་ནི་ཆོས་གཏེར་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། འདི་ནི་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི ་བདག་ཉིད་འདིའོ།། གཏེར་མཆོག་ནི་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཡོན་ཏན་རིན་པོ་ཆེའི་རྟོན་ཡིན་པའི་ཕྱིར་རོ།། ཆོས་ནི་སྟོབས་ལ་སོགས་པའོ།། མཛོད་ནི་གནས་སོ།། དྲོའི ་ཕྱིར་སངས་རྒྱས་རིགས་ཏེ་རྒྱུ་ཡིན་ནོ།། བཅོམ་ལྡན་འདས་རྣམས་ནི་སྟོབས་ལ་སོགས་པའི་ཆོས་ཀྱིས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་ལ་དེ་དག་ཀྱང་ཤེས་རབ་རྣམ་པར་དག་པའི་མཚན་ཉིད་ཡིན་པའི་ཕྱིར་རོ་སྙམ་དུ་དགོངས ་བཔ་ཡིན་ནོ།། འགྲོ་བའི་བདེ་དང་སྐྱིང་བའི་མཛོད་ཅེས་བྱ་བ་ནི་ཤེས་རབ་ཅེས་བྱ་བ་ཆོས་ཀྱི་དབྱིངས་འདི་ནི་འགྲོ་བའི་བདེ་བ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པའི་རྣམ་པར་སྨིན་པའི་བདག་ཉིད་ལུས་ཀྱི་ཚོར་བ་སིམ་པ་གང་ཡིན་པ་དང ་སྒྱིསྐྱིད་པ་ལྷག་པའི་སེམས་ཀྱི་བསླབ་པ་ལས་རབ་ཏུ་བྱུང་བ་གང་ཡིན་པ་དེའི་མཛོད་དང་གནས་ཡིན་ནོ་ཞེས་བྱ་བར་སྦྱར་ཏེ། ལྷག་པའི་ཤེས་རབ་ཀྱི་བསླབ་པ་ནི་བསླབ་པ་ཐམས་ཅད་རྣམ་པར་དག་པའི་ཡན་ལག་ཏུ་གྱུར་པའི ་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། སངས་རྒྱས་ཀྱང་ཉུང་ཤས་ཅིག་གི་རིགས་མ་ཡིན་གྱི་ཐམས་ཅད་ཡོན་པས་དེའི་ཕྱིར། འདས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་དབྱིངས་ཟད་མི་འགྱུར་ཞེས་བྱ་བ་ནི་བདེ་བར ་གཤེགས་པ་ཐམས་ཅད་ཀྱིས་དེའི་བདག་ཉིད་ཡོངས་སུ་བཟུང་ཡང་ཆོས་ཀྱི་དབྱིངས་འཛིན་པ་ལ་སོགས་པའི་མཚན་ཉིད་ཀྱིས་དབེན་པའི་བདག་ཉིད་ནི་རྟག་ཏུ་ཐམས་ཅད་ན་ཡོད་པའི་ཕྱིར་ཟད་པར་མི་འགྱུར་རོ་ཞེས་བྱ་བའི་དོན ་ཏེ། དེ་ལྟ་བས་ན་འདི་ལ་འབངད་དེ་ཐོས་པ་ལ་སོགས་པས་ཡོངས་སུ་བསྲུང་བར་བྱའོ་ཞེས་བྱ་བ་ནི་བྷག་མ་ཡིན་ནོ།། དོན་འདིའི་གཞུང་རྒྱུས་པའི་རྗེས་སུ་འབྲངས་ཏེ་འཕགས་པ་ཀུན་དགོའ་བོ་ལ་ཡོངས་སུ་གཏང་པོའོ་སྐབས ་ནས་ཁོང་དུ་ཆུད་པར་བྱའོ།། ། བསོད་ནམས་ཀྱི་ཚོགས་མངོ་བ་ཉིད་ཤེས་རབ་གོམས་པ་ལས་རབ་ཏུ་བྱུང་བ་རྫོགས་པའི་སངས་རྒྱས་ཀྱི་རྒྱུ་གསུམ་པ་ནི་ཤིང་ལ་སོགས་པ་བསྐྱེད་པར་བྱ་བ་ལ་སོག ་པ་བཞིན་དུ་ཤེས་རབ་ཀྱང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་སྒྲུབ་པར་ནུས་པའི་ཕྱིར། ཤིང་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་ཅེས་བྱ་བ་ནི་ཤིང་ལ་སོགས་པའོ།། ་ས་ལ་ཡང་དག་འབྱུང་ཞིང་འཐོན་ཞེས་བྱ་བ་ལས་ནི་ས་གཞིའོ།། དེ་ལས་ཡང་དགྲ་འབྱུང་བ་ནི་དང་པོར་ས་ལས་གྱུར་པ་ཉིད་དུ་བྱུང་བའི་ཕྱིར་རོ།། འཐོན་པ་ནི་རྒྱུན་གྱིས་སོ།། ཟད་པ་ནི་རྒྱུན་ཞིག་པའོ།། འཕེལ་བ་ནི་སྔོན་མེད་པའི ་རྣམ་པར་བརྟེན་པའོ།། ཡོངས་སུ་མི་ཉམས་ཞེས་བྱ་བ་ནི་རྒྱུན་མི་འདྲ་བ་ཉིད་དུ་མི་འགྱུར་བའོ།། གང་གི་ཕྱིར་རྣམ་པར་མི་རྟོག་པ་དེའི་ཕྱིར་སྐྱོ་བ་མེད་ཅེས་བྱ་བར་སྦྱར་ཏེ། སྐྱོ་བ་ནི་རྣམ་པར་མི་རྟོག་པའི་ཆོས་ཡིན་པའི་ཕྱིར་རོ།། ་སྲས་ནི་བྱང་ཆུབ་སེམས་དཔའོ།། ལྷ་རྣམས་ཞེས་བྱ་བ་ནི་ལྷ་རྣམས་ཀྱི་སྡེ་བརྒྱ་བྱིན་དང་ཚངས་པ་ལ་སོགས་པའི་ལྷའི་རིས་རྣམས་ཀྱི་ཞེས་བྱ་བའི་དོན་ཏོ།། འགྲོ་བ་ཀུན་གྱི་ཞེས་བྱ་བ་ནི་མི་ལ་སོགས་པའི་ཡང་ཞེས་བྱ་བའི་ཐ ་ཚིག་གོ། དེ་ལྟར་ཤེས་རབ་ཕ་རོལ་གྱི་རྒྱུ་དང་ཆོས་མཐུན་པར་བསྟན་ནས་ནང་གི་རྒྱུ་དང་ཆོས་མཐུན་པར་བསྟན་པའི་ཕྱིར། སེམས་ཅན་ཐ་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་རྣམས་ཀྱི་ཐ་མ་འབྲིང་དང ་མཆོག་གྱུར་པ་ཉིད་ནི་གོ་རིམ་བཞིན་དུ་ངན་སོང་དང་མི་དང་ལྷའི་འགྲོ་བ་ཐ་དད་པའི་ཕྱིར་དང་དབང་པོ་ཐ་དད་པའི་ཕྱིར་རོ།། མ་རིག་པ་ནི་གང་ཟག་ལ་སོགས་པར་དམིགས་པ་ཡིན་ཏེ་རིག་པ་དང་འགལ་བའི་ཕྱིར་རོ།། སེམས་ཅ ་འདི་དག་ཐམས་ཅད་ནི་དེ་ལས་བྱུང་བྱ་ཡིནྡ་ཞེས་བྱ་བར་སྐྱབས་དང་སྦྱར་ཏེ། རྗེས་སྨྲ་ཆགས་པ་དང་ཁོང་ཁྲོ་བ་མེད་པར་ནི་ཐམས་ཅད་དུ་འཇུག་པ་དང་ལྡོག་པ་མེད་པའི་ཕྱིར་ལ་དེ་གཉིས་ཀྱང་ལོག་པར་དམིགས་པ་ལས་བྱུང་བའི་ཕྱུང ་དང་བདག་ཉིད་ཀྱང་ཕྱིན་ཅི་ལོག་གི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ།། དེའི་ཕྱིར་རྐྱེན་རྣམས་ཚོགས་ཤིང་རྐྱེན་ལ་རག་ལས་ནས་འབྱུང་ངོ་ཞེས་བཤད་ཀྱི་རྟག་པ་ཡང་མ་ཡིན་ལ་རྒྱུ་མེད་པ་ཅན་མ་ཡིན་ཏེ་རེས་འགའ ་བ་ཡིན་པའི་ཕྱིར་རོ།། སྡུག་བསྔལ་ནི་ཉེ་བར་ལེན་པའི་ཕུང་པོའི་མཚན་ཉིད་དོ།། དེ་ཡང་བྱེད་པ་པོ་མེད་ཀྱང་འཁྲུལ་འཁོར་བཞིན་དུ་བྱ་བ་དེ་དང་དེ་ལ་འཇུག་པ་མཐོང་བའི་ཕྱིར་ཏེ་དེ་ལ་མ་རིག་པ་ལས་མ་གཏོགས་པ་རྒྱུ་གཞན་ནི ་མེད་དོ་སྙམ་དུ་དགོངས་པ་ཡིན་ནོ།། འཁྲུལ་འཁོར་དེ་ནི་ཟད་མེད་ཅེས་བྱ་བ་ནི་མ་རིག་པའི་བདག་ཉིད་དོ།། ཕུང་པོ་ལ་དམིགས་པས་མངོན་པར་ཞེན་པ་ནི་རིགས་མཐུན་པ་འབྱུང་བའི་རྒྱུར་གྱུར་པའི་ཕྱིར་འཁྲུལ་འཁོར་ལྟ་བུ་ཡིན ་ལ་དེ་ཡང་རྟག་ཏུ་དེའི་བདག་ཉིད་ཁོ་ནར་འབྱུང་བའི་ཕྱིར་ཟད་པ་མེད་དོ།། དངོས་ཀྱི་འཇུག་བསྡུ་བའི་ཕྱིར་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡེ་ཤེས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའོ།། ཚུལ་ནི་སྒོམ་པའི ་ལམ་མོ།། སྒོ་ནི་མཐོང་བའི་ལ་མོ།། ཐབས་ནི་ངེས་པོར་འབྱེད་པའི་ཆ་དང་མཐུན་པ་རྣམས་སོ།། རྩ་བ་ནི་དེ་དག་གི་ཚོགས་ཀྱི་བདག་ཉིད་ཕ་རོལ་ཏུ་ཕྱིན་པའི་ཕུང་པོ་ཡིན་ཏེ། དེ་ཁོ་ན་ཉིད་ལ་མོས་པས་བསྡུས་པའི་སྦྱིན་པ་ལ་སོགས་པ་ནི ་བསོད་ནམས་ཀྱི་རྒྱུན་བླ་ན་མེད་པའི་རྟེན་ཡིན་པའི་ཕྱིར་རོ།། དེ་ཀུན་ཞེས་བྱ་བ་ནི་དེ་དག་ཐམས་ཅད་དོ།། དེས་ནི་འདི་སྐད་དུ་དཔེར་ན་ས་ལས་ཤིང་ལ་སོགས་པ་ས་ལས་གྱུར་པ་ཉིད་དུ་སྐྱེ་བ་དང་མ ་རིག་པ་ལས་སེམས་ཅན་གྱི་རབ་ཏུ་དབྱེ་བ་ཕྱིན་ཅི་ལོག་ཏུ་དམིགས་པའི་བདག་ཉིད་དག་འབྱུང་བ་རྣམས་ལས་དང་མ་རིག་པ་དག་གི་ངོ་བོ་ཟད་པ་མེད་དེ། འབྲས་བུ་དེ་དག་གི་བདག་ཉིད་ཉེ་བར་མ་བཟུང་བའི་ཕྱིར།། ཤི་ང་ལ ་སོགས་པ་དང་སྲོག་ཆགས་རྣམས་རང་གི་རྒྱུད་ལ་ཡོད་པའི་ས་ཉིད་དང་། ལོག་པར་དམིགས་པའི་བདག་ཉིད་ཉེ་བར་གཟུང་ནས་སྐྱེ་བ་ལ་དེ་སྐད་དུ་ཐ་སྙད་འདོགས་པ་ནི་མ་ཡིན་ཏེ། དེ་དག་གི་རང་གི་རྒྱུད་ཐ་དད་པའི་ངོ་བོ་ཉིད་ཡིན་ཡང ་ས་ལས་གྱུར་པ་མ་ཡིན་པ་ཉིད་ལ་སོགས་པ་ལས་ལོག་པའི་བདག་ཉིད་ཀྱིས་དེ་སྐད་དུ་ཐ་སྙད་འདོགས་པའི་ཕྱིར་རོ།། རྒྱུ་དང་འབྲས་བུ་དག་གཅིག་པ་ཉིད་ཡིན་ན་ནི། རང་གི་ངོ་བོ་དང་བྱེད་པ་ཐ་དད་པ་དང་བྲལ་བས་ཅུང་ཟད་ཀྱང་རྒྱུ ་ཡང་མ་ཡིན་ལ་འབྲས་བུ་ཡང་མ་ཡིན་པའི་ཕྱིར། འགྲོ་བ་མཐའ་དག་ལ་རྒྱུ་དང་འབྲས་བུ་ཐ་དད་པར་མཐོང་བའི་རྒྱུན་མེད་པར་ཐལ་བར་འགྱུར་རོ།། འབྲས་བུ་ས་ལས་གྱུར་པ་མ་ཡིན་པ་ལ་སོགས་པའི་ངོ་བོར་བྱུང་ཡང་དེའི་རྒྱུ ་འཕེལ་བ་ཡང་མེད་དེ། ས་ཉིད་དང་ལོག་པར་དམིགས་པའི་བདག་ཉིད་ནི་རིགས་མི་མཐུན་པ་ལས་ལོག་པ་ཙམ་དུ་ཁྱད་པར་མེད་པའི་ཕྱིར་རོ།། དེ་བཞིན་དུ་ཤེས་པ་ལས་ཇི་སྐད་བཤད་པའི་ཡེ་ཤེས་ཀྱི་རྒྱུན་སྐྱེ་བ་ལ་ཡང ་ཟད་པ་མེད་དེ། གང་གིས་ཀྱང་དེའི་ངོ་བོ་ཡོངས་སུ་མ་བཟུང་བའི་ཕྱིར་རོ།། འཕེལ་བ་ཡང་མེད་དེ། རྟག་ཏུ་འཛིན་པ་ལ་སོགས་པས་དབེན་པའི་མཚན་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རོ།། རྫོགས་པའི་བྱང་ཆུབ་རྒྱུ་རྣམ་པ ་གསུམ་བཤད་ཟིན་ཏོ།། །། བྱང་ཆུབ་དེ་ནི་སྒྲིབ་པ་ཟད་པ་དང་མི་སྐྱེ་བའི་མཚན་ཉིད་ཡིན་ལ་དེ་དག་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ཟད་པ་དང་སྐྱེ་བ་མེད་པར་རྟོགས་པའི་ངོ་བོ་ཉིད་ཡིན་གྱི་སྒྲིབ་པ་སྤངས་ནས་ཡང་མི ་སྐྱེ་བའི་སྤྱོད་ཡུལ་ཅན་ངག་ནི་མ་ཡིན་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་མེད་པའི་ཕྱིར་རོ།། མཐོང་བའི་ལམ་ལ་སྤྱོད་པའི་ཤེས་རབ་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བའི་བདག་མེད་པའི་སྤྱོད་ཡུལ་ཅེན་ཡིན་པ་ཉིད་ཀྱིས་མ ་རོགྲི་པའི་གཉེན་པོ་ཡིན་པའི་ཕྱིར་རོ།། བྱང་ཆུབ་སེམས་དཔའ་གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེ་མེད་ཅེས་བྱ་བ་ནི་གང་ཞིག་གིས་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སྐྱེ་བ་མེད་པ་ཉིད་དང་འདི་ཉིད་ལ་ཟད་པ་མེད ་བ་ཉིད་དུ་ཤེས་རབ་འདི་ཤེས་པ་དེ་ནི་རང་བྱུང་ཐོབ་པར་འགྱུར་རོ་ཞེས་བྱ་བར་སྦྱོར་རོ།། གཞན་ནི་མ་ཡིན་ཏེ། མ་རིག་པའི་ལིང་ཏོག་གིས་སྒྲིབ་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ།། བཅོམ་ནས་ཞེས་བྱ་བ་ནི་ཕ་རོལ་ཏུ ་ཕྱིན་པ་ཐམས་ཅད་ཀྱི་མི་མཐུན་པའི་ཕྱོགས་མ་རིག་པའི་ཐིབས་པོ་བསོལ་ནས་ཏེ། དེ་བཞིན་ཉིད་ཀྱི་རང་གི་ངོ་བོ་སྤྱོད་ཡུལ་དུ་གྱུར་པ་ཡིན་པའི་ཕྱིར་རོ།། གལ་ཏེ་ཇི་ལྟར་ན་ཤེས་རབ་ཙམ་གྱིས་ཕ་རོལ་ཏུ་ཕྱིན་པ་གཞན་གྱི ་མི་མཐུན་པའི་ཕྱོགས་སྤོངས་ཤེ་ན། ཤེས་རབ་ནི་དེ་བཞིན་ཉིད་ཀྱི་ཡུལ་ཅན་ཡིན་པས་ཐམས་ཅད་ཀྱི་གཉེན་པོ་ཡིན་པའི་ཕྱིར་ཏེ། འཁོར་གསུམ་མི་དམིགས་པ་མེད་པར་སྦྱིན་པ་ལ་སོགས་པས་སེར ་སྣ་ལ་སོགས་པ་སྐྱེ་བའི་རྒྱུ་རྟོག་པ་གསལ་པོར་མི་ནུས་སོ།། དེ་ཉིད་ཀྱི་ཕྱིར་ན་དེ་དག་ལ་ཕ་རོལ་ཏུ་ཕྱིན་པ་ཞེས་ཐ་སྙད་མི་གདུགས་སོ།། ཤེས་རབ་དམ་པས་རབ་ཏུ་ཕྱེ་བའི་སྦྱིན་པ་ལ་སོགས་པ་ནི་སྐད་ཅིག་མ་གཅིག་ལ་ཡང ་ཕ་རོལ་ཏུ་ཕྱིན་པ་རོལ་གྱིས་ཐ་སྙད་རྟེན་ཏེ། དེ་དག་གི་མཚན་ཉིད་ཡིན་པའི་ཕྱིར་དང་། ཐམས་ཅད་ཀྱི་མི་མཐུན་པའི་ཕྱོགས་བཟློག་པའི་ཕྱིར་རོ།། འདི་ལྟར་སྦྱིན་པའི་སེམས་ཀྱི་སྐད་ཅིག་ཁོ་ན་ལ་སེམས་ཅན་རྣམས་ལ་བྱམས ་པའི་ཕྱིར་ཚུལ་ཁྲིམས་ཡིན་ནོ།། ལེན་པ་པོ་གཤེ་བ་ལ་སོགས་པའི་བཟོད་པའི་མཚན་ཉིད་ཀྱི་བཟོད་པ་ཡིན་ནོ།། འགྲོ་བ་སྒྲུབ་པ་ལ་སྤྲོ་བའི་ཕྱིར་བརྩོན་འགྲོས་ཡིན་ནོ།། བྱང་ཆུབ་གཞན་ཡིད་ལ་བྱེད་པའི་གཡེང་བ་མེད ་པའི་ཕྱིར་བསམ་གཏན་ཡིན་ནོ།། སྒྱུ་མ་ལྟ་བུ་ལ་སོགས་པར་སོ་སྔོར་རྟོག་པའི་ཕྱིར་ཤེས་རབ་ཡིན་ནོ།། དེ་བཞིན་དུ་ཚུལ་ཁྲིམས་ལ་སོགས་པོའི་སེམས་ཀྱིས་སྐད་ཅིག་ལ་སྦྱར་བར་བྱ་སྟེ། རབ་འབྱོར་འདི་ལ་བྱང་ཆུབ་སེམས ་པའ་སྦྱིན་པ་སྦྱིན་པར་བྱེད་པ་ལ་ནི་བྱམས་པའི་ལུས་དང་ངག་དང་ཡིད་ཀྱི་ལས་ཉེ་བར་གནས་པར་འགྱུར་ཞེས་བྱ་བ་ནས། དེ་ལྟར་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པོ་ནི་ཕ་རོལ་ཏུ་ཕྱིན་པ་ལ་དྲུག་ཅར་ཡོངས་སུ ་རྫོགས་པར་འགྱུར་རོ་ཞེས་བྱ་བའི་བར་གང་གསུངས་པ་ཡིན་ནོ།། འདིས་ནི་མཐོང་བའི་ལམ་སྐད་ཅིག་མ་གཅིག་ཡིན་པར་བསྟན་པར་རིག་པར་བྱ་སྟེ། སེམས་ཀྱི་སྐད་ཅིག་ཁོ་ན་ལ་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ཐམས་ཅད་མངོན་དུ ་བྱེད་པའི་ཕྱིར་རོ།། བལ་ཏེ་འོ་ན་ནི་རབ་ཏུ་དགའ་བའི་གནས་སྐབས་ཁོ་ནར་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་རྣམ་པར་དག་པའི་ཕྱིར་ས་གཞན་དེ་དོན་མེད་པར་འགྱུར་རོ་ཞེ་ན། བདེན་དེས་ཐམས་ཅད་ནི་མཚན་ཉིད་གཅིག་པའི་ཕྱིར ་འཇིག་རྟེན་ལས་འདས་པའི་གནས་སྐབས་ལ་བལྟོས་ན་ཁྱད་པར་ཅི་ཡང་མེད་དོ།། དག་པ་འཇིག་རྟེན་པའི་གནས་སྐབས་པའི་ཡོན་ཏན་ནི་ཁ་ཅིག་མཐོང་བའི་སྐད་ཅིག་མས་བསྒྲུབ་པར་བྱ་བ་ཡིན་ལ་ཁ་ཅིག་བསྒོམས་པས་བསྒྲུབ་པར ་བྱ་བ་ཡིན་ནོ།། སའི་ཁྱད་པར་རྣམ་པར་བཞག་པ་ཡང་དེ་ལསོ་ལྟོས་པའི་ཕྱིར་ཉེས་པ་མེད་དོ།། དེ་ལྟ་བུའི་མཚན་ཉིད་ཀྱི་མཐོང་བའི་ལམ་ལས་ཇི་ལྟར་མཐོང་བ་གོམས་པའི་ངོ་བོ་ཉིད་བསྒོམ་པའི་ལམ་འབྱུང་ངོ་།། ་དྲོ་ཡང་མཉམ་པར་བཞག་པའི་གནས་སྐབས་ལ་ཡང་མངོན་པར་ཞེན་པ་མེད་པའི་མཚན་ཉིད་ཡིན་པར་རིག་པར་བྱ་སྟེ། བསམ་གཏན་ལ་སོགས་པ་ལ་གནས་ཀྱང་དེ་ཁོ་ན་ཉིད་མཐོང་བའི་སྟོབས་ཀྱིས་དེ་ལ་མི་གནས་པའི ་ཕྱིར། མཐུ་ཆེན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཐུ་ཆེན་ཞེས་བྱ་བ་ནི་ལུགས་དང་མཐུན་པ་ལ་སོགས་པའི་རིམ་གྱིས་བསམ་གཏན་དང་པོ་ལ་སོགས་པས་གནས་པར་ནུས་པའོ།། དེ་ལ་བསམ་གཏན་དང་པོ་ནི་དགེ ་བརྩེ་གཅིག་པ་འདོད་ཁམས་ཀྱི་གཉེན་བློ་ཡིན་ནོ།། གཉིས་པ་ནི་སྤྱོད་པའི་གཉེན་པོ་ཡིན་ནོ།། གསུམ་པ་ནི་ཡིད་བདེ་བའི་གཉེན་པོ་ཡིན་ནོ།། བཞི་པ་ནི་རེ་གཉེན་པོ་ཡིན་ནོ།། བསམ་གཏན་བྱན་པོ་འང ་ངདག་དང་། གཟུགས་མེད་པ་ན་མཁའ་མཐའ་ཡས་ལ་སོགས་པ་དང་འགོག་པའི་སྙོམས་པར་འཇོག་པ་དག་གིས་ཏེ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདོད་པ་དག་ལས་དབེན་པ་སྡིག་ཏོ་མི་དགེ་བའི ་ཆོས་རྣམས་ལས་དབེན་པ་རྟོག་པ་དང་བཅས་པ་དང་སྤྱོད་པ་དང་བཅས་པ་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཽ་ཏཱན་དང་པོ་རྫོགས་པར་བྱས་ཏེ་གནས་སོ།། དེ་བཞིན་དུ་འདུ་བྱེད་དང་ཚོར་བ་འགོག་པའི་སྙོམས ་པར་འཇུག་པ་རྫོགས་པར་བྱས་ཏེ་གནས་སོ།། དེ་འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ཏེ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པོར་འཇུག་པ་ལ་སྙོམས་པར་འཇུག་གོ། ཞེས་བྱ་བའི་གང་རྒྱས་པར ་གསུངས་པ་ཡིན་ནོ།། བམ་པོ་དྲུག་པ།། རྟེན་པ་ཞེས་བྱ་བ་ནི་གཟུང་བར་རྣམ་པར་རྟོག་པའོ།། གནས་པ་ནི་འཛིན་པར་རྣམ་པར་རྟོག་པ་སྟེ། དེར་མི་བྱེད་པ་ནི་སྒོམ་པའི་ལམ་རྟོག་པའི་རྣམ་པ་ཐམས་ཅད་ཀྱི་གཉེན ་པོ་ཡིན་པའི་ཕྱིར་རོ།། དེ་ལྟར་རྣམ་པ་མི་རྟོག་པ་ཉིད་ཀྱིས་སྐྱེ་བའི་བསམ་གཏན་ལ། འདོད་ཆགས་དང་བྲལ་ན་འོ་ན་དེ་ལ་གནས་ཅི་དགོས་ཤེ་ན། དེ་བསྟན་པའི་ཕྱིར། འོན་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འོན་ཀྱང་ཞེས ་བྱ་བ་ནི་དེ་ལྟ་མོད་ཀྱིའོ།། བསམ་གཏན་འདུ་ཤེས་ཞེས་བྱ་བ་ནི་བསམ་གཏན་རྣམས་འདུ་ཤེས་ཙམ་གྱིས་མཚན་ཉིད་ཡིན་པའི་ཕྱིར། ཁ་ཅིག་ལས་ནི་བསམ་གཏན་ཡན་ལག་བཅས་པ་ཞེས་འབྱུང་སྟེ། དེར་ནི་རབ་ཏུ་དང་བ་ལ་སོགས ་པོའི་ཡན་ལག་དང་བཅས་པར་འདུག་པས་ན་བསམ་གཏོན་ཡན་ལག་དང་བཅས་པ་རྣམས་སོ་ཞེས་བྱ་བར་བལྟའོ།། དེས་ནི་འདི་སྐད་དུ་རྣམ་པར་མི་རྟོག་བཞིན་དུ་དེ་ལྟར་བསམ་གཏན་ལ་སོགས་པས་གནས་པ་གང་ཡིན་པ་དེ་ནི ་དེ་ལྟ་བུའི་སེམས་བསྐྱེད་པ་བརྒྱུད་པས་རྫོགས་པའི་བྱང་ཆུབ་བསྒྲུབ་བར་བྱ་བ་ཡིན་པའི་ཕྱིར་རོ།། ཞེས་བཤད་པར་འགྱུར་ཏེ། སྒོམ་པའི་ལམ་བཤད་ཟིན་ཏོ།། །། དེ་མཆོག་ཏུ་གྱུར་པ་ནི་བར་ཆད་མེད་པའི་ཏིང་ངེ་འཛིན ་གྱི་མཐའ་སྟེ། བྱང་ཆུབ་སེམས་དབུའི་སྒོམ་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཁོ་ན་ཡིན་པའི་ཕྱིར་དེ་བསྟན་པར། ཤེས་རབ་མཆོག་ཐོབ་ཅེས་བྱ་བ་ལ་སོགས་པ་སྨོས་སོ།། ཤེས་རབ་མཆོག་ཐོབ་ཅེས་བྱ་བ་ནི་ས་ཆེན་པོའི་གནས་སྐབས ་ན་ཐོབ་པའི་ཤོས་རབ་མཚན་མ་མེད་པ་ལྷུན་གྱིས་གྲུབ་པའོ།། བསམ་གཏནཱ་དག་ལ་གནས་པ་ཞེས་བྱ་བ་ནཱི་པ་ཤྲང་མ་ཐག་པའི་མཚོན་ཉིད་ཀྱི་བསམ་གཽཏན་བཞི་ལ་གནས་པའོ།། གཟུགས་མེད་ཏིང་འཛིན་དམ་པ་བཞི ་ཡང་ཞེས་བྱ་བ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པའི་མཚན་ཉིད་ཀྱི་གཟུགས་མེད་པའི་ཏིང་ངེ་འཛིན་བཞི་ཡང་ཉམས་སུ་མྱོང་ངོ་ཞེས་བྱ་བར་སྦྱར་རོ།། ཅིའི་ཕྱིར་ཞེ་ན། འདི་ལྟར་བསམ་གཏན་འདི་དག་ཅེས ་བྱ་བ་ལ་སོགས་པ་སྨོས་སོ།། བསམ་གཏན་བཞི་པོ་འདི་དག་ནི་བྱང་ཆུབ་དམ་པ་མཆོག་སྟེ་གོ་རིམ་བཞིན་དུ་ཡེ་ཤེ་དང་སྤངས་པ་ཕུན་སུམ་ཚོགས་པ་དམ་པ་དང་མཆོག་གི་ཁྱད་པར་དུ་འཕགས་པའི ་རྫོགས་པའི་བྱང་ཆུབ་ལ་ཕན་པ་ཡིན་ཏེ། ལུགས་དང་མཐུན་པ་དང་། ལུགས་ལས་བཟློག་པའི་རིམ་གྱིས་བསམ་གཏན་དང་པོ་ལ་སོགས་པའི་སྙོམས་པར་འཇུག་པ་སྔོན་དུ་འགྲོ་བ་བསམ་གཏན་བཞི་པས་བསྡུས་པའི་རྡོ་རྗེ ་ལྟ་བུའི་ཏིང་ངེ་འཛིན་རྫོགས་པའི་བྱང་ཆུབ་ཀྱི་དེ་མ་ཐག་པའི་རྒྱུ་ཡིན་པའི་ཕྱིར་རོ།། ཟུག་པ་ཟད་པ་ནི་ཉོན་མོངས་པའི་སྒྲིབ་པ་སྤངས་པ་ཅན་ཡིན་ཏེ། སྙིང་བརྩེ་བ་ཆེན་པོའི་གཞན་གྱི་དབང་གིས་སྔོན་ཚོགས་མཐའ་དག ་ཡོངས་སུ་རྫོགས་པས་ཡང་དག་པའི་མཐའ་སྔོན་དུ་མི་བྱེད་པའི་ཕྱིར་དེའི་ཚོད་དུ་མི་སློབ་བོ་སྙམ་དུ་དགོངས་པ་ཡིན་ནོ།། །། འདིར་ལོག་པར་བསྒྲུབ་པ་ནི་ཕ་རོལ་ཏུ་ཕྱིན་པའི་མྱི་མཐུན་པའི་ཕྱོགས་ཀུན་ཏུ་སྤྱོད་པ ་ཡིན་ཏེ། དེ་ཡོད་ན་རྫོགས་པའི་བྱང་ཆུབ་ཀྱི་དེ་མ་ཐག་པའི་ངོ་བོ་མི་འཐད་པའི་ཕྱིར་རོ།། དེ་བསལ་བའི་དོན་དུ་ཤེས་རབ་ཕུལ་དུ་བྱུང་བ་དང་ལྡན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཕུན་སུམ་ཚོགས་པའི ་བདག་ཉིད་རང་རང་གི་མི་མཐུན་པོའི་ཕྱོགས་དང་བྲལ་བར་སྟོན་པར་མཛད་དེ། ཤེས་རབ་འཆལ་པ་ནི་ཡུལ་གྱི་གཞན་གྱི་དབང་དུ་གྱུར་པ་ལེ་ལོས་དགེ་བ་རྩམས་པ་ཐམས་ཅད་ལ་མི་བཟོད་ཅིང་མི་དགེ་བའི་བསམ་པ ་པཱ་ལས་མ་ལོགས་པས་དམ་པའི་ཆོས་དང་ཟང་ཟིང་ལ་སོགས་པས་གཞན་ལ་ཕན་འདེགས་པར་མི་འཇུག་པའི་ཕྱིར་རོ།། དེ་ལ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མི་མཐུན་པའི་ཕྱོགས་ནི་རྣམ་པ་ལྔ་སྟེ། མཚན་མའི་གཡེང་བ ་དེའི་གཉེན་པོར་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ཡོན་ཏན་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཏེ། རང་དང་གཞན་གྱི་དོན་གྱི་དབང་དུ་བྱས་ནས་རྣམ་པ་ཐམས་ཅད་དུ་བསམ་གཏན་གྱི་ཡོན་ཏན་ཡང་དག་པར ་བསྒྲུབ་པའི་ཕྱིར་རོ།། ངོ་མཚརོ་ནི་རྒྱུ་ཕུན་སུམ་ཚོགས་པའི་ཕྱིར་རོ།། རྨད་བྱུང་ནི་འབྲས་བུ་ཐུན་མོང་མ་ཡིན་པའི་ཕྱིར་རོ།། མཚན་མ་ནི་བདག་ནི་མཉམ་པར་བཞག་པའོ་སྙམ་པ་ལ་སོགས་པའི་རྣམ་པར་རྟོག་པ་འབྱུང་སྟེ། དེ་མེད ་པབ་ནི་ཤེས་རབ་ཀྱིས་དེའི་བསམ་གཏན་གྱི་འཁོར་གསུམ་རྣམ་པར་དག་པའི་ཕྱིར་རོ།། རྣམ་པར་སྨིན་པའི་གཞན་གྱི་དབང་དུ་གྱུར་པའི་གཡེང་བ་དེ་སྤང་བར་བསམ་གཏན་ཐོབ་ཀྱང་འཇིག་རྟེན་ལ་སྙིང་བརྩེ་བསྟེ་འདོད་པའི ་ཁམས་སུ་འཇུག་པའི་ཕྱིར། དེ་ལ་གནས་རྣམས་ཞེས་བྱ་བ་ལ་སྩོགས་པ་སྨོས་སོ།། དེ་ལ་གནས་རྣམས་ཞེས་བྱ་བ་ནི་བསམ་གཏན་ལ་སོགས་པ་ལ་གནས་པ་རྣམས་ཏེ་གཞན་དག་ནི་གཉུག་མར་ཟད་པའི་ཕྱིར་འདོད ་བའི་ཁམས་སུ་སྐྱེ་བ་ལ་ངོ་མཚར་ཅུང་ཟད་ཀྱང་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ།། གལ་ཏེ་ལུས་ནི་ཞིག་གྱུར་ན་ཞེས་བྱ་བ་ནི་གལ་ཏེ་ལུས་གང་གིས་བསམ་གཏན་རྣམས་ཐོབ་པ་དེ་ཇི་ཞིག་ལྟར་ཞིག་པར་གྱུར་ན་ཞེས་བྱ་བའི་ཐ ་ཚིག་གོ།། བསམ་པ་ཇི་བཞིན་ཞེས་བྱ་བ་ནི་འདོད་པ་ལས་འདོད་ཆགས་དང་བྲལ་ཡང་གཞན་གྱི་དོན་དུ་སྨོན་ལམ་བཏབ་པའི་ཕྱིར་སྐྱེ་བ་མི་འགལ་སྙམ་དུ་དགོངས་པ་ཡིན་ནོ།། ཡོངས་སུ་ཉམས་པའི་གཡེང ་པ་དེ་བསལ་བར་ལྷོ་དང་བྱང་གི་སྒྲ་མི་སྙན་དུ་སྐྱེ་བ་སྔོན་དུ་འགྲོ་བའི་ཕྱིར་འཛམ་བུའི་གླིང་དུ་སྐྱེས་པ་བཞིན་དུ་བྱང་ཆུབ་སེམས་དཔའ་འདོད་པའི་ཁམས་སུ་སྐྱེས་ཀྱང་དེ་ཡུལ་རྣམས་ལ་མངོན་པར་ཆགས་པ་མེད་པས་བསམ ་གཏན་ཐོབ་པ་ལས་ཡོངས་སུ་མི་ཉམས་པའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏཽ། མི་འཐོབ་ཅེས་བྱ་བ་ནི་ལྷར་སྐྱེ་བ་མེད་པར་བྱང་གི་སྒྲ་མི་སྙན་དག་ཏུ་སྐྱེ་བར་མི་འགྱུར་གྱི་འོན་ཀྱང་སྔར་ལྷར་གྱུར་ནས་སྙམ་དུ་དགོངས ་པ་ཡིན་ནོ།། དེ་ན་ཡོངས་སུ་གཟུང་བའི་ཡུལ་ཞེས་བྱ་བ་ནི་ལྷོ་དང་བྱང་གི་སྒྲ་མི་སྙན་དང་འབྲེལ་བའི་ཡུལ་ཤིན་ཏུ་དགའ་དགའི་ལྟར་འདུག་པོ་ཞེས་བྱ་བར་སྦྱར་རོ།། མཐོང་ནས་ཞེས་བྱ་བ་ནི་ཉམས་སུ་མྱོང་ནས་སོ།། ཕྱིར་འདིར ་འོང་བར་གྱུར་ན་ཞེས་བྱ་བ་ནི་འཛམ་བུའི་གླིང་འདི་ཁོ་ནར་འོང་བར་འགྱུར་ནའོ།། ཆགས་པ་ནི་མངོན་པར་ཞེན་པའོ།། དེ་མི་བྱེད་ཅེས་བྱ་བར་སྦྱར་ཏེ། འཛམ་བུའི་གླིང་གི་ཡུལ་རྣམས་ནི་ལྷོ་དང་བྱང་སྦྲ་མི་སྙན་གྱི་ཡུལ་གྱི་ཕུན་སུམ ་ཚོགས་པ་ལ་བལྟོས་ནས་ངན་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ།། དེ་བཞིན་ཞེས་བྱ་བ་ནི་དེ་དང་འདྲ་བར་རོ།། རྣལ་འབྱོར་བརྩོན་ཞེས་བྱ་བ་ནི་སེམས་རྣམ་པར་མ་གཡེངས་པའོ།། ཆགས་པ་མེད་ཅེས་བྱ་བ་ནི་འགྲོ་བའི་སྲེད ་བས་མ་གོས་པའོ།། དེ་བསྟན་པའི་ཕྱིར་ཆུའི་པད་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་པད་མ་ཆུའི་ནང་ནས་སྐྱེས་ཀྱང་ངེས་མི་ཆགས་པ་བཞིན་དུ་བྱང་ཆུབ་སེམས་དཔའ་འདོད་པར་སྐྱེས་ཀྱང་དེའི་སྲེད་པས་མི་གོས་སོ་སྙམ ་དུདུ་དགོངས་པ་ཡིན་ནོ།། འོ་ན་ཅིའི་ཕྱིར་ངར་སྐྱེ་ཞེ་ན། བདག་ཉིད་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། བདག་ཉིད་ཆེན་པོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཏེ། ཕྱིར་ཡང་འདོད་པའི་ཁམས་སུ་གནས་པར་བྱེད་དོ།། ཞེས ་ར་སྐབས་དང་སྦྱར་རོ།། སེམས་ཅན་ཡོངས་སུ་སྨིན་བྱ་བ་ཁོ་ནར་ཟད་ཅེས་བྱ་བ་ནི་གདུལ་བའི་སེམས་ཅན་སྐལ་པ་མཉམ་པར་སྐྱེས་པ་འདོད་པ་ན་སྤྱོད་པ་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཆེད་འབའ་ཞིག་ཏུ་ཟད་དོ།། ཞིང་སྦྱོང ་ཞེས་བྱ་བ་ནི་སྣོད་ཀྱི་འཇིག་རྟེན་སྦྱང་བར་བྱ་བའི་ཕྱིར། འདོད་པའི་ཁམས་ན་རྡོ་བ་དང་ཚེར་མ་ལ་སོགས་པ་མི་མཐུན་པ་མཐོང་ནས་དེ་དག་དང་བྲལ་བ.རརོ་བྱ་བའི་ཆེད་དུ་དགེ་བའི་ཚོགས་རྩོམ་པའི་ཕྱིར་རོ།། ཕ་རོལ་ཕྱིན་ཅེས་བྱ་བ་ནི ་ཕ་རོལ་ཏུ་ཕྱིན་པ་འདི་དག་ཡོངས་སུ་རྫོགས་པར་བྱ་བའི་ཡང་ཕྱིར་རོ།། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ནི་ཚོགས་ཡོངས་སུ་རྫོགས་པའི་རྒྱུ་ཡིན་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཞན་ཡོངས་སུ་སྨོན ་པར་བྱེད་པ་ཡང་བདག་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ་ཞེས་གང་གསུངས་པ་ཡིན་ནོ།། གཟུགས་མེད་པར་སྐྱེ་བ་ནི་གཟུགས་ལ་སོགས་པའི་འདུ་ཤེས་ཀྱི་འཚེ་བ་དང་བྲལ་བའི་ཕྱིར་གྱི ་ནོམ་པ་ཡིན་ཡང་རྣམ་པ་ཐམས་ཅད་དུ་སྐྱེ་བ་ལ་དབང་བས་རང་གིར་མི་བྱེད་དེ། དེ་ནི་བདག་དང་གཞན་ལ་ཕན་པ་དང་མཐུན་པ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་ཡིད་ལ་བྱེད་པ་དང་འགལ་བའི་ཕྱིར་བྱང་ཆུབ ་ཡོན་ཏན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགྱུར་འོང་ཞེས་བྱ་བ་ནི་འགྱུར་ན་མི་རུང་ངོ་སྙམ་ནས་ཞེས་བྱ་བའི་དོན་ཏོ།། རོ་མྱང་བའི་གཡེང་བ་ནི་མི་ཞིག་གིས་རིན་པོ་ཆེའི་གཏེར་རྙེད་པ་ལ་སྲེད་པ་མེད་ཅིང་གཉེན་འདབ་ཡོངས་སུ་སྦྱོང ་བར་བྱེད་པ་བཞིན་དུ་བསམ་གཏན་གྱི་བདེ་བའི་རོ་མྱང་བ་བོར་ནས་འགྲོ་བ་སྙིང་བརྩེ་བས་འདོད་པའི་ཁམས་སུ་འཇུག་པའི་ཕྱིར།། དཔེར་ན་མི་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ།། ཆགས་པར་མི་བྱེད་ཅེས་བྱ་བ་ནི་རིན་པོ་ཆེའི་གཏེར་དེ ་ལ་ཚོགས་པར་མི་བྱེད་པའོ།། དེས་ནི་འདི་སྐད་དུ་དཔེར་ན་མི་འགའ་ཞིག་རིན་པོ་ཆེའི་གཏེར་རྙེད་ནས་དེ་ལ་གཅིག་པུ་ཁོ་ན་ཆགས་པ་མི་སྐྱེད་ཀྱི་འདི་ནི་འཁོར་རྣམས་ལ་ཕན་གདགས་པའི་རྒྱུ་ཡིན་ནོ་སྙམ་ནས་དུས་གཞན་ཞིག་ན་བླངས་ཏེ ་ཁྱིམ་དུ་སོང་ནས་བདག་ཉིད་མ་ཆགས་པ་གཉེན་འདབ་ཡོངས་སུ་སྐྱོང་བར་བྱེད་པ་དང་འདྲའོ་ཞེས་བཤད་པ་ཡིན་ནོ།། དེ་བཞིན་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ལ། དགའ་བ་དང་བདེ་སྦྱིན་ཞེས་བྱ་བ་ནི་སེམས་ཅན་རྣམས་ལ་དགའ་བ་དང་བདེ ་བ་སྦྱིན་པར་བྱེད་པ་ཡིན་གྱི་བདག་ཉིད་དེ་དག་ལ་ཆགས་པ་ནི་མ་ཡོན་ནོ་ཞེས་བྱ་བའི་ཐ་ཚིག་གོ།། ཏིང་ངེ་འཛིན་ཞི་བ་བཞི་ཞེས་བྱ་བ་ནི་གཟུགས་མེད་པའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་བཞིའོ།། ཞི་བ་ཞེས་བྱ་བ་ནི་རང་རང་གི་མི་མཐུན་པའི ་ཕྱོགས་དང་བྲལ་བའོ།། བསམ་གཏན་ཞེས་བྱ་བ་ནི་སེམས་རྩེ་གཅིག་པ་ཉིད་དེ། བསམ་གཏན་དང་ཏིང་ངེ་འཛིན་ཐོབ་པ་བསམ་གཏན་དང་གཟུགས་མེད་པའི་མཚན་ཉིད་གུང་ལ་དེ་ཁོ་ནའམ་དེས་བསྒྲུབ་པར་བྱ་བའི་བདེ་བ་ཡོད་པ ་དེ་ལ་དེ་སྐད་ཅེས་བྱའོ།། བཏང་སྟེ་ཞེས་བྱ་བ་ནི་དེ་ལ་སྲེད་པ་བོར་ཏེའོ།། ལྷག་མ་ནི་དོན་གོ་བར་ཟད་དོ།། ས་གཞན་ཡིད་ལ་བྱེད་པའི་གཡེང་བ་སྟེ། བསམ་གཏན་ལ་སོགས་པ་ཐོབ་ཀྱང་ཉན་ཐོས་དང་རང་སངས་རྒྱས་ཀྱིས་དོན ་དུ་གཉེར་བ་བྱང་ཆུབོ་དམ་པའི་གེགས་སུ་གྱུར་པ་གཡེང་བའི་མཚན་ཉིད་ཡིན་པའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེད་ན་ཞེས་བྱ་བ་ནི་གལ་ཏེ་དགྲ་བཅོམ་པ་དང་རདྭ་སངས་རྒྱས་ཀྱི་ཐེག་པ་ལ་དགའ་བའི་སེམས ་བསྐྱེད་ནའོ།། མཉམ་པར་མ་བཞག་པ་ནི་རྣམ་པ་ཐམས་ཅད་སྤངས་པ་ཕུན་སུམ་ཚོགས་པ་དང་འགལ་བའི་ཕྱིར་རོ།། སེམས་རྒོད་པ་ནི་ཡེ་ཤོས་ཐམས་ཅང་ཕུན་སུམ་ཚོགས་པའི་འོས་མ་ཡིན་པའི་ཕྱིར་རོ།། སེམས་གཡེངས་གྱུར་པ་ནི ་གཞོན་གྱི་དོན་ཕུན་སུམ་ཚོགས་པའི་སྣོད་དུ་མ་གྱུར་པའི་ཕྱིར་རོ།། འདིར་བསྟན་ཚིགས་སངས་རྒྱས་ཡོན་ཏནཱ་ཡོངས་ཉམས་སུ་ཞེས་བྱ་བ་གསུངས་ཏེ། དམན་པའི་ཡིད་ལ་བྱེད་པ་ནི་རྫོགས་པའི་བྱང་ཆུབ་ཀྱི་འོས་མ་ཡིན་པ་ཉིད་ཀྱིས ་མ་ཐོབ་པར་ཡོངས་སུ་ཉམས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ།། མཉན་པ་གྲུ་ཞིག་བཞིན་ཞེས་བྱ་བ་ནི་གྲུ་ཞིག་པའི་མཉན་པ་བཞིན་དུ་ཞེས་བྱ་བ་ནི་རྒྱ་མཚོ་མཐའ་དག་གི་ཕ་རོལ་ཏུ་འགྲོ་བར་མི་ནུས་སོ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ལྟ་བས ་ནཉམས་ན་བྱང་ཆུབ་སེམས་དཔའ་རྣམས་ལན་སྲིང་པ་ཡོངས་སྤྱོད་ལ་ཟིན་པ་ཡུལ་ལ་ཆགས་པའི་རྣམ་པར་གཡེང་བསྐུ་སྟེ། ངན་རྫོགས་པའི་བྱང་ཆུབ་དང་གཏན་དུ་འགལ་བ་མ་ཡིན་པའི་བྱོར། གཞན ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དགྲ་བཅོམ་རང་རྒྱལ་ཐེག་བྲལ་ཞེས་བྱ་བ་ནི་ཐེག་པ་གཞན་ལ་དགའ་བ་དང་བྲལ་བའོ།། བྱང་ཆུབ་སེམས་དཔའ་དགའ་ན་ཞེས་བྱ་བ་ནི་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་སེམས་བསྐྱེད་ནའོ།། ་རྟག་ཏུ་མཉམ་གཞག་ཡིན་ཞེས་བྱ་བ་ནི་སངས་རྒྱས་ཉིད་ཀྱི་འོས་ཡིན་པ་ལས་འདོད་པའི་ཡོན་ཏན་ལ་མངོན་པར་བརྩོན་པས་གཡེངས་པར་མི་འགྱུར་བའི་ཕྱིར་རོ།། སྙམ་དུ་དགོངས་པ་ཡིནོ།། །། བརྩོན་འགྲུས་ཀྱི་ཕ་རོལ་ཏུ ་ཕྱིན་པའི་མི་མཐུན་པའི་ཕྱོགས་ནི་རྣམ་པ་དྲུག་སྟེ། ལེ་ལོ་ནི་དེ་མྱེད་པ་འཇིག་རྟེན་ལ་ཕན་གདགས་པའི་དོན་དུ་རྟག་ཏུ་གོ་ཆ་གྱོན་པའི་ཕྱིར། སེམས་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ཆགས་པའི་གནས་དེ་དང་དེ་དག་ལ་ཆགས ་པོའི་ཕྱིར་སེམས་ཅན་རྣམས་ཡིན་ལ་དགེ་བ་དང་མི་དགེ་བའི་ཆོས་རྣམས་ཀྱི་འགྲོ་བ་དེ་དང་དེ་དག་ཏུ་གང་ཞིག་ཟག་པས་ན་གང་ཟག་རྣམས་ཡིན་ཏེ། ཉེ་བར་ལེན་པའི་ཕུང་པོ་ཕྱིན་ཅི་ལོག་ལྔ་ཡིན་ནོ།། གང་དག་ལ་དེ་དག་གི་ཕྱིར་དེ་དག ་དྲང་པོའི་ཕྱིར་སེམས་དཔའ་སྟེ། སེམས་གོ་ཆའི་བརྩོན་འགྲུས་ཀྱིས་རྣམ་པར་དག་པ་ཡོད་པའི་བྱང་ཆུབ་སེམས་དཔའ་དེ་དག་ལ་དེ་སྐད་ཅེས་བྱའོ།། ང་རྒྱལ་འཛིན་པ་སྟེ་བྲན་མོ་ཆུ་ཆུན་བཞིན་དུ་ང་རྒྱལ་བཅོམ་པའི་ཡིད་ཀྱིས་གོཞན་དག་གིས ་བརྙས་ན་ཡང་འགྱུར་བ་མེད་པས་རྟག་ཏུ་སེམས་ཅན་གྱི་བྱ་བ་ལ་འཇུག་པའི་ཕྱིར། བརྩོན་འགྲུས་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། བྲན་མོ་ཆུ་ཆུན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ནི་ངན་ལས་ལ་ཡང་ང་རྒྱལ་མེད་པ་ཉིད་དུ་བསྟན་པའི་ཕྱིར ་རོ། དབང་མེད་ཅེས་བྱ་བ་ནི་རང་དབང་མེད་པའོ།། རྗེའི་དབང་ཞེས་པ་བྱ་ནི་རྗེའོ།། གཞན་གྱི་དབང་དུ་གྱུར་པ་དེ་ཞེས་བྱ་བའི་དོན་ཏོ།། དཔའ་རྣམས་ཞེས་བྱ་ཞིས་ཡོངས་སུ་སྨིན་པར་བྱེད་པའི་དབང་དུ་བྱས་ནས་འཇུག་པའི་བརྩོན་འགྲུས་ཀྱི་སྟོབས ་ཀྱིས་རང་གི་མི་མཐུན་པའི་ཕྱོགས་རྣམས་ཀྱིས་མི་ནོན་པའི་ཕྱིར་རོ།། བྲན་མོ་རྗེའོ་དབང་དུ་གྱུར་པ་དེ་ཉིད་གསལ་བར་བྱ་བའི་ཕྱིར། སྨྱོ་བ་བྱས་སམ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། བཟློག་ཚིག་ཅེས་བྱ་བ་ནི་ང་ལ་ཡང་དང་ཡང་དུ་བརྡེག་ཏུ ་ཅི་ཡོད་ཅེས་ཕྱིར་ཟློག་པའི་ཚི་གོ་སྟེ་མི་སྨྲ་ཞེས་བྱ་བར་སྦྱར་རོ།། དེར་ཡང་མི་ཟད་ཀྱི་ཤིན་ཏུ་སྒེག་པའི་ཡིད་ཀྱིས་ཕྱིས་ཆུད་པ་འོང་བར་དགོས་པས་འཇིགས་བཅས་ཤིང་དེའི་མོད་ལ་སྡུག་བསྔལ་འབྱུང་བར་དོགས་པས་ཟིལ་གྱིས་རློན་པར ་གྱུར་ཏེ་སྐྱུག་པོའི་ཡིད་ཀྱིས་ཞེས་བྱ་བར་སྦྱར་རོ།། སྒྲོག་པ་ཉིད་བསྟན་པའི་ཕྱིར། འདི་ཡིས་བདག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་གིས་བཟློག་ན་རྗེའོ་འདིས་བ་སད་བར་འགྱུར་དུའང་ངོ་སྙམ་ནས་རྒྱུ་དེས་ན་ཅུང་ཟད་ཀྱང་མི་སྨྲའོ་ཞེས ་བྱི་བའི་ཐ་ཚིག་གོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔས་ཀྱང་གཞན་གྱིས་བརྙས་པ་ཐམས་ཅད་ལ་བྲན་ལྟ་བུར་བྱ་དགོས་པས་དེ་བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གནས་པར་བྱ་ཞེས་བྱ་བ་ནི་བྲན་བཞིན་དུ་གནས་པར་གྱིས་ཤིག། ་ཅེས་བྱ་བའི་ཐ་ཚིག་གོ།། ཅིའི་ཕྱིར་ཞེ་ན། འདི་ལྟར་འདི་ལས་ཞེས་བྱ་བ་སྨོས་ཏེ་འགྲོ་བ་འདི་ལས་སོ།། བྱང་ཆུབ་ཐོབ་ཅིང་ཞེས་བྱ་བ་ནི་བྱང་ཆུབ་འགྲུབ་ཅིང་ངོ་།། ཡོན་ཏན་རྫོགས་པར་འགྱུར་ཞེས་བྱ་བ་ནི་ཕ་རོལ་ཏུ ་བྱིཕྱིན་པའི་མཚན་ཉིད་ཀྱི་ཡོན་ཏན་རྣམས་ཀྱང་ཡོངས་སུ་འགྲུབ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་རྣམས་ཀྱི་རྒྱུ་དང་འབྲས་བུ་ཕུན་སུམ་ཚོགས་པའི་རྟེན་ནི་འགྲོ་བ་ཡིན་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ།། དེ་ཉིད་སྲོག་ཅེས་བྱ་བ་ནི ་འདི་སྐད་དུ་དཔེར་ན་རྩཝ་དང་ཤིང་ལས་བྱུང་བའི་མེས་རྩཝ་ལ་སོགས་པ་དེ་ཉིད་སྲེག་པར་བྱེད་པ་དེ་བཞིན་དུ་རྒྱུད་གང་ཁོ་ན་ལས་ང་རྒྱལ་ལ་སོགས་པའི་མེ་སྐྱེས་པས་དེ་ཁོ་ན་སྲེད་པར་བྱེད་དེ། བྱང་ཆུབ་ཀྱི་མྱུ་གུ་སྐྱེ་བ་དང་མི་མཐུན་པར་བྱས་པའི ་ཕྱིར་རོ།། དེ་བས་ན་བྱང་ཆུབ་སེམས་དཔའ་དག་ནི་སེམས་ཅན་རྣམས་ལ་ང་རྒྱལ་བཅོམ་ནས་འཇུག་གོ་ཞེས་བཤད་པ་ཡིན་ནོ།། བདག་ཉིད་བདེ་བ་ལ་ཆགས་པ་སྐྱེ་བདག་གིས་བདེ་བ་བཏང་ཞིང་ཆགས་པ་མེད་པ་ལན་དུ་ཕན་འདོགས ་བ་ལ་མི་ལྟ་བ་ནི་མ་བཞིན་ངུ་བར་ཆད་མེད་པར་སེམས་ཅན་གྱི་དོན་བྱ་བ་ལ་འཇུག་པའི་ཕྱིར་བདག་གི་བདེ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མངོན་པར་བརྩོན་ཞེས་བྱ་བ་ནི་གཞན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འཇུག་པའི་བརྩོན ་འགྲུས་དང་ལྡན་པའོ།། བུ་གཅིག་པ་ཞེས་བྱ་བ་སྨོས་པ་ནི་དེ་ལ་མ་ཤིན་ཏུ་བྱམས་པར་བསྟན་པའི་ཕྱིར་རོ།། རིམ་གྲོ་བྱེད་པ་ལྟར་ཞེས་བྱ་བ་ནི་འཚོ་བ་བྱེད་པ་ལྟར་རོ།། གནས་པར་གྱིས་ཞེས་བྱ་བ་ནི་གནས་པར་གྱིས་ཤིག་ཅེས་བྱ་བའི ་དོན་ཏོ།། སྐྱོ་བ་དང་དུ་མི་ལེན་པ་སྟེ། ཡིད་སྐྱོ་བ་མེད་པ་ནི་ཚོགས་མཐར་ཕྱིན་པར་བྱ་བའི་དོན་དུ་ཡུན་རིང་པོར་འཇུག་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡུན་རིང་འཁོར་འདོད་ཅེས་བྱ་བ་ནི ་ཡུན་རིང་མོ་ཞོག་ཏུ་སྲིད་པའི་ཁ་བརྒྱུད་པར་འདོད་པའོ།། ཅིའི་ཕྱིར་ཞེ་ན་སེམས་ཅན་དོན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཅན་གྱི་དོན་དང་ཞིང་སྦྱང་བར་བྱ་བའི་ཕྱིར་བརྩོན་པའི་རྣལ་འབྱོར་པ་ནི་ཚོགས་མཐར་ཕྱིན་པར་བྱེད་པའི ་བརྩོན་འགྲུས་དང་ལྡན་པས་འཁོར་བ་འདོད་ཀྱི་སྲིད་པའི་བདེ་བ་ལ་ཆགས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། ཡིད་སྐྱོ་བ་ནི་རིང་ཞིག་ཏུ་བྱ་དཀའ་བ་བྱེད་པ་དང་ལྡན་དུ་ཟིན་ཀྱང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པོ་མ་ཡིན ་ཏེ། སེམས་དེའི་མི་མཐུན་པའི་ཕྱོགས་ཀྱི་ཟིལ་གྱིས་ནོན་པའི་ཕྱིར། བྱང་ཆུབ་སེམས་དཔའ་མི་མཁས་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། བསྐལ་པ་བྱེ་བ་བགྲང་ཞེས་བྱ་བ་ནི་བདག་གིས་བསྐལ་པ་བྱེ་བ་འོད་སྙེད་གཅིག་ཏུ་འཇུག། ་བ.རེ་བྱ་དགོས་སྷོ་ཞེས་བགླང་བསོ་ཞེས་བྱ་བའི་དོན་ཏོ།། རིང་བར་འདུ་ཤེས་བྱ་བ་ནི་བདག་གིས་དུས་ཡུན་རིང་མོ་འདི་ཁས་བླངས་སྷོ་སྙམ་པའི་བསམ་པཉྩི་བརྱ་གནས་པདྨོ་ཕྱིར་རོ།། སྡུག་བསྔལ་ཞེས་བྱ་བ་ནི་སྡུག་བསྔལ་བའི་ཡིད་ཀྱིས ་ཞེས་བྱ་བའི་ཐ་ཚིག་གོ། བྱང་ཆུབ་སྒྲུབ་ཅེས་བྱ་བ་ནི་བྱང་ཆུབ་སྒྲུབ་པར་བྱེད་པའོ།། ལེ་ལོ་ཅན་ཞེས་བྱ་བ་ནི་འདི་སྐད་དུ་དེ་ལྟར་སྐྱོ་བའི་བསམ་པས་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་ཀུན་ཏུ་སྤྱོད་པ་ནི་དཀའ་བ་བྱེད་པས་སྡུག་བསྔལ ་ཉམས་ས་མྱོང་བར་འགྱུར་ལ་དེས་ཀྱང་བརྩོན་འགྲུས་ཧཱུ~ཾ་ཕ་རོལ་ཏུ་ཕྱིན་པ་ཉམས་པ་སན་ཏེ། སིང་སྤྲོ་བ་ངན་པ་ལ་གནས་པའི་ཕྱིར་རོ་ཞེས་བཤད་པ་ཡིན་ནོ།། ཡང་གང་ཤིག་བྱུང་ཆུབ་ཏུ་སེམས་བསྐྱེད་པ་དང་བ་མ། ་བཟུང་སྐྱེ་བླ་ན་མེད་པའི་ཡེ་ཤེས་ཀྱི་བར་འདི་ལ་ཉིན་ཞག་ཅིག་རྣམ་དུ་ལྟ་བས་སྐྱོ་བ་ལ་ཇི་སྙམ་པར་བྱེད་པ་དེ་ནི་བརྩོན་འགྲུས་བརྩམས་པ་ཡིན་པར་རིག་པར་བྱ་སྟེ། བྱང་ཆུབ་མཆོག་ཏུ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ།། སེམས ་བསྐྱོད་ཅེས་བྱ་བ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སེམས་བསྐྱེད་པ་དང་པོ་ནས་བཟུང་སྟེ་ཞེས་བྱ་བ་ལྷག་མ་ཡིན་ནོ།། ཉིན་མཚན་ཅིག་ཙམ་དུ་ཞེས་བྱ་བ་ནི་ཉིན་ཞག་གཅིག་ཙམ་དུ་སྟེ་དུས་དེ་ཙམ་དུའོ།། སེམས་བྱེད་ན་ཞེས་བྱ་བ་ནི་སེམས ་པར་བྱེད་ན་ཡིད་ལ་ཞེས་བྱ་བར་སྦྱར་རོ།། ལྐོག་མ་ནི་དོན་གོ་བར་ཟད་དོ།། སེམས་ཞུམ་པ་ཉིད་ནི་བྱང་ཆུབ་དཀའ་བ་བརྩམ་པས་བསྒྲུབ་པར་བྱ་བ་ཡིན་ནཽ་ཞེས་ཐོས་ན་སེམས་ཞུམ་པས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མི་རྫོགས ་པའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སྔགས་པའི་བྱུང་བ་ཡིན་ཏེ་སྨྲ་བ་ལས་ཞེས་བྱ་བ་ནི་སྨྲ་བར་བྱེད་པ་ལས་སོ།། དེ་ཅི་ཞིག་ཅེ་ན། རཱི་རབ་རཱི་བཱ་ཤིག་པའི་ཞེས་བྱ་བ་ཡིནྣ་ཏེ། བཤིག་པའོ་ཞེས་བྱ་བ་ནི་བཅོམ་པའིའོ།། རྗེས་ལ ་བྱ་བ་ནི་འོག་ཏུའོ།། ཐོབ་འགྱུར་ཞེས་བྱ་བ་ནི་བྱང་ཆུབ་མཆོག་མངོན་དུ་བྱེད་པར་འགྱུར་བའོ།། ཛཾ་སྔ་ཞེས་བྱ་བ་ནི་ཇི་སྟེ་དེ་སྐད་ཐོས་ནས་སོ།། སྐྱོ་བའི་བློ་སྐྱེད་ཅེས་བྱ་བ་ནི་འོན་ནི་བདག་བྱང་ཆུབ་ཀྱི་སྣོད་མ་ཡིན་ནོ་ཞེས་སྐྱོ་བ་སྐྱེད་ཅིང་ངོ་།། ་ཚད་ཀྱང་སེམས་བྱེད་ན་ཞེས་བྱ་བ་ནི་འདི་ལྟར་རི་རབ་འདི་ནི་ཚད་ཆེན་པོ་ཡིན་པས་བདག་གིས་གཞོམ་པར་མི་ནུས་སོ་ཤེས་དེ་སྙམ་དུ་སེམས་ན་ཞེས་བྱ་བའི་ཐ་ཚིག་གོ།། དེ་ཡོངས་སུ་སྤང་བར་བརྩོན་འགྲུས་ཕུན་སུམ་ཚོགས་པ ་བསྟན་པའི་ཕྱིར། ཇི་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སྟེ་སྔར་སྨྲས་པ་ལྟ་བུ་ཐོས་ནས་སེམས་བསྐྱེད་ནའོ།། ཇི་ལྟ་བུ་ཞིག་ཅེ་ན། འདི་ཙམ་ཚོད་ལྟ་ཅི་དཀའ་ཞེས་ཞེས་བྱ་བ་སྟེ། རི་རབ་བཤིག་ནས་བྱུང ་ཆུབ་འཐོབ་པར་འགྱུར་བ་གང་ཡིན་པ་འདི་ནི་ཚེགས་ཆུང་བའོ་སྙོམ་པའོ།། དེའི་ཕྱིར་སྐད་ཅིག་ཙམ་ལ་ཞེས་བྱ་བ་སྨོས་ཏེ། སྐད་ཅི་ཁོ་ནར་རི་རབ་ཐལ་བ་བཞིན་དུ་ཐལ་བར་བརླགས་ཏེ་བཏང་ངོ་སྙམ་མོ།། བརྩོན་འགྲུས་བརྩམས་པ་སྟེ་ཞེས་བྱ་བ ་ནི་ཚིགས་མཐར་ཕྱིན་པ་དང་མཐུན་པའི་བརྩོན་འགྲུས་ཡིན་པའི་ཕྱིར་རོ།། འདི་ལྟར་རིང་པོར་མི་ཐོབས་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ་དོན་གོ་བར་ཟད་དོ།། གང་ཟག་ལ་སོགས་པར་ཕྱིན་ཅི་ལོག་པ་ནི་བདག་ལ་སོགས་པར་འདུ ་ཤེས་པ་ལུས་ལ་སོགས་པས་བརྩོན་པར་བྱས་ཀྱང་གནམ་ས་བཞིན་དུ་རྫོགས་པའི་བྱང་ཆུབ་དང་རིང་བར་འགྱུར་བའི་ཕྱིར། འགྲོ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་བྱ་ཞེས་བྱ་བ་ནི་བདག་གི་དོན་འབའ་ཞིག་ཏུ་བརྩོན་པར ་བྱ་བར་མ་ཟད་ཀྱི་འཇིག་རྟེན་གྱི་དོན་དུ་ཡང་བྱའོ་སྙམ་དུ་སེམས་དཔའོ།། འོན་ཀྱང་ལེ་ལོར་གྱུར་པ་ཡིན་ཏེ། འདི་ལྟར་བདག་ཏུ་འདུ་ཤེས་གནས་པ་སྟེ་བདག་ཏུ་མངོན་པར་ཞེན་པས་སོ།། བདག་ལ་སོགས་པར་ཕྱིན་ཅི་ལོག་པ ་ནི་རྣམ་པར་བྱང་བ་སྐྱེ་བའི་གགས་སུ་གྱུར་པའི་ཕྱིར་རོ།། དེ་གསྩལ་བར་བྱ་བའི་ཕྱིར། ཐམས་ཅད་མཁྱེན་པ་ཉིད་ལས་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དེ་ལྟ་བས་ན་ལུས་ལ་སོགས་པ་ལ་མངོན་པར ་ཞེན་པ་མེད་པ་ཁོ་ན་བླ་ན་མེད་པའི་ཡེ་ཤེས་ཀྱི་འོས་སྨིན་པའི་ཕྱིར་བརྩོན་འགྲུས་ཕུན་སུམ་ཚོགས་པའི་མཆོག་ཡིན་པས། གང་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ཅིའི་ཕྱིར་ལུས་ལ་སོགས་པའི་འདུ་ཤེས་དང་བྲལ་ཞེ་ན། འདི་ལྟར ་འདུ་ཤེས་རྣམ་པར་ལོག་པ་སྟེ་སེམས་ཅན་ལ་སོགས་པོའི་འདུ་ཤེས་ལོག་པ་ཆོས་ཀྱི་དབྱིངས་ལ་ཞེས་བྱ་བའི་ཐ་ཚིགོ།། དེ་ལ་གནས་པ་ནི་བརྩོན་འགྲུས་ཀྱི་འཁོར་གསུམ་རྣམ་པར་དག་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན། ་ནོ།། དེ་བསྟན་པའི་ཕྱིར། གཉིས་སུ་མེད་ཆོས་སྤྱོད་ཅེས་བྱ་བ་སྨོས་སོ།། འདི་ནི་ཞེས་བྱ་བ་ནི་འདི་ཁོ་ན་སྟེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཁོ་ན་ཉིད་ལ་ཕྱིན་ཅི་མ་ལོག་པར། མཚན་ཉིད་གཅིག་པའི་ཕྱིར་རོ།། དེ་ལྟ་མ ་ཡིན་ཏེ། བརྩོན་འགྲུས་རྣམ་པར་དག་པ་མེད་ན་བྱང་ཆུབ་ཡོད་པ་མ་ཡིན་ནོ།། དེ་ལྟ་ན་ནི་ཕ་རོལ་ཏུ་ཕྱིན་པའི་ཐ་སྙད་གདགས་པ་ཡང་མེད་དོ།། དེ་ནི་བླ་ན་མེད་པའི་ཡེ་ཤེས་ཀྱི་རྒྱུའི་ངོ་བོ་ལ་བརྟེན་པ་ཡིན་ནོ།། སྙམ་དུ་དགོངས་པ་ཡིན་ནོ།། ་དེ་བསྟན་པའི་ཕྱིར་བྱང་ཆུབ་ཞི་བ་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་བྱང་ཆུབ་འདོད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པར་དེ་བཞིན་གཤེགས་པས་གསུངས་ཀྱི་གཞན་གྱིས་ནི་མ་ཡིནོ་སྙམ་དུ་དགོངས་པ་ཡིན་ནོ།། ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མི་མཐུན་པའི་ཕྱོགས་ནི་རྣམ་པ་དྲུག་སྟེ། གནོད་པ་བྱེད་པའི་རྐྱེན་ནི་ཡོད་ན་ཁྲོ་བ་སྲིད་པའི་ཕྱིར་རོ།། དེ་གསལ་བར་བྱ་བའི་ཕྱིར་གནོད་པ་བྱེད་པ་དག་ལ་ཡང་བཟོད་པའི་ཡན་ལག་བསྒོམས་པས་ཕན་འདོགས་པའི་བློས ་ཡོངས་སུ་དགའ་བར་འགྱུར་བའི་ཕྱིར་རོ།། གལ་ཏེ་གཞན་ལས་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ནང་དུ་བརྗོད་པ་ནི་སྐབས་སུ་མ་བབ་པར་སྨྲ་བའི་ཕྱིར་རོ།། ཚིག་རྩུབ་ནི་མི་དགའ་བར་བྱེད་པའི་ཕྱིར་རོ།། བདག་བདེ་ཡིན་ཞེས་བྱ་བ་ནི་མི་སྙན་པ ་ལ་སོགས་པ་སྨྲ་བ་གང་ཡིན་པ་འདི་ནི་རྫོགས་པའི་བྱང་ཆུབ་དང་མཐུན་པའི་ཕྱིར་བདག་གི་བདེ་བ་ཡིན་ནོ།། དེ་ལྟ་མ་ཡིན་ཏེ། གཞན་གྱི་གནོད་པ་བྱས་པ་ལ་བཟོད་པ་མེད་ན་ཇི་ལྟར་བྱང་ཆུབ་ཐོབ་པར་འགྱུར་སྙམ་ནས་ཡོངས་སུ་དགའ་བར ་འགྱུར་གྱི་བཏང་སྙོམས་ཙམ་དུ་བྱེད་པ་ཁོ་ནར་ནི་མི་ཟད་དོ་ཞེས་བྱ་བའི་ཐ་ཚིག་གོ། བདག་དང་གཞན་དུ་མངོན་པར་ཞེན་པ་ནི་དེ་ཉེས་པ་འབྱུང་བའི་གཞི་ཡིན་པའི་ཕྱིར་རོ།། དེ་ཡོངས་སུ་སྤང་བའི་ཆོས་ལ་ངེས་པར་རྟོག་པའི་བཟོད་པ་ནི ་ངན་དུ་སྨྲ་བ་ལ་སོགས་པ་ལ་ཆོས་ཐམས་ཅད་བདག་མེད་པར་སོ་སོར་རྟོག་པའི་ཕྱིར་སུ་སྨྲ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། སུ་ཞེས་བྱ་བ་ལ་སོགས་པའི་སྒྲ་ནི་ཐམས་ཅད་དུ་ཡང་སྤོང་བ་ཡིན་པར་བལྟ་བར་བྱའོ།། གང་གིས ་ཞེས་བྱ་བ་ནི་རྒྱུ་གང་གིས་སྨྲས་ཏེ། ཡང་དག་པར་ན་ངག་ཀུན་ནས་སློང་བར་བྱེད་པ་ཞེ་སྡང་ལ་སོགས་པ་མེད་པའི་ཕྱིར་གང་གིས་ཀྱང་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ།། གང་ཞིག་ཅེས་བྱ་བ་ནི་དོན་རབ་ཏུ་བསྟན་པར་བྱ་བའི་ཕྱིར་ཞེས ་བྱ་བ་ལྷག་མ་ཡིན་ཏེ། ཆོས་ཐམས་ཅད་བརྗོད་དུ་མེད་པའི་ཕྱིར་གང་ཡང་མ་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ།། རྒྱུ་ཀླུང་གི་ཕྱིར་སྨྲ་ཞེས་བྱ་བར་སྐབས་དང་སྦྱར་ཏེ། དངོས་པོ་ཐམས་ཅད་ལ་བྱེད་པ་མེད་པའི་ཕྱིར་དང་། བདག ་མེད་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ།། བཟོད་པའི་ཕ་རོལ་ཕྱིན་མཆོག་ཅེས་བྱ་བ་ནི་ཆོས་ལ་ངེས་པར་རྟོགས་པའི་བཟོད་པ་དང་ངོ་།། བཟོད་པའི་ཡོན་ཏན་མ་མཐོང་བ་ནི་བཟོད་པ་དེ་ལྟ་བུའི་ཕན་ཡོན་མ་མཐོང་ན་མངོན་དུ་མི་བྱེད་པའི་ཕྱིར་རོ།། དེ་གསལ ་བའི་དོན་དུ་ཕན་ཡོན་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའི་གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ལེགས་ཆོས་ལྡན་ཞེས་བྱ་བའི་ཕན་ཡོན་འདི་ནི་གང་ཞིག་ཇི་སྐད་བཤད་པའི་ཡིད་ལ་བྱེད་པའི་ཡོན་ཏན་དང་ལྡན་པའི་བཟོད་པ་བྱེད་པ ་དེའི་ཡིན་གྷི་ཉམས་ཆུང་བ་ལ་སོགས་པས་བྱེད་པ་ནི་མ་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ།། བསོད་ནམས་ཕྱུང་པོས་དེ་ལ་ཞེས་བྱ་བ་ནི་སངས་རྒྱས་ལ་སོགས་པ་ལ་ནི་རིན་པོ་ཆེ་ཚད་མེད་པ་ཕུལ་པོའི་བསོད་ནམས་གང་ཡིན་པ་དེས་བཟོད་པའི ་ཕ་རོལ་ཏུ་ཕྱིན་པ་དེ་ལ་བསོད་ནམས་ཀྱི་ཆར་ཡང་མི་ཕོད་དེ། དེ་ནི་དམིགས་པ་ཅན་ཡིན་པའི་ཕྱིར་ལ་བཟོད་པ་ཕྱིན་ཅི་མ་ལོག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ།། སྦྱིན་པའི་རྒྱུ་ལས་བྱུང་བའི་བསོད་ནམས་ཀྱི་ཚོགས་ལྷུར ་མི་དམིགས་པ་གང་ཡིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པ་མཐའ་དག་གི་ངོ་བོ་ཉིད་ཡིན་པའི་ཕྱིར་ཐུབ་པར་བྱ་མི་ནུས་པ་ཁོ་ནའོ།། གང་གིས་ན་འདིས་བསོད་ནམས་གཞན་ཐོབ་པར་འགྱུར་བའི་བཟོད་པ་འདི་འབྲས་བུ་ཅི་ཞིག་ཅེ་ན། བཟོད་པ་ལ་གནྡྷ ་བའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། འབྲས་བུ་དེ་ཡང་རྣམ་པ་ལྔ་སྟེ། རྒྱུ་མཐུན་པའི་འབྲས་བུ་ནི་ལུས་ནི་ཡོངས་སུ་དགེ་འགྱུར་ཏེ་ཞེས་བྱ་བ་འབྱུང་བ་ཡིན་ཏེ། བཟོད་པ་ལ་གོམས་པའི་ཕྱིར་ལུས་གནོད་སེམས་ལ་སོགས་པས་དྲི་མ་ཅན་དུ ་མ་བྱས་པའི་ཕྱིར་རོ།། རྣམ་པར་སྨིན་པའི་འབྲས་བུ་ནི་གཟུགས་ཀྱི་སྐུས་བསྡུས་པ་མཚན་སུམ་ཅུ་རྩ་གཉིས་ཀྱིས་རབ་ཏུ་ཕྱེ་བ་མཐའ་ཡས་པ་ཡིན་ཏེ། དེ་ནི་བཟོད་པའི་རྣམ་པར་སྨིན་པ་ཡིན་པའི་ཕྱིར་རོ།། སྐྱེས་བུ་བྱེད་པའི་འབྲས་བུ་ནི་སེམས ་ཅན་རྣམས་ལ་ཆོས་སྟོང་པ་ཉིད་རབ་ཏུ་སྟོན་པ་ཡིན་ཏེ་ཆོས་ལྔ་ངེས་པར་རྟོག་པའི་བཟོད་པའི་སྟོབས་ཀྱིས་ཕྱིན་ཅི་མ་ལོག་བུར་སྟོན་པར་རབ་ཏུ་འཇུག་པའི་ཕྱིར་རོ།། བདག་པོའི་འབྲས་བུ་ནི་འགྲོ་བ་དགའ་བར་འགྱུར་བ་ཡིན་ཏེ། བཟོད་པའི ་དབང་གིས་འགྲོ་བའི་རྒྱུད་དག་ལ་བྱང་ཆུབ་སེམས་དཔའ་ལ་དམིགས་པའི་དགའ་བ་སྐྱེ་བའི་ཕྱིར་རོ།། བྲལ་བའི་འབྲས་བུ་ནི་དེ་ཁོ་ན་ཉིད་ལ་སོ་སོར་རྟོག་པའི་བཟོད་པའི་མཐུས་མི་ཤེས་པ་དང་བྲལ་ན་མཁས་པ་ཡིན་པའི་ཕྱིར་རོ།། གནོད ་སེམས་དང་རྗེས་སུ་ཆགས་པ་དང་ལྡན་པ་ཉིད་ནི་དེ་དག་མེད་ན་བྱང་ཆུབ་སེམས་དཔོའ་ཕན་འདོགས་པ་དང་གནོད་པ་བྱེད་པ་དག་ལ་མཚུངས་པར་ཕན་གདགས་པའི་ལྷག་པའི་བསམ་པ་ཅན་ཡིན་པའི་ཕྱིར། གལ་ཏེ་། ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། བླངས་ཞེས་བྱ་བ་ནི་བླངས་ནས་སོ།། རབ་ལུས་ཞེས་བྱ་བ་ནི་ཤིན་ཏུ་གུས་པས་ཞེས་བྱ་བའི་ཐ་ཚིག་གོ།། བྱང་ཆུབ་སེམས་དཔའ་ལ་ནི་ཉུག་བྱེད་ལ་ཞེས་བྱ་བ་ནི་ཙནྡན་གྱི་ཕུར་མས་ཞེས་བྱ་བར་སྦྱར་རོ།། འཐོར་བྱེད་ཅེས ་བྱ་བ་ནི་མགོ་ལ་མེ་མངག་འཐོར་བར་བྱེད་པ་སྟེ་བྱང་ཆུབ་སེམས་དཔའི་ཞེས་བྱ་བར་སྐབས་དང་སྦྱར་རོ།། གཉི་ག་ལ་ཞེས་བྱ་བ་ནི་ཕན་འདོགས་པ་དང་གནོད་པ་བྱེད་པ་ལའོ།། དེ་ཡིས་ཞེས་བྱ་བ་ནི་བྱང་ཆུབ ་སེམས་དཔས་སོ།། བྱང་ཆུབ་གཞན་དུ་ཡོངས་སུ་བསྔོ་བ་ནི་དེ་ནི་ཉན་ཐོས་ལ་སོགས་པའི་བྱང་ཆུབ་ཀྱི་ཡན་ལག་ཡིན་པས་རྫོགས་པའི་བྱང་ཆུབ་ཀྱི་རྒྱུའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་ཕྱིར་རོ།། དེའི ་གཉེན་པོ་ནི་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་སྟེ། དེས་ཡོངས་སུ་བཟུང་བའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་གང་ཟག་གཞན་གྱི་བཟོད་པ་བས་མཆོག་ཏུ་གྱུར་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། སེམས་བསྐྱེད་དེ་ནི་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་བཟོད་པའི་མཚན་ཉིད་ཀྱི་སེམས་བསྐྱེད་པ་དེའོ།། དགྲ་བཅོམ་རང་རྒྱལ་ཞེས་བྱ་བ་ནི་དགྲ་བཅོམ་པ་དང་རང་སངས་རྒྱས་ཀྱིའོ།། སེམས་ཅན་ཁམས་ཀྱི་ཞེས་བྱ་བ་ནི་དེ ་ལས་གཞན་པའི་བཟོད་པ་ཇི་སྙེད་པ་ཡང་ཞེས་བྱ་བར་སྦྱར་རོ།། ཟིལ་གྱིས་གནོན་ཞེས་བྱ་བ་ནི་ཟོལ་གྱིས་ནོན་པར་འགྱུར་བ་སྟེ། བྱང་ཆུབོ་སེམས་དཔའི་བཟོད་པ་ཇི་སྐད་བཤད་པའི་ཡོངས་སུ་བསྔོས་པ་ལྟ་བུ་ནི་ཡེ་ཤེས་དམ ་པའི་རྒྱུ་ཡིན་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ།། སྡུག་བསྔལལ་ཇི་མི་སྙམ་པར་མི་བྱེད་པ་ནི་དེ་དང་ལྡན་པ་བཟོད་པ་མེད་པ་སྲིད་པའི་ཕྱིར་རོ།། དེའི་གཉེན་པོ་ནི་འགྲོ་བ་ཐམས་ཅད་དུ་དོན་མེད་པའི་ཉོན་མོངས་པ་དང་མཐུན་པའི་སྡུག ་བསྔལ་རྗེས་སུ་དྲན་པས་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་བྱང་ཆུབ་སེམས་དཔའི་སྒྲུབ་པའི་སྡུག་བསྔལ་བ་ལ་སེམས་གུས་པ་དང་བཅས་པ་ཉིད་དེ། དེས་སྡུག་བསྔལ་ཐམས་ཅད་དང་དུ་ལེན་པའི་ཕྱིར། བཟོད་བྱེད་ཅེས་བྱ་བ་ལ ་སོགས་པ་འབྱུང་བ་ཡིན་ནོ།། སེམས་དེ་བསྟན་པའི་ཕྱིར་སེམས་དམྱལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་དམྱལ་བ་ལ་སོགས་པ་སྨོས་པ་ནི་སྡུག་བསྔལ་མང་པོ་ཉིད་དུ་བསྟན་པའི་ཕྱིར་རོ།། འདོད་པའི་ཡོན་ཏན ་རྒྱུ་ཡིས་ཞེས་བྱ་བ་ནི་འདོད་པ་ལ་ལྷག་པར་ཞེན་པ་མི་འདོད་བའི་བསོགས་པས་དམྱལ་བ་ལ་སོགས་པར་འགྲོ་བའི་ཕྱིར་རོ།། དབང་མེད་ཅེས་བྱ་བ་ནི་རང་དབང་མེད་པ་སྟེ། སྡུག་བསྔལ་གང་དག་ལ་རང་བང་མེད་པ་ཡོད་པ་དེ་དག་ལ ་དེ་དེ་སྐད་ཅེས་བྱ་སྟེ་ལས་ཀྱི་གཞན་གྱི་དབང་གིས་དེ་ཉམས་སུ་མྱོང་བའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ།། བྱང་ཆུབ་ཆེད་དུ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཕྱིར་རོ།། དེ་ཞེས་བྱ་བ་ནི་རང་ཉམས་སུ་འགྲོ་བ་དྲང་བར་ཁས་བླངས་པའི་དུས་ན ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ལྟ་བས་ན་གང་ཞིག་འདི་ལྟར་སྤྲོ་བ་ནི་བཟོད་པ་ལ་གནས་པ་ཡིན་པས། ལྕགས་དབྱིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྡུག་བསྔལ་ཇི་སྙེད་ཅེས་བྱ་བ་ནི་ཇི་སྐད་བཤད་པའི་སྡུག་བསྔལ་ལས་མ ་གཏོགས་པ་གཞན་དང་གཞན་དག་ཀྱང་ཞེས་བྱ་བའི་ཐ་ཚིག་སྟེ་དེ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་ནོ།། ཞེས་བྱ་བ་ལྷག་མ་ཡིན་ནོ།། བཟོང་པོའི་རང་གི་མི་མཐུན་པའི་ཕྱོགས་དང་བྲལ་བ་བཤད་ཟིན་ཏོ།། ་ཚུལ་ཁྲིམས་ཀྱི་བརྗོད་པར་བྱ་སྟེ། དེའི་མི་མཐུན་པའི་ཕྱོགས་ནི་ཚུལ་ཁྲིམས་ཀྱི་ཚུལ་ཁྲིམས་ལ་སོགས་པའི་བྱེ་བྲག་གིས་རྣམ་པ་དྲུག་གི་དྲུག་ཁོ་ནའོ།། ཡུལ་ལ་ཆགས་པ་ནི་དེས་གཅིག་ཏུ་ཉེས་པར་སྤྱོད་པ ་ལས་རྣམ་པར་མི་ལྡོག་པའི་ཕྱིར་རོ།། དེའི་གཉེན་པོ་ནི་ཞི་བ་འདོད་པ་ཉིད་ཡིན་ཏེ།། དེས་གཅིག་ཏུ་ཉེས་པར་སྤྱོད་པ་སྤོང་བ་ཡང་དག་པར་ལེན་པའི་ཕྱིར། ཚུལ་ཁྲིམས་ཀྱིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཞི་བ་འདོད་ཅེས་བྱ་བ ་ནི་ཐར་པ་འདོད་ཅེས་བྱ་བའི་ཐ་ཚིག་གོ། བྱ་བ་ཡོངས་སུ་མ་རྫོགས་པ་ཉིད་ནི་དེ་སྦྱིན་པའི་ཚུལ་ཁྲིམས་ཀྱི་གེགས་སུ་གྱུར་པའི་ཕྱིར་ཏེ། བདག་ཉིད་བསླབ་པ་ཡོངས་སུ་མ་རྫོགས་པ་ནི་ཕལ་ཆེར་གཞན་དག་ལ་སློབ་པར་ནུས་པ་མ་ཡིན་ནོ།། ་དེའི་གཉེན་པོ་ནི་སྟོབས་བཅུའི་སྤྱོད་ཡུལ་ལ་གནས་པ་ཡིན་ཏེ། དེ་ནི་བསླབ་པ་རྫོགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། སྟོབས་བཅུའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། རང་གི་བསླབ་པ་ལས་འདའ་བ་ནི་དེ་བཟོད་པའི་ཚུལ་ཁྲི་མས ་དྲདང་འགལ་བའི་ཕྱིར་རོ།། དེའི་གཉེན་པོ་ནི་ཚུལ་ཁྲིམས་མ་ཉམས་པ་ཉིད་དེ། རྣམ་པ་ཐམས་ཅད་དུ་འཚལ་པའི་ཚུལ་ཁྲིམས་ཀྱི་རྒྱོ་དག་ལ་བཟོད་པའི་ཚུལ་ཁྲིམས་ཉིད་ཀྱིས་རང་གི་བསླབ་པ་མི་འཁྲུགས་བྱའི ་ཕྱིར་རོ།། ཐེག་པོ་དམན་པ་མངོན་པར་འདོད་པ་ནི་སྤྲོ་བ་ཆེན་པོ་ཚུལ་ཁྲིམས་ཀྱི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་རོ།། དེའི་གཉེན་པོ་ནི་འགྲོ་བ་མཐའ་དག་ལ་ཕན་གདགས་པའི་ཕྱིར་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་རྫོགས ་བའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ཡིན་ཏེ། དེ་ཡོད་ན་རང་དང་གཞན་གྱི་དོན་གྱི་རྟེན་ཅན་གྱི་བརྩོན་འགྲུས་མཐའ་ཡས་པས་སྡོམ་པའི་བྱ་བ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་བའི་ཕྱིར་སྡོམ་པའི་བྱ་བ་ཞེས་བྱ་བ་ལ་སོགས་པ ་སྨོས་སོ།། ཇི་སྙེད་ཅེས་བྱ་བ་ནི་སྡོམ་པའི་བྱ་བ་སྡོམ་པ་དང་སེམ་ཅན་གྱི་དོན་དང་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱི་བདག་ཉིད་ཇི་སྙེད་ཡོད་པའོ།། རྗེས་སུ་འཇུག་ཅེས་བྱ་བ་ནི་སྲུང་བར་བྱེད་པའོ།། དེ་ཡོང་ཞེས་བྱ་བ་ནི་བྱ་བ། དེ ་ཡང་ཞེས་བྱ་བར་སྐབས་དང་སྦྱར་རོ།། དེ་ལྟ་མ་ཡིན་ན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་སངས་རྒྱས་ཉིད་ཐོབ་པའི་གེགས་སུ་གྱུར་པའི་ཕྱིར་འཆལ་པའི་ཚུལ་ཁྲིམས་མ་རུངས་པ་ཡིན་པས། གལ་ཏེ་ཞེས་བྱ་བ ་ལ་སོགས་པ་སྨོས་ཏེ། ཐེག་པ་གཞན་ལ་དགའ་བ་ནི་བྱང་ཆུབ་ཀྱི་སེམས་སྐྱེ་བའི་གེགས་སུ་གྱུར་པའི་ཕྱིར་དེ་དག་ནི་བྱང་ཆུབ་སེམས་དཔའ་མཁས་པོ་རྣམས་ཀྱི་ནང་ན་ཚུལ་ཁྲིམས་འཆལ་པ་ཡིན་ནོ།། སྤྱོད་པ་ཉམས་ཞེས་བྱ་བ ་ནི་སྤྱོད་པ་ཉམས་ཤེས་ཏེ། དེ་ནི་དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའི་བསླབ་པ་ལས་འདའ་བའི་རྒྱུ་མཚན་ཉིད་ཡིན་པའི་ཕྱིར་རོ།། རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན་འདོད་པའི་ཡོན་ཏན་ལ་གནས་སུ་ཟིན་ཀྱང ་ཚུལ་ཁྲིམས་འཆལ་པ་ཉིད་མ་ཡིན་པས། ཇི་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་དོན་གོ་བར་ཟད་དོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་གང་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། བྱང་ཆུབ་ཡོན་ཏན་འབྱུང་འགྱུར་བ་ཞེས་བྱ་བ ་ནི་གང་ལས་བྱང་ཆུབ་ཀྱི་ཡོན་ཏན་སྟོབས་ལ་སོགས་པ་ཡང་དག་པར་འགྲུབ་པར་འགྱུར་བའི་ཆོས་དེ་ནི་ཞེས་བྱ་བར་སྦྱར་རོ།། ཚུལ་ཁྲིམས་དོན་ཞེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་དེ། རྫོགས་པའི ་བྱང་ཆུབ་ཀྱི་ཡོན་ཏན་གྱི་འོས་ཡིན་པ་ཉིད་ཀྱིས་སྒྲིབ་པའི་གདུང་བ་ཐམས་ཅད་ཀྱི་གཉེན་པོར་གྱུར་ན་ཕྱིས་བསིལ་བར་འགྱུར་བའི་ཕྱིར་རོ།། སུ་ངག་གི་ཡིན་ཞེ་ན། ཡོན་ཏན་ཆོས་ལྡན་རྣམས་ཀྱི་ཞེས་བྱ་བ་སྨོས་ཏེ། བྱང་ཆུབ ་སེམས་དཔའ་རྣམས་ཀྱི་ཡིན་ནོ།། དེ་དག་རྫོགས་པའི་སངས་རྒྱས་ཀྱི་ངོ་བོ་དོན་དུ་གཉེར་བའི་ཕྱིར་དེ་རུང་བའི་ཆོས་ཁོ་ན་དེ་དག་གི་ཚུལ་ཁྲིམས་ཡིན་གྱི་གཞན་གྱི་མ་ཡིན་ནོ་ཞེས་བྱེ་བའི་ཐ་ཚིག་གོ། དེ་བསྙེན་པའི་ཕྱིར། ཆོས ་གང་ཕན་བྱེད་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱང་ཆུབ་ཡོངས་ཉམས་པ་ཞེས་བྱ་བ་ནི་ཆོས་གང་ལ་བྱང་ཆུབ་ལས་ཡོངས་སུ་ཉམས་པར་འགྱུར་བ་ཡོད་པ་ཞེས་བྱ་བོར་ཚིག་རྣམ་པར་སྦྱར་རོ།། འདི་ནི་ཞེས་བྱ་བ་ནི ་ཆོས་འདིའོ།། གང་གི་ཕྱིར་དེ་ལྟོ་ཡིན་པ་དེའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདོད་ཡོན་ལྔ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ཆགས་པར་འགྱུར་པའི་ཡུལ་ལྔའོ།། སྤྱོད་ཀྱང་ཞེས་བྱ་བ་ནི་སྤྱོད་དུ་ཟིན་ཀྱང་ངོ་།། ། ་སངས་རྒྱས་བསྒྲུབ་བྱ་སྙམ་དུ་ཞེས་བྱ་བ་ནི་གཡོ་ཏེ་བདག་གིས་ཇི་ལྟར་ན་ངེས་པར་སངས་རྒྱས་སུ་འགྱུར་བ་དེ་ལྟོར་རབ་ཏུ་འབད་པར་བྱའོ་སྙམ་དུ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱོད་ནའོ།། ཚུལ་ཁྲིམས་ཕ་རོལ་ཕྱིན་ལ ་གནས་ཞེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་ཏེ། དེའི་ཚེ་ཞེས་བྱ་བ་ནི་ལྷག་མ་ཡིན་ནོ།། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བས་ཐོག་དྲངས་པའི་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི ་ཆོས་ནི་བྱང་ཆུབ་ཀྱི་ཡོན་ཏན་ཐམས་ཅད་སྐྱེ་བར་རུང་བ་ཡིན་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ།། དེ་ལ་གཞན་པ་ནི་གལ་ཏེ་སྐལ་བ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། སེམས་བསྐྱེད་དེ་ནི་ཞེས་བྱ་བ་ནི་རང་སངས ་རྒྱས་དང་དགྲ་བཅོམ་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་གང་ཡིན་པ་སྟེ། དེ་ནི་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་བདག་ཉིད་ཀྱི་བྱང་ཆུབ་ལས་ཡོངས་སུ་ཉམས་པའི་རྒྱུ་ཡིན་པའི་ཕྱིར། ཕས་ཕམ་པའི་ལྟུང་བས ་ཀྱང་ཆེས་ལྕི་བར་རིག་པར་བྱའོ།། ཕས་ཕམ་པའི་ལྟུང་བ་ནི་དེ་ལྟར་ཉམས་པའི་རྒྱུ་མ་ཡིན་ཏེ། དེའི་བསམ་པ་ནི་གཏན་དུ་བུ་མ་ཡིན་པའི་ཕྱིར་རོ།། ལྟུང་བ་བྱུང་བ་ནི་སུ་ཡང་རུང་སྟེ་ཕལ་ཆེར་འདི་སྙམ་དུ་བདག་གོས ་བདོན་མི་ཟ་བར་འཁྲུལ་པ་འདི་ཁོ་ན་རྟག་ཏུ་དྲང་དུ་གྱུར་པར་བྱའོ་སྙམ་དུ་ནི་མི་སེམས་ཏེ། འདོད་ཆགས་ལ་སོགས་པ་ཀུན་ཏུ་སྤྱོད་པ་ནི་ཕུང་པོར་འགྱུར་བའི་རྒྱུ་གཅིག་པུ་ཡིན་པས་མངོན་པར་དགའ་བར་བྱ་བ་མ་ཡིན་པའི ་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་གཏན་དུ་བ་མ་ཡིན་པས་རྫོགས་པའི་བྱང་ཆུབ་ཀྱི་སེམས་དང་ལྷན་ཅིག་མི་འགལ་བའི་ཕྱིར་ཕས་ཕམ་པའི་ལྟུང་བ་ནི་ཇི་ལྟར་ཐེག་པ་དམན་པ་འདོད་པ་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམ ་ཀྱི་གཏན་དུ་བར་དུ་གཅོད་པའི་ཆོས་མ་ཡིན་ནོ།། དེ་ནི་འཇིགས་པ་མྱེད་པའི་འབྲས་བུ་གཞན་དོན་དོན་དུ་གཉེར་བའི་ངོ་བོ་ཉིད་ཀྱིས་བླ་ན་མེད་པའི་ཡེ་ཤེས་ཀྱི་འབྲས་བུ་ཅན་གྱི་ཡིད་ལ་བྱེད་པ་དང་འགལ ་བའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ།། དེ་ལྟ་བས་ན་ཚུལ་ཁྲིམས་སྲུང་ཞིང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡོངས་བསྔོལ་ཞེས་བྱ་བ་ནི་ཡོངས་སུ་བསྔོ་བར་བྱེད་ན་སྟེ། དེ་ལྟར་ན་ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་མཆོག་ཏུ ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། ཚུལ་ཁྲིམས་ཀྱི་ཡོན་ཏན་གྱིས་ང་རྒྱལ་བྱེད་པ་ནི་དེ་མཉམ་པར་བཞག་པའི་ཚུལ་ཁྲིམས་དང་མི་མཐུན་པའི་ཕྱིར་ཏེ། རྒྱུ་དེ་ང་རྒྱལ་གྱི་ཉེ་བར་བཅོམ་པ་ནི་མཉམ་པར་བཞག་པའི་ཚུལ་ཁྲིམས་ཀུན ་ཏུ་སྒྲུབ་པར་མི་འགྱུར་རོ།། དེའི་གཉེན་པོ་ནི་ང་རྒྱལ་བཅོམ་པ་ཉིད་དེ་བསྟན་པའི་ཕྱིར། དེ་ཡིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དེ་ཡིས་ཞེས་བྱ་བ་ནི་བཤད་མ་ཐག་པ་ལྟ་བུའི་ཚུལ་ཁྲིམས་ཀྱིས་སྷོ།། རློམ་སེམས་མེད་ཅེས་བྱ་བ ་ན་ཁྱོད་དུ་གསོད་པར་མེད་པ་སྟེ་གཞན་དག་ལ་ཞེས་བྱ་བ་ལྷག་མ་ཡིན་ནོ།། གང་ཟག་ལ་སོགས་པར་ལྟ་བ་ནི་དེ་ཤེས་རབ་ཀྱི་ཚུལ་ཁྲིམས་ཀྱི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་རོ།། དེ་དགག་པར་ངའི་འདུ་ཤེས་ཞེས་བྱ་བ་ལ་སོགས། ་པ་སྨོས་སོ།། ངའི་འདུ་ཤེས་ནི་ངའོ་སྙམ་དུ་ལྟ་བའོ།། སེམས་ཅན་དུ་འདུ་ཤེས་ནི་རྒྱུད་གཞན་དག་ལ་གང་ཟག་དང་ཕུང་པོ་ལ་སོགས་པར་མངོན་པར་ཞེན་པའོ།། ཐ་དད་པའོ་འདུ་ཤེས་དང་ལྡན་པ་ནི་ཕྱིན་ཅི་ལོག་གི་ངོ་བོ་ཉིད་ཡིན ་འི་ཕྱིར་དོན་དམ་པའི་ཚུལ་ཁྲིམས་མྱ་ཡིད་བྱས། གལྤ་ཏཱི་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ཤིན་ཏུ་ཚུལ་ཁྲིམས་འཆལ་ཅེས་བྱ་བ་ནི་སེམས་ཅན་དག་ལ་ཡོན་གནས་མ་ཡིན་པའི་འདུ་ཤེས་ཉེ་བར་འཇོག་པའི་ཕྱིར་དང་བདག་དང་གཞན ་དུ་ཕྱིན་ཅི་ལོག་པ་དང་ལྡན་པ་ཡིན་པའི་ཕྱིར་རོ།། གང་གི་ཕྱིར་དེ་ལྟོ་ཡིན་པ་དེའི་ཕྱིར། གང་ལ་བདག་གི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདུ་ཤེས་འདོད་ཆགས་བྲལ་ལ་ཞེས་བྱ་བ་ནི་གང་ལ་འདུ་ཤེས་ལ་འདོད་ཆགས་དོང་བྲལ་ཞིང་མངོན་པར ་ཞེན་པ་མེད་པ་དེ་ལ་སྡོམ་པ་མ་ཡིན་པ་གོ་ལ་ཡོད་དེ་དེའི་རྩ་བ་ནི་དེར་འདུ་ཤེས་པ་ཡིན་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ།། འདི་ནི་ཚུལ་ཁྲིམས་སྡོམ་པར་ཞེས་པ་ནི་ཚུལ་ཁྲིམས་དང་ཅིག་ཤོས་དག་ཐ་དད་པ་མེད་པ་ཉིད་དུ་རྟོགས་པས་དོན ་དམ་པའི་ཚུལ་ཁྲིམས་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ།། དེ་བཞིན་དུ་སྔ་མ་དག་ལ་ཡང་ཅི་རིག་པར་སོ་སོའི་ཕ་རོལ་ཏུ་ཕྱིན་པའི་རབ་ཏུ་དབྱེ་བས་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་སྦྱར་བར་བྱའོ།། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མི་མཐུན ་པའི་ཕྱོགས་ཉམས་པ་བཤད་ཟིན་ཏོ།། སྦྱིན་པའི་བརྗོད་པར་བྱ་སྟེ། འདིར་ཡང་སྔ་མ་བཞིན་དུ་སྦྱིན་པའི་སྦྱིན་པ་ལ་སོགས་པའི་བྱེ་བྲག་གིས་མི་མཐུན་པའི་ཕྱོགས་རྣམ་པ་དྲུག་གོ། ལྟ་བ་དང་བཅས་པའི་སེམས་ཉིད་ནི་དེ་དངོས་པོ་གཏོང་བའི ་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་རོ།། དེའི་གཉེན་པོ་ནི་སྡུག་པ་དང་མི་སྡུག་པོའི་དངོས་པོ་ལ་མི་ལྟ་བ་ཉིད་དེ། དེ་ཡོད་ན་ཕྱི་དང་ནང་གི་དངོས་པོ་ཡོངས་སུ་གཏོང་བ་སྲིད་པའི་ཕྱིར། སེམས་ཅན་དག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཤད་པ ་རིམ་པ་འདིས་ནི་ཕ་རོལ་ཏུ་ཕྱིན་པ་སྔ་མ་རྣམ་པར་དག་པ་ཕྱི་མའི་རྣམ་པར་དག་པའི་རྒྱུ་ཡིན་ནོ་ཞེས་བྱ་བར་སྟོན་པར་བྱེད་དོ།། ལྟ་བ་མེད་པ་ཡིན་ཞེས་བྱ་བ་ནི་མི་ལྟ་བ་ཡིན་ཞེས་བྱ་བའི་ཐ་ཚིག་གོ།། ལྷག་མ་ནི་གོ ་སླའོ།། གང་ཟག་ཏུ་འཛིན་པ་ནི་དེ་སེར་སྣ་སྐྱེ་བའི་རྒྱུ་མཚན་ཉིད་ཀྱི་དངོས་པོས་ཚུལ་ཁྲིམས་ཀྱི་སྦྱིན་པའི་གེགས་སུ་གྱུར་པའི་ཕྱིར་རོ།། དེ་གཉེན་པོ་ནི་རང་གི་སེམས་ལ་སོགས་པ་ལ་བདག་མེད་པ་ཉིད་དུ་རྟོགས་པ་སྟེ། དེས་སེར་སྣའི ་མཚན་ཉིད་ཀྱི་འཆལ་པའི་ཚུལ་ཁྲིམས་ཀྱི་བདག་ཉིད་ཀྱི་སྦྱིན་པ་ཡང་དག་པར་འགྲུབ་པའི་ཕྱིར། ཆོས་རྣམས་ཞེས་བྱ་བ་ལ་སོགས་པོ་སྨོས་སོ།། བདག་མེད་ཅེས་བྱ་བ་ནི་རང་གིས་བདག་མེད་པའི་ངོ་བོ་ཡིན་པའི་ཕྱིར་དང་། བདག་གིས་བྱིན་གྱིས ་མ་བརླབས་པའི་ཕྱིར་ཏེ། རྒྱུ་མ་ཡིན་པའི་ཕྱིར་ནི་བྱིན་གྱིས་རློབ་པ་པོའི་དངོས་པོར་མི་འཐོད་པའི་ཕྱིར་རྟག་པ་ཡང་རྒྱུ་མ་ཡིན་པའི་ཕྱིར་ཏེ། ཇི་སྐད་སྔར་བཤད་པ་ལྟ་བུའོ་སྙམ་དུ་དགོངས་པ་ཡིན་ནོ།། ཡ་མཻ་རཱ་ཞེས་བྱ་བ་ནི་རྒྱུའི་གཞན ་གྱི་དབང་དུ་གྱུར་པའོ།། དེ་ནི་གནས་མེད་དོ་ཞེས་བྱ་བ་ནི་སེམས་ཅན་དུ་ལྟ་བ་ནི་སེར་སྣའི་ཀླུའི་གཙོ་བོ་ཡིན་ན་དེ་མེད་པས་དེ་ཡང་མི་སྲིད་དོ་སྙམ་དུ་དགོངས་པ་ཡིའོ།། གང་དག་ལ་བདག་ཏུ་འདུ་ཤེས་པ་ཡོད་པ་ཞེས་བྱ་བ་ལ་སོགས་པ་ནི ་འདི་སྐད་དུ་བདག་ཏུ་འཛིན་པ་ཡོད་ན་བདག་ལ་ཚོགས་པའི་ཕྱིར་རང་གི་བདེ་བ་སྒྲུབ་པའི་དངོས་པོ་ལ་བདག་ཉིད་དུ་འཛིན་ཅིང་དེ་ལས་ཀྱང་དེ་ལ་ཆགས་པའི་འདོད་ཆགས་འབྱུང་བས་སེམས་རྨོངས་པ་དེ་དག་ལ་གཏོང་བའི་བློ་གཏན་དུ ་བལྟ་ག་ལ་ཡོད་དེ། མི་མཐུན་པའི་ཕྱོགས་སྟོབས་དང་ལྡན་པས་དེ་ཤིན་ཏུ་ཟིལ་གྱིས་གནོན་པའི་ཕྱིར་རོ་ཞེས་བཤད་པ་ཡིན་ནོ།། སེར་སྣའི་སྐྱོན་མ་མཐོང་བ་ནི་དེ་ཡོད་ན་སློང་བ.རརུ་བྱེད་པ་ལ་སོགས་པ་ལོག་པར་བསྒྲུབ་པ་ལ་མི་བཟོད་པས ་སེར་སྣ་འབྱུང་བའི་ཕྱིར་རོ།། དེའི་གཉེན་པོ་ནི་སེར་སྣ་མི་མཐུན་པ་ཡིན་པར་རྟོག་པ་སྟེ། དེས་སློང་བར་བྱེད་པ་ཐམས་ཅད་ལ་དགེ་བའི་བཤོས་གཉེན་ཡིན་པར་འདུ་ཤེས་ཤིང་སེར་སྣ་དང་བྲལ་བས་བཟོད་པའི་ཡན་ལག་གི་གཏོང་བ ་ཡང་དག་པར་བསྒྲུབ་པའི་ཕྱིར། སེར་སྣ་ཅན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། སེར་སྣ་ཅན་ནི་ཞེས་བྱ་བ་ནི་སེར་སྣ་དང་ལྡན་པ་ནི་ཞེས་བྱ་བའི་ཐ་ཚིག་གོ། ཡི་དགས་གྲནས་སུ་སྐྱེ་བར་འགྱུར་ཞེས་བྱ་བ་ནི་སྐྱེ་བར་འགྱུར་ཏེ། ཡོ་བྱད ་ལ་སོགས་པ་ལ་ཚོགས་པའི་རྣམ་པར་སྨིན་པ་ལ་སོགས་པ་ནི་ཡི་དགས་ཀྱི་འགྲོ་བ་ཡིན་པའི་ཕྱིར་རོ།། དབུལ་པོར་འགྱུ་རེ་ཞེས་བྱ་བ་ནི་རྒྱུ་མཐུན་པའི་འབྲས་བུའོ།། ཤེས་ནས་ཞེས་བྱ་བ་ནི་དེ་ལྟར་སོར་སྣའི་ཉེས་བྱས་མི་དང་ཡི ་དགས་ཀྱི་འགྲོ་བ་དག་ན་སེམས་ཅན་དབུལ་པོར་གྱུར་པ་དག་ཤེས་ནས་སོ།། གཏོང་ལ་མོས་པར་འགྱུར་ཞེས་བྱ་བ་ནི་སྦྱོར་བའི་སྒོ་ནས་ཏེ། དོན་དུ་གཉེར་བའི་སྐྱེ་བོ་མཐའ་དག་ལ་ཐམས་ཅད་ཉེ་བར་བསྒྲུབ་པའི་ཕྱིར་རོ།། ལྷག་པར ་གཏོང་ཞེས་བྱ་བ་ནི་བསམ་པའི་སྒོ་ནས་ཏེ། གནོད་པའི་རྣམ་ཐམས་ཅད་ཀྱིས་གེགས་སུ་མི་འགྱུར་བའི་གཏོང་བའི་བསམ་པ་ཅན་ཡིན་པའི་ཕྱིར་རོ།། དེའི་ཕྱིར་གླིང་བཞི་ཞེས་བྱ་བ་ལ་སོགསས་སྨོས་ཏེ། མཆིལ་མའི་ཐལ་བ་འདྲ་ཞེས་བྱ་བ་ནི ་མཆིལ་མའི་ཐལ་བ་བཞིན་དུ་བདག་ཉིད་རིན་པོ་ཆེས་བརྒྱན་པའི་གླིང་རྣམས་ལ་ཡང་མངོན་པར་མ་ཞེན་པའི་ཕྱིར་རོ།། བྱིན་ནས་དགའ་བར་འགྱུར་གྱི་ཞེས་བྱ་བ་ནི་དེ་དག་བྱིན་ནུས་དོན་དུ་གཉེར་བའི་སྐྱེ་བོ་མགུ ་བབར་མཐོང་བའི་ཕྱིར་རོ།། ཐེག་པ་གཞན་དུ་ཡོངས་སུ་བསྔོ་བ་ནི་དེ་རང་དང་གཞན་གྱི་དོན་གྱི་དབང་དུ་བྱས་པའི་བརྩོན་འགྲུས་ཆེན་པོ་ཕུལ་དུ་བྱུང་བ་དང་ལྡན་པའི་གཏོང་བའི་བསམ་པ་དང་འགལ་བའི་ཕྱིར་རོ།། དེའི་གཉེན་པོ་ནི་བྱང་ཆུབ་མཆོག ་ཏུ་ཡོངས་སུ་བསྔོ་བ་སྟེ། དེས་བརྩོན་འགྲུས་གཏན་དུ་བྱའི་ངོ་བོ་ཉིད་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འགྲུབ་པར་འགྱུར་བའི་ཕྱིར། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། འདི་བྱིན་པར་གྱུར་ཅིག་སྙམ་དུ་ཞེས་བྱ་བ་ནི་སྦྱིན་པ ་འདིས་སྲིད་པ་གསུམ་དུ་གཏོགས་པའི་སེམས་ཅན་ཇི་སྙེད་པ་དེ་དག་གི་ཕུན་སུམ་ཚོགས་པ་ཁ་ན་མི་ཐོ་བ་མེད་པ་རྣམས་འབྱོར་པར་གྱུར་ཅིག་མཉམ་དུ་བསོམ་ནས་ཞེས་བྱ་བའི་ཐ་ཚིག་གོ།། དེ་ནས་ཅི་བྱེད་མ་དེ་ཡང་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། དེ་ལྟར་བསྒྲུབ་པའི་བསོད་ནམས་ཀྱི་ཕུང་པོ་དེ་ཡང་འགྲོ་བ་སྦྱང་བའི་ཕྱིར་ཡོངས་སུ་བསྔོ་བར་བྱེད་དེ། དེས་ནི་སྦྱིན་པོ་དེ་མི་ཟད་པར་འགྱུར་རོ་ཞེས་བྱ་བ་ལྷག་མ་ཡིན་ནོ།། མཐོང་བ་དང་མ་མཐོང་བའི་སྲིད་པའི་ལོངས་སྤྱོད་དོན་དུ ་གཉེར་བ་ནི་དེ་རྫོགས་པའི་ཡིད་ལ་བྱེད་པའི་རྩེ་གཅིག་པའི་ངོ་བོ་ཉིད་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་འགལ་བའི་ཕྱིར་རོ།། དེ་དགག་པའི་ཕྱིར། སྦྱིན་པ་སྦྱིན་ནས་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དངོས་ལ་གནས་པར་བྱེད་པ་ནི་མཐོང ་བའི་འབྲས་བུ་དོན་དུ་གཉེར་བའོ།། རྣམ་པར་སྨིན་པ་ནི་སྦྱིན་པའི་འབྲས་བུ་འཇིག་རྟེན་ཕ་རོལ་པ་དང་འབྲེལ་པའོ།། མཁས་པ་ཞེས་བྱ་བ་ནི་བཤེས་གཉེན་ཅན་དེ། ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་ལས་རྣམ་པར་མ་གཡེངས་པ་ཞེས ་བྱ་བའི་ཐ་ཚིག་གོ།། ཐམས་ཅད་གཏོང་བ་སྟེ་ཞེས་བྱ་བ་ནི་སྦྱིན་པའི་རྣམ་པར་སྨིན་པ་ཡང་སེམས་ཅན་ཁོ་ན་ལ་ཡོངས་སུ་བསྔོ་བའི་ཕྱིར། མང་པོ་དཔག་ཏུ་མེད་པར་འགྱུར་ཞེས་བྱ་བ་ནི་སྦྱིན་པར་བྱ་བའི་དངོས་པོ་ཆུང་གིས་ཀྱང་གཏོང་བའི ་བསམ་པ་ཆེ་བའི་ཕྱིར་ཏེ། ལོངས་སྤྱོད་དང་ཡོ་བྱད་ཀྱི་རྣམ་པ་ཁ་ན་མ་ཐོ་བ་མེད་པ་མཐའ་དག་འབྱུང་བས་མང་པོའོ།། ཕུང་པོ་མེད་པའི་མྱ་ངན་ལས་འདས་བྱས་ཡང་མི་ཟད་པའི་ཕྱིར་དཔག་ཏུ་མེད་པ་སྟེ། འབྲས་བུ་ན་མཁའི་མཛོད་ལ་སོགས ་པར་འགྱུར་རོ་སྙམ་དུ་དགོངས་པ་ཡིན། ཡང་ནི་དངོས་པོ་ཆུང་ངུ་ཡང་གཏོང་བའི་བསམ་པའི་ཁྱད་པར་མེད་པ་ཁོ་ནར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མཆོག་ཡིན་ཏེ། རྗེས་སུ་ཡི་རང་བའི་ཡིད་ལ་བྱེད་པ་ཙམ་གྱིས་སེམས་ཅན་ཐམས་ཅད ་ཀྱིས་བདོག་པ་ཐམས་ཅད་བཏང་བྱ་ལས་བྱུང་བའི་བསོད་ནམས་དུས་མི་ཐུང་བ་ཞིག་ཏུ་མངོན་པར་འདུས་བྱས་པ་ཟིལ་གྱིས་གནོན་པའི་ཕྱིར། སྲིད་པ་གསུམ་ན་ཞེས་བྱ་བ་ལ་སྩོགས་པ་སྨོས་སོ།། ཡོངས་སུ་རྟག་པ་བཟུང་སྟེ་ཞེས་བྱ་བ་ནི ་ཡོངས་སུ་རྟག་པ་ཉེ་བར་བཟུང་སྟེའོ།། ཡང་དག་པར་ནི་སེམས་ཅན་ཐམས་ཅད་ལ་དེ་ལྟ་བུའི་རྣམ་པ་མི་སྲིད་པའི་ཕྱིར་རོ།། སངས་རྒྱ་སོ་ལ་སོགས་པ་སྨོས་པ་ནི་ལེན་པ་པོའི་ཁྱད་པར་གྱི་བསོད་ནམས་ཆེ་བ་ཉིད་དུ་བསྟན་པའི་ཕྱིར།། ཉན་རྡོན། ་ལེགས་འཚོལ་ན་ཞེས་བྱ་བ་ནི་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བས་ཀུན་ནས་བསླང་བའི་སྦྱིན་པ་བྱིན་པའི་ཁྱད་པར་ནི་ཐུབ་པར་མི་ནུས་སོ་སྙམ་དུ་དགོངས་པ་ཡིན་ནོ།། ཐབས་མཁས་ཞེས་བྱ་བ་ནི་སྦྱོར ་བ་མེད་པར་བསམ་པ་ཙམ་གྱིས་བསོད་ནམས་མི་ཉུང་བ་ལ་སོགས་པ་ལོ་མཁས་པའི་ཕྱིར་རོ།། བསོད་ནམས་བྱ་བའི་དངོས་ལ་ཞེས་བྱ་བ་ནི་བཤད་མ་ཐག་པ་ལྟ་བུ་ལའོ།། ཡོངས་སུ་བསྔོ་བས་ཞེས་བྱ་བ་ནི་ཡོངས་སུ་བསྔོ་བར་བྱེད ་པ་སྟེ། ཡོངས་སུ་བསྔོ་བ་ནི་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་རྟེན་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ།། ཟིལ་གྱིས་ནོན་ཅེས་བྱ་བ་ནི་ཟིལ་གྱིས་གནོན་པར་འགྱུར་བ་སྟེ། བྱང་ཆུབ་སེམས་དཔའ་དེས་ཞེས་བྱ་བར་སྦྱར་རོ།། རྗེས་སུ་ཡི་རང་བས ་ཇི་ལྟར་བསོད་ནམས་ཟིལ་གྱིས་ནོན་པ་དེ་དཔེས་གསལ་བར་བྱ་བའི་ཕྱིར། ནོར་བུའོ་ཆིང་བུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དེས་ནི་འདི་སྐད་དུ་དཔེར་ན་ནོར་བུ་འཚོང་བུའི་ཕུང་པོ་ཤིན་ཏུ་ཆེར་ཟིན་ཀྱང་རིན་པོ་ཆེ་བཻ་ཌཱུརྱ་གཅིག་གི་ས་ཟིལ ་གྱིས་གནོན་པར་འགྱུར་ཏེ་དེ་ནི་ལོངས་སྤྱོད་ལ་སོགས་པ་ཕུན་སུམ་ཚོགས་པའི་རྒྱུ་ཡིན་པའི་ཕྱིར་རོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་རྗེས་སུ་ཡི་རང་བས་ཀྱང་འགྲོ་བའི་བསོད་ནམས་ཀྱི་ཚོགས་ཟིལ་གྱིས་གནོན་པར་འགྱུར་ཏེ། ་དེ་ནི་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་རྒྱུ་ཡིན་པའི་ཕྱིར་རོ་སོ་ཞེས་བཤད་པ་ཡིན་ནོ།། ཆོས་ཀྱི་མཚན་ཉིད་ལ་ཕྱིན་ཅི་ལོག་པ་ནི་དེ་ཕྱིན་ཅི་མ་ལོག་པའི་བདག་ཉིད་ཀྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་ཡིན ་བའི་ཕྱིར་རོ།། དེའི་གཉེན་པོ་ནི་ཆོས་ཐམས་ཅད་སྤྱོད་པ་ཉིད་དུ་རྟོགས་པ་སྟེ། དེས་བསྟངས་པས་སྦྱིན་པ་ཟག་བྱ་པ་མྱེད་པའི་ཚོགས་འཕེལ་བའི་རྒྱུར་གྱུར་པའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དེ་ལ་བདུག་གྲིར་མ ་བྱེད་ཅེས་བྱ་བ་ནི་གལ་ཏེ་ཆོས་ཐམས་ཅད་བདག་མེད་པར་རྟོགས་པའི་ཕྱིར་དེ་ལ་བདག་གི་ཉིད་དུ་མི་བྱེད་ནའོ།། དངོས་པོ་ཕངས་མེད་ཅེས་བྱ་བ་ནི་ཕངས་པ་ནི་བདག་གིར་མངོན་པར་ཞེན་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་དེ་མེད ་ནོ་དེ་མི་སྲིད་དོ་སྙམ་དུ་དགོངས་པ་ཡིན།། དགེ་བའི་ཆོས་ཁོ་ན་ཟག་པ་མེད་པ་ཉིད་ཀྱིས་སྒྲིབ་པ་ཐམས་ཅད་སྤོང་བའི་རྒྱུ་ཡིན་པའི་ཕྱིར་མཐུ་ཆེན་སྟེ། བྱང་ཆུབ་སེམས་དཔའ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། སྤྲིན་མེད་འོད་ལྡན ་ཟླ་དཀྱིལ་ཡར་གྱི་ངོ་བཞིན་ནོ་ཞེས་བྱ་བ་ནི་ཟླ་བའི་དཀྱིལ་འཁོར་གང་ལ་སྤྲིན་མེད་པའི་འོད་ཟེར་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། རྩེ་མོའི་མངོན་པར་རྟོགས་པའི་རབ་ཏུ་དབྱེ་བ་བཤད་ཟིན་ཏོ།། ། མཐར་གྱིས་པ་བརྗོད ་བིར་བྱ་སྟེ། དེ་ནི་ཆོས་ཐམས་ཅད་རང་བཞིན་གྱི་བདག་མེད་ཀྱང་འཇིག་རྟེན་མངོན་པར་ཞེན་པ་སྤང་བའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལ་འཇུག་པའི་རིམ་པའི་མཚན་ཉིད་ཡིན་པར་རིག་པར་བྱ་སྟེ། བཅོམ་ལྡན་འདས་དེ ་ཇི་ལྟར་ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཚོན་པོའི་མཐར་གྱིས་བགྱིད་པ་དག་གདའ་ལགས་སམ་ཞེས་བྱ་བ་ནས། གལ་ཏེ་བདག་བྱང་ཆུ་མངོན་པར་རྫོགས་པར་སངས ་རྒྱས་ཀྱང་རུང་འོན་ཏེ་བདག་མངོན་པར་རྫོགས་པར་སངས་རྒྱས་ཀྱང་རུང་སྟེ། ཆོས་ཐམས་ཅད་ནི་དངོས་པོ་མེད་པ་ཁོ་ན་ཡིན་མོད་ཀྱི་མ་ལ་བདག་གིས་གང་ཞིག་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས ་ཅན་དངོས་པོའི་འདུ་ཤེས་ལ་སྤྱོད་པ་ཐམས་ཅད་ལ་དངོས་པོ་མེད་པ་ལ་འགོད་པར་འགྱུར་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་གོར་མ་ཆག་གོ་སྙམ་དུ་ཞེས་བྱ་བའི་བར་དང་། སེམས་དང་པོ་བསྐྱེད ་པ་ནས་བཟུང་སྟེ་བདག་ཉིད་ཀྱང་སྦྱིན་པ་བྱིན་ཞིང་གཞན་དག་ཀྱང་སྦྱིན་པ་ལ་སོ་སོར་འགོད་པར་བྱེད་དོ་ཞེས་བྱ་བའི་བར་གང་རྒྱས་པར་འབྱུང་བ་ཡིན་ནོ།། དེ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མཐར་གྱིས་པ་རྟོགས་པ་ནི་ཟོས་ལ་སོགས་པ་སྦྱིན་པ་ལ་གོམས ་བས་བདག་དང་གཞན་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའི་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། ཡི་དྭགས་འགྲོ་བ་གཅོད་ཅེས་བྱ་བ་ནི་སྦྱོར་བའི་གནས་སྐབས་ཁོ་ན་ན་རང་གི་ནོར་ལ་སོགས་པ་འཛིན་པ་མེད་པ་ཉིད་ཀྱིས ་ཡི་དགས་ཀྱི་འགྲོ་བ་སྤངས་པའི་ཕྱིར་རོ།། དབུལ་བ་གཙོང་ཞེས་བྱ་བ་ནི་འགྲོ་བ་ཐམས་ཅད་དུ་ཚེགས་མེད་པར་ཡོ་བྱད་ཕུན་སུམ་ཚོགས་པ་རྙེད་པའི་ཕྱིར་རོ།། ཉོན་མོངས་པ་ཐམས་ཅད་གཅོད་ཅེས་བྱ་བར་སྐབས་དང་སྦྱར་ཏེ། འཁོར་གསུམ་མི ་དམིགས་པ་ཁོང་ན་ཡོད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས་མཐོང་བའི་ལམ་གྱི་གནས་སྐབས་ན་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་སྤངས་པའི་ཕྱིར་རོ།། སྤྱོད་ཚེ་ཞེས་བྱ་བ་ནི་ས་རབ་ཏུ་དགའ་བ་ལ་སོགས་པ་ལ་འཇུག་པ་ན་ཞེས ་བྱ་བའི་དོན་ཏོ།། ལོངས་སྤྱོད་ནི་འཛམ་བུའི་གླིང་གི་བདགེ་བོ་ལ་སོགས་པའི་མཚན་ཉིད་དོ།། མཐའ་ཡས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་འདྲེན་པར་བྱེད་པ་ཡིན་པའི་ཕྱིར་རོ།། རྒྱས་པ་ནི་རྣམ་པ་མང་བའི་ཕྱིར་དང་སེམས་ཅན་ཐམས་ཅད ་ཀྱི་གསོས་སུ་གྱུར་པའི་ཕྱིར་རོ།། སྡུག་བསྔལ་གྱུར་པ་ཞེས་བྱ་བ་རྣམ་པ་གཉིས་ཏེ། རྒྱུའི་སྡུག་བསྔལ་གྱིས་ནི་སེར་སྣ་ལ་སོགས་པའི་ཉེས་པས་ཉེ་བར་བཅོམ་པའི་ཕྱིར་རོ།། འབྲས་བུའི་སྡུག་བསྔལ་གྱིས་ནི་དབུལ་བ་ལ་སོགས་པས ་ཅེས་པའི་ཕྱིར་རོ།། ཡོངས་སུ་སྨིན་བྱེད་ཅེས་བྱ་བ་ནི་ཡོངས་སུ་སྨིན་པར་བྱེད་པ་སྟེ། སྐྱོན་དང་ཡོན་ཏན་བྲི་ཞིང་འཕེལ་བར་བྱ་བའི་ཕྱིར་ཟང་ཟིང་ལ་སོགས་པས་ཀུན་ཏུ་བསྡུས་ནས་ཕ་རོལ་ཏུ་ཕྱིན་པའི་ཆོས་སྦྱིན་པས་རུང་བ་ཉིད་དུ་བྱེད་དོ་ཞེས ་བྱ་བའི་ཐ་ཚིག་གོ།། སྦྱིན་པས་རང་གི་ལོངས་སྤྱོད་ལ་འཛིན་པ་སྤངས་ནས། ཚུལ་ཁྲིམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ནི་ངན་འགྲོ་ཐམས་ཅད་དང་འགལ་བའི་ཕྱིར་དུད་འགྲོ་སྨོས་པ་ནི་ཉེ་བར་མཚོན་པ ་ཟོ་དོ།། མི་ཁོམ་བརྒྱད་ནི་ངན་སོང་དུ་སྐྱེ་བ་ལ་སོགས་པ་སྟེ། རང་དང་གཞན་གྱི་དོན་ལ་འཇུག་པ་རོ་རུང་བ་མ་ཡིན་པའི་ཕྱིར་དེ་དག་ཀྱང་སྤོང་ངོ་ཞེས་བྱ་བར་སྦྱར་རོ།། དེ་ལས་བཟློག་པ་ནི་དལ་བ་སྟེ་དེ་དག་རྙེད་དོ།། རྟག་ཏུ་ཞེས་བྱ་བ་ནི་དུས་ཐམས ་ཅད་དུ་སྟེ། སྦྱོར་བའི་གནས་སྐབས་ནས་བཟུང་སྟེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་ཐུག་གི་བར་དུ་མི་དམིགས་པ་དང་ལྡན་པའི་ཚུལ་ཁྲིམས་ཀྱིས་རང་དང་གཞོན་ལ་ཕན་པའི་ལུས་བསྒྲུབ་པའི་ཕྱིར་རོ།། དེ་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས ་སྡིག་པའི་བསམ་པ་ལས་རྣམ་པར་ལོག་པ་ནི་བཟོད་པས་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དམ་པ་ཞེས་བྱ་བ་ནི་བདག་དང་གཞན་གྱི་ཉེས་པའི་རྟེན་མ་ཡིན་པ་སྟེ། ཆོས་ལ་ངེས་པར་རྟོག་པའི་བཟོད་པས་དེ་ཁོ་ན་ལ ་ཉིད་ཀྱི་ཡེ་ཤེས་དང་མཐུན་པའི་གཟུགས་ཐོབ་པའི་ཕྱིར་རོ།། རྒྱ་ཆེན་ནི་སྤྲུལ་པ་འོད་ཟེར་འཕྲོ་བ་ཕུན་སུམ་ཚོགས་པ་དཔེ་མེད་པ་ཡིན་ཏེ། སེམས་ཅན་གྱི་དོན་སྒྲུབ་པ་དག་ལ་སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པ་ལྷུན་གྱིས་གྲུབ་པར་འགྲོ་བ་ལ་ཕན ་འདོགས་ནུས་པའི་སྐུ་འགྲུབ་པའི་ཕྱིར་རོ།། གསེར་མདོག་ཅེས་བྱ་བ་ནི་མེ་དོག་བྱསེར་ལྟར་དང་བའོ།། ལྟ་བའི་འོས་པ་ཞེས་བྱ་བ་ནི་ལྟ་ན་སྡུག་པ་སྟེ། གཞན་གྱིས་གནོད་པ་བྱས་པ་དང་དུ་ལེན་པའི་བཟོད་པ་ནི་གཞན་གྱི་སྙིང་དུ་སྡུག་པའི་རྒྱུ་ཡིན་པའི་ཕྱིར་རོ། ་དེ་ལྟར་བཟོད་པ་དང་ལྡན་པ་ནི། བརྩོན་འགྲུས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དཀར་པོའི་ཡོན་ཏན་ནི་ཟག་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའོ།། དེ་དག་འགྲིབ་མི་འགྱུར་ཞེས་བྱ་བ་ནི་ཡང་དག་པར་སྤོང་བའི་གནས་སྐབས་ན་དྲི་མ ་མེད་པའི་ཡེ་ཤེས་ཀྱི་འོས་སུ་རུང་བ་ཐོབ་པའི་ཕྱིར་རོ།། ཡེ་ཤེས་མཐའ་ཡས་མཐའ་ཡས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་སུམ་ཅུ་རྩ་བདུན་གྱི་བདག་ཉིད་དེ་དེ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས་རབ་ཏུ་ཕྱེ་བའི་ས་འོད ་འཕྲོ་ཅན་དུ་ཐོབ་པའི་ཕྱིར་རོ།། རྒྱལ་བའི་བང་བ་ནི་སྟོབས་བཅུ་ལ་སོགས་པའི་མཚན་ཉིད། དེའི་མཛོད་ནི་གནས་ཏེ། ཡེ་ཤེས་གང་ཡིན་པ་དེ་ཡང་སངས་རྒྱས་ཉིད་ཀྱི་གནས་སྐབས་ན་རྙེད་དོ་ཞེས་བྱ་བར་སྦྱར་རོ།། དེ་ད་ལྟར་དགེ་བ་ལ་སྤྲོ་བ་ཕུན་སུམ ་ཚོགས་པ་རྙེད་པ་ནི། བསམ་གཏན་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། སྨད་པ་ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་སྨད་པར་བྱ་བ་དག་འདོར་ཞེས་བྱ་བར་སྦྱར་ཏེ། རྫུ་འཕྲུལ་གྱི་རྐང་པ་དག་ལ་གནས་པ་བསམ་གཏན་ལ་བརྟེན་ནས་ཡུལ ་དྲག་ལ་ཆགས་པ་སེལ་བའི་ཕྱིར་རོ།། རིག་པ་ནི་གསུམ་སྟེ། ལྷའི་མིག་དང་སྔོན་གྱི་གནས་རྗེས་སུ་དྲན་པ་དང་། ཟག་པ་ཟད་པ་ཤེས་པའོ།། མངོན་པར་ཤེས་པ་ནི་དྲུག་སྟེ། གསུམ་པོ་དེ་དག་དང་། ལྷའི་རྣ་བ་དང་། རྫུ་འཕྲུལ་དང་། ཕ་རོལ་གྱི ་སེམས་ཤེས་པའོ།། དེ་དག་མངོན་པར་བསྒྲུབ་པ་ནི་ས་ལྔ་པ་ལ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས་རིམ་གྱིས་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་མཆོག་ཏུ་གྱུར་པ་ཐོབ་པའི་ཕྱིར་རོ།། ཏིང་ངེ་འཛིན་ནི་སེང་གེ ་རྣམ་པར་བསྒྱིངས་པ་ལ་སོགས་པ་སྟེ། དེ་ཡང་གནས་སྐབས་གོང་མ་གོང་མ་དག་ཏུ་མངོན་པར་སྒྲུབ་བོ་ཞེས་བྱ་བར་སྐབས་དང་སྦྱར་རོ།། མཉམ་པར་བཞག་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པར་འགྱུར་བས། ཤེས་རབ་ཀྱིས ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབང་པོ་དང་སྟོབས་ལ་སོགས་པའི་གནས་སྒྲུབས་ན་ཡོད་པའི་ཤེས་རབ་ཀྱིས་སོ།། ཆོས་ཀྱི་རང་བཞིན་ཡོངས་ཤེས་ནས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཡན་ལག་དང་ལམ་གྱི་ཡན་ལག་གི་གནས་སྐབས་ན ་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་དོན་ལ་སོགས་པར་རྟོགས་ནས་ཞེས་བྱ་བའི་ཐ་ཚིག་གོ།། མ་ལུས་པ་ལས་ཡང་དག་འདའ་བར་འགྱུར་ཞེས་བྱ་བ་ནི་ཆོས་ལ་བདག་མེད་པར་རྟོགས་པས་ཁམས་གསུམ་པའི་སྲེད་པ་ཐམས་ཅད་སྤོང ་བའི་ཕྱིར་རོ་འཁོར་ལོ་རིན་ཆེན་ཞེས་བྱ་བ་ནི་འཁོར་ལོ་རིན་པོ་ཆེ་སྟེ། དེ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའི་ངོ་བོ་ཉིད་ཀྱིས་འགྲོ་བའི་ཉོན་མོངས་པ་གཅོད་པར་བྱེད་པ་ཡིན་པའི་ཕྱིར་དང་འོད་གསལ་བའི་ཕྱིར་རོ།། ་དེ་བསྐོར་བྱས་ནས་ཞེས་བྱ་བ་ནི་རྒྱུད་གཞན་ལ་རབ་ཏུ་སྦྱར་ནསོ།། དེ་ལྟ་མ་ཡིན་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་རྟོག་པ་པོ་མེད་ན་བསྟན་པ་ལ་ཡིད་ཆེས་པ་མེད་པས་བླང་བར་བྱ་བ་མ་ཡིན་པ་ཉིད་དུ་འགྱུརརོསྙམ་དུ་དགོངས་པ་ཡི་མོ།། ཆོས་ཀྱང ་སྟོན་ཅེས་བྱ་བ་ལ་ནི་ཤེས་བྱའི་སྒྲིབ་པ་མཐའ་དག་དང་བྲལ་བས་ཐབས་ལ་མཁས་པ་ཐོབ་པ་ནི་དབང་བྱེད་པ་དམ་པའི་ངང་དུ་གྱུར་པས་རྩོལ་བ་མེད་པར་སྔོན་གྱི་སྨོན་ལམ་གྱི་འཕེན་པས་གདུལ་བྱ་རྣམས་ལ་ཕ་རོལ་ཏུ་ཕྱིན་པའི་ཆོས་རྣམ་པ ་མཐའ་ཡས་པ་ཇི་ལྟར་རྟོགས་པ་བཞིན་རབ་ཏུ་སྟོན་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་རིམ་པ་ནི་མ་བཤད་དོ།། དེ་དག་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོག་པ་ཡིས་འི་ནོང་དུ་འདུས་པའི་ཕྱིར། ་འདི་ལྟར་རྗེས་སུ་ཡི་རང་བ་ལ་སོགས་པས་སྦྱིན་པ་ལ་སོགས་པ་ཡོངས་སུ་རྫོགས་པར་བྱེད་པ་ནི་ཐབས་ཡིན་ནོ།། དེ་ལྟར་བསགས་པ་རྣམས་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ནི་སྨོན་ལམ་ཡིན་ནོ།། རང་གི་མི་ཐུན་པའི་ཕྱོགས ་ཀྱིས་ཟིལ་གྱིས་མི་ནོན་པ་ནི་སྟོབས་ཡིན་ནོ།། ཐམས་ཅད་དུ་རྣམ་པ་ལ་མཁས་པ་ནི་ཡོ་ཤེས་ཡིན་ནོ།། མཿར་གྱེས་པའི་མངོན་པར་རྟོགས་པ་མངར་བ་ཤོད་ཟིན་ཏོ།། ། རྒྱས་པར་ནི་ཐམས་ཅད་དུ་གཞུང་རྒྱས ་བའི་རྗེས་སུ་འབྲངས་ཏེ་ལྟ་བར་བྱའོ།། དེ་ལྟར་རིམ་གྱིས་ཕ་རོལ་ཏུ་ཕྱིན་པ་དག་ལ་གོམས་པ་ལས་ཅིག་ཅར་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་རང་གི་ངོ་བོ་རྟོགས་པའི་མཚན་ཉིད་སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པ ་སྟེ། དེ་ནི་སྦྱིན་པ་ལ་སོགས་པ་རྀ་རེས་ཀྱང་། ཟག་པ་མེད་པ་ཐམས་ཅད་ནི།། ཡང་དག་བསྡུས་ཕྱིར་ཐུབ་པ་ཡི།། སྐད་ཀྱི་གཅིག་མངོན་རྫོགས་བྱང་ཆུབ།། དེ་བསྟན་པའི་ཕྱིར། ཆོས་འདི་ཡོངས་རྫོགས་བྱས་ནས་ཞེས་བྱ་བ་ལ་སོགས་པོ་སྨོས་ཏེ།། ་ཆོས་འདི་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་ཐམས་ཅད་དོ།། ཡོངས་རྫོགས་བྱས་ནས་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པའི་ནང་ནས་ཕ་རོལ་ཏུ་ཕྱིན་པ་སྐད་ཅིག་མ་གང་ཡང་རུང་བ་གཅིག་གཅིག་གིས་མངོན་དུ་བྱས་སོ།། དེ་དག་ནི ་གཅིག་གི་ནང་དུ་གཅིག་འདུས་པས་རྣམ་པར་སྨིན་པའི་གནས་སྐབས་སུ་གཅིག་རྟོགསོན་རྣམ་པ་ཐམས་ཅད་མངོན་སུམ་དུ་བྱེད་པའི་ཕྱིར་ཏེ། དཔེར་ན་ཟོ་ཆུན་ཁྱུད་མོ་ལ།། མི་ཡི་ཟོ་བ་གཅིག་བསྐྱོད་པས།། ཐམས་ཅད་འགུལ་བར་བྱེད་པ ་ལྟརདུ། སྐད་ཅིག་ཡེ་ཤེས་དེ་དང་འདྲ།། གང་ཚོ་རྣམ་སྨིན་ཆོས་ཉིད་ཀྱི།། གནས་སྐབས་ཆོས་དཀར་ཀུན་གྱི་རྒྱུ།། ཤེས་རབ་ཕ་རོལ་ཕྱིན་སྐྱེས་པ།། དེ་ཚེ་སྐད་ཅིག་ཡེ་ཤེས་འབྱུང་ཞེས་གང་བཤད་པ་ཡིན་ནོ།། རྒྱས་པར་བསྟན་པ་ལས་ཀྱང་།། ་རབ་འབྱོར་དཔེར་ན་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ནི་ཡིད་ལ་བསམ་པ་ཁོ་ནས་ཡོ་བྱད་ཐམས་ཅད་འབྱུང་བར་འགྱུར་རོ།། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ཡིད་ལ་བསམ་པ་ཁོ་ནས་ཕ་རོལ་ཏུ ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ།། ཞེས་བྱ་བ་ལ་གསོགས་པ་གསུངས་སོ།། དེ་བཞིན་དུ་ས་བཅུ་པ་ལས་ཀྱང་རྩོལ་བ་མེད་ཅིང་མཚན་མ་མེད་པར་འབྱུང་བའི་གནས་སྐབས་ཀྱི་དབང ་དུ་མཛད་ནས། དེའི་སེམས་ཀྱི་སྐད་ཅིག་རེ་རེ་ལ་ཕ་རོལ་ཕྱིན་པ་བཅུ་པོ་དག་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བ་རྒྱུས་པར་གསུངས་སོ།། སྐད་ཅིག་མ་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་བྱ་བཤད་ཟིན ་དེ་ལྟར་རྣམ་པ་ཐམས་ཅད་དུ་རྟོག་པའི་རྒྱན་བཅོམ་པའི་ཕ་རོལ་ཏུ་ཕྱིན་པའི་སྐད་ཅིག་མ་གཅིག་ཁོ་ནས་སྒྲིབ་པའི་བག་ཆགས་ཐམས་ཅད་གསལ་ནས་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་མཚན ་ཉིད་ཀྱི་འབྲས་བུ་འབྱུང་བར་འགྱུར་བས་ཆོས་ཀྱི་སྐུ་སྟེ། དེ་ནི་ངོ་བོ་ཉིད་ལོངས་སྤྱོད་རྫོགས་བཅས་དང་།། དེ་བཞིན་གཞན་ནི་སྤྲུལ་སྐུ་དང་།། ཆོས་སྐུ་མཛད་པར་བཅས་པ་སྟེ།། རྣམ་པ་བཞིར་ནི་ཡང་དགྲ་བརྗོད།། ་དེའི་དབང་དུ་མཛད་ནས།། ཡོངས་དག་ཞིང་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་ལ་ཞིང་དང་སེམས་ཅན་རྣམ་པར་དག་པ་ནི་དོན་དང་སེམས་ཅན་དུ་སྣང་བའི་ཀུན་གཞི་རྣམ་པར་ཤེས་པ་འབྱུང་བའི་ངོ་བོས་མེ ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་ངོ་བོ་ཉིད་ཀྱི་སྐུ་ཡིན་ཏེ། རྟག་ཏུ་བཅོམ་ལྡན་འདས་རྣམས་ཀྱི་རྣམ་པར་མི་རྟོག་པའི་ངོ་བོ་ཉིད་གཅིག་པ་ཡིན་པའི་ཕྱིར་རོ།། སངས་རྒྱས་རྒྱུད་ནི་ཐུགས་བརྩེ་བ་ཆེན་པོས་རབ་ཏུ ་བྱེ་བ་ཉོན་མོངས་པ་ཅན་གྱི་ཡིད་གྱུར་པའི་བདག་ཉིད་མཉམ་པ་ཉིད་ཡེ་ཤེས་ཡིན་ཏེ།། དེ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱིས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་རོ།། ཆོས་ཀྱི་རྒྱུད་ནི་ཡིད་ཀྱི་རྣམ་པར་ཤེས ་རྣམ་པར་རྟོག་པར་བྱེད་པ་གྱུར་པའི་ངོ་བོ་གཟུང་ལ་དཔེ་མེད་པ་དང་མཚུངས་པར་ལྡན་པ་སོ་སོར་རྟོག་པའི་ཡེ་ཤེས་ཡིན་ཏེ། དེ་ནི་ལུང་དང་རྟོགས་པའི་བདག་ཉིད་ཀྱི་ཆོས་རབ་ཏུ་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་རོ།། ཡེ་ཤེས ་འདི་གཉིས་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཏེ། མཉམ་པ་ཉིད་དང་སོ་སོར་རྟོག་པ་དག་ནི་ཇི་ལྟར་རྟོག་པའི་ཆོས་ལ་ཉེ་བར་ལོངས་སྤྱོད་པའི་རྟེན་ཡིན་པའི་ཕྱིར། དགེ་འདུན་རྒྱུད་ནི་མིག་ལ་སོགས་པའི་རྣམ་པར ་ཤེས་པར་གྱུར་པའི་མ་ཚན་ཉིད་བརྩོ་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས་རབ་ཏུ་ཕྱེ་བ་བྱ་བ་སྒྲུབ་པའི་ཡེ་ཤེས་ཏེ། དེ་ནི་མཛད་པ་མཐའ་དག་ལ་འཇུག་པའི་རྒྱུའི་དྲངོས་པོས་དགེ་འདུན་ཐམས་ཅད་འགྲུབ ་བའི་རྒྱུ་ཡིན་པའི་ཕྱིར་རོ།། འདི་ཡང་སྤྲུལ་པ་སྣ་ཚོགས་ཀྱི་རྟེན་པའི་ཕྱིར་སྤྲུལ་པའི་སྐྱེ་ཡིན་ནོ།། ཆོས་ཀུན་ཡོངས་སུ་འཛིན་ཞེས་བྱ་བ་ནི་རང་གི་ངོ་བོ་ཐ་དད་པ་མེད་པ་ཉིད་དུ་མངོན་སུམ་དུ་བྱེད་པ་སྟེ། ་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ཀྱིས་སྟོབས་ཀྱིས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་བདག་ཉིད་ཀྱི་ཆོས་ཐམས་ཅད་ཐ་དད་པ་མེད་པའི་ངོ་བོ་རྟོགས་སོ།། ཆོས་ཀྱི་སྐུ་བཤད་ཟིན ་ཏོ།། དེ་ལྟར་ཡེ་ཤེས་མཐའ་དག་བརྙེས་པའི་བདག་ཉིད་ཀྱི་འབྲས་བུ་ཕུན་སུམ་ཚོགས་པའི་ཁྱད་པར་ཆོས་ཕྱིན་ཅི་མ་ལོག་པ་རབ་ཏུ་སྟོན་པ་གཙོ་བོར་སེམས་ཅན་གྱི་དོན་མཛད་པའི་མཚན ་ཉིད་ཀྱི་ཕྲིན་ལས་བསྟན་པའི་ཕྱིར། འགྲོ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྨན་པའི་མཆོག་ཏུ་གྱུར་པ་ནི་རྣམ་པ་ཐམས་ཅད་དུ་འགྲོ་བའི་ཉོན་མོངས་པའི་ནད་འཇོམས་པར་མཛད་པ་ཡིན་པའི་ཕྱིར་རོ།། བྱང ་ཆུབ་ནི་སྒྲིབ་པ་ཐམས་ཅད་དང་བྲལ་བ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཡིན་ནོ།། གང་ལ་ལམ་དེ་རྒྱུད་དེ་ཁོ་ན་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། བསྟན་པའི་ཆོས་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རྒྱུ ་འཐུན་པ་ཡིན་པའི་ཕྱིར་རོ།། འདི་ཞེས་བྱ་བ་ནི་ཤེས་རབ་བསྣུན་པ་འདིའོ།། དེ་ཉིད་ཀྱི་ཡོན་ཏན་བརྗོད་པའི་ཆེད་དུ་མི་བསྟན་པའི་ཕྱིར། མི་ནི་འདི་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ཡོན་ཏཱན་རིནྡྲ་ཆེན་སྣོད ་པ་ནི་ཡོན་ཏན་རིན་པོ་ཆེ་ཐམས་ཅད་འདྲེན་པར་བྱེད་པ་ཡིན་པའི་ཕྱིར་རོ།། འདི་ལྟར་བྱང་ཆུབ་ཀྱི་ལམྱི་དང་ལྡན་པ་སྟེ། རྒྱུ་བྱང་ཆུབོ་དང་ལྡན་པ་ནི་ཕ་རོལ་ཏུ་ཕྱིན་པའི་ཆོས་རྟོགས་པར་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་རོ།། ་ཅིའི་ཕྱིར་གསུངས་ཤེ་ན། ལམ་འདི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐུགསོ་བརྩེ་བ་ཆེན་པོའི་ངང་དུ་གྱུར་པ་ནི་འགྲོ་བ་ལ་གཏན་དུ་ཕན་པ་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་ལམ་འདི་སེམས་ཅན་ཀུན་གྱིས་ཐོབ ་བར་བྱ་བའི་དཱུརྱ་བཤད་དོ།། མངོན་པར་རྟོགས་པ་བརྒྱད་པོ་འདི་དག་གི་བསྟན་པའི་གོ་རིམ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་།། ཐམས་ཅད་ཤེས་པ་ཉིད་ནི ་མཚན་ཉིད་ཀྱི་སྒོ་ནས་བསྟན་ཏུ། སྤང་བར་བྱ་བ་དང་བླང་བར་བྱ་བའི་མཚན་ཉིད་ཀྱི་དབང་དུ་བྱས་ནས་དེ་དག་བསྟན་པའི་ཕྱིར་རོ།། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ནི། སྦྱོར་བའི་སྒོ་ནས་ཏེ། དེ་ཐོབ་པར་སྦྱོར ་པཔ་འབྲས་བུ་རང་གི་ངོ་བོས་ཉེ་བར་མཚོན་པོ་སྔོན་དུ་འགྲོ་བའི་དེ་ཐོབ་པར་སྦྱོར་བ་རྩོམ་པའི་ཕྱིར་རོ།། རྩེ་མོ་མངོན་པར་རྟོག་པ་ནི་ཁྱད་པར་གྱི་སྒོ་ནས་ཏེ། རབ་ཏུ་ཞུགས་པ་ལ་ཁྱད་པར་དུ་འགྲོ་བ་སྲིད་པའི་ཕྱིར་རོ།། ་མཐར་གྱིས་པའི་མངོན་པར་རྟོགས་ནི་མངོན་པར་རྟག་པའི་རིམ་པཥྤེ་སྒོ་ནས་ཏཱཾ། སྦྱོར་བ་ཁྱང་དུ་མྱུར་ན་རིམ་གྱིས་ས་དང་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྟོགས་པ་འབྱུང་བའི་ཕྱིར་རོ།། སྐད་ཅིག་མ་གཅིག་གིས་མངོན་པར ་རྫོགས་པར་བྱང་ཆུབ་པ་ནི་མཐར་ཐུགས་པར་འགྲོ་བྱའི་སྒྲོ་ནས་སོ།། རིམ་གྱིས་ཆོས་རྟོགས་པའི་ཤེས་རབ་མཚན་མ་མེ་དེ་ཅི་རྣམ་པར་མི་རྟོག་པར་འབྱུང་བ་ན། སྤྱད་ཅིག་མ་ཅིག་ནས་རྒྱོསྨྲས་བྱུར་བྱ་བ ་ཐམས་ཅད་མངོན་སུམ་དུ་བྱེད་པའི་ཕྱིར་རོ།། ཆོས་ཀྱི་སྐུ་ནི་རྣམ་པར་སྨིན་པའི་སྒོ་ནས་ཏེ། དེ་ལྟར་ཞུགས་པའི་འབྲས་བུ་ནི་སྤྲོས་པ་མེད་པའི་ཡེ་ཤེས་དང་ཆོས་ཉིད་རྣམ་པར་དག་པ་ཡིན་པའི་ཕྱིར་རོ།། ཡང ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་གསུམ་ནི་ཡུལ་གྱི་སྒོ་ནས་བསྟན་ཏོ།། དེའི་འོག་མ་བཞི་ནི་རྒྱུའི་སྒོ་ནས་སོ།། ཆོས་ཀྱི་སྐུ་མཛད་པ་དང་བཅས་པ་ནི་འབྲས་བུའི་སྒོ་ནས ་བསྟན་པར་རིག་པར་བྱའོ།། འབྲས་བུ་ལ་ལྟ་གཞན་གྱིས་ཀྱང་།། བཅོལ་ན་ཅིའི་ཕྱིར་འབད་མི་བྱ།། གུ་ཎ་མི་ཏྲ་ཁོ་ནའི་ངོར།། དཀའ་འགྲེལ་འདི་ནི་འདིར་བྱས་སོ།། དེ་ལྟས་འདི་ནི་བདག་གིས་ཟུར་འདིས་བདག་ཉིད་བླུན་པར ་བསྟན་ངེས་ཀྱིས།། མཁས་པ་ཐུགས་རྗེ་རྫོགས་པ་བདག་གིས་དེ་འདིར་གོ་རིམ་ཅུང་ཟད་མཛོད་།། འགྲོ་བའི་དེ་ཉིད་བརྟགས་དཀའི་གཞུང་ལ་བསྟན་པ་རྟོགས་དཀའི་ཁྱིམ་གཅིག་པོ།། ཤེས་རབ་ཕ་རོལ་ཕྱིན་ཚུལ་འདི་ལ་བདག ་འདྲ་བླུན་པོས་ཅི་བྱར་ཡོད།། དྲི་མེད་དགེ་བའི་ཟེར་གྱིས་མུན་པ་ཀུན་གསལ་བའི།། ཡེ་ཤེས་རིན་པོ་ཆེའི་ཚིག་ཤས་འགྲེལ་བྱས་ནས།། དགེ་བ་འདིར་ཐོབ་གང་དེས་རེ་ཞིག་འཇིག་རྟེན་གྱི།། ཡིད་ལ་ཅི ་ནས་སངས་རྒྱས་ཡེ་ཤ་ཤེས་ཚུལ་འཇུག་ཤོག། སྡུད་པ་ཚིགས་སུ་བཅད་པའི་དཀའ་འགྲེལ་སློབ་དཔོན་བུད་དྷ་ཤྲི་ཀ་ཛྙཱ་ནས་མཛད་པ་རྫོགས་སོ།། ་རྒྱ་གར་གྱི་མཁན་པོ་བིདྡྷ་ཀ་ར་སིདྷ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡ་དཔལ་བརྩེགས་ཀྱིས་བསྒྱུར་ནས་ཞུས་ཏེ་གཏན་ལ་ཕབ་པའོ།། ། ་