CLOSE WINDOW

GT3199: shes rab kyi pha rol tu phyin pa'i don bsdus pa zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། པྲཛྙཱ་པཱ་ར་མི་ཏཱ་བིནྡཪྴ་ནཱ་མ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྡུས་པ་ཞེས་བྱ་བ། དང་པོར་ཡུམ་ལ་དང་བ་བསྐྱེད་པའི་དོན་དུ་མཁྱེན་པ་གསུམ་གྱི་ཡོན་ཏན་གྱི་སྒོ་ནས་ཡུམ་ལ ་ཕྱག་འཚལ་བ་བསྟན་ཏོ།། དེ་ནས་འཕགས་པ་བྱམས་པ་བདག་ཉིད་བསྟན་བཅོས་དོན་ལྔ་དང་ལྡན་པར་སྟོན་པར་བཞེད་པས་དགོས་པ་བསྟན་ཏོ།། དགོས་པ་ནི་གཉིས་ཏེ། བརྒྱུད་པའི་སྒོ་ནས་དང་། དངོས་ཀྱི་དགོས་པའོ།། བློ ་དང་ལྡན་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་མངོན་སུམ་དུ་བྱེད་པར་འགྱུར་རོ་ཞེས་བྱ་བ་ནི་རྒྱུད་པའི་དགོས་པའོ།། བདེ་བླག་ཏུ་རྟོགས་པ་ནི་རྩོམ་པའི་དངོས་ཀྱི་དགོས་པའོ།། དེ་ནས་ཚིགས ་སུ་བཅད་པ་བཅོ་ལྔས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལུས་རྣམ་པར་བཞག་པ་བསྟན་ཏོ།། དེ་ལ་དང་པོ་གཉིས་ཀྱིས་མདོར་བསྟན་ལ། བཅུ་གསུམ་གྱིས་ནི་ཅུང་ཞིག་རྒྱས་པར་བསྟན་ཏོ།། མདོའི་ཚིག་ལེའུར་བྱས་པ་དང ་པོ་གཉིས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀུན་མངོན་པར་རྟོགས་པ་བརྒྱད་དུ་བསྡུས་པར་བསྟན་ཏོ།། དེ་ལ་གཉིས་ཏེ། གྲངས་ངེས་པ་དང་། གོ་རཱིམ་ངེས་པའོ།། དེ་ལ་གྲངས་ངེས་པ་ནི་མངོན་པར་རྟོགས་པ་བརྒྱད་ནི་རྒྱུ ་དང་འབྲས་བུའི་བདག་ཉིད་ཀྱིས་རྣམ་པ་གཉིས་སོ།། རྒྱུ་ནི་དམིགས་པ་དང་བཅས་པའི་སྦྱོར་བའི་བྱེ་བྲག་གིས་མངོན་པར་རྟོགས་པ་རྣམ་པ་བདུན་ཡིན་ལ། བརྒྱད་པ་ནི་འབྲས་བུའོ།། ཁྱེན་པ་གསུམ་ནི་དམིགས་པ་བསྟན ་པའོ།། ལྷག་མ་མངོན་པར་རྟོག་པ་བཞི་ནི་སྦྱོར་བའོ།། འབྲས་བུ་ནི་ཆོས་ཀྱི་སྐུའོ།། དེ་ལ་བདུན་ཙམ་གྱིས་ནི་མི་རྫོགས་ལ། དགུ་ཕན་ཆད་ནི་འབྲས་བུ་མེད་པས་གྲངས་ངེས་པའོ།། གོ་རིམ་ངེས་པ་ནི ་འབྲས་བུ་ལ་བྲོད་པ་བསྐྱེད་པའི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་པོར་བསྟན་ཏོ།། དེ་ཉིད་ལམ་གོམས་པ་ལས་འབྱུང་བས་དེའི་རྗེས་ལམ་ཤེས་པ་བསྟན་ཏོ།། དེ་ཉིད་མི་མཐུན་པའི་ཕྱོགས་སྤོང་བའི་བདག་ཉིད་ཡིན ་བས་སྤང་བྱ་གཞི་ཤེས་རྗེ་དེའི་རྗེས་ལ་བསྟན་ཏོ།། འབྲས་བུ་ཐམས་ཅད་མཁྱེན་པ་ཐོབ་པར་འདོད་པས་བསྒྲུབ་པ་ཉམས་སུ་བླང་དགོས་པས། དེ་ཡང་ས་དང་པོ་པའི་གནས་སྐབས་ནས་ཡིན་པས་ལས་དང་པོ་པའི་གྲནསུ་སྐབས་སུ ་གོ་ཆའི་སྒྲུབ་པའི་བདག་ཉིད་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ཞེས་བྱ་བ་གོ་རིམ་གྱི་སྦྱོར་བའོ།། དེ་ཉིད་མཐར་ཐུག་པ་ལས་འཇུག་པའི་བསྒྲུབ་པའི་བདག་ཉིད་རྩེ་མོའི་མངོན་པར་རྟོགས་པ་ཞེས་བྱ་བ་རབ་ཀྱིས་སྦྱོར་བའོ།། ་རྩེ་མོ་དེ་ཉིད་དབང་དུ་བྱ་བའི་ཕྱིར་རམ། ཉམས་ན་གསོ་བའི་དོན། ཚོགས་ཀྱི་སྒྲུབ་པའི་བདག་ཉིད་མཐར་གྱིས་པ་ཞེས་བྱ་བ་གོ་རིམས་ཀྱི་སྦྱོར་བའོ།། དེ་ཉིད་མཐར་ཐུག་པས་ངེས་པར་འབྱུང་བའི་སྒྲུབ་པའི་བདག་ཉིད་སྐད་ཅིག ་མ་གཅིག་ལ་མངོན་པར་རྟོགས་པ་ཞེས་བྱ་བ་མཐར་ཕྱིན་པའི་སྦྱོར་བའོ།། དེའི་སྐད་ཅིག་མ་གཉིས་པ་ལ་འབྲས་བུ་ཆོས་ཀྱི་སྐུ་འབྱུང་བས་བརྒྱད་པ་ལ་འབྲས་བུ་ཆོས་ཀྱི་སྐུ་མཛད་པ་དང་བཅས་པའོ།། དེ་ནི་གོ་རིམ་ངེས་པའོ།། ་དོན་བརྒྱད་པོ་དེ་ཡང་བསྡུས་ན་རྣམ་པ་གཉིས་ཏེ། རྒྱུ་དང་འབྲས་བུའོ།། ཡང་ན་རྣམ་པ་གསུམ་སྟེ། དམིགས་པ་དང་། སྦྱོར་བྱ་དང་འབྲས་བུའོ།། དེ་ལ་དང་པོ་གསུམ་ནི་དམིགས་པའོ།། དེའི་སྦྱོར་བ་དང་།། རབ་དང་། ་གོ་རིམ་དང་། མཐར་ཕྱིན་པ་ཞེས་བྱ་བའི་བྱེ་བྲག་གིས་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལ་སོགས་པ་བཞི་ནི་སྦྱོར་བའོ།། ཆོས་ཀྱི་སྐུ་ནི་འབྲས་བུའོ།། དེ་ལ་མངོན་པར་རྟོགས་པ་བརྒྱད་དུ་ངེས་པར་བསྟན ་པ་ནི་དབང་པོ་རྡུལ་པོ་དང་འབྲིང་གི་དབང་དུ་བྱས་པའོ།། རྣོན་པོ་ལ་ནི་དྲུག་གིས་ཆོག་གོ། སྒྲུབ་པ་བཞི་ལམ་དང་སྦྱར་ན་གོ་ཆ་སྦྱོར་བའི་ལམ། འཇུག་པ་མཐོང་བའི་ལམ། ཚོགས་སྒོམ་པའི་ལམ། ངེས་པར་འབྱུང་བ་སྒོམ་པའི ་ལམ་གྱི་ཁྱད་པར་གྱི་ལམ་གྱིས་བསྡུས་མ་དོར་ན་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལ་སོགས་པ་མངོན་པར་རྟོགས་པ་བཞིའི་ངོ་བོ་ཉིད་དོ།། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ཚོགས་ཀྱི་ལམ་གྱི་བསྡུས་པ་མ ་ཡིན་ནམ། ཅི་ལྟར་གོ་ཆ་སྦྱོར་བའི་ལམ་ཡིན་ཞེ་ན། གོ་ཆའི་སྦྱོར་བ་ནི་སྦྱོར་བའི་ལམ་གྱི་གནས་སྐབས་སུ་རྫོགས་པ་ལ་དགོངས་པས་ན་སྦྱོར་བའི་ལམ་ཞེས་བརྗོད་དོ།། དེ་བཞིན་དུ་འཇུག་པ་དང་། ཚོགས་དང་། ངེས་པར་འབྱུང ་བ་ནི་མཐོང་བ་དང་སྒོམ་པ་དང་ཁྱད་པར་གནས་སྐབས་སུ་རྫོགས་པས་ན་ལམ་དེ་དག་གི་རང་བཞིན་དུ་བརྗོད་དོ།། དེ་ནི་མདོར་ན་བསྟན་པོའི་ཚིགས་སུ་བཅད་པ་གཉིས་ཀྱི་དོན་ཏོ།། དོན་བརྒྱད་པོ་དེ་ཡང་རེ་རེ་ནས་བསྟན་པའི ་ཕྱིར་དང་པོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དོན་བཅུས་བསྟན་ཏོ།། དེ་ལ་སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སེམས་བསྐྱེད་ལས་ཁྱད་པར་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པ ་དང་། སེམས་བསྐྱེད་པ་མངོན་སུམ་དུ་བྱ་བའི་དོན་དུ་འམ་འཕེལ་བར་བྱ་བའི་དོན་གྱི་ཕྱིར་གདམ་ངག་གོ།། གདམ་ངག་གི་སྒོ་ནས་སེམས་བསྐྱེད་པ་ཅི་ལྟར་འཕེལ་ཞེ་ན། གདམ་ངག་ཡོད་ན་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་དད་པ་དང་། ་སྤྲོ་བས་བརྩོན་འགྲུས་དང་། བྱང་ཆུབ་ཀྱི་སེམས་ལ་སེམས་རྩེ་གཅིག་ཏུ་སྐྱེ་བ་འབྱུང་བས་ན་ཏིང་ངེ་འཛིན་དང་། བྱང་ཆུབ་ཀྱི་སེམས་ཡང་ནས་ཡང་དུ་དྲན་པ་འབྱུང་བས་ན་དྲན་པ་དང་། བྱང་ཆུབ་ཀྱི་སེམས་ཇི་ལྟ་བ་བཞིན་ཤེས ་རབ་ལ་སོགས་པ་ཐར་པའི་ཆ་དང་མཐུན་པ་དང་། དེ་བཞིན་དུ་རིམ་པ་བཞིན་དུ་འབྱུང་བས་དེ་ལྟར་ན་གདམ་ངག་གི་སྒོ་ནས་སེམས་བསྐྱེད་པ་འཕེལ་བ་ཡིན་ནོ།། གདམ་དྲག་དང་ལྡན་པ་ལས་དང་པོ་པ་དང་སྟོབས་ཀྱི་བདག་ཉིད་ཀྱི ་ད་པ་ལ་སོགས་པ་སྐྱེ་བ་ངེས་པར་འབྱེད་པའི་ཡན་ལག་རྣམ་པ་བཞི་བསྟན་ཏོ།། དེ་ལ་གཙུབ་ཤིང་གཙུབ་པའི་གནས་སྐབས་སུ་དང་པོ་གྲང་བའི་རེག་པ་སེལ་མི་ནུས་པའི་དྲོ་བ་ཙམ་འབྱུང་བ་བཞིན་དུ་མ་དད་པ་ལ་སོགས་པ་བས ་སྟོབས་ཆུང་བའི་དད་པ་ལ་སོགས་པ་ལྔ་ནི་དྲོད་ཅེས་བྱའོ།། མཉམ་པར་གྱུར་པའི་གནས་སྐབས་ན་ནི་རྩེ་མོ་ཞེས་བྱའོ།། དྲོད་དང་རྩེ་མོའི་གནས་སྐབས་ཀྱི་དད་པ་ལ་སོགས་པ་ལྔ་ནི་མྱ་ངན་ལས་འདས་པ་ལ་དབང་བྱེད་པ་དང་། ་སྤང་བྱ་སྤོང་མི་ནུས་པའི་ཕྱིར་དབང་པོ་ལྔ་ཞེས་བྱའོ།། མ་དད་པ་ལ་སོགས་པ་བས་སྟོབས་ཆེ་བའི་གནས་སྐབས་ན་ནི་བཟོད་པ་ཞེས་བྱའོ།། མ་དད་པ་ལ་སོགས་པ་མཱ་ལུས་པར་སྤོང་ནུས་པའི་གནས་སྐབས་ན་ནི་འཇིག་རྟེན་པའི་ཆོས་ཀྱི ་མཆོག་ཅེས་བྱའོ།། བཟོད་པ་དང་ཆོས་མཆོག་གི་གནས་སྐབས་ན་ནི་མ་དད་པ་ལ་སོགས་པ་འཇོམས་ནུས་པས་སྟོབས་ཞེས་བྱའོ།། སེམས་བསྐྱེད་པ་ལ་སོགས་པའི་ཆོས་དེ་དག་ཀྱང་རིགས་དང་ལྡན་པ་ལ་སྐྱེ་བས་བསྒྲུབ་པའི་རྟེན ་ཐེག་པ་ཆེན་པོའི་རིགས་བསྟན་ཏོ།། རིགས་དང་ལྡན་པ་དེ་ལ་སྒྲུབ་པ་ཉམས་སུ་བླངས་པ་ལས། འབྱུང་བས་སྒྲུབ་པ་ཉམས་སུ་ལེན་པའི་དམིགས་པ་བསྟན་ཏོ།། ཉམས་སུ་ལེན་པ་དེ་ཡང་འབྲས་བུ་མེད་པར་མ་ཡིན་པས་ཆོས་ཀྱི་སྐུའི ་དབང་ཉིད་ཀྱི་འབྲས་བུ་ཆེད་དུ་བྱ་བ་རྣམ་པ་གསུམ་བསྟན་ཏོ།། འབྲས་བུ་ཐོབ་པར་བྱ་བའི་ལམ་ལ་ནན་ཏན་དུ་བྱ་དགོས་པས་སྤྲོ་བའི་བརྩོན་འགྲུས་ཀྱི་གོ་ཆའི་སྒྲུབ་པ་བསྟན་ཏོ།། གོ་བགོས་པ་ལས་འཇུག་པ་འབྱུང་བས་འཇུག ་པའི་སྒྲུབ་པ་བསྟན་ཏོ།། འཇུག་པ་དང་ལྡན་པ་ལས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་འབྱུང་བས་ཚོགས་ཀྱི་སྒྲུབ་པ་བསྟན་ཏོ།། ཚོགས་བསགས་པ་ལས་ངེས་པར་འབྱུང་བའི་སྒྲུབ་པ་འབྱུང་བས་ངེས་པར་འབྱུང་བའི་སྒྲུབ ་པ་བསྟན་ཏོ།། མདོར་ན་སྒྲུབ་པ་རྣམ་པ་བཞི་ནི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལ་སོགས་པ་སྦྱོར་བ་བཞིའི་བདག་ཉིད་དེ། དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལམ ་ཐམས་ཅད་ཤེས་པར་བྱ་དགོས་པས་དང་པོར་ཉན་ཐོས་བྱང་ཆུབ་སེམས་དཔའི་ལམ་ཤེས་པ་སངས་རྒྱས་ཀྱི་འོད་ཀྱི་ལྷ་རྣམས་ཀྱི་རྣམ་སྨིན་གྱི་འོད་ཟིལ་གྱིས་མནན་པ་ལ་སོགས་པ་རྣམ་པ་ལྔ་ནི་ལམ་ཤེས་པའི་སྦྱོར་བལ།། ་དེ་ལྟར་སྣོད་དུ་རུང་བ་ལྔ་སོགས་པ་རྣམ་པ་ལྔ་དང་ལྡན་པས་ལམ་ཐམས་ཅད་ཤེས་པར་བྱ་དགོས་པས་དང་པོར་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་བསྟན་ཏོ།། འདི་དང་གཞན་པའི་ཡོན་ཏན་གྱི་སྒོ་ནས་བྱང་ཆུབ་སེམས་དཔའི་མཐོང་བའི ་ལམ་བསྟན་ཏོ།། དེའི་ཡོན་ཏན་ཕྱིར་མི་ལྡོག་པ་གཞན་གྱི་ཡོན་ཏན་ནི་སྐྱེ་བ་སྔ་ཕྱིའི་ཤེས་རབ་པོ།། ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཅི་སྟེ་མ་སྨོས་ཤེ་ན། སྐབས་དང་པོར་སྨོས་ཟིན་པས་ན་འདིར་མ་སྨོས་སོ།། འོ་ན་མཐོང་བའི ་ལམ་ཡང་སྨོས་ཟིན་པས་ན་འདིར། ཅི་སྟེ་ཞེ་ན། མ་ཡིན་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱིས་ནི་ཆོས་ཉིད་ཀྱི་རྣམ་པའི་ཚུལ་གྱིས་གཟིགས་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་གཉེན་པོའི་ཚུལ་ཙམ་དུ་ཤེས་པས། སྐབས ་དང་པོ་མཐོང་བའི་ལམ་ལས་ལོགས་ཤིག་ཏུ་བྱང་ཆུབ་སེམས་དཔའི་མཐོང་བའི་ལམ་བསྟན་ཏོ།། ངེས་པར་འབྱེད་པའི་ཡན་ལག་ནཱི་ལས་དང་པོ་པའི་སས་བསྡུས་ལ། ལས་དང་པོ་པའི་གནས་སྐབས་ན་ནི་གཉིས་ཀ་ཡང་ཁྱད་པར་མེད་པས ་ལོགས་ཤིག་ཏུ་མ་བྱས་སོ།། དེས་ནི་སྔར་མ་ཐོབ་པ་ཐོབ་པས་ན་མཐོང་བའི་ལམ་བསྟན་ཏོ།། ཐོབ་པ་ཁྱང་པར་དུ་འགྲོ་བ་ནི་སྒོམ་པའི་ལམ་ཡིན་པས་ན་སྦོམ་པོ་ལམ་བསྟན་ཏོ།། མདོར་བསྡུས་ན་རྣམ་པ་གཉིས་ཏེ། ཟག་པ་དང་བཅས་པ ་དང་ཟག་མེད་པའོ།། དེ་ལ་ཟག་པ་དང་བཅས་པ་ནི་སྦྱོར་བ་དང་དངོས་དང་མཇུག་གི་བྱེ་བྲག་གི་མོས་པ་དང་བསྔོ་བ་དང་རྗེས་སུ་ཡིད་རང་བ་གསུམ་ཡིན་ལ། ཟག་པ་མེད་པ་ནི་སྒྲུབ་པ་དང་ཤིན་ཏུ་རྣམ་དག་གཉིས་སོ།། དེ་ལྟར་ན ་མ་པའི་ལམ་རྣམ་པ་ལྔའོ།། ཅིའི་ཕྱིར་བྱེད་པ་ལོགས་སུ་མ་སྨོས་ཤེ་ན། བྱེད་པ་དང་བཅས་པའི་དབྱེ་རྣམ་པ་ལྔ་ཡིན་པས་ལོགས་ཤིག་ཏུ་མ་སྨོས་སོ།། བསྟོད་པ་དང་བཀུར་བ་དང་བསྔགས་པ་ནི་མོས་པ་རང་དང་གཞན་དང་གཉི་བའི་བྱེ ་བྲག་གི་རྣམ་པ་གསུམ་ལ་གསུམ་ཡིན་པས་མོས་པ་ནི་གནས་སྐབས་ལོགས་ཤིག་ཏུ་མ་སྨོས་སོ།། ཅི་ལྟར་མོས་པ་རེ་རེ་ལ་ཆུང་ངུ་ལ་སོགས་པའི་བྱེ་བྲག་གི་རྣམ་པ་ཉི་ཤུ་རྩ་བདུན་དུ་འགྱུར་པ་དེ་བཞིན་དུ་མོས་པ་དགུ་ཆེན་གསུམ་ལ་བསྟོད ་པ་དང་བཀུར་བ་དང་བསྔགས་པ་དང་། དགུ་མཚན་གསུམ་དུ་འགྱུར་པས་དེ་ཉི་ཤུ་རྩ་བདུན་དུ་འགྱུར་རོ།། དེ་ལྟར་སྒོམ་པའི་ལམ་ནི་རྣམ་པ་ལྔའོ།། ལྔ་པོ་དེ་དང་དེ་དག་ཉིད་ས་གང་དང་གང་གིས་བསྡུས་ཤེ་ན། མོས་པ་ནི་ས་གཉིས་པ ་དང་གསུམ་པ་དང་། བཞི་པས་བསྡུས་སོ།། བསྔོ་བ་ནི་ས་ལྔ་པ་དང་དྲུག་པ་དང་བདུན་པས་བསྡུས་སོ།། རྗེས་སུ་ཡི་རང་བ་ནི་ས་བརྒྱད་པ་དང་དགུ་པས་བསྡུས་སོ།། སྒྲུབ་པ་དང་ཤིན་ཏུ་རྣམ་པར་དག་པ་ནི་ས་བཅུ་པས་བསྡུས་སོ།། ་ཅིའི་ཕྱིར་མོས་པ་རྣམ་པ་གསུམ་ཞེ་ན། དེ་ལ་རང་གི་དོན་དྲི་མོས་པ་ནི་ཆོས་ཀྱི་སྐུ་ཐོབ་པར་བྱེད་པའི་རྒྱུ་མཚན་ཡིན་ལ། གཞན་གྱི་དོན་དུ་མོས་པ་ནི་སྤྲུལ་པའི་སྐུ་ཐོབ་པར་བྱེད་པའི་རྒྱུ་མཚན་ཡིན་ཏེ། གཉིས་ཀའི་དོན་དུ ་མོས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པར་བྱེད་པའི་རྒྱུ་མཚན་ཡིན་པས་མོས་པ་ནི་རྣམ་པ་གསུམ་མོ།། མོས་པ་དང་བསྔོ་བ་དང་རྗེས་སྨྲ་ཡི་རང་བ་ནཱི་ལས་དང་པོ་པའི་གནས་སྐབས་ནཱ་ཡང་ཡང་བྱ ་མ་ཡིན་ནམ། ཅིའི་ཕྱིར་སྒོམ་ལམ་ལ་དེ་གསུམོ་བཞག་ཅེ་ན། མཚན་ཉིད་པ་ནི་སྒོམ་པའི་ལམ་ན་ཡོད་པས་སྒོམ་ལམ་དུ་སྨོས་སོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་གྱི་མི་མཐུན་པའི་ཕྱོགས་བསྟན་པའི་ཕྱིར་ཉན་ཐོས ་རྣམས་ཀྱི་ཐམས་ཅད་ཤེས་པ་ཉིད་བསྟན་ཏོ།། དེ་ལ་དངོས་སུ་ནི་བླང་བར་བྱ་བ་ཡིན་པས་བྱང་ཆུབ་སེམས་དཔའི་ལམ་བླང་བར་བྱ་བར་སྔོན་ལ། ཉན་ཐོས་ཀྱི་ལམ་ནི་དོར་བར་བྱ་བ་ཡིན་པས་དེའི་ཤུགས་ལ་སྟོན་ཏོ།། ་དེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་སྟོང་པ་ཉིད་རྟོགས་པའི་ཤེས་རབ་ཀྱིས་སྲིད་པ་སྟེ་འཁོར་བ་ལ་མི་གནས། སྙིང་རྗེས་ཞི་བ་སྟེ་མྱ་ངན་ལས་འདས་པ་ལ་མི་གནས་སོ།། ཞེས་བསྟན་པས་ན་ཉན་ཐོས ་རྣམས་ནི་ཤེས་རབ་དང་སྙིང་རྗེ་དང་བྲལ་བས་འཁོར་བ་དང་མྱ་ངན་ལྔས་འདས་པ་ལ་གནས་ཞེས་བྱ་བར་ཤུགས་ལྔ་རྟོགས་སོ།། ཉན་ཐོས་རྣམས་ཀྱི་ལམ་ནི་ཐབས་མ་ཡིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་རིང་ངོ་།། ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ནི་ཐབས་ཡིན་པས་ཞི་བ་ཉིད་ཡིན་ནོ།། ཉན་ཐོས་ཀྱི་ལམ་ནི་ཐབས་མ་ཡིན་པས་མི་མཐུན་པའོ། ཕྱོགས་ཡིན་ལ། བྱང་ཆུབ་སེམས་དཔའི་ལམ་ནི་ཐབས་ཡིན་པས་གཉེན་པོ ་ཡིན་ནོ།། དེའི་འོག་ཏུ་སྦྱོར་བ་དང་མཉམ་པ་ཉིད་དུ་བསྟན། དེ་ལ་སྦྱོར་བ་ནི་དྲོད་དང་རྩེ་མོའི་དབང་བཅུའོ།། མཉམ་པ་ཉིད་ནི་བཟོད་པ་དང་ཆོས་མཆོག་གི་སྟོབས་བཅུའོ།། ཉན་ཐོས་ཀྱི་སྦྱོར་བ་དང་མཉམ་པ་ཉིད་ནི་དེའི་ཤུགས ་ལ་རྟོགས་སོ།། དེ་ལྟར་བྱང་ཆུབ་སེམས་དཔའི་མཐོང་ལམ་སྦྱོར་ལོམ་བསྟན་ནས། ཉན་ཐོས་ཀྱི་ལམ་ཤུགས་ལ་རྟོགས་སོ།། བྱང་ཆུབ་སེམས་དཔའི་ལམ་ཡང་ཉན་ཐོས་ཀྱི་ལམ་ཤེས་ཀྱི་སྐབས་སུ་བསྟན་པ་མ་ཡིན་ནམ། ་འདི་ཡང་ལམ་ཡིན་ན་ཅིའི་ཕྱིར་བཟློས་པར་མི་འགྱུར་ཞེ་ན། མ་ཡིན་ཏེ་དཔེར་ན་མེའི་ངོ་བོ་གཅིག་ཡིན་དུ་ཟིན་ཀྱང་། འབར་བ་དང་གསལ་བ་དང་དུ་བསྐྱེད་པའི་བྱེ་བྲག་གིས་མི་འདྲ་བ་བཞིན་དུ་མཁྱེན་པ་གསུམ་ག་ལ་མ་ཡིན་དུ་ཟིན ་ཀྱང་། དང་བློ་ནི་ཆོས་ཉིད་ཀྱི་རྣམ་པའི་ཚུལ་དུ་བསྟན་ལ། གཉིས་པསྣ་ནི་གཉེན་པོ་ཙམ་ཞིག་བསྟན་ཏེ། གསུམ་པས་ནི་གཉེན་པོ་དང་མི་མཐུན་པོའི་ཕྱོགས་ཀྱི་སྒོ་ནས་བསྟན་པ་སྣ་བཟློས་པའི་ཉེས་པ་མེད་དོ།། མཐོང་བའི ་ལམ་བཞིན་དུ་མི་མཐུན་པའི་ཕྱོགས་ཤུགས་ལ་བསྟན་པའི་དོན་དུ་སྒོམ་པའི་ལམ་ཡང་ཅི་སྟེ་མི་སྟོན་ན་ནཱ།། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཉན་ཐོས་ཀྱི་ལོམ་མངོན་སུམ་དུ་བྱ་བ་ཡིན་པས་མཐོང་བའི་ལམ་ནི་བསྟན་ལ། ལམ ་གྱི་འབྲས་བུ་ནི་ཐོབ་པར་བྱ་བ་མ་ཡིན་པས་ཉན་ཐོས་ཀྱི་སྒོམ་པོའི་ལམ་ནི་མ་བསྟན་ཏོ།། འོ་ན་མཐོང་བའི་ལམ་ཡང་གཞན་གྱི་དོན་དུ་མ་ཡིན་ནམ། དེ་བཞིན་དུ་ཉན་ཐོས་ཀྱི་སྒོམ་པའི་ལམ་ཡང་གཞན་གྱི་དོན་དུ་ཅི་སྟེ་མི་སྟོན་ཞེ་ན། ་བདེན་མོད་ཀྱི་སྒོམ་པའི་ལམ་ནི་དངོས་སུ་བྱང་ཆུབ་ཐོབ་པའི་རྒྱུ་མཚན་ཡིན་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཉན་ཐོས་ཀྱི་བྱང་ཆུབ་ཐོབ་པར་འདོད་པ་ན་དམ་བཅས་པ་ཉམས་པའི་དོགས་པར་འགྱུར་བས་སྒོམ་པའི ་ལམ་ནི་མ་བཤད་དོ།། དེ་ལྟར་ན་མཁྱེན་པ་གསུམ་དམིགས་པའི་ཡུལ་བསྟན་ནས། འབྲས་བུ་ཐམས་ཅད་མཁྱེན་པ་ཐོབ་པར་བྱེད་པའི་སྦྱོར་བ་ལས་དང་པོའི་ས་བསྡུས་པ་རྣམ་པ་ཀུན་མངོན་པར་རྟོགས་པའི་སྦྱོར་བ་བསྟན་པར་བྱ་སྟེ། ་དེ་ལ་མཁྱེན་པ་གསུམ་གའི་རྣམ་པ་ཀུན་མངོན་པར་རྟོགས་པ་ནི་གཉིས་ཏེ། སོ་སོ་གནས་སྐབས་ཀྱིས་བསྡུས་པ་དང་། རྣལ་འབྱོར་པའི་རྒྱུད་ཀྱིས་བསྡུས་པའོ།། དེ་ལ་སོ་སོའི་སྐྱེ་བོའི་རྒྱུད་ཀྱིས་བསྡུས་པའི་རྣམ་པོ་ནི་རྗེས་སུ་དཔག་པས ་ཤེས་ལ། རྣལ་འབྱོར་པའི་རྒྱུད་ཀྱིས་བསྡུས་པའི་རྣམ་པ་ནི་རྣལ་འབྱོར་གྱི་མངོན་སུམ་གྱི་ཤེས་སོ།། དེ་ལ་སོ་སོའི་སྐྱེ་བོའི་རྒྱུད་ཀྱིས་བསྡུས་པའི་རྣམ་པ་ནི་རྒྱུ་ཡིན་ལ། རྣལ་འབྱོར་པའི་རྒྱུད་ཀྱིས་བསྡུས་པའི་རྣམ་པ་ནི་འབྲས་བུའོ།། དོན ་བཅུ་གཅིག་པོ་ཐམས་ཅད་དང་པོ་གཏན་ལ་འབེབས་པ་དང་། སྒྲུབ་པ་ཉམས་སུ་ལེན་པའི་བྱེ་བྲག་གིས་ཚོལ་བའི་སྦྱོར་བ་དང་སྒྲུབ་པ་ཉམས་སུ་ལེན་པའི་སྦྱོར་བ་ཞེས་བྱ་བ་རྣམ་པ་གཉིས་སུ་འགྱུར་རོ།། དེ་ལ་དང་པོ་སེམས་མ་བསྐྱེད ་བའི་གོང་རོལ་ནས་རྣམ་པ་ཞེས་བྱ་བ་ནས་ཐབས་མཁས་པའི་བར་དུ་ཤེས་པར་བྱེད་པ་ནི་ཡོངས་སུ་འཚོལ་བའི་སྦྱོར་བའོ།། ཤེས་ནས་དེ་ཐམས་ཅད་ཉམས་སུ་ལེན་པོའི་སྦྱོར་བའོ།། དེ་ལ་དང་པོ་མཁྱེན་པ་གསུམ་གྱི་རྣམ་པ་སོ་སོའི ་སྐྱེ་བོའི་རྒྱུད་ཀྱིས་བསྡུས་པ་བསྟན། སོ་སོའི་སྐྱེ་བོའི་རྒྱུད་ཀྱིས་བསྡུས་པའི་རྣམ་པ་རྣམས་བསྒོམ་པ་ལས་རྣལ་འབྱོར་པའི་རྣམ་པ་བསྐྱེད་པའི་དོན་དུ་སྦྱོར་བ་ཉི་ཤུ་བསྟན། དེ་ལ་ལྔ་ནི་ཚོགས་ལམ་གྱིས་བསྡུས་ལ། བཅོ་ལྔ་ནི་སྦྱོར་ལམ་ནས་ས་བཅུའི་བར ་གྱིས་བསྡུས་སོ།། དེ་ལ་སྦྱོར་བ་ཕྱིན་ཅི་མ་ལོག་པར་བསྒོམས་ན་ཡོན་ཏན་འབྱུང་བས་ཡོན་ཏན་བཅུ་བཞི་བསྟན། ཡོན་ཏན་བཅུ་བཞི་ས་དང་སྦྱར་ན་བཞི་ནི་ངེས་པར་འབྱེད་པས་བསྡུས་སོ།། ལྷག་མ་བཅུ་ནི་ས་དང་པོ་ནས་ས་བཅུ་པའི་བར་གྱིས་བསྡུས་སོ།། ། ་སྦྱོར་བ་ཕྱིན་ཅི་ལོག་ཏུ་བསྒོམས་ན་སྐྱོན་འབྱུང་བས་སྦྱོར་བའི་སྐྱོན་བཞི་བཅུ་རྩ་དྲུག་བསྟན། དེ་ལ་བཅུ་ནི་ཚོགས་ལམ་གྱིས་བསྡུས་སོ།། བཅུ་ནི་དྲོད་ཀྱིས་བསྡུས་སོ།། བཅུ་ནི་རྩེ་མོས་བསྡུས་སོ།། བཅུ་ནི་བཟོད་པས་བསྡུས་སོ།། དྲུག་ནི་ཆོས་མཆོག ་གོ་བསྡུས་སོ།། དེ་ལ་སྦྱོར་བ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པར་མཚན་ཉིད་ཀྱི་སྒོ་ནས་ཤེས་པས་མཚན་ཉིད་དགུ་བཅུ་རྩ་གཅིག་བསྟན་ཏོ།། དེ་ལ་ཤེས་པའི་མཚན་ཉིད་ནི་ཕྱོགས་ཆོས། བྱེད་པའི་མཚན་ཉིད་ནི་མཐུན་པའི་ཕྱོགས་ལ་ཡོད་པའི་ཚུལ་ཁྱད ་པར་གྱི་མཚན་ཉིད་ནི་མི་མཐུན་པའི་ཕྱོགས་ལ་ལྡོག་པའི་ཚུལ། ངོ་བོ་ཉིད་ནི་རྟགས་ཀྱིས་མཚོན་པར་བྱ་བའོ།། དེ་ལ་རང་གི་རྒྱུད་ལ་གཏན་ལ་འབེབས་པར་བྱེད་པའི་ཚེ་ནི་མཁྱེན་པ་གསུམ་ཆོས་ཅན་ནོ།། གཞན་གྱི་རྒྱུད་ལ་གཏན་ལ ་འབེབས་པར་བྱེད་པའི་ཚེ་ནི་སྐྱེས་བུ་ཆོས་ཅན་ནོ།། རྟགས་དང་རྟགས་ཀྱིས་མཚོན་པའི་སྦྱོར་བ་ལྔས་ནི་ཐར་པའི་ཆ་དང་མཐུན་པ་དང་། ངེས་པར་འབྱེད་པའི་ཚེ་དང་མཐུན་པ་དང་ལྡན་པའི་སྐྱེས་བུ་ལས་འབྱུང་བས་ཐར་པའི་ཆ་དང་མཐུན ་པ་དང་། ངེས་པར་འབྱེད་པ་བསྟན། དེ་ལ་ཡོངས་སུ་འཚེལ་བའི་དུས་ནི་མཚན་ཉིད་ཤེས་པ་ཙམ་ཡིན་ལ། རྟགས་དང་རྟགས་ཅན་ལ་སུ་སྦྱོར་བ་སྐྱེས་པར་ཤེས་པ་ནི་ཐར་པའི་ཆ་དང་མཐུན་པ་དང་། ངེས་པར་འབྱེད ་པའི་ཆ་དང་མཐུན་པ་དང་ལྡན་པའི་སྐྱེས་བུ་ལས་འབྱུང་ངོ་།། དེ་ལྟར་སྦྱོར་བ་དང་ལྡན་པའི་སྐྱེས་བུ་ལ་ཕྱིར་མི་ལྡོག་པའི་ཚོགས་བསྟན། ངེས་འབྱེད་མ་ཐོབ་པའི་དུས་ན་ནི་སེམས་མི་བསྟན་ལ། ངེས་འབྱེད་ཐོབ་ཡན་ཆད་ནི་སེམས་བརྟན་པ་ཐོབ ་པ་འབྱུང་བས་ཕྱིར་མི་ལྡོག་པ་ཞེས་བྱའོ་དེ་ལ་ཞིང་དག་པ་ནི་བར་ཆད་མེད་པའི་ཏིང་ངེ་འཛིན་ཐོབ་པར་བྱེད་པའི་རྒྱུ་ཡིན་ནོ།། ཐབས་ལ་མཁས་པ་ནི་ལོག་པར་རྟོག་པ་སེལ་བའི་རྒྱུ་ཡིན་ནོ།། འོ་ན་ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྐབས་འོག ་མ་གཉིས་ལ་ཅིའི་ཕྱིར་སྟོན་ཞེ་ན། ཆུང་ངུ་དང་འབྲིང་དང་ཆེན་པོའི་བྱེ་བྲག་གིས་འདི་དང་འོག་མ་གཉིས་ཏེ་གསུམ་ག་ལ་བསྟན་ཏོ།། མདོར་ན་ལས་དང་པོ་པའི་གནས་སྐབས་ན་ལམ་ཐམས་ཅད་ནི་ཐབས་དང་ཐབས་ལས་བྱུང་བ་ཤེས་པ་དང་། ་ལམ་ཐམས་ཅད་ཀྱི་སྦྱོར་བ་ཉམས་སུ་ལེན་པ་ནི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ཞེས་བྱའོ།། དེ་ལྟར་ན་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་གནས་སྐབས་སུ་ལམ་ཐམས་ཅད་ཀྱི་སྦྱོར་བ་ཉམས་སུ་བླངས་པ ་ནི་དེའི་སྦྱོར་བ་ཅེས་བྱའོ།། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་མཐར་ཕྱིན་པ་ལས་དེའི་རབ་ཅེས་བྱ་བའི་རྩེ་མོའི་མངོན་པར་རྟོགས་པ་བསྟན་པ་དེ་ལ་རྣམ་པ་ཀུན་མངོན་པར་རྟོགས་པའི་སྐབས་སུ་ལམ་ཉམས་སུ་བླངས ་པས་ལམ་ཐམས་ཅད་རྫོགས་པ་འབྱུང་བས་ན་རྩེ་མོའི་མངོན་པར་རྟོགས་པ་ཞེས་བྱའོ།། དེ་ལ་དང་པོར་རྩེ་མོར་ཕྱིན་པའི་རྟགས་བསྟན། དེའི་འོག་ཏུ་བསོད་ནམས་ཀྱི་ཚོགས་རྣམ་པར་འཕེལ་བ་བསྟན། དེའི་འོག་ཏུ་བསྟན་པ་བསྟན། ་དེའི་འོག་ཏུ་སེམས་ཀུན་ཏུ་གནས་པ་བསྟན། བརྟན་པ་དང་། སེམས་ཀུན་ཏུ་གནས་པ་ལ་ཁྱད་ཅི་ཡོད་ཅེ་ན། སེམས་ཅན་གྱི་དོན་སྣ་ཚོགས་པ་བྱེད་ཀྱང་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་དང་མི་འབྲལ་བས་ན་བརྟན་པ་ཞེས་བྱའོ།། དེ་ཁོ་ན་ཉིད་ལ། ་སེམས་གཅིག་པས་ནི་སེམས་ཀུན་ཏུ་གནས་པ་ཞེས་བྱའོ།། དེ་ལ་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་དྲོད་ལ་སོགས་པ་ནི་རྟགས་དང་། རྣམ་པར་འཕེལ་བ་དང་། བརྟན་པ་དང་། སེམས་ཀུན་ཏུ་གནས་པའོ།། འདི་ནི ་རྩེ་མོའི་ངེས་འབྱེད་དོ།། འོ་ན་སྐབས་དང་པོའི་ངེས་འབྱེད་དང་ཁྱད་ཅི་ཡོད་ཅེ་ན། སྐབས་དང་པོར་མཚན་ཉིད་ཙམ་བསྟན་ལ། འདི་ནི་འབྲས་བུ་དངོས་སུ་བསྟན་ཏོ།། འོ་ན་མཐར་གྱིས་པའི་ངེས་འབྱེད་དང་། ཁྱད་ཅི་ཡོད་ཅེ་ན། འབྲིང་དང་ཆེན་པོའི ་ཁྱད་ཡོད་དོ།། དེའི་འོག་ཏུ་མཐོང་བའི་ལམ་བསྟན། དེའི་འོག་ཏུ་སྤང་བྱ་གཟུང་བའི་རྟོག་པ་དང་འཛིན་པའི་རྟོག་པ་བསྟན། དེ་ལ་འཇུག་པའི་ཕྱོགས་དང་ལྡོག་པའི་ནི་ཕྱོགས་ཀྱི་རྟེན་ཅན་གྱི་བྱེ་བྲག་གི་གཟུང་བའི་རྟོག་པ་གཉིས་སོ།། དེ་བཞིན ་དུ་གང་ཟག་རྫས་སུ་ཡོད་པ་དང་། སྐྱེས་བུ་བཏགས་པར་ཡོད་པའི་བྱེ་བྲག་གིས་འཛིན་པའི་རྟོག་པ་ཡང་རྣམ་པ་གཉིས་སོ།། དེ་ལ་གཟུང་བའི་རྟོག་པ་འཇུག་པའི་ཕྱོགས་བྱང་ཆུབ་སེམས་དཔའི་ལམ་དུ་གཟུང་བའོ།། ལྡོག་པའི་ནི་ཉན ་ཐོས་དང་རང་སངས་རྒྱས་ཀྱི་ལུམ་དུ་གཟུང་བའོ།། དེ་ལ་འཛིན་པའི་རྟོགས་པ་གང་ཟག་རྫས་སུ་ཡོད་པ་ནི་གང་ཟག་རྫས་ཀྱི་བདག་ཏུ་འཛིན་པའོ།། སྐྱེས་བུ་བཏགས་པར་ཡོད་པ་ནི་ཆོས་ཀྱི་བདག་ཏུ་འཛིན་པའོ།། དེ་ལ་མཐོང ་བའི་ལམ་སྐད་ཅིག་མ་བཅུ་དྲུག་ཡིན་ལ། དེ་མཐོང་བས་སྤང་བར་བྱ་བ་རྫོགས་པར་ནི་བཅུ་དྲུག་པས་སྤང་ངོ་།། དེ་ལ་སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ཆུང་ངུ་དང་འབྲིང་དང་ཆེན་པོའི་བྱེ་བྲག་གིས་གོ་རིམ་བཞིན་དུ་ས་དགུ་ལ་རྣམ་པ ་དགུ་ཡིན་ལ། དེ་སྤོང་བ་ལ་ལྟོས་ཏེ་སྒོམ་པའི་ལམ་ཡང་རྣམ་པོ་དགུ་ཡིན་ནོ།། དེ་ལས་དགུ་ནི་འདོད་པའི་ཁམས་དང་། བསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་སྟེ་དགུའོ།། དེ་ལ་སྒོམ་པའི་ལམ་ཆུང་ངུས ་ནི་ཉོན་མོངས་པ་ཆེན་པོ་སྤོང་ངོ་།། དེ་བཞིན་དུ་གཉེན་པོའི་ཆུང་ངུའི་ཆུང་ངུ་ལ་སོགས་པའི་རིམ་པས་ཉོན་མོངས་པ་ཆེན་པོ་ལ་སོགས་པ་རིམ་པས་སྤོང་ངོ་།། དེ་ལ་ཉོན་མོངས་པ་ནི་འཇུག་པའི་ཕྱོགས་ཀྱི་རྟེན་ཅན་ལ་སོགས་པ་རེ་རེ་ལ་ཡང ་ཆེན་པོ་ལ་སོགས་པའི་རིམ་པས་དགུ་དགུ་ཡིན་ལ། དེ་བཞིན་དུ་གཉེན་པོ་ཡང་ཆུང་ངུའི་ཆུང་ངུ་ལ་སོགས་པའི་རིམ་པས་དགུ་དགུ་ཡིན་ཏེ། དེ་ལྟར་ན་སྒོམ་པའི་ལམ་ནི་སུམ་ཅུ་རྩ་དྲུག་ཏུ་འགྱུར་རོ།། དེའི་འོག་ཏུ་བར་ཆད་མེད་པའི་ཏིང་ངེ་འཛིན ་ཅེས་བྱ་བ་སྒོམ་པའི་ལམ་གྱི་ཁྱད་པར་གྱི་ལམ་བསྟན་ཏོ།། ཁྱད་པར་གྱི་ལམ་གྱི་གནས་སྐབས་ན་ལོག་པར་རྟོག་པ་ཀུན་སྤོང་བ་ལོག་རྟོག་སེལ་བ་བསྟན་ཏོ།། དེ་ལ་རྒྱུ་འབྲས་ཀྱི་རིམ་པ་ནི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་ངེས་འབྱེད ་རྣམས་རྩེ་མོའི་རྟགས་ལ་སོགས་པ་རྣམ་པ་བཞིའི་སྦྱོར་བའོ།། ཕྱིར་མི་ལྡོག་པ་ནི་མཐོང་བ་སྒོམ་པའི་སྦྱོར་བའོ།། ཞིང་དག་པ་ནི་བར་ཆུད་མེད་པའི་ཏིང་ངེ་འཛིན་གྱི་སྦྱོར་བའོ།། ཐབས་མཁས་པ་ནི་ལོགུ་རྟོགས་སྤེལ་བའི་སྦྱོར་བའོ།། རྩེ་མོ ་ཞེས་བྱ་བ་རབ་ཀྱི་སྦྱོར་བ་བསྟན་ནས་དེ་ཉིད་དབང་དུ་བྱ་བའི་ཕྱིར་རམ། ཉམས་ན་ཕྱིར་གསོ་བར་བྱ་བའི་ཕྱིར་མཐར་གྱིས་པ་ཞེས་བྱ་བའི་གོ་རིམ་གྱི་སྦྱོར་བའོ།། དེ་ལ་སྔར་ནི་ལུགས་དང་མཐུན་པ་དང་། ཐོད་རྒལ་གྱི་སྙོམས་པར་འཇུག་པ ་འཚལ་བ་ཞེས་ཉམས་སུ་བླངས་པའོ།། མཐར་གྱིས་དེའི་སྐབས་སུ་ནཱི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། རྗེས་སུ་དྲན་པ་དྲུག་དང་། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དང་། བཅུ་གསུམ་སྦྱོར་ལམ་ནས་ས་བཅུའི་བར་དུ་གོ་རིམ་བཞིན་དུ ་བསྒོམ་པས་མཐར་གྱིས་པ་ཞེས་བྱའོ།། དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་ཀ་བསྡུས་སོ།། དེ་ལ་རྗེས་སུ་དྲན་པ་དྲུག་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་དང་སྦྱིན་པ་དང་ཚུལ་ཁྲིམས་དང་བསམ་གཏན་གྱི་ཡོན ་ཏན་གོ་རིམ་བཞིན་དུ་དྲན་པའི་རྗེས་སུ་དྲན་པ་དྲུག་གོ།། དེ་ཉམས་པ་ནི་ས་བདུན་པ་མན་ཆད་དུའོ།། དེ་ལ་ལྟོས་ཏེ་ཉམས་པ་གསོ་བའོ།། དབང་དུ་བྱ་བ་ནི་ས་བཅུ་ཐོབ་པ་ཉིད་དུ་བྱ་བའི་ཕྱིར་གོ་རིམ་བཞིན་དུ་བསྒོམ་པའོ།། དེ་ལྔ་ས་བདུན ་པ་མན་ཆད་དུ་ནི་ཚ་ཡིན་པས་རྩེ་མོ་ཞེས་བཏགས་པར་འདུས་ལ། དེ་ཉམས་པ་གསོ་བ་ཞེས་བྱ་བ་ལ་ལྟོས་ཏེ་རྩེ་མོ་ཉམས་པ་གསོ་བ་ཞེས་བྱའོ།། མཚན་ཉིད་པ་ནི་ས་བཅུའི་གནས་སྐབས་ན་ཡོད་ལ་དེ་ལ་ནི་ཉམས་པ་མི་འབྱུང་ངོ་།། ། ་དེའི་དབང་དུ་བྱས་ནས་དེའི་དབྱུང་དུ་བྱ་བའི་ཕྱིར་མཐར་གྱིས་བསྒོམ་པའོ།། དེ་ལྟར་ན་མཐར་གྱིས་པ་ནི་རྣམ་པ་གཉིས་སོ།། དེ་ལ་ཉམས་པ་གསོ་བ་ཞེས་བྱ་བ ་ནི་དབང་པོ་རྟུལ་པོ་ལའོ།། དབང་དུ་བྱ་བའི་ཕྱིར་སྒོམ་པ་ནི་འབྲང་པོ་ལའོ།། མཐོར་གྱིས་པ་ཡོངས་སུ་རྫོགས་པ་ལས་སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པ་ཞེས་བྱ་བ་སྦྱོར་བ་མཐར་ཕྱིན་པ་འབྱུང་བས ་སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པ་བསྟན་པ་དེ་ལ་གོང་དུ་སྒོམ་པའི་ལམ་ཐམས་ཅད་སྐད་ཅིག་མ་གཅིག་ལ་རྫོགས་པས་ན་སྐད་ཅིག་ལ་མངོན་པར་བྱང་ཆུབ་པ་ཞེས་བྱའོ།། དེ་ཡང་མཚན་ཉིད་ཀྱི་རྣམ ་པ་བཞི་སྟེ། རྣམ་པར་སྨིན་པ་མ་ཡིན་པ་དང་། རྣམ་པར་སྨིན་པ་དང་། མཚན་ཉིད་མེད་པ་དང་། གཉིས་སུ་མེད་པའོ།། དེ་ཉིད་སྐད་ཅིག་མ་གཉིས་པ་ལ་འབྲས་བུ་ཆོས་ཀྱི་སྐུ་འབྱུང་བས་དེའི་འོག་ཏུ ་ཆོས་ཀྱི་སྐུ་བསྟན་པ་དེ་ལ་སངས་རྒྱས་ཀྱི་སྐུ་ནི་ངོ་བོ་ཉིད་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་དང་ཆོས་ཀྱི་སྐུ་སྟེ་རྣམ་པ་བཞིའོ།། དེ་ལ་ངོ་བོ་ཉིད་ཀྱི་སྐུ་ནི་རང་བཞིན་རྣམ་པར་དག་པའོ།། ཆོས་ཀྱི་སྐུ་ནི་དྲི ་མ་རྣམ་པར་དག་པའོ།། ལོངས་སྤྱོད་རྫོགས་པའི་སྐུ་ནི་ས་བཅུའི་མངའ་བདག་རྣམས་ང་ལྷན་ཅིག་ཏུ་ཆོས་ཀྱི་ལོངས་སྤྱོད་ལ་སྤྱོད་པའོ།། སྤྲུལ་པའི་སྐུ་ནི་ཉན་ཐོས་ལ་སོགས ་པ་ལ་སྣང་ལ་གཟུགས་སྣ་ཚོགས་ཀྱིས་རྟག་ཏུ་སེམས་ཅན་གྱི་དོན་བྱེད་པའོ།། དེ་ལྟང་ཆོས་ཀྱི་སྒྲ་ལུས་འབྱུང་བས་ཆོས་ཀྱི་སྐུ་མཛད་པ་དང་བཅས་པ་ཞེས་བྱའོ།། དེ་ལྟར་ནི་སྐུ་རྣམ་པ་བཞིའོ།། ཁ་ཅིག་ནི ་ངོ་བོ་ཉིད་དང་ཆོས་ཀྱི་སྐུ་གཅིག་པས་ན་སྒྲ་ནི་གསུམ་ཁོ་ན་ཡིན་ནོ་ཞེས་ཟེར་རོ།། དེ་ནི་མ་ཡིན་ནོ།། ངོ་བོ་ཉིད་ཀྱི་སྐུ་ལ་མཛད་པ་མེད་པས་ན་མཛད་པ་དང་བཙོས་པ་ཞེས་བྱ་བ་མི་འཐད་པར་འགྱུར་རོ།། དེས་ན་མཛད ་པ་དང་བཅས་པ་ཞེས་གསུངས་པས་སྐུ་ནི་རྣམ་པ་བཞི་ཉིད་དུ་བཞེད་པ་ཡིན་ནོ།། དེ་ལྟར་ན་སྐབས་བརྒྱད་དོ།། དེ་ལ་སྐབས་བརྒྱད་ཀྱི་རིམ་པ་ནི་གཉིས་ཏེ། བསྟན་པའི་རིམ་པ་དང་།། སྐྱེ་བའི་རིམ་པའོ།། ་དེ་ལ་བསྟན་པའི་རིམ་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འབྲས་བུ་དང་པོར་བསྣུན་ནས་རྒྱུ་ཕྱིས་འཆད་པའོ།། སྐྱེ་བའི་རིམ་པ་ནི་ངོའི་སྦྱོར་བ་དང་།། དེ་རབ་དང་། དེའི་གོ་རིམ་དང་།། དེའི་མཐོའ་ཞེས་བྱ ་བའི་བྱེ་བྲག་གིས་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལ་སོགས་པ་སྦྱོར་བ་བཞི་ནི་སྔར་བསྟན་ལ།། འབྲས་བུ་ཆོས་ཀྱི་སྐུ་ནི་ཕྱིས་བསྟན་ཏོ།། དེ་ལྷ་སྐབས་བརྒྱད་གང་ཟག ་གཅིག་གིས་ཉམས་སུ་བླང་བའི་རིམ་པ་ནི་མཁྱེན་པ་གསུམ་ཐོས་པའི་ཤྭ་ར་བ་ཀྱིས་ངེས་པར་བྱས་ནས།། དེ་ཉིད་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ཡོངས་སུ་འཚོལ་བའི་དུས་སུ་རྣམ་པ་ནས ་ཐབས་མཁས་པའི་བར་དུ་ལམ་དང་། ལམ་གྱི་རིམ་པ་ཀུན་བསམ་པའི་ཤེས་རབ་ཀྱིས་གཏན་ལྱ་ཕབ་ནས། སེམས་བསྐྱེད་པ་མན་ཆད་ཆོས་མཆོག་ཡན་ཆད་དུ་ལམྦྷ་ཀུན་གྱི་སྦྱོར ་བ་ཉམས་སུ་བླངས་པ་ནི་རྣམ་ཀུན་མངོན་རྫོགས་སོ།། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པར་ལམ་ཐམས་ཅད་ཀྱི་རིམ་པ་ཀུན་སྦྱོར་བ་ཉམས་སུ་བླངས་པས་ལོ་མ་ཀུན་རྫོགས་པ་ནི་རྩེ་མོའོ།། དེ་ཉིད་ཉམ་ས ་ན་གསོ་བ་འམ་མ་ཉམས་ཀྱང་དབང་དུ་བྱ་བའི་ཕྱིར་གོ་རིམ་བཞིན་བསྒོ། མ་པ་ནི་མཐར་གྱིས་པའོ།། དེ་ལྟར་གོ་རིམས་བཞིན་དུ་བསྒོམས་པ་ལས་སྐད་ཅིག་མཱ་གཙིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་འབྱུང ་དེ་ཉིད་ཀྱི་སྐད་ཅིག་མ་གཉིས་པ་ལ་འབྲས་བུ་ཆོས་ཀྱི་སྐུ་འབྱུང་ངོ་།། དེ་ནི་ཉམས་སུ་ལེན་པའི་རིམ་པའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྡུས་པ། རྒྱ་གར་གྱི་མཁན་པོ་ཀུ ་མཱ་ཤྲཱི་བྷ་དྲ་ལེ་ན་ལ་སྡེ་ནས་མཛད་པ་རྫོགས་སོ།། བི་ཏི་ཉིད་དང་།། ལོ་སྡོང་བཀྲ་ཤེས་རྒྱལ་མཚན་གྱིས་བསྐུར་གྱིའོ།། ་