CLOSE WINDOW

GT320: kau mu di zhes bya ba'i dka' 'grel
Wyliee-texts produced with BDRC’s OCR application

རྒྱུག་དུ།། །། ་སྐད་དུ། ཀོ་མུ་དི་ཞེས་བྱ་བའི་དཀའ་འགྲེལ་ཀྱེའི་རྡོ་རྗེ ་འཕྱག་།། ཀླུང་བ་གས་ད་རྒྱུང་ཕྱག་བརྒྱད་འཛག་ཅིང་ལྷག་མ་གཡོན་པའི་ཕྱག་བརྒྱ ་དབང་ཕྱུག་བརྒྱད་ཀྱི་ཕུན་ཚོགས་ནར་འཛིན་དང་པོ་རིམ་པར་འཛིན་པ་འདབང་ཕྱུག་ནི།། སྨན་མེད་ནམ་མཁའི་མཐིལ་དུ་འརྒྱང ་བའི་ཟླ་བྱེང་ཟིལ་གནོན་ཐང་པོ་འཕྲེང་བ་ཅན།། ཕྱག་གཡལ་ག་སྤྱི་བོ་མེ་ཏོག་བརྒྱན་མཛད་ཧེ་རུ་ཀ་དཔལ་ཁྱོད་ལ་སྐྱོངས།། བྱ ་ཆུབ་སེམས་དཔའ་རྡོ་རྗེ་སྙིང་སོགས་མཆོ་གི་སྤྱོད་ཡུལ་ཀྱེའི་རྡོ་རྗེ།། འདི་ནི་བླ་མའི་མུཐ་སྟོབས་ཀྱིས།། བདགིས་ཀྱང་ནི་བཤད་པར་བ།། ངན་པར་བསྟན་པའི་དྲི་མ་གོས་པས་མིགས་ལྷག་མ་ནི།། གང ་མུན་པས་བསྒྲིབས་པ་ཆུ་སྐྱེས་ཚ་ལ་ནི་ཁད་མེདོ་པ།། བསྒྲིབ་པ་ལས་དེ་ཀོ་མུ་དི་མཚུངས་ཀོ་མུ་དི་འདིས་ནི།། ཀྱེ་ཡི་རྡོ་རྗེ་རྡོ་རྗེའི་ཚིགཽ་ལ་ནི་བཏུ་བཱ་བྱ།། འདི་སྐད་ཅེས་བྱ་བའི་ཚི་གི་ཕྲད་འདིས་ནི་འདི་སྐད་བ.རིག། ་ཞེས་བྱ་བ་ལ་སོགས་པ་ནས།། དེ་སྐད་ཅེས་གསུངས་ནས་ཞེས་བྱ་བའི་མཐར་ཐུག་པའི་རྒྱུད་ལ་སྙིག་སོ།། བད་གིས་ཞེས་བྱ་བའི་སྡུད་པར་བྱེད་པ་རྡོ་རྗེ་སྙིང་པོསོ།། ཐོས་པ་ཞེས་བྱ་བ་ནི་གོམས་པའོ།། གང་ཝ ་ཤྲེ་ན་བཅོམ་ལྡན་འདས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ལསོ།། བཞུགསོ་ཞེས་བྱ་བ་ནི་གནས་པ་ལསོ།། ཐོས་པའི་འབྲེལ་བས་རྣམ་པར་དབྱེ་བ་ཡོངས་བསྒྱུར་བའི་ཕྱིར་ལྔ་པའི་དོན་ལ་དང་པོའོ།། ཡང ་ན་སྟོན་པ་པོ་རྡོ་རྗེ་འཛིན་པས་ཐོས་པ་ནི་ཐོས་པའོ།། འདིར་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་གཅིག་ལ་ཡང་། ཐམས་ཅད་ཀྱི་རང་བཞིན་གྱིས་དུ་མའི་གཟུགས་ཀྱི་ཕྱིར་འདི་ནི་བསྟན་པར་བྱ་བ་དང་། སྟོན་པ་པོ་དང་། བསྟན་པ་འགལ ་བ་མེད་པའི་ཕྱིར། དེ་ལྟར་ཡང་འདི་འགལ་བ་མེད་དོ།། དུ་མར་ཡང་བཅོམ་ལྡན་འདས་ཉིད་ཀྱིས་འདིར་རྟོགས་པར་བྱ་བར་འཆད་པ་པོ་ང་ཆོས་ཀྱང་ང། རང་གི་ཚོགས་ལྡན་ཉན་པ་ང།། ཞེས་བྱ་བ་ལ་སོགས་པའོ།། ཡང་ན་འདི་སྐད་བདག་གིས་ཐོས་པ་ཞེས ་བྱ་བ་ནི། ཨེ་བཾ་མཱ་ཡ་ཡི་གེ་འབྲུ་བཞིར་རབ་ཏུ་གྲུབ་པར་ཇི་ལྟར་གྱུར་པ་དེ་ལྟར། བཅོམ་ལྡན་འདས་བཞུགས་སོ་ཞེས་བྱ་བར་འབྲེལ་ཏོ།། དོན་ནི་འདི་ལྟ་སྟེ། ཨེ་བཾ་མཱ་ཡའི་རང་གི་ངོ་བོ་དེ་ལ་བཅོམ་ལྡན་འདས་གནས་པའོ་ཞེས་བྱའོ།། ཨེ་བཾ་མཱ་ཡའི ་ཡི་གེ་འབྲུ་རྣམས་ཀྱི་ངོ་བོ་གང་ཞེ་ན། གང་ཞིག་བཅོམ་ལྡན་འདས་ཀྱི་ངོ་བོ་ཞེས་བྱ་བ་དེའི་ངོ་བོ་འདི་བརྗོད་པར་བྱ་སྟེ། ཨེ་ནི་ས་རུ་ཤེས་པར་བྱ།། ལས་ཀྱི་ཕྱག་རྒྱའང་སྤྱན་མ་ཉིད།། བྱམས་པ་ཆེན་པོ་ཐབས་ཆེན་མ།། སྣ་ཚོགས་གཟུགས་མ་སྣ་ཚོགས ་བསྐྱེད།། ཆུ་སྐྱེས་འདབ་མ་དྲུག་ཅུ་བཞིར།། སྤྲུལ་པའི་འཁོར་ལོ་ཉིད་དུ་གནས།། བཻ་ནི་ཆུ་རུ་ཤེས་པར་བྱ།། ཆོས་ཀྱི་ཕྱག་རྒྱ་མཱ་མ་ཀཱི། སྙིང་རྗེ་དང་ནི་སྨོན་ལ་མོ་ཚུལ།། ལྷ་མི་རྡོ་རྗེ་རིགས་རྗེས་འགྲོ།། སྙིང་གར་ཆུ་སྐྱེས་འདབ་བརྒྱད་དུ།། ཆོས་ཀྱི་འཁོར་ལོར ་ཡང་དག་གནས།། མཱ་ནི་མེ་རུ་བརྗོད་པ་ཉིད།། ཕྱག་རྒྱ་ཆེན་པོ་གོས་དཀར་མོ།། དགའ་དང་སྟོབས་ཀྱི་སྦྱོར་བ་ཡིས།། ལྷ་མོ་པདྨའི་རིགས་བྱུང་མ།། མདྲིན་པར་ཆུ་སྐྱེས་འདབ་བརྒྱད་གཉིས།། ལོངས་སྤྱོད་རྫོགས་པའི་འཁོར་ལོར་གནས།། ཡ་ནི་རླུང་དུ་བཤད་པ། ་ཉིད།། ཉོན་མོངས་ཐམས་ཅད་རབ་འཇོམས་པ།། དམ་ཚིག་ཆེན་པོའི་ཕྱག་རྒྱ་དེ།། ལྷ་མོ་ལས་ཀྱི་རིགས་རྗེས་འགྲོ། བཏང་སྙོམས་ཡེ་ཤེས་རྣལ་འབྱོར་གྱིས།། སྒྲོལ་མ་འཁོར་བ་སྒྲོལ་བ་མོ།། འདམ་སྐྱེས་འདབ་མ་སུམ་ཅུ་གཉིས།། བདེ་ཆེན ་འཁོར་ལོ་ཆེན་པོ་ལ།། ཞེས་ཕྱག་རྒྱ་བཞིས་རྒྱས་བཏབ་པའོ།། བཞུགས་སོ་ཞེས་བྱ་བ་ནི་གནས་པའོ།། འདི་ཉིད་དུ་གསུངས་པ། སྲ་བའི་ཆོས་ཀྱིས་ས་ཉིད་དེ།། དཀྲི་བས་རླུང་དུ་རབ་ཏུ་གྲགས།། གཤེར་བའི་ཕྱིར་ན་ཆུ་ཡི་ཁམས།། བསྐྱོད་པ་ལས་ནི ་དེ་སྐྱེ་སྟེ།། ཞེས་བྱ་བ་ལ་སོགས་པའོ།། ཡང་ན་ཨེ་བ~ཾ་འདི་དག་ནི་ཐབས་དང་ཤེས་རབ་དག་གོ། ཡང་གསུངས་པ། ཨེས་ནི་ཤེས་རབ་བརྗོད་པ་སྟེ།། བཾ་ནི་ཐབས་སུ་གྱུར་པ་ཉིད།། བུད་མེད་ལ་ནི་ཨེས་མཛེས་པ།། དེ་ནི་བཾ་གིས་རྣམ་པར་བརྒྱན།། འོག་དང ་སྟེང་དུ་སྙོམས་འཇུག་པས།། ཐབས་དང་ཤེས་རབ་རབ་བསྐྱེད་པ།། ཨེ་ཉིད་དང་ནི་བཾ་ཉིད་དེ།། གཉིས་གཉིས་སུ་ནི་བརྗོད་པ་ཉིད།། བདག་གིས་ཐོས་པ་འདོད་ཆགས་ཆེ།། མཚན་འགྱུར་འདི་ལ་ཡང་དག་གནས།། ཤེའོ།། ཡང་གང་གི་ཚེ་འདི་ཐོས་ཤིང་བཞུགས ་ཤེ་ན། དུས་ངེས་པར་བྱ་བའི་ཕྱིར་གཅིག་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དུས་གཅིག་ན་ཞེས་བྱ་བ་ནི་གཉིས་མ་ཡིན་པ་དང་། མང་པོ་རྣམས་མ་ཡིན་པའོ།། གཅིག་ཅེས་བྱ་བ་ནི་ལྷན་ཅིག་མ་ཡིན་པའོ།། དུས་ཞེས་བྱ་བ་ནི་དུས་ཚོད་དོ།། དེ་ཡང་རྣམ་པ་གསུམ་སྟེ། ་བདེ་བའི་དུས་ཉིད་དང་། སྡུག་བསྔལ་གྱི་དུས་ཉིད་དང་། བསམ་གྱིས་མི་ཁྱབ་པའི་ཡང་དུས་ཉིད་དོ།། འདོད་ཆགས་དང་། འདོད་ཆགས་དང་བྲལ་བ་ནི་བདེ་བའི་དུས་དང་། སྡུག་བསྔལ་གྱི་དུས་སོ།། དེ་དག་གིས་སྤངས་པའི་དུས་ནི་བསམ་གྱིས་མི་ཁྱབ་པའི་དུས་དེ། དེར ་དུས་གཅིག་ན་བསམ་པ་དང་བྲལ་བ་ན། དེ་ལྟར་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་བདག་གིས་ཐོས་ཀྱི། ཡང་སོ་སོའི་སྐྱེ་བོ་ཉིད་ཀྱི་དུས་ཀྱི་དབྱེ་བ་དང་། བསམ་པ་དང་། ཐེ་ཚོམ་མང་བས་ནི་མ་ཡིན་ནོ།། ཡང་གསུངས་པ། དུས ་ནི་བསམ་གྱིས་མི་ཁྱབ་དུས།། གཅིག་ནི་ལྷན་ཅིག་མེད་པ་ཡིན། ཞེས་བྱ་བ་ལ་སོགས་པའོ།། བཅོམ་ལྡན་འདས་ཞེས་བྱ་བ་ནི་སྟོན་པ་དཔལ་རྡོ་རྗེ་འཛིན་པ་སྟེ། བྷ་གའི་སྦྱོར་བའི་ཕྱིར། བཅོམ་ལྡན་འདས་ཞེས་བརྗོད་པར་འགྱུརརོ།། བྷ་ག་ནི་རྣམ་པ་གཉིས་ཏེ། དབང ་ཕྱུག་ལ་སོགས་པ་ཡོན་ཏན་དྲུག་གི་བྷ་ག་དང་། འདོད་ཆགས་ལ་སོགས་པ་དགྲའི་དཔུང་འཇོམས་པའི་བྷ་ག་སྟེ། འདི་གཉིས་འདི་ལ་མངའ་བའི་ཕྱིར།། དེ་སྐད་ཅེས་བརྗོད་དོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཞེས་བྱ་བ་ནི། དེ་རྣམས་ཉིད ་ཀྱི་མཆོག་ཉིད་ཀྱི་ཕྱིར་སྙིང་པོ་རྣམས་ཏེ། སྙིང་པོ་ནི་མཆོག་ཅེས་བྱ་བའི་ཐ་ཚིག་གོ།། རྡོ་རྗེ་ནི་མི་ཕྱེད་པའི་ཕྱིར་རོ།། བཙུན་མོ་ནི་གདུལ་བའི་སྐྱེ་བོའི་ངོར་བྱས་པའི་ཕྱིར་རོ།། ཡང་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེ་ལ་སོགས་པ་དེ་རྣམས་ཀྱི་སྙིང་པོའི་མཆོག་སྟེ། ་རྒྱུར་གྱུར་པ་རྒྱལ་བ་དྲུག་པ་རྡོ་རྗེ་འཛིན་པའོ།། རྡོ་རྗེ་འཛིན་ནི་སྐུ་རྡོ་རྗེ་ལ་སོགས་པ་སྟེ། དེ་རྣམས་ཀྱི་ནི་རྡོ་རྗེ་འཛིན་པ་དྲུག་པོ་རྣམས་ཀྱི་སྟེ། རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ལྔ་པོ་རྣམས་ཀྱི་བཙུན་མོ་རྣམས་སོ།། དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ།། རྡོ་རྗེའི་བཙུན་མོ་རྣམས་ནི་སྤྱན་ལ་སོགས་པ་བཞི་པོ་རྣམས་དང་། ཕྱག་རྒྱ་ལྔ་པ་བདག་མེད་པ་སྟེ། དེ་རྣམས་ཀྱི་བྷ་ག་ནི་ཁྱིམ་རྣམས་སོ།། ཡང་གསུངས་པ། གང་ལ་གཙོ་བོ་སྤྱོང་གྱུར་པའི།། ཁྱིམ་ནི་བྷ་ག་ཞེས་སུ ་གསུངས།། ཇི་སྲིད་ལུས་ནི་རྣམ་གནས་པ།། དེ་ཡི་ལས་དང་ལས་མིན་འགྱུར་ཞེས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་རྡོ་རྗེའི་བཙུན་མོ་བྷ་ག་དེ་རྣམས་ལ་བཞུགས་པའི་རྣམ་པར་སྤྱད་པའོ།། དེ་ལྟར་གནས་སུ་བཞུགས་པ་ན། རྡོ་རྗེ ་སྙིང་པོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་བ་བྱས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཡེ་ཤེས་ཀྱི་དབང་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང ་དང་ཐུགས་ཀྱི་སྙིང་པོ་རྗེ་བཙུན་གསང་བའི་ཡང་ཤིན་ཏུ་ཆེས་གསང་བའི་གླེང་གཞིའི་ཚིག་གསུངས་པ་ཉན་པར་འཚལ་ན་སྐུ་ནི་གང་གསུང་ནི་གང་ཐུགས་ནི་ཅི་ལགས། དེ་ཉིད་གསང་བ་གསུམ་པོ་འདི་རྣམས་ཀྱི་ཡང་སྙིང་པོ་ཤིན་ཏུ་ཆེས་གསང་བ་དེ་གང་ལགས།། ་དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཤད་པར་རིགས་ལགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨེ་མའོ་རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་སོགས་པ་ལ། ཨེ་མ་ཞེས་བྱ་བའི་ཚིག་གི་ཕྲད་ནི་ངོ་མཚར་བ་ལ་བྱའོ།། རྡོ་རྗེ་སྙིང་པོ་རྣལ་འབྱོར ་གྱི་དབང་ཕྱུག་བྱེ་བ་ཕྲག་བརྒྱད་ཅུའི་འཁོར་རྣམས་ཀྱི་དེ་ཁོ་ན་འདི་སྤྱོད་ཡུལ་མ་ཡིན་པ་ཞུ་བ་ལེགས་སོ་ལེགས་སོ་ཞེས་བྱ་བ་འདི་ནི་མཛེས་པའོ།། འདོད་པ་དེ་བཤད་པར་བྱ་ཡིས་ཉོན་ཅིག། རྡོ་རྗེ་སེམས་དཔའ་ནི་སྐུ་སྟེ། ཧེ་རུ་ཀ་ཕྱག་གཉིས་པའོ།། སེམས ་དཔའ་ཆེན་པོ་ནི་གསུང་སྟེ་ཕྱག་བཞི་པའོ།། དམ་ཚིག་སེམས་དཔའ་ནི་ཐུགས་ཏེ་ཕྱག་དྲུག་པའོ།། རྡོ་རྗེ་སེམས་དཔའ་དང་། སེམས་དཔའ་ཆེན་པོ་དང་། དམ་ཚིག་སེམས་དཔའ་དང་། དེའི་སྙིང་པོ་ཀྱེའི་རྡོ་རྗེ་ཞེས་བྱ་བ་འབྲས་བུ་རྡོ་རྗེ་འཛིན་པ་ཉོན་ཅིག། སྐུ ་དང་གསུང་དང་ཐུགས་ནི་རབ་ཏུ་གྲུབ་བོ།། དེ་རྣམས་ཀྱི་མཚན་གཞན་གྱི་ཡོན་ཏན་གྱི་ཁྱད་པར་ཤེས་པར་འདོད་པས་ཞུས་པ། གང་ཕྱིར་རྡོ་རྗེ་སེམས་དཔའ་ལགས་ཞེས་བྱ་བ་ལ་སོགས་པའོ།། དེ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྡོ་རྗེ ་མི་ཕྱེད་ཅེས་བྱ་བ་ལ་སོགས་པ་ནི་རང་བཞིན་དང་བྲལ་བའི་ཕྱིར་གཟུགས་བརྙན་ལ་སོགས་པ་ལྟ་བུར་མི་བྱེད་པ་ནི་རྡོ་རྗེའོ།། གཉིས་སུ་མེད་པའི་ངོ་བོས་དངོས་པོ་ཐམས་ཅད་སྙོམས་པའི་ཕྱིར། སེམས་དཔའ་ནི་གཅིག་པ་ཉིད་དོ།། ཞེས་ཚིག་རྐང་གཉིས་ཀྱིས་སྐུ་རྡོ་རྗེ་ནི ་རྡོ་རྗེ་སེམས་དཔའ་ཞེས་གསུངས་སོ།། ཡེ་ཤེས་རྣམས་ཀྱང་ཡིན་ལ། ཆེན་པོ་རྣམས་ཀྱང་ཡིན་པ་དེ་རྣམས་ནི་ཡེ་ཤེས་ཆེན་པོ་རྣམས་ཏེ། མེ་ལོང་ལྟ་བུ་ལ་སོགས་པ་རྣམས་སོ།། དེའི་རང་བཞིན་གྱི་ཕྱིར་ཡེ་ཤེས་ཆེན་པོའི་སྒྲས་ནི་སངས་རྒྱས་ལྔ་གསུངས་སོ།། ཆོ ་ནི་ཁ་བ་དང་། སྦྱར་བ་དང་། ཚ་བ་དང་། བསྐ་བ་དང་། ལན་ཚྭ་དང་། མངར་བ་རྣམས་སོ།། ཡེ་ཤེས་ཆེན་པོ་རྣམས་ཀྱང་ཡིན་ལ། རོ་རྣམས་ཀྱང་ཡིན་པ་དེ་རྣམས་ནི་ཡེ་ཤེས་ཆེན་པོའི་རོ་རྣམས་སོ།། དེའི་གནས་ཀྱི་ཕྱིར་དེ་རྣམས་ཀྱིས་གང་བ་ནི་གསུང་གི་རྡོ་རྗེ་སྟེ། སེམས ་དཔའ་ཆེན་པོ་ཞེས་གསུངས་སོ།། རོའི་རང་བཞིན་དེ་ཉིད་དང་། སངས་རྒྱས་རྣམས་ཀྱི་ཚིགས་སུ་བཅད་པ་འདི་ལ་དཔྱད་པར་བྱ་སྟེ། ཁ་བ་ཚ་བ་རྡོ་རྗེར་དབུལ།། མངར་བ་རྡོ་རྗེ་རྟག་པ་ལ།། སྦྱར་བ་རྡོ་རྗེ་ཉི་མ་ལ།། དེ་བཞིན་ལན་ཚྭ་འཇིག་རྟེན་རྗེར།། རྟ་ཡི་རྒྱལ་པོ་ཐམས ་ཅད་དམ།། བསྐ་བ་རབ་ཏུ་བརྟག་པར་བྱ་ཞེས་སོ།། དམ་ཚིག་ནི་བསྐྱང་བར་བྱ་བ་ཉིད་དེ། དེ་ཡང་རྣམ་པ་གཉིས་ཏེ། བསྲུང་བར་བྱ་བ་དང་། བཟའ་བར་བྱ་བའོ།། དེ་ལ་བསྲུང་བར་བྱ་བ་ནི་བཞི་ཉིད་དེ། འདི་ལྟ་སྟེ། རང་རང་གི་ཡུལ་ལ་རྣམ་པར་ཤེས་པ་ལྔའི ་ལུས་བསྲུང་བ་ཞེས་བྱ་བའི་དམ་ཚིག་རྣམས་དང་། ཕུང་པོ་ལྔ་དུལ་བ་ཞེས་བྱ་བའི་དམ་ཚིག་རྣམས་དང་། ཁམས་བཞི་འདུས་པ་ཞེས་བྱ་བའི་དམ་ཚིག་དང་། རང་དང་གཞན་གྱི་དོན་གྱི་རྒྱུར་གྱུར་པ་ཞེས་བྱ་བའི་བྱང་ཆུབ་ཀྱི་སེམས་འདྲིས་པར་བྱེད་པ་དང་། གོམས་པ ་ཞེས་བྱ་བའི་དམ་ཚིག་སྟེ། འདི་ནི་བསྲུང་བར་བྱ་བའི་དམ་ཚིག་གོ།། འདྲིས་པར་བྱ་བའི་དམ་ཚིག་ཀྱང་བཅུད་ཀྱིས་ལེན་པ་ལྔ་པོ་རྣམས་ཏེ། དེ་རྣམས་ཐམས་ཅད་ལ་སྤྱད་པ་ནི། དམ་ཚིག་ལ་སྤྱད་པ་སྟེ། དེའི་དངོས་པོ་ནི་དམ་ཚིག་ལ་སྤྱད་པ་ཉིད་དེ། དེའི་ཕྱིར་དམ ་ཚིག་ལ་སྤྱད་པ་ཉིད་ཀྱི་རྒྱུའི་ཕྱིར་ཐུགས་ཀྱི་རྡོ་རྗེ་ནི་དམ་ཚིག་སེམས་དཔའ་ཞེས་བཤད་དོ།། རྡོ་རྗེ་སེམས་དཔའི་སྐུ་ལ་སོགས་པ་ལྟ་བུར་རབ་ཏུ་གྲུབ་པ་དེའི་ཕྱིར། ཇི་ལྟར་འདིར་ཀྱེའི་རྡོ་རྗེ་ཞེས་བྱ་བའི་མཚན་གྱི་རྒྱུ་རྟོགས་པར་བྱ་བའི་ཕྱིར། ཧ་ཡི་རྣམ་པས་ཅི་ཞིག་བཤད། ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ།། དེ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཧེས་ནི་སྙིང་རྗེ་ཆེན་པོ་ཉིད་ཅེས་བྱ་བ་ལ་སོགས་པ་ནི་སེམས་ཅན་ཐམས་ཅད་ལ་སྙོམས་པའི་ཕྱིར་རོ།། ཉི་ཚེ་བ་ལས་ཆེ་བའི་ཕྱིར། སྙིང་རྗེ་ཆེན་པོ་ནི་སེམས་ཅན་ཐམས་ཅད ་ཡོངསུ་སྐྱོང་པའོ།། འང་ཞེས་བྱ་བ་ནི་ཡང་གི་དོན་ཏོ།། ཧེས་ནི་རེ་ཞིག་སྙིང་རྗེ་གསུངས་ན། བཛྲ་ཡིས་ཀྱང་ཅི་གསུངས་ཤེ་ན། བཛྲ་ཤེས་རབ་བརྗོད་པར་བྱ། ཞེས་གསུངས་ཏེ། ངེས་པ་རྙེད་པའི་ཕྱིར་ཐེ་ཚོམ་བཟློག་པ་ནི་ཤེས་རབ་སྟེ། རྡོ་རྗེས་བརྗོད་པར་འགྱུར་རོ།། ་ཅི་འདི་དག་ཡང་སྙིང་རྗེ་དང་། ཤེས་རབ་དག་གིས་སྐུ་གསུམ་དམིགས་པར་འགྱུར་ཞིང་། དེ་དམིགས་པའི་ཕྱིར་ཇི་ལྟར་དེའི་སྙིང་པོར་འགྱུར་བའི་རིགས་དེའི་ཕྱིར་བདག་ཉིད་ཅན་གྱི་ཀྱེའི་རྡོ་རྗེ་ཡང་འགྲུབ་པར་མི་འགྱུརརོ།། འདིའི་ཕྱིར་སྙིང་པོ་ཀྱེའི་རྡོ་རྗེ་ཞེས་བྱ་བ་ཡང ་འཐང་པ་མ་ཡན་ཏེ། སྐུ་གསུམ་ལས་སྟེང་དུ་སངས་རྒྱས་ཀྱང་ཡོད་པ་མ་ཡིན་ཞིང་། ཟན་ཀྱང་སྐུ་གསུམ་འདུས་པ་ཉིང་སངས་རྒྱས་སུ་འདོད་།། ང་བཞིན་དུ་ཡང་དཔལ་གསང་བ་འདུས་པ་ལས། སྐུ་གསུང་ཐུགས་ནི་རྣམ་པ ་གསུམ།། གསང་བ་ཞེས་ནི་མངོན་པར་བརྗོད།། སངས་རྒྱས་ཐམས་ཅད་ཅེས་བྱ་བ།། ཚོགས་པ་འདུས་པར་གསུངས་པ་ཉིད། འོ།། དེ་ལྟར་ནི་མ་ཡིན་ཏེ། སྐུ་གསུམ་པའི་ཕྱིར། དེར་ཐབས་ཀྱི་ཡན་ལག་འདི་འབའ་ཞིག་གསུངས་ཀྱི། ཡང་ཤེས་རབ་ཀྱི ་ཡན་ལག་ནི་མ་ཡིན་ནོ།། འདིར་ཡང་ཐབས་དང་ལྡན་ཞིང་དམིགས་པ་མེད་པའི་ཕྱིར་སྐུ་གསུམ་ལས་འདས་པ་ཤེས་རབ་ཀྱི་ཡན་ལག་གི་སྙིང་པོ་གསུངས་སོ།། དེ་བས་ན་དེའི་ཡན་ལག་གཉིས་བསྟན་པ་ཀྱེའི་རྡོ་རྗེ་ཉོན་ཅིག་ཅེས་བྱ་བ་ནི་མཛེས་པའོ།། དེ་བཞིན་དུ་ཡང ་བཤད་པའི་རྒྱུད་དུ་སྙིང་རྗེ་དང་ཤེས་རབ་དག་གི་དམིགས་པ་མེད་པ་ཉིད་ཡང་གསུངས་པ། སྤྲོས་པ་མེད་པའི་རང་བཞིན་ཉིད།། ཤེས་རབ་ཅེས་ནི་ཡོངསུ་གྲགས།། ཡིད་བཞིན་ནོར་ལྟར་མ་ལུས་པའི།། སེམས་ཅན་དོན་མཛད་སྙིང་རྗེ་ཉིད།། དམིགས་མེད་གནས་སུ ་ཤེས་རབ་དང་།། དམིགས་མེད་སྙིང་རྗེ་ཆེན་པོ་ནི།། བློ་དང་ལྷན་ཅིག་གཅིག་གྱུར་པ།། ན་མཁར་ན་མཁའ་ཇི་ལྟ་བ།། ཞེའོ།། དེ་ཉིད་ཐབས་ནི། རྒྱུད་དང་ཐུན་མོང་མ་ཡིན་པར།། ཐབས་དང་ཤེས་རབ་བདག་ཉིད་རྒྱུད།། དེ་ནི་ང་ཡིས་བཤད་ཀྱིས་ཉོན། ཞེས་གསུངས ་ཏེ། རྒྱུད་ཅེས་བྱ་བ་ནི་བརྗོད་པར་བྱེད་པའོ།། ད་ནི་ཞེས་བྱ་བ་ནི་ཀྱེའི་རྡོ་རྗེ་ཞེས་བྱ་བའི་སྙིང་པོ་ཞེས་བྱ་བ་སྟེ་བརྗོད་པ་བྱ་བའོ།། ང་ཡིས་བཤད་ཀྱིས་ཞེས་བྱ་བ་ནི་བྱེད་པའི་དྲུག་པ་སྟེ། བདག་གིས་བཤད་དོ་ཞེས་བྱ་བའི་དོན་ཏོ།། རྒྱུད་ནི་བརྗོད་པར་བྱ་བ་ལ་སྒྲའི་ཚོགས ་ཞེས་བྱ་བ་འདིས་སྟེན་པར་བྱེད་པ་དང་རྟོགས་པར་བྱེད་པའོ།། དེ་ཡང་རྗོད་པར་བྱེད་པ་དང་བརྗོད་པར་བྱ་བའི་དོན་ཏོ།། ཡང་འབྲེལ་པ་ནི་འདི་དག་གཉིས་ཀྱི་ཉམས་སུ་མྱོང་བ་ལྷན་ཅིག་འབྱུང་བའོ།། རྒྱུད་འདིར་སྐྱེ་བོ་གུས་པ་ནི་རེ་ཞིག་དགོས་པའོ།། སངས་རྒྱས་ཉིད་དང་དངོས ་བརྒྱད་པོ་རྣམས་ནི་དགས་པའི་ཡང་དགོས་པའོ།། དེ་ལ་ཧེ་རུ་ཀ་ནི་བསྐྱེད་པའི་རྒྱུ།། དང་པོ་རེ་ཞིག་གཅིག་ཡིན་ནོ། ཞེས་བྱ་བ་ལ་སོགས་པས། རེ་ཞིག་དམིགས་པ་དང་བཅས་པའི་ཐབས་གསུངས་ཏེ། ཧེ་རུ་ཀ་བསྐྱེད་པའི་རྒྱུ་ནི་ཧེ་རུ་ཀ་འབྱུང་བ་ཕུན་སུམ་ཚོགས ་པའི་རྒྱུ་རྩའི་འཁོར་ལོ་སྟེ། དེ་དེ་ལྟར་འགྱུར་རོ།། ཕྱིས་ནི་འབྲས་བུ་ཀྱེའི་རྡོ་རྗེ་ཞེས་བྱ་བ་འབྱུང་བར་འགྱུརརོ།། གྲོལ་བར་འདོད་པའི་སྲིད་པ་ལ་ཞེ་སྡང་བ་རྣམས་ཀྱི་ཧེ་རུ་ཀ་བསྐྱེད་པའི་རྒྱུ་དང་། ཧེ་རུ་ཀས་ཀྱང་ཅི་ཞིག་བྱ་ཞེས་དོགས་པ་ལ། དངོས་པོ་ཉིད་ཀྱིས་རྣམ་གྲོལ་ཞིང་། ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྱུང་བའི་ཕྱིར་དངོས་པོ་སྟེ། ཕུང་པོ་དེ་ཁམས་དང་སྐྱེ་མཆེད་ལ་སོགས་པའོ།། དེ་ཉིད་ཀྱི་ཕྱིར་དངོས་པོ་ཉིད་ཀྱིས་རྣམ་པར་གྲོལ་བར་འགྱུར་གྱིས་ཡང་ཕུང་པོ་ལ་སོགས་པ་དངོས་པོ་མེད་པས་ནི་མ་ཡིན་ནོ།། གལ་ཏེ་དངོས་པོ་ཉིད ་ཀྱིས་རྣམ་པར་གྲོལ་བར་འགྱུར་ན། དེའི་ཚེ་སེམས་ཅན་རྣམས་ཀྱང་གང་གིས་གྲོལ།། གང་གིས་འཆིང་བར་འགྱུར་ཞེས་དོགས་པ་ལ། དངོས་པོའི་འཆིང་བས་འཆིང་བར་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་པོའི་འཆིང་བས་ནི་དངོས་པོར་མངོན་པར་ཞེན་པ ་ཇི་ལྟར་གཟུང་བ་དང་འཛིན་པའི་ཤེས་པ་དེས་འཆིང་པར་འགྱུར་རོ།། གལ་ཏེ་དངོས་པོའི་འཆིང་བས་འཆིང་བར་འགྱུར་ན། དེའི་ཚེ་བཅིངས་པ་ཉིད་ཀྱིས་གྲོལ་བར་མི་འགྱུར།། ཞེས་དོགས་པ་ལ། དེ་ཡོངས་ཤེས་པས་གྲོལ་བར་འགྱུར། ཞེས་གསུངས ་ཏེ། དེ་ཡོངས་ཤེས་པ་ནི་ངའི་ཡོང་སུ་ཤེས་པ་སྟེ། དངོས་པོ་ཡོངསུ་ཤེས་པའི་ཕྱིར་དེ་ཡོང་སུ་ཤེས་པ་ཞེས་གསུངས་སོ།། གལ་ཏེ་དེ་ལྟར་དེའི་ཕྱིར་ཇི་ལྟར་དེ་ཡོངས་སུ་ཤེས་པ་ཡིན་ཞེས་དོགས་པ་ལ། དངོས་པོ་བསྒོམ་གྱུར་ཤེས་རབ ་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་ཅན་ཞེས་བྱ་བ་ནི། རྡོ་རྗེ་སྙིང་པོའོ།། དངོས་པོ་བསྒོམ་པ་ནི་དངོས་པོ་ཡོངསུ་ཤེས་པ་དོན་དུ་གཉེར་བས་ཡོངསུ་ཤེས་པའི་ཕྱིར། ཆོས་ལ་བྱེ་བྲག་ཕྱེད་པའི་ཤེས་རབ་ཀྱིས་བསྒོམ་པར་བྱ་བའི་དངོས་པོ་ཞེས ་བྱ་བའི་དོན་ཏོ།། གལ་ཏེ་དེས་ཅིར་འགྱུར་ཞེ་ན། དངོས་པོ་མེད་པ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངསོ།། དེ་བས་ན་དངོས་པོ་མེད་པ་ཡང་བསྒོམ་པར་འགྱུར་གྱི། དངོས་པོ་འབའ་ཞིག་ནི་མ་ཡིན་ནོ།། དེའི་ཕྱིར་དེ་ཉིད་དངོས་པོ་ཡོངསུ་ཤེས་པ་སྟེ། འོན་ཀྱང་གཅིག་དང ་དུ་མ་དང་བྲལ་བའི་ཕྱིར་རང་བཞིན་མེད་པས་དངོས་པོའི་དངོས་པོ་མེད་པ་རབ་ཏུ་ཤེས་སོ།། གལ་ཏེ་དེ་ལྟར་དངོས་པོའི་དངོས་པོ་མེད་པ་ཡོངསུ་ཤེས་ན། དེའི་ཚེ་དངོས་པོ་མེད་པ་ཉིད་ཅུང་ཟད་བསྒོམ་པས་ཆོག་ན་དངོས་པོ་བསྒོམ་ཞེས་དོགས་པ་ལ། བཤད་པའི་རྒྱུད་དུ ་གསུངས་པས་དྲིས་པའི་ལན་གངས་པའི་ཕྱིར་གསུངས་པ། ལྟ་བའི་རྣམས་ལས་ལོག་རྣམས་དང་།། བདག་ཏུ་ལྟ་བ་འཚལ་རྣམས་ཀྱི།། བདག་ཞེན་བསམ་པ་བཟློག་དོན་དུ།། སྦྱོང་རྒྱལ་བ་རྣམས་ཀྱིས་གསུངས།། གལ་ཏེ་སྟོང་བ་བྷ་ས་ཡིན་ན།། དེ་ཅེས་ས་རྒྱས་ཉིང་མ ་འགྱུར།། འབྲས་བུ་ལས་རྒྱུ་གཞན་མིན་ཕྱིར།། ཐབས་ནི་སྟོང་པ་ཉིད་མ་ཡིན།། འདི་ནི་ང་སྟེ། སྟོན་པ་སུམ་ཅུ་རྩ་གཉིས་མཚན།། གཙོ་བོ་དཔེ་བྱད་བརྒྱད་ཅུར་ལྡན།། ཇི་ལྟར་མི་འདྲ་བའི་རྒྱུས་བསྒྲུབ་པར་བྱ་བར་འགྱུར། དེ་ནས་རྡོ་རྗེ་སྙིང་པོས་གསོལ་པ། དེའི་ཚེ་བཅོམ ་ལྡན་འདས་བེམས་པོའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ང་ནི་བེམས་པོ་མ་ཡིན་ནོ།། དེ་ཅི་ལགས། ང་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ།། རྡོ་རྗེ་སྙིང་པོས་གསོལ་པ། མེ་ལོང་ལྟ་བུའི་ཡེ་ཤེས་དེ་ཅི་ལགས། རྡོ་རྗེ་འཛིན་པས་བཀའ་སྩལ་པ། བདེན ་བ་མ་ཡིན་པ་དང་། བརྫུན་པ་མ་ཡིན་པ་དང་། དོར་བ་མ་ཡིན་པ་དང་། བླང་བ་མ་ཡིན་པའོ།། དེ་ལྟར་ང་ནི་མཉམ་པ་ཉིད་ལ་སོགས་པའོ།། དེའི་ཕྱིར་རྣམ་པ་མེད་པའི་བྱང་ཆུབ་ནི་མ་ཡིན་ནོ།། རྡོ་རྗེ་སྙིང་པོས་གསོལ་པ། དེའི་ཚེ་ཁྱོད་འདུས་བྱས་ཉིད།། ་ཞེས་བྱ་བ་ལ་སོགས་པའོ།། རྡོ་རྗེ་འཛིན་པས་བཀའ་སྩལ་པ། དེ་ལྟར་མ་ཡིན་ནོ།། ཇི་ལྟར་མེ་ལོང་རྣམས་ལ་གཟུགས་བརྙན་དོན་མེད་པ་དང་། བདེན་པ་རྣམ་པར་སྤངས་པ་དེ་བཞིན་དུ་དཀྱིལ་འཁོར་གྱི་འཁོར་ལོ་འདུས་བྱས་པས་ཀྱང་ཟིལ་གྱིས་གནོན་པར ་མི་འགྱུར།། དེ་ལྟར་ཧེ་རུ་ཀ་བསྒོམ་བྱ་ཞེས་བྱ་བ་ནི། དངོས་པོ་དང་དངོས་པོ་མེད་པའི་བདག་ཉིད་ཅན་ཧེ་རུ་ཀ་བསྒོམ་པར་བྱ་ཞེས་པའི་དོན་ཏོ།། ཡང་གསུངས་པ། དངོས་པ་དངོས་པོ་མེད་པའང་ང་།། དང་པོར་གྲོལ་བའི་དེ་བཞིན་གཤེགས།། གཟུགས་མེད་གཟུགས ་མེད་རྣམས་ཀྱི་མཆོག། ཟབ་ཅིང་རྒྱ་ཆེའི་རང་བཞིན་ཅན་ཞེའོ།། དེ་ཉིད་ལ་གསུངས་པའི་དབྱེ་བ་རྟོགས་པར་བྱ་བའི་ཕྱིར་ལུས་ལ་ཡེ་ཤེས་ཆེན་པོ་གནས། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལུས་ལ་གནས་པའི་ཕྱིར་ལུས་ལ་གནས་པ་སྟེ། ལུས་ལ་མེད་ན་ནི་དམིགས ་བར་མི་འགྱུརརོ།། དེའི་ཕྱིར་ལུས་ཀྱི་རྒྱུ་བླང་བར་བྱ་སྟེ། གཞན་དུ་ན་དེ་ཡོང་སུ་མི་ཤེས་པར་ཡེ་ཤེས་གནས་པར་མི་འགྱུར་རོ།། བཤད་པའི་རྒྱུད་དུ་གསུངས་པོ། རང་གི་ལུས་ནི་སངས་རྒྱས་ཉིད།། ལུས་ལས་གཞན་དུ་སངས་རྒྱས་ཉིད།། གཞན་ནི་གང་དྲུང་རྩི ་གནས་ཏེ།། མི་ཤེས་པ་ཡིས་བསྒྲིབ་པར་བརྗོད། ཅེའོ།། འདིའི་ཕྱོགས་གཅིག་པ་ཉིད་སྤང་བར་བྱ་བའི་ཕྱིར། དངོས་པོ་ཀུན་ལ་ཁྱབ་པ་པོ། ཞེས་བྱ་བ་ལ་སོགས་པ་གསུང་སོ།། འདིས་ནི་ལུས་ལ་ཡེ་ཤེས་ཡོངསུ ་ཤེས་པ་ཡང་དག་པར་ཡིད་ཆེས་པར་བྱ་བའི་ཕྱིར་གསུངས་པ། དེའི་རྒྱུ་ཞུས་པ་རྡོ་རྗེའི་ལུས་ལ་རྩ་དུ་ལགས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེའི་ལུས་ནི་ཀྱེའི་རྡོ་རྗེའི་ལུས་ལ་སྟེ། མ་ལུས་པར་བསྡུས་པ་ཡང་གང་ཡང་ཕྱོགས་གཅིག་གིས་གསུངས་པ་སྟེ། ་བདེན་པའི་གསལ་བ་ནི་གསལ་བ་ཞེས་བྱ་བ་ལྟ་བུའོ།། དེ་ལ་གཙོ་བོའི་དབང་དུ་མཛད་ནས། རྩ་རྣམས་ནི་སུམ་ཅུ་རྩ་གཉིས་ཏེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཙོ་བོ་ནི་ཡང་འདི་རྣམས་སུ་བྱང་ཆུབ་ཀྱི་སེམས་འབབ་པའི་ཕྱིར་རོ།། ཡང་གསུངས་པ། འཁོར ་ལོ་བཞི་ཡི་རབ་དབྱེ་བས།། བརྒྱ་དང་ཉི་ཤུ་ལྷག་པ་ཉིད།། བྱང་ཆུབ་སེམས་ཀྱི་རང་བཞིན་གྱིས།། རྩ་ནི་སུམ་ཅུ་རྩ་གཉིས་མཆོག་ཅེས་སོ།། དེ་ལ་མཆོག་རྣམས་ཀྱི་ཡང་མཆོག་གསུམ་དུ་གསུངས་པ། དེ་རྣམས་ཀྱི་ནང་ནས་རྩ་རྣམ་པ་གསུམ་ནི་གཙོ་མོ་སྟེ། ཞེས་བྱ ་བ་ལ་སོགས་པ་ནི་རྩ་སུམ་ཅུ་རྩ་གཉིས་ཀྱི་ནང་ནས་རྩ་གསུམ་པོ་རྣམས་ནི་གཙོ་མོའོ།། གལ་ཏེ་གསུམ་པོ་དེ་རྣམས་གང་ཞེ་ན། རྐྱང་མ་དང་། རོ་མ་དང་། ཀུན་དར་མའོ།། གཙོ་མོ་ཉིད་ཀྱི་གཏན་ཚིགས་སུ།། རྐྱང་མ་ཤེས་རབ་རང་བཞིན་གྱིས། ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། ཐབས་དང་ཤེས་རབ་དག་གིས་ལེགས་པའི་ཐུན་མོང་མ་ཡིན་པའི་རྒྱུ་དག་གོ།། ཀུན་དར་མ་འབྲས་བུར་གྱུར་པ་དེ་གཉིས་སུ་མེད་པ་སྟེ། མ་ནིང་གི་ཕྱིར་དང་། མཐའ་གཉིས་དང་བྲལ་བའི་ཕྱིར། གཟུང་བ་དང་། འཛིན་པ་སྤངས ་པ་ཞེས་གསུང་སོ།། དེ་རྣམས་ཀྱི་འབབ་པའི་དབྱེ་བའི་བྱེ་བྲག་ནི། རྐྱང་མ་མི་བསྐྱོད་འབབ་མ་སྟེ། ཞེས་བྱ་བ་ལ་སོགས་པ་གསུང་སོ།། དེ་ཉིད་ཀྱི་ཕྱིར་བྱང་ཆུབ་ཀྱི་སེམས་འབབ་པ་ཞེས་བྱ་བ་སྨོས་ཏེ། ཡང་འདི་རྣམས་སུ་བྱང་ཆུབ་ཀྱི་སེམས་ཀྱིས་ཡོངསུ་གང ་བ་འདི་རྣམས་ལ་ཕུང་པོ་དང་། སྐྱེ་མཆེད་ལ་སོགས་པ་བདག་གི་ལུས་སྐྱེ་བར་འགྱུར་རོ།། འདི་ཉིད་བཤད་པའི་རྒྱུད་དུ་གསུངས་པ། བྱང་སེམས་སུམ་ཅུ་རྩ་གཉིས་ཀྱིས།། གང་ཚེ་འདིར་ནི་གང་གྱུར་པ།། ཕུང་པོ་འབྱུང་བ་དབང་པོ་ཡི།། སངས་རྒྱས་དེ་ཡི་དེ་མ ་ཐག་ཅེའོ།། རྩ་རྣམས་ཀྱི་གྲངས་ཉིད་གཅིག་པུ་གསུངས་ནས། བྱ་བ་དང་། མིང་དང་། ངོ་བོ་ཡང་རྟོགས་པར་བྱ་བའི་ཕྱིར། བདེ་བ་ཆེན་པོའི་གནསུ་འཛག་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཟག་པ་དང་བཅས་པའི་ཡུལ་ལས་བྱུང་བའི་བདེ་བ་རྣམས་ལས ་ཆ་བ་ནི་བདེ་བ་ཆེན་པོ་སྟེ། དེའི་གནས་ནི་ལྟེ་བའི་དཀྱིལ་འཁོར་རོ།། དེ་ལ་པུལླི་ར་ལ་སོགས་པའི་ཡུལ་དུ་གནས་པས་འཛག་པ་ཉིད་དུ་གནས་པའི་ཕྱིར་བྱ་བའོ།། མིང་དང་ངོ་བོ་ཡང་གསུངས་པ། མི་ཕྱེད་མ་ནི་སོ་དང་སེན་མོ་འབབ་མའོ།། ཕྲ་གཟུགས་མ་ནི ་སྒྲ་དང་བ་སྤུ་འབབ་མའོ།། རྩེ་བ་མ་ནི་པགས་པ་དང་དྲི་མ་འབབ་མའོ།། གཡོན་པ་ནི་ཤ་འབབ་མའོ།། ཐུང་ངུ་མ་ནི་ཆུ་རྒྱུས་འབབ་མའོ།། རུ་སྦལ་སྐྱེས་མ་ནི་རུས་པ་འཛིན་མའོ།། སྒོམ་པ་ནི་མཁལ་མ་འབབ་པའོ།། དབང་མ་ནི་སྙིང་འཛིན་མའོ།། སྦྱིན་མ་ནི་མིག ་འབང་མ་སྟེ། དེ་ནི་སྐྱོན་ལྡན་མ་ཞེས་བྱའོ།། འཇུག་མ་ནི་མཁྲིས་པ་འབབ་མའོ།། མ་མོ་ནི་གློ་བ་འབབ་མའོ།། མཚན་མོ་ནི་རྒྱུ་མ་འབབ་མའོ།། བསིལ་སྦྱིན་མ་ནི་ངོས་ཀྱི་ཆུ་རྒྱུས་འབབ་མའོ།། ཚ་བ་མ་ནི་ལྟེ་བ་ན་བདག་མའོ།། རྐྱང་མ་ནི་མི་བསྐྱོད་པ་འབབ་མའོ།། ཀུན་ད ་མ་ནི་ཤེས་རབ་ཟླ་བ་འབབ་མའོ།། རོ་མ་ནི་ཁྲུག་འབབ་མའོ།། གཞོལ་མ་བཤད་པ་འབབ་མའོ།། རངས་མའི་གདོང་མ་ནི་མཚམས་ཀྱི་མཐའི་དབུས་སུ་འགྲོ་མའོ།། ཤིན་ཏུ་གཟུགས་ཅན་མ་ནི་བང་ཀན་འབབ་མའོ།། སྤྱི་མ་ནི་རྣག་འབབ་མའོ།། རྒྱུ་སྦྱིན་མ ་ནི་དམར་པོ་འབབ་མའོ།། སྦྱོར་བྲལ་མ་ནི་རྔུབ་འབབ་མའོ།། གདུ་གུ་མ་ནི་ཚིལ་འབབ་མའོ།། གྲུབ་མ་ནི་མྱ་ངན་དང་མཆི་མ་འབབ་མའོ།། འཚེད་མ་ནི་མཆིལ་མ་འབབ་མའོ།། ཡིད་བཟངས་མ་ནི་སྣབས་འབབ་མའོ།། སུམ་བསྐོར་མོ་ནི་གཟུགས་ལ་མི་རེག་པའི་ཕྱིར ་རོ།། འདོད་མ་ནི་སྒྲ་ལ་གནས་མའོ།། ཁྱིམ་མ་ནི་དྲི་ལ་གནས་མའོ།། གཏུམ་མ་ནི་རོ་འབྱུང་མའོ།། ཀ་ཏྱ་མ་ནི་རེག་བྱ་འབབ་མའོ།། བདུད་བྲལ་མ་ནི་ཆོས་སོ་ཞེས་སོ།། འདི་རྣམས་ཀྱི་རང་བཞིན་གསུངས་པ། སྲིད་གསུམ་ཡོངས་གྱུར་ཞེས་བྱ་བ་ལ་སོགས་པ་ནི། འདོད ་པའི་སྲིད་པ་དང་། གཟུགས་ཀྱི་སྲིད་པ་དང་། གཟུགས་མེད་པའི་སྲིད་པ་ནི་སྲིད་གསུམ་མོ།། དེ་ལས་གཞན་པའི་ངོ་བོ་མེད་པའི་ཕྱིར་སྐུ་དང་གསུང་དང་ཐུགས་རྣམས་སོ།། སྐུ་གསུམ་ཡང་སྲིད་གསུམ་སྟེ། སྐུ་གསུམ་གྱི་ངོ་བོས་ཡོངསུ་གྱུར་པ་ནི་སྲིད་གསུམ་ཡོངས་སུ ་གྱུར་པའོ།། ཅི་གལ་ཏེ་རྩའི་འཁོར་ལོ་འདི་ཁོ་ན་ཧེ་རུ་ཀ་བསྐྱེད་པའི་རྒྱུར་གསུངས་སམ། འོན་ཏེ་རྒྱུ་གཞན་ཡང་ཞེ་ན། སྡོམ་པའི་དབྱེ་བས་བཤད་པར་བྱ་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སྡོམ་པའི་ཕྱིར་སྡོམ་པ་འམ། འདིར་སྡོམ་པར་བྱེད་པའི་ཕྱིར་སྡོམ ་པ་སྟེ་དཔལ་རྡོ་རྗེ་སེམས་དཔའི་ལུས་སོ།། དེའི་ཁྱད་པར་ནི་སྡོམ་པའི་དབྱེ་བ་འཆད་པར་འགྱུར་བ་དེའི་ཡན་ལག་དང་ཉིང་ལག་གོ།། ཡང་གསུངས་པ། སངས་རྒྱས་ཀུན་གྱི་བདེ་ཆེན་གྱི།། བདེ་བ་སྡོམ་ཞེས་རྣམ་པར་བཤད།། སྒྱུ་མ་ཀུན་གྱིས་སྦྱོར་བ་ཡིས།། སྡོམ་པ ་དེས་ན་སྡོམ་པ་ཉིད། ཅེས་བྱ་བ་ལ་སོགས་པའོ།། རྡོ་རྗེ་སྐྱེ་བ་མི་འདའ་བའི།། སྡོམ་པ་དམ་ཚིག་ཉིད་དུ་བརྗོད།། དེ་ཡི་དབྱེ་བའི་ཁྱད་པར་འདི།། སྔ་མའི་རྗེས་སུ་རབ་ཏུ་བསྟན། ཞེའོ།། ཨཱ་ལི་དང་། ཀཱ་ལི་དང་། ཐབས་དང་ཤེས་རབ་དག་གོ།། ཆོས་དང ་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པ་དང་། སྐུ་དང་གསུང་དང་ཐུག་སོ།། སྐུ་གསུམ་ནི་འཁོར་ལོ་གསུམ་མོ།། བསྡུ་བའི་འཁོར་ལོ་ནི་བཞི་པ་སྟེ། འཁོར་ལོ་གསུམ་གྱི་གནས་པའོ།། ཨེ་བཾ་མཱ་ཡ་ནི་དང་པའི་ཚིག་ཏུ་བཤད་པའོ།། རྣལ་འབྱོར་མ་ལུས་དབུས ་གནས་སུ།། ཨེ་ཡི་རྣམ་པའི་སྡོམ་པ་གནས།། ཇི་ལྟར་ཕྱི་རོལ་དེ་ལྟར་ནང་།། སྡོམ་པའི་དེ་ཉིད་རབ་ཏུ་དབྱེ། ཨོཾ་བི་མཱ་ཡ་ཞེས་བྱ་བ་ལ་སོགས་པ་སྔར་གསུངས་པ་རྣམས་དང་། འཆད་པར་འགྱུར་བ་སྐད་ཅིག་མ་ལ་སོགས་པ་རྣམས་ཀྱིས་ཡང་རྣམ ་པར་བཞག་པར་འཁོར་ལོའི་གྲངས་ཀྱི་རིམ་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁོར་ལོ་ནི་གསུངས་པའི་མཚན་ཉིད་བཞི་པོ་རྣམ་སོ།། དེ་རྣམས་ཀྱི་གྲངས་ནི་འཁོར་ལོའི་གྲངསོ།། འཁོར་ལོའི་གྲངས་ཀྱི་རིམ་པ་ནི་དེའི་རྗེས་སུ་སྟེ། སྤྲུལ་པ་དང་ཆོས ་དང་ལོངས་སྤྱོད་རྫོགས་པ་དང་། བདེ་བ་ཆེན་པོའི་རིམ་པ་ལས་བཟློག་པ་མ་ཡིན་ནོ།། དེ་བས་ན་འཁོར་ལོའི་གྲངས་ཀྱི་རིམ་པས་རྣམ་པར་བཞག་པ་ནི། སྤྲུལ་པ་ལ་ནི་ཨེའོ།། ཆོས་ལ་ནི་བཾ་ངོ་། ལོངས་སྤྱོད་རྫོགས་པ་ལ་ནི་མཱའོ།། བདེ་བ་ཆེན་པོ་ལ་ནི་ཡའོ།། ་དེ་བཞིན་དུ་སྤྲུལ་པ་ལ་ནི་རྣམ་པ་སྣ་ཚོགསོ།། ཆོས་ལ་ནི་རྣམ་པར་སྨིན་པའོ།། ལོངས་སྤྱོད་རྫོགས་པ་ལ་ནི་རྣམ་པར་ཉེད་པའོ།། བདེ་བ་ཆེན་པོ་ལ་ནི་མཚན་ཉིད་དང་བྲལ་བའོ།། དེ་ལྟར་སྡུག་བསྔལ་གྱི་བདེན་པ་དང་། ཀུན་འབྱུང་གི་བདེན་པ་དང་། ་འགོག་པའི་བདེན་པ་དང་། ལམ་གྱི་བདེན་པ་ཞེས་བྱ་བ་ལ་སོགས་པའོ།། དེ་ལྟར་ཐམས་ཅད་བཞིའོ་ཞེས་བྱ་བ་ནི། འཁོར་ལོ་བཞི་པོ་རྣམས་ལ་ཐམས་ཅད་རྣམ་པར་བཞག་གོ།། འདི་རྣམས་ཀྱི་མཚན་ཉིད་གསུངས་པ་རྣམས ་ས་པར་བཤད་པར་བྱའོ།། ཐབས་ཐམས་ཅད་དང་། སྡོམ་པ་ཐམས་ཅད་དང་ལྡན་པ་བཅོམ་ལྡན་འདས་ཀྱི་ལྷན་ཅིག་སྐྱེས་པའི་ཤེས་རབ་གཏུམ་མོ་ཞེས་བྱ་བ་ལ་སོགས་པ་གསུངསོ།། གཞུང་གྲུབ་པ་འདིའི་བཤད་པ་གསུངས་པ། ཨཱ་ལི་ཀཱ་ལི་མཉམ ་བྱས་ནས།། དེ་ལ་རེ་ཁཱ་སྦྱར་བ་ཉིད།། སྟེང་གི་རེ་ཁཱར་འབར་བ་ནི།། གཞན་དུ་འཛག་པའི་རྒྱུ་ཅན་མ།། བདུད་རྩིའི་ཐིག་ལེའི་གཟུགས་ཅན་ནི།། ཁུ་བའི་གཟུགས་ཀྱིས་འཛག་པར་འགྱུར།། གཙུབ་དང་གཙུབ་བྱེད་སྦྱོར་བའི་ཕྱིར།། འདིར་ནི་ལས་ཀྱི་ཡེ་ཤེས་མེ།། རླུང ་གི་བསྐྱོད་པའི་ལྟེ་བའི་དཀྱིལ་འཁོར་དུ་འབར་བའི་འོད་ཟེར་རྣམས་ཀྱི་དམ་ཚིག་གི་འཁོར་ལོར་སོན་པའི་དེ་བཞིན་གཤེགས་པ་བསྲེགས་ནས། ལོངས་སྤྱོད་རྫོགས་པའི་འཁོར་ལོར་གཤེགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་ལ་བསྐོར་བ་ལན་གསུམ་བྱས ་ནས་མཛད་སྤུར་སོན་པས་གནད་ཀྱི་སྒོ་ཕྱེ་ནས་བྱུང་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམསུ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་བདུད་རྩི་བླངས་ནས། སྤྱི་གཙུག་གི་བ་སྤུའི་ཁུང་བུ་གསེར་གྱི་སྒོ་འབར་བ་འཛིན་པ་ཞེས་བྱ་བ་ནས་ཞུགས་ཏེ། སོ་སོའི ་མཚམས་ཀྱི་དབུས་སུ་སོན་པའི་བུ་ག་ནས་ལོངས་སྤྱོད་རྫོགས་པའི་འཁོར་ལོ་རང་ལ་བསྲོས་ཏེ། བསྲེགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་དགའ་བ་སྐྱེད་པར་བྱེད་པའི་ལྟེ་བའི་དཀྱིལ་འཁོར་དུ་གནས་པར་འགྱུར་རོ།། འདི་ལ་ཡང་འབྱུང་བ་དང་འཇུག་པ་མི་མཐོང ་སྟེ་སྐྲའི་རྩེ་མོ་བརྒྱ་སྟོང་གི་ཆའི་ཕྱིར་རོ།། དེ་ནས་ཇི་ལྟར་བདེ་བར་གནས་པར་བྱ་སྟེ། རང་གི་ལྷའི་རྣལ་འབྱོར་གྱིས། ཞེས་བྱ་བ་ལ་སོགས་རྡོ་རྗེ་རིགས་ཀྱི་ལེའུ་ཞེས་བྱ་བ་ལ། རྡོ་རྗེ་ནི་བྱང་ཆུབ་ཀྱི་སེམས་སོ།། རིགས་ནི་དང་པོའི་རུས་ཏེ། ཨཱ་ལི་དང་ཀཱ་ལིའོ།། ངོར ་ལེའུ་ནི་ལེའུར་བཤད་པ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་ལེའུ་ཞེས་བྱ་བ་ཇི་སྙེད་པའོ།། ཡང་གསུངས་པ། སངས་རྒྱས་ཀུན་གྱི་རང་བཞིན་ཕྱིར།། བྱང་ཆུབ་སེམས་འདི་རྡོ་རྗེ་ཉིད། ཅེས་བྱ་བ་ལ་སོགས་པའོ།། སློབ་དཔོན་མཁས་པ་སྦྱང་དཀའ་བའི་ཟླ་བས་མཛད་པ། ་ཀཽ་མུ་དྲྀ་ཞེས་བྱ་བའི་དཀའ་འགྲེལ་ལས། རྡོ་རྗེ་རིགས་ཀྱི་ལེའུ་སྟེ། དང་པོའོ།། ། གང་གི་གླེང་གཞི་རྩ་བའི་འཁོར་ལོ་དེ་རྟོགས་པར་བྱ་བའི་ཕྱིར། སྔགས་ཀྱི་ལེའུ་བཤད་པར་བྱའོ།། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་ནི་སྟན་གསན་འབེབ ་པར་ཤེས་པར་བྱ་སྟེ། བསྒྲུབ་པར་བྱ་བ་མངོན་དུ་བྱེད་པའོ།། ཨཱ་ལི་ཀཱ་ལི་གཉིས་ནི་སྔགས།། ཡང་ན་དེ་ལས་གང་བཏུས་པ།། ཞེའོ།། ཡང་གསུངས་པ། དེ་ལ་ཨཱ་ལྀ་ཀཱ་ལི་འདྲེས།། སྡེ་ཚན་བརྒྱད་ནི་རྣམ་པར་གནས།། ལུས་ཅན་རྣམས་ཀྱི་སྔགས་གཟུགས་ཀྱིས། ་ལས་ཀྱི་ཚོགས་ནི་བྱེད་པར་འགྱུར། ཞེས་བྱ་བ་ལ་སོགས་པའོ།། དེ་ཉིད་ཉེ་བར་བསྟན་པའི་ཕྱིར། འབྱུང་པོ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འབྱུང་པོ་ཐམས་ཅད་ཀྱི་འགྲོ་བ་དྲུག་ཏུ་འཁོར་བ་འདི་ནི་འབྱུང་པོ་ཐམས་ཅད་དོ།། གཏོར་མིན་མཆོད་པའོ།། ་དེ་ཡིས་བྱིན་གྱིས་རློབ་པར་བྱེད་པ་དང་། དེ་ཡོངས་སུ་བརྟག་པར་བྱེད་པ་ནི་སྔགས་ནི། འབྱུང་པོ་ཐམས་ཅད་ཀྱི་གདོར་མའི་སྔགས།། ཨ་ཀཱ་རོ་མུ་ཁོ་ཞེས་བྱ་བ་ལ། ཨ་ཀཱ་རོ་ནི་དང་པོའི་དབྱངས་སོ།། ད་ནི་མུ་ཁཾ་སྟེ་དང་པོའོ།། དེའི་ཕྱིར་དེ་ནི་མཆོག་ཉིད་དུ་གསུངས་ཏེ། དེ ་ལས་བྱུང་བའི་ཕྱིར་ཡང་དེ་མ་ཐག་ཏུ་གཞན་རྣམས་སོ།། ཡང་གསུངས་པ། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག། དོན་ཆེན་སྡེ་ཆེན་འདྲེན་པ་ཉིད།། ལུས་ཅན་རྣམས་ཀྱི་སྔགས་ཀུན་ནི།། དེ་ཉིད་ལས་ནི་ཡང་དག་འབྱུང་ཞེའོ།། ཨ་ཀཱ་རོ་འདི ་ལ་སྔགས་ཐམས་ཅད་འབྱུང་དུ་ཟིན་ཀྱང་། ཡང་ཇི་ལྟར་དང་པོ་ཡིན་ཞེ་ན། གཏན་ཚིགས་གསུངས་པ། སརྦ་དྷརྨཱ་ཎཱཾ་ཨཱ་དྷ་ནུཏྤན་ཏྭཱཏ། ཞེས་བྱ་བ་ནི། དང་པོར་ཨ་ཀཱ་རོ་ལས་སྔོན་དུ་མ་སྐྱེས་པ་ནི་ཨཱདྱ་ནུཏྤནྣ་སྟེ། དེ་རྣམས་ཀྱི་དངོས་པོ་ནི་དེ་ཉིད་དོ།། དེའི་ཕྱིར་དང་པོར ་མ་སྐྱེས་པའི་ཕྱིར། ཨ་ཀཱ་རོ་འདི་ནི་སརྦ་དྷརྨ་ཎཱ་ཨཱདྱའོ།། དེ་ལྟར་དང་པོ་མ་ཡིན་པའི་ཕྱིར་དང་པོའི་དབྱངས་ཀྱི་རྒྱུའི་འབྱུང་བ་མེད་པའི་ཕྱིར། སྐྱེ་བ་མེད་པ་ཡང་རྟོགས་པར་མཛད་དོ།། ཡང་གསུངས་པ། དེའི་ཕྱིར་གྲུབ་པར་གནས་པའི་སྔགས།། ངེས་པ་གང་ཡང་ཡོད་མ ་ཡིན།། སྐྱེ་བ་མེད་པའི་རང་བཞིན་ཕྱིར།། སྔགས་ཀྱི་སྡེ་ཚན་དབང་ཕྱུག་མཆོག། ཅེའོ།། སྔགས་ཐམས་ཅད་ཀྱི་རྐང་པར་དང་པོ་ཞེས་བྱ་བ་ནི་ཁྱད་པར་མ་བསྟན་པ་དེ་བཞིན་གཤེགས་པ་ཐམས་ཅད་དང་། ལྷ་མོ་ཐམས་ཅད་ཀྱི་སྔགས་དང་། ཨ་ཀ་ཙ་ཊ་ཏ་པ་ཡ་ཤ ་ཞེས་བྱ་བར་གསུངས་ཀྱི། ཡང་གཞོན་ཁྱད་པར་གྱི་ཚོགས་ཁྱད་པར་དུ་བྱས་པ་ལ་ནི་མ་ཡིན་ནོ།། ཨ་ཀཱ་རོ་འདི་ནི་གཏོར་མ་ཁོ་ནའི་འམ། ཅི་ཆོས་ཐམས་ཅད་ཀྱི་དང་པོ་ཡིན་པའི་ཕྱིར། སྔགས་ཐམས་ཅད་ཀྱི་དང་པོར་སྦྱར་ཞེ་ན། སུན་དབྱུང་བའི་ཕྱིར། ཨ་ཀཱ་རོ་དང་པོར ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨ་ཀཱ་རོ་ལས་ཨ་ནི་ཨོཾ་ཀཱ་རོའོ།། གང་དག་གི་དེ་དང་པོ་དང་། མཐར་སྭཱ་ཧཱ་ཡིན་པ་དེ་དག་ནི། ཨ་ཀཱ་རོ་དང་པོར་མཐར་སྭཱ་ཧཱའོ།། གང་ལ་དོན་མ་རྟོགས་པས་ཁྱད་པར་མེད་པའི་ཕྱིར། ཕྱི་མ་མ་གྲུབ་པའི་བསམ་པ་མེད་པའི་ཕྱིར ་ཚིགས་བཅད་ཀྱི་ཚད་མའི་ཕྱིར་ཡང་བསྲེ་བའོ།། ཧཱུཾ་ཕཊ་ཀྱི་རྣམ་པ་ནི་ནང་དུ་གཞུག། ཞེས་བྱ་བ་ནི་ཕཊ་དང་བཅས་པར་ཡི་གེ་གསུམ་དབུས་སུ་བྱས་པའོ།། དེའི་ཕྱིར་ཨོཾ་ཨཱ་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཨཱ་ཨཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱ་བ་ལ་སོགས་པའོ།། ཨོཾ་ཨཱ་ཨ་ཧཱུཾ་ཕཊ། ་སྭཱཧཱ། ཞེས་བྱ་བ་ལ་སོགས་པ་ནི་སོ་སོས་སོ།། བསྡུས་པ་ཡང་། ཨོཾ་ཨཱ་ཨ་ཨཱ་ཨི་ཨཱི་ཞེས་བྱ་བ་ལ་སོགས་པ་ནས། མཐར་ཨཾ་ཀ་རའོ།། ཨོཾ་ཨཱ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱ་བ་ནི་སྔགས་རྫོགས་པའོ།། ཆར་མི་འབབ་ན་ཆར་དབབ་པའི་ཕྱིར། ་མཐའ་ཡས་ཀྱི་གཟུགས་བརྙན་བྱས་ལ་ཞེས་བྱ་བ་ལ་སོགས་པ་གསུངསོ།། བདུད་རྩི་ལྔ་ནི་གཟུགས་བརྙན་ལ་སྦྱར་གྱིས། ཡང་བླུགས་པ་ནི་མ་ཡིན་ནོ།། བླུགས་པ་ཞེས་བྱ་བ་ནི། དབང་བསྐུར་བར་བྱ་བ་སྟེ། བསྙེན་པ་ལ་སོགས་པ་བཞིའི་ཡན་ལག་རྣམས་ཀྱིས ་རབ་ཏུ་བསྒྲུབ་པར་བྱའོ་ཞེས་བྱ་བ་ཇི་སྙེད་པའོ།། ལྷ་དགས་པར་འདོད་པས་ཐིག་ལེ་གསུངས་པ། ཚངས་པ་ཞེས་བྱ་བ་ལ་སོགས་ལ་ཚངས་པ་དང་ས་བོན་ནི་ཚངས་པའི་ས་བོན་ནོ།། རྒྱལ་ལ་བསྒྲུབས་ནས། ཞེས་བྱ་བ་ནི་མེ་ཏོག་དང་སྒྲུབ་པ་ནི་མེ་ཏོག་བསྒྲུབ་པའོ།། ་གཞན་ནི་གོ་སླའོ།། ཟླ་བ་དང་ཉི་མ་རྣམ་པར་འཛིན་པའི་ཆོ་ག་གསུངས་པ། སཱ་ལུ་བཏགས་པ་ཅན་གྱིས་ཞེས་བྱ་བ་ལ་སོགས་པ་ལ། སཱ་ལུ་ཡིས་བཏགས་པ་ནི་སཱ་ལུ་བཏགས་པའོ།། ཅན་གྱི་དངོས་ནི་ཅན་གྱི་རང་བཞིན་ནོ།། དེ་ནི་སཱ་ལུ་བཏགས་པ་ཅན་ཡང ་ཡིན་ལ། ཅན་གྱི་དངོས་ཡང་ཡིན་པའི་ཕྱིར། སཱ་ལུ་བཏགས་པ་ཅན་གྱི་དངོས་པོའོ།། དེ་ལྟར་ཕྱོགས་འདི་ཉིད་ཀྱིས་གཞན་ལ་ཡང་དཔྱད་པར་བྱའོ།། སློབ་དཔོན་མཁས་པ་དཔལ་སྦྱང་དཀའ་བའི་ཟླ་བས་མཛད་པ། ཀཽ་མུ་དི་ཞེས་བྱ་བའི་དཀའ་འགྲེལ་ལས། ་སྔགས་ཀྱི་ལེའུ་སྟེ། གཉིས་པའོ།། །། སྔགས་གསུངས་ནས་ལུས་བརྗོད་པར་བྱ་བའི་ཕྱིར། ལྷའི་ལེའུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་ལ་སོ་སོའི་སྐྱེ་བོ་རྨོངས་པར་བྱ་བའི་ཕྱིར་རིམ་པ་བཟློག་པར ་རིག་པ་རྣམས་ཀྱི་རིམ་པས་བཏུ་བར་བཅོམ་ལྡན་འདས་ལྷ་འདིས་རྒྱུད་ཀྱི་རིམ་པ་ཤིན་ཏུ་སྤང་བར་བྱ་སྟེ། དེའི་ཕྱིར་དང་པོར་བྱམས་པ་བསྒོམ་པར་བྱ་ཞེས་བྱ་བ་ལ་སོགས་པ་རིང་དུ་སྤངས་ནས་རང་གི་སྙིང་ཁར་རོ་ཕ་བསྒོམ། ཞེས་བྱ་བ་ལ་སོགས ་པ་གསུངསོ།། འཆད་པར་འགྱུར་བའི་རྣལ་འབྱོར་དང་རྗེ་སུ་མཐུན་པའི་གནསུ་དུར་ཁྲོད་ལ་སོགས་པར་བདེ་བའི་སྟན་ལ་ཉེ་བར་འདུག་སྟེ། རྣལ་འབྱོར་པ་རང་གི་སྙིང་ཁར་པདྨ་དམར་པོའི་སྟེང་དུ། རེ་ཕ་ཁ་དོག་དམར་པོའོ།། དེ་ཡོངསུ་གྱུར་པ ་ལས་ཉི་མའི་གཟུགས་བརྙ་ནོ།། དེའི་སྟེང་དུ་ཐབས་དང་ཤེས་རབ་ཀྱིས་རང་གི་ལྷའི་མྱུ་གུའི་ས་བོན་ཧཱུཾ་ཡང་རྣམ་པར་བསམ་པར་བྱའོ།། ཡང་ས་ལ་སོགས་པ་ལྟ་བུར་ལྷན་ཅིག་བྱེད་པའི་རྒྱུ་བསོད་ནམས་ཀྱི་ཚོགས་བསྐྱེད་པར་བྱ་བའི་ཕྱིར། ན་མཁར ་རྗེ་བཙུན་ཞེས་བྱ་བ་ལ་སོགས་པ་ནས། འདོད་ཆགས་ཆེན་པོའི་རྗེས་ཆགས་ནས་ཞེས་བྱ་བ་ལ་སོགས་པའི་མཐར་ཐུག་པ་གསུངས་ཏེ་གོ་སླའོ།། ཕྱིས་འཆང་པར་འགྱུར་བ་ལྷ་མོའི་འཁོར་ལོ་འམ། དཔལ་ཧེ་རུ་ཀའི་འཁོར་ལོར་གསུངས་པ་འདིར་གཞན ་དུ་མཐོང་བ་བླངས་ནས་རྟོགས་པར་བྱ་བ་ནི། སྡིག་པ་བཤགས་པར་བྱ་བ་དང་། བྱེད་པ་སྡོམ་པ་དང་། རྗེ་སུ་ཡི་རང་བ་དང་། ཡོངསུ་བསྔོ་བ་དང་། སྐྱབསུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པར་ཡང་བལྟ་བར་བྱའོ།། ཚངས་པ་ཆེན་པོ་དང་། ་བསོད་ནམས་ཀྱི་ཚོགས་དེའི་གནས་ནི་གནས་ཀྱི་ཕྱོག་ས་བྱམས་པ་ལ་སོགས་པ་བན་པོ་རྣམས་སོ།། དེ་རྣམས་ཀྱི་སྒོམ་པ་ན་ཇི་ལྟར་འདོད་པ་ངེས་པ་མ་ཡན་ཏ། འོན་ཀྱང་རིམ་པ་འང་ཉིད་ཀྱིས་ངངེས་པར་བསྟན་པར་ཕྱིར། དང་པོ་བྱམས་པ་བསྒོམ་པར་བྱ ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱམས་པ་ལ་སྤྱོད་པ་ལ་དགྲ་དང་བཏང་སྙོམས་བྱ་བའི་ཆ་གཉིས་དཔྱད་པས་སེམས་ཅན་གྱི་ཁམས་ལ་སྙིང་རྗེ་ལ་སོགས་པ་རྣམས་ཀྱི་སྤྱོད་པ་རང་གི་རོ་འབབ་པའི་ཕྱིར། དང་པོར་བྱམས་པ་བསྒོམ་པར་གསུང་སོ།། ་ལ་མཚན་མ་མེད་པ་དང་། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བའི་བསམ་པ་ནི་བྱམས་པའོ།། དེ་ལྟར་མ་རིག་པ་དང་། སྡུག་བསྔལ་རྣམས་ལས་སེམས་ཅན་ཐམས་ཅད་ཡོངསུ་སྐྱོབ་པ་ནི་སྙིང་རྗེའོ།། རིག་པ་མ་ཡིན་པ་དང་བྲལ་བའི་སེམས་ཅན ་རྣམས་ཀྱི་དགེ་བའི་ཕྱོགས་ལ་སྤྱོད་པ་ཇི་ལྟར་ཆོས་རྟོགས་པ་ལ་ཡང་རངས་པའི་སེམས་ནི་དགའ་བའོ།། བག་མེད་པའི་མི་མཐུན་པའི་ཕྱོགསུ་གྱུར་པ་སྐྱིད་པ་དང་། ཞི་བ་མཉམ་པ་ཉིད་ཀྱི་ཆོས་ཉིད་ལ་སྤྱོད་པའི་སེམས་ཅན་རྣམས་ལ་བལྟོས་པ་མེད་པ་ནི་བཏང ་སྙོམ་སོ།། ཡང་ནི་སྟོང་པའི་བྱང་ཆུབ་སྟེ་ཞེས་བྱ་བ་ལ། ཡང་གི་སྒྲས་ནི་བླ་མ་རྡོ་རྗེ་མཆོད་པ་དང་། བདུན་པོ་རྣམ་པར་དག་པར་བྱ་ཞེས་མཆོད་པ་ལ་སོགས་པ་བཤད་པའི་རྒྱུད་དུ་གསུངས་པ་བདུན་པོ་རྣམ་པར་དག་པའི་ནང་དུ་སོན་པ་བྱང་ཆུབ་ཀྱི་སེམས ་བསྐྱེད་མ་ཐག་ཏུ་གཉིས་པ་བྱང་ཆུབ་ཀྱི་སེམས་འདི་ཞེས་བསྙེག་སོ།། རང་བཞིན་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་གཉི་སུ་མེད་པའི་ངོ་བོ་ཉིད་ནི་སྟོང་པ་ཉིད་དོ།། ཡང་རྣམ་པར་ངེས་པ་ལས་གསུངས་པ། ཀུན་ནས་ཉོན་མོངས་པ་མི་རྒྱུ་བའི་ཕྱིར། གཉིས ་སུ་མེད་པའི་རྣམ་པར་སྤྱོད་པ་ནི་སྟོང་པ་ཉིད་ཅེའོ།། དེ་ཉིད་ཀྱང་བྱང་ཆུབ་ཀྱི་རྒྱུ་ཡིན་པའི་ཕྱིར་བྱང་ཆུབ་ཀྱི་སེམ་སོ།། ངའི་ངོ་བོའི་སེམས་ལས་སེམས་ཞེས་བྱ་ན་དུ་མ་གསུང་སོ།། གེ་དཀའ་བ་མ་ཡིན་པ་ནི ་བཤད་པར་མི་བྱ་སྟེ། འོན་ཀྱང་མངོན་པར་རྟོགས་པའི་རིམ་པའི་ཚིགས་བཅད་སྦྱང་བར་བྱའོ།། བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་འདི་ཙམ་ནི་མ་ཡིན་ཏེ། འོན་ཀྱང་ཡན་ལག་བཞི་ཞེས་བྱ་བར་ཡན་ལག་རྣམས་བསྟར་བར་བྱ་བའི་ཕྱིར། གཉིས་པ་ལ་ནི ་ས་བོན་བསྡུ་ཞེས་བྱ་བ་ལ་སོགས་པ་གསུངསོ།། སྟོང་པ་དང་རང་བཞིན་མེད་པའི་ཁྱད་པར་ལས་ཇི་ལྟར་བཞིར་དབྱེ་ཞེས་དོགས་པ་ལ། ཡང་དག་པར་དགོད་པའི་འདུ་བྱེད་དང་ལྡན་པའི་བློས་ཁྱད་པར་གསུངས་པ། རེ་བས་ཞེས་བྱ་བ་ལ་སོགས་པ་ནི་སྟོང་པ་ཉེ ་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་ལུས་ཀྱི་རྣལ་འབྱོར་པའི་མདུན་དུ། པཾ་དམར་པོ་ཡོངས་སུ་གྱུར་པ་ལས་ཆུ་སྐྱེས་དམར་པོའི་སྟེང་དུ། རཾ་དམར་པོ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་དུ་གཉིས་པ་སོགས་པའི་ཚིག་བསྡུས་ནས། ཡན་ལག་གསུམ་པ་རྣམ་པར་བསྒོམ ་པར་བྱ་བའི་ཕྱིར། ཧཱུཾ་བྱུང་སྣ་ཚོགས་རྡོ་རྗེ་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཧཱུཾ་ནི་ས་བོན་ཏེ། དེ་བསྐྱེད་པ་ནི་ས་བོན་བསྡུ་བ་སྟེ། ཡན་ལག་གཉིས་པའོ།། དེའི་ས་བོན་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་ནི་ཧཱུ~ཾ་ལས་བྱུང་བ་སྣ་ཚོགས་རྡོ་རྗེ་སྟེ། དེ་ཉིད་ནི་གཟུགས ་བརྙན་དང་། ཕྱག་རྒྱ་དང་། མཚན་མ་སྟེ་ཡན་ལག་གསུམ་པའོ།། དེའི་ལྟེ་བ་ལ་དེའི་ས་བོན་དགོད་པ་ནི་ཡན་ལག་བཞི་པའོ།། སྟོང་པ་ཉིད་ཀྱི་ཡན་ལག་མེ་ལོང་ལྟ་བུ་ལ་གཟུགས་བརྙན་བྱུང་བ་ཐབས་སུ་གྱུར་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་འདིས་ཅི་ཞིག་བྱེད་ཅེ ་ངོགས་པ་ལ། དེ་ཉིད་ཀྱིས་ནི་ཞེས་བྱ་བ་ལ་སོགས་པ་གསུམ་ཏ། རྡོ་ཉིད་ཀྱིས་གསུངས་པར་ཡོན་ཏན་དང་། རྡོ་རྗེ་བ་དང་གུང་བང་གཉིས་ཀྱང་བསམ་པར་བྱའོ།། ཚུལ་ཏི་མ་ཐག་ཏུ་དེ་དག་གི་ནང་དུ་ཙོ་ཞོག་བྱ་ཞེ་ན། དང་བྱོར་རིན་རྣམ་སྒོམ ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ།། འདིར་ར་བ་དང་གུར་འདི་གཉིས་འབའ་ཞིག་ངོས་དང་སྟེང་གི། བསྒྲིབ་གཡོགས་གསུངས་ཀྱི། ཡང་གནས་ནི་མ་ཡིན་ཏེ། དེའི་ཕྱིར་གང་དུ་རོ་བསྒོམ་པར་འགྱུར། དེ་ཡང་དང་པོའི་ཕྱིར་འདི་ཐམས ་ཅད་མཐུན་པར་དཀའོ་ཞེ་ན། དེའི་ཕྱིར་འདིར་བླ་མ་ལ་ཞུ་བར་བྱ་བ་འམ། བཤད་པའི་རྒྱུད་དུ་བཙལ་བར་བྱའོ།། དེ་ཡང་བཤད་པའི་རྒྱུད་དུ། ན་མཁའི་ཁམས་ནང་པདྨ་ལ།། ཉི་མོའི་དཀྱིལ་འཁོར་བསམ་པར་བྱ།། དེ་ལ་ཧཱུཾ་སྐྱེས་སྔོན་པོ་ནི།། བརྟུལ ་ས་ཅན་གྱི་ཕྱག་གཉིས་བསྒོམ། ཞེས་བྱ་བ་ལ་སོགས་པའོ།། དེ་ལ་འདི་ནི་མངོན་པར་རྟོགས་པའི་རིམ་པ་སྟེ། ན་མཁའི་ཁམསུ་པདྨ་འདབ་མ་བརྒྱད་པ་དམར་པོའོ།། དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར་རོ།། དེར་ནི་རོ་སྟེ། དེའི་སྙིང་ཁར་རྣམ་པ་ལྔ ་པོ་རྣམས་ཀྱིས་བཅོམ་ལྡན་འདས་བཞེངས་པར་སྦྱར་བར་བྱ་བའི་ཕྱིར། ཨཱ་ལི་ཟླ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨཱ་ལི་ཟླ་བའི་རྣམ་པས་ཡོངས་སུ་གྱུར་པ་ནི་ཨཱ་ལི་ཟླ་བའོ།། ཀཱ་ལྀ་ཉི་མ་ཞེས་བྱ་བ་ནི་ཀཱ་ལིས་ཉི་མའོ།། དེ་དག་གི་ནང་དུ་ས ་བོན་ནི་ཧཱུཾ་ངོ་།། དེ་ཉིད་སེམས་དཔའ་ཞེས་བྱ་བ་ལ་དེ་ཉིད་ནི་ཧཱུཾ་ངོ་།། སེམས་དཔའ་ནི་རྡོ་རྗེ་སེམས་དཔའོ།། མཆོག་ཏུ་དགའ་བའི་རང་བཞིན་ནི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱི་ཕྱིར་རོ།། དེ་ནས་ཅིར་འགྱུར་ཞེས་སྙམ་པ་ལ། ཁ་དོག་ནག་པོ་འཇིགས་ཆེན ་པོ། ཞེས་བྱ་བ་ལ་སོགས་པ་གསུང་སོ།། ཧཱུཾ་ལས་གྱུར་པའི་རྡོ་རྗེ་ནི། ཞེས་བྱ་བ་ནི་རྣམ་པར་དབྱེ་བ་ཕྱིས་པའི་ཚིག་ཅན་ནོ།། ལྷག་མ་གཞན་ན་གོ་སླའོ།། བཅོམ་ལྡན་འདས་བསྐྱེད་པ་ན་དེའི་རྣལ་འབྱོར་མ་རྣམས ་ལྟར་བྱ་ཞེས་སྙམ་པ་ལ། རང་གི་ལུས་མཚུངས་རྣམ་པར་སྤྲོ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ།། འདི་ལྟ་བུའི་བཅོམ་ལྡན་འདས་གང་དུ་ཅི་ཞིག་མཛད་ཅེས་སྙམ་པ་ལ། དུར་ཁྲོད་དུ་ནི་མགོན་པོ་རོལ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ ་དུ་ཁྲོད་ནི་གཉིས་ཏེ། ལུས་དང་ཡི་དགས་ཀྱི་གནས།། དེ་ལ་འཇིག་མེད་འཕྲོག་པ་ཙྪ་ཏ་ལ།། སྙིང་རྗེ་བྲལ་ཡིན་ཨ་ཤྲ་ཀ་ལ་ཆུ་བདག་ཉིད།། བྱང་ཆུབ་ཤིང་ལ་ལུས་ངན་པོ།། ཀཱ་རཉྫར་འབར་ལ་ཏཱ་ཛཱ་ཊཱ་ལ། མཚན་རྒྱུ་ཀ་ཀུ་བ་ཁཱ་ལ།། རླུང་སྟེ་ནྱ་གྲོ ་དྷ་ལ་འབྱུང་པོའི་བདག་པོ་ཉིད། ཅེས་ཕྱོགས་སྐྱོང་བ་བརྒྱད་པོ་རྣམས་ཀྱི་རང་གི་འཁོར་ཐམས་ཅད་བལྟ་བར་བྱའོ་ཞེས་བྱ་བ་ལ་སོགས་པ་བཤད་པོའི་རྒྱུད་དུ་གསུངས་པའི་མཚན་ཉིད་ནི་ཕྱི་རོལ་ཏེ། ཡི་དགས་ཀྱི་གནསུ་རབ་ཏུ་གྲགས་པའོ།། ལུས་ནི་ཡང ་ཇི་ལྟར་དུར་ཁྲོད་ཅེས་སེམས་པ་ལ། དབུགས་རྒྱུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་དབུགས་རྒྱུ་བ་དང་སྲོག་ཅེས་བྱ་བ་ནི་དུར་ཁྲོད་དེ་དཔལ་ཧེ་རུ་ཀའི་ལུས།། ཕྱག་གཉིས་པའི་བསྐྱེད་པ་འདི་ཇི་ལྟ་བར། ཕྱག་བཞི་པ་དང་། ཕྱག་དྲུག་པ་ཡང་དེ་བཞིན ་ཏེ། ཁྱད་པར་ནི་འདི་གཉིས་ཤེས་རབ་དང་བཅས་པའོ།། སློབ་དཔོན་མཁས་པ་སྦྱང་དཀའ་བའི་ཟླ་བས་མཛད་པ། ཀོ་མུ་དེ་ཞེས་བྱ་བའི་དཀའ་བགྲེལ་ལས། ལྷའི་ལེའུ་སྟེ། གསུམ་པའོ།། ། ལྷའི་ལེའུ་བཤད་ནས། དེ་དབང་བསྐུར་བ ་ལས་གྷ་ཞེས་བྱ་བ་ལ་སོགས་པ་གསུངས་ཏྭ། ལྡན་ལྔ་ཉིང་ང་སངས་རྒྱས་ཀྱི་གཟུགས་བརྙན་ནོ།། དེ་བསྐུར་བན་རབ་ཏུ་གནས་པ་སྟེ་ཡན་ལག་ཅན་པའོ།། དུནགས་པར་བྱེད་པ་ལ་ལྟ་དབང་འསྐུང་བར་འརྣས་པ་ཤད་པར་བྱུག། དངོན་དང་། ་པ་ཇི་ལྟར་ཐོས་ཤེས་སྣུམ་པ་ལ། རང་གི་སྙིང་ཁར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་གི་སྙིང་གར་སོན་པའི་རང་གི་ས་བོན་ལས་བྱུང་སྟེ། ལྕགས་ཀྱུ་ལྟ་བུའི་འོད་ཟེར་གྱིས་རྒྱལ་བ་རྣམས་སྤྱན་དྲངས་ནས། མ་མོ་རྣམས་ཀྱིས་མཆེད་དེ། རྗེས་སུ ་བླང་བར་བྱ་བ། ཨ་བྷི་ཥིཉྫ་ཏུ་མཾ་སརྦ་ཏ་ཐཱ་ག་ཏ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་དེ་དབང་བསྐུར་བར་འགྱུར་རོ།། ཧེ་རུ་ཀའི་གཟུགས་སུ་བྱས་པས་ཞེས་བྱ་བ་ནི་ཞལ་བརྒྱད་པ། ཞབས་བཞི་པ། ཕྱག་བཅུ་དྲུག་གིས་བརྒྱན་པ་རྣམས་ཀྱི་སོ།། ་བོར་རང་གི་རིགས་ཀྱིས་བདག་པོར་འགྱུརོ་ཞེས་བྱ་བ་ནི་འདི་ཅོད་པན་ལ་དབང་བསྐུར་བའི་མཚན་མ་རང་གི་རིགས་ཀྱི་བདག་པ་མི་བསྐྱོད་པར་འགྱུརརོ།། སློབ་དཔོན་མཁས་པ་དཔལ་སྦྱང་དཀའ་བའི་དཀའ་འགྲེལ་ལས་ལྷ་དབང་བསྐུར་བའི་ལེའུ་སྟེ། བཞི་པའོ།། ་ལྷ་གསུངས་ནས་དེའི་རིགས་བརྗོད་པར་བྱ་བའི་ཕྱིར། དེ་ཁོ་ན་ཉིད་ཀྱི་ལེའུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཁོ་ན་ནི་དེའི་དངོས་པོ་སྟེ་རིགས་ལྔའོ།། གང་དུ་གང་གསུངས་པ་དེ་ནི་དེ་ཁོ་ནའི་ལེའུའོ།། དེ་རྟོགས་པར་བྱ་བའི་ཕྱིར། ངོ་བོས་གཟུགས་མེད ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ནི་གཟུགས་སུ་ཡོད་པའི་མཚན་ཉིད་དོ།། དེ་ཡོད་པ་མ་ཡིན་པ་ནི་འབྱུང་བ་བཞི་ལ་གནས་པས་རང་གི་རང་བཞིན་དང་བྲལ་བའི་ཕྱིར་རོ།། ཡང་རྣམ་པར་ངེས་པ་ལས་གསུངས་པ། གཟུགས་གང་ཡིན ་པ་ཅི་ཡང་རུང་བ་དེ་ཐམས་ཅད་གཞན་དུ་མི་འཐད་པའི་ཕྱིར་རམ། རྗེས་སུ་འགྱུར་བའི་ཕྱིར་རམ། གནས་སྐབས་ཐམས་ཅད་དུ་འབྱུང་བ་ཆེན་པོ་བཞི་རྣམས་གཟུང་ནས་རིག་པར་བྱའོ་ཞེའོ།། གཟུགས་ཀྱི་སྟོང་པ་ཉིད་ཀྱི་ཕྱིར། ་གཟུགས་ཀྱི་ཕུང་པོར་ལྟ་བ་ལ་སོགས་པའི་ཡུལ་ཅན་རྣམས་ཀྱང་བསྡུས་པའོ།། སྒྲ་ལ་སོགས་པའི་ཡུལ་རྣམས་ཀྱང་སྟོང་པའོ།། དེ་ཉིད་དུ་ཡང་གསུངས་པ། གཟུགས་ནས་གཟུང་བའི་ཡུལ་དྲུག་པོ་རྣམས་དང་དབང་པོ་དྲུག་པོ་རྣམ་སོ་ཞེའོ།། སེམས་ནི ་ཀུན་བཞི་རྣམ་པར་ཤེས་པ་སྟེ་རང་བཞིན་སྟོང་པའོ།། དེའི་ཡང་དག་མ་ཡིན་པའི་ཕྱིར། གཞི་ལ་སོགས་པའི་སེམས་པར་བྱ་བ་ཚད་མ་མ་ཡིན་ནོ།། གཟུང་བའི་ངོ་བོ་ནི་གཟུགས་དང་སྒྲ་ལ་སོགས་པའོ།། སེམས་ཀྱི་བདག་པོ་སྔོན་དུ་འགྲོ་བ་ཅན་གྱི་འཛིན ་ག་གི་དབང་པོ་ལ་སོགས་པའི་རྣམ་པར་ཤེས་པ་ལྔ་པོ་དོན་དམ་པར་འདི་དག་ཐམས་ཅད་ད་ཡང་དག་པ་མ་ཡིན་ནོ།། གཟུགས་ལ་སོགས་པ་ཡང་དག་མ་ཡིན་ཡང་། ཡང་དག་པ་ལྟ་བུར་འདོད་པ་དེ་དེའི་ཚེ་གང་ཡིན། དེ་མི་དམིགས་པ་ཡང་དག ་པ་ཇི་ལྟ་བུ་ཞེས་ངོགས་པ་ལ། བཤད་པའི་རྒྱུད་ལས། རྣམ་ཤེས་ཡེ་ཤེས་སེམས་ཀྱིས་ནི། མཚན་གཞི་མཚན་ཉིད་མཚོན་པར་བྱ་བས་བྱ་བ་ལ་སོགས་པ་གསུངསོ།། ཅི་དེ་ལྟར་ཡང་འགྱུར་ཞེས་སྙམ་པ་ལ་རང་འདོད་ལྷ་ཡི་རྣལ་འབྱོར་བྱ།། མཚན ་ཞི་མངོན་སུམ་བྱ་བ་ཉིད།། རྫོགས་པ་དེ་ཡི་མཚོན་བྱ་ལ།། གནས་གསུམ་དེ་ཡི་རང་བཞིན་འགྱུར། ཞེས་གསུངས།། དེ་ལྟར་གལ་ཏེ་དགེ་བས་ཆོ་ག་སྟེ། དེའི་ཕྱིར་གང་དུ་ཡང་མཚོན་པར་བྱ་བ་འདི་མངོན་དུ་བྱ་ཞེས་དོགས་པ་ལ་མཚོན་པའི་གནས ་ནི་སྐྱེད་བྱེད་མ་དང་། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་ནི་བླ་མས་འདི་ལ་གསང་བ་སྐྱེད་པར་བྱེད་པའི་ཕྱིར། མ་ནི་ཤེས་རབ་བོ།། སྙིང་མོ་ནི་ལྷན་ཅིག་ཉན་པ་མའོ།། མཆོད་པ་ནི་མཉེས་པ་བསྐྱེད་པར་བྱའོ།། རྣལ་འབྱོར་རིག་པ་ཞེས་བྱ་བ་ནི། ་མཉེས་པར་བྱེད་པའི་སྙོམས་པར་འཇུག་པའི་བསྟན་བཅོས་ཀྱི་སྦྱོར་བ་མཐོང་བའོ།། མ་དང་སྲིང་མོ་དེ་ཡང་གང་ཞེས་དོགས་པ་ལ། གར་མ་ཆོས་མ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། བཤད་པའི་རྒྱུད་ལས་གསུངས་པའི་ཡང་ཕྱག་རྒྱ་རབ་ཏུ་དབྱེ་བའི ་ཕྱིར། མ་ནི་སྐྱེ་གཉིས་དེ་བཞིན་གཤེགས།། བུ་མོ་གཡང་མོར་བརྗོད་པ་ཡིན།། མནའ་མ་གདོལ་པ་མོར་ཤེས་བྱ།། སྲིང་མོ་གར་མར་བརྗོད་པ་ཉིད།། སྲིང་མོའི་བུ་མོ་ཚོས་མ་སྟེ། ཞེས་བརྡའི་སྐད་གསུངས་སོ།། དགེ་བའི་མཆོད་པ་རབ་ཏུ་དབྱེ་བའི་ཕྱིར།། ་ཐབས་དང་ཤེས་རབ་ཆོ་ག་ཡིས་ཞེས་བྱ་བ་གསུངས་ཏེ། པས་ནི་རང་ངོ་།། ཤེས་རབ་ནི་དེ་རྣམ་སོ།། དེ་དག་གི་ཆོ་ག་ཇི་ལྟ་བ་དེས་ནི་ཐབས་དང་ཤེས་རབ་ཆོ་ག་ཡིས། མཆོད་པ་པོ་ནི་ཇི་ལྟ་བུ་ཞེ་ན། དེ་ཉིད་བསྡུས་པས་ཞེས་བྱ་བ་ནི། དེ་ཁོ་ཉིད་གཅིག ་པུ་འདོད་པའོ།། དེ་ཁོ་ན་ཉིད་ཤེས་པར་འདོད་པས་འདི་རྣམས་ཉིད་ཇི་ལྟར་ན་མཆོད་པར་བྱ་ཞེས་དོགས་པ་ལ། རིགས་ལྔའི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིགས་ལྔ་པོ་རྣམས་ནི་ཕྱག་རྒྱ་ལྔ་པོ་རྣམསོ།། གྲོལ་བར་འདོད་པ་ལ་རིགས་ཀྱིས ་ཅི་ཞིག་བྱ་ཞེས་དོགས་པ་ལ། ཐར་པའི་རྒྱུར་ནི་བརྗེད་པར་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐར་པ་ནི་བསྒྲུབ་བྱའོ།། རྒྱུར་ནི་ཞེས་བྱ་བ་ནི་དེ་ཉིད་ལས་ཕྱིར་ལོག་པ་དེ་རྣམས་ཀྱི་སྒྲུབ་པའི་ཆོ་ག་ལ་སྟེ། དེ་བས་ན་ཐར་པའི་རྒྱུས་སོ།། བུད་མེད་ནི ་རིགས་ཡོན་དུ་ཟིན་ཀྱང་། ཡང་ཕྱག་རྒྱ་ཇི་ལྟར་ཡིན་ཞེས་སྙམ་པ་ལ། རྡོ་རྗེས་གདབ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྡོ་རྗེ་གདབ་པ་དང་། བསྒྲེང་བའི་ཕྱིར་ཕྱག་རྒྱ་ནི་ཟང་མེད་དོ། རྡོ་རྗེ་གཞུག་པའི་གནས་ཡིན ་གྱི། ཡང་ཕྱག་རྒྱ་ནི་ཕྱག་རྒྱས་གདབ་པ་དང་། མཚན་མ་ནི་མ་ཡིནོ།། དེ་རྣམས་ཀྱི་རིགས་ཀྱི་མིང་ཅི་ཞེས་སྙམ་པ་ལ། རྡོ་རྗེ་པདྨ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཅི་རིགས་རྣམས་ནི་དེ་ཙམ་ཁོ་ནར་བྱ་སྙམ་པ་ལ་དམ་པའོ་ཞེས་བྱ་བ་གསུང ་ཏེ། རིགས་རྣམས་མང་དུ་ཟིན་ཀྱང་། འོན་ཀྱང་འདིར་ཐམས་ཅད་བསྡུ་བར་བྱ་བ་ལྔ་པོ་ཉིད་མཆོག་ཏུ་གསུངསོ།། ཇི་ལྟ་བུ་རིགས་ཇི་ལྟ་བུ་ཞེས་སྙམ་པ་ལ། རྡོ་རྗེ་གཡུང་མོ་ཞེས་བྱ་བ་ལ་སོགས་པ་གསུངསོ།། རིགས་འདི་རྣམས་གང་རྣམས་ཀྱི་ཞེས ་སྙམ་པ་ལ། དེ་བཞིན་གཤེགས་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པའི་སྒྲ་འདི་ནི་ཌཏྶི་དང་ཌ་བཏྣཱི་ལ་སོགས་པ་ལྟ་བུར་བསྟན་པ་མེད་པ་ནི་མ་ཡིན་ཏེ། འོན་ཀྱང་མ་ཧེ་དང་རྨ་བྱ་ལ་སོགས་པ་ལྟ་བུར་བསྟན་པའི་ཕྱིར་དང་། ་བསྟན་པར་བྱ་བར་བཤད་བའི་ཕྱིར། དེ་བཞིན་ཉིད་དུ་གཤེགས་ཤིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགེ་བ་རྣམས་དང་། མི་དགེ་བ་རྣམས་དང་། ལུང་དུ་མ་བསྟན་པ་རྣམས་ཀྱི་ཆོས་རྣམས་ཀྱི་དབྱེ་བའི་ཕྱིར། དེ་བཞིན་ཉིད་གསུམ་མོ།། ་ཡང་ན་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། དོན་དམ་པ་དང་། ཡང་དག་པའི་མཐའ་དང་། ཆོས་ཀྱི་དབྱིངས་ཞེས་བྱ་བ་རྣམ་པ་ལྔའོ།། དེ་དེ་ལྟར་འགྱུར་བའི་དེ་བཞིན་ཉིད་དུ་བྱོན་པའམ། གཤེགས་པ་ནི་དེ་བཞིན་གཤེགས་པའོ།། དཔལ ་ལྡན་ཞེས་བྱ་བ་ནི། ཚོགས་གཉིས་ཕུན་སུམ་ཚོགས་པའོ།། ཅི་དེ་ལྟ་བུར་ཡང་རྟོགས་ཞེས་སྙམ་དུ་དོགས་པ་ལ། རིགས་དང་འབྱུང་བ་ལྔ་རྣམས་ནི། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ལ་སོགས་པ་བཕུང་བ་ལྔ་པ་རྔ་རྣམས་ཉད་ཀྱ་རང་མ ་སྟེ། རྣམ་པ་ཡོད་པར་འགྱུར་བ་དེ་རྣམས་དང་། གང་དག་ཕུང་པོ་ལྔའི་རང་གི་ངོ་བོ་རྣམས་ཏེ། དེ་རྣམས་ཀྱི་ཕུང་པོ་ལྔའི་རང་གི་ངོ་བོ་ཅན་རྣམས་ཀྱི་ཕུང་པོ་ལྔར་གྱུར་པ་རྣམས་ཀྱི་རིགས་རྣམས་ཀྱི་ཕྱག་རྒྱ་འདི་རྣམས་མི་ཕྱེད་པའི་ཕྱིར་ཡང་རིགས་རྣམས་ཏེ། དེ་བཞིན ་གཤེགས་པས་དེ་བཞིན་ཉིད་བརྙེས་པ་དེ་ལྟ་བུའི་རང་བཞིན་ཞེས་བྱ་བ་ཇི་སྙེད་པའོ།། འབྱུང་བ་རྣམས་ནི་ས་ལ་སོགས་པ་རྣམསོ།། ཕུང་པོ་ནི་གཟུགས་དང་ཚོར་བ་ལ་སོགས་པ་རྣམསོ།། དེ་བཞིན་ཉིད་ཀྱི་མི་མཐུན་པའི་ཕྱོགས་སུ་གྱུར་པ་དེ་རྣམས་ཇི་ལྟར་དེའི ་རང་བཞིན་ཡིན། ཡང་དག་པའི་ཕུང་པོ་ལྔ་པོ་རྣམས་ལ་གང་གི་ཕྱིར་བསྒོམ་པར་བྱ་བ་དང་། སྐེམ་པ་པོ་འདི་དགག་པར་བྱ། དེ་བས་ན་ཕུང་པོ་ལྔའི་རང་གི་ངོ་བོ་ཅན་རྣམས་ཀྱི་ཕྱིར། སྒོམ་པ་པོ་མེད་སྒོམ་པའང་མེད། ཅེས་བྱ་བ་ལ་སོགས་པ་ཡང་འཐད་པར ་མི་འགྱུར་རོ།། དེ་ལ་འདི་ནི་དགོངས་པ་སྟེ། འབྱུང་བའི་བདག་ཉིད་ཕུང་པོ་ལྔ་པོ་རྣམས་ལ་དེའི་རང་བཞིན་གྱི་ཕྱིར། དེ་བཞིན་གཤེགས་པ་རྣམས་འཇིག་པ་ནི་མེ་དང་མཚུངས་པས་ཕུང་པོའི་བུད་ཤིང་རྣམས་སྲེག་པར་བྱེད་དོ་ཡང་གསུངས་པ། གང་ཞིག་གང ་གིས་ཟ་བར་གྱུར་པ་དེ་རྣམས་དེའི་ངོ་བོ་བུད་ཤིང་བསྲེག་པའི་རིགས་པའི་ཕྱིར། རྒྱལ་བའི་གར་དེ་ཉམས་དགའ་བར་འགྱུར་ཏེ། དེའི་ཕྱིར་འདི་ཐམས་ཅད་འགལ་བ་མེད་དོ།། གལ་ཏེ་དེ་ལྟར་དེ་བཞིན་ཉིད་ཀྱིས་བརྫུན་པར་བྱས་པ་དེའི་ཚེ། སྣ་ཚོགས་ཅུང་ཟད ་ཀྱང་ཡོད་པ་མ་ཡིན་ནོ།། དེའི་ཕྱིར་སྔགས་དང་། རྒྱུད་དང་མན་ངག་འདིའི་དོན་ཅི་ཞེས་དོགས་པ་ལ། སྔགས་དང་ལྷ་དག་ཡང་དག་གནས། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་དང་ལྷ་དག་མི་གནས་པ་ཉིད་མ ་ཡིན་མོད་ཀྱི་འོན་ཀྱང་སྤྲོས་པ་མེད་པའི་རང་བཞིན་ལས་ཤེའོ།། འདི་ནི་དགོངས་པ་སྟེ། དེ་བཞིན་ཉིད་ཀྱིས་སྤྲོས་པ་ཕྱག་དང་ཞལ་དང་དབྱིབས་ལ་སོགས་པ་གཞན་དུ་བརྟགས་པ་འཇོམས་པར་འགྱུར་གྱི། ཡང་རང་བཞིན་ལས་བྱུང་བའི་ཆོས་ཐམས ་ཅད་ཀྱི་རང་བཞིན་སྤྲོས་པ་དང་བྲལ་བ་ནི་མ་ཡིན་ནོ།། ཡང་གསུངས་པ། གང་ཚེ་ལས་ཀྱིས་ལུས་བཅོམ་པ།། དེ་ལྟར་ལྷ་རུ་འགྱུར་བ་ཡིན།། ཇི་སྲིད་ལས་དང་ལས་མིན་འགྱུར།། དེ་སྲིད་ལུས་ལ་རྣམ་པར་གནས་ཤེའོ།། གང་དག་རིགས་འདི་རྣམས ་ཀྱི་དེ་བཞིན་གཤེགས་པ་དེ་རྣམས་ཀྱི་མཚན་ཅི་ཞེས་བྱ་སྙམ་པ་ལ། རྣམ་སྣང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་སྣང་མཛད་ནས་བརྩམས་ཏེ། སེམས་དཔའ་ཆེན་པོའི་མཐར་ཐུག་པ་དེ་བཞིན་གཤེགས་པ་དྲུག་པོ་རྣམས་གསུངས་སོ།། ་དེ་ལ་རྣམ་པར་སྣང་མཛད་ནི་གང་། གཞན་ནི་གང་ཞེས་དོགས་པ་ལ། རྗེས་སུ་རིམས་པས་ཚངས་པ་ཞེས་བྱ་བ་ལ་སོགས་པ་གསུང་སོ།། ཇི་ལྟར་དེ་ལྟར་འགྱུར་ཞེས་དོགས་པ་ལ། ཚངས་པ་སྒྲིབ་བྲལ་སངས་རྒྱས་ཉིད། ཅེས་བྱ་བ་ལ་སོགས་པ་གསུང ་ཏེ། སྒྲིབ་བྲལ་ནི་མྱ་ངན་ལས་འདས་པ་སྟེ། ནུབ་པར་གྱུར་པ་དང་། ཅི་ཡང་མི་ནུས་པ་དང་། འོད་གསལ་བ་ཞེས་བྱ་བ་ཇི་སྙེད་པ་སྟེ། དེའི་ཕྱིར་སྒྲིབ་པ་དང་བྲལ་བའི་ཕྱིར་ཚངས་པ་ནི་སངས་རྒྱས་རྣམ་པར་སྣང་མཛད་དུ་འགྱུར།། ཆོས་ཐམས་ཅད ་ལ་དེའི་ངོ་བོའི་ཕྱིར་རམ། འཇུག་པའི་ཕྱིར་ཁྱབ་འཇུག་ནི་མི་བསྐྱོད་པའོ།། རྟག་ཏུ་སེམས་ཅན་གྱི་དོན་གྱི་བྱ་བ་བྱེད་པའི་ཕྱིར། ཞི་བ་ནི་དོན་ཡོད་གྲུབ་པའོ།། རྒྱུའི་ཕྱིར་རམ་རྗེ་སུ་འགྱུར་བའི་ཕྱིར་ཀུན་གྱི་བདག་ཉིད་ལ་གནས་པའི་ཕྱིར་ཐམས ་ཅད་ནི་རིན་ཆེན་འབྱུང་གནས་སོ།། དམ་པའི་བདེ་བའི་རྒྱུའི་ཕྱིར་དམ་པའི་བདེ་བ་སྟེ། དེའི་དངོས་པོ་ནི་དེ་ཁོ་ནའོ།། དེ་བས་ན་དམ་པའི་བདེ་བ་ཉིད་ཀྱི་ཕྱིར་དེ་ཉིད་ནི་འོད་དཔག་ཏུ་མེད་པའོ།། དགའ་བ་ལས་བ་པ་ཆེན་པོའི་ཕུན་སུམ་ཚོགས་པོ་རྟོགས་པའི ་ཕྱིར་རྣམ་པར་སངས་རྒྱས་ནི་སེམས་པ་པོ་སྟེ། སེམས་དཔའ་ལས་སྐྱེས་པས་རིགས་ཐམས་ཅད་སྡུད་པ་ནི་སངས་རྒྱས་དྲུག་པའོ།། དེ་བཞིནི་ཉིད་དུ་གཤེགས་པའི་ཕྱིར་རྣམ་པར་སྣང་མཛད་ལ་སོགས་པ་འདིའི་དེ་བཞིན་གཤེགས་པ་ཉིད་ནི ་རིགས་ན། ལྷ་ཉིད་ནི་ཡང་ཇི་ལྟར་ཡིན་ཞེས་དོགས་པ་ལ། ལུས་ལས་འབྱུང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་དེ་བཞིན་གཤེགས་པ་ཉིད་གྲུབ་པའི་ངེས་པའི་ཚིག་གིས། དེ་བཞིན་ཉིད་ཀྱི་ཉིད་ཕྱེ་བ་དེ་བཞིན་དུ། འདིར་ཡང ་ལུས་ལ། ཧ་ནི་ཝར་བྱས་ཏེ། དེ་བས་ན་ལྷ་ཞེས་བྱ་བར་འགྱུ་རོ།། དེ་བཞིན་གཤེགས་པ་དང་ལྷའི་ལུས་གསུངས་པ་ཡིན་དུ་ཟིན་ཀྱང་། བཅོམ་ལྡན་འདས་ཡང་ཇི་ལྟར་ཡིན་ཞེས་དོགས་པ་ལ། འདི་ལ་བྷ་ག་མངའ་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། འདི་ནི་གླེང་གཞིའི་ཚིག་ཏུ་བཤང་།། མ་དང་སྲིང་མོ་ལ་སོགས་པར་གྱུར་པ་རྣམས་ཀྱི་གར་མ་དང་། ཆོས་མ་ལ་སོགས་པ་ཕྱག་རྒྱ་ལྔ་པོ་རྣམས་ཀྱི་ཤེས་རབ་ཉིད་རྟོགས་པར་བྱ་བའི་ཕྱིར། མ་ནི་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། འདིར་སྣ་ཚོགས་ཀྱིས་སྐྱེད་པར་བྱེད་པའི་ཕྱིར་མ་ན་ཤེས་རབ་ཏུ་མངོན་པར་བརྗོད་པར་བྱའོ།། དེ་བཞིན་གཤེགས་པ་ལྔ་པོ་རྣམས་དང་། དྲུག་པ་སྙིང་རྗེའི་ཆ་རྣམས་དང་། བསྙེན་པའི་ཕྱིར་སྙིང་ཚོན།། འདོ ་ཆགས་ཀྱི་རང་བཞིན་གྱིས་སྐྱེ་བོ་དགའ་བར་བྱེད་པའི་ཕྱིར་བཙོ་བླག་མའོ།། སངས་རྒྱས་ཀྱི་ཡོན་ཏན་མ་ལུས་པར་འཇོ་བའི་ཕྱིར་བུ་མོའོ།། ཐམས་ཅད་དུ་འགྲོ་བའི་ཕྱིར་དང་གཡོ་བའི་ཕྱིར་ཀར་མའོ།། སྟོང་པའི་ཕྱིར་དང་རེག་པའི་སྦྱོར་བ་མེད་པའི ་ཕྱིར་གཡུང་མོའོ།། ཐམས་ཅད་དངོས་པོ་མེད་པའི་མཚན་ཉིད་ཀྱི་གཏུམ་པའི་ལས་བྱེད་པའི་ཕྱིར་དང་། ནུས་པའི་ཕྱིར་གདོལ་པ་མོ་ནི་ཤེས་རབ་ཉིད་དུ་གསུངསོ།། ལྷའི་དེ་ཁོ་ན་ཉིད་གསུངས་ནས། དེ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་བརྗོད་པའི་ཕྱིར ་བརྗོད་པ་བཟླས་པ་ཡང་དག་བཤད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་དམ་པར་སྔགས་ཀྱི་བྱེ་བྲག་མ་བྱུང་བའི་ཕྱིར། གང་སྨྲས་པ་ཉིད་དེ་བཟླས་པའོ།། གཏན་ཚིགས་གསུངས་པ། ཨཱ་ལི་ཀཱ་ལི་རབ་སྨྲས་པ། ཞེས་བྱ་བ་ནི། ཨཱ་ལི་དང ་ཀཱ་ལི་དག་ལས་གཞན་དུ་སྨྲ་བར་མི་འགྱུར་བའི་ཕྱིར་ཏེ། འོན་ཀྱང་ཨཱ་ལི་དང་ཀཱ་ལི་དག་ཉིད། དེ་བས་བཟླས་པ་འགྲུབ་བོ། ཅི་བཟླས་པར་ནི་གྲུབ་པ་ཉིད་ནས་ཡང་སྔགས་ཀྱི་བཟླས་པ་ནི་མ་ཡིན་ཏེ། སྔགས་ཉིད་དུ་ཨཱ་ལི་དང་ཀཱ་ལི་དག་ནི་མི་འདོད ་པའི་ཕྱིར་རོ།། སྔགས་ཀྱི་ལེའུ་ལས་སྔགས་ཅུང་ཟད་གསུངས་པའི་ཕྱིར། དེ་རྣམས་ཀྱི་གང་སྨྲས་པ་དེ་སྔགས་ཀྱིས་བཟླས་པ་ཡིན་གྱི། ཡང་ཨཱ་ལི་དང་ཀཱ་ལི་ངག་ནི་མ་ཡིན་ནོ།། ཞེས་བཅོམ་ལྡན་འདས་ལ་མ་མཁས་པ་རྣམས་ཀྱིས་བརྒལ ་བ་ངའི་ལན་གདབ་པར་དེ་མ་ཐག་ཏུ་གསུངས་པ་འང་དྲན་པར་བྱ་སྟེ། སྤྲོས་པ་མེད་པའི་རང་བཞིན་ལས།། སྔགས་དང་ལྷ་ནི་ཡང་དག་གནས་ཤེའོ།། སྔགས་ཀྱི་ལེའུ་ལས་ནི་སྤྲོས་པ་གསུང་སོ།། སྤྲོས་པ་མེད་པ་ནི་འདིར་བརྗོད་པར་བྱ་སྟེ། པད་ན ་ཚན་བརྒྱད་རྣམས་ཀྱིས།། སྡེ་ཚན་གཙོ་བོ་ཡོངསུ་བསྐོར།། དེ་སྒྲ་སྔགས་ཞེས་གསུངས་པ་ནི།། སྣ་ཚོགས་གདུང་བར་རྣམ་འབྱུང་བ།། སྔགས་དང་རྒྱུད་དང་དངོས་གྲུབ་རྣམས།། དེ་ཉིད་ལས་ནི་འབྱུང་བར་འགྱུར། ཡང་གསུངས་པ། གང་ཞིག་ཅུང་ཟད ་ཚིག་རྒྱས་པ།། སྐྱེ་བོ་རྣམས་ཀྱི་རྟོགས་བྱ་བ།། དེ་ཀུན་སྔགས་ཀྱི་ངོ་བོའི་ཕྱིར།། དེ་ཉིད་ལས་ནི་སྐྱེ་བར་འགྱུར།། གང་ཞིག་རལ་གྲི་མིག་སྨན་རྐང་བྱུག་རི་ལུ་རྐང་འོག་གནོད་སྦྱིན་ཡན་ལག་མ།། འཇིག་རྟེན་གསུམ་གྱི་ནང་དུ་གནས་པ་དངུལ་ཆུར་གྱུར་པ། ་ལས་ཀྱི་རྗེས་འགྲོ་གྲུབ།། གང་ཞིག་རྫུ་འཕྲུལ་ཆེན་པོ་ཐམས་ཅད་རང་གི་གནས་སུ་འདོད་བཅས་སྒྲུབ་པ་ཡང་།། དེ་རྣམས་སྡེ་བརྒྱད་ནང་འགྲོ་དབྱངས་མཆོག་སྡེ་མཚན་བདག་ཉིད་ཅན་ལས་འབྱུང་གྱུར་པ་ཞེའོ།། གསུངས་པ་དང་། འཆང་པར་འགྱུར་བའི ་དཀྱིལ་འཁོར་ལ་མངོན་པར་ཞེན་པ་སུན་དབྱུང་བའི་ཕྱིར། རྐང་པའི་རྗེས་ནི་དཀྱིལ་འཁོར་ཡིན། ཞེས་བྱ་བ་ལ་སོགས་པ་གསུངསོ།། ཉེད་ཕྱིར་ཞེས་བྱ་བ་ནི་ཉེད་པ་ལས་སྐྱེས་པ་སྟེ། རྐང་པས་འདྲི་བའི་དཀྱིལ་འཁོར་རོ།། ལག་པ་སྦྱར་བ་ཕྱག་རྒྱ་ཞེས ་བྱ་བ་ནི་ལག་པའི་མཚན་མའོ།། སོར་མོ་ཉེད་པ་ཇི་ལྟ་བས་ཞེས་བྱ་བ་ནི་གང་གི་ཕྱིར་སེན་མོ་བསྐུལ་བའི་ཁྱད་པར་རོ།། བསམ་གཏན་གྱི་བསམ་པའི་རང་བཞིན་གྱི་ཕྱིར་གང་སེམས་དཔའ་དེ་བསམ་པར་བྱ་བའོ།། སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར ་རྣལ་འབྱོར་པས་ཅི་བཟའ་ཞེས་དོགས་པ་ལ། ཇི་ལྟར་ཕ་ལ་བདེ་ཐོབ་པ། དེའི་བདེ་བ་ཟ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མེད་པའི་དངོས་པོ་མེད་པའི་ཕྱིར་སྐྱེད་པ་པོ་ཕལ་ཞེས་བདུན་པའི་མཐའ་ཉིད་དོ།། དེའི་བདག ་ཉིད་ནི་དེའི་བདེ་བ་སྟེ་ཟ་ཞེས་བྱ་བ་ཇི་སྲིད་པའོ།། འཆི་བ་ནི་ལས་ཀྱི་ལུས་འཇིག་པ་སྟེ། དེ་གང་གི་འགྱུར་བ་དེའི་བདེ་བ་ནི་བསམ་གཏན་ནོ།། སློབ་དཔོན་མཁས་པ་དཔལ་སྦྱང་དཀའ་བའི་ཟླ་བས་མཛད་པ། ཀཽ་མུ་དི་ཞེས་བྱ་བའི་དཀའ་འགྲེལ་ལས། དེ་ཁོ་ན ་ཉིད་ཀྱི་ལེའུ་སྟེ། ལྔ་པའོ།། །། རྒྱལ་ཚབ་ཀྱི་གནས་དབང་དུ་བྱ་བ་དེ་ཁོ་ན་རིག་པའི་རྣལ་འབྱོར་པའི་སེམས་ཅན་རྗེ་སུ་གཟུང་བ་དང་། ངེས་པར་སེམས་པའི་ཕྱིར་ལེའུ་དྲུག་པ་གསུངས་པ། སྤྱོད་པ་ཕ་རོལ་ཕྱིན་ཅེས་བྱ་བ་ལ་སོགས་པ ་ལ། སྤྱོད་པ་ནི་རྒྱུ་བ་སྟེ། གནས་དང་ཉེ་བའི་གནས་སུ་ཡོངསུ་འགྲོ་བའོ།། ཕ་རོལ་ཕྱིན་པ་ནི་སོ་སོའི་སྐྱེ་བོ་ཤིན་ཏུ་སྤངས་པའོ།། མཆོག་ནི་དམ་ཚིག་གི་ཚོགས་ཏེ། སྒྲུབ་པ་པོ་རྣམས་ཀྱི་ནུས་པ་རྣམས་ཀྱི་ཤིན་ཏུ་ལེགས་པའོ།། སེམས་ཅན་རྗེས་སུ ་གཟུང་བ་དང་ངེས་པར་སེམས་པའི་ཕྱིར་ཐབས་མང་པོ་ཡོད་ན་ཅིའི་དོན་དུ་ཡང་ཡོངསུ་འགྲོ་བས་ཁམས་ཟད་པར་བྱེད་པའི་སྤྱོད་པ་འདི་བཅོམ་ལྡན་འདས་ཀྱིས་གསུངས་སྙམ་པ་ལ། གང་གིས་དངོས་གྲུབ་མཐར་འགྲོ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ་གང་གི་ཕྱིར་སྤྱོད་པ་འདིས་ཀྱེའི་རྡོ་རྗེའི་རྒྱུད་འདིར་གསུངས་པའི་གྲུབ་པའི་གནས་བཅུ་གཉིས་པོ་རྣམས་ཀྱི་མཐར་ཐུག་པར་འགྲོ་བར་འགྱུར་རོ།། ཡང་ན་གནས་དེ་ལ་གནས་པའི་གྲུབ་པའི་སྐྱེས་བུ་རྣམས་ཀྱི་འམ། གྲུབ་པའི་རྣལ་འབྱོར་མ་རྣམས་ཀྱི་མཐར ་དང་ཉེ་བར་འགྲོ་བར་འགྱུར་རོ།། དེ་ལ་ཡང་ཅིའི་ཕྱིར་ན་འགྲོ་བར་འགྱུར་ཞེས་དོགས་པ་ལ། དངོས་གྲུབ་རྒྱས་ཞེས་གསུངས་ཏེ། དངོས་གྲུབ་ནི་སངས་རྒྱས་ཉིད་དེ། དེའི་རྒྱུ་ནི་རྣལ་འབྱོར་མའོ།། གང་གི་ཕྱིར་རིམ་གྲོ་བྱེད་པ་དང་། བསྙེན་བཀུར་བྱེད་པ ་འམ། དེ་དང་ལྷན་ཅིག་གྲུབ་པའི་ཕྱིར་རོ།། ཡང་གསུངས་པ། གནོད་སྦྱིན་དྲི་ཟ་ལྷ་མིན་ཆུ་འཐུང་གི། གང་ཡང་མངོན་པར་འདོད་པ་བླངས་ནས་ནི།། བུ་མོ་རིམ་གྲོར་བཅས་པའི་ཕྱིར།། རྣལ་འབྱོར་མ་ཡི་ནུས་པར་སྦྱར།། མི་ཡི་ཕྱག་རྒྱར་བླངས ་ནས་ནི།། དེ་ལ་ཆོས་ནི་རབ་ཏུ་དབྱེ།། དེ་དང་ལྷན་ཅིག་དངོས་གྲུབ་འགྱུར།། ཕྱག་རྒྱ་ཆེན་པོ་ཞེས་སུ་བརྗོད། ཅེས་བྱ་བ་ལ་སོགས་པའོ།། རྒྱལ་ཚབ་ཀྱི་རྒྱན་ནི་སྒོམ་པ་པོ་ཡིས་རྣམ་གཟུང་བ་ཞེས་བྱ་བ་ལ་སོགས་པ་གསུངསོ།། རྒྱལ་ཚབ་ཀྱི་གནས ་ལ་དབང་བར་འོས་པའི་རྒྱུ་བསྒོམ་རྗེམནས་ནོ་ང་རྫིས་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤིང་གཅིག་ནི་གཉིས་པ་མེད་པའོ།། དུར་ཁྲོད་ནི་སྲོག་སོང་བའི་གནས་སོ།། མ་མོའི་ཁྱིམ་ནི་ཚངས་མ་ལ་སོགས་པ་མ་མོ་བདུན་གྱི་གནས་སུའོ།། མཚན་མ ་ནི་དུས་མ་ཡིན་པ་ནའོ།། དབེན་པ་ནི་སྐྱེ་བའོ།། བས་མཐའ་ནི་ལམ་རིང་བའོ།། སྒོམ་པ་ནི་རང་གི་ལྷ་མངོན་དུ་བྱེད་པའོ།། ཡང་ན་ཤིང་གཅིག་ཅེས་བྱ་བ་ནི། ཤིང་ཡང་ཡིན་ལ་གཅིག་ཀྱང་ཡིན་པ་ནི་ཤིང་གཅིག་གོ།། དེ་ལས་གཞན་པ་མི་དམིགས ་པའི་ཕྱིར་གཅིག་གོ།། ཤིང་དང་ཆོས་མཐུན་པའི་ཕྱིར་ཤིང་ངོ་།། ཤིང་གིས་ནི་འབྲས་བུ་དང་འདབ་མ་ལ་སོགས་པ་ཕུན་སུམ་ཚོགས་པ་རྣམས་ཀྱིས་སེམས་ཅན་རྣམས་ལ་ཕན་པར་བྱེད་དོ།། དེ་བཞིན་དུ་འབྲས་བུ་ལ་སོགས་པར་གྱུར་པ་དམར་པ་དང་། ་འབྲིང་དང་། མཆོག་གི་དངོས་གྲུབ་རྣམས་ཀྱིས་འདིས་ཀྱང་ཞེའོ།། ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྒྱུ་རང་བཞིན་གྱིས་འོད་གསལ་བའི་རྣམ་པར་རང་གི་རྣམ་པ་ལྟ་བུ་ནི་ཤིང་གཅིག་ཅེས་གསུངས་ཏེ། དེར་ནི་ཤིང ་གཅིག་ལའོ།། ཡང་གསུངས་པ། ཁ་དོག་ཅན་གྱི་སྒྲིབ་པ་རྣམས།། ཞེན་པ་མེད་པའི་སེམས་ཀྱིས་ནི།། བ་སྤུའི་ཁུང་བུའི་རྩེ་བུག་ནས།། ཕྱོགས་བཅུ་དག་ཏུ་འབྱུང་བར་འགྱུར། ཞེའོ། དུར་ཁྲོད་ཅེས་བྱ་བ་ནི་འདིར་དབུགས་རྒྱུ་ཞེས་བསྟན ་པའི་ཕྱིར། རང་གི་ལུས་ནི་དུར་ཁྲོད་།། ཡང་ན་རུས་པའི་དུམ་བུ་ལ་སོགས་པའི་གནས་ཀྱི་ཕྱིར། དུར་ཁྲོད་ལྟ་བུ་ནི་དུར་ཁྲོད་དོ།། མ་མོའི་ཁྱིམ་ཞེས་བྱ་བ་ལ། མ་མོ་ནི་རྣལ་འབྱོར་མ་བཅོ་ལྔ་རྣམསོ།། དེ་རྣམས་ཀྱི་ཁྱིམ་ནི་རྩའི་འཁོར་ལོ་སྟེ། ་དེར་བྱང་ཆུབ་བསམས་པ་འམ། བསྒོམ་པའོ།། མཚན་མོ་ནི་ཤེས་རབ་བོ།། སྐྱེ་བོ་ནི་རྒྱལ་བ་རྣམསོ།། དེར་རྣམས་བྲལ་བ་ནི་གང་དུ་དེར་དབེན་པ་ནའོ།། བས་མཐའ་བདེ་བ་ཆེན་པོའི་འཁོར་ལོ་ལས་འོག་ཏུ་འཁོར་ལོ་གསུམ་གྱི་ནང་གི་ལམ་ལའོ།། ་བསྒོམ་པ་ནི་ཡོད་དེའི་རོ་གཅིག་པ་ཉིད་དོ།། དྲོད་ནི་འདིར་བསྒོམ་པས་ཅུང་ཟད་ཐོབ་པའོ།། གྲུབ་འགྱུར་ཞེས་བྱ་བ་ནི། དངོས་གྲུབ་ཀྱི་ཕྱིར་སྤྱོད་པ་བྱ་བར་འདོད་པའོ།། གལ་ཏེ་ཞེས་བྱ་བ་ནི་ངེས་པ་མེད་པས་སོ།། འདིས་ནི་སྤྱོད་པ་སྤྱད་པ་ཉིད་ཅེས་བྱ་བ་ནི ་ཆོ་གའོ།། ཤེས་རབ་མེད་པར་སྤྱོད་པ་སྤྱད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཤིན་ཏུ་བཞིན་བཟངས་ཞེས་བྱ་བ་ལ་སོགས་པ་གསུངསོ།། དེ་རྗེས་སུ་ཆགས་པར་བྱ་བའི་ཕྱིར་དགའ་བའི་རྩེད་མོའི་རྐྱེན་གསུངས་པ། གལ་ཏེ་གླུ་བླངས་ཞེས་བྱ ་བ་ལ་སོགས་པ་ལ། དགའ་བར་ཞེས་བྱ་བ་ནི་རྣལ་འབྱོར་མ་དགའ་བའི་ཕྱིར་རོ།། རྡོ་རྗེ་ལྡན་པ་ཞེས་བྱ་བ་ནི་རྡོ་རྗེའི་ཚིག་དང་ལྡན་པའོ།། ཡང་གསུངས་པ། ཤེས་རབ་ཅན་གྱིས་གླུ་མི་སྨད།། དེ་ནི་རྣལ་འབྱོར་མ་གསོལ་འདེབས།། དེ་ལྟར་རྣལ་འབྱོར་རིག་པ ་དེས།། དེ་ལྟ་བུ་འམ་དེ་གཞན་བྱ་ཞེས།། འདོད་པའི་རྩེད་མོའི་ལོངས་སྤྱོད་སྨན་ནི་རྣམ་པར་བཟའ་བས་ཏེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྨན་ནི་ཙན་དན་དམར་པོའོ།། ཆུ་ནི་རི་དག་ལས་སྐྱེས་པའི་ཆང་ངོ་།། རྟག་ཏུ་ག་བུ་དག་ཅེས་བྱ ་བ་འདི་དག་ཐམས་ཅད་ནི་ཁམས་བསྡུ་བར་གསལ་ལོ།། རྒ་ཤི་ཟིལ་གྱིས་མི་ནོན་ཅིང་ཞེས་བྱ་བ་ནི་དུས་དྲུག་ཏུ་བྱེད་པ་རྣམས་ལའོ།། སློབ་དཔོན་མཁས་པ་དཔལ་སྦྱང་དཀའ་བའི་ཟླ་བས་མཛད་པ། ཀཽ་མུ་རྀ་ཞེས་བྱ་བའི་དཀའ་འགྲལ་ལས། སྤྱོད་པའི ་ལེའུ་སྟེ། དྲུག་པའོ།། ། རྒྱལ་ཚབ་ཀྱི་ཕྱོགས་ལས་རྒྱལ་བར་བྱེང་བའི་སྤྱོད་པའི་ལེའུ་གསུངས་པ་དང་། འགྲོ་བའི་ཕྱིར་ལྔའི་ལེའུ་ལས། སྒྲུབ་པའི་ཐབས་དང་སྲིད་ལས་ཉམས་པ་བསྲུང་བའི་དེ་ཁོ་ནའི་ལེའུ་ལས། དེ་ཁོ་ན་དང་། ཟླ་བ་དང་། ་ཉི་མ་དང་། ཨཱ་ལི་དང་། ཀཱ་ལི་དང་། ཞེས་བྱ་བ་ལ་སོགས་པས་རིགས་ཀྱི་ལེའུ་ལས་དུས་དང་། ཨཱ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཞེས་བྱ་བ་ལ་སོགས་འུ་ལས། སྔགས་གསུངས་པ་དང་། ལྷན་ཅིག་པ་དང་ཡུལ་གྱི་ཡན་ལག་གཉིས ་བརྗོད་པར་བྱ་བར། ཙྪོ་མའི་ལེའུ་ཞེས་བྱ་བ་ལ་སོགས་པ་གསུངསོ།། འཇིག་རྟེན་ལ་གྲགས་པ་ནི། ལྷན་ཅིག་པ་དང་སྒྲུབ་ཐབས་དང་།། ཡུལ་དང་དུཿཀྱི་མ་མ་དང་།། སྲིད་ལས་ཉམས་པ་བསྲུང་བ་དང་།། སྔགས་ཀྱི་ཡན་ལག་ལྔ་རུ་འདོད་ཅེའོ།། གྲོགས ་ཀྱི་ཡན་ལག་ནི་ལྷ་རུ་འདོད་དོ།། འཇིག་རྟེན་ཇི་ལྟར་བསྟན་བཅོས་ལ་ཡང་། བཅོམ་ལྡན་འདས་ཀྱིས་ཀྱང་ཡན་ལག་ལྔ་ཉིད་དུ་འགྱུར་བའི་ཡན་ལག་གསུངསོ།། ཙྪོ་མའི་ལེའུ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོའི་ཐེ་ཚོམ་གྱིས་ཡིན་ལ། ་དམ་ཚིག་རིག་པའི་སྐྱེ་བོ་ནི། འགྲོ་བ་ནི་ཡིན་ནོ།། ཙྪོ་མ་ནི་བརྡའི་སྐུད།། དེ་བརྗོད་པ་ནི་ལེའུར་བཅས་པའོ།། གང་གིས་ཞེས་བྱ་བ་ནི་ཙྪོ་མའི་ལེའུ་ཡིས་སམ། བརྡ་ཡིསོ།། སྤུན་ནི་དངོས་གྲུབ་བསྒྲུབ་པར་བྱ་བའི་ལྷན་ཅིག་པ་མཆོག་སྟེ། བརྡ་རིགས་པའི ་དཔའ་བོའོ།། སྲིང་མོ་ནི་དམ་ཚིག་གི་བརྡའི་རིག་མའོ།། གང་གིས་ཤེས་པར་བྱ་བ་དེའི་ཙྪོ་མའི་ལེའུ་བཤད་པར་བྱའོ་ཞེས། དངོས་གྲུབ་ཀྱི་ཡན་ལག་ཏུ་གྱུར་པ་སྤུན་ལ་སོགས་པ་ལྷན་ཅིག་པ་མཆོག་གིས་མཚན་ཉིད་གསུངས་ནས། ཡན་ལག་ལྔ་པ་ཡུལ ་ལས་རྒྱལ་བ་གསུངས་པ། གནས་དང་ཉེ་བའི་གནས་དང་ཞེས་བྱ་བ་ལ་སོགས་པ་སྟེ། འདི་རྣམས་ས་ནི་བཅུ་གཉིས་ཏེ། ཞེས་འཆད་པར་འགྱུར་བ་ཡུལ་སུམ་ཅུ་རྩ་གཉིས་ལས་རྒྱལ་བ་བླང་བར་བྱ་བའི་འབྲས་བུ་གསུངསོ།། ས་དང་གྲོགས་དང་ནོར་དང་ནི། ་གཡུལ་གྱི་འབྲས་བུ་གསུམ་པོ་ཉིད།། གང་ཕྱིར་འདི་ནི་ངེས་འགྱུར་བ།། དེ་ཚེ་གཡུལ་དུ་འཇུག་པར་བྱ་ཞེའོ།། འདི་ནི་འཇིག་རྟེན་གྱི་ཐ་སྙད་དོ།། ཡུལ་གྱི་སྒྲས་ནི་མཽ་ཕྱེད་མ་ལ་སོགས་པ་རྩ་སུམ་ཅུ་རྩ་གཉིས་གསུངསོ།། དེ་རྣམས་ཀྱི་གནས་ལ་སོགས ་བའི་རིམ་པས་རབ་ཏུ་དགའ་བ་སོགས་པ་ས་བཅུ་གཉིས་པོ་རྣམས་བསྡུ་བ་ནི་འདི་ལྟ་སྟེ། གནས་ནི་རབ་ཏུ་དགའ་བའི་ས།། དེ་བཞིན་ཉེ་གནས་དྲི་མ་མེད།། ཞིང་ནི་འོད་བྱེད་ཤེས་པར་བྱ།། འོད་འཕྲོ་ཅན་ནི་ཉེ་བའི་ཞིང་།། ཆེན་དོ་ཧ་ནི་སྦྱང་དཀའ་ཞེས། ་ཉེ་བའི་ཚན་དོ་མངོན་དུ་གྱུར།། རིང་དུ་སོང་དང་མི་གཡོ་བ།། གཉིས་ནི་འདུ་དང་ཉེ་འདུ་བ།། དུར་ཁྲོད་ལེགས་པའི་བློ་གྲོས་ཉིད།། ཆོས་སྤྲིན་ཉེ་བའི་དུར་ཁྲོད་ཅེས།། འཐུང་གཅོད་དཔེ་མེད་དེ་བཞིན་དུ།། ཉེ་བའི་འཐུང་གཅོད་ཡེ་ཤེས་ཅན།། གནས ་ལ་སོགས་པ་ཀླ་ཀློའི་སྐད་ཀྱིས་གསུངས་པའོ།། འདི་རྣམས་ས་ནི་བཅུ་གཉིས་ཏེ།། ས་བཅུའི་དབང་ཕྱུག་མགོན་པོ་ཉིད།། འདིས་ནི་གཞན་གྱིས་བརྗོད་མི་བྱ། ཞེས་བྱ་བ་ལ། ས་བཅུའི་དབང་ཕྱུག་ནི་བྱང་ཆུབ་སེམས་དཔའོ།། མགོན་པོ་ནི་དེ་བཞིན ་གཤེགས་པ་རྣམས་སོ།། འདི་གཉིས་ཀྱང་སའི་བརྡ་གནས་དང་། ཉེ་བའི་གནས་ལ་སོགས་པ་རྣམས་ལས་ལོགས་ན་མེད་པས་དེ་ལས་གཞན་པའི་རང་བཞིན་མ་ཡིན་པའི་ཕྱིར་བརྗོད་པར་མི་བྱ་བ་ནི་དབྱེ་བར་མི་བྱ་བའོ།། མཚན་མོ་གསུངས་ནས་འདུ ་བའི་དུས་གསུངས་པ། ཉིན་པར་ཉིན་ཀྱང་རབ་བཤད་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རེ་ཞིག་བྱོ་ནི་མཐོ་རིས་ཏེ། དེ་ལས་བྱུང་བའི་བདེ་བ་ཡང་བློ་ཉིད་དོ།། དེ་སློང་པའི་ཕྱིར་ཉིན་པར་ཏེ། མཐོ་རིས་ཀྱི་འཇིག་རྟེན་གྱི་བདེ་བ་ཕུན་སུམ་ཚོགས་པ ་ལས་ཤིན་ཏུ་འདས་པའོ།། དམ་ཚིག་ཅན་རྣམས་ཀྱི་མར་གྱི་ངོའི་བརྒྱད་པ་དང་། བཅུ་བཞི་པས་མཚན་མོ་ཉིན་མོའི་བྱེ་བྲག་ཏུ་གྲགས་པ་སྔགས་པ་དེར་འདུ་བ་ནི། ཡི་དགས་ཟླ་ཕྱེད་བཅུ་བཞི་དང་ཞེས་བྱ་བ་སོགས་པ་གསུངས་ཏེ། བཅུ་བཞི་པ་རྣམས་ཀྱི་གང ་བ་ནི་བཅུ་བཞི་པ་སྟེ། ཆ་དམའ་བའི་ཆོས་ནི་བདེ་བར་དགའ་བའི་རང་གི་ངོ་བོའོ།། བརྒྱད་པ་རྣམས་ཀྱི་གང་བ་ནི་བརྒྱད་པ་སྟེ། བཅོ་ལྔ་པ་ལྟ་བུར་ཡང་དག་པར་གང་བ་ནི་ལྷན་ཅིག་སྐྱེས་པའི་རང་བཞིན་ཏེ་རྒྱུ་དང་ཡིད་ཆེས་པ་འདི་དག་གིས་ཆོས་ནི་བཅོམ་ལྡན་འདས ་ཀྱིས་གསུངས་སོ།། དེ་ལ་འདུས་པའི་བྱ་བ་ནི། རྒྱལ་མཚན་དང་ནི་མཚོན་བསྣུན་ཉིད། ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱལ་མཚན་ནི་སྟེང་དུ་བཅིངས་པའོ།། མཚོན་བསྟན་ནི་དཔའ་བོ་འཐབ་པས་ཤི་བའོ།། ལན ་བདུན་པ་ནི་སྐྱེ་བ་བདུན་པའོ།། གལ་ཏེ་འདི་དག་ཐམས་ཅད་མང་བ་མ་ཡིན་པ་དེ་ལྟར་ཡང་མཚན་མོ་གསུངས་པའི་ཕྱིར། དེའི་མཚམས་ནས་ལན་བདུན་པའི་མཐར་སྤྱད་པར་བྱའོ།། ངེས་པ་བཤད་ནས་དེ་ཉིད་ཀྱི་ཕྱིར་ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན།། ་མཚན་མོ་ཤེས་རབ་བརྟག་པར་བྱ། ཞེས་བྱ་བ་ལ་སོགས་པ་གསུངསོ།། གསུངས་པའི་རིགས་པས་ཉིན་མོ་ནི་བཅོམ་ལྡན་འདས་སོ།། མཚན་མོ་ནི་ཤེས་རབ་བོ།། དེ་ལ་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱིས་རྣམ་པར་རྟོག་པའི་མུན ་པ་ཀུན་བཅོམ་པའི་ཕྱིར། ལས་དང་ལས་མ་ཡིན་པའི་རྒྱུས་སྡུག་བསྔལ་ནུབ་པའི་རྣལ་འབྱོར་པའི་བྱ་བ་དང་། བྱ་བ་མ་ཡིན་པ་ཅི་ཡང་ཡོད་པ་མ་ཡིན་པར་བསྟན་པའི་ཕྱིར། མི་བྱ་ཅུང་ཟད་ཡོད་མ་ཡིན། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱ ་བ་དང་བྱ་བ་མ་ཡིན་པར་གྲགས་པ་འདི་ནི་ལས་ཀྱི་ལུས་ཅན་གྱི་ཆོས་ཏེ། དེ་ཡང་ལས་ཀྱི་ལུས་བཅོམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་གི་ངོ་བོ་ལས་མ་བྱུང་བ་ཞེས་དགོངས་པའོ།། ཡིན་མོད་ཀྱི་སད་པར་གྱུར་པས་བྱང་ཆུབ་ཀྱི་སེམས་ཀྱང་རྟོགས་པར ་འགྱུར་བ་སྟེ། རྣལ་འབྱོར་གྱི་གཉིད་ལ་གནས་པའི་རྣལ་འབྱོར་པ་དེས་ཅི་མི་ཟ་བར་འགྱུར་རམ་ཞེ་ན། དེའི་ཚེ་ཅི་མི་ཟ་བར་འགྱུར་ཏེ། ཟླ་བར་འགྱུར་རོ།། ཇི་ལྟར་ཟ་ཞེས་དོགས་པ་ལ། ཇི་ལྟར་བདག་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག ་ལ་ཞེས་བྱ་བ་ནི་དང་པོའི་དོན་ལ་བདུན་པའོ།། དེ་བས་ན་ཇི་ལྟར་བདག་ཉིད་དེ་ལྟར་སེམས་ཅན་ཞེས་བྱ་བའི་དོན་ཏོ།། ཡང་ན་བཞི་ཉིད་ཀྱི་བདུན་པའོ།། ཇི་ལྟར་བདག་ལ་ཞེས་བྱ་བ་ནི་རང་ལ་ཐབས་དང་ཤེས་རབ་ཀྱི་ཡན་ལག་གཉིས་རྟོགས་པར་འགྱུར་རོ།། ་དེ་བཞིན་དུ་དེའི་ཡན་ལག་གཉིས་དང་ལྡན་པ་སེམས་ཅན་ལ་ཡང་དེས་ཅི་རང་གི་རང་བཞིན་ལས་གཞན་དུ་ཟ་བར་འགྱུར་ཏེ། ཟ་བར་མི་འགྱུརརོ།། དེ་ཉིད་ཀྱི་ཕྱིར་འདི་ལྟར་སེམས་དཔའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། རྣལ་འབྱོར་བདག་ཅེས ་བྱ་བ་ནི་ཏིང་འཛིན་ལ་རྩེ་གཅིག་པ་སྟེ། སོ་སོའི་སྐྱེ་བོ་ཡང་ཟ་བ་ཉིད་ཅེས་བྱ་བའི་ཐ་སྙད་ཡོད་དོ།། ཡིན་མོད་ཀྱི་གང་ཡང་རྣལ་འབྱོར་གྱི་བདག་ཉིད་ཏིང་ངེ་འཛིན་ལ་རྩེ་གཅིག་པ་དེས་ཇི་ལྟར་ཡང་ལས་མ་ཡིན་པ་བྱེད་པར་མི་འགྱུར་རོ།། དེ་བཞིན་དུ་ལས ་ཀྱང་འདས་པ་དང་། བསམ་གཏན་ལ་སོགས་པར་གྱུར་པ། བསམ་གཏན་ལ་རྩེ་གཅིག་པའི་ཕྱིར་བྱ་བར་མི་ནུསོ།། དེའི་ཕྱིར་ཇི་ལྟར་འདིའི་ཚོགས་རྫོགས་པར་འགྱུར་ཞེས་དོགས་པ་ལ། ཡན་ལག་ཇི་སྙེད་སྒྱུར་བ་དང་། ཞེས་བྱ་བ་ལ་སོགས་གསུངས ་སོ།། གལ་ཏེ་དེ་ལྟར་གཞན་ལ་ཡང་འདི་ལྟ་བུར་འབྱུང་བར་འགྱུརོ་ཞེས་དོགས་པ་ལ། ཧེ་རུ་ཀ་དཔལ་གནས་བཞུགས་ནས། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་ལ་དེ་ལྟར་འབྱུང་བ་ནི་མ་ཡིན་ཏེ། འོན་ཀྱང་དཔལ་ཧེ་རུ་ཀའི་གནས ་སུ་གནས་པ་ཉིད་ཀྱི་རྣལ་འབྱོར་པ་ལ་འབྱུང་བར་འགྱུར་ཞེས་དགེངས་པའོ།། གལ་ཏེ་དེ་ལྟར་ཤེས་པ་དེའི་ཚེ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་དེ་སྨྲོས་ཤིག་ཅེས་སྙམ་པ་ལ། ཤྲཱི་ཞེས་བྱ་བ་ལ་སོགས་པའི་བཤད་པ་གསུངས་ཏེ། གང་གི་ཕྱིར ་དཔལ་ཧ་ར་ཀའི་གནས་སུ་གནས་པའི་ལས་དང་ལས་མ་ཡིན་པ་ཐམས་ཅད་དག་པར་འགྱུརརོ།། སྐྱེ་བོ་ཟ་བས་ཀྱང་སྐྱོན་དུ་མི་འགྱུར་བའི་བྱེ་བྲག་ཉིད་ཇི་སྙེད་པ་བསྟན་པའི་ཕྱིར། གང་དང་གང་རྣམས་ཀྱི་ཞེས་བྱ ་བ་ལ་སོགས་པ་གསུངས་ཏེ། གང་དང་གང་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པས་ནི་སེམས་ཅན་གྱི་ཁམས་མ་ལུས་པར་བསྟན་པར་འགྱུརརོ།། གང་གིས་ཟ་བར་མི་མ་གྱུར་པ་དེས་གཞན་དབང་དུ་མི་འགྱུར།། གང་གིས་ཀྱང་ཟ་བར་འགྱུར་བ ་ནི་བློས་བསྐྱེད་པར་འགྱུར་བ་སྟེ། དེས་དབང་དུ་འགྱུར་བ་ནི་དེའི་རང་བཞིན་ཉིད་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། སྐྱེ་བོ་འདིས་སྐྱེ་བར་བྱེད་པའི་དངོས་པོའི་ཕྱིར་ཕུང་པོ་དང་སྐྱེ་མཆེད་དང་ཁམསོ།། སེམས་ཅན་ཞེས་བྱ་བ་ནི་སེམས་ཅན་གྱི ་ཤེས་པ་སྟེ། དེའི་བྱིན་གྱིས་བརླབས་ཀྱི་སེམས་ཅན།། དེ་རྣམས་ཀྱི་ཤ་ནི་དམིགས་པའོ།། དེ་བས་ན་སྒྲོག་ཆགས་ཀྱི་རྒྱུ་ནི་སྐྱེ་བོ་རྣམསུ་གསུངས་ཀྱི། ཡང་སྲེག་ཆགས་ནི་མ་ཡིན་ཏེ། བྱང་ཆུབ་ཀྱི་ཡན་ལག་མ་ཡིན་པའི་ཕྱིར་དང་། ་དེ་རྣམས་ཀྱི་ཤ་བཟའ་བའི་སྐབས་མ་ཡིན་པའི་ཕྱིར་རོ།། ཡང་ཡན་ལག་ཡིན་ན་ནི་དེའི་ཚེ་ཁྱི་དང་ཅེ་སྤྱང་ལ་སོགས་པ་དང་པོར་བྱང་ཆུབ་པར་འགྱུར་གྱི་གཞན་ནི་ཐེ་ཚོམ་ཟའོ།། སྲོག་ཆགས་ཀྱི་ཤ་བཟའ་བ་མ་ཡིན་དུ་ཟིན་ཀྱང་། མི་ནུས་པ ་རྣམས་རང་གི་རང་བཞིན་རྣམས་ཀྱི་ཕུང་པོ་ལ་སོགས་པ་བཟབ་པ་ཡང་ཇི་ལྟར་ཡིན་ཞེས་དོགས་པ་ལ། རྡོ་རྗེ་ཐོད་པའི་སྦྱོར་བ་ལ་ཞེས་གསུང་སོ།། རྡོ་རྗེ་ནི་འབྱེད་པའོ།། ཐོད་པ་ནི་བད་པ་སྦྱོང་བའི་ཕྱིར་ཐོད་པ་སྟེ། དབྱེ་བར་བྱ་བ་གསུངས་ཤིང་དེ ་ལ་ཡང་དག་པར་འགྲོ་བ་ན་ཐོད་པའོ།། ངན་རྡོ་རྗེ་ཡང་ཡིན་ལ་བྱེད་པ་ཡང་ཡིན་པས་རྡོ་རྗེ་ཐོད་པའོ།། ངར་སྦྱོར་བ་ནི་ཉེ་བའི་སྦྱོར་བ་སྟེ། ངར་བྱ་བའོ།། དེའི་ཕྱིར་རྡོ་རྗེ་ཐོད་པའི་སྦྱོར་བ་ལས་ལོངས་སྤྱོད་པ་ནུས་པར་འགྱུར་རོ།། ཡང་སངས་རྒྱས་ཐང་བ ་རྒྱུད་དུ་གསུངས་པ། རྡོ་རྗེ་སངས་རྒྱས་ཞེས་སུ་གསུངས།། ཐོད་པ་གསང་བ་ཡང་དག་གནས།། སྦྱོར་བ་གསང་བར་གནས་དེ་ཡི།། ངོ་མཚར་སྣ་ཚོགས་བྱེད་པའོ།། ཞེས་བྱ་བ་ལ་སོགས་པའོ།། སློབ་དཔོན་མཁས་པ་དཔལ་སྦྱང་དཀའ་བའི་ཟླ་བས ་མཛད་པ། ཀཽ་མུ་དཾ་ཞེས་བྱ་བའི་དཀའ་འགྲེལ་ལས། བརྡ་དང་གནས་གཏན་ལ་ཕབ་པའི་ལེའུ་སྟེ། བདུན་པའོ།། ། མིང་གིས་ཡུལ་གྱི་ཐལང་འདོགས་པས་ཡང་རྟོགས་པར་གྱུར་པ་རྣམས་ཀྱི་རྩ་རྣམས་ལྷའི་རྣམ་པ་བྱ་བ་སྟེ་རྟོགས་པར་བྱ ་བའི་ཕྱིར། ལེའུ་བརྒྱད་པ་རྣལ་འབྱོར་མའི་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལས་ཀྱི་ལུས་ལ་ཕུང་པོ་དང་སྐྱེ་མཆེད་དང་། ཁམས་ཉིད་དུ་གྱུར་པ་རྣམས་ཡང་གི་དབྱངས་དག་གསལ་བྱེད་སྦྱོར་བའི་རྣལ་འབྱོར་རོ།། དེ་དག་གང་དང་བཅོཾལྔ ་པོ་རྣམས་ལ་ཡོད་པ་དེ་དག་ནི་རྣལ་འབྱོར་མ་སྟེ། དེ་རྣམས་ཀྱི་འཆང་བར་འགྱུར་བའི་དཀྱིལ་འཁོར་གྱི་ནང་དུ་འཁོར་ལོའི་རིམ་པ་ཇི་ལྟར་གནས་པར་གནས་པས་འདུ་བ་ནི་འཁོར་ལོའོ།། དེ་གང་དུ་བཤད་པར་བྱ་ཞེས་སྙམ་པ་ལ། ནམ་མཁའི་ཁམས ་སུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ན་མཁའི་ཁམསུ་ཞེས་བྱ་བ་ནི་སྐབས་འབྱེད་པའི་ཁམས་སུའོ།། བྷ་ག་ནི་ཨེའི་རྣམ་པ་སྟེ་ཆོས་ཀྱི་འབྱུང་གནས་སོ།། དབུས་སུ་ཞེས་བྱ་བའི་ནི་ཆོས་ཀྱི་འབྱུང་གནས་ཀྱི་སྙིང་པོར་རོ།། སྒོམ་པ་ཞེས་བྱ་བ་ནི། ་གཞལ་མེད་ཁང་ལ་སོགས་པ་རྫོགས་པའི་རིམ་པས་ལྷ་མོའི་འཁོར་ལོའི་སེམས་དཔའོ།། རྫོགས་པའི་རིམ་པ་ཡང་བཅོམ་ལྡན་འདས་ཉིད་ཀྱིས་འཆད་པར་འགྱུརརོ།། རྫོགས་པ་བཞག་ལ་བསྐྱེད་པའི་རིམ་པ་བསྒོམ ་པ་ཉིད་ཇི་ལྟར་བྱ་ཞེས་སྙམ་པ་ལ། འཁོར་ལོ་སྔོན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། འཁོར་ལོ་ཞེས་བྱ་བ་ནི་ལྷའི་ཁང་པའོ།། དེ་སྔོན་དུ་ཇི་ལྟར་འགྱུར་བའོ།། ཅི་རིགས་པ་ནི་སྔ་མའི་གོ་རིམ་གྱི་རིམ་པས་སོ།། ལྷ་རྣམས་ཇི་ལྟར་འབྱུང་བ་ཉིད་ཅེས ་བྱ་བ་ནི། ལྷ་མོ་རྣམས་ཀྱི་འབྱུང་བའི་རྒྱུ་རྣམ་པ་ལྔའི་རིམ་པ་ལས་མ་འདས་པའོ།། གང་སྔ་མའི་གོ་རིམས་ཀྱི་རིམ་པ་མ་སྤངས་པ་ནི་གང་ཞེས་དགས་པ་ལ། འཁོར་ལོ་ས་དང་ཞེས་བྱ་བ་ལ་སོགས་པ་གསུང་སོ།། འཁོར་ལོ་ནི་རྣམ་པར་སྣང་མཛད་ཀྱི་མཚན ་མར་རབ་ཏུ་གྲགསོ།། ས་ནི་ལྀ་ལས་བྱུང་བ་སའི་དཀྱིལ་འཁོར་གྲུ་བཞི་པ་རྡོ་རྗེའི་ཕྲེང་བས་བསྐོར་བྱ་སེར་པོའོ།། ཆུ་ནི་བཾ་ལས་དྷང་། ཆུའི་དཀྱིལ་འཁོར་ཟླུམ་པོ་དཀར་པོ་བུམ་པའི་ཆ་ཤུས་ཀྱིས་མཚན་པའོ།། བྱིན་ཟ་ནི་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར ་གྲུ་གསུམ་དམར་པོ་རྡོ་རྗེའི་ཕྲེང་བས་ཕྱི་རོལ་བསྐོར་བའོ།། རླུང་ཆེན་ནི་ཡཾ་ལས་བྱུང་བ་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་དུ་བ་འཐུལ་ཞིང་འཁྱིལ་བ་འཕན་གཉིས་མཚན་པའོ།། ཇི་ལྟར་རིགས་པ་ནི་རིམ་པ་ཇི་ལྟ་བའོ།། ལྷ་རྣམས་ཀྱི་ནི་ཞེས ་པ་ནི་འདི་ནི་ཚིག་འདིས་ལྷན་ཅིག་སྦྱར་རོ།། དེ་བས་ན་འབྱུང་བ་བཞིའི་དཀྱིལ་འཁོར་རྣམ་པར་བཞག་པ་ནི་རིས་པས་བྱའོ་ཡང་རང་དབང་གིས་ནི་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ།། གང་དག་གི་རིགས་པས་རྗེས་སུ་བྱ་བ ་དེ་དག་གི་ཝཱ་འདི་གང་ཞེ་ན། བྱེ་བྲག་གི་དངོས་པོ་མེད་པར་ཡང་འབྱུང་བ་རྣམས་ཐོབ་པའི་ཕྱིར་དེ་རྣམ་པར་དག་པ་སྤྱན་ལ་སོགས་པ་ལྷ་མ་བཞི་པོ་རྣམས་འདིར་ལྷ་ཉིད་དུ་བལྟ་བར་བྱའོ།། དེ་རྣམས་ཀྱི་རིམ་པ་ནི་སྤྱན་དང་། མཱ་མ་ཀཱི་དང་། གོས་ད ་མོ་དང་། སྒྲོལ་མ་ཞེས་བྱ་བའི་གོ་རིམས་སོ།། དེ་བས་ན་ཛཱི་ལྟར་རིགས་པས་དཀྱིལ་འཁོར་རྣམ་པར་བཞག་སྟེ། དེ་ལ་དང་པོ་སྟེང་དུ་ས་དྲཱཀྵི་ལཱ་འཁོར་གྱི།། དེ་ནས་ཀྱང་མྨེནྟི་དཀྱིལ་འཁོར་རོ།། མེའི་འོག་ཏུ་འོག་གི་སྟོང་དུ་རླུང་གི་དཀྱིལ་འཁོར་ཞེས་བྱ་བ ་རིམ་པའོ།། འོག་དང་སྟེང་དུ་རྣམ་པར་གནས་པ་སོ་སོའི་དཀྱིལ་འཁོར་རྣམས་ཀྱི་ནང་གི་རྣལ་འབྱོར་གྱི་རིགས་པ་དང་། གསུངས་པ་དང་གཉིས་ཡོད་དོ། དེ་བཞིན་རྐང་པའི་མཐིལ་དུ་རླུང་།། རྩོམ་པ་ཆེན་པོ་གཞུ་ཡི་དབྱིབས།། གྲུ་གསུམ་འབར་བའི་དཀྱིལ ་འཁོར་ནི།། སུམ་མདོའི་གནས་སུ་རྣམ་པར་གནས།། ཟླུམ་པོའི་རྣམ་པའི་གཟུགས་ཀྱིས་ནི།། ཆུའི་ལྟོ་བར་འགྱུར་བ་ཡིན།། སྙིང་ཁར་ཡང་ནི་ས་ཉིད་དེ།། ཀུན་ནས་གྲུ་བཞི་པ་ཉིད་དོ་ཞེས་བྱ་བ་ལ་སོགས་པའོ།། ཇི་ལྟར་བསྒོམ་པ་པོ་འབྱུང་བ་ཞེས་བྱ་བ་ལ་ཡང ་ནི་བསྡུ་བའོ།། དཀྱིལ་འཁོར་འབའ་ཞིག་བསྒོམ་པར་བྱ་བ་ནི་མ་ཡིན་གྱི། བསྒོམ་པ་པོའི་བདག་ཉིད་ཀྱང་བསྒོམ་པར་བྱའོ་ཞེས་བྱ་བ་དགོངས་པའོ།། ཇི་ལྟར་འབྱུང་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་རང་གི་ངོ་བོ་སྟེ། དེའི་ང་རྒྱལ་གྱིས་གནས་པའི་ཕྱིར་རོ།། ་ཅི་འབྱུང་བ་བཞིའི་དཀྱིལ་འཁོར་དང་། ལྔ་པ་འཁོར་ལོ་དང་། དྲུག་པ་བདག་ཉིད་འདིས་ཡིན་ཞེས་དོགས་པ་ལ། ཆོས་འབྱུང་ལས་སྐྱེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཀྱི་འབྱུང་གནས་སུ་གསུངས་པ། འདི་ལས་གཅིག་ཏུ་གྱུར་པ་ལས ་འབྱུང་བའི་ཕྱིར། ཆོས་འབྱུང་ལས་སྐྱེས་པའི་འཁོར་ལོ་ནི་གཞལ་མེད་ཁང་ཡིན་ནོ།། དེ་ཇི་ལྟ་བུ་ཞེ་ན། འཕར་མ་གཉིས་ཞེས་བྱ་བ་ནི་ཁ་སྦྱོར་ལྟ་བུའི་འཕར་མ་སྟེ། རྡོ་རྗེ་ཕྲེང་བས་ཡོངས་སུ་བཅད་པ་དང་སྦས་པའོ།། ་འཕར་མ་གཉིས་ཀྱི་གཏན་ཚིགས་གསུངས་པ། ཟེ་འབྲུ་ལས་ནི་ཞེས་བྱ་བ་ལ་སོགས་པ་ལ། ཟེའུ་འབྲུ་ནི་སྙིང་པོའོ།། གྲུ་གསུམ་ནི་ཕྱི་རོལ་གྱི་མཐའ་གསུམ་མོ།། ཆ་གཉིས་ཀྱིས་ཉེ་བར་མཚོན་པ་ནི་འཕར་མ་གཉིས་ཡིན་ནོ།། དག་པ་ནི་ཡོན་པོ་མ ་ཡིན་པའོ།། སྐྱོན་མེད་པ་ནི་ཉེས་པ་མེད་པའོ།། དེའི་དབུས་ཞེས་བྱ་བ་ནི་འཁོར་ལོའི་དབུས་སུ་སྟེ། ལྷའི་གནས་རྣམས་སུའོ།། ཤི་བ་ནི་རོའོ།། ཇི་ལྟ་བུ་ཞེ་ན། བཅོ་ལྔའི་བདན་གྱི་བདག་ཉིད་ཅེས་བྱ་བ་ནི་བཅོ་ལྔ་ནི་ཉི་མའི་དཀྱིལ་འཁོར་གྱི་གདན་རྣམས ་ལ་བདག་གི་ལུས་ཏེ། གང་གི་བཅོ་ལྔའི་གདན་གྱི་བདག་ཉིད་དེ། ཟླ་བའི་གདན་ཡོངསུ་བཅད་པའི་ཕྱིར་བཤད་པའི་རྒྱུད་དུ་བདག་མེད་པ་བསྐྱེད་པར་བཅོམ་ལྡན་འདས་ཀྱིས་གསུངས་པ། ན་མཁའི་ཁམས་ནང་པདྨར་ནི།། ཉི་མའི་དཀྱིལ་འཁོར ་བསམ་པར་བྱ། ཞེས་བྱ་བ་ལ་སོགས་པའོ།། དེ་ལ་དོན་ནི་འདི་ལྟ་སྟེ། སྙིང་གའི་ན་མཁར་ཉི་མའི་དཀྱིལ་འཁོར་བ་སེམས་ཏེ། མཆོད་པོ་བྱས་ནས། སྡིག་པ་བཤགས་པ་དང་། མི་བྱེད་པར་སྡོམས་པ་དང་། རྗེས་སུ་ཡི་རང་བ་དང་། ཡོངས ་སུ་བསྔོ་བ་དང་། སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། བདག་གི་དངོས་པོ་དབུལ་བ་དང་། ཚངས་པའི་གནས་བསྒོམ་པ་དང་། འཇུག་པའི་མཚན་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་དང་། ར་བ་དང་གུར་བཅིང་བ་དང་། དེ་མ ་ཐག་ཏུ་འཁོར་ལོས་དང་ཞེས་བྱ་བ་ལ་སོགས་པ་འདིས་ནི། གཞལ་མེད་ཁང་བསྒོམས་ནས་དེའི་ནང་དུ་སོན་པ་འདི་ནི་རོའོ།། དེའི་སྟེང་དུ་ཞེས་བྱ་བ་ནི་རོའོ།། ཤི་བའི་སྙིང་གར་རོ།། ས་བོན་ཞེས་བྱ་བ་ནི་དབྱངས་ཀྱི་ཡི་གེ་བཅོ་ལྔའོ།། ཕྱི་ནས་ཞེས ་བྱ་བ་ནི་ས་བོན་གྱི་མཐར་རོ།། བདུད་ལས་རྒྱལ་བས་མནན་ཅེས་བྱ་བ་ནི་བཀབ་པའོ།། གཉིས་འདུས་ཞེས་བྱ་བ་ནི་ཟླ་བ་དང་ཉི་མ་དག་འདུས་པའོ།། བདེ་བ་ཆེན་པོ་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་རྒྱུའི་ཕྱིར་བདེ་བ་ཆེན་པོ་སྟེ། རབ་ཏུ་སྐྱེ་བ་བསྐྱེད་པར ་ནུས་པའོ།། ཅི་ཟླ་དང་ཉི་མ་འདི་དག་ན་མཁའ་ལས་ལྷུང་བར་གྱུར་པ་འམ་ཞེས་སྙམ་པ་ལ། ཨཱ་ལི་ཟླ་བའི་གཟུགས་ཀྱིས་གནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དོན་ནི་འདི་ལྟ་སྟེ་ཤི་བ་དེའི་སྙིང་གར་རྗེ་སུ་མཐུན་པ་དང་། རྗེས་སུ་མི ་མཐུན་པར་བཀོད་ཅིང་། ཨཱ་ལི་དང་ཀཱ་ལི་དག་ཚྭར་གཉིས་ཡོངསུ་གྱུར་པ་དག་ཟླ་བ་དང་ཉི་མ་སྟེ། དེ་དག་གི་འདུ་བ་ནི་འདུ་བར་གྱུར་པ་བདེ་བ་ཆེན་པོ་སྟེ། དེ་ཉིད་ནི་དེའི་རྒྱུའི་ཕྱིར་རོ།། དཀར་མོ་ལ་སོགས་ཤེས་གསུངས་པ་ལ། དཀར་མོ་ལ ་སོགས་པའི་སྒྲས་ཀྱང་། ལྷའི་རྣམ་པ་ལ་མི་བྱ་སྟེ། འོན་ཀྱང་རྒྱུ་གྲི་གུག་ཅེས་བྱ་བའི་མཚན་མ་ལ་སྟེ། དེ་མེད་ན་དེ་རྣམས་ཀྱི་དངོས་པོ་མེད་པའི་ཕྱིར་རོ།། དང་པོར་གྱུར་པ་བདག་མེད་མ་དང་། རྡོ་རྗེ་མ་ཞེས་བྱ་བ་རྣལ་འབྱོར་མ་གཉིས་ཡོད ་ན་ཇི་ལྟར་ཡང་དཀར་མོ་ལ་སོགས་པ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ཞེས་རྡོ་རྗེ་འཛིན་པ་ལ་བརྒལ་བའི་ལན་འཆད་པ་པོས་བཏབ་པའི་ནི་དགོངས་པ་སྟེ། འདས་མ་ཐག་པར་གསུངས་པ། ཟླ་བ་དང་ཉི་མ་འདུ་བར་འགྱུར་བ་ན། བདེ ་བ་ཆེ་བོ་ལ་དེ་དང་དེའི་ཚེ་རྣམ་པར་རིག་པ་ཉིད་འབའ་ཞིག་གནས་པར་འགྱུར།། དེར་ཡང་ཚོར་བའི་ཕུང་པོ་སྟེ། དེའི་རང་བཞིན་ཅན་ནི་དཀར་མོའོ།། དེ་བས་ན་འདི་ནི་གཙོ་མོའི་ཕྱིར་འདི་གསུངས་པ་ཞེས་བྱ་བ་ནི་ཉེས་པ་མ ་ཡིན་ནོ།། དེ་ཉིད་རང་བཞིན་གྱིས་འོད་གསལ་བ་ཚོར་བ་ཙམ་གྱི་ལུས་དང་སེམས་ཀྱི་སོ་སོའི་དབྱེ་བའི་ཕྱིར། ཟླ་བ་མེ་ལོང་ཡེ་ཤེས་ལྡན། ཞེས་བྱ་བ་སོགས་པ་གསུངས་ཏེ། འདིར་དངོས་པོ་ནི་གཟུགས་བརྙན་ལས་གཞན་པའི་ངོ་བོས་ཀུན་མཐོང་བ ་རྣམས་དང་། རྟོགས་པ་རྣམས་ཀྱི་ཕྱིར་དང་། མེ་ལོང་དང་ཆོས་མཐུན་པའི་ཕྱིར། ཟླ་བ་མེ་ལོང་ལྟ་བུའོ།། མེ་ལོང་ལ་ཡེ་ཤེས་རྐྱེན་གྱིས་ཡང་དག་པར་འབྱུང་བའི་ངོ་བོ་གཟུགས་བརྙན་དང་མི་འགལ་བ་མེ་ལོང་ལྟ་བུའི་ཡེ་ཤེས་ནི་གཟུགས་ཀྱི་ཕུང ་པོའོ།། གང་ལ་ངའི་བདག་ཉིད་ཀྱིས་དེ་ཡོད་པ་དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་དང་ལྡན་པའོ།། སངས་རྒྱས་ཀྱི་ཡོན་ཏན་གྱི་ཨཱ་ལི་ཉིས་འགྱུར་འཇུག་པའི་ཕྱིར་དང་། འོད་གསལ་བའི་ཕྱིར་སེམས་ནི་ཟླ་བ་ལྟ་བུའི་ཟླ་བའོ།། ཡང་གསུངས་པ། ཡིད་གཉིས ་ལས་ནི་རྣམ་པར་གྲོལ།། རྣམ་པར་རྟོག་པའི་རབ་རིབ་འཕྲོག། ཉོན་མོངས་དྲི་མ་ཀུན་ལས་འདས།། ཟླ་མཚུངས་སེམས་ནི་ཟླ་བ་ཉིད། ཅེའོ།། མཉམ་པ་ཉིད་ནི་གཟུགས་བརྙན་གྱི་ངོ་བོ་མཉམ་པའི་ཆོས་ཐམས་ཅད་ཀྱི་དངོས་པོ་སྟེ་མི་འདྲ་བ་མེད་པ་ནི་ཚོར་བའི ་ཕུང་པོའོ།། མཉམ་པ་ཉིད་ལྡན་ས་ནི་དེ་དང་ལྡན་པའོ།། མི་ཤེས་པའི་མུན་པ་འཇོམས་པའི་ཕྱིར་ཡོངས་སུ་མ་ཆད་པར་སེམས་ཅན་གྱི་དོན་གྱི་བྱ་བ་བྱེད་པར་འདོད་པའི་མཚན་ཉིད་ཀ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་ཕྲད་པའི་ཕྱིར་ཉི་མའི་ནོར་བུ་ལྟ ་བུ། ཛ་ཝཱ་པའི་མེ་ཏོག་ཉེ་བའི་ཕྱིར་སེམས་ནི་དམར་པོའོ།། བདུན་གྱི་བདུན་པ་དང་ཆོས་མཐུན་པའི་ཕྱིར་བདུན་གྱི་བདུན་པའོ།། ཡང་གསུངས་པ། སྙིང་རྗེ་སྡུག་པས་ཡང་དག་བྱུང་།། སེམས་ཅན་རྗེས་སུ་གཟུང་བ་པོ།། དགེ་བའི་ཆོས་ཀྱིས ་ཡང་དག་གང་།། ཉོན་མོངས་ཐམས་ཅད་ངེས་པར་གནོན། ཅེའོ།། ས་བོན་ཕྱག་མཚན་ནི་ཞེས་བྱ་བ་ནི་ལྷ་མོ་རྣམས་མང་བའི་ཕྱིར། ས་བོན་རྣམས་ཀྱང་མང་ངོ་།། ཕྱག་མཚན་ཞེས་བྱ་བ་ནི་དངོས་པོའི་ཁྱད་པར་མེད་པའི་ཕྱིར་ཚིག་གཅིག་ཏུ་བསྟན ་པར་བྱ་བའོ།། དེ་མ་ཐག་ཏུ་གསུངས་པ། ཀུན་ཏུ་བཟང་པོའི་སེམས་བསྐྱེད་པའི་ཕྱིར། བླ་ན་མེད་པའི་བྱང་ཆུབ་ཀྱི་སྤྱོད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སའི་མཚན་ཉིད་ཀྱིས་རང་གི་ས་བོན་ཡོངས་སུ་གྱུར་པའི་ཕྱག་མཚན་ནི་སོ་སོར་རྟོག་པའི ་ཡེ་ཤེས་ཏེ། འདུ་ཤེས་ཀྱི་ཕུང་པོའོ།། ཡང་གསུངས་པ། བྱང་ཆུབ་སྤྱོད་པ་དེ་བཞིན་ས།། ཡེ་ཤེས་དག་པ་ཟག་པོ་མེད།། དེ་ཕྱིར་དཀྱིལ་འཁོར་ནང་གནས་པ།། དེ་ཡི་རང་གི་ཕྱག་མཚན་བརྟག་ཅེའོ།། ཐམས་ཅད་གཅིག་གྱུར་ཅེས་བྱ་བ་ནི་ཟླ་དང་ཉི་མ་དང ་མཚན་མ་རྣམས་ཐ་མི་དད་པའི་ངོ་བོ་སངས་རྒྱས་ཐམས་ཅད་ཀྱི་གཟུགས་བརྙན་གྱི་རང་བཞིན་མ་སྐྱེས་པ་དང་། མ་བྱས་པ་དང་། གནས་མེད་པ་དང་། དངོས་པོ་དང་། དངོས་པོ་མེད་པའི་ཚེ་གཉིས་སྤངས་པའོ།། ནན་ཏན་ཞེས་བྱ་བ་ནི་བྱ་བ་ནན་ཏན་ཏེ། ་སྔ་མའི་ཚིག་ཕྱི་ནས་གསུངས་པ་ནི། ལྷས་བྱིན་ལ་སྦྱིན་ཞེས་བྱ་བ་ལྟ་བུའོ།། བྱ་བ་ནི་སངས་རྒྱས་ཀྱི་མཛད་པ་སྟེ། སངས་རྒྱས་ཀྱིས་བསྐྱེད་པའོ།། ཡེ་ཤེས་གང་གིས་དེ་ནན་ཏན་བྱེད་པ་དེ་ནི་བྱ་བ་ནན་ཏན་ཏེ། ཡེ་ཤེས་བཞི་པ་ནི་འདུ་བྱེད་ཀྱི་ཕུང་པོའོ།། ་ཡང་གསུངས་པ། སངས་རྒྱས་ཀུན་གྱི་སྐུ་གང་ནི།། སྣང་བར་བྱེད་ཅིང་གནས་པ་མེད།། མ་སྐྱེས་མ་བྱས་དག་པ་ཉིད།། དངོས་པོ་མེད་པ་ལ་སོགས་སྦྱངས།། བཅང་མེད་དབྱེར་མེད་གཟུང་དུ་མེད།། ཆོས་ཀྱི་སྐུ་ནི་སྐྱོན་མེད་པ།། ་ཞེས་བྱ་བ་ལ་སོགས་པའོ།། གཟུགས་བརྙན་རྫོགས་པ་ཞེས་བྱ་བ་ལ། གཟུགས་བརྙན་ནི་གོང་བུ་སྟེ། སྐུ་གསུམ་བསྡུ་བ་ལས། དེར་རྫོགས་པའི་རྣམ་པ་ཕུན་སུམ་ཚོགས་པའོ།། དག་པ་ཞེས་བྱ་བ་ནི་མེ་ལོང་ལྟ་བུ་ལ་སོགས་པ་བཞིའི་རྣམ་པར་བསྙེགས ་ཏེ་སྔ་མ་དང་ཕྱི་མའི་ཚིག་བཞི་བསྡུ་བ་ནི་དག་པའོ།། དེ་རྣམ་པ་དང་། དག་པ་སྔ་མའི་ཚིག་གཉིས་དང་། ལྷག་མ་དྷཱ་ཏུའི་ཚིག་གཉིས་སོ།། དེའི་ཕྱིར་གང་གི་ཚིག་བཞི་བསྡུ་བ་འདིའི་དག་པ་སྟེ། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཞེས་བྱ་བའི་དོན ་ཏོ། དེ་ལ་ལེགས་པའི་བྱེ་བྲག་གིས་དག་པ་ནི་ཤིན་ཏུ་རྣམ་པར་དག་པའོ།། ཕལ་པའི་དྲི་མ་ལས་རྣམ་པར་གྲོལ་བ་ནི་ཆོས་ཏེ་ཕུང་པོ་ལྷའོ།། དེ་ནི་ཤིན་ཏུ་རྣམ་པར་དག་པ་ཡང་ཡིན་ལ། ཆོས་ཀྱང་ཡིན་པའི་ཕྱིར་ཤིན་ཏུ་རྣམ་པར་དག་པའི་ཆོས་སོ།། ་འདུས་བྱས་ཤིན་ཏུ་རྣམ་པར་དག་པའི་ཆོས་འཛིན་པའི་ཕྱིར། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཏེ་རྣམ་པར་ཤེས་པའི་ཕུང་པོའོ།། དེ་ཉིད་གཟུགས་བརྙན་དེ་རྫོགས་པའི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ལྷ་ཉིང་ངོ་དོ།། ཡང་གསུངས་པ། བཅོམ ་ལྡན་དེ་ནི་གཟུགས་བརྙན་ཡང་།། བསྒོམ་པ་ཇི་ལྟར་ལགས་པ་གསུངས།། རྣམ་པ་ཀུན་གྱི་མཆོག་ལྡན་གསུངས།། རྡོ་རྗེ་སེམས་དཔའ་བསྒོམ་པར་བགྱིས་ཤེའོ།། ཆོ་ག་གསུངས་པ་ཡིས། རྣམ་པ་ལྔ་པོ་བསྒོམ་པ་ཉིད་ཅེས་བྱ་བ་ལ། དེ་རྣམས ་ཉིད་ནི་མེ་ལོང་ལྟ་བུ་ལ་སོགས་པ་ནས་ཤིན་ཏུ་རྣམ་པར་དག་པའི་མཐར་ཐུག་པའི་རྣམ་པ་སྟེ། གཞན་དུ་མ་ཡནན་ཞེས་བྱ་བའི་དོན་ཏོ།། ཡང་གསུངས་པ། སྒྲ་དང་གསང་བྱུང་བཞིན་སྤྱད།། སྤྱད་ཡུལ་དེ་ཉིད་རྟོགས་པ་ནི།། མངོན་པར་བྱང་ཆུབ་རྣམ ་ལྔ་ཉིད།། སངས་རྒྱས་ཀུན་གྱི་བདག་ཉིད་དག། འདི་རྣམས་ཕུང་པོ་སངས་རྒྱས་རྣམས།། འདི་རྣམས་ཡེ་ཤེས་འདྲེ་རྣམས་རིགས།། ལུས་ཅན་རྣམས་ཀྱི་རྣམ་པ་འདི།། མེ་ལོང་ལ་སོགས་རབ་ཏུ་གྲགས་འོ།། ཇི་ལྟར་ལྷ་མོ་རྣམས་ཀྱི་རྣམ་པ ་ངེས་པར་སྦྱོར་བ་འོང་ཉིད་ལྷན་ཅིག་སྐྱེས་པ་བཅོམ་ལྡན་འདས་ཀྱིའང་། ཅི་དེ་ལྟ་བུ་འམ་ཞེ་ན། མི་འདྲ་བར་བསྟན་པའི་ཕྱིར། ཨཱ་ལི་ཀཱ་ལི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨཱ་ལི་ཀཱ་ལི་ངག་གི་མཉམ་པས་ཟླ་བའི་རྣམ་པ་ལས་མི་མཉན་པ་མེད་པའི་ངོ་བོ ་ཉིད་ཡིན་ལ་རང་གི་ས་བོན་ཡོངས་སུ་གྱུར་པའི་ཟླ་བ་ཀུན་ཏུ་སྦྱོར་བ་ནི་ཨཱ་ལི་ཀཱ་ལི་སྦྱོར་བའོ།། དེ་གཅིག་ཏུ་གྱུར་པ་ལྷ་མོའི་ཡན་ལག་དང་ཉུང་ལག་གི་གཟུགས་གྲུ་གསུམ་གྱི་ཟླ་བ་གཉིས་ནི་གདན་ནོ།། རྡོ་རྗེ་སེམས་དཔའ་ཉིད་ཀྱི་ཞེས་བྱ་བ་ལ། རྡོ་རྗེ་ནི་མ་སྐྱེས ་པའི་རང་གི་ངོ་བོའི་ཕྱིར་མི་ཕྱེད་པའོ།། སེམས་དཔའ་ནི་སེམས་ཅན་གྱི་རྒྱུའི་ཕྱིར་རོ།། འོད་ཟེར་དཀར་པོའི་ཕྲེང་བ་ཅན་རྡོ་རྗེ་རྩེ་ལྔ་པ་ནི། རྡོ་རྗེ་སེམས་དཔའ་ཞེས་གསུངས་ཏེ། དེའི་གདན་འདི་ནི་རྡོ་རྗེ་སེམས་དཔའི་གདན་ནོ།། ཡང་གསུངས་པ། ལྷ་མོའི་ཡན་ལག ་ཉིང་ལག་གཟུགས།། པདྨ་གྲུ་གསུམ་ཟླ་དཀྱིལ་འཁོར།། རྡོ་རྗེ་སེམས་དཔའི་རྡོ་རྗེ་ནི།། རྩེ་མོ་ལྔ་པ་འོད་ཟེར་ཅན་ཞེའོ།། ཡི་གེ་ལས་བྱུང་གོང་བུ་ལ་ཞེས་བྱ་བ་ནི། ཐོག་མ་དང་ཐ་མ་མེད་པ་རང་བཞིན་གྱིས་འོད་གསལ་བའི་སེམས་ནི་ཡི་གེའོ།། དེ་ལས་བྱུང ་བའི་ཕྱིར་ཡི་གེ་ལས་བྱུང་གོང་བུ་སྟེ། ལུས་སོ།། གང་གི་ཡི་གེ་ལས་བྱུང་བའི་གོང་བུ་གསུངས་པ་དེའི་མཚན་ཉིད་ནི་རྡོ་རྗེའོ།། དེའི་ཡི་གེ་ལས་བྱུང་བའི་གོང་བུ་རྡོ་རྗེ་སེམས་དཔའ་ལ་རྒྱུད་གཞན་ནས་གསུངས་པའི་ལུགས་ཀྱིས ་འགྱུར་བ་རྣམ་པར་གཟུང་བའི་ཕྱིར་ཅི་ཧཱུཾ་ཕཊ་འདི་དག་དགོད་དམ་མ་ཡིན་ཞེ་ན། ལན་གདབ་པའི་ཕྱིར། ཧཱུ~ཾ་ཕཊ་རྣམ་པའང་འདོད་མི་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་འདི་ནི་ངེས་པར་གཟུང་བ་སྟེ། ཧཱུཾ་དང་ཕཊ་ཉིད་ནི་མི་འདོད་ངོ་།། འདི་ནི་དགོངས་པ་སྟེ། གཉིས ་པོ་འདི་དག་གི་ཡན་ལག་དང་ཉིང་ལག་འགྱུར་བའི་རྒྱུའི་བྱ་བ་སྦྱོར་བ་མེད་པའི་ཕྱིར། ཇི་ལྟར་འགྱུར་བ་ཡིན་ཏེ་དགག་པའི་དོན་དུ་འདི་དག་ནི་དགོད་པར་བྱ་ཞེས་དགོངས་པའོ།། སེམས་དཔའི་གཟུགས་བརྙན་ལས་བྱུང་བའི། ཞེས་བྱ་བ་ནི་སོ་སོར་རྟོགས་པའི ་མཐར་ན་མཁའི་ཁམས་ཐམས་ཅད་དུ་ཡང་དག་པར་སྤྲོ་བའི་ཚད་མའི་བདག་ཉིད་ནི་རྡོ་རྗེ་སྟེ་བསྒོམས་པའོ།། རྡོ་རྗེ་ངེས་ཅི་ཞིག་བྱ་ཞེ་ན། དྲིས་པའི་ལན་གདབ་པར་གནས་ཀྱི་རྡོ་རྗེ་རྡོ་རྗེ་སེམས་དཔའི་གཟུགས་བརྙན་བསམས་ནས་དེ་ལས་བྱུང་བ་ནི་སེམས ་དཔའི་གཟུགས་བརྙན་ལས་ཡང་དག་པར་བྱུང་བའོ།། དཀྱིལ་འཁོར་བདག་པོ་ནི་ལྷ་མོའི་འཁོར་ལོའི་གཙོ་མོ་སྟེ། གཙོ་བོ་ཉིད་ཀྱིས་དཀྱིལ་འཁོར་གྱི་བདག་པོ་བསྒོམ་པར་བྱའོ།། གོང་མ་བཞིན་ཞེས་བྱ་བ་ནི་སྔོན་གྱི་ལྟ་བུ་ནི་གོང་མ་བཞིན་ཏེ། ཆར ་དབབ་པའི་ཆོ་གར་བཞེངས་པའི་དཔལ་ཧེ་རུ་ཀ་ལྟ་བུའི་ཕྱག་དང་ཞལ་དང་མཚན་མ་ལ་སོགས་པ་རྣམས་ཀྱིས་མཚོན་པར་འགྱུར་རོ།། ཡང་ཁྱད་པར་ནི་འདི་ཡོད་དེ། དེ་ནི་ནག་པོའོ།། འདི་ནི་ཟླ་བ་ཆུ་ཤེལ་གྱི་ནོར་བུའི་འོད་དཀར་བ་ཞེས་བྱ་བའི་དོན ་ཏོ།། ཡང་རྨ་བྱའི་མཇུག་སྒྲོ་ནི་མཐའི་ནོར་བུ་དང་མཚུངས་པའི་ནོར་བུ་ཞེས་མི་ཤེས་པ་ངག་གིས་འཆང་བ་ནི་མ་ཡིན་ཏེ། ངོར་ཚེ་ཟླ་བ་ཆུ་ཤེལ་ནོར་བུའི་འོད་ཅེས་བྱ་བའི་ཁྱད་པར་ནི་དོན་མེད་དེ། ཕྱག་མཚན་ཞལ་སོགས་གོང་མ་བཞིན། ཞེས་བྱ ་བ་ནི་ནག་པོ་ཉིད་དུ་ཡང་རབ་ཏུ་བསྒྲུབ་པར་ནུས་པའི་ཕྱིར།། འདི་ལས་དཀར་མོ་ལ་སོགས་པ།། ཁ་དོག་དབྱེ་བ་སོ་སོ་ཡིན། ཞེས་བྱ་བ་དེ་ཡང་དེའི་ཚེ་མི་རིག་སོ།། དེའི་ཕྱིར་བཅོམ་ལྡན་འདས་ནི་དཀར་པོ་ཉིད་དེ་ནག་པོ་མ་ཡིན་ནོ།། ཡང་གསུངས་པ། ་རྗེ་ཡོངས་གྱུར་དེ་མ་ཐག། རྣམ་པ་ཀུན་གྱུར་མཆོག་ལྡན་པའི།། ཟླ་བའི་ཁ་དོག་མཉམ་འོད་ཀྱི།། རྡོ་རྗེ་སེམས་དཔའ་བསམ་པར་བྱ་ཞེའོ།། འདི་ནི་དེ་མ་ཐག་ཏུ་གསུངས་པའི་ཉིང་ལག་དང་བཅས་པའི་ལྷ་མོའི་འཁོར་ལོ་འདི་ལས་དཀར་མོ་ལ་སོ་པ་སྐྱེ་བྱ་བ་ལས། ་པ་གསུངས་སོ།། ཨཱ་ལིའི་དང་པོ་བདག་མེད་མ།། ཨ་ལི་གཉིས་པ་རྡོ་རྗེ་མ།། ཨཱ་ལི་གསུམ་པ་དཀར་མོ་ཉིད།། བཞི་པ་ཆུ་ཡི་རྣལ་འབྱོར་མ།། ལྔ་པ་རྡོ་རྗེ་མཁའ་འགྲོ་མ།། དྲུག་པ་པྲཀྵ་སི་ཞེས་བརྗོད།། བདུན་པ་ཉིད་ནི་རི་ཁྲོད་མ།། བརྒྱད་པ་དམ་ཤ ་ཅན་དུ་བརྗོད།། དགུ་པ་ཡང་ནི་གཡུལ་མ་ཅད།། ཡང་ནི་ལྔ་གཉིས་དཀར་མོ་ཉིད།། བཅུ་གཅིག་ཆེ་མ་རུན་མ་རུ་བཤང་།། བཅུ་གཉིས་རོ་ལངས་མ་རུ་བཤང།། བཅུ་གསུམ་པ་ནཾ་གྷུ་སྨ་རཱི།། བཅུ་བཞི་པ་ནི་ས་སྤྱད་མ།། བཅོ་ལྔ་པ་ནི་མཁའ་སྤྱོད་མ།། རྣལ ་འབྱོར་མ་ནི་ས་བོན་ཉིད།། རེ་ཞིག་ནང་ག་འཕར་མ་ལ།། རྣལ་འབྱོར་མ་ལྔ་ངེས་གནས་པ།། དབང་པོ་རྡོ་རྗེ་གཤིན་རྗེ་དཀར།། ཆུ་བདག་ཆུ་ཡི་རྣལ་འབྱོར་མ།། ལུས་ངན་རྡོ་རྗེ་མཁའ་འགྲོ་མ།། དབུས་སུ་བདག་མེད་རྣལ་འབྱོར་མ།། ཕྱི་རོལ་གྱི་འཕར་མ་ལ་རྡོ་རྗེ་མ ་ལ་སྩོགས་པའི་ཕྱོགས་སུ་དཀར་མོ་དང་། ཆོམ་རྐུན་མ་དང་། རོ་ལངས་མ་དང་། གྷསྨ་རཱི་སྟེ། ཕྱོགས་ཀྱི་རྣལ་འབྱོར་མའོ།། དབང་ལྡན་ལ་སོགས་པའི་མཚམས་རྣམསུ་ནི། པུཀྐ་སཱི་དང་། རི་ཁྲོད་མ་དང་། ་ལ་པ་མོ་དང་། གཡུང་མོའོ།། ལྷ་མོ་འོག་དང་སྟེང་ཞལ་མ།། དེ་བཞིན་མཁའི་སྤྱང་ས་སྤྱོང་མ།། ཁ་དོག་ནག་མོ་དྲག་ཆེན་མོ།། འཁོར་ལོའི་གཙོ་མོ་བདག་མེད་མ།། ཞལ་གཅིག་དམར་བའི་སྤྱན་གསུམ་སྟེ།། ཕྱག་གཉིས་དབུས་སྐྱེས ་པོ་ཉིད།། གཡོན་པ་ཐོད་པ་ཁ་ཊྭཱཾ་ག། གཡས་པའི་ཕྱག་ཏུ་གྲི་གུག་ཉིད།། འཁོར་ལེ་རྣོ་ཆ་མགུལ་རྒྱན་དང་།། ལག་གདུབ་དང་ནི་སྐ་རགས་འཛིན།། སྐྱིལ་ཀྲུང་ཕྱེད་མ་རོ་ལ་ཞོན།། སྟག་གི་པགས་པའི་ཤམ་ཐབས་མནབས།། ཇི་ལྟར ་བདག་མེད་རྣལ་འབྱོར་མ།། དེ་ལྟར་ཐམས་ཅད་རྣམ་པར་བཤད་།། སྙིང་པད་ཉི་བདག་ས་བོན་མཚན།། ཡེ་ཤེས་ཐུགས་ཀར་ཡེ་ཤེས་བསྒོམ།། བྱས་ནས་སྤྱན་དྲངས་མངོན་པར་མཆོད།། ཡེ་ཤེས་འཁོར་ལོར་གཞུག་པར་བྱ།། མིག་སོགས ་རྣམས་ལ་གཏི་མུག་སོགས།། རྡོ་རྗེ་གསུམ་ནི་གནས་གསུམ་དགོད།། མིག་ལ་གཏི་མུགུ་རྡོ་རྗེ་མ།། རྣ་བར་ཞེ་སྡང་རྡོ་རྗེ་མ།། སྣ་ལ་སེར་སྣ་མ་ཞེས་བཤད།། ཁ་ལ་འདོད་ཆག་རྡོ་མ།། ལུས་ལ་ཕྲག་དོག་རྔོ་མ།། ཡིད་ལ་བདག་མེད་རྣལ་འབྱོར་མ།། སྐུ་གས ་དེ་བཞིན་ཐུགས་ལ་ནི།། ཨོཾ་དང་ཨཱཿཧཱུཾ་ཞེས་སྔགས་ལས།། མཁའ་སྤྱོད་མ་དང་ས་སྤྱོད་ཉིད།། ཞབས་འོག་གནས་པ་བསམ་པར་བྱ།། ཇི་ལྟར་རྣམ་སྣང་ལ་སོགས་པ།། སྣ་ཚོགས་གཟུགས་སུ་ཡང་དག་བཤད།། སྙིང་གར ་ས་བོན་འོད་ཀྱིའོ།། རྣམ་པས་སྤྱན་དྲངས་དེ་བཞིན་གཤེགས།། ལྷ་མོ་བརྒྱད་ཀྱིས་མངོན་མཆོད་ནས།། དབང་བསྐུར་བར་ནི་གསོལ་བ་གདབ་ཅེའོ།། བཅོམ་ལྡན་དེ་བཞིན་གཤེགས་པ་རྣམས།། ཀུན་གྱིས་བདག་ལ་དབང་བསྐུར ་ཅིག། དེ་ནས་ཧེ་རུ་ཀ་དབྱིངས་ཀྱིས།། རང་ལ་དབང་བསྐུར་བསམ་པར་བྱ།། སེམས་དང་རྟག་པ་རིན་ཆེན་བདག། འོད་དཔག་མེད་དང་དོན་གྲུབ་ཀྱིས།། སྔོན་དུ་བདག་མེད་རྡོ་རྗེ་སོགས།། རྣལ་འབྱོར་མ་ལྔས་ཕྱག་རྒྱས་གདབ།། ཐུགས ་དང་རྟག་པའི་རིན་ཆེན་བདག། བདག་མེད་མཚམས་ཀྱི་རྣལ་འབྱོར་མ།། ཞེ་སྡང་གཏི་མུག་ཚེ་ང་རྒྱལ།། འདོད་ཆགས་རྡོ་རྗེ་ཕྱོགས་གནས་ལའོ།། ས་སྤྱོད་མ་དང་མཁའ་སྤྱོད་ཉིད།། སྐུ་དང་གསུང་གི་ཕྱག་རྒྱས་གདབ།། དང་པོར་ནག་པོ་རབ ་ཏུ་བསྒོམ།། གཉིས་པར་དམར་པོ་རྣམ་པར་བསྒོམ།། གསུམ་པ་ལ་ནི་སེར་པོ་བསྒོམ།། བཞི་པར་ལྗང་ཁུ་དེ་བཞིན་ནོ།། ལྔ་པར་ཁ་དོག་སྔོན་པོ་དང་།། དྲུག་པར་དཀར་པོ་བསྒོམ་པར་བྱ།། ཡན་ལག་དྲུག་བསྒོམ་རྣལ་འབྱོར་པས།། དགའ ་བྲལ་མཐར་ཡང་དེ་བཞིན་ནོ།། དང་པོར་དགའ་བ་དཔའ་བོ་ཉིད།། མཆོག་ཏུ་དགའ་བའི་རྣལ་འབྱོར་མ།། ཤིན་ཏུ་བདེ་དགའ་ཐམས་ཅད་ངེས།། དེ་བདེའི་ཐབས་ལས་ཐམས་ཅད་རིག། ཅེའོ། སློབ་དཔོན་གསང་བ་ཤེས་རབ་དང་།། བཞི་པ ་དེ་ཡང་དེ་བཞིན་ནོ།། དབང་ནི་བཞི་ཡི་གྲངས་ཀྱིས་ནི།། དགའ་བ་ལ་སོགས་རིགས་ཞེས་བྱ།། སྣ་ཚོགས་དང་པོའི་དགའ་བ་ཉིད།། རྣམ་སྨིན་ལ་ནི་མཆོག་དགའ་ཉིད།། རྣམ་ཉེ་དགའ་བྲལ་དགའ་བ་ཉིད།། མཚན་བྲལ་ལྷན་ཅིག་སྐྱེས་དགའ ་ཉིད།། ལྟེ་བར་གཏུམ་མོ་སྦར་བ་ཡིས།། དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང་།། སྤྱན་ལ་སོགས་པ་ཡང་བསྲེགས་ཏེ།། བསྲེགས་པས་རི་བོར་ཅན་ཧཾ་འཛག། གང་ཚེ་རྣལ་འབྱོར་བསམ་པས་རལ།། དེ་ཚེ ་དག་པ་རྗེས་དྲན་བྱ།། གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ།། ཚོར་བ་གསང་བའི་གཽ་རཱི་ཉིད།། འདུ་ཤེས་ཕུང་པོ་དེ་བཞིན་ཆུ།། འདུ་བྱེད་རྡོ་རྗེ་མཁའ་འགྲོ་མ།། རྣམ་ཤེས་ཕུང་པོའི་རང་བཞིན་གྱིས།། བདག་མེད་རྣལ་འབྱོར་མ་གནས་སོ།། ས་ནི་པུཀྐ་སཱི ་ཞེས་བརྗོད།། ཆུ་ཁམས་རྔོན་པ་མ་ཞེས་བརྗོད།། མེ་ནི་གཏུམ་མོར་ཤེས་པར་བྱ།། རླུང་ནི་གཡུང་མོར་རབ་ཏུ་གྲགས།། གཟུགས་ལ་དཀར་མོར་རྟག་ཏུ་བཤད།། སྒྲ་ལ་ཆོམ་རྐུན་མ་རབ་གྲགས།། དྲི་ཡི་ཡུལ་ལ་རོ་ལངས་མ།། དེ་བཞིན་རོ་ལ ་གྷསྨ་རཱི།། རེག་ལ་ས་སྦྱོང་མ་ཞེས་བཤད།། ཆོས་ཀྱི་ཁམས་ལ་མཁའ་སྤྱོད་མ།། ཞེ་སྡང་ཞེས་བཤད་རྡོ་རྗེ་མ།། འདོད་ཆགས་ཆུ་ཡི་རྣལ་འབྱོར་མ།། ཕྲག་དོག་རྡོ་རྗེ་མཁའ་འགྲོ་མ།། སེར་སྣ་གསང་བའི་དཀར་མོ་ཉིད།། གཏི་མུག་རྡོ་རྗེ་རྡོ་རྗེ་ནི ་མཁའ་འགྲོ་ཞེ་སྡང་ལ་སོགས་སྦྱོང་།། མགོ་བོ་སྐྱེས་པའི་བདུད་བཏུལ་བ།། གྲི་གུག་ལྷ་ནི་གཅོད་པ་མ།། ཉོན་མོངས་གཅོད་པས་ཐོད་པ་སྟེ།། ཕུང་པོའི་བདུད་ནི་རོ་ཞེས་བརྗོད།། འཁོར་ལོའི་གཟུགས་ཀྱིས་མི་བསྐྱོད་པ།། རྣ་ཆའི་བདག་ཉིད་འོང་དཔག ་མེད།། མགུལ་གྱི་ཕྲེང་བ་རིན་ཆེན་བདག། ལག་གདུབ་ལ་ནི་རྟག་པར་བརྗོད།། སྐ་རགས་ལ་ནི་དོན་ཡོད་གནས།། ཕྱག་རྒྱ་ལྔ་ནི་རྣམ་དག་པའོ།། བསམ་པས་ངལ་བས་ཨཱ་ལི་ནི།། ཨ་སྤངས་སྔགས་ནི་བཟླས་པར་བྱ།། ཨོཾ་ནི་དང་པོ་ཕཊ་དང ་བཅས།། སྭཱ་ཧཱའི་མཐར་ཐུག་སྔགས་ལས་ནི།། འདོད་དོན་བསྒྲུབ་ཕྱིར་བར་ཆད་ནི།། ཞི་བའི་ཕྱིར་དང་དགེ་བའི་ཕྱིར།། འཆད་པར་འགྱུར་བའི་ཆོ་ག་ཡིས།། གཡེལ་མེད་པས་ནི་གཏོར་མ་སྦྱིན།། རླུང་དང་མེ་དང་མཐོང་བར་གནས་པ་འབར་བ་དང་། བསྐོལ ་བ་ལ་སོགས་པས་གྲུབ་པ་མི་འཆི་ལྔ་དང་། ཤ་ལི་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ནས་སྦྱིན་པར་བྱ་སྟེ། ཨིནྡ་ཛ་མ་ཛ་ལ་ཛཀྵ་པཱུ་ཏ་བིཏྟི་བ་ཨུ་རཀྵ་བ་ཙན་སུཛྙཱ་མཱ་ད་བཱ་པཱ། ཏ་ལ་པཱ་ཏཱ་ལཾ། ཨཊྚཱ་སཔྤ་སྭཱ་ཧཱ། ཨི་དཾ་བ་ལིཾ་པྲཉྩ་ཛིདྦཱ་ཕུལླ་དྷཱ་པ ་མཾ་ས་བིདྡྷ་ཨམྦྷ་སཔྤཀྵཛྫ་སཱ་དཱ་ཁིནྟ་ཁཱ་ནི་ཕེ་ཊ་ག་ཏ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཱཾ་ཨཱདྱ་ནུཏྤནྣ་ཏཱཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ཡན་ལག་དྲུག་བསྒོམ་ཞེས་བྱ་བ་ནི་གལ་ཏེ་བསྒོམ་པར་བྱ་བ་ཡོད་ན་ཡན་ལག་དྲུག་ལས་གོང་དུ་ཡང་ཅི་མི་བསྒོམ་ཞེས་དོགས ་པ་ལ། དགའ་བྲལ་མཐར་ཡང་དེ་བཞིན་ནོ།། ཞེས་བྱ་བ་ལ་སོགས་པ་གསུངས་སོ།། འདི་ནི་དགོངས་པ་སྟེ། ཇི་སྲིད་བློ་ནི་འཕེལ་འགྱུར་བ།། དེ་སྲིད་བསྒོམ་པར་འགྱུར་བ་སྟེ།། གང་ཡང་བློ་ཡི་ཡུལ་མེད་པའི།། ལྷན་ཅིག་སྐྱེས་དེ་ཇི་ལྟར་བསྒོམ།། དེ ་ལས་བཟློག་པ་ནི་བསྒོམ་པ་ཞེས་བྱ་བར་དགེངས་སོ།། བསྐྱེད་པ་དང་རྫོགས་པའི་རིམ་པ་དག་གི་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་དེ་ལ་ཡན་ལག་དྲུག་པོ་འདི་རྣམས་ཀྱིས་བསྐྱེད་པའི་རིམ་པ་རྟོགས་ནས། ད་ནི་རྫོགས་པའི་རིམ་པ་རྟོགས་པར་བྱ ་བའི་ཕྱིར། ན་མཁའི་ཁམས་སུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཐབས་དང་ཤེས་རབ་ཀྱི་དབྱེ་བས་ལྷན་ཅིག་སྐྱེས་པའི་རྣམ་པ་བཞི་རྟོགས་ནས་ངའི་བདག་ཉིད་དུ་གྱུར་པའི་ཕྱིར་དགའ་བ་རྣམས་ཀྱིས་བཞི་པོ་ཡང་རྫོགས་པའི་རིམ་པ་ལ་ཡང ་དག་པར་གནས་ནས་རྟོགས་པར་བྱ་བའི་ཕྱིར། དགའ་བ་དང་པོ་དཔའ་བོ་ཉིད། ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོ་དགའ་བ་ནི་དཔའ་བོ་སྟེ་ཐབས་སོ།། མཆོག་ཏུ་དགའ་བ་རྣལ་འབྱོར་མ། ཞེས་བྱ་བ་ནི་ཤེས་རབ ་བོ།། དགའ་བས་ལྷག་མ་གཉིས་ནི། བླ་མས་འཆད་པར་འགྱུར་རོ།། འདིས་ནི་ལྷན་ཅིག་སྐྱེས་པ་སྤངས་ཞེས་བྱ་བ་ནི་འདི་རྣམས་གསུམ་གྱིས་མ་རེག་པའོ།། དགའ་བ་གསུམ་པོ་འདི་དག་རྟོགས་ནས། ལྷན་ཅིག་སྐྱེས་པ་དེ་རྣམས་ལས་མཚན ་ཉིད་དང་བྲལ་བ་དེ་ཅི་མ་རྟོགས་པ་ཉིད་དུ་རུང་ངམ་ཞེས་དོགས་པ་ལ། འདོད་ཆགས་མེད་ཅིང་ཚིགས་བྲལ་མེད། ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་ཆགས་ནི་ཞེན་པའི་མཚན་ཉིད་དོ།། ཆགས་བྲལ་ནི་འགོག་པའི་བདེན་པའི་ཚིག་གོ།། ་གང་ཡང་དེ་དག་གིས་སྤངས་པའི་དབུ་མ་ནི་རོ་གཅིག་པའི་སྐད་ཅིག་མའོ།། ཡང་གསུངས་པ། འདོད་ཆགས་ཉིད་དང་ཆགས་བྲལ་དག། འདྲེས་པར་གྱུར་པ་རྙོག་པ་མེད།། དེ་བཞིན་ཆགས་དང་ཆགས་བྲལ་གྱིས།། གཅིག་པུ་རོ་མཉམ་སྐད་ཅིག་མའོ།། ་ཞེའོ།། ཇི་ལྟར་འདི་ལྟ་བུའི་ལྷན་ཅིག་སྐྱེས་པ་འདི་རྟོགས་པར་འགྱུར་ཞེས་སྙམ་པ་ལ། གཞན་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། གཞན་གྱིས་མ་བསྒྲགས་པ་བདག་གིས་ཤེས་པ་ཡང་ཇི་ལྟར་ན་བདག་གིས་ཤེས་ཞེས་དོགས་པ་ལ། ་དམན་པ་འབྲིང་དང་མཆོག་རྣམས་དང་། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམན་པ་འབྲིང་དང་མཆོག་རྣམས་དང་ཞེས་བྱ་བ་ནི་གང་ལ་མཉམ་པ་ལྟ་བུ་སྟེ། ཁྱད་པར་གྱི་དངོས་པོ་མེད་པའི་ཕྱིར་ཐ་མི་དད་པ་ལྟ་བུར་མཚོན་པར་འགྱུར་རོ།། ད ་ང་ཇི་ལྟར་འདི་རྣམས་མི་འདྲ་བ་རྣམས་འདྲ་བ་རྣམས་སུ་འགྱུར་ཞེས་ངོགས་པ་ལ། རོ་མཉམ་ང་ཉིད་བསྒོམས་པ་ཡིས། ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དམན་པ་དང་། མཆོག་དང་འབྲིང་ལ་སོགས་པ་དེ་རྣམས་ནི་གང་། དེ་ཁོ་ན་ཉིད ་བསྒོམ་པ་དེ་ནི་གང་ཞེ་ན། འདྲི་བ་པོ་རྟོགས་པར་བྱ་བའི་ཕྱིར། དམན་པ་གནས་ནི་ཕྲ་བའི་དོན་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། གསུངས་པ་བསྡུ་བ་དེ་ཉིད་བསྒོམས་པ་ཡིས་དམན་པ་དང་འབྲིང་པོ་དང་མཆོག་འདི་རྣམས་ཀྱི་དངོས་པོ་གཅིག ་དང་རོ་མཉམ་པ་རྟོགས་ནས། ཡང་དེ་ཁོ་ན་ཉིད་བསྒོམ་པ། མ་རྟོགས་པ་ཉིད་ཀྱང་ཡོད་དེ། དམ་རྟོགས་པར་མཉམ་པ་ཉིད་ཀྱང་འགྲུབ་པར་མི་འགྱུར་ཏེ། དེ་བས་ན་དེ་ཁོ་ན་བསྒོམ་པར་འདོད་པར་བྱ་བ་འདི་ནི་ཅི་སྟོང་པ་བསྒོམ་པ་དེ་ཁོ་ན་བསྒོམ ་པ་འམ། འོན་ཏེ་དངོས་པོ་བསྒོམ་པའང་ཞེ་ན། འདིར་གཉིས་ཀ་ཡང་མ་བསྟན་ཏེ། དེ་བཤད་པའི་རྒྱུད་དུ་བཙལ་བར་བྱའོ།། དེ་ལ་དངོས་པོ་དང་དངོས་པོ་མེད་པ་བསྒོམ་པ་དགག་པར་ལུས་ནི་དེ་ཁོ་ན་བསྒོམ་པར་གསུངས་སོ།། འདི་ལྟ་སྟེ། སྟོང ་པ་བསྒོམ་པར་མི་བྱ་ཞིང་།། སྟོང་པ་མ་ཡིན་བསྒོམ་མི་བྱ།། སྟོང་པ་མི་སྤང་རྣལ་འབྱོར་པས།། སྟོང་མིན་ཡོངས་སུ་མི་སྤང་ངོ་།། སྟོང་དང་སྟོང་མིན་གཟུང་བ་ལ།། བརྟགས་པ་ཉུང་མིནི་སྐྱེ་བར་འགྱུར།། ཡོངས་སུ་སྤངས་ན་ཀུན་རྟོགས་ཏེ།། དེ་ཕྱིར ་གཉིས་པོ་འདི་དག་སྤང་།། གཉིས་ཀྱིས་གཟུང་བ་ཡོངས་སྤངས་པ།། རྣམ་གྲོལ་གནས་དང་བྲལ་བ་སྟེ།། ང་ཞེས་བྱ་བའི་ཀུན་རྟོག་འདི།། དེ་ཡང་དེ་ཕྱིར་ཡོངས་སུ་སྤངས་ཞེའོ།། དེས་མཐའ་གསུམ་ལ་མ་རེག་པ་ནི་དེ་ཁོ་ན་བསྒོམ་པ་བཅོམ ་ལྡན་འདས་ཀྱིས་གསུངས་པ། ཇི་ལྟར་གང་ལ་བསྒོམ་པ་པོ་ཡང་མེད།། གང་ཡང་རྣམ་པར་བསྒོམ་པའང་མེད།། བསྒོམ་བྱ་ཉིད་ཀྱང་ཡོད་མ་ཡིན།། དེ་ནི་དེ་ཉིད་བསྒོམ་པར་བརྗོད་ཅེའོ།། འདིས་ལྷན་ཅིག ་སྐྱེས་པའི་དེ་ཁོ་ན་བསྒོམ་པ་རྟོགས་ནས་སད་པས། ཆ་གཞན་མི་མཐོང་བ་དང་། རང་གི་རང་བཞིན་གྱི་ཆོས་ཐམས་ཅད་བསྒོམ་པ་ནི་ང་ལས་བྱུང་ཞེས་བྱ་བ་ལ་སོགས་པ་གསུང་སོ།། བདག་ལ་ཇི་ལྟར་གཞན་ལ་ཡང་གྲུབ་པར་འགྱུར་བའི་ཕྱིར ་གཞན་ལ་བསྟན་པ་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངསོ།། གསུངས་པའི་རིགས་པས་གང་གིས་གང་གི་རང་བཞིན་གྱི་དངོས་པོ་བསྒོམ་པར་འགྱུར་བའི་རྣལ་འབྱོར་པ་བསོད་ནམས་སྟོང་པ་དེས་ཀྱང་འགྲུབ་པར་འགྱུར་རོ།། བསྒོམ་པའི་དུས ་ཀྱི་ངེས་པ་ལ་གུས་པ་མ་ཡིན་པར་བསྟན་པའི་ཕྱིར། བཟའ་དང་བཏུང་དང་བླུགས་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། རྒྱུད་གཞན་དུ་གསུངས་པ་ཡང་བརྗོད་པར་བྱ་སྟེ། གཟུགས་རྣམས་ཐམས་ཅད་བལྟ་བ་དང་།། སྒྲ་ནི་རྒྱས་པ ་མཉན་པ་དང་།། སྨྲ་བ་དང་ནི་རྒོད་པ་དང་།། སྣ་ཚོགས་རོ་ནི་ཟ་བ་དང་།། ལས་རྣམས་ཐམས་ཅད་བྱེད་པ་དང་།། གཞན་དུ་སེམས་ནི་མི་འགྲོ་བའི།། དེ་ཉིད་རིགས་པའི་རྣལ་འབྱོར་པའི།། རྣལ་འབྱོར་རྟག་ཏུ་སྐྱེ་བར་འགྱུར།། དེ་ནི་གཉིས་མེད ་ཅེས་བརྗོད་དེ།། འདི་ནི་བྱང་ཆུབ་སེམས་མཆོག་ཉིད།། རྡོ་རྗེ་རྡོ་རྗེ་སེམས་དཔའ་དཔལ།། རྫོགས་པའི་སངས་རྒྱས་བྱང་ཆུབ་ཉིད།། འདི་ནི་ཤེས་རབ་ཕ་རོལ་ཕྱིན།། ཕ་རོལ་ཕྱིན་པ་ཀུན་གྱི་ཚོགས།། འདི་ཉིད་མཉམ་པ་ཉིད་དུ་གསུངས། ་སངས་རྒྱས་ཀུན་མཆོག་བསྒོམ་པ་ཉིད།། འགྲོ་བ་བརྟན་དང་གཡོ་བའི་བདག། འདི་ཉིད་དུ་ནི་ཐམས་ཅད་སྐྱེས།། བྱང་ཆུབ་སེམས་དཔའ་མཐའ་ཡས་དང་།། རྫོགས་སངས་རྒྱས་དང་ཉན་ཐོས་སོགས། ཞེས་བྱ་བ་ལ་སོགས་པའོ།། གསུངས ་པ་དེ་ཁོ་ན་བསྒོམ་པའི་འབྲས་བུ་ནི་དེ་ནས་བདེ་བ་ཉིད་དུ་འགྲོ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེ་བ་ནི་བཅོམ་ལྡན་འདས་བདེ་བ་ཆེན་པོའི་རྡོ་རྗེའོ།། དེའི་དངོས་པོ་ནི་བདེ་བ་ཉིད་དེ་དེ་ནས་འཐོབ་པར་འགྱུར་ཞེས་བྱ་བའི་དོན་ཏོ།། རྟག་ཏུ་ཞེས་བྱ ་བའི་ཚིག་གཞན་དེ་ཡང་འགལ་བ་མེད་དེ། རྟག་ཏུ་ཞེས་བྱ་བ་ནི་རྒྱུན་དུའོ།། རྣལ་འབྱོར་པ་ཡི་ཁྱད་པར་ནི།། ཕྱག་རྒྱ་ཆེན་པོ་མངོན་འདོད་པས། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདུས་མ་བྱས་ཀྱི་ངོ་བོ་བདག་མེད་པ་ནི་ཕྱག་རྒྱ་ཆེན་པོ་སྟེ། ་དེའི་མངོན་པར་འདོད་པ་ནི་ཕྱག་རྒྱ་ཆེན་པོའི་མངོན་པར་འདོད་པའོ།། གལ་ཏེ་དངོས་པོ་འདི་རྣམས་ཐམས་ཅད་ཀྱང་རང་གི་རང་བཞིན་དེ་ཇི་ལྟ་བར་དེའང་བདག་ཅག་ལྟ་བུར་རྫོགས་པའི་སངས་རྒྱས་སུ་མི་འགྱུར་ཞེས་དོགས་པ་ལ། དེ་རྣམས་དམ་པ ་གཅིག་ཡོད་མིན་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། རང་གིས་ཡང་དག་པར་རིག་པ་ནི་རང་རིག་སྟེ། གཞན་གྱིས་མྱ་བསྒྲུབས་པའོ།། གང་གིས་རབ་ཏུ་རྟོགས་པའི་ངོ་བོ་བདེ་བ་ཆེན་པོ་རང་བཞིན་གྱི་སེམས་བསྒྲུབ་པར་འགྱུར་བ་དེ་ཡོད་པ ་མ་ཡིན་ཏེ། དེའི་ཕྱིར་གང་ལས་དེ་རྣམས་ཀྱི་བསྒྲུབ་པར་བྱ་བ་སྒྲུབ་པ་འགྱུར་ཞེས་དགོངས་པའོ།། དེ་ཉིད་ཀྱི་ཕྱིར་རང་རིག་ཅེས་བྱ་བ་ལ་སོགས་པ་གསུངས་སོ།། ཅི་རང་རིག་པའི་སེམས་བྱང་ཆུབ་ཀྱི་ཡན་ལག་དེ་ཇི་ལྟར་འཁོར་བར་འགྱུར་ཞེས་དོགས་པ ་ལ། རང་གིས་རིག་པའི་འགྱུར་བ་ལས། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་རིག་པའི་འགྱུར་བ་ནི་རང་རིག་པའི་འཕོ་བའོ།། ལས་ནི་དགེ་བ་དང་མི་དགེ་བའོ།། མནན་པ་ལས་ཞེས་བྱ་བ་ནི་རྣམ་པར་རྟོག་པ ་ལས་སྐྱེ་བར་འགྱུར་བའོ།། དེ་བས་ན་ལས་ཀྱིས་འདི་འཁོར་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། ཅིའི་ཕྱིར་ཡང་ཇི་ལྟར་གནོན་པར་མི་འགྱུར་བ་དེ་ལྟར་སེམས་དེ་འདུལ་བར་མི་འགྱུར་ཞེས་དོགས་པ་ལ། རང་གིས་བྱེད་ཅེས་བྱ་བ་ལ་སོགས་པ ་གསུངས་སོ།། གལ་ཏེ་སེམས་ཀྱི་དབང་པོ་ཞིག་ཡོད་ན་ནི། དེས་དེའི་ཚེ་དེ་ངེས་པར་བྱེད་ན། འོན་ཀྱང་སེམས་ནི་རང་དབང་ངོ་།། བྱེད་པ་ཞེས་བྱ་བ་ནི་སྤྲོས་པ་སྤྲོ་བར་བྱེད་པའོ།། འཕྲོག་པ་ཞེས་བྱ་བ་ནི་སྡུད་པར་བྱེད་པའོ།། རྒྱལ་པོ་ཞེས་བྱ་བ་ནི ་སྤྲོ་བར་མི་བྱེད་པ་དང་སྡུད་པར་མི་བྱེད་པ་སྟེ། སྤྲོ་བ་དང་བསྡུ་བ་ལས་རྣམ་པར་གྲོལ་བའི་རང་བཞིན་ལ་གནས་པ་ཟླ་བ་ལྟ་བུར་རྣམ་པར་གསལ་བའི་ཕྱིར་རྒྱལ་པོའོ།། དེ་ལྟར་ཡང་སེམས་ཉིད་ནི་མྱ་ངན་འདས་པ་དང་། སེམས་ཉིད་ནི་འཁོར་བ་ཞེས ་བསྟན་པའོ།། ཡང་གསུངས་པ། ཀུན་རྟོག་མང་པོའི་མུན་པས་ཟིལ་མནན་ཅིང་།། རབ་ཏུ་འཇོམས་པས་སྤྲོ་ཞིང་གློག་འགྱུར་བའི།། ཆགས་སོགས་བཀའ་ཡི་དྲི་མས་གོས་པ་ཡི།། སེམས་ནི་རྡོ་རྗེ་ཅན་གྱིས་འཁོར་བར་གསུངས།། འོད་གསལ་རྟོགས ་པ་ལས་ནི་རྣམ་གྲོལ་བའི།། ཆགས་སོགས་དྲི་མས་གོས་པ་རབ་སྤངས་པ།། གཟུང་དང་འཛིན་མེད་སེམས་དཔའ་མཆོག་གིས་ནི།། དེ་ཉིད་མྱ་ངན་འདས་པ་མཆོག་ཏུ་གསུངས་ཤེའོ།། འདོད་ཆགས་ལ་སོགས་པ་ནི་སེམས་ཀྱི་རང་བཞིན་དུ་གྱུར ་པའི་ཕྱིར། དེ་བས་ན་ཅི་ངེས་དེ་འགུགས་པར་མི་འགྱུར། གང་གིས་ན་དངོས་པོ་དང་དངོས་པོ་མེད་པ་ཟིལ་གྱིས་མནན་ནས་རྒྱལ་པོ་ཡིན་ཞེས་དོགས་པ་ལ། དེ་ཀུན་དེ་ནས་ཉམས་དགའ་བར། ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་ཀུན་ནི་འདོད་ཆག ་ལ་སོགས་པའོ།། དེ་གནས་ནི་ལྷན་ཅིག་སྐྱེས་པའི་གནས་སུའོ།། ཉམས་དགའ་བར་ཞེས་བྱ་བ་ནི་ཐམས་ཅད་ཟིལ་གྱིས་གནོན་པར་ནུས་པའི་གཟི་བརྗིད་ཀྱིས་ཕུང་པར་རོ།། འདོད་ཆགས་ནི་རོའོ།། ཞེ་སྡང་ནི་སྒྲའོ།། ཕྲག་དོག་ནི་རེག་བྱའོ།། གཏི་མུག་ནི ་གཟུགས་སོ།། ང་རྒྱལ་ནི་སྣང་བའོ།། དེ་རྣམས་ནི་ངེས་པར་མཆོད་པའི་རྒྱུའི་ཕྱིར་མཆོད་པ་ལྟ་བུར་སྤྱོད་པ་དང་ཕོད་པའོ།། མི་ཕོད་དོ་ཞེས་བྱ་བ་ནི་མཆོད་པར་མི་ནུས་པའོ།། བཅུ་དྲུག་ཆར་ཡང་ཞེས་བྱ་བ་ནི་ཟླ་བ་ཡོངས་སུ་སྤངས་པའི་བཅུ་དྲུག་གི་ཆ་སྟེ་ཤེས ་རབ་བོ།། དེ་མི་ཕོད་པ་དང་དེར་མ་ལུས་པར་གནས་པའི་ཡིད་ནི་ཅི་སྨོས་ཞེས་བྱ་བར་དགོངས་པའོ།། འདིར་འདི་ནི་དོན་ཏེ། གཟུགས་དང་སྒྲ་ལ་སོགས་པའི་ཡུལ་ནི་ལོངས་སྤྱོད་དོ།། ལོངས་སྤྱོད་པ་ནི་བཅོམ་ལྡན་འདས་ཏེ། དེ་ཡང་སེམས་ཀྱིས་རྒྱལ ་པོའོ།། དེ་བས་ན་འདོད་ཆགས་ལ་སོགས་པས་དེ་འགུགས་པར་ནི་མི་འགྱུར་ཏེ། གང་ཡང་བསྒོམ་པའི་སྟོབས་ཀྱིས་སྲེད་པའི་ཕྱིར་ལོག་པ་དེ་གང་གིས་ཀྱང་དགུག་པར་མི་ནུསོ་ཞེས་བྱ་བའི་དོན་ཏོ།། དེ་ཉིད་རྟོགས་པར་བྱ་བའི་ཕྱིར་ཆོས་འབྱུང་ལས་སྐྱེས ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲ་ན་གྱི་རྣམ་པ་ལྔ་བུར་ཆོས་མཐུན་པ་གང་ལས་འབྱུང་བ་ལས། ཆོས་ཀྱི་འབྱུང་གནས་དེ་ནི་བཅོམ་ལྡན་འདས་མ་སྟེ། ཤེས་རབ་བོ།། གང་གིས་དེ་ལས་འབྱུང་བ་དེ་ནི་ཆོས་ཀྱི་འབྱུང་གནས་ལས་སྐྱེས་པ་སྟེ། ་མཁའ་མཉམ་ལ་སོགས་པའི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པའི་ཡེ་ཤེས་སོ།། ལྷན་ཅིག་ཐབས་དང་བཅས་ཞེས་བྱ་བ་ལ། ལྷན་ཅིག་ཐབས་ནི་བླ་མ་དང་ལྷ་ཉིད་ཀྱི་རྣལ་འབྱོར་དང་། དབང་གི་རབ་ཏུ་དགའ ་བ་ལ་སོགས་པའི་རབ་ཏུ་དབྱེ་བའི་ཐབས་ཀྱིས། ལྷན་ཅིག་སྤྱོད་པའི་ཕྱིར་ཐབས་དང་ལྷན་ཅིག་བྱང་ཆུབ་ཀྱི་སེམས་སོ།། དེ་དང་བཅས་པ་ནི་དེའི་རྗེས་སུ་འབྱངས་པ་དང་གང་ཡང་དེ་དང་ལྡན་པའི་ཡེ་ཤེས་སོ།། ཐབས་རྣམས་ནི་ཡོད་ཀྱང་སྒོམ་པ ་མ་རྟོགས་པར་ཡེ་ཤེས་འདི་ལྟ་བུ་འདི་འགྲུབ་པར་མི་འགྱུར་ཏེ། དེའི་ཕྱིར་སྒོམ་པ་ཉིད་ནི་འདིར་ཡེ་ཤེས་ཀྱི་སྒྲུབ་པའི་ཐབས་སོ།། གང་ཞིག་ངེས་པར་རང་གི་ཤེས་རབ་རིང་པོས་རྙེད་པའི་རོལ་པའི་རོས་དྲན་པ་དང་བྲལ་བ་བྱ་བ་གཞན་གྱིས་ལོངས ་སྤྱོད་པ་ཉིད་ཕྱིར་ལོག་པ་ལོངས་སྤྱོད་ཀྱིས་མ་བཀུག་པ་དེ་ནི་བསྒོམ་པའོ།། ཡང་གསུངས་པ། བྱ་བ་ཅུང་ཟད་ཡོད་མིན་འདིར།། ཟ་བ་པོ་ཉིད་ཡོད་མ་ཡིན།། བྱེད་དང་ཟ་བ་པོ་ལས་གྲོལ།། དོན་དམ་རྣམ་པར་བསྒོམ་པ་ཉིད་ཅེའོ།། གསུངས ་པའི་ཡོན་ཏན་གྱི་ཁྱད་པར་དུ་འཕགས་པའི་ཡེ་ཤེས་ཀྱི་འཕེལ་བ་དེ་གང་ཡང་། གང་གིས་ན་ཡེ་ཤེས་འདི་མངོན་དུ་བྱ་བར་བླ་མ་ལ་སོགས་པའི་ཐབས་བཙལ་བར་བྱ་ཞེས་དོགས་པ་ལ། འཇིག་རྟེན་གསུམ་པོ་དེ་ལས་སྐྱེས་ཞེས་བྱ་བ་ལ ་སོགས་པ་གསུངས་སོ།། གང་ལས་གཅིག་ཉིད་སྐྱེ་བར་འགྱུར་བ་དེ་ཡང་བསྔགས་ན། ཡང་གང་ལས་འཇིག་རྟེན་གསུམ་པོ་སྐྱེ་བར་འགྱུར་བ་དེ་ཅི་ཁྱད་པར་དུ་འཕགས་པ་མ་ཡིན་པར་འགྱུར། ཡིན་མོད་ཀྱི་དེས་ཀྱང་མི་ནུས་པའི་ཕྱིར། ཡེ ་ཤེས་འབའ་ཞིག་ཐབས་སུ་གྱུར་པ་ལས་མང་པོ་རྣམས་ཀྱི་བསྐྱེད་པ་ལྟ་ཞོག་གིས་གཅིག་གི་ཡང་ཡོད་པ་མ་ཡིན་ནོ་ཞེས་དོགས་པ་ལ་ཐབས་དང་ཤེས་རབ་རང་བཞིན་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་འདི་ནི་ཐབས ་འབའ་ཞིག་ཙམ་ནི་མ་ཡིན་ཏེ། འོན་ཀྱང་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཏེ། ཐབས་དང་ཤེས་རབ་དག་གིས་དངོས་པོ་རྣམས་ཀྱི་བསྐྱེད་པར་བལྟའོ།། དེ་བས་ན་གང་གསུངས་པ་དེ་ཉིད་དེ་ལྟར་བརྫུན་པ་མ་ཡིན་ནོ་ཞེས་བྱ་བར་དགོངས ་པའོ།། ཐམས་ཅད་བསྡུས་པའི་ལུས་གཅིག་པུ་ལ་དུ་མ་ཉིད་དུ་ཡང་འགལ་བ་མེད་དོ།། ཡང་གསུངས་པ། དེ་ནི་གཉིས་མེད་ཡེ་ཤེས་བརྗོད།། འདི་ནི་བྱང་ཆུབ་སེམས་མཆོག་ཉིད།། འད་ནི་ཤེས་རབ་ཕ་རོལ་ཕྱིན།། ཕ་རོལ་ཕྱིན་པ ་ཀུན་གྱི་ཚོགས།། འགྲོ་བ་བརྟན་དང་གཡོ་བའི་བདག། འདི་ཉིད་དུ་ནི་ཐམས་ཅད་སྐྱེས།། བྱང་ཆུབ་སེམས་དཔའ་མཐའ་ཡས་དང་།། རྫོགས་སངས་རྒྱས་དང་ཉན་ཐོས་སོགས། ཞེས་བྱ་བ་ལ་སོགས་པའོ།། དེའི་གཉིས་སུ་མེད་པའི ་ཡེ་ཤེས་ལ་ཐབས་དང་ཤེས་རབ་ཀྱི་ཡན་ལག་གཉིས་བསྟན་པའི་ཕྱིར། ཁུ་བོའི་རྣམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དབྱེ་བ་སོ་སོར་རྟོགས་ནས། དབྱེར་མེད་པ་རྟོགས་པར་འདོད་ནས། རང་གི་རིག་པའི་ཡེ་ཤེས་འདི། ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གསལ་བའི་ཕྱིར་དང་། ཉམས་སུ་མྱོང་བའི་མཚན་ཉིད་ཀྱི་ཕྱིར་རང་གི་ཡང་དག་པར་རིག་པ་སྟེ། གང་ཞིག་ལམ་ལས་འདས་པའི་སྤྱོད་ཡུལ་གྱི་ཕྱིར་གཞན་གྱི་མ་བསྒྲགས་པའོ།། ངག་གི་ལམ ་ནི་ཚིག་གི་ལམ་སྟེ། རྐན་ལ་སོགས་པའོ།། དེ་འདས་པ་ནི་ངག་གི་ལམ་ལས་འདས་པ་སྟེ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པའོ།། དེའི་སྤྱོད་ཡུལ་ནི་ངག་གོ་ལམ་ལས་འདས་པའི་ཡུལ་ལོ།། ཡང་གསུངས་པ། ་སྤྲོས་མེད་རང་གི་ངོ་བོ་ཡིས།། དེ་ཉིད་དཔའ་བོ་སྟོན་པ་པོ། ཞེའོ།། གལ་ཏེ་དེ་ལྟར་བཅོམ་ལྡན་འདས་ཀྱི་སྤྱོད་ཡུལ་ནི་ཇི་ལྟར་སངས་རྒྱ་མ་ཡིན་པ་བདག་ཅག་རྣམས་ཀྱིས་ཤེས་པར་བྱ། མི་ཤེས་པ་ཉིད་དུ་གནས་པར་འགྱུརརོ་ཞེས་དོགས་པ་ལ། འདི ་ན་རླབས་རིམ་པའི་ཕྱིར། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བིན་གྱིས་བརླབ་པ་ནི་དབབ་པའོ།། དེའི་རིམ་པ་ནི་སངས་རྒྱས་ཀྱི་བྱིན་གྱིས་བརླབས་པའི་རིམ་པ་སྟེ། རང་རིག་པའི་ཡེ་ཤེས་སོ།། བྱིན་གྱིས་བརླབ་པའི་གཏན་ཚིགས་གསུངས ་པ། ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ་ཞེས་བྱ་བ་གསུངས་པ་ལ། ཀུན་མཁྱེན་ནི་སངས་རྒྱས་བཅོམ་ལྡན་འདས་སོ།། ཡེ་ཤེས་དེའི་ཟག་པ་མེད་པའི་མཚན་ཉིད་དོ།། དེ་ལྟ་བུ་ནི་དེ་དང་འདྲ་བ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་བྱ་བ་ཇི་སྙེད ་པའོ།། དེ་བས་ན་དེའི་བྱིན་རླབས་སྐྱེ་བར་འགྱུར་ཏེ་འདི་ལ་ངོ་མཚར་ཅི་ཞིག་ཡོད། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཉིད་ཀྱི་མཚན་ཉིད་ནི། ཀུན་གྱིས་སྐད་ཅིག་མི་གནོད། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་སྐྱེ་བའི་སྐད་ཅིག ་ལ་རོ་གཅིག་པའི་ཕྱིར་ས་ལ་སོགས་པ་འདི་རྣམས་ཀྱིས་སོ།། རང་བཞིན་རིག་པ་ཞེས་བྱ་བ་ནི་ཇི་ལྟར་རིག་པར་འགྱུར་བ་དེ་ལྟར་གནོན་པར་མི་འགྱུར་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་འདི་ལྟ་བུའི་ཕྱིར་ཡང་དེའི་དཔེ་རིགས་སོ།། སྲིད ་པར་ཞེས་བྱ་བ་ནི་ལུས་ཅན་རྣམས་ཀྱིས་ལུས་ཏེ་དེར་སྲིད་པ་ལའོ།། འདིར་གཏི་མུག་དང་ཞེ་སྡང་ལ་སོགས་པ་འབྱུང་བའི་ཕྱིར་སྲིད་པའོ།། དངོས་གྲུབ་ནི་རང་དང་གཞན་གྱི་དོན་ནུས་པའོ།། དག་པའི་ཡོངས་སུ་སྦྱངས་པའི་ཆོས་རྣམས ་སོ།། དེ་བས་ན་ཡ་ཤེས་མེད་པར་རིག་བྱེད་དང་། གྲུབ་པའི་མཐའ་ལ་སོགས་པ་རྣམས་ཀྱིས་མ་ཡིན་ནོ།། དེའི་ཕྱིར་ཡེ་ཤེས་བརྟེན་པར་བྱའོ།། རྣམ་པ་གང་གིས་ཞེས་དོགས་པ་ལ། དེ་ཉིད་རྣལ་འབྱོར་གྱིས་ཞེས་བྱ་བ་ལ་སོགས ་པ་གསུངས་སོ།། དེ་ཉིད་ནི་བྱང་ཆུབ་ཀྱི་སེམས་ཏེ། རིགས་ལྔའི་སྤྲོས་པ་མེད་པའོ།། དེའི་རྣལ་འབྱོར་ནི་དེའི་བསྒོམ་པའོ།། ཇི་ལྟར་ཆུ་བོ་འབབ་པ་དང་མར་མེ་ལ་སོགས་པ་རྒྱུན་མི་འཆད་པའི་རྒྱུན་གྱིས་གནས་པར་འགྱུར་རོ།། དེ ་བས་ན་དེ་ལྟར་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པས་ཉིན་དང་མཚན་དུ་མཚན་མོ་དང་ཉིན་མོ་བྱེ་བྲག་མེད་པར་བཞག་པར་བྱའོ།། གཞན་དུ་ན་ཆུ་བོའི་རྒྱུན་ཅེས་བྱ་བ་ལ་སོགས་པའི་དཔེ་མི་རིགས་སོ།། སློབ་དཔོན་མཁས་པ་དཔལ་སྦྱང་དཀའ་བའི་ཟླ ་བས་མཛད་པ། ཀཽ་མུ་དི་ཞེས་བྱ་བའི་དཀའ་འགྲེལ་ལས། རྣལ་འབྱོར་མའི་འཁོར་ལོའི་ལེའུ་སྟེ་བརྒྱད་པའོ།། ། རྣལ་འབྱོར་མ་གསུངས་ནས་དེ་རྣམས་ཀྱི་ཡོངས་སུ་དག་པ་རྟོགས་པར་བྱ་བའི་ཕྱིར། རྣམ་པར་དག་པའི་ལེའུ ་བཤད་པར་བྱའོ།། ཞེས་བྱ་བ་ལ་སོགས་པ་གསུངས་སོ།། གང་དག་གི་རྣམ་པར་དག་པ་དེ་ཇི་ལ་བ་ཞེས་དོགས་པ་ལ། སིའི་རྣམ་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྱད་པར་དུ་འཕགས་པའི་དག་པ་ནི་རྣམ་པར ་སྦྱོང་བའོ།། ཇི་ལྟ་ཇི་ལྟར་གནས་པའི་ཆོས་དེ་ལྟར་རྣམ་པར་བཞག་པ་ཉིད་དུ་བྱས་ཏེ། རྣམ་པར་དག་པ་དེ་ནི་དེ་བཞིན་ཉིད་དུ་བརྗོད་དོ།། ཅི་གང་ཞིག་མ་དག་པ་དེ་ནི་སྦྱང་བར་མི་ནུས་ཏེ། མ་དག་པའི་རང་བཞིན་གྱི་ཕྱིར་རོ།། ། ་གང་ཡང་དག་པ་དེ་ཡང་སྦྱང་བ་མ་ཡིན་ཏེ་འགལ་བ་མེད་པའི་ཕྱིར་རོ།། དེའི་ནུས་པ་མེད་པ་དང་དོན་མེད་པ་དག་གིས་དག་པ་འདི་བློ་དང་མི་ལྡན་པ་ལྟ་བུར་མཚོན་ཏོ་ཞེས་དོགས་པ་ལ། རང་བཞིན་གྱིས་རྣམ་པར་དག་ཅེས་བྱ་བ་ལ་སོགས་པ་གསུངས ་སོ།། མི་ཤེས་པ་ནི་མོ་རིག་པའོ།། ཉོན་མོངས་པ་ནི་དེ་ལས་བྱུང་བ་སྟེ། མི་ཤེས་པ་ལས་བྱུང་བའི་ཉོན་མོངས་པ་ནི་འདོད་ཆགས་དང་ཞེ་སྡང་ལ་སོགས་པའོ།། དེ་རྣམས་ཀྱིས་བསྒྲིབ་པ་རང་བཞིན་གྱིས་ཡོངས་སུ་དག་པ་ཡང་དབང་པོ་ལ་སོགས ་པ་གསེར་ལ་སོགས་པ་ལྟ་བུར་རྙོག་པ་མེད་པའི་བག་ཆགས་སྦྱོང་བར་བྱེད་དེ། དེའི་ཕྱིར་རྣམ་པ་འདི་ནི་དེ་བཞིན་ཉིད་དོ་ཞེས་གསུངས་སོ།། གལ་ཏེ་རང་བཞིན་གྱིས་ཡོངས་སུ་དག་པའི་ཆོས་རྣམས་ལ་ཇི་ལྟར་ན་སེམས་ཅན་རྣམས་སངས་རྒྱས ་མ་ཡིན་ཞེས་དོགས་པ་ལ། རང་རིག་བདག་ཉིད་དག་པ་ཉིད། ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཁོ་ནས་རང་གིས་རིག་པ་ནི་དགུ་པ་ཡིན་པའི་ཕྱིར། དེ་ཉིད་རྣམ་པར་གྲོལ་བར་འགྱུར་གྱི། ཡང་གཞན་ཐམས་ཅད་ནི་ཐར་པ་ཐོབ ་པ་ནི་མ་ཡིན་ནོ།། དངོས་པོ་ཉིད་ཀྱང་ཇི་ལྟར་ཡོངས་སུ་དག། གང་གི་ཕྱིར་དག་པའི་བློ་བསྐྱེད་པར་བྱ་ཞེས་དོགས་པ་ལ། འདི་ལྟར་འགྲོ་བ་སངས་རྒྱས་འགྱུར། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ནི་ཐམས་ཅད་རྟོགས ་པའི་ཕྱིར་རོ།། དེའི་འགྱུར་བ་འདི་ནི་བྱང་ཆུབ་ཀྱི་སེམས་ལས་འབྱུང་བའི་ཕྱིར་རོ།། འགྲོ་བ་དེ་དག་སྟེ་དངོས་པོ་ཐམས་ཅད་ཅེས་བྱ་བའི་དོན་ཏོ།། གལ་ཏེ་དེ་ལྟ་ན་དེའི་ཚེ་མ་དག་པ་ནི་གང་། དག་པ་ནི་གང་གི་དོན་དུ་ཞེས་དོགས་པ་ལ། གཟུགས་ལ ་སོགས་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུང་བ་ཉིད་ཀྱི་དྲི་མས་གོས་པས་མ་དག་པའི་ཕྱིར་རོ།། ཅི་གཟུགས་ལ་སོགས་པ་འདི་རྣམས་སྤང་བར་བྱ་བ་འམ། སྤང་བར་མི་བྱ་ཞེས་སྙམ་པ་ལ། བསྟེན་བྱ་འདི་དག་བསྟེན་པ་ཉིད། ཅེས་བྱ། ་བ་ལ་སོགས་པ་གསུངས་ཏེ། བསྟེན་བྱ་ནི་ཉེ་བར་ལོངས་སྤྱད་པར་བྱ་བའོ།། ཡང་ན་བསྟེན་བྱ་ནི་ལྷ་མོ་གཏི་མུག་རྡོ་རྗེ་མ་ལ་སོགས་པ་དྲུག་གི་རང་བཞིན་གྱིས་ཕྱིར་གསོལ་བ་གདབ་པའོ།། དག་པས་དུག་མེད་བྱས་ནས་ནི་ཞེས་བྱ་བས་ནི། དག་པ ་གསུངས་ཏེ། གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ། ཞེས་བྱ་བ་ལ་སོགས་པའོ།། འདི་ནི་གཏི་མུག་གི་གཉིད་ལས་སངས་པས་ཕུང་པོ་ལ་སོགས་པ་རྣམ་པར་རྟོགས་ནས་དག་པ་མ་རྙེད་པར་ཡང་རྙེད་པ་ལྟ་བུར་སྡུད་པར་བྱེད་པས། ཤིན་ཏུ་རབ་ཏུ་དགའ ་བས་གར་བྱེད་ཅིང་གླུ་བླངས་པ་ནི། གང་དང་གང་གིས་ཞེས་བྱ་བ་ལ་སོགས་པའོ།། སློབ་དཔོན་མཁས་པ་ཆེན་པོ་དཔལ་སྦྱང་དཀའ་བའི་ཟླ་བས་མཛད་པ་ཀཽ་མུ་དི་ཞེས་བྱ་བའི་དཀའ་འགྲེལ་ལས། རྣམ་པར་དག་པའི་ལེའུ་སྟེ་དགུ་པའོ།། ་སློབ་མ་དབང་བསྐུར་བའི་དོན་དུ་རྒྱུའི་གཙོ་བོ་དཀྱིལ་འཁོར་བརྗོད་པའི་ཕྱིར། ལེའུ་བཅུ་གསུངས་པ། ཇི་ལྟར་དཀྱིལ་འཁོར་གྱི་རིམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། ཇི་ལྟར་རིམ་པ་ནི་གོ་རིམས་བཞིན་དུ་སྟེ་དཀྱིལ་འཁོར་གྱི་ཆོ་གའོ།། ་ནོར་འཛིན་སྦྱང་ཞེས་བྱ་བ་ལ་སོགས་པ་ནི། ས་གཟུང་བ་ལ་སོགས་པ་དཀྱིལ་འཁོར་གྱི་ཐབས་ལེགས་པར་བསྡུས་པ་ལས་བརྗོད་པའི་ཕྱིར་འདིར་མ་སྨྲས་ཏེ། དེར་མ་གསུངས་པའི་དཀྱིལ་འཁོར་གྱི་ཚད། འདིར ་ཁྲུ་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དཀྱིལ་འཁོར་ཁྲུ་གསུམ་པ་བཤད་པའི་རྒྱུད་ཉིད་ལས་ཀྱང་། རྡོ་རྗེ་ཅན་གྱི་ཁྲུ་གསུམ་སྟེ་ཞེའོ།། ཁྲུ་གསུམ་ཉིད་ནི་དཀྱིལ་འཁོར་འདིའི་ལྷག་པ་ཡང་མ་ཡིན་ལ། ཆད་པ་ཡང་མ་ཡིན ་ནོ།། ཡང་ནི་མཐེ་བོང་གསུམ་ལྷག་པར་ཞེས་བྱ་བ་ལ་ནི་ཞེས་བྱ་བ་ནི་ངེས་པར་གཟུང་བའོ།། ཡང་ཞེས་བྱ་བ་ནི་བསྣན་པའི་དོན་ཏོ།། དེ་བས་ན་མཐེ་བོང་གསུམ་ལྷག་པར་ངེས་པ་ཉིད་དུ་འདི་ཤེས་པར་བྱའོ།། གསུམ་ནི་ཞེས་བྱ་བ་ནི་ཡན་ལག་དང ་ཉིང་ལག་རྣམས་ཏེ་འདིའི་མཐའ་རྣམས་སོ།། ན་མཁའི་ཁམས་ནི་བྷ་ག་བསམ་ཞེས་བྱ་བ་གསུངས་པ་འདིར། བྷ་ག་ནི་གསུམ་ཞེས་གསུངས་སོ།། དེར་མཐེ་བོ་ནི་རྡོ་རྗེའོ།། དེའི་ལྷག་པ་ནི་ཕྱི་རོལ་གྱི་དཀྱིལ་འཁོར་གྱི་མཐར་ཐུག་པའོ།། གང ་གི་མཐེ་བོང་གསུམ་ལྷག་པ་ནི་དེའོ།། ཡང་གསུངས་པ། པདྨའི་མཐེ་བོ་གཟིར་བ་ལས།། དེ་ཚེ་རོ་ནི་དབྱུང་བར་བྱ་ཞེས་བྱ་བ་ལ་སོགས་པའོ།། དཀྱིལ་འཁོར་གྱི་དགོས་པ་གསུངས་པ། དོར་ནི་རིག་མ་བཟང་མོ་རྣམ་པར་གཞུག་ཅེས་བྱ་བ་ལ ་སོགས་པའོ།། ཡང་ན་ཇི་ལྟར་གང་རྙེད་དེ། ཞེས་བྱ་བ་ནི་རིགས་ལྔའི་དངོས་པོ་མེད་པའི་ཕྱིར་རོ།། ཕྱག་རྒྱའི་དགོངས་པ་གསུངས་པ། དེ་སྲིད་བསྟེན་པར་བྱ་ཞེས་བྱ་བ་ལ་སོགས་པའོ།། བསྟེན་པའི་དགོངས་པ་ཡང་གསུངས་པ། སློབ ་མའི་ཁར་ནི་བཏུང་བར་བྱ། ཞེས་བྱ་བ་ལ་སོགས་པའོ།། འདིས་ནི་སློབ་དཔོན་དང་གསང་བའི་དབང་གི་མཐར། དེ་ཉིད་ལ་ནི་བྱ་བར་བྱ་ཞེས་བྱ་བ་ནི་གསུམ་པའོ།། རང་རིག་ཅེས་བྱ་བ་ལ་སོགས་པ་ནི་བཞི་པའོ།། འདིས་ནི་འདིར་དབང་རྣམས་ཀྱི་ཕྱོགས ་ཙམ་ཞིག་བསྟན་ཏེ། དེ་བས་ན་དེ་དོན་དུ་གཉེར་བ་རྣམས་ཀྱིས་དཀྱིལ་འཁོར་གྱི་ཐབས་ལེགས་པར་བསྡུ་བ་ཉིད་འདིར་བཙལ་བར་བྱའོ།། དེ་ཡང་རིམ་པ་ལས་མ་འདས་པར་གཞུང་ཉུང་ངུ་མ་ཡིན་ཞིང་རྒྱས་པར་དབང་བཞི་པོ་རྣམས་རབ་ཏུ་བསྟན་ཏོ།། ་འདིར་ཡང་བརྟག་པ་གཉིས་པའི་ལེའུ་བཅུ་གཉིས་པར་རིམ་པ་ཙམ་སྦྱོར་བར་མཛད་དེ། རྡོ་རྗེ་རབ་གནས་རྡོ་རྗེ་ནི།། ཚེ་དང་དྲིལ་བུ་ཆེན་པོ་གཟུང་། ཞེས་བྱ་བ་ལ་སོགས་པས་དབང་གི་ཚོགས་བཅང་བཞི་པོ་རྣམས་གསུངས་སོ།། ཡང་ཁ་ཅིག ་གླེགས་བམ་གྱི་སྟོབས་ཀྱིས་བྱེ་བྲག་མི་ཤེས་པས་ཇི་ལྟར་རེས་འགའ་གཞུང་དང་མཐུན་པའི་དོན་གྱིས་དགའ་བ་རྣམས་ཀྱིས་བཟློག་པའི་རིམ་པ་མ་བྱེད་ཅིག་ངེས་པར་བྱ་བའི་ཕྱིར། དང་པོར་དགའ་བ་ཙམ་ཉིད་དེ། ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། དང་པོ་ཞེས་བྱ་བ་ནི་རྣམ་པ་དབྱེ་བ་མེད་པར་འདི་བསྟན་པའོ།། དགའ་བོ་ན་མཆོག་ཏུ་དགའ་བ་དང་རངས་པ་ཐོབ་པའི་ཡིད་དོ།། དེ་ཡང་མཆོག་མ་ཡིན་པ་དང་། མཆོག་དང་། ཆེས་མཆོག་དང་། ཆེ་བ་ལས་ཆེས་མཆོག་གི་དབྱེ་བས་བཞིར ་དབྱེ་བར་འགྱུརརོ།། དེ་བས་ནི་དེ་ཉིད་ཀྱི་གོ་རིམས་བཞིན་དུ། ཐུ་བོ་དང་། རྗེས་སུ་སྐྱེས་པ་དང་། འབྲིང་པོ་དང་། ཐ་ཆུངས་དགའ་བ་རྟོགས་པར་བྱ་བ་དང་། ཐུ་བོ་ནི་དང་པོ་དང་། མཆོག་མ་ཡིན་པའོ།། རྗེས་སུ་སྐྱེས་པ་ནི་མཆོག་དང་གཉིས ་པ་དང་། མཆོག་གོ།། འབྱིང་པོ་ནི་གསུམ་པ་དང་། ཆོས་མཆོག་དང་། དགའ་བྲལ་ལོ།། ཐ་ཆུངས་ནི་བཞི་པ་དང་། ཆེ་བ་ལས་ཆེས་མཆོག་དང་། ལྷན་ཅིག་སྐྱེས་པའོ།། སྐད་ཅིག་མ་རྣམས་ཀྱིས་ཀྱང་རྣམ ་པ་སྣ་ཚོགས་པ་ལ་སོགས་པ་རྣམས་ཀྱིས་འདི་ཉིད་རྟོགས་པར་བྱའོ།། གཞན་དུ་ན་ཡང་འཕགས་པའི་བདེན་པ་དང་། སྐད་ཅིག་མ་དང་། དབང་ལ་སོགས་པ་འཁྲུགས་པར་འགྱུར་ཏེ། དེ་འཁྲུགས་པའི་ཕྱིར་སྒྲུབ་ཐབས་ཡོངས་སུ་མི་ཤེས ་པས་བསྒྲུབ་པར་བྱ་བའི་དངོས་གྲུབ་གང་ཞེས་བྱ་བར་དགོངས་པའོ།། བསྒོམ་པར་བྱ་བ་དང་། སྒོམ་པ་པོ་དང་། སྒོམ་པ་ལ་སོགས་པ་རྣམས་ཀྱིས་མ་རེག་པ་དང་། རློམ་སེམས་མེད་པ་དང་། རྟོགས་པའི་རླབས་མེད་པར་ཉུང་ངུ་མ་ཡིན། ་པར་སྔགས་པ་ལྷན་ཅིག་སྐྱེས་པའི་རྒྱུ་རྟོགས་པ་དང་། འབྲས་བུ་མི་འདྲ་བར་མཐོང་ནས་རྡོ་རྗེ་སྙིང་པོས་ཞུས་པ། ཀྱཻ་བཅོམ་ལྡན་འདས་ཅིའི་སླད་དུ་འབྱུང་བ་ཆེན་པོ་ལས་གྱུར་པའི་ཕུང་པོ་ལགས་ཞེས་བྱ་བ་ལ་སོགས་པ་ནི་གཟོང་མ་ནས་རང་བཞིན ་མེད་པའི་ཆོས་ལྷན་ཅིག་སྐྱེས་པའི་རང་བཞིན་ཅན་ནི་དག་པའི་ལུས་ཏེ། ཕུང་པོ་ལས་གཞན་མ་ཡིན་པའི་ཕྱིར་ཕུང་པོའོ།། ཇི་ལྟར་འབྱུང་བ་ལས་གྱུར་པ་ནི་འབྱུང་བ་ལྔ་པོ་རྣམས་ཀྱིས་བྱས་པའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འབྱུང་བའི་བྱིན ་གྱིས་བརླབ་པའི་ལན་བཏབ་པ། བོ་ལ་ཀཀྐོ་ལར་སྦྱོར་བས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བོ་ལ་དང་ཀཀྐོ་ལར་མངོན་པར་སྦྱོར་བ་ནི། བོ་ལ་ཀཀྐོ་ལར་སྦྱར་བའོ།། དེ་བས་ན་ཁམས་རྣམས་སྐྱེ་བར་འགྱུར་རོ།། ལྔ་པོ་རྣམས་ཀྱིས་ཡོངསུ ་བསྐོར་ཞེས་བྱ་བ་ནི། ས་ལ་སོགས་པ་ལྔ་པོ་དེ་རྣམས་ཀྱིས་བྱིན་གྱིས་བརླབས་པ་ལྷན་ཅིག་སྐྱེས་པའོ།། དེ་ཉིད་ཀྱི་ཕྱིར་དེའི་བདེ་བ་དེ་ཉིད་མིན་ཞེས་བྱ་བ་ལ་སོགས་པ་གསུངསོ།། དེའི་ཕྱིར་གལ་ཏེ་འདི་སྐད་དུ་འབྱུང་བ་ཆེན་པོ་ལྔའི་བདག་ཉིད་ཅན ་གྱི་བདེ་བ་ལྷན་ཅིག་སྐྱེས་པ་འདི་ནི་དེའི་ཚེ་དེ་ཁོ་ན་ཉིད་མ་ཡིན་ཏེ། འོན་ཀྱང་འདིར་ཁམས་རྣམས་འབྲས་བུར་གྱུར་པ་རྣམས་ཀྱི་སྐྱེད་པ་པོ་རྒྱུ་མ་བྱུང་བའི་ཕྱིར་འབྱུང་བ་ཉིད་ཡོད་པ་མ་ཡིན་ནོ།། དེའི་ཕྱིར་གང་ལས་དེ་བྱིན་གྱིས་བརླབས། གང་གིས ་བདེ་བ་དེ་ཁོ་ན་ཉིད་མ་ཡིན་ཞེས་རྒོལ་བའི་ལན་ལེགས་པར་བཏབ་པར་དེ་ལ་དེ་ཉིད་སྤྱད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ལྷན་ཅིག་བྱེད་པའི་རྒྱུའི་ཚོགས་པ་འདི་རེ་ཞིག་གསུངས་ནས་འབྲས་བུའི་རྒྱུའང་འབྱུང་བར་འགྱུར་བ་དེ་ནི་བཙལ་བར་བྱའོ།། ་ཀཀྐོ་ལར་གྲགས་པའི་གཡོན་དང་གཡས་པའི་ངོས་སུ་རྩ་གཉིས་གནས་པ་དེ་དག་ལ་གཅིག་ནི་ཁུ་བ་དང་། གཞན་དུ་ཁྲག་འབབ་པ་ན་དེ་དག་འདུ་བ་སྟེ། ཁམས་བསྡུ་བའོ།། དེ་ནི་འདི་གསུམ་སྟེ། སྙིང་སྟོབས་དང་། རྡུལ་དང་། མུན་པའོ།། བོ ་ལ་ཀཀྐོ་ལ་སྦྱོར་བས། འདི་རྣམས་ཀྱི་རོ་མཉམ་པ་ཉིད་ཀྱི་དངོས་པོ་འབྱུང་བ་ལྔའི་བདག་ཉིད་ཅན་གྱི་གོང་བུ་དེ་ལས་ཕུང་པོ་སྟེ། དེ་ཡང་རྡོ་རྗེ་ཅན་ནོ།། ཡང་གསུངས་པ། སྐྱེ་གནས་དབུས་སུ་རྩ་གཉིས་དག། གཡོན་དང་གཡས་པ་ལ་ནི་གནས།། ་གཡོན་དུ་ཁུ་བོ་རྣམ་ཤེས་བྱ།། གཡས་པ་ལ་ཡང་ཁྲག་ཉིད་དེ།། གཉིས་ཀྱི་འདུ་བ་གང་ཞིག་ནི།། ཆོས་ཀྱི་དབྱིངས་ཀྱི་སྡུད་པ་ཉིད།། སྙིང་སྟོབས་སྐུ་དང་འདོད་ཆགས་རྡུལ།། མུན་པ་སེམས་ཀྱི་རང་བཞིན་ལས།། རྡོ་རྗེ་པདྨ་མཉམ་སྦྱོར་བས།། ་མཉམ་པ་ཉིད་དུ་འོངས་པ་ནི།། གོང་བའི་རང་བཞིན་བདུད་རྩི་ལྔ།། དེ་ཕྱིར་རྡོ་རྗེ་ཅན་དུ་བརྗོད། ཅེས་བྱ་བ་ལ་སོགས་པའོ།། གལ་ཏེ་དེ་ལྟར་ན་དེའི་ཚེ་ལྷན་ཅིག་སྐྱེས་པ་འདིའི་དོན་གང་ཞེ་ན། ལྷན་ཅིག་སྐྱེས་པས་གང་སྐྱེས ་པ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷན་ཅིག་སྐྱེས་པ་འདི་ནི་ལྷན་ཅིག་སྐྱེ་བའི་ཕྱིར། ཕན་ཚུན་དུ་རྒྱུ་དང་འབྲས་བུར་གྱུར་པ་སྟེ། ཁུ་བ་དང་། དགའ་བ་དག་གོ།། ལྷན་ཅིག་སྐྱེས་པས་ཞེས་བྱ་བ་ནི་དེ་དག་གིས་ཏེ། ལྷན་ཅིག་སྐྱེས་པ ་ལ་འམ། དེ་དག་ལའོ།། གང་ཞེས་བྱ་བ་ནི་གང་གི་ཕྱིར་རོ།། སྐྱེས་པ་ནི་སྐྱེ་བ་སྟེ། ལྷན་ཅིག་སྐྱེས་པའོ།། དེ་ལས་སྐྱེ་བའི་ཕྱིར་མི་རིགས་པ་མ་ཡིནོ་ཞེས་བྱ་བའི་དོན་ཏེ།། རེ་ཞིག་རིགས་པ་འདི་ནི་གསུངས་ན་གཞན་དུ་ཡང་ཇི་ལྟར་ལྷན་ཅིག་སྐྱེས ་པར་བརྗོད་ཅེས་དོགས་པ་ལ། རང་བཞིན་ལྷན་ཅིག་སྐྱེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷན་ཅིག་སྐྱེས་པ་འདི་ནི་རྣམ་པ་ཐམས་ཅད་ཀྱི་རང་གིས་ངོ་བོ་གཅིག་པ་དང་། རྣམ་པ་ཐམས་ཅད་ཀྱི་སྡོམ་པ་གཅིག་པའོ།། དེའི་ཚེ་རྣལ་འབྱོར ་པ་ཇི་ལྟ་བུ་ཞེས་ངོགས་པ་ལ། སྙིང་རྗེ་ཐབས་སུ་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྙིང་རྗེ་ནི་ཐབས་ཏེ། ཡོ་གའི་སྙིང་རྗེ་ཐབས་སུ་འགྱུར་ཞེའོ།། དེའི་ཚེ་ཤེས་རབ་གང་ཞེས་སྙམ་པ་ལ། ཕྱག་རྒྱ་རྒྱུ་དང་བྲལ་བ་ལས། ཞེས་བྱ ་བ་ལ་སོགས་པ་གསུངས་ཏེ། རྒྱུ་ནི་འགྲོ་བ་དྲུག་ཏུ་འཁོར་བའི་སེམས་ཅན་རྣམས་སོ།། རྒྱུ་དང་བྲལ་བ་ནི་དེ་རྣམས་ཀྱི་རབ་ཏུ་སྦྱོར་བ་དང་བྲལ་བ་སྟེ། དེའི་ཕྱིར་རྒྱུ་དང་བྲལ་བའོ།། གང་གི་རྒྱུར་གྱུར་པ་འདི་ནི་སྙིང་རྗེ་སྟེ། དེ་རྣམས་ཀྱི་གཟུང་དུ་མེད ་པ་ནི་ཕྱག་རྒྱའོ།། ཡང་གསུངས་པ། སྙིང་རྗེ་ལྡན་པའི་སེམས་ཅན་ལ།། རྒྱུབ་ཀྱིས་ཕྱོགས་པར་མི་བྱ་ཞིང་།། སེམས་ཅན་ཡོད་དང་ཡོད་མིན་ཞེས།། དེ་ལྟར་བསམ་པར་མི་བྱའོ།། དེ་ཉིད་རྟོགས་པར་བྱ་བའི་ཕྱིར།། སྟོང་པ་སྙིང་རྗེ་དབྱེར་མེད་པ ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། སེམས་འདུས་པའི་གཟུགས་ཅན་ནོ་ཞེས་བྱ་བ་ནི་དེར་བྱང་ཆུབ་ཀྱི་སེམས་ལ་ཆོས་ཐམས་ཅད་ཀྱི་ཚོགས་པ་ནི་གསུངས་པ་སྟེ། དེ་ཡང་ངོ་བོ་ཉིད་འདིའི་ཕྱིར་བྱང་ཆུབ་ཀྱི་སེམས་དང་གཉིས་སུ་མེད་པའི་རྣལ ་འབྱོར་པ་གསུངས་སོ།། སློབ་དཔོན་མཁས་པ་ཆེན་པོ་དཔལ་སྦྱང་དཀའ་བའི་ཟླ་བས་མཛད་པ། ཀཽ་མུ་རི་ཞེས་བྱ་བའི་དཀའ་འགྲེལ་ལས། དཀྱིལ་འཁོར་དང་དབང་བསྐུར་བའི་ལེའུ་སྟེ། བཅུ་པའོ།། །། དབང་བསྐུར་བ་ལས་སློབ་དཔོན་གྱི ་གནས་ཐོབ་ནས། རབ་ཏུ་གནས་པའི་ཆོས་བསྟན་པའི་ཕྱིར་དང་། སེམས་ཅན་རྣམས་གུས་པར་བྱ་བའི་ཐབས་སུ་ལེའུ་བཅུ་གཅིག་པ་གསུངས་པ། མཉམ་པར་མ་རུངས་དཔྲལ་བ་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། མཉམ་པར་མ ་རུངས་དཔྲལ་བ་ཅན་ཞེས་བྱ་བ་ནི་དཔྲལ་བ་ཅན་ལྷུང་བར་བྱེད་པའོ།། གཡོན་དང་གཡོན་ན་གནས་པའི་གཟུགས་བརྙན་གཉིས་ཀྱིས་ནི་དབང་དུ་བྱེད་པའོ།། ལྟུང་བར་བྱེད་པ་ནི་གང་། གཡོན་པར་དབང་དུ་བྱེད་པ་འདི་ནི་ཅི་ཞེས་དོགས་པ་ལ། ལྟ་སྟངས ་བྱ་བ་གསུངས་ཏེ། འདིས་བསྒྲུབ་པར་བྱ་ལྟ་བ་དང་རྣམ་པར་གཟིགས་པར་བྱེད་པའི་ཕྱིར། སྔགས་དང་ལྡན་པའི་མིག་གི་དགོད་པའི་ཁྱད་པར་ནི་ལྟ་སྟངས་སོ།། དེ་ནི་ལྟུང་བར་བྱེད་པ་དང་། དབང་དུ་བྱེད་པ་དང་། འགུགས་པར་བྱེད་པ་དང་། རེངས ་པར་བྱེད་པ་ཞེས་བྱ་བ་རྣམ་བཞིར་དབྱེ་བར་འགྱུར་རོ།། སྟེང་དུ་བཟློག་པའི་གཟུགས་བརྙན་གཉིས་རྣམས་པའི་ཡན་ལག་ཏུ་གནས་པ་ནི། ལྟ་སྟངས་དེ་འགུགས་པར་བྱེད་པའོ།། རྩེ་མོ་ནི་རལ་པ་ཟུར་བཅག་པའོ།། དེའི་དབུས་སུ་ཞེས ་བྱ་བ་ནི་སྣའི་རྩེ་མོའི་དབུས་སུ་སྟྭ~ཾ། རྡོག་པའི་སྟེང་དུ་རལ་པའི་དབྱིབས་སྣའི་རྩེ་མོའི་དབུས་སུ་མིག་གཉིས་འདུས་པར་འགྱུང་བན་རེངས་པ་བྱེད་པའོ།། དེ་ལྟ་དེ་ལྟར་ཁ་དོག་དང་ལྡན་པའི་རྣམ་པའི་རྗེས་སུ་འབྲངས་པ་ལུས་ལས་འབྱུང་བའི་རླུང་རྣམས་གསུངས ་པ། འབྱུང་བ་ཉིད་ཀྱིས་ལྟུང་བར་བྱེད། ཅེས་བྱ་བ་ལ་སོགས་པའོ།། ལྟ་སྟངས་ཀྱིས་བསྒྲུབ་པའི་གནས་ནི། རློན་པ་འི་ཤེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། སྒྲུབ་པ་ལ་དམ་ཚིག་གསུངས་པ། དམ་ཚིག་བཟའ་བྱ་བ་ཞེས་བྱ་བ་ལ། དམ ་ཚིག་བཟའ་བའི་ཆོ་ག་ནི་བཅུད་ཀྱིས་ལེན་གྲུབ་པར་གསུངས་པའི་ཕྱིར་འདིར་མ་གསུངས་སོ།། ལན་བདུན་པ་བཟའ་བ་ཡང་བླ་མའི་ཐུགས་རྗེའི་སྟོབས་ཀྱིས་སྨྲ་བར་བྱ་སྟེ། རེས་འགའ་འདི་ནི་དམན་པའི་དངོས་གྲུབ་བོ་ཞེས་བྱ་བར་བྱས་ནས། དངོས་གྲུབ ་ཆེན་པོ་དོན་དུ་གཉེར་བས་སྤོང་བའི་ཕྱིར། ལན་བདུན་པའི་བཟའ་བ་དངོས་གྲུབ་ཀྱི་ཁྱད་པར་བྱ་བར། དགའ་བྲལ་དགའ་བ་ལ་སྨོད་པ་ཞེའོ།། དགའ་བྲལ་གྱི་དགའ་བ་དམན་པའི་ཕྱིར་སྨོད་པར་བྱེད་པ་དང་། བཤུང་བར་བྱེད་པ་ནི་དགའ་བྲལ་གྱི་དགའ ་བ་ལ་སྨོད་པར་བྱེད་པ་དང་། དགའ་བྲལ་གྱི་དགའ་བ་ལ་བཤུང་བར་བྱེད་པའོ།། འདི་ཉིད་ནི་ལྷན་ཅིག་སྐྱེས་པའི་དངོས་གྲུབ་ཅེས་བྱ་བ་དེ་ཇི་སྙེད་པའོ།། ལྟ་སྟངས་ཀྱི་སྒྲུབ་ཐབས་ཙམ་གྱི་ལྷ་ཉིད་གཞན་གྱི་རྣལ་འབྱོར་གསུངས་པ། ཀུ་རུ་ཀུལླེའི ་སྒྲུབ་པ་བཤད་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པའོ།། དང་པོར་ནག་པོ་རྣམ་པར་བསྒོམ།། གཉིས་པ་དམར་པོ་རྣམ་པར་བསྒོམ། ཞེས་བྱ་བ་ལ་སོགས་པས་ནི་ལྟ་སྟངས་ཀྱི་སྒྲུབ་པ་དང་དམ་ཚིག་སྐྱེ་བ་བདུན་པ་བཟའ་བ་ལ་ཡང་རྟོགས་པར་བྱའོ།། ་རྡོ་རྗེ་སྙིང་པོ་མངོན་པར་བྱང་ཆུབ་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་སྟོན་པ་པོའོ།། དེའི་མངོན་པར་བྱང་ཆུབ་པ་ནི་དེ་མངོན་པར་རྫོགས་པར་སངས་རྒྱས་པ་སྟེ། གང་ལ་གཞུང་ཇི་སྙེད་པས་སམ། དེ་ནི་ལེའུ་བཅུ་གཅིག་པའི ་བདག་ཉིད་འདིའོ།། སློབ་དཔོན་མཁས་པ་ཆེན་པོ་དཔལ་སྦྱང་དཀའ་བའི་ཟླ་བས་མཛད་པ། ཀཽ་མུ་དཾ་ཞེས་བྱ་བའི་དཀའ་འགྲེལ་ལས། རྡོ་རྗེ་སྙིང་པོ་མངོན་པར་བྱང་ཆུབ་པ་ཞེས་བྱ་བའི་བརྟག་པའི་རྒྱལ་པོ་སྟེ་དང་པོའོ།། ། དབང་ཐོབ ་པས་སློབ་དཔོན་གྱི་ལས་བྱ་བར་གསོལ་བ་གདབ་པའི་ཕྱིར་གསོལ་པ། རིམ་པ་ཇི་ལྟར་བཤད་དུ་གསོལ། ཅེས་བྱ་བ་ལ་སོགས་པའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྦྱིན་སྲེག་བྱས་ནས་ནི།། ཞེས་བྱ་བ་ལ་སོགས ་པ་ནི། དང་པོར་བར་ཆད་ཞི་བར་བྱ་བའི་དོན་དུ་སྦྱིན་སྲེག་དང་། དེ་ནས་རབ་ཏུ་གནས་པའི་ཕྱིར་སྦྱིན་སྲེག་བྱའོ།། རབ་ཏུ་གནས་པ་ཡང་དཀྱིལ་འཁོར་གྱི་ཐབས་ལེགས་པར་བསྡུ་བ་ན་ཡོད་པའི་ཕྱིར། གཉི་ག་ཡང་འདིར་མ་བརྗོད་དོ།། སློབ ་དཔོན་མཁས་པ་ཆེན་པོ་དཔལ་སྦྱང་དཀའ་བའི་ཟླ་བས་མཛད་པ། ཀཽ་མུ་དི་ཞེས་བྱ་བའི་དཀའ་འགྲོལ་ལས། བརྟག་པ་གཉིས་པའི་རབ་གནས་ཀྱི་ལེའུ་སྟེ། དང་པོའོ།། ། གང་ཞིག་ཡང་བསོད་ནམས་འདོད་པ་འམ། སྲིད ་པའི་ལོངས་སྤྱོད་འདོད་པ་དེ་རྣམས་ནི། དཀྱིལ་འཁོར་དང་རབ་ཏུ་གནས་པ་ལ་སོགས་པ་ཉིད་ཀྱིས་ཆོག་པར་འཛིན་པས། གང་ཞིག་སངས་རྒྱས་ཉིད་ངེས་པར་འདོད་པ་དེ་རྣམས་ཀྱིས་དེའི་དོན་དུ་གཉིས་པ་རྒྱུའི་དངོས ་གྲུབ་གཏན་ལ་ཕབ་པའི་ལེའུ་ན་མཁའ་ལྟ་བུའི་ཆོས་ཀུན་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའ་ནི་གོ་འབྱེད་པ་སྟེ། གཟུགས་ཅན་གྱི་རྫས་ཀྱི་དངོས་པོ་མེད་པའོ།། ན་མཁའ་ལྟ་བུ་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ ་པར་ཤེས་པ་དང་། དེ་བཞིན་ཉིད་དང་། སོ་སོར་བརྟག་པའི་འགོག་པ་དང་། རྟག་པ་ཉིད་དང་། ཆད་པར་འགྱུར་བ་དེ་རྣམས་སུ་ན་མཁའ་དང་འདྲའོ།། ཆོས་ཀུན་ལ་ཞེས་བྱ་བ་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྐྱེན་གྱིས་འབྱུང་བ་ལ་སོགས ་པའི་ཆོས་རྣམསོ།། ནམ་མཁའ་ལྟ་བུའི་ཆོས་དེ་རྣམས་ཐམས་ཅད་ལ་བྱིང་བར་འགྱུར་བ་རྒྱ་མཚོ་ཆེན་པོའི་ཀུ་བ་ལྟ་བུར་འཕྱེ་བའི་སེམས་ཅན་རྣམས་ཇི་ལྟར་རང་འདོད་པའི་ལྷོ་ཉིད་ཀྱི་གཟུགས་ལས་གྲུབ་པར་འགྱུར་ཞེས་ཞུ་བའོ།། རྡོ་རྗེ་སྙིང་པོའི་དགོངས་པ ་ནི་འདི་ལྟ་སྟེ། ཧེ་རུ་ཀ་བཞི་དང་། བདག་མེད་མ་དང་། ཀུ་རུ་ཀུལླེ་ཞེས་བྱ་བའི་ལྷ་ཉིད་མང་དུ་གསུངས་པ་དེ་རྣམས་ཀྱི་ནང་ནས་གང་གི་རྣལ་འབྱོར་གྱིས་གྲུབ་པར་འགྱུར་ཞེའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདག་མེད་རྣལ་འབྱོར ་པས་སམ། ཞེས་བྱ་བ་ལ་སོགས་པ་ལ། བདག་ནི་མུ་སྟེགས་ཀྱིས་ཉེ་བར་བརྟགས་པའི་མཆོག་གི་ལྷ་སྟེ། དེ་ལས་འདས་པའམ། དེས་སྟོང་པ་ནི་བདག་མེད་མ་སྟེ། རྣམ་པར་ཤེས་པའི་ཕུང་པོའོ།། འདིའི་དངོས་པོ་ཡོད་པ་ནི་བདག་མེད ་མཱ་སྟེ། གང་ལ་དེ་ཡོད་པ་དེ་ནི་བདག་མེད་མའོ།། དེའི་རྣལ་འབྱོར་ནི་ཕྱག་དང་ཞབས་ལ་སོགས་པའི་དབྱིབས་རྫོགས་པའོ།། དེ་ལྟར་རྒྱུད་ཀྱི་ལུགས་ཀྱིས་ངའི་རྣལ་འབྱོར་དང་ལྡན་པས་བདག་མེད་མའི་རྣལ་འབྱོར་དང་ལྡན་པ་ཉིད་ཀྱིས་འགྲུབ་པར་འགྱུར ་གྱི། གཞན་ཀུ་རུ་ཀུལླེ་ལ་སོགས་པ་ཤེས་རབ་ཀྱི་རྣལ་འབྱོར་གྱི་ནི་མ་ཡིན་ནོ།། ཡང་གང་ཞིག་ཤེས་རབ་ཀྱི་རྣལ་འབྱོར་ལས་ཁ་གཞན་དུ་བལྟས་པ་དེའི་ཚེ་འགྲུབ་པར་མི་འགྱུར་ཞེས་སྙམ་པ་ལ། ཡང་ན་ཧེ་རུ་ཀ་དཔལ་བརྩོན། ཞེས་གསུངས་ཏེ།། ་གང་གི་ཚེ་ཐབས་ཀྱི་རྣལ་འབྱོར་དང་ལྡན་པ་འགྲུབ་པར་འགྱུར་བ་དེའི་ཚེ་དཔལ་ཧེ་རུ་ཀ་ལ་བརྩོན་པ་ཡང་འགྲུབ་པར་འགྱུར་རོ།། གཞན་ངག་ཕྱག་གཉིས་པ་དང་། ཕྱག་བཞི་པ་དང་། ཕྱག་དྲུག་པའི་ཧེ་རུ་ཀའི་རྣལ་འབྱོར་པ། ཧེ་རུ་ཀའི་སྒྲ་མཚུངས་པ ་ལས། གཞན་བཟློག་པའི་ཕྱིར་ཧེ་རུ་ཀ་དཔལ་བརྩོན་ཞེས་བྱ་བ་གསུངས་སོ།། འདིས་དཔལ་ཧེ་རུ་ཀ་ལ་བརྩོན་པར་བྱེད་པའི་ཕྱིར་དཔལ་ཧེ་རུ་ཀ་ལ་བརྩོན་པའོ།། ཧེ་རུ་ཀའི་སྒྲས་ནི་དེའི་དངོས་པོ་འམ་ལས་དེ་མཚན་གྱི་མཚན་ཉིད་དོ།། དཔལ་ཧེ ་རུ་ཀ་ལ་བརྩོན་པ་དེ་གང་ལ་ཡོད་པ་དེ་ནི་དཔལ་ཧེ་རུ་ཀ་ལ་བརྩོན་པའོ།། དེ་ཡང་དཔལ་ཧེ་རུ་ཀ་སྟེ་ཞལ་བརྒྱད་པ། ཞབས་བཞི་པ། ཕྱག་བཅུ་དྲུག་པ། འབྲས་བུ་རྡོ་རྗེ་འཛིན་པ། ཀྱེའི་རྡོ་རྗེའི་ཞེས་བྱ་བའི་དོན་ཏོ།། འབྲས་བུ་ཉིད་འབྱུང་བ་མེད་པའི ་ཕྱིར་དང་། དཔལ་གྱི་འོས་མ་ཡིན་པའི་ཕྱིར་ཡང་ཧེ་རུ་ཀ་གཞན་བཟློག་གོ།། འདིའི་ཡི་གེ་སོ་སོ་ཡང་། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། ཞེས་བྱ་བ་ལ་སོགས་པ་བཅོམ་ལྡན་འདས་ཉིད་བཤད་དོ།། དེ་གཉིས་ཀྱི་རྣལ་འབྱོར་དང་ལྡན་པ་རྣམས་ཀྱི ་རྟག་ཏུ་གུས་པ་དང་བཅས་པས་རྒྱུན་ཏུ་གོམས་པའི་དུས་ཀྱི་གནས་ལ་སོགས་པ་ན། རང་གི་ཁྱིམ་དུ་མཚན་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། གསུངས་པའི་ལུགས་ཀྱི་དངོས་གྲུབ་ཐོབ་པའི་རྣལ་འབྱོར ་རེ་ཞིག་ཅི་མཛད་ཅེས་དོགས་པ་ལ། ཟླ་བ་གཅིག་ཏུ་གསང་ལ་སྤྱད་ཅེས་གསུངས་སོ།། ཇི་སྲིད་ཕྱག་རྒྱ་མ་རྙེད་པ་དེ་སྲིད་དུ་གཞན་གྱིས་མ་རྟོགས་པར་ཟླ་བ་གཅིག་ཏུ་གསངས་ལ་སྤྱད་དེ། ཕྱི་ནས་རྣལ་འབྱོར་མའི་བཀའ་ལུང་ངམ། བདག་གི་ནུས ་པས་ལྷ་དང་ལྷ་མ་ཡིན་དང་། མི་ལ་སོགས་པའི་ཕྱག་རྒྱ་བཟང་མོ་བཀུག་ནས་ཁྱེར་ཏེ། རང་ཉིད་ཀྱི་ངལ་བ་སོ་སོར་བརྟག་པའི་ཕྱིར་སྤྱོད་པ་སྤྱད་པར་བྱའོ།། སློངས་མོར་རྒྱུ་ཞིང་གཡོ་བ་ཇི་སྙེད་ཅིག་ཕྱག་རྒྱ་དང་ལྡན་པ་འདིར་མཐོང་ཡང་འགྲུབ་པར་མི་འགྱུར ་ཏེ། དེའི་ཕྱིར་སྤྱོད་པ་ལ་མ་དད་པའི་སེམས་ཅན་རྣམས་ཀྱིས་དཔྱད་པའི་སྤྱོད་པ་འདིས་ཆོག་གོ་ཞེས་དོགས་པ་ལ། གསལ་བར་ནུས་པའི་རྣལ་འབྱོར་པས། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསལ་བ་ནི་མངོན་པའོ།། ནུས་པ་ནི་ནུས་མཐུའོ།། ་འདིའི་གསང་བ་ནི་ནུས་པ་རྫོགས་པའི་རྣལ་འབྱོར་པ་སྟེ། དེའི་སྤྱོད་པ་དང་དངོས་གྲུབ་འདི་གསུངས་ཀྱི། ཡང་ལྷོ་དགང་བའི་དཔུང་གཉེན་གཞན་རྣམས་ནི་མ་ཡིན་ནོ།། ཕྱག་རྒྱའི་དངོས་གྲུབ་ནི་ཕྱག་རྒྱ་བྱ་བ་དང་། ཕྱག་རྒྱའི་ཕྱག་རྒྱ་གཞན་མི་ཕྱེད ་པས་ལྷན་ཅིག་འགྲུབ་མ་ཡིན་གྱི་ཡང་ཕྱག་རྒྱ་ཉེ་བར་མཚོན་པའི་གཅིག་པུ་གཉིས་སུ་མེད་པའི་རྣལ་འབྱོར་པའི་དངོས་གྲུབ་ནི་མ་ཡིན་ནོ།། འོན་ཀྱང་ལྷན་ཅིག་མི་བྱེད་པའི་དངོས་གྲུབ་ཏུ་འགྱུར་བ་ནི་ཕྱག་རྒྱའི་དངོས་གྲུབ་ཅེས་བྱ་བའི་དོན་ཏོ།། ཡང་གསུངས ་པ་མི་ཡཾ་ཕྱག་རྒྱ་བླངས་ནས་ནི།། དེ་ལ་ཆོས་ནི་རབ་ཏུ་དབྱེ།། དེ་དང་ལྷན་ཅིག་དངོས་གྲུབ་འགྱུར།། ཕྱག་རྒྱའི་དངོས་གྲུབ་རབ་ཏུ་བསྒྲགས།། མི་ཕྱེད་མཚན་ཉིད་ཕྱག་རྒྱ་ཡི།། དངོས་གྲུབ་ཡོ་གའི་ཁྱད་པར་འཕགས། ཞེས་བྱ་བ་ལ་སོགས་པའོ།། འདི་འཇིག ་རྟེན་ཇི་ལྟ་བ་དེ་ལྟར་ཕྱག་རྒྱ་གྲུབ་པ་ཡང་ཅི་སྐྱེ་བ་འམ་འགོག་པར་འགྱུར་རམ། མ་ཡིན་ནོ་ཞེས་དོགས་པ་ལ། ཆགས་དང་འཇིགས་པ་དག་གིས་ཀྱང་། ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཐབས་དང་ཤེས་རབ་ནི་ཐབས་དང་ཤེས་རབ་སྟེ། སྟོང་པ་ཉིད ་དང་སྙིང་རྗེ་དབྱེར་མེད་པའི་སེམས་སོ།། གནོན་མི་འགྱུར་ཞེས་བྱ་བ་ནི་ཆགས་པ་དང་འཇིག་པ་དེ་དག་གིས་མི་སྦྱོར་བ་དང་། མི་བསྐྱེད་པ་དང་མི་འགག་པ་ཞེས་བྱ་བ་ཇི་སྙེད་པའོ།། གང་གི་ཕྱིར་དེ་ལྟར་ཡང་ཡིན་ཞེས་དོགས་པ་ལ་གང་ཕྱིར་ཐབས་ནི་འབྱུང་བ། ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ནི། འདིར་མདོར་བསྡུས་ནས་སྔགས་དང་རྒྱུད་དང་དམ་ཚིག་རྣམས་དང་། ཆོས་ཐམས་ཅད་འབྱུང་བའི་ཕྱིར་ཐབས་ནི་འབྱུང་བ་སྟེ། སྐྱེ་བ་དང་ཟད་པ་སྤངས་པ་ནི་སྒྲའོ།། འཇིགས་པ་ནི་འདིར་རྟོག་པ་ཐམས་ཅད ་འཇིག་པར་འགྱུར་བའི་ཕྱིར་རོ།། ཤེས་རབ་ནི་བདེ་བ་ཆེན་པོའོ།། དེའི་ཕྱིར་དེ་ལྟར་གྱུར་པའི་ཐབས་དང་ཤེས་རབ་གཉིས་སུ་མེད་པ་དངོས་པོ་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་དངོས་པོའི་ཆོས་གང་སྐྱེ་ཞིང་འགག་པར་འགྱུར་ཞེས་བྱ་བའི་དོན་ཏོ།། སྐྱེ་བ་དང ་འགག་པའི་ཆོས་མ་ཡིན་དུ་ཟིན་ཀྱང་། ཡང་རིག་མའི་སྐྱེས་བུ་གྲུབ་པ་དེ་གང་དུ་འགྲོ་བར་འགྱུར། གང་དུ་གནས་པར་འགྱུར། ཅི་ཞིག་མཛད་པར་འགྱུར་ཞེས་བྱ་བ་ལ་སོགས་པའོ།། བཅོམ་ལྡན་འདས་ཀྱིས་བཤད་པའི་རྒྱུད་དུ་གསལ་ཞིང་རྒྱས ་པར་བཀའ་སྩལ་པ། རིག་མའི་སྐྱེས་བུ་གྲུབ་པ་ཞེས་བྱ་བ་ལ་སོགས་པ་དང་། གང་དུ་ཡང་མི་འགྲོ་གར་ཡང་མི་གནས། ཐོག་མ་དང་ཐ་མ་ལ་སོགས་པ་རྣམ་པར་སྤངས་པ། བསྙེན་པའི་ཡན་ལག་གནས་གསུམ་དུ ་སྣང་བ། ཐམས་ཅད་དུ་གཤེགས་པ། ཐམས་ཅད་མཁྱེན་པ། ཐམས་ཅད་པ། ཐམས་ཅད་ཀྱི་དོན། ཐམས་ཅད་ཀྱི་སེམས་ལ་གནས་པ། ངན་སོང་ཐམས་ཅད་ལས་རྣམ་པར་གྲོལ་བ། ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པ། ཐམས་ཅད ་ལ་ཕན་པ། དགེ་བ་མཚུངས་པ་མེད་པ། ལན་ཅིག་མ་ཡིན་པར་འབྱུང་བ། མགོན་པོ། སྐྱོབ་པ། ཀུན་ཏུ་རྟོག་པ་སྤངས་པ། ཁ་དོག་དང་དབྱིབས་དང་བྲལ་བ། སྐྱེ་བོ་སྤྱོད་ཡུལ་མ་ཡིན་པ། རྒྱལ་པོས་དབྱེ་བར་དཀའ་བའི་ཕྱིར་རྡོ་རྗེ་ཉོན་མོངས་པའི་ཉེ ་བའི་གདུང་བ་ལས་གྲོལ་བའི་ཕྱིར་ཟླ་བ། དོགས་པ་མེད་པའི་ཕྱིར་སེང་གེ། གཏིང་དཔག་དཀའ་བའི་ཕྱིར་ཆུའི་ཕུང་པོ་ཞེས་བྱ་བ་ལ་སོགས་པ་དེའི་ཕྱིར་འདིའི་དོན་དུ་གཉེར་བ་རྣམས་ཀྱི་ཇི་ལྟར་འདི་ལྟ་བུའི་དངོས་གྲུབ་ཏུ་གྱུར་ཞེས་དོགས་པ་ལ། བསྐྱེད ་པའི་རིམ་པའི་རྣལ་འབྱོར་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། སྤྲོས་པ་དང་སྤྲོས་པ་མེད་པའི་འབྲས་བུ་ནི་ཇི་ལྟར་རྨི་ལམ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། གལ་ཏེ་ཡང་དཀྱིལ་འཁོར་གྱི་སྐབས་ཉིད་འདིར་ཡོད་པ་མ་ཡིན་མོད་ཀྱི།། ་དེ་ལྟར་ཡང་སྤྲོས་པ་བསྒོམ་པ་ལ་སྦྱོར་བའི་དཀྱིལ་འཁོར་གྱི་འཁོར་ལོ་སྒྱུར་བསྒོམ་པ་བྱེད་པའི་ཕྱིར། དཀྱིལ་འཁོར་ཞེས་གསུངས་སོ།། ཡང་ན་ལྷ་ཉིད་ཀྱི་འཁོར་ལོ་བསྡུས་པའི་ལུས་ཉིད་ཀྱི་དཀྱིལ་འཁོར་ཞེས་བྱ་བ་གཉིས་ཀྱི་རྣམ་པས་ཀྱང ་སྐྱོན་མེད་དོ།། གལ་ཏེ་སྤྲོས་པའི་རྣམ་པའི་དཀྱིལ་འཁོར་གྱི་རང་བཞིན་དེ་ཇི་ལྟར་སྤྲས་པ་མེད་པར་ཡང་འགྱུར་ཞེས་དོགས་པ་ལ། ཕྱག་རྒྱ་ཆེན་པོའི་དབང་བསྐུར་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ཤེས་པའི་བདེ་བ་ཆེན་པོ་འདི ་ནི་བྱིན་རླབས་ཏེ། གང་དཀྱིལ་འཁོར་ཞེས་བྱ་བའོ།། དེ་བས་ན་དེ་ལྟར་ཡང་འགྱུར་ཏེ་རང་བཞིན་དུ་འགྱུར་བའི་ཕྱིར། འདིར་ཅི་ཞིག་འགལ་བར་འགྱུར། དེ་ལས་གཞན་འབྱུང་བ་མེད་པའི་ཕྱིར། རྣམ་པ་ཐམས་ཅད་ཀྱིས་བདག་ཉིད་ཀྱི་ཆེ་བ་གསུངས ་པ། བདེ་བ་གནག་ཅིང་ཞེས་བྱ་བ་ལ་སོགས་པའོ།། གལ་ཏེ་དེ་སྐད་དུ་དྲི་དོན་དུ་གཉེར་བ་རྣམས་ཀྱི་མེ་ཏོག་ལྟ་བུར་བདེ་བ་དོན་དུ་གཉེར་བ་རྣམས་ཀྱིས་གཟུགས་ལེན་པར་བྱེད་ན་ནི་དེའི་ཚེ་དེ་སྐྱེ་བའི་ཕྱིར་བཅོམ་ལྡན་འདས་ཀྱང་དངོས་པོ་ཉིད་དོ་ཞེ་ན། ལན ་གདབ་པར་ཡིན་མོད་ཀྱི། དངོས་དང་དངོས་པོ་མ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་ང་ནི་རང་གསལ་བའི་ཕྱིར་དང་། གཟུགས་ལ་སོགས་པ་ལ་གནས་པའི་ཕྱིར་རོ།། དངོས་པོ་ངམ་ཡིན་ཞེས་བྱ་བ་ནི་མངོན་པར་ཞེན་པ་ཐམས་ཅད ་རབ་ཏུ་ཞི་བའི་བདེ་བ་འབྱུང་བའི་ཕྱིར་དྲི་ལྟ་བུ་སྟེ་མེ་ཏོག་ནི་མ་ཡིན་ནོ།། བདེ་བ་དངོས་པོ་མ་ཡིན་དུ་ཟིན་ཀྱང་། སངས་རྒྱས་ཀྱང་ཇི་ལྟར་ཡིན་ཞེས་དོགས་པ་ལ། དངོས་པོ་རྟོགས་ཕྱིར་ཞེས་གསུངས་ཏེ། དངོས་པོ་རྣམས་ནི་ཕྱི་རོལ་གྱི་དོན་ཏེ ་ཕུང་པོ་དང་སྐྱེ་མཆེད་ལ་སོགས་པའོ།། རྟོགས་པ་ནི་དེ་རྣམས་ཀྱི་དེའི་རྒྱུ་ལས་བྱུང་བའི་ཕུང་པོ་ལ་སོགས་པའི་བདག་ཉིད་དབྱེར་མེད་པའི་ཕྱིར་རང་གི་རང་བཞིན་གྱིས་དངོས་པོ་རྟོགས་པའོ།། དེ་བས་ན་དངོས་པོ་རྟོགས་པའི་ཕྱིར་ངེས་པར་ཕྱིན་ཅི ་མ་ལོག་པར་རྟོགས་པར་མ་གཏོགས་པར་སངས་རྒྱས་ཀྱི་མཚན་ཉིད་གཞན་དུ་ཡོད་པ་མ་ཡིན་ནོ།། དེའི་ཕྱིར་དེ་དང་དེ་རུ་གསུངས་སོ།། སངས་རྒྱས་ནི་ཕྱིན་ཅི་མ་ལོག་པའི་ཆོས་རྣམས་ཇི་ལྟ་བར་རྟོགས་པའི་ཕྱིར། འདི་ནི ་དེ་ཕྱིན་ཅི་མ་ལོག་པར་རྟོགས་པ་སྟེ། གང་ཆོས་ཐམས་ཅད་རོ་གཅིག་པ་ཉིད་དོ་ཞེས་བྱ་བའོ།། བདག་གིས་ནི་སངས་རྒྱས་ཞེས་བྱ་བ་གང་ཡང་དེ་ཤེས་པར་དཀའ་བ་དང་། གསོལ་བ་གདབ་པར་དཀའ་བ་དེ་ལྟར་ཤེས་ན་གལ་ཏེ་དངོས་པོ་རྟོགས ་པ་ཙམ་གྱི་མཚན་ཉིད་ཀྱི་བཅོམ་ལྡན་འདས་ཇི་ལྟར་ན་ཤེས་པར་མི་འགྱུར་བ་དང་། གསོལ་བ་གདབ་པར་མི་འགྱུར་ཞེས་དོགས་པ་ལ། ང་མི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་པར་ནུས་ཀྱང་ནི་རྨོངས་པ་དང་། ལེ་ལོ་ཅན་གྱི ་ཤེས་པར་མི་འགྱུར་ན། གང་ཁོ་ན་ལ་གསོལ་བ་གདབ་པར་འགྱུར། ཡོན་མོད་ཀྱིས་བདག་གིས་ཤེས་པར་བྱ་བ་བཅོམ་ལྡན་འདས་ལ་གསོལ་བ་གདབ་པ་ཡང་གང་དུ་གནས་པར་འགྱུར་སྒྲོགས་ཤིག་ཅེས་བྱ་བར་དོགས་པ་ལ། བདེ་བ་ཅན ་ན་ང་རྟག་བཞུགས། ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེར་བཅོམ་ལྡན་འདས་ཅི་མཛད་པས་བཞུགས་སྙམ་པ་ལ། འཆད་པ་པོ་ང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ང་ལས་གཞན་དུ་འབྱུང་བ་མེད་པའི་ཕྱིར། ད་ནི་འཆད་པ ་ང་། ཉན་པ་དང་ཆོས་སོ།། རང་གི་ཚོགས་ལྡན་པ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་གཤེར་བའི་ངོ་བོར་ཡོངས་སུ་གྱུར་པ་དེ་བཞིན་གཤེགས་པའི་ཚོགས་དང་ལྷ་མོའི་ཚོགས་ཀྱིས་སོ།། གལ་ཏེ་མཆོག་གི་མཐའ་དང་། དགའ་བྲལ ་གྱི་དང་པོར་བདེ་བའི་བདག་ཉིད་བཅོམ་ལྡན་འདས་དགའ་བ་ཙམ་གྱི་ལུས་ཀྱིས་ཇི་ལྟར་དངོས་པོ་རྟོགས་པར་འགྱུར། གང་གི་ན་སངས་རྒྱས་ཡིན་ཞེས་དོགས་པ་ལ། དེ་བཞིན་བུས་ཀྱང་ཡིད་ཆེས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། དུ་ནི་རྡོ་རྗེའི་སྙིང་པོའོ།། ཇི་ལྟར་ན་དེ་ནི་དགའ་བའི་བདག་ཉིད་དེ། དེ་བཞིན་བུས་ཀྱང་ཡིད་ཆེས་ཀྱིས། ཞེས་བྱ་བ་ལ། ཀྱང་ནི་བསྡུ་བའོ།། ཡིད་ཆེས་པ་ནི་ཡེ་ཤེས་འདིས་དངོས་པོའི་དོན་རྟོགས་པར་བྱེད་པའོ།། ཇི་ལྟ་བུ་ཞེ་ན། མར་མེ་ལྟར ་ཞེས་བྱ་བ་ནི་ཇི་ལྟར་མར་མེ་འདིས་མུན་པ་འཇོམས་ཤིང་དངོས་པོ་རྣམས་གསལ་བར་བྱེད་པ་དེ་བཞིན་དུ་ངའི་ཡེ་ཤེས་ཀྱིས་མུན་པ་ལྟ་བུའི་མི་ཤེས་པ་རྩད་ནས་འཇོམས་ཏེ། དེས་བསྒྲིབས་པའི་བདག་ཉིད་ཀྱི་དངོས་པོ་གསལ་བར་བྱེད་དོ།། གལ ་ཏེ་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱི་ལུས་ཇི་ལྟར་མཚོན་པར་བྱ་ཞེས་དོགས་པ་ལ། སུམ་ཅུ་རྩ་གཉིས་མཚན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་མཚན་སུམ་ཅུ་རྩ་གཉིས་རྣམས་དང་། དཔེ་བྱད་བརྒྱད་ཅུས་དེ་མཚོན་པར་མི་ནུས ་སམ་ནུས་པ་ཉིད་དེ་ཞེས་ངས་མཚོན་པར་འགྱུར་ཞེས་བསྟན་པའོ།། ཡུལ་མང་བ་དང་། མཚན་མ་ཡང་མང་བ་ཡང་ཡིན་ན། ཡུལ་གང་དུ་མཚན་མ་གང་གིས་བཙལ་བར་བྱ་བ་ཡིན་ཞེས་སྙམ་པ་ལ། བདེ་བ་ཅན་དུ་ཞེས་བྱ་བ་དང་། ཁུ་བ་ཞེས ་བྱ་བ་ལ་སོགས་པ་གསུངས་སོ།། ཨེ་མའོ་བཅོམ་ལྡན་འདས་ཀྱི་གསུང་གསང་བ་འདི་ཐམས་ཅད་ནི་མཐུན་པ་མ་ཡིན་ཏེ། གཤེར་བའི་བདག་ཉིད་ཀྱི་བཅོམ་ལྡན་འདས་ཁྱོད་འཁོར་ལོས་བརྒྱན་པའི་ཕྱག་རྒྱ་དང་ཞབས་ཞེས་བྱ་བ་ལ་སོགས ་བ་མཚན་སུམ་ཅུ་རྩ་གཉིས་རྣམས་དང་། སེན་མོ་ཅུང་ཟད་དམར་བ་ལ་སོགས་པ་དཔེ་བྱད་བརྒྱད་ཅུ་རྣམས་ཀྱི་མཛེས་པ་མ་ཡིན་ན། གང་གིས་ཁྱོད་མཚོན་པར་འགྱུར། དེ་བས་ནི་མི་ཤེས་པ་ཉིད་དུ་གནས ་པར་འགྱུར་རོ་ཞེས་དགོངས་པ་མི་ཤེས་པས། རྡོ་རྗེ་སྙིང་པོས་བཅོམ་ལྡན་འདས་ལ་སྨོད་དོ།། འདི་ནི་དགོངས་པ་སྟེ། མཚན་དང་དཔེ་བྱད་ཀྱི་རྒྱུ་རྣམས་ནི་མཚན་དང་དཔེ་བྱད་རྣམས་སོ།། དབྱངས་ཡིག་བཅུ་དྲུག་གི་མཚན་དང་། ཡི་གེ་སུམ་ཅུ ་ཞིའི་དཔེ་བྱད་དེ་རྣམས་ཀྱིས་ངས་མཚོན་པ་དེ་བཞིན་དུ་མ་ཡིན་ནོ།། དེ་ལྟར་ཡང་གསུངས་པ་སྤྲུལ་བའི་འཁོར་ལོའི་དབུས་སུ་ནི། སྡེ་མཚན་བརྒྱད་ཀྱིས་ཡོངས་སུ་བསྐོར།། གཞན་རྣམས་གང་རྣམས་དེ་རྣམས་དང་།། སྔགས་རྣམས ་ཐམས་ཅད་བསྐྱེད་པ་པོ།། ཨ་སོགས་དབྱངས་ཡིག་ཐམས་ཅད་ནི།། སྒེག་པ་སྔོན་འགྲོའི་རོ་རྣམསོ།། ཡིག་འབྲུ་ལྷ་ཡི་གཟུགས་ཀྱིས་ནི།། ཀ་ལ་སོགས་པ་ཡང་དག་གནས།། ཤེའོ། ལས་གང་གིས་སྐྱེ་བོ་རྣམས་འཆིང་བར་འགྱུར། ་བའི་ལས་དེ་ཇི་ལྟ་བུའི་ཐབས་དང་བཅས་པ་དེ་ཉིད་ཀྱིས་གྲོལ་བར་འགྱུར་ཞེ་འམ། དེ་ལས་བསྟན་པའི་ཕྱིར། ཆགས་པས་འཇིག་རྟེན་འཆིང་འགྱུར་བ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ལ་འདིས་སྨྲས་པ་དང་། བདག་གིས ་འདི་ལ་སྦྱོར་བར་བྱའོ་ཞེས་བྱ་བ་ལ་སོགས་པ་མངོན་པའི་ང་རྒྱལ་མང་པོས་བདེ་བ་འབའ་ཞིག་ཉེ་བར་ལོངས་སྤྱོད་པའི་སྲེད་པ་འདོད་ཆགས་ཀྱི་ཞེན་པ། མི་བཟད་པའི་ལས་དེས་འདི་འཆིང་བར་འགྱུར་རོ།། ཇི་སྟེ་འདོད་ཆགས་ཀྱིས་འཇིག ་རྟེན་འདི་འཆིང་བར་འགྱུར་ན་དེ་ཚེ་བདག་ཅག་རྣམས་ཀྱིས་ཀྱང་ཉན་ཐོས་ལྟ་བུར་འདོད་ཆགས་འདི་སྤང་བར་བྱ་འམ་ཞེས་དོགས་པ་ལ། འདོད་ཆགས་ཉིད་ཀྱིས་གྲོལ་བར་འགྱུར་ཞེས་གསུངས་ཏེ། ཇི་ལྟར་འདོད་ཆགས་ནི་འཆིང་བའི་རྒྱུ་ཡིན ་པ་དེ་བཞིན་དུ། ཐར་པའི་ཡང་ཡིན་པ་དེ་ཇི་ལྟར་སྤང་བར་བྱ། འོན་ཀྱང་ཐབས་དང་བཅས་པ་དེ་ཉིད་ཀྱིས་ཞེས་བྱ་བ་གསུངས་སོ།། དེའི་ཕྱིར་ད་ནི་ཐབས་བཙལ་བར་བྱ་སྟེ། ཐབས་ནི་དབྱེར་མེད་པས་རྡོ་རྗེ་འཛིན་པ་ཡོངས་སུ་ཤེས་པའི ་ཕྱིར་དང་། དབྱེ་བས་དེ་བཞིན་གཤེགས་པ་ལྔ་ཡོངས་སུ་ཤེས་པའི་ཕྱིར་ཡང་ཆོས་ཐམས་ཅད་རོ་གཅིག་པའི་ངོ་བོའི་འདོད་ཆགས་ནི་མི་ཟད་པ་མ་ཡིན་ནོ།། ཡང་གསུངས་པ། འདོད་ཆགས་ལས་ནི་འཇིག་རྟེན་སྐྱེ།། འདོད་ཆགས་ཉིད ་ལས་ཟད་པར་འགྱུར།། འདོད་ཆགས་རྡོ་རྗེ་ཡོངས་ཤེས་ཕྱིར།། ཡིད་ནི་རྡོ་རྗེ་སེམས་དཔར་གྱུར་ཞེའོ།། དེ་ལ་དབྱེ་བ་ནི། ཀུན་ཏུ་རག་ལས་ལྔ་རུ་འགྱུར། ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དབྱེར་མེད་པར། དགའ་བ་ཆེན་པོ་གཅིག་ཉིད ་ལས། ཞེས་གསུངས་སོ།། གལ་ཏེ་དོན་དམ་པར་བཅོམ་ལྡན་འདས་གཅིག་པུ་ཉིད་ནི་ཇི་ལྟར་ལྷུར་དབྱེ་བར་འགྱུར། ཇི་སྟེ་ཐ་དད་ན་དེའི་དབྱེ་བ་ཇི་ལྟར་ཐར་པའི་མི་མཐུན་པའི་ཕྱོགས་གཏི་མུག་ལ་སོགས་པའི་ཉོན་མོངས་པའི་མིང་དུ་འགྱུར་ཞེ་ན། ་གོལ་བ་འདི་ཡང་མི་ཟད་པ་མ་ཡིན་པར་གྲུབ་པའི་ཕྱིར་ཡང་དེ་བཞིན་གཤེགས་པ་རྣམས་ཀྱིས་དེ་ལྟར་ཐོབ་པས་དེའི་མིང་དུ་འགྱུར་ཏེ། དེ་རྣམས་སུ་གྱུར་པ་ཡང་བུད་ཤིང་བསྲེགས་པའི་རིགས་པས་འཇོམས་ཤིང་བཅོམ་ལྡན་འདས ་ཀྱང་རིགས་རྣམས་སུ་འགྱུར་རོ།། ཡང་གསུངས་པ། གཏི་མུག་དག་པས་གཏི་མུག་སྟེ།། ཞེ་སྡང་དག་པས་ཞེ་སྡང་ཉིད།། འདོད་ཆགས་དག་པས་འདོད་ཆགས་ཏེ།། ང་རྒྱལ་དག་པས་ཆེས་ང་རྒྱལ།། ཕྲག་དོག་དག་པས ་ཕྲག་དོག་ཉིད།། ཐམས་ཅད་རྣམ་དག་རྡོར་འཛིན་མགོན། ཞེས་གཏི་མུག་ལ་སོགས་པ་རྣམ་པར་དག་པས་ཉོན་མོངས་པ་ལྔ་པོ་རྣམས་ཞི་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པའོ།། མཆོག་ཏུ་བདེ་བའི་རང་བཞིན་གྱིས་དོན་དུམ་པར་བཅོམ་ལྡན ་འདས་གཅིག་པུ་ལ་ཡང་འདོད་ཆགས་ལ་སོགས་པ་གདུག་པའི་སེམས་ཀྱིས་སེམས་ཅན་རྣམས་ཀྱི་ངོར་ལྟར་དབྱེ་བར་འགྱུར་ཞེས་བསྟན་པར་བྱ་བའི་ཕྱིར། དབྱེ་བས་འགྲོ་བ་ལྔ་རུ་འགྱུར་ཞེས་བྱ་བ་ལ་སོགས་བྱ་གསུངས་སོ།། ཡང་གསུངས་པ། ་གཏི་མུག་ཞེ་སྡང་ང་རྒྱལ་ཆེ།། སྐྱེ་བོ་འདོད་ཆགས་སེར་སྣ་ཅན།། བསྡུ་ཕྱིར་རང་གི་འཁོར་ལོ་ཅན།། འཁོར་ལོ་གཟུགས་ནི་དུ་མ་འཛིན་ཅེའོ།། སློབ་དཔོན་མཁས་པ་དཔལ་སྦྱང་དཀའ་བའི་ཟླ་བས་མཛད་པ། ཀཽ་མུ་དི་ཞེས་བྱ་བའི་དཀའ་འགྲེལ ་ལས། དངོས་གྲུབ་གཏན་ལ་ཕབ་པ་ཞེས་བྱ་བའི་ལེའུ་སྟེ་གཉིས་པའོ།། །། དངོས་གྲུབ་གཏན་ལ་ཕབ་ནས་རྣལ་འབྱོར་མ་རྣམས་ཀྱི་སྒྲུབ་ཐབས། རྒྱུད་ཐམས་ཅད་ཀྱི་གླེང་གཞི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུད་ཐམས་ཅད ་ནི་འདུས་པ་ལ་སོགས་པའོ།། གླེང་གཞི་ནི་དེ་རྣམས་ལ་འམ། དེ་རྣམས་ཀྱིས་ངེས་པའོ་ཞེས་བྱ་བ་ནི་གྲགས་པ་སྟེ། རྒྱུད་ཐམས་ཅད་ཀྱི་གླིང་གཞི་ཞེས་བྱ་བའོ།། ཐབས་ནི་འདིས་དངོས་གྲུབ་ཉེ་བར་ཐོབ་པར་འགྱུར་བའོ།། དེ་ཉིད་ཀྱི་གླེང ་གཞི་ཞེས་བྱ་བའི་ཐབས་ཀྱི་དབྱེ་བ་ནི། སྡོམ་པ་དང་ནི་དབང་དང་ཡང་། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཤེས་རབ་དང་ཐབས་ཀྱི་དབྱེ་བས་སྡོམ་པ་རྣམ་པ་གཉིས་ཏེ། སངས་རྒྱས་ཀྱི་སྡོམ་པ་དང་། རྣལ་འབྱོར་མའི་སྡོམ ་པའོ།། དེ་ལ་རེ་ཞིག་སངས་རྒྱས་ཀྱི་སྡོམ་པ་ནི། སངས་རྒྱས་ཀུན་གྱི་སྡོམ་པ་ནི། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨེ་བཾ་རྣམ་པར་ཞེས་བྱ་བ་ནི། གང་དུ་བདེ་བ་ཆེན་པོ་རབ་ཏུ་གནས་པ་སྟེ་སྡོམ་པའོ།། རབ་གནས་ཞེས་བྱ་བ་ནི། ་མངོན་པར་འབྱུང་བའི་གནས་ཏེ། དེ་ཡང་དག་པར་སྐྱེས་པའོ།། མཁའ་འགྲོ་མ་རྣམས་ཀྱི་སྡོམ་པ། ཨེ་བཾ་གྱི་རྣམ་པ་ནི། ཨེ་ཡི་ཆ་བྱད་བཟང་པོ་གང་། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨེ་ཡི་ཆ་བྱད་ཅེས་པ་འདི་ནི་ཨེའི ་དབྱིབས་ཏེ་གྲུ་གསུམ་ཀུན་རྫོབ་ཀྱི་རྣམ་པའི་གཟུགས་ཅན་གྱི་ཤེས་རབ་བོ།། གང་ཞེས་བྱ་བ་ནི་དམིགས་ཀྱིས་མ་བསྟན་པའོ།། བཟང་པོ་ཞེས་བྱ་བ་ནི་འདིར་བཅོམ་ལྡན་འདས་བདེ་བ་ཆེན་པོ་རོལ་པའི་ཕྱིར་རོ།། དབུས་སུ་བཾ་གིས་རྣམ ་པར་བརྒྱན་ཅེས་བྱ་བ་ལ། དབུས་སུ་ཞེས་བྱ་བ་ནི་ཟེ་འབྲུ་ལའོ།། བཾ་གིས་ཞེས་བྱ་བ་ནི་ཐབས་སུ་གྱུར་པས་སོ།། རྣམ་པར་བརྒྱན་ཅེས་བྱ་བ་ནི་བརྒྱན་པར་བྱས་པའོ།། བདེ་བ་ཐམས་ཅད་ཀྱི་གནས་ཞེས་བྱ་བ་ལ་གནས་ནི་གཞིའོ།། ་ཐམས་ཅད་ནི་དམ་ཚིག་ལྔ་པོ་རྣམསོ།། བདེ་བ་ནི་དྲུག་པ་སྟེ། དེ་རྣམས་ཀྱི་བདེ་བ་ཐམས་ཅད་དོ།། སངས་རྒྱས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའོ།། རིན་ཆེན་ནི་དེ་ཉིད་ཀྱིས་ཁྱད་པར་དུ་ཆེས་འཕགས་པའི་ཕྱིར་སངས་རྒྱས ་རན་ཆེན་ནོ།། དེ་རྣམས་ཀྱི་ཟ་མ་ཏོག་སངས་རྒྱས་རིན་པོ་ཆེའི་ཚོགས་ཀྱི་གན་སོ།། ཡང་གསུངས་པ། ཨེས་ནི་ཤྭེ་རཿ་བརྗོད་པ་ཉིད།། བཾ་གིས་ཐབས་སུ་གྱུར་པ་ཉིད།། བཾ་གོས་རྣམ་བརྒྱན་པ་དེ་ཡི། ་ཨེ་ནི་ངེས་པར་མཛེས་པར་འགྱུར། ཞེས་བྱ་བ་ལ་སོགས་པའོ།། ཇི་སྟེ་མཁའ་འགྲོ་མའི་སྡོམ་པ་ཡོངསུ་ཤེས་པ་དང་། ཡོངས་སུ་མི་ཤེས་པ་འདིས་ནི་ཅི་ཞིག་བྱ་ཞེ་ན། དགའ་བ་དེ་ལས་སྐྱེ་བར་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། དགའ་བ་ནི་རངས་པ་ནི་ཁྱད་པར་ཏེ། མིག་བྱེ་བ་ལ་སོགས་པའི་ཁྱད་པར་སྣ་ཚོགས་འོ་བྱེད་པ་དང་། འཁྱུད་པ་ལ་སོགས་པའི་མཚན་ཉིད་རྣམས་ཏེ་སྐད་ཅིག་མ་བཞིའོ།། རྒྱུད་གཞན་ལས་གསུངས་པ། འོ་དང་འཁྱུད་པ་ལ་སོགས་ཀྱི།། ་སྣ་ཚོགས་དགའ་བས་སྣ་ཚོགས་ཉིད།། ཧཾ་གཱི་ལིང་གའི་རབ་འབྱོར་པསོ།། རྣམ་པར་སྨིན་པོའི་ཡེ་ཤེས་མཆོག། ཕྱག་རྒྱ་ཉིད་པ་རྣམ་པར་ཉིད།། མཚན་ཉིད་བྲལ་བས་ངེས་མཚོན་བྱ།། ཞེའོ། དེ་རྣམས་ཀྱིས་ཉེ་བར་མཚོན་པའི་དགའ ་བི་རྣམས་སྐད་ཅིག་མ་དང་ཡོངས་སུ་སྦྱར་བའི་དགའ་བ་ཡོངས་སུ་ཤེས་པས་སྐལ་པ་དང་ལྡན་པའི་རྒྱུའི་དབང་གསུངས་པ། སློབ་དཔོན་གསང་བ་ཤེས་རབ་དང་། ཞེས་བྱ་བ་ལ་སོགས་པའོ།། འདིས་གྲངས་མ་གསུངས་པ་ལ། ་ཡང་དབང་གི་གྲངས་ཀྱིས་དགའ་བའི་གྲངས་ནི། དགའ་བ་ལ་སོགས་རིམ་ཤེས་བྱ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགའ་བ་ལ་སོགས་པ་གང་དག་གིས་དེ་རྣམས་ནི་དགའ་བ་ལ་སོགས་པའོ།། གང་གི་གྲངས་ཀྱིས་དགའ ་བ་ལ་སོགས་པའི་གྲངས་སུ་བྱ་བ་དེ་ཉིད་ཇི་ལྟར་བཞི་ཞེས་དོགས་པ་ལ། རྒོད་པ་དག་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལེགས་པར་བསྡུ་བར་བརྗོད་པའི་ཕྱིར་འདིར་དབང་མ་སྨོས་སོ།། དེ་མ་ཐག་ཏུ་གསུངས་པའི་ཡེ་ཤེས་འབྱུང ་བའི་རྒྱུ་ནི། དཀྱིལ་འཁོར་འཁོར་ལོའི་ཐབས་ཀྱིས་ནི། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཀྱིལ་འཁོར་གྱི་འཁོར་ལོའི་ཐབས་ཀྱིས་རྟགས་སུ་ཞེས་བྱ་བ་ནི་རྒྱུན་དུའོ།། བདེ་བར་གྱུར་ཟིན་ཀྱང་འོན་ཀྱང་དེ་ཉིད་མི་ཤེས་སོ་ཞེས་དོགས ་པ་ལ། དཀྱིལ་འཁོར་འཁོར་ལོ་ཅི་ཞེས་བརྗོད། ཅེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཀྱིལ་ནི་སྙིང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། སྙིང་པོ་ནི་བྱང་ཆུབ་ཀྱི་སེམས་སོ།། དེ ་ཡང་རྣམ་པ་གཉིས་ཏེ། དོན་དམ་པ་དང་། ཀུན་རྫོབ་བོ།། དེ་ཉིད་ནི་དཀྱིལ་ཏེ། བྱེད་པ་པོའོ།། བླང་བར་བྱ་བ་ནི་བདུད་རྩི་ལྔའི་རང་བཞིན་གྱིས་སངས་རྒྱས་ལྔ་པོ་རྣམས་མཛད་པའི་ཕྱིར་རོ།། འདུས་པའི་དཀྱིལ་འཁོར་ཞེས་བྱ་བ་ནི་སངས་རྒྱས ་མཉམ་པར་སྦྱོར་བ་སྟེ། དེའི་འམ་དེར་རོ།། འཁོར་ལོའི་ཚོགས་ནི་ན་མཁའི་ཁམས་ཞེས་བྱ་བ་ནི། སངས་རྒྱས་ཐམས་ཅད་ཀྱི་ཁམས་མཉམ་པ་ཉིད་ཀྱི་ཕྱིར་ཁམས་ཀྱི་དབྱེ་བས་ཐ་དད་པ་མེད་དོ།། ཡུལ་ནི་གཟུགས་དང་སྒྲ་ལ་སོགས་པའོ།། ་སོགས་པའི་སྒྲས་ནི་ཕུང་པོ་རྣམས་དང་། ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་། དབང་པོ་རྣམས་སོ།། དེའི་ངོ་བོས་དེ་རྣམས་སྦྱོང་བ་ནི་ཡུལ་ལ་སོགས་པ་རྣམས་སྦྱོང་བའོ།། སྦྱང་བར་བྱ་བ་ལྔ་ཞོག་གི་ཡུལ་ལ་སོགས་པ་སྦྱོང ་བ་ཉིད་མི་ཤེས་སོ་ཞེས་བྱ་བར་དོགས་པ་ལ། དེའི་བདེ་བ་ཤེས་པར་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་ཞེས་བྱ་བ་ནི་སྦྱང་བར་བྱ་བའི་ཡུལ་ལ་སོགས་པའོ།། བདེ་བ་ཞེས་བྱ་བ་ནི་སྦྱོང་བའོ།། ཡང ་ན་དང་པོའི་དོན་ལ་གྲུབ་པ་སྟེ། བདེ་བ་དེ་རྟོགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། སྦྱང་བར་བྱ་བ་སྦྱང་བའི་ཆོ་ག་རིག་པའི་རྣལ་འབྱོར་པ་རྣམས་ཀྱི་དམ་ཚིག་ནི། ཁྱོད་ཀྱིས་སྲོག་ཆགས་བསད་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦྱང ་བར་བྱ་བར་ཤེས་པར་འདོད་པའི་རྣལ་འབྱོར་མ་རྣམས་ཀྱི་ཞུ་བ། ཡུལ་དེ་རྣམས་ཀྱང་ཅི་ལེགས་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ལན་གསུངས་པ། ཡུལ་དྲུག་ནི་གཟུགས་སྒྲ་དེ་བཞིན་དྲི་དང་ནི་ཞེས ་བྱ་བ་ལ་སོགས་པ་སྟེ། དེ་ལ་གཟུགས་ནི་མིག་གི་དབང་པོའི་སྤྱོད་ཡུལ་ཏེ་སྔོན་པོ་དང་། སེར་པོ་ལ་སོགས་པ་དང་། ཐུང་ངུ་དང་རིང་པོ་ལ་སོགས་པ་དང་། ཟླུམ་པོ་དང་གྲུ་བཞི་ལ་སོགས་པ་དང་། སྦོམ་པོ་དང་ཕྲ་བ་ལ་སོགས་པ་དང་། གྲིབ ་མ་དང་ཉི་མ་དང་། སྣང་བ་དང་མུན་པ་ལ་སོགས་པ་ཉི་ཤུ་རྩ་ལྔའི་དངོས་པོ་གཟུང་བར་རིག་པར་བྱའོ།། སྒྲ་ནི་རྣ་བའི་དབང་པོའི་གཟུང་བར་བྱ་བའི་སྒྲ་སྟེ། རྣམ་པ་གསུམ་མོ།། དེ་ཡང་ཡིད་དུ་འོང་བ་དང་། ཡིད་དུ་མི་འོང་བ་དང་། གཉི་ག་མ་ཡིན ་པའོ།། ཡང་ལྔ་སྟེ། འཇིག་རྟེན་ལ་གྲགས་པ་དང་། གྲུབ་པ་བྱས་པ་དང་། ཀུན་ཏུ་བརྟགས་པ་དང་། འཕགས་པའི་ཐ་སྙད་དང་། འཕགས་པ་མ་ཡིན་པའི་ཐ་སྙད་དོ།། དེ་ལ་ཡིད་དུ་འོང་བ་ནི་པི་ཝང་ལ་སོགས་པའོ།། ཡིད་དུ ་མི་འོང་བ་ནི་སེགས་པ་རྣམས་ཀྱིའོ།། གཉི་ག་མ་ཡིན་པ་ནི་ཤིང་དང་ལ་འ་མཐིལ་ལ་སོགས་པ་རྣམས་ཀྱིའོ།། ཇིག་རྟེན་ལ་གྲགས་པ་ནི་འཇིག་རྟེན་པའི་སྐད་ཀྱིས་བསྡུས་པའོ།། གྲུབ་པས་བྱས་པ་ནི་འཕགས་པ་རྣམས་ཀྱིས་བསྟན་པའོ།། ་ཀུན་ཏུ་བརྟགས་པ་ནི་བརྡ་ལས་བྱུང་བའོ།། འཕགས་པ་དང་འཕགས་པ་མ་ཡིན་པའི་ཐ་སྙད་དག་ནི་མཐོང་བ་དང་མ་མཐོང་བའི་ཐ་སྙད་དག་གིས་དབང་དུ་བྱ་བར་རིག་པར་བྱའོ།། སྣའི་དབང་པོས་གཟུང་བར་བྱ་བའི་དྲི་ནི་རྣམ་པ་གསུམ་སྟེ། ཞིམ་པ ་དང་། མངའ་བ་དང་། གཉི་ག་མ་ཡིན་པའོ།། ལྷན་ཅིག་སྐྱེས་པ་དང་། སྦྱར་བ་ལས་གྱུར་པ་དང་། ཡོངས་སུ་གྱུར་པ་ལས་བྱུང་བའོ།། ལྷན་ཅིག་སྐྱེས་པའི་དྲི་ནི་ཙན་དོན་ལ་སོགས་པ་རྣམས་ཀྱིའོ།། སྦྱོར་བ་ལས་བྱུང་བ་ནི་བདུག་སྤོས་སྦྱར་བ་ལ ་སོགས་པ་རྣམས་ཀྱིའོ།། ཡོངས་སུ་གྱུར་པ་ལས་བྱུང་བ་ནི་འབྲས་བུ་སྨིན་པ་ལ་སོགས་པ་རྣམས་ཀྱིའོ།། རེ་ནི་ལྕེའི་དབང་པོས་གཟུང་བར་བྱ་ཞིང་མྱང་བ་སྟེ་དྲུག་གོ།། དེ་ཡང་ཁ་བ་དང་། སྐྱུར་བ་དང་། ཚ་བ་དང་། བསྐ་བ་དང་། ལན་ཚྭ་དང་། ་མཛར་པ། རེས་ནི་ལུས་ཀྱི་དབང་པོའི་གཟུང་བའོ།། དེ་ཡང་དུ་མ་སྟེ། འཇམ་པ་དང་། རྩུབ་པ་དང་། ལྕི་བ་དང་། ཡང་བ་དང་། ལྷོད་པ་དང་། གྲང་བ་དང་། ཚ་བ་དང་། བཀྲེས་པ་དང་། སྐོམ་པ་ལ་སོགས་པའོ།། ཡིད་ཀྱི་གཟུང་བར་བྱ་བ་ཆོས ་ཀྱི་སྐྱེ་མཆེད་ནི་གཟུགས་ནི་རྣམ་པ་ལྔ་སྟེ། བསྡུས་པ་ལས་གྱུར་པ་དང་། མངོན་པར་སྐབས་ཡོད་པ་དང་། ཡང་དག་པར་བླངས་པ་ལས་བྱུང་བ་དང་། ཀུན་བརྟགས་པ་དང་། དབང་འབྱོར་པའོ།། བསྡུས་པ་ལས་གྱུར་པ་ནི་རྡུལ་ཕྲ་རབ་ཀྱི་གཟུག ་སོ།། མངོན་པར་སྐབས་ཡོད་པ་ནི་དེ་ཉིད་དམ་གཞན་དུ་རབ་ཏུ་སྤྱོད་པའོ།། ཡང་དག་པར་བླངས་པ་ལས་བྱུང་བ་ནི་རིགས་བྱེད་མ་ཡིན་པའི་གཟུགས་སོ།། ཀུན་བརྟགས་པ་ནི་ཐ་སྙད་ལས་བྱུང་བའི་དངོས་པོའོ།། དབང་འབྱོར ་བ་ནི་རྣམ་པར་ཐར་པ་ལ་བསམ་གཏན་པའི་སྤྱོད་ཡུལ་ལོ།། རྣམ་པར་ཤེས་པ་འདི་རྣམས་ལ་དབང་བྱེད་པའི་ཕྱིར་དབང་པོ་རྣམས་ཏེ་དྲུག་གོ།། དེ་རྣམས་ནི་གཏི་མུག་དང་། ཞེ་སྡང་དང་། ང་རྒྱལ་དང་། འདོད་ཆགས་དང་། སེར་སྣ་རྡོ་རྗེ་མ་དང་། ་བདག་མེད་མའི་རྣལ་འབྱོར་མ་དང་ལྡན་པ་རྣམས་ཏེ། མིག་དང་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་རྣམས་སོ།། དེ་ལ་མིག་གི་རྣམ་པར་ཤེས་པ་ཡང་དག་པར་གནས་པས་གཟུགས་གསལ་བ་ནི་མིག་གི་དབང་པོའོ།། རྣ་བའི ་རྣམ་པར་ཤེས་པ་ཡང་དག་པར་གནས་པས་སྒྲ་གསལ་བ་ནི་རྣ་བའི་དབང་པོ་ཞེས་བྱ་བ་ལ་སོགས་པར་བལྟའོ།། ཡུལ་ནི་གཟུགས་དང་སྒྲ་ལ་སོགས་པ་དྲུག་ཏུ་བརྗོད་དོ།། ཡུལ་ཅན་ནི་དབང་པོ་རྣམས་ཏེ་དེ་རྙེད་པའོ།། ཡུལ་དང་ཡུལ་ཅན ་དེ་དག་གིས། སྐྱེ་བའི་སྐབས་བྱེད་ཅིང་རྒྱས་པར་བྱེད་པའི་ཕྱིར་སྐྱེ་མཆེད་རྣམས་ཏེ། བཅུ་གཉིས་ཡིན་ནོ།། ལྔའི་རྣམ་པའི་བདག་ཉིད་ཀྱི་དངོས་པོ་ཉེ་བར་བསྟན་པ་ཉིད་ཉེ་བར་ལེན་པའི་ཕུང་པོ་ཡང་ལྔ་ཉིད་དེ། གཟུགས་ཀྱི་ཕུང་པོ་དང་། ཚོར ་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་ཤེས་པའི་ཕུང་པོའོ།། དེ་ལ་གཟུགས་ནི་གཟུགས་སུ་ཡོད་པའི་མཚན་ཉིད་དོ།། གཟུགས་སུ་ཡོད་པ་དེ་ནི་རྣམ་པ་གཉིས་ཏེ། རེག་པས་གཟུགས་སུ་ཡོད ་པ་དང་། བསྟན་པས་གཟུགས་སུ་ཡོད་པའོ།། དེ་ལ་གང་། ལག་པ་དང་། རྐང་པ་དང་། དབྱུག་པ་ལ་སོགས་པ་རྣམས་ཀྱི་རེག་པས་མཉེན་པ་དང་། སྲ་བ་ལ་སོགས་པའི་གཟུགས་སུ་ཡོད་པ་དེ་ནི་རེག་པས་གཟུགས་སུ་ཡོད་པའོ།། ་གང་མངོན་དུ་ཕྱོགས་གཅིག་ཏུ་འདི་དང་། འདི་ཞེས་སྔོན་པོ་དང་སེར་པོ་ལ་སོགས་པས་གཟུགས་སུ་ཡོད་པའི་གཟུགས་དེ་ནི་བསྟན་དུ་ཡོད་པའོ།། ཚོར་བ་ནི་ཉམས་སུ་མྱོང་བའི་མཚན་ཉིད་དེ། དེ་ཡང་དགེ་བ་རྣམས་དང་། མི་དགེ་བ ་རྣམས་དང་། དགེ་བ་དང་མི་དགེ་བ་རྣམས་ཀྱི་རྗེས་སུ་མཐུན་པའི་རྣམ་པར་སྨིན་པའི་འབྲས་བུ་བདེ་བ་དང་། སྡུག་བསྔལ་དང་། བདེ་བ་དང་། སྡུག་བསྔལ་མ་ཡིན་པ་འདི་དག་ཉམས་སུ་མྱོང་བའོ།། དེ་བས་ཚོར་བ་ནི་རྣམ་པ་གསུམ་སྟེ། ་བདེ་བ་དང་སྡུག་བསྔལ་དང་། བདེ་བ་དང་སྡུག་བསྔལ་མ་ཡིན་པའོ།། འདུ་ཤེས་ནི་འདུ་ཤེས་ཏེ་ཤེས་པར་བྱེད་པའི་མཚན་ཉིད་དེ་འདུས་ཏེ་ཤེས་པར་བྱ་བ་ནི་རྣམ་པ་བཞི་སྟེ། མཐོང་བ་དང་ཐོས་པ་དང་། བརྗོད་པ་དང་། རྣམ་པར་ཤེས ་པ་རྣམས་ཀྱིའོ།། བཞི་ནི་མཐོང་བའི་འདུ་ཤེས་དང་། ཐོས་པའི་འདུ་ཤེས་དང་། བརྗོད་པའི་འདུ་ཤེས་དང་། རྣམ་པར་ཤེས་པའི་འདུ་ཤེསོ།། དེ་ལ་མཐོང་བ་ནི་གང་མིག་གི་ཡུལ་དུ་བྱས་པའོ།། ཐོས་པ་ནི་གང་རྣ་བས་རྟོགས་པའོ།། ་བརྗོད་པ་ནི་གང་རང་གིས་སྤྱད་པའོ།། རྣམ་པར་ཤེས་པ་ནི་གང་སོ་སོར་ཉམས་སུ་མྱོང་བར་གྱུར་པའོ།། འདུ་བྱེད་ནི་མངོན་པར་འདུ་བྱེད་པའི་མཚན་ཉིད་དེ། དགེ་བ་དང་མི་དགེ་བ་ལ་ཡང་བདེ་བ་དང་སྡུག་བསྔལ་གྱི་གནས་སྐབས་སུ་ཡང་སེམས ་རབ་ཏུ་སྤྱོད་པའོ།། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པར་བྱེད་པའི་མཚན་ཉིད་དེ། གང་གིས་གཟུགས་དང་སྒྲ་དང་དྲི་དང་། རོ་དང་རེག་བྱ་དང་ཆོས་རྣམས་རྣམ་པར་ཤེས་པའོ།། གཟུགས་གང་ཡིན་པ་ཅི་ཡང་རུང ་བ་དེ་ཐམས་ཅད་གཞན་དུ་མི་འཐད་པའི་ཕྱིར་རམ། རྗེས་སུ་འགྱུར་བ་མེད་པའི་ཕྱིར་གནས་སྐབས་ཐམས་ཅད་དུ་འབྱུང་བ་ཆེན་པོ་བཞི་པོ་རྣམས་གཟུང་བར་རིག་པར་བྱེ་སྟེ། ཡང་དེ་རྣམས་ནི་ས་དང་ཆུ་དང་མེ་དང་རླུང་ངོ་།། དབང་པོ་རྣམས་ནི་དྲུག་གོ།། ་ཡུལ་རྣམས་ཀྱང་དྲུག་གོ།། དབང་པོའི་རྣམ་པར་ཤེས་པ་རྣམས་ནི་དྲུག་གོ། དྲུག་ཚན་གསུམ་པོ་འདི་རྣམས་ཉིད་ནི་ཕན་ཚུན་དུ་འཛིན་པའི་སྦྱོར་བ་ལས་ཁམས་བཅོ་བརྒྱད་དེ། རྣལ་འབྱོར་མ་རྣམས་གོ་བར་བྱ་བའི་ཕྱིར་བསྒྲགས་སོ།། ཀྱེ་མ་དམན་པ ་པ་གསང་བ་འདི་ཅི་སྐྱེ་བོ་ཐམས་ཅད་ཀྱི་ཡང་ཡིན་ན། རྣལ་འབྱོར་པ་རྣམས་ཀྱིས་རྟོགས་པར་མི་འགྱུར་བ་སྟེ། གང་གིས་རྟོགས་པར་འགྱུར་བ་ཉིད་དོ།། ཞེ་ན་གོ་བའི་དོན་མ་ཤེས་པའི་ཕྱིར་གང་དགྲ་བཅོམ་ལྡན་འདས་ལ་སྨོང་བར ་དོགས་པ་དེ་རྣམས་འདི་སྐད་དུ་གོ་བར་བྱ་སྟེ། གོ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དོ།། བྱང་ཆུབ་ཀྱི་དོན་ནི་དེའི་དོན་ཏེ་བྱང་ཆུབ་ཀྱི་དོན་ཏོ། རྣལ་འབྱོར་མ་རྣམས་ལ་ཕུང་པོ་དང་སྐྱེ ་མཆེད་དང་ཁམས་འདི་རྣམས་བསྟན་ཏོ།། གང་གི་ཕྱིར་འདི་ཉིད་འཁོར་བ་སྟེ། འདི་རྣམས་ཉིད་དག་པ་རྣམས་ལས་བྱང་ཆུབ་དེ་འགྲུབ་པར་འགྱུར་ཏེ། ཡང་འདི་རྣམས་མ་གཟུང་བར་ནི་མ་ཡིན་ནོ།། གལ་ཏེ་དེ་སྐད་དུ་དེའི་སྦྱོར་བ་ལས ་སེམས་ཅན་གྱི་ཁམས་ཐམས་ཅད་མ་གྲུབ་པ་ཞེས་བྱ་བ་ཡོད་པ་མ་ཡིན་ནོ་ཞེས་དོགས་པ་ལ། རྐྱེན་གྱིས་འབྱུང་བ་ནི། རང་བཞིན་གདོང་ནས་མ་སྐྱེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གིས་ཕུང་པོ་ལ་སོགས་པའི་སྦྱོར་བ་ཙམ ་གྱིས་བྱང་ཆུབ་པར་སྨྲ་བ་དེ་ལ་བརྗོད་པ་འདིའི་སྐྱོན་དུ་འགྱུར་རོ།། གང་ཡང་ཕུང་པོ་ལ་སོགས་པ་རྟོགས་པ་དེ་རྣམས་ཀྱི་རང་གི་ངོ་བོ་བྱང་ཆུབ་ཀྱི་སྒྲུབ་པ་རྟོགས་པ་དེ་འབའ་ཞིག་ལ་སྐྱོན་མེད་དེ། གང་གི་ཕྱིར་ཕུང་པོ་ལ་སོགས་པ་འབབ་ཤིག ་རྟོགས་པ་རྣམས་ཀྱི་ནི་འཆིང་བ་ཉིད་དེ། བྱང་ཆུབ་ནི་མ་ཡིན་ནོ།། གདོང་ནས་མ་སྐྱེས་པ་ཞེས་བྱ་བ་ནི་དང་བོར་ཏེ་འཁོར་བ་ལས་སྔོན་དུ་མ་སྐྱེས་པའི་དངོས་པོའི་རང་བཞིན་གང་རྟོགས་པ་དེ་གྲོལ་བར་འགྱུར་རོ།། འདི་ཉིད་དུ་གསུངས་པ། དངོས ་པོའི་འཆིང་བས་འཆིང་བར་འགྱུར།། དེ་ཡོངས་ཤེས་པས་གྲོལ་བར་འགྱུར་ཞེའོ།། རེ་ཞིག་གྲོལ་བ་ལྟ་ཤིན་ཏུ་རིང་དུ་ཞོག་གི་ཕུང་པོ་ལ་སོགས་པ་མ་སྐྱེས་པའི་རིགས་པ་ཉིད་མི་འཐད་དེ། སྐྱེ་བའི་ཕྱིར་དངོས་པོ་སྟེ། གཟུགས་དང་སྒྲ་ལ ་སོགས་པའོ།། ཇི་ལྟར་དེ་སྐྱེ་བར་མི་འགྱུར་ཏེ་སྐྱེ་བར་འགྱུར་བ་ཉིད་དོ།། དངོས་པོ་མི་སྐྱེ་བར་བྱ་ཞེས་བྱ་བར་སུ་ཞིག་ངེས་པར་སྨྲ་སྟེ། དངོས་པོ་སྐྱེ་བར་འགྱུར་བ་ཉིད་དོ།། འོན་ཀྱང་གཅིག་དང་དུ་མ་ལ་སོགས་པའི་མཐའ་གསུམ་དང་བྲལ་བའི་ཕྱིར ་རང་བཞིན་མེད་པས་མ་སྐྱེས་པ་ཞེས་ཟེར་རོ།། དེ་ལྟར་ཡང་འདི་སྐད་དུ་འཕགས་པས་གསུངས་པ་ཡང་ཡོད་དེ། གང་ཞིག་རྐྱེན་ལས་གང་སྐྱེས་པ།། རང་བཞིན་གྱིས་ནི་དེ་མ་སྐྱེས།། གང་ཞིག་ངོ་བོས་མ་སྐྱེས་པ།། དེ་ལས་སྐྱེས་ཞེས་ཇི་སྐད ་བྱ། ཞེས་བྱ་བ་ལ་སོགས་པའོ།། གལ་ཏེ་དེ་སྐད་དུ་མ་སྐྱེས་པའི་དངོས་པོའི་རང་བཞིན་ཏེ། དེའི་ཚེ་ཇི་ལྟ་བུར་འདོད་ཅེས་སྙམ་པ་ལ། བརྫུན་མིན་བདེན་མིན་དེ་བཞིན་དུ་ཞེས་བྱ་བ་གསུངས་ཏེ། བདེན་མིན་ཞེས་བྱ ་བ་ནི་ཀུན་རྫོབ་ཀྱི་བུམ་པ་ལྟ་བུའོ།། བརྫུན་མིན་ཞེས་བྱ་བ་ནི་རི་བོང་གི་རྭ་ལ་སོགས་པ་ལྟ་བུ་སྟེ། དེ་བཞིན་དུ་དོར་བར་བྱ་བ་དང་། བླང་བར་བྱ་བ་མ་ཡིན་པའོ།། འདི་ལྟ་བུའི་དངོས་པོ་ནི་ཇི་ལྟ་བུར་འདོད་ཅེས་སྙམ་པ་ལ། ཐམས་ཅད་ཆུ་ཡི་ཟླ་བ ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་ཅེས་བྱ་བ་འདི་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམས་ཆུའི་ཟླ་བ་ལྟ་བུ་སྟེ། ཕྱོགས་གཅིག་པ་ཙམ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ།། གལ་ཏེ་ཡང་ངེས་པར་དངོས་པོ་རྣམས་ཀྱི་རང་བཞིན ་ནི་འབྱུང་བ་མ་ཡིན་ནོ་ཞེ་ན། དེའི་ཕྱིར་རང་བཞིན་མེད་པའི་ཡང་དངོས་པོ་རྣམས་ཀྱི་འབྱུང་བ་ཡང་དཔེས་བསྟན་པར་བྱས་ནས་བསྟན་པའི་ཕྱིར། གཙུབ་ཤིང་དང་གཙུབ་སྟན་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་མེ་འདི་ནི་གཙུབ་ཤིང ་དང་གཙུབ་སྟན་གྱི་རྐྱེན་ལས་བྱུང་བ་དེ་བཞིན་དུ་ཕུང་པོ་ལ་སོགས་པ་འདི་ནི་མ་རིག་པའི་རྒྱུ་དང་འདུ་བྱེད་ལ་སོགས་པའི་རྐྱེན་རྙེད་པས་ཡང་དག་པར་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། རྐྱེན་གྱིས་འབྱུང་བའི་དངོས་པོ་རྣམས་ཀྱི་རང་བཞིན་གྱི་སངས ་རྒྱས་ཀྱི་བྱིན་གྱིས་བརླབས་པའི་རིམ་པ། བཟའ་བཏུང་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། བྱིན་གྱིས་བརླབས་པའི་དམ་ཚིག་ནི་བདུད་རྩི་ལྔ་དང་། བུ་རམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བུ་རམ་ནི་ཁྲག་གི་ཁམས་སོ།། ཆང་ནི ་རི་ལས་སྐྱེས་པའོ།། དུག་ནི་དྲིའི་ལོ་མའོ།། ནིམ་པ་ནི་པགས་པའོ།། བུ་བཙས་སྐྱེས་ནི་དྲིའོ།། སྦྱར་བ་ནི་མེ་ཏོག་གོ།། མངར་བ་ནི་ཆུའོ།། བསྐ་བ་ནི་ཤའོ།། ཁ་བ་ནི་ཀུན་ཏུ་རུ།། ལན་ཚྭ་ནི་ཚིལ་ལོ།། ཚ་བ་ནི་ན་ཛམ་མོ།། དྲི་ང་བ་ན་དྲོའི་མར་ཁུམ། ་དྲི་ཞིམ་པ་ནི་དམ་ཤ་ཀ་ར་ཛའོ།། མཆི་མ་ནི་རྒྱ་མཚོ་ལས་སྐྱེས་པའོ།། ཁྲག་ནི་ཁ་བའི་སྙིང་པོའོ།། བྱང་ཆུབ་སེམས་ཀྱིས་ཞེས་བྱ་བ་ནི་ག་པུར་གྱིས་སོ།། རྣལ་འབྱོར་མ་རྣམས་ཀྱི་གསང་བའི་རྫས་བཤད་པ་དང་། ཤ་ལ་སོགས་པ་ལྔར་གྱུར་པའོ།། ་དེ་ལྟར་བཅུད་ཀྱི་ལེན་དུ་བརྗོད་པའི་རྫས་རྣམས་ཀྱི་ཁམས་བསྡུས་པས་དམ་ཚིག་ཅན་རྣམས་ལ། དམ་ཚིག་ཅན་རྣམས་ཀྱི་དམ་ཚིག་གི་བརྡ་དེས་སྨྲ་བའོ།། སློབ་དཔོན་མཁས་པ་དཔལ་སྦྱང་དཀའ་བའི་ཟླ་བས་མཛད་པ། ཀཽ་མུ་དི་ཞེས་བྱ་བའི་དཀའ ་འགྲེལ་ལས། རྒྱུད་ཐམས་ཅད་ཀྱི་གླེང་གཞི་ཞེས་བྱ་བའི་ལེའུ་སྟེ་གསུམ་པའོ།། །། རྒྱུད་ཐམས་ཅད་ཀྱི་གླེང་གཞིའི་ལེའུར་ཁྱད་པར་མང་པོར་རྟོགས་པ་རྣམས་ཀྱི་དབང་ཅུང་ཟད་མ་རྟོགས་པ་རྟོགས་པར་བྱ་བའི་ཕྱིར་ལེའུ་བཞི་པ་གསུངས ་ཏེ། དེ་ནས་རྡོ་རྗེ་སྙིང་པོ་ལ་སོགས་ཞེས་བྱ་བ་ལ་སོགས་པ་ལ། ཐམས་ཅད་ཀྱི་ཞེས་བྱ་བ་ལ་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྡོ་རྗེ་རྣམས་ནི་མཁའ་འགྲོ་མ་ནི་རྡོ་རྗེ་མཁའ་འགྲོ་མ་སྟེ། སྤྱན་ལ་སོགས་པ་སངས་རྒྱས་ལྔའི་བཙུན་མོ་རྣམས་སོ།། ་ཐེ་ཚོམ་དུ་གྱུར་ཅེས་བྱ་བ་ནི་སོམ་ཉིར་གྱུར་པའོ།། ཡིད་གཉིས་ནི་དེའི་ཐེ་ཚོམ་མ་བཅད་པའི་ཕྱིར་ཡིད་གཉིས་ཉིད་དུ་གྱུར་པས་བཅོམ་ལྡན་འདས་ལ་ཐེ་ཚོམ་གྱི་ཚིག་བདུན་ཞུས་པ་ནི་སྤྱོད་པའི་ལོའུ་ལས་གང་བཤད་པ་ཞེས་བྱ་བ་ལ་སོགས་པའོ།། ་དེ་ནས་རེ་ཞིག་བཅོམ་ལྡན་འདས་ཀྱིས་གླུ་བཀའ་སྩལ་པ། ཀཽ་ལླ་ཨ་རེཊྛི་ཨ་བོ་ལ་ཞེས་བྱ་བ་ལ་སོགས་པ་ལ། ཀོལླ་ཨི་རེ་ཞེས་བྱ་བ་ནི་ཀི་ལ་ག་ར་སྟེ་འོག་གི་གནས་སུའོ།། མུ་སྱཱ་ནཱི་རེ་ཀཀྐོ་ལ་ཞེས་བྱ་བ་ནི་མུམྦུ་རུ ་སྟེ་དེ་བཞིན་དུ་ཞིང་ལའོ།། གྷ་ཎ་ན་ཞེས་བྱ་བ་ནི་རྒྱུན་གྱིས་སོ།། ཀྲི་པི་ཊ་ཧོ་ཞེས་བྱ་བ་ནི་ཅང་ཏེའུ་སྟེ། ཆར་འབེབས་པར་བྱེད་པའོ།། བཛྲཱ་ཨི་ཞེས་བྱ་བ་ནི་དྲུང་བར་བྱེད་པ་དང་། སྒྲ་བྱེད་པའོ།། ཀཱ་རུ་ཎི་ཞེས་བྱ་བ་ནི་སྙིང་རྗེས་སོ།། ཀ་ཨ་ཨི་ཎ་ཞེས ་བྱ་བ་མི་བྱེད་པའོ།། རོ་ལཱ་ཞེས་བྱ་བ་ནི་རྩོད་པ་སྟེ་བརྡེག་པ་དང་ཐལ་ལྕག་དང་། སྒྲ་ལ་སོགས་པ་འདི་ལས་ཀུན་ནོ།། ཏཽ་ཧི་ཞེས་བྱ་བ་ནི་ངི་ལ། པ་ལ་ཞེས་བྱ་བ་ནི་ཤའོ།། མ་ཨ་ནཱ་ཞེས་བྱ་བ་ནི་ཆང་སྟེ། བྱང་ཆུབ་ཀྱི་སེམས་སྒྲུབ་པར་བྱེད་པའི་རིམ ་གྲོ་བྱེད་པོའོ།། ཁཛྫ་ཨི་པི་ཛ་ཨ་ཞེས་བྱ་བ་ནི་ཟ་བར་བྱེད་པ་དང་འཐུང་བར་བྱེད་པའོ།། ལྷག་མ་ནི་དགོངས་པའོ།། ཧེ་རུ་ཀའི་གཟུགས་ཀྱིས་གར་ཞེས་བྱ་བ་ལ། གར་ནི་རོལ་མོ་སྟེ། བསྒྲུབ་པར་བྱ་བ་དངོས་གྲུབ་ཀྱི་ཕྱིར་བྱེད་པའོ།། ཧེ་རུ་ཀའི་གཟུགས ་ནི་གསུམ་སྟེ། བསྐྱེད་པའི་ངོ་བོ་དང་། རྫོགས་པའི་ངོ་བོ་དང་། ལྷན་ཅིག་སྐྱེས་པའི་ངོ་བོ་སྟེ། དང་པོར་བསྐྱེད་པའི་ངོ་བོའོ།། དབུས་སུ་ནི་རྫོགས་པའི་ངོ་བོའོ།། མཐར་ནི་ཡོངས་སུ་རྫོགས་པའི་ངོ་བོའོ།། ཧེ་རུ་ཀའི་གཟུགས་ཀྱིས་ཞེས་བྱ་བ་ནི་གསུམ ་གྱི་དབྱེ་བས་སོ།། དྲན་པ་མི་འཕྲོགས་ཤེས་བྱ་བ་ནི་འདི་ལས་དྲན་པ་མ་བཅོམ་པའོ།། དེའི་རྣལ་འབྱོར་ཅེས་བྱ་བ་ནི་དེའི་རྣམ་པར་བྱས་པའོ།། འདོད་ཆགས་སེམས་ཀྱིས་བསྒོམ་པ་ཉིད་ཅེས་བྱ་བ་ལ། སྒོམ་པ་ནི་དེ་ཁོ་ན་སེམས་པ་སྟེ་བསྒོམ ་པར་བྱ་བ་དང་། སྒོམ་པ་པོ་དང་། སྒོམ་པ་གསུམ་གྱིས་མི་དམིགས་པའོ།། དེ་ལ་དབང་དུ་གྱུར་པས་འདོད་ཆགས་སེམས་ཀྱིས་བསྒོམ་པ་ཉིད་དོ།། ཆགས་བྲལ་མིན་ཞེས་བྱ་བ་ནི་ཉེ་བར་མ་ཞི་བའོ།། གོམས་ཞེས་བྱ་བ་ནི་དེ་ཁོ་ན་སེམས་པའོ།། ། ་གང་གི་སེམས་ལ་དེ་ཆགས་པ་དང་བྲལ་བ་མ་ཡིན་པ་གོམས་པའི་སེམས་ཀྱིས་རྣལ་འབྱོར་པ་བམ་རྣལ་འབྱོར་མ་རྣམས་ཀྱིས་སོ།། གླུ་དང་གར་གྱི་དུས་སུ་རྣལ་འབྱོར་པ་རྣམས་ཀྱི་རྣལ་འབྱོར་ནི། རྡོ་རྗེ་ཆོས་དང་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། རྡོ་རྗེ་ཆོས་ནི་གསུང་གི་རྡོ་རྗེ་སྟེ། དེའི་རྣམ་པར་གྱུར་པའི་རྣལ་འབྱོར་པ་རྣམས་ནི་རྡོ་རྗེ་ཆོས་ཏེ་དེ་རྣམས་ཀྱིས་བླང་བར་བྱའོ།། སངས་རྒྱས་ནི་རྣམ་པར་སྣང་མཛད་དེ། དེའི་རྣལ་འབྱོར་དང་ལྡན་པས་སངས་རྒྱས་ཏེ། དེ་རྣམས ་ཀྱིས་གར་བྱའོ།། གར་དང་གླུ་དག་གིས་དགོས་པ་གསུངས་པ། འདི་ཉིད་ཀྱིས་ནི་ཚོགས་བསྲུང་ཞིང་ཞེས་བྱ་བ་ལ་སོགས་པའོ།། བྱིན་གྱིས་བརླབས་པ་གསུངས་པ། ཚོགས་ཀྱིས་བདག་པོ་ཞེས་བྱ་བ་ལ་སོགས་པ་ལ། ཚོགས་ཀྱི་བདག་པོ ་ནི་འཁོར་ལོའི་གཙོ་བོ་དང་། ཚོགས་ཀྱི་བླ་མ་སྟེ། དེ་གཙོར་བྱས་པའོ།། གླུ་དང་གར་གྱིས་ཞུས་པ་དང་ལན་གཉིས་བརྗོད་ནས། ཕྱག་རྒྱ་བྱ་བ་དང་། ཕྱག་རྒྱ་དག་གི་ལན་གཉིས་ནི། ཕྱག་རྒྱ་རྟགས་དང་མཚན་མ་སྟེ། ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། ཕྱག་རྒྱ་ནི་མཚན་མ་སྟེ། འདིས་ཕྱག་རྒྱས་འདེབས་པའི་ཕྱིར་རོ།། རིགས་ནི་རྒྱལ་བས་མཚན་པའོ།། ཕྱག་རྒྱས་བདེབས་པའི་ཕྱིར་ཕྱག་རྒྱ་བྱ་བ་ནི་འབྲས་བུ་རྣལ་འབྱོར་མའི་འཁོར་ལོའོ།། བསྒོམ་པར་བྱ་བ ་རྣལ་འབྱོར་མའི་འཁོར་ལོ་དེ་འབའ་ཞིག་མངོན་དུ་འགྱུར་ན། ཕྱག་རྒྱ་འདིས་ཅི་ཞིག་བྱ་ཞེས་དོགས་པ་ལ། རིགས་འཆོལ་བསྒོམ་པའི་སྦྱོར་བ་ལས། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིགས་འཆོལ ་ཞེས་བྱ་བ་ནི། རིགས་འཁྲུགས་པ་དང་། རིགས་ལ་བལྟོས་པ་མེད་པའོ།། དེའི་བསྒོམ་པ་ནི་རིགས་འཆོལ་བའི་སྒོམ་པའོ།། དེའི་སྦྱོར་བ་ནི་རིགས་དང་རྒྱལ་བ་སྟོང་པའི་ལྷ་ཉིད་ཀྱི་སྒོམ་པའི་སྦྱོར་བ་སྟེ། དེའི་ཕྱིར་རིགས་འཆོལ ་བསྒོམ་པའི་སྦྱོར་བ་ལས་སོ།། དངོས་གྲུབ་མེད་ཅིང་ཞེས་བྱ་བ་ལ་རིགས་སྟོང་པ་ཉིད་ཀྱི་ཕྱིར་གཟུགས་བརྙན་ལ་སོགས་པ་ལྟ་བུའི་རྣམ་པ་མངོན་དུ་བྱེད་པའོ།། སྒྲུབ་པ་པོའང་མེད་ཅེས་བྱ་བ་ནི་རང་གི་རིགས་ངེས་པ་མེད་པ་ནི་ཕྱིར་བསྒྲུབ ་པར་བྱ་བ་མི་ཤེས་པའོ།། གང་གིས་ས་བོན་ས་བོན་ཅི་ཞེས་བྱ་བ་ནི་ལན་འདིར་གསུངས་པ། ཨཱ་ལིའི་དང་པོ་བདག་མེད་མ་ཞེས་བྱ་བ་ལ་སོགས་པའོ།། ལྷག་མ་རྩེ་རྣམ་པར་དག་པའི་ཞུས་པ་དང་ལན་ནི། རྩ་ནི་གཉིས་གཉིས་རྣལ ་འབྱོར་མ། རེ་རེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི། རྩ་སུམ་ཅུ་རྩ་གཉིས་པོ་རྣམས་ཀྱི་གོ་རིམས་བཞིན་དུ་རྩ་གཉིས་གཉིས་ནི་རྣལ་འབྱོར་མ་རྡོ་རྗེ་མ་ལ་སོགས་པ་རེ་རེའོ།། དེའི་ཆ་གཙོ་མོ་དང་གཞན་གྱི་བྱེ་བྲག་གང་ཡིན་ཞེ ་ན། གཙོ་མོའི་ཁྱད་པར་གསུངས་པ། རྐྱང་མ་དང་རོ་མ་ཞེས་བྱ་བ་ལ་སོགས་པ་ན། རྐྱང་མ་དང་རོ་མ་ཀུན་དར་མ་སྟེ། རྩ་གསུམ་ནི་བདག་མེད་མའོ།། དེ་ལྟར་ན་ཡང་སུམ་ཅུ་རྩ་གཉིས་མ་བསྡུས་པར་འགྱུར་རོ་ཞེས་དོགས ་པ་ལ། འབད་པ་ཀུན་གྱི་ལྷག་མ་སྦྱང་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཡང་གང་གཱ་ཕྱིར་དེ་སྤང་བར་བྱ་བའི་ཕྱིར་གཏན་ཚོགས་ནི། གང་ཕྱིར་བཅུ་དྲུག་ཆུ་མེད་པས་ཞེས་བྱ་བ་གསུངས་སོ།། གཏན་ཚིགས་འདྲ་ནི་འགལ ་བ་སྟེ། བཅུ་དྲུག་གི་ཆ་ཡོད་པ་ཉིད་དོ།། གཞན་དུ་ན་འབད་པས་ཀུན་གྱི་ལྷག་མ་སྤང་ཞེས་ཡོངས་སུ་སྦྱང་བའི་ཚིག་འཐུད་པར་འགྱུར། གསུངས་པོའི་རིམ་པས་ཡོད་པ་ཉིད་དུ་གྲུབ་པའང་ཆ་ལྷག་མའི་ཡོད་པ་མ་ཡིན་པ་ཉིད་ཀྱི་གཏན ་ཚིགས་ནི། དོན་གྱི་བྱ་བ་མི་བྱེད་ཕྱིར་ཞེས་གསུངས་ཏེ། དོན་ཞེས་བྱ་བ་ནི་དགོས་པ་སྟེ་དངོས་པོའི་བྱ་བའོ།། དེའི་བྱ་བ་ནི་དེའི་སྐྱེད་པའོ།། དེའི་ཕྱིར་ངེས་པར་དངོས་པོར་འཛིན་པ་ཉེ་བར་གཅོད་པའི་མཚན་ཉིད་ཀྱི་བཅུ་དྲུག་གི་ཆ་ལ་ཡོད་པ། ་མ་ཡིན་པས། བཅུ་དྲུག་གི་ཆ་མོད་དོ་ཞེས་གསུངས་ཏེ། ཇི་ལྟར་བུ་ཡོད་ཀྱང་བུའི་བྱ་བ་མི་བྱེད་པའི་ཕྱིར་བུ་མེད་དོ་ཞེས་བྱ་བ་ལྟ་བུའོ།། དེའི་ཕྱིར་བཅོ་ལྔའི་ཆ་ཉིད་དུ་གྲུབ་ཅིང་། བཅུ་དྲུག་མ་ཡིན་པ་དེ་ཉིད་གསལ་བར་བྱ་བའི་ཕྱིར། ཟླ་བ ་བྱང་ཆུབ་སེམས་སུ་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། འདིས་ནི་བྱང་ཆུབ་ཀྱི་སེམས་ཀྱི་རང་གི་ངོ་བོས་རྟོགས་ནས། རྡོ་རྗེ་སྙིང་པོས་གསོལ་པ། ག་ཟུར་དྲིས་པར་ཅིས་མི་སྤང་། ཞེས་བྱ་བ་ལ་སོགས་པ་ལོ། ཙོས་ཞེས་བྱ ་བ་ནི་མགོ་སྤྲུག་པའོ།། མི་ཞེས་བྱ་བ་ནི་ག་པུར་ཉིད་མི་སྤོང་བ་སྟེ། གསུངས་པ་དང་འཆད་པར་འགྱུར་བའི་ཡོན་ཏན་གྱི་ཁྱད་པར་དུ་འཕགས་པ་ནི་བསྟེན་པར་བྱ་བ་ཉིད་དོ་ཞེས་བྱ་བར་དགོངས་པའོ།། བྱང་ཆུབ་ཀྱི་སེམས་བསྐྱེད་པའི་རྒྱུ་ནི། ་དཀྱིལ་འཁོར་འཁོར་ལོའི་ཐབས་དང་ནི།། རང་བྱིན་གྱིས་བརླབས་པའི་རིམ་པས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཅི་བྱང་ཆུབ་ཀྱི་སེམས་གཅིག་པུ་ཉིད་འདི་བསྐྱེད་པའི་ཕྱིར་རྒྱུ་གཉིས་སོ་ཞེས་བྱ་བར་དོགས་པ་ལ། ་བྱང་ཆུབ་ཀྱི་སེམས་ཀྱང་རྣམ་པ་གཉིས་སུ་བསྟན་པར་བྱ་བའི་ཕྱིར། ཀུན་རྫོབ་དོན་དམ་གཟུགས་ཅན་གྱི་ཞེས་གསུངས་ཏེ། རྒྱུ་སྔ་མས་ནི་ཀུན་རྫོབ་དང་རང་བྱིན་གྱིས་བརླབས་པས་ནི་དོན་དམ་པའི་ཕྱིར་གཉིས་ཀྱི་རྒྱུ་གཉིས་སོ།། སྲིད་པ་དང་མྱ་ངན་ལས ་འདས་པའི་རྒྱུར་བྱང་ཆུབ་ཀྱི་སེམས་གནས་པའི་ཕྱིར་ཉེ་བར་བསྡུས་ནས། འདི་ཉིད་འཁོར་བ་ཞེས་བྱ་སྟེ། འདི་ཉིད་མྱ་ངན་འདས་པ་ཉིད། ཅེས་བྱ་བ་ལ་སོགས་པ་གསུངས་སོ།། གང་གི་ཕྱིར་སྲིད་པ་དང་མྱ་ངན་ལས་འདས་པ་ཐུན་མོང་གི་རྒྱུ་བྱང ་ཆུབ་ཀྱི་སེམས་འདི་སྲིད་པ་དང་མྱ་ངན་ལས་འདས་པ་ཡང་ཐ་མི་དད་པའི་མཚན་ཉིད་ཅེས་བྱ་བ་ཡིན་པར། འཁོར་བ་སྤངས་ནས་གཞན་དུ་ནི།། མྱ་ངན་འདས་པ་རྟོགས་མི་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། འཁོར་བར་འགྱུར་བས་ན ་འཁོར་བའོ།། དེ་དང་འགལ་བ་ནི་མྱ་ངན་ལས་འདས་པ་སྟེ། འཁོར་བ་མ་ཡིན་པའི་མཚན་ཉིད་དོ།། དེའི་ཕྱིར་ཇི་ལྟར་འཁོར་བ་དང་མྱ་ངན་ལས་འདས་པ་གཅིག་གི་མཚན་ཉིད་ཡིན་ཞེས་དོགས་པ་ལ། འདི་རྣམས་ཆོས་ནི་མྱ་ངན་འདས། ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། ཆོས་གང་ཁོ་ན་མྱ་ངན་ལས་འདས་པར་འགྱུར་བའི་ཆོས་དེ་ཉིད་གཏི་མུག་ལས་འཁོར་བར་འགྱུར་རོ།། དེ་བས་ན་ཆོས་ཉིད་ཀྱིས་སྲིད་པ་དང་མྱ་ངན་ལས་འདས་པ་དག་གི་ཁྱད་པར་ཕྲ་མོ་ཡང་ཡོད་པ་མ་ཡིན་ཏེ། དེ་བས ་ན་ཐར་པ་འདོད་པ་རྣམས་ཀྱིས་ཀྱང་དངོས་པོ་ཡོངས་སུ་སྤང་བར་མི་བྱ་ཞིང་། གཏི་མུག་ཀྱང་རབ་ཏུ་སྤང་བར་མི་བྱ་བ་དེ་ཉིད་རྟོགས་པར་བྱ་བའི་ཕྱིར། རྨོངས་མེད་འཁོར་བ་དག་པས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། བྱང་ཆུབ་ཀྱི་སེམས་བྱུང ་བའི་དགོས་པ་ནི། ངེས་པར་སྟོབས་ནི་འཕེལ་བའི་ཕྱིར། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྟོབས་ནི་དཔུང་སྟེ། སྲིད་པ་ལས་རྣམ་པར་རྒྱལ་བའི་ཕྱིར་སྟོབས་སུ་འགྱུར་བ་དང་འཕེལ་བར་འགྱུར་བའོ།། དེ་ནི་བཅུ་སྟེ། གནས་དང་གནས་མ་ཡིན ་པ་མཁྱེན་པའི་སྟོབས་དང་། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང་། སེམས་ཅན་གཞན་གྱི་བསམ་པ་མཁྱེན་པའི་སྟོབས་དང་། འཇིག་རྟེན་གྱི་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང་། སེམས་ཅན་གཞན་གྱི་དབང་པོ་མཁྱེན་པའི ་སྟོབས་དང་། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མཁྱེན་པའི་སྟོབས་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང་། འཆི་འཕོ་དང་འཆི་བ་མཁྱེན་པའི་སྟོབས་དང་། སེམས ་རྣམ་པར་གྲོལ་བ་མཁྱེན་པའི་སྟོབས་དང་། དེའི་སྟོབས་ཀྱིས་འཕེལ་བའི་ཕྱིར་ཞེས་བྱ་བ་ནི་རྒྱས་པ་ཉིད་ཀྱི་ཕྱིར་རོ།། ཅི་གང་ཞིག་ལུས་ཞུ་བའི་བྱང་ཆུབ་ཀྱི་སེམས་འདི་མཆོག་ཏུ་གྱུར་པ་ཡིན་ཞེ་ན། གཔུར་ཉིད་ནི་བདག་མེད་ཅེས་བྱ་བ་ལ་སོགས་བྱ ་གསུངས་ཏེ། བསྐྱོད་པ་ལ་སེམས་དེ་ཉིད་ནི་བདག་མེད་མའོ།། རྫོགས་པ་ལ་ནི་བདག་མེད་མའི་གཟུགས་ཅན་ནོ།། གང་གི་ཕྱིར་འདི་གཉིས་མཆོག་མ་ཡིན་པ་ཉིད་དུ་འགྱུར་ཏེ། དེ་བས་ན་མཆོག་ཏུ་འགྱུར་རོ་ཞེས་བྱ་བར་དགོངས་པའོ།། ཀུན་རྫོབ ་ཀྱི་ག་པུར་ནི། ཤིན་ཏུ་བཞིན་བཟང་ཞེས་བྱ་བ་ལ་སོགས་པའི་མཚན་ཉིད་ལས་ཀྱི་ཕྱག་རྒྱ་གསུངས་ནས། དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱི་ཕྱག་རྒྱ་གང་ཡིན་ཞེ་ན་བསྟན་པའི་ཕྱིར། དེའི་བདེ་བ་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། བདེ་བ་ཞེས་བྱ་བ་ནི་དྲུག་པའི་དོན་ལ་དང་པོའོ།། དོན་དམ་པར་བདེ་བའི་ཤེས་རབ་བཅོམ་ལྡན་འདས་མ་ཕྱག་རྒྱ་ཆེན་པོ་དེའི་གནས་དང་དབྱིབས་ལ་སོགས་པ་གསུངས་པ་སྟེ། ལྟེ་བའི་དཀྱིལ་འཁོར་ཉིད་དུ་ཞེས་བྱ་བ་ལ་སོགས་པའོ།། ་དེ་ལས་སྐྱེས་པའི་རྣལ་འབྱོར་པ་ཞེས་བྱ་བ་ནི། འགྲོ་བ་བསྐྱེད་པའི་ཕྱིར་དེའི་བདེ་བ་ཟ་བའོ།། གང་ཞིག་དེ་དང་ལྷན་ཅིག་གྲུབ་པ་དེ་ཡང་ཕྱག་རྒྱ་ཆེན་པོའོ།། ཇི་ལྟ་བུ་ཞེ་ན། བདེ་བ་སྦྱིན་པ་ཞེས་བྱ་བ་ནི། ཟག་པ་མེད་པའི་མཚན་ཉིད་ཀྱིས་རྟག་པར ་རྒྱུན་མི་འཆད་པར་བདེ་བ་འབབ་པ་མར་མེ་འབར་བ་ལྟ་བུར་འཆད་པ་མི་མཐོང་བའོ།། དྲིས་པ་གང་ཞིག་ངེས་པར་གསུངས་པའི་མཚན་ཉིད་ཀྱི་ཕྱག་རྒྱའི་དངོས་གྲུབ་བདེ་བ་སྦྱིན་པོ་ཞེས་བྱ་བ་འདི་ཐམས་ཅད་ནི་བདེན་པ་མ་ཡིན་ཏེ། ཡུལ་རྣམས ་བདེ་བར་ལོངས་མ་སྤྱད་པས་བདེ་བ་མ་ཡིན་ནོ།། དེའི་དངོས་པོ་མེད་པའི་ཕྱིར་ཇི་ལྟར་བདེ་བ་སྦྱིན་པའི་དངོས་གྲུབ་ཉིད་ཡོད་པ་མ་ཡིན་ནོ་ཞེས་དོགས་པ་ལ། གཟུགས་སྒྲ་དེ་བཞིན་དྲི་དང་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ལ་སོགས ་པའི་ཡུལ་རྣམས་རེ་རེ་ཡང་ཉམས་སུ་མྱོང་བ་རྣམས་ཀྱི་བདེ་བ་སྐྱེ་བར་འགྱུར་ན། བཅོམ་ལྡན་འདས་མ་ཤེས་རབ་ཡུལ་ཐམས་ཅད་ཀྱི་རང་བཞིན་འདི་གང་གི་ཕྱིར་ཉེ་བར་ཟ་བའི་རྣལ་འབྱོར་པ་བདེ་བས་ཕོངས་པར་འགྱུར་བ་གང་ཞིག་ཡིན། དེ ་བས་ན་གསུངས་པ་འགྲུབ་པར་འགྱུར་རོ།། དེ་ཉིད་གསུངས་པ། དེ་ཉིད་ལྷན་ཅིག་སྐྱེས་པའི་གཟུགས། ཞེས་བྱ་བ་ལ་སོགས་པ་ནི་དེ་ལས་གཞན་མ་ཡིན་པས་དངོས་པོ་ཐམས་ཅད་ལ་ང་ཉིད་དེ་ཉིད་ཅེས་གསུངས་སོ།། ཡེ་ཤེས་ལྔ་ནི་ལྷ ་མོའི་འཁོར་ལོ་འབྱུང་བ་ལས་གསུངས་པའི་ཕྱིར་འདིར་མ་བཤད་དོ།། བསྒོམ་པའི་ལམ་ལྷ་མོའི་འཁོར་ལོའི་བསྡུ་བའི་སྡོམ་པ་གསུངས་པ། རྣལ་འབྱོར་མ་ལུས་དབུས་གནས་སུ་ཞེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་མ་ཞེས་བྱ་བ་ནི་གནས ་སྐབས་ཉིད་ཀྱི་ཕྱིར་གསུངས་སོ།། རྣལ་འབྱོར་པའི་ཡང་ལུས་ཀྱི་དབུས་སུ་ཨེའི་རྣམ་པའི་སྡོམ་པ་ཆོས་ཐམས་ཅད་སྡུད་པ་བླ་མའི་མན་ངག་ལས་རིག་པར་བྱ་སྟེ། དེ་ལྟར་ན་ཡང་ཅུང་ཟད་བརྗོད་པར་བྱ་སྟེ། རྡོ་རྗེ་རལློར་པདྨ་སོན་པ་རྣམས།། འདབ ་མ་བརྒྱད་པ་སོ་སོའི་ཕྱོགས་རྣམས་སུ།། ལྔ་བཅུ་ཙམ་དུ་མཉམ་པ་རྣམས་ལས་ནི།། ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་ཡི།། སྡེ་ཚན་བརྒྱད་དུ་གྱུར་པ་རྣམས་སུ་བརྗོད། ཅེས་བྱ་བ་ལ་སོགས་པའོ།། ཇི་ལྟར་ཕྱི་རོལ་དེ་བཞིན་ནང་ཞེས་བྱ་བ་ནི་ཕྱི་རོལ ་དང་ནང་གི་ཁྱད་པར་མེད་པའི་ཕྱིར་རོ།། གལ་ཏེ་དེ་ལྟར་ན་སྡོམ་པ་དེ་ཉིད་དེའི་ཚེ། ཤེས་རབ་ནི་གང་ཡིན་ཐབས་ནི་གང་ཡིན་ཞེས་དོགས་པ་ལ། བོ་ལའི་བདེ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བོ་ལ་ནི་བྱང་ཆུབ་ཀྱི་སེམས་འབབ་པའི ་རྩའི་ཁར། བདེ་བ་ནི་བདེ་བ་ཕུན་སུམ་ཚོགས་པ་སྟེ། ཕྱག་རྒྱ་ཆེན་པོའོ།། རྡོ་རྗེའི་སྐྱེ་མཆེད་ཅེས་བྱ་བ་ལ། རྡོ་རྗེ་ནི་མི་ཕྱེད་པ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་སོ།། དེའི་སྐབས་འབྱེད་པ་དང་། བསྐྱེད་པ་ནི་གང་དུ་རྡོ་རྗེའི་སྐྱེ་མཆེད་དེ་གསུངས ་པའི་སྡོམ་པ་ནི་ཐབས་ཏེ། དེའི་ཕྱིར་འདི་གཉིས་ནི་གསང་བའོ།། འདི་དག་གི་སྙོམས་པར་འཇུག་པ་ནི་དེའི་བདག་ཉིད་ཀྱི་གནས་སོ།། འདིས་ནི་གསང་བའི་སྙོམས་འཇུག་པས། ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་དངོས ་གྲུབ་ལའོ།། ཕྱི་རོལ་གཉིས་གཉིས་བསྟན་པ་མེད་ཅེས་བྱ་བ་ལ་ཕྱི་རོལ་ནི་ཐབས་དང་ཤེས་རབ་དག་གིས་སོ།། གཉིས་གཉིས་ནི་ཕྱི་རོལ་གྱི་གཉིས་གཉིས་སོ།། བསྟན་པ་མེད་ཅེས་བྱ་བ་ནི་དེ་འདིར་ཉེ་བར་མཚོན་པའི་དགོས་པ་ཡིན་པའི་ཕྱིར་རོ།། ། ་ལྷའི་འཁོར་ལོ་ཡང་ཕྱི་རོལ་གྱི་གཉིས་གཉིས་ལྟ་བུར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་ཕྱི་རོལ་ཞེས་བྱ་བ་ཉེ་བར་བསྟན་པའི་ཕྱིར། ནང་གི་སྐུ་གསུམ་གྱི་དབང་དུ་མཛད་ནས་འཁོར་ལོ་བཞི་གསུངས་པ། སྐུ་གསུམ་ལུས་ཀྱི་ནང་དུ་ནི། ཞེས་བྱ་བ་ལ་སོགས ་པའོ།། སྐུ་གསུམ་ནི། སྐུ་དང་གསུང་དང་། ཐུགས་རྣམས་ཏེ། དེའི་དབྱེ་བ་ལས་འཁོར་ལོ་གསུམ་དུ་རིགས་ན། བཞི་པ་ཡང་རའི་རེའུ་གསུམ་པ་ལྟ་བུར་ཕྱི་རོལ་དུ་འཁོར་བར་འགྱུར་རོ་ཞེས་དོགས་པ་ལ། སྐུ་གསུམ་ཡོངས་སུ་ཤེས་པ ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སྐུ་གསུམ་ཡོངས་སུ་ཤེས་པར་བྱེད་པའི་ཕྱིར་སྐུ་གསུམ་ཐ་མི་དད་པར་ཡོངས་སུ་ཤེས་པ་སྟེ། བཞི་པོ་བདེ་བ་ཆེན་པོའི་འཁོར་ལོའོ།། ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་དང་། ་བདེ་བ་ཆེན་པོ་འདི་ནི་འཁོར་ལོ་བཞིའོ།། གང་དུ་བལྟ་བར་བྱ་ཞེས་དོགས་པ་ལ། སྐྱེ་གནས་སྙིང་མགྲིན་མགོ་བོར་ཡང་། ཞེས་བྱ་བ་ལ་སོགས་པ་གསུངས་སོ།། འཁོར་རྣམས་ནི་བཞི་ཡིན་དུ་ཟིན་ཀྱང་། ཡང་སྐུ་གསུམ་ཉིད་ཀྱི་ཚིག ་ནི་མེད་དོ་ཞེ་ན། བསྟན་པའི་ཕྱིར་སྐུ་གསུམ་པོ་ནི་རྣམ་པར་གནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། གནས་བཞི་པོ་རྣམས་ཀྱི་གནས་གང་དུ། གང་ཇི་ལྟ་བུར་ཞེས་དོགས་པ་ལ། མ་ལུས་པ་ཡི་སེམས་ཅན་གྱི་ཞེས་བྱ་བ་ལ་སོགས ་པ་གསུངས་སོ།། ཉེ་བར་བསྟན་པའི་འཁོར་ལོ་རྣམས་ཀྱི་དགོས་པའང་རྣམ་པ་སྟེ། ཨེ་བཾ་རྣམ་པར་རྒྱུ་མཐུན་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་སོ།། གལ་ཏེ་དེ་སྐད་དུ་འཁོར་ལོ་རྣམས་ཀྱི་འབྲས་བུ་ངེས་པ་འདི་རྣམས་དེའི་ཕྱིར་ཇི་ལྟར་བརྟག ་པ་ཉིད་དུ་འབྱུང་བར་མི་འགྱུར་ཞེས་དོགས་པ་ལ། ལས་ལ་བཅོམ་ལྡན་ཤེས་རབ་སྤྱོད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ལས་ལ་སྤྱོད་པ་ནི་ལས་ཀྱིས་བསྐུལ་བའི་མཚན་ཉིད་ཉམས་སུ་མྱོང་བ་སྟེ། ཟོས་པའོ། དེ་ངེས་པར་གཉིས་སུ ་མེད་པའི་ངོ་བོ་བདེ་བ་ཆེན་པོའི་རང་བཞིན་ཡིན་ན་ཇི་ལྟར་ལས་ལ་སྤྱོད་ཅེས་དོགས་པ་ལ།། ལས་ཀྱི་རླུང་གིས་བསྐུལ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལས་ཀྱི་ཕྱིར་ནི་བྱ་བའི་ཕྱིར་རོ།། རླུང་ནི་ལས་ཀྱི་རླུང་ངོ་།། དེས་བསྐུལ་བ་ནི་ལས ་ཀྱི་རླུང་གིས་བསྐུལ་བའོ།། གང་ལས་ཀྱི་རླུང་གིས་གང་དུ་བཅོམ་ལྡན་འདས་མ་དེ་ཇི་ལྟར་བསྐུལ་བར་བྱ་ཞེས་དོགས་པ་ལ། རྒྱུད་གཞན་དུ་གསུངས་པས་ལས་ཀྱི་རླུང་རྟོགས་པར་བྱའོ།། འདི་ལྟ་སྟེ། ལས་ཀྱིས་རླུང་གིས་ལས་བྱེད་པ།། སུམ ་མདོའི་གནས་སུ་ཡང་དག་གནས་ཞེས་བྱ་བ་ལ་སོགས་པའོ།། ལས་ཀྱི་འབྲས་བུ་གསུངས་པ། ཇི་ལྟར་བྱས་པ་དེ་བཞིན་སྤྱད། ཅེས་བྱ་བ་ལ་སོགས་པ་ཇི་ལྟར་ཞེས་བྱ་བ་ནི་ཇི་ལྟ་བུ་སྟེ་སྲིད་པའི་རྒྱུར་གྱུར་པ་འམ། ཞི་བའི་རྒྱུར་གྱུར་པའོ།། ་བྱས་པ་ནི་བསྐུལ་བའི་མཚན་ཉིད་དེ་ལས་སོ།། དེ་བཞིན་ནི་དེ་ལྟ་བུའོ།། སྤྱོང་པ་ནི་ཉམས་སུ་མྱོང་བ་སྟེ། སྙིང་པ་གཞན་དང་གཞན་དུ་འམ། སྲིད་པ་ཟད་པའོ།། རྒྱུ་མཐུན་ཞེས་བྱ་བ་ནི་ཡུལ་དང་ཡུལ་ཅན་དབང་དུ་བྱེད ་པའོ།། རྣམ་པར་སྨིན་པ་དེ་ལས་བཟློག་ཅེས་བྱ་བ་ནི། དེ་ལས་གཞན་པ་ཉིད་དེ་མཐའ་ཡས་པ་ཉེ་བར་ལོངས་མ་སྦྱང་པའི་ལས་ལས་ཆེན་པོ་ཡང་དག་པར་འབྱུང་བའི་རང་བཞིན་ནོ།། རྣལ་འབྱོར་དག་ཕྱིར་དྲི་མེད་ཉིད་ཅེས་བྱ་བ་ལ། དྲི་མེད་ཉིད་ཅེས་བྱ་བ་ནི ་འདོད་ཆགས་ལས་རྣམ་པར་གྲོལ་བའོ།། རྣལ་འབྱོར་ནི་སྙོམས་པར་འཇུག་པ་འམ། སྙོམས་པར་ཞུགས་པའོ།། དེའི་དག་པ་ནི་རྣལ་འབྱོར་དག་པ་སྟེ། དེ་ཉིད་འབྲས་བུ་བྱང་ཆུབ་ཏུ་འབྱུང་བའོ།། སྐྱེས་བུ་བྱེད་པ་ནི་སྐྱེས་བུ་བྱས་པ་དང་། སྐྱེས ་བུའི་དོན་ཏེ་བྱང་ཆུབ་བོ།། བསྐྱེད་པ་ནི་བསྒྲུབ་པ་དང་བྱང་ཆུབ་མངོན་དུ་བྱེད་པའོ།། དེ་ཉིད་དཔལ་ཆོས་གྲགས་ཀྱིས་གསུངས་པ། ཡང་དག་པའི་ཤེས་རབ་སྐྱེས་བུའི་དོན་ཐམས་ཅད་འགྲུབ་པའི་སྔོན་དུ་འགྲོ་བ་ཅན་ཡིན་པས་ཞེའོ།། གསུང་བའི་རིམ ་པས་འབྲས་བུ་བཞི་བཤད་པའི་ས་བོན་གསུངས་པ། ལྟེ་བ་སྙིང་མགྲིན་མགོ་བོ་ལ།། འཁོར་ལོར་གནས་པ་རྣམ་པ་བཞི།། པ་ལུ་ཏ་དང་ཆེས་རིང་ཐུང་།། ཆད་པའི་ལས་ཀྱི་དབྱེ་བ་ལས།། པ་ལུ་ཏས་ནི་ཐར་པར་འགྱུར།། རིང་པོས་རྒྱས་པར་རབ་སྦྱིན ་བརྗོད།། ཐུང་ངུས་ཀྱང་ནི་དབང་དུ་འགྱུར།། ཆད་པ་ཡིས་ནི་འཆི་བར་འགྱུར། འཆི་བ་ནི་དབང་པོ་དང་ཡུལ་བྲལ་བ་ཡང་དག་པའི་ཡེ་ཤེས་གྲུབ་པ་གཉིས་མ་ཡིན་པ་གཅིག་པུ་བདེ་བ་ཙམ་ཞེས་བྱ་བ་ཇི་སྙེད་པའོ།། གནས་པ་ཞེས་བྱ་བ་ནི་དབྱུ་གུ་དྲུག ་ཅུ་རྩ་བཞི་གནས་པའི་ཚུལ་ཏེ་དེ་གང་ལ་ཡོད་པ་དེ་ནི་གནས་བརྟན་པའི་སྡེའོ།། སྤྲུལ་པ་འདིར་ཆོས་ཐམས་ཅད་སྤྲུལ་པ་དང་། སྐྱེད་པར་བྱེད་པའི་འོག་གི་འཁོར་ལོའོ།། དེ་ལ་དེའི་ཆོས་ཀྱི་སྤྲུལ་པའི་འཁོར་ལོར་གནས་བརྟན་ནོ།། ཐམས་ཅད་ཀྱི་སྒྲས ་ནི་ཕུང་པོ་དང་སྐྱེ་མཆེད་དང་ཁམས་ཀྱི་ཆོས་རྣམས་བརྗོད་དོ།། ཐམས་ཅད་ཡོད་པར་སྨྲ་བ་དེ་ནི་ཐམས་ཅད་ཡོད་པར་སྨྲ་བ་སྟེ། གསུངས་པའི་ཆོས་སེམས་ཀྱི་འཁོར་ཐམས་ཅད་ཡོད་པར་སྨྲ་བའོ།། དེ་ལས་ཆོས་འབྱུང་བའི་ཕྱིར་ཆོས་ཀྱི་འཁོར་ལོ་ལ་ཐམས ་ཅད་ཡོད་པར་སྨྲ་བའོ།། ཀུན་རིག་ཅེས་བྱ་བ་ནི་རོ་རྣམས་ཀུན་རིག་པ་སྟེ། དེ་འདི་ལ་ཡོད་པའི་ཕྱིར་ཀུན་གྱིས་བཀུར་བའོ།། རོ་མྱང་བར་འགྱུར་བས་མགྲིན་པར་ཀུན་གྱིས་བཀུར་བའོ།། དགེ་འདུན་ནི་འཁོར་ལོ་གསུམ་དུ་གནས་པའི་ལྷ་རྣམས་ཀྱི་ཚོགས ་སམ་སྐུ་གསུམ་མོ།། ཆ་ཞེས་བྱ་བ་ནི་ཉོན་མོངས་པ་ལ་སོགས་པའི་དྲི་མ་ཅན་མ་ཡིན་པའི་ཕྱིར་རོ།། དེ་འདི་ལ་ཡོད་པའི་ཕྱིར་དགེ་འདུན་པལ་ཆེན་ཏེ་བདེ་བ་ཆེན་པོའི་གནས་ཀྱིས་བདེ་བ་ཆེན་པོའི་འཁོར་ལོར་ནི་དགེ་འདུན་ཕལ་ཆེན་ནི་བདེ་བ་ཞེས་བྱ་བ། ་འདིའི་དོན་གང་ཡིན་ཞེས་སྙམ་པ་ལ། བདེ་བ་ཞེས་བྱ་སྐུ་རུ་བརྗོད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུའི་དོན་ནི་བདེ་བ་ཞེས་བྱ་བའི་དོན་ཏོ།། བཟླ་བ་བཅུ་ཡང་ས་རྣམས་ཡིན།། སེམས་ཅན་ས་བཅུའི་དབང་ཕྱུག་གོ་ཞེས་བྱ་བའི་མཐར་ཐུག་པས ་སྡོམ་པ་སྔོན་བཤད་པ་མ་ཐོས་པས་ངོ་མཚར་བར་བྱེད་པའི་སྡོམ་པ་རྟོགས་པར་བྱེད་པའི་ཚིག་ཉེ་བར་ཐོས་ནས། ལྷ་མོ་རྣམས་ཁ་ཅིག་ནི་བརྒྱལ་བ་དང་ཁ་ཅིག་ནི་མགུ་བ་དང་། ཁ་ཅིག་ནི་ས་ལ་འགྱེལ་བ་དང་། ཁ་ཅིག་ནི་འདར་བར་གྱུར་ཏོ།། ་དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཅན་ཉིད་ཀྱིས་ལྷ་མོ་དེ་རྣམས་སང་པར་བྱ་བའི་ཕྱིར་དོན་ཇི་ལྟ་བར་བསྟོད་པའི་ཚིགས་བཅང་འདིས་བསྟོད་།། དེ་རྣམས་སད་པ་རྣམས་ལ་དེ་ཁོ་ན་གསུངས་པ། སེམས་ཅན་རྣམས ་ནི་སངས་རྒྱས་ཉིད། ཅེས་བྱ་བ་ལ་སོགས་པ་ནི། གོང་དུ་སྡོམ་པ་གསུངས་པས་སངས་རྒྱས་ཀྱི་དངོས་གྲུབ་ཀྱི་རྐྱེན་གྱིས་སེམས་ཅན་རྣམས་ནི་ཐེ་ཚོམ་མེད་པས་སངས་རྒྱས་ཉིད་དོ།། སངས་རྒྱས་མ་ཡིན་པར་ཡང་འདི་ལྟ་བུ་ཉིད་དུ་བསྟན་པའི ་ཕྱིར། འོན་ཀྱང་གློ་བུར་དྲི་མས་བསྒྲིབས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འོན་ཀྱང་ཞེས་བྱ་བ་ནི་ཡིན་མོད་ཀྱི་ཞེས་བྱ་བའོ།། དྲི་མ་ཅན་དུ་བྱེད་པའི་ཕྱིར་དྲི་མ་རྣམས་ནི་བག་ཆགས་ཀྱི་ས་བོན་ལས་བྱུང་བའི་མི་ཤེས་པ་རྣམས་སོ།། སེམས ་ཀྱི་རང་བཞིན་མེད་པའི་ཕྱིར་གློ་བུར་རྣམས་སོ།། དེ་རྣམས་ཀྱི་ཐོག་མ་མེད་པའི་སྲིད་པའི་རྒྱུན་གྱི་ཚོགས་ཀྱིས་ཕྱི་རོལ་གྱི་དོན་གྱི་རྣམ་པར་རྟོག་པའི་དྲི་མོས་བསྒྲིབས་པའི་ཕྱིར་སངས་རྒྱས་མ་ཡིན་ནོ།། དེ་ལྟར་ན་སེམས་ཅན་རྣམས་སངས་རྒྱས་ཉིད་དུ་གྲུབ ་པ་ལ་ཡང་གང་དེ་ལ་དྲི་མའི་རྙོག་པས་འཁོར་བར་འགྱུར་ཞིང་སྡུག་བསྔལ་སྣ་ཚོགས་དུ་མ་མྱོང་བར་འགྱུར་བར་དཔེ་བསྟན་པའི་ཕྱིར། བཙན་དུག་ཟོས་པས་བརྒྱལ་བར་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཙན་དུག་ནི་དུག་གོ།། བཙན་དུག་ཟོས ་པ་དེའི་ཟོས་པ་རྣམས་སོ།། བཙན་དུག་ཟོས་པས་ཞེས་བྱ་བ་ནི་དེ་རྣམས་ཀྱིས་སོ།། རྒྱལ་བ་ནི་མྱོས་པར་འགྱུར་བའོ།། མི་ཤེས་ཞེས་བྱ་བ་ནི་ཤེས་པ་མེད་པ་སྟེ། གང་དུག་གི་དེ་ཁོ་ན་མི་རིག་པ་དེ་ནི་བཙན་དུག་ཟོས་པས་བརྒྱལ་བ་དང་། ་མྱོས་པར་འགྱུར་བའོ།། རྨོངས་སྤངས་ཞེས་བྱ་བ་ནི་རྨོངས་པ་སྤངས་པའོ།། གང་དེ་ཁོ་ནའི་ཡིད་དེ་ནི་རྨོངས་སྤངས་དེ་ཉིད་ཡིད་ཀྱིས་ནི་ཞེས་བྱ་བ་ནི། གང་ཡང་དུག་གི་སྐྱོན་དང་རྨོངས་པ་འཇོམས་པའི་དེ་ཁོ་ནའི་ཡིད་ཀྱིས་སོ།། དེ་ཡི་དེ་ཉིད་ཡོངས་སུ ་གཅོད་ཅེས་བྱ་བ་ལ། དེ་ཡི་དེ་ཉིད་ནི་བརྒྱལ་བ་སྟེ་ཡོངས་སུ་གཅོད་པའོ།། ཀྱེའི་རྡོ་རྗེ་ལ་སོགས་པའི་རྒྱུད་ཐོས་པས། རྨོངས་པ་དང་བྲལ་བས། ཡང་དག་པའི་ཡེ་ཤེས་རྣམས་ཉེ་བར་སྐྱེས་པ་སངས་རྒྱས་ཉིད་གྲུབ་པ་ཁོ་ནར་བསྟན་པའི་ཕྱིར། རང་དང ་རང་གི་རྟོག་པ་ལས།། སངས་རྒྱས་མ་ཡིན་སེམས་ཅན་ནི།། གཅིག་ཀྱང་ཡོད་པ་མ་ཡིན་ནོ་ཞེས་གསུངས་ཏེ། རང་དང་རང་གི་ཞེས་བྱ་བ་ནི་བདག་ཉིད་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་བླ་མ་བརྒྱུད་པའི་རིམ་པས་གོམས་པ་ཀྱེའི ་རྡོ་རྗེ་ལ་སོགས་པའི་སློབ་དཔོན་གྱིའོ།། རྟོགས་པ་ནི་ཡང་དག་པར་རྟོགས་ཤིང་ངེས་པར་རྙེད་པ་ལས་ཐེ་ཚོམ་ལྡོག་སྟེ། དེའི་ཕྱིར་རྟོགས་པ་ལས་སོ།། ལྡོག་པས་སངས་རྒྱས་ཉིད་ཀྱི་རྒྱུ་གསུངས་པ། དམྱལ་བ་ཡི་དགས་བྱོལ་སོང་དང་། ཞེས་བྱ ་བ་ལ་སོགས་པའོ།། སངས་རྒྱས་ཉིད་ཀྱི་དངོས་གྲུབ་འཆོལ་བ་རྣམས་ལས་ཉེ་བ་ནས་ལྡོག་པ་གསུངས་པ། སངས་རྒྱས་གཞན་དུ་རྙེད་མི་འགྱུར་ཞེས་བྱ་བ་ལ་སོགས་པའོ།། ལོག་ནས་ཀྱང་སེམས་གཅིག་པུ་ཉེ་བར་བསྙེན་པ་དང་། དྲི་མ་མེད ་པར་བྱ་བའི་ཕྱིར། སེམས་ནི་རྫོགས་པའི་སངས་རྒྱས་ཉིད། ཅེས་བྱ་བ་ལ་སོགས་པ་གསུངས་སོ།། རྒྱུད་ཀྱི་ཆེ་བའི་བདག་ཉིད་གསུངས་པ། གདོལ་པ་སྨིག་མཁན་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའོ།། གང་གི་ཕྱག་རྒྱ་ཕྱག་རྒྱ ་ཅི་ཞེས་ཞུས་པའི་ལན་གསུངས་པ། ས་ནཾ་པུཀྐ་སཱི་རུ་བཤད། ཅེས་བྱ་བ་ལ་སོགས་པའོ།། འདོད་པའི་དོན་གྲུབ་པའི་ཕྱིར་དང་། བར་ཆང་ཞི་བའི་ཕྱིར་དང་། ཞི་བའི་ཕྱིར་ཡང་གཏོར་མ་གསུངས་པ། ཨནྡྲ་ཛ་མ ་ཛ་ལ་ཛཀྵ་ཞེས་བྱ་བ་ལ་སོགས་པ་ལ། ཨིནྡ་ཛ་མ་ལ་སོགས་པ་ནས། ཨཥྚ་སཔྤའི་མཐར་ཐུག་པ་ནི་ལོངས་སྤྱོད་པའོ།། ཨི་དཾ་བ་ལི་བྷུཉྫ་ཛི་གྷ་མ་སའི་མཐར་ཐུག་པས་ཟོ་ཞིག་པར་གསོལ་བ་གདབ་བོ།། ཨམྦྷ་སཔྤ་ཀཛྫ་སཱ་དཱ་ཁིནྟ་ཁུ་ཎི་ཕེ་ཊ་གཱ་ད ་ཞེས་བྱ་བ་ནི་གསོལ་བ་གདབ་པའོ།། ཨོཾ་ཨ་ཀཱ་རོ་མུ་ཁཾ་ཞེས་བྱ་བ་ལ་སོགས་པ་ནི་བྱིན་གྱིས་བརླབས་པའོ།། གསུངས་པའི་དོན་ནི་གཏོར་མ་འདི་བཤད་པའི་རྒྱུད་ཀྱི་རིམ་པས་བཤད་པར་བྱ་སྟེ། ན་མཁའི་ཁམས་ཀྱི་དབུས་གནས་པར།། པདྨ་འདབ ་བརྒྱད་བསྒོམ་པར་བྱ།། དབང་པོ་ཤར་གྱི་འདབ་མར་བསམ།། མཐར་བྱེད་ལྷོར་ནི་དགོད་པར་བྱ།། ཆུ་བདག་ནུབ་ཀྱི་འདབ་མ་ལ།། བྱང་དུ་ནོར་སྦྱིན་དེ་བཞིན་ནོ།། མེར་ནི་བྱིན་ཟ་ཆེན་པོ་ཉིད།། བདེན་བྲལ་མཚམས་སྐྱོང་དེ་བཞིན་ནོ།། རླུང་དུ་གནས་མེད་བསམ ་པར་བྱ།། དབང་ལྡན་དུ་ནི་འབྱུང་པོའི་གཙོ།། ཉི་ཟླ་ཚངས་པ་ལ་སོགས་དང་།། ཚངས་པའི་རིས་ནི་དམ་པ་དང་།། ཚངས་པ་མདུན་ན་འདོན་ཉིད་དང་།། དགའ་ལྡན་འཐབ་བྲལ་གནས་པ་དང་།། རྒྱལ་པོ་ཆེན་པོར་གྱུར་པ་དང་།། གཞན་འཕྲུལ་དབང ་སྦྱར་ཉིད་དང་ནི།། འཕྲུལ་དགའ་ཡི་ནི་ལྷ་རྣམས་དང་།། དགའ་བའི་གནས་སུ་གང་གནས་དང་།། བདེ་བ་ཅན་དུ་གནས་པ་དང་།། འོག་མིན་དུ་ནི་གནས་པ་དང་།། འོད་ཟེར་ཅན་གྱི་འཇིག་རྟེན་ཁམས།། སུམ་ཅུ་རྩ་གསུམ་གནས་པ་ནི།། དེ ་ཀུན་སྟོང་དུ་བསམ་པར་བྱ།། ཆོས་འབྱུང་ནང་དུ་སོང་བ་ནི།། སྟོབས་ཀྱི་རྒྱུ་དང་དུང་སྐྱོང་དང་།། དེ་བཞིན་མཐའ་ཡས་ནོར་རྒྱས་བུ།། འཇོག་པོ་དང་ནི་རིགས་ལྡན་ཉིད།། པང་ཆེན་པདྨ་བཟང་པོ་དང་།། ལྷ་མིན་སེམས་ཅན་དམྱལ་བ་རྣམས།། ་ཆོས་ཀྱི་འབྱུང་གནས་འོག་ཏུའོ།། ཨོཾ་ལས་ཚངས་པ་ལ་སོགས་ལྷ།། ཧཱུཾ་ལས་ཀུན་འཇོམས་ལ་སོགས་པ།། ཨཱཿལས་སྟོབས་ཀྱི་རྒྱུ་ལ་སོགས།། ཕྱག་གཉིས་ཞལ་གཅིག་ལྡན་པ་སྟེ།། སྟེང་གི་ལྷ་རྣམས་དཀར་པོ་ཆེ།། དབང་པོ་ལ ་སོགས་ནག་པོར་མཚུངས།། སྟོབས་ཀྱི་རྒྱུ་སོགས་དམར་པོ་ཆེ།། རང་མཚུངས་རིག་མའི་ལུས་སྲང་ལྡན།། རྡོ་རྗེ་དྲིལ་བུས་ལག་པ་བྲེལ།། གཡས་བརྐྱང་བས་ནི་སྟན་ལ་གནས།། ཚངས་སོགས་རྟག་པས་ཕྱག་རྒྱས་གདབ།། མཆོད་སྦྱིན ་རྒྱུ་སོགས་རྡོ་རྗེ་ཡིས།། སྟོབས་ཀྱི་རྒྱུ་སོགས་གར་བདག་གིས།། ཐམས་ཅད་རིགས་གསུམ་ལས་སྐྱེས་པའི།། དཀར་མོས་དགུག་པ་བྱས་ནས་ནི།། ཆོམ་རྐུན་མ་ཡིས་ཞབས་བཅིང་བས།། རོ་ལངས་མས་ནི་སྒྲོག་བཅིང་བས།། གྷསྨ་རཱིས ་ནི་དྲིལ་བུས་དབང་།། དེ་ནས་མཆོ་ཡོན་ཞབས་བསིལ་དབུལ།། ཆོ་གས་གཏོར་མ་བསྒྲུབ་བྱ་བ།། རླུང་དང་མེ་ཡི་དཀྱིལ་འཁོར་བསམ།། ཨ་ལས་བྱུང་བའི་པདྨར་ནི།། དེ་ལ་འབར་དང་ཁོལ་བ་ལས།། བདུད་རྩི་ལྔ་ནི་བསྒྲུབ་པར་བྱ།། ་ཡཾ་འགྱུར་བ་འདི་བསམས་ནས།། ཨོཾ་གྱིས་བྱིན་གྱིས་བརླབ་པར་བྱ།། ཨོཾ་ཨ་ཀ་རོ་མུ་ཁ་སརྦ་དྷརྨཱ་ཎཱི་ཨཱ་དྱ་ནུཏྤནྣ་ཏཱཏ། ཨོཾ་ཨཱཿཧཱུཾཿཕཊ་སྭཱ་ཧཱ། དེ་ནས་མཉེས་པ་དང་གཤེགས་སུ་གསོལ་བར་བྱ་སྟེ། ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལ ་ཡ་བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། ཌི་བྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིདྡྷི་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། ཧྲྀ་ད་ཡསྨཻ། ཨ་དྷི་ཏཱིཥྛ། སརྦ་སིདྷིམྨེ་པྲ་ཡཙྪ། སརྦ་ཀརྱེ་ཥྱེ་མེ་ཙིཏྟ་ཤྲེ་ཡཿཀུ་རུ ་ཧཱུཾ། ཧ་ཧ་ཧ་ཧ་ཧོ། བྷ་ག་ཝཱནྟ་མེ་མཱཉྩ་བྷཱ་ཝ་ས་མ་ཡ་སཏྭ་ཨདྷིམཱག་རྒྱུ་ལས་ལྷ་ཉིད་དུ་འགྲུབ་པ་དང་། རིགས་ཡོངས་སུ་ཤེས་པ་སྟེ། རིགས་འཆོལ་བསྒོམ་པའི་སྦྱོར་བ་ལས།། དངོས་གྲུའི་མེད་ཅིང་སྒྲུབ་པའང་མེད་ཅིའོ།། དེ་ལྟར་ཕྱག ་ནི་རེ་ཞིག་རིགས་ན། དེ་གང་གི་ལྷ་ཉིད་འདི་རྣམས་ཀྱི་ཕྱག་རྒྱ་དེ་རྣམས་དུ་ཞིག་རིགས་རྣམས་ནི་གང་ཡིན་སྙམ་པ་ལ། རིགས་ནི་རྣམ་པ་དྲུག་ཏུ་བརྗོད། ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱས་པས་ནི་རྣམ་པ་དྲུག་པོ་རྣམས་སོ།། བསྡུས་པས ་ནི་རྣམ་པ་ལྔ་པོ་རྣམས་སམ། རྣམ་པ་གསུམ་པ་རྣམས་སམ་གཅིག་པུ་ཉིད་དོ།། ཇི་ལྟར་རྣམ་པ་དྲུག་གམ་རྣམ་པ་ལྔ་ལ་སོགས་པ་དེ་ལྟ་བུ་ཉིད་དུ་གསུངས་པ། མི་བསྐྱོད་རྣམ་སྣང་རིན་ཆེན་འབྱུང་།། དཔག་མེད་ཕྲག་དོག་རྡོ་རྗེ་སེམས།། ཤེས ་རིགས་རྣམས་ནི་དྲུག་གོ།། རིགས་འདི་དག་རྟོགས་ནས་ལྷ་ཉིད་དག་པ་ཡང་ཇི་ལྟར་ཡིན་ཞེས་དོགས་པ་ལ། ཞེ་སྡང་གཏི་མུག་སེར་སྣ་དང་།། འདོད་ཆགས་ཕྲག་དོག་བདེ་བ་དག། འདིས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞེ་སྡང་དག་པས ་མི་བསྐྱོད་པའོ།། གཏི་མུག་དག་པས་ནི་རྣམ་པར་སྣང་མཛད་དོ་ཞེས་བྱ་བ་ལ་སོགས་པའོ།། ཡང་གསུངས་པ། གཏི་མུག་དག་པས་གཏི་མུག་སྟེ།། ཞེ་སྡང་དག་པས་ཞེ་སྡང་ཉིད།། འདོད་ཆགས་དག་པས་འདོད་ཆགས་ཏེ།། ང་རྒྱལ་དག་པས་ང ་རྒྱལ་ཏེ།། ཐམས་ཅད་དག་པས་རྡོར་འཛིན་མགོན། ཞེའོ།། རྒྱུད་ཐམས་ཅད་ཅེས་བྱ་བ་ནི་འདུས་པ་ལ་སོགས་པ་རྣམས་སོ།། འདི་ཉིད་ཐམས་ཅད་མ་ཡིན་པ་ཀྱེའི་རྡོ་རྗེའི་རྒྱུད་གང་ལ་རྒྱུད་ཐམས་ཅད་དུ་གསུངས་པ། ཕྱག་རྒྱ་བསྡུས་པའི་དོན་གྱི་ལེའུ ་དེ་ནི་རྒྱུད་ཐམས་ཅད་ཀྱི་ཕྱག་རྒྱ་བསྡུས་པའི་དོན་ཏོ།། སློབ་དཔོན་མཁས་པ་དཔལ་སྦྱང་དཀའ་བའི་ཟླ་བས་མཛད་པ། ཀཽ་མུ་དི་ཞེས་བྱ་བའི་དཀའ་འགྲེལ་ལས། རྒྱུད་ཐམས་ཅད་ཀྱི་ཕྱག་རྒྱ་བསྡུས་པའི་དོན་ཞེས་བྱ་བའི་ལེའུ་སྟེ་བཞི་པའོ།། ་རང་གི་རིགས་ཀྱི་ཕྱག་རྒྱ་དང་དཀྱིལ་འཁོར་དུ་བྱུང་བ་རྟོགས་པར་བྱས་ནས། ཉིད་ཀྱི་དཀྱིལ་འཁོར་ཡང་རྟོགས་པར་བྱ་བའི་ཕྱིར་ལེའུ་ལྔ་པ་གསུངས་པ། ཕྱག་རྒྱ་ནི་བཅུ་དྲུག་ཅེས་བྱ་བ་ལ་སོགས་པའོ།། གསོལ་བ་མ་བཏབ་པར། བཅོམ་ལྡན ་འདས་མི་གསུང་བའི་ཕྱིར། བཅོམ་ལྡན་འདས་མ་བདག་མེད་མས། ཞལ་བརྒྱད་པ་ལ་སོགས་པའི་ཁྱད་པར་དུ་འཕགས་པ། རྒྱུ་རྡོ་རྗེ་འཛིན་པ་ཕྱག་བཅུ་དྲུག་པ་ལ་ཞུས་པ། ཁྱོད་ཀྱི་དཀྱིལ་འཁོར་ཇི་ལྟར་ལགས། ཞེས་བྱ་བ་ལ་སོགས ་པའོ།། ཞུས་པས་ལེགས་པར་དགྱེས་པ་ཉེ་བར་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་ཕྱི་དང་ནང་གི་བཅོམ་ལྡན་འདས་མ་ལ་རྗེས་སུ་ཆགས་པ་མཛད་ནས། དཀྱིལ་འཁོར་གསུངས་པ། འཁོར་ལོ་ཇི་ལྟར་སྔར་ཞེས་བྱ་བ་ལ་སོགས་པ་ལ། འཁོར ་ལོ་ནི་དཀྱིལ་འཁོར་རོ།། སྔར་ནི་ལེའུ་བརྒྱད་པར་གསུངས་པའོ།། ཁྱོད་ཀྱི་དཀྱིལ་འཁོར་ཇི་ལྟ་བར་ངའི་དཀྱིལ་འཁོར་ཡང་དེ་བཞིན་ནོ།། འདིར་ཐམས་ཅད་ཀྱི་མཚན་ཉིད་མ་གསུངས་པས། དོ་ཤལ་ངོ་ཤེལ་ཕྱེད་པའི་ཁྱད་པར་གྱི་ཚིག་འདིར ་མ་བཤད་དེ། དེ་ཤེས་པར་འདོད་པས་ཀྱང་། དཀྱིལ་འཁོར་གྱི་མཚན་ཉིད་མ་གསུངས་པར་བརྗོད་པ་ཐིག་གི་མདོར་བཙལ་བར་བྱའོ།། དཀྱིལ་འཁོར་འདི་ལྟ་བུ་ཡིན་དུ་ཟིན་ཀྱང་། དེར་གང་ཡིན་ཞེས་སྙམ་པ་ལ། ་དབུས་སུ་ང་ཡོད་དེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཞེས་བྱ་བ་ནི་དཀྱིལ་འཁོར་ལའོ།། དབུས་སུ་ཞེས་བྱ་བ་ནི་ཟེ་འབྲུའི་གནས་སུའོ།། ད་ནི་བདག་གོ།། ཁྱོད་དང་ལྷན་ཅིག་ཅེས་བྱ་བ་ནི། བཙུན་མོ་དང་གཉིས་པའོ།། གང་གི་རྣམ ་པས་ཞེས་སྙམ་པ་ལ། འདོད་ཆགས་ཆེན་པོའི་རྗེས་ཆགས་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་ཆགས་ཆེན་པོ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའོ།། རྗེས་སུ་ཆགས་པ་ནི་དེ་ལ་ཐོགས་པ་སྟེ། དེ་བས་ན་འདོད་ཆགས་ཚན ་པོའི་རྗེས་སུ་ཆགས་པས་སོ།། དེ་ཇི་ལྟར་གནས་ཞེས་སྙམ་པ་ལ། ལྷན་ཅིག་སྐྱེས་དགའི་རང་བཞིན་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷན་ཅིག་སྐྱེས་དགའ་ནི་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་སོ།། དེའི་རང་བཞིན་ལས་ཞེས་བྱ་བ་ནི་ལྷན ་ཅིག་སྐྱེས་པའི་ངོ་བོ་ལས་སོ།། དེ་དེ་ལྟ་བུའི་ངོ་བོ་ཐོབ་པར་གྱུར་པ་རྒྱུ་རྡོ་རྗེ་འཛིན་པ་བརྗོད་ནས། ལྷ་མོའི་འཁོར་ལོ་ཕྱུང་མ་ཐག་ཏུ་འབྱུང་བ་འབྲས་བུ་རྡོ་རྗེ་འཛིན་པ་གསུངས་པ། ཞལ་བརྒྱད་པ་ལ་ཞབས་བཞི་པ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་གང་འདི་རྒྱུད་ཀྱི་རིམ་པས་བཤད་པར་བྱ་ཡི། ཡང་ཚིག་གི་རིམ་པས་ནི་མ་ཡིན་ནོ།། རིམ་པ་ཡང་སྒྲུབ་པ་ཡན་ལག་དྲུག་ཏུ་ཤེས་པར་བྱ་སྟེ། དེའི་ཕྱིར་སྒྲུབ་པ་འདི་ནི་དང་པོར་མཆོད་པ་དང་། བཤགས་པ་དང་། བསོད་ནམས་རྗེས་སུ་ཡི་རང ་བ་དང་། ཡོངས་སུ་སྔོ་བ་དང་། སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། བདག་བཏང་བ་དང་། གནང་བ་གནོན་པ་དང་། ཚངས་པའི་གནས་བསྒོམ་པ་དང་། ཡང་འཇུག་པ་བྱང་ཆུབ་ཀྱི་སེམས་དང་། རྡོ་རྗེ་ར་བ་དང་། གུར ་དང་། ཡཾ་རཾ་ཁཾ་ལཾ་འབྱུང་བའི་དཀྱིལ་འཁོར་ཏེ། བྷྲཱུཾ་ལས་འཁོར་ལོའི་སྟེང་དུ་བདག། སྲིད་པ་བར་མ་བསམ་པར་བྱ།། འདིས་ནི་འབྱུང་པོའི་དཀྱིལ་འཁོར་རྣམས།། བཞི་པ་འཁོར་ལོ་ལྔ་པས་ནི།། འདྲིས་གྱུར་དེ་ལས་སངས་རྒྱས་ཀྱི།། གཞལ་ཡས ་སྤྱོད་ཡུལ་མ་ཡིན་འགྱུར།། གྲུ་བཞི་པ་ལས་སྒོ་བཞི་པ།། རྟ་བབ་བཞིས་ནི་རྣམ་པར་བརྒྱན།། དོ་ཤལ་ངོ་ཤལ་ཕྱེད་པས་བརྒྱན།། ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས།། ལྷ་མོ་བརྒྱད་ཀྱིས་འོད་ཚེགས་ཀྱིས།། ལྷ་ཡི་སྣམ་བུ་གསལ་བར་འགྱུར།། འདིར ་ནི་མཚོ་སྐྱེས་འདབ་མ་ནི།། བརྒྱད་པ་འཕར་མ་གཅིག་པ་བྲི།། ཉི་མའི་དཀྱིལ་འཁོར་ལ་གནས་པས།། བདུད་བཞི་ཡིས་ནི་རྣམ་པར་གསལ།། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ལ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏ་མ་ཀོ&ཧཾ། སངས་རྒྱས་གཞིལ་ཡས་ཟིན་པ་དང་།། རྣམ་པ ་ལྔ་པོ་བསྒོམ་པ་ཉིད།། ཟླ་བ་མེ་ལོང་ཡེ་ཤེས་ལྡན།། བདུན་གྱི་བདུན་པ་མཉམ་ཉིད་ལྡན།། རང་ལྷའི་ས་བོན་ཕྱག་མཚན་ནི།། སོ་སོར་རྟོག་པར་བརྗོད་པར་བྱ།། ཐམས་ཅད་གཅིག་གྱུར་ནན་ཏན་ཉིད།། གཟུགས་བརྙན་རྫོགས་པ་ཆོས་ཉིད་དེ།། ཨཱ་ལི་ཟླ ་བ་བསྒོམ་པར་བྱ།། ཀཱ་ལི་བདུན་གྱིས་བདུན་པ་ཉིད།། འདི་དག་དབུས་སུ་ཧཱུཾ་གཉིས་ཏེ།། དེ་བས་རིགས་བདག་གྲི་གུག་ལ།། ཟླ་ཉི་ས་བོན་མཚན་མ་ནི།། འདི་དག་ཐམས་ཅད་གཅིག་གྱུར་པ།། ཆུ་དང་འོ་འདྲར་ཐ་དད་མེད།། དེས་ནི་རྡོ་རྗེ་བསམ་པར་བྱ།། ཕྱག ་ནི་བཅུ་དྲུག་ཞལ་བརྒྱད་པ།། ཞབས་བཞི་པ་དང་འཇིགས་པ་པོ།། དཔའ་བོ་ཐོང་པའི་ཕྲེང་བ་ཅན།། བདག་མེད་མ་ཡིས་མགུལ་ནས་འཁྱུད།། ཕྱག་རྒྱ་ལྔ་ནི་འཛིན་པའི་ལྷ།། ཟླ་བ་ཆུ་ཤེལ་ནོར་བུའི་འོད།། རྩ་བའི་ལུས་མཚུངས ་གཡོན་པ་ནི།། དམར་ཞིང་ཞལ་གཞན་གནག་པ་དང་།། གླང་པོ་རྟ་བོང་གླང་རྔ་མོ།། མི་དང་ཤ་ར་བྷ་བྱི་ལ།། གཡས་པའི་ཐོད་པ་བརྒྱད་རྣམས་ལ།། གཉིས་འཐུང་ལ་སོགས་རིམ་ཤེས་བྱ།། ས་དང་ཆུ་དང་རླུང་དང་མེ།། ཟླ་བ་དེ་ནས་སྣང་བྱེད ་དང་།། མཐར་བྱེ་དང་ནི་ནོར་སྦྱིན་ཉིད།། གཡོན་པའི་ཐོད་པ་བརྒྱད་ནའོ།། ལྷ་མོ་ཞལ་གཅིག་ཕྱག་གཉིས་མ།། གནག་ཅིང་མགོ་སེར་སྟེང་དུ་སེར།། གྲི་གུག་ཐོད་པ་ཁ་ཊྭཱཾ་ག། འཛིན་ཅིང་སྟག་ལྤགས་ཤམ་ཐབས་ཅན།། ཨོཾ་པདྨ་སུ་ཁི་དྷ་ར ་མ་ཧཱ་རཱ་ག་སུ་ཁ~ཾ་ད་ད་ཙ་ཏུ་རཱ་ནནྡ་བྷ་ག་བི་ཤྲ་ཧཱུཾ་ཧཱུཾ་ཧཱུཾ་ཀརྱཾ་ཀུ་རུ་ཤྭ་མེ། ཨོཾ་བཛྲ་མ་ཧཱ་དྭེ་ཥ་ཙ་ཏུ་ར་ནནྡ་ཡ་ཀ། ཁཱ་ག་མུ་ཁེ་ཨེ་ཀཱ་རཱ་སོ་ནཱ་ཐ་ཧཱུཾ་ཧཱུཾ་ཧཱུཾ་ཀརྱ་ཀུ་རུ་ཥྭ་མེ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཏ་མ་ཀོ&ཧཾ། དང་པོར་སྐྱེས་བུར ་བསམས་དེ་ནས།། མཁའ་འགྲོ་མ་ཡི་འཁོར་ལོ་སྤྲོ།། རྡོ་རྗེ་རྗེས་སུ་ཆགས་པ་བྱ།། ནུ་རྗེས་རྒྱལ་བ་འཛག་པར་བྱ།། དེ་བཞིན་གཤེགས་པའི་ཐིག་ལ~ཾ་ངཾ།། ས་བོན་བརྒྱད་དུ་གྱུར་པའོ།། གཾ་ཙ་བ་ལྟེ་བ་ཤ་ལ་ཌ། ས་ཟོན་གྱིས་ནི་ལྷོ་མོ་དབྱུང་།། ་དབང་དཀར་གཤིན་རྗེ་ཆོམ་རྐུན་མ།། རོ་ལངས་མ་ནི་ཆུ་བདག་གནས།། ལུས་ངན་པོ་ནི་གྷ་སྨ་རཱི།། དབང་ལྡན་དུ་ནི་པུཀྐ་སཱི།། བྱིན་ཟའི་མཚམས་སུ་རི་ཁྲོད་མ།། བདེན་བྲལ་དུ་ནི་གཏུམ་མོ་གནས།། རླུང་དུ་ཡང་ནི་གཡུང་མོ་ཉིད།། ལྷ་མོའི་འཁོར ་ལ་རྫོགས་པཀྲ། ཅི་གཉིས་པ་ཨཱ་སུ་གནས་པ་ནཱཾ།། སྐུ་གསུང་ཐུགས་ཀྱི་མ་གུ་སྟེ།། དུ་ནུབ་སེམས་ཅན་ནས་བྱའདི།། ལྷ་མོའི་པདྨར་བྱསམ་པར་བྱ།། དྲི་ཡང་དག་ཞུགས་པ་ན།། ཁུ་བ་རྗེས་སུ་དྲན་པར་བྱ།། དེ་ནས་བསྐུལ ་བའི་གླུ་རྣམས་ཀྱིས།། མཚམས་ཀྱི་ལྷ་མེ་རྣམས་ཀྱིས་བསྐུལ།། རྗེ་བཙུན་སྙིང་རྗེའི་ཡིད་གཞེངས་ཤིག། པུཀྐ་སཱི་ནི་བདག་ལ་སྐྱོབས།། སྟོང་པའི་ཏིང་འཛིན་ཉིད་སྤོངས་ལ།། བདག་ལ་བདེ་ཆེན་སྦྱོར་བཞེད་མཛོད།། ཁྱོད་མེད་ན་ནི་བདག་འགུམ ་པས།། ཀྱེ་ཡི་རྡོ་རྗེ་ཁྱོད་བཞེངས་ཤིག། སྟོང་པའི་རང་བཞིན་ཉིད་སྤོངས་ལ།། རི་ཁྲོད་མ་འབྲས་གྲུབ་པར་མཛོད།། དགའ་གཙོ་འཇིག་རྟེན་འགྲོ་ན་གཉེར་བ།། སྟོང་པ་ཉིད་ལ་བཞུགས་སམ་ཅི།། ཁྱོད་མེད་ཕྱོགས་ནི་མི་འཚལ་བས།། གདོལ་པ་མོ ་བདག་ཞུ་བ་བགྱིད།། བདག་གི་ཁྱོད་ཀྱི་ཐུགས་འཚལ་གྱིས།། མིག་འཕྲུལ་མང་འཁྱོད་ཞེངས་ཤིག། གཡུང་མོ་བདག་གི་གཅོད་ཡིད་ཀྱིས།། སྙིང་རྗེ་རྒྱུན་ཆད་མ་མཛད་ཅིག། བསྐུལ་བས་སད་པས་སྔོན་གྱི་ནི།། སྨོན་ལམ་རྗེས་སུ་དྲན་པར་བྱ།། ཨོཾ ་དང་ཧཱུཾ་གི་རྡོ་རྗེ་ཆེ།། ཆུ་ཡི་གཟུགས་ལས་བཞེངས་པ་ནི།། ཞལ་བརྒྱད་པ་ལ་ཞབས་བཞི་པ།། ཕྱག་ནི་བཅུ་དྲུག་དག་གིས་བརྒྱན།། བདུད་བཞི་ཞབས་ཀྱིས་མནན་པ་སྟེ།། སྐྱིལ་ཀྲུང་ཕྱེད་པའི་གར་མཁན་ཉིད།། མགོ་བོའི་ཕྲེང་བའི་ངོ་ཤལ་མཛད།། ་སྣ་ཚོགས་རྡོ་རྗེ་སྤྱི་བོར་འཛིན།། རྩ་བའི་ཞལ་ནི་ནག་པོ་ཆེ།། གཡས་པ་ཀུན་ད་ལྟ་བུ་སྟེ།། གཡོན་པ་དམར་ཞིང་ཆེར་འཇིགས་པ།། ལྷག་མའི་ཞལ་ནི་བུང་བ་བཞིན།། ཉི་ཤུ་རྩ་བཞི་ཕུན་ཚོགས་སྤྱན།། བདག་མེད་བདེ་བ་སྦྱིན་པ་པོ།། གླང ་པོ་རྟ་བོང་གླང་ནུ་མོ།། མི་དང་ཤྭ་ར་བྷ་བྱི་ལ།། གཡས་པའི་ཐོད་པ་བརྒྱད་རྣམས་ལ།། རིམ་པས་གཉིས་འཐུང་ལ་སོགས་སམ།། ས་དང་ཆུ་དང་རླུང་དང་ནི།། མེ་ཟླ་དེ་ནས་སྣང་བྱེད་དང་།། མཐར་བྱེད་དང་ནི་ནོར ་སྦྱིན་ཉིད།། གཡོན་པའི་ཐོད་པ་བརྒྱད་ནའོ།། དཀར་མོ་ཁ་དོག་ནག་པོར་འགྱུར།། ཚེམ་རྐུན་མ་ནི་བཙོད་དང་མཚུངས།། རོ་ལངས་མ་ནི་གསེར་བཙོས་བཞིན།། གྷསྨ་རཱི་ནི་མར་ཀ་ཏ་མཚུངས།། པུཀྐ་སྟྲྀ་ནི་དབང་སྔོན་མཚུངས།། རི་ཁྲོད་མ ་ནི་ཟླ་ནོར་འོང་།། གཏུམ་མོ་ན་མཁའི་སྔོ་བསངས་མ།། གཡུང་མོ་སྣ་ཚོགས་པ་ཞེས་བརྗོད།། དཀར་མོ་གཡས་ན་གྲི་གུག་སྟེ།། དེ་བཞིན་གཡོན་ནུ་རོ་ཧི་ཏ།། ཆོམ་རྐུན་མ་གཡས་ཅད་ཏེ་སྟེ།། དེ་བཞིན་གཡོན་ན་ཕག་པ་ཉིད།། རོ་ལངས་མ ་གཡས་རུ་སྦལ་ཏེ།། གཡོན་པའི་ཕྱག་ན་ཐོད་པ་ཉིད།། གྷསྨ་རཱི་ཡི་གཡས་ན་སྦྲུལ།། གཡོན་པའི་ཕྱག་གི་ཐོད་པ་ཉིད།། པུཀྐ་སཱི་གཡས་སེང་གེ་སྟེ།། གཡོན་པའི་ཕྱག་ན་དགྲ་སྟ་འཛིན།། རི་ཁྲོད་མ་གཡས་དགེ་སློང་སྟེ།། གཡོན་ན་གསིལ ་བྱེད་དེ་བཞིན་ནོ།། གདོལ་པ་མོ་གཡས་འཁོར་ལོ་སྟེ།། གཡོན་ན་ཐོད་པ་དེ་བཞིན་ནོ།། གཡུང་མོའི་གཡས་ན་རྡོ་རྗེ་སྟེ།། གཡོན་ན་སྡིགས་མཛུབ་དེ་བཞིན་ནོ།། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས།། དཀར་མོ་ལ་སོགས་ཕྱག་གཉིས་བརྗོད།། སྤྱན ་གསུམ་སྒྲ་ནི་གྱེན་དུ་སྟེ།། ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན།། ཚངས་པ་དབང་པོ་ཉེ་དབང་དྲག། གཤིན་རྗེ་དང་ནི་ནོར་བདག་དང་།། བདེན་བྲལ་དང་ནི་ཐག་བཟངས་རིས།། དཀོར་མོ་ལ་སོགས་ལྷ་མོའི་གདན།། རྡོ་རྗེ་ཉིད་ཀྱིས་ཐམས་ཅད་ཀྱི།། སྙིང་གར ་རང་སྔགས་ཡི་གེ་ཉིད།། རྫོགས་པའི་ཕྱག་རྒྱ་མཚན་མ་ནི།། བརྟགས་པས་ཡེ་ཤེས་གནང་དགོད་བྱ།། རང་སྙིང་པ་ཉིར་ཧཱུ~ཾ་རྡོ་རྗེ།། ཧཱུཾ་ཡེ་ཤེས་སེམས་དཔའི་ཐུགས་སོན་པའི།། པང་ཉིར་གནས་པའི་ཧཱུ~ཾ་རྡོ་རྗེ།། ཧཱུཾ་གིས་ཡེ་ཤེས་རྗེས ་སུ་བསམ།། དམ་ཚིག་འཁོར་ལོར་མཉམ་ཞུགས་པའི།། ཡེ་ཤེས་འཁོར་ལོ་ཆེར་འབར་བ།། སངས་རྒྱས་ཉིད་དང་བྱང་སེམས་ཉིད།། འགྲིབ་འགྱུར་གཞན་གྱིས་ཡང་མ་ཡིན།། ཛཿཧཱུཾ་བ། ཧོཿབརྗོད་པས་ནི།། དཀར་མོ་ལ་སོགས་རྣམ་པ ་བཞིས།། དགུག་དང་གཞུག་པར་བྱ་བ་དང་།། བཅིང་དང་རྗེས་སུ་མཉེས་པར་བྱ།། མིག་སོགས་རྣམས་ལ་གཏི་མུག་སོགས།། རྡོ་རྗེ་གསུམ་ནི་གནས་གསུམ་དགོད།། མིག་ལ་གཏི་མུག་རྡོ་རྗེ་ཡིན།། རྣ་བར་ཞེ་སྡང་རྡོ་རྗེ་མ།། སྣ་ལ་སེར་སྣ་མ ་ཞེས་བཤད།། ཁ་ལ་འདོད་ཆགས་རྡོ་རྗེ་མ།། ལུས་ལ་ཕྲག་དོག་རྡོ་རྗེ་ཡིམ།། ཡིད་ལ་བདག་མེད་རྣལ་འབྱོར་མ།། མིང་གི་ཡི་གེ་དང་པོས་བསྐྱེད།། ཕྱག་གཉིས་ཞལ་གཅིག་དགེ་བ་ཉིད།། གྲི་གུག་ཐོད་པས་ལག་པ་བྲེལ།། ཁེ་དོག་སྣ་ཚོགས ་རོ་ཡི་གདན།། སྐུ་གསུང་དེ་བཞིན་ཐུགས་ལ་ནི།། ཨོཾ་དང་ཨཱཿཧཱུཾ་སྔགས་འདིས་ནི།། མཁའ་སྤྱོད་དང་ནི་ས་སྦྱོང་ཉིད།། རྐང་འོག་གནས་པ་བསམ་པར་བྱ།། སྐུ་གསུངས་ཐུགས་ཀྱི་རྡོ་རྗེ་ལྟར།། རིགས་གསུམ་ལས་བྱུང་རྣལ་འབྱོར་མའོ།། རང་ཉིད ་ས་བོན་ལས་བྱུང་བའི།། ལྕགས་ཀྱུའི་གཟུགས་ཅན་འོད་ཟེར་གྱི།། སངས་རྒྱས་སྤྱན་དྲངས་ཡང་དག་མཆོད།། དབང་བསྐུར་བ་ནི་བླང་བར་བྱ།། བཅོམ་ལྡན་དེ་བཞིན་གཤེགས་པ་རྣམས།། མགོན་པོས་བདག་ལ་དབང་བསྐུར་ཅིག། དེ་ནས་དེ་བཞིན ་གཤེགས་འདིས་ནི།། ཧེ་རུ་ཀ་ཡི་གཟུགས་མཛད་ནས།། བདུད་རྩི་ལྔ་ཡི་ཆུས་གང་བའི།། བུམ་པ་ཉིད་ཀྱི་ཕྱག་ཐོགས་པ།། བླུགས་ཏེ་དབང་བསྐུར་མཐའ་རུ་འདིའི།། མི་བསྐྱོད་ཕྱག་རྒྱ་ཅོང་པན་ལའོ།། འདིས་ནི་ཡང་ནི་དཀར ་མོ་དང་།། པུཀྐ་སཱི་ནི་ཕྱག་རྒྱ་བྱ།། སངས་རྒྱས་རིན་ཆེན་དཔག་མེད་ཀྱིས།། གཉིས་གཉིས་རིམ་པས་ལྷག་མ་དྲུག། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ&ཧཾ། རླུང་དང་འབར་བའི་ཐོད་པ་ལ།། ས་བོན་ལས་བྱུང་ལྕགས་ཀྱུ་ལྔ།། ལྕེ་ལ་ནས ་འབྱས་རྡོ་རྗེས་ནི།། ཀྱེའི་རྡོ་རྗེ་དཔལ་བདུད་རྩི་མྱང་།། ཨོཾ་སརྦ་ཏ་ཐཱ་ག་ཏཱ་མྲྀ་ཏ་སཱ་ང་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ&ཧཾ། མཆོད་པ་སྣ་ཚོགས་ཡེ་ཤེས་ལས།། དབྱུང་བར་བྱ་ཞིང་ལྷ་མོ་ནི།། བརྒྱད་ཀྱིས་འཁོར་ལོ་ཅན་གྱིས་ན།། བདག་ཉིད་འཁོར་ལོའི་གཙོ་བོ་མཆོད།། ་ཨོཾ་སརྦ་ཏ་ཐཱ་ག་ཏཱ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ&ཧཾ། བསྟོད་པ་འདིས་ནི་རྣལ་འབྱོར་མས།། འཁོར་ལོའི་གཙོ་བོ་བསྟོད་པར་བྱ།། ཁྱོད་ནི་རྣལ་འབྱོར་མ་ཚོགས་ཡོངས་སུ་བསྐོར།། ཁྱོད་ནི་ཉིད་ཀྱིས་ཐུགས་ཀྱི་མཆོག་བརྙེས་པ།། ཁྱོད་ཀྱིས་རྒྱུ་དང་མི་རྒྱུའི་འགྲོ་བ་ཀུན ་བསྒྲུབས་ཤིང་།། སྟོ་རྗེའི་ཐུགས་ཀྱིས་སེམས་ཅན་སད་མཛད་པ།། སྒྱུ་མའི་སྤྲོས་པས་འབྲས་བུ་བསྒྲུབ་མཛད་པའི།། ཧེ་རུ་ཀ་དཔལ་རྡོ་རྗེའི་ཡིད་ཀྱིས་དགྱེས།། ཨོཾ་སརྦ་ཏ་ཐཱ་ག་ཏཱ་སྟུ་ཏི་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ&ཧཾ། རྡོ་རྗེ་རྗེས་སུ་ཆགས་བྱུང་དང་།། སངས་རྒྱས ་གཞལ་མེད་བསྒོམ་པ་དང་།། དབང་བསྐུར་བདུད་རྩི་མྱང་བ་དང་།། མཆོད་པ་བསྟོད་པ་ཡན་ལག་དྲུག། ཡོ་གཱིས་ཡན་ལག་དྲུག་བསྒོམ་བྱ།། དེས་ནི་མྱུར་དུ་དངོས་གྲུབ་རྙེད།། ཕོ་བྲང་སངས་རྒྱས་རྣམ་སྣང་མཛད།། དབང་བསྐུར་མི་བསྐྱོད་དེ་བཞིན་གཤེགས། ་བདུད་རྩི་མྱང་བ་འོད་དཔག་མེད།། བསྟོད་པ་རིན་ཆེན་འབྱུང་གནས་དཔལ།། མཆོད་པ་དོན་ཡོད་ཡང་དག་བཤད།། རྗེས་ཆགས་རྡོ་རྗེ་སེམས་དཔའ་ཉིད།། ཡན་ལག་དྲུག་གིས་བསྐྱེད་པ་ཡི།། དངོས་གྲུབ་འདི་ནི་ཉེ་བར་འགྱུར།། དང་པོ་སྤྲིན་དང་འདྲ ་བར་འདོད།། གཉིས་པ་དུ་བ་ལྟ་བུ་སྟེ།། གསུམ་པར་མེ་ཁྱེར་རྣམ་པ་ཉིད།། བཞི་པར་མར་མེ་འབར་བ་དང་།། ལྔ་པར་རྟག་ཏུ་སྣང་བ་སྟེ།། སྤྲིན་མེད་ན་མཁའ་ལྟ་བུའོ།། ཕྱིས་ནི་སྒྱུ་མའི་རྣམ་པ་ལྟར།། རྨི་ལམ་རྣམ་པར་སྐད་ཅིག་ན།། ལྟེ་བར་གཏུམ ་མོ་འབར་བ་ཡིས།། དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང་།། སྤྱན་ལ་སོགས་པ་ཡང་བསྲེགས་ཏེ།། བསྲེགས་པས་རི་བོང་ཅན་ཧཾ་འཛག། གང་ཚེ་ཡོ་གཱི་བསམས་པས་ངལ།། དེ་ཚེ་དག་པས་རྗེས་དྲན་བྱ།། སྙིང་རྗེའི་སྤྱན་ནི་དམར་པོ་སྟེ། ་བྱམས་པས་ཐུགས་ལ་ཡན་ལག་གནག། བསྡུ་བའི་དངོས་པོ་བཞི་ཡིས་ནི།། ཞབས་ནི་རྣམ་པ་བཞི་ཞེས་བརྗོད།། ཞལ་རྣམས་རྣམ་ཐར་བརྒྱད་པོ་ཡིན།། ཕྱག་ནི་སྟོང་པ་བཅུ་དྲུག་ཉིད།། གུག་ཁྱེད་ཀྱིས་ནི་སངས་རྒྱས་ལྔ།། གདུག་པ་གདུལ ་ཕྱིར་ཁྲོ་བོ་ཉིད།། སྤྱན་གསུམ་པོ་ནི་སྐུ་གསུམ་ཡིན།། རུས་པ་བདེན་པ་བཞི་པོ་ཡིན།། གཟུགས་ཕུང་རྡོ་རྗེ་མ་ཡིན་ནོ།། ཚོར་བ་གསང་བའི་དཀར་མོ་ཉིད།། འདུ་ཤེས་ཕུང་པོ་ཆུ་མ་ཉིད།། འདུ་བྱེད་རྡོ་རྗེ་མཁའ་འགྲོ་མ།། འདི་ཡི་རྣམ་ཤེས་བདག ་མེད་མ།། དོན་དམ་ལ་ནི་ཕུང་པོ་མེད།། སྐྱེ་མཆེད་དྲུག་གི་རྣམ་ངག་ཕྱིར།། དེ་ཉིད་དྲུག་པོ་ཉིད་དུ་འགྱུར།། ཞེ་སྡང་རྡོ་རྗེ་རྡོ་རྗེ་མ།། རྡོ་རྗེ་རོ་མ་ཆུ་མ་ཡིན།། ཕྲག་དོག་རྡོ་རྗེ་མ་དང་ནི།། དེ་བཞིན་གཏི་མུག་རྡོ་རྗེ་མ།། རྡོ་རྗེ་མཁའ་འགྲོ་མ་རུ་འགྱུར།། སེར ་སྣ་གསང་བའི་དཀར་མོ་ཉིད།། ཡིད་ལ་བདག་མེད་རྣལ་འབྱོར་མ།། ས་ནི་པུཀྐ་སཱི་ཞེས་བཤད།། ཆུ་ཁམས་རྔོན་པ་མ་ཞེས་བརྗོད།། མེ་ནི་གཏུམ་མོར་ཤེས་པར་བྱ།། རླུང་ནི་གཡུང་མོར་རབ་ཏུ་གྲགས།། གཟུམ ་ནི་དཀར་མོར་རྟག་ཏུ་བཤད།། སྒྲ་ལ་ཆོམ་རྐུན་མ་རབ་གྲགས།། དྲི་ཡི་ཆ་ལ་རོ་ལངས་མ།། རོ་ནི་གཟུགས་ཅན་གྷསྨ་རཱི།། རེག་ལས་ས་སྤྱོད་མ་ཉིད་དེ།། ཆོས་ཀྱི་ཁམས་ལ་མཁའ་སྤྱོད་མ།། དབང་ཕྱུག་ཐམས་ཅད་རབ་གྲུབ་ཕྱིར།། ས ་ནི་དང་པོར་ནོར་སྦྱིན་མཐའ།། གླང་པོ་ལ་སོགས་སེམས་ཅན་གྱི།། ནད་རྣམས་ཞི་ཕྱིར་འཛིན་པ་པོ།། གློ་དང་དབུག་དང་དེ་བཞིན་འབོག། ཁོང་སྐམ་མཛེ་དང་འབྲུམ་བུ་དང་།། མཆིན་པ་མཚེར་པའི་རང་བཞིན་ཡང་།། གླང་པོ་ལ་སོགས ་རབ་ཏུ་གྲགས།། ནི་རང་ཤུ་དང་གཞན་གྱིས་ནི།། བསམ་གཏན་ལྡན་པས་སྔགས་བཟླས་བྱ།། ཨཾ་ཨཥྚ་ན་ནཱ་ཡ། པིངྒོརྡྷ་ཀེ་ཤ་ཝརྠཱ་ནེ་ཙ་ཏུརྠི་ཤ་ཏི་ནེ་ཏཱ་ཡ། ཥོ་ཌ་ཤ་བྷུ་ཛཱ་ཡ། ཀྲྀཥྚ་དྷཱི་མུ་ཏཱ་ཝ་པུ་ཥེ། ཀ་པཱ་ལ་མཱ་ལཱ་ནེ་ཀཾ་དྷ་རི་ཎཾ། ་ཨཱདྦྷ་ཏ་ཀཱུ་ར་ཙིཏྟ་ཡ། ཨརྡྷེནྡུ་དཾཥྚི་ཎེ། མཱ་ར་ཡ་མཱ་ར་ཡ། ཀཱ་ར་ཡ་ཀཱ་ར་ཡ། གརྞྞ་ཡ་གརྫྫ་ཡ། ཏརྫྫ་ཡ་ཏརྫྫ་ཡ། ཤོ་ཥ་ཡ་ཤོ་ཥ་ཡཽ། པྟ་སཱ་གཱ་རཱན། བནྡྷ་བནྡྷ། ནཱ་གཱཥྚ་ཀཱན། གྲྀཧྞ་གྲྀཧྞ་མ་མ་ཤ་ཏྲཱུཾ། ཧ་ཧཱ། ཧི་ཧཱི། ཧུ་ཧཱུ། ཧེ ་ཧཾ། ཧོ་ཧི། ཧཾ་ཧཾཿཕཊ་སྭཱ་ཧཱ། དེ་ལྟར་རྟོགས་སུ་ཟིན་ཀྱང་། འོན་ཀྱང་འདི་ནི་ངོ་མཚར་བ་སྟེ། ཞལ་བརྒྱད་དང་། ཞབས་བཞི་དང་། ཕྱག་བཅུ་དྲུག་གིས་བརྒྱན་པ། ཇི་ལྟར་ལྷན་ཅིག་སྐྱེས་པའི་དགའ་བའི་ངོ་བོར་གྱུར་སྙམ་པ་ལ། དེ་ནས་རྡོ ་རྗེ་ཆགས་ཆེན་ལས། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆགས་ཆེན་ནི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་ཡི་གེ་གསུམ་དང་། ཧོཿདམར་པོ་གཉིས་ཀྱི་བདག་ཉིད་དྲི་ཟའི་སེམས་ཅན་ཏེ། སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོར་གནས ་པ་དང་། ཧོཿཁྲག་དང་འདྲ་བ་དག་འདོད་ཆགས་ཀྱི་མེས་ཁུ་བར་གྱུར་ན་ནི་བཙུན་མོ་དང་བདག་པོ་ཁུ་བར་གྱུར་པ་བརྗོ་།། ཡང་གཞན་དུ་གསུངས་པ། རྒྱལ་པོའི་འཁོར་ལོ་བསྡུས་ནས་ནི།། སྔགས་ཀྱི་ལུས་སུ་དབྱུང་བར་བྱ།། དྲི་ཟ་མཉམ ་པར་ཞུགས་པ་ན།། ཁུ་བ་རྗེས་སུ་དྲན་པར་བྱ། ཞེའོ། འགྲོ་ཞིང་ལེན་པའི་ཕྱིར་དྲི་ནི་བག་ཆགས་ཏེ། དེ་ཟ་བའི་ཕྱིར་དྲི་ཟ་སྟེ། སྲིད་པ་བར་མའི་སེམས་ཅན་ནོ།། ཁུ་བ་ཡིན་དུ་ཟིན་ཀྱང་ཇི་ལྟར་ཡང་བཅོམ་ལྡན་འདས་དེ་སད་པོར་འགྱུར ་ཞེས་སྙམ་པ་ལ། རྗེ་བཙུན་སྙིང་རྗེའི་ཡིད་བཞེངས་ཤིག། ཅེས་བྱ་བ་ལ་སོགས་པ་གསུངས་པ་ནི། རྗེ་བཙུན་སྙིང་རྗེའི་ཡིད་བཞེངས་ཤིག། ཅེས་བྱ་བ་དང་། པུཀྐ་སཱི་བདག་ལ་ཡོངས་སུ་སྐྱོབས་ཤིག། ཅེས་བྱ་བ་དང་། སྟོང ་པ་ཉིད་ཀྱི་རང་བཞིན་སྤོངས་ལ་ཞེས་བྱ་བ་དང་། བདེ་བ་ཆེན་པོའི་ཕྱིར་རྣལ་འབྱོར་ནི་བདེ་བ་ཆེན་པོའི་སྦྱོར་བ་སྟེ། དེས་བདག་ལ་འདོད་པ་མཛོད་ཅིག་ཅེས་བྱ་བའོ།། འདིས་ནི་བྱམས་པའི་རང་བཞིན་ཅན།། པུཀྐ་སཱི་ཡིས་བསྐུལ ་འོ་སྙིང་རྗེའི་རང་བཞིན་རི་ཁྲོད་མ་ཡིས་བསྐུལ་བ་གསུངས་པ། ཁྱོད་མེད་ན་ནི་བདག་འགུམ་པས། ཞེས་བྱ་བ་ལ་སོགས་པ་ནི་ཁྱོད་དང་བྲལ་ན་བདག་འགུམ་པ་དང་། ཀྱེའི་རྡོ་རྗེ་ཁྱོད་བཞེངས་ཤིག་ཅེས་བྱ་བ་དང་། སྟོང་པའི་རང་བཞིན ་ཉིད་སྤོངས་ལ་ཞེས་བྱ་བ་དང་། རི་ཁྲོད་མ་བདག་གི་འབྲས་བུ་བསྒྲུབས་ཤིག་ཅེས་བྱ་བའོ།། དགའ་བ་ལས་གཞན་མ་ཡིན་པའི་ངོ་བོ་གཏུམ་མོའི་བསྐུལ་བ་གསུངས་པ། འཇིག་རྟེན་འགྲོ་ན་གཉེར་འདོད ་པའི་གཙོ་བོ་ཞེས་བྱ་བ་ལ་སོགས་པ་ནི། འཇིག་རྟེན་སངས་རྒྱས་ཉིད་དུ་སྦྱར་བར་མགྲོན་དུ་གཉེར་བར་འདོད་པའི་གཙོ་བོ་དང་། སྟོང་པ་ཉིད་ལ་ཅི་བཞུགས་སམ་ཞེས་བྱ་བ་དང་། ཁྱོད་མེད་ན་ཕྱོགས་སྤྱོད་པར་མི་ནུས་པ་དང་། གདོལ ་པ་མོ་བདག་ཞུ་བར་བགྱིད་དོ་ཞེས་བྱ་བའོ།། བཏང་སྙོམས་ཀྱི་རྣམ་པ་གཡུང་མོའི་བསྐུལ་བ་གསུངས་པ། མིག་འཕྲུལ་ཞེས་བྱ་བ་ལ་སོགས་པ་ནི། མིག་འཕྲུལ་མཁན་ཁྱོད་བཞེངས་ཤིག་ཅེས་བྱ་བ་དང་། བདག་གིས་ཁྱོད་ཀྱི་ཐུགས་འཚལ ་གྱིས་ཤེས་བྱ་བ་དང་། གཡུང་མོ་བདག་གི་བག་མེད་པ་གཅོད་པའི་ཡིད་ཀྱིས་ཤེས་བྱ་བ་དང་། སྙིང་རྗེ་རྒྱུན་ཆད་པ་མི་མཛད་ཅིག་ཅེས་བྱ་བ་ལ་སོགས་པའི་བསྐུལ་བའི་གླུ་རྣམས་ཀྱིས་བསྐུལ་བས་བཅོམ་ལྡན་འདས་སེང་པར་འགྱུར་རོ།། ་སང་པ་ན་ཇི་ལྟར་བཞེངས་ཤིང་ཇི་ལྟ་བུ་ཞེ་ན། བཟློག་པའི་རིམ་པས། ཨོཾ་དང་ཧཱུཾ་གིས་རྡོ་རྗེ་ཆེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི། གང་ཞིག་གླང་པོ་རྟ་ཞེས་བྱ་བ་ལ་སོགས་པ་མཚན་མ་བཅུ་དྲུག་འཛིན་པ་དང་། སྒེག་པ་ལ་སོགས ་པའི་གར་དགུའི་རོ་དང་ལྡན་པ་དེ་ནི་བྱང་ཆུབ་ཀྱི་སེམས་ཡོངས་སུ་གྱུར་པ། ཨོཾ་དང་ཧཱུཾ་དག་གིས་ཤེས་རབ་དང་བཅས་པར་བཞེངས་པའོ།། འདིར་ཚོགས་བཅད་ཀྱི་རིམ་པ་གསུངས་པ། གོ་ཙོ་ཞེས་བྱ་བ་ལ་སོགས་པའོ།། གཞན་རྗེས་སུ ་འཛིན་པས་བཅོམ་ལྡན་འདས་རྒྱུ་རྡོ་རྗེ་འཛིན་པས་གཾ་ཙཾ་ལ་སོགས་པས་ས་བོན་བརྒྱད་པོ་རྣམས་ཀྱིས། རྣལ་འབྱོར་མ་བརྒྱད་པོ་རྣམས་ཕྱུང་བ་ན། དེ་ཉིད་ཤེས་རབ་དང་བཅས་པ་ནི་བཅོམ་ལྡན་འདས་ཏེ། ཕྱིས་ཆུར་གྱུར་ཅིང་སྔགས་སུ ་གྱུར་པས། གཟུགས་མང་པོ་ལྟ་བུར་གཟུགས་སུ་གྱུར་པ་བཤད་པའི་རྒྱུད་དུ་གསུངས་པ། ཁྲོ་བོའི་ཕྱག་རྒྱའི་གདན་གྱི་སྟོང་དུ་གནས་པའི་བདུད་རྣམས་མནན་པས་ཆུའི་རྣམ་པའི་གཟུགས་ལེས་བཞེངས་པའོ།། ཡང་གསུངས་པ། དང ་པཾ་སྐྱེས་བུ་བསམས་དེ་ནས།། མཁའ་འགྲོ་མ་ཡི་འཁོར་ལོ་སྤྲོ།། མཚམས་ཀྱི་ལྷ་མོས་བསྐུར་བར་བྱ།། བསྐུལ་ནས་འཁོར་ལོའི་འདྲེན་པ་ནི། ཞེས་བྱ་བ་ལ་སོགས་པའོ།། ཕྱག་བརྒྱ་ཡང་བཤད་པར་བྱ་སྟེ། གཡས་པའི་ཞབས་ཀྱིས་བརླ ་སླེབས་ཤིང་།། གཡོན་པའི་ཞབས་རྩེས་ས་མནན་པ།། མནན་པ་འམ་བཟློག་ནས་མནན་པ་ནི།། ཁྲོ་བོའི་ཕྱག་རྒྱ་གདན་དུ་བརྗོད་ཅེའོ།། སྐུ་བརྗོད་ནས་བཅོམ་ལྡན་འདས་ཀྱི་སྔགས་གསུངས་པ། རིགས་བྱེད་རྣམས་ཀྱི་དང་པོ་ཉིད་ཅེས་བྱ་བ ་ལ་སོགས་པ་ལ། རིག་བྱེད་ནི་ངེས་བརྗོད་དང་། མཆོད་སྦྱིན་དང་། སྙན་དངགས་དང་། སྲིད་སྲུངས་དང་བཞི་སྟེ། དབྱངས་ཀྱི་ཡི་གེ་བཞིའི་བརྡ་རྣམས་སོ།། ངེས་བརྗོད་ནི་ཨོའོ།། སྙན་དགས་ནི་ཨཱའོ།། གཞན་དག་ནི་ཨཾ་ཨའོ།། དེ་ལ་རིག་བྱེད ་རྣམས་ཀྱི་དང་པོ་ནི་ཨོཾ་སྟེ། ང་ལ་ཡང་ཟླ་བ་ཕྱེད་པས་བརྒྱན་པའོ།། དེ་ནས་ཞེས་བྱ་བ་དང་། ཞེས་ཞེས་བྱ་བ་དང་། དེའི་རྗེས་སུ་ཞེས་བྱ་བའི་ཚིག་གསུམ་སྤངས་པ་ནི་སྔགས་སོ།། གལ་ཏེ་བདག་མེད་མའི་དཀྱིལ་འཁོར་ལྟར་འདི་ཡང་དཀྱིལ་འཁོར ་དུ་བརྗོད་པ་དེའི་ཚེ་འདི་ཡང་འཕར་མ་གཉིས་ཡིན་ནམ་ཞེས་ཡིད་ལ་སེམས་པའི་ཐེ་ཚོམ་སུན་དབྱུང་བར། འཕར་མ་གཅིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷག་མ་ནི་གོ་སླའོ།། དཀྱིལ་འཁོར་དུ་གཞུགས་པའི ་རབ་ཀྱི་ཁྱད་པར་ནི་མ་དང་སྲིང་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་དེ་ཁོ་ནའི་ལེའུ་ལས་བཤད་པའི་རིམ་པས་རྟོགས་པར་བྱའོ།། བཅུག་པའི་རིམ་པས་ཅི་ཞིག་བྱ་ཞེས་སྙམ་པ་ལ། དེ་ལ་དབང་བསྐུར་སྦྱིན་པར་བྱ་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། དེ་ལ་དཀྱིལ་འཁོར་དུ་བརྒྱད་པོ་རྣམས་ཀྱིས་དབང་སོ་ཤིང་དང་མེ་ཏོག་བསྒྱུར་བ་ལ་སོགས་པ་སྐལ་པ་དང་ལྡན་པའི་སློབ་མ་ལ་སྦྱིན་པར་བྱའོ།། ཇི་ལྟར་དེ་རྣམས་སྦྱིན་པར་བྱ་ཞེས་སྙམ་པ་ལ། ཇི་ལྟར་གསུངས ་པ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་བཤད་པའི་རྒྱུད་དུ་རྒྱས་པའི་རིམ་པས་གསུངས་པ་དེ་བཞིན་དུ་ཤེས་ནས་སྦྱིན་པར་བྱའོ།། ཡང་གཞན་དུ་ན་བླ་མ་དང་སློབ་མ་ལ་མི་དགེ་བར་འགྱུར་རོ།། དེ་ལ་འདི་ནི་རིམ་པ་སྟེ། དཀྱིལ ་འཁོར་འཁོར་ལོ་བསྟན་པར་བྱ།། ལྷ་ཡི་གནས་ཀུན་རིགས་རྒྱལ་དང་།། ལྷ་མོའི་མཚན་མ་པད་ནང་དུ།། ལྡན་པ་རྟོགས་བྱས་དེ་རྗེས་སུ།། དཀྱིལ་འཁོར་ཤར་དུ་ཁྲུ་གཉིས་དོར།། དཀྱིལ་འཁོར་སྙིང་པོའི་ཕྱེད་ཚད་ནི།། དཀྱིལ་འཁོར་མཚན ་ཉིད་ལྡན་པ་ཡི།། དཀྱིལ་འཁོར་གཞན་དུ་སློབ་མ་བཀྲི། དེ་ལ་མཆོད་ཡོན་ཞབས་སོགས་སྦྱིན།། མ་ལུས་རྒྱལ་པོའི་ཆོ་ག་བྱས་ནས།། བླ་མ་སློབ་མའི་དགེ་བ་ཡི།། འདོད་པའི་བཀྲ་ཤིས་བླང་བར་བྱ།། དཔལ་འཛིན་དང་ནི་གསེར་གྱི་རི་བོ་ལྟར།། ་འཇིག་རྟེན་གསུམ་མགོན་དྲི་མ་གསུམ་དང་བྲལ།། སངས་རྒྱས་པདྨའི་འདབ་མ་རྣམ་རྒྱས་སྤྱན།། དེ་ཡི་བཀྲ་ཤིས་དེང་ཁྱོད་བཀྲ་ཤིས་ཤོག། དེ་ཡིས་གསུངས་པ་རབ་མཆོག་གཡོ་བ་མེད།། འཇིག་རྟེན་གསུམ་གྲགས་ལྷ་དང་མིས་མཆོད་པ།། ་ཆོས་མཆོག་སོ་སོའི་སྐྱེ་བོ་ཞི་མཛད་པ།། འཇིག་རྟེན་གཉིས་པའི་བཀྲ་ཤིས་དེས་ཁྱོད་ལའང་།། ཐོས་པའི་བཀྲ་ཤིས་ཕུན་ཚོགས་དམ་ཆོས་ལྡན།། དགེ་འདུན་ལྷ་དང་ལྷ་མིན་མིས་མཆོད་པ།། ངོ་མཚར་དཔལ་གནས་རབ་མཆོག་ཚོགས་རྣམས་ཀྱིས།། ་འཇིག་རྟེན་གསུམ་པའི་བཀྲ་ཤིས་དེས་ཁྱོད་ལའང་།། གང་ཞིག་བཀྲ་ཤིས་དགའ་ལྡན་ལྷ་ཡི་ཤིང་རྟའི་སྙིང་པོ་ནས།། ཞུགས་པ་འགྲོ་བ་རྣམས་ལ་ཕན་ཕྱིར་འདིར་ནི་གཤེགས་པ་ནི།། དབང་པོར་བཅས་པའི་ལྷ་རྣམས་རྣཾས་འབྲང་དེ་བཞིན་གཤེགས ་པ་ཡི། དེ་ཡི་བཀྲ་ཤིས་དེ་རིང་ཁྱོད་ལ་ཞི་བར་བྱེད་གྱུར་ཅིག། གང་ཞིག་བཀྲ་ཤིས་འདབ་སར་འཚེར་བ་མེ་ཏོག་ཆར་འབབ་པ།། འདི་ཉིད་ལུམ་བི་ནི་ཡི་ཚོལ་དུ་མང་པོའི་ལྷས་བལྟས་པ།། མགོན་པོའི་སྐྱེ་བ་རྣམས་གྱུར་སྲིད་པའི་མཐར་གྱུར་པའི།། དེ་ཡི ་བཀྲ་ཤིས་དེ་རིང་ཁྱོད་ལ་ཞི་བར་བྱེད་གྱུར་ཅིག། གང་ཞིག་བཀྲ་ཤིས་སྣ་ཚོགས་སྐྱོན་རྣམས་རྣམ་པར་གཞོམ་པའི་ཕྱིར།། དགྱེས་པས་དཀའ་ཐུབ་ཚལ་དུ་མངོན་པར་བྱུང་བ་ནམ་ཕྱེང་ན།། དབང་པོར་བཅས་པའི་ལྷ་རྣམས་རྗེས་འབྲང་དེ་བཞིན་གཤེགས ་པ་ཡི།། དེ་ཡི་བཀྲ་ཤིས་དེ་རིང་ཁྱོད་ལ་ཞི་བར་བྱེད་གྱུར་ཅིག། གང་ཞིག་བཀྲ་ཤིས་ཀླུ་ཡི་རྒྱལ་པོས་ཡང་དག་བསྟོད་པ་དང་།། ཆུ་འགྲམ་ཉིན་པར་མཆོད་ཡོན་ཕྲེང་བས་ཡོངས་སུ་བསྐོར་བ་དང་།། ཞི་དོན་ངོ་མཚར་རྨད་དུ་གྱུར་པ་སྲིད་པ་གཅོད་པ ་ཡིད་དེ་ཡི་བཀྲ་ཤིས་དེ་རིང་ཁྱོད་ལ་ཞི་བར་བྱེད་གྱུར་ཅིག། གང་ཞིག་བཀྲ་ཤིས་གྲོང་ཁྱེར་མཆོག་གྱུར་སེར་སྐྱ་ཞེས་བྱ་བར།། བདག་ཉིད་ཆེན་པོའི་ལྷ་རྣམས་འཆི་འཕོ་མེད་སོགས་ཀྱིས་བསྟོད་པ།། དེ་བཞིན ་གཤེགས་པའི་དགེ་བ་མཐའ་ཡས་ཡོད་པར་གྱུར་པ་ཡི།། དེ་ཡི་བཀྲ་ཤིས་དེ་རིང་ཁྱོད་ལ་ཞི་བར་བྱེད་གྱུར་ཅིག། གང་ཞིག་བཀྲ་ཤིས་སེམས་ཅན་ཀུན་ལ་ཕན་ཕྱིར་བྱང་ཆུབ་ཏུ།། དམ་པའི་ཆོས་ཀྱི་རིན་ཆེན་ཚོགས་ཀྱི་ཐུབ་པར་གྱུར་པ ་ནི། སེམས་ཅན་དོན་དུ་གྲུབ་པར་ཤིན་ཏུ་རྒྱས་པར་བརྩོན་པ་ཡི།། དེ་ཡི་བཀྲ་ཤིས་དེ་རིང་ཁྱོད་ལ་ཞི་བར་བྱེད་གྱུར་ཅིག། གང་ཞིག་བཀྲ་ཤིས་འབར་བར་གྱུར་པའི་གསེར་གྱི་སྐུ་ལྟ་བུ།། བཻ་ཌཱུརྱ་ཡི་མདོག་གི་རྩཝ་ཡི་གདན་གྱི་སྟེང་དུ་ཡང་དག་གམ། ་སྐྱིལ་ཀྲུང་ཤིན་ཏུ་དམ་པར་བཅས་པ་མཆོག་ཏུ་གྱུར་པའི་སྐུ།། དེ་ཡི་བཀྲ་ཤིས་དེ་རིང་ཁྱོད་ལ་ཞི་བར་བྱེད་གྱུར་ཅིག། གང་ཞིག་བཀྲ་ཤིས་བཅོམ་ལྡན་ཤིང་གི་རྒྱལ་པོའི་རྩ་བ་རུ།། བྱམས་པའི་སྟོབས་ཀྱིས་བདུད་ཚོགས་ཀུན་ལས་རྣམ་པར ་རྒྱལ་བ་དང་།། ས་དང་མཁའ་ལ་རྣམ་པ་སྣ་ཚོགས་ངོ་མཚར་གྱུར་པ་ཡི།། དེ་ཡི་བཀྲ་ཤིས་དེ་རིང་ཁྱེད་ལ་ཞི་བར་བྱེད་གྱུར་ཅིག། གང་ཞིག་བཀྲ་ཤིས་བ་ར་ཎཱ་སིར་ཆོས་ཀྱི་འཁོར་ལོ་མཆོག། བཞུགས་པར་གྱུར་པའི་བདེ་བར་གཤེགས་པའི ་སྟོན་པ་གསང་བ་དང་།། ས་དང་མཁའ་ལ་ངོ་མཚར་རྨད་དུ་གསལ་བར་གྱུར་པ་ཡི།། དེ་ཡི་བཀྲ་ཤིས་དེ་རིང་ཁྱོད་ལ་ཞི་བར་བྱེད་གྱུར་ཅིག། གང་ཞིག་བཀྲ་ཤིས་ཕན་པར་བྱེད་པ་མཆོག་ཏུ་མཆོད་ཕྱིར་ཐོགས།། བསོད་ནམས་བྱ་བ་བྱེད་པ ་འཕགས་པའི་སྐྱེ་བོས་མངོན་བསྟེན་པ།། བཅོམ་ལྡན་ཐུབ་པ་ཤཱཀྱ་སེང་གེས་ཐམས་ཅད་བླངས་པ་ཡི།། དེ་ཡི་བཀྲ་ཤིས་དེ་རིང་ཁྱོད་ལ་ཞི་བར་བྱེད་གྱུར་ཅིག། དྲིལ་བུ་བསྐྱོད་ཅིང་རྡོ་རྗེ་གསོར།། བཀྲ་ཤྲཱིས་གླུ་དང་ལྡན་པས་སོ།། གསེར ་ལ་སོགས་པའི་སྟན་གནས་པ།། དེ་ལ་དེ་ཡི་དབང་བསྐུར་བྱ།། སློབ་མ་བཀའ་སྩལ་བྱ་བ་དང་།། དེ་ལ་དེ་ལྟའི་དབང་ལས་ནི།། ཕྱག་རྒྱ་མགུལ་ནས་འཁྱུད་པ་ཡི།། གང་ཞིག་ལྷ་ཡི་སྦྱོར་བས་སྦྱིན།། དང་པོ་ཆུ་ཡིས་དབང་གིས་དང་།། ་གཉིས་པ་ཅོད་པན་དབང་གིས་དང་།། གསུམ་པ་རྡོ་རྗེའི་དབང་གིས་དང་།། རང་གི་བདག་པོ་བཞི་པ་དང་།། ལྔ་པ་མིང་གི་དབང་བསྐུར་བྱ།། དྲུག་པ་རྫོགས་པའི་སངས་རྒྱས་ཉིད།། བདུན་པ་བུམ་པའི་དབང་དང་ནི།། བརྒྱད་པ་གསང་བའི་དབང ་གིས་དང་།། དགུ་པ་ཤེས་རབ་དབང་ཡང་ནི།། དེ་ཉིད་རྡོ་རྗེའི་སྦྱོར་བ་ལས།། བརྟུལ་ཞུགས་དང་ནི་ལུང་བསྟན་ཉིད།། འདི་དག་ཇི་བཞིན་རིམ་པས་སྦྱིན།། རང་གི་རིག་མའི་སྐྱེས་བུ་ཆུས།། ཀུན་ནས་བུམ་པ་བརྒྱད་རྣམས་ཀྱིས།། ཐུགས་ཀྱི ་རྡོ་རྗེ་རབ་བསྒོམས་པས།། རྡོ་རྗེ་བསམས་ནས་དབང་བསྐུར་བྱ།། རྡོ་རྗེ་ཉི་མ་རྣམ་བསྒོམ་པས།། དེ་ལ་དབུ་རྒྱན་སྦྱིན་པར་བྱ།། ཐམས་ཅད་སྔོན་བཞིན་བསྣམས་ནས་ནི།། རྡོ་རྗེ་ཚོགས་བཅང་སྦྱོར་བ་ལས།། སློབ་མ་འཇིག་རྟེན་དབང་བྱས་ནས།། ་རྡོ་རྗེ་ཆེན་པོ་རྩེ་དགུ་པ།། སྙིང་གར་རང་གི་ལག་བྱས་ནས།། རྡོ་རྗེ་སེམས་དཔས་བསྐུར་བར་བྱ།། རྡོ་རྗེའི་དབང་གིས་སངས་རྒྱས་ཀྱིས།། དེ་རིང་ཁྱོད་ཀྱིས་དབང་བསྐུར་འགྱུར།། དེ་ནི་སངས་རྒྱས་ཐམས་ཅད་ཉིད།། ཤིན་ཏུ་གྲུབ་ཕྱིར ་རྡོ་རྗེ་གཟུང་།། སློབ་མ་རྟ་མཆོག་བསམས་ནས་ནི།། ལག་པས་རྡོ་རྗེ་དྲིལ་འཁྲོལ་བས།། རྡོ་རྗེའི་བདག་པོས་དབང་བསྐུར་བྱ།། ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥིཉྩ་མི་ཏིཥྛ་བཛྲ་སཱ་མ་སྟྲ། སློབ ་མ་རྣམ་སྣང་བྱས་ནས་ནི།། མིང་གིས་ཀྱང་ནི་དབང་བསྐུར་བྱ།། ཨོཾ་བཛྲ་སཏྭ་སྟྭཾ། ཨ་བྷི་ཥིཉྩ་མི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཀྱེའི་རྡོ་རྗེ་ཆེ་གེ་མོ་རྡོ་རྗེ་ཞེས་བྱའོ།། དངོས་པོ་གང་གང་འདོད་དེ་ཀུན།། གཙོར་ཏེ་རང་གི་ལྷག་པའི ་ལྷ།། ཆོས་རྣམས་རང་བཞིན་རྙོག་མེད་དག། གང་ཞིག་སངས་རྒྱས་ཡེ་ཤེས་ལྟོས།། ད་ནི་སངས་རྒྱ་ས་ཐམས་ཅད་ལྟོས།། རྡོ་རྗེ་སེམས་དཔའི་ཕྱག་ན་གནས།། རྡོ་རྗེ་སྙིང་པོ་བརྟུལ་ཞུགས་བརྟན།། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ ་ཟུང་།། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ས་མ་སྟྭཾ་དྷཱ་ར་ཡ་མི་ཧི་ཧི་ཧི་ཧི་ཧཱུཾ། བདེ་གཤེགས་ཚིགས་བཅད་བདག་ཅག་གི། རིམ་པ་བསྡུ་བར་བྱ་བ་ནི།། བླ་མའི་ཞལ་ལས་གསལ་བར་འགྱུར།། དབང་རྣམས་ཀྱང་ནི ་འབྱུང་བར་འགྱུར།། འདི་དག་ནི་དབང་དྲུག་པོ་རྣམས་སོ།། བླ་མ་སློབ་མས་ཕྱག་འཚལ་ནས།། ཐལ་མོ་སྦྱར་བ་བྱས་ནས་ནི།། མདུན་དུ་འདུག་ནས་འཆང་བ་ཡི།། ཚིགས་བཅད་ཀྱིས་ནི་ཞུ་བར་བྱ།། བྱང་ཆུབ་རྡོ་རྗེ ་སངས་རྒྱས་ལ།། ཇི་ལྟར་ཆེན་པོའི་ཚེ་སྤྲུལ་པ།། བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར།། རྡོ་རྗེ་མཁའ་སོགས་བདག་ལ་སྩོལ།། ཅེས་སློབ་མས་ཞུས་པ་དང་། བླ་མས་སྐད་ཅིག་མ་གཅིག་བསམ་གཏན་གྱི་ཡིད་ཀྱིས་གནས ་ནས། དེ་དབང་བསྐུར་བའི་དོན་དུ་སངས་རྒྱས་ཀྱི་དཀྱིལ་འཁོར་གྱི་མཆོག་སྤྲོའོ།། ངོས་སུ་རྒྱལ་མཚན་འཕན་ལ་སོགས།། གླུ་དང་རྔ་སོགས་མང་པོ་རྣམས།། གདུགས་དང་བླ་བྲེའི་འོག་གནས་སུ།། གནས་པའི་སློབ་ལ ་འདི་སྐད་བརྗོད།། དབང་བསྐུར་རིན་ཆེན་ཆེན་པོ་ནི།། ཁམས་གསུམ་གྱིས་ནི་ཕྱག་བྱས་པ།། གསང་གསུམ་གནས་ལས་བྱུང་བ་ཡི།། སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ།། བུམ་པའི་དབང་ནི་དང་པོ་སྟེ།། གསང་བའི ་དབང་ལས་གཉིས་པའོ།། གསུམ་པ་ཤེས་རབ་ཡེ་ཤེས་ཏེ།། བཞི་པ་དེ་ཡང་དེ་བཞིན་གཤེགས།། ཐམས་ཅད་ཐབས་ཀྱི་ཆོ་ག་ཡིས།། ཐམས་ཅད་བླ་མེད་མཆོད་པ་དང་།། ཕྱི་ནས་རྡོ་རྗེ་ལག་ནས་ལག། སློབ ་མ་རྡོ་རྗེ་བརྟུལ་ཞུགས་སྦྱིན།། ཐོག་མཐའ་མེད་པའི་སེམས་དཔའ་ནི།། རྡོ་རྗེ་སེམས་དཔའ་དགའ་ཆེན་པོ།། ཀུན་ཏུ་བཟང་པོ་ཀུན་བདག་ཉིད།། རྡོ་རྗེ་སྙེམས་མའི་བདག་པོའི་གཙོ།། ཤེས་རབ་ཕ་རོལ་ཕྱིན་བྱུང་བའི།། རྡོ་རྗེ་དྲིལ ་བུ་ཞེས་བྱའི་མིང་།། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར།། ཡང་ནི་དེ་ལ་དྲིལ་བུ་སྦྱིན།། དེ་ནི་སངས་རྒྱས་ཐམས་ཅད་ཀྱི།། ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བརྗོད།། རྒྱལ་བས་བྱང་ཆུབ་མཆོག་གསུངས་པ།། ཁྱོད་ཀྱིས་ཀྱང ་ནི་རྟག་ཏུ་ཟུང་།། འདི་ཉིད་ཀྱི་ནི་དོན་དུ་ནི།། རྡོ་རྗེ་རབ་གནས་རྡོ་རྗེ་ནི།། ཚེ་དང་དྲིལ་བུ་ཆེན་པོ་ཟུང་།། དེང་ཉིད་རྡོ་རྗེ་སློབ་དཔོན་གྱུར།། སློབ་མ་བསྡུ་བ་ཉིད་དུ་གྱིས།། མཁའ་འགྲོ་ལྔ་དང་ལྡན་པ་དང་།། དམ་ཚིག་ལྔ་ཡིས་གང ་བ་དང་།། མཁའ་འགྲོ་མ་ཡི་ཚོགས་ལྡན་པས།། རྡོ་རྗེ་སློབ་མ་དབང་བསྐུར་བྱ།། དཀྱིལ་འཁོར་པདྨ་ཞེས་སུ་གསུངས།། ཡིད་ཀྱིས་དཀྱིལ་འཁོར་དམ་པ་ཉིད།། གཞལ་མེད་ཁང་ཞེས་བཤད་པ་སྟེ།། སེམ ་ནི་གཞལ་ཡས་སྲིད་ཉིད་དོ།། དེ་ཡི་ཕྱི་རོལ་གྲུ་བཞི་པའི།། ཚད་ནི་མཉམ་པ་ཉིད་གྱུར་པའི།། གང་ཞིག་བྱམས་པ་ལ་སོགས་སེམས།། ཐིག་བཞི་ཞེས་ནི་བརྗོད་པ་ཉིད།། ཐིག་གང་ཡང་དག་བཤད་པ་ནི།། སྦྱོར་བས་ཆོས་ཀྱིས ་རྗེས་དྲན་པའོ།། ལྟ་བ་ཀུན་ལས་རྣམ་གྲོལ་བ།། ཡེ་ཤེས་ཐིག་ཏུ་བརྗོད་པ་ཉིད།། རྒྱན་གང་ཡང་དག་བཤད་པ་ནི།། ཚུལ་ཁྲིམས་ཀྱི་ནི་སྡོམ་པ་མཆོག། དབང་པོ་གཉིས་ལ་སོགས་པའི་སེམས།། ལྔ་ནི་ར་བར་འབྱུང་བ་ཉིད།། གང ་ཞིག་སྒོ་ཞེས་བཤད་པ་ནི།། རྣམ་པར་ཐར་པ་རྣམ་པ་བཞི།། ཡང་དག་སྤོང་བ་བཞི་པོ་ནི།། རྟ་བབས་ཀ་བ་ཉིད་དུ་བརྗོད།། དྲན་པ་ཉེ་བར་གཞག་པ་བཞི།། ཁ་ཁྱེར་བཞི་ནི་བརྗོད་པ་ཉིད།། སྒོ་གང་རྣམ་པ་བཞི་པོ་དེ།། རྫུ་འཕྲུལ་རྐང ་པ་རྣམ་པ་བཞི།། དེ་བཞིན་མེ་ཏོག་ཕྲེང་འདྲི་བ།། བྱང་ཆུབ་ཡན་ལག་ཕྲེང་བ་བདུན།། འཕགས་ལམ་ཡན་ལག་བརྒྱད་པ་ནི།། ཀ་བ་བརྒྱད་པོ་ཞེས་བརྗོད་དོ།། ལམ་གྱི་ཡེ་ཤེས་ཁྱད་པར་ནི།། རྔ་ཡབ་ཏུ་ནི་ཡོངས་སུ་གྲགས།། གང ་ཞིག་དོ་ཤལ་བཤད་པ་ནི།། ཉོན་མོངས་ཐམས་ཅད་བཅད་པའི་ཕྱིར།། ཀུན་ཏུ་བཅད་པའི་ངོ་བོ་ཡིས།། ཉོན་མོངས་འཕྲོག་པས་དོ་ཤལ་ཉིད།། ཚོགས་གཉིས་ངག་ནི་སྦྱོར་བ་ལས།། འཁོར་ལོ་ཡི་ནི་གནས་པ་ཉིད།། ཉོན་མོངས ་རྣམས་ནི་ཕྱེད་གཅོད་པས།། དོ་ཤལ་ཕྱེད་པ་ཉིད་དུ་བརྗོད།། འདི་ནི་དཀྱིལ་འཁོར་གྱི་དེ་ཁོ་ནའོ།། མདོར་བསྡུས་པས་ནི་ཕུང་པོ་ལྔ།། སངས་རྒྱས་ལྔར་ནི་རབ་ཏུ་གྲགས།། རྡོ་རྗེ་སྐྱེ་མཆེད་ཉིད་དག་ནི།། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར ་མཆོག། ས་ནི་སྤྱན་དུ་བཤད་པ་སྟེ།། ཆུ་ཡི་ཁམས་ནི་མ་མཱ་ཀཱི། གོས་དཀར་མོ་དང་སྒྲོལ་མ་ནི།། མེ་དང་རླུང་དུ་རབ་ཏུ་གྲགས།། གཏི་མུག་གཏི་མུག་ལོངས་སྤྱོད་པས།། གཏི་མུག་ཟད་པ་གཤིན་རྗེ་མཐར།། དེས་ནི་ཕུང་པོ་མཐར ་བྱེད་འགྱུར།། ངེས་ན་ཤེས་བྱ་མཐར་བྱེད་འགྱུར།། ཞེ་སྡང་ཞེ་སྡང་ལོངས་སྤྱོད་པས།། ཞེ་སྡང་ཟད་པ་ཤེས་རབ་མཐར།། དེས་ནི་སེམས་ཀྱི་མཐར་བྱེད་འགྱུར།། དེས་ནི་ཉོན་མོངས་མཐར་བྱེད་འགྱུར།། འདོད་ཆགས་འདོད་ཆགས་ལོངས ་སྤྱོད་པས།། འདོད་ཆགས་ཟད་པ་པད་མཐར་བྱེད།། དེས་ནི་ངག་གི་མཐར་བྱེད་འགྱུར།། སྙོམས་འཇུག་མཐར་བྱེད་དེ་བཞིན་ནོ།། གང་ལ་ཉོན་མོངས་ཀུན་ཟད་པ།། དེ་བཞིན་ལས་ཀུན་ཟད་པ་ཉིད།། སྒྲིབ་པ་ཀུན་ཟད་ཡེ་ཤེས་ནི།། བགེགས ་ནི་མཐར་བྱེད་ཅེས་བརྗོད་དོ།། འདི་ནི་ལྷའི་དེ་ཁོ་ན་ཉིད་ཕྱིར་མི་ལྡོག་པའི་སློབ་དཔོན་གྱི་དབང་ངོ་།། མི་བསྐྱོང་སྦྱང་བ་བྱས་པ་དང་།། རྟག་པའི་དྲན་པ་བྱས་ནས་ནི།། སློབ་མ་རིང་མིན་འདུག་པར་ནི།། བྱས་ནས་བླ་མས་དེ་མ་ཐག། མིག་ལ ་གོས་ལ་སོགས་པ་དགབ།། བརྟགས་པའི་སྟན་ལ་བཞག་ནས་ནི།། ཕྱག་རྒྱ་ལྡན་པས་ཞུགས་པ་དང་།། རྡོ་རྗེ་སྦྱོར་བ་བརྩམ་པར་བྱ།། རང་གི་ལྷག་པའི་ལྷར་སྦྱོར་བས།། རྡོ་རྗེ་ས་བོན་སྦྱོར་བས་ནི།། སློབ་མ་རྟག་པར་བསམས་ནས་ནི།། ་རྒྱུན་གྱིས་རིགས་ཀྱིས་མིང་གིས་ན།། ཇི་ལྟར་འདས་པར་སངས་རྒྱས་ཀྱིས།། བྱང་ཆུབ་སྲས་རྣམས་དབང་བསྐུར་བ།། བདག་གིས་གསང་བའི་དབང་བསྐུར་ན།། སེམས་ཀྱི་རྒྱུན་གྱིས་དབང་བསྐུར་རོ།། དེ་ནས་མཟང ་ཟད་དོགས་པའི།། ཉ་ཕྱིས་ལ་སོགས་འཛིན་སྤངས་པའི།། ལྕེ་ཡིས་དག་པའི་ལྕེ་རྩེ་ཡིས།། གཉིས་ལས་བྱུང་བས་ལེན་དུ་གཞུག། བླ་མེད་འདི་ནི་དེ་ཉིད་དེ།། གཉིས་སུ་མེད་ཅིང་མི་འགྱུར་བ།། ཆོས་ཀྱི་དབྱིངས་ཀྱི་རྣམ་པའི་འོད།། དམ་པའི ་བདེ་བ་མྱང་བར་གྱིས།། གཡས་པ་མཆོག་སྦྱིན་སྙིང་གར་ནི།། ཁུ་ཚུར་ཆོས་གོས་ཟེའུ་འབྲུ་དང་།། དེ་ཡི་མགྲིན་པར་དྲིལ་མཚན་ཕྱག། གཏད་ནས་རྡོར་འཛིན་བླ་མས་ནི།། དབུགས་འབྱིན་ཐམས་ཅད་བྱིན་ནས་ནི།། ཤཱཀྱ་ཐུབ་པར་རང་གྱུར། ་པས།། སློབ་མ་ཆེན་པོ་ལུང་བསྟན་ཏེ།། སངས་རྒྱས་ཉིད་གྱུར་ཐེ་ཚོམ་མེད།། ཁྱོད་ལ་འཆི་འཇིགས་མྱ་ངན་མེད།། སྐྱེ་མེད་རྒ་དང་ནད་མེད་ཅིང་།། ཐེག་པ་བདེ་ཆེན་འདི་ལས་ནི།། བདག་གིས་བུ་ཆེན་ལུང་བསྟན་བྱ།། རྡོ་རྗེ་སེམས་དཔའ་བདེ་གཤེགས ་ཀྱིས།། ང་ཡིས་འདི་ལྟར་ཁྱོད་ལུང་བསྟན།། ཤིན་ཏུ་སྲིད་པ་གྲུབ་པའི་ཕྱིར།། སྲིད་པའི་ངན་འགྲོ་ལས་བསྒྲལ་ཏེ།། ཀྱེ་རང་གི་ལྷག་པའི་ལྷ་ཡི་མཚན།། དེ་བཞིན་གཤེགས་པར་ས་འོག་དང་།། མི་ཡུལ་མཐོ་རིས་འགྲུབ་པ་ཉིད། འདི་ནི ་ལུང་བསྟན་པ་དང་གསང་བའི་དབང་དག་གོ།། གོང་མ་འམ་ཡང་ན་གཞན་དག་ནི།། རྒྱུད་གཞན་གསུངས་པའི་རིམ་པས་ནི།། དཔག་མེད་སྦྱོར་བས་སྦྱིན་པ་ལ།། ཕྱག་རྒྱ་བཟང་པོ་རབ་ཏུ་བརྟག། ལྷ་མོ་དགའ་སྦྱིན་མཐར་སྦྱིན་ལ།། སྣ་ཚོས ་གཟུགས་ཅན་སྙིང་རྗེ་ཅན།། ཁྱེར་ཅིག་ཁྱེར་ཅིག་སེམས་དཔའ་ཆེ།། ཁྱེར་ལ་མཆོད་པ་དག་ཏུ་གྱིས།། རྡོ་རྗེ་འཆིང་བའི་སྦྱོར་བས་ནི།། རྡོ་རྗེ་མཆོད་པ་ཡང་དག་བརྩམ།། རྡོ་རྗེ་སེམས་ནི་ཕྱུང་ནས་ནི།། རྡོ་རྗེ་ལྕེ་ཡིས་བཟའ་བར་བྱ།། མཉམ་པའི ་ཁུ་བའི་ཆོ་ག་ལས།། དཀྱིལ་འཁོར་དམ་པ་བྲི་བ་ཉིད།། ཧཾ་མཾ་བསམ་གཏན་བསྐྱེད་བྱས་ནས།། དེ་བཞིན་དབུགས་ནི་སྦྱིན་པར་བྱ།། གསང་བའི་དཀྱིལ་འཁོར་དམ་པ་ཉིད།། མཆོག་ཏུ་བཅུག་ཅིང་མཐོང་བ་ནས།། ངན་འགྲོ་ཀུན་ལས་རྣམ ་པར་གྲོལ།། ཁྱེད་རྣམས་དེང་ཉིང་ལེགས་པར་གནས།། ཐར་པ་བདེ་ཆེན་འདི་ལས་ནི།། ཁྱོད་ལའང་འཆི་བ་ཡོད་མ་ཡིན།། སྤོབས་མིན་འཆད་པའི་འོས་མིན་པས།། གང་ལའང་འཇིགས་མེད་བརྩེ་བར་གྱིས།། དམ་ཚིག་སྡོམ་པ་གྲུབ་པ་ནི།། ་སངས་རྒྱས་ཀུན་གྱིས་མཉམ་གསུངས་པ།། དཔའ་མཆོག་རྟག་པ་ཉིད་དུ་ནི།། འདི་ནི་ཁྱོད་ཀྱིས་རྟག་ཏུ་བསྲུངས།། སློབ་དཔོན་སྨད་པར་མི་བྱ་ཞིང་།། བདེ་གཤེགས་བཀའ་ལས་འདའ་མི་བྱ།། སྤུན་རྣམས་སྨོད་པར་བྱེད་པ་ནི།། ཇི་ལྟར་ཡང་ནི ་སྨྲ་བ་མིན།། སྐལ་མེད་དེ་ཉིད་གཏམ་མི་བྱ།། སྐལ་ལྡན་སེམས་ཅན་བསླུ་མི་བྱ།། བདག་གི་ལུས་ལ་དེས་མི་སྨད།། ཆོས་ཀྱི་ཚད་ནི་བཟུང་མི་བྱ།། བྱང་ཆུབ་སྙིང་པོའི་མཐར་ཐུག་པར།། དཀོན་མཆོག་གསུམ་ནི་སྤང་མི་བྱ།། རྟག་ཏུ་དམ་ཚིག་བསྲུང ་བར་བྱ།། རྡོ་རྗེ་དྲིལ་བུ་གཟུང་བར་བྱ།། གཙུག་ཏོར་རྟག་ཏུ་གཟུང་བར་བྱ།། རྟག་ཏུ་སྦྱིན་སྲེག་དགང་བར་བྱ།། རྟག་ཏུ་དཀྱིལ་འཁོར་བཞེངས་པར་བྱ།། རྟག་ཏུ་བདེ་གཤེགས་རབ་གནས་བྱ།། འབྱུང་པོ་ཆེ་ལ་གཏོར་མ་སྦྱིན། ཞེས་བྱ་བ་ལ་སོགས ་པ་དབུགས་དབྱུང་རྒྱས་པར་བྱའོ།། ཤེས་རབ་ཀྱི་དབང་བསྐུར་ནས། སྨྲ་བྱ་བཞི་པ་དེ་རྗེས་བརྗོད།། རྡོ་རྗེ་དྲིལ་བུ་བདེ་དབྱངས་ཀྱིས།། གཉིད་ཀྱིས་མིག་ནི་རྒྱས་བཏབ་པ།། སངས་རྒྱས་སང་དང་གཉིད་ལོག་འདི།། བཞི ་པ་གསལ་བར་བོས་པ་ཉིད།། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང་།། རྡོ་རྗེ་ན་མཁའི་དཀྱིལ་ལྟ་བུར།། རྡུལ་བྲལ་ཐར་སྦྱིན་ཞི་བ་ཉིད།། ཁྱོད་རང་ཡང་ནི་དེ་ཡི་ཕ།། འདི་ནི་བླ་མ་དམ་པའི་ཞལ་ལས་དཔྱད་པ་བཞི་པའོ།། དབང་བསྐུར་ནས་ཅི་ཞིག་བྱ།། ་ཞེས་སྙམ་པ་ལ། དེ་ལ་དེ་ཉིད་བསྟན་པར་བྱ། ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི། དེ་ཁོ་ན་ཉིད་དང་མཉམ་པ་ཉིད་དམ། དེ་ཁོ་ན་ཉིད་དང་འདྲ་བའམ། དེ་ཁོ་ན་ཉིད་དབྱེར་མེད་པ་འམ། དེ་ཁོ་ན་ཉིད་མཚོན་པར་བྱེད་པའོ།། དེ་ཁོ་ན་གསུངས ་པ་གང་ཡིན་ཞེས་སྙམ་པ་ལ། དགའ་བྲལ་དང་པོ་མཆོག་མཐའ་ཅན་ཞེས་གསུངས་ཏེ། བླ་མས་འཆད་པར་འགྱུར་རོ།། མཐའ་ཡི་མཐའ་ཡིས་ཆེ་བ་ཉིད་ཅེས་བྱ་བ་ནི། དེའི་དུས་སུ་བྱུང་བའི་ཐབས་དང་ཤེས་རབ་དག་གིས་མཆོག་གི་མཆོག་གོ།། ་རེ་ཞིག་མཚོན་པར་བྱེད་པ་ནི་དེ་ལྟ་བུ་ཡིན་ན་ཡང་། མཚོན་པར་བྱ་བ་ཇི་ལྟ་བ་ཡིན་ཞེས་དོགས་པ་ལ། རང་གི་གཡས་ལས་ལག་གཞན་གྱིས། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལག་པ་གཡོན་པའི་སྲིན་ལག་དང་། མཐེ་བོང་རྒན ་པོ་དག་གིས་བླ་མའི་མན་ངག་གིས་ལོངས་སྤྱོད་རྫོགས་པའི་འཁོར་ལོ་རྒྱ་མཚོ་ལྟ་བུ་ལས་སྐྱེ་བའི་རླབས་གཉིས་ནི་དབའ་རླབས་གཉིས་སོ།། བཙིར་ཞེས་བྱ་བ་ནི་བྱིན་གྱིས་བརླབས་པར་བྱ་བའོ།། གང་ཞིག་རྒྱུད་གཞན་གྱི་ལུགས་ཀྱིས། རྒན ་པོའི་སྲིན་ལག་དག་གིས་ནི།། སློབ་མའི་ཁར་ནི་ལྟུང་བར་བྱ། ཞེས་བྱ་བ་ནི་གསང་བའི་དབང་ལ་སྦྱོར་བར་བྱེད་པ་དེ་རྣམས་ཀྱིས་འདི་མི་དྲན་པ་སྟེ། དེ་ནི་ལག་ཏུ་མི་བླང་ཞིང་།། ཉ་ཕྱིར་དུང་ཆོས་ཉིད་དུ་མིན།། མི་འཆི་ལྕེ་ཡིས་བླང་བ་ཉིད།། ་ཅེའོ།། ཡིན་མོད་ཀྱི་གལ་ཏེ་དེ་ལྟར་ན་དེ་ཉིད་དེའི་ཚེ་བྲམ་ཟེ་བོར་ནས་བསྟན་པ་ཁོ་ན་ལ་ཆེར་གུས་པ་ཞེས་བྱ་བའི་རིགས་པ་འདི་རྙེད་པར་འགྱུར་ཏེ། གང་གི་ཕྱིར་འབད་པས་མཚོན་པར་བྱེད་པས་ཡང་མཚོན་པར་བྱ་བ་མི་ཤེས་པ་ཉིད་དུ་གནས་པར ་གྱུར་ཏོ་ཞེ་ན། རླབས་གཉིས་བཙིར་བས་རྟོགས་པར་བྱའོ།། མཚོན་པར་བྱ་བ་བསྟན་པར་མི་ནུས་པས། དཔེ་གཉིས་ཀྱིས་གསུངས་པ། གཞོན་ནུའི་དགའ་བ་ཇི་ལྟ་བ་འམ། ལྐུགས་པའི་རྨི་ལམ་ཞེས་བྱ་བ་ནི། ཇི་ལྟར་གཞོན་ནུ་མས ་དགའ་བ་མི་ཤེས་པའི། ལྐུགས་པས་རྨི་ལམ་དུ་མྱོང་བ་དགའ་བའི་བདེ་བ་འམ། རྨི་ལམ་མཐོང་བ་སྒྲགས་པར་འདི་གཉིས་མི་ནུས་པ་དེ་བཞིན་དུ། མཚོན་པར་བྱ་བའི་ཡེ་ཤེས་སུ་གྱུར་པ་འདི་ཡང་ཞེས་བྱ་བའི་དོན་ཏོ།། དེའི་ཕྱིར ་མཚོན་པར་བྱེད་པ་གང་གི་མཚོན་པར་བྱ་བ་དེ་ཅི་ཞེས་སྙམ་པ་ལ། མཆོག་གི་མཐའ་དང་དགའ་བྲལ་དབུས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཡང་བླ་མས་འཆད་པར་འགྱུར་རོ།། སྟོང་དང་སྟོང་མིན་ལྷན་ཅིག་སྐྱེས་ཞེས་བྱ་བ ་ལ། འདི་ཉིད་ནི་ཧེ་རུ་ཀ་སྟེ། ལྷན་ཅིག་སྐྱེས་པ་ནི་དཔལ་ཧེ་རུ་ཀ་ཞེས་གསུངས་སོ།། སློབ་དཔོན་མཁས་པ་དཔལ་སྦྱང་དཀའ་བའི་ཟླ་བས་མཛད་པ། ཀཽ་མུ་དི་ཞེས་བྱ་བའི་དཀའ་འགྲེལ་ལས། ལེའུ་ལྔ་པའོ།། ་བཅོམ་ལྡན་འདས་ཀྱིས་རྣམ་པར་གསང་བ་ཕྱག་རྒྱའི་རང་སང་གཟུང་བ་སྦྱིན་དུ་འགྲོབ་ཅན་གྱི་ཐོས་སྨྲར་ཚིགླུའི་ལེན་དྲུག་ཏུ་གསུངས་པ། ཟླུམ་སློབ་དཔོན་འདོད་ལྟ་ས་ཞེས་ཐུབ་ལ་སོགས་པའོ།། 8 ་ཞིག་དྲུག་རྒྱའི་དེ་ཁོ་ན་བཤད་ནས། ཡང་བྲིས་སྒྲའི་ཆོ་ག་ཇི་ལྟ་བུ་ཞེས་སྙམ་པ་ལ། འདྲི་མཁན་དམ་ཚིག་ཅན་དང་ནི། ཞེས་བྱ་བ་ལ་སོགས་པ་གསུངས་སོ།། སྒྲུབ་པ་པོ་ཡང་ཞེས་བྱ་བ་ནི། བྲིས་སྒྲ་ཕྱེ་སྟེ་ལྷ་ལ་གསོལ་བ་འདབས ་པ་པོ་སྟེ་ངེས་སོ།། དེ་ནུས་རྒྱུད་ལས་གསུངས་པའི་བསྲུང་བར་བྱ་བ་དང་། བཟའ་བར་བྱ་བའི་དམ་ཚིག་དག་འདི་ལ་སྤྱོད་པའི་ཕྱིར་དམ་ཚིག་ཅན་ནོ།། དེ་བས་ན་དམ་ཚིག་ཅན་ནི་རི་མོ་མཁན་དང་སྒྲུབ་པ་པོའི་ཡང་ཕྱིར། འདྲི་མཁན་ཡང ་དམ་ཚིག་ཅན་གྱིས་སོ།། འདྲི་མཁན་དང་སྒྲུབ་པ་པོ་དག་འབའ་ཞིག་དམ་ཅན་མ་ཡིན་ཞིང་། བྲིས་སྐུའི་སྐུད་པ་མཁལ་བ་ཡང་དམ་ཚིག་ཅན་དུ་བསྟན་པའི་ཕྱིར། དེ་ཡང་དམ་ཚིག་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དམ ་ཚིག་བྱིན་རླབས་ལས་ཞེས་བྱ་བ་ནི། དམ་ཚིག་བསྟེན་པ་ལས་སོ།། རྣམ་པ་ཐམས་ཅད་དུ་ཆོ་ག་འདི་ནི་མ་ཡིན་ཏེ། འོན་ཀྱང་དུས་ཀྱི་ཁྱད་པར་ཉིད་རྟོགས་པར་བྱ་བའི་ཕྱིར། ཟླ་བ་ཉ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། བྲིས ་སྐུ་སྒྲུབ་པའི་རིམ་པ་གསུངས་པ། རང་གི་ཕྱག་རྒྱ་གཡོན་དུ་གཞག་ཅེས་བྱ་བ་ལ་སོགས་པའོ།། སློབ་དཔོན་མཁས་པ་དཔལ་སྦྱང་དཀའ་བའི་ཟླ་བས་མཛད་པ། ཀཽ་མུ་དི་ཞེས་བྱ་བའི་དཀའ་འགྲེལ་ལས། བྲིས་སྐུའི་ཆོ་གའི ་ལེའུ་སྟེ་དྲུག་པའོ།། །། གླེགས་བམ་གྱི་ཆོ་ག་སྔོན་དུ་འགྲོ་བ་ཅན་གྱི་བཟའ་བ་བརྗོད་པའི་ཕྱིར། ལེའུ་བདུན་པ་གསུངས་པ། གྲོ་གར་དམ་ཚིག་ཅན་གྱིས་བྲི་ཞེས་བྱ་བ་ལ་སོགས་པའོ།། གླེགས་བམ་བརྗོད ་ནས་བཟའ་བ་གསུངས་པ། ཚོགས་ཀྱི་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་ལ། ཚོགས་ནི་འཁོར་ཏེ། རྣལ་འབྱོར་མ་བརྒྱད་དང་མཁའ་འགྲོ་མ་ལྔ་རྣམས་སོ།། ཡང་དེ་ལྟར་ཡོངས་སུ་བརྟོགས་པའི་སྲིང་མོ་དང་སྤུན་གྱི་ཚོགས་རྣམས་སོ།། ་དེ་རྣམས་ཀྱི་འདུ་བ་ནི་ཚོགས་ཀྱི་འཁོར་ལོ་རོ།། བཟའ་བ་གྲུབ་པའི་གནས་ནི། དུར་ཁྲོད་རིའི་བྱ་སྐྱིབས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མྱི་མེད་ཕྱི་རོལ་རིའི་བྱ་སྐྱིབས་ནི་རིའི་བྲག་ཕུག་གོ།། དུར་ཁྲོད་ནི་ཡི་དགས་ཀྱི་གནས་སུ་རབ ་ཏུ་གྲགས་པའོ།། ནང་གི་ལ་ཡང་བུ་ལ་གི་རི་དང་། པུལླི་ར་མ་ལ་ཡའོ།། དུར་ཁྲོད་ནི་གང་ལོསཽ་བཅོམ་ལྡན་འདས་ཀྱིས་དབུགས་རྒྱུ་ཞེས་བྱ་བ་ལ་སོགས་པའོ།། མི་མདོ་གྲོང་ཁྱེར་ཞེས་བྱ་བ་ནི་རབ་ཏུ་སོང་བའི་གྲོང་ཁྱེར་རོ།། དབེན་པ་འམ ་རྒྱ་མཚོའི་མཐར་ཞེས་བྱ་བ་ནི། ན་མཁའི་ཆུ་འཛིན་པའི་ངོས་སུའོ།། བཟའ་བ་ནི་ཡེ་ཤེས་ཡོངསུ་སྐྱོང་བའོ།། དེ་ལ་ཞེས་བྱ་བ་ནི་བཟའ་བའི་གནས་སོ།། གདན་དུ་ཞེས་བྱ་བ་ནི་འདིར་འདུག་པའི་ཕྱིར་གདན་ནོ།། བརྟག་པ་དང་ནི་རྣམ་པར་བརྟག ་པར་བྱ་བའོ།། དགུའི་གྲངས་ནི་ཕུང་པོ་ལྔ་དང་ཁམས་བཞིའོ།། རོའི་གཟུགས་ནི་ཤེས་རབ་ཀྱི་རང་བཞིན་ནོ།། སྟག་ནི་ཁྱད་པར་གྱིས་ཀུན་ཏུ་བསྣོལ་བའི་ཕྱིར་རྣམ་པར་རྟོག་པ་དང་བཅས་པའི་སེམས་སོ།། དེའི་པགས་པ་ནི་གཟུགས་ལ་སོགས ་པའི་ཕྱི་རོལ་གྱི་དོན་གྱི་རྣམ་པར་རྟོག་པའོ།། དུར་ཁྲོད་རས་ནི་ཞེས་བྱ་བ་ལ་སོགས་པ་ནི། ཕུང་པོའི་སྒྲིབ་པ་སྟེ། རང་གི་ལྷའི་མངོན་པར་ཞེན་པའོ།། གང་དུ་གང་དེ་ལྟར་དགོད་པར་བྱ་ཞེས་སྙམ་པ་ལ། དབུས་སུ ་ཧེ་རུ་ཀ་བདག་གཟུགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་ཀྱི་དཀྱིལ་འཁོར་གྱི་ནང་དུ་ཀྱེའི་རྡོ་རྗེའི་རང་གི་གཟུགས་ཀྱི་བདག་ཉིད་ཐབས་དང་། ཤེས་རབ་གཉིས་ཀྱི་ལུས་རྣལ་འབྱོར་པ་དང་། རྣལ་འབྱོར་མ་རྣམས་ཀྱི་རྩ་སུམ་ཅུ་རྩ་གཉིས ་པོ་རྣམས་ཀྱིའོ།། དེ་ནས་ཞེས་བྱ་བ་ནི་བཟའ་བའི་དུས་སུའོ།། དགོད་ཅེས་བྱ་བ་ནི་ལས་ཀྱི་དྲུག་པའོ།། ཇི་ལྟར་དགོད་ཅེས་སྙམ་པ་ལ། གནས་ཤེས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གནས་ནི་འབར་བ་འཛིན་པ་ལ་སོགས་པ་ཇི་སྙེད ་པའི་རྩ་རྣམས་སོ།། ཇི་ལྟར་མངོན་བཞིན་ཞེས་བྱ་བ་ནུ་གླེང་གཞིའི་ལེའུ་ལས་གསུངས་པའི་རྩའི་འཁོར་ལོ་རྣམས་སམ་བརྡའི་ལེའུ་ལས་གསུངས་པའི་གནས་ཇི་ལྟ་བའོ།། ཕྱོགས་ཞེས་བྱ་བ་ནི་མདུན་དང་གཞན་དང་། གཡས་དང་གཡོན་དུ་གནས་པའོ།། ། ་ཕྱོགས་བྲལ་ནི་མཐའི་མཚམས་སོ།། ཕྱོགས་དང་ཕྱོགས་བྲལ་དེ་རྣམས་སུ་དེ་ལྟར་ལུགས་འདིས་ངེས་པའི་དོན་བཤད་པས་དེ་ཁོ་ནའི་དོན་གསལ་བ་ཉིད་དོ།། སློབ་དཔོན་མཁས་པ་དཔལ་སྦྱང་དཀའ་བའི་ཟླ་བས་མཛད་པ། ཀཽ་མུ་དི་ཞེས་བྱ་བའི་དཀའ ་འགྲེལ་ལས། བཟའ་པའི་ལེའུ་སྟེ་བདུན་པའོ།། ། བཟའ་བ་ལ་འདུས་པ་རྣམས་ཀྱི་སྤུན་དང་བུ་མོ་ལ་སོགས་པ་རྣམས་དང་། མ་དང་སྲིང་མོ་ལ་སོགས་པ་རྣམས་ཀྱི་གདུལ་བའི་དོན་དུ། བརྒྱད་པ་གདུལ་བའི་ལེའུ་གསུངས ་པ། དེ་ལ་ཕྱག་རྒྱ་ཆེན་པོ་ཇི་ལྟ་བུ་ཞེས་བྱ་བ་ནི། དེ་ནི་ཕྱག་རྒྱ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས། ཕྱག་རྒྱ་ཆེན་པོ་སྟེ། ཐུགས་ཀྱི་རིགས་ལས་བྱུང་བའི་མཱ་མ་ཀཱིའོ།། ཡང་གསུངས་པ། ཕྱག་རྒྱ་ཆེན་པོ་མཱ་མ་ཀི། ལས་ཀྱི་ཕྱག་རྒྱ ་སྤྱན་མ་ཉིད།། དམ་ཚིག་ཕྱག་རྒྱ་སྒྲོལ་མ་སྟེ།། ཆོས་ཀྱི་ཕྱག་རྒྱ་གོས་དཀར་མོ། ཞེའོ། དེ་ཅི་དོན་དམ་པར་བསྟན་ཅིང་བསྒྲག་པར་ནུས་སམ་ཞེས་དོགས་པ་ལ། ཀུན་རྫོབ་རྣམ་པའི་གཟུགས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན ་རྫོབ་རྣམ་པ་ནི་ཐ་སྙད་ལས་བྱུང་བའི་རྣམ་པའོ།། དེའི་གཟུགས་ནི་མང་བ་སྟེ། དེ་བས་ན་མང་བས་ན་ཀུན་རྫོབ་ཀྱི་རྣམ་པའི་གཟུགས་ཀྱིས་སོ།། དེའི་རྣམ་པ་གསུངས་པ། ཤིན་ཏུ་རིང་མིན་ཞེས་བྱ་བ་ལ་སོགས་པ་ནི། རིང་བ་དང་ཐུང་བ་དག། ་ཤིན་ཏུ་དགག་པ་དག་ཚད་དང་ལྡན་པར་བསྟན་པའི་ཕྱིར་རོ།། གནག་པ་དང་དཀར་བ་ཞེས་བྱ་བ་ནི་རབ་ཏུ་དགག་པ་ལས་སྔོ་བསངས་མར་རྟོགས་པར་བྱ་བའི་ཕྱིར་རོ།། པདྨའི་འདབ་མའི་རྣམ་པ་འདྲ་ཞེས་བྱ་བ་ནི། འདིས་རྣམ་པར་འབྱེད་པ་དང ་གསལ་བར་བྱེད་པ་རྣམ་པ་སྟེ། བུད་མེད་ཀྱི་གསལ་བྱེད།། པདྨའི་འདབ་མ་འདྲ་ཞེས་བྱ་བ་ནི། པདྨའི་འདབ་མ་ལྟར་འདི་ཉེ་གནས་འཇོམས་པའི་ཕྱིར་པདྨའི་འདབ་མ་ལྟ་བུའི་རྣམ་པའོ།། ལྷག་མ་ནི་གོ་སླའོ།། གསུངས་པའི་མཚན་ཉིད་ཀྱི ་ཕྱག་རྒྱ་འདི་འཇིག་རྟེན་གྱིས་ཇི་ལྟར་ཤེས་ཞེས་དོགས་པ་ལ། ཕལ་པས་པདྨ་ཅན་དུ་བརྗོད་ཅེས་གསུངས་ཏེ། ཕྱག་རྒྱ་ཆེན་པོའི་མཚན་ཉིད་མི་ཤེས་པ་རྣམས་དང་། མཁས་པ་མ་ཡིན་པ་རྣམས་ཀྱི་ཕྱག་རྒྱ་ཆེན་པོའི་པདྨ་ཅན་དུ་བརྗོད་དོ།། ་དེ་བཞིན་དུ་ཡང་ཙ་རའི་བུས་བརྗོད་པ། ཤིན་ཏུ་རིང་བ་མ་ཡིན་པ་དང་། ཤིན་ཏུ་ཐུང་བ་མ་ཡིན་པ་དང་། ཤིན་ཏུ་གནག་པ་མ་ཡིན་པ་དང་། ཤིནྟ་དཀར་བ་མ་ཡིན་པ་དང་། ཤིན་ཏུ་སྒོམ་པ་མ་ཡིན ་པ་དང་། ཤིན་ཏུ་སྐེམ་པ་མ་ཡིན་པ་དང་། སྐྱེས་བུའི་སྐྱོན་རྣམས་མི་འབྱུང་བ་དང་། ཆ་ཤེས་པ་དང་། ཀུན་རྫོབ་ཀྱི་གྲོས་དང་། བརྡུང་བ་ཤེས་པ་དང་། གར་ཤེས་པ་དང་། གླུ་ཤེས་པ་དང་། མཛེས་པ་དང་། རྟག་ཏུ ་འབབ་པ་དང་། སྤུ་སྤངས་པ་དང་། ཚང་དང་ལྡན་པ་དང་། ལག་པ་དང་རྐང་པའི་ཡལ་ག་མཉེན་པ་དང་། འཛམ་པར་སྨྲ་བ་ཞེས་བྱ་བ་ལ་སོགས་པ་མང་པོས་པདྨ་ཅན་ལ་བསྟོད་དོ།། རྒྱུད་གཞན་ལས་ཀྱང་རི་བོང་ཅན་གྱི་བཞིན་དང་། ་སྟོ་བསངས་དང་། ཉུང་བའི་ཡན་ལག་དང་། དལ་གྱིས་འགྲོ་བ་དང་། མགྲིན་པ་རིང་བ་དང་། པདྨའི་དྲི་དང་ལྡན་པའི་རྡུལ་དང་། རི་དགས་ཀྱི་ལྟ་སྟངས་དང་། རི་དགས་ཀྱི་མགྲིན་པ་དང་། རི་དགས་ཀྱི་ལྷོ་དང་། རི་དགས་ཀྱི་རྒྱལ ་པོའི་རོ་སྨད་དང་། རྐེང་པ་དང་། པདྨའི་འདབ་མ་ལྟ་བུའི་ཉེ་གནས་དང་། དངོས་གྲུབ་སྦྱིན་མ་ནི་པདྨ་ཅན་གསུངས་སོ།། འདིའི་ཉེ་གནས་ཀྱང་གསུངས་པ། སྤུ་མེད་ཤ་ལྡན་སྦོམ་པོ་སྟེ།། རུ་སྦྲུལ་རྒྱབ་འདྲ་དགེ་བ་ཉིད།། གླང་པོའི ་དབང་པོ་མགྲིན་པ་མཚུངས།། རྒྱས་ཤིང་ཤིན་ཏུ་མྱོས་བྱེད་འབབ།། ལྷ་མོ་ཆེན་མོ་འདི་ཅིག་གིས།། ནང་གི་ཡོན་ཏན་སྦྱིན་པ་མོ།། རྟག་པར་སྐལ་བཟང་ཤེས་པར་བྱ།། སྒྲུབ་པ་པོ་ལ་མཆོག་རབ་སྦྱིན། ཞེས་བྱ་བ་ལ་སོགས་པའོ།། ་ལྷན་ཅིག་སྐྱེས་པའི་གཟུགས་ཞེས་བྱ་བ་ནི། རང་གི་ངོ་བོ་སྟེ། དེ་འདི་ལ་ཡོད་པའི་ཕྱིར། ལྷན་ཅིག་སྐྱེས་པའི་དགའ་བའི་གཟུགས་ཅན་མའོ།། དེ་རྙེད་ནས་ནི་ཞེས་བྱ་བ་ནི། ཕྱག་རྒྱ་ཆེན་པོ་གསུངས་པའི་མཚན་ཉིད་ཡང་དག་པར ་ཐོབ་ཅིང་འགྲུབ་པར་འགྱུར་ཏེ། དེའི་དོན་དུ་འདི་ལྟ་བུའི་ཕྱག་རྒྱ་བཙལ་བར་བྱའོ།། ལེའུ་གང་གསུངས་པའི་ཕྱག་རྒྱས་འདུལ་བར་བྱེད་པ་དང་། འདུལ་བ་ལེན་པར་བྱེད་པ་དང་། འདུལ་བར་བྱེད་པའི་ཕྱིར་དབང་པོ་རྣམས་འདུལ་བ་དེ་ནི་འདུལ་བའི ་ལེའུའོ།། སློབ་དཔོན་མཁས་པ་དཔལ་སྦྱང་དཀའ་བའི་ཟླ་བས་མཛད་པ། ཀཽ་མུ་དི་ཞེས་བྱ་བའི་དཀའ་འགྲོ་ལ་ལས། འདུལ་བའི་ལེའུ་ཞེས་བྱ་བ་སྟེ་བརྒྱད་པའོ།། ། གདུག་པ་ཚར་བཅད་པ་སྔོན་དུ་འགྲོ་བའི་སྔགས་ཀྱི་ལེའུ ་བརྗོད་པའི་ཕྱིར། དེ་ནས་ཁ་སྦྱར་འབྱེད་པོའི་མཚན་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁ་སྦྱར་ནི་ལྷམ་པ་དང་། རྩ་ལ་སོགས་པ་ལྟ་བུར་པགས་པ་དང་། བ་སྤུ་ལ་སོགས་པ་རྣམས་ཀྱིས་དཀའ་བའི་ཕྱིར། ཡང་དག་པའི་ཁ ་སྦྱར་ལྟ་བུ་སྟེ། ལུས་ལ་བརྗོད་དོ།། ཡང་ན་ཁ་སྦྱར་ནི་ཐབས་དང་ཤེས་རབ་གཉིས་སོ།། དེ་ལ་ཐབས་ནི་ལུས་སོ།། ཤེས་རབ་ནི་རྣམ་པར་ཤེས་པའོ།། དེ་དག་འདུས་པ་ནི་ཁ་སྦྱར་ཏེ། དེ་ཉིད་སྐྱེ་བོ་རྣམས་ཀྱི་ལུས་སུ་བརྗོད་དོ།། ་དེ་ལས་འབྱེད་པ་ནི་ལུས་ལས་རྣམ་པར་ཤེས་པ་འབྱིན་པ་སྟེ། ཁ་སྦྱར་འབྱེད་པའོ།། དེ་གང་གིས་མཚོན་པ་དང་། བྱེད་པ་དེ་ནི་ཁ་སྦྱར་འབྱེད་པའི་མཚན་ཉིད་དོ།། གང་གིས་རྣམ་པར་ཤེས་པ་ཙམ་གྱིས་ཞེས་བྱ་བ་ནི། གང ་གིས་ཀུན་ཏུ་ཤེས་པ་ཙམ་གྱིས་ཏེ་བྱ་བ་གཞན་ལ་མ་བལྟོས་པར་ཁཱ་སྦྱར་འབྱུང་བའོ།། སྒྲུབ་པ་པོ་དངོས་གྲུབ་ཅེས་བྱ་བ་ནི། ཁ་སྦྱར་འབྱེད་པ་ཟིན་ཅིང་ཐོབ་པའོ།། དེ་ཉིད་ཀྱི་མཚན་ཉིད་བསྟན་པའི་ཕྱིར། བསྒྲུབ ་བྱའི་ལྟེ་བའི་རྩ་བ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚར་བཅད་པ་མདུན་ན་གནས་པའི་ལྟེ་བ་གདོན་པར་བྱ་ཞེས་བྱ་བ་ལ་སོགས་པའོ།། ཇི་ལྟར་སྐྲག་པར་སྐྱེད་ཅེས་བྱེད་པ་སངས་རྒྱས་པ་དང་འགལ་བར་བྱེད་པ་ཁ་སྦྱར་འབྱེད་པའི ་མཚན་ཉིད་འདི་གསུངས་ཞེས་དོགས་པ་སུན་དབྱུང་བར། སྙིང་རྗེས་གསང་པར་བྱ་བ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྙིང་རྗེས་འཇིགས་པ་མེད་པ་དང་། འགལ་བ་མེད་པར་བྱ་བ་ཉིད་དོ།། གཞན་དུ་ན་ཡང་དེ་བཞིན་གཤེགས ་པའི་བསྟན་པ་ལ་གནོད་པར་བྱེད་པ་དང་། ཕ་མ་ལ་གནོད་པར་བྱེད་པ་དང་། བླ་མ་དང་། སངས་རྒྱས་འཇིགས་པ་དང་། མཚམས་མེད་པ་ལྔ་བྱེད་པ་རྣམས་དམྱལ་བར་འགྲོ་བར་འགྱུར་རོ།། དེ་བས་ན་ཇི་ལྟར་དམྱལ་བར་འགྲོ་བར་མི་འགྱུར ་བ་དེ་ཉིད་དུ། བླ་མ་དང་སངས་རྒྱས་ལ་ཞུས་ནས་མཆོག་ཏུ་ཚར་བཅད་པ་ཉིད་ཀྱིས། རྗེས་སུ་བཟུང་བར་བྱའོ།། གཞན་ཡང་སྦྱོར་བ་གཞན་གསུངས་པ། སྐྱེ་བོའི་གཟུགས་མཐོང་ནས་ཞེས་བྱ་བ་ལ་སོགས་པའོ།། ཁ་སྦྱར་ཕྱེ་ནས་དེ་མ ་ཐག་ཏུ་རྣམ་པར་དག་པ་གསུངས་པ། སྲིད་པ་སྦྱོར་བ་ཉམས་དགའ་བ་ཞེས་བྱ་བ་ལ་སོགས་པའོ།། དགོངས་པ་གསུངས་པ། རྟོགས་མེད་དངོས་གྲུབ་སྦྱིན་པ་པོ་ཞེས་སོ།། རྣམ་པར་དག་པ་བརྗོད་ནས་སྔགས་བཏུ་བ་གསུངས་པ། ་དང་པོར་རྣམ་པར་སྣང་མཛད་སྦྱིན། ཞེས་བྱ་བ་ལ་སོགས་པ་ལ། སྔགས་བཏུ་བ་ནི། སྔགས་བཏུ་བ་སྟེ། གསང་བའི་སྔགས་གསལ་བར་བྱེད་པའོ།། དང་པོར་ནི་ཐོག་མར་རོ།། རྣམ་པར་སྣང་མཛད་ནི་ཨོཾ་མོ། ཨུཥྨཱ་རྣམས་ཀྱི ་བཞི་པ་ཞེས་བྱ་བ་ནི་ཧའོ།། པུཀྐ་སཱི་ནི་ཨུའོ།། དེས་བརྒྱན་པ་ནི་ལྡན་པའོ།། སྟོང་པས་མནན་ཞེས་བྱ་བ་ནི། མགོ་བོར་ཐིག་ལེས་བརྒྱན་པའོ།། མདོག་དཀར་མཐར་ནི་སྭཱ་ཧཱ་སྟེ། སྔོན་དུ་བསྙེན་པ་འབུམ་བཟླ་ཞིང་། བསྒྲུབ་པར་བྱ ་བའི་ལུས་ལ་སྦྱར་བ་ནི་རེངས་པར་བྱེད་པའོ།། ཡིག་འབྲུའི་བདག་པོ་ནི་ཨོཾ་མོ།། མཁའ་སྤྱོད་ནི་ཨཾ་ངོ་།། མཐར་སྭཱ་ཧཱ་སྟེ་འབུམ་བཟླས་ནས། ཡན་ལག་གཉིས་ལ་སྦྱར་བ་ནི་དབང་དུ་བྱེད་པའོ།། འབུམ་ཞེས་བྱ་བ་ནི་ཐམས་ཅིད་ལ་སྦྱར ་རོ།། རིག་བྱེད་རྣམས་ཀྱི་དང་པོ་ནི་ཨོཾ་མོ།། དང་པོའི་གཉིས་པ་ནི་ཁའོ།། ཐིག་ལེར་བཅས་ཤིང་མཐར་སྭཱ་ཧཱའོ།། ཞེས་བྱ་བས་ནི་སྐྲོད་པར་བྱེད་པའོ།། རྣམ་པར་སྣང་མཛད་ནི་ཨོཾ་མོ།། གཉིས་པའི་གསུམ་པ་ཞེས་བྱ་བ་ནི་ཛའོ།། ར་དང ་ལྡན་ཞིང་ཆུ་མས་བརྒྱན། ཅེས་བྱ་བ་ནི་ཨི་དང་ལྡན་པའོ།། ཐིག་ལེར་བཅས་ཤིང་མཐར་སྭཱ་ཧཱ་ཞེས་བྱ་བ་ནི་སྣང་བར་བྱེད་པའོ།། ཡིག་འབྲུའི་དབང་ཕྱུག་ནི་ཨོཾ་མོ།། ལྔ་པ་ཉིད་ཀྱི་གསུམ་པ་ནི་བའོ།། མཁའ་འགྲོ་མ་ནི་ཨུ་སྟེ། ་དེ་དང་ལྡན་པའོ།། སྟོང་པ་དང་བཅོས་ཤིང་མཐར་སྭཱ་ཧཱ་ནི་མཐར་ནི་མངོན་སྤྱོད་བྱེད་པའོ།། ཡིག་འབྲུའི་ཐུ་བོ་ནི་ཨོཾ་མོ།། ཧཱུཾ་དང་མཐར་སྭཱ་ཧཱ་ནི་འགུགས་པར་བྱེད་པའོ།། གཏི་མུག་རིགས་ནི་ཨོཾ་མོ།། གྷུ་དང་མཐར་སྭཱ་ཧཱ་ཞེས་བྱ ་བ་ནི་གསོད་པར་བྱེད་པའོ།། དང་པོར་རྣམ་པར་སྣང་མཛད་ནི་ཨོཾ་མོ།། དང་པོ་ཉིད་ཀྱི་དང་པོ་ཉིད་ནི་ཀའོ།། རྡོ་རྗེ་མཁའ་འགྲོ་མ་ནི་ཨུ་དང་ལྡན་པའོ།། མཐར་གནས་པའི་གཉིས་པ་ནི་རའོ།། རྡོ་རྗེ་མཁའ་འགྲོ ་མ་ནི་ཨུ་དང་ལྡན་པའོ།། ཡང་ཀ་ནི་རྡོ་རྗེ་མཁའ་འགྲོ་མ་དང་ལྡན་པའོ།། མཐར་གནས་པ་ནི་གསུམ་པ་ཞེས་བྱ་བ་ནི་ལ་སྟེ་དེ་དང་ལྡན་པའོ།། ཆོམ་རྐུན་མ་ཞེས་བྱ་བ་ནི་ཨེ་སྟེ་ངེས་བརྒྱན་པའོ།། དེའི་རྗེ་སུ་ཧྲཱིཿདང་མཐར་སྭཱ་ཧཱ། ་ནི་ཀུ་རུ་ཀུལླེའི་སྔགས་སོ།། ཨོཾ་ནི་དང་པོ་བཞི་པའི་གསུམ་པ་ཞེས་བྱ་བ་ནི་ངའོ།། ཆོམ་རྐུན་མས་ཞེས་བྱ་བ་ནི་ཨེས་བརྒྱན་པའོ།། མཐར་གནས་པའི་བཞི་པ་ཞེས་བྱ་བ་ནི་ཝའོ།། དེ་ནས་པི་ཙུ་བཛྲཱ་ལྡན་པའོ།། ཨུཥྨ་རྣམས ་ཀྱི་བཞི་པ་ཞེས་བྱ་བ་ནི་ཧའོ།། པུཀྐ་སཱི་ནི་ཞེས་བྱ་བ་ནི་ཨུ་དང་ལྡན་པའོ།། སྟོང་པས་མནན་ཅིང་སུམ་འགྱུར་ཉིད་ཅེས་བྱ་བ་དང་། ལྔ་པའི་གཉིས་པ་ཞེས་བྱ་བ་ནི་ཕའོ།། གསུམ་པའི་དང་པོ་ནི་ཊའོ།། མཐར་སྭཱ་ཧཱ་ནི་ཀྱེའི་རྡོ ་རྗེའི་སྙིང་པོའོ།། རྣམ་པར་སྣང་མཛད་དང་པོར་ཞེས་བྱ་བ་ནི་ཨོཾ་དང་པོར་རོ།། ཛྭ་ལ་ཛྭ་ལ་དང་ལྔ་པའི་བཞི་པ་ནི་བྷའོ།། མཐར་གནས་པའི་དང་པོ་ཞེས་བྱ་བ་ནི་ཡཾ་དང་ལྡན་པའོ།། གྷསྨ་རཱི་ནི་ཨོ་སྟེ་དེ་དང་ལྡན་པའོ།། ཨུཥྨ་རྣམས་ཀྱི ་བཞི་པ་ནི་ཧའོ་རྡོ་རྗེ་མཁའ་འགྲོ་མ་ནི་ཨུ་དང་ལྡན་པའོ།། སྟོང་པ་ནི་ཐིག་ལེ་དང་ལྷན་ཅིག་ཅིང་། སུམ་འགྱུརརོ།། ལྔ་པ་ནི་གཉིས་པའི་ཕའོ།། གསུམ་པའི་དང་པོ་ནི་ཊའོ།། མཐར་སྭཱ་ཧཱ་ནི་ཕྱག་བཞི་པའིའོ།། དང་པོར་ནི་ཨོཾ་མོ།། ་དང་པོའི་དང་པོར་ཞེས་བྱ་བ་ནི་ཀའོ།། ནང་གི་དཀར་མོ་ཞེས་བྱ་བ་ནི་ཨི་སྟེ་དེ་དང་ལྡན་པའོ།། གསུམ་པའི་དང་པོ་ནི་ཊའོ།། དེ་ཡང་ཨི་ངིས་བརྒྱན་པ་སྟེ། གཉི་ག་ཡང་ཉིས་འགྱུརརོ།། ལྔ་པའི་གསུམ་པ་ནི་བའོ།། གཉིས་པའི་གསུམ ་པ་ནི་ཛ་སྟེར་དང་ལྡན་པའོ།། མཐར་ཧཱུཾ་གསུ་མོ།། ལྔ་པ་ཉིད་ཀྱི་གཉིས་པ་ནི་ཕྱའོ།། གསུམ་པའི་དང་པོ་ནི་ཊའོ།། མཐར་སྭཱ་ཧཱ་ནི་ཕྱག་དྲུག་པའིའོ།། དང་པོར་རྣམ་པར་སྣང་མཛད་ཅེས་བྱ་བ་ནི་སྔོན་དུ་ཨོཾ་མོ།། བཞི་པའི་དང་པོར་ནི་ཏའོ།། ་བྱིན་ཟ་ནི་རེ་ཕ་སྟེ་དེ་དང་ལྡན་པའོ།། རོ་ལངས་མ་ནི་ཨེ་སྟེ་དེ་དང་ལྡན་པའོ།། མཐར་གནས་པའི་གསུམ་པ་ནི་ལའོ།། གྷསྨྲྀ་རཱི་ནི་ཨོཾ་སྟེ་དེ་དང་ལྡན་པའོ།། དང་པོའི་དང་པོ་ནི་ཀའོ།། མཐུར་གནས་པའི་དང་པོ་ནི་ཡ་སྟེ། དེ་དང ་འདུས་པའོ།། རྡོ་རྗེ་མ་ནི་དབྱིངས་ཀྱི་གཉིས་པ་སྟེ་དེ་དང་ལྡན་པའོ།། ཀྵ་ནི་ཆོམ་རྐུན་མ་ཡིས་ཞེས་བྱ་བ་ནི་ཨེ་དང་བཅས་པའོ།། ལྔ་པ་ཉིད་ཀྱི་དང་པོ་ནི་པའོ།། ཨུཥྨ་རྣམས་ཀྱི་བཞི་པ་ནི་ཧའོ།། རྡོ་རྗེ་མཁའ་འགྲོ་མ་ནི་ཨུ་སྟེ་དེ་དང ་བཅས་པའོ།། སྟོང་པ་ནི་ཐིག་ལེ་སྟེ། དེས་མནན་པའོ།། སུམ་འགྱུར་ནི་གསུམ་དུ་སྦྱོར་བའོ།། ཕཊ་དང་མཐར་སྭཱ་ཧཱ་སྔགས་འདི་ནི་ཕྱག་གཉིས་པའོ།། བདག་མེད་ཅེས་བྱ་བ་ནི་ཨའོ།། དང་པོའི་དང་པོ་ནི་ཀའོ།། དེ་ལྟར་སྡེ་མཚན་དྲུག ་གི་དང་པོའི་ཡི་གེ་དྲུག་གོ། དང་པོར་ཨོཾ་དང་མཐར་སྭཱ་ཧཱ། འབུམ་བཟླས་པས་གྲོང་ཁྱེར་དཀྲུག་པའི་སྔགས་ཀྱིས་འདོད་པའི་དོན་བྱེད་དོ།། དང་པོར་རྣམ་པར་སྣང་མཛད་དང་། རཀྵ་གཉིས་དང་། ཧཱུཾ་གསུམ་དང་། ཕཊ་དང་ལྷག་མ ་སྭཱ་ཧཱ་ནི་ས་སྦྱང་བའི་སྔགསོ།། རྣམ་པར་སྣང་མཛད་ནི་ཨོཾ་སྟེ་དང་པོའོ།། རྡོ་རྗེ་མ་ནི་ཨཱའོ།། དབྱངས་ཀྱི་མཐའ་ཞེས་བྱ་བ་ནི་ཨཿསྟེ་དེ་དང་ལྡན་པའོ།། མཐར་ཧཱུཾ་ནི་བཟའ་བ་དང་བཏུང་བ་བྱིན་གྱིས་བརླབས ་པའི་སྔགསོ།། དང་པོར་རྣམ་པར་སྣང་མཛད་ནི་སྔོན་དུ་ཨོཾ་མོ།། ཨ་ཀཱ་རོ་མུ་ཁཾ་དང་། ཨུཥྨ་རྣམས་ཀྱི་གསུམ་པ་ནི་སཽའོ།། མཐར་གནས་པའི་བཞི་པ་ནི་ཝའོ།། མགོ་བོརྱ་ར་ཡིས་རྣམ་པར་བརྒྱན། དྷརྨཱ་ཎཱཾ་དེ་མ་ཐག་ཏུ་རྡོ་རྗེ་མ་ནི་ཨའོ།། ་དྱཱ་ནུཏྤནྣ་ཏཱཏ། ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ་མཐར་ཞེས་བྱ་བ་ནི། འབྱུང་པོ་ཐམས་ཅད་ཀྱི་གཏོར་མའི་སྔགསོ།། སློབ་དཔོན་མཁས་པ་དཔལ་སྦྱང་དཀའ་བའི་ཟླ་བས་མཛད་པ། ཀཽ་མུ་དི་ཞེས་བྱ་བའི་དཀའ་འགྲེལ་ལས། སྔགས་བཏུ་བ་ཞེས་བྱ ་བའི་ལེའུ་སྟེ་དགུ་པའོ།། །། སྔགས་ཀྱི་ལེའུ་ལས་བཏུས་པའི་སྔགས་རྣམས་ཀྱིས་བྱ་བ་ལས་ཀྱི་དཔེ་བ་ལས། ཕྲེང་བའི་དབྱེ་བ་དང་། དམ་ཚིག་གི་དབྱེ་བ་ཡང་བརྗོད་པར་ལེའུ་བཅུ་པ་གསུངས་པ། བཟླས་པའི་ཡུལ་ནི་རབ་ཕྱེ་བ ་ཞེས་བྱ་བ་ལ་སོགས་པའོ།། འདིས་བཟླས་པ་བྱེད་པའི་ཕྱིར་བཟླས་པ་སྟེ་ཕྲེང་བའོ།། དེའི་ཡུལ་ནི་དེའི་སྐྱེ་གནས་དང་། དེ་འབྱུང་བའི་གནས་ཏེ། ཤེལ་ལ་སོགས་པའོ།། རེངས་པར་འོ་མའི་བཏུང་བ་ཉིད་ཅེས་བྱ་བ་ལ་སོགས་པའོ།། གསང ་བ་ལ་ནི་སིཧླ་ཉིད། ཅེས་བྱ་བ་ནི་ནང་གི་བཤད་པ་ལ་སོགས་པ་ལྔ་པའོ།། མཐའི་ཤྭ་དང་པོའི་ཤྭ་ཞེས་བྱ་བ་ལ་སོགས་པ་ཕྱི་རོལ་གྱི་དམ་ཚིག་ལྔའོ།། སློབ་དཔོན་མཁས་པ་དཔལ་སྦྱང་དཀའ་བོའི་ཟླ་བས་མཛད་པ། ཀཽ་མུ་དི་ཞེས་བྱ་བའི ་དཀའ་འགྲེལ་ལས། ལེའུ་བཅུ་པའོ།། །། དེ་བཞིན་གཤེགས་པ་རྣམས་ཀྱི་ཀུན་རྫོབ་ཀྱི་རིགས་རྟོགས་པར་བྱ་བའི་ཕྱིར་ལེའུ་བཅུ་གཅིག་པ་གསུངས་པ། ལུས་ཅན་རྣམས་ཀྱི་རིགས་དང་གཟུགས་ཞེས་བྱ་བ་ལ་སོགས ་པ་ལ། རིགས་ནི་རུས་ཏེ། དེ་བཞིན་གཤེགས་པ་ཆེ་གེ་མོ་ཞེས་བྱ་བའི་རིགས་སྐྱེ་བོ་འདི་ལ་གང་གིས་དེ་གཟུགས་སུ་ཡོད་པ་དང་། ངེས་པར་བྱེད་པའི་ཕྱིར་དེ་རིགས་ཀྱི་གཟུགས་ཅན་ནོ།། གང་དང་གང་གིས་མཚན་མ་འམ། ཁ་དོག ་གིས་དེ་དང་དེའི་རིགས་རྟོགས་པ་དེ་ལྷའི་སྦྱོར་བས་སྦྱིན་པའི་ཕྱིར། གང་གིས་སྲིན་ལག་རྩ་བ་ལ།། རྡོ་རྗེ་རྩེ་དགུ་པར་གྱུར་པར།། རྣལ་འབྱོར་པ་གང་ནག་པོ་ཡིན།། ཞེས་བྱ་བ་ལ་སོགས་པ་གསུངས་སོ།། བརྟགས་པ་དང་པོའི་ལེའུ་བཅུ ་པར་གསུངས་པ། ཇི་སྲིད་ཁུ་བ་ལྡན་གྱུར་པ།། དེ་སྲིད་ཕྱག་རྒྱ་བསྟེན་པར་བྱ། ཞེས་ལྷན་ཅིག་སྐྱེས་པའི་གྲུབ་པའི་གནས་ཕུན་སུམ་ཚོགས་པའི་རིམ་གྲོ་བྱེད་པ་ཕྱི་དང་ནང་ལ་དགའ་བ་ལ་སོགས་པ་གསུངས་པ། ཚལ་དང་སྐྱེ་བོ་མེད ་གནས་དང་ཞེས་བྱ་བ་ལ་སོགས་པའོ།། མྱོས་པས་མཚོན་པའི་ལག་པས་ཞེས་བྱ་བ་ལ། མྱོས་པས་མཚན་པ་ནི་ཆང་གི་མཚན་མ་སྟེ། ངལ་བ་མེད་པའོ།། དེ་བྱེད་པའི་ཕྱིར་ཆང་གིས་མཚན་མའི་ལག་པའོ།། དེ་བརྗོད་པའི ་ལས་ཀུན་གྱིས་གསོལ་བ་བཏབ་པའི་ཕྱག་རྒྱ་ལ། འཆད་པར་འགྱུར་བའི་ཁྱོགས་དང་བརླ་བསྐུམས་པ་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་འཇུག་པ་རྣམས་ཀྱི་ལས་སོ།། བྱ་ཞེས་བྱ་བ་ནི་དགའ་བ་ལམ་པའོ།། ཡང་ནི ་མྱོས་པར་བྱེད་པའི་ཕྱིར་མྱོས་བྱེད་དོ།། རང་རང་གི་གནས་སུ་མཚན་པར་བྱེད་པའི་ཕྱིར་མཚན་མའོ།། འོད་གསལ་བས་ལག་པ་ཝཱ་བླ་ནི་འོད་ཟེར་ཏེ། དབྱངས་ཀྱི་ཡ~ཾ་གེ་བཅུ་དྲུག་གོ།། དེ་རྣམས་ཏུ ་ཇི་ལྟར་གནས་པར་བཀོད་པས་མྱོས་བྱེད་ཀྱི་མཚན་མས་མཚན་པའི་ལག་པས་ཏེ་དབྱངས་ཀྱིས་སོ།། ཕྱག་རྒྱ་ཆེན་པོ་ལ་ཞེས་བྱ་བ་ནི་རང་གི་ཕྱག་རྒྱ་ལ་སྟེ། མྱོས་བྱེད་འབྱུང་བའི་ལས་བྱེད་པའོ།། འོག་དང་སྟེང་དང་བྱིན་པ་བརླ་དང་། ་གསང་བ་དང་མཇུག་མུ་ལྟེ་བ་དང་། དེའི་སྟེང་དུ་སྙིང་ག་དང་། ལྐོག་མ་དང་རྐན་དང་ཞོལ་དང་། སྣ་དང་། རྣ་བ་དང་། དཔྲལ་བ་དང་། ལྟག་ཁུང་དུའོ།། ཇི་ལྟར་བྱ་ཞེས་སྙམ་པ་ལ་འོག་དང་སྟང་དུ་ལྟ་བ་ཉིད་ཅེས་བྱ་བ་ལ་སོགས ་པ་གསུངས་ཏེ། ཕྱོགས་གཉི་ག་ཡང་འགལ་བ་མེད་དེ། འདི་ནི་བླ་མས་འཆང་པར་འགྱུར་རོ།། ལྷན་ཅིག་སྐྱེས་པ་ནི་གཉིས་སོ།། དེའི་དོན་ནི་དགོས་པ་སྟེ། ལྷན་ཅིག་སྐྱེས་པའི་དོན་ཏོ།། དེའི་དོན་ནི་སྦྱོར་པོ་ནི་ཕྱག་རྒྱ་ལ ་སྦྱོར་བའོ།། དེ་བརྗོད་པའི་ལེའུ་ནི་ལྷན་ཅིག་སྐྱེས་པའི་དོན་གྱི་སྦྱོར་བའི་ལེའུའོ།། སློབ་དཔོན་མཁས་པ་དཔལ་སྦྱང་དཀའ་བའི་ཟླ་བས་མཛད་པ། ཀཽ་མུ་དཾ་ཞེས་བྱ་བའི་དཀའ་འགྲེལ་ལས་ལྷན་ཅིག་སྐྱེས་པའི་དོན་གྱི་སྦྱོར་བའི་ལེའུ ་སྟེ་བཅུ་གཅིག་པའོ།། །། དཀྱིལ་འཁོར་དུ་ཞུགས་པའི་སློབ་མ་རྣམས་ལ་དེ་ཁོ་ན་བསྒྲགས་པའི་ཕྱིར་དང་། སྣོད་དང་ལྡན་པར་བྱ་བའི་ཕྱིར་སྔར་གྱི་རྗེས་སུ་དབང་གི་ལེའུ་གསུངས་པ། དེ་ནས་རྡོ་རྗེ་ཅན་གྱི་དབང ་བཞིའི་ཚིགས་བཅད་བཀའ་སྩལ་པ། ཞེས་བྱ་བ་ལ་སོགས་པ་ནི་དགའ་བ་བཞི་དང་། ཐ་མི་དད་པའི་ལུས་ཀྱིས་དབང་གིས་ཚིགས་བཅད་བཞིའོ།། དེ་རྣམས་ཀྱི་རྣམ་པ་བཞི་པོ་དེ་རྟོགས་པར་བྱ་བའི་ཕྱིར་ཡང་། ཨ ་ནུཥྱ་དྷའི་ཚིགས་བཅད་ཀྱིས་བསྡུས་པས་ལས་བཞི་པོ་རྟོགས་པར་བྱ་བའི་ཕྱིར་ཡང་། རྡོ་རྗེ་རབ་གནས་རྡོ་རྗེ་ནི།། ཚེ་དང་དྲིལ་བུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིས་ནི་ཚིག་བཞི་ཡོས་རྗེས་སུ་རིམ་པས། ་སློབ་དཔོན་དང་། གསང་བ་དང་། ཤེས་རབ་ཅེས་བྱ་བ་ལ་སོགས་པའི་དབང་བཞི་པོ་རྟོགས་པར་བྱའོ།། བཤད་པའི་རྒྱུད་ལས་ཡང་དེ་རྣམས་ཇི་ལྟར་ཆོ་ག་རྒྱས་པར་དཀྱིལ་འཁོར་གྱི་ཐབས་ལེགས་པར་བསྡུ་བར ་བཏུས་བྱའོ།། དེ་དོན་དུ་གཉེར་བ་རྣམས་ཀྱིས་ལེགས་པར་བསྡུ་བ་ཉིད་དུ་བཙལ་བར་བྱ་སྟེ། དེ་བས་ན་འདིར་མ་བཤད་དོ།། གསང་བ་ལ་སོགས་པ་ཟིན་པར་བྱ་བ་ལ། ཡན་ལག་གཉིས་བྱིན་གྱིས་བརླབས་པ་གསུངས ་པ། ཨོཾ་པདྨ་ཞེས་བྱ་བ་ལ་སོགས་པའོ།། དེ་ནི་རྒྱུད་ཀྱི་རྒྱལ་པོ་ཡང་ཡིན་ལ། ཆེན་པོ་ཡང་ཡིན་པའི་ཕྱིར། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྟེ། སྒྱུ་མའི་བརྟག་པ་ཞེས་བྱ་བ་གཞན་ཀྱེའི་རྡོ་རྗེ་ཞེས་བྱ་བ་འབུམ་ཕྲག་ལྔ་པ། བརྟག་པ ་སུམ་ཅུ་རྩ་གཉིས་པ་ལས་ཕྱུང་བ། བརྟག་པ་གཉིས་ཀྱི་བདག་ཉིད་ཀྱེའི་རྡོ་རྗེའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའོ།། སློབ་དཔོན་མཁས་པ་དཔལ་སྦྱང་དཀའ་བའི་ཟླ་བས་མཛད་པ། ཀཽ་མུ་དི་ཞེས་བྱ་བའི་དཀའ་འགྲེལ་ལས། ཁྱད ་པར་མང་པོ་དང་བཅས་པའི་བསྡུ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་མའི་བརྟག་པ། བརྟག་པ་སུམ་ཅུ་རྩ་གཉིས་པ་ལས་ཕྱུང་བ་བརྟག་པ་གཉིས་ཀྱི་བདག་ཉིད་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཀྱེའི་རྡོ་རྗེ་ལས ་ལེའུ་བཅུ་གཉིས་པའོ།། ། ལྷ་མོ་རྒྱུད་སྟོང་སྙིང་པོའི་གྲངས་ཀྱི་རྩོམ་པ་ས་ལ་དང་པོའི་རི་མོ་ནོ།། བཅོམ་ལྡན་འདས་ཀྱི་ཆེན་པོའི་ཆེན་པོ་ཀྱེའི་རྡོ་རྗེ་ཀོ་མུ་དཾ་ཡི་དཀའ་འགྲེལ་འདི།། མཐའ་ཡས་རྒྱུད་ཀྱིས ་ལྕི་བར་གྱུར་པ་བདག་གིས་བྱས་པས་བསོད་ནམས་གང་བསྒྲུབས་པ།། དེས་ནི་ངེས་པར་སྐྱེ་བོ་གཞན་ཚོགས་འདི་དག་རྒྱུད་རྒྱལ་དེ་ཡི་དོན་རྟོགས་ཤོག། ཐོས་པའི་སྟོན་ཀ་བྱུང་བའི་དཔལ།། སྦྱང་དཀུའི་ཟླ་བ་ཀཽ་མུ་དི། ་མཁས་པའི་ཙ་ཀོར་ཚེགས་ཀྱིས་ནི།། བསོད་ནམས་འདིས་ནི་བཏུང་བར་མཛོད།། སློབ་དཔོན་མཁས་པ་དཔལ་སྦྱང་དཀའ་བའི་ཟླ་བས་མཛད་པ། དཔལ་ཀྱེའི་རྡོ་རྗེའི་དཀའ་འགྲེལ་ཀཽ་མུ་དི་ཞེས་བྱ་བ་རྫོགས་སོ།། ་རྒྱ་གར་གྱི་མཁན་པོ་པྲཛྙཱ་ཨིནྡྲ་རུ་ཙི་དང་། ལོ་ཙཱ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། ་