CLOSE WINDOW

GT3194: bcom ldan 'das yon tan rin po che sdud pa'i tshigs su bcad pa'i dka' 'grel zhes bya ba
Wyliee-texts produced with BDRC’s OCR application

རྒྱུ་གར་སྐད་དུ། བྷ་ག་དྷཱ་རཏྣ་གུ་ཎ་ས ་ཡམྦ་མ་འཾ།། ད་སྐྱེད་དུ། བཅོམ་ལྡན་འ ་ཡོན་ཏན་རིན་པོ་ཆེ་སྡུད་པའི་ཚིགས་སུ་བཅད་པའི་དཀའ་འགྲེལ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས ་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། རྟོག་པའི་རྒྱ་མཚོ་ཡང་དག་ཕ་རོལ་ཕྱིན་པའི་དྲི་མེད་མ་ལུས་ཉེར་བསྡུས་པ།། དངོས་པོ ་བརྒྱད་ཀྱི་དེ་ཉིད་རིམ་པ་ཡང་དག་གསལ་བར་བཤད་པ་གང་ཡིན་པ།། སེམས་ཅན་རྣམས་ཀྱིས་རྟོགས་པར་བྱ་ཕྱིར་རབ་དབྱེ ་ཡང་དང་ཡང་གསུངས་རྒྱལ་ཡུམ་ལ། ཕྱག་འཚལ་ནས་ནི་བློ་དམན་རྣམས་ལ་ཕན་པ་བསྐྱེད་ཕྱིར་ཡང་དག་བཤད་པར་བྱ།། སྤྲོས་པས་གསུངས་པ་གོ་བའི་སེམས་ཅན་རྒྱས ་པ་ལ་དགའ་བས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རབ་ཏུ་དབྱེ་བ་སྤྲོས་ནས་མངོན་པར་རྟོགས་པ་བརྒྱད་གསལ་བར་བྱེད་པའི་ཡུམ་སྟོང་ཕྲག་བརྒྱ་པའི་དོན་ཐམས་ཅད་ཉེ་བར་བསྡུས་པའི ་དགོས་པ་ནི་ཉན་པ་པོས་གསལ་བར་རྟོགས་པར་བྱ་བོའི་ཕྱིར་དང་། དབྱངས་ཀྱིས་བསྙད་པ་ལ་མངོན་པར་ཞེན་པོའི་སེམས་ཅན་ལ་རྗེ་སུ་བརྩེ་བར་དགོངས་པའི་ཕྱིར་དང་། ཚིག་སུ ་བཅད་པ་སྦྱར་བ་ལ་བདག་ཉིད་མངའ་བརྙེས་པར་ཤེས་པར་བྱ་བའི་ཕྱིར་དང་། ལེགས་པར་སྦྱར་བ་དང་ལེགས་པར་སྦྱར་བ་མ་ཡིན་པའི་སྒྲ་ལ་མངོན་པར་ཞེན་པ་དགག་པོ་སྔོན་དུ་འགྲོ་བས ་ཚད་མས་གནོད་པ་མེད་པའི་སྐྱེས་བུའི་དོན་ཙམ་ལ་ཉེ་བར་སྦྱོར་བའི་བརྡའི་དབང་གིས་སྒྲ་གཞན་གྱིས་ཀྱང་མངོན་པར་བརྗོད་པའི་ཕྱིརརོ།། སེམས་བསྐྱེད་པ་ལ་སོགས་པའི་ཡོན་ཏན་རིན་པོ་ཆེ་བསྡུས་པའི་ངོ་བོ་ཙམ་ཕྱོགས ་གཅིག་ཏུ་ཐམས་ཅད་ཀྱི་ཐ་མར་གྱུར་པའི་ལེའུ་བཅོམ་ལྡན་འདས་ཀྱིས་ཡུལ་དབུས་ཀྱི་སྐད་ཀྱིས་ཚིགསུ་བཅད་པས་མངོན་པར་བསྟན་ཏོ།། དེ་བས་ན་བློ་དམན་པ་རྗེསུ་བཟུང་བའི་ཕྱིར་འབྲེལ་པ་ལ་སོགས་པ་ཐ་དད་པར་བསྟན་པའི་ཕྱིར་སོ་སོར ་བརྒྱད་སྟོང་པར་བརྗོད་ནས་འདིར་ཡང་བཤད་པར་བྱའོ།། དེ་ལ་འབྲེལ་པ་དང་པོར་བསྟན་པར་བརྗོད་དེ། སྒྲུབ་པར་བྱེད་པ་བསྟན་བཅོས་དང་། དགོས་པ་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་པ་ངོ་བོའི་མཚན་ཉིད་དུ་གྱུར་པར་བསྟན་ཏེ། དེ་ཡང ་དགོས་པ་བརྗོད་པ་ཉིད་ཀྱི་བསྟན་པ་ཡིན་ཏེ། འདི་ལྟར་འདིའི་དགོས་པ་ཡིན་ནོ་ཞེ་སྟོན་པ་པོས་བསྟན་པར་གྱུར་པ་ནི་འདིའི་སྒྲུབ་པར་བྱེད་པ་ཡིན་པས་འབྲེལ་པ་ལེགས་ཤིག་ཏུ་བརྗོད་པར་མི་བྱའོ།། མངོན་པར་རྟོགས་པ་བརྒྱད་འདུས་པའི་རྣམ་པ ་ཐམས་ཅད་མཁྱེན་པ་ཉིད་ནི་བརྗོད་པར་བྱ་བའི་དོན་ཏོ།། འདས་མ་ཐག་ཏུ་བསྟན་པའི་བརྗོད་པར་བྱ་བ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའི་མདོའི་དོན་སྔར་བཤད་པའི་སེམས་ཅན་གྱིས་མདོར་བསྡུས་པས་བདེ་བླག་ཏུ ་རྟོགས་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་མ་ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགསུ་བཅད་པ་བཅོམ་ལྡན་འདས་ཀྱིས་བསྟན་པ་རྒྱུད་ལ་རྟོག་པ་གནས་པ་སྟེ། མ་ལུས་པར་བསྡུས་པའི་དོན་བདེ་བླག་ཏུ་ཁོང་དུ་ཆུད་པ་ནི་བྱ་བའི་འབྲས་བུ་ཐུན་མོང ་མ་ཡིན་པ་ནི་དགོས་པའོ།། ཇི་སྐད་བསྟན་པ་ཉིད་ཀྱི་བརྗོད་པར་བྱ་བ་ཉན་ཐོས་ལ་སོགས་པས་མ་རྟོགས་པ་བཅོམ་ལྡན་འདས་མ་ཚེགས་ཆུང་ངུས་ཐོས་པའི་ཤེས་རབ་ཀྱི་ངེས་པར་བྱས་ནས་དྲན་པའི་ཤེས་པ་ལ་གཞག་སྟེ། བསམས་པའི་ཤེས་རབ་ཀྱིས་གཏན ་ལ་ཕབ་ནས་བསྒོམ་པའི་རང་བཞིན་གྱི་ཤེས་རབ་ཀྱི་རྣམ་པ་ཐམས་ཅད་མངོན་སུམ་དུ་མཛད་པ་ནི་རྗེ་སུ་མཐུན་པའི་ཐབས་ཀྱི་བྱ་བའི་འབྲས་བུ་ནི་དགོས་པའི་ཡང་དགོས་པ་ཡིནོ།། དེ་སྐད་དུ་ཡང་རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། སྟོན་པས་འདི་ལས ་བཤད་པ་གང་།། གཞན་གྱིས་མྱོང་བ་མ་ཡིན་ཏེ། བློ་དང་ལྡན་པས་རྟོགས་འགྱུར་ཞེས།། ཆོས་སྤྱོད་བཅུ་ཡི་བདག་ཉིད་ཀྱི།། མདོ་དོན་དྲན་པ་ལ་བཞག་ནས།། བདེ་བླག་ཏུ་ནི་རྟོགས་འགྱུར་བ།། རྣམ་པ་ཡི་ནི་དགོས་པ་ཡིན་ཞེས་གསུངས་པ་ཡིན ་ནོ།། དེ་ལ་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བའི་གླེང་གཞིའི་སྐབས་བསམ་པར་བྱ་སྟེ། གང་གི་ཚེ། གང་ལ། གང་གིས། གང་དུ། གང་དག་དང་ལྷན་ཅིག་མདོ་སྡེ་རིན་པོ་ཆེ་ཁྱོད་ཀྱི་ཐོས་ཞེས་འདྲི་བ་རྣམས་ལ། ལན་དུ་བདག་ཉིད་ཚད ་མར་རྟོགས་པར་བྱ་བའི་ཕྱིར་རིམ་པ་ཇི་ལྟ་བ་བཞིན་དུ་སྦྱར་རོ།། དུས་དང་། ཡུལ་དང་། སྟོན་པ་པོ་དང་། འཁོར་རྣམས་ཀྱི་ཚོགས་ལ་བསྟན་པ་ནི་གཙོ་བོའི་རྒྱུ་སྟེ་གླེང་བཞི་ཡིན་ནོ།། གང་གི་ཚེ་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་གྲོང ་ཁྱེར་ཆེན་པོའི་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་ལ་སོགས་པའི་འཁོར་གྱི་ཡོངསུ་བསྐོར་ཏེ་ཆོས་སྟོན་ཅིང་བཞུགས་པ་དེའི་ཚེ་བཅོམ་ལྡན་འདས་ལ་གནས་དེ་ཉིད་དུ་འཁོར་དེ་རྣམས་དང་ལྷན་ཅིག་ཏུ་བདག་གིས་མདོ་སྡེ་རིན་པོ་ཆེ་ཐོས་སོ། ་ཞེས་སྡུད་པར་བྱེད་པས་འཇིག་རྟེན་པའི་ཐ་སྙད་ཀྱི་རྗེསུ་ཞུགས་ཏེ། གདུལ་བྱ་རྣམས་གུས་པར་ཉན་པ་དང་། སེམས་ལ་སོགས་པའི་དོན་དུ། གང་བཅོམ་ལྡན་འདས་ཀྱིས་སྟོང་ཕྲག་བརྒྱ་པའི་རྩོམ་པར་གསུངས་པ་དེ་འདི ་ཡང་བཟུང་བར་བྱའོ།། མདོ་དོན་སྨྲ་བར་འདོད་པ་ཡིས།། དགོས་པ་བསྡུས་པའི་དོན་བཅས་དང་།། ཚིག་དོན་བཅས་དང་མཚམས་སྦྱར་བཅས།། བརྒལ་ལན་བཅས་པས་བསྙད་པར་བྱ།། ཞེས་རིགས་པ་བརྗོད་པ་དེ་ཁོ་ན་དགོས་པ་ཡིན་སྟེ།། ཉན ་པ་པོའི་སྐྱེ་བོ་རྣམས་ཀྱི་མདོའི་དོན་འཆང་བ་མེད་པར་རྣམ་པར་ཕྱེ་བ་རྟོགས་པར་བྱ་བའི་ཕྱིར་དང་། འཆད་པ་པོ་བདེ་བླག་ཏུ་བཤད་སླ་བར་བྱ་བའི་ཕྱིར་ཞིག་བསྡུས་པའི་དོན་བརྗོད་པར་བྱའོ།། དེ་ལ་སངས་རྒྱས་ཉིད་དོན་དུ་གཉེར་བའི་བྱང་ཆུབ་སེམས ་དཔས་སེམས་བསྐྱེད་པ་ལ་སོགས་པའི་རྣམ་པ་ཐམས་ཅད་ཡོངསུ་ཤེས་པའི་དོན་དུ་དང་པོར་འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྟན་སྟེ། དགའ་དང་གུས་དང་དད་པའི་མཆོག་ནི་ཉེར་བཞག་སྟེ།། ཞེས་བྱ་བ་ནས་ཆོས་རྣམས་རང་བཞིན ་མེད་པར་ཡོངསུ་ཤེས་གྱུར་པ། འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན་ཞེས་བྱ་བ་ཡན་ཆད་ཀྱིསོ།། དེ་ཡང་ཉན་ཐོས་ལ་སོགས་པའི་ལམ་ཡོངསུ་ཤེས་པ་མེད་པར་མེད་པས་ལམ་ཤེས་པ་ཉིད་བསྟན་པ་ནི། གང་ཞིག་གཟུགས་ལ་མི ་གནས་ཚོར་ལ་མི་གནས་ཤིང་། ཞེས་བྱ་བ་ནས། ཐམས་ཅད་མཁྱེན་ཉིད་འབྲས་བུ་དག་དང་གཟུགས་དག་པ། ནམ་མཁའི་ཁམས་དང་མཚུངས་ཏེ་དབྱེར་མེད་དཔྱད་དུ་མེད།། ཅེས་བྱ་བ་ཡན་ཆད་ཀྱིསོ།། དེ་ཡང་དངོས་པོ་ཐམས་ཅད་ཡོངསུ་ཤེས་པ་མེད ་པར་མ་ཡིན་པས་དེའི་རྗེས་ལ་ཐམས་ཅད་ཤེས་པ་ཉིད་བསྟན་པ་ནི། དཔའ་བོ་གར་སྤྱོད་ཤེས་རབ་ཕ་རོལ་ཕྱིན་པ་ཡིས།། ཞེས་བྱ་བ་ནས་ཉི་མ་སྒྲ་ཅན་གཟའ་བྲལ་ལྷ་དེར་འདུག་པ་དང་། མེ་བཏང་རྩཝ་དང་ཤིང་དང་ནགས་ཚལ་བསྲེག་པ་བཞིན་ཞེས ་བྱ་བ་ཡན་ཆད་ཀྱིསོ།། དེ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གསུམ་ཐོབ་པ་དབང་དུ་བྱ་བའི་ཕྱིར་ཡང་རྣམ་པ་ཐམས་ཅད་དང་། ལམ་དང་། དངོས་པོ་ཤེས་པའི་རྣམ་པ་རྣམས་བསྡུས་ནས་ཐམས་ཅད་མཁྱེན་པ་ཉིད་གསུམ་བསྒོམ་པ་ནི་རྣམ་པ་ཀུན ་མངོན་པར་རྫོགས་པར་རྟོགས་པ་ཏེ། ཆོས་རྣམས་ཐམས་ཅད་རང་བཞིན་དག་ཅིང་ཡོངས་དག་པར་ཞེས་བྱ་བ་ནས། ཡོངསུ་མི་སྟོན་ཕྱིར་མི་ལྡོག་པ་ས་ཡི་ཆོས། མི་འཆད་དེ་ནི་ལུང་མ་བསྟན་པ་ཡིན་རིག་བྱ་ཞེས་བྱ་བ་ཡན་ཆད་ཀྱི་སོ།། དེའི ་རྗེས་ལ་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ཐོབ་པ་དང་ལྡན་པའི་ཁྱད་པར་གྱི་ལམ་གྱིས་གསལ་བ་རབ་ཀྱི་མཐར་ཐུག་པར་འགྲོ་བ་ནི་རྩེ་མོའི་མངོན་པར་རྟོགས་པ་སྟེ། དགྲ་བཅོས་དང་རྐྱེན་གྱིས་སངས་རྒྱས་ཡེ་ཤེས་དང་ཞེས་བྱ་བ ་ནས། དགྲ་བཅོམ་རང་རྒྱལ་ཐག་བྲལ་བྱང་ཆུབ་མཆོག་ངེས་ན།། དཔའ་བོ་རྟག་ཏུ་མཉམ་གཞག་ཡིན་པར་ཤེས་པར་བྱ་ཞེས་བྱ་བ་ཡན་ཆད་ཀྱིསོ།། དེའི་རྗེས་ལ་རྩེ་མོའི་མངོན་པར་རྟོགས་པ་ཐོབ་པ་དང་ལྡན་པས་སོ་སོ་དང་བསྡུས་པའི ་དོན་ཁོང་དུ་ཆུད་པ་བསྟན་པར་བྱ་བའི་ཕྱིར་རིམ་པས་བསྒོམ་པ་ནི་མཐར་གྱིས་པའི་མངོན་པར་རྟོགས་པ་སྟེ། སེམས་ཅན་གང་ཟག་གཞན་ཕྱིར་སེམས་དཔའ་རྣམ་དག་པ་ཞེས་བྱ་བ་ནས་བརྩམས་པ་ཚིགསུ་བཅད་པ་གཅིག་གིསོ།། དེའི་རྗེས་ལ ་མཐར་གྱིས་པའི་མངོན་པར་རྟོགས་པ་སྒོམ་པ་དང་ལྡན་པས་ཤིན་ཏུ་གོམས་པར་བྱ་བའི་ཕྱིར་རྟོགས་པའི་ཆོས་དེ་དག་ཉིད་སྐད་ཅིག་གཅིག་ལ་མངོན་དུ་བྱས་པ་ནི་སྐད་ཅིག་ལ་མངོན་པར་བྱང་ཆུབ་པ་སྟེ། སྤྲོ་བ་བྱས་སམ་འོན་ཏེ ་རྟག་ཏུ་བརྡེག་ཀྱང་རུང་ཞེས་བྱ་བ་ནས་བརྩམས་པར་ཚིགསུ་བཅད་པ་གཉིས།། དེའི་རྗེས་ལ་སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་བསྒོམ་པ་དང་ལྡན་པས་སྐད་ཅིག་མ་གཉིས་པ་ལ་བག་ཆགས་དང་བཅས་པའི་སྒྲིབ་པ་ཐས་ཅད་དང་བྲལ ་པའི་ཕྱིན་ཅི་མ་ལོག་པ་རྣམ་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་སུམ་དུ་མཛད་པ་ནི་ཆོས་ཀྱི་སྐུའི་མངོན་པར་བྱང་ཆུབ་པ་སྟེ། བདག་གིས་བདེ་གཏང་ནས་རེ་བ་མེད་སེམས་ཀྱིས། ཞེས་བྱ་བའི་ཚིགསསུ་བཅད་པ་གཅིག་གི་སོ།། དེའི་རྗེས་ལ་ཐོས་པ་ལ་སོགས་པའི ་ཤེས་རབ་བསྐྱེད་པའི་ཕྱིར་མངོན་པར་རྟོགས་པ་བརྒྱད་ཐོབ་པའི་རྒྱུ་མཚོན་ཡུམ་ཇི་ལྟ་བ་བཞིན་དུ་མཉན་པོ་རྗེསུ་བཙལ་བས་མངོན་པར་བརྗོད་པ་ནི། བྱང་ཆུབ་སེམས་དཔའ་གང་ཞིག་ཡུན་རིང་འཁོར་འདོད་ཅིང་ཞེས་བྱ་བ་ནས། འགྲོ་བའི་སྡུག་བསྔལ་ཇི ་སྙེང་བདག་གིས་བཟོད་སྙམ་པ།། བྱང་ཆུབ་སེམས་དཔའ་བཟོད་པའི་ཕ་རོལ་ཕྱིན་ལ་གནས།། ཞེས་བྱ་བ་ཡན་ཆད་ཀྱིས།། དེའི་རྗེ་སུ་ཚོལ་བར་བྱེད་པ་དང་ལྡན་པ་ལ་དགེ་བའི་བཤེས་གཉེན་གྱིས་ཇི་ལྟ་བ་བཞིན་གདམས་ངག་སྦྱིན་པ་ནི། ཚུལ་ཁྲིམས ་ཀྱི་ནི་ཞི་བ་འདོད་རྣམས་འཕགས་པར་འགྱུར་ཞེས་བྱ་བ་ནས། དེ་ལ་དགེ་བའི་རྩ་བ་མཐུ་ཆེན་འཕེལ་འགྱུར་ཏེ། སྤྲིན་མེད་འོད་གསལ་ཟླ་དཀྱིལ་ཡར་གྱི་ངོ་བཞིན་ཞེས་བྱ་བ་ཡན་ཆད་ཀྱིསོ།། དེའི་རྗེས་ལ་གདམས་ངག་བཟུང་བ་དང་ལྡན་པས་ཁོང་དུ་ཆུད ་པའི་རིམ་པ་ཅི་འདྲ་བར་བྱ་བ་ནི་བྱང་ཆུབ་སེམས་དཔའི་སྦྱིན་པས་ཡི་དགས་འགྲོ་བ་གཅོད་ཅེས་བྱ་བ་ནས། སངས་རྒྱས་རྒྱུད་དང་ཆོས་ཀྱི་རྒྱུད་ཀྱང་ཡོངསུ་འཛིན། དེ་བཞིན་དགེ་འདུན་རྒྱུད་དང་ཆོས་ཀུན་ཡོངསུ་འཛིན་ཅེས་བྱ་བ་ཡན་ཆད་ཀྱིསོ།། དེའི་རྗེས་ལ་ཆོ་སྤྱི་རྣམ ་གྲངས་འདིའི་མིང་དོན་དང་ལྡན་པ་རྟོགས་པ་མངོན་དུ་འགྲོ་བས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་རྗེ་སུ་གཏད་པ་ནི་ཡོངསུ་རྫོགས་པའི་ཚིགསུ་བཅད་པ་གཅིག་གསུངས་ཏེ་བསྡུས་པའི་དོན་ཡིནོ།། དེ་ལྟ་ཡིན་མོད་ཀྱི་རྟོགས་སླ་བ་ཉིད་ཀྱི་དོན་ལྷག་མ་བཞི ་བོ་མ་གསུངས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྟོགས་པ་བརྒྱ་དུ་བསྟན་ཏེ། དེ་སྐད་དུ་ཡང་། རྣམ་ཀུན་མཁྱེན་ཉིད་ལམ་ཤེས་ཉིད། དེ་ནས་ཐམས་ཅད་ཤེས་པ་ཉིད།། རྣམ་ཀུན་མངོན་རྫོགས་རྟོགས་པ་དང་།། རྩེ་མོར་ཕྱིན་དང་མཐར་གྱིས་པ།། ་སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ།། ཆོས་ཀྱི་སྐུ་དང་དེ་རྣམ་བརྒྱུད།། ཅེས་གསུངས་པ་ཡི་ནོ།། ད་ནི་ཚིག་གི་དོན་ལོ་སོགས་པ་བཤད་པས་མ་དེའི་དོན་བརྗོད་པར་བྱ་སྟེ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ།། དེ་ནས་ཀྱི་སྒྲ་ནི་རྒྱས་པར་བསྟན་པའི ་དེ་མ་ཐག་ཏུ་འམ། མན་དགྲ་མདོར་བསྡུས་ནས་བསྟན་པའི་སྐབས་ཡི་ནོ།། ཡང་གི་སྒྲ་ན་ཚིག་གི་རྒྱན་ནོ།། ངེས་པའི་ཚིག་ཏུ་ན་ཉོན་མོངས་པ་ལ་སོགས་པ་བཅོམ་པ་ན་བཅོམ་ལྡན་འདས་ཡིན་པ་འམ། དབང་ཕྱུག་ལ་སོགས་པ་དང་ལྡན་པ་སོ།། ཉན་ཐོས ་ལ་སོགས་པས་བསྟན་པའི་གདུལ་བྱ་མོ་སྲིད་པས་བཅོམ་ལྡན་འདས་ཉིད་ཀྱི་བསྟན་ཏོ་ཞེས་བྱ་བར་འབྲེལ་ཏོ།། ཅིའི་ཕྱིར་ཞེ་ན། འཁོར་བཞི་པོ་ཞེས་བྱ་བ་ལ་སོགས་པ་ལ། དེ་དག་གིས་སྔར་གཞུང་རྒྱས་པ་མཉན་པས་སྦྱངས་པའི་ཕྱིར་གང་ཞིག་བསྡུས་ནས ་ཉན་དུ་རུང་བ་དེ་རྣམས་ཀྱི་དབང་དུ་མཛདདོ།། དེ་དུག་ཅེས་བྱ་བའི་ཚིག་གིས་ནི་མ་ནིང་ལ་སོགས་པ་ཉོན་མོངས་པ་ཤས་ཆེ་བའི་ཕྱིར་རྭ་ཆོས་རྟོགས་པའི་སྐལ་བ་དང་མི་ལྡན་པས་འཁོར་མ་ཡིན་པ་ཉིད་ཀྱི་ཕྱིར་ཡུལ་ལ་ཉེས ་པཔར་སྤྱོད་པའི་འདོད་ཆགས་དང་བྲལ་བ་དང་། བྲལ་བ་མ་ཡིན་པའི་སྐྱེས་པ་དང་བུད་མེད་དག་ལ་སྲིད་པའི་ཕྱིར་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྟན་མ་རྣམས་བདག་ཉིད་ལ་ཕན་པ་དང་རྟག་པའི་འཁོར་རྣམས་བསྡུས་ན་འགྲོ ་བཞི་པོ་ཉེ་བར་གཟུང་སྟེ། དེ་ནས་འཕགས་པ་རབ་འབྱོར་ལ་སོགས་པ་དགེ་སློང་སློབ་པ་དང་། མི་སློབ་པ་དང་། དེ་བཞིན་དུ་སྐྱེ་དགུའི་བདག་མོ་ལ་སོགས་པ་དགེ་སློང་མ་རྣམས་དང་། གཟུགས་ཅན་སྙིང་པོ་ལ་སོགས་པའི་སློབ་པའི་དག་བསྙེན་ནི ་དང་། དེ་བཞིན་དུ་དགེ་བསྙེན་མ་ས་ག་ལ་སོགས་པ་གཙོ་བོར་གྱུར་པ་རྣམས་སྨོས་ཏེ། གླེང་བཞིའི་ལེའུར་བསྟན་པ་བཞི་ནི།། ཤིན་ཏུ་ཁྱད་པར་ཅན་གྱི་ཆོས་རྟོགས་པ་དང་འབྲེལ་པས་དེ་དག་གི་མཚན་ཉིད་དང་བྲལ་བའི་ཕྱིར་དགེ་སློང་ལ་སོགས ་པས་ཀྱང་མ་བསྡུས་ལ། སེམས་ཅན་གྱི་དོན་བྱེད་པས་གཞན་དུ་གྱུར་པའི་ཕྱིར་མི་བརྟན་པའི་འཁོར་ཡིན་པས་འདིར་བྱང་ཆུབ་སེམས་དཔའ་མ་སྨོསསོ།། ཡང་དག་པར་དགའ་བར་མཛད་པའི་ཕྱིར་ཞེས་བྱ་བ་ལ་ཕྱིན་ཅི་མ་ལོག་པའི་བརྩོན ་འགྲུས་དང་ལྡན་པའི་ཕྱིར་མངོན་པར་རྟོགས་པའི་རིམ་པ་བསྡུས་པ་འདོད་པས་ཐོས་པ་ལ་སོགས་པའི་ཤེས་པ་བསྐྱེད་པས་ཁོང་དུ་ཆུད་པས་ཡང་དག་པར་ཞུགས་པ་ལ་རྗེ་སུ་མཐུན་པར་བསྟན་པ་ཉིད་ཀྱི་དེ་ལྟ་བུའི་ལྟོན་ལོ་མངོན་པར་དགའ་བ་དང་སྤྲོ་བ ་སྤེལ་བའི་ཕྱིར་དེ་བཞིན་དུ་འདིར་དོན་འདི་ཉིད་འཛིན་པར་འགྱུར་རོ།། གཞན་དུ་ན་རིགས་པ་དང་མི་ལྡན་པས་དོར་བར་བྱ་བར་འགྱུར་རོ།། ཡང་ན་ཡང་དག་པར་དགའ་བར་མཛད་པའི་ཕྱིར་ཞེས་བྱ་བ་ནི་རང་ཉིད་དག་ལ་དབང་བར་བསྟན་པས་བདག་ཉིད་ལ་གུས་པ ་བསྐྱེད་པའི་ཕྱིར་བསྡུས་ནས་བསྟན་པས་ཡང་དག་པར་དགའ་བའི་ཕྱི་རོ།། ཅིའི་ཕྱིར་སྟོན་ཅེ་ན་སྨྲས་པ། ཡང་ཞེས་བྱ་བ་ནི། རྒྱས་པར་བསྟན་པ་ལ་བལྟོས་ནས་ཡང་འདི་དེ་མོ་ཐག་ཏུ་བསྟན་ཏོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་གསུངས་པ་ལ། ་ཐེས་པའི་ཤེས་རབ་ལ་སོགས་པ་བསྐྱེད་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐུགསུ་ཆུད་པས་གསལ་བ་རབ་ཀྱི་མཐར་ཐུག་པར་ཕྱིན་པ་སྟེ། ཕ་རོལ་ནི་དེ་ཁོ་ན་ཉིད་ཀྱི་རང་བཞིན་གྱི་ཕ་རོལོ།། ཤེས་རབ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པ ་མཚན་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཙོ་བོ་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ་སྒྱུ་མ་ལྟ་བུའི་རོང་བཞིན་ནོ།། འདི་ཞེས་བྱ་བ་ནི་རབ་ཏུ་དབྱེ་བ་བསྟན་པའོ།། དང་པོ་སྦྱོར་བ་ལ་སོགས་པ་མཚན་ཉིད་ཀྱི་ལམ་སྟེ། ་འབྲས་བུ་དེའི་དོན་དུ་སྦྱོར་བ་གཙོ་བོ་མ་ཡིན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། དེ་དང་འདི་སྟེ་གསལ་བར་བྱེད་པའི་ཀུན་རྫོབ་གཞན་པའི་དབང་གིས་འཇུག་པ་གང་ཡིན་པ་རབ་ཏུ་ཕྱེ་ནས་བསྟན་པའི་གཞུང་སྟེ། དེ་ཡང་སྟོང་ཕྲག ་བརྒྱ་པ་ལ་སོགས་པ་དེ་ལ་སྦྱོར་བས་དེ་གཉིས་ནི་བརྟག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། འདི་ཞེས་བྱ་བ་ནི་མ་ལུས་པ་ཤིན་ཏུ་ཕྱེ་སྟེ་བསྟན་པའོ།། དེ་ལྟ་བས་ཇི་སྐད་བསྟན་པོའི་དོན་སྟོན་པར་བྱེད་པའི་གཞུང་གིས་རང་བཞིན ་དེ་ཉིད་བསྡུས་ནས་ཉེ་བར་བསྟན་པ་གསལ་བར་བྱེད་པ་ནི་སྟོན་ཅིང་།། དེའི་ཚེ་ནི་དེར་དོན་མདོར་བསྡུས་ནས་བསྟན་པ་ཉན་པར་རུང་བའི་འཁོར་འདུས་པ་དེའི་ཚེའོ།། ཚིགསུ་བཅད་པ་འདི་ཞེས་བྱ་བ་ལ་སོགས་པ་ལ། དག ་དང་གུས་དང་ཞེས་བྱ་བ་ལ་སོགས་པ་མཇུག་ཐོགསུ་འཆད་པར་འགྱུར་བ་ནི་ཚིགསུ་བཅད་པ་འདིའོ།། ཚིགསུ་བཅད་པ་ནི་ཁྱད་པར་ཅན་གྱི་མཚན་ཉིད་དང་ལྡན་པའོ།། བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་ཀྱིས་གདུལ ་བྱ་རྣམས་ལ་བཀའ་སྩལ་པ་དེ་བཞིན་དུ་སྣང་བའི་ཕྱིརརོ།། དེ་ལྟར་འབྲེལ་པ་བསྟན་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འདོད་པས་ཐོག་མར་བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་དང་སྙིང་རྗེའི་སྙིང་པོ་ཅན་བསྐྱེད་པར་བྱ་བ་ཡིན་པས ་དེ་བཤད་པར་འདོད་ནས་དགའ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། དགའ་བ་ནི་མངོན་པར་འདོད་པའོ།། གུས་པ་ནི་མངོན་པར་ཡིད་ཆེས་པའོ།། དད་པ་ནི་གུས་པའི་བྱ་བྱ་གོ།། མཆོག་ནི་ཐམས་ཅད་ཀྱི་མཆོག་གོ།། ཉེར་བཞག་སྟེ། ་ནི་ཉེ་བར་བློ་ལ་བཞག་པའོ།། འདི་སྐད་དུ་ནུས་པ་ཉིད་དང་། ཡོད་པ་ཉིད་དང་། ཡོན་ཏན་དང་ལྡན་པའི་ཆོས་ཡུམ་གྱི་བྱེ་བྲག་ཐམས་ཅད་བཤད། རིམ་པ་ཇི་ལྟ་བ་བཞིན་དུ་མངོན་པར་འདོད་པ་དང་། མངོན་པར་ཡིད་ཆེས་པ་དང་བར་དུ ་དང་བ་སྟེ། དད་པའི་བྱེ་བྲག་རྣམ་པ་གསུམོ།། ཐམས་ཅད་མཆོག་ཏུ་བསྐྱེད་པས་མཉན་པར་བྱ་སྟེ། གཞན་དུ་ན་དོན་མེད་པར་འགྱུར་སྟེ། དད་པ་ནི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའི་ཕྱི་རོ་ཞེས་བསྟན་པ་ཡི་ནོ།། བླང་བར་བྱ་བ ་བསྟན་ནས་དོར་བར་བྱ་བ་བསྟན་པའི་ཕྱིར་སྒྲིབ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསལ་བ་ནི་སྤངས་པ་སྟེ། ཅི་ཞིག་སྤངས་ཞེ་ན། སྒྲིབ་པ་དང་ཉོན་མོངས་པའི་དྲི་མ་རྣམ་སོ།། དེ་ལ་སྒྲིབ་པ་ནི་ཤེས་བྱ་ལ་མངོན་པར་ཞེན་པ་དང་། འདོད་ཆགས་ལ་སོགས ་པའོ།། ཡང་དག་པའི་དོན་རྟོགས་པ་དང་འགལ་བའི་ཕྱིར་སྒྲིབ་པའོ།། དེ་དག་ཉིད་ལུས་དང་ངག་དང་ཡིད་ཉོན་མོངས་པར་བྱེད་པས་ན་ཉོན་མོངས་པའོ།། དེ་ཡང་གཉེན་པོ་གོམས་པར་བྱས་པས་གསལ་བར་ནུས་པའི་ཕྱིར་དྲི་མའོ།། དེ་བསལ་ཞེས་བྱ་བར ་འབྲེལ་ཏེ། དེ་ལྟར་བསྟན་པར་འགྱུར་རོ།། དངོས་པོ་ལ་མངོན་པར་ཞེན་པ་དང་། འདོད་ཆགས་ལ་ཞེན་པ་མེད་པར་དེ་ཉིད་ལ་གཞོལ་བའི་སེམས་ཀྱི་མཉན་པར་བྱ་སྟེ། གཞན་དུ་ན་དོན་རྟོགས་པར་མི་འགྱུར་བའི་ཕྱིརརོ།། མི་མཐུན་པའི་ཕྱོགས་དང་གཉེན ་པོའི་ཕྱོགས་འདི་སྤྱང་བ་དང་བླང་བར་བྱ་བ་ཡང་ཅི་ཞིག་མཉན་པར་བྱ་ཞེ་ན། ཞི་བ་མཉན་པར་གྱིས་ཞེས་བྱ་བ་སྨོས་ཏེ། མངོན་པར་མཐོ་བའི་ཆོས་ཐོབ་པའི་བསམ་པས་མི་བྱའོ།། ཐར་པའི་བསུམ་པ་མྱ་ངན་ལས་འདས་པའི་རྒྱུ་མཐུན་པ་ལ་ལུས ་དང་ངག་དང་ཡིད་མངོན་དུ་ཕྱོགས་པ་རྒྱུར་གྱུར་པ་ནི་ཞི་བའོ།། མཉན་པར་གྱིས་ནི་ཐོས་པའི་ཤེས་རབ་པོ།། རྗེས་ཀྱི་ཡིད་ཀྱི་རྣམ་པར་ཤེས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོང་དུ་ཆུད་པར་བྱའོ།། ཞེས་བྱ་བར་འབྲེལ་ཏོ།། འདི་རོ་དེ་ནི་ཉེ་བར་མཚོན ་པ་སྟེ། བསམ་པ་དང་བསྒོམ་པ་ཞེས་བྱ་བ་ཡང་གཟུང་བར་བྱའོ།། ཇི་ལྟར་དེ་དང་འབྲལ་ཞེ་ན། འགྲོ་དོན་མངོན་ཞུགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགྲོ་བ་སེམས་ཅན་མ་ལུས་པ་རྣམས་ཀྱི་དོན་སྐལ་བ་ཇི་ལྟ་བ་བཞིན་དུ་མངོན་པར་མཐོ་བ་དང་། ་ངེས་པར་ལེགས་པའི་ཆོས་ཐོབ་པར་བྱ་བའི་ཕྱིར་དེའི་དོན་ལ་ཕྱོགས་པ་ནི་ཞུགས་པ་སྟེ། སེམས་བསྐྱེད་པ་ལ་སོགས་པའི་རིམ་པས་ཞུགས་པ་ཡིན་ཏེ། འདིས་ནི་སེམས་དཔའ་ཆེན་པོའི་སྒྲའི་དོན་བསྟན་ཏོ།། ངེས་པ་ནི་ཆོས་ཀྱི་དབྱིངས་ཁྱད་པར་དུ ་གས་པ་དང་། དམིགས་པ་མེད་པའི་ཐུགས་རྗེའི་བདག་ཉིད་དེ། སངས་རྒྱས་ཉིད་ལ་དགའ་བའོ།། འདིས་ནི་བྱང་ཆུབ་སེམས་དཔའི་སྒྲའི་དོན་བསྟན་པའོ།། དེས་ན་འདི་སྐད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གཟུགས་བརྙན་སྤངས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་དང་འབྲེལ་ཏེ་མཉན་པར་བྱ་བ་ཁོ་ནའོ་ཞེས་ངེས་པར་གཟུང་གི་དེ་དག་ཁོ་ན་ཞེས་བྱ་བ་མ་ཡིན་ཏེ། བྱང་ཆུབ་རྣམ་པ་གསུམ་ག་དེ་མེད་ན་མི་འབྱུང་བས་དབང་དུ་བྱས་པའི་ཕྱི་རོ་ཞེས་བྱ་བ་བསྟན་པར་འགྱུར་རོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱིའི་སྒྲར་གསུངས་མོད་ཀྱི། འོན་ཀྱང་བརྡའ་ལ། ་སོགས་པའི་སྟོབས་ཀྱི་ཁྱད་པར་གྱིས་དོན་ཡིན་པར་རྟོགས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱི་དོན་ཏེ། ཆོས་ཐམས་ཅད་ཀྱི་རྣམ་པར་བསྡུས་པ་ཡིན་པའི་ཕྱིརརོ་ཞེས་བྱ་བའི་དོན་ཏོ།། དེས་ནི་འདི་སྐད་དུ་སྙིང་རྗེ་ཆེན་པོའི་ས་བོན་རབ་ཏུ་སད་པ་ལས་བྱང་ཆུབ ་སེམས་པའི་སྡོམ་པ་བླང་བ་ལ་སོགས་པ་དང་། སྟོང་པ་ཉིད་དང་སྙིང་རྗེའི་སྙིང་པོ་ཅན་གྱི་བྱང་ཆུབ་ཀྱི་སེམས་བསྐྱེད་དེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་ནས་སྐུལ་བ་ཇི་ལྟ་བ་བཞིན་དུ་གཞན་གྱི་དོན་བྱའོ།། ཞེས་སྨོན་ལམ་བཏབ་ནས་སྒྲུབ་པ་ཕུན་སུམ་ཚོགས་པ་བྱའོ་ཞེས་གནན ་ཀྱི་དོན་ལ་དམིགས་པ་རྒྱུ་དང་བཅས་པའི་འབྲས་བུ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྟགས་པར་འདོད་པའི་མཚན་ཉིད་སྨོན་པ་དང་འཇུག་པའི་རང་བཞིན་གྱི་སེམས་བསྐྱོད་པ་ཚོགས་ཀྱི་ལམ་ནས་བརྩམས་ཏེ། སའི་རིམ་པས་སངས་རྒྱས་ཀྱིས་ཀུན་ཏུ་འོད་ཀྱི་བར་དུ་གང ་གིས་རྟོགས་པ་དེ་དག་གི་བདག་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། སྒྱུ་མ་ལྟ་བུའི་ཐོས་པ་ལ་སོགས་པའི་ཤེས་པ་བསྐྱེད་ཅིང་བསྒྲུབ་པར་བྱའོ་ཞེས་དོན་གྱི་བསྟན་པར་འགྱུར་རོ།། ལམ་ཤེས་པ་ལ་སོགས་པ་མ་བསྒྲུབས་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དག་ཉིད་ཀྱིས ་བསྐྱེད་པ་རྒྱལ་བའི་སྲས་རྣམས་ཀྱི་མི་འགྲུབ་པ་མ་ཡིན་ནམ། དེ་བས་ན་དེ་དག་དང་ཇི་ལྟར་འབྲེལ་བར་འགྱུར། ཞེས་ཟེར་ན། གང་ལ་དཔའ་རྣམས་སྤྱོད་པ་ཞེས་བྱ་བ་གསུངས་ཏེ། གང་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལའོ།། མི་མཐུན་པའི་ཕྱོགས་ཀྱི་ཆོས་ཐམས་ཅད་ལས ་རྒྱལ་ཞིང་ཉམས་པར་མི་ནུས་པ་ཡོད་པ་ནི་བྱང་ཆུབ་སེམས་དཔའ་སྟེ་དཔའ་བོའོ།། ཆོས་མ་ལུས་པ་ལ་གོམས་པ་དང་ལྡན་པས་ཞུགས་པ་དེ་ལྟ་བུ་ནི་སེམས་བསྐྱེད་པའི་རང་གི་ངོ་བོ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་ནོ་ཞེས་བྱ་བའི་དོན་ཏོ།། དེ་བས་ན་འདི་སྐད་དུ་ཇི ་སྐད་བཤད་པའི་སེམས་བསྐྱེད་པ་ལ་མ་གཏོགས་པའི་ཆོས་གཞན་མེད་དེ། གདམས་ངག་ལ་སོགས་པ་ཡང་ཁྱད་པར་གྱི་དོན་བསྟན་པའི་ཕྱིར་སེམས་བསྐྱེད་པའི་རབ་ཏུ་དབྱེ་བ་ཁོ་ན་ཡིནོ།། དེ་བས་ན་དེའི་རང་བཞིན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་བྱང་ཆུབ ་སེམས་དཔའ་ཐོབ་པར་བྱ་བ་མ་ལུའི་ཆོས་བསྡུས་ནས་དང་པོར་བསྟན་པར་འགྱུར་རོ།། དེ་ལྟ་ཡིན་ན་ཅི་ཕྱིར་སྟོང་ཕྲག་བརྒྱ་པ་ལས་བྱང་ཆུབ་སེམས་དཔའི་ལམ་ཤེས་པ་ལ་སོགས་པ་ཐ་དད་པར་བསྟན་ཅེས་ཟེར་ན། སྨྲས་པ། གང་གི་ཕྱིར་རྣམ་པ་ཐམས ་ཅད་མཁྱེན་པ་ཉིད་ནི་སངས་རྒྱས་ཀྱི་ཡིན་ཏེ། རྒྱ་དང་བཅས་པའི་འབྲས་བུ་ཐོབ་པ་ལ་བལྟོས་ནས་བསྟན་པའི་ཕྱིར་གསུངས་ལ། ཚོགས་ཀྱི་བསྒྲུབ་པར་རབ་ཏུ་དགའ་བ་ལ་སོགས་པ་སའི་ཚོགས་འདུས་མོང་གི་འོན་ཀྱང་མཐོང་བ་ལ་སོགས་པ་རྒྱལ ་བིའི་སྲ་མས་ཀྱི་ལམ་མ་མན་ཞེས་དོགས་པ་བསལ་པའི་ཕྱིར་གསལ་བར་བཤད་པ་དང་དོན་རབ་ཏུ་བྱེ་བ་མནོ།། དེ་བས་ན་དེ་ཉིད་ལས་ལམ་ཤེས་པ་ཐ་དད་པར་དཀོལ་ནས་རབ་ཏུ་དགའ་བ་ལ་སོགས་པ་པ་བདུན་པ་ལ་ཐུག་པའི་བར་ཐ་དད་པར་ལོག ་ཤིག་ཏུ་ལམ་ཤེས་པར་བཞགོ།། དེ་ལྟ་བས་ན་ལམ་ཤེས་པ་ལ་ནི་ལམ་ཐམས་ཅད་ཤེས་པར་བྱ་དགོས་པས་ཉན་ཐོས་ལ་སོགས་པའི་ལམ་སྟོན་མོད་ཀྱི་འོན་ཀྱང་བྱང་ཆུབ་སེམས་དཔའི་ལམ་བསྟན་པས་ལྡོག་པའི་སྒོ་ནས་ཡང་འཕངས་པའི་མི་རྟག་པ་ལ་སོགས་པའི ་མམཚན་ཉིད་ཀྱི་ལམ་ཉན་ཐོས་ལ་སོགས་པའི་ལམ་ཡི་ནོ།། སྙམ་དུ་དོགས་པ་བསལ་བའི་ཕྱིར་དང་། རབ་ཏུ་སྤྲོས་པས་བདེ་བླག་ཏུ་དོན་རྟོགས་པར་བྱ་བའི་ཕྱིར་ཡང་དེ་ཉིད་ལས་ལོགས་ཤིག་ཏུ་ཐམས་ཅད་ཤེས་པ་ཉིད་ཐ་དད་པར་ས་བདུན་པར་བཞག་སྟེ། ལམ་ལྟར ་སྣང་བ་ལ་སོགས་པའི་སྐྱོན་ནཱཾ་སྤངྒ་ཏེ། ཀུན་རྫོབ་ཀྱི་བདེན་པ་ཙམ་ལ་བཞགོ།། གཞན་དུ་ན་དེ་དག་ལ་རྟོགས་པ་སྐྱེ་བར་མི་རིག་སོ།། དེའི་རྗེས་ཐོགས་ལ་རྣམ་པ་དང་། ལམ་དང་། དངོས་པོའི་ཤེས་པའི་རྣམ་པ་ཐམས་ཅད་བསྡུས་ནས་དབང་དུ་བྱ་བའི་ཕྱིར་ཡང་དང ་ཡིང་དུ་མངོན་དུ་བྱེད་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། ལམ་ཤེས་པ་ལ་སོགས་པའི་རང་བཞིན་ཁྱད་པར་གྱི་ལམ་སྟོབས་ཅན་ས་བརྒྱད་པ་མི་གཡོ་བ་དེའི་དབྱེ་བ་རྟོགས་པར་བྱ་བའི་ཕྱིར་རྣམ་པ་ཀུན་མངོན་པར་རྫོགས་པ་རྟོགས་པ་བསྟན་ཏོ།། དེའི་རྗེས་ལ་གཉེན་པོའི ་ཚོགས་དང་། ངེས་པར་འབྱུང་བའི་སྒྲུབ་པའི་རབ་ཏུ་དབྱེ་བ་རྟོགས་པར་བྱ་བའི་ཕྱིར་གསལ་བ་རབ་ཀྱི་མཐར་ཐུག་པར་འགྲོ་བ་ཁྱད་པར་གྱི་ལམ་དེ་ཉིད་ཡིད་ལ་བྱེད་པ་ནི་ལེགས་པའི་བློ་གྲོས་ལ་སོགས་པས་གཉིས་ནི་རྩེ་མོའི་མངོན་པར་རྟོགས་པ་བསྟན་ཏོ།། དེའི་རྗེས་ཐོ་ཊ་ལས ་དནུ་པའི་བྱ་དམེད་པའི་ཏིང་ངེ་ཅན་གྱི་གནས་ནས་སོ་དང་བསྡུས་པ་བསྒོམ་པའི་དོ་ཏུ་གནས་བསྟན་པ་བྱ་བའི་ཕྱིར་རིམ་པ་བཞིན་བྱསྟེ། ཉིད་བརློམ་པ་ནི་མཐར་གྱིས་པའི་མངོན་པར་རྟོགས་པའི་མཐར་ཕྱིན་པའོ།། དེ་ནས་ན་རིམ་བཞིན་དུ་བསྒོམ་པའི་ཆོས་ནམ། ་ཤིན་ཏུ་གོམས་པར་བྱས་པས་སྐད་ཅིག་གཅིག་ལ་དེ་ཉིད་ཀྱི་གནས་སྐབས་རྟོགས་པ་དེ་ཉིད་སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པོ་རྫོགས་པ་ཡི་ནོ།། དེའི་རྗེས་ལ་རྣམ་པ་ཐམས་ཅད་མངོན་དུ་བྱེད་པ་ཆེད་དུ་བྱ་བ་གསུམ་མངོན་དུ་བྱས་ནས་རྟོགས་པ་དེ་ཉིད་ནི ་སངས་རྒྱས་ཀྱི་ཀུན་ཏུ་འོད་ལ་ཆོས་ཀྱི་སྐུར་མངོན་པར་བྱང་ཆུབ་པ་མཐར་ཕྱིན་པ་ཡི་ནོ།། དེ་ལྟ་བས་ན་སེམས་བསྐྱེད་པ་སྒྱུ་མ་ལྟ་བུའི་རང་བཞིན་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་དང་། མངོན་པར་རྟོགས་པ་བརྒྱད་བསྡུས་ཏེ། དེ་ལྟར་ལུང་ལས་ངེས་པ་ཡིན་ནོ།། ། ་རིགས་པ་ལས་ཀྱང་རྟོགས་པར་བྱ་སྟེ། འདི་ལྟར་གང་ཡོད་པར་དམིགས་པའི་མཚན་ཉིད་དུ་གྱུར་པ་དེ་ནི་ཡོད་པའི་ཐ་སྙད་ཀྱི་ཡུལ་ཡིན་ཏེ། དཔེར་ན་ཤེས་པའི་ངོ་བོ་བཞི་ནོ།། སྔོན་པོ་ལ་སོགས་པ་ཡང་ཡོད་པར་དམིགས་པའི་མཚན་ཉིད་དུ་གྱུར་པའི་ཕྱིར ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚེག་སོ།། བ་ལིང་རྫིའི་སྐྱེ་བོ་ཡན་ཆད་ཀྱི་ཉམསུ་མྱོང་བར་གྲུབ་པའི་ཕྱིར་མ་གྲུབ་པ་མ་ཡིན་ནོ།། མཐུན་པའི་ཕྱོགས་ལ་ཡོད་པས་འགལ་བ་ཡང་མ་ཡི་ནོ།། དེ་ལྟ་བུའི་དོན་ཀྱང་འགེགས་ན་ནི་ཡོད་པའི་ཐ་སྙད་ཐམས་ཅིད ་རྒྱུན་འཆད་པར་འགྱུ་རོ་ཞེས་བྱ་བའི་བཟློག་ན་གནོད་པ་ཅན་གྱི་ཚད་མ་ཡོད་པས་མི་ངེམ་པའི་གཏན་ཚིགས་པཚེ་མ་ཡིནོ།། དེ་ལས་ན་ཕྱིའི་དོན་ཡོད་པར་འགྲུབ་པོ་ཞེས་ཟེར་ནམ་ཡིན་ཏེ། གང་གི་ཕྱིར་གང་ཞིག་རིག་པ་ན་གང་རིག་པ་ཐབས་མེད་པ་དེ་ནི་རིག ་པ་མ་ཡིན་ཏེ། སྔོན་པོ་རིག་པ་ན་སེར་པོ་མི་རིག་པ་བཞི་ནོ།། ཡང་ཤེས་པའི་བདག་ཉིད་རིག་པར་གྱུར་ན་མངོན་པར་འདོད་པའི་ཕྱིའི་དོན་རིག་པའི་ཐབས་མེད་པའི་ཕྱིར་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ།། གང་ཉེ་བའི་རྒྱུ་མཚན་མེད་པས ་ན་རྣམ་པ་མེད་པས་ཀྱང་མ་ཡིནོ།། ཤིན་ཏུ་ཐལ་ཆེས་པའི་ཕྱིར་གཞན་གྱི་རྣམ་པས་ཀྱང་མ་ཡིནོ།། མེད་ན་མི་འབྱུང་བ་མེད་པས་འཁྲུལ་པ་སྲིད་པའི་ཕྱིར་རྣམ་པ་དང་བཅས་པས་ཀྱང་མ་ཡིན།། ཕྱོགས་གཞན་ཡང་མི་སྲིད་པས་ཀྱང་ཤེས་པ་གཞན་མེད་པས་དོན་རིག ་པའི་ཐབས་མེད་པའི་ཕྱིར་མ་གྲུབ་པ་མ་ཡིནོ།། མཐུན་པའི་ཕྱོགས་ལ་ཡོད་པས་འགལ་བ་ཡང་མ་ཡིནོ།། རིག་པའི་ཐབས་མེད་པ་ཡང་རིག་ན་ནི་ཐམས་ཅད་ཀྱང་རིག་པར་ཐལ་བར་འགྱུར་རོ་ཞེས་བྱ་བའི་བཟློག་ན་གནོད་པ་ཅན་གྱི་ཚད་མ་ཡོད་པས་མ་ངེས་པ ་ཡང་མ་ཡི་ནོ།། དེ་ལྟ་བས་ན་སྔར་གཏན་ཚིགས་དམིགས་པའི་མཚན་ཉིད་དུ་གྱུར་པའི་ཕྱིར་ཞེས་བྱ་བ་མ་གྲུབ་པ་མ་ཡི་ནོ།། བསྒྲུབ་པར་བྱ་བ་ལས་བཟློག་པར་གྲུབ་པས་འགལ་བ་ཡིན་ཏེ། རྣམ་པར་ཤེས་པ་དེ་ཉིད་མ་རིག་པའི་སྟོབས་ཀྱིས་སྔོན་པོ་ལ་སོགས་པའི་རྣམ་པར ་སྣང་བ་རིག་པ་ཡི་ནོ།། ཤེས་པ་ཙམ་གྱི་ངོ་བོར་འདུས་པས་གཉིས་མེད་པ་ཉིད་དུ་འགྲུབ་པོ་ཞེས་ཟེར་ན། དེ་ལྟ་མོད་ཀྱི་འོན་ཀྱང་དེར་སྣང་བ་ལས་ཐ་དད་པར་གྲུབ་པའི་མཐའ་ལ་སོགས་པ་ལ་བརྟེན་ཏེ་དེ་ཁོ་ན་ཉིད་ལ་སོགས་པའི་ཆོས་གཞན་ཡོངསུ་རྟོག ་གིག། འོན་ཏེ་མ་ཡིན་པར་རྟོག་གྲང་ན། གལ་ཏེ་ཕྱོགས་དང་པོ་ཡིན་ན་ནི་གང་ཞིག་ཕྱིན་ཅི་མ་ལོག་པའི་རྣམ་པར་ཤེས་པ་དེ་ནི་སྒྲོ་བཏགས་པའི་ཆོས་གཞན་འཛིན་པ་མ་ཡིན་ཏེ། ནོར་བུའི་གཟུགས་ལ་སོགས་པ་ལ་མ་འཁྲུལ་པའི་ཤེས་པ་བཞིན་ནོ།། ་པ་འདི་ཡང་ཕྱིན་ཅི་མ་ལོག་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པ་ཡིནོ།། སྒྲོ་བཏགས་པ་མ་ལུས་པས་དབེན་པ་རྟོགས་པ་དང་བྲལ་བའི་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་བདག་ཉིད་ལྔ་ཡོད་པ་ཙམ་དུ་ཉམ་སུ་མྱོང ་བས་མ་གྲུབ་པ་མ་ཡིནོ།། མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་འགལ་བ་ཡང་མ་ཡི་ནོ།། སྒྲོ་བཏགས་པའི་ཆོས་འཛིན་པའི་ཕྱིར་རང་གི་ངོ་བོ་རིག་པར་མི་འགྱུར་བའི་བཟློག་ན་གནོད་པ་ཅན་གྱིས་ཚད་མ་ཡོད་པས་གཏན་ཚིགས་མ་ངེས་པ་ཡང་མ་ཡཱི ་ནོ་ཕྱོགས་གཉིས་པ་ཁས་ལེན་ན་དེའི་ཚེ་སྣང་བའི་དོན་ལ་བསྟོན་རྟོལ་བྱ་བར་མི་ནུས་པ་སྒྲོ་བཏགས་པའི་ཆོས་ཀྱིས་དབེན་པ་དོན་ཙམ་རྟོགས་པ་འདི་ཉིད་དུ་ཤེས་བྱ་བ་ནི་མིང་ཙམ་ལ་རྩོད་པས་འདི་ནི་གྱི་ནའོ།། གཉི་སུ་མེད་པའམ་གཉིས་དེ་ཉིད་སྒྱུ་མ་ལྟ ་བུ་ཡིན་པའི་ཕྱིར་སྙིང་པོ་མེད། དོན་འདི་སྒྲུབ་པར་བྱེད་པའི་ཚད་མ་མེད་པའི་ཕྱིརརོ།། དེ་ལྟར་སེམས་བསྐྱེད་པ་ཙམ་གྱི་བདག་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྱུ་མོའི་རང་བཞིན་དུ་ལུང་དང་རིགས་པ་མདོར་བསྡུས་པས་བསྒྲུབས་པ་ནི་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་ལམ་ཡི་ནོ།། གང་དེ་ལྟ་ཡིན་ན་ཇི་ལྟར་ཆོས་འདི་ཉིད་རྟོགས་པ་དང་མི་ལྡན་པས་སྟོང་ཕྲག་བརྒྱ་པ་ལ་སོགས་པར་འཕགས་པ་རབ་འབྱོར་ལ་སོགས་པས་མངོན་པར་རྟོགས་པ་བརྒྱད་སྟོན་པ་ལ ་དབང་བྱེད་ཅེས་ཟེར་ན། དེ་བཞིན་གཤེགས་པའི་མཐུ་ཉིད་ཡིན་པར་དཔེ་སྔོན་དུ་འགྲོ་བས་ལན་དུ། འཛམྦུའི་གླིང་འདིར་ཞེས་བྱེ་བ་ལ་སོགས་པ་གསུངས་པ་ལ། འདི་ནས་བྱང་དུ་རི་ནག་པོ། དགུ་འདས་གངས་རིའོ་དེ་ནས་ནི། སྤྲོས་དང་ལྡང་བའི་ཚུ་རོལ་ན། ་ཆུ་ཞེང་ལྔ་བཅུ་ཡོད་པའི་མཚོ་ཞེས་བྱ་བས་བསྟན་ཏེ། མ་དྲོས་པའི་མཚོ་ལས་ཤར་ནས་ནི་གངྒཱའོ།། ལྷོ་ནཱས་ནི་བཀྵུའོ།། ནུབ་ནས་ནི་སིཏྟའོ།། བྱང་ནས་ནི་སི་ཏྱ་སྟེ། དེའི་མཐུས་མངོན་སུམ་དང་བརྒྱུད་པ་ལས་འདུས་པའི་ཕྱིར་དུ་ཀླུང་། ་སྙེད་ཅིག་ཅེས་བྱ་བ་གསུངས་ཏེ། འདི་ལྟར་ཆུ་ཀླུང་ཇི་སྙེད་ཀྱི་རྒྱུན་འཛམ་བུའི་གླིང་འདིར་འབབ་ཏེ། མཚོའི་མཐའ་མ་ན་འཛམ་བུའི་ཤིང་གནས་པས་ཉེ་བར་མ་ཚོན་པ་རྒྱ་མཚོ་ཆེན་པོའི་ཆུའི་ནང་ན་གནས་པའི་ངོས་ཀྱི་ཆ་སོགས་ཀའི་ངོས་གསུམ་ལ་ནི་སྟོང ་ཕྲག་གཉིས་གཉིས། གཅིག་ལ་དཔག་ཚད་ཕྱོད་དང་བཞི་དང་བཅས་པ་ནི་ཆུ་ཞེང་གི་ཚ་དེ། དེ་ཐམས་ཅད་ནི་ཆོས་མངོན་པ་ཅིག་ལས་བསྟན་ཏོ།། མངོན་པར་གཞན་དང་གཞན་ལས་ནི་གཞན་ཏེ་ཚད་མི་མཐུན་པར་བསྟན་ཏོ།། འཛམ་བུའི་གླིང་ལ་སོགས ་བའི་སྣོད་བཞག་པ་ཐེག་པ་ཆེན་པོའི་མདོ་ལས་རྣམ་པར་བཞག་པའི་ཚད་ཤིན་ཏུ་མི་འདྲ་སྟེ། འདིར་ཞེས་བྱ་བའི་དོན་ཏོ།། དེ་ལྟར་ན་ཇི་ལྟར་གཞན་དང་གཞན་མི་འགལ་ཞེས་ན། སྨྲས་པ་གང་གི་ཕྱིར་ཕྱིའི་དངོས་པོ་ཡོངསུ་མ་གྲུབ་པས་ཀུན་རྫོབ་སོར ་སྣང་བ་ལ་གླིང་རྣམ་པར་བཞུག་སྟེ། ཇི་ལྟ་ཇི་ལྟར་སོར་སྣང་བ་དེ་ལྟ་དེ་ལྟར་རྣམ་པར་བཞག་སྟེ་འགལ་བ་མེདོ།། ཆུ་ཀླུང་གི་བྱ་བ་ཇི་ལྟ་བུ་ཡིན་པ་ནི་མེ་ཏོག་འབྲས་ལྡན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མེ་ཏོག་དང་འབྲས་བུ་དང་ལྡན་པ ་ནི་ཨ་མྲ་ལ་སོགས་པའི་ཤིང་།། འབྲས་བུ་སྨིན་ནས་སྐམ་པའི་ཕྱིར་སྨན་ནི་ཤིང་ལ་སོགས་པའོ།། འབྲས་བུ་འབའ་ཞིག་འབྱུང་བའི་ཕྱིར་ནགས་མ་སྟེ། ཨུ་དུམ་ཝ་ར་ལ་སོགས་པའོ།། དེ་དག་སྐྱེད་བྱེད་ནི་གསོ་བར་བྱེད་པ་དང་། འཕེལ་བར ་བྱེད་པ་ཞེས་བྱ་བའི་བར་དུའོ།། གང་གི་མཐུས་འབབ་ཅེ་ན། ཀླུ་དབང་ལ་སོགས་པ་གསུངས་ཏེ། ཀླུ་ནི་སྦྲུལ་གྱི་ཚོག་སོ།། དབང་པོ་ནི་བདག་པོ་སྟེ། ཀླུའི་རྗེ་བོ་དེ་ཉིད་ནོར་རྒྱས་ལ་སོགས་པ་དེ་རྣམས་ནི་བདག་པོའི་གཙོ་བོ་སྟེ། གཞན་ནི་མ་ཡི་ནོ།། རྟེན་ནི་ཡན ་ལོག་བརྒྱད་དང་ལྡན་པར་འབྱུང་བས་ཚ་བ་འཇོམས་པས་ནི་མ་བྱོས་བྱ་སྟེ། བདག་ཉིད་ཀྱི་ཁྱིམ་ཡིན་ནོ།། དེའི་མཐུ་ནི་ནུས་པའོ།། དཔལ་དང་ལྡན་སྟེ། ཀླུ་རྣམས་ཀྱི་ནང་ན་ཤིན་ཏུ་ཕུལ་དུ་བྱུང་བ་ཡིན་ཏེ། བྱེ་ཚན་གྱི་འཇིགས་པ་ལ་སོགས་པ་ལས་འདས ་ཏྲེཏེ་རང་དབང་ཐོབ་པས་ན་བདག་པོ་སྟེ། མ་དྲོས་པ་ཞེས་བྱ་བའི་དོན་ཏོ།། དཔེ་བསྟན་ནས་དོན་ནི་རྒྱལ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་དུ་རྒྱལ་བའི་ཉན་ཐོས་པ་དག་མདོ་དང་དབྱངས་ཀྱིས་བསྙད་པ་ལ་སོགས་པའི་མཚན་ཉིད ་ཇི་སྙེད་ཀྱི་ཆོས་མངོན་སུམ་དང་། རྗེ་སུ་དཔག་པ་དང་། ལུང་གི་ཚད་མ་དང་ལྡན་པ་ཉིད་ནི་རིགས་པ་དང་ལྡན་པ་སྟེ། ཐོས་པ་དང་། བསམས་པ་དང་། བསྒོམས་པའི་ཤེས་རབ་བསྐྱེད་པའི་ཕྱིར་རིམ་པ་ཇི་ལྟ་བ་བཞིན་དུ་སྟོན་པར་བྱེད་པ་དང་། ་འཆད་པར་བྱེད་པ་དང་། རྗོད་པར་བྱེད་པ་ཞེས་ཚིག་རྣམ་པར་སྦྱར་བར་བྱའོ།། ཅིའི་ཕྱིར་ཞེ་ན། མཆོག་འཕགསཾ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་ཀྱི་མཆོག་ཉིད།། བག་ཆགས་དང་བཅས་པའི་སྒྲིབ་པ་མ་ལུས་པ་སྤངས ་བས་མཆོག་སྟེ་སངས་རྒྱས་བཅོམ་ལྡན་འདསོ།། བདེ་བ་བྱེད་པོ་ནི་མི་གནས་པའི་མྱ་ངན་ལས་འདས་པ་སྟེ། ཐེག་པ་ཆེན་པོར་ཉན་ཐོས་ལ་སོགས་པའི་མྱ་ངན་ལས་འདས་པ་དང་འབྲེལ་པར་མི་རིགས་ཏེ་བཀག་པའི་ཕྱིར་མི་གན ་པའི་མྱ་ངན་ལས་འདས་པ་ཡིན་པའི་ཕྱིར་དེ་ཉིད་དེ་ཡིས་མདོ་སྡེ་ལ་སོགས་པའི་ཆོས་བསྟན་པས་གཞན་དང་གཞན་རྒྱུད་པས་གཙོ་བོ་ཡིན་པའི་ཕྱིར་འབྲས་བུ་སྟེ། ཐོས་པ་ལ་སོགས་པའི་ཤེས་རབ་བསྐྱེད་ནས་ཐོས་པས ་ན་དེའི་རྒྱུ་མཚན་ཡིནོ་ཞེས་བྱ་བའི་བར་དུའོ།། ཉན་ཐོས་ཀྱི་རང་དབང་གིས་ཀྱང་དོན་ཏེ་སྟོན་པ་ཡིནོ་ཞེ་ན། དེ་དག་ཀུན་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་ཀྱང་ནི་ཉན་ཐོས་ཀྱི་ཆོས་བསྟན་པ་ལ་སོགས་པའོ།། ཕྱིན་ཅི་མ་ལོག་པའི་ཆོས་ཉིད ་ཐུགསུ་ཆུད་པས་སམ། ཇི་ལྟ་བ་ཉིད་སྟོན་པར་མཛད་པས་ན་དེ་བཞིན་གཤེགས་པ་སྟེ་དེའི་བྱིན་གྱིས་རླབས་ནི་འཇུག་པའི་རྒྱུ་ཉིད་ཡིན་ཏེ། སྐྱེད་བུའི་བྱེད་པའི་འབྲས་བུ་ཡིནོ་ཞེས་བྱ་བའི་བར་དུའོ།། ཉན་ཐོས་ཀྱིས་ཀྱང་རང་གི་ཆོས་ཉིད་མངོན་དུ་བྱས་པ ་པ་ཡིན་ནམ། དེ་ལྟ་བས་ནཱ་རང་གི་ནུས་པ་ཉིད་ཀྱིས་རང་གི་ཀྱང་རང་གི་ཐེག་པ་ཅིའི་ཕྱིར་སྟོན་པ་ལ་སོགས་པར་མི་བྱེད་དེ། དེ་ཐམས་ཅད་དེ་བཞིན་གཤེགས་པའི་མཐུ་ཡིན་པར་བརྗོད་ཅེ་ན། ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅིའི་ཕྱིར་ཞེས། ་བྱ་བ་ནི་ནང་གི་རྒྱས་ནུས་པ་ཡིན་པར་རྟོགས་ཞེས་བྱ་བའི་དོན་ཏོ།། ལན་དུ་རྒྱལ་བས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞིག་སྡིག་པའི་ཆོས་ལས་རྒྱལ་བ་ནི་རྒྱལ་བ་སྟེ་བཅོམ་ལྡན་འདསོ།། ཆོས་ནི་གང་ཟག་ལྔ་བདག་མེད་པའི་བདག་ཉིདདོ།། ཚུལ་ནི། ་ཉན་ཐོས་ཀྱི་ལུང་གི་ཆོས་ཉིད།། གང་བསྟན་པ་ནི་གསལ་བར་བྱས་པའོ།། ཡང་དག་པའི་ལམ་དུ་ཞུགས་པ་ཉིད་ཀྱིས་ཤིན་ཏུ་ཁྱད་པར་དུ་འཕགས་པའི་མིར་གྱུར་པ་ནི་མི་མཆོགོ།། དབང་པོ་ཉིད་ལ་དབང་བར་གྱུར་ཞེས་བྱ་བའི་རིགས་པས་རང་གི་སྟོན་པ ་ཡིན་པར་ཁས་བླངས་པའི་ཕྱིར་སློབ་པར་གྱུར་པ་སྟེ་འཕགས་པ་རབ་འབྱོར་ལ་སོགས་པའོ།། དེ་ལ་མངོན་དུ་ཕྱོགས་པས་ཐོས་པའི་ཤེས་རབ་བསྐྱེད་པ་ནི་བསླབ་ཤི་།། ཡང་ན་མི་མཆོག་ནི་དེ་བཞིན་གཤེགས་པ་སྟེ། དེའི་སློབ་མ་ཡིན་པར་གྱུར་པའོ།། ་དེས་རང་གི་རྟོགས་པའི་ཆོས་ཉིད་མངོན་སུམ་དུ་བྱས་ཤིང་ཕྱིས་བསླབོ་པས་ཇི་བཞིན་དུ་ལུང་གི་ཆོས་ཀྱི་རང་བཞིན་རྟོགས་པ་དང་མི་འགལ་བར་སངས་རྒྱས་ཀྱི་མཐུས་སྟོན་པར་བྱེད།། དེ་བས་ན་དེ་བཞིན་གཤེགས་པ་ཉིད་ཀྱི་མཐུ་ཡིན་གྱི་རང་གི་མ་ཐུས ་མ་ཡིནོ་ཞེས་བྱ་བའི་དོན་ཏོ།། འདིས་འདི་སྐད་དུ་བསྟན་པ་ཡིན་ཏེ། རྟག་ཏུ་མཉམ་པར་བཞག་པའི་ཐབས་ལ་མཁས་པ་དང་བྲལ་བས་དོན་རྟོགས་པའི་ཡུལ་གྱི་ཆོས་ཀྱང་རང་གི་རྟོགས་པ་དང་མི་འགལ་བར་སྟོན་པར་མི་ནུས་ན། ཕུལ་དུ་བྱུང་བ་ཉིད་ཀྱི་རྟོག ་པའི་དོན་གྱི་ཡུལ་བདེ་བར་གཤེགས་པའི་སྲས་ཀྱི་ལམ་དུ་གྱུར་པ་ལྟ་ཅི་སྨོས། དེ་བས་ན་སངས་རྒྱས་ཀྱི་ཆེ་བའི་བདག་ཉིད་ཀྱི་མཐུས་མངོན་པར་རྟོགས་པ་བརྒྱད་སྟོན་པ་ལ་དབང་བ་ཡིན།། དེ་སྐད་དུ། རང་གི་རྟོགས་པའི་རྗེས་འབྲངས་ནས། ་ཞིག་ཅིམ་ནི་དཔག་པར་ནུས། ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པས། དེ་བཤད་པ་ནི་དཀའ་བ་ཡིན་ཞེས་གསུངས་པའི་རིགས་པས་ཉན་ཐོས་ཆེན་པོ་རྣམས་ཀྱི་དབྱུང་ནས་ཀྱང་བསྟན་པར་མི་ནུསོ་ཞེས་བྱའོ།། ཞར་ལ་བྱུང་བ་བརྗོད་ནས་ད་ནི་དང་པོར་བྱང་ཆུབ ་ཏུ་སེམས་བསྐྱེད་པའི་སྐབས་ལ་ཇི་ལྟར་བཟོ་པའི་བསླབ་པར་བྱ་བའི་གདམས་ངག་བསྟན་པར་བཞེད་ནས་གང་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིགས་པའི་སྟོབས་ཀྱི་གང་ལས་སྤྱིར་དངོས་པོ་མ་ལུས་པ་སྒྱུ་མ་ལྟ་བུར་སྟོང་པ་ཉིད ་དུ་གནས་པས་ཆོས་དང་གང་ཟག་གི་གཉེན་པོའི་རང་བཞིན་གྱི་ཤེས་རབ་ཡང་དག་པར་བདག་མེད་པར་ཤེས་པའི་མཚན་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་གཙོ་བོ་ཡིན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པའི ་མཆོགོ།། རྣམ་པ་ཐམས་ཅད་དུ་གདུམས་པའི་ངོ་བོ་ཡོངསུ་གཅོད་པ་མི་སྲིད་པས་མི་དམིགས་པ་དང་སྙིང་རྗེའི་གཞན་གྱི་དབང་གིས་ཕྱིན་ཅི་མ་ལག་པའི་ལམ་སྟེན་ཅིང་འདོམས་པར་བྱེད་པ་བྱང་ཆུབ་སེམས་དཔའ་སེམས་ཅན་ལ་ཕན ་འདོགས་པ་ཉིད་ཀྱི་ཕྱིར་བྱང་ཆུབ་ཀྱི་སེམས་ནི་བྱང་ཆུབ་སེམས་དཔས་བསྐྱེད་པ་སྟེ། བསྐྱེད་པ་དེ་མི་དམིགསོ་ཞེས་བྱ་བར་སྦྱ་རོ།། ཀྱང་གི་སྒྲ་ནི་རིམ་པ་གཞན་དུ་སྦྱར་ཏེ། སྡུད་པའི་དོན་ཡིན་པའི་ཕྱིརརོ།། གང་དེ་ལྟ་ཡིན་ན་གདམས་ངག་མེད་པས ་ཇི་ལྟར་གདམས་ཤི་ན། དེ་སྐད་ཐོས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱེད་པ་པོ་དང་ལས་དང་། བྱ་བ་མི་དམིགས་པར་བསྟན་མ་ཐག་ཏུ་ཐོས་པ་ན། བྱང་ཆུབ་སེམས་དཔས། ཡང་དག་ཀུན་རྒྱོ་བ་རྣམས་ཀྱི་སྐས།། མེད་པར་དོན་དམ་ཁང་ཆེན ་གྱི།། སྟེང་དུ་འགྲོ་བར་བྱ་བ་ནི།། མཁས་ལ་རུང་བ་མ་ཡི་ནོ།། ཞེས་བྱ་བར་རྟོགས་པར་བྱས་ནས་ཀུན་རྫོབ་ཀྱི་བདེན་པ་མེད་པ་མ་ཡིན་པར་མི་འཇིགས་པར་བསྒྲུབས་ནས་རྨོངས་པ་མེད་པར་བྱའོ།། དོན་དམ་པའི་བདེན་པ་ལ་ཡང་ཆུད་མས་གྲུབ ་པའི་ཕྱིར་མི་སྐྲག་སྟེ། སྐྲག་པའི་གནས་མེད་པས་སྐྲག་པ་དང་བྲལ་བའི་བྱང་ཆུབ་སེམས་དཔའ་དེ་ནི་བདེ་གཤེགས་ཤེས་རབ་སྤྱོད་པ་ཡིན་ཏེ། ཕྱིན་ཅི་མ་ལོག་པའི་བདེན་པ་གཉིས་རྟོགས་པས་འཇིགས་པ་མེད་པའི་ཕྱི་རོ།། འདིས ་ནི་སྟོང་པ་ཉིད་ཀྱི་སྙིང་པོ་ཅན་གྱི་སེམས་བསྐྱུད་པ་ལ་སྩོགས་པས་ཡང་དག་པར་ཐོབ་པ་ཡོངསསུ་བསྲུང་བའི་ཕྱིར་དང་། མངོན་པར་འཕེལ་པར་བྱ་བའི་ཕྱིར་སྤྱད་པར་བྱེད་པ་ནི་ཁྱད་པར་དུ་འཕགས་པའི་གང་ཟག་གི་བསླབ་པ་ནི་གདམས་ངག་ཡི ་ནོ་ཞེས་བསྟན་པར་འགྱུརརོ།། གདམས་ངག་ཐོས་པའི་ལས་དང་པོ་པས་དད་པ་ལ་སོགས་པའི་ཆོས་གོ་མོས་པར་བྱས་ནས་ཚོགས་ཀྱི་ལམ་ཐོབ་པོ་ངེས་པར་འབྱོད་པའི་ཆ་དོང་མཐུན་པའི་དམིགས་པ་དང་། རྣམ་པ་དང་། རྒྱུ་དང་། ཡོངསུ་བཟུང ་བས་ཁྱད་པར་དུ་འཕགས་པ་དང་། རྣམ་པར་རྟོག་པ་བཞི་དང་ལྡན་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་བྱེ་བྲག་གིས། ཁྱད་པར་དུ་འཕགས་པ་བརྗོད་པར་བྱའོ།། དེ་དག་ལས་དྲང་པོར་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་མེའི་སྔ་རྟགས ་ཡིན་པའི་ཕྱིར་དྲོ་བ་རྟོགས་པས་ན་དྲོ་བར་གྱུར་པ་སྟེ། དེའི་དམིགས་པ་བསྟན་པའི་ཕྱིར། གཟུགས་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགསུ་རུང་བ་ནི་གཟུགས་ཀྱི་མཚན་ཉིད་དོ།། ཉམ་སུ་མྱོང་བ་ནི་ཚོར་བའི་མཚན་ཉིད་དོ།། མཚན་མར ་འཛིན་པའི་བདག་ཉིད་ཡིན་པས་ན་འདུ་ཤེསོ།། སེམས་མངོན་པར་འདུ་བྱེད་པའི་རང་བཞིན་ནི་སེམས་པ་སྟེ། གཙོ་བོ་ཡིན་པསྡུ་ཉེ་བར་མཚོན་པ་ཡིན་པའི་ཕྱིར་སྟེ། འདུ་བྱེད་གཞན་དག་ཀྱང་བཟུང་བར་བྱའོ།། རྣམ་པར་ཤེས་པ་ནི་རྟོགས་པའི ་མཚན་ཉིད་དེ། དེ་རྣམས་དམིགས་པ་མ་ཡིན་ཏེ། དེ་ཁོ་ན་ཉིད་དུ་ཞེས་བྱ་བ་ནི་ལྷག་མའོ།། དེ་ལྟ་བས་ན་ཀུན་རྫོབ་ཉམ་སུ་མྱོང་བའི་དོན་བཀག་ན་མངོན་སུམ་ལོ་སོགས་པར་གནོད་པར་འགྱུར་བས་ན་སྣང་བ་ལས་གཞན་ནི་རིགས་པས་མ ་ཆུབ་པའི་ཕྱིར་མོ་རྟག་པ་ལ་སོགས་པའི་ཁྱད་པར་གྱི་རང་བཞིན་ལ་སོགས་པ་དམིགས་པ་ཡོན་པས་བསྟན་པར་འགྱུ་རོ།། རྣམ་པ་གང་ཞིག་ཡོན་ཞེ་ན།། གནས་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གནས་པའི ་མངོན་པར་ཞེན་པ་སྟེ། རྡུལ་ཙམ་ཡང་ཡོད་པ་མ་ཡིན་ཏེ། གཟུགས་ལ་སོགས་པ་རྣམས་སྐྱེ་བ་མེད་པའི་མངོན་པར་ཞེན་པ་མེད་པ་ནི་རྣམ་པ་ཡིན་པར་བསྟན་པར་འགྱུ་རོ།། ཅིའི་ཕྱིར་དེའི་རྒྱུ་ཡིན་ཞེ་ན། དེ་ཆོས་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། གང་གི་དམིགས་པ་དང་རྣམ་པར་གྱུར་པ་གཟུགས་ལ་སོགས་པའི་ཆོས་ཀུན་གྱི་མཚན་ཉིད་དམིགས་པ་དང་བྲལ་བས་མི་གནས་ཏེ། མངོན་པར་ཞེན་པ་མེད་པའི་སྟོབས་ཀྱི་གནས་པ་མེད་པར་དོན་སྤྱོད་དོ། ངེས་པར་གནས་པ ་མེད་པར་སྤྱོད་པ་ནི་ངོ་བོའོ།། རླུང་ངུ་དྲུང་འབྲིང་དང་ཆེན་པོའི་དབྱེ་བཱ་རྟོགས་པ་ནི་བྱང་ཆུབ་ཐམས་ཅད་ཀྱི་རྒྱུ་ཉིད།། བྱང་ཆུབ་ཅིག་སྟོན་པར་མི་བྱེད་པའི་ཕྱིར་ཡོངསུ་བཟུང་བ་མེདོ།། ཐོབ་པ་ནི་རྒྱུ་ཐོབ་ན་འབྲས་བུ་ཐོབ་པར་འགྱུར་བས་དགོངས་པ་ཡི་ནོ།། ་བདྲེག་ནོ་གོས་ནི་ཉོན་མོངས་པོའི་སྟོབས་ཀྱི་འཁོར་བར་སྦྱོར་མི་ལྡོག་པའོ།། ཉན་ཐོས་དང་། རང་རྒྱལ་དང་། ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྣམས་ལས་སྐལ་བ་ཇི་ལྟ་བོ་བཞིན་དུ་གང་རུང་བ་ཞིག་ཕྱིན་ཅི་མ་ལོགས་པར་རྟོག ་པའི་རྒྱུ་ཉིད་དུ་བསྟན་པར་གྱུར་པ་ཡི་ནོ།། ད་ནི་དྲོ་བའི་རྗེས་ཐོག་ལ་དགེ་བའི་རྩ་བ་གཡོ་བའི་རྩེ་མོ་ཡིན་པའི་ཕྱིར་རྩེ་མོར་གྱུར་པ་སྟེ། དེའི་དམིགས་པ་བསྟན་པའི་ཕྱིར། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟོ་སྦྱངས་ཞེས་བྱ་བ་ནི ་མུ་སྔགས་སྟན་པ་ལ་རབ་ཏུ་བྱུང་རྒྱན་བྱ་ཀུན་ཏུ་རྒྱུ་། ངོས་པ་ག་བསྟན་པའོ་རྒྱུ་མངོན་ས་གྲོལ་བར་མ་རིག་པར་ངོས་པར་ཤེས་པ་ཡོས་ཕྱོས་བསྟན་པ་འོད་ལ་ཞུགས་ནས་རྟོགས་པའི་རང་བཞོན་ཤེས་པ་ཙམ་དཔོགས་པ་རྣལ་འབྱོར་སྨྱན ་སྤྱོད་པ་པས་ཡོངསུ་བཏགས་པ་དང་། ཕྱི་རོལ་ཏུ་གྱུར་པའི་གཟུགས་ལ་སོགས་པའི་ཕུང་པོ་མདོ་སྡེ་བས་རྣམ་པར་བཞག་པ་ལས་གཅིག་དང་དུམ་དང་བྲལ་བ་ལས་རྣམ་པར་བཤིག་ནས། དམིགས་པ་མེད་པར་བརྟག་སྟེ། འཁོར་བ་དང་མྱ་ངན་ལས ་འདས་པ་ཕྱོགས་གཅིག་ཏུ་ལྟུང་བས་སྐྲག་པའི་ཕྱིར་སོར་རྟོགས་པརུ་འབྱུང་བ་ལྟ་རོ།། འདུ་གཱི་སྒྲ་ནི་ངེས་པར་གཟུང་བའི་དོན་ཏོ།། བྱང་ཆུབ་སེམས་དཔའ་གང་ཞིག་དེ་ལྟར་ཕྱིའི་བདག་ལ་སོགས་པའི་ཆོས་ཀུན་ཡོངསུ་ཤེས་པ་ཁོ་ན་ཉིད་ཀྱི་རྣམ ་པས་མྱ་ངན་འདས་ལ་མི་རེག་སྟེ། ཀུན་རྫོབ་ཀྱི་ཐབས་ལ་མཁྱས་པའི་སྟོབས་དང་ལྡན་པའི་ཕྱི་རོ།། མི་རེག་པ་ནི་མི་དམིགས་པའོ།། དོན་དམ་པའི་སྟོབས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གནས་ཏེ་ཆོས་ཀྱི་དམིགས་པའོ།། འདིས་ནི་མཚན ་མ་མེད་པས་ཁྱད་པར་དུ་འཕགས་པའི་ཕྱིར་གཟུགས་ལ་སོགས་པ་མི་དམིགས་པས་འདི་འབྲས་བུ་དང་བཅས་པ་ཡི་ནོ།། རྣམ་པ་གང་ཞེ་ན། ཤེས་རབ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ཞེས་བྱ་བ་འདི་དག་གི་ནང་ན ་གང་ཡིན། འོན་ཏེ་རྫས་སོ།། སྟོན་ནམ། ལས་སམ། སྐྱེ་འམ། ཁྱད་པར་རམ། འདུ་བ་འག། སུའི་ཡིན། ཅི་བདག་གམ་གཟུགས་ལ་སོགས་པ་དང་འབྲེལ་པ་ཡིན་ནམ།། གདོ་ལ་སྟེ། ཅི་བདག་ལ་འམ།། ཆོས་ལ་འམ། གླང་ལས་སོ།། ཆོས་ལས་ཡུན ་ཌྱ། ཏོ།། འོན་ཀྱང་འདི་དག་ནི་སྙིང་པོ་ཆོས་ཐམས་ཅད་དེ་ཁོ་ན་ཉིད་དུ་མ་སྐྱེས་པའི་ཕྱིརརོ།། ཅིའི་སྒྲ་ཐམས་ཅད་དང་སྦྱར་བར་བྱ་སྟེ། འདི་ནི་གང་གི་ཕྱིར་ཡང་མ་ཡིན། སུརཱི་ཡང་མ་ཡི་ནོ།། ཞེས་ཆོས་ཐམས་ཅད་མྱི་དམིགས་པར་ཤེས་རག། ་ཀྱི་ཡོངསུ་རྟོག་གོ། ཉེ་བར་རྟོག་ཏུ་དེ་དག་ཉེ་བར་རྟོག་པ་སྟེ་རྣམ་པར་དཔྱོད་པའོ།། ཡང་རྣམ་པ་སྣ་ཚོགས་པ་འདི་དག་ལ་རྗེས་དམྱིགས་ནས་བྱང་ཆུབ་སེམས་དཔའ་འཇུག་པར་བྱེད་པ་དེ་རྣམ་པ་ཡིན་པར་བསྟན་པར་འགྱུརརོ།། ཅིའི་ཕྱིར་རྩཝ་ཡིན་ཞེ་ན། ་བར་བརྟགས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དམིགས་པ་དང་རྣམ་པ་བསྟན་པའི་རྗེསུ་རྣམ་པ་སྣ་ཚོགས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཡོངསུ་བརྟག་སོ་ནས་ཞུམ་པ་མདོ།། རིགས་པ་དང་ལྡན་པའི་ཕྱིར་སྐྲག་པ་མདོ།། དེ་ཡང་དེ ་ཁོ་ན་ཉིད་ལ་ཕྱིན་ཅི་མ་ལོག་པར་ཞུགས་པ་ནི་རྩེ་མོ་སྟེ། ཆུང་ངུ་དང་འབྲིང་དང་ཆེན་པོའི་དབྱེ་བ་རྟོགས་པར་ཉན་ཐོས་ལ་སོགས་པ་བྱང་ཆུབ་གང་ཡང་རུང་བ་ཐོབ་པ་ནི་བྱང་ཆུབ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཉེ་བར་གྱུར་པ་ཡིན་ཏེ། ་རྒྱུར་གྱུར་པཱ་ཡིན་པར་བསྟན་ཏོ།། རྩེ་མོའི་རྗེས་ལ་དུ་ནི་བཟོད་པ་སྟེ། ཉམས་པ་མེད་པར་ཆོས་ཆེན་བྲོ་ལ་བཟོད་པའི་ཕྱིར་བཟོད་པར་གྱུར་པའི་དམིགས་པ་བསྟན་པའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་མྱི་ཤེས ་པོ་སྤྱོད་པ་ནི་བདག་མེད་པར་རྟོགས་པ་ལ་སྤྱོད་པ་མེད་པརོ།། ཡོངསུ་རྟོགས་པ་ནི་ཀུན་ཏུ་རྟོགས་པའོ།། མཚན་མ་ལོ་སྤྱོད་པ་ནི་བཟློག་པ་ལ་སྤྱོད་པའོ།། འདི་སྐད་དུ་ཆོས་ཉིད་རབ་ཏུ་མི་ཤེས་པར་གཟུགས་ཀྱི་སྤྱིའི་མཚན་ཉིད་ལ་མངོན་པར ་ཞོན་ནས་རྣམ་པར་ཤེས་པའི་བར་ལ་སྤྱོད་པ་དེ་ནི་སྨོག་རྒྱུ་ལ་སོགས་པའོ་ཤོས་པ་བཞིན་དུ་ཆོད་མས་གནོད་པའི་ཕྱིརརོ།། དམིགས་པ་ནི་མཚན་མ་ལ་སྤྱོད་པའོ་ཞེས་བྱ་བར་འབྲེལ་ཏོ་ཞེས་བསྟན་པར་འགྱུར་རོ།། དེ་བཞིན་དུ་གཟུགས་ཀྱི་ཕུང་པོ་འདི་སྟོང་ཞེས་བྱ་བར། ་ཡོངསུ་རྟོག་ཅིང་མངོན་པར་ཞེན་ནས་གལ་ཏེ་ཆོས་ཀྱི་རང་བཞིན་ཡིན་པར་རྟོག་ནའང་སྤྱོད་པ་མ་ཡིན་ཏེ། སྟོང་པ་ཉིད་དུ་མངོན་པར་ཞེན་པ་དེ་ལ་ཡང་ཚད་མས་གནོད་པའི་ཕྱིར་མཚན་མ་ལ་སྤྱོད་པ་ཡི་ནོ།། དེ་བཞིན་དུ་དངོས་དང་དངོས་པོ་མེད་པའི་རང་བཞིན ་ལ་མངོན་པར་ཞེན་ནས་བཟློག་པར་བྱའོ།། བྱང་ཆུབ་སེམས་དཔའ་གང་ཞིག་སྐྱེ་བ་མེད་གནས་ཉིད་ཡིན་ཏེ་མཐོང་བའི་ལམ་ལ་སོགས་པ་ལ་བརྟེན་པའི་ཕྱིར་གནས་ལ་ཚོགས་ཤིང་མངོན་པོར་ཞེན་པ་མེད་པ་ནི་སྤྱོད་པ་ཡི་ནོ།། བཟློག་པ་ནི་མ་དད་པའོ།། ། ་དེ་བས་ན་གཅིག་ཏུ་རང་བཞིན་སྤངས་པ་ལས་རང་བཞིན་མྱེད་པའི་ཁྱད་པར་དུ་འཕགས་པའི་གཟུགས་ལ་དམིགས་པ་ནི་སྤྱོད་པ་ཡིན་ཏེ། དམིགས་པ་ཡིན་པར་སྟོན་ཏོ།། རྣམ་པར་གང་ཞིག་ཡིན་ཞེ་ན། གང་གཟུགས་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། གང་ཞིག་གིས་སྐྱེ་བ་མེད་པས་གནས་པ་མེད་པར་སྤྱོད་པ་ཡིན་ཏེ། གཟུགས་ནས་རྣམ་པར་ཤེས་པའི་བར་དུ་གཟུང་བར་མངོན་པར་ཞེན་པར་མི་སྤྱོད་ཅིང་གནས་པ་མེད་པར་སྤྱོད་པའོ།། གཟུང་བ་མེད་པས་འཛིན་པ་མི་དམིགས་པར་སྤྱོད་པའི་བྱང ་ཆུབ་སེམས་དཔའ་དེ་ནི་ཡང་སྤྱོད་པ་མ་ཡིནོ་ཞེས་བརྟག་པར་མི་བྱ་སྟེ། ཤེས་རབ་ཀྱིས་གཟུགས་ལ་སོགས་པའི་རང་བཞིན་མེད་པའི་རྣམ་པར་དམིགས་པས་མཚན་མའི་རྣམ་པ་ཐམས་ཅད་ཀྱི་རབ་ཏུ་མི་གཡོ་བའི་ཕྱིར་ཤེས་རབ་བསྟན་པ ་ཞེས་བྱའོ།། ས་ནི་རྣམ་པར་གྱུར་པ་བསྟན་ཏོ།། ཅིའི་ཕྱིར་དེ་ལ་རྒྱུ་ཞེས་གྱུ་ན་ན། སྐྱེ་མེད་བློ་ལྡན་ནས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་དུ་དམིགས་པ་དང་རྣམ་པ་དག་སྐྱེ་བ་མེད་པར་རྟོགས་པ་ནི་བློ་སྟེ། དེས་བཟོད་པ་ཆུང་ངུ་དང་། ་འབྲིང་དང་། ཆེན་པོའི་དབྱེ་བ་རྟོགས་པ་དང་ལྡན་ནོ།། སེམས་རྩེ་གཅིག་ཏུ་བསྡུས་པའི་རང་བཞིན་ཡོན་པའི་ཕྱིར་ཏི་ངེ་འཛིན་ཏེ།། བྱང་ཆུབ་ཐམས་ཅད་དང་རྗེ་སུ་འཐུན་ཞིང་གཟུང་བའི་གཡེང་པ་སྤངས་པའི་ཕྱིར་ཞི་བའོ།། ཉན་ཐོས་ལ་སོགས་པའི་བྱང་ཆུབ་སྐལ ་པ་ཇི་ལྟ་བ་བཞིན་ཐོབ་པས་ན་རེག་པའོ།། ཐག་པ་ཐམས་ཅད་ཀྱི་ངེས་པར་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་མཆོག་གོ།། འདིས་ནི་རྒྱུར་གྱུར་པ་བསྟན་ཏོ།། ད་ནི་བཟོད་པའི་རྗེས་ཐོགས་ལ་ཆོས་ཀྱི་མཆོག་སྟེ། འཇིག་རྟེན་པ་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར་རོ།། ་དམིགས་པ་བསྟན་པའི་ཕྱིར་བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ནི་བདག་ཏུ་བཞོག་པ་ཉིད་ཀྱི་རྒྱུད་ལ་བསྒོམས་པའི་སྟོབས་ཀྱི་སེམས་རབ་ཏུ་ཞི་བའོ།། གནས་པ་ནི་རྣམ་པ་དུ་མའི་ཡོན་ཏན་སྦེད་པར་བྱེད་པའི་ཆོས་ཀྱི་མཆོག་ཏཱིང་འཛིན ་གྱི་གནས་པའི་བྱང་ཆུབ་སེམས་དཔའ་གང་ཡིན་པ་དེ་ལུང་སྟོན་པར་མཛདེ། སྔོན་གྱི་དེ་བཞིན་གཤེགས་པས་རིགས་ངེས་པའི་ཕྱིར་ཕྱི་རུ་མི་ལྡོག་པརོ།། དེ་ལྟ་བུ་ཉིད་བདག་གིས་ཏིང་འཛིན་ལ་མཉམ་པར་བཞག་ཅེ་འམ། དེ་ལས་ལངས་ཞེས་རློམ ་སེམས་མེད་དོ།། ལས་མཐའ་ནི་ཡུལ་གྱི་དངོས་པོ་ལསོ།། དེ་ལ་འཛིན་པའི་ཆར་ངེས་པ་ནི་མཐའོ།། ལས་བྱེད་པ་པོ་གནས་པ་ནི་བྱ་བ་སྟེ། ཆོས་དེ་རྣམས་ཀྱི་རང་བཞིན་ཏེ། དེ་བཞིན་ཉིད་རང་བཞིན་དུ་ཡོངསུ་ཤེས་པ་ཞེས་བྱ་བ་ནས་རྟོགས་པ་ཞེས ་བྱ་བའི་བར་དུའོ།། འདི་སྐད་དུ་ཆོས་འདི་ཉིད་ནི་གཉེན་པོ་ཡིན་པའི་ཕྱིར་སྤྱོད་པ་དང་མི་སྤྱོད་པས་སྟོང་པས་ཐོས་པ་ལ་སོགས་པའི་ཤེས་པ་སྐྱེས་ནས་རྟོགས་པ་ན་གང་ལ་སྤྱད་པར་བྱ་བའི་ཆོས་གང་ཡང་མི་དམིགས་པ་རྟོགས་པས་ཞེན་པ་མེད་པར་རྟོ ་པར་འགྱུརརོ།། དེ་ལྟར་སྤྱོད་པ་ནི་བདེ་བར་གཤེགས་པ་དང་འབྲེལ་པ་ཉིད་ཀྱི་ཤེས་རབ་ཆོས་ཀྱི་མཆོག་གི་རང་བཞིན་ལ་དེ་སྤྱོད་པ་ཡིནོ་ཞེས་རིམ་པ་གཞན་དུ་སྦྱ་རོ།། དེས་རྣམ་པོར་མི་རྟོག་པ་ལ་སོགས་པའི་རྣམ་པར་གྱུར་པ་བསྟན་ཏོ།། ཅིའི་ཕྱིར ་འདི་རྒྱུ་ཡིན་ཞེ་ན། འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་ཞེས་བྱ་བ་ནི་དམིགས་པ་དང་རྣམ་པ་གཉིས་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་དབྱེ་བས་ཆོས་ཀྱི་མཆོ་གྲི་རང་བཞིན་གྱི་ཤེས་རབ་ནི་ཤེས་པའོ།། དེ་ནས་ཉན་ཐོས་ལ་སྩོཊ ་པའི་བྱང་ཆུབ་གང་ཡང་རུང་བའི་རང་གི་ཐེག་པ་ལ་བལྟོས་ནས་ཁྱད་པར་དུ་འགྲོ་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་མཆོགྲོ།། བྱང་ཆུབ་ཐམས་ཅད་ཐོབ་པའི་རྒྱུ་ཉིད་དུ་གནས་པའི་ཕྱིར་སྤྱོད་པ་ཡི་བའི། མོས་པས་སྤྱོད་པའི་ས་རང་བཞིན་ཡིན་པའི ་ཕྱིར་སྤྱོད་པ་ཡིན་ནོ།། དེས་རྒྱུ་ཉི་དུ་གྱུར་པ་བསྟན་ཏོ།། དོན་དེ་དག་འདིར་བསྡུས་ནས་རིགས་པའི་སྟོབས་ཀྱིས་ཇི་ལྟར་བསྟན་པ་ནི་དམིགས་པ་དང་། རྣམ་པ་དང་། དྲ་བ་ཆུང་ངུ་ལ་སོགས་པོའི་རྣམ་པའི་བསྐྱེད་པ་བསྟན་པ་ཡིན་པར་བཟུང་བར་བྱའོ།། ་གང་ཡང་སྟོང་ཕྲག་བརྒྱ་པ་ལས་ཆུང་ངུ་ལ་སོགས་པར་ཁྱད་པར་གྱི་དམིགས་པ་དང་། རྣམ་པ་བྱེ་བྲག་ཏུ་བསྟན་ཏེ། འཁོར་དེར་འདུས་པའི་གདུལ་བྱའི་སྐྱེ་བོ་རྣམས་ཀྱི་ལོག་པར་རྟོག་པ་བསལ་བའི་ཕྱིར་བསྟན་ཏོ།། འདིར་ཡང་དེ་དག་སྦྱར་བར ་མོ་ནུས་ཏོ།། ཚིག་པུ་བཅད་པ་དང་དེ་དག་ཉིད་འབྲེལ་པ་མེད་པའི་ཕྱིརོ།། དེ་ལྟ་བསྟན་གང་གི་ཚེ་ཇི་སྐད་བསྟན་པའི་དམིགས་པ་དང་། རྣམ་པ་བསྒོམས་པ་ན་ཐུ་དད་པའི་དོན་ལ་མངོན་པར་ཞེན་པ་མེད་པར་ཅུང་ཟད་གསལ་བའི ་ཡེ་ཤེས་ཀྱི་སྣང་བ་ཐམས་ཅད་སེམས་ཙམ་ཉིད་དུ་ཡང་མཐོང་བ་དེའི་ཚེ་དྲོ་བའི་གནས་སྐབས་ཡིན་ཏེ། ཐེག་པ་ཆེན་པོ་ལས་སྣང་བ་ཐོབ་པའི་ཏིངེ་འཛིན་ཅེས་བསྟན་ཏོ།། གང་གི་ཚེ་ཡང་བསྒོམས་པའི་སྟོབས་ཀྱིས་ཆུང་ངུ་ལ་སོགས་པའི་གསལ ་བར་སྣང་བའི་འབྲིང་གྲི་ཡེ་ཤེས་ཀྱི་སྣང་བ་ཐོད་པར་གྱུར་པ་དེའི་ཚེ་རྩེ་མོའི་གནས་སྐབས་ན་སྣང་བ་མཆོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡི་ནོ།། གང་གི་ཚེ་ཡང་སེམས་ཙམུ་ཉིད་ལ་གནས་ནས་གསལ་བར་སྣང་བ་འབྲིང་དང་ཆུང་ངུའི་ཡེ་ཤེས་ཀྱི་སྣང ་བརྒྱས་པ་དེའི་ཚེ་བཟོད་པའི་གནས་སྐབས་འཛིན་པའི་སྲ་ལ་ཞུགས་པ་དྲེ་ཁོ་ན་ཉིད་ཀྱི་དོན་གྱི་ཕྱོགས་ཅིག་ལ་ཞུགས་པ་ཞེས་བྱ་བའི་ཏིང་འཛིན་ཡི་ནོ།། གང་གི་ཚེ་ཡང་དོན་ལ་འཛིན་པ་སྤངས་ནས་མི་སྣང་བའི་ཆུང་ངུ་ལ་སོགས་པའི་ཡེཤི ་ཀྱི་སྣང་བ་སྐྱེས་པ་དེའི་ཚེ་ཆོས་ཀྱི་མཆོ་གི་གནས་སྐབས་དེ་མ་ཐག་པའི་ཏིངངེ་འཛིན་ཅེས་བྱ་བ་ཡིན་ནོ།། ཡང་ཏིང་འཛིན་དེ་དག་ཐམས་ཅད་ལ་ཤིན་ཏུ་མོས་པ་བསྟན་པ་ནི་མོས་པས་སྤྱོད་པའི་ས་ཞེས་བྱ་བ་ཡི་ནོ།། དེ་ཉིད་ལ་བརྩམས་ཏེ། ་རྣམ་པར་རྟོག་པ་བྱང་ཆུབ་སེམས་དཔའི་སྒྲིབ་པ་རྣམས་རྩེ་མོའི་མངོན་པར་རྟོགས་པའི་མཐོང་བའི་ལམ་དང་། བསྒོམ་པའི་ལམ་གྱི་བར་དུ་ཡོད་པར་བསྒྲུབ་པའི་ཕྱིར་ངེས་པར་འབྱེད་པའི་ཆ་བཞིར་གོ་རིམ་ཇི་ལྟ་བ་བཞིན་དུ་གཟུང་བ་དང ་འཛིན་པའི་རྣམ་པར་རྟོག་པ་བཞི་དང་ལྡན་པར་རྟོན་ཅེས་བསྟན་ཏོ།། དེ་ལ་ཀུན་ནས་ཉོན་མོངས་པ་དང་གཉེན་པོའི་དངོས་པོའི་རྟོན་ཅན་གྱི་བཟུང་བའི་རྣམ་པར་རྟོག་པ་གཉིས་བསྟན་པའི་ཕྱིར་གང་ཞིག་ཡོད་པ་མ་ཡིན་ཞེས་བྱ་བ་ལ་སོགས་པ། ་གསུངས་ཏེ། སྣང་བ་ཇི་ལྟར་རྟོགས་པའི་དོན་འདི་དག་གཅིག་དང་དུ་མ་དང་བྲལ་བའི་རྗེ་སུ་དཔག་པའི་ཚད་མ་མེད་པས་ན་ཡོད་པ་ཐོབ་པ་མ་ཡི་ནོ།། དེ་ནི་དེ་དག་ཆོས་ཉིད་སྒྱུ་མ་ལྟོ་བུ་ཡིན་པ་དེའི་ཕྱིར་མེད་ཅེས་བྱའོ།། རི་བོང་གི་རྭ་ལྟར ་མེད་པ་ནི་མ་ཡིན་ཏེ། དེ་སྒྲུབ་པར་བྱེད་པའི་ཚད་མ་མེད་པའི་ཕྱིརརོ།། ཅི་སྟེ་མངོན་སུམ་གྱི་སྣང་བྱའི་དངོས་པོ་དེ་ཉིད་སྒྱུ་མ་ལྟ་བུ་ཡིན་པའི་ཕྱིར་མེ་དོ་ཞེས་བསྒྲུབ་པར་མི་ནུས།། དེ་ཡང་མངོན་སུམ་གྷི་སོ་སྒྱུ་མར་མི་འཛིན་ཏེ། རྣམ་པར་མི ་རྟོག་པའི་ཕྱིརརོ།། དེ་ལ་བཟློག་ན་གནོད་པ་ཅན་གྱི་ཚད་མའི་སྟོབོས་ཀྱིས་སྒྱུ་མ་ལྟ་བུའི་ངེས་པའི་དངོས་པོ་དེ་ཉིད་སྣ་ཚོགས་པ་ཐམས་ཅད་མངོན་སུམ་ལ་སྣང་བ་ཙམ་དྲི་ཉིད་སྒྱུ་མ་ལྟ་བུ་ཉིད་དུ་གཟུངངོ་ཞེས་བརྗོད་པར་བྱའོ།། གང་དེ་ལྟ་བུའི ་བཟློག་ན་གནོད་པ་ཅན་གྱི་ཚད་མ་མངོན་སུམ་མམ། རྗེ་སུ་དཔག་པ་གང་ཞིག་ཡིན། གལ་ཏེ་མངོན་སུམ་གྱིས་གཟུང་བ་ཙམ་བཟློག་ན་གནོད་པ་ཅན་གྱི་ཚད་མ་ཡིན་ན། དེ་ཡང་མཚུངས་པའི་ཕྱིར་བྲིས་པ་ཉིད་དང་འདྲ་བས་ཐུག་པ་མེད་པར ་འགྱུ་རོ།། བ་ལང་རྫི་དང་བུད་མེད་ལ་སོགས་པ་ལ་བུམ་པ་ལ་སོགས་པ་མངོན་སུམ་གྱིས་གྲུབ་པ་བཟློག་ན་གནོད་པ་ཅན་གྱི་ཚད་མའི་སྟོབས་ཀྱིས་མ་ཡི་ནོ།། འོན་ཀྱང་ཤེས་པའི་ཐ་སྙད་འཇུག་པ་ཉིད་ལ་བལྟོས་པ་ཡོ་ནོ་ཞེ་ན། རྣམ་པ་ཐཾད་ཀྱི་དེ་ཁོ ་ན་ཉིད་ཀྱི་ངོ་བོ་བདེན་པའི་ཕྱིར་དེ་ནི་མངོན་སུམ་རྫི་ཚད་མས་ལུས་ཅན་ཐམས་ཅད་གྲོལ་བར་འགྱུ་རོ་ཞེས་བྱ་བ་ལ་སོགས་པའི་ཐལ་བ་བཟློག་བཱར་དག་།། འདི་དག་དེ་ཁོ་ན་ཉིད་དུ་འདོད་པ་ཡིན་ཞེས་ཟེར་མདེ་ལྟ ་ཡིན་ན་ཇི་ལྟར་དེ་ཁོ་ན་ཉིད་དུ་འདོད་ཅེས་བྱ་བ་ལ་སོགོས་པའི་ཤེས་པ་དང་ཤེས་བྱའི་ཐ་སྙད་དུ་འགྱུར། དེ་ལྟར་བརྗོད་པ་ཀུན་རྫོབ་ཡིནོ་ཞེས་ཟེར་ན། ད་ལྟར་བརྗོད་པར་བྱ་བ་ཅི་ཞིག་ཡིན། ཕྱིན་ཅི་ལོག་ཡིནོ་ཞེས་ཟེར་ན་དེ་ཡང་དེ་ཁོ་ན་ཉིད་ཀྱི ་རང་བཞིན་དུ་ནུབ་པ་ཡིན་ནམ། ཤེས་པའི་རང་བཞིན་དེ་ཉིད་རྣམ་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་རང་གི་ངོ་བོ་གཟུང་བ་ཇི་ལྟར་ཕྱིན་ཙཱ་ལོག་ཡིན། དེ་ཁོ་ན་ཉིད་ཀྱི་ངོ་བོ་ཡིན་ཡང་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པས་འཇིག་རྟེན་པའི ་པའི་སྟོབས་པོ་ཕྱིན་ཅི་ལོག་ཅེས་བརྗོད་ཞེས་ཟེར་ན། འདིར་འཇིག་རྟེན་པ་ཞེས་གང་ལ་བྱ། ཅི་འདྲ་བ་ཞིགྲ་ཡང་དེའི་ཤེས་པོ་ཡིན། གང་འདི་དག་ནི་མ་བརྟགས་ན་ཉམས་དགོའ་བ་བསྙོན་པར་མི་ནུས་པ་ཀུན་རྫོབ་མིན་ནོ་ཞེམ་ཟོ ་ནཱ། དེ་ལྟ་ཡིན་ནོ་མི་འདོད་ཀྱང་གུང་དེ་ཉིད་ཀྱི་ཆ་ལྔ་མངོན་སུམ་གྱི་ཐ་སྙད་དུ་འཇུག་པ་རུདྲོ་བ་དེ་ཁོ་ན་ཀུན་རྫོབ་འདི་ཚད་མ་ཡིན་པར་ཁས་བླང་བར་བྱ་། སྒྱུ་མ་ལྟ་བུ་ཉིད་མངོན་སུམ་གྱིས་གྲུབ་པ་མ་ཡིན་པར་ཤེས་པར་བྱའོ།། ་འདི་སྦྱིན་ཅི་མོག་ལ་གནོད་པའི་རྗེསུ་དཔག་པའི་སྟོབས་ཡིན་ལ། དྲི་མ་ཟེའི་རང་བཞིན་ཙམ་ཉིད་མངོན་སུམ་གྱིས་གྲུབ་པ་སྨྲ་མ་ལྟེ་བུར་གོནག་ཡོད་གི། དེ་ལྷོར་མངོན་སུམ་གྱིས་གྲུབ་པ་འཇིག་རྟེན་གྱི་ཤེས་པ་མ ་བསྒྲུབས་རིན་ཏོ།། དེ་ཁོ་ན་ཉིད་གྲུབ་པོ་ཞེས་བྱེར་ན། དེ་ལྟ་ཡིན་ན་ཤེས་པ་དང་། ཤེས་བྱའི་ཐ་སྙད་མི་འཇུགོ།། འོན་ཀྱང་ཀུན་རྫོབ་ཏུ་ཡིན་པར་འཇུག་ཐོག་སུ་བསྟན་པར་བྱའོ།། དེ་བས་ན་ཇི་ལྟར་མངོན་པར་ཞེན་པ་དང་མཐུན་པ་རང་གི་ཚད་མཱ་ཇི་ལྟ་བ ་ངེས་པ་དང་ལྡན་པ་རྗེསུ་དཔག་པ་ཡིན་པའི་ཕྱིར།། དངོས་པོ་རྣམས་སྒྱུས་ལྟ་བུར་གཞོག་པ་ནི་ངེས་པ་ཡིན་ནོ་ཞེས་བྱ་བར་གནས།། དེ་ལྟ་བས་ན་འཕགས་པ་ལང་ཀར་གོ་ཤེགས་པ་ལ་སོགས་པ་ལས་བཅོམ་ལྡན་འདས་ཀྱིས་ཇི་ལྟར་སྣང་བ་ནི་ཀུན་རྫོས ་ཀྱི་བདེན་པ་ཡིན་ལ། རིགས་པ་ཇི་ལྟ་བ་བཞིན་ནི་དོན་དམ་པའི་བདེན་པ་ཡིན་པར་བསྟན་ཏོ།། ཤིན་ཏུ་སྤྲོས་པས་ཚིག་གོ།། བྱིས་པ་ནི་འཕགས་པའི་ལམ་མ་སྐྱེས་པའོ།། དེས་བརྟགས་པ་ནི་རིག་པ་དང་ལྡན་པའོ།། འདི་དག་ཇི་ལྟར་སྣང་བའི་ཆོས ་ནི་ཡོད་པའོ།། རིགས་པ་ཇི་ལྟ་བ་བཞིན་ནི་མེད་པའོ།། གཞན་ཡང་དོར་བར་བྱ་བ་ཉིད་ནི་ཀུན་ནས་ཉོན་མོངས་པའི་རྟེན་ཅན་གཟུང་བའི་རྣམ་པར་རྟོག་པ་དང་པོའི་ཡུལ་ཉིད་དུ་མ་རིག་པ་ཀུན་ནས་ཉོན་མོངེས་པ་དང་འཐུན་པར་དེ་བྱེད་པ་ནི་འཇོག། ་པ་ཡིན་པའི་ཕྱིར་ཏེ། སྤྱང་དུ་སོང་བ་འཇོག་པར་བྱེད་པ་བཞི་ནོ།། དེ་བཞིན་དུ་བླང་བ་རོ་བྱ་བའི་གཉེན་པོའི་རྟེན་ཅན་གཟུང་བའི་རྣམ་པར་རྟོག་པ་གཉིས་པའི་ཡུལ་ཉིད་དུ་རིག་པུ་རྣམ་པར་བྱུང་བ་དང་འཐུན་པར་འཇོག།། དེ་ལྟར་གཟུང ་བའི་རྣམ་པར་རྟོག་པ་བསྒྲུབ་ནས། དེ་གཉིས་དེ་ཉིད་ནས་བརྩམས་ཏེ་མངོན་པར་ཞོན་པའི་ཡུལ་དང་ལྷན་ཅིག་ཏུ་སྒྱུ་མ་ལྟེ་བུར་བརྫུན་པར་བསྒོམ་པར་བྱ་བར་བསྟོན་པ་ནི་ཡིད་དང་མོད་པ་ཞེས་བྱ་བ་ལ་སོགས་པ་གསུ ་ཡོད་དུ་མྱེད་པ་གཉིས་ཏེ། ཁོན་ཉིད་དུས་སྐྱེས་པ་གཙུགསྩ་ལ་སྩོགས་པ་མེད་དུ་ན་ས་ཡིན་ཏེ། མངོན་པའི་རྒྱལ་ཧཱུ~ཾ་སྤྱོས་ཀྱིས་ས་ས་སྤྱོང་བ་དྨ་སྟོ་བ་ནྟག་ས་སྷོ།། ཆུབ་སྐྱེམས་དྲུང་། ་གང་གིས་ཐོས་པ་ལ་སོགས་པའི་རིམ་གྱིས་རབ་ཏུ་ཤེས་བྱ་དེ་ངོས་པོར་འབྱུང་སྟེ། ཕྱིན་ཅི་ལོག་འཆིང་བ་ཡིན་པའི་ཕྱིར་ཡང་དག་པར་ཞུགས་པ་ཉིད་ཀྱིས་དྲིས་པར་འབྱུང་ངོ་།། དེའི་རྗེས་ལ་འཛིན་པའི་རྣམ་པར་རྟོག་པ་གཉིས་པའི་དང་པོ ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་གིས་ཀྱང་རྫ་སུ་ཡོད་པའི་རང་བཞིན་དུ་འཛིན་པའི་རྣམ་པར་རྟོག་པས་སྒྲོ་བཏགས་པའི་རིགས་པའི་སྟོབས་ཀྱི་ཕུང་པོ་སྒྱུ་མ་འཁྲུལ ་པཙཱམ་དུང་འདྲ་བར་ཡང་འཇིག་རྟེན་པའི་ཤེས་པོ་ལ་བལྟོས་ནས་དཔེ་ཡིན་པོའི་ཕྱིརརོ།། ཀླུང་འདི་ལ་ནི་ངེས་པར་འབྱེད་པའི་ཚེའི་དུས་ཐོས་པའི་ཤེས་རབ་ལ་སོགས་པ་བསྐྱེད་ནས་ཤེས་པའོ།། དེས་ནི་ལྟུང་སྐྱེས་བུ་རྫ་སུ་ཡོད་པོའི་རྟེན་ཅན ་འཛིན་པའི་རྣམ་པར་རྟོག་པ་དང་པོའི་རང་བཞིན་ཡང་ཇི་ལྟ་བ་བཞིན་དུ་སྤངས་པའི་ཕྱིར་བསྒོམས་པས་སྤང་བར་བྱ་བ་དེ་ཉིད་བསྟན་པར་འགྱུར་བ་ཡིནོ།། འཛིན་པའི་རྣམ་པར་རྟོག་པ་གཉིས་པ་བསྟན་པའི་ཕྱིར། སྒྱུ་མཱ་གཞན་དང་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ།། བྱང་ཆུབ་སེམས་དཔའ་གང་ཞིག་སྒྱུ་མ་བརྫུན་པར་སྣང་བ་འདི་རང་བཞིན་གཞན་མ་ཡིན་ལ། ཕུང་པོ་ལ་བདག་གོ་ཞེས་བརྟགས་པ་ཉིད་ནི་སྐྱེས་བུ་བཏགས་པར་ཡོད་པའི་རང་བཞིན་དུ་འཛིན་པའི་རྣམ་པར་རྟོག་པོས་སྒོ ་བཏགས་པ་ཡང་གཞན་དུ་མི་བྱེདདོ།། འོན་ཀྱང་ཕུང་པོ་འདི་སྒྱུ་མ་ལྟ་བུར་སྔར་བསྟན་པ་བཞིན་དུ་ཤེས་པར་གྱུར་ནུས་དེས་ནི་ཡང་སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་འཛིན་པའི་རྣམ་པར་རྟོག་པའི་རང་བཞིན་ཡང་ཇི་ལྟ་བ་བཞིན་སྤང་བའི ་ཕྱིར་བསྒོམ་པར་བྱ་བ་དེ་བསྟན་པར་འགྱུར་པ་ཡིནོ།། དེ་ལྟ་བུར་ཡོངསུ་ཤེས་པ་ལ་ཡོན་ཏན་ཅི་ཡོད་ཅེ་ན། སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་གིས་བསྟན་མ་ཐག་པའི་ཆོས་དེ་ལྟ་བུ་ཤེས་པ་དེ་ལ ་སྣ་ཚོགས་པའི་འདུ་ཤེས་ནི་སྐྱེས་བུ་རྫས་དང་བཏགས་པར་ཡོད་པའི་འདུ་ཤེས་མོས་པ་ཡིད་ལ་བྱེད་པའི་སྟོབས་ཀྱིས་བྲལ་བ་སྟེ། སྤངས་པ་དེ་བས་ན་མྱ་ངན་ལས་འདས་པ་དང་རྗེ་སུ་འཐུན་པའི་སྤྱོད་པ་དང་ལྡན་པས་ན་ཉེ་བར་ཞི་བའོ།། གང ་ཞིག་མོས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འགྲོ་བ་མ་ལུས་པ་བདག་མེད་པའི་རང་བཞིན་ཡིན་ཏེ། རིམ་གྱིས་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་གནས་པར་བྱེད་པ་ཡིན་ཞེས་བྱ་བའི་བར་དུའོ།། རྣམ་པར་རྟོག་པ་བཞི་པོ་འདི་རྣམས་ཉེ ་བར་འདུས་པའི་གདུལ་བྱའི་སྐྱེ་བོས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སྔར་རྒྱས་པར་བཅོམ་ལྡན་འདས་ཀྱིས་ཡུལ་གྱི་དབྱེ་བས་ཕྱེ་ནས་ཐ་དད་པ་རྣམ་པ་དགུ་གསུངས་མོས་ཀྱི། དེ་ལས་འདིར་ནི་གཙོ་བོ་བསྡུས་ནས་བསྟན་ཏེ། སྤྲོས་ནས ་བསྟན་པོ་ཅུང་ཟད་ཀྱང་དགོས་པ་མེད་ཅིང་། ཡུལ་གྱི་དབྱེ་བསོ་ཤེས་པ་གཙོ་བོ་མ་ཡིན་པར་དགོངས་ནས་བཅོམ་ལྡན་འདས་ཀྱིས་སྟོང་ཕྲག་བརྒྱ་པ་དང་། འདིར་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དབང་དུ་མཛད་པའི་ཡུལ་གྱིས་ཕྱེ་བ ་ཡང་གཞན་ཡིན་ལ། རྩེ་མོའི་མངོན་པར་རྟོགས་པའི་མཐོང་བ་དང་བསྒོམ་པའི་ལམ་གྱི་དབང་དུ་བྱས་ནས་རྣམ་པར་རྟོག་པ་དབྱེ་བ་བསྟན་པ་མཛད་པ་ཡང་གཞན་ཡི་ནོ།། འདི་ནི་སྙིང་པོ་ཡིན་པས་ཕན་ཚུན་སྤངས་ཏེ ་གནས་པའི་མཚན་ཉིད་ལྔ་ཕུང་པོ་གཞན་མེད་པས་ཇི་སྐད་བསྟན་པའི་གཟུང་བའི་རྣམ་པར་རྟོག་པ་དང་འཛིན་པའི་རྣམ་པར་རྟོག་པ་ལྟར་དེའི་རྗེ་སུ་འབྲངས་ནས་ཕྱི་མ་རྣམས་ལ་ཡང་དེ་བཞིན་དུ་རྟོགས་པར་བྱའོ།། ད་ནི་དགེ་བའི་བཤིས་གཉེན ་ཐབས་མཁས་པའི་རང་བཞིན་ཙནྡ་གྷི་ཡོངསུ་གཟུང་བ་སྟོན་ཏེ། དེའི་སྟོབས་ཀྱིས་ཇི་སྐད་བསྟན་པ་ཁྱད་པར་དུ་འགྱུར་བས་དགེ་བའི་ཞེས་བྱ་བ་ལྔ་སོགས་པ་གསུངས་ཏེ། བདེན་པ་གཉིས་ཀྱི་རང་བཞིན་ཆོས་སྟོན་པར་བྱེད་པས་གང་ཟག་པདེ ་འགྲོའི་འབྲས་བུ་ཐོབ་པར་བྱེད་པའི་ཕྱིར་དགེ་བའི་བླ་ཤེས་གནྡྷེ་ནོ།། དེ་དང་ལྡན་པ་ནི་བཅས་པའོ།། དེ་ཉིད་ཀྱི་ཐོས་པ་ལ་སོགས་པའི་ཤེས་པ་སྐྱེས་ནས་རིགས་པ་དང་ལུང་གི་ཆོས་ཡོངསུ་བརྟགས་པ་དེ་ནས་བདགོ་ཉམས་ཞེས་སྐྲག་པར ་མི་འགྱུར་ཞིང་ཅི་ཡང་མེད་པས་སྙོམས་པར་མི་འགྱུར་ཏེ། རྒྱལ་བ་རྣམས་ཀྱི་ཡུམ་ནི་བཅོམ་ལྡན་འདས་ཏེ། སྐྱེད་པར་བྱེད་པས་ན་ཡུམ་ནི་བཅོམ་ལྡན་འདས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་མཉན་ནས་རྟོགས་པར་བྱ ་ཞེས་བྱ་བའི་བར་དུའོ།། དེ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པར་ཡང་དག་པར་འཇུག་པར་འགྱུརརོ་ཞེས་བྱ་བར་དགོད་སོ།། རྗེ་སུ་འགྲོ་བའི་སྒོ་ནས་བསྟན་ནས། ལྡོག་པའི་སྒོ་ནས་གསལ་བར་བྱ་བའི་ཕྱིར། གང་ཞིག ་སྡིག་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡང་གང་ཞིག་ཇི་སྐད་བསྟན་བུའི་དགེ་བའི་བཤེས་གཉེན་ལས་བཟློག་པ་ནི་སྡིག་པའི་གྲོགས་ལྡན་ཏེ། དེ་ཉིད་སྤངས་པ་བྱེད་པའི་ཕྱིར་གཞན་གྱི་དྲིང་འཇོག་པ་སྟེ། གཞན་ལ་རག་ལུས་ནས ་འཇུག་པ་ཡིན་ཏེ། དེས་ན་ཐེག་པ་ཆེན་པོ་ལས་ཉམས་ཤིང་ཟབ་མོའི་ཆོས་ལ་ཨ་མོས་པས་ཉམས་པར་འགྱུར་ཏེ། བུམ་པ་སོ་མ་བཏང་བ་ཆུས་རེག་པས་ཞིག་པ་བཞོནོ།། དེས་ཇི་ལྟ་བ་བཞིན་གྱི་ཡོངསུ་བཟུང་བར་གྱུར་པ་བསྟན་ཏོ།། དྲོ་བཱ་ལ ་སོགས་པའི་རྗེས་ལ་ད་ནི་ཇི་སྐད་བསྟན་པའི་སྒྲུབ་པར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་། གཞན་ཡང་མཐོང་བའི་ལམ་ལ་སོགས་པ་ཁྱད་པར་དུ་བསྒྲུབ་པའི་བཞིར་གྱུར་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་བསྟན་པར་བཞེད་ནས། ཅི་ཕྱིར ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་ཆོས་ཀྱི་དབྱིངས་ཉིད་འཕགས་པའི་ཆོས་རྟོགས་པའི་རྒྱུ་ཡིན་པའི་ཕྱིར་ཏེ། དེའི་བདག་ཉིད་ནི་བྱང་ཆུབ་སེམས་དཔའ་སྟེ། རང་བཞིན་དུ་གནས་པ་མེད་པ་སངས་རྒྱས་ཀྱི་ཆོས་ཀྱི་རིགས་ཆོས་ཉིད་ཞེས ་བྱ་བ་དེ་ཉིད་ཆོས་ཀྱི་དབྱིངས་ཏེ། ཐམས་ཅད་ལ་ཁྱབ་ན་ཅིའི་ཕྱིར་འདྲིར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཉིད་ཀྱི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་འགྲོ་བར་གནས་པ་ལ་བརྗོད་ཅེ་ན། གང་གི་ཕྱིར་གཟུགས་ལ་སོགས་པ་ཐཾད ་ལ་ཆགས་པར་བྱེད་པ་ནི་མངོན་པར་ཞེན་པར་བྱེད་པ་སྟེ་འཇུག་པར་བྱེད་ཀྱང་ཐོས་པ་ལ་སོགས་པའི་སྟོབས་ཀྱིས་ཕྱིན་ཅི་ལོག་ཙམ་འཁོར་བ་དེ་ལྟར་རྟོགས་པ་ནི་ཆགས་པ་གཅོད་པ་སྟེ། མངོན་པར་ཞེན་པ་ཐམས་ཅད་གཅོད་པའི་དད ་ཚུལ་ཅན་དུ་སྐྱེས་པར་གྱུར་པར་དེ་བཞིན་གཤེགས་པའི་བྱང་ཆུབ་འདོད་པ་ཡིན་ཏེ། དེ་བས་ན་ཀུན་རྫོབ་ཏུ་སྒྲིབ་པ་ཐམས་ཅད་སྤོང་བར་ཞུགས་པ་ཉིད་ཀྱིས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཁོ་ན་བྱང་ཆུབ་སེམས་དཔའ་ཡི་ནོ།། སངས ་རྒྱས་མ་ལུས་པའི་གཞིར་གྱུར་པ་ཉིད་བྱེད་པ་ཞེས་བརྗོད་དོ།། དེ་བས་ན་འཕྱགས་པའི་གང་ཟག་ཐམས་ཅད་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བ་ཡི་ནོ།། གཞི་ནི་རིགས་ལ་བྱ་བ་མ་ཡིན་ནམ། དེ་བས་ན་དེ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་སེམས་བསྐྱེད་པ་ལ་སོ་ཌ ་པ་དང་པོར་ཅིའི་ཕྱིར་བསྟན་ཅེ་ན། དོན་དེ་དག་གི་དང་པོ་སྔོན་དུ་འགྲོ་བ་བདེན་མོད་ཀྱི། འདི་ནི་ཡང་གོ་བར་བྱ་བ་ལ་སྔར་འབྲས་བུ་ཤེས་པར་བྱས་ནས་ཕྱིས་རྒྱུ་བསྟན་ཏོ།། ཇི་སྐད་བསྟན་པའི་བྱང་ཆུབ་སེམས་དཔའི་དམིགས་པ་གང་ཞེ་ན། དེའི་རྗེས་ཐོགས་ལ ་དམིགས་པ་བསྟན་པའི་ཕྱིར། རྒྱལ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་ཆོས་ཐམས་ཅད་དམིགས་པའི་ངོ་བོ་ནི་བདེན་པ་གཉིས་ལས་མི་འདའ་བར་དམིགས་པས་ཚོགས་པ་མེད་པར་གྱུར་ཏེ། དེ་ཡིས་བདེན་པ་ལ་དམིགས་པ་རྣམ ་པར་དག་པར་རྟོགས་པའི་ཕྱིར་བག་ཆགས་དང་བཅས་པའི་སྒྲིབ་པ་མ་ལུས་པར་སྤངས་པའི་ཆེད་དུ་བྱ་བ་དང་ལྡན་པ་ཞེས་བྱ་བར་འབྲེལ་ཏོ།། ཆགས་པ་མེད་པར་འགྱུར་བ་ནི་ཆགས་པ་མེད་པའི་རང་བཞིན་ཏེ། བྱང་ཆུབ་ཅེས་བྱ་བར་འདིར་ཡང ་འབྲེལ་པ་ཡིན་ཏེ། ཕྱིན་ཙོ་མ་ལྡོག་པར་རྟོགས་པ་བླ་ན་མེད་པ་ལ་རེག་པ་སྟེ་ཐོབ་པར་གྱུར་པ་ཡིནོ།། དེ་བས་ན་བྱང་ཆུབ་ནི་རང་གི་དོན་ཕུན་སུམ་ཚོགས་པའི་དགོས་པའོ།། དེ་སེམས་དཔའ་ནི་སེམས་དཔའ་སྟེ། དེས་བྱེད་པས་ནི་བྱང་ཆུབ་སེམས ་དཔའ་ཞེས་བྱ་བ་དོན་དང་ལྡན་པའི་མིང་ཉིད་དེ། དེས་ན་ཡང་དག་པར་ཞུགས་པའི་སྐྱེས་བུ་དང་། ལེགས་པ་དང་། བཟང་པོ་ཞེས་བྱ་བའི་མིང་ཐོབ་བོ།། དེས་ནི་དམིགས་པར་གྱུར་པ་བསྟན་ཏོ།། གང་ཆོས་ཀྱི་དབྱིངས་ཉིད་རྟག་ཏུ་རྣམ་པར་དག་པ་གཉི་སུ་མེད་པའི ་ཡེ་ཤེས་ཀྱི་དམིགས་པ་ཡིན་པར་འདོད་ན་རྟག་ཏུ་རྣམ་པར་གོང་ནས་གོང་དུ་དག་པོ་ཁྱད་པར་དུ་འགྲོ་བ་ཇི་སྐད་བརྗོད་པར་བྱ་སྟེ། ཆུ་ཁམས་གསེར་དང་ན་མཁའ་བཞིན་ཞེས་བསྟན་ཏོ་ཞེས་ཟེར་ན། དེ་ལྟ་ཡིན་ན་ཐོས་པ་དང་བསམ་པའི་ཤེས་པས་ངེས ་བའི་དངོས་པོའི་རང་བཞིན་དུ་སྒོམ་པ་དེ་བས་ན་ཇི་ལྟར་གནས་པའི་དངོས་པོའི་དེ་ཁོ་ན་ཉིད་མངོན་སུམ་དུ་བྱའོ་ཞེས་དེར་མངོན་པར་ཞེན་པས་འཇུག་པའི་ཕྱིར་བསྒོམ་པའི་ཁྱད་པར་གྱིས་ཀྱང་དེར་མངོན་པར་ཞན་པའི་བག་ཆགས་ཀྱི་ས་བོན་མི་སྤོང ་གི། ཤིན་ཏུ་མཉམ་པར་བཞག་པའི་བདག་ཉིད་ཀྱི་རིམ་གྱིས་རྣམ་པར་རྟོག་པ་ཐམས་ཅད་སྤྲིངོ་ཞེས་ཟེར་ན། དེ་ལྟ་ཡིན་དུ་ཕྱིའི་དོན་འདོད་པའི་གཞུང་གྲིས་ཀྱང་ཉན་ཐོས་ལ་སོགས་པའི་རྣམ་པར་རྟོག་པ་སྤོང་བར་འགྱུ་རོ།། འོན་ཏེ་ཁས་མི་ལེན་ན་དེའི ་ཕྱིར་རྣམ་པར་རྟོག་པའི་བག་ཆགས་མི་སྤོང་བས་ཕྱོགས་གཅིག་དག་པར་ཐལ་བར་འགྱུརརོ།། ཁྱོད་ཀྱི་ལུགས་ཇི་ལྟ་བུ་ཡིནོ་ཞེ་ན། སྐྱོན་མེད་གང་གི་ཕྱིར་དངོས་པོའི་ངོ་བོ་གང་ཅུང་ཟད་ཇི་སྙེད་པ་ཀུན་བརྟགས་པ་ཡིན་ཏེ། འདི་དག་ཐཾད་ལ་རིགས་པས ་དངོས་པོར་མ་གྲུབ་པས་དངོས་པོ་མེད་ཅེས་བྱའོ།། བྱ་བོ་བྱེད་པའི་གང་དག་དོན་ཇི་ལྟར་སད་པ་དེ་དག་ནི་ཀུན་རྫོབ་ཡིན་པར་བསྟན་ཏེ། ཐོས་པ་ལ་སོགས་པ་ཤེས་པ་སྐྱེས་པས་དེ་ཁོ་ན་ཉིད་ལ་སྒྲིབ་པའི་རང་བཞིན་ཅན་རིམ་གྱིས་ཐམས་ཅད་ལ་མངོན ་པར་ཞེན་པ་མེད་པའི་སྟོབས་ཀྱི་ཇི་ལྟ་བ་བཞིན་ཏེ། སྒྱུ་མ་ལྟ་བུར་ཤེས་པ་ཉིད་ཡང་དག་པར་བྱས་པ་ཉིད་ཡིནི།། རང་བཞིན་གཙོ་བོར་གྱུར་པ་ནི་རིགས་ཡིན་ལ། འགྱུར་བ་གཙོ་བོར་གྱུར་པ་ནི་དམིགས་པ་ཡིན་ཏེ། གཉིས་པོ་ཡང ་གཉིསུ་མ་གྲུབ་པ་ལ་གཞི་དང་དམིགས་པའི་བྱེ་བྲག་རྟོགས་པར་བྱའོ།། དམིགས་པ་འདི་ལ་བརྗོད་པར་བྱ་བ་མང་དུ་ཡོད་མོད་ཀྵི། ཧ་ཅང་ཐལ་ཆེས་པས་གཞགོ།། འབྲས་བུ་ཅི་ལ་བརྟགས་ནས་བྱང་ཆུབ་སེམས་དཔའི་དམིགས་པར་བྱེད་ཅེ་ན། དེའི་རྗེས་ལ ་ཆེ་དུ་བྱ་བ་བསྟན་པའི་ཕྱིར། ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅིའི་ཕྱིར་བྱང་ཆུབ་སེམས་དཔའི་རྒྱུད་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བྱ་ཞེ་ན། གང་གི་ཕྱིར་སངས་རྒྱས་ཀྱི་སར་སེམས་དཔའ་ཆེན་པོ་སྟེ། ཚད་མེད་པའི་སེམས་ཅན ་ཅན་གྱི་ཚོགས་དཔག་ཏུ་མེད་པའི་སེམས་ཅན་གྱི་ཚོགསསུ་མང་པོ་ལ་ཆོས་བསྟན་པ་མཆོག་ཏུ་བྱེད་པའི་ཕྱིར་མཆོག་ཏུ་གྱུར་པའོ།། དེ་བཞིན་དུ་སྤོང་བ་ཆེན་པོ་ཉིད་ཐོབ་པ་སྟེ། ལྟ་བར་གྱུར་པའི་བདག་ཉིད་ལྟ་བ་སྣ་ཚོགས་པ་རྣམས་ནི་ཆེན་པོ་སྟེ། ་སེམས་ཅན་གྱི་ཁམས་དཔག་ཏུ་མེད་པའི་སེམས་ཅན་གྱི་ཚོགས་ཀྱིས་ལྟ་བ་སྤངས་པའི་ཐབས་བསྟན་པོ་ནི་གཅོད་པ་སྟེ། སྤོང་བར་འགྱུར་རོ།། དེ་ཉིད་ཀྱང་རྟོགས་པ་ཆེན་པོ་མེད་ན་མི་འབྱུང་བས་དེ་དག་གིས་དེ་ཡང་འཕངས་པ་དེ་བས་ན་འབྲས་བུ་རྣམ ་པ་གསུམ་ཐོབ་པ་ལ་བསམས་ནས་སེམས་ཅན་གྱི་དོན་ལ་ཞུགས་པའི་ཕྱིར་སེམས་དཔའ་ཆེན་པོ་ཞེས་བྱའོ།། དེས་ནི་ཚེ་དུ་བྱ་བ་བསྟན་ཏོ།། དམིགས་པ་དང་ཆེ་དུ་བྱ་བ་ལ་ཁྱད་པར་ཅི་ཡོད་ཅེ་ན། མདའ་བཀང་བ་དང་འབེམ་ལ་རྒྱབ་པ་དང་ཆོས་མཐུན་པའི ་བྱེ་བྲག་ཡིནོ།། དེ་དག་ལ་ཉེ་བར་གྱུར་པ་ནི་དམིགས་པ་ཡི་ནོ།། གཞན་གྱི་བསྐལ་བ་ནི་ཆེད་དུ་བྱ་བ་སྟེ། དེ་གཉིས་ཀྱེ་བྱེ་བྲག་ཡི་ནོ།། ཆེད་དུ་བྱ་བའི་རྗེས་ལ་ད་ནི་རྫོགས་པའི་ཆེད་དུ་བརྗོད་པར་བྱ་སྟེ། དེ་ཡང་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཡུལ་དང་། ་ལྗོན་པ་དཀར་པོའི་ཆོས་སྤྱི་རྟེན་ཅན་རྣམ་པ་ཀུན་མངོན་པར་རྟོགས་པ་ལ་སོགས་པ་མངོན་པར་རྟོག་པ་བཞི་པོ་རེ་རེ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྟེན་ཅན་གྱི་བྱ་བ་ནི་སྒྲུབ་པ་ཡིན་ཏེ།། ཆོས་ཀྱི་སྐུ་ནི་མངོན་པར་རྟོགས་པར་བྱེད་པ་མ་ཡིན་ཏེ། ་འབྲས་བུ་ཡིན་པའི་ཕྱིར་དེ་ལ་བྱ་བ་མི་རིགས་པའི་ཕྱིརརོ།། དེ་ལ་གོ་ཆའི་སྒྲུབ་པ་ནི་ཚོགས་ཀྱིས་ཡིན་པར་བཟུང་།། འཇུག་པའི་སྒྲུབ་པ་ནི་མོས་པས་སྤྱོད་པའི་ས་ཡིན་པར་རྟོགས་པར་བྱའོ།། ཚོགས་ཀྱི་སྒྲུབ་པ་ནི་བརྩེ་བ་དང་སྦྱིན་པ་ལ ་སོགས་པ་དྲུག་པཱ་ཞྀ་གནས་ད་།། ལྷག་མཐོང་དང་། ཟུང་དུ་འཇུག་པའི་ལམ་དང་། ཐབས་ལ་མཁས་པ་དང་། ཡེ་ཤཱས་དང་། བསོད་ནམས་དང་། ལམ་དང་། གཟུངས་ཀྱི་ཚོགས་རྣམས་ནི་ཆོས་ཀྱི་མཆོག་ཆེན་པོས་བསྡུས་པ་ཡི་ནོ།། ས་དང་པོ་རབ་ཏུ ་དགའ་བའི་རང་བཞིན་ཚོགས་ཀྱི་སྒྲུབ་པ་ནི་མཐོང་བའི་ལམ་གྱི་བདག་ཉིད་ཅན་ཡི་ནོ།། སཱ་གཉིས་པ་ལ་སོགས་པའི་བསྒོམ་པའི་ལམ་གྱི་རང་བཞིན་ནི་ཡང་ལམ་གྱི་ཚོགས་ཀྱི་རང་བཞིན་ཡི་ནོ།། གཉེན་པོའི་བདག་ཉིད་ཅན་ཡང་ཚོགས་ཀྱི ་བསྒྲུབ་པ་ནི་ལམ་གཉིས་ཀའི་སྤྱོད་ཡུལ་ཅན་ཡི་ནོ།། ངེས་པར་འབྱུང་བའི་སྒྲུབ་པ་ནི་ཡང་བསྒོམ་པའི་ལམ་ཡིན་སྟེ། རབ་ཏུ་མཐར་ཐུག་པར་འགྲོ་བའི་རྟེན་ཅན་ཡིན་སྟེ། དེ་ལྟར་ས་གང་དུ་ཐོག་མར་གོམས་པར་བྱས་པ་འམ། ཐོབ ་པ་དེ་ལ་ལྟོས་པ་ཡིན་པར་རིག་པར་བྱའོ།། སྒྲུབ་པ་བཞི་པོ་དེ་དག་ཀྱང་ཁྱད་པར་གྱི་རང་བཞིན་རྣམ་པ་ཐམས་ཅད་སྦྱོར་བ་ནི་མི་ནུས་པས་སྤྱིར་བ་སྤྱན་གྱི། འདིར་ཁྱད་པར་ནི་མ་ཡིན་ཏེ། བསྡུས་པ་ཡིན་པའི་ཕྱིར་བློ་དམན་པ ་རྗེ་སུ་གཟུང་བ་ཡིནོ།། གཞན་དུ་བསླབ་པར་འདོད་པས་བྱེ་བྲག་རྣམས་སྦྱོར་ན་མ་འབྲེལ་པ་བསྟན་པར་འགྱུར་ཏེ། དེ་ལྟར་ཕྱི་མ་རྣམས་ལ་ཡང་བལྟ་བར་བྱའོ།། དེ་ལ་དང་པོ་བརྩོན་འགྲུས་ཀྱི་རང་བཞིན་གོ་ཆའི་བསྒྲུབ་པ་བསྟན་པའི་ཕྱིར་སེམས ་དཔའ་ཆེན་པོར་གདགས་པའི་རྒྱུ་མཚན་གཏོང་བ་ཆེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཐམས་ཅད་སྟོང་པའི་བསམ་པ་ཡོད་པའི་ཕྱིར་སྟོང་པ་ཆེ་བའོ།། བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་ལ་སོགས་པ་རྒྱ་ཆེན་པོ་དང ་ལྡན་པས་བློ་ཆེའོ།། གཞན་གྱིས་གནོད་པ་བྱས་པ་ལ་ཇི་མི་སྙམ་པ་ལ་སོགས་པའི་བཟོད་པ་དང་ལྡན་པས་ན་མཐུ་ཆེ་བའོ།། སེམས་ཅན་གྱི་དོན་གྱི་བརྩོན་འགྲུས་ཀྱི་སྟོབས་དང་ལྡན་པས་ན་ཐེག་པ་ཆེན་པོའོ།། སེམས་རྩེ་གཅིག་པ ་ཐོབ་པ་ནས་མཆོགོ།། ལས་དང་བྱེད་པ་པོ་བྱེ་བ་གསུམ་གྱི་དམིགས་པ་ནི་ཤེས་རབ་དང་ལྡན་པས་ན་དེ་བཞིན་གཤེགས་པའི་མྱ་ངན་ལས་འདས་པ་ལ་ཞུགས་བའི་ཕྱིར་ཞུགས་པའོ།། དེ་ལྟར་གོ་ཆའི་སྒྲུབ་པས་ཁྱད་པར་དུ་འགྲོ ་བའི་ཕྱིར་གཉིས་པ་འཇུག་པའི་སྒྲུབ་པ་བསྟན་པའི་ཕྱིར། གོ་ཆ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇུག་པའི་བསྒྲུབ་པའི་སྟོབས་ཀྱིས་བསམ་གཏན་དང་གཟུགས་མེད་པ་ལ་སོགས་པའི་མཚན་ཉིད་ནི་ཆེན་པོའོ།། ། ་ལྷའི་བུའི་བདུད་ཀྱི་སྡེ་མ་རུངས་པའི་བསམ་པ་ཉིད་ཀྱི་སྒྱུ་ཅན་འདུལ་བའི་ཕྱིརརོ།། ཡིད་ལ་རེ་བ་བཞིན་བྱེད་པ་ན་དགོས་པའོ།། དེ་ལྟ་བུའི་འབད་པ་བྱེད་པས་ན་སེམས་དཔའ་ཆེན་པོ་ཞེས་བརྗོད་དོ།། འཇུག་པའི་སྒྲུབ་པ་བསྒྲུབས་ནས་འབྲས་བུ ་རྫོགས་པའི་བྱང་ཆུབ་ཆེན་པོ་ཐོབ་པ་གསུམ་པ་ཚོགས་ཀྱི་སྒྲུབ་པ་བསྟན་པ་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་སྒྱུ་མའི་མཁན་པོས་སྒྱུ་མའི་གནས་ལམ་པོ་ཆེའི་བཞི་མདོ་རུ་སྒྱུ་མ་མངོན་པའི་སྤྲུལ་ཏེ། ཡང་དེའི་སྐྱེ་བོ་ཕལ ་པོ་ཆེའི་ཚོགས་ཀྱི་མགོ་མང་རྣམས་པ་མང་པོ་བྱེ་བ་གཅོད་པར་བྱེད་པ་ནི་རདྲི་གི་སྤྲུལ་པ་ང་རྣམས་ལ་དངོས་པོར་མངོན་པར་ཞེན་པ་དང་བྲལ་བས་སྲོག་གཅོད་པ་ལ་སོགས་པའི་འཇིགས་པས་དེ་ལ་སྐྲག་པ་མདོ་ཞེས་བྱ་བར་འབྲལ་ཏོ།། དེ་བཞིན་དུ་སྒྱུ་མ ་མཁན་གྱི་སྤྲུལ་པ་བསད་པ་དེ་དག་ཅི་འདྲ་བར་དེ་ལྟར་གཉེན་པོའི་སྒྱུ་མ་བྱེད་པའི་བྱང་ཆུབ་སེམས་དཔས་ལྷའི་བུའི་དདུད་ལྔ་སོགས་པའི་སྤྲུལ་པ་འཇོམས་པ་ན། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ངེས་འགྲོ་བ་ཀུན་ལས་དང་ཉོན་མོངས་པ ་སྤྲུལ་པ་ཡིན་པར་ཐོས་པ་ལ་སོགས་པའི་ཤེས་པ་སྐྱེས་བླ་རབ་ཏུ་ཤེས་པ་དེ་བསོ་ན། དེ་ལ་ཁ་ན་མ་ཐོ་བ་འཇིགས་པ་མེད་ཅིང་སྐྲག་པ་མེད་པར་གྱུར་པ་ཡི་ནོ།། འགྲོ་བ་ཀུན་སྤྲུལ་པ་དང་འདྲ་བ་ཡིན་ན་ཇི་ལྟར་བཅིངས་པ་དང་གྲོལ་བར་འགྱུར ་ཞེས་ཟེར་ན། དེ་ཁོ་ན་ཉིད་དུ་ཅུང་ཟད་ཀྱང་མེད་པར་བསྟན་པའི་ཕྱིར། གཟུགས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་དང་རྣམ་པར་ཤེས་པའི་བར་དུ་མ་རིག་པས་བཅིངས་པ་མེད་ཅིང་། རིག་པའི་མཐུས་གྲོལ་བ་ཡང་ཡོད ་པ་མ་ཡིན་ཏེ། ཞེས་རྗེ་སུ་སྦྱ་རོ།། གང་གི་ཕྱིར་གཟུགས་ལ་སོགས་པ་ཡང་དག་པ་མ་ཡིན་ཏེ་མེད་པ་ཡི་ནོ།། རྒྱུ་གང་གིས་ཞེ་ན། ཡོད་པ་ཉིད་དུ་སྒྲུབ་པར་བྱེད་པའི་ཚད་མ་མེད་པའི་ཕྱི་རོ།། ཇི་ལྟ་བུ་ཀུན་རྫོབ་ཡིན་ཞེ་ན། དེ ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་རིགས་པས་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ཡང་འདི་ལྟར་སྣང་བ་ནི་དགག་པར་མི་ནུས་ཏེ། ཐམས་ཅད་ཐ་སྙད་ཡིན་པོར་རྟོགས་ནས་སེམས་ཞུམ་པ་མེ་དོ།། འོན་ཀྱང་བཅིངས་པ་དང ་གྲོལ་བ་དོར་བར་བྱ་བ་དང་བླང་བར་བྱ་བའི་སེམས་ཀྱི་རང་བཞིན་ཆོས་ཉིད་ལ་བརྟགས་ནས་ཞུགས་ཏེ། དེ་ཉིད་བསྒོམ་པའི་སྟོབས་ཀྱིས་ཇི་ལྟ་བ་བཞིན་གྱི་ཆོས་རྟོགས་ནས་བྱང་ཆུབ་འཐོབ་སྟེ། རིགས་པའི་སྟོབས་ཀྱིས་ཐར་པ་རྣམ་པར ་བཞག་ལ། གཞན་གྱི་ཇི་སྐད་བསྟན་པའི་རིམ་པ་ལས་བཟློག་པ་མ་རིག་པའི་ནུས་པས་བཅིངས་པ་ཡིན་པའི་ཕྱིར་དེ་བས་ན་དེ་དག་གི་རྗེས་ལ་གོ་ཆ་བསྟན་ཏོ།། བརྩེ་བ་ལ་སྩོགས་པ་སྒྲུབ་པར་བྱེད་པ་ནི་གང་ཟག་དམ་པ་རྣམས་ཏེ། ཉན ་ཐོས་ལ་སོགས་པ་ལ་བལྟོས་ནས་རྒྱལ་བའི་སྲས་ཏེ། བདེན་པ་གཉིས་ལ་བརྟེན་པའི་ཐུན་མོང་མ་ཡིན་པའི་ལོམ་ཡིནོ།། ཇི་སྐད་བསྟན་པ་ཉིད་ཐག་པ་ཆེན་པོ་ཡིན་པར་ཅིའི་ཕྱིར་ཞེས་དྲི་བ་སྔོན་དུ་འགྲོ་བས་ཐེག་པ་ཆེན་པོའི་ངོ་བོ ་རྫོགས་པར་བྱ་བའི་ཕྱིར། ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་དུ་བྱང་ཆུབ་སེམས་དཔའ་གང་གིས་འབྲས་བུ་དང་བཅས་པའི་ལམ་བརྩ་བ་དང་། སྦྱིན་པ་ལ་སོགས་པའི་ཚོགས་ཀྱི་སྒྲུབ་པ་ལ་ཞོན་པ་ནི་ཐོབ་པའི ་སྦྱོར་བ་ལ་གནས་པ་སྟེ། རིམ་གྱིས་སེམས་ཅན་ཐམས་ཅད་མྱ་ངན་ལས་ཟློ་བར་བྱེད་དོ།། དེ་བས་ནཱ་འདི་ནི་ཐེག་པ་ཆེན་པོ་ཡིན་ནོ།། ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའི་ཐེག་པ་ནི་ཐེག་པ་ཆེན་པོ་ཞེས་བྱ་ཏེ། གང་གི་ཕྱིར་ན་མཁའ་དང་འདྲ།། ་བར་དཔག་ཏུ་མེད་པའི་སེམས་ཅན་གྱི་གློ་སྐབས་འབྱེད་པར་བསྙེན་པས་ན་འདི་ནི་ཐེག་པ་ཆེན་པོའོ།། ཡོན་ཏན་རྣམ་པ་ཐམས་ཅད་མཐར་ཐུག་པ་ནུས་གཞལ་མེད། ཁང་དང་འདྲ་བས་ན་གཞལ་མེད་ཁང་ཚོ་ནོ།། དགྲའི་སྤྱོད་བདེ་བ་ཞེས་བྱ་བ ་ལ་སོགས་པ་ཐམས་ཅད་སྤངས་པའི་ཕྱིར་ཟག་པ་མེད་པ་ནི་དགའ་བའོ།། ལུས་ཀྱི་བདེ་བའི་ཚོགས་ནི་སྐྱིད་པའོ།། བདེ་བ་ནི་སེམས་ལས་བྱུང་བ་བདེ་བའོ།། མངོན་པར་འཐོབ་བྱེད་ནི་དགའ་སྐྱིད་བདེ་བ་ལ་མངོན་པར་ཕྱོགས་ཏེ་ཐོབ་པ་ནི་བཅོམ ་ལྡན་འདསོ་ཞེས་བྱ་བར་འབྲལ་ཏོ།། ཡང་ན་ཐམས་ཅད་ཁྱད་པར་དུ་འཕགས་པ་དེ་བས་ན་བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པ་ལ་ཐེག་པ་ཆེན་པོ་ཞེས་བརྗོད་དོ།། དེ་ལྟ་མོད་ཀྱི་ཕྱོགས་གཞན་དང་གཞན་དུ་འགྲོ་བའི་གནས་སྐབས་ཐོབ ་པ་ཁྱད་པར་དུ་འཕགས་པའི་རྒྱུ་ལ་ཐེག་པ་ཆེན་པོ་ཞེས་བྱ་བ་འཇིག་རྟེན་པ་ལ་གྲགས་པ་མ་ཡིན་ནམ། དེ་བཞིན་དུ་ཐེག་པ་ཆེན་པོ་ཡིན་པར་འཛིན་པས་ཕྱིན་ཅི་ལོག་ཏུ་འགྱུ་རོ་ཞེས་ཟེར་ན། གྲང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐེག ་པ་ཆེན་པོ་ལ་ཞེན་པ་ནི་བྱང་ཆུབ་སེམས་དཔའོ།། ཕྱོགས་ནི་ཤར་ཕྱོགས་ལ་སོགས་པ་དེས་ཉེ་བར་མཚོན་པའོ།། ས་དང་པོ་ལ་སོགས་པའི་གནས་སྐབསུ་ཕྱིན་པ་དེས་དེ་ཁོ་ན་ཉིད་དམིགས་པ་མེདོ།། དེ་ལྟ་ཡིན་ནི་ཇི་ལྟར་མྱ་ངན་ལས་འདས་པར་འགྲོ ་ཞེས་བྱ་བའི་ཐ་སྙད་འཇུག་ཅེ་ན། མྱ་ངན་ལས་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མྱ་ངན་ལས་འདས་པར་འགྲོ་ཞེས་བྱ་བ་ནི་འདིར་ཡང་ཕྱིན་ཅི་ལོག་ངོ་བོའི་བཟློག་པ་ཉིད་ལ་མྱ་ངན་ལས་འདས་པ་ཞེས་བྱ་བའི་རིགས ་པས་འགྲོ་བ་ནི་མི་དམིགས་པའོ།། འཇིག་རྟེན་པས་ཀྱང་རང་གི་ངོ་བོ་དགག་པ་ཙ་མོ་ཉིད་ལ་མྱ་དྲན་ལས་འངས་ཞེས་བྱ་བར་གྲགས་པར་བསྟན་པའི་ཕྱིར། དཔར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་མ་ཤཱི་བ་ལ་བགགས་ཞེས་བྱ་བར་ཐ ་སྨད་འདོགས་ཀྱི་མེ་དྷེ་འགགས་པས་འདས་པར་བྱ་བ་བྱེད་བྲ་མཱ་ཡི་ནོ།། ངོ་བོ་ཐོབ་པ་མེང་པོའི་ཕྱིར་མ་འོངས་པ་མ་ཡིནཽ།། གནས་པས་ད་ལྟར་བྱུང་བ་མ་ཡི་ནོ།། དུས་ཀྱིས་འགྱུར་བའི་བྱེ་བྲག་ཁྱད་པར་འགྱུར་བྱ་མི་སྲིད་ཚ་དམས་གནོད་པའི་ཕྱིར་རོ།། ་རྒྱ་དེས་ན་རང་གི་ངོ་བོ་ལོག་པ་ཙམ་ལ་འཇིག་རྟེན་པས་ཀྱང་མེ་ཤི་ཞེས་བརྗོད་པར་བྱེད།། གལ་ཏེ་དེ་ལྟ་ན་ཐེག་པ་ཆེན་པོ་དེ་ཁོ་ན་ཉིད་ཀྱི་ཁྱད་པར་རྟོགས་པ་མེད་པའི་ཕྱིར་ཇི་ལྟར་བྱང་ཆུབ་སེམས་དཔའ་དེ་ལ་ཞོན་ནས་སེམས་ཅན་ཐམས་ཅད་མྱ ་དྲན་ལས་འདྲ་བ་ལ་ཟློ་ཞེ་ན། བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔོན་གྱི་མཐའ་ནི་རྒྱུའི་སྟོབས་ཀྱི་ཕྱི་མའི་མཐར་འབྲས་བུ་བསྐྱེད་པའི་ཕྱིར་ད་ལྟརརོ་བྱུང་བ་ལ་དེ་དག་གི་རང་གི་ངོ་བོ་ངེས་པར་བྱང་ཆུབ་སེམས་དཔའ་མི་དམིགས་པ ་སྟེ་ཡང་དག་པའི་དོན་ཡིན་པར་སྒྲུབ་པར་བྱེད་པའི་ཚད་མ་མེད་པའི་ཕྱིརརོ།། དེ་བས་ན་དུས་གསུམ་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་དག་པར་གྱུར་པ་ཡིན་ཏེ། དེ་ལྟ་བུའི་རིགས་པས་གང་དག་པོ་ནི་འཇིག་རྟེན་པའི་མངོན་པར་འདུས་བྱས ་པ་མ་ཡིན་པས་དེ་ཉིད་ཀྱི་ཕྱིར་ཆགས་པ་ལ་སོགས་པའི་སྤྲོས་པ་སྤངས་པའི་ཕྱིར་སྤྲོས་པ་མེད་པའོ།། ཀུན་ཏུ་སེམས་ཅན་མྱ་ངན་ལས་ཟློ་བར་ནུས་ཏེ། གཞན་དུ་ན་དེ་དག་གིས་དེ་ཁོ་ན་ཉིད་ཀྱི་ཁྱད་པར་མ་རྟོག་པར་མངོན་པར་ཞེན་པ་དེས་ཕྱིན་ཅི ་ལོག་མ་སྤངས་པས་སེམས་ཅན་གྱི་དོན་བྱེད་མི་ནུ་སོ།། དེ་ལྟ་བུ་དེ་ལས་བཟློག་པ་དེ་ཉིད་ནི་ཤེས་རབ་དང་སྙིང་རྗེ་ལ་སོགས་པ་ཚོགས་ཀྱི་སྒྲུབ་པ་ཡིན་ཏེ་ཐེག་པ་ཆེན་པོའི་ཆོས་མ་ལུས་པའི་རང་བཞིན་ཕ་རོལ་ཕྱིན་མཆོག་སྤྱོད་པ་གང་ཡིན ་པ་ཡང་སྒྲུབ་པ་ཡིནོ།། ཚོགས་བསགས་པ་ལ་བཞི་པ་ངེས་པར་འབྱུང་བས་དེ་བསྟན་པའི་ཕྱིར་བྱང་ཆུབ་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟེགས་ཅན་ལ་སོགས་པས་དུས་རྟག་པར་བརྟགས་པ་བཀག་ནས་དངོས་པོ ་ལ་ཉེ་བར་འཇུག་པ་ཉིད་ཀྱི་བརྡར་བྱས་པའི་ཕྱིར་ཚེ་སྟེ། བརྡ་གང་གི་དུས་ཀྱི་ཚེ་བྱང་ཆུབ་སམ་སཽ་དཔའི་བདེན་པ་གཉིས་རྟོགས་པས་ན་མཁས་པའོ།། ཆེད་དུ་བྱ་བའི་དེས་བུར་འབྱུང་བའི་སྒྲུབ་པ་སྤྱོད་པར་བྱེད་ཅིང་ཆོས་རྣམས་མ་སྐྱེས་པར ་རྟོགས་ནས་འགྲོ་བ་སེམས་ཅན་ཐམས་ཅད་ཡུལ་དུ་བྱེད་པ་ནི་སྙིང་རྗེ་ཆེན་པོ་བསྐྱེད་པའོ།། བདག་དང་གཞན་དུ་མངོན་པར་ཞེན་པ་མེད་པ་ནི་སེམས་ཅན་འདུ་ཤེས་མེ་ཡོད་པའི་འདུ་ཤེས་མི་སྐྱེད་པའོ།། དེའི་ཚེ་ཤེས་རབ་དང་ཐུབས་ལ ་མཁས་པ་དེ་ནི་ཤེས་ར་པོ།། དོན་ཐམས་ཅད་ཀྱི་ཆེ་དུ་བྱ་བའི་ངེས་པར་འབྱུང་བའི་སྒྲུབ་པ་ནི་ཕ་རོལ་ཏུ་ཕྱིན་པ་མཆོགོ།། གང་སྤྱོད་པ་བྱེད་ཅེས་བྱ་བའི་བར་དུའོ།། སེམས་ཅན་དུ་དམིགས་ན་ཉེས་པ་ཅི་ཞིག་ཡོད་ཅེ་ན། གལ་ཏེ་ཞེས་བྱ ་བུ་ལ་སོགས་པ་གསུངས་ཏེ། གལ་ཏེ་རང་དང་གཞན་དག་ཡོད་པར་འདུ་ཤེས་བསྐྱེད་པར་བྱེད་ན། དེའི་སྡུག་བསྔལ་གྱི་འདུ་ཤེས་སྐྱེས་བྱས་སྦྱིན་པ་ལ་སོགས་པ་རྣམས་ལ་དཀའ་བས་སྤྱོད་པར་བྱེད་ཅིང་སྡུག་བསྔལ ་སྤྱོད་པས་འགྲོ་བའི་དེན་བྱའོ་ཞེས་དམིགས་པའི་ཕྱིར་བདག་དང་གཞན་དུ་ཡོངསུ་རྟོགས་པའི་བྱང་ཆུབ་སེམས་དཔའ་ཡི་ནོ།། དེ་བས་ན་བདག་དང་གཞན་གྱི་ཚོར་ཡོངསུ་འཛིན་པའི་ཉེས་པ་དེ་གཉིས་ཀྱིས་ཉེས་པ་ཐམས་ཅད་འབྱུང་།། དེ་ལྟ་བས ་ནོ་ཡང་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མཆོག་སྤྱོད་མ་ཡིན་ཞེས་བྱ་བ་ནི་ཚིགསུ་བཅོད་པའི་དོན་ཏོ།། ཇི་ལྟར་སྤྱད་པར་བྱ་ཞེ་ན། བདག་ཅི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱེ་བ་མེད་པ་དང་སྐྱེ་བ་ཞེས་རིམ་པ་གཞན་དུ་སྦྱ་རོ།། བདེན་པ་གཉིས་ཐ་དད ་བར་གཉིས་ཀྱི་རང་བཞིན་དུ་མི་རྟོག་ཅིང་ཡིད་ལ་མི་བྱེད་པ་ནི་གང་གི་ཚེ་ཐམས་ཅད་ཀྱི་ཐམས་ཅད་དུ་བདག་གི་རྒྱུད་ལ་ཡོད་པའི་སྡུག་བསྔལ་ཐམས་ཅད་བསལ་བར་བྱའོ་ཞེས་བདག་ཉིད་ཅི་འདྲ་བར་སེམས་ཅན་ཐམས་ཅད་དེ་འདྲར་ཤེས་པ་ནི ་ལྷ་ལ་སོགས་པའི་སེམས་ཅན་ལ་ཞེསོ།། གཞན་དག་དུ་བྱས་ཏེ། ཀུན་རྫོབ་ཏུ་གཅིག་ཏུ་རྟོགས་པ་ཅི་འདྲ་བར་སེམས་ཅན་ཐམས་ཅད་སྒྲོ་བཏགས་པས་དབེན་པར་ཤེས་པ་དེ་འདྲར་སེམས་བསྐྱེད་པ་ལ་སོགས་པ་ཆོས་ཀུན་ཡང ་ཏེསྟོང་པ་ཉིད་ཀྱི་རིགས་པས་གཅིག་ཉིད་དུ་རྟོགས་པས་བདེན་པ་གཉིས་ལ་ཡང་དག་པར་ཞུགས་པ་དེའི་ཚེ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་ནོ།། དེ་ལྟར་རྟོགས་པར་བྱ་བའི་དངོས་པོ་བརྟགས་པར་བསྟན་ནས། འཇིག་རྟེན་ཞེ ་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་དག་ན་ཆོས་མིང་ཡོངས་བརྗོད་པ་ནི་སེམས་བསྐྱེད་པ་ལ་སོགས་པས་རབ་ཏུ་སྒྲགས་པའི་མིང་སྒྲའི་ཤེས་པ་ནི་བརྗོད་པར་བྱེད་པ་ཡིན་པ་ཡིན་པའི་ཕྱིརརོ།། དེ་དག་ཀུན་ལ་སྐྱེ་བ་དང་ནི་ཡང་དག་འདས ་སྤངས་ཏེ། སྤངས་པ་ནི་འགགས་པའོ།། དེ་གཉིས་སྤངས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པའོ།། ཉམས་པ་མེད་པའི་རང་བཞིན་ཡིན་པའི་ཕྱིར་འཆི་མེད་དོ།། མེ་ལྡོང་ལྟ་བུའི་ཡེ་ཤེས་ལྔ་སྲོག་བཱི་རང་བཞིན་ཕྱིན་ཅི་ཡིག་ཐམས་ཅད་སྤངས་པའི ་ཕྱིར་དམ་པ་སྟེ། ཁྱད་པར་དུ་འཕགས་པའི་ཆོས་ཀྱི་ངོ་བོའོ།། དེ་ལས་གཞན་གོང་ན་མེད་པའི་ཡེ་ཤེས་ཀྱི་དོན་ཐོབ་པ་ནི་དགོས་པ་ཡི་ནོ།། ཆེད་དུ་བྱ་བ་ངེས་པར་འབྱུང་བའི་སྒྲུབ་པའི་ཤེས་རབ་ནི་མཆོག་སྟེ་ཕ་རོལ་ཏུ་ཕྱིན་པའོ།། དེ་ལྟར་གྲུབ་པ་ལ་རྣམ་པ ་བཀག་ནས་ཞེས་བྱ་བའི་སྒྲ་ན་རབ་ཏུ་གྲགས་པའི་མྱིང་གི་རྣམ་གྲངསོ།། གྲུབ་པ་དེ་ལ་ཇི་ལྟར་འཇུག་པར་བྱ་ཞེ་ན། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིམ་པ་གཞན་དུ་སྦྱར་ཏེ། རང་བཞིན་དེ་ནི་དེ་བཞིན་ཉིད།། མད་པ་ནི་སྒྱུ་མ་ལྟ་བུ ་ཡིན་པའི་ཕྱིར་ཡོད་པ་མ་ཡིནོ།། ཆོས་རྣམས་བསྒོམ་པ་ལ་སོགས་པའི་རིམ་གྱིས་ཡོངསུ་ཤེས་པར་གྱུར་པ་དེ་ལྟ་བུར་གྱུར་པའི་ཆེད་དུ་བྱ་བའི་སྒྲུབ་པའི་སྤྱོད་པའོ།། དོགས་མེད་ནི་ཐེ་ཚོམ་མེད་པར་བྱེད་པའོ།། དེ་ལྟར་བྱང་ཆུབ་སེམས་དཔའ་དེས ་ཐབས་དང་ཤེས་རབ་དང་ལྡན་ཏེ་ཀུན་རྫོབ་དང་དོན་དམ་པ་ལ་གནས་པའོ།། ཤེས་རབ་བྱ་བ་ནི་ངེས་པར་བྱས་པའོ།། ཡང་དག་པར་ཞུགས་པའི་ཕྱིརརོ་འདི་ནི་ཤེས་རབ་སྟེ། ཇི་སྐད་བསྟན་པའི་ངེས་པར་འབྱུང་བའི་སྒྲུབ་པོ་ནི་ཕ་རོལ་ཏུ་ཕྱིན་པའི་མཆོག ་ཡིན་ཏེ། དེ་ལ་སྤྱོད་པ་ནི་ཞུགས་པའོ།། དེ་དག་གིས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྟན་ཏེ། དེ་སྐད་དུ་ཡང་། སེམས་བསྐྱེད་པ་དང་གདམས་དྲག་དང་།། ངེས་འབྱེད་ཡན་ལག་རྣམ་བཞི་དང་།། སྒྲུབ་པ་ཡི་ཡང་གཞིར་གྱུར ་ག། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་།། དམིགས་པ་དག་དང་ཆེད་དང་ནི།། གོ་ཆ་འཇུག་པའི་བྱ་བ་དང་།། ཚོགས་ནི་ངེས་པར་འབྱུང་བཅས་རྣམས།། ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད་ཅེས་གསུངས་པ་ཡི་ནོ།། གཞུང་འདིར་ཚིག་སུ་བཅད་པ་རྣམས་ཀྱི་ཉེ་བར ་བསྡུས་པ་ནི་གསལ་བར་མཛད་པའི་ཕྱིར་ཡིན་ཏེ། སྟོང་ཕྲག་བརྒྱ་བའི་དོན་ཐམས་ཅད་བསྡུས་པའི་ཕྱིར་དེ་དང་མཐུན་པར་ལེའུ་ཐ་མཱར་སྦྱར་བར་རིགས་མོད་ཀྱིས་བློ་དམན་པ་རྣམས་ཀྱིས་མི་རྟོགས་པའི་ཕྱིར་མ་བྱས་ཏེ། དེ་བཞིན་དུ་སྟོང་ཕྲག་ཉི་ཤུ་ལྔ་པ ་དང་ཡང་མཐུན་པར་མ་བྱའོ།། སྐྱེ་བོ་ཐམས་ཅད་ཀྱི་བདེ་བར་རྟོགས་པར་བྱ་བའི་ཕྱིར་ར་མཾ། དོན་གཅིག་པར་ཤེས་པར་བྱ་བའི་ཕྱིར་བརྒྱད་སྟོང་པ་དང་མཐུན་པར་ལེའུ་ཐ་མའི་དབྱེ་བ་འདིར་ལེའུ་རྫོགས་པར་བདག་གིས་བྱསོ།། ཡོན་ཏན་རིན་པ ་ཆེ་སྡུད་པའི་ཚིགསུ་བཙོད་པ་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་འཇུག་པའི་ལེའུ་སྟེ་དང་པོའི་བཤད་པའོ།། །། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྟོགས་པ་ནི་ལམ་ཡོངསུ་མ་ཤེས་པར་མ་ཡིན་པ་སྱ་ལམ་ཤེས་པ་བསྟན་ཏོ།། ་དེ་ལ་དང་པོ་རྟེན་ལ་སོགས་པ་བརྗོད་པར་བྱ་བའི་ཕྱིར། གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ལ་སོགས་པའི་མངོན་པར་ཞེན་པ་གང་ཞིག་མི་སྦྱོར་བར་གནས་པ་ནི་ཆོ་སོ་ཉིད་ལ་གནས་པར་འགྱུར་རོ།། འདི་ལྟར་འོད་ཀྱི་མགོ ་མོག་བྱོར་མཛད་པས་རྒྱུད་ལ་ཡོད་པའི་ང་རྒྱལ་བཅོམ་པ་ནི་རྟེན་ཡི་ནོ།། དེས་ཡང་དག་པར་བྱང་ཆུབ་ཀྱི་སེམས་བསྒྲེང་བ་ནི་ཡུལ་སོར་ངེས་པ་ཡི་ནོ།། འདི་ན་སྣོད་མིན་སེམས་ཅན་འགའ་ཡང་མྱེད་ཅེས་གསུངས་པས་འགྲོ་བ་ཐམས་ཅད་ཀྱིས་སངས ་རྒྱས་ཐོབ་པར་འགྱུར་ཏེ། འདོད་ཆགས་དང་བྲལ་བ་དང་ཅིག་ཤོས་ཀྱི་རྣལ་འབྱོར་པས་ཀྱང་སངས་རྒྱས་ཉིད་ཐོབ་པས་ན་ལ་མ་ཤེས་པ་བསྒོམ་པ་ནི་ཁྱབ་པ་ཡི་ནོ།། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་རྫོགས་པར་བྱས་པའི་ཕྱིར་ཉོན་མོངས་པ ་ཐམས་ཅད་མི་སྤོང་བ་ནི་རང་བཞི་ནོ།། ཤེས་རབ་དང་ཐབས་ལ་མཁས་པའི་སྟོབས་ཀྱི་ཡོངསུ་མི་བཟུང་བའི་སེམས་ཅན་ཡོངསུ་བཟུང་བ་ལ་སོགས་པ་གང་ཡང་རུང་བ་ལསུ་བྱ་བའི་འཇུག་པ་ཡི་ནོ།། དབྱེ་བ་ལྔ་པོའི་དོན་མེད་ནོ་མི་འབྱུང་བའི ་ཕྱིར་ཆོས་ཉིད་ཀྱི་སྦས་པ་འཕངས་པ་ཡིནོ་ཞེས་རྟོགས་པར་བྱའོ།། གཞན་དུ་ན་ལམ་ཤེས་པས་རྟོགས་པར་མི་རིགས་པས་དེ་ཉིད་ཀྱི་ཕྱིར་དུ་རྟོགས་པའི་ཐབས་ཡིན་པས་དེ་དོག་དོན་གྱི་དབྱེ་བ་ལྔ་ལ་གནས་བྱའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པ་ནི་ལམ་ཤེས་པའི་རང་བཞིན་མཆོག་ལ་སྤྱོད་པ་ཡིནོ།། རྟེན་ལ་སོགས་པ་བསྟན་པའི་ཤུགས་ཀྱི་ལམ་ཤེས་པའི་དབང་དུ་བྱས་ཏེ། རང་གི་ལམ་ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པའི་བར་དུ་རྟོགས་པ་ཐོབ་ནས་ཐེག་པ་གཞན་གྱི་འདུལ ་བའི་སེམས་ཅན་ཐ་དད་པའི་སེམས་ཅན་གྱི་དོན་མངོན་སུམ་དུ་མི་བྱེད་པར་ལམ་རྒྱུ་དང་བཅས་པ་བསྟན་པ་ལ་ཡོངསུ་མཁོས་པའི་ཐབས་ལ་མཁས་པས་ལམ་ཐམས་ཅད་བྱང་ཆུབ་སེམས་དཔས་ཡོངསུ་རྫོགས་པར་བྱའོ་ཞེས་བསྟན ་པའི་ཕྱིར་ཉན་ཐོས་ཀྱི་ལམ་བསྟན་པའི་ཚར་དུ་རྟག་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཆོས་ཉིད་ཀྱིས་སྐྱེས་པ་འཇིག་པའི་ཕྱིར་མི་རྟག་པའོ།། ཟག་པ་དང་བཅས་པས་མཐུན་པ་མ་ཡིན་པའི་ཕྱིར་སྡུག་བསྔལ་བའོ། ་བདག་དང་གཞན་གྱིས་སྟོང་པའི་ཕྱིར་སྟོང་པའོ།། རྟག་པ་ཉིད་ལ་སོགས་པ་དེ་ཉིད་ལས་བཟློག་པར་བྱ་བ་དེ་གཉིས་ནི་དོར་བར་བྱ་བ་དང་བླང་བར་བྱ་བ་ཡིནོ།། གཙོ་བོའི་ཕྱིར་སྡུག་བསྔལ་གྱི་བདེན་པ་བཟུང་བ་ཡི་ནོ།། དེ་བཞིན་ཉིད་དང་དེ་བཞིན་སྟོང་ཞེས ་བྱ་བ་འདིས་ནི་རབ་ཏུ་འབྱེད་པའི་སྟོབས་ཀྱིས་ལྷག་ས་བདེན་པ་གསུམ་པའི་ཕྱིན་ཅི་ལོག་དང་ཕྱིན་ཅི་མ་ལོག་པ་དེ་གཉིས་མཐུན་པའི་ཕྱོགས་དང་གཉེན་པོའི་རྣམ་པ་བསྡུས་པ་ཡི་ནོ།། དེ་ལ་བྱང་ཆུབ་སེམས་དཔས་ཇི་ལྟར་གོམས་པར་བྱ་ཞེ་ན། སྟོང་ཞེས་བྱ ་བོ་ལ་སོགས་པ་གསུངས་ཏེ། གཟུགས་ལ་སོགས་པ་དེ་དག་ངོས་མི་དམིགས་པའོ།། འདིར་རྟག་པ་ལ་སོགས་པའི་ཆོས་ཀྱི་གཉེན་པོ་མི་རྟག་པ་ལ་སོགས་པའི་རྣམ་པའི་བདེན་པ་བཞིའི་དངོས་པོ་ལ་དམིགས་པ་ཉན་ཐོས་ཀྱི་མཐོང་བའི་ལམ ་བསྐྱེད་པ་དེས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བར་བྱེད་པ་དུ་ཇི་སྲིད་སྒོམ་བུ་གང་ཞིག་ཤེས་བྱས་ཕྱི་ས་ལམ་དེར་ལྟུང་བར་དོགས་ནས་སྤང་བའི་ཕྱིར་རྣམ་པ་དེ་དག་མི་དམིགས་པའི་རང་བཞིན་ཡིད་ལ་བྱེད།། དེ་བས་ན་སྟོང ་ཉིད་ཀྱི་བདེན་པས་སྤྱིར་འབྲས་བུ་ཅུང་ཟང་གང་ཐོབ་པ་ལ་ཡང་མི་གན་སོ།། དེ་ཉིད་ཀྱི་ཕྱིར་དབང་པོ་རྟུལ་པོ་དང་འབྲིང་དང་རྣོན་པོ་ལ་མི་རྟག་པ་ལ་སོགས་པའི་རྣམ་པ་བསྒོམ་པ་ན་རིམ་པ་ཇི་ལྟ་བ་བཞིན་བྱང་ཆུབ་རྣམ་པ་གསུམ་ཐོ ་ཅེས་ཉན་ཐོས་ཀྱི་ཐེག་པ་ལས་བསྟན་པའོ།། ཁྱད་པར་ཉན་ཐོས་དང་། རང་སངས་རྒྱས་དང་། དེ་བཞིན་གཤེགས་པའི་སྔར་མི་གནས་ཤིང་། རྣམ་པ་ཐམས་ཅད་དུ་ཉན་ཐོས་ལ་སོགས་པའི་ཐེག་པ་བསྟན་པའི་རིམ་པས་ཐབས་མ་ཡིན་པའི་ཕྱིར་དུས་འདུལ ་བའི་སེམས་ཅན་རྗེ་སུ་བཟུང་བའི་ཆེད་དུ་བདག་མེད་པ་ཉིད་ཀྱིས་ཉོན་མོངས་པའི་སྒྲིབ་པ་སྤོང་དུ་འཇུག་པར་བྱེད་པ་ཡིན་གྱི། དེ་ལས་བྱང་ཆུབ་སེམས་དཔས་ཀྱང་རྒྱལ་བའི་ཕྱིར་འཇུག་པ་ཡི་ནོ།། བདེན་པ་ཡོངསུ་ཤེས་པའི་སྔོན་དུ་ངེས་པར ་འབྱེད་པའི་གོ་ཆ་ཡོང་སྤུ་ཤེས་པ་འགྲོ་བས་ངེས་པར་འབྱེད་པ་བསྟན་པའི་ཕྱིར། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་འདྲེན་པ་བཅོམ་ལྡན་འདས་གནས་པོ་མེད་པར་སྤྱོད་པ་དེ་ལྟར་དེ་བཞིན་ཉིད་ལ་སོགས་པ་འདུས་མ ་བྱས་ཀྱི་ཁམས་ཀྱི་དེ་ཁོ་ན་ཉིད་ལ་ཡང་མི་གནསོ།། དེ་བཞིན་དུ་འདོད་པའི་ཁམས་ལ་སོགས་པའི་འདུས་བྱས་ལ་ཡང་མི་གནས་ཤིང་། དེ་བས་ན་དེ་ལ་ཇི་ལྟར་སྣང་བ་རྣམས་ལོ་གནས་པ་ཡི་ནོ།། དེ་ཉིད་ཀྱི་ཕྱིར་ཇི་སྐད་བསྟན་པའི ་རྣམ་པར་བསྒོམས་པས་ངེས་པར་འབྱེད་པ་ཡོངསུ་ཤེས་པ་གནས་ཀྱང་བྱང་ཆུབ་སེམས་དཔའ་གནས་མེད་པ་ཉིད་གནས་པ་ཡི་ནོ།། གང་གི་ཕྱིར་གནས་མེད་གནས་ཡིན་འདི་ནི་རྒྱལ་བ་དེ་བཞིན་གཤེགས་པས་གསུང་སོ།། ཉན ་ཐོས་ཀྱི་ལམ་གྱི་རྗེས་ལ་རང་སངས་རྒྱས་རྣམས་ཀྱི་ལམ་བརྗོད་པར་རིགས་མོད་ཀྱི། ཉན་ཐོས་ལས་རང་སངས་རྒྱས་ཇི་ལྟར་ཁྱད་པར་དུ་འཕགས། གང་གིས་ན་དེ་གཉིས་ཀྱི་ལམ་ལ་ཁྱད་པར་ནི་ཅི་ཡོད་སྙམ་པའི་དོགས་པ ་བསལ་བའི་ཕྱིར་གང་གིས་སྔོན་ཐོས་པ་ལ་སོགས་པ་མངོན་པར་འདུས་བྱས་པས་གཞན་གྱིས་བསྟན་པ་ལ་བལྟོས་པ་མང་བར་རང་གི་བྱང་ཆུབ་ཐོབ་པ་ནི་གཅིག་ཡིནོ།། དེ་བཞིན་དུ་ཤེས་བྱའི་སྒྲིབ་པའི་ཕྱོགས་གཅིག ་གཟུང་བའི་རྣམ་པར་རྟོག་པ་སྤ་ཨཱ་པ་དང་། སྒྲ་བརྗོད་པ་མེད་པར་གཞན་གྱི་དོན་བྱེད་པ་དག་གི་སོ་ཡེ་ཤེས་ཟབ་པ་ཡིན་ཏེ། གཉིས་ཀྱི་ཁྱད་པར་དུ་འཕག་སོ།། གཞན་དུ་ན་ཁྱད་པར་དུ་འཕྱགས་པ་མེད་ན་ལམ་ལ་ཁྱད་པར་ཡོད་པར་མྱི་རི། ་པའི་ཕྱིར་ཤུགས་ཀྱི་འཕངས་པ་ཡིན་པར་རིག་པར་བྱའོ།། དེ་བས་ན་ཁྱད་པར་དུ་འཕགས་པའི་ལམ་ཁྱད་པར་ཅན་རང་སངས་རྒྱས་ཀྱི་ལཱམ་བསྟན་པའི་ཕྱིར་གང་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་འགའ་ཞིག་རྒྱ་མཚོར ་ནུགུ་པོས་ཕ་རོལ་དང་ཚུ་རོལ་གྱི་འགྲམ་མི་མཐོང་བས་འགྲོ་བར་མི་ནུས་ཏེ། ཐབས་མི་ཤེས་པའི་ཕྱིརོ།། དེ་བཞིན་དུ་འཁོར་བའི་རྒྱ་མཚོར་ནུབ་པའི་སྐྱེ་བོསོ།། གང་ཕྱིར་མི་ལྡོག་པའི་ཕྱིར་བདེ་གཤེགས་ནི་ཉན་ཐོས།། རང་སངས་རྒྱས་དང་དེ་བཞིན་ཆོ ་རྒྱལ་འགྱུར་འདོད་པ་ནི་མངོན་པར་འདོད་པའོ།། དེས་ན་འདི་ལ་ནི་ལམ་ཤེས་པ་སྟེ། ལམ་ཐམས་ཅད་ཡུལ་ཡིན་པའི་ཕྱིརརོ།། ཆོས་ལ་རྟོག་པའི་བཟོད་པ་འདི་ལམ་རྟེན་པར་སངས་རྒྱས་ཐོབ་པར་མི་ནུས་ཏེ། མངོན་པར་འདོད་པའི་དོན་མི ་འཐོབ་ཅེས་བྱ་བའི་དོན་ཏེ། གཞན་དུ་འཐོབ་པ་མེད་ཅེས་བྱ་བའི་དོན་ཏོ།། འདིས་གཞི་ཁྱབ་པའི་དོན་དེ་ཁྱབ་པའི་དོན་དུ་བསྟན་པ་འདིས་ནི་རང་སངས་རྒྱས་ཀྱི་ལམ་གྱི་དབང་དུ་བྱས་པ་དེ་བསྟན་པར་འགྱུར་རོ།། གཟུང་བར་རྟོག་པ་འབ ་ཞིག་སྤངས་པའི་རང་སངས་རྒྱས་ཀྱི་ལམ་གང་གིས་ཁྱད་པར་དུ་འཕགས་པ་དེའི་རང་བཞིན་ཁོ་ན་ལམ་ཤེས་པ་མ་ཡིན་གྱི། འོན་ཀྱང་ཉན་ཐོས་ལ་སོགས་པའི་ལམ་གྱི་རང་བཞིན་ཡང་ཡི་ནོ།། གཟུང་བ་མེད་པས་དེ་འཛིན་མེད་ཅེས་བསྟན་པའི ་ཕྱི་རོ།། འཛིན་པའི་རྣམ་པར་རྟོག་པ་ཅི་འདྲ་བས་ཆོས་འཛིན་པ་རང་སངས་རྒྱསུ་རྟོགས་ཤེ་ན། ཆོས་འཆད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཆོས་འཆད་པ་དང་ཉན་དང་བཤད་བྱ་གྲང་ཡིན་པ་སྒྱུ་མ་ལྟ་བུ་ཡིན་ཏེ། འདིར་དགོས་པ་ནི་དེ་ལྟ་བུའི ་དངོས་པོའི་ཆོས་ཡིན་ཏེ། གང་གི་ཕྱིར་རང་གི་མཚན་ཉིད་དངོས་པོའི་བདག་རྒྱུར་རུང་བས་འཛིན་པར་བྱེད་པ་རྣམ་པར་མི་རྟོགས་པའི་ཤེས་པ་ནི་རང་གི་མཚན་ཉིད་འབྲས་བུ་སྐྱེ་བས་དེ་མེད་ན་མེདུ་པ་ཡིན་མོད་ཀྱི། གཟུང་བའི་རྣམ་པར་རྟོག་པ་བཀག་པ ་ན་ཡང་གཟུགས་ལ་སོགས་པ་ལ་འཛིན་པའི་རྣམ་པར་རྟོག་པའི་ཤེས་པས་རང་གི་རྒྱུད་ལ་བག་ཆགས་བཞག་པ་སྣང་བ་ལས་སྐྱེ་བའི་ཕྱིར་གཟུང་བའི་རྣམ་པར་རྟོག་པ་ལས་དེ་འབྱུང་ཞེས་བྱ་བའི་ངེས་པ་མེདོ།། གང་གི་ཕྱིར་རང་སངས་རྒྱས ་གང་གི་གཞན་ལ་འཆད་བ་ཉེ་བར་མཚོན་པ་ཡིན་པའི་ཕྱིར་མི་འཆད་པ་ཡང་སྟེ། གཟུགས་ལ་སོགས་པ་རྣམ་པར་མི་རྟོག་པས་གཟུང་བའི་རྗེས་ལ་འཛིན་པའི་རྣམ་པར་རྟོག་པ་ཞེས་པ་ཉན་པོ་དང་འཛིན་པར་བྱེད་དེ། དེ་བཞིན་དུ་གྲང་མཉན ་པ་དང་ལྡན་པ་དག་ཉན་པ་སྟེ། དེ་དག་ཐམས་ཅད་ཀྱང་བརྫུན་པ་སྣང་བའི་རང་བཞིན་འཛིན་པའི་རྣམ་པར་རྟོག་པ་དང་འབྲེལ་བའི་ཆོས་འཛིན་པའང་སྒྱུ་མ་ལྟ་བུ། ཆོས་དེ་འཆད་པ་དང་ཉན་པ་ཡང་སྒྱུ་མ་ལྟ་བུར་རིག་པར་བྱའོ།། དེ་བསམ ་འཛིན་པའི་རྣམ་བྱར་རྟོག་པ་མ་སྤངས་པའི་རིགས་པ་འདིས་ཀྱང་རང་སངས་རྒྱས་ཀྱི་ལམ་གྱི་རང་བཞིན་དུ་གྱུར་པར་བལྟའོ།། རྣམ་པ་གང་གི་ཆོས་སྒྱུ་མྱ་སྨྲ་བུར་བསྟན་པ་ནི་རང་བཞིན་བཀག་ནས་དེ་ཁོ་ན་ཉིད་ཡོད་པར་རྟོགས་ཞེས ་ཟེར་ན་འབྲས་བུ་ཐོབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་གང་ཞིག་འབྲས་བུ་དང་པོ་ལ་སོགས་པ་ལ་གནས་པའི་གང་ཟག་བརྒྱད་པོ་ནི་འབྲས་བུ་འཐོབ་པའོ།། ཚོགས་ན་སྤྱོད་པ་དང་། བསེ་རུ་ལྟ་བུའང་རང་སངས་རྒྱ་སུ་མཚུངས་པས་རྐྱེན ་རྒྱའོ། ལོངས་སྤྱོད་རྫོགས་དང་། སྤྲུལ་པའི་སྐུ་གཉིས་པ་དག་གིས་འཇིག་རྟེན་མགོན་གྱི་དབྱེ་བ་རྣམ་པ་གཉིས།། རིམ་པ་ཇི་ལྟ་བ་བཞིན་དུ་བདག་དང་གཞན་གྱི་དོན་དུ་སྦྱོར་བས་ན་མཁ་བ་དང་གསལ་བ་ཏེ། ཕུལ་དུ་བྱུང་བའི་ཤེས་རབ་ཕུན་སུམ་ཚོགས ་པས་མཁས་གསལ་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་སུམ་དུ་བྱས་པ་བཞི་ནོ།། ཡང་གང་གིས་ཆོས་ཀྱི་སྐུ་ཐོབ་པ་ནི་མྱ་ངན་ལས་འདས་པ་སྟེ། རིམ་པ་ཇི་ལྟ་བ་བཞིན་དུ་རང་དང་གཞན་གྱི་དོན་ལ་སྦྱོར་བ་ནི་མཁས་རིག།། ཡང ་ན་མཁས་པ་རྣམས་ཀྱི་ནང་ནས་ཤེས་རབ་ཕུལ་དུ་བྱུང་བ་ཕུན་སུམ་ཚོགས་པ་ནི་མཁས་རིག།། ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་དུ་བྱེད་པ་དེ་དག་ཐམས་ཅད་ནི་འདས་མ་ཐག་ཏུ་བསྟན་པའི་རྣལ་འབྱོར་པས་ཀུན་རྫོབ་ཏུ་བླང་བར་བྱ ་བ་གཉེན་པོ་སྒྱུ་མ་ལྟ་བུའི་རང་བཞིན་ཡིན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ལ་སོགས་པའི་གཏན་ཚིགས་རྣམས་ཀྱིས་བསྟན་པའི་ཕྱིར་ཆོས་ཀྱི་རྒྱལ་ཡང་སྒྱུ་མ་ལྟ་བུར་རྟོགས་པར་བྱ་བ་ཡིན་ན་གཞན་ལྟ་ཅི་སྨོས་ཏེ་དེ་བཞིན་ནོ།། གང ་གི་བརྡར་ཅུང་ཟད་གྲུབ་པས་དོན་མ་གྲུབ་པ་སྒྲུབ་པར་བྱེད་པའི་དཔེ་སྒྱུ་མ་ལྟ་བུར་བསྟན་པས་གྱུར་པ་དེའི་ཚེ་ཡང་ཉེས་པ་ཅུང་ཟད་ཀྱང་མེདོ།། ཅི་འདྲ་བ་ལ་མཁས་པའི་གང་ཟག་རང་སངས་རྒྱས་ཀྱི་ཐེག་པའི་སྣོད་འགྱུར་བ་བསྟན་པའི་ཕྱིརརོ།། གང་ཟག ་བཞི་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཤེས་རབ་འབྲིང་གི་ལྟེ་བ་དང་ལྡན་པ་ཀུན་རྫོབ་དང་དོན་དམ་པའི་དབྱེ་བ་ཡོངསུ་ཤེས་པའི་མཁས་པ་ནི་རྒྱལ་སྲསོ།། དང་པོར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཐོབ་པ་ཉིད་ཀྱིས་རང་སངས་རྒྱས་ཀྱི ་བྱང་ཆུབ་འཐོབ་པར་ངེས་པ་ནི་ཕྱིར་མི་ལྡོག་པ་སྟེ་གཉིས་པའོ།། ཐམས་ཅད་ཀྱིས་མཆོད་པར་འོས་པས་ན་དགྲ་བཅོམ་པ་སྟེ། མཐོང་བའི་ལམ་ལ་སོགས་པ་དེ་ཉིད་ཀྱིས་བཟུང་བའི་རྣམ་པར་རྟོག་པ་སྤངས་པས་རིམ་པ་ཇི་ལྟ་བ་བཞིན་དུ ་དྲིམ་ཐོས་ལྔ་པཱ་དང་། དེ་ཉིད་ཀྱི་ཆོས་ཉིད་མངོན་སུམ་དུ་བྱས་པས་ཐེ་ཚོམ་མེད་པའི་ཕྱིར་སོམ་ཉི་སྤངས་པ་ནི་གསུམ་པའོ།། དགེ་བའི་བཤེས་གཉེན་གྱིས་ཡོངསུ་བཟུང་བ་ནི་བཞི་པའོ།། གང་ཟག་བཞི་པོ་དེ་དག་རང་སངས་རྒྱས་ཀྱི་རིགས ་ཅན་ཡིན་པའི་ཕྱིར་འདི་ལ་སྐྲག་པར་མི་འགྱུར་རོ།། དེ་དག་གིས་རྟེན་བསྟན་ཏོ།། ཇི་ལྟར་རང་སངས་རྒྱས་ཀྱི་ལམ་བྱང་ཆུབ་སེམས་དཔའ་གོམས་པར་བྱ་བ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉན་ཐོས ་རྣམས་བསྒོམ་པ་ཇི་ལྟ་བཞིན་དུ་དངོས་པོ་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བ་རྟོགས་པས་རང་སངས་རྒྱས་ཀྱི་མཐོང་བའི་ལམ་བསྐྱེད།། ཉོན་མོངས་པ་སྤོང་བ་ཡོད་དེ་བཞི་ནོ།། ཤེས་རབ་འབྲིང་གི་སྟོབས་ཀྱིས་ཆོས་ཉིད་ལྷག་པ ་མཐོང་བ་ཉིད་ཇི་སྐད་བསྟན་པས་ཁྱད་པར་དུ་འཕགས་པ་དང་ལྡན་ཞིང་ཤེས་བྱའི་སྒྲིབ་པ་གཟུང་བར་རྟོགས་པ་ཕྱོགས་གཅིག་སྤོང་བ་དུས་ཇི་སྲིར་བསྒོམ་པ་ཤེས་པ་ཉིད་ཀྱིས་ཕྱིས་དེའི་ལམ་དུ་ལྟུང་བ་སྤང་བའི་ཕྱིར་ཆོས ་ཐམས་ཅད་སྟོང་པ་ཉིད་ཡིད་ལ་བྱེདདོ།། ད་ལྟར་མི་དམིགས་པས་རང་སངས་རྒྱས་ཀྱི་ཐག་པ་ལ་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་མཁས་རིག་སྟེ། དགྲ་བཅོམ་པའི་སྤངས་པ་ཕུན་སུམ་ཚོགས་པ་ལ་ཡང་མི་སློབ་པོ།། རྐྱེན་རྟོགས་ས་ལ་སྟེ་རང ་སངས་རྒྱས་ཀྱི་ཡེ་ཤེས་ཕུན་སུམ་ཚོགས་པ་ལསང་མ་ཡི་ནོ།། ཐམས་ཅད་མཁྱེན་ཉིད་ཆེད་དུ་སངས་རྒྱས་ལ་དམིགས་ནས་དེའི་ཐབས་བདག་མེད་པ་ལ་གོམས་པར་བྱེད་པ་ནི་ཆོས་རྗེསུ་སློབ་པ་སྟེ། བྱང་ཆུབ་སེམས་དཔའི་ལམ་ཤེས་པ་ལ ་སློབ་པ་སྟེ། གང་ཞིག་སློབ་མི་སློབ་པ་ནི་ཤེས་རབ་དང་ཐབས་ལ་མཁས་པའི་སྟོབས་ཀྱི་ཡོངསུ་གཟུང་བས་གོ་རིམ་བཞིན་མི་སློབ་པའོ།། དེ་ཉིད་ཀྱི་ཕྱིར་ཕྱིན་ཅི་མ་ལོག་པར་རྟོགས་པ་ནི་དེ་སློབ་པ་ཡིནོ་ཞེས་བྱ་བའི་དོན་ཏེ།། ངེས་པར་འབྱེད་པ ་ཆ་ཡོངསུ་ཤེས་པ་དེས་ཇི་སྐད་བསྟན་པའི་རང་སངས་རྒྱས་ཀྱི་ལམ་ཡོངསུ་ཤེས་པར་འགྱུར་བས་ངེས་པར་འབྱེད་པ་བསྟན་པའི་ཕྱིར། གཟུགས་འཕེལ་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། དེ་ལ་སྦྱིན་པའི་རང་བཞིན་བརྗོད་པ་ནི་གཟུགས ་ཙམ་ཡིན་ཏེ། ཉེ་བར་ལེན་པའི་ཕུང་པོ་ལྔའོ།། འཕེལ་བ་ནི་བསགས་པའོ།། ཡོངསུ་ཉམས་པ་ནི་བསགས་པ་མེད་པའོ།། ཡོངསུ་གཟུང་བ་ནི་རྟེན་པར་བྱེད་ཅེས་བྱ་བའི་བར་དུའོ།། ཇི་སྐད་བསྟན་པ་བསྒོམས་པས་ངེས་པར་འབྱེད་པ་ཡོངསུ ་ཤེས་པ་ནི་སློབ་པ་སྟེ། འཇུག་པར་བྱེད་པའོ།། གང་ལ་བྱང་ཆུབ་སེམས་དཔའ་ནི་མི་སློབ་ཅིང་འདོར་བར་བྱེད་དེ། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འཕེལ་བ་དང་ཉམས་པ་ཡོང་སུ་འཛིན་པ་ལ་མི་སློབ་སྟེ། བླང་བར་བྱ་བ་སྣ་ཚོགས་པའི་ཆོས་དྲན་པ ་སྡེ་བར་གཞག་པ་ལ་སོགས་པ་རྣམས་ཡོངསུ་མི་འཛིནི་ཅིང་དེ་ཉིད་ཀྱི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་སངས་རྒྱས་ཀྱི་ཡོང་སུ་མི་འཛིན་ཏེ། སེམས་ཀྱིས་ཀྱང་བརྟེན་པར་མི་བྱེད་དེ་འཆིང་བ་ཡིན་པའི་ཕྱིརརོ།། དེ་ལྟ་བུས་ངེས་པར་འབྱུང་། ་ཞེས་བསྟན་པར་འགྱུརརོ།། དེ་ལྟ་བུ་ལ་འདིར་བསླབས་ཏེ་གོམས་པ་ཞེས་པས་བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད། རིམས་གྱིས་ཞེས་བྱ་བ་ནི་ཚི་གི་ལྐོག་མའོ།། ལྷག་མ་ཉོན་མོངས་པ་སྤོང་བ་ནི་སྔར་བསྟན་པའི་ལཾ ་གྱི་ངོ་བོ་ལ་མངོན་དུ་ཕྱོགས་པས་ཡང་དང་ཡང་དུ་དམིགས་པ་ནི་སྒོམ་པའི་ལམ་དུ་བཞག་པ་ཡིན་པའི་ཕྱིར་མཐོང་བའི་ལམ་ཡོངསསུ་ཤེས་པ་ཉིད་ཀྱིས་དེ་ཡོངསུ་ཤེས་པར་གྲུབ་པ་དེ་བྱས་ན་བྱང་ཆུབ་སེམས་དཔའ་མཐོང་བའི ་ལམ་ཡོངསུ་ཤེས་པའི་ཕྱིར་ཉན་ཐོས་ལ་སྩོགས་པ་དང་འབྲེལ་བའི་སྒོམ་པའི་ལྷམ་ལོགས་ཤིག་ཏུ་མ་བརྗོད་པར་ཤེས་པར་བྱའོ།། ཇི་ལྟ་བུར་གྱུར་པའི་རྒྱལ་བའི་སྲས་ཀྱི་མཐོང་བའི་ལམ་ཐོབ་པའི་སྟོབས་ཀྱི་རང་གི་ལམ ་ལ་དབང་དུ་གྱུར་པ་ཐོབ་པ་དེ་ལས་གཞན་པའི་ཐེག་པས་འདུལ་བའི་སེམས་ཅན་རྗེ་སུ་འཛིན་པ་ན་ལམ་གཉིས་ལས་ཡོངསུ་རྒྱལ་བ་ཡིན་པའི་ཕྱིར་དེའི་རྗེས་ལ་ཚེ་འདིའི་ཡོན་ཏན་ལ་སོ་ཌ་པ་དང་ལྡན་པར་རྗེ་སུ་གདམས་པར ་བྱ་བའི་མཐོང་ལམ་པའི་བསྒྲུབ་པའི་ཕྱིར། གཟུགས་ནི་ཞེས་བྱ་བ་ལ་སོགས་བྱ་གསུངས་ཏེ། གཟུགས་ནི་ཤེས་རབ་མ་ཡིན་ཏེ་དེ་བཞིན་ཉིད་ཡི་ནོ།། གཟུགས་ལ་ཤེས་རབ་མེད། རྣམ་པར་ཤེས་པ་ལ་སོགས་པ་ལ་ཡང ་ཤེས་རབ་མདོ།། ཤེས་རབ་ལ་ཡང་དེ་བཞི་ནོ།། འོན་ཀྱང་ན་མཁའི་ཁམས་དང་མཚུངས་པར་དེ་དག་གིས་སྟོང་སྟེ། གཟུགས་ལ་སོགས་པ་རིགས་པས་མ་བསྐྱེད་པའི་ཕྱིར་ཆོས་ཐམས་ཅད་རྟེན་དང་རྟེན་པར་ཐ་དད་པའི་མཚན་ཉིད་མེད། ཁྱད་པར ་སྣ་ཚོགས་པའི་རང་བཞིན་དུ་མེད་ཅེས་བྱ་བའི་བར་དུའོ།། དེ་སྐད་དུ་ཆ་ཤས་སྒྲོ་འདོགས་ཇི་སྙེད་པ། དེ་བསལ་ཕྱིར་ན་ངེས་པ་དང་།། སྒྲ་ཡང་དེ་སྙེད་ཁོ་ན་ངེས།། དེ་དག་སྤྱོད་ཡུལ་ཐ་དད་ཅན་ཞེས་གསུངས་པ་ཡི་ནོ།། དེ་ལྟར་བསྒོམ་པས་མཐོང་བའི ་ལམ་འཇིག་རྟེན་པའི་ཆོས་ཀྱི་མཆོ་གི་རྗེས་ཐོགས་ལ་མི་དམིགས་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་པར་ལྡན་པ་དེས་ཉོན་མོངས་པ་བརྒྱ་བཅུ་གཉིས་སྤོང་བར་བྱེད་པ་སྐྱེ་བ་ཡིནོ།། དེ་ལྟར་ན་འཕགས་པའི་བདེན་པ་བཞིའི་རྣམ ་པའི་བྱེ་བྲག་གིས་རིམ་པ་བཞིན་བསྒོམ་པར་གྲགས་པ་ཇི་ལྟར་ཞེ་ན། དམིགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཡོངསུ་ཤེས་པ་ཙམ་ཉིད་སྡུག་བསྔལ་གྱི་བདེན་པ་སྟེ། དམིགས་པསོ།། དངོས་པོ་ཐམས་ཅད་འབྱུང ་བའི་རྒྱུ་ཡིན་པའི་ཕྱིར་དངོས་པོར་མངོན་པར་ཞེན་པ་སྤང་བར་བྱ་བ་ཡིན་པས་ན་ཀུན་འབྱུང་གི་བདེན་པ་ཡིན་ཏེ། སེམས་ཅན་གྱིསོ།། མངོན་སུམ་དུ་བྱང་བ་ཡིན་པས་ན་འགོག་པའི་བདེན་པ་སྟེ། ནམ་མཁའི་ཁམས་ཀྱིསོ།། ཡོན ་ཏན་ཐམས་ཅད་འབྱུང་བའི་ཕྱིར་ཆོས་རྣམ་པར་འབྱེད་པ་ནི་ལམ་གྱི་བདེན་པ་ཡིན་པས་ཤེས་རབ་ཀྱིསོ།། ཕ་མཐའ་མེད་ནི་མཐའ་ནི་སྔོན་དང་ཕྱི་མའི་མཐའ་དང་རྒྱུ་དང་འབྲས་བུ་ཞེས་བྱ་བའི་བར་དུའོ།། ཡོངསུ་རྫོགས་པར་ཡོད་པའི་དུས་ནི་ཕྲ། ་རོགྲོ། ཕ་མཐའ་མེད་ནི་སྒྱུ་མ་ལྟ་བུར་མེད་པའོ།། གང་ལ་རང་བཞིན་ཡོད་པ་ནི་རང་བཞིན་ཏེ། དེ་ནི་ཕ་མཐའ་སྟེ། རྒྱུ་དང་འབྲས་བུའི་རང་བཞིན་སྤངས་ཞེས་བྱ་བའི་བར་དུའོ།། འདིས་འགྲོ་བའི་རང་བཞིན་མཁྱེན་པའི་ཕྱིར་འཇིག་རྟེན་མཁྱེན་པ་སྟེ། ་དེ་བཞིན་གཤེགས་པ་རྣམས་ཀྱིས་ཇི་ལྟར་སྣང་བའི་བདེན་པ་ལའོ།། དེ་དག་གི་རང་བཞིན་གང་ལ་ཡོད་པ་དེ་ནི་གང་གི་ཕྱིར་རིགས་པས་ཕ་མཐའ་མེད་པའོ།། དེ་བས་ན་རྟེན་ཅིང་འབྲེལ་པར་འབྱུང་བར་སྨྲ་བའི་ཕྱོགས་བདག་མེད་པའི་རྣམ ་པ་གཅིག་གིས་ཆོས་ཐམས་ཅད་མཉམ་པར་བསྒོམ་པ་དང་། དངོས་པོར་སྨྲ་བའི་ཕྱོགས་ཉན་ཐོས་ཀྱི་ཐེག་པ་ལ་སོགས་པ་བདེན་པ་མི་རྟག་པའི་རྣམ་པའི་བྱེ་བྲག་བསྒོམ་པ་ཡིན་པར་རྣམ་པར་བཞག་སྟེ། རྟག་པ་ལ་སོགས་པའི་ཚེ ་གཞན་སྒྲོ་བཏགས་པ་སྲིད་པས་དེའི་ཕྱིར་འགལ་བ་མདོ།། དངོས་པོར་སྨྲ་བའི་ཕྱོགས་ལ་ཅིའི་ཕྱིར་མི་རྟེན་ཅེ་ན། འདུ་ཤེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་ལ་གྲགས་པའི་གཟུགས་ལ་སོགས་པ་དེ་དག་ནི་གང་ཞིག ་མིང་ཅེ་སྟེ། འདི་དག་ཐཾད་མེང་ཆེ་སྟེ། འདི་དག་ཐཾད་མིང་ཙམ་གནས།། བརྗོད་པ་ལས་ནི་གཞན་གྱུར་པ། བརྗོད་པར་བྱ་བར་རབ་ཏུ་བརྟགས་ཞེས་གསུངས་པའི་ཕྱི་རོ།། འདྲེན་པ་སྟེ་འགྲོ་བའི་བླ་མས་བཏགས་པ་ཙམ་དུའོ།། ཙམ་གྱི་སྒྲས་ནི་རྣམ་པ་གཞན ་གཅོད་པར་བྱེད་དེ། མིང་ཙམ་དུ་ཡོངསུ་བསྒྲག་སོ།། དེ་བས་ན་མིང་བཏགས་པ་ཡིན་པར་ཤེས་ནས་བདག་མེད་པའི་རྣམ་པ་བསྒོམས་པས་གང་ཞིག་མཐོང་བའི་ལམ་གྱིས་སྤང་བར་བྱ་བའི་དངོས་པོ་དེ་མ་ཐག་པའི་ལམ་གྱི ་སྟོབས་ཀྱིས་སྤངས་པ་ཕུན་སུམ་ཚོགས་པའི་ཕ་རོལ་ཏུ་འགྲོ་བ་ཡིནོ།། ཐོབ་པར་བྱ་བའི་དངོས་པོ་ཐོབ་པ་ནི་རྣམ་པར་གྲོལ་བའི་ལམ་གྱི་སྟོབས་ཀྱིས་ཡིན་ཏེ། ཡེ་ཤེས་ཕུན་སུམ་ཚོགས་པར་འགྲེ་ཞིང་འདུ་ཤེས་དང་བྲལ་བ་ཐོབ་པ་དེ་ཉིད་ཀྱི་ཕྱིར་དོར ་བར་བྱ་བ་དང་བླང་བར་བྱ་བ་མངོན་སུམ་དུ་བྱས་ནུས་ཕ་རོལ་ཏུ་ཕྱིན་ཏེ། རང་བཞིན་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཕ་རོལ་ཏུ་ཕྱིན་པ་ནི་འདིར་མཐོང་བའི་ལམ་ལ་གནས་པར་འགྱུར་གྱི་གཞན་ཕྱིན་ཅི་ལྕོག་གི་རང་བཞིན་ལ་མི་བརྟེན་ཏོ།། དོན་དམ་པར ་བསྒོམ་པ་རྒྱུ་དང་བཅས་པ་ཡོད་པའི་ཕྱིར་ཕྱིན་ཅི་ལོག་གི་རང་བཞིན་ཨེ་དོ་ཞེ་ན། གྲོལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་བཅོམ་ལྡན་འདས་བཞུགས་ཏེ་ཡོད་པ་ཡིནོ་ཞེས་ཡོད་པའི་སྒྲ་ཡོངསུ་བསྒྲགས ་ཀྱང་གཙོ་བོས་ཀྱང་མི་སྤྱོད་ན། སྐྱེ་བོའི་ཚིགས་གཞན་གྱིས་ཅང་དེ་བཞིན་དུ་ཡོད་དོ་ཞེས་བྱ་བར་སྤྱོད་པ་ལྟ་གྲ་ལ་ཡོད་ཡོད་མི་སྲིད་པས་རྒྱུ་མེད་པ་ལ་སོགས་པའི་ཉེས་པ་དང་བྲལ་བའི་ཕྱིར་གཟོད་མ་ནས་ཉེས་པ་མེད་པས་ཤིན་ཏུ་དག་པ་ཡིནོ།། ། ་གཞན་གང་ལས་རྒྱུར་གྱུར་པ་དེ་སྒྲུབ་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་ཡོད་པ་སྐྱེ་བར་ག་ལ་འགྱུར།། དེ་བས་ན་དངོས་པོ་ཡིད་པ་ཞེས་བྱ་བ་ཕྱིན་ཅི་ལོག་རང་བཞིན་ཡིན་པའི་ཕྱིར་སྔར་ཇི་སྐད་བསྟན་པ་དེ་ལྟར་ཤེས་རབ་ཕ་རོལ་ཕྱིན ་མཆོག་ནི་མཐོང་བའི་ལམ་གྱི་བདག་ཉིད་།། སྤྱོད་པ་ནི་བདག་མེད་པའི་རྣམ་པ་གཅིག་པའི་ཆོས་ཐམས་ཅད་ཁྱད་པར་དང་བྲལ་བ་ལ་རྗེསུ་གནས་ཤིང་རྟོག་སོ་ཞེས་བྱ་བའི་བར་དུའོ།། དེ་ལྟ་བུར་གྱུར་པ་ཉིད་ཀྱི་མཐོང་བའི་ལམ་བསྒོམ་པ་ནི་སྔོན་གྱི་དེ་བཞིན ་གཤེགས་པས་ལུང་བསྟན་པ་ཐོབ་པར་འགྱུར་ཞེས་ཉེ་བར་བསྡུ་བའི་ཕྱིར། གང་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་ཕ་རོལ་ཏུ་ཕྱིན་པ་མཆོག་དང་ནི་ཇི་སྐད་བསྟན་པའི་ལམ་གྱི་རང་བཞིན་བསྒོམ་པས་རྟོགས་པ་ཐོབ་པ་དེའི་ཚེ་ལུང་བསྟན ་བར་གྱུར་ཏེ། སྔོན་གྱི་བཅོམ་ལྡན་འདས་མར་མེ་མཛད་ཀྱི་དངོས་པོ་ཐམས་ཅད་ཇི་ལྟ་བ་བཞིན་དུ་རྟོགས་པས་ན་ཁྱོད་མ་འོང་བའི་དུསུ་སངས་རྒྱ་སུ་འགྱུར་རོ་ཞེས་གསུངསོ།། ཕན་པ་དང་བདེ་བ་དང་མཐུན་པའི་ཕྱིར་མཐུན་པར་སྨྲ་བར་གྱུར་པར་རྒྱལ་བ་གསུང། ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་བསྟན་པའི་མཐོང་བའི་ལམ་ལ་སོགས་པའི་ལམ། སྔར་བསྟན་པའི་རིགས་པས་ལམ་ཤེས་པ་ཉིད་ལོགས་ཤིག་ཏུ་རྣམ་པར་བཞགོ།། དེར་བསྟན་པའི་ངེས་པར་འབྱེད་པ་མཐོང་བའི་ལམ་འདིའི་ཡིན་པར་གཟུང ་བར་བྱའོ།། ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགསུ་བཅད་པ་ལས་བརྒྱ་བྱིན་གྱི་ལེའུ་སྟེ་གཉིས་པའི་བཤད་པའོ།། ། མཐོང་བའི་ལཱམ་གྱི་རྗེས་ལ་བསྒོམ་པའི་ལམ་བརྗོད་པར་བྱ་བ་ཡིན་མོད་ཀྱི། བརྗོད་པར་བྱ་བ་ཉུང་བའི་ཕྱིར་དང་། འབྲས ་བུ་ལ་གཞོལ་བས་གདུལ་བྱ་འཇུག་པར་བྱ་བའི་ཕྱིར་བསྟན་ཏེ། ཤིན་ཏུ་རྣམ་པར་དག་པ་བསྒོམ་པའི་ལམ་གཙོ་བོ་ཡིན་པས་དེ་བྱེད་པའི་ལམ་བསྟན་པའི་ཕྱིར། ཤེས་རབ་ཕ་རོལ་ཕྱིན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་ནི་འདིར་བསྒོམ་པའི་ལམ་གྱི་རང་བཞིན་གང་ལ་ཏེ། དེའི་བདག་ཉིད་ལ་སྦྱོར་ཞིང་གནས་པས་འགྲོ་བ་སྐྱོབ་པ་ནི་མགོན་པོ་སྟེ། འཇམ་དཔལ་ལ་སོགས་པའི་བྱང་ཆུབ་སེམས་དཔའོ།། འདི་ལ་གང་ཞིག་རྟག་ཏུ་ནི་ཐཾད་དུའོ།། ་གཞུང་དང་དོན་འཛིན་པ་དང་། ཐོས་པ་དང་། བསྡམ་པ་དང་། སྒོམ་པའི་རང་བཞིན་གྱི་ཤེས་རབ་ནི་ཆུབ་པར་བྱེད་པའོ།། ཆོས་ཉིད་འཇིག་པར་བྱེད་པས་དངོས་པོར་མངོན་པར་ཞེན་པར་བྱེད་པ་ནི་དུགོ།། བསྲེག་པའི་བདག་ཉིད་ཡིན་པའི་ཕྱིར་འདོད་ཆགས་ནི་མིའོ།། ་ཟུག་ཅུའི་བདག་ཉིད་ཡིན་པའི་ཕྱིར་མཚོ་ནི་ཞེ་སྡང་།། གཏི་མུག་གིས་གྲང་བ་དང་དྲོ་བ་མེད་པར་བྱེད་པས་ཆུའོ།། མི་ཚུགས་པ་ནི་བསྒོམ་པའི་ལམ་གྱིས་ཤིན་ཏུ་མཉམ་པར་བྱས་ནས་ཀུན་ཏུ་མི་སྤྱོད་པའོ།། རྣམ་པ་གཞན་ཡང་རིགས་པས་ཕྱིའི་ཡང་དུག ་ལ་སོགས་པས་མི་ཚུགས་ཤིང་མི་ནུས་པར་རྟོགས་པར་བྱའོ།། དེ་བཞིན་དུ་བདུད་དང་བདུད་ཀྱི་སྡེ་ནི་དེའི་འཁོར་ཏེ་ཕྱོགསོ།། བདུད་ཀྱི་གླགས་ཏེ་ཉེས་པ་དང་བུག་པ་མི་རྙེད། གང་གི་སྐབས་གཟུང་བས་ཀྱང་གནོད་པར་མི་འགྱུརརོ།། བྱེད་པའི་རྗེས་ལ་སྐམ ་པའི་ལམ་བརྗོད་པར་བྱ་བ་ཡིན་པས་དེ་ཡང་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་བྱེ་བྲག་གིས་རྣམ་པ་གཉིས།། དེ་ལ་ཟག་པ་དང་བཅས་པ་ཡང་མོས་པ་དང་། ཡོངསུ་བསྔོ་བ་དང་། རྗེ་སུ་ཡི་རང་བ་ཡིད་ལ་བྱེད་པའི་མཚོན་ཉིད་ཀྱི་དབྱེ་བས ་གསུམ་དུ་འགྱུར་རོ།། ཟག་པ་མེད་པ་ཡང་སྒྲུབ་པ་དང་། རྣམ་པར་དག་པའི་དབྱེ་བས་རྣམ་པ་གཉིསུ་འགྱུར་རོ།། དེ་ལ་དང་པོ་མོས་པ་ཡིད་ལ་བྱེད་པ་ཟག་པ་དང་བཅས་པ་ནི་ཡང་དགེ་བའི་ཆོས་རྣམས་མངོན་པར་འདུ་བྱེད། གསེར་གྱི་སྦྲམ་བུ་འབྱུང ་ཁུངས་ནས་ཐོན་པ་བཞིན་དུ་ཡོངསསུ་རྫོགས་པའི་རང་བཞིན་སྤྱིར་ཇི་ལྟ་བ་བཞིན་དུ་མོས་པས་མཐོང་བའི་དགེ་བའི་ཆོས་ལ་དམིགས་པ་དང་ལྡན་པས་དགོས་པ་མ་ལུས་པ་འདུས་པའི་གཙོ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུལ་ལ་མོས་པ་དང་། དྲི ་བ་ལ་སོགས་པ་བྱེད་པ་ནི་བསོད་ནམས་མང་པོ་ལ་སོགས་པར་བསྟན་ཏོ།། དེ་ཡང་རང་གི་དོན་དང་། རང་དང་གཞན་གྱི་དོན་དང་། གཞན་གྱི་དོན་དང་གསུམ་ལས་ངའོ་སྙམ་པའི་ང་རྒྱལ་གྱི་བག་ཆགས་མ་སྤངས་པའི་ཕྱིར་རང་གི་དོན་དུ་མོས ་ཡིན་ནོ།། དེ་བསྟན་པའི་ཕྱིར་ལ་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མྱ་ངན་ལས་འདས་པས་འདུལ་བའི་སེམས་ཅན་རྗེས་གཟུང་བའི་ཕྱིར་སྤྲུལ་པའི་སྐུ་ཉེ་བར་བསྟན་ནས། དེ་བཞིན་གཤེགས་པའི་མྱ་ངན་ལས་འདས་པའི་མཆོད་རྟེན་ལ་ལས ་ཏེ། སེམས་ཅན་གང་ཡང་རུང་བ་ཞིག་གིས་མུ་ས་ལ་གརྦྷ་དང་། བཻ་ཊུཪྻ་དང་། གཽ་སེར་དང་། དངུལ་དང་། ཤེལ་དང་། མུ་ཏིག་དམར་པོ་དང་། ཨསླྀ་གཙྪ་དང་བདུན་ཏེ། རིན་ཆེན་སྣ་བདུན་ལས་བྱས་ཤིང་མཆོད་བྱེང་ལ་ཏ། རིམ་པ་བཞིན་དུ་རིན་པོ་ཆེ་སྣ ་བདུན་གྱི་རང་བཞིན་དཔེ་ག་ངྒཱའི་ཀླུང་གི་དེ་བཞིན་གཤེགས་པའི་མཆོད་རྟེན་བགྱིས་ཤིང་འཇིག་རྟེན་གྱི་ཁམས་བྱ་བ་ཕྲག་སྟོང་བཀང་སྟེ། དེས་མཆོད་རྟེན་བྱས་ནས་མཆོད་བྱེད་ཅེས་བྱ་བར་འབྲེལ་ཏོ།། རིམ་པ་དེ་བཞིན་དུ་སེམས་ཅན་ཇི་སྙེད་པས ་ཞིང་དབྱེ་བ་མཐའ་ཡས་པར་ཡོངསུ་བརྟག་པ་བཟུང་ནས་ཞེས་བྱ་བར་འབྲེལ་ཏོ།། མཆོད་རྟེན་དེ་སྣད་བྱས་ཏེ།། དེ་དག་ཐམས་ཅད་ཀྱིས་མཆོད་པ་བྱེད་པ་ལས་ལས་གཞན་མི་བྱེད་པར་ལྷའི་མེ་ཏོག་ལ་སོགས་པ་རྣམས་ཀྱིས་བསྐལ་པར ་དུས་གསུམ་དུ་ཡང་དང་ཡང་དུའམ་ཕྱིས་ཀྱང་ལྷག་པར་མཆོད་ལ། ཡང་འགྲོ་བ་གཞན་གང་ཞིག་གིས་རང་གི་དོན་ཕུན་སུམ་ཚོགས་པའི་ཆེ་དུ་མོས་པ་བསྐྱེ། སྣ་ཚོགས་པའི་གཟུགས་ཀྱིས་དོན་བྱེད་པ་ནི་རྣམ་འདྲེན་ཏེ། ་བཅོམ་ལྡན་འདས་དང་། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ལྔ་སོགས་པ་དང་འབྲེལ་པ་ནི་སྟོབས་བཅུ་པ་སྟེ། དེ་ལས་འདི་འབྱུང་བར་འགྱུར་ཏེ། གཞུང་གི་བདག་ཉིད་བདེ་བར་གཤེགས་པའི་ཡུམ་འདི་གླེགས་བ་མོ་ལ་བྲིས་ཏེ། གཞུང ་དང་དོན་འཆང་བར་བྱེད་ཅིང་མེ་ཏོག་ལ་སོགས་པས་མཆོད་ཅིང་བསྟི་སྟང་བྱེད་གྱུར་ན་བསོད་ནམས་ཀྱི་ཡུལ་གྱི་བྱེ་བྲག་དེ་བཞིན་དུ་བསྟན་ཏོ།། རྣལ་མའི་དོན་ཉེ་བར་བསྡུ་བའི་ཕྱིར། མཆོད་རྟེན་བྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔར་བསྟན་པའི ་མཆོད་རྟེན་ལ་མཆོད་པ་བྱས་པ་ཅི་འདྲ་བའི་བསོད་ནམས་ཀྱི་ཕུང་པོ་ཡོངསུ་གཟུང་བ་དེས་ཀྱང་ནི་སྔ་མ་ལ་མཆོད་པའི་བསོད་ནམས་ཆ་ཕྲ་བས་ཆར་མི་ཕོ་དོ།། དེ་ལྟ་བས་ནཱ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་བཞིན་དུ་རང་གི་དོན་འདོད་པས་མོས་པ ་བསྐྱེད་པར་བྱའོ་ཞེས་བསྟན་པར་འགྱུརརོ།། དེའི་རྗེས་ལ་བདག་དང་གཞན་མཉམ་པའི་ཕྱིར་བདག་དང་གཞན་གྱི་དོན་དུ་མོས་པ་ཡིན་ཏེ། དེ་བསྟན་པའི་ཕྱིར་རྒྱལ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་དག་ཕྱོགས་བཅུ་རྣམསུ་བསྟན ་པ་ནུབ་པར་གྱུར་པའི་ཕྱིར་འདས་པའོ།། གང་བསྟན་པ་མ་བྱུང་བའི་ཕྱིར་མ་འོངས་པའོ།། གང་ཡང་བསྟན་པ་གནས་པ་ནི་འཇིག་རྟེན་མགོན་ཏེ། དེ་དོག་ཐམས་ཅད་ཀྱིས་རིག་སྔགས་ཆེན་མོ་འདི་ལ་བསླབ་པས་ཕྱིན་ཅི་ལོགི་བག་ཆགས ་ཀྱི་སྒྲིབ་པ་ཐམས་ཅད་དང་། ནད་རྣམས་ཉེ་བར་ཞི་བར་བསྟན་ཏོ།། བླ་ན་མེད་པའི་རིག་སྔགས་ཀྱིས་འདྲེན་པར་གྱུར་ཏོ་འགྱུར་རོ།། གྱུར་པ་དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བཅོམ་ལྡན་འདས་ཞེས་བྱ་བར་འབྲེལ་ཏོ།། མྱ་ངན་ནི་སྡུག་པ ་དང་བྲལ་བ་ལ་སོགས་པས་སྣརུམས་གདུངས་པའོ།། སྡུག་བསྔལ་ནི་བཟོད་པར་དཀའ་བ་ལུས་ཀྱི་ཚོར་བའོ།། ཆོས་ནི་ནད་ཀྱིས་ངག་འཆོལ་བྱའོ་ཞི་བྱེད་ནི་བསལ་བའོ།། སེམས་ཅན་ཁམས་མང་ནི་འགྲོ་བ་མ་ལུས་པ་སངས་རྒྱས་ཐོབ་པར་བྱེད་ཅེས ་བྱ་བའི་བར་དུའོ།། གལ་ཏེ་དེ་བཞིན་གཤེགས་པ་ཁོ་ན་བསྐྱེད་པའི་དོན་བྱེད་ན་བྱང་ཆུབ་སེམས་དཔའི་མ་ཡིནོ་ཞེ་ན། གང་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་དག་སྤྱད་པར་བྱ་བའི་སྦྱིན་པ་ལ་སོགས་པས་སྤྱོད་པས ་སེམས་ཅན་ལ་ཕན་པའི་རང་བཞིན་དང་བརྩེ་བའི་ཕྱིར་སྙིང་བརྩེར་བཅས་པའོ།། དེ་དག་གིས་ཀྱང་རིག་སྔགས་འདི་ལ་བསླབས་ནས་མཁས་པ་ཐོབ་པ་སྟེ་བྱང་ཆུབ་རེ་གོ། གང་ཡིན་པའི་བདེ་བ་འདུས་བྱོས་པ་ནི་ལྷ་ལ་སོགས་པ་རྣམས་ཀྱིའོ།། འདུས ་མ་བྱས་ཀྱི་བདེ་བ་ནི་ཉན་ཐོས་རྣམས་ཀྱིའོ།། དཀུན་འདི་ལས་འབྱུང་བ་མའོ།། བདེ་བ་དེ་ཀུན་འདི་ལས་འབྱུང་བར་རིག་པར་བྱའོ།། དེ་བས་ན་དེ་དག་གི་དོན་བྱེད་པར་བསྟན་པར་འགྱུར་རོ།། ཡང་ཇི་ལྟར་གཙོག་གིས་དུ་མའི་ངོ་བོ་བྱང་ཙ་ན། ས་བོན་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། ཉུང་མ་ལ་སོགས་པའི་ས་བོན་ས་ལ་བཏབ་པ་ན་ཉམས་པ་ལ་སོགས་པ་མེད་པས་གནས་པ་རིམ་གྱིས་འབྱུང་བར་འགྱུར་ཏེ། གཞན་ཡང་ཤིང་གཅིག་ལས་ལྷན་ཅིག་བྱེད་པའི་ཚོགས་པ་རྙེད་ནས་རྣམ་པ་མ ་པོའི་གཟུགས་དག་འབྲས་བུའི་རྣམ་པར་རབ་ཏུ་སྐྱེའོ།། དཔེ་དེ་བཞིན་དུ་ལྷན་ཅིག་བྱེད་པའི་བྱེ་བྲག་གི་དབྱེ་བས་དེ་བཞིན་དུ་གཅིག་གིས་ཀྱང་རྒྱལ་བ་དེ་བཞིན་གཤེགས་པ་དུ་མའི་དོན་བྱེད་པར་དགོདའོ།། སངས་རྒྱས་དེ་དག་གི་ཡང་བྱས ་པ་ལ་སོགས་པ་དང་པོའི་རྒྱུ་ཉིད་མ་ཡིན་ནམ་ཇི་ལྟར་ཡུམ་གཅིག་གིས་རྒྱུ་ཉིད་ཡིན་པར་སྨྲ་ཞེ་ན། ཕ་རོལ་ཕྱིན་ལྔ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱམ་སྔ་པ་ལ་སོགས་པ་ཙིར་ཇི་སྙེད་ཡོད་པ་བྱང་ཆུབ་ཐོབ་པར་བྱེད་པ་ཉིད་གོམས་པ་ནི་བྱང་ཆུབ ་སེམས་དཔའི་ཡོན་ཏ་ནོ།། ཁྱད་པར་དུ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་སྦྱིན་པ་ལ་སོགས་པའི་ཆོས་ཇི་སྙེད་པོ་གང་གི་ཕྱིར་དེ་དག་ཀུན་ཀྱང་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་ལས་སྐྱེ་ཏེ། བྱེད་པ་པོ་དང་། ལས་དང་། བྱ་བ་མི་དམིགས་པས་ཕྱིན་ཅི་མ་ལོག་པར ་གྱུར་པ་དེ་བས་ན་དེ་ཉིད་གཙོ་བོ་ཡིནོ་ཞེས་བྱ་བའི་དོན་ཏོ།། དེ་དག་གི་ཡང་རྫ་སུ་འབྲང་བ་མ་ཡིན་ནམ་གླང་གི་ཕྱིར་དེ་སྐད་སྨྲ་ཞ་ན། འཁོར་ལོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་སྐད་དུ།། གསེར་དངུལ་ཟངས་ལྕགས་འཁོར་ལོ་ཅན། དེ་དག་གླིང ་གཅིག་གླིང་གཉིས། གསུམ་དྲང་བཞི་ལུ་མས་རིམ་བཞིན་ཞེས་གསུངས་པའི་འཁོར་ལོ་གྷར་བྷ་བཞི་ལུས་གང་ཡང་རུང་བ་ལ་རྒྱལ་པོ་གཞན་ཡང་འཁོར་ལོ་སྒྱུར་བ་གང་ནས་འགྲོ་བའི་ལམ་ནས་འགྲོ་ཞིང་འདུད་པར་བྱེད། དེ་ཉིད་ཀྱི་བསོད ་ནམས་ཀྱི་དབང་གིས་སྐྱེས་པའི་འཁོར་ལོ་རིན་པོ་མ་ལ་སོགས་པ་བདུན་དང་དཔུང་སྟེ་གླང་པོ་ཆེ་ལ་སོགས་པའི་ཚོགས་ཀུ་ནོ།། གང་དེ་བཞིན་དུ་ཕྱིན་ཅི་མོ་ལོག་པའི་རང་བཞིན་གྱི་ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱལ་བ་རྣམས ་གྱི་སྟེ། འགྲོ་བས་བདག་མེད་པ་རྟོགས་པརྒྱུད་ལ་རྣལ་འབྱོར་གྱིས་བསྐྱེད་དེ། དེའི་དབང་གིས་བྱུང་བ་ཡིན་པའི་ཕྱིར་ཡོན་ཏན་ཀུན་སྟེ། བྱམས་པ་ལ་སོགས་པ་ཕྱིན་ཅི་མ་ལོག་པའི་རང་བཞིན་འཛིན་པའི་ཕྱིར་ཆོ་སོ།། ཡང་དག་པ་ལ་མངོན་དུ ་ཕྱོག་པ་བསྐྱེད་དེ། དེ་བས་ན་ཕྱིན་ཅི་མ་ལྡོག་པའི་ཤེས་པ་སྔོན་དུ་འགྲོ་ཞིང་དེ་ནས། ཆོས་ཐམས་ཅད་འགྲོའོ།། ཡུམ་ནི་གང་ཅུང་ཟད་ཅིགི་རྗེ་སུ་མི་འགྲོ་སྟེ། བསྐྱེད་པར་མི་བྱེད་པའི་ཕྱི་རོ།། དེ་བས་ན་རྣམ་པ་ཐམས་ཅད་དུ་རང་དང་གཞན ་གྱི་དོན་འདོད་པས་ཡུམ་ལ་མོས་པ་བསྐྱེད་པར་བྱའོ་ཞེས་སྟོན་པར་འགྱུ་རོ།། ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགསུ་བཅད་པ་ལས་ཕ་རོལ་ཏུ་ཕྱིན་པས་དཔག་ཏུ་མེད་པའི་ཕྲིན་ཡོན་འཛིན་པ་དང་མཆོད་རྟེན་ལ་བཀུར་སྟི་བྱ་བའི་ལྡེའུ ་སྟེ་གསུམ་པའི་བཤད་པའོ།། །། དེ་ནུས་དེའི་རྗེས་ལ་བདག་གི་རང་བཞིན་དུ་འགྲོ་བ་རྣམས་བྱས་པའི་ཕྱིར་གཞན་གྱི་དོན་དུ་མོས་པ་ཡིན་ཏེ། དེ་བསྟན་པའི་ཕྱིར། རྒྱལ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ ་དག་ཆ་གཉིས་བཞག་པ་ལས་ཀཽ་ཤི་ཀུ་ཁྱོད་ཆ་གང་ཡིན་ཞེས་རྒྱལ་བས་དྲི་བ་སྨྲས་པ་དང་། གུང་གི་རྒྱལ་བའི་སྐུ་གདུང་གིས་དོག་ས་ཐམས་ཅད་ཁྱབ་པར་གཏམས་ཏེ་རྩེ་མོ་བྷུར་བུར་བགྱིས་པས་གང་གཱའི་ཀླུང་གི་བྱེ་མ་སྙད ་ཀྱི་སངས་རྒྱས་ཀྱི་ཞིང་ཆར་བཞག་པ་དེའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆ་འདི་ཉིད་ལེན་ཏོ་ཞེས་གསོལ་བའོ་ཚིགསུ་བཅད་པའི་དོན་ཡིནོ།། དེ་བཞིན་གཤེགས་པའི་སྐུ་གདུང་ལེན་པ་ལ་མ་གུས་པ་གང་གི་རྒྱུ་ཡིན་ཞེ་ན། ་ལན་དུ་ཅི་སྐད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པའི་སྐུ་གདུང་ལ་མི་གུས་པ་བདུག་མ་ལ་གྲས་ཏེ། འོན་ཀྲུང་རྒྱལ་པོ་ལ་ཉེ་བར་བརྟེན་པའི་མིས་དེའི་མཐུས་རྙེད་པ་ཐོབ་སྟེ་དེའི་ལྗོངས་ཀྱི་ཡུལ ་པ་ཐམས་ཅད་ཀྱི་མཆོད་པ་ལྟར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཉེ་བར་བརྟེན་ནས་ཆོས་མཐར་ཐུག་པ་སངས་རྒྱས་ཉིད་ཀྱི་རྒྱུ་ཡིན་པས་སྤྱིར་དེའི་དབང་གི་ཁམས་གསུམ་པ་ཐམས་ཅད་ཀྱིས་མཆོད་པ་བརྙེ་སོ།། དེ་ལྟ་བས་ན་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པས་ཡོངསསུ་བསྒོས་ཏེ། བདག་ཉིད་ཆེན་པོའི་རྣལ་འབྱོར་གྱི་བསྟེན་པས་དེའི་ཕྱིར་སྐུ་གདུང་སྲོག་ཆགས་རྣམས་ཀྱིས་མཆོད་དེ། དེ་ལྟ་བུའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་བསྟེན་པར་བྱས་པས་ཡི་ནོ།། གལ་ཏེ་དེ་ལྟ་ཡིན་ན ་བཅོམ་ལྡན་འདས་མྱ་ངན་འདས་པས་རྟེན་མེད་པའི་ཕྱིར་མི་མཆོདོ་སྙམ་པ་ལ་ནུས་པ་ཡོད་པར་དཔེ་སྔོན་དུ་འགྲོ་བ་བསྟན་པའི་ཕྱིར། ནོར་བུ་རིན་ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབྱེར་ན་ནོར་བུ་རིན་པོ་ཆེ་མི་མ་ཡིན་པ་སེལ་བུ་ལྔསོ།། ་བའི་ཡོན་ཏན་ཐམས་ཅད་དང་ལྡན་པས་དེ་ཉིད་ཀྱི་ཕྱི་རོ་རིན་ཐང་ལས་འདས་པས་རིན་ཐང་མེད་པར་ཐོབ་བོ།། གིབ་ཚེ་གང་དུ་སྤྲོས་པཱ་ནཽ་གགྲང་ཚྭ་དེ་ལ་ནོར་བུ་རིན་པོ་ཆེ་དེའི་མཐུས་ཕྱག་བགྱི་བཱར་འོ་སོ།། དེས་གབ་ཚེ་ལྷས་ཕྱུང་བར་གྱུར་པ་དེ་ནི་རིན ་པོ་ཆེ་སྟོན་པའི་གབ་ཆེ་ལ་རིག་པར་དགའ་བ་དང་། ལྟ་བ་ལ་སོགས་པ་སྟེ། ཀྱང་གི་སྒྲ་ནི་གའ་ཚེ་ལ་ཡང་།། སྟན་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་ཡོན་ཏན་གྱི་རང་བཞིན་ནོར་བུ་རིན་པོ་ཆེ་དེའི་ཡིན་པས་ན་ལག་སོ།། དེ་བཞིན་དུ་དེ་དང་འདྲ་བར་ཤེས ་རཱབ་ཕ་རོལ་ཕྱིན་མཆོག་ཡོན་ཏན་གྱིས་བཅོམ་ལྡན་འདས་མྱ་ངན་ལས་འདས་པར་ཁས་བླངས་ཀྱང་ཡུམ་གྱི་མཐུས་རིང་བསྲེལ་གྱི་སྐལ་བ་དང་ལྡན་པ་ལ་ཆོ་འཕྲུལ་གྱི་སེམས་དང་བའི་རྒྱུ་ཡིན་པའི་ཕྱིར་རྒྱལ་བའི་རིང་བསྒྱེལ་ཏེ། རིང་བསྲེལ་ཡོངསུ་བརྟག ་པའི་མདེའི་མཚན་ཉིད་དང་ལྡན་པས་མཆོད་པ་བརྙེསོ།། དེ་ལྟོ་བས་ན་གང་ཞིག་རྒྱལ་བའི་ལྷན་གཞན་གྱི་དོན་ལ་མོས་པ་ཡོངསུ་འཛིན་པར་འཚལ་བ་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྲིས་པ་ལ་སོགས་པ་ལ་མངོན་པར་སྦྱོར་བས་བླངས་ནས་གནོད་པ་ཐ~ཾད ་ཞི་བས་ན་འདི་ནི་ཐར་པ་ལགས་ཏེ་མྱ་ངན་ལས་འདས་པ་ཞེས་བྱ་བའི་བར་དུའོ།། དེ་དག་གིས་གཞན་གྱི་དོན་ལ་མོས་པ་བསྟན་ནས། ཅི་སྟེ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་གཞན་ལ་ཡང་མོས་པ་ཡོད་པ་མ་ཡིན་ནམ་ཅིའི་ཕྱིར་རྒྱལ་བ ་སྐྱེད་མ་ཉིད་ཁོ་ན་གཙེར་བྱས་ནས་མོས་པ་རྣམ་པ་གསུམ་དུ་བསྟན་ཅེ་ན། སྦྱིན་པ་སྦྱིན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་བྱེད་པ་པོ་དང་། ལས་དང་། བྱ་བའི་བྱེ་བྲག་གི་དམིགས་པར་སྦྱིན་བྱ་ལ་སོགས་པའི་རང་བཞིན་ལ་དང་བྱོར ་འཇུག་པས་སྔོན་དུ་འགྲོ་བ་ཤེས་རབ་སྟེ། དེ་ལྟར་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་བསམ་གཏན་དེ་བཞི་ནོ།། སྔར་བཤད་པའི་ཡང་གི་སྒྲ་འདིར་ཡང་སྦྱར་བར་བྱའོ།། དགེ་ཚོས་ནི་སྦྱིན་པ་ལ་སོགས་པའོ།། ཆུང་མི་གསོན་པ་ནི་ཉན་ཐོས་ལས། ་པའི་བྱང་ཆུབ་ཏུ་མི་བསྔོ་བས་ཡུན་རིང་དུ་གནས་པར་བྱའོ།། ཡོངསུ་འཛིན་པ་ནི་མི་དམིགས་པ་ཡི་ནོ།། རྒྱུ་མཚན་ནི་ཚུལ་གཅིག་ཏེ། དེའི་སྙིང་པོ་ཅན་ཡིན་པའི་ཕྱིར་བསྡུས་པ་གོམས་པར་བྱས་སེམས་བསྐྱེད་པ་ལ་སོགས་པའི་ཆོས་ཐམས་ཅད ་ཀྱང་ངེས་པར་བྱས་ནས་སྣང་བ་སྟེ་མངོན་སུམ་བཞི་ནོ།། དེ་བས་ན་དེ་ལ་མོས་པ་རྣམ་པ་གསུམ་བསྟན་ཏོ།། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མོས་པ་ནི་ཁྱད་པར་མེད་པར་ཐམས་ཅད་ལ་ཡིན་ཏེ། དཔེ་སྔོན་དུ ་འགྲོ་བས་བསྟན་པར་བྱ་བའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་འཛམ་བུའི་གླིང་ན་ཤིང་མང་བྱ་བ་སྟོང་རིམ་པ་བཞིན་དུ་རྒྱུ་དང་འབྲས་བུ་རྣམ་པ་སྣ་ཚོགས་པ་རྣམ་པ་དུ་མ་གཟུགས་མཚན་ཉིད་མི་མཐུན ་བ་མང་པོའི་རང་བཞིན་ཡི་ནོ།། གང་གི་ཚེ་གྲིབ་མ་གྲིབ་མ་ཞེས་གྲངསུ་བརྗོད་པ་འབའ་ཞིག་ཏུ་འགྲོ་ཞིང་རབ་ཏུ་འཐོབ་སྟེ། གྲིབ་མ་དེ་ཡང་སྣ་ཚོགས་པ་མེད་པའི་ཕྱིར་སྒྲ་ཐ་དད་པ་ཡིད་མེད་དེ། ཁྱད་པར་མེད་པ་རོ་གྲིབ་མ་མ་ཡིན་པ་གཞན ་ལས་ལྡོག་པས་གྲིབ་མ་ཙ་མོ།། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་འཁོར་གསུམ་རྣམ་པར་དག་པར་ཕྱིན་ཙ་མུ་ལོག་པའི་རང་བཞིན་གཞན་དུ་ཡོངསུ་སྤོང་བ་ཡི་ནོ།། ལྔ་ནི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའོ།། རྒྱལ ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད། སངས་རྒྱས་ཉིད་དུ་མཚོན་པར་གྱུར་པའི་ཡོངསུ་བསྔོ་བ་ཡོད་ལ་བྱེད་པས་ཡོང་སུ་བསྔོས་ན་སྦྱིན་པ་ལ་སོགས་པ་དེ་དག་ཕ་རོལ་ཏུ་ཕྱིན་པར་འགྱུར་ཏེ། རྒྱལ་བའི་ཞེས་བྱ་བ་སྔ་མ་དང་འབྲལ་ཏོ།། རྣམ ་པ་གཉིས་ཀྱིས་སྦྱིན་པ་ལ་སོགས་པ་ལྔ་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། ཤེས་རབ་འཕེལ་བ་ནི་གཙོ་བོའི་དོན་དང་མཐུན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་སྟེ། དྲུག་པ་ནི་རབ་ཏུ་གྲགས་པ་ཡི་ནོ།། གཙོ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པ་རྣམ་པར་བཅད་པའི་ཕྱིར ་ཕ་རོལ་ཏུ་ཕྱིན་པ་ཞེས་མིང་དུ་བརྗོད། སྣ་ཚོགས་པའི་ཁྱད་པར་སྤངས་ཏེ་ཚུལ་གཅིག་པས་རང་བཞིན་གཅིག་པར་འགྱུ་རོ།། འགྱུར་བ་བྱང་ཆུབ་ཀྱི་ངོ་བྱོར་རོ།། དེ་བས་ན་ཕྱིན་ཙ་མཱ་ལོག་པའི་ཆོས་ཉིད་གསལ་བར་བྱེད་པའི་ཕྱིར་ཡུམ་གྲ་ཡིན་པ་ཉིད་འདྲི ་བ་ལ་སོགས་པའི་བསམ་པས་ཡོངསུ་དག་པས་དེ་ཉིད་ཐམས་ཅད་དུ་གནས་པར་གྱུར་པ་ཡི་ནོ།། ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགསུ་བཅད་པ་ལས་ཡོན་དན་ཡོངསུ་བརྗོད་པའི་ལེའུ་སྟེ་བཞི་པའི་བཤད་པའོ།། །། མོས་པ་འདི་གསུམ་གྱི་བཅོས་མའི ་ཉེས་པ་སྤང་བ་ནི་གོམས་པ་ཡིན་པར་ཤེས་ནས་བཅོས་མ་སྤངས་པའི་ཕྱིར་རྗེ་སུ་འགྲོ་བའི་སྒོ་ནས་བསྟན་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་ཞིག་གིས་ཀུན་བརྟགས་པའི་གཟུགས་མི་རྟག་པ ་དང་། གང་ཞིག་རྣམ་པར་རྟག་པའི་གཟུགས་ལ་སོགས་པའི་སྐད་ཅིག་གཞན་དུ་མི་གནས་པས་མཱི་རྟག་པ་དང་། ཆོ་སྡེ་ཉིད་ཀྱིས་གཟུགས་ཀྱི་བདག་ཉིད་གཟུང་བ་དང་འཛིན་པ་དང་བྲལ་བས་མི་རྟག་པའོ་ཞེས་མོས་པས་མོས་པར་བྱ་ཞིང་གསུལ་བར་བྱེད ་ན་དེ་བཅོས་པ་སྟེ་སྐབས་ཀྱི་དོན་སྤངས་ནས་སྤྱོད་པ་སྟེ། དངོས་པོའི་རང་བཞིན་རབ་ཏུ་མི་ཤེས་པའི་ཕྱིརརོ།། གང་གི་ཕྱིར་ཆོས་རྣམས་སྒྱུ་མ་ལྟ་བུར་ཁོང་དུ་ཆུད་པས་སྐྱེ་བོ་མཁས་པསྱ་ནམ་ཡང་ཚས་རྣམས་འཇིག་པར་མི་བྱེད། འཇོག་པར་མི་བྱེད་དེ། དངོས ་པོ་འདི་དག་བརྫུན་པའི་ཕྱིརརོ།། ལྡོག་པའི་སྒོ་ནས་བསྟན་པའི་ཕྱིར་གང་ལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་གང་ལ་ནི་དངོས་པོ་སྟེ། ཆོས་ཉིད་ལ་མོས་པས་གཟུགས་མིན་ཚོར་བ་མིན་སྟེ་མི་དམིག་ས།། འོན་ཀྱང་ཆོས་ཐམས་ཅད་དེ་ཁོ་ན་ཉིད་དུ་མ་སྐྱེས ་ཤིང་རང་བཞིན་གྱིས་སྟོང་པར་ཤེས་པ་དེ་ནི་དེ་དག་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་སྤྱོད་པ་ཡིན་ཏེ། ཡང་དག་པར་མོས་པས་བཅོས་མ་སྤངས་ཞེས་བྱ་བའི་བར་དུའོ།། དེ་ནས་དེའི་རྗེས་ལ་མོས་པ་གསུམ་བསྒོམ་པར་བྱེད་པའི ་བྱང་ཆུབ་སེམས་དཔའ་གོང་ནས་གོང་དུ་འཇུག་ཅིང་སྤྲོ་བར་བྱ་བའི་ཕྱིར་ཡང་དག་པར་ཡོད་པའི་ཡོན་ཏན་བརྗོད་པ་ནི་རིམ་པ་བཞིན་དུ་བསྟོད་པ་དང་། དཀུར་བ་དང་། བསྔགས་པ་སངས་རྒྱས་ལྔ་སོགས་པས་མཛྲ་དོ།། ཞེས་སྟོན་པ་ལ་སོགས་པ་བསྟན་པར་བཞིད་ནས། ་ལ་ལྔས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལ་ལས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་རྣམས་ཀྱི་སེམས་ཅན་ཇི་སྙེད་པ་ཀུན་དགྲ་བཅོམ་པ་ཉིད་ལ་བཀོད་པ་བས། གང་གི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟ་སྟེ་གཞུང་གི་བདག་ཉིད་ལ་མོས ་པཔར་བྱེད་པ་གང་ཡང་རུང་བ་ལྔ་ཡི་གེར་བྲིས་ཏེ། སེམས་ཅན་གཞན་རྣམས་གླེགས་བམ་བྱིན་ན་དེ་བས་འདི་བསོད་ནམས་རབ་ཏུ་མང་པོ་སྐྱེ་སྟེ། སྔ་མཱིའི་དོན་བྱེད་པ་ལས་ཁྱད་པར་དུ་འཕགསོ།། གང་གིས་གླེགས་བམ་ཙམ་བྱིན་པས་བསོད་ནམས་ཁྱད་པར་དུ་འཕག ་ཞེ་ན། ལན་དུ་ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚིགསུ་བཅད་པ་འདིར་རིམ་པ་གཞན་དུ་སྦྱར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར་མཉན་པས་ཉན་ཐོས་ཀྱི་རླུང་གི་རྣམ་པར་གྲོལ་བ་དང་། རང་སངས་རྒྱས་ཀྱི་རང་གི་བྱང་ཆུབ་དང་། དེ་བཞིན་གཤེག ་བའི་སངས་རྒྱས་ཏེ་བསམ་པ་དང་བསྒོམ་པས་མྱུར་དུ་རེགོ་འདི་ལྟར་གྲགས་བམ་ནི་འདིར་ཡུམ་ཡིན་ཏེ། བླིབླངས་ནས་དེ་ལ་བསླབས་པས་མུ་སྔགས་ཅན་ངན་པ་སྨྲ་བས་ཟིལ་གྱིས་མི་གནོན་པའི་ཕྱིར་སྨྲ་མཆོག་སྟེ། འདིར་སྟོང་པ་ཉིད་ནི་བྱང་ཆུབ་རྣམ་པ་གསུམ ་པོ་མ་ལུས་པ་དེའི་རྒྱུ་མཚན་ཡིན་པའི་ཕྱིརརོ།། དེ་བས་ན་མ་ཚང་བ་མེད་པ་ནི་བྱང་ཆུབ་གསུམ་བྱིན་པ་ཡིན་པའི་ཕྱིར་གླེགས་བམ་ཙམ་བྱིན་པ་བསོད་ནམས་ལྷག་པའི་རྒྱུ་ཡིན་ཏེ། འདི་ཉེ་བར་མཚོན་པ་ཡིན་པའི་ཕྱིར་ཡུམ་ལ་འདིར་གང་ཡང་རུང་བའི་བྱུང ་ཆུབ་སེམས་དཔའ་མོས་པ་ནི་ཐམས་ཅད་ནས་བསོད་ནམས་ཁྱད་པར་དུ་འཕགས་པའི་རྒྱུ་ཡིན་པས་གཟུང་བར་བྱའོ།། བྱང་ཆུབ་ཀྱི་སེམས་ཀྱི་བདག་ཉིད་ཆོས་ཐམས་ཅད་ཀྱི་གཞི་ཡི་ནོ།། དེ་བས་ན་བསྟོད་པ་ལ་སོགས་པོའི་སྤྲོ་བ་བསྐྱེད་པའི་ཕྱིར་མྱུ་གུ་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། དྲ་བར་ན་ཉེ་བར་ལེན་པའི་རྒྱུ་མྱུ་གུ་མེད་ན་འཇིག་རྟེན་དུ་སྡོང་བུ་དང་ལྗོན་པ་འབྱུང་བ་ཡོངསུ་མི་སྲིད།། དེ་ལ་ཡལ་ག་ལ་སོགས་པ་ག་ལ་འབྱུང་དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཉེ་བར་ལེན་པའི་རྒྱུ་ས་བོན་ཡང་ཡེ་མེད་ན། ་ཡང་བརྒྱ་བྱིན་ལ་སོགས་པ་དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བྱ་བ་ལ་སོགས་པ་རྣམས་ག་ལ་འབྱུང་། ཅི་སྟེ་བྱང་ཆུབ་ཀྱི་སེམས་མེད་པས་སེཾན་རྣམས་སངས་རྒྱ་སུ་མི་འགྱུར་རོ།། ཞེས་བྱ་བ་ལ་སོགས་པ་སྔ་མ་གྲུབ་པ་ཡིནོ་ཞེ་ན། ཉི་མའི་ཞེས་བྱ ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་ཉི་མའི་དཀྱིལ་འཁོར་འོད་ཟེར་སྟོང་ཕྲག་དུ་མ་འགྱུར་བ་དེའི་ཚེ་མུན་པ་བསྔལ་ནས་སེམས་ཅན་ལས་བྱང་བརྩོན་པ་དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་དང་སྙིང་རྗེའི་སྙིང་པོ་ཅན་འགྲོ་བའི་རང་བཞིན་ཡོངསུ ་བརྟག་པར་ཤེས་པ་འཇིག་རྟེན་མཁས་པ་བྱུང་བ་དེས་སྡུག་བསྔལ་གྱི་སྐྱེ་མཚོར་འགྲོ་བདབ་པ་ཆོས་ཀྱི་དེ་ཁོ་ན་ཉིད་རྟོགས་པས་འབྱིན་པར་ནུས་པ་ཡིན་ཏེ། ལྗོན་གྱི་ཆོས་སངས་རྒྱས་ལ་སོགས་པ་ལ་ཡང་དག་པར་སྤྱོད་།། གཞན་དུ་རན་སྙིང་རྗེ་མེད་དུ ་དང་། ཐམས་ཅད་མེད་པས་སངས་རྒྱས་ལ་སོགས་པར་མི་འགྱུ་རོ་ཞེས་བྱ་བར་དགོད་སོ།། རྗེསུ་འགྲོ་བའི་སྐེ་ནས་བྱང་ཆུབ་ཀྱི་སེམས་གང་ཡིན་པ་དེ་ཉིད་ཀྱི་ཆོས་ཐཾང་ནས་དེ་མེད་ན་དེ་དག་མདོ་ཞེས་ལྡོག་པའི་སྒོ་ནས་ཡང་དཔེ་སྔོན ་དུ་འགྲོ་བས་བསྟན་པའི་ཕྱིར་དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ནཱ་ལ་ངེས་པའི་ཀླུ་བདག་མེད་པར་དེའི་མཐུས་ངེས་པར་འབྱུང་བས་འཛམྦུའི་གླིང་འདིར་ཆུ་ཀླུང་འབབ་པར་ག་ལ་འགྱུར་ཏེ་སྨོས་ཀྱང་མི་དགོ་སོ།། ཡང་ཆུ་ཀླུང་དེ་དག་མད་ན་མེ་ཏོག ་འབྲས་བུ་རྣམས་ཆུ་མེད་པས་གང་ཡང་འབྱུང་བར་མི་འགྱུར་རོ།། རྒྱ་མཚོ་ལ་ཡང་རིན་པོ་ཆེ་སྣ་ཚོགས་པ་ཆུས་རེག་པའི་སྦྱོར་བས་འབྱུང་བའི་གཟུགས་མང་པོ་ཡང་མེད་པར་འགྱུརརོ།། དེ་བཞིན་དུ་འདིར་གསུང་རབ་དང་། བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་དང ་སྙིང་རྗེའི་སྙིང་པོ་ཅན་མེད་ན་དེ་བཞིན་གཤེགས་པའི་མཐུས་ངེས་པར་འབྱུང་བ་ཕན་པ་དང་ཕན།། པ་མ་ཡིན་པ་ཐོབ་པ་དང་སྤོང་བའི་ཡེ་ཤེས་ཀྱི་རྒྱུན་འཇིག་རྟེན་འདི་དག་ཀུན་ཏུ་ག་ལ་འབྱུང་སྟེ་སྨོས་ཀྱང་ཅི་དགེ་སོ།། ཡང་ཡེ་ཤེས་དེ་དག་མེད་ན་སྦྱིན་གྱི། ་ཕཕརོལ་ཏུ་ཕྱིན་པ་ལ་སོགས་པའི་ཡོན་ཏན་འཕེལ་བ་མེད་དོ།། བྱང་ཆུབ་ཀྱི་རྒྱ་མཚོར་བགྲོད་པར་དགའ་བ་རང་གི་དོན་ཕུན་སུམ་ཚོགས་པ་མེ་།། སངས་རྒྱས་ནས་དུས་ཕྱིས་འབྱུང་བར་འགྱུར་བ་ཆོས་སྟོན་པ་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཡང ་མེད་པར་འགྱུར་རོ།། རྒྱ་ཆེ་བའི་བདག་ཉིད་ཀྱི་དཔེ་བསྟན་པའི་ཕྱིར་འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་འདི་ན་སྣང་བྱེད་ཇི་སྙེད་པ་སྟེ་ཕུར་བུ་ལ་སོགས་པའི་སྐར་མ་དང་། མེ་ཁྱེར་ལ་སོགས་པའི་སྲོག་ཆགས་གྱུར་པ་ཀུན་གྱི་འགྲོ ་བ་སྣང་བར་བྱ་བའི་ཕྱིར་འོད་རྣམས་ཕྱུང་བ་བས་ཡང་གང་གི་ཚེ་ཉི་མའི་དཀྱིལ་འཁོར་འོད་དང་ལྡན་པར་གྱུར་པ་གཅིག་གི་འོད་ཟེར་ཕྱུང་བ་དེའི་ཚེ་སྔར་བསྟན་པའི་སྐར་མ་ལ་སོགས་པའི་ཚོགས་ཀྱི་འོད་ཀྱིས་ཆ་ཙམ་དུ་ཡང་མི་ཕེཾ་དོ།། དེ་བཞིན་དུ་ཉན་ཐོས་ལ ་སོགས་པ་ཀུན་གྱི་ཆར་མི་ཕོ་།། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་ལ་སོགས་པས་བསྟོད་པ་ལྔ་སོགས་པ་ཞེས་བྱ་བར་གནསོ།། ལྟོན་རིན་པོ་ཆེ་སྡུད་པ་ཚིགསུ་བཅད་པ་ལས་བསོད་ནམས་ཀྱི་རྣམ་གྲངས་ཀྱི་ལྕེའུ་སྟེ་ལྔ་པའི་བཤད ་པའོ།། ། སངས་རྒྱས་ཐམས་ཅད་ཀྱིས་བསྟོད་པ་དང་། བཀུར་བ་དང་། བསྔགས་པའི་མོས་པ་ཡིད་ལ་བྱེད་པ་ལ་རྗེ་སུ་ཡི་རང་བ་འབྱུང་བས། ང་ནི་རྗེ་སུ་ཡི་རང་བ་ཡིད་ལ་བྱེད་པ་བརྗོད་པར་བྱ་སྟེ། དེ་ཡང་ཡོངསུ་བསྔོ་བ་སྔོན་དུ་འགྲོ་བ་དང་མི ་འགྲོ་བའི་དབྱེ་བས་རྣམ་པ་གཉིས་ཏེ། གང་གི་ཚེ་བདག་གི་དགེ་བའི་རྩ་བ་རྗེས་ལ་བྱུང་བའི་སེམས་ཀྱིས་ཡོངསུ་བསྔོས་ནས་རྗེས་ལས་བྱུང་བའི་སེམས་ཀྱིས་ཡོངསུ་བསྔོས་པ་ལ་རྗེ་སུ་ཡི་རང་བར་བྱེད་པ་དེའི་ཚེ་ནི་དང་པོ་ཡི་ནོ།། ཡང་གང་གི་ཚེ་བདག་ཉིད ་ཀྱིསར་སྣ་ལ་སོགས་པའི་སེམས་ཚར་བཅད་ནས་གཞན་གྱིས་སྦྱིན་པ་ལ་སོགས་པ་བྱོས་པ་ལ་ཎྱེ་སུ་ཡི་རང་བར་བྱེད་པ་དེའི་ཚེ་ན་ནི་གཉིས་པར་གྱུར་པ་ཡི་ནོ།། གཙོ་བོ་ཡིན་པས་རྗེ་སུ་ཡི་རང་བ་ཡོད་ལ་བྱེད་པ་བསྟན་པའི་ཕྱིར། ཉན་ཐོས་ཚོགས་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། ཉན་ཐོས་ཚོགས་རྣམས་ཇི་སྙེད་སྦྱིན་དང་ཚུལ་ཁྲིམས་དང་བསྒོམ་པ་དེ་ནི་གང་གི་ཚེ་བྱང་ཆུབ་སེམས་དཔའ་ནི་ཉེ་བར་མཚོན་པ་ཡིན་པའི་ཕྱིར་སངས་རྒྱས་ལ་སོགས་པའི་དགེ་བའི་རྩ་བ་གཞན་ལ་མཆོག་ཏུ་རྗེསུ ་ཡི་རང་བས་ཡི་རང་བར་བྱེད་ཅིང་ཆོས་ཐམས་ཅད་མི་དམིགས་པ་སྔོན་དུ་འགྲོ་བས་སྲེར་སྣ་ཚྭར་གཅོད་པའི་སེམས་ཀྱིས་རབ་ཏུ་དགའ་བས་སེམས་གཅིག་པ་དེའི་ཚེ་རྗེ་སུ་ཡི་རུང་བའི་བསོད་ནམས་ཀྱི་རྒྱུར་ཡང་སྦྱིན་པ་ལྔ་སོགས་པའི ་ཉན་ཐོས་ཀྱི་བསོད་ནམས་ཀྱི་ཕུང་པོ་དེ་དག་ཐམས་ཅད་ཀྱི་མི་ཕོ་དོ།། ཡང་དག་པའི་རྗེ་སུ་ཡི་རང་བ་དེས་ནི་ཡོངསུ་བསྔོ་བར་བྱེད་པ་ཡིན་པས་དེའི་རྗེས་ལ་ཡོངསུ་བསྔོ་བ་ཡིད་ལ་བྱེད་པ་བརྗོད་པར་བྱ་སྟེ། དེ་ཡང་རྗེ་སུ་ཡི་རང་བ་སྔོན་དུ་འགྲོ་བ་དང་མི་འགྲོ་བའི་དབྱེ ་བས་རྣམ་པ་གཉིས།། འདི་ལྟར་གང་གི་ཚེ་རང་གི་དང་གཞན་གྱི་བསོད་ནམས་མཉམ་དུ་ཐོབ་པར་བྱ་བའི་ཕྱིར་གཞན་གྱིས་བྱས་པའི་དགེ་བའི་རྩ་བ་ལ་རྗེ་སུ་ཡི་རང་བར་བྱས་ནས་ཡོངསུ་བསྔོ་བ་དེའི་ཚེ་དེ་ནི་དང་པོ་ཡི་ནོ།། གང་གི་ཚེ་ཡང་བདག་ཉིད་ཀྱི་སྦྱིན་པ་ལ ་སོགས་པ་མི་ཟད་པར་བྱ་བའི་ཕྱིར་ཡོངསུ་བསྔོ་བར་བྱེད་པ་དེའི་ཚེ་ནི་གཉིས་པ་ཡིན་ནོ།། གཙོ་བོ་ཡིན་པོའི་ཕྱིར་ཡོངསུ་བསྔོ་བ་ཡིད་ལ་བྱེད་པ་དང་པོར་བསྟན་པའི་ཕྱིར་འདས་དུས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་བྱེ་བ་ཁྲག་ཁྲིག ་གང་ནི་འདས་དུས་སྔོན་གྱིའོ།། བཅོམ་ལྡན་འདས་མཐའ་ཡས་གང་ཞིང་མང་བྱེ་སྟོང་དག་ན་གང་བཞུགས་པར་གྱུར་པ་སྟེ། ཕུང་པོ་ལྐོག་མ་དང་བཅས་པའི་མྱ་ངན་ལས་འདས་པ་བརྙེས་ནས་ཆོས་བསྟན་པས་འགྲོ་བའི་སྡུག་བསྔལ་སེལ་བྱར ་མཛད་པ་ནི་འཇིག་རྟེན་མགོན་པོ་རྣམ་ས།། དེ་དག་གི་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནས་རྣམ་པར་འདྲེན་པ་རྣམ་པ་དམ་ཆོས་ཟད་པའི་དུས་ཀྱི་བར་དེ། དེ་དག་གི་དབུས་ཀྱིས་རྒྱལ་བ་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་དང་། མོས ་པས་སྤྱོད་པའི་ས་གཉིས་ནས་གཟུང་སྟེ་ཕན་ཚུན་ལྷན་ཅིག་བྱེད་པ་ནི་བཅས་པའོ།། མི་དམིགས་པར་ཞུགས་པ་དང་ལྡན་པས་སྤྱོད་ཅིང་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པས་རབ་ཏུ་དགུའ་བ་ལ་སོགས་པས་བཅུ་ལ་གནས་ཏེ། མ་འདྲེས་པ་བཅོ་བརྒྱད་ལ ་སོགས་པ་སངས་རྒྱས་ཀྱི་ཆོས་གང་དག་ནི་ཀུན་ཏུ་འོད་སངས་རྒྱས་ཀྱི་སའོ།། གང་ཡང་སངས་རྒྱས་སྲས་རྣམས་དང་ནི་ཉན་ཐོས་རྣམས་ཏེ། སློབ་དང་མི་སློབ་དགེ་བླ་ཟག་བཅས་ཟག་མེདྲ་བའོ།། ངང་གི་སྒྲས་ནི་གཞན་སོའི་སྐྱེ་བོ་རྣམས་ཀྱི་བསོད་ནམས་ཀྱང་།། ཚད་མེད་པ་ལ ་སོགས་པ་རྣམས་ཀྱི་རང་བཞིན་ཡོངསུ་བསྡུས་ནས་དེ་དག་ཐམས་ཅད་སེམས་ལ་བཞགས་བྱང་ཆུབ་སེམས་དཔའ་རྗེ་སུ་ཡི་རང་བའི་བྱེད་པ་ནི་ཤིན་ཏུ་དད་པ་དང་། ཤིན་ཏུ་དགའ་བར་བྱེད་ཅིང་རང་གིས་དེ་དག་ཐམས་ཅད་སྒྲུབ་པའི་ཆེད་དུ་དག་པ་བྱེད་པའོ།། རྗེ་སུ་ཡི་རང་བའི ་བསྐྱོད་ནམས་དང་། ཆོས་ཐམས་ཅད་མི་དམིགས་པའི་ཚུལ་གྱིས་བསྔོ་བས་འགྲོ་བའི་དོན་མངོན་པར་མཐོ་བ་དང་། ངེས་པར་ལེགས་པའི་བཞིའི་མཚན་ཉིད་བྱང་ཆུབ་ཀྱི་རྒྱུར་གྱུར་པ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་ན་དེ་ལྟར་ཡོངསུ་བསྔོ་བ་ནི་ཡང་དག་པར་ཡོངསུ ་བསྔོ་བ་ཡིནོ།། དེས་ཕྱིར་བསྟན་པ་མ། ཡིན་ནམ་ཇི་ལྟར་མི་དམིགས་པས་ཡོངསུ་བསྔོ་བ་ཁྱད་པར་དུ་བྱས་ཞེ་ན། ཡོངསུ་བསྔོ་གལ་ཏ་ཞེས་བྱ་བ་ལྔ་སོགས་པ་གསུངས་ཏེ། ཡོང་སུ་བསྔོ་ན་བྱང་ཆུབ་སེམས་དཔའ་གལ་ཏེ་འདི་ནི་ཡོངསུ་བསྔོ་བའི་སེམསོ་ཞེས་སེམ ་པར་གྱུར་ན་མངོན་པར་ཞེན་པས་སེམསུ་འདུ་ཤེས་པ་ཡིནོ།། དེ་བཞིན་དུ་བྱང་ཆུབ་གང་དུ་ཡོངསསུ་བསྔོ་བ་དེར་དམིགས་པ་ནི་བྱང་ཆུབ་ཏུ་དམིགས་པ་ཡིན་ནོ།། ཡོང་སུ་བསྔོ་བའི་ཡིད་ཀྱིས་བསོད་ནམས་ཡོད་པར་རྟོག་པ་ནི་སེམས་ཅན་དུ་འདུ་ཤེས་པ ་ཡིན་ནོ།། དེ་བས་འདུ་ཤེས་ནི་མཚན་མར་འཛིན་པའི་བདག་ཉིད་ཡིན་པས་དམིགས་པའི་རྒྱུ་ལྟ་གནས་ཏེ། མངོན་པར་ཞེན་ནས་བདག་གི་འདི་དེར་ཡོངསུ་བསྔོ་བར་བྱསོ་ཞེས་སེམས་པར་བྱེའོ།། ལུས་དང་། བྱེད་པ་དང་། བྱ་བར་དམིགས ་པ་ཐམས་ཅད་ལ་མངོན་པར་ཞེན་པ་དང་ལྡན་པའི་ཕྱིར་འབྲེལ་པ་ནི་ཆགས་པའོ།། དེ་བས་ན་ཆུང་མས་གནོད་པའི་ཕྱིར་དམིགས་པ་ནི་ཕྱིན་ཅི་ལོག་གི་རང་བཞིན་ཡིན་པའི་ཕྱིར་ཡོངསུ་བསྔོ་བ་མ་ཡི་ནོ།། དེ་ལྷ་ཡིན་ན་ཇི་ལྟར་ཡོངསུ་བསྔོ་ཞེ་ན། གལ་ཏེ་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་འདི་ལྟར་བྱང་ཆུབ་སེམས་དཔའ་ཞེས་ཡོངསུ་བསྔོ་བའི་ཆོས་ཉིད་རང་བཞིན་གྱིས་འགགས་པར་ཤེས་ཤིང་ཉམས་པ་ནི་ཟད་པ་སྟེ་བསགས་པ་ཉམས་པ་དེ་ལྟ་བུར་ཆོས་རྣམས་ཤེས་པས་གང་དུ་སངས ་རྒྱསུ་ཡོངསུ་བསྔོ་བར་བྱེད་ན་ཡོངསུ་བསྔོ་བའི་ཡིད་ལ་བྱེད་པའི་ཆོས་ཀྱི་བསོད་ནམས་བྱ་བའི་དངོས་པོ་རང་བཞིན་གྱི་དངོས་པོའི་ཆོས་བྱ་བའི་རང་བཞིན་ཡོངསུ་བསྔོ་བ་བསྒྲུབ་པར་མི་ནུས་ཏེ། སྒྱུ་མའི་སྐྱེས་བུ་ལྟར་ཡོངསུ་བསྔོ་བར་བྱེད་ན་དེའི་ཚེ་ཡོངསུ་བསྔོ། ་བར་གྱུར་པ་ཡིན་ཏེ། དེ་ལྟར་ཆོས་ཐམས་ཅད་མི་དམིགས་པའི་ཕྱིརརོ།། ལས་དང་བྱ་བ་ལ་སོགས་ཕྲ་ཤས་རབ་ཀྱིས་ཡིད་ལ་བྱེད་པ་དེ་ལྔ་ཡིན་ན། ཁ་ཅིག་ཏུ་ཇི་ལྟར་དམིགས་པ་གཙོར་གསུངས་ཞེ་ན། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། གལ་ཏེ་བྱང་ཆུབ་སེམས་དཔའ་སྒྱུ་མ་ལྟ་བུར་རྟོགས་པ་ཉིད་བདེན་གྱི་གཞན་ནི་མ་ཡིནོ།། ཞེས་འཛིན་པར་བྱེད་ན། དེའི་ཚེ་ཕྱིན་ཅི་ལོག་གི་རང་བཞིན་དུ་ཡོངསུ་བསྔོས་པའི་ཕྱིར་དེ་བས་ན་གཅིག་ཏུ་མཚན་མར་མངོན་པར་ཞེན་པ་མི་དམིགས ་པ་དེ་ལྟ་བུ་བྱུང་ཆུབ་ཏུ་ཡོང་སུ་བསྔོ་བ་ཡིན་ཏེ། ཡང་དག་པར་ཞུགས་པའི་ཕྱིརོ།། ཇི་ལྟར་དས་དང་དྲེས་པའི་ཁ་ཟས་ཟོས་ན་མཐར་རྣམ་པར་སྦྱིན་པ་སྡུག་བསྔལ་མྱངས་ན་བདེ་བ་ཙམ་བྱེད་པས་བཟང་ཞེས་པ་།། དེ་བཞིན་དུ་ད། དབ་ཀྱི་ཆོས་རྣམས་ལ་དམིག་ས ་བསྡུ་ཡོང་སུ་བསྔོ་བོ་ནི་བྱང་ཆུབ་ཉམས་པའི་རྒྱུ་ཡིན་མོད་ཀྱི་འོན་ཀྱང་ལས་དང་པོ་པ་རྣམས་སེམས་དང་འདྲ་བར་བྱེད་པ་ཙམ་ལ་བལྟོས་ནས་བཅོམ་ལྡན་འདས་ཀྱིས་མཆོག་ཏུ་གསུངས་པ་དེ་བས་ན་འདིར་མངོན་པར་ཞེན་པར་མི་བྱ་སྟེ། ཡོང་སུ་བསྔོ་བའི་ཡིད ་ལ་བྱེད་པར་བསྟན་པ་དང་། རྗེསུ་ཡི་རང་བའི་ཡིད་ལ་བྱེད་པར་བསྟན་པའི་རིགས་པ་ཐམས་ཅད་ཀྱང་གཟུང་བར་བྱའོ།། དེ་ལྟར་ཡིད་ལ་བྱེད་པ་གཉིས་རྒྱ་ཆེར་བསྟན་ནས་ཉེ་བར་བསྡུ་བའི་ཕྱིར། དེ་ལྟས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟས་འདི་ལྟར་ནི ་བ་གོང་དང་གང་གིས་ཀྱང་རུང་སྟེ། དམིགས་པ་ངེས་པ་ཡིན་པས་སྒྱུ་མ་ལྟ་བུར་རྟོགས་པ་མེད་ཀྱང་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་མཁྱེན་ཅིང་བསྔགས་པའི་དབང་དུ་མཛད་ནས་རིགས་པ་གང་ཡིན་པ་རྣམ་པར་དཔྱད་མི་བཟོད་པའི ་འབྲས་བུ་བསྐྱེད་ནུས་པ་གང་ཡིན་པ་དང་། གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་མཚན་ཉིད་གང་ཡིན་པ་རབ་ཏུ་མཁྱེན་པ་དེ་ལྟར་བདག་གིསདྡྷེ་སུ་ཡི་རང་བར་བྱ། དེ་ལྟར་བྱེདག་གིས་ཡོངསུ་བསྔོ་བར་བྱའོ་ཞེས་དེ་བཞིན་དུ་རྗེ་སུ་ཡི་རང་བ་དང་། ཡོངསུ་བསྔོ་བ་ལ ་བསླབ་པར་བྱའོ།། དེ་ལྟ་བུ་ནི་ཕྱིན་ཅི་མ་ལོག་པར་ཕྱིན་པོའི་ཕྱིར་ཡང་དག་པར་ཞུགས་པ་ཡིན་པར་དགོད་སོ།། དེ་ལས་ཡོན་ཏན་ཅི་ཞིག་ཏུ་འགྱུར་ཞེ་ན། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་དེ་བཞིན་དུ་བསྔོ་བ་ལ་མངོན་པར་ཞེན་པ་མེད་པའི ་སྦྱོར་བས་བསོད་ནམས་བྱང་ཆུབ་ཏུ་ཡོངསུ་བསྔོ་བར་བྱེད་པ་ནི་ཉེ་བར་མཆེན་པ་ཉིད་རྗེ་སུ་ཡི་རང་བ་ལ་ཡང་།། དེ་ཉིད་ཀྱི་ཕྱིར་ཕྱིན་ཅི་མ་ལོག་པ་ལ་ཞུགས་པ་ཉིད་ཀྱི་འབྲས་བུ་མཐོང་བས་སངས་རྒྱས་མི་སྤོང་སྟེ། དེ་བས་ན་དེ་ཉིད་ཀྱི་ཕྱིར་དེས ་གསུངས་པའི་རིམ་པ་བཞིན་སྤྲོ་ཞིང་རྗེ་སུ་ཡི་རང་བར་བྱེད་པ་ནི་རྒྱལ་བ་རྣམས་ཀྱི་གསུངས་པ་སྨྲ་བ་ཡིན་ཏེ། འགྲོ་བ་ཇི་སྙེད་པ་ལ་དམིགས་པ་ཅན་གྱི་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཟིལ་གྱིས་གནོན་པ་ཡིན་ཏེ། བསོད་ནམས་མང་པོ་ཡོངསུ་འཛིན་པའི་ཕྱིརརོ། ་ཇི་སྐད་བསྟན་པའི་རིགས་པས་ཡོངསུ་བསྔོ་བ་དང་། རྗེ་སུ་ཡི་རང་བ་ནི་དམིགས་པ་ཐམས་ཅད་ཀྱིས་བསྙེངས་པ་མེད་པ་ནི་དཔའ་བོ་སྟེ་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་བར་དུའོ།། ཡིད་ལ་བྱེད་པ་འདི་ཡང་སྔ་ཕྱི་ངེས་པ་ནི་མ་ཡིན་ཏེ། སྟོང་ཕྲག་བརྒྱ་པ་ལས་དང་པོ་བསྔོ་བ ་ཡིད་ལ་བྱེད་པ་བསྟན་ནས། ཕྱིས་རྗེ་སུ་ཡི་རང་བ་ཡིད་ལ་བྱེད་པ་བསྟན་ཏོ།། འདིར་བཟློག་པར་ཤེས་པར་བྱེད་པར་རྟོགས་པར་བྱའོ།། ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགསུ་བཅད་པ་ལས་ཡོངསུ་བསྔོ་བའི་ལེའུ་དྲུག་པའི་བཤད་པའོ།། །། སྒོམ ་པའི་ལམ་ཟག་པ་དང་བཅས་པ་ནི་རྣམ་པ་གསུམོ།། དེའི་རྗེས་ལ་སྒོམ་པའི་ལམ་ཟག་བྱ་མེད་པ་བསྒོམ་པར་བྱ་བ་ཡིན་ཏེ། དེ་ཡང་རྒྱུ་དང་འབྲས་བུའི་དབྱེ་བས་རྣམ་པ་གཉིས་ཡོད་པས་དང་པོ་སྒྲུབ་པའི་མཚན་ཉིད་སྒོམ་པའི་ལམ་བསྟན་པར་བཞེད་ནས། དམུས་ལོང ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་དམུས་ལོང་བྱ་བ་ཁྲག་ཁྲིག་རྣམས་ལོང་ཁྲིད་དང་བྲལ་བའི་ཕྱིར་ཁྲིད་པ་མེད་པ་རྣམས་ཀྱིས་ཡང་ལམ་གྱི་རང་བཞིན་ཡོངསུ་མི་ཤེས་པས་ནི་མི་མཁས་པས་གྲོང་ཁྱེར་ཏུ་འཇུག་པ་ལ་མཁས་པར་ག་ལ་འགྱུར་ཏེ། ་སྨོས་ཀྱང་ཅི་དགོ་སོ།། དེ་བཞིན་དུ་བསྒྲུབ་པའི་མཚན་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དམིགསུ་མེད་པས་དམུས་ལོང་ལྟ་བུར་གྱུར་པ་ཡིན་པའི་ཕྱིར་མིག་དང་བྲལ་བས་སངས་རྒྱས་ཉིད་ཐོབ་པར་བྱེད་པ ་ཏུ་དགའ་བ་ལ་སོགས་པའི་སར་འཇུག་པ་ལ་ཁྲིད་པར་བྱེད་པའི་དམིགས་བུ་མེད་པས་ཐོབ་པར་མི་ནུས་པས་བྱང་ཆུབ་རག་པར་ནུས་པོ་མ་ཡིན་ཏེ། རྣམ་པ་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་དུ་འཇུག་པར་མི་ནུས་ཞེས་བྱ་བའི་བར་དུའོ།། དེ་ལྟ་ན་གང་དུ་ཡང་དག ་བའི་མིག་འཐོབ་ཅེ་ན། གང་ཆེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་མཐོང་བ་དང་ཤིན་ཏུ་རྣམ་པར་དག་པའི་ལམ་གཉིས་ཀྱི་དབུས་མཚམས་ཟག་པ་མེད་པའི་རྒྱུའི་གནས་བསྒོམ་པའི་སྟོབསུ་གང་གྱུར་པའི་ཤེས་རབ་ཀྱིས་སྦྱིན་པ་ལ་སོགས་པ་གཟུང་བ་དེའི ་ཚེ་དེར་ཐམས་ཅད་ཕུན་སུམ་ཚོགས་པའི་རྒྱུ་ཤེས་རབ་ཀྱི་མིག་རྙེད་པ་སྟེ། མིག་འཐོབ་པར་འགྱུརརོ།། དེ་ཉིད་ཀྱི་ཕྱིར་སངས་རྒྱསུ་འགྲོ་བས་སྦྱིན་པ་ལ་སོགས་པས་ཀྱང་ཕ་རོལ་ཏུ་ཕྱིན་པའི་མིང་འཐོབ་བོ།། གཞན་དུ་ན་མིག་མེད་པར་དཔེར་ན་རི་མོའི་ལས་ནི་ཡོངས ་ཟིན་ཏེ། ཐམས་ཅད་རྫོགས་ཀྱང་རི་མོ་མཁན་གྱིས་དེའི་མིག་མ་བྲིས་པ་དྲི་སྲིད་གླ་རྔན་མི་འཐོབ་པ་བཞིན་ཏེ། མགོ་མ་བྱས་པ་དེ་བཞིན་དུ་ཐམས་ཅད་ཕུན་སུམ་ཚོགས་པར་མི་འགྱུ་རོ་ཞེས་དགོངསོ།། གལ་ཏེ་སྒྲུབ་པའི་ཤེས་རབ་ཀྱི་སྟོབས་ཀྱི་སྦྱིན་པ་ལ་སོགས ་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཡིན་ན་ཡང་དེའི་གང་ལས་འགྱུར་ཞེ་ན། གང་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་འདོད་པའི་ཁམས་ལ་སོགས་པ་འདུས་བྱས་དང་། སྟོང་པ་ཉིད་ལ་སོགས་པའི་འདུས་མ་བྱས་ནག་པོའི་ཆོས་ཏེ། ་ཉན་ཐོས་ལ་སོགས་པ་དང་འབྲེལ་པ་དོར་བར་བྱ་བ་ཡི་ནོ།། དཀར་པོ་ནི་རྡུལ་ཕྲ་རབ་ཙམ་ཡང་མི་དམིགས་པའི་ཤེས་རབ་བསྒྲུབ་པའི་བདག་ཉིད་ཀྱི་བྱང་ཆུབ་སེམས་དཔའ་སྒྱུ་མ་ལྟ་བུར་བསྒོམ་པ་དེའི་ཚེ་ཤེས་རབ་རང་ཉིད་ཁོ་ན ་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་གྲངསུ་འགྲོ་བར་བརྗོད་དོ།། འཇིག་རྟེན་ཇི་ལྟར་གྱུར་ཞིག་ཅེ་ན། ན་མཁའ་གང་ལའང་ཅུང་ཟད་མི་གནས་ཏེ། ཅུང་ཟད་ཅིག་གིས་རང་བཞིན་དེ་དང་འདྲ་བས་ཡོང་སུ་དག་པོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སྐྱེ་བོ ་ཞེས་བྱ་བའི་བར་དུའོ།། དེ་ལྟ་བུར་གྱུར་པའི་ཆོས་ཀྱི་དབྱིངས་ལ་མངོན་པར་ཞེན་པ་ཕྱིན་ཅི་ལོག་ཡིནོ་ཞེས་པའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་སྙམ་དུ་རྒྱལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པའི་རང་བཞིན་ལ ་གང་གི་ཕྱིར་སྤྱད་པར་བྱའོ་སྙམ་ནས་སེམས་ཅན་སྐྱེ་བའི་སྡུག་བསྔལ་ལ་སོགས་པས་རེག་པ་ཁྲག་ཁྲིག་མང་པོ་ནི་ཉེ་བར་མཚོན་པའོ།། དགྲོལ་སྙམ་སེམས་དཔའ་དེའི་ཚེ་ཕྱིན་ཅི་ལོག་ཏུ་ཞུགས་པའི་ཕྱིར་སེམས་ཅན་ཡོངསུ་རྟོགས་བྱང་ཆུབ ་སེམས་དཔའ་གྱུར་པ་མ་ཡིན་ཞེས་བྱ་བར་འོག་ཏུ་སྦྱར་ཏེ། དེ་ནི་ཤེས་རབ་ཇི་སྐད་བསྟན་པའི་རང་བཞིན་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན་ཞེས་བྱ་བ་ནས་སྒྲུབ་པ་མ་ཡིན་ཞེས་བྱ་བའི་བར་དུའོ།། དེའི་རྗེས་ལོ་གཉིས་པ་ཤིན་ཏུ་རྣམ་པར་དག་པའི་མཚན ་ཉིད་ཀྱི་བསྒོམ་པོའི་ལམ་བསྒོམ་པར་བྱ་བ་ཡིན་པས་དེ་སྐྱེ་བའི་རྒྱུ་དང་མི་སྐྱེ་བའི་རྒྱུ་ཉིད་གོ་རིམ་ཇི་ལྟ་བ་བཞིན་དུ་བླང་བ་དང་དོར་བའི་ཕྱིར་ཞིག་བསྐྱེད་པའི་རྒྱུ་རྟོགས་པར་བྱ་བའི་ཆེད་དུ་བྱང་ཆུབ་སེམས་དཔའ་གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུང་། ་ཧཱུཾ། བྱང་ཆུབ་སེམས་དཔའ་གང་ཞིག་གིས་དེ་བཞིན་གཤེགས་པ་མཉེས་པ་སྔོན་དུ་བསྔོ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་དུ་ཕྱོགས་པས་ཡུན་རིང་པོར་སྤྱད་པ་ནི་སྔོན་སྤྱོད་དེ། ཐབས་ལ་མཁས་པའི་སྟོབས་ཀྱིས་མཁས་པ་ཡང་ཡིན་ཏེ། ཐོས་མ་ཐཱག་ཏུ་དེ་ནི་སྟོན ་པའི་འདུ་ཤེས་བསྐྱེད་པར་འགྱུར་རོ།། སྐྱེ་བའི་རྒྱུ་དེ་ཉིད་དང་ལྡན་པས་ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད་བསྒོམ་པའི་ལམ་མྱུར་དུ་རྟོགས་པར་འགྱུར་རོ།། ཆོས་མ་ལུས་པའི་ཆོས་ཉིད་རྟོགས་པ་ནི་བྱང་ཆུབ་པོ།། གནོད་པ་ཐམས་ཅད་ཞི་བས་ན་ཞི་བའོ།། བསྐྱེད་པའི་རྒྱུའི་རྗེས་ལ ་མི་བསྐྱེད་པའི་རྒྱུ་བསྣུན་པའི་ཕྱིར་སྔོན་སྤྱོད་ཅེས་བྱ་བ་ལཱ་སོགས་པ་གསུངས་ཏེ། སྔོན་སྤྱད་པ་སྤྱོད་པའི་ཚེ་ནི་སངས་རྒྱས་ཁྲག་ཁྲིག་ལ་ཡང་དག་པར་མཆོད་ཅིང་འཁོར་ལ་སོགས་པ་ཕུལ་ཡང་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་སྟེ། ཕུང་པོར་མངོན་པར་ཞེན་པ ་དང་། མི་དགེ་བའི་གྲོགས་པ་བསྟེན་པོ་དང་། བདོད་ཀྱི་བྱིན་གྱིས་བརླབས་པའི་རྒྱུས་རྒྱལ་བའི་ཡུམ་ལ་མ་དད་པ་ནི་དེ་མི་སྐྱེ་བའི་རྒྱུའི་སྟོབས་ཀྱིས་མངོན་པར་འདོད་པའི་ལམ་སྤངས་ནས་སྐྱབས་མེད་པར་འགྱུར་རོ་ཞེས་བྱ་བར་འབྲལ་ཏོ།། གང་གིས་དེ་བཞིན་དུ་ཡུམ་ཐོས་ནས་ཀྱང ་ཆོས་ཟབ་མོ་མི་རྟོགས་པས་བློ་རྐང་པ་དེ་ཡིས་འདི་སྤོང་བར་བྱེད། དེ་སྤངས་ནས་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་འགྲོ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤངས་པ་ཉིད་ཀྱི་སངས་རྒྱས་དཀོན་མོ་ཆོ་ག་ལ་སོགས་པས་འཛིན་པའི་སྐྱབས་མེད་པར་འགྱུར ་བ་ཞེས་བྱའོ།། ཉེ་བར་བསྡུ་བའི་ཕྱིར། དེ་ལྟ་བས་ན་ཞེས་བྱ་བོ་ལ་སོགས་པ་གསུངས་ཏེ། གང་ལ་མ་དད་པ་ཉིད་ཉེས་པ་ཡིན་པས་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ཁྱོད་ཀྱི་གལ་ཏེ་སངས་རྒྱས་ཡེ་ཤེས་མཆོག་རེག་པ་སྟེ་མངོན་སུམ་དུ་ཐོབ་པར་འདོད་ན་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱལ་བའི་ཡུམ་འདི་ལ་དད་པར་གྱིས་ཤིག། དཔེར་ན་ཚོང་པ་རིན་ཆེན་གླིང་དུ་སོང་ནས་ནི། ཟོང་ཟད་སླར་ལོག་ལྟ་བུར་གྱུར་ན་མི་རུ་།། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེའི་གླིང་དུ་ཕྱིན་ན་སྔོན་ཉེ་བར ་བསགས་པའི་དགེ་པའི་རྩ་བ་མི་ཟད་པ་ཁྱོད་པར་དུ་འགྲོ་བར་འགྱུ་རོ།། ལྟོན་རིན་པོ་ཆེ་སྡུད་པ་ཚིགསུ་བཅད་པ་ལས་དམྱལ་བའི་ལེའུ་སྟེ་བདུན་པའི་བཤད་པའོ།། །། སྐྱེ་བ་དང་ནི་སྐྱེ་བའི་རྒྱུ་ཐོབ་པ་དང་སྤང་བའི་ཡུལ་བསྟན་ནས་དེ་བཞིན ་དུ་སྐབས་ལ་བབ་པ་ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད་བསྒོམ་པའི་ལམ་གྱི་རྣམ་པར་དག་པ་སྤྱིར་བསྟན་པའི་ཕྱིར། གཟུགས་ཀྱི་དག་པ་འབྲས་བུ་དག་པར་རིག་པར་བྱ་ཞེས་བྱ་བ་གསུངས་ཏེ། གཟུགས་ནི་རང་བཞིན་ཏེ་ཕུང་པོ་ལྔ་ལ་སོགས་པའོ།། ། ་བདག་དང་གཞན་ལ་སོགས་པའི་རྒྱུས་མངོན་པར་ཞེན་པ་དང་བྲལ་ཏེ་སྒྱུ་མ་ལྟ་བུ་ཉིད་ནི་དག་པའོ།། དང་པོའི་འབྲས་བུ་ཞེས་བྱ་བ་ནི་ཚིག་ལྷག་མའོ།། དེ་ལ་སོགས་པ་དག་པར་རིགས་པར་བྱའོ།། གཞན་དུ་ན་འབྲས་བུ་དག་པ་སྐྱེ་མི་སྲིད་པ་དེ་བཞིན་དུ་འབྲས་བུ ་རྣམ་པར་དག་པས་ཀྱང་གཟུགས་རྣམ་པར་དག་པར་རིག་པར་བྱ་སྟེ། ལྷ་གོ་མ་ཡང་།། རྒྱུ་ནི་འབྲས་བུའི་རྗེ་སུ་འབྲབ་བའི་ཕྱིརརོ།། རྣམ་པར་དག་པ་སྤྱིར་བསྟན་ནས་ཁྱད་པར་དུ་བསྟན་པ་ནི་འབྲས་བུ་གཟུགས་དག་ཐམས་ཅད་མཁྱེན་ཉིད་དག་པར་གསུངས་ཞེས་བྱ ་ལ་སོགས་པ་གསུངས་ཏེ། མི་ལྕོགས་མེད་པ་ནས་བརྩམས་ཏེ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་གྱི་ནི་བསྒོམ་པའི་ལམ་སྟེ། ཆོས་ཐམས་ཅད་བདག་མེད་དོ་ཞེས་དེ་ལྟར་སྤྱི་ལ་ཡང་དང་ཡང་དུ་དམིགས་པས་ས་རེ་རེའི་ཉོན་མོངས་པ་ཆེན་པོ་ལ་སོགས་པས ་དབྱེ་བ་རྣམ་པ་དགུ་སྤོང་ཞིང་ཆུང་ངུའི་ཆུང་ངུ་ལ་སོགས་པ་རིམ་གྱི་སྐྱེས་ནས་རྣམ་པ་ཐམས་ཅད་དུ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་དབང་དུ་བྱེད།། དེའི་ཚེ་རྩེ་མོའི་གནས་སྐབསུ་འབྲས་བུ་གཟུགས་དག་སྟེ། ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད་བསྒོམ་པའི་ལམ ་ཐོབ་པས་ཐམས་ཅད་མཁྱེན་པ་ཉིད་གསུམ་སྤྱིར་ཡིན་ཡང་ལམ་ཤེས་པ་ཉིད་ཐམས་ཅད་མཁྱེན་པ་ཡིན་ནོ་ཞེས་སངས་རྒྱས་བཅོམ་ལྡན་འདས་དེ་ཡིས་དག་པར་གསུངསོ།། དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དག་པས་འབྲས་བུ་གཟུགས་དག་པར་ཡང་གཟུང་སྟེ།། ། ་སྟོང་ཕྲག་བརྒྱ་པ་ལས་དེ་བཞིན་དུ་བསྟན་པའི་ཕྱིརརོ།། དེ་ལྟ་ཡིན་ན་དག་པ་ཐ་དད་པས་ཕྱིན་ཅི་ལོག་ཏུ་འགྱུར་ཞེ་ན། ཐམས་ཅད་མཁྱེན་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་རྫོབ་ཏུ་རྣལ་འབྱོར་པའི་དགུ་པའི་བྱེ་བྲག་ཏུ་ཐ་དད་དུ་འདི་དུ་བསྟན་གྱི། གཞན་དུ ་ན་ཀུན་རྩུབ་ཀྱི་ལམ་རྟོགས་པར་མི་ནུསོ།། རིགས་པ་ཐམས་ཅད་མཁྱེན་པ་ཉིད་འབྲས་བུ་དག་དང་གཟུགས་དག་པ། ན་མཁའི་ཁམས་དང་མཚུངས་ཏེ། སྟོང་པ་ཉིད་ཀྱི་རང་གི་མཚན་ཉིད་ལ་དབྱེར་མེད་དེ་ཐ་དད་པ་མེད་དོ།། འདིས་ནི་ལམ་ཤེས་པ་བསྟན ་པ་ཡིན།། དེ་སྐད་དུ་ཡང་མོག་མོག་བློར་བྱེད་པ་ལ་སོགས་པ་དང་། སློབ་མ་བསེ་རུའི་ལམ་གང་དང་། འདི་དང་གཞན་པའི་ཡོན་ཏན་གྱིས།། ཕན་ཡོན་ཚ་བ་མཐོང་བའི་ལམ།། བྱེད་པ་དང་ནི་མོས་པ་དང་།། བསྟོད་དང་བཀུར་དང་བསྔགས་པ་དང་། ་བསྔོ་བ་རྗེསུ་ཡི་རང་དང་།། ཡིད་ལ་བྱེད་པ་བླ་མེད་དག། སྒྲུབ་དང་ཤིན་ཏུ་དག་པ་ཞེས།། བྱ་བ་འདི་ནི་བསྒོམ་པའི་ལམ།། བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱི།། ལམ་ཤེས་ཉིད་ནི་དེ་འདྲར་བཤད་ཅེས་གསུངས་པ་ཡི་ནོ།། དངོས་པོ་ཐམས་ཅད ་ཡོངསུ་ཤེས་པ་མེད་པར་ལམ་ཡང་དག་པར་ཡོངསུ་ཤེས་པ་མེད་པས་ཐམས་ཅད་ཤེས་པ་ཉིད་བསྟན་པའི་ཕྱིར། དཔའ་བོ་གར་སྤྱོད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟ་བ་བཞིན་དུ་གྱུར་པའི་ཤེས་རབ་ཀྱི་འཁོར ་བའི་ཉེས་པ་མཐོང་ནས་ཁམས་གསུམ་སྟེ་འདོད་པ་དང་། གཟུགས་དང་། གཟུགས་མེད་པ་ལས་ཡང་དག་པར་འདས་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སྙིང་རྗེས་སེམས་ཅན་གྱི་དོན་བྱེད་པ་གཞན་གྱི་དབང་ལ་དབང་ཐོབ་པ་ན་ཉོན་མོངས་པ ་མེད་པའི་བདག་ཉིད་ཡིན་པའི་ཕྱིར་ཉོན་མོངས་བསལ་བར་གྱུར་ཀྱང་འགྲོ་བ་བདག་ཏུ་འཛིན་པས་འཁོར་བར་སྐྱེ་བ་མཐོང་ནས་མི་རྟག་པོས་འདུལ་བའི་སེམས་ཅན་རྗེསུ་བཟུང་བའི་ཕྱིར་དེ་དག་ཏུ་གནས་པའི་ལས་དང་ཉོན་མོངས་པས་རྒ་དང་ན་དང་འཆི་བ་མེད ་ཀྱང་རྒ་བ་ལ་སོགས་པ་སྔོན་དུ་འགྲོ་བའི་འཆི་འཕོ་སྟེན་པར་བྱེད་དོ།། གང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་མཚན་མའི་རྣམ་པར་ག་ཡང་བཱས་རབ་ཏུ་མི་གཡོ་བའི་ཕྱིར་དེ་ནི་དཔའ་བོའོ།། རྣམ་པ་ཐམས་ཅད་དུ་ཐབས་ལ་མཁས་པའི་སྟོབས་ཀྱིས་ཉེ ་བར་གྱུར་པ་ཐོབ་པ་ཡིནོ་སྙམ་དུ་དགོངས་པ་ཡིནོ།། ད་ལྟར་ཉེ་བར་གྱུར་པའི་རྒྱལ་བའི་སྲས་ཐབས་ལ་མཁས་པ་དང་ཕྱིན་ཅི་མ་ལྡོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པར་བསྒྲུབས་པ་དེ་ལས་བཟློག་ནས ་བསྟན་པ་ནི་ཐམས་ཅད་ཤེས་པ་ལ་དབང་དུ་བྱས་པ་ཡིན་ཏེ། ཐབས་ལ་མི་མཁས་པས་ཡང་དག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རང་བར་གྱུར་སྟེ། ཉན་ཐོས་ལ་སོགས་པ་རྣམས་ནི་རང་གི་རྟོགས་པ་ཙམ་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སྙིང་རྗེ ་དང་ཤེས་རབ་དང་བྲལ་བས་འཁོར་བ་དང་མྱ་ངན་ལས་འདས་པ་ལ་ཇི་ལྟར་འབྲེལ་པ་བཞིན་དུ་གནས་ཏེ། དངོས་པོ་དང་དངོས་པོ་མེད་པ་གཉིས་ལ་དམིགས་པ་ཡིན་པར་ཤེས་པར་བྱའོ།། དེ་བས་ན་ཉན་ཐོས་ལ་སོགས་པའི་གཉེན་པོ་ནི་བྱང་ཆུབ་སེམས་དཔའི ་མི་མཐུན་པའི་ཕྱོགས་ཡིནོ་ཞེས་བསྟན་པའི་ཕྱིར། འགྲོ་བྱ་འདི་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་པ་ནི་འདོད་པ་སྟེ། མི་རྟག་པ་ལ་སོགས་པའི་རྣམ་པ་དང་ལྡན་པར་ཉན་ཐོས་ལ་སོགས་པ་མངོན་པར་ཞེན་པ་ཡིན་པའི་ཕྱིརརོ།། གཟུགས་ནི་འདི། ་སྤྱི་སྟེ་རང་བཞིན་ཡིན་པར་བརྗོད་དོ།། གཟུགས་ཀྱི་རང་བཞི་ནོ།། འགྲོ་བ་འདི་དག་ནི་བརྒྱུད་དང་སྣོད་ཀྱི་འཇིག་རྟེན་གཉིསོ།། འདིར་བྱང་ཆུབ་སེམས་དཔའ་སྐྱེ་བོ་འདས་ལ་བྱིང་བ་ནི་བསྡམས་པའི་གནས་ཏེ། ཆགས་པ་ནི་མངོན་པར་ཞེན་པོའོ།། འགྲོ་བ་དྲུག་པོ ་དེ་དག་འཁོར་བའི་འཁོར་ལོར་ནི་ཕྱིན་ཅི་ལོག་མ་སྤངས་པའི་ཕྱིར་འཁྱམས་ཏེ་མི་བསྟན་པའི་ཕྱིར་རླུང་གི་འཁོར་ལོ་ལྟ་བུའོ།། མི་ཤེས་པའི་ཕྱིར་འཁྲུལ་པས་དེའི་ངོ་བོ་མ་ཡིན་པ་ལས་མ་གྲོལ་བས་ཆོས་དང་ཆོས་ཅན་དུ་འཛིན་པའི་ཕྱིརརོ།། རི་དགས ་རྒྱར་ཆུད་པ་དང་འདྲ་བས་དེའི་མྱི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་འཇུག་པར་མི་བྱ་བར་དགོ་ཨོཾ།། དེ་ལྟ་མོད་ཀྱི་རྒྱལ་བྲིའི་སྲས་རྣམས་ཀྱི་གཉེན་པོ་ཇི་ལྟ་བུ་ཡིན་ཞེ་ན། ཤེས་རབ་ལྡན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ན་མཁའ་ལ་དྲང་པ ་ལ་སོགས་པའི་བྱ་རྣམ་པར་སྤྱོད་པ་ན་དེ་ལ་རྟེན་མེད་དེ། ནམ་མཁའ་ལ་དངོས་པོའི་རང་བཞིན་དུ་གྱུར་པ་མ་ཡིན་པའི་ཕྱི་རོ།། དེ་ན་མཁའི་བྱ་དང་འདྲ་བར་ཤེས་རབ་ལྡན་པའི་བྱང་ཆུབ་སེམས་དཔའ་གཟུགས་ལ་སོགས་པ་ལ་སྤྱོད་དོ།། དེ་ལ་ཆོས་དང་ཆོས་ཅན ་གྱི་དངོས་པོར་མི་བརྟེན་ཏེ། གཟུགས་ལ་སོགས་པ་མེད་པའི་ཕྱིར།། དེ་བས་ན་མི་དམིགས་པར་བསྟན་པ་ཉིད་གཉེན་པོ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། མི་མཐུན་པ་དང་གཉེན་པོ་དེ་གཉིས་དོར་བ་དང་བླང་བར་བྱ་བའི་ཕྱིར་རིམ ་པ་ཇི་ལྟར་བསྒོམ་པར་བྱ་ཞེ་ན། སྦྱོར་བ་དང་མཉམ་པ་ཉིད་བསྟན་པའི་ཕྱིར། སྤྱོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ལ་སོགས་པའི་ཕུང་པོ་ལྔ་པོ་བྱང་ཆུབ་སེམས་དཔའ་གང་ཞིག་གིས་མཉམ་པར་རྟོགས་པའི་སྟོབས་ཀྱི་ཡོངསུ་དག ་པར་སྤྱོད་པས་བསྒོམ་པོ་ལ་བརྩོན་པ་ན་གང་ལ་ཡང་མི་སྤྱོད་དེ། མངོན་པར་ཞེན་པ་མེད་པས་སྦྱོར་བའི་ཕྱིརརོ།། དེ་ལྟར་དེ་རིམ་པ་བཞིན་དུ་སྟོང་པ་ཉིད་ལ་གོམས་པར་བྱས་པས་མྱི་མཐུན་པའི་ཕྱོགས་སྤངས་ནས་གཉེན་པོ་ཐོབ་པསྔ་མི་མཐུན་པའི་ཕྱོགས ་ཀྱིའཇོམ་རྣམས་ཀྱི་ཆགས་པ་ཐམས་ཅད་ཡོངསུ་སྤོང་ཞིང་རྣམ་པར་གྲོལ་ཏེ། བདེ་གཤེགས་རྣམས་ཀྱི་ཤེས་རབ་སྤྱོད་དོ།། ཉན་ཐོས་ལ་སོགས་པ་ཡང་གཟུགས་ལ་སོགས་པ་ལ་མི་རྟག་པ་ལ་སོགས་པར་འཛིན་པའི་སྤྱོད་པ་ཡིན་ཏོ། ་ལྡོག་པའི་སྒོ་ནས་བསྟན་པར་གྱུར་པ་ཡིན་ནོ།། ལྟོན་རིན་པོ་ཆེ་སྡུད་པ་ཚིགསུ་བཅད་པ་ལས་རྣམ་པར་དག་པའི་ལེའུ་སྟེ་བརྒྱད་པའི་བཤད་པའོ།། །། མཉམ་པ་ཉིད་དུ་བསྒོམ་པའི་སྦྱོར་བས་མཐོང་བའི་ལམ་བསྒོམ ་པར་བྱ་བ་ཡིན་པས་དེ་བསྟན་པའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་སྦྱོར་བའི་རིམ་གྱིས་སྤྱོད་པའི་བྱང་ཆུབ་སེམས་དཔའ་མཁས་བསལ་བ་གཟུགས་ལ་སོགས་པ་རྣམས་ལ་རྟག་པ་དང་མི་རྟག་པ་ལ་སོ།། ་པའི་མི་མཐུན་པའི་ཕྱོགས་དང་གཉེན་པོ་བཀག་ནས་བདག་མེད་པའི་རྣམ་པར་བསྒོམས་ནས་མཐོང་བའི་ལམ་ཐོབ་པར་གྱུར་ནས་དེས་སྤང་བར་བྱ་བའི་ཉོན་མོངས་པ་སྤང་སྟེ། ཆགས་པ་བཅད་ནས་གྲོལ་ཏེ། གོང་ནས་གོང་དུ་ཁྱད་པར་དུ་རྣལ་འབྱོར་པ ་འགྲོ་ཞིང་འགྲོ་བ་ལ་ཆགས་པ་མེདོ།། དེ་བས་ན་ཉི་མ་སྒྲ་གཅན་གཟའ་བྲལ་ལྷ་དེར་འདུག་པ་དང་། མེ་བཏང་རྩཝ་དང་ཤིང་དང་ནགས་ཆེ་ལ་བསྲེག་པོ་བཞིན་ནོ།། དེ་བཞིན་དུ་དེས་བསྒོམ་པ་དང་ལྡན་པས་སྤང་བར་བྱ་བའི་ཉོན་མོངས་པའི་ཚོགས་སྲེག ་ཅེས་བྱ་བ་ལྷག་མའོ།། ཉན་ཐོས་ལ་སོགས་པས་ནི་རྟག་པ་ལ་སོགས་པའི་རྣམ་པ་བཀག་ནས་མི་རྟག་པ་ལ་སོགས་པའི་རྣམ་པས་རང་གི་མཐོང་བའི་ལམ་བསྒོམ་པར་བྱེད་དོ་ཞེས་དོན་གྱིས་སྟོན་པར་འགྱུར་རོ།། དེ་དག་གིས་ཐམས་ཅད་ཤེས་པ་ཉིད ་བསྟན་ཏོ།། དེ་སྐད་དུ་ཤེས་པས་སྲིད་ལ་མི་གནས་ཤིང་། སྙིང་རྗེ་ཞི་ལ་མི་གནས་དང་།། ཐབས་མ་ཡིན་པས་རིང་བ་དང་།། ཐབས་ཀྱིས་རིང་བ་མ་ཡིན་ཉིད།། མི་མཐུན་གཉེན་པོའི་ཕྱོགས་དག་དང་།། སྦྱོར་དང་དོ་ཡི་མཉམ་ཉིད་དང་།། ཉན་ཐོས་ལ་སོགས ་མཐོང་བའི་ལམ།། དེ་འདྲ་ཀུན་ཤེས་ཉིད་དུ་འདོད།། ཅེས་གསུངས་པ་ཡིནོ།། ཐམས་ཅད་མཁྱེན་པ་ཉིད་གསུམ་རྟོགས་ནས་དབང་དུ་བྱ་བའི་ཕྱིར་ཁྱད་པར་གྱི་ལམཱ་དཱའི་དེ་བཞིན་ཉིད་དུ་ཡིད་ལ་བྱེད་པ་ནི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོག་སྟེ།། ་པ་སྟེ། དེའི་རྣམ་པ་བསྟན་པའི་ཕྱིར།། ཆོས་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་བཞིན་དེ་རང་གི་ངོ་བོ་བསྒོམས་པས་སྒྱུ་མ་ལྟ་བུར་རྟོགས་པའི་ཕྱིར་ཆོས་རྣམས་འདི་དག་ཐམས་ཅད་དག་ཅིང་ལོངས་དག་པརོ།། ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་རང་བཞིན་གྱི་ལྟ་བ་ནི་ཤིན་ཏུ་ཕ་རོལ་ཏུ་ཕྱིན་པའོ།། བྱང་ཆུབ་སེམས་དཔས་དེ་ལྟར་བྱེད་པ་པོ་ཡང་མི་དམིགས་ཏེ། ཀུན་ཏུ་བརྟགས་པའི་བདག་དང ་གཟུགས་ལ་སོགས་པའི་ཆོས་ཀུན་དང་། རང་གི་སྡེ་པས་བཞུག་པ་དེ་དག་མེད་པའི་ཕྱིར་མི་དམིགས་ཏེ་ཐོབ་པ་མདོ།། དེ་བས་ན་གང་ཟག་དང་ཆོས་བདག་མེད་པ་རྣམ་པ་གཉིས་རྟོགས་པས་རྣམ་པ་ཐམས་ཅད་རྟོགས་པའི་ཕྱིར་འདི་ནི་དེས་ན་ཇི་སྐད ་བསྟན་པའི་ཤེས་རབ་མངོན་པར་རྟོགས་པའི་རང་བཞིན་ཡིན་པའི་ཕྱིར་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན་པར་རྟོགས་པར་བྱའོ།། ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགསུ་བཅད་པ་ལས་བསྟོད་པའི་ལེའུ་སྟེ་དགུ་པའི་བཤད་པའོ།། ། ་ཁྱད་པར་ཅན་གྱི་སྦྱོར་བས་རྣམ་པ་རྣམས་བསྒོམ་པར་བྱ་བ་ཡིན་པས་དེ་ཡང་སྦྱོར་བ་པོ་ཁྱད་པར་ཅན་མང་བར་བསྟན་པར་མི་ནུས་པས་སྦྱོར་བ་པོ་བསྟན་པར་བཞེད་ནས། རྒྱལ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱལ་བ་ལ་ནི་ལྷ་རྒྱལ་བརྒྱ་བྱིན ་གྱིས་ཞུས་པ། ཤོས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པའི་བདག་ཉིད་འདི་ལ་ཇི་ལྟར་བརྩོན་པར་བྱེད་ཅིང་བྱང་ཆུབ་སེམས་དཔའ་སྦྱོར་བར་བྱེད་ཅེས་བྱ་བ་ནཱི་ཞུ་བའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕུང་པོ་ཁམས་ལ་རྡུལ་ཙམ་བརྩོན་པར་མི ་བྱེད་ཅིང་སྟེ། རྡུལ་ཙམ་མི་དམིགས་པོ་ལ་སྦྱོར་ཏེ་ཆོས་ཅན་དང་ཆོས་མི་རྟག་པ་ལ་སོགས་པ་ལ་མོ་བརྩོན་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་ཕྱིན་ཅི་མ་ལོག་པ་ལ་ཞུགས་པའི་ཕྱིར་བརྩོན་པ་ཡི་ནོ།། གང་གི་རྒྱུས་དེ་ལྟར་བརྩོན་ཞེ་ན། གང ་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་དེ་ནི་ཡུན་རིང་པོ་ནས་ཐག་པ་ཆེན་པོ་འདི་ལ་སྦྱོར་བ་གོམས་པས་ཞུགས་པར་རིག་པར་བྱ་སྟེ། སངས་རྒྱས་བྱེ་བ་ཁྲགཱ་ཁྲིག་མང་ལ་གཙུག་ལག་ཁང་ལ་སོགས་པ་བྱས་ནས་ཕུལ་བ་ནི་ལྷག་བྱས་ཡི་ནོ།། གང ་ཞིག་ཆོས་འདི་ནི་ཡུམ་སྟེ། གཟུགས་ལ་སོགས་པ་རང་གི་རྒྱུ་ལས་སྒྱུ་མ་བྱེད་པས་སྤྲུལ་པ་དང་། སྒྱུ་མ་འདྲ་བར་ཐོས་ནས་རྟོགས་པས་སོམ་ཉི་མེད་ཅིང་ཡང་སློབ་པོ་ལ་ཕྱིར་ཞིང་སྦྱོར་བར་བྱེད་དོ།། གཞན་དུ་འཇུག་པར་མི་འགྱུ་རོ་ཞེས་བྱ་བ་ཡིན་ནོ།། རྒྱལ་བ ་སྐྱེད་མ་ལ་འཇུག་པའི་སྦྱོར་བ་ཉན་ཐོས་ལ་སོགས་པའི་བྱེད་པའི་ཁྱད་པར་ཅན་དུ་ཡིད་ལ་བྱེད་པའི་རང་བཞིན་ནི་གཞན་དུ་རྟོགས་པར་མི་ནུས་པའི་ཕྱིར་མཉན་པ་ལ་སོགས་པའི་བར་ཆད་ཀྱི་ཆོས་ལས་འདར་བར་བྱ་བ་རྟོགས་པར་བྱ་བའི་ཆེ་དུ་དཔེ ་སྔོན་དུ་འགྲོ་བས་བསྟན་པའི་ཕྱིར། དགོན་པའི་ཞེས་བྱ་བ་ལ་སྩོགས་པ་གསུངས་ཏེ། དཔེར་ན་འཇིགས་པ་དུ་མ་ཕལ་པོ་ཆེའི་དགོན་པའི་ལམ་དཔག་ཚད་མང་པོར་ཞུགས་པའི་མིས་བསྙེན་པ་སྔོན་དུ་ཕྱོགས་པ་ནཱ། གང་གི་ཚེ་འབད་པའི་སྟོབས ་གྱིས་གནག་རྫི་མཚམས་ཀྱི་ནོག་ཚལ་ཕུན་སུམ་ཚོགས་པ་མཐོང་ན་དེའི་ཚེ་རུགོན་པའི་འཇིགས་པ་མེད་དེ། དབུགས་ཕྱིན་པ་ཐོབ་པར་གྱུར་ཅིང་། རྐུན་མའི་འཇིགས་པ་མེད་དེ། གང་གི་ཕྱིར་གོམས་པར་བྱས་ནས་འདི་དག་གྲོང་དྲང་གྲོང་ཁྱེར་གྱི ་སྔོན་གྱི་མཚན་མ་ལ་བ་ལང་རྫི་ལ་སོགས་པ་མཐོང་བ་དེ་བཞིན་དུ། གང་གི་ཚེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་གི་མཉན་པ་ནི་ཉེ་བར་མཚོན་པ་སྟེ། སེམས་དཔའ་ལ་སོགས་པ་ཡང་།། བྱང་ཆུབ་སེམས་དཔའ་གང་ཞིག་བྱང་ཆུབ་ཐོབ་པར་བྱེད་པའི་ཆོས ་ཡོངསུ་ཚོལ་བའི་དུས་དེའི་ཚེ་ཡང་དག་པའི་ལམ་རྙེད་པར་དབུགས་ཕྱིན་པར་གྱུར་ཅིང་ཐག་པའི་བར་ཆད་ཀྱིས་འཇིགས་པ་མེད་དོ།། གང་གི་ཕྱིར་ཡུམ་མཉན་པ་ལ་སོགས་པའི་སྦྱོར་བ་ཕུན་སུམ་ཚོགས་པ་ན་དགྲ་བཅོམ་མ་ལ ་ཡིཡི་གནས་རྐྱེན་རྟོགས་ཀྱི་ས་ཐོབ་པ་མི་ནོ།། དོ་ན་ཡང་ཡུམ་མཉན་པ་ལ་སོགས་པས་ཕུན་སུམ་ཚོགས་པ་ཐམས་ཅད་སྟེར་བར་བྱེད་པ་བསྟན་པ་འདིར་ཡང་བརྗོད་པར་བྱ་སྟེ། ཆོས་ཀྱི་སྐུ་ཐོབ་པར་བྱེད་པ་བསྟན་པའི་སྒོ་ནས་རེ་ཞིག་སྦྱོར་བ་དཔེ་སྔོན་དུ་འགྲོ། ་བས་རྟོགས་པར་བྱ་བའི་ཕྱིར། མི་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་ཨི་ཞིག་རྒྱ་མཚོའི་ཆུ་ནི་བལྟ་ཕྱིར་འགྲོ་བ་ཡིས། གལ་ཏེ་དེས་ཤིང་དང་ནགས་ཚལ་རིར་བཅས་པ་མཐོང་ན་ང་དུང་རྒྱ་མཚོ་ཆེན་པོ་ནི་རི་ངོ་ཞེས་རྟོགས་པར་བྱའོ།། ་ལང་གང་གི་ཚེ་ཙི་སྟེ་ཤིང་ལ་སོགས་པའི་རྟག་མ་མཐོང་ན་དེའི་ཚེ་རྒྱ་མཚོ་ཆེན་པོ་ནི་ཉེ་བར་གྱུར་ཏེ། ཤིན་ཏུ་མི་རིང་ངོ་སྙམ་དུ་དེ་ལ་སོམ་ཉི་མད་དེ་ཡིད་གཉིས་མེད་པར་རིག་པར་བྱའོ།། དེ་ལྟར་དེ་བཞིན་དུ་ཐོས་པའི་བསམ་པས་བྱང་ཆུབ་དམ་པར་ཞུགས ་པར་རིག་པར་བྱའོ།། རྒྱལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉན་པ་ནི་ཉེ་བར་མཚོན་པ་སྟེ། སེམས་པ་དང་། བསྒོམ་པ་ཡང་ཡིནོ།། རྣམ་པར་འདྲེན་པ་སྟེ་བཅོམ་ལྡན་འདས་ཀྱིས།། མངོན་སུམ་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་བསྟན་པར ་མ་གྱུར་ཀྱང་མཉན་པ་ལ་སོགས་པ་ལ་ནུས་པ་ཐོབ་པའི་ཕྱིར་སངས་རྒྱས་བྱང་ཆུབ་སྟེ། ཆོས་ཀུན་མངོན་པར་རྫོགས་པར་རྟོགས་པ་ཞེས་བྱ་བའི་བར་དུའོ།། རིང་པོར་མི་ཐོགས་བདག་རེག་འགྱུར་རོ།། ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པར་བྱ་བ་སྒྲུབ ་པའི་སྒོ་ནས་བསྟན་པའི་ཕྱིར། དཔྱིད་དུས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་དཔྱིད་དུས་བཟང་ལ་ཡ་ལཱ་ག་དང་ལོ་མ་རྙིངས་པ་རྣམས་ལྷགས་གྱུར་ན་ཡལ་གས་རིང་པོར་མི་ཐོགས་ལོ་འདབ་མེ་ཏོག་འབྲས་བུ་རྣམས་བསྐྲུ་ནོ།། དེ་བཞིན་དུ་ཤེས ་རབ་ཕ་རོལ་ཕྱིན་འདི་སུའི་ལག་ཏུ་ཐོབ་པ་ན་ཡུན་རིང་པོར་མི་ཐོ་ཌ་པཱ་དེས་བྱང་ཆུབ་མཆོག་ཏུ་ལོངས་སྤྱོད་རྫོགས་པའི་སྐུ་འདིར་མཉན་པ་ལ་སོགས་པའི་སྦྱོར་བའི་སྟོབས་ཀྱིས་འདྲེན་པ་རྣམས་ཀྱི་འཐོབ་པོ།། སྤྲུལ་པའི་སྐུ་ཐོབ་པར་བྱ་བའི་སྒོ་ཡང་བསྟན་པའི། ་ཕྱིར། དབཱི་རཽ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་བུད་མེད་ན་ཆུང་མང་ལ་སྐྱེ་བ་ནི་སྣརུམས་མའོ།། གང་གི་ཚེ་དེ་ནི་བཙའ་བའི་དུས་ལ་བབ་ཅེས་བྱ་བ་སྟེ། ཡན་ལག་རྣམས་རྒྱས་པ་ནི་དུས་ལ་བྲབ་བོ།། ཚོར་བ་ནི་ཉམ་སུ་མྱོང་བའི་རང་བཞི་ནོ།། ་དོ་བཙའ་བའི་དུས་ཏེ་སྐྱེ་བ་ཡིན་པར་ཤེས་པར་བྱའོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སྔར་མཉན་ནས་སེམས་པ་ན་རྒྱལ་བའི་ཤེས་རབ་ཕ་རོལ་ཕྱིན་པ་ལ་གོང་ནས་གོང་དུ་དགའ་བ་དང་འདུན་པ་བསྐྱེད་པ་མཐོང་བ་དེའི་ཚེ་འདིར་མཉན་པ་ལ་སོཌ ་པའི་སྦྱོར་བས་མྱུར་དུ་བྱང་ཆུབ་མཆོག་རེག་ཏེ། སྤྲུལ་པའི་སྐུ་འཐོབོ།། ཡང་མཉན་པ་ལ་སོགས་པའི་བླང་བར་བྱ་བ་དང་དོར་བར་བྱ་བའི་ཆོས་ཇི་ལྟར་བླང་བ་དང་། དྲོར་བུ་ཐོབ་ཅེ་ན། ཤེས་རབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་ཕ་རོལ ་ཕྱིན་མཆོག་སྤྱོད་ཚེ་རྣལ་འབྱོར་པ་ཉན་པ་ལ་སོགས་པ་ནི་སྤྱོད་པའོ།། རྣལ་འབྱོར་པ་གང་ཞིག་གཟུགས་ལ་སོགས་པ་ཆོས་ཐམས་ཅད་དེ་ཁོ་ན་ཉིད་དུ་འཕེལ་བ་སྟེ་སྐྱེ་བ་མི་མཐོང་བའོ།། ཡོངསུ་འགྲིབ་པ་མང་སྟེ་འཇིག་པ་མི་མཐོང་ངོ་།། དེ་ལྟ་བས་ན ་གང་ཞིག་ཆོས་དང་ཆོས་མིན་མི་མཐོང་ཞིང་། འདི་དག་སོར་སྣང་བ་གནས་པར་མཐོང་བར་སྒྱུ་མ་ལྟ་བུ་ཡིན་པས་ཆོས་ཀྱི་དབྱིངས་ཏེ། སྟོང་པ་ཉིད་ཀྱི་རྣམ་པའི་སྙིང་པོ་ཅན་ཡེ་ཤེས་ཀྱི་རང་བཞིན་དེ་དག་ཇི་ལྟ་བ་བཞིན་གན། ་པ་རྟོགས་པའི་སྟོབས་ཀྱིས་མྱ་ངན་ལས་འདས་པ་སྟེ། ཉན་ཐོས་ལ་སོགས་པའི་བྱང་ཆུབ་ལ་མི་རེག་པར་གནས་པ་དེ་ནི་སྐུ་གསུམ་ཐོབ་ནས་ཆོས་ཀྱི་དབྱིངས་ཀྱི་ཤེས་རབ་གནསོ།། དེ་ལྟར་ཇི་སྐད་བསྟན་པའི་ཕྱིན་ཅི་མ་ལོག་པའི་ལམ་ལ་གོམས་པར ་བྱས་པས་འབྲས་བུ་དེ་དག་ཐམས་ཅད་དུ་འགྱུ་རོ།། དྲི་བས་ན་སྦྱོར་བ་སྒྲུབ་པོ་ཞེས་བྱ་བར་དགོདསོ།། རྣམ་པ་ཕུལ་དུ་བྱུང་བའི་ཆེ་བའི་བདག་ཉིད་བཤད་ནས། ཡོན་ཏན་བརྗོད་ན་དུ་རྟོགས་པ་སྔོན་དུ་འགྲོ་བས་ཁྱད་པར་དུ་གོམས་པར་འགྱུར་བས ་དེའི་ཡོན་ཏན་བསྟོན་པར་བཞེད་ནས། གང་ཞིག་འདིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་ཆོས་དང་གང་ཟག་ལ་བདག་མེད་པ་བསྒོམ་པ་ནི་གང་ཞིག་འདི་རོ།། ཡང་སྦྱོར་བ་ལ་གནས་པ་ནི་སྤྱོད་པའོ།། སྤྱིའི་སངས ་རྒྱས་ཀྱི་ཆོས་ནི་རྒྱུ་དང་འབྲས་བུའོ།། ཁྱད་པར་ནི་དད་པ་ལ་སོགས་པ་ལྔ་དང་། འདུན་པ་ལ་སོགས་པ་དང་ལྷན་ཅིག་བྱེད་པ་རྫུ་འཕྲུལ་གྱི་རྐང་པ་བཞི་ཉེ་བར་མཚོན་པ་སྟེ། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ཡང་རྒྱུར་གྱུར་པ་རྣམས་ལ་མི ་གནས་ཏེ། མི་རྟོག་ཅིང་བྱང་ཆུབ་ཀྱི་རྣ་གྲངས་མ་ལུས་པ་ནི་ཉེ་བར་ཞི་བའོ།། འབྲས་བུར་གྱུར་པ་རྣམས་ལ་དེ་སྦྱོར་བའི་སྟོབས་ཀྱིས་རྣམ་པར་མི་རྟོག་པ་དང་། རྣམ་པར་རྟོག་པ་དང་བཅས་པའི་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པ་གནས་པ་དང་མི ་གནས་པ་གང་ཡང་རུང་བ་སྒྱུ་མ་ལྟ་བུར་དེ་དག་བརྫུན་པའི་རང་བཞིན་དུ་རྟོགས་པའི་པའི་ཕྱིར་མི་རྟོག་རྟོག་བྲའོ།། བདུད་ཀྱི་མཐུ་བཅོམ་པ་ལ་སོགས་པའི་ཡོན་ཏན་ལ་སོགས་པ་བསྐྱེད་པས་རང་དབང་དུ་སྤྱོད་པ་ནི་བྱིན་གྱིས་བརླབས་ཀྱིས་སྤྱོད་པ ་ཡིན་ནོ།། འདི་ནི་ཤེས་རབ་སྟེ་སྦྱོང་བའི་རང་བཞིན་ཡིན་པོའི་ཕྱིར་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན་སྟེ། གནས་པ་མ་ཡི་ནོ།། ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགསུ་བཅད་པ་ལས་ཡོན་ཏཱན་གཟུང་བར་ཡོངསུ་བརྗོད་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་པའི་བཤད ་པའོ།། ། ཡོན་ཏན་གྱི་རྗེས་ལ་གང་ཡང་སྦྱོར་བའི་བར་ཆད་བྱེད་པའི་སྐྱོན་སྤངས་ནས་བསྒོམ་པར་བྱ་བ་ཡིན་པས་སྦྱིན་བསྟན་པར་བཞེད་ནས། སྨྲ་བའི་ཟླ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱིན་ཅི་ལོག་གི་ཞེན་པ ་སེལ་བ་ལ་མཁས་པས་སྨྲ་བའི་ཟླ་བའོ།། སངས་རྒྱས་ལ་ནི་རབ་འབྱོར་ཞུས་པ་ནི་ཡོན་ཏན་གྱི་རྒྱུ་ཡིན་པའི་ཕྱིར་ཡོན་ཏན་ལ་སྦྱོར་བ་ལ་དགའ་བ་རྣམས་ཀྱི་བར་དུ་གཅོད་པ་གང་ལགས་ཞེས་བྱ་བ་ནི་ཞུས་པའོ།། སྟོན་པས་བཀའ་སྩལ་བཱར་དུ་གཅོད ་པར་འགྱུར་མང་སྟེ། དེ་ལས་ཅུང་ཟུདང་ནི་ཉེ་བར་མཚོན་པའོ།། དེ་བས་ན་རོ་ཞིག་ཡོངསུ་བརྗོད་པར་བྱའོ་ཞེས་བྱ་བ་ནི་ལན་ཏོ།། དེ་ཉིད་ནི་རྒྱལ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱལ་བའི་ཤེས་རབོ་ཕ་རོལ་ཕྱིན་འདི་ཡིག་འདིའི་ཚེ་ནི་གཞུང ་གི་དོན་བྱ་བ་དང་། ཡིད་ལ་བྱེད་པའོ།། སྤོབས་པ་ནི་ཡུལ་ལ་ཁྱད་པར་ཅན་གྱི་ཡེ་ཤེས་ཀྱི་རང་བཞིན་ཐ་དད་པ་རྣམ་པ་དུ་མ་འབྱུང་འགྱུར་ཞིང་། འགྲོ་བའི་དོན་མ་བྱས་པར་ཏེ། སྔ་མ་དང་ཕྱི་མ་དཔྱད་པས་མི་བརྟན་པར་གྱུར་པའི་ཕྱིར་དེ་ཡང་གློག ་བཞིན་དུ་མྱུར་དུ་ཉམས་པར་འགྱུར་བ་འདི་ཉིད་ནི་རེ་ཞིག་བདུད་ཀྱི་ལ་སོ།། འདི་བཤང་ཚེ་ན་ཁ་ཅིག་སོམ་ཉི་ཟ་འགྱུར་ཏེ་ཞེས་བྱ་བ་ལ། བཤད་པ་ནི་བཤད་པར་གྱུར་པའོ།། སངས་རྒྱས་ཀྱི་གསུངས་པ་ལ་ཐེ་ཚོམ་ཟ་བ་ནི་སོམ་ཉིར་གྱུར ་པབྱའོ།། དེས་ཡོངསུ་མ་ཤེས་པར་འདྲེམ་པ་བཅོམ་ལྡན་འདས་ཀྱིས་འདིར་ནི་བདག་གི་མིང་ཡང་ཡོངས་མ་བརྗོད། རིགས་དང་ས་དང་རུས་ཀྱང་ཡོངསུ་མ་བརྗོད་ཅེས། དེ་ནི་ཉན་པར་མི་འགྱུར་ལ། འོན་ཀྱང་འདི་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་ཞེས ་སྤོང་འགྱུར་དེ་ཡང་བདུད་ཀྱི་ལསོ།། དེ་ཅི་ཞིག་བྱེད་པར་འགྱུར་ཞེ་ན། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་བདུད་ཀྱིས་བྱིན་གྱིས་བརླབས་པའི་གང་ཟག་མི་ཤེས་པ་དེ་དག་རྩ་བའི་རྒྱུ་བོར་ནས་སངས་རྒྱས་དོན་དུ་གཉེར་བའི་ལམ་ཇི་ལྟ ་བ་བཞིན་དུ་གྱུར་པ་སྤངས་ནས་རྨོངས་པས་ཡལ་ག་དང་འདབ་མ་ཉན་ཐོས་ལ་སོགས་པའི་མདོ་སྡེ་ཚོལ་བར་འགྱུ་རོ།། གླང་པོ་རྙེད་ནས་དཔེར་ན་འགའ་ཞིགི་དོན་དུ་གླང་པོའི་རྗེས་ནི་ཚོལ་བ་ལྟར། ཤེས་རབ་ཕ་རོལ་ཕྱིན་ཐོས་མདོ་གཞན་ཚོལ་བར་བྱེད ་པ་དེ་ཡང་དེ་བཞི་ནོ།། དཔེར་ན་ལ་ལས་རོ་བརྒྱ་ལྡན་པའི་ཟས་རྙེད་ལ།། ཟས་མཆོག་རྙེད་ནས་ཞག་དྲུག་ཅུ་པའི་འབྲས་ཆན་ཚོལ་བར་བྱེད་པ་ལྟར། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཤེས་རབ་ཕ་རོལ་ཕྱིན་པ་འདི་རྙེད་ནས། དགྲ་བཅོམ་པའི་ས་ཡི་བླ་ན ་མེད་པའི་བྱང་ཆུབ་ཚོལ་བར་བྱེད། ཡང་དེ་ལ་རྗེས་འབྱུང་ཞིང་བློ་བསྐྱེད་པར་འགྱུ་རོ་ཞེས་བྱ་བ་ནི་ལྷག་མའོ།། བདུད་ཀྱི་ལས་རྣམ་པ་གཞན་ཡང་བསྟན་པའི་ཕྱིར། བིསྔ་སྟང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གྲགས་པ་ཙམ་འདོད་པ་ནི་བསྟི་སྟང་འདོད ་པའོ།། ནོར་འདོད་པ་ནི་རྙེད་པ་འདོད་པའོ།། ཡོ་བྱད་ལྟ་བལྟོས་པ་ནི་བལྟོས་པ་དང་བཅུས་པའི་སེམས་ཀྱིསོ།། བསོད་སྙོམས་ཀྱི་དོན་དུ་ཁྱིམ་པ་དང་འདྲིས་བུ་དང་། ཁྱིམ་པ་བསྟེན་པ་དང་ལྡན་པར་འགྱུར་ཞི་།། ཆོས་བཏང་ནས་ནི་ཡུམ་འདིའོ།། དེས་ཆོས་ཅུང་ཟད་ཡིན ་བ་ནི་ཆོས་མིན་སྟེ། ཉན་ཐོས་ལ་སོགས་པའི་ཐེག་པས་བྱ་བ་སྤྱོད་པར་འགྱུར་བའོ།། ལམ་བྱོར་ལམ་གྲོལ་འགྲོ་བ་འདི་ནི་བདུད་ཀྱི་ལ་སོ།། གང་དག་དེའི་ཚེ་མ་བྱོན་པའི་རྒྱལ་བ་རྣམས་སྒྱིད་མ་ལ་འདུད་ཅིང་དད་པར་གྱུར་ནས་ཏེ། ལུས་དང་འབྲས་བུ་ལ་ཡིད་ཆེས་པར ་བྱེད་པ་ནི་དད་པའོ།། ཆོས་ཀྱི་དམ་པ་འདི་མཉན་པར་འདོད་ཅིང་འདོད་པ་ལས་དེ་དག་གིས་ནི་ཆོས་སྨྲ་བ་རིག་པ་ནི་བྱ་བ་མ་ཡིན་པའི་བསམ་པ་དང་ལྡན་པ་རྟོགས་པའོ།། དད་པ་དང་བྲལ་ནས་དགའ་བ་མེད་ཅིང་ཡིད་མི་བདེ་བར་གྱུར་ནས་གཞན་དུ་འགྲོ་བ ་དོན་དུ་གཉེར་བའི་དོན་དང་བྲལ་བས་ཡིད་མི་བདེ་བ་ཡང་བདུད་ཀྱི་ལསོ།། བདུད་ཀྱི་ལས་ཇི་སྙེད་པ་རྣམ་པ་ཐམས་ཅད་མཐའ་ཡས་པས་བརྗོད་པར་མི་ནུས་པའི་ཕྱིར་ཉེ་བར་བསྡུ་བའི་དོན་དུ་དེའི་ཚེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཞེས་བྱ ་བ་ནི་རྗེས་ཐོགས་ལ་སྔོན་པའོ།། འབྱུང་བར་གྱུར་པ་ནི་བདུད་ཀྱི་ལསོ།། དེའི་ཚེ་གང་དག་ལྷ་མ་འོངས་པའི་དུས་ན་བར་དུ་གཅོད་པ་རྣམས་མྱང་ནི་དུ་མའོ།། གཅོད་པ་ནཱི་བཽགེགས་བྱེད་པ་འབྱུང་བར་འགྱུར་རོ།། གང་ཞིག་ཉེས་པས་གཡངས་པའི་ཕྱིར་དགེ་སློང ་མང་པོ་དཀྲུགས་པས་རྡོའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གཞུང་དང་དོན་འཛིན་པར་མི་འགྱུར་ན། གཞོན་དགེ་བསྙེན་ལ་སོགས་པ་ལྟ་ཅི་སྨོས། ཅིའི་རྒྱས་རྣམ་པོ་མང་པོར་འགྱུར་ཞེ་ན། རིན་ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིན ་ཆེན་རིན་ཐང་མེད་པ་རྙེད་གྱུར་གང་དག་ཡིན། ཆོས་དེ་དག་དཀའ་བས་ཐོས་པ་ནི་དཀོན་པའོ།། དུས་རྣམས་རྟག་ཏུ་ཐམས་ཅད་འདི་འདོད་པའི་ཕྱིར་དུ་དོན་དུ་གཉེར་བ་ཡི་ནོ།། དེ་བཞིན་དུ་རྒྱལ་བའི་ཤེས་རབ་ཕ་རོལ་ཕྱིན་པ་མཆོག། རིན་ཆེན་ཆོས་ཀྱང ་དཀོན་ལ་རྟག་ཏུ་འཚེ་བ་ཡང་མ་།། ཅིའི་ཕྱིར་འདི་དག་ཐམས་ཅད་ཀྱི་བདུད་ཀྱི་ལས་ཡིན་ནམ་ཞེ་ན། ཐེག་པ་གསར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མངོན་པར་ཞུགས་པའི་ཕྱིར་ཐག་པ་ལ་གསར་དུ་ཞུགས་པ་སྟེ། བྱང་ཆུབ་སེམས་དཔའ་བསོད ་ས་ཆུང་བའི་ཕྱིར་བློ་ཆུང་བར་གྱུར་པ་གང་གིས་ཡུམ་དཀོན་པའི་རིན་ཆེན་ཆོས་འདི་བདུད་ཀྱི་བྱིན་གྱིས་བརླབས་པས་མ་རྙེད་པའོ།། དེ་བཞིན་དུ་ལས་དང་པོ་པ་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱིས་དེ་ལྟར་རྙེད་པར་མི་འགྱུར་བར་བསྟན་པའི་ཕྱིར། དེ་ལ་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། གང་གིས་ཚེ་བདུད་རྣམས་རྒྱལ་བ་སྐྱེད་མ་ལ་ཇི་ལྟར་བག་གིས་བྱ་ཞེས་བརྩོན་པ་དང་ལྡན་པས་སྤྲོ་བར་འགྱུར་སྟེ་བར་ཆད་ལ་ཞུགས་ནས་གཅོད་པར་བྱེད་དོ།། དེ་བཞིན་དུ་ཡང་ཕྱོགས་བཅུའི་བཅོམ་ལྡན་འདས་བསོད ་ནམས་ཆེན་པོ་དང་ལྡན་པས་ཡུམ་ཡོངསུ་འཛིན་པ་ལ་དགོངས་ཤིང་དེ་དག་ལ་མགྲོན་མཛད་པས་སྦྱོར་བ་དང་ལྡན་པས་ཐོབ་པར་འགྱུར་ཞེས་བྱ་བར་དགོངས།། ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགསུ་བཅད་པ་ལས་བདུད་ཀྱི་ལེའུ་སྟེ་བཅུ་གཅིག་པའི ་བཤད་པའོ།། །། དེ་ལ་བཅོམ་ལྡན་འདས་ཅིའི་ཕྱིར་དགོངས་པ་མཛད་ཅེ་ན། དཔེ་སྔོན་དུ་འགྲོ་བས་རྟོགས་པར་བྱ་བའི་ཕྱིར། མ་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་ཞིག་པུ་མང་པོ་ཡོད་པ་ནམ་ན་བར་གྱུར ་ན། དེ་ཀུན་ཡིད་མི་བདེ་ཞིང་རིམ་འགྲོ་ལ་སོགས་པའི་ཕྱིར་བྱས་པ་གཟོ་བས་བརྩོན་པ་ལ་རབ་ཏུ་སྦྱོར་བར་བྱེདདོ།། དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་ཀྱང་སྟེ། བཅོམ་ལྡན་འདས་རྣམས་ཀྱང་བདུད་ཀྱི་ལས ་བསལ་བར་བྱ་བའི་ཕྱིར་བྱས་པ་གཟོ་བས་བརྩོན་པར་མཛོད་ཅིང་ཡུམ་གྱུར་ཤེས་རབ་དམ་པ་འདི་ལ་དགོངས་པ་མཛ་དོ།། ཡོན་ཏྲོན་དང་སྦྱིན་བླང་བ་དང་དོར་བ་སྔོན་དུ་འགྲོ་བས་མཚན་ཉིད་ཤེས་པའི་སྒོ་ནས་ངེས་པར་བསྒོམ་པར་བྱ་བ་ཡིན་པས ་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། དེ་ལ་རེ་ཞིག་མཚོན་པར་བྱེད་པ་གླེང་ཡིན་པ་བྱེད་པར་བསྒྲུབ་པར་བྱེད་པ་ཡོངསསུ་འཛིན་པའི་ཤེས་པོ་དང་། ཁྱད་པར་དང་། བྱེད་པའི་དབྱེ་བས་མཚན་ཉིད་མཚོན་པར་བྱེད་པ་ནི་གསུམོ།། དེའི་ལ་སུ་སྐྱོབ་པར་བྱེད་པ ་རྟེན་གྱི་མཚན་ཉིད་དང་བཞིར་འགྱུར་རོ།། དེ་ལ་རེ་ཞིག་ཤེས་པའི་མཚོན་ཉིད་ནི་ཀུན་མཁྱེན་གསུམ་གྱི་དབྱེ་བས་གསུམ་ཡོད་པ་ལས་ཐམས་ཅད་ཤེས་པའི་སྒོ་ནས་དེ་བཞིན་གཤེགས་པ་འབྱུང་བ་ཤེས་པའི་སྒོ་ནས། དེ་བཞིན་གཤེགས་པ་འབྱུང་བ ་ཤེས་པ་ཞེས་བྱ་བ་ལ་སོགས་པ་རེ་ཞིག་བསྟན་པའི་ཕྱིར། གང་དག་ཅེས་བྱ་བ་ལྔ་སོགས་པ་གསུངས་ཏེ། གང་དག་འདས་པ་དང་ད་ལྟར་ཕྱོགས་བཅུའི་འཇིག་རྟེན་མགོན། གང་ཡིན་པ་ནི་བཅོམ་ལྡན་འདསོ།། དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་བ་ཡུམ་འདི་ལས་བྱུང་བར་རིམ་པ་ཇི་ལྟ་བ་བཞིན་དུ་སྦྱར་ཏེ། དེ་དག་བསྐྱེད་པ་དང་། སྐྱེད་པ་དང་ལྡན་པ་དང་། མ་འོངས་པ་ན་སྐྱེད་པར་འགྱུར་རོ།། སངས་རྒྱས་དེ་དག་གིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོ་ན་ཉིད་གཟིགས་པས་འཇིག་རྟེན་སྟོན་ཏོ།། ཡུམ ་གྱི་སྒྲུབ་ཅིང་བསྐྱེད་པར་མཛད་དེ། འགྲོ་བའི་སྤྱོད་པ་ཐུགསསུ་ཆུད་པས་སེམས་ཅན་གཞན་གྱིས་སེམས་ཀྱི་སྤྱོད་པ་ཡང་དག་པར་སྟོན་ཏོ།། ཕྱིན་ཅི་མ་ལོག་པའི་ལམ་ལ་སྦྱོར་བའི་དོན་དང་ལྡན་པ་དེས་དེ་བཞིན་གཤེགས ་བ་རྣམས་བསྐྱེད་ནས་འཇིག་རྟེན་སྟོན་པ་ལ་སོགས་པ་མཐོང་བས་ཇི་ལྟར་སྟོན་ཅེ་ན། འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་གྱི་སེམས་ཅན་གྱི་ཁམས་གང་ཡིན་པ་སྒྱུ་མ་ལྟ་བུའི་དེ་བཞིན་ཉིད་དང་། གང་ཡང་དགྲ་བཅོམ་པ ་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དང་། རང་རྒྱལ་བའི་དེ་བཞིན་ཉིད་གང་ཡིན་པ་དང་། རྒྱལ་སྲས་རྣམས་ཀྱི་ཕྱིན་ཅི་མ་ལོག་པའི་དེ་བཞིན་ཉིད་གཅིག་པ་ཉིད་དངོས་བྲལ་ཏེ། རང་གི་ངོ་བོར་བྱེ་བྲག་མེད་པར་རྟོགས་པ་ནི་གཞན་མིན་ཏེ་དེ་བཞིན ་ཉིད་དོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུས་རྣམ་པར་མི་རྟོག་པའི་ཡེ་ཤེས་བརྙེས་ནས་སངས་རྒྱས་ཏེ། གང་གི་ཕྱིར་དེ་བཞིན་གཤེགས་པས་ཆོས་ཀྱི་དབྱིངས་རྣམ་པར་གྲོལ་བ་ཉིད་དུ་འཇིག་རྟེན་མི་གཟིགས་པར་འགྱུར་བ་མི་རིགས་ཏེ། ་གཞན་དུ་ན་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་གཞག་པར་མི་ནུས་པར་འགྱུར་བའི་ཕྱིརོ།། དེའི་རྗེ་སུ་ལམ་ཤེས་པའི་སྒོ་ནས་སྟོང་པ་ཉིད་ལ་སོགས་པའི་ཡེ་ཤེས་པའི་མཚན་ཉིད་བསྟན་པའི་ཕྱིར། མཁས་པ་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། གན་པ་ནི་ད་ལྷོར་བྱུང་བ་ཉིད་དོ།། འཇིག་རྟེན་མཁས་པ་ནི་མ་འོངས་པའོ།། མྱ་ངན་ལས་འདས་ཀྱང་རུང་བ་ནི་འདས་པའི་བཅོམ་ལྡན་འདསོ།། གང་གི་ཕྱིར་ཆོས་ཉིད་སྐྱོན་མེད་ཆོས་རྣམས་སྟོང་པ་འདི་གནས་ཏེ། ངེས་པར ་ཆོས་ཉིད་ཀྱི་རང་བཞིན་ཡིན་གྱི་གཞན་གྱི་ཚད་མས་གནོད་པའི་ཕྱི་རོ།། ཕྱིན་ཅི་ལོག་རང་བཞིན་ཡིན་པའི་ཕྱིར་གྲོལ་བར་མི་རིག་སོ།། དེ་ལྟ་བས་ན་སྟོང་པ་ཉིད་ཀྱི་དོན་ཆོས་ཉིད་འདི་ལ་གནས་ཏེ། སྟོང་པ་ཉིད་ལ་སོགས་པར་སྦྱོར་བའི་ཤེས་པའི་རང་བཞིན ་བྱང་ཆུབ་སེམས་དཔའ་དེ་བཞིན་ཉིད་གཞན་མ་ཡིན་པ་དེ་ཁོ་ན་ཉིད་རྟོགས་པ་ཡི་ནོ།། དེ་ལྟ་བས་ན་དེ་ཡང་ཐམས་ཅད་ཀྱི་དེ་བཞིན་ཉིད་དུ་ཐུག་སུ་ཆུད་པས་དེའི་ཕྱིར་དེ་བཞིན་གཤེགས་ཞེས་སངས་རྒྱས་དང་རྒྱལ་བའི་སྲས་ཞེས་བྱ་བ་ལ་སོགས་པར ་མཚན་གསོལ་ཏོ།། གལ་ཏེ་དེ་ལྟར་སྟོང་པ་ཉིད་ལ་སོགས་པའི་ཡེ་ཤེས་ཡིན་ན། སེམས་ཅན་གྱི་དོན་ཇི་ལྟར་བྱེད་པ་བསྟན་པའི་ཕྱིར། ཤེས་རབ་ཕ་རོལ་ཕྱིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་ཐུན་མོང་མ་ཡིན་པའི་ཆོས་ཉིད་རྟོ། ་པའི་སྤྱོད་ཡུལ་དུ་གྱུར་པས་སངས་རྒྱ་སུ་འཁྲུངས་པ་རྒྱལ་བའི་སྲས་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དགའ་བའི་རི་བོའི་ཚོལ་ལ་བརྟེན་ཏེ། ཤིན་ཏུ་མཐོ་བའི་རི་བྱོ་ལ་བརྟེན་པར་རིགས་པར་བྱའོ།། སྟོབས་བཅུ་རྣམ་འདྲེན་རྣམས་ཀྱི་སྤྱོད ་ཡུལ་འདི་ཡིན་ཏེ། འདི་ལྟར་སྙིང་རྗེ་ཆེན་པོ་ལ་མངོན་དུ་ཕྱོགས་པར་གྱུར་པས་ཕྱིན་ཅི་ལོག་གི་སྐྱེ་བ་ལ་སོགས་པས་སྡུག་བསྔལ་བས་སེམས་ཅན་དམྱལ་བ་ལ་སོགས་པ་ན་ངན་སོང་གསུམ་དུ་སྐྱེད་པ་ལ་སྟོང་པ་ཉིད་ཀྱི་ཆོས་བསྟན་པས ་བཏུལ་ནས་ཡོང་སུ་འདོན་ཀྱང་། སྟོང་པ་ཉིད་ཀྱི་ཡེ་ཤེས་ཕུན་སུམ་ཚོགས་པས་སེམས་ཅན་དུ་འདུ་ཤེས་པར་དེ་དག་ནམ་ཡང་མི་འགྱུར་རོ།། དམིགས་པ་ལ་མངོན་པར་ཞེན་པ་མ་ཡིན་ནམ། སྟོང་པ་ཉིད་ཀྱི་ཆོས་བསྟན་པས་ཇི་ལྟར་འདུལ་བར ་འགྱུར་ཞེ་ན། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་སེང་གེ་རི་སུལ་ཕྱོགས་གཅིག་ལ་བརྟེན་ནས་འཇིགས་པ་མེད་པར་ནི་རང་ཉིད་འཇིགས་པ་དང་བྲལ་ཏེ། ཞུམ་པ་མེད་པར་གནས་ནས་རི་དགས་ཕྲ་མོ ་མང་སྐྲག་བྱེད་ཅིང་སྒྲ་སྒྲོགས་ལྟར། དེ་བཞིན་དུ་ཤེས་རབ་ཕ་རོལ་ཕྱིན་བརྟེན་ནས་ཏེ། དམིགས་པས་གནོད་པར་འགྱུར་བ་མེད་པ་ལ་བརྟེན་ཏེ། མིའི་སེང་གི་བྱང་ཆུབ་སེམས་དཔས་ཚད་མས་གནོད་པ་མེད་པའི་སྟོང་པ་ཉིད་ལ་སོགས་པའི་ཆོས ་བསྟན་པས་དམིགས་པས་འཇིགས་པའི་ཞུམ་པ་ཡང་པར་མུ་སྟེགས་ཅན་མང་པོ་བདག་ཏུ་མངོན་པར་ཞེན་པ་ལས་མ་གྲོལ་བ་རྣམས་སྐྲག་པར་བྱེད་ཅིང་སྒྲ་ཡང་སྒྲོགས་ཤིང་འདུལ་བ་ཡི་ནོ།། དེའི་རྗེས་ལ་རྣམ་པ་ཐམས་ཅད་མཁྱེན་པའི་སྒོ་ནས་ཉིད ་ཀྱི་ཆོས་ལ་བརྟེན་ནས་ཞུགས་པ་ལ་སོགས་པའི་མཁྱེན་པའི་མཚན་ཉིད་བསྟན་པའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་ན་མཁར་གནས་པའི་ཉི་མའི་འོད་ཟེར་ནི་སུ་འདི་སྐེམས་པར་བྱེད་ཅིང་སྟེ། ཆུ་སྐམས་ནས་མུན་པ ་བསལ་ཏེ། དངོས་པོ་ཐམས་ཅད་ཀྱི་གཟུགས་ཀྱང་རབ་ཏུ་སྟོན་པར་བྱེའོ།། དེ་བཞིན་དུ་སྦྱོར་བ་ལས་གོམས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་གི་ཆོས་ཉིད་ལ་བརྟེན་ནས་བཞུགས་པ་ལ་སོགས་པའི་ཡེ་ཤེས་ཀྱི་རྟེན་ལམ་དམ་པ་ལས་ངེས ་པར་བཞུགས་པ་ནི་ཆོས་རྒྱལ་ཏེ། བཅོམ་ལྡན་འདས་ཀྱིས་འཛིན་པ་མ་ལུས་པའི་སྲིས་པའི་ཆུ་ཀླུང་སྐམས་ཤིང་ཉིད་ཀྱིས་ངེས་པའི་ཆོས་ཉིད་རབ་ཏུ་སྟོན་ཏོ།། ཇི་ལྟར་ཆོས་ཉིད་སྟོན་ཅི་ར། གཟུགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕུང་པོ་ལྔར ་ཆོས་ཐམས་ཅད་འདུས་པས་གཟུགས་ཀྱང་གང་འདིར་སྒྱུ་མ་ལྟ་བུ་ཉིད་ཡིན་པའི་ཕྱིར་མི་མཐོང་ཞིངངོ་།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། སེམས་པ་གང་ཡིན་པ་དང་། གང་ལ་རྣམ་པར་ཤེས་པ་ཉིད་དང་། དགེ་པ་ལ་སོགས་པའི་ཆོས་ཀྱི་བག ་ཆགས་སེམས་ལ་བསགས་པ་དེ་ཡིས་གང་ཡང་རྗེསུ་མཐོང་བ་མེད། འདི་དག་གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིརརོ།། དེ་ལྟར་ཤེས་རབ་ཀྱི་མིག་གི་མཐོང་བ་འདི་ནི་ཆོས་མཐོང་ཡིན་ཞེས་དེ་བཞིན་ཤེགས་པས་བསྟན་པས་དེས་ཕྱིན་ཅི་ལོག ་བཟློག། མིག་བཙུམ་པ་དང་། དམུས་ལོང་ལ་སོགས་པ་ལྟར་རྐྱེན་མ་ཚང་བ་དང་། བལྟ་ན་སྙམ་པའི་ཡིད་ལ་བྱེད་པ་མེད་པས་མ་མཐོང་བ་ནི་ཡང་དག་པར་མཐོང་བ་ཞེས་མི་བྱ་སྟེ། དེ་ནི་འདི་ལྟར་འདུ་ཤེས་ཡང་བའི་སྙོམས་པར་འཇུག་པ་ལས་ལངས་ནས།། ་དངོས་པོ་དང་དངོས་པོ་མེད་པ་ལ་མངོན་པར་ཞེན་པའི་རྩ་བ་རྣལ་འབྱོར་པ་དེའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་འབྱུང་བའི་ཕྱིརརོ་སྙམ་དུ་དགོང་སོ།། འདིར་ཅི་འདྲ་བ་མཐོང་བ་ཡིན་ཞེ་ན། མ་མཁའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ན་མཁའ ་ལ་རྫས་ཐམས་ཅད་ཀྱིས་དབེན་པའི་ཕྱིར་མངོན་སུམ་དང་། རྗེསུ་དཔག་པའི་ཡུལ་ལས་འདྲ་བ་མཐོང་བ་མེད་ཀྱང་སེམས་ཅན་ཀུན་རྫོབ་ཀྱི་ཐ་སྙད་དུ་ཡིན་གྱི། ཡང་དག་པ་དེ་ཁོ་ན་ཉིད་དུ་ནི་ནམ་མཁའ་མང་པོའི་ཕྱིར་གཅིག་ཏུ་གཟུགས་ཇི་ལྟར་མཐོང་སྟེ། ་མཐོང་བ་ཉིད་ཀྱང་མེད། དེ་བས་ན་དོན་འདི་བརྟག་པར་གྱིས་སྟེ། རྣམ་པར་དཔྱད་པསོ།། དེ་བས་ན་ན་མཁའ་ཞེས་བྱ་བ་ནི་བསྟེའོ།། མཐོང་བ་མེད་པ་ཉིད་མཐོང་བ་ཡིནོ་ཞེས་བྱ་བ་ལྷག་མ་ཡིན་པར་རྟོགས་པར་བྱའོ།། དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པ ་བསྟན་ཏོ།། གང་གི་ཕྱིར་མཐོང་བ་མེད་པ་ནི་གཅིག་ཏུ་ངེས་པའི་རང་བཞིན་མཐོང་བར་བསྟན་པར་མི་ནུས་ཏེ། དངོས་པོ་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་པའི་ཕྱིརོ།། ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགསུ་བཅད་པ་ལས། འཇིག་རྟེན ་བསྟན་པའི་ལེའུ་སྟེ་བཅུས་པའི་བཤད་པའོ།། །། ཤེས་པའི་རྣམ་པ་སྤྱིའི་རང་བཞིན་ཡོངསུ་ཤེས་པས་ཁྱད་པར་དཤེས་པར་བྱ་དགོས་པས་ཁྱད་པར་མི་མཚན་ཉིད་བརྗོད་པར་བྱ་སྟེ། དེ་ཡང་ཉན་ཐོས་ལ་སོགས་པའི་ལམ་རྣམས་ཀྱི ་ཁྱད་པར་གྱི་ལམ་གྱི་བདག་ཉིད་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པ་སྡུག་བསྔལ་ལོ་སོག་བཱི་བདེན་བཱི་ཡུལ་ལ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པའི་མཚན་ཉིད་རྟོགས་པར་བྱ་བའི ་ཕྱིར། མཐོང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་ཞིག་བསམ་གྱིས་མི་ཁྱབ་པ་དང་། མི་མཉམ་པ་ཉིད་ལ་སོགས་པ་ཉིད་ཀྱི་རྣམ་པ་རྣམས་ཡིད་ལ་བྱེད་པས་ཡུམ་མཐོང་བ་ཡིན་པས་དེ་མཐོང་བ་ཐོབ་པ་ཡང་འདིར ་སྦྱོར་བའི་སྟོབས་ཀྱིས་ཐམས་ཅད་ཀྱི་ཁྱད་པར་གྱི་མཚན་ཉིད་ཀྱི་རང་བཞིན་དུ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་དང་དིར་རབ་ཏུ་འབྲེལ་བའི་བྱ་བ་ཐམས་ཅད་ངོས་ཡིན་ཏེ། རྒྱལ་པོ་བཏང་སྙོམས་འདུག་ཅིང་བློན་པོ་ཀུན་བྱེད ་ལྟར་དེ་བཞིན་དུ་ཇི་སྙེད་པ་དང་། སངས་རྒྱས་ཀྱི་སྒྲ་གང་ཡིན་པ་ཀུན་ལ་སྦྱར་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་། རང་སངས་རྒྱས་ཀྱི་མཇེད་པའི་ཆོས་རྣམས་དང་། དེ་བཞིན་དུ་ཉན་ཐོས་རྣམས་ཀྱི་བྱ་བ་ཇི་སྙེད་པ་དེ་དག་ཤེས་རབ ་ཕ་རོལ་ཏུ་ཕྱིན་པས་བྱེད་དོ།། དེ་ཉིད་བསལ་བར་བསྟན་པའི་ཕྱིར། རྒྱལ་པོ་ཞེས་བྱ་བ་ལ་སོགས་གསུངས་ཏེ། རྒྱལ་པོའི་གྲོང་ནི་ལུས་འཕགས་ལ་སོགས་པའོ།། ཡུལ་ནི་མ་ག་དྷ་ལ་སོགས་པའོ།། འཁོར་ནི་རྒྱལ་པོའི་ཁབ་ལ་སོགས་པ་སྟེ། དེར་མི་འགྲོ། ་བཔར་རྒྱལ་པོ་དེའི་རང་བཞིན་ཡུལ་མིས་འབྲུ་ཐམས་ཅད་ཀྱང་སྡུད་པ་སྟེ། བསྒྱེལ་བ་ལྟར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆོས་ཉིད་གང་དུ་ཡང་མི་འགྲོ་ལ་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་ཁྱད་པར་གྱི་ལམ་གྱི་རང་བཞིན ་གྱི་སངས་རྒྱས་ཀྱི་སའི་ཡོན་ཏན་ཐམས་ཅད་སྡུད།། ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིག་སུ་བཅད་པ་ལས་བསམ་གྱིས་མི་ཁྱབ་པའི་ལེའུ་སྟེ་བཅུ་གསུམ་པོའི་བཤད་པའོ།། །། ཡང་གང་གི་ཚེ་སངས་རྒྱས་ཀྱི་ཡོན་ཏན ་ཁྱད་པར་ཅན་རྣམས་ཐོབ་ཅེ་ན། གང་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གིས་སངས་རྒྱསུ་བྱེད་པའི་ཆོས་སངས་རྒྱས་ཞེས་བྱ་བ་ཡིན་པའི་ཕྱིར། བདེ་གཤེགས་ནི་སངས་རྒྱས་ཀྱི་ཆོས་རྣམས་ཏེ། མྱི་མཐུན་པའི་ཕྱོགས ་ཀྱིས་མི་ནོན་པའི་བྱང་ཆུབ་སེམས་དཔའ་ལ་དད་པ་བསྟན་པོ་ཡོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་བསམ་སྦྱོར་བྱ་སྟེ། མཆོག་ནི་ཆེན་པོ་ཡིན་པའི་ཕྱིརརོ།། ཡང་དག་པའི་སྦྱོར་བ་ལ་རྗེསུ་གནས་པ་ཡོད་ན། དྲིའི་ཚེ་བདེན་པ ་གཉིས་ཀྱི་རིམ་པས་ཞུགས་པ་ཡིན་པའི་ཕྱིར། ཉན་ཐོས་རང་རྒྱལ་ས་གཉིས་ཤིན་ཏུ་འདས་བྱས་ནས་བདུད་དང་མུ་སྟེགས་ལ་སོགས་པས་ཟིལ་གྱི་མི་གནོན་པོའི་རྒྱལ་བ་རྣམས་ཀྱི་བྱང་ཆུབ་ཀྱི་རྒྱུ་ཁྱད་པར་གྱི་མཚན་ཉིད་མྱུར་དུ་འཐོབ ་སོ།། དད་པ་དྲང་ཤེས་རབ་ཡུལ་ལ་དྲུག་ཏུ་བསྒྲུབ་པ་ནི་བྱ་བ་ཡིན་ཞེས་བསྟན་པར་འགྱུརརོ།། ཆོས་ཐམས་ཅད་ཀྱི་སྔོན་དུ་དད་པ་འགྲོ་བ་མ་ཡིན་ནམ། ཇི་ལྟར་ཤེས་རབ་ཀྱི་བྱ་བ་ཡིན་ཞེ་མ། ལན་དུ་རྗེསུ་འགྲོ་བ་དང་ལྡོག་པའི་དཔེ་སྔོན ་དུ་འགྲོ་བའི་སྒོ་ནས་བསྟན་པའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་རྒྱ་མཚོར་འཇུག་པའི་གྲུ་ནི་ཆག་གྱུར་པ། མི་གང་རོ་འམ་རྩ་འམ་ཤིང་ནི་མི་འཛིན་པ། ཆུ་དབུས་འཇིག་པར་འགྱུར་ཏེ་ངོག་སུ་ཕྱིན་མི་འགྱུར།། ཡང་གང་ཞིག་རོ་ལ ་སོགས་པ་ལ་འཛིན་པ་དེ་ནི་བདེ་བར་ཕ་རོལ་ཏུ་ཕྱིན་པར་འགྱུར་ཏེ། དེ་ཐང་ལ་གནས་པར་དེ་ལྟར་དང་ལྡན་དང་བ་ཙེམ་ཐོབ་པ་གང་ཞིག་གིས་ནི་ཤེས་རབ་ཕ་རོལ་ཕྱིན་ཡུམ་རྗེས་མི་འཇུག་སྟེ། དམིགས་པ་ལ་སོགས་པ་མ་སྤངས་པས་འདོད་ཆགས་ལ ་སོགས་པའི་སྡུག་བསྔལ་རྒལ་དཀའ་བའི་ཕྱིར་འཁོར་བའི་རྒྱ་མཚོ་སྟེ། འཁོར་བ་དེས་དུས་ཐམས་ཅད་དུ་གནས་ཏེ། དད་པ་ཙམ་དུ་ས་ཕྱིན་ཅི་ལོག་མི་སྤྱོང་པའི་ཕྱིརོ།། སྐྱེ་བོ་ནི་འབྱུང་པོའོ།། རྒ་བ་ནི་རྙིངས་པའོ།། རང་གི་རིགས་འཐུན་པའི་རྒྱུན་འཆད ་པས་ན་འཆི་བའོ།། ཁུ་དང་བུ་མོ་ལ་སོགས་པ་དང་བྲལ་བས་ཡིད་མི་བདེ་བ་ནི་མྱ་ངན་ནོ།། དྲི་དག་ཉིད་རླབས་ཏེ་གང་གི་ཕྱིར་དེ་དག་གི་རིམ་པ་ནི་རྒྱ་མཚོའོ།། དེ་ལོ་དེ་སྐད་ཅེས་བརྗེད། དེ་བས་ན་སྦྱོར་ཞེས་བྱ་བའོ།། གང་ཞིག་དེ་ཡང་དད་པ་སྟོབསུ་གྱུར ་པས་ཤེས་རབ་ཕ་རོལ་ཕྱིན་མཆོག་ཟིན་པ་སྟེ། དངོས་པོ་རྣམས་སྒྱུ་མ་ལྟ་བུར་རྟོགས་པའི་ཕྱིར་དངོས་པོའི་རང་བཞིན་ལ་མཁས་པའོ།། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཀྱི་སྟོབས་ཀྱི་མྱ་ངན་ལས་འདས་པ་ཡང་མཐོང་བའི་ཕྱིར་དོན་དམ་པ ་མཐོང་བའོ།། དེ་བས་ན་དད་པ་དང་ཤེས་རབ་ཀྱི་སྟོབས་ལ་སོགས་པས་རིམ་པ་ཇི་ལྟ་བ་བཞིན་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ནོར་ཀུན་རྫོབ་ཏུ་ཡོངསུ་རྫོགས་པ་ནི་གྲུ་སྟེ། རབ་ཏུ་དགའ་བ་ལ་སོགས་པའི་རང་བཞིན་དེ་དག་དང་ལྡན་པ་ལ་དེ་སྐད་བརྗོད་དོ།། ་ཉན་ཐོས་ལ་སོགས་པའི་ཡུལ་མ་ཡིན་པས་མཆོག་ཏུ་རྨད་བྱུང་བ་དེ་གཤེགས་བྱང་ཆུབ་མྱུར་དུ་རེག།། ཁྱད་པར་གྱི་མཚན་ཉིད་དོན་དུ་གཉིས་བྱས་གཉིས་པོ་རྒྱུན་མི་འཆད་པར་དམིགས་པར་བྱའོ་ཞེས་བསྟན་པར་རིག་པར་བྱའོ།། དམིགས་པ་དང ་དམིགས་པ་མེད་པའི་དཔེས་རིམ་པ་ཇི་ལྟ་བ་བཞིན་དུ་རེས་འགའུ་བྱེད་པ་དང་། རྒྱུན་མྱི་འཆང་པར་བྱེད་པ་མི་མཐུན་པའི་ཕྱོགས་དང་གཉེན་པོ་གསལ་བར་བྱ་བའི་ཕྱིར་དེ་གཉིས་ཉིད་ཐོབ་པ་ནི་ཁྱད་པར་ཅན་གྱི་བཞིར་གྱུར་པ་སྔོན་དུ་འགྲོ་བ་ཡིན ་བར་བསྟན་པའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་ལ་ལ་རྫ་སོ་མ་བཏང་བཽ་ནུ་བསྐྱེད་ན། ཉམ་ཆུང་ཕྱིར་ན་མྱུར་དུ་འཇིག་པར་རིག་པར་བྱ་སྟེ། ཚུ་གཅུ་བར་མི་ནུས་པའོ།། སོ་བཏང་བུམ་པར་ཆུ་བསྐྱེད་ལམ་དུ་འཇིག་པ་ཡི། འཛིཊ ་པ་མེད་ཅིང་ཕྱི་མ་ལ་ཡང་སྦྱ་རོ།། ཕྱིན་པར་གྱུར་པ་ནི་བར་ཆད་ཀྱི་གནོད་པ་མེད་པར་གྱུར་པས་ཁྱིམ་དུ་བདེ་བྱར་རོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དང་པ་མང་གྱུར་ཀྱང་། ཤེས་རབ་རྣམ་པར་ཉམས་ནས་གཉི་སུ་ལྟུང་བས་མྱུར་དུ་མ་རུང་འགྱུརརོ།། ་དང་པ་དེ་ཉིད་ཀྱི་ཤེས་རབ་ཀྱི་དོན་ནི་ཆོས་རྣམ་པར་འབྱེད་པའི་མཚན་ཉིད་ཡོངསུ་ཟིན་གྱུར་ན་ཉན་ཐོས་ལ་སོགས་པའི་ས་གཉིས་ལས་ཤིན་ཏུ་འདས་ཏེ་བྱང་ཆུབ་མཆོག་ཐོབ་འགྱུར། བུམ་པ་སོ་མ་བཏང་བ་དང་བཏང་བས་མི་ཐོབ་པ་དང་། ཐོབ་པའི ་ཆོས་ཀྱི་རྟེན་མ་ཡིན་པ་དང་རྟེན་དུ་གྱུར་པ་བསྟན་པར་འགྱུ་རོ།། རྟེན་གཞན་ཡང་དད་པ་ལ་སོགས་པ་མ་ཡིན་ནམ། ཅིའི་ཕྱིར་དེ་གཉིས་ཁོ་ན་གཙོར་བསྟན་ཅེ་ན། ལན་འདི་དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་དཔེན་ཤིང་རྙིང་པ་དབྱུང་བ་ལ་སོགས་པའི་བཅོས་ལྕགས་མ་བྱས་པའི་གླུ་རྒྱ་མཚོ་ཆེན་པོར་ནོར་དང་བཅས་པར་འཇིག་པར་འགྱུ་རོ།། ཡང་གྲུ་ལེགས་པར་བཅོས་ལེགས་པར་བྱས་པ་དང་། མཐུན་པའི་རླུང་དང་ལྡན་པར་བྱས་ན ་མི་འཇིག་ནོར་དང་བཅས་པ་ངོགསུ་ཕྱིན་པར་འགྱུར་རོ།། དེ་ལྟར་བྱང་ཆུབ་སེམས་དཔའ་དད་པས་ཡོངས་བཟུང་ཡང་། ཤེས་རབ་མེད་ན་བླ་ན་མེད་པའི་བྱང་ཆུབ་དེ་ཐོབ་པར་འགྱུར་བ~ཾ་ལས་ཉམས་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ ་དྲང་བ་དེ་ཉིད་ཡོངས་བསྒོམས་པས་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལྡན་པ་ནི་བཟང་པོ་དང་ལྡན་པའོ།། དེ་ཉམས་ཤིང་གཞན་དུ་ལྟུང་བར་མི་འགྱུར་ཏེ། མ་རྨས་མ་ཉམས་པར་དེ་ཡང་རང་གི་ཐེག་པ་ལ་ཡང་དག་པར་ཞུགས ་པའི་ཕྱིར་དེ་བཞིན་ཉིད་རྒྱལ་བ་རྣམས་ཀྱི་བྱང་ཆུབ་མཆོག་ལ་རེག་པར་འགྱུར་ཏེ། གཉིས་པོ་ཁོ་ནས་གྲུབ་པས་མ་ཚང་བ་མེད་པ་ཡིན་པ་ཤེས་པར་བྱའོ།། ཟག་ལྡན་བྱས་པ་དང་མ་བྱས་པའི་གྲུས་འགྲུབ་པ་དང་མི་འགྲུབ་པ་དང་། ཚད ་བ་དང་མ་ཚང་བ་ཤེས་པར་བྱ་བའི་ཕྱིར། དེ་གཉིས་ཁོ་ན་ཡོངསུ་བཟུང་བར་བྱའོ་ཞེས་བསྟན་པའི་ཕྱིར། ལོ་བརྒྱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་སྐྱེས་བུ་གང་ཞིག་རྒས་ཤིང་གཉེར་མ་དང་ལྡན་པས་འཁོགས་པ ་ཟས་ལྔ་སོགས་པ་དང་མི་ལྡན་པས་སྡུག་བསྔལ་བ་ལོ་བརྒྱ་དང་ཉི་ཤུ་ལོན་པས་གང་གི་ཚེ་ཡང་ཇི་སྲིད་ན་སྟན་ལས་ལྡངས་ཀྱང་། དེ་བཞིན་དུ་ཡང་རང་གིས་རྒྱང་གྲགས་ཕྱེད་དམ། རྒྱང་གྲགསུ་གྲོགས་མེད་པར་ནུས་པ་མེད་པའི་ཕྱིར་འགྲོ་བར་ནུས ་པ་མ་ཡིན་སྟེ། དེ་ནི་གཡས་གཡོན་གཉིས་ཀྱི་ལུག་པ་གཉིས་མི་དག་གིས་བརྟེན་བྱས་པར་གྱུར་ན་དེའི་ཚེ་འགྱེལ་པའི་འཇིག་པ་མེད་ཅིང་སྲིད་དུ་འགྲོ་བར་བྱ་བའི་གནསུ་བདེ་བླག་ཏུ་ཕྱིན་པར་འགྱུར། དེ་བཞིན་བྱང་ཆུབ་སེམས་དཔའ་ཤེས་རབ་ལ ་འདི་ལྟར་རྨོངས་པས་སྟོབས་ཆུང་བ། གང་གི་ཚེ་ཡང་དད་པ་གྱིས་ཞུགས་པར་གྱུར་ཀྱང་། འདི་ལྟར་ཡང་ཆོས་ཉིད་ཀྱིས་མ་བཟུང་ཞིང་བྲལ་ན་ཉན་ཐོས་ལ་སོགས་པའི་སར་ལྟུང་བའི་བར་ཐོབ་པས་ཉམས་པར་འགྱུར་ཏེ་འཇིག་པར་འགྱུརརོ།། ། ་དེཉིད་ཐབས་དང་ཤེས་རབ་མཆོག་གིས་ལོངས་ཟིན་ན།། མི་ཉམས་ཏེ་དེ་བཞིན་གཤེགས་ཀྱི་སྟེ། ཁྱད་པར་གྱི་མཚན་ཉིད་རྟོགས་ནས་མིའི་དྲང་སྲོང་བཅོམ་ལྡན་འདས་ཀྱི་བྱང་ཆུབ་རེག་པར་འགྱུར་རོ།། དེས་ན་སྐྱེས་བུ་རྒྱས་པ་བརྟེན་པ་དང་མ ་བརྟེན་པའི་དཔེས་ཤེས་རབ་དང་ཐབས་ལ་མཁས་པས་ཡོངསུ་བཟུང་བ་དང་། མ་བཟུང་བ་དག་ཅི་རིགས་པར་འཁོར་བ་དང་མྱ་ངན་ལས་འདས་པར་ལྟུང་བ་དང་། མི་ལྟུང་བ་དང་གསལ་བར་བྱས་པས་བསྟན་པོའི་དོན་རྟོགས་པར་བྱའོ།། ལྗོན ་རིན་པོ་ཆེ་སྡུད་པ་ཚིགསུ་བཅད་པ་ལས་དཔེའི་ལེའུ་སྟེ་བཅུ་བཞི་པའི་བཤད་པའོ།། ། ཇི་སྐད་བསྟན་པའི་རིམ་པས་ཁྱད་པར་གྱི་ལ་མོ་ཐོབ་ནས་དམིགས་པའི་རོ་མྱོང་བ་མེད་པར་དགེ་བའི་བེ་ཤེས་གཉེན་གྱི་སྟོབས་ཀྱིས་བྱ ་མ་ཡིན་པ་མི་བྱེད་ཞེས་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་དང་པོའི་ལས་ཅན་ནི་ཁྱད་པར་གྱི་མཚན་ཉིད་ལ་ཞུགས་པའི་ཕྱིར་དང་པོའི་ལས་ཏེ་སར ་གནས་པ་གང་ཡིན་པའོ།། དགེ་བ་འདོད་པའི་ཕྱིར་ལྷག་པའི་བོསམ་པའོ།། སངས་རྒྱས་བྱང་ཆུབ་མཆོག་ཞུགས་པ་བླ་མའི་སྒྲོན་མི་འཛིན་པའི་ཕྱིར་སློབ་མ་བཟང་པོ་དེ་ཆར་གུས་པས་བླ་མ་ལ་གུས་ལྔནོ།། དགེ་བའི་བཤེས་གཉེན་དུས་ཐམས་ཅདུ ་བསྙེན་བཀུར་ལ་སོགས་པ་བྱས་པ་ཡིན་པར་རྙོག་པར་བྱའོ།། སེམས་སྲུང་བ་ཤེས་པ་ནི་མཁས་པའོ།། ཅིའི་ཕྱིར་དགེ་བའི་བཤེས་གཉེན་ལ་བསྟན་པར་བྱ་ཞེ་ན། ལན་དུ་མཁས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་དགེ་བའི་བཤེས ་གཉེན་དེ་ལས་ཁྱད་པར་གྱི་མཚན་ཉིད་ཀྱི་ཡོན་ཏན་འབྱུང་བར་འགྱུར་སྟེ། དེས་གདམས་ངག་དང་རྗེ་སུ་བསྟན་པས་སློབ་མ་དམིགས་པའི་རོ་མྱང་བ་མེད་པས་མཁས་པའོ།། དགེ་བོའི་བཤེས་གཉེན་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་རྗེསུ་སྟོན། དེ་བྱོས་ན་སངས་རྒྱས་རྣམས་ནི་ཁྱད་པར་གྱི་མཚན་ཉིད་ཀྱི་རང་བཞི་ནོ།། སྒྲིབ་པ་ཐམས་ཅད་སྤངས་པའི་ཕྱིར་ཡོན་ཏན་གྱི་མཆོག་དགེ་བའི་བཤེས་གཉེན་ལ་བསྟན་ཏོ་ཞེས་རྒྱལ་བ་དེ་སྐད་གསུང་།། དེ་བས་ན་དེ་བསྙེན་བཀུར་བྱ་བ ་ཡིན་པར་དགོང་སོ།། དེ་དག་གིས་གདམས་ངག་དང་རྗེ་སུ་བསྟན་པ་ཅི་འདྲ་བ་ཞིག་ཅེ་ན། སྦྱིན་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦྱིན་པ་ལ་སོགས་པའི་ཆོས་ཐམས་ཅད་བསྡུས་པའི་རང་བཞིན་མི་དམིགས་པ་ལ་ཞུགས་ཏེ། ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམས་ལས་དང་བྱེད་པ་པོ་དང་བྱ་བ་མི་དམིགས་པས་ཡིན་སྟེ། རང་བཞིན་གཞན་དུ་འགྱུར་བའི་ཕྱིར་ས་དང་པོ་ལ་སོགས་པ་ལ་དམིགས་པའི་རོ་མྱང་བ་སྤངས་ནས་བྱང་ཆུབ་ཀྱི་རྒྱུར་ཡོངསུ་བསྔོ་བར་གྱིས་ཤིག་པའོ།། བྱང་ཆུབ ་ཕུང་པོ་ནི་ཟག་པ་མེད་པའི་འབྲས་བུར་གྱུར་པ་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པའི་རིགས་པས་རྣམ་པར་གཞག་པ་དཔྱད་ནས་ཕྱིས་རྣམ་པར་དཔྱད་པས་ངེས་པ་ན་འཛིན་པར་མ་བྱེད་ཅེས། དང་པོའི་ལས་ཅན་དེ་དག་ལ་རིགས་པས་ངེས་པར་སྒྱུམ། ་ལྟ་བུར་རྟོགས་པའི་ཕྱིར་དང་པོ་རབ་ཏུ་སྦྱོར་བ་བསྟན་པས་དེ་སྐད་བསྟན་པར་བྱ་བ་ཉིད།། གཞན་དུ་ན་དད་པ་ཙམ་ཡང་མེད་པར་འགྱུར་རོ།། རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཤེས་པ་ཁྱད་པར་གྱི་མཚན་ཉིད་བསྟན་ནས། འཇུག་ཐོགས་ཀྱི ་དོན་ཕུན་སུམ་ཚོགས་པ་ལ་སྦྱོར་བ་རྣམས་ཀྱི་ཕན་པ་ལ་སོགས་པ་བྱེད་པའི་མཚན་ཉིད་བསྟན་པའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་ཤེས་པའི་མཚན་ཉིད་ཡོངསུ་ཤེས་ནས་སྦྱོར་བ་རྣམས་བསྒོམས་པའི་སྟོབ ་ཀྱིས་བྱང་ཆུབ་སྡེ་དེའི་སྤྱོད་པའི་ཆོས་བསྟན་པས་མ་འོངས་པའི་བདེ་བ་ཐོབ་པ་ནི་སྟོ་ནོ།། ཡོན་ཏན་གྱི་ཚོགས་རྟོགས་པར་དཀའ་བའི་ཕྱིར་རྒྱ་མཚོའོ།། ད་ལྟར་བྱུང་བའི་བདེ་བ་ཐོབ་པས་དགའ་བའི་ཕྱིར་སྨྲ་བའི་ཟླ་བའོ།། ཡང་དག་པར་སྨིན་པར ་མི་འགྱུར་བའི་ཕྱིར་ཆོས་ཉིད་ལ་འཇོག་པར་བྱེད་པའི་ཕྱིར་དོན་བྱེད་པས་ན་སེམས་ཅན་གྱི་འཇིག་རྟེན་གྱི་སྐྱབ་སོ།། དེ་བཞིན་དུ་ཤིན་ཏུ་ཕན་པ་ཀུན་ནས་འབྱུང་བའི་རྟེན་ཡིན་པའི་ཕྱིར་དཔུང་གཉེནོ།། སྡུག་བསྔལ་གྱི་རྒྱུ་སེལ་བའི་དོན་གྱི་རྟེན་དུ ་འཇུག་པའི་ཕྱིར་གན་སོ།། འཁོར་བུ་དང་མྱ་ངན་ལས་འདས་པ་མཉམ་པར་རྟོགས་པར་ཁྱད་པར་དུ་འགྲོ་བས་སངས་རྒྱས་ཀྱི་རྒྱུ་ཡིན་པའི་ཕྱིར་རྟེན་དང་བློའོ།། ཆུ་སྤངས་ནས་དམ་པའི་ཆོས་ཀྱི་སྐམ་ས་མཐའ་གཉིས་སྤངས་པ ་བདག་དང་གཞན་གྱི་དོན་ཐོབ་པའི་རྟེན་དུ་གྱུར་པ་སྟེར་བས་གླིང་།། སྒོ་འདྲེན་པར་གྱུར་པས་གཞན་གྱི་དོན་རབ་ཏུ་བསྐྱེད་པའི་ཕྱིར་ཡོངསུ་འདྲེན་པའོ།། སོན་གྱི་དོན་ལ་མཚན་མ་མེད་པར་ལྷུན་གྱིས་གྲུབ་པར་འཇུག་པ་ཉེ་བར་སྡུད་པའི་ཕྱིར་དོན་འདོད་པའོ།། ། ་ཐེག་པ་ཐམས་ཅད་ཀྱི་ངེས་པར་འབྱུང་བ་ཡང་མངོན་སུམ་དུ་མི་བྱེད་ཅིང་བྱང་ཆུབ་ཀྱི་ལམ་གསལ་བར་བྱེད་པས་ན་གསལ་བྱེད་སྒྲོན་མའོ།། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་གཏམ་གྱི་གཞི་དང་སྒོ་ཡིན་དེའི་ཕྱིར་ཆོས་མཆོག་སྨྲ་བའོ།། དེ་ཉིད་ཀྱི་ཕྱིར ་བདུད་དྲང་མུ་སྟེགས་ལ་སོགས་པས་འཁྲུག་པར་མི་ནུས་པས་ན་མི་འཁྲུགས་པའོ།། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱེད་པ་ནི་བྱ་བ་ཡིན་པས་གྲང་གིས་དེ་ལྟ་བུའི་རང་བཞིན་ཡོངསུ་ཤེས་པས་ཅི་འདྲ་བའི་བདག་ཉིད་སྒྲུབ་པར ་བྱེད་པའི་རང་བཞིན་བསྟན་པ་སྔོན་དུ་འགྲོ་བས་རང་གི་མཚན་ཉིད་བསྟན་པའི་ཕྱིར། གྲགས་ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ཉིད་ཆེ་བ་ཐོབ་པའི་ཕྱིར་གྲགས་ཆེན་ལྡན་པ་ནི་བྱང་ཆུབ་སེམས་དཔའོ།། སྡུག་བསྔལ་དང་དུ་ལེན་པའི ་ཕྱིར་བྱ་དཀའ་བ་ལ་རབ་ཏུ་སྦྱོར་བའི་རང་བཞིན་ཅ་ནོ།། འབད་པས་སྐབས་པའི་ཕྱིར་གོ་ཆའོ།། གང་བསྒོམ་པར་བརྩོན་པ་ནི་གོ་ཆ་གྱོན་བྱེད་དོ།། མི་མཐུན་པའི་ཕྱོགས་དམིགས་པ་མེད་པས་ཕུང་པོ་ལྔ་དང་། སྐྱེ་མཆེད་བ་ཅུ་གཉིས་དང་། ཁམས་བཅོ་བརྐྱད ་རྣམས་ཀྱི་གོ་ཆ་མྱིན་ཏེ། གཉེན་པོར་མངོན་པར་ཞེན་པ་དང་བྲལ་བྱས་ཉན་ཐོས་ལ་སོགས་བུ་ཐེག་གསུམ་འདུ་ཤེས་བྲའོ།། ཡང་དེ་ལྟ་བས་ན་དོར་བར་བྱ་བ་དང་བླང་བར་བྱ་བའི་ཆོས་ཡོངསུ་འཛིན་པ་དང་བྲལ་བའི་ཕྱིར་ཡོངསུ་བཟུང་བ་མེདོ།། རང ་གི་དོན་ཕུན་སུམ་ཚོགས་པ་ལས་ལྡོག་པ་མེད་པའི་ཕྱིར་མི་ལྡོག་པའོ།། གཞན་གྱི་དོན་ཕུན་སུམ་ཚོགས་པ་ལས་མི་གཡོ་བའི་ཕྱིར་གཡོ་བ་མྱེད་ཅིང་ངོ་།། གཉི་གའི་དོན་ཕུན་སུམ་ཚོགས་པ་ཇི་ལྟ་བ་བཞིན་དུ་བྱེད་པ་དང་མི་འབྲལ་བའི་ཕྱིར་མི་འཁྲུར ་ཆོས་ཅན།། རང་བཞིན་ཇི་ལྟ་བུ་ལ་སྦྱོར་ཞེ་ན། དེ་དགྲ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་འདི་འདྲ་ནི་སྟོན་པར་འགྱུར་བའོ།། སྦྱོར་བ་བསྒོམས་པའི་སྟོབས་ཀྱིས་ཉོན་མོངས་པ་ལ་སོགས་པ་སྤངས་པའི་རང་གི་མཚན་ཉིད་ནི་ཆོས་ཉིད་ལྔནོ།། ། ་རྣམ་པར་མི་རྟོགས་པའི་ཡེ་ཤེས་ཐོབ་པས་ན་སྤྲོས་པ་མེད་པའོ།། ཐེ་ཚོམ་དང་། བརྫུན་དང་། ཕྱིན་ཅི་ལོག་སྤངས་པས་ཐེ་ཚོམ་ཡིད་གཉིས་བྲའོ།། ཡང་དག་པའི་ཤེས་པ་དང་ལྡན་པའི་ཕྱིར་དོན་ལྡ་ནོ།། ཤེས་རབ་ཕ་རོལ་ཕྱིན་པ་ཐོས་ནས་ཏེ། རྟོགས ་པ་ཐོབ་པ་ནས་མི་ནུར་བའོ།། དེ་ཉིད་ཀྱི་ཕྱིར་གཞན་གྱི་དྲིང་མི་འཇོག་ཅིང་རང་གི་ས་ལས་ལྡོག་པ་མེད་པས་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ།། དེ་ལྟ་བུར་གྱུར་པ་ནི་བདེ་བཱ་རཱི་གཤེགས་པའི་གནས་པར་གྱུར་པ་སྤངས་ནས་རྣམ་པ་ཐམས་ཅ ་ཀྱི་རང་བཞིན་ཅུང་ཟད་ཀྱང་མངོན་སུམ་དུ་མི་བྱེདདོ།། ཞེས་བསྟན་པའི་ཕྱིར་འདྲེན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་འདི་དག་གི་རང་བཞིན་སྒྱུ་མ་ལྟ་བུ་ཡིན་པའི་ཕྱིར་ཟབ་སྟེ་རྟོགས་པར་དཀའ་བོ་ཉིད་ཀྱིས་མཐོང་བར་དཀའ་བ་བཅྡོཾས ་ཀྱིས་ཞེས་བྱ་བར་འབྲེལ་ཏོ།། གཞན་སུས་ཀྱང་སྟེ་ཉན་ཐོས་ལ་སོགས་པས་རྣམ་པ་ཐམས་ཅད་རྟོགས་པ་མེད་པས་ཅུང་ཟད་ཐོབ་པ་ཡང་མེད་ཅིང་། འཐོབ་པར་འགྱུར་བ་ཡང་མེད་པའི་ཕྱིརརོ།། དེའི་ཕྱིར་འདི་ལྟར་སོན ་གྱི་དོན་གཙོར་མཛད་པས་དེ་བཞིན་གཤེགས་པ་ཉིད་ཞར་ལ་བསྙེས་པས་ན་བྱང་ཆུབ་བརྙེས་ཀྱང་སེམས་ཅན་ཐམས་ཅད་རྗེ་སུ་འཛིན་པས་ན་ཕན་མཛད་གཙེར་ལྡན་ཏེ་བཅོམ་ལྡན་འད་སོ།། སྦྱོར་བའི་ངོ་བོ་རང་གི་མཚོན་ཉིད་ལས་མ་གཏོ ་པའི་གྲོལ་བ་མི་རིགས་པའི་ཕྱི་རོ།། སེམས་ཅན་གྱི་ཚོགས་སུས་ཀྱང་རང་གི་མཚན་ཉིད་ཀྱིས་ཆོས་བསྟན་པ་འདི་མི་ཤེས་ཏེ། འོན་ཀྱང་འདི་དག་ནི་དམིགས་པ་ལ་མངོན་པར་ཞེན་པའི་ཕྱིརརོ་སྙམ་དུ་སེམས་ཅན་གྱི་དོན་ལ་ཉེ་བར་སྦྱོར་བ ་ལ་ཐུགས་ཁྲལ་ཆུང་བར་མཛོད། དེ་བྱས་ན་ཆེས་བསྟན་པའི་ཐུགས་མ་འཁྲུངས་པ་དེ་ལྟ་བུ་ལ་ཡང་ཚངས་པས་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་པ་ཡིནོ།། དེ་ལྟ་མོད་ཀྱི་སེམས་ཅན་གྱི་ཆོས་ཇི་ལྟ་བུ་དང་ལྡན་ཞེ་ན། ་སེམས་ཅན་རྣམས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་ཡང་སེམས་ཅན་རྣམས་ནི་འདོད་ཆགས་ལ་སོགས་པའི་གཞི་ལ་མངོན་པར་ཞེན་པ་སྟེ་ཉེས་པར་མྱི་ལྟ་བྱས་ན་དགའ་ཞིང་ངོ་།། ཡུལ་རྣམས་འདོད་པ་ནི་དེ་ལ ་སྟོན་དུ་ལྟ་བའི་ཕྱིར་ཡིད་ལ་བྱེད་པ་མི་སྤོང་བས་འཛིན་པོ་ལ་གནས་པའོ།། མི་ཤེས་པ་དང་ལྡན་པས་ན་མི་མཁས་པའོ།། ཐེ་ཚོམ་གྱི་ཤེས་པ་ཡོད་པས་ན་བླུན་རྨོངས་པའོ།། ལོག་པའི་ཤེས་པ་དང་ལྡན་པའི་ཕྱིར་མུན་པ་བཞི་ནོ།། ་ལྟར་ཡང་ངོ་བོ་ཉིད་ཀྱི་ཆོས་རྟོགས་པ་ནི་འདོད་ཆགས་ལ་སོགས་པའི་གཉེན་པོ་ཡིན་པའི་ཕྱིར་གནས་མདོ།། ཤེས་བྱའི་སྒྲིབ་པ་རྩ་བ་ནས་མེད་པའི་ཕྱིར་འཛིན་མེད། ཐོབ་པར་བྱ་བའི་ཕྱིར་སངས་རྒྱས་ལ་སོགས་པ་དང་། འཇིག་རྟེན་པ་དག་ཅིག་འདི ་ལས་བཟློག་པ་མཚན་ཉིད་མི་མཐུན་པ་ཚད་མས་གནོད་པ་མེད་པའི་ཕུང་པོ་ལྔ་པོ་བདག་མེད་པི་ཙོག་ཅར་བསྟན་ན་རྩོད་པ་འབྱུང་བས། རྒྱལ་པོའི་བཙུན་མོ་ཡུདྲི་དུ་འོང་བ་ཤྲི་བ་བརྡ་སྤྲོད་པའི་ཚུལ་གྱིསོ།། ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགསུ་བཅད་པ་ལས་ལྷའི ་ལེའུ་སྡེ་བཅོ་ལྔ་བའི་བཤད་པའོ།། །། འདི་ལྟར་གང་གི་ཚེ་སེམས་ཅན་ཐ་དད་པར་ཤེས་པས་ཐ་དད་པར་རྟོགས་པའི་ཕྱིར་སྤྱོད་པའི་རང་བཞིན་བྱེ་བྲག་ཏུ་འགྱུར་ཞེ་ན། ན་མཁའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།། ་དཔེར་ན་ན་མཁའི་ཁམས་ནི་ཤར་གྱི་ཕྱོགས་དང་། དེ་བཞིན་དུ་ལྷོའི་ཕྱོགས་དང་། ནུབ་ཀྱི་ཕྱོགས་དང་། བྱང་ཕྱོགས་དང་། སྟེངྒ་དང་འོག་དང་མཚམས་བཞི་དང་བཅུའི་རང་བཞིན་དུང་། མཐར་ཐུག་པའི་མཐར་བྱེད་པསྣ་ནི་མཐའ་ཡས་པའོ།། དེ་བཞིན་དུ ་ཕྱོགས་བཅུ་རྣམས་ན་ཡང་ན་མཁའ་ཡོད་པ་དེའི་སྤྱིའི་མཚན་ཉིད་དང་བྲལ་བའི་ཕྱིར་ཐ་དད་པར་གྱུར་པ་མེད་ཅིང་།། རང་གི་མཚན་ཉིད་དང་བྲལ་བསྔ་ཡང་བྱེ་བྲག་ཏུ་གྱུར་པ་མེདོ།། འཇིག་རྟེན་པ་ལ་གྲགྲོས་པའི་དཔེས་བསྟན་ནས། འཇིག་རྟེན ་འདས་པའི་དཔེས་ཤེས་པར་བྱ་བའི་ཕྱིར། འདས་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདས་པ་དང་། འདས་པའི་དངོས་པོའི་དེ་བཞིན་ཉིད་གང་ཡིན་པ་དང་། མ་འོངས་པ་སྟེ། མ་ཐོབ་པའི་དེ་བཞིན་ཉིད་གང་ཡིན་པ་དང་། ད་ལྟར་སྟེ ་ད་ལྟར་བྱུང་བའི་དེ་བཞིན་ཉིད་གང་ཡིན་པ་དང་། དགྲ་བཅོམ་པ་སྟེ། ཟག་པ་ཟད་པའི་དེ་བཞིན་ཉིད་གང་ཡིན་པ་དང་། དེ་དག་ལས་བཟློག་པའི་ཆོས་ཀུན་གྱི་དེ་བཞིན་ཉིད་གང་ཡིན་པ་དང་། གང་ཡང་རྒྱལ་བྱའི་དེ་བཞིན་ཉིད་གང ་ཡིན་པ་དང་། བསྟན་མ་ཐག་པའི་ཆོས་ཐམས་ཅད་ཀྱི་བདག་ཉིད་དེ་བཞིན་ཉིད་ལུས་རྣམ་པར་གྲོལ་བ་ཐ་དད་པ་མེད་དེ། བྱེ་བྲག་ཏུ་གྲུབ་པའི་ཚད་མ་དང་བྲལ་བའི་ཕྱིར་བྱེ་བྲག་ཏུ་མི་འགྲུབ་པོ།། དེ་བཞིན་དུ་སྦྱོར་བའི་རང་བཞིན་མངོན་སུམ་དུ་བྱས་པ ་མང་ཡང་གཅིག་ཁོ་ན་ཡིན་པར་དགོད་སོ།། ཇི་སྐད་བསྟན་པའི་མཚན་ཉིད་ཡོངསུ་ཤེས་པ་ནི་ཐར་པའི་ཆུ་དང་མཐུན་པའི་དགེ་བོའི་རྩ་བ་དང་ལྡན་པས་ཐར་པའི་ཚྭ་དང་མཐུན་པའི་དགེ་བའི་རྩ་བ་བསྟན་པར་བཞེད་ནས། བདེ་གཤེགས་ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་ཞིག་རུང་གི་མཚན་ཉིད་ཡོངསུ་ཤེས་པ་ལས་མངོན་སུམ་དུ་ཐོབ་པར་འདོད་པ་ཐམས་ཅད་མི་དམིགས་པ་འདི་ནི་བདེ་གཤེགས་བྱང་ཆུབ་ཟླ་དང་ཆོས་དང་བྲལ་བས་གྱུར་པ་དེས་མཚན་མ་མྱེང ་པའི་ཡེ་ཤེས་དམིགས་པ་མེད་པའི་རྣམ་པ་ཅན་གྱི་སྦྱིན་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་ཐོབ་པར་བྱ་བྱའི་ཕྱིར་དད་པ་རབ་ལ་སོགས་པའི་ཆོས་དང་ལྡན་པ་ནི་ཐབས་དང་ལྡན་པའོ།། དངོས་པོ་མ་ལུས་པའི་རྣམ་པ་ཐམས་ཅད་ཡོངསུ ་ཤེས་པ་ནི་ཤེས་རབ་ཕ་རོལ་ཕྱིན་ལ་སྦྱོར་རོ།། གང་གི་ཕྱིར་ཤེས་རབ་མེད་པ་ནི་ཉེ་བར་མཚོན་པ་སྟེ། དད་པ་རབ་ལ་སོགས་པ་མེད་པ་ན་ཡང་མིའི་འདྲེན་པ་ཐོབ་པར་འགྱུར་བ་མ་ཡི་ནོ།། སངས་རྒྱས་ཐོབ་པར་བྱེད་པ་གཞན་ཡང་ཡོད་པ་མ ་ཡིན་ནམ། ཅིའི་ཕྱིར་ཐབས་དང་ཤེས་རབ་གཉིས་ཁོ་ན་བསྟན་ཅེ་ན། ལན་དབུ་སྔོན་དུ་འགྲོ་བས་བསྟན་པའི་ཕྱིར། བྱ་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་བྱ་ཞིག་དཔག་ཚད་བརྒྱ་ལ་སྩོགས་པའི་ལུས་ཆེ་བ་ནི་དཔག་ཚད་བརྒྱ་རྩ་ལྔ་བཅུ ་ཐོབ་པར་གྱུར་པའོ།། འད་བ་གུ་ཤོག་མ་སྐྱེས་ཤིང་ཉམ་ཆུང་བ་ནི་བདབ་གཤོག་ཟད་དེ་ཉམས་རྩལ་ཡོད་མོ་ནི་ནཱའོ།། དེ་ཡིས་སུམ་ཅུ་རྩ་གསུམ་པའི་གནས་ལ་སོགས་པ་ནས་འཛི་མྦྷིའི་གླིང་འདིར་གནས་པར་བྱའོ་སྙམ་ནས། གྲང་གི་ཚེ་བདག་ཉིད ་མཆོངས་ནས་ལྷུང་བ་དེའི་ཚེ་དེའི་འདབ་གཤོག་མ་ཚུང་བས་ཉམ་ཉེས་འགྱུར་བ་ཡིན། དེ་བཞིན་དུ་གང་གི་ཚེ་ཡང་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་རྒྱལ་བ་རྣམས་ཀྱིས་བསྐལ་བུ་བྱེ་བ་ཁྲག་ཁྲིག་མང་པོར་ཡོངསུ་རྫོགས ་པར་བསྒྲུབ་པར་བྱས་ཤིང་སྨོན་ལམ་རྣམ་པ་དུ་མའི་ཕྱིར་མཐུའ་ཡས་པའོ།། ཤིན་ཏུ་རྒྱ་ཆེ་བའི་ཚུ་ཁ་ད་མཱི་ཊ་བའི་ཕྱིར་རྒྱ་ཆེ་ནོ།། གོ་རྨོ་པཱ་བྱས་བཱན་\ུ0f7f་ནོ།། དེ་བཞིན་དུ་སྔར་ཡང་བསྟན་པའི་ཐབས་དང་བྲལ་བས་ན་ཐབས་མདོ།། ཇི་སྐད་བསྟན་པའི་ཤེས་རབ་སྤངས་པ ་ཤེས་རབ་བྲའོ།། གཤོག་པུ་གཉིས་པོ་དེ་མ་ཆུང་བས་ཉན་ཐོས་ཉི་དུ་ལྷ་ངོ།། དེ་བས་ན་བླ་ནཱ་མེད་པའི་ས་ལས་ཉམས་པར་འགྱུར་རོ།། དེའི་ཕྱིར་ཤེས་རབ་དང་ཐབས་གཉིས་ཁོ་ན་གཙོ་བོ་ཡིན་པར་གསལ་བར་མཛ་།། ཐར་པའི་ཆ་དང་མཐུན་པ་ཐོབ་ན། ་བརྩོན་པ་གང་ཡིན་པ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྐྱེ་བས་ངེས་པར་འབྱེད་པའི་ཡན་ལག་བསྟན་པ་བཞད་ནས། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དྲོ་བ་ལ་སོགས་པ་ནི་ངེས་པར་འབྱུང་།། ཡང་བྱང་ཆུབ་སེམས་དཔའ ་གང་ཞིག་ཡང་དག་པར་སངས་རྒྱས་ཀྱི་ཡེ་ཤེས་འདོད་པ་དེས་ཐོག་མར་དྲོ་བ་བསྐྱེད་པའི་ཕྱིར་རྗེ་སུ་ཆགས་པས་ཞེན་པ་མེད་པར་སེམས་སྙོམས་པའོ།། འདིར་འགྲོ་བ་ཐམས་ཅད་ལ་དམིགས་པའི་རང་བཞིན་ཡིན་པས་པ་རོ ་གནོན་པའོ།། ཕར་འདུ་ཤེས་པའི་ཕྱིར་ཕར་འདུ་ཤེས་པའོ།། མར་འདུ་ཤེས་པའི་ཕྱིར་མར་འདུ་ཤེས་པའོ།། མ་འོངས་པའི་དོན་ཤེས་པའི་ཕྱིར་ཕན་པའི་སེམ་སོ།། ད་ལྟར་བྱུང་བའི་དོན་ལ་ཡིད་མངོན་དུ་ཕྱོགས་པའི་ཕྱིར་བྱམས་པའི་སེམས་ཀྱི་ཕ་རོལ ་གནོན་པའོ།། ཞེ་སྡང་དང་འཚེ་བ་མེད་པས་ཐ་བ་མ་ལུས་པར་བྱེད་པའོ།། སྤུན་དང་སྲོང་མོ་ལ་སོགས་པར་འདུ་ཤེས་པའི་ཕྱིར་དྲང་བས་ཕ་རོལ་གནོན་པའོ་ཞེས་སྔ་མ་དང་འབྲེལ་ཏོ།། རྩེ་མོ་ལ་སོགས་པ་ཐོབ་པར་བྱ་བའི་ཕྱིར་བདག་ཉིད་སྒྲུབ་ཅིང ་གཞན་དག་ཀྱང་དགེ་བ་ལ་སྦྱོར་ཞིང་རྟག་ཏུ་འཇམ་པོས་འབོད་པས་འཇམ་པོར་སྨྲ་བའོ།། འདྲིར་ཁྱད་པར་གྱི་ལམ་གྱི་རང་བཞིན་མ་ཡི་ནོ་ངེས་པར་འབྱེད་པའི་ཆ་ལ་སོགས་པ་བསྟན་པར་ཇི་ལྟར་རིགས་ཞེ་ན། ས་བརྒྱད་པ་ལཱ་མཚན་མ ་མེད་པར་ལྷུན་གྱིས་གྲུབ་པ་ཐོབ་པས་རེ་ཞིགི་དུསུ་སེམས་ཅན་གྱི་དོན་རྒྱུན་ཆད་པ་སྤང་བའི་ཕྱིར་གང་སེམས་མཉམ་པ་ལ་སོགས་པའི་རྣམ་པ་སྒྱུ་མ་ལྟ་བུ་དེས་སེམས་ཅན་ལ་དམིགས་པ་ལ་སོགས་པ་ཁྱད་པར་གྱི་ལམ་ཉིད་རྟུལ་པོ ་ལ་སོགས་པའི་རིམ་གྱིས་སྐྱེ་བ་ཡིན་གྱི་ཅིག་ཅར་མ་ཡིནོ་ཞེས་བསྟན་པའི་ཕྱིར་ངེས་པར་འབྱེད་པའི་ཆ་ལ་སོགས་པར་བཏགས་ནས་འདིར་བསྟན་པ་ཡིན་པར་གཟུང་བར་བྱའོ།། ཕྱི་མ་རྣམས་ལ་ཡང་ཇི་ལྟར་སྲིད་པ་བཞིན་རིག་པར་བྱའོ།། ་ཞེས་བྱ་བར་དགོང་སོ།། ཡོན་ཏན་རིན་པོ་ཆེ་སྡུད་པ་ཚོགསུ་བཅད་པ་ལས་དེ་བཞིན་ཉིད་ཀྱི་ལེའུ་སྟེ་བཅུ་དྲུག་པའི་བཤད་པའོ།། ། ཕྱིར་མི་ལྡོག་པ་བྱང་ཆུབ་སེམས་དཔའི་དགེ་འདུན་ཇི་སྐད་བསྟན་པའི་ངེས་པར་འབྱེད་པའི་ཆ་ལ་སོགས་པ ་དང་། མཐོང་བའི་ལམ་ལ་སོགས་པ་ལ་གནས་པ་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ཡིན་པར་བསྟན་ཏོ།། དེ་ཡང་སྦྱོར་བའི་ལམ་ནི་ངེས་པར་འབྱེད་པའི་ཆུ་ལ་གནས་པའོ།། དེ་བཞིན་དུ་མཐོང་བའི་ལམ་ལ་གནས་པ་དེ་ནི ་ཆོས་ཤེས་པའི་བཟོད་པ་ལ་སོགས་པའོ།། རྒྱན་གཞན་ནི་སྒོམ་པའི་ལོམ་ལ་གནས་པ་ཡིནོ་ཞེས་གནས་སྐབས་དཱ་མར་རྣམ་པར་གཞའོ།། དེ་ལ་ཕྱིར་མི་ལྡོག་པའི་སྤྱིའི་མཚན་ཉིད་ཞུས་པ་ནི་འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག ་རྟེན་མགོན་ལ་གནས་བརྟན་རབ་འབྱོར་ཡོངས་ཞུས་པ། ཅི་བདག་དང་གཞན་གྱི་ཐ་ཚོམ་བསལ་ནས་མ་འཁྲུལ་པར་གྲུབ་པའི་རྒྱ་མཚན་ཉོན་མོངས་པ་མེད་པའི་རྟགས་ཏེ་ལུས་ཀྱི་རྟག་སོ།། དེ་ནི་འདིར་ཉེ་བར་མཚོན་པ་ཡིན་ཏེ། རྣམ་པ་ནི་གཉེན་པོ ་ཡིན་པར་གཟུང་།། མཚན་མ་ནི་དགོས་པ་གནས་པའོ།། སྟོན་དཔག་ཏུ་མེད་པའི་རང་བཞིན་གྱི་སྐུ་མངའ་བའི་ཕྱིར་སྟོན་ཕྱོགས་ཙ་མོ།། དུས་གཅིག་ལ་བཅོམ་ལྡན་འདས་ཁྱོད་ཀྱིས་བསྟན་དུ་གསོལ།། བདག་དང་གཞན་གྱི་དོན་ཕུན་སུམ་ཚོར ་པ་ལ་སྦྱོར་བའི་ཕྱིར་མཐུ་ཆེ་བ་དག་གོ།། བྱང་ཆུབ་སེམས་དཔའ་རྟགས་ལ་སོགས་པ་དང་ཇི་ལྟར་ལྡན་པ་འགྱུར་ཞེའོ།། རྒྱལ་བའི་སྲས་རྣམས་བླ་ན་མེད་པའི་བྱང་ཆུབ་ལས་ལྡོག་པ་མེད་པར་འགྱུར་བ་ནི་སླར་ལྡོག་པར་མི་འགྱུར་རོ།། དེ་ལྟར ་ན་རྟགས་ལ་སོགས་པའོ།། གཉེན་པོའི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་གཟུགས་ལ་སོགས་རྣམས་ལོག་པ་ནི་ལྗོན་ཕྱོགས་ཙ་མོ།། གསལ་བར་རྟོགས་པའི་ཆེད་ཀྱི་བཅོམ་ལྡན་འདས་ཀྱིས་ལུང་བསྟན་དུ ་གསོལ་ཞེས་པའོ།། དེ་ལ་རེ་ཞིག་ངེས་པར་འབྱེད་པའི་ཆ་ལ་གནས་པའི་ཕྱིར་མི་ལྡོག་པའི་མཚན་ཉིད་བསྟན་པར་བཞེད་ནས་ཅི་རིགས་པར་ལྡན་ཚིགས་སྨྲའོ།། བྱང་ཆུབ་སེམས་དཔའ་དེ་དགེ་སྦྱོང་སྐྱེ་བོ་ལ་སོགས་པ་དགེ་སྦྱོང་དང་བྲམ་ཟེ་ལ ་སྐྱསྒྲུབསུ་འགྲོ་བ་དང་། ཉན་ཐོས་ལྔ་སོགས་པོ་ལ་རྟེན་པར་མི་བྱེད།། ལོག་པར་ལྟེ་བ་ལ་སོགས་པ་སྦྱངས་ཏེ་དོར་བུར་བྱ་བ་དང་། བླང་བར་བྱ་བའི་དེ་ཁོ་ན་ཉིད་ཡོངསུ་ཤེས་པས་ན་མཁས་པའོ།། ངན་སོང་གསུམ་ནི་ཉེ་བར་མཚོན་པ་སྟེ། མི་ཁོམ ་པ་བརྒྱད་སྤངས་ཏེའོ།། རྟག་ཏུ་ནི་འཇིག་རྟེན་ལྡིདི་རོ།། དེ་དུག་བློ་དག་དང་གཞནུ་གཉིས་ཀ་གཅིག་ཏུ་སྲོག་གཅོད་པ་སྤོང་བ་ལ་སོགས་པ་བཅུ་པོ་རྣམས་ལ་འགྱོད་ཅིང་རྒྱལ་བའི་སྲས་དགྲ་བ་བཅུའི་ལས་ཀྱི་ལམ་དུང་ལྡན་པས་བརྩོན་པའོ།། སེན ་ཐམས་ཅད་ཀྱི་ཡུལ་ལ་སྦྱིན་པ་ལ་སོགས་པ་ཡོངསུ་བསྔོ་ཞིང་འབྲས་བུ་ལྔ་སོགས་པ་ལ་ལྟོས་པ་མེད་པའི་སེམས་ཀྱི་ས་ཏེ། ཟང་ཟིང་མེད་པར་འགྲོ་བ་ལ་ཆོས་ཀྱི་སྦྱིན་པ་རྗེསུ་སྟོན་ཏོ།། ཡང་ཆོས་ཟབ་མོ་ལ་ཐེ་ཚོམེ་མེད་པར་གཅིག་ཏུ་སྒྱུ ་མ་ལྟ་བུའི་ཆོས་ངེས་པས་ན་དགའ་ཞིང་།། བྱམས་པའི་ལུས་དང་ངག་དང་ཡིད་ཀྱི་ལས་དང་ལྡན་པས་སྙན་པར་སྨྲ་བས་ཚིག་འཇམ་ལྡནོ།། འགྲོ་འཆག་ཉལ་དང་འདུག་པར་ཤེས་བཞིན་རབ་ཏུ་ལྡན་ཏེ། རབ་ནི་ཡང་དག་པ་སྟེ། དེ་ནི་བས ་རིས་ཀྱི་མཐར་ཐུག་པར་འགྲོ་བས་ཤེས་པའོ།། ཤེསུ་བཞིན་གྱི་སྒྲོག་ཆགས་ལ་སོགས་པ་མཐོང་ནས་གསལ་བའི་ཕྱིར། གཉའ་ཤིང་གང་ཙམ་ལྟ་ཞིང་འགྲོ་བའོ།། སྤྱོད་ལམ་ཐ་དད་པའི་གཡེང་བ་མེད་པའི་ཕྱིར་སེམས་འཁྲུལ་མེདོ།། ་མི་དགེ་བ་བཅུའི་ལས་སྤངས་བས་ན་གཙང་བྱསོ།། སྣ་ཚོགས་པའི་གོས་བཟང་པོ་འབྱོར་བས་ན་གཙང་མའི་གོས་ལྡན་།། མཚན་ལ་སོགས་པས་བརླན་པོའི་ལུས་དྲང་ངག་དང་ཡིད་རྣམ་པར་དག་པ་ཐོབ་པསྟན་གསུམ་པོ་དབེན་ཞིང་དག་པའོ།། ས ་སྣ་ལ་སོགས་པོའི་སེམས་མི་བསྐྱེད་པས་ན་རྙེད་འདོད་མ་ཡིན་པའོ།། ཐམས་ཅད་དུ་ཆོས་ཉིད་དང་འགལ་བའི་སྦྱོར་བ་མི་བྱེད་པས་ན་ཁྱུ་མཆོགོ།། འགྲོ་བཱ་ལཎྚེ་སུ་བརྩེ་བའི་ཕྱིར་དམྱལ་བཱ་ལ་སོགས་པར་སྐྱེ་བར་འདོད་པས་ན་རྟག་ཏུ་ཆོས་འདོད་པའོ།། ་རྟོག་པས་ཆོས་ཉིད་ལ་ཡིད་ཆེས་པའི་ཕྱིར་བདུད་ཀྱི་ཡུལ་ལུས་འདས་པའོ།། བདུད་བཅོམ་པའི་གཟུགས་ངེས་པར་ཤེས་པས་ན་གཞན་གྱི་དྲིང་མི་འཇོག་པ་དང་། སངས་རྒྱས་ཀྱི་ས་གནང་བའི་བསམ་གཏན་བཞི་ལ་བསམ་གཏན་དེ་ལ་མི ་གནསོ།། ངེས་པར་འབྱེད་པའི་ཆ་ལ་གནས་པའི་ཕྱིར་མི་ལྡོག་པའི་མཚན་ཉིད་ཀྱི་རྗེས་ལ་ཆོས་ཉིད་གོམས་པར་བྱས་པས་མཐོང་བའི་ལམ་ལ་གནས་པའི་ཕྱིར་མི་ལྡོག་པའི་མཚན་ཉིད་རྟོགས་པ་ཡང་ལུས་དང་ངག་དང་ཡིད་ཀྱི་བྱ ་བར་བརྗོད་པ་ལས་ཡོན་པར་བསྟན་པར་བཞེད་ནས། གྲགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ལ་སོགས་པའི་འདུ་ཤེས་ལས་ལོག་པས་ན་གྲགས་པ་འདོད་པ་མ་ཡི་ནོ།། ཐེག་པ་ཆེན་པོ་ལ་ཞུགས་པ་ཉིད་ཀྱིས ་ཉེས་པ་ཐམས་ཅད་མེད་པའི་ཕྱིར་ཁྲོ་བས་སེམས་དཀྲུགས་མེ་དོ། བདག་མེད་པ་རྟོགས་པ་དང་སེམས་ཅན་གྱི་དོན་ལ་ཐབས་མཁས་པའི་སྟོབས་ཀྱིས་ཁྱིམ་པར་གྱུར་ན་ཡང་མངོན་པར་ཞེན་པ་མེད་པར་ལོངས་སྤྱོད ་པར་བྱེད། དུས་ཐམས་ཅད་དུ་ཡུལ་གྱི་ཉེས་པ་མཐོང་བས་ཚངས་པར་སྤྱོད་པ་ཡིན་པའི་ཕྱིར་ཞེན་པ་མེད་པས་དངོས་པོ་ཀུན་མ་ཆགས་སོ།། སྐྱེས་བུ་དམ་པའི་ཆོས་ཉིད་ཀྱིས་འཚོ་བའི་ཕྱིར་ཡང་བས་ཉོ་ཚོང་ལ་སོགས་པར་ལོང་སྤྱོད་འཚེ་བར་མི་བྱེའོ།། དེ་བཞིན་དུ ་སེམས་ཅན་ལ་གནོད་པའི་དོན་དུ་ཙཾ་མུན་ཏི་ལ་སོགས་པའི་མངོན་སྤྱོད་ཀྱི་སྔགས་དང་སྨོན་པའི་ཕྱིར་འདོད་པའི་ལྷ་ལ་སོགས་པའི་སྔགས་བུད་མེད་སྐྱེས་བུས་དབང་དུ་སྡུད་པའི་སྦྱོར་སྔགས་ཚོལ་མི་བྱེད་ཅེས་བྱ་བར་སྦྱརོ།། འདོད་པའི་ལས་ཅན་དེ་བྱས་པར ་གྱུར་པས་སྐྱེས་པ་འམ་བུད་མེད་དུ་ངེས་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ལུང་སྟོན་པར་མི་བྱེདདོ།། བདེན་པ་གཉིས་ལ་བརྟེན་པའི་ཕྱིར་རབ་ཏུ་དབེན་པའི་ཤེས་རབ་ཕ་རོལ་ཕྱིན་མཆོག་བརྩོན།། ལུས་དང་ངག་གི་ཁྲོ་བ་དང་བྲལ་བའི་ཕྱིར་འཐབ་དང་རྩོད ་དང་བྲའོ།། སེམས་ཅན་ཐམས་ཅད་ལ་བདེ་བ་ཕུལ་དུ་བྱུང་བ་བསྐྱེད་པའི་སེམས་དང་ལྡན་པོའི་ཕྱིར་བྱམས་པའི་སེམས་ཀྱང་བརྟན་ཏོ།། སྟོང་པ་ཉིད་ལ་གནས་པའི་ཕྱིར་ཀུན་མཁྱེན་འདོད།། ཆོས་ཅུང་ཟད་ཀྱང་དམིགས་པ་མེད་པས་རྟག་ཏུ་བསྟན ་པ་ལ་གཞོལ་སེམས་ལྡ་ནོ།། རང་འདོད་པའི་སྐྱེ་བ་དེར་སྐྱེ་བ་འཐོབ་པས་མཐའ་འཁོ་བ་ཀླ་ཀློའི་སྐྱེ་བོའི་ཡུལ་མཐའ་རྣམ་པར་སྤངས། རྣམ་པར་སྤངས་ཀྱི་སྒྲ་ཕྱི་མ་དང་ཡང་འགྲེལ་པའི་ཕྱིར་ཡུལ་མཐའ་རྣམ་པར་སྤངས་ཏེ་ཡུལ་མཐའོ།། མངོན་པར ་ཡིད་ཆེས་པས་ངེས་པ་བསྐྱེད་པའི་ཕྱིར་ཀུན་མཁྱེན་གསུམ་གྱི་བདག་ཉིད་ནི་རང་གི་ས་ལ་ཐེ་ཚོམ་མེད་པས་ན་དོགས་མེད། ངེས་པའི་རང་བཞིན་ལ་གནས་པས་རྟག་ཏུ་རི་རླབ་འདྲའོ།། མཆོག་ཏུ་གཞོལ་བ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ལ་སོགས་པའི ་ཆོས་ཀྱི་ཕྱིར་བསམས་ནས་སྟོང་པོ་ནི་སྲོག་ཀྱང་འདོར་ཞི་།། ཚད་མ་དང་ལྡན་པའི་ཡིད་ལ་བྱེད་པའི་ཕྱིར་རྣལ་འབྱོར་རབ་ཏུ་བརྩོ་ནོ།། འདིར་ཕྱིར་མི་ལྡོག་པའི་ཕྱོགས་ཙམ་ཞིག་བརྗོད།། དེ་ཡང་རྒྱུ་ཚེགས་པ་ཡིས་འབྲས་སྐྱེ་བར། རྗེ་སུ་དཔོག་པ་གང་ཡིན ་པ། དོན་གཞན་ལ་ནི་མི་བལྟོས་ཕྱར། དེ་ནི་རང་བཞིན་ཡིན་པར་བརྗོད་ཅེས་བྱ་བའི་རིགས་པས་འདིར་བསྟན་པའི་རྟགས་ཀྱང་ཤེས་པར་བྱའོ།། སྟོན་རིན་པོ་ཆ་སྡུད་པ་ཆེ་གསུ་བཅད་པ་ལས་ཕྱིར་མ་ལྡོག་པའི་རྣམ་པའི་ལའུ་སྟེ་བཅུ་བདུན་པའོ།། ། ་དེ་ལྟར་བསྒོམས་པའི་ལམ་ལ་གནས་པའི་ཕྱིར་མི་ལྡོག་པའི་མཚན་ཉིད་སྟོན་པ་ན་ཁྱད་པར་མ་རྟོགས་པར་ཁྱད་པར་གྱི་གཞི་རྟོགས་པར་མི་འགྱུར་བས་ན་རིགས་པ་འདིས་བསྒོམ་པའི་ལམ་ལས་རེ་ཞིག་ཁྱད་པར་བསྟན་པའི་ཕྱིར། གཟུགས་དང་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་དེ་བཞིན་ཉིད་ཟབ་པ་དེ་བཞིན་དུ་དེ་ཁོ་ན་ཉིད་དུ་གཟུགས་མ་སྐྱེས་པས་ཟབ་པོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། སེམས་པ་དང་རྣམ་པར་ཤེས་པ་རྣམས་ཀྱང་དེ་བཞིན་ཉིད་འདིས་ཟབ་པ་ཡིན་ཏེ། གཟུགས་ལ་སོ ་པ་རྣམས་གཟུགས་ལ་སོགས་པར་མེད།། སྒྲོ་བཏགས་པའི་ཕྱིར་མདོ།། དེ་བཞིན་དུ་ཀུན་རྫོབ་པའི་གཟུགས་ལ་སོགས་པ་དེ་དག་ཀྱང་ཐ་མལ་པའི་རང་བཞིན་རིགས་པས་མཚན་མ་མ་ལུས་པ་སྤངས་པས་མཚན་མ་མེད་པའོ།། བསླད་པ་ཐམས་ཅད་ཞི ་བས་ན་རབ་ཞི་བའོ།། འདིས་ནི་ཡང་གཟུགས་ལ་སོགས་པ་དེ་བཞིན་ཉིད་ལས་གཞན་མ་ཡིན་པས་སྐུར་པ་འདེབས་པ་དགག་པ་ཡི་ནོ།། དཔེར་ན་འགའ་ཞིག་ཚད་མ་རྟོགས་པ་ན་མདའ་འཕངས་པས་རྒྱ་མཚོའི་གཏིང་ལ་ཐུག་པའི་ཆེད་ཚོལ་བ ་ལྟར། དེ་བཞིན་དུ་ཤེས་རབ་ཀྱི་ནི་སྒྲོ་འདོགས་པ་དང་། སྐུར་པ་འདེབས་པའི་མཐའ་དང་བྲལ་བ་ངེས་པར་བརྟགས་ན་གང་གི་ཕྱིར་བརྟགས་པས་གཏིང་ཡོད་པ་མི་རྙེད་པས་ཟབ་མོ་དང་ལྡན་པ་ནི་ཟབ་པ་སྟེ། བསྒོམ་པའི་ལམ་ཡིན་ཞེས་བསྟན་པར་འགྱུར་རོ།། ཁྱད་པར ་བསྟན་པ་འདི་ཉིད་རྗེ་སུ་བསྟན་པ་དང་བཅས་པ་ཁྱད་པར་ཅན་བསྒོམ་པའི་ལམ་ཡིན་པར་སྟོན་པ་ན་དེའི་བྱེད་པའི་སྒོ་ནས་དྲིས་པ་ནི། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་བསྒོམ་པའི་ལམ་གྱི་དེ་ཁོ་ན་ཉིད་དུ་ཕུང་པོ་དང ་ཁམས་དང་། སྐྱེ་མཆེད་ཡོད་པ་མིན་པར་ཡང་དང་ཡང་དུ་གོམས་པར་བྱས་པའི་བྱང་ཆུབ་སེམས་དཔའ་གང་ཞིག་གིས་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་ཆོས་དང་གང་ཟག་གི་བདག་མེད་པ་མངོན་སུམ་དུ་བྱས་པས་དེ་ལྟར་ཟབ་པར་གྱུར་པ་ནི ་ཐེག་པ་ཆེན་པོར་དོན་དམ་པར་དམིགས་པས་གོས་པ་མེད་པའོ།། གང་ཟག་དེའི་བ་སོད་ནམས་ཀྱི་ཚོགས་དེ་ཇི་སྙེད་སྐྱེ་བ་ནི་ཡེ་ཤེས་ཀྱི་ཚོགས་རབ་ཏུ་ཐོབ་པ་ན་ཡང་དག་པར་འགྲུབ་པ་དེ་ལས་ཅི་ཞིག་ཡོད་པར་འགྱུར་ཞེས་བྱ་བར་ཚིག་སུ་བཅང་པོའི་དོན ་སྦྱརོ།། འབྲས་བུ་གསལ་བར་རྟོགས་པར་བྱ་བའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་ཡུལ་དམན་པ་ལ་ལྷག་པར་ཆགས་པའི་ཕྱིར་འདོད་ཆགས་ཆོས་ལ་སྤྱོད་པའི་སྐྱེས་བུ་ཞིག། བུད་མེད་དང་ལྷན་ཅིག་ཏུ་ཁྱོད་ཆེ་གེ་མོར་ཤོག་ཅིག ་སྐྱེས་སྨྲས་ནས་དུས་བཏ་བདེ་ད་མ་བྱེད། དི་པྱོད་པམྦྷ་མི་འོང་སྙམ་པ་ལ་སོགས་པའི་རྟོག་པ་དེ་ལྟ་བུའི་རིམ་པས་རྣམ་པར་རྟོག་པཱ་དུ་མཱ་ནི་སེམས་ཀྱི་རྣམ་རྟོག་སྤྱོད་པ་ཏི་སྟེང་བྱ་སྟེ། དམིགས་བྱུ་ལ་བསྒྲིབསྟ་ནས་སྦྱིན་ཞག་ཐམས་ཅད་བྱུང་བ་སྒྲེས་པ་བྱུར་འདོད་ཆགསྩ་ལ ་སྤྱོད་པའི་སྐྱེས་བུའི་རྣམ་པར་རྟོག་པའི་གྲངས་དེ་སྙེད་ཀྱི་བསྐལ་པར་རྒྱུན་མི་འཆད་པར་འགྲོ་བ་འཁོར་བར་འགྱུར་བ་དོར་ནས་ཇི་སྙེད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་བྱང་ཆུབ་འཐོབ་པ་དེ་སྙེད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚིགས་བསྒོམ་པའི་ལམ་གྱི ་མཐུས་བྱང་ཆུབ་སེམས་དཔས་ཐོབ་པར་འགྱུར་རོ།། རྣམ་པར་རྟོག་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་སྤངས་པའི་རྣམ་པའི་དབྱེ་བས་བསྒོམ་པའི་ལམ་རྣམ་པ་གསུམ་དུ་འགྱུར་ཏེ། འདིར་བསྡུས་ནས་བརྗོད་པར་འདོད་པའི་ཕྱིར་བསྡུས་ནས་བསྟན་པར་བྱ་སྟེ། དེ་ལ་ཡང ་ལམ་ཆུང་ངུས་ནི་རྣམ་པར་རྟོག་པ་ཆེན་པོ་སྤོང་ལྔ། ཆེན་པོས་ནི་རྣམ་པར་རྟོག་པ་ཆུང་ངུ་སྤོང་ངོ་ཞེས་བྱ་བར་གཟུང་སྟེ། དེ་ལྟ་བུ་ལམ་ཆེན་པོ་ལ་མི་སྲིད། ཡང་ལམ་ཆེན་པོ་སྐྱེས་པ་ན་ཉོན་མོངས་པ་ཆེན་པོ་མེད་པའི་ཕྱིརརོ།། གཞན་དག་ན་རེ་ཕྱི་མོ་ཕྱི་མ་ལ་བསོད ་ནམས་ལྷག་པར་སྒྲུབ་པ་ནི་གཉེན་པོའི་དབྱེ་བ་ཡིན་ལྔ། བསོད་ནམས་ཟིལ་གྱིས་གནོན་པར་བསྟན་པ་ནི་མི་མཐུན་པའི་ཕྱོགས་ཀྱི་དབྱེ་བ་བསྟན་བྱ་ཡི་ནོ་ཞེསུ་ཟེ་རོ།། ལམ་ཆུང་ངུ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཞེས་བྱ་བཱ་ལ་སོགས་པ་གསུངས་ཏེ། ་བྱང་ཆུབ་སེམས་དཔའ་གང་ཞིག་བསྐལ་མང་བྱ་སྟོང་དུ་དམིགས་པ་དང་ལྡན་པས་སངས་རྒྱས་ལ་སོགས་པ་ལ་སྦྱིན་པ་བྱེད་ཅིང་ཞེས་བྱ་བར་འབྲེལ་ཏོ།། དགྲ་བཅོམ་རང་རྒྱལ་ཚུལ་ཁྲིམས་སྲུང་བྱེད་ཀྱང་རྒྱལ་བའི་སྲས་པོ་གཞན་ཞིག་གི་ཤེས་རབ་ཕ་རོལ་ཕྱིན ་མཆོག་སྟེ། ལམ་ཆུང་ངུའི་རང་བཞིན་བསྒོམ་པ་དང་ལྡན་ཞིང་། དེ་ལས་ལངས་ནས་ཡུམ་འདི་ཉིད་ནི་ཆོསོ།། ཇི་ལྟ་བ་བཞིན་དུ་སེམས་ཅན་ལ་སྟོན་ཅིང་དེ་སེམས་ཅན་ཁྱད་པར་ཅན་སྔོན་དུ་འགྲོ་བས་ཆོས་ཀྱི་སྦྱིན་པའི་རང་བཞིན་གྱི ་བསོད་ནམས་ལ་བལྟས་ནས་ཕྲ་བའི་ཆར་ཡང་མི་ཕོད་པ་ནི་བསོད་ནམས་ཀྱི་ཆར་ཕོད་པར་མི་འགྱུརརོ།། སྦྱིན་བྱེད་ཚུལ་ཁྲིམས་བསྲུང་བ་ཡང་སྔ་མ་བཞིན་དུ་ལྟ་བར་བྱ་སྟེ། གནས་སྐབས་དེ་བཞིནོ།། ལམ་འབྲིང་གི་དོན་བསྟན་པའི་ཕྱིར། བྱང་ཆུབ་ཅེས ་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་ཞིག་ཤེས་རབ་མཆོག་སྟེ། ལམ་འབྲིང་གི་རང་བཞིན་བསྒོམས་ཏེ། དེ་ལས་ལངས་ནས་གོས་པ་མེད་པའི་ཆོས་བརྗོད་ཅིང་།། ཆོས་དེ་ཡང་འགྲོ་བ་མངོན་པར་མཐོ་བ་དང་ངེས་པར་ལ ་པར་འཐོབ་པའི་མཚན་ཉིད་ཀྱི་དོན་ཏེ་རྒྱུའི་གཙོ་བོ་ནི་གཏེར་དུ་གྱུར་པ་བྱང་ཆུབ་ཏུ་ཡོངསུ་བསྔོ་ནའོ།། དེ་བཞིན་དུ་ཆོས་ཀྱི་སྦྱིན་པ་བྱིན་ནས་ཡོང་སུ་བསྔོ་བ་ལས་བྱུང་བའི་དགེ་པ་གང་ཡིན་པ་དང་ལྡན་པ་དེ་དང་མཉམ་པར་གྱུར་པ་འཇིག་རྟེན་གསུམ་ན ་མད་ཅེས་བྱ་བར་སྦྱ་རོ།། ལམ་ཆེན་པོ་བསྟན་པའི་ཕྱིར། བསོད་ནམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་སྐད་བསྟན་པའི་ལམ་བསྒོམ་པའི་སྟོབས་ཀྱིས་བསོད་ནམས་དེ་དག་ཐུམས་ཅད་ཀྱང་གསོག་དང་སྟེ། དེ་བཞིན་དུ་རྟགས་པའི་རང ་བཞིན་དང་བྲལ་བའི་ཕྱིརརོ།། སྟོང་པ་དང་བརྟགས་པའི་ཆོས་ཀྱིས་དབེན་པས་ན་གསོབ་དང་། དེ་བཞིན་ཉིད་ཀྱི་ཆོས་ཉིད་ཀྱི་རང་བཞིན་མ་ཡིན་པས་ཡ་མ་བརླ་དང་། ཡང་དག་པའི་ཀུན་རྫོབ་འབྲེལ་པ་ལས་སྐྱེ་བའི་ཕྱིར་ཡང་ཡ་མ་བརླའོ།། དེ ་བཞིན་དུ་རྟོགས་པའི་ཆོས་ཀྱིས་དབེན་པས་ན་སྟོང་པའོ།། དེ་བཞིན་ཉིད་ཀྱི་རང་བཞིན་མ་ཡིན་པས་ན་གསློབ་པོ།། ཡང་དག་པའི་ཀུན་རྫོབ་ཏུ་རྒྱུ་དང་འགྲེལ་པ་ལྔ་སྐྱེ་བའི་ཕྱིར་ཡ་མ་བརླའོ།། སྒྱུ་མའི་རང་བཞིན་ཡིན་པའི་ཕྱིར་སྙིང་པོ་མེད་པར་ཤེས་པའོ།། དེ་ལྟར་བདེ། ་གཤེགས་རྣམས་ཀྱི་ཤེས་རབ་སྤྱད་སྤྱོད་པ་དེ་ནི་ལམ་ཆེན་པོའི་རང་བཞིན་ཏེ། ཕྱིན་ཅི་མ་ལོག་པ་ཡིན་པའི་ཕྱིར་སྤྱོད་ཚེ་བསོད་ནམས་དཔག་ཏུ་མེད་པ་ཡོངསུ་འཛིན་ཏོ།། དེ་ཁོ་ན་ཉིད་བསྒོམ་པའི་ལམ་མ་ཡིན་ནམ་དེའི་སྟོབས་ཀྱིས་མི་མཐུན་པའི་ཕྱོགས་དང་གཉེན ་པོ་རིམ་པ་ཇི་ལྟ་བ་བཞིན་དུ་སྤྱོད་བུ་དང་། ཐོབ་པ་མི་རིགས་པས་དེའི་ཕྱིར་ཇི་ལྟར་རྒྱལ་བའི་སྲས་རྣམས་ཀྱི་རིམ་པ་ཡིན་ཞེ་ན། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཏགས་པ་ཙམཱ་གྱི་རང་བཞིན་ཡིན་པའི་ཕྱིར་འདི་སྟེ། ཆུང་ངུ་དང་། འབྲིང ་དང་། ཆེན་པོའི་རབ་ཏུ་དབྱེ་བའོ།། ཆོས་ཐམས་ཅད་ནི་རང་དང་གཞན་དང་གཉི་གའི་དོན་ཕུན་སུམ་ཚོགས་པ་བྱེད་པར་འདོད་པའོ།། མངོན་སུམ་དང་རྗེ་སུ་དཔག་པ་དང་། ལུང་གི་ཚད་མས་ངེས་པའི་ཕྱིར་སངས་རྒྱས་ཀྱི་བཤད་པ་དང་། རབ་ཏུ་སྦྱར་བ་དང་། ་རབ་ཏུ་བསྟན་པ་རྣམས་རིམ་པ་བཞི་ནོ།། བྱང་ཆུབ་སེམས་དཔའ་གང་གིས་ཐོས་པ་ལྔ་སོགས་པའི་ཤེས་པ་བསྐྱེད་པས་བསྒོམ་པའི་ལམ་གོམས་པའི་ཤེས་པ་ལ་བསྐལ་བུ་བྱེ་བ་ཁྲག་ཁྲིག་མང་པོར་བརྗོད་བྱས་ཀྱང་དེ་བཞིན་ཉིད་དུ་རོ་ཅག ་པའི་ཕྱིར་ཆོས་ཀྱི་དབྱིངས་ལ་རྒྱལ་བའི་ཕྱིར་ཆས་ཀྱི་དབྱིངས་ལ་རྒྱལ་བའི་སྲས་དེ་དག་གིས་མི་མཐུན་པའི་ཕྱོགས་སྤངས་པ་མེད་པས་ཟད་པ་ཉིད་མེད་ཅིང་།། གཉེན་པོ་བསྐྱེད་པ་མེད་པས་དེ་ཁོ་ན་ཉིད་དུ་འཕེལ་བ་ཡང་མདོ།། ཞེས་བྱ་བ་ནི ་གྲུབ་པ་སྒྲུབ་པ་ཡི་ནོ།། དེ་དག་བཅོམ་ལྡན་འདས་ཀྱིས་ཀུན་རྫོབ་ཏུ་ཡིན་པར་དགོང་སོ།། སྒོམ་པའི་ལམ་གྱི་རང་བཞིན་ཡིན་པའི་ཕྱིར་དེ་བསྟན་ཕ་རོལ་ཏུ་ཕྱིན་པའི་མིང་ཡང་དེ་ཁོ་ན་ཉིད་དུ་ཉམས་པ་དང་། འཕེལ་བ་མདོ་ཞེས་བསྟན ་བའི་ཕྱིར། རྒྱལ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་འབའ་ཞིག་ལ་ཕ་རོལ་ཏུ་ཕྱིན་པ་བརྗོད་ཀྱི། ཀྱང་གི་སྒྲས་བྱིན་པ་ལ་སོགས་པ་ཡང་ཕ་རོལ་ཏུ་ཕྱིན་པ་སྟེ། རྒྱལ་བའི་ཡུམ་ཡིན་པས་ལྔ་པོ་ཡང་ཁྱད་པར་དུ་འཕགས་པའི་ཆོས་ཀྱི་རང ་བཞིན་དུ་ཕྱིན་པར་གྲགསོ།། སྒྱུ་མ་ལྟ་བུ་ཡིན་པའི་ཕྱིར་མིང་ཙ་མོ།། ཀུན་རྫོབ་ཏུ་རྫསུ་གནས་པས་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངསུ་བསྔོ་བར་བྱེད།། ཡོངསུ་དག་པའོ།། བདག་ལ་བསྟོད་པ་དང་། རློམ་སེམས་མེད་པའི་བྱང་ཆུབ་སེམས་དཔའ་གང་ཡིན་པ་དེ་ནི་རྟོགས་པ་ལྔ ་ཉམས་པ་མེད་པས་དེ་ཉིད་ཀྱི་ཕྱིར་སངས་རྒྱས་དང་བྱང་ཆུབ་མཆོག་རེག་འགྱུར་ཏེ། ཁྱད་པར་འཕགས་པའི་དོན་ཉིད་གསལ་བར་བྱེད་པ་ནི་སེམས་བསྐྱེད་པ་ཡི་ནོ།། སྟོན་རིན་པོ་ཆེ་སྡུད་པ་ཚིག་སུ་བཅད་པ་ལོས་སྟོང་པ་ཉིད་ཀྱི་ལརུ་སྟེ་བཅོ་བརྒྱད་པའི་བཤད ་པའོ།། །། རིམ་པ་བཞིན་སེམས་ཀྱི་སྐད་ཅིག་མ་སྔ་མ་ནི་རྗེ་སུ་འགྲོ་བ་མེད་པར་ཞིག་ནས་ཕྱི་མ་སྐྱེ་བས་ཕན་ཚུན་འབྲལ་པ་མེད་པའི་ཕྱིར་ཀུན་རྫོབ་ཏུ་ཡང་ཁྱད་པར་དུ་འཕགས་པའི་དོན་གསལ་བར་བྱེད་པ་ཇི་ལྟར་སེམས ་བསྐྱེད་པ་ཡིན་ཞེ་ན། དོན་བྱེད་པར་དང་སྔོན་དུ་འགྲོ་བས་བསྟན་པའི་ཕྱིར། འབྲུ་མར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འབྲུ་མོར་སྙིང་པོ་འབར་བར་ཕྲད་པ་དང་པོ་ཡིས། སྙིང་པོ་ཚིག་མིན་ལ་སྟེ། སྐད་ཅིག་མ་གཉིས་པ་ལ་སོགས་པས་བར་དུ་ཆོད་པའི ་ཕྱི་རོ།། དུད་མཉམ་པ་ཡང་ལྷན་ཅིག་སྐྱེས་པས་ཁྱད་པར་མེད་པའི་ཕྱིར་བྱ་བུ་དང་བྱེད་པའི་ངོ་བོའི་མཚན་ཉིད་བསྲེག་པར་བྱ་བ་དང་བསྙེག་པར་བྱེད་པའི་ངོ་བོར་མི་རིགས་པས་ཚིག་པ་མ་ཡི་ནོ།། མ་ལྕེ་ཕྱི་མའི་སྐད་ཅིག་མས་ཀྱང་དང་པོ་ད་མེད་པར་སྐད་ཅིག་མ་ཕྱི་མ་མ་སྐྱེས ་པའི་ཕྱིར་མེད་པས་དེའི་སྙིང་པོ་མཆི་གོ།། མེ་ལྕེ་ཕྲད་པ་ཐ་མས་ཀྱང་སྙིང་པོ་དེ་ཚིགྲ་མིན་ཏེ་དངོས་པོ་མེད་པའི་ཕྱི་རོ།། ཡོད་ན་ནི་རྟག་ཏུ་ཡོད་པར་ཐལ་བར་འགྱུར་བས་ཀུན་རྫོབ་ཏུ་ཡང་སྐྱེ་བ་མེད་པའི་ཕྱིར་རྒྱུ་དང་འབྲས་བུའི་ངོ་བོའི་མཚན་ཉིད་བསྲེག་པར་བྱ་བ་དང་། སྲེག་པར ་བྱེད་པའི་ངོ་བོར་ཡོད་པར་མི་རིགས་པས་ཕྱི་མ་དང་ཕྲད་པས་ཀྱང་མཱ་ཡི་ནོ།། མེ་ལྕེ་ཐ་མའི་སྐད་ཅིག་མ་མེད་པར་ཡང་དང་པོའི་སྐད་ཅིག་མས་ཚིག་མིན་ཏེ། ནུས་པ་མེད་པའི་ཕྱིརརོ།། དང་པོའི་སྐད་ཅིག་མ་མེད་པར་མེ་ལྕེ་ཐ་མས་སྙིང་པོ་ཚིག་པུ་མུ་ཡི་ནོ།། དེ་བཞིན་དུ ་རེ་རེ་ལ་ནུས་པ་མེད་ཀྱང་རྟེན་ཅིང་འབྲེལ་པོར་འབྱུང་བའི་ཆོས་ཉིད་ཀྱི་མེ་ལྕེ་དང་པོ་དང་ལྷན་ཅིག་ཏུ་འབྱུང་བའི་སྙིང་པོའི་སྐད་ཅིག་མ་ལ་བལྟོས་ནས་ཀུན་རྫོབ་ཏུ་རྒྱུ་དང་འབྲས་བུར་འབྲེལ་བའི་ཕྱིར་ནུས་པ་ཕུལ་དུ་བྱུང་བ་ཉིད་ཁྱད་པར་ཅན་མེ་ལྕེའི་སྐད་ཅིག་མ ་གཉིས་པར་གྱུར་པ་དེའི་ཚེ་རྒྱུ་མེད་པ་ཡང་མ་ཡིན་ཏེ། རྒྱུ་དང་འབྲས་བུའི་ངོ་བོ་མཚན་ཉིད་བསྲེག་པར་བྱ་བ་དང་། སྲེག་པར་བྱེད་པའི་ངོ་བོར་ཡོད་པས་སྔ་མ་དང་ཕྱི་མའི་སྐད་ཅིག་མས་སྙིང་པོ་ཚི་གོ་ཞེས་དོན་གྱི་བསྟན་པར་འགྱུ་རོ།། དཔེ་བསྟན་ནས་སྐབས་ལ། ་བབ་པའི་དོན་དང་སྦྱར་བར་བྱ་བའི་ཕྱིར། དང་པོའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་དུ་དང་པོའི་སེམས་ཀྱིས་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་བྱེད་པ་དོན་མ་ལུས་པ་སོར་སྣང་བ་མ་ཡིན་པས་བྱང་ཆུབ་མཆོག་རེག་པ་ནི་འདིར་མ་གསུངསོ།། ། ་དེ་ཡང་དང་པོའི་སེམས་ཀྱིས་བྱང་ཆུབ་རེག་པའི་རང་བཞིན་དུ་རྣམ་པ་ཐམས་ཅད་མེད་པའི་ཕྱིར་མེད་པས་ཀྱང་ནུས་པ་མ་ཡིན་ལ། སེམས་གཉིས་པ་གང་ཡིན་པ་ཁྱད་པར་དུ་ཕུལ་དུ་བྱུང་བར་མ་བསྐྱེད་པའི་ཕྱིར་ཐམས་ཅད་ཐ་མའི་སེམས ་བཞིན་དུ་གནོད་པ་ཐམས་ཅད་ཉེ་བར་ཞི་བའི་བྱང་ཆུབ་ཞི་བཱ་འཐོབ་མིན་ཏེ། སེམས་གཉིས་པ་དེ་ཡིས་ཀྱང་བྱང་ཆུབ་ལ་རེལ་པའི་རང་བཞིན་དུ་རྣམ་པ་ཐམས་ཅད་དུ་མེད་པའི་ཕྱིརརོ།། དང་པོའི་སེམས་ཀྱང་མེད་པས་ན་འཐོབ་པར་ནུས་པ་མ་ཡིན་ཏེ། ཁྱད་པར་ཕུལ་དུ ་བྱུང་བར་མ་བསྐྱེད་པའི་ཕྱི་རོ།། དེ་བས་ན་སྙིང་པོ་ཚིག་པ་བཞིན་དུ་སྔ་མ་དང་ཕྱི་མའི་སེམས་ཀྱི་སྐད་ཅིག་མ་དག་གིས་བྱང་ཆུབ་ཐོབ་ཞེས་བསྟན་པར་འགྱུར་རོ།། སྔ་མ་དང་ཕྱི་མ་གཉིས་ཀྱི་སེམས་ཀྱི་སྐད་ཅིག་མ་རྣམས་སྤྱིར་བྱང་ཆུབ་འཐོབ་པའི་རྒྱུ་ཡིན་པར ་བསྟན་ནས། ད་མོ་དང་པོའི་སྐད་ཅིག་མ་ཉེ་བྱར་ལེན་པའི་རྒྱུ་ཉིད་དུ་རྗེ་སུ་འགྲོ་བ་དང་ལྡོག་པའི་སྒོ་ནས་དཔེ་སྔོན་དུ་འགྲོ་བས་བསྟན་པའི་ཕྱིར། ས་བོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྟག་པར་ནི་རིམྱ་དང་ཅིག་ཅར་གྱི་དོན་བྱེད་པ་འགལ་བའི་ཕྱིར་སྐད་ཅིག ་མས་བྱང་ཆུབ་ཀྱི་ཤིང་ལ་སོགས་པའི་ས་བོན་ལས་ཕྱི་མ་ཕྱི་མའི་སྐད་ཅིག་མ་ཡོང་སུ་འགྱུར་བ་ལས་སྡོང་བུ་ལ་སོགས་པ་རྒྱ་ཆེར་བསྐྱེད་ནས་རང་གི་ངོ་བོ་ངེས་པ་འཐོབ་པ་འབྱུང་།། ས་བོན་དེ་ཡང་སྡོང་བུ་སྐྱེས་པ་ན་འགགོ།། དང་པོ་དེ་མེད་ན་བྱང་ཆུབ་ཀྱི་ཤིང ་ལ་སོགས་པ་མེད་པར་འགྱུརརོ།། དེ་བཞིན་དུ་དང་པོའི་སེམས་གཙོ་བོའི་རྒྱུ་ཡིན་པའི་ཕྱིར། བྱང་ཆུབ་ཀྱི་གཞི་དང་པོའི་རྒྱུ་དེ་ཉིད་ཡོངསུ་འགྱུར་བའི་ཕྱི་མ་ཕྱི་མ་སྦྱོར་བ་ལས་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་དེ་དག་སངས་རྒྱས་ཉིད་བསྐྱེད་ཐོབ་ནས་འག་གོ།། ཡང ་དང་པོ་དེ་མདུན་བྱང་ཆུབ་མེད་པར་འགྱུར་རོ།། སེམས་ཀྱི་སྐད་ཅིག་མ་གཉིས་པ་ཡང་རྒྱུ་ཡིན་པར་གསལ་བར་བསྟན་པའི་ཕྱིར། ས་བོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐད་ཅིག་མ་གཉིས་པའི་ངོ་བོ་ནས་དང་སཱ་ལུའི་ས་བོན་ལ་རྟེན་ཅིང་འབྲེལ་པར ་འབྱུང་བའི་ཆོས་ཉིད་ཀྱི་སྟོབས་ཀྱིས་འབྱུང་སྟེ། འབྲས་བུར་གྱུར་པ་ལས་ནས་དང་ས་ལུ་ལ་སོགས་པ་དེ་དང་དེ་དག་སྟེ། ས་བྷྱོ་ན་དེ་དག་འབྲས་བུ་སྐྱེ་བའི་དུས་ན་མཱ་དེ། དམིགས་པའི་རེག་བྱར་གྱུར་པ་ལས་མ་དམིགས་པའི་ཕྱི་རོ།། རྣམ་པ་ཐམས་ཅད་དུ་སྐད ་ཅིག་མའི་རྒྱུན་ཡང་མ་དོ་ཞེས་ངེས་པར་མོ་ནུས་ཏེ། རྒྱུ་དེ་དག་དང་མཐུན་པར་འབྲས་བུ་སྐྱེ་བའི་ཕྱིརརོ།། དེ་བཞིན་དུ་དང་པོའི་སེམས་སྐད་ཅིག་མའི་སྟོབས་ཀྱི་སྐད་ཅིག་མ་གཉིས་པའི་སེམས་བསྐྱེད་རྒྱལ་བ་རྣམས་ཀྱི་བྱང་ཆུབ་སྐྱེ་བར་འགྱུར་རོ།། དེ་ཁོ་ན་ཉིད་དུ ་ངའབྲས་བུ་རྟོགས་པར་མི་ནུས་ཏེ། རང་བཞིན་མེད་པའི་ཕྱིར་ཏེ། འདིར་འགྲོ་བ་སྒྱུ་མ་ལྟ་བུར་རྟོགས་པར་བྱའོ།། རྒྱ་ཆེར་བསྟན་ནས་ཉེ་བར་སྡུད་པའི་ཕྱིར། ཆུའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆུའི་ཐིགས་པས་བུམ་པ་དང་པོ་ཐ་མའ་བར་གྱིས ་ཉུང་ངུ་ཉུང་ངུའི་བར་སྟེ། དྲང་པོའི་ཆུ་ཐིགས་པ་རིམ་པ་ཕྱི་མ་ཕྱི་མ་དང་བཅས་པས་དེ་ཡོངསུ་འགེངས་པོ་ལྟར། དེ་བཞིན་དུ་དང་པོའི་སེམས་ཀྱང་བློ་ན་མེད་པ་བྱང་ཆུབ་ཀྱི་རྒྱུ་ཡིན་ཏེ། རིམ་གྱིས་སེམས་ཀྱི་སྐད་ཅིག་མ་གཉིས་པ་ལ་སོགས་པ་དང་བཅཝ ་པ་སྦྱོར་བའི་ལམ་ལ་སོགས་པའི་རང་བཞིན་ཡིན་པོའི་ཕྱིར་དཀར་པོའི་སྟོན་གྱི་ཚོགས་ཡོངསུ་རྫོགས་པ་ཐོབ་པའི་ཕྱིར་རྫོགས་པའི་སངས་རྒྱསུ་འགྱུར་རོ།། ཞར་ལ་བྱུང་བ་རྒྱ་ཆེར་བསྟན་ནས། སྐབས་ལ་བབ་པའི་བསྒོམ་པའི་ལམ་ལ་གནས་པའི ་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་མཚན་ཉིད་སྟོན་པར་བཞེད་ནས། སྟོང་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཟབ་མོ་བསྐྱེད་པའི་སྦྱོར་བའི་འཛིན་པ་སྤང་བའི་ཕྱིར་འབྲས་བུ་དག་རྒྱུ་དང་རང་བཞིན་དང་བྲལ་བྱས་རིམ་པ་ཇི་ལྟ་བ ་བཞིན་དུ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པར་ཆོས་ཐམས་ཅད་རྟོག་པའི་བྱང་ཆུབ་སེམས་དཔའོ་མྱ་ངན་ལས་འདས་པ་ལ་མི་རེག་སྟེ། སྙིང་རྗེ་དང་ལྡན་པའི་ཕྱིརརོ།། འཇིགས་པ་དང་བཅས་པའི་ཕྱིར་མཚན་མར་མི་སྤྱོད་པའོ།། དཔེར་ན་སྐྱེས་བུ ་མཉན་པ་ཤིན་ཏུ་བསླབས་པའི་ཕྱིར་མཁས་པར་གྱུར་པ་གནོད་པ་མེད་པར་ཕར་འགྲོ་ཚུར་འགྲོ་ཡང་སྟེ། ཟོང་ཐོགས་ནས་པར་འགྲོ་ཞིང་ཚུར་འོང་བར་བྱེད་ཀྱང་མཐའ་གཉིས་ཀར་མི་གནས་ཤིང་ལྟུང་བའི་གནས་མ་ཡིན་པའི་ཕྱིར། རྒྱ་མཚོ་དེར་ཡང་གན ་པ་མེད་པ་བཞི་ནོ་ཞེས་ཚིགསུ་བཅད་པའི་དོན་སྦྱར།། ཕྱིར་མི་ལྡོག་པའི་མཚན་ཉིད་བརྗོད་པ་ལུས་སློབ་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་བསྟན་ནས། དེའི་རྗེས་ལ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་རྟོག་པ་སྤང་བའི་ཕྱིར་གཉི་ག ་མཉམ་པར་རྟོགས་པ་ནི་མི་སློབ་པར་འགྱུར་བ་ཡིན་ཏེ། བསླབ་པར་བྱ་བ་གཞན་མེད་པའི་ཕྱིརརོ།། དེ་ལྟ་བུའི་མི་སློབ་པའི་དགེ་འདུན་གསལ་བར་བྱ་བའི་ཕྱིར་འཁོར་བ་དང་མྱི་ངན་ལས་འདས་པ་མཉམ་པར་བསྟན་པ་ནི་དེ་ལྟར་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། བསྟན་མ་ཐག་པའི་ཕྱིར་མི་ལྡོག་པའི་མཚན་ཉིད་རྟོགས་པའི་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པར་བསྒོམ་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམ་པར་བྱང་བའི་རྣམ་པར་རྟོག་པ་སྤངས་པ་ཉིད་ཀྱི་འདི་སྙམ་དུ ་བདག་སྟོབས་བཅུས་ལུང་བསྟན་བྱང་ཆུབ་རེག་འགྱུར་རློམ་སེམས་མེདོ།། བྱང་ཆུབ་ཀྱི་རྒྱུ་མཚན་གྱིས་སྐྲག་པ་མང་དེ། ཀུན་ནས་ཉོན་མོངས་པའི་རྣམ་པར་རྟོག་པ་སྤངས་པའི་ཕྱིར་དེ་བས་ན་ཆོས་ཐམས་ཅད་མ་སྐྱེས་ཏེ། འདི་དག་སྒྱུ་མ་ལྟ་བུ་ཉིད་ཡིན་པའི ་ཕྱིར་དངོས་པོ་ཡོད་པར་ཅུང་ཟད་ཀྱང་མ་སྐྱེ་སོ་ཞེས་དེ་ལྟར་སྤྱད་པ་སྤྱོད་པ་ནི་བདེ་གཤེགས་ཤེས་རབ་སྟེ། གཉི་ག་མཉམ་པར་རྟོགས་པ་ནི་སྤྱོད་པ་ཡི་ནོ།། གཉི་ག་མཉམ་པར་བསྒོམས་པས་སངས་རྒྱ་སུ་གྱུར་ནས་དེ་མ་ཐག་ཏུ་རང་གི་སངས་རྒྱས་ཀྱི་ཞིང་སེན ་དང་སྣོད་ཀྱི་དབྱེ་བས་སངས་རྒྱས་ཀྱི་ཞིང་རྣམ་པ་གཉིས་རྣམ་པར་དག་པར་བསྟན་པའི་ཕྱིར། འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆུའི་དགོན་པ་དང་། མུ་གའི་དགོན་པ་དང་། ནད་དང་བཅས་པའི་འཇིག་རྟེན་ནི་ཉེ་བར་མཚོན་པ་ཉིད་ཡིན་ཏེ། ་གཞན་ཡང་སེམས་ཅན་དང་སྣོད་དུ་གྱུར་པའི་ལོག་པར་རྟོག་པའི་གནས་མཐོང་ནས་ཇི་ལྟར་བདག་གིས་སངས་རྒྱས་ཀྱི་ཞིང་རྣམ་པ་གཉིས་སྦྱང་བར་བྱའོ་སྙམ་པ་དེ་ལྟ་བུའི་རྣམ་པར་རྟོག་པ་མེད། སྲིང་མོ་གང་གཱའི་ལྷ་མོ་བཞིན་དུ་སྐྲག་པ་མེད་པར ་བྱང་ཆུབ་སེམས་དཔའ་ཟློག་པ་ནས། ཡང་སངས་རྒྱས་ཀྱི་ཞིང་རྣམ་པ་གཉིས་ཡོངསུ་སྦྱང་བའི་ཕྱིར་གོ་གྱོན་ཏེ། ཕྱི་མའི་མུའི་མཐའ་རྟག་ཏུ་ཡུལ་ལས་བརྩོན་ཞིང་དེའི་ཐབས་ཡོངསུ་སྐྱེ་བའི་བློ་ནི་རྡུལ་ཙམ་བསྐྱེད་མི་བྱ།། སྟོན་རིན་པོ་ཆེ་སྡུད་པ ་ཚོགསུ་བཅད་པ་ལས་གང་གཱའི་ལྷ་མོའི་ལེའུ་སྟེ་བཅུ་དགུ་པའི་བཤད་པའོ།། ། སངས་རྒྱས་ཀྱི་ཞིང་ཡོངསུ་དག་པར་བྱས་ནས་ཐབས་ལ་མཁས་པས་འཁོར་བ་ཇི་སྲིད་ཀྱི་བར་དུ་སངས་རྒྱས་ཀྱི་མཛད་པོའི་རང ་གི་སངས་རྒྱས་ཀྱི་ཞིང་གི་བྱ་བའི་ཐབས་ལ་མཁས་པ་བསྟན་ནས་དེའི་ཡུལ་རེ་ཞིག་བསྟན་པའི་ཕྱིར། བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་རྒྱལ་བའི་ཤེས་རབ་སྤྱོད་བྱེད་ཅིང་།། ་ཕུང་པོ་འདི་དག་གཟུགས་ལ་སོགས་པ་སྟེ། བསྒོམ་པའི་སྟོབས་ཀྱིས་ཤེས་ཤིང་གདོད་ནས་སྟོང་པས་ཁྱད་པར་དུ་འགྲོ་བ་མདོ།། ཞེས་བྱ་བར་དགོངསོ།། དེ་ལྟ་བས་སྒྱུ་མ་ལྟ་བུར་སྟོང་པ་ཉིད་ཐབས་ལ་མཁས་པའི་ཡུལ་ཡིནོ་ཞེས་བཤད ་པར་འགྱུ་རོ།། ཡང་ཅིའི་ཕྱིར་གོམས་པར་བྱས་པས་ཁྱད་པར་དུ་འགྲོ་བར་འགྱུར་ཞེ་ན། དེའི་ལན་དུ་ཐབས་ལ་མཁས་པའི་སྦྱོར་བ་བསྟན་པའི་ཕྱིར་མཉམ་པར་མ་བཞག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་སྐད་བསྟན་པའི་ཆོས་ཉིད ་བསྒོམས་པས་ཡང་འགྲོ་བའི་དོན་བྱེད་ཅིང་ཡེ་ཤེས་མཉམ་པར་བཞུག་པས་བསྐྱེད་པ་ནི། མཉམ་པར་སྙིང་རྗེས་སྡུག་བསྔལ་གསལ་བའི་ཕྱིར། སེམས་ཅན་གྱི་ཁམས་ལ་བལྟས་ནས་ད་ལྟར་སྙིང་རྗེ་དང་ཤེས་རབ་གཉིས་ཀྱི་དབུས་ན ་གནས་པའི་བར་སྐབས་ད་རོ།། མངོན་སུམ་བྱ་བའི་དུས་དང་དུས་མ་ཡིན་པ་ལ་སྦྱོར་བའི་སྟོབས་ཀྱིས་ཡོངསུ་མ་ཉམས་པར་སངས་རྒྱས་ཀྱི་ཚོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པ་ཐོབ་པ་ནི་སྦྱོར་བ་ཡིནོ་ཞེས་བསྟན་ཏོ།། དེ་ལ་རེ་ཞིག ་བར་ཆད་བྱེད་པའི་ཆོས་ལས་འདས་པའི་ཐབས་དཔེ་སྔོན་དུ་འགྲོ་བས་བསྟན་པའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་སྐྱེས་བུ་འགའ་ཞིག་འཇིག་རྟེན་གྱི་ཐ་སྙད་ལ་བཟོ་བས་ན་མཁས་པའོ།། དཔའ་བ་ལ་སོགས ་པའི་སྟོན་གྱིས་བརྒྱན་པས་ན་སྟོན་ཀུན་ལྡན་ཞིངངོ་།། ལུས་ཀྱི་སྟོབས་ཕུན་སུམ་ཚོགས་པའི་ཕྱིར་སྟོབས་ལྔ་ནོ།། གཞན་གྱིས་ཟིལ་གྱིས་མི་ནོན་པའི་ཕྱིར་མི་ཐུབ་པའོ།། འདི་དག་ཐམས་ཅད་ཀྱི་མཚན་ཉིད་ཡོངསུ་ཤེས་པའི་ཕྱིར་བརྩོན་བྱསོ།། ། ་གཞན་འདུན་པར་བྱེད་པའི་ཐབས་ལུས་ལ་སོགས་པའི་རྣམ་པར་འགྱུར་བར་བྱེད་པ་ལ་གོམས་པའི་ཕྱིར་སྒྱུ་རྩལ་ཆོ་ག་ཤེས་པའོ།། འཕོངས་ལེགས་པར་བསླབས་པའི་ཕྱིར་འཕོངས་ཀྱི་ཕུ་རོལ་ཏུ་ཕྱིན་པའོ།། རི་མོ་ལ་སོགས་པའི་ལས་ཀྱི ་གནས་ཀྱི་བྱ་བ་ལ་མཁས་པའི་ཕྱིར་གཟོ་གནས་མང་བའོ།། མ་རུང་བའི་སྐྱེ་བོ་མང་པོ་བསླུ་བ་ལ་གཅིག་ཏུ་མཁས་པའི་ཕྱིར་སྒྱུ་མ་བསྒྲུབ་པའི་ཆོ་ག་ཤེས་པའོ།། སྐྱེ་བོ་དམ་པ་ཡོངསུ་བསྐྱང་བ་གཙོར་བྱེད་པས་ན་འགྲོ་དོན་རབ་ཏུ་འདོད་པའོ།། དེ་ལྟ་བུ་དེ ་ཡང་དགྲའི་གནོད་པ་ཡོད་པ་འགོའུ་ཞིག་ཏུ་ཕ་དང་མ་དང་ཆུང་མར་བཅས་ཏེ། བུ་དང་བུ་མོ་ཡོངསུ་བསྡུས་ནས། དགྲ་བྱེད་མང་པོས་འཇིགས་པ་དང་བཅས་པའི་དགོན་པའི་ལམ་དུ་ཞུགས་པ་སྟེ། ཕྱིན་པ་ན་དགྲ་མང་པོ་འོངས་པ་ལ་དེ་ལྕེས་སྒྲ ་མའི་སྒྲུབ་པ་ཤེས་པས་སྲོག་ལ་བལྟོས་པ་མེད་པས་ན་དཔའ་བོའོ།། གཞན་གྱིས་ཟིལ་གྱིས་མི་ནོན་པའི་དུང་ཚུལ་ཅན་ཡིན་པས་ན་རྟུལ་ཕོད་པའོ།། སྐྱེས་བུ་མང་པོ་མངོན་པར་སྤྲུལ་ཏེ། བར་ཆད་བྱེད་པ་མང་པོ་ལས་འདས་ནས་དགོན་པ ་ལས་བརྒལ་ཏེ། བདེ་བར་ཕྱིན་ཅིང་གཉུག་མའི་ཁྱིམ་དུ་ཕྱིར་འོང་བ་ལྟར། དེ་བཞིན་དེ་ཚེ་ནི་གང་གི་ཚེ་སྟེ། བྱང་ཆུབ་སེམས་དཔའ་མཁས་པ་ཡང་དམིགས་པ་མེད་པའི་བྱམས་པ་མངོན་སུམ་དུ་ཐོབ་པས་བྱམས་པས་བདེ་བ་ལ་སྦྱོར ་བར་འདོད་པའི་སེམས་ཀྱི་རྐྱེན་གྱིས་སེམས་ཅན་གྱི་ཁམས་ཀུན་ལ་མངོན་དུ་ཕྱོགས་པ་དང་འགྲེལ་པ་དེའི་ཚེ་འདི་ལྟར་ལྷའི་བུ་ལ་སོགས་པའི་བདུད་བཞི་ལས་འདས་ཤིང་ཉན་ཐོས་དང་རང་རྒྱལ་གྱི་ས་གཉིས་ལས་ཀྱང་རབ ་འདས་ནས་སངས་རྒྱས་ཐོབ་པར་བྱེད་པའི་ཏིང་འཛིན་མཆོག་ལ་གནས་ཤིང་། བྱང་ཆུབ་རེག་པར་མི་བྱེད་དེ། བྱ་བ་ཡོངསུ་མ་རྫོགས་པའི་ཕྱིརརོ།། མི་གནས་པས་གནས་པའི་ཐབས་དཔེ་སྔོན་དུ་འགྲོ་བས་བསྟན་པའི་ཕྱིར་མཁའ་ལ་ཞེས་བྱ་བ་ལ་སོ། ་བ་གསུངས་ཏེ། དཔེར་ན་འཇིག་རྟེན་ཆགས་པ་ན་རིམ་པ་བཞིན་དུ་བརྟན་ཏེ། མཁའ་ལ་རླུང་རྟེན་ཏེ། རླུང་དང་བཅོས་པ་ལ་ཆུའི་ཕུང་པོའོ།། དེ་ལ་ཡང་གསེར་གྱི་ས་གཞིའོ།། དེ་ལ་ཡང་ས་ཆེན་པོ། དེ་ལ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་བརྟེ་ནོ།། དེ ་ནས་སེམས་ཅན་གྱི་ལོང་སྤྱོད་ཆགས་ཏེ། དེ་འདྲ་སྟེ་རྩ་བའི་རྒྱུ་ལས་ཡིན་པར་བལྟ་བར་བྱའོ།། གཞན་དུ་ན་དྲོངོས་པོ་ཐམས་ཅད་ཀྱི་དབེན་པའི་མཚན་ཉིད་ན་མཁའ་ཇི་ལྟར་གན་སུ་འགྱུར། རླུང་གི་དཀྱིལ་འཁོར་གང་ལ་གནས་ཡིན་ཏེ། སྨོས་ཀྱང་མི་དགྲོ། ་སོ།། འོན་ཀྱང་དེ་གནས་ཡིན་པར་གྲགས་ཏེ། རབ་ཏུ་གྲགས་པའི་ཕྱིར་ཇི་སྐད་བསྟན་པའི་རྒྱུའི་སྟོབས་ཀྱིས་ངེས་པར་འབྱུང་བ་འདི་ཡིད་ལ་བྱེད་པས་ན་མཁའི་ཁམས་ཀྱི་དོན་འདི་བསམ་པར་གྱིས་ཤིག། འདི་ལྟར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ ་སྟོང་པ་ཉིད་ལ་གནས་པའི་སྦྱོར་བས་གནས་པ། འགྲོ་ལ་སེམས་ཅན་གྱི་བསྐལ་པ་ཇི་ལྟ་བ་བཞིན་སྣང་བ་དང་། རང་གི་སྨོན་ནས་ཤེས་པའི་རྒྱུད་དེ་གཉིས་ཙམ་གྱི་བྱིན་གྱིས་བརླབས་ཅན་ནི་རྟེན་ཅ་ནོ།། བྱ་བ་རྣམ་པ་སྣ་ཚོགས་ནི་བྱ་བ་དུ་མ་བྱེད་ཅིང ་སྤྲུལ་པའི་སྐུ་ནི་རྣམ་པ་སྣ་ཚོགས་པའི་བྱ་བ་དུ་མ་སྟོན་པར་བྱེད་ཅིང་།། ཇི་སྐད་བསྟན་པའི་ཐབས་ལ་མཁས་པའི་སྟོབས་ཀྱིས་མྱ་ངན་ལས་འདས་ལ་མི་རེག་པར་དངོས་པོའི་མཚན་ཉིད་ལས་འདས་པས་སྟོང་པ་ཉིད་ལ་གནས་པ་མེད། དྲིས་པས་ན ་དེ་ཉིད་གནས་པར་གྱུར་པ་ཡིནྡ་ཞེས་བྱའོ།། སྔོན་གྱི་སྨོན་ལམ་ཡང་མི་འདོར་བའོ་ཐབས་བསྟན་པའི་ཕྱིར། གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་ན་བྱང་ཆུབ་སེམས་དཔའ་མཁས་གསལ་པ། ཆོས་ཐམས་ཅད་མི་དམིགས ་པས་སྟོང་པ་ཉིད་ཀྱི་མཆོག་དེ་ཉིད་དང་། རྣམ་པར་གཡེང་བ་མ་ལུས་པ་ཉེ་བར་ཞི་བས་ན་ཞི་བའོ།། དཔའ་བར་འགྲོ་བ་ལ་སོགས་པའི་ཏིངེ་འཛིན་སྒོམ་པ་ནི་འདི་སྤྱོད་པའོ།། དེ་ལྟར་ཏི་འཛིན་དང་སྟོང་པ་ཉིད་ཀྱི་རང་བཞིན་གཉིས་ཀྱིས་བར་སྐབས ་དེར་བྱང་ཆུབ་སེམས་དཔའ་གནས་ཏེ། སྟོང་པ་ཉིད་ཀྱི་སྟོབས་ཀྱིས་མཱ་ཆེན་མ་རབ་ཏུ་སྒོམ་མི་བྱེད། འདི་ལ་མཚོནཱ་མ་མེ་དྲེ་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་གནས་པར་གྱུར་པའོ།། ཇི་སྐད་བསྟན་པའི་ཐབས་ལ་མཁས་པའི་སྟོབས་ཀྱིས ་གང་འདོད་པ་བཞིན་དུ་མཐའ་གཉིསུ་མི་ལྟུ་ངོ་།། རིམ་པ་ཇི་ལྟ་བ་བཞིན་དུ་མྱི་ངན་ལས་འདས་པ་ཐོབ་པར་བྱེད་པའི་འཛིན་པ་མེད་པས་ན་ཞི་བའོ།། འཁོར་བ་ལ་མངོན་པར་ཞེན་པ་སྤངས་པས་ན་རང་ཞི་བའོ།། སྤྱོད་པ་ནི་མཚན་མ་མེད་པ་ལ ་སྤྱོད་པར་འགྱུར་བའོ།། ཐུན་མོང་མ་ཡིན་པའི་ཐབས་ལ་མཁས་པ་བསྟན་པའི་ཕྱིར། བར་སྣང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་བར་སྣང་འཕུར་བའི་བྱ་ལ་གནས་ན་གཞིའི་རང་བཞིན་རབ་ཏུ་མི་གནས་པའི་ཕྱིར་མེད་དེ། རྣམ་པར ་དཔྱད་ན་དེ་ན་མཁའ་ལ་གནས་པ་མདོ།། གཤེག་པ་གཉིས་ཀྱི་སྟོབས་ཀྱིས་ས་ལ་ཡང་མི་ལྟུང་།། དེ་ལྟར་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ལ་སོགས་པ་རྣམ་པར་ཐར་པའི་སྒོར་སྤྱོད་པའི་སེམས་ཅན་གྱི་དོན་བྱེད་པའི ་སེམས་བསྐྱེད་པའི་ཕྱིར་མྱ་ངན་འདས་ལ་མི་རཱི་གོ།། དམིགས་པ་སྤངས་པའི་ཕྱིར་མཚན་མར་སྤྱོད་པ་མ་ཡིན་ཏེ། དེ་ནི་བྱང་ཆུབ་སེམས་དཔའི་ཉན་ཐོས་ལ་སོགས་པ་དང་། ཐུན་མོང་མ་ཡིན་པའི་ཐབས་ལ་མཁས་པ་ཡཱ་ནོ་ཞེས ་བསྟན་པར་འགྱུར་རོ།། ཆགས་པ་མེད་པའི་ཐབས་ལ་མཁས་པ་དཔེ་སྔོན་དུ་འགྲོ་བས་བསྟན་པའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་འཕོང་ལེགས་པར་ལོབས་པའི་སྐྱེས་བུ་འགའ་ཞིག་གིས ་ལེགས་པར་མེ་ནམ་དུ་མདའ་འཕངས་ཏེ། མདའ་གཞན་དག་ནི་ཕྱི་བཞིན་རྒྱུད་མར་ལོང་བཏགས་ནས། དེའི་སྔ་མའི་མདའ་དེ་སཱ་ལ་ལྟུང་བའི་སྐབས་མི་འབྱེད་དེ། མི་དེ་འདོད་ན་མདའ་དེ་ས་ལ་ལྷུང་བར་འགྱུར། དེ་ལྟར ་ཤེས་རབ་ཕ་རོལ་ཕྱིན་མཆོག་དང་། ཐབས་ལ་མཁས་པ་ཆེན་པོའི་རང་བཞིན་ལ་སྤྱོད་པའི་རྒྱལ་བའི་སྲས་ཤེས་རབ་དང་སྙིང་རྗེ་ལ་སོགས་པ་སྒོམ་པ་དང་། རྣམ་པར་སྤྱོད་པའི་ཆགས་པའི་སྟོབས་ཀྱི་དེ་སྲིད་སྟོང་ཉིད་དམ ་པ་དེ་ནི་ཐོབ་མི་བྱེད། གང་ཇི་སྲིད་དགེ་བའི་རྩ་བ་ཡོངསུ་མ་རྫོགས་ཀྱི་བར་དུའོ།། སྟོང་པ་ཉིད་དང་ཐབས་ལ་མཁས་པ་སྔ་མ་བཞིན་དུ་བསྟན་པའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉོན་མོངས་པ ་དང་བྲལ་བས་ན་དགེ་སློང་ངོ་།། དཔེར་ན་ཁྱད་པར་གྱི་ལམ་གྱི་སྟོབས་ཀྱིས་རྫུ་འཕྲུལ་གྱི་སྟོབས་ཆེན་པོ་དང་ལྡན་པ་ཞིག་ན་མཁར་གནས་ཏེ། འགྲོ་བ་འདུལ་བའི་ཕྱིར་གཅིག་ཅར་ངོ་མཆེར་གཉིས་ཀྱིས་ཟུང་བྱེད་པར་རྣམ་པར་འཕྲུལ་ཏེ། འདི་ལྟ་སྟེ། འགྲོ ་དང་འཆག་པ་དང་ནི་ཉལ་དང་འདུག་པར་སྟོན། སྟོང་པ་ཉིད་སྒོམ་པའི་རྣམ་པར་ཐར་པའི་སྒོ་ནས་སྐྱོ་བ་མེད་ཅིང་ལགས་པར་གོམས་པས་དེ་ལ་དུབ་པ་མེདདེ། ཇི་སྲིད་འདོད་པ་དེ་སྲིད་གནས་ཞེས་བྱ་བ་ནི་ལྷག་མའོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའ ་མཁས་པ་སྟོང་གནས་ཤིང་། ཡེ་ཤེས་ཕུལ་དུ་བྱུང་བ་ཐོབ་པའི་རྫུ་འཕྲུལ་ཤེས་པས་ཕ་རོལ་སོན་ནོ།། གནས་ངེས་པར་འཛིན་པ་སྤངས་པའི་ཕྱིར་གནས་པ་མ་དོ།། རྣམ་པ་དུ་མའི་བྱ་བ་བྱེད་པས་ན་འགྲོ་བ་དག་ལ་བྱ་བ་རྣམ་པ་སྣ་ཚོགས་སྙིང་རྗེ ་སྤྲུལ་པའི་སྤྲིན་སྟོན་ཏེ། རེ་རེའི་རྣམ་པ་མང་བས་མཐའ་ཡ་སོ།། བསྐལ་པ་བྱ་བར་སྟོང་པ་ཉིད་དང་ཐབས་ལ་མཁས་པའི་སྟོབས་ཀྱིས་སྐྱོ་བ་མདོ།། སྤྲུལ་པ་ལགས་པར་གོམས་པའི་སྟོབས་ཀྱིས་དུབ་པ་མདོ།། མཚན་མ་མེད་པའི་ཐབས་ལ་མཁས ་པ་དེ་བཞིན་དུ་རིག་པར་བྱ་བའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་མི་འགའ་གཡང་ས་ཆེན་པོར་འདུག་བྱེད་ཅིང་། ལག་པ་གཉིས་ཀས་གདུགས་གཉིས་འཛིན་པ་ན་དུས་མ་ཡིན་པར་འཁྲུག་པའི་ཕྱིར་དུས་མ་ཡིན ་པའི་རླུང་བྱུང་བའི་ཚེ་བདག་ཉིད་གཡང་ས་ཆེན་པོར་མཆོང་བར་བྱེད་ཅིང་། མི་བཟད་པར་ལུས་བོར་ཡང་སྡུག་བསྔལ་བར་ལྟུང་བར་མི་འགྱུར་ཏེ། ཇི་སྲིད་དེར་འདོད་པའི་གན་སུ་འགྲོ་བར་འགྱུར་བ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་མཁས་པ ་སྙིང་རྗེས་གནས། ཐབས་དང་ཤེས་རབ་གཉིས་ཀྱིས་གདུགས་ནི་ཡོངས་བཟུང་སྟེ། ཆོས་རྣམས་སྟོང་པ་མཚན་མེད་སྨོན་པ་མེད་སྤྱོད་པ། ངེས་པར་ཡིད་ཆེས་པར་བྱེད་ཅིང་མཚན་མ་མེད་པའི་ཐབས་ཀྱི་སྟོབས་ཀྱིས་མྱ་ངན་ལུས་འདས ་ལ་རེག་པ་མེད་ལ་ཆོས་ཀྱང་མཐོང་། དེ་བཞིན་དུ་གཞན་ལ་ཡང་སྟོན་པར་བྱེདོ།། སྨོན་པ་མེད་པའི་ཐབས་དཔེ་སྔོན་དུ་འགྲོ་བས་རྟོགས་པར་བྱ་བའི་ཕྱིར། དཔེ་ར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་རིན་པོ་ཆེ་འདོད་པ་རིན་ཆེན་གླིང་དུ་འགྲོའོ།། བཻ་ཌཱུརྱ་ལ ་སོགས་པའི་རིན་པོ་ཆེའི་འབྱུང་གནས་ནི་གླི་།། གང་གི་ཚེ་ཡང་དེར་ནི་དེད་དཔོན་འབའ་ཞིག་བདེ་བར་འཚོ་བྱེད་ཅིང་། དེའི་ཚེ་ཡང་རིན་ཆེན་རྙེད་ནས་ཕྱིར་ཡང་ཁྱིམ་དུ་འོང་བ་ལྟར་གཉེན་བཤེས་ཚོགས་ལ་ཅི་ནས་བརྩེ་བ་དྲང་མ་བྲལ་བའི་ཕྱིར་དབུལ་བའི་སྡུག ་བསྔལ་གྱིས་ཡིད་མི་བདེ་བར་མི་འཇོག་པ་ལྟར་ཞེས་རིམ་པ་བཞིན་དུ་སྦྱ་རོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ནི་ཡོན་ཏན་རིན་པོ་ཆེ་འབྱུང་བའི་ཕྱིར་རིན་ཆེན་གྱི་གླིངངོ་།། བྱང་ཆུབ་སེམས་དཔའ་སོང་སྟེ་ཕྱིན་ནས་བསམ་ག་ཏཱན་དབང་པོ་སྐྱེབ ་ཐོབ་པ། གང་གི་ཚེ་མྱ་ངན་ལས་འདས་ལ་རེག་པ་འབའ་ཞིག་མངོན་དགའ་བ་དེ་ལྔ་ཡིན་ནཱ་ཡང་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་སེམས་ཅན་སྡུག་བསྔལ་ནི་སྐྱེ་བ་ལ་སོགས་པའོ།། ཡིད་ལ་འཇོག་པ་མ་ཡིན་ཏེ། སྨོན་པ་མེད་པའི་ཐབས་ཀྱི་སྤོབས ་ཀྱིས་མྱ་ངན་ལས་འདས་པ་མངོན་དུ་བྱེད་པར་མི་འགྱུརརོ།། དེ་བཞིན་དུ་ཕྱིར་མི་ལྡོག་པའི་རྟགས་ཀྱི་ཐབས་བསྟན་པའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་ཚོང་པ་མངོན་པར་འདོད་པའི་དོན་གཉེར་བ་རྒྱུས་ཏེ། འཚོང་བ ་ད་ཙོ་བའི་ཟོང་གི་རིན་ཐང་ཤེས་པར་བྱ་བའི་ཕྱིར། བར་གྱི་གྲོང་ཁྱེར་གྲོང་རྡལ་གྲོང་གང་ཡིན་པར་འགྲོ། དྭེ་ཡང་ནི་གྲོང་ཁྱེར་ལ་སོགས་པའོ།། རིན་ཆེན་གླིང་བུ་རང་མྦི་གཱནས་ལ། རིག་པ་ཁྱིམ་བུ་ང་མ་གན་སོ།། འོན་ཀྱང་དེ་གཉིས་ཀྱིས་ནུན་མ་ལ ་སོགས་པ་ཐག་བསྲིངས་པའི་ཐབས་ཤེས་པའི་བདག་ཉིད་ཡིན་པའི་ཕྱིར་ལམ་ལ་མཁས་པའོ།། ནོར་སོགས་པར་བྱེད་པས་ན་རྣམ་པར་རིག་པར་བྱེད་པའི་ཕྱིར་རང་གི་ཁྱིམ་དུ་སྐྱབས་པར་བྱ་བའི་སེམས་ཅན་ལ་རྗེསུ་བརྩེ་བས་འོང་བར་འགྱུརརོ།། དེ ་བཞིན་དུ་བྱང་ཆུབ་སེམས་དཔའ་དད་པ་འམ། སྙིང་རྗེ་དང་། ཤེས་རབ་ཀྱི་སྦྱོར་བ་ཤེས་པས་ན་མཁས་པ་བློ་ལྡ་ནོ།། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ལམ་ཤེས་པས་རྣམ་པར་གྲོལ་བ་ཀུན་ལ་མཁས་ཏེ། དེ་དག་གིས་འདུལ་བའི་སེམས་ཅན་གྱི ་དོན་རབ་ཏུ་གོམས་པས་ན་མཁས་པའོ།། སེམས་ཅན་གྱི་དོན་ཡོངསུ་མི་གཏོང་བས་ན་དེ་དག་མངོན་དུ་མི་བྱེད་པས་ན། དེ་ལ་ཡང་མི་གནས།། བྱ་བ་མ་བྱས་པས་ན་དེ་བཞིན་དུ་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་མི་གནས།། འདུས་བྱས་ཀྱི་ཉེས་པ ་རྟོགས་པའི་ཕྱིར་འདུས་བྱས་ལ་ཡང་མི་གནསོ།། དེ་ཉིད་ཀྱི་ཕྱིར་ཐམས་ཅད་དུ་འགྲོ་བའི་ལམ་ཡིནོ།། ཡོན་དང་སྐྱོན་རིམ་པ་ཇི་ལྟ་བ་བཞིན་དུ་ཡོངསུ་ཤེས་པ་ལ་མཁས་པ་ནི་ཚུལ་ཤེས་པ་ཡནྡན?་ཏེ། དེ་ལྟ་བུ་ནི་ཕྱིར་མི་ལྡོག་པ་ཞེས་བྱ་སྟེ། ་ཐུན་མོང་མ་ཡིན་པའི་ཆོས་ཡིནོ་ཞེས་བསྟན་པར་འགྱུར་རོ།། ཚད་མེད་པའི་ཐབས་ལ་མཁས་པ་བསྟན་པའི་ཕྱིར། གང་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་བདེ་བ་ལ་སྦྱོར་བར་བྱེད་ཅིང་འགྲོ་ལ་བྱམས་པ་རྗེསུ་འབྲེལ་བྱས་ནས། ་ཏིང་འཛིར་སྟོང་པ་མཚན་མེད་སྤྱོན་པ་མེད་སྤྱོད་ག་ཚེ་སེམས་ཅན་ཆད་མེད་པ་ལ་སྤྱོད་པ་ཉིད་ལ་སོ་ཀླས་པའི་དམིགས་པ་སྟོབས་ཀྱི་རམཱ་པཱུ་ཛཾ་ལྟ་བ་བཞིན་དུ་དེ་ནི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་ཞེ་ན། རྒྱལ་བའི་མས། ་དེས་དེ་བཞིན་དུ་ཡང་འདས་བྱས་ཡིན་པར་གདགས་ནུས་དེ་མི་གནས་མེད་དོ།། ཞེས་བྱ་བ་ནི་ཚིག་སུ་བཅད་པའི་དོན་ཏོ།། དེ་ཉིད་ཀྱི་དོན་དཔེས་གསལ་བར་བསྟན་པའི་ཕྱིར། དཔེར་ན་སྤྲུལ་པའི་མི་ནི་སྔགས་ལ་སོགས་པས་མིག་བསླང་པས་མཐོང ་བའི་ལམ་དུ་མིའི་ལུསུ་མོ་སྣང་བ་མ་ཡིན་ཞིང་། རིགས་པས་དཔྱད་ན་སྟོང་པའི་ཕྱིར། དེ་ནི་གང་གིས་ཀྱང་ནི་གདགས་པར་ནུས་པ་མ་ཡིན་ཞེས་བྱ་བར་འབྲེལ་ཏོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་ཅན་ལྔ་དམིགས་པ་མེང་པ་སྟོང་པ ་ཉིད་ལ་སོགས་པའི་རྣམ་པར་ཐར་པའི་སྒོར་སྤྱོད་པས་དེའི་འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་ཞེས་མིང་གིས་ཀྱང་ནི་གདགས་པར་ནུས་པ་ཡིན་ཞེས་བྱ་བ་སྔ་མ་དང་འབྱོལ་ཏོ།། དེ་ལྟ་བས་ན་ཐབས་སྔ་མ་སྔ་མཱ་ནི་ཐབས་ཕྱི་མ་ཕྱི་མའི་རྒྱུའི ་གཙོ་བོ་ཡིན་ཏེ། སྟོང་ཕྲག་བརྒྱ་པ་ལས་ཐབས་ཀྱི་དབྱེ་བ་རྣམ་པོ་བཅུ་གསུངས་པ་བཞིན་བལྟའོ།། ཐབས་མཐའ་ཡས་པ་ཐམས་ཅད་འདིར་འདུས་པ་ཡི་ནོ།། རྒྱུ་གཞན་བརྗོད་པར་བྱ་བ་མདོ་ཞེས་ཉེ་བར་སྣང་བའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། གལ་ཏེ་རྒྱལ་བའི་སྲས་ཀྱི་གནས་པར་བྱ་བ་སྤྱོད་པ་དང་ནི་དབང་པོ་ཟབ་མོའི་ཆོས་དྲིས་ལ་རྒྱས་པར་བསྟན་པ་གསལ་བར་བྱེད་པ་ཇི་སྐད་བསྟན་པའི་ཐབས་ཤེས་པར་མི་བྱེད། བྱང་ཆུབ་སེམས་དཔའ་སྟོང་པ་མཚན ་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོ་དང་། ཕྱིར་མི་ལྡོག་པའི་སའི་ཆོས་ཏེ། སེམས་ཅན་ཐམས་ཅད་ལ་ཡོངསུ་བཏང་བའི་སེམས་བསྐྱེད་པའོ།། བསྡུས་ནས་བསྟན་པ་རྒྱས་པར་མི་ཆད་པ་དེ་ནི་ལུང་མ་བསྟན་པ་ཡིན་པར་རིག་པར་བྱའོ།། ་ཞེས་བསྟན་ཏོ།། དེ་དག་གིས་ནི་རྣམ་པ་ཀུན་མངོན་པར་རྫོགས་པ་བསྟན་པ་ཡིན་ཏེ། དེ་སྐད་ཡང་། རྣམ་པ་སྦྱོར་དང་བཅས་རྣམས་དང་།། ལྟོན་སྐྱོན་ནི་མཚན་ཉིད་བཅས།། ཐར་དང་ངེས་འབྱེད་ཆ་འཐུན་དང་།། སློབ་པ་ཕྱིར་མི་ལྡོག་པའི་ཚོགས།། སྲིང་དང་ཞི་བ་མ་ཉི ་ཉིད་དང་།། ཞིང་དག་བླ་ན་མེད་པ་ནི།། རྣམ་ཀུན་མངོན་རྫོགས་རྟོགས་པ་སྟེ།། འདི་ནི་ཐབས་མཁས་བཅས་པ་ཡིན་ཞེས་གསུང་སོ།། རྣམ་པ་ཀུན་མངོན་པར་རྫོགས་པ་ཐོབ་པ་དེ་མ་ཐག་ཏུ་རབ་ཀྱི་མཐར་ཐུག་པ་རྩེ་མོའི་མངོན་པར་རྟོགས་པ་ཡིན་པས་རེ་ཞིག ་དེའི་རྟགས་བསྟན་པའི་ཕྱིར། དགྲ་བཅོམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགྲ་བཅོམ་པ་དང་རྐྱེན་གྱི་སངས་རྒྱས་ཡེ་ཤེས་དང་། ཁམས་གསུམ་དག་ཀྱང་མི་འདོད་དེ།། ཤིན་ཏུ་གོམས་པར་བྱས་པའི་ཕྱིརརོ།། རྨི་ལམ་ན་ཡང་སངས་རྒྱས་རྣམས ་མཐོང་འགྲོ་ལ་ཆོས་ཀྱང་སྟོན་བྱེད་པ་དེ་ལྟ་བུ་ནི་རྩེ་མོའི་མངོན་པར་རྟོགས་པ་སྟེ། དེ་ནི་མི་ལྕོག་ལུང་བསྟན་ཡིན་པར་རིག་པར་བྱ། དེ་བཞིན་དུ་རྨི་ལམ་ནུ་ནི་སེམས་ཙཱན་ངན་སོང་གསུམ་གནས་མཐོང་།། རྨི་ལམ་དུ་རྟོགས་པའི་ཕྱིར། སྐད་ཅིག་དེ་ལ ་ངན་སོང་རྒྱུན་གཅོད་སྨོན་ལམ་འདེབས། དེ་བཞིན་དུ་བདེན་པའི་བྱིན་གྱིས་བརླབས་ཀྱིས་རྨི་ལམ་གྱི་གནས་སྐབས་ན་ཡང་གྲོང་ཁྱེར་ལ་སོགས་པ་ཚིག་པའི་མེའི་ཕུང་པོ་བཞི་པ་དེ་ལྟ་བུ་དེ་ནི་མི་ལྡོག་ལུང་བསྟན་ཡིན་པར་རིག་པར་བྱ། དེ་བཞིན ་དུ་མིའི་འཇིག་རྟེན་འབྱུང་པོའི་གདོན་དང་ནད་མང་བ། བདེན་པའི་བྱིན་གྱིས་རླབས་ཀྱིས་མེའི་ཕུང་པོ་ཞི་པཱ་དང་། འགྲོ་བ་རྗེ་སུ་བཟུང་བའི་བློས་ཕན་དང་སྙིང་བརྩེར་ལྡན་པས་འབྱུང་པོས་ཟིན་པ་གསལ་ནས་བདག་བསྟོད་ཅིང་ང ་རྒྱལ་སྐྱེ་བར་མི་བྱེད་པ་དང་། ཡང་གཞན་དག་ལ་སྨོད་པར་མི་བྱེད་པ་དེ་ལྟ་བུའི་ནི་སྔ་མོ་བཞིན་དུ། དེ་ནི་མི་ལྡོག་ལུང་བསྟན་ཡིན་པར་རིག་པར་བྱ། སྟོན་རིན་པོ་ཆེ་སྡུད་པ་ཚིགསུ་བཅད་པ་ལས་ཐབས་ལ་མཁས་པའི་ལྡེའུ་སྟེ་ཉི་ཤུ་བྲོའི་བཤདང ་པའོ།། བདུད་ཀྱི་བྱིན་གྱིས་རླབས་ཀྱིས་སྤོང་བ་ནི་རྟགས་མ་ཡིནོ་ཞེས་བསྟན་པའི་ཕྱིར། ཅི་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་ཡང་བྱང་ཆུབ་སེམས་དཔའ་དེ་ནི་བདེན་པའི་བྱིན་རླབས་སྣ་ཚོགས་དག ་འབྱོར་པར་བདག་ལུང་བསྟན་སྙམ་རློམཱ་སོམས་འབྱུང་བ་འམ། དེ་བཞིན་དུ་གལ་ཏེ་བྱང་ཆུབ་སེམས་དཔའ་གཞན་གྱི་ལུང་བསྟན་པས་བྱང་ཆུབ་སེམས་དཔའུ་གཞན་ལ་སྨོད་པ་དེའི་ཚེ་རློམཱ་སེམས་གནས་པ་དེ་ནི་བདུད་ཀྱི་བྱིན་གྱིས་བརླབས། ་པ་ཡིན་ཏེ། དེ་མ་ཐག་ཏུ་ཆེ་བས་ཆེ་བའི་ང་རྒྱལ་འབྱུང་བས་བློ་ཆུང་བ་དང་། སེམས་ཆུང་བཱའོ་ཞེས་བྱ་བའི་བར་དུ་ཤེས་པར་བྱའོ།། ཞར་ལ་འབྱུང་བའི་བདུད་ཀྱི་བྱེ་བྲག་བསྟན་པ་ལས་མིང་གི་གཞི་ལས་འབྱུང་བའི་བདུད་ཀྱི་ལས་བསྟན་པའི ་ཕྱིརརོ།། མིང་གི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་ལ་སོགས་པའི་མིང་བརྗོད་ཅིང་བྱིན་གྱིས་རློབ་པ་བདུད་ཀྱི་ལས་ཏེ། ཉེ་བར་འོངས་གྱུར་ནས། འདི་སྐྱོང་སྨྲ་སྟེ། འདི་ནི་ཁྱོད་དང་པ་དང་མ་དང་། ཁྱོད་ཀྱི་གཞན་ཡང་བརྒྱུད་པ་བདུན་མེས ་རྒྱུད་ཀྱི་བར་གྱི་མིང་འདི་ཡིན་ཞིང་། གང་ཟག་འབྱུང་བའི་རིགས་དང་མིང་འདི་ཞེས་བྱའོ་ཞེས་སྨྲ་ཞིང་། དེ་བཞིན་དུ་གང་ཚེ་ཁྱོད་ནི་སངས་རྒྱས་འགྱུར་བའི་མིང་འདི་ཡིནོ་ཞེས་བྱ་བས་དེའི་ཚེ་ཡང་གང་དེ་ཉིད་ཀྱིས་བསམས་པའི་མིང་ལྟར ་མིང་དེ་ཉིད་དུ་འགྱུར་བས་སྨྲ་བར་འགྱུར་ཏེ། དེ་ཐོས་པས་མངོན་པའི་ང་རྒྱལ་སྐྱེས་ནས་བདུད་ཉེ་བུར་འོངས་པས་འདི་ནི་བློ་ཆུ་ངུ་ཡི་ནོ་ཞེས་འཆད་པར་འགྱུར་བ་དང་འབྲལ་ཏོ།། སྦྱངས་པའི་སྟོན་གྱི་གཞི་ལས་བྱུང་བའི་བདུད་ཀྱི་ལས་བསྟན་པའི ་ཕྱིར། སྦྱངས་སྡོམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦྱངས་པའི་སྟོན་གང་ཅི་འདྲ་བ་བསོད་སྙོམས་པ་ཉིད་ལ་སོགས་པ་དང་ལྡན་པ་དང་། རྣལ་འབྱོར་དང་ལྡན་པ་ལ་ཁྱེད་སྔོན་ཡང་ཡོན་ཏན་ཚུལ་ཡོང་འདི་འདྲ་ཞེས་བརྗོད། དེ་སྐད ་གང་ཐོས་རློམ་སེམས་ཏེ་མངོན་པའི་ང་རྒྱལ་སྐྱེས་ན་བྱང་ཆུབ་སེམས་དཔའ་དེ་ནི་བདུད་གྱི་ཡོངསུ་བསླང་ཏེ་བདུད་འོངས་པས་དེ་ནི་བློ་ཆུང་བ་བསམ་པ་དམན་པའོ་ཞེས་བྱ་བའི་བར་དུ་ཤེས་པར་བྱའོ།། ཡང་དབེན་པའི་གཞི་ལས་བྱུང་བའི་བདུད ་ཀྱི་ལས་བསྟན་པའི་ཕྱིར། རབ་ཏུ་དབེན་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྗོན་ཤིང་གི་སྐྱེ་བ་འཇིག་པའི་ཕྱིར་རཱབ་ཏུ་དབེན་པའི་གྲོང་དང་གྲོང་ཁྱརོ།། ཆུ་འབབཱ་པཾ་དང་ལྡན་པའི་ཕྱིརར་རི་སུ་ལེ།། གྲོང་ལས་རྒྱང་གྲགས་རྫི་ཆེད་ཙམ་ན་གནྡ། ་པ་ནི་དགོན་པའོ།། འབྲོག་དགོན་པ་ལ་སོགས་པར་སྟག་ལ་སོགས་པ་དང་བྲལ་བའི་ཕྱིར་རབ་ཏུ་དབེན་པའོ།། ནགས་ཀྱི་ཁྱད་པར་ནི་ནགས་ཁྲོད་རབ་ཏུ་སྟེན་བྱེད་ཅིང་གལ་ཏེ་བདག་བསྟོད་ལ་སྟོན་ལ་སོགས་པ་མངོན་པའི་ང་རྒྱལ་གྱིས ་གཞན་ལ་སྨོང་ཅིང་ངན་པར་སྤྱོད་ན་བྱང་ཆུབ་སེམས་དཔའ་དེ་ནི་བདུད་ཀྱི་ལུས་ཀྱིས་ཡོངསུ་བསྲུང་ཞིང་དྲི་ནི་བློ་ཆུང་ཞིང་བསམ་པ་བཟང་པོ་མུ་ཡི་ནོ།། ཞེས་བྱ་བའི་བར་དུའོ། འོ་ན་དབེན་པའི་གནས་ཇི་ལྟ་བུ་ཡིན་ཞེ་ན་རྟག ་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་འཕགས་ལ་སོགས་པ་ནི་གྲོང་།། ཙམ་པ་ཀོ་ལ་སོགས་པ་ནི་ཡུལོ།། པ་ཊ་ལི་པུ་ཊ་ལ་སོགས་པ་ནི་ཡུལ་འཁོར་ཏེ། རྟག་ཏུ་གནས་བྱེད་ཅིང་སྟེ། གཞན་དུ་ཉན་ཐོས་ལ་སོགས་པའི ་གདུལ་བྱའི་སེམས་ཅན་ཡོངསུ་སྨིན་པར་བྱ་བའི་ཕྱིར་བླ་ན་མེད་པའི་བྱང་ཆུབ་ཏུ་ཡང་དག་པར་བསམ་པ་དྲག་པས་ཞུགས་པས་བྱང་ཆུབ་ལ་བརྩོན་པས་གནས་པའོ།། དེ་ནི་དགྲ་བཅོམ་པ་དང་རང་རྒྱལ་ནི་རང་རྒྱལོ།། འདོད་པ ་གཞན་ཡང་སྐྱེད་མི་བྱེད་དེ། བསྟན་མ་ཐག་པ་དེ་དག་དང་། མི་དགེ་བའི་ཆོས་ཐམས་ཅད་ལས་དྲབེན་པ་ནི་དབེན་པར་བསྟན་ཏེ། དེ་བཞིན་གཤེགས་པ་ཞེས་བྱ་བར་འབྲེལ་ཏོ།། འདི་ནི་ཆོས་ཀྱི་དབྱིངས་ལས་བྱུང་བའི་ཕྱི་རོ།། བདེ ་བར་གཤེགས་པའི་སྲས་ཀྱི་དབེན་པར་གསུང་སོ།། གཞན་ནི་དབེན་པ་ཨཱ་ཡཱ་ནོ་ཞེས་བསྟན་པའི་ཕྱིར། གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞིག་དཔག་ཚད་ལྔ་བརྒྱ་ཡོད་པའི་རི་སུལ་ཏེ། སྦྲུལ་ནི་སྦྲུལ་གདུག་པའོ།། ་གང་གི་ཕྱིར་ལོ་མང་བྱེ་བར་གནས་བྱེད་ཀྱང་གནས་ནི་ཁྱི་མོ།། དབེན་པ་འདི་ནི་བསྟན་མ་ཐེག་པ་ཡིན་པར་མི་ཤེས་པའི་བྱང་ཆུབ་སེམས་དཔའ་ཉན་ཐོས་ལ་སོགས་པའི་ཡིད་ལ་བྱེད་པ་དང་ལྡན་པའི་ཕྱིར་བྱང་ཆུབ་སེམས་དཔའ ་དེ་སྙམ་དུ་རློམ་ན་ལྷག་པའི་ང་རྒྱལ་རྙེད་ནས་འདྲེ་བར་གནས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཉིད་ཐོབ་པ་མ་ཡིནོ།། ང་རྒྱལ་གྱི་ཡུལ་དེ་ཉིད་བདུད་ཀྱི་སྤྱོད་ཡུལ་ལས་མ་འདས་པར་བསྟན་པའི་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། གལ་ཏེ་བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་ལ་མངོན་དུ་ཕྱོགས་པ་ན་བརྩོན་པའོ།། བཟོད་པ་ནས་ཆོས་ཀྱི་མཆོགི་དད་པ་ལ་སོགས་པ་ནི་སྟོབསོ།། ཁུ་སམ་གཏན་ནི་བཞི་སྟེ་མཉམ་པར་སྒྲུབ་པའོ།། དྲོད་དང་རྣ་མཱིའི ་རང་བཞིན་དད་པ་ལ་སོགས་པ་ནི་དབང་པོའོ།། སྟོང་པ་ཉིད་ལ་སོགས་པ་ནི་རྣམ་པར་ཐར་པའོ།། དཔའ་བར་འགྲོ་བ་ལ་སོགས་པ་ནི་ཏིང་འཛིན་ཏོ།། ཐོབ་པ་དེ་ལ་འདི་ནི་དགོན་དབེན་སྤྱོད་པ་མིན་སྙམ་བྱང་ཆུབ་སེམས་དཔའ་བརྙས་བྱེད་ན། དཱ་ནི་བདུད ་གྱིགྱི་སྤྱོད་ཡུལ་གནས་ཞེས་རྒྱལ་བས་གསུངས། རྒྱ་ཆེར་བསྟན་པ་ཉིད་ཉེ་བར་བསྡུ་བའི་ཕྱིར། གྲང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞིག་གྲོང་ངམ་འོན་ཏེ་དགོན་པར་གནས་ཀྱང་རུང་། རྣམ་པ་ཐམས་ཅད་དུ་ཉན་སྨོས་ལ་སོགས ་པའི་ཡིད་ལ་བྱེད་པས་དབེན་པ་ནི་ཐེག་པ་གཉིས་ཀྱི་སེམས་བྲལོ།། བླ་ན་མེད་པའོ་བྱང་ཆུབ་ཏུ་ཅིག་ཏུ་ངེས་པས་ན་བྱང་ཆུབ་མཆོག་ངེསོ།། བྱང་ཆུབ་སེམས་དཔའི་དབེན་པ་ད་ལས་གཞན་ནི་ཉན་ཐོས་ལ་སོགས་པ་དང་འབྲེལ་བ་ལྗོན་ཆུང་དུ་ཐོབ་པ ་བྱེད་པ་དེ་གཉིས་ཀྱི་ཕྱིར་ཟད་པར་བྱེད་ཅིང་འདོར།། གང་གི་ཕྱིར་བསྟན་མ་ཐག་པའི་ཉེས་པས་དབེན་ཞིང་འགྲོ་དོན་ཞུགས་པ་རྣམས་ཀྱི་སྟེ། རྒྱལ་བའི་སྲས་རྣམས་ཡི་ནོ།། སྟོན་རིན་པོ་ཆེ་སྡུད་པ་ཚིགསུ་བཅད་པ་ལས་བདུད་ཀྱི་ལས་ཀྱི་ལེའུ ་སྟེ་ཉི་ཤུ་རྩ་གཅིག་པའི་བཤད་པའོ།། །། གང་གིས་ཡོངསུ་མ་ཤེས་བྱ་དེ་ཉིད་ཉེས་པ་སྟེ། མི་མཐུན་པའི་ཕྱོགས་དེ་དག་དགག་པའི་ཕྱིར། དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གདྷི་ཕྱིར ་བསྟན་མ་ཐག་པའི་ང་རྒྱལ་ཉེས་པ་ཡིན་པ་དེ་ལྟ་བསུ་ན་ངེས་པར་བཅོམ་སྟེ། དེ་ལྟ་བུ་ནི་འཁོར་བར་ལྷུང་བའི་ཐབས་སྤོང་བས་ན་མཁས་པའོ།། མངོན་པར་ཡིད་ཆེས་པ་མང་བའི་ཕྱིར་བསམ་པ་དྲག་ལྔ་ནོ།། བྱང་ཆུབ་དུམ་པ་ཚོལ་བ་དེས་ན་ནདང་བ ་ཚོགས་ཀྱིས་སྨན་པ་བསྟེན་པ་ལྟར། འདོད་ཆགས་ལ་སོགས་པ་རང་གི་ནད་གསོ་བའི་ཕྱིར་གཡལ་པ་མེད་པར་དག་པའི་བཤེས་གཉེན་བསྟན་པར་བྱའོ་ཞེས་བསྟན་ཏོ།། དགེ་བའི་བཤས་གཉེན་ཡང་གང་ཞིག་ལན་ཞེ་ན། སངས་རྒྱས་ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ནི་བཅོམ་ལྡན་འདསོ།། བྱང་ཆུབ་མཆོག་ཞུགས་བྱང་ཆུབ་སེམས་དཔའ་དག་གི་དགེ་བའི་བཤེས་གཉེན་དག་ཕ་རོལ་ཕྱིན་པ་དྲུག་རབ་ཏུ་སྟོན་པ་ཉིད་།། དེ་རྣམས་ལ་སངས་རྒྱས་ལ་སོགས་པ་ནི་ཕན་པ ་དང་ཕན་པ་མ་ཡིན་པ་ཐོབ་པ་དང་སྤོང་བརྣ་སུ་སྟོན་པ་ཡི་ནོ།། སྟོན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་ནི་རྗེ་སུ་གནས་པར་བྱ་བ་ཡིན་པའི་ཕྱིར་སྒྲུབ་པའི་ས་ཉིད་ཡི་ནོ།། དེ་ལྟར་རྒྱུ་རྣམ་པ་གཉིས་ཀྱིས་སངས་རྒྱས་བྱང་ཆུབ་མྱུར་དུ་རྟོགས ་ཏེཏཏེ་དེ་ལས་མ་རྟོགས་པའི་དགེ་བའི་བཤེས་གཉེན་གཞན་ནི་མདོ།། སངས་རྒྱས་དང་བྱང་ཆུབོ་སེམས་དཔའ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་སྒྲུབ་པའི་ས་མ་ཡིན་ནམ། ཇི་ལྟར་དེ་ཁོ་ན་ཡིན་པར་སྟོན་ཅེས་དགོངས་པ་ལ། རྒྱལ་བ་ཞེས་བྱ ་བ་པ་ལ་སོགས་པ་གསུངས་ཏེ། འགགས་པས་ན་འདས་པའོ།། འབྱུང་བར་འགྱུར་བའི་དུས་ཡིན་པའི་ཕྱིར་མ་བྱོན་པའོ།། ད་ལྟར་ཉིད་ཡིན་པའི་ཕྱིར་བཞུགས་པའོ།། ཕྱོགས་བཅུ་དག་གིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀུན་ཏེ། སངས་རྒྱས་ཇི་སྙེད ་པའི་ལམ་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་འདི་ཡིན་ཏེ། གཉིས་པ་ཡོད་པའི་ཕྱིར་གཞན་མ་ཡིན་ཏེ། གཞོན་གྱིས་ཕྱིན་ཅི་ལོག་སྤོང་བ་མེད་པའི་ཕྱི་རོ།། གང་གི་ཚེ་ཉོན་མོངས་པའི་སྒྲིབ་པའི་མུན་པ་གསལ་བས་ན་བསལ་བའོ།། ཤེས་པའི་སྒྲིབ་པའི་མུན་པ ་བསལ་བས་ན་སྒྲོན་མའོ།། དེ་བཞིན་དུ་ཡང་བྱང་ཆུབ་མཆོག་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་མཐོང་བའི་ལམ་གྱིས་སྣང་བར་བྱེད་པས་སྣང་བའོ།། ཡང་བསྒོམ་པའི་ལམ་བསྐྱེད་པ་རྗེསུ་སྟོན་པས་སྟོན་པར་འགྱུར་བའོ།། ཡང་དག་པར་ཕ་རོལ ་ཏུ་ཕྱིན་པ་འདི་དག་སྟོན་པའི་ཕྱིར་འདི་དག་ཉིད་ཁོ་ན་སྒྲུབ་པའི་ས་ཡིན་པར་དགོང་སོ།། ཞར་ལ་བྱུང་བ་བསྟན་ནས་དྲ་ནི་སྐབས་ལ་བབ་པ་ཉིད་ཀྱི་སྤྱི་སྐད་བསྟན་པའི་རྟགས་ལ་མངོན་པར་ཞོན་པ་མ་གྲུབ་པར་བསྟན་པའི་ཕྱིརརོ།། ཇི་ལྟར་ཞེས་བྱ་བ་ལ་སོ ་པ་གསུངས་ཏེ། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྱུ་མ་ལྟ་བུར་གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར་སྟོང་པ་ཉིད་ཀྱི་མཚན་ཉིད་ཡིན་པ་དེ་བཞིན་དུ་གཟུགས་ལ་སོགས་པའི་ཆོས་འདི་དག་ཐམས་ཅད་ཀྱང་སྟོང་པ་ཉིད་ཀྱི་མཚན་ཉིད ་དུ་དེ་དང་འདྲར་ཤེས་ཤིང་། དེ་བས་ན་ཆོས་རྣམས་སྟོང་ཞིང་མཚན་མ་མེད་པར་རབ་ཤེས་ན། གང་གི་ཚེ་ཇི་སྐད་བསྟན་པའི་རྟགས་ལ་སྤྱོད་པ་དེའི་ཚེ་དེ་ལྟར་སྤྱོད་པ་བདེ་གཤེགས་ཤེས་རབ་སྤྱོད་པ་ཡིན། ཇི་སྐད་བསྟན་པའི་རྟག་ཀྱི་རང་བཞིན་རྣམས ་དང་ཆོས་རྣམས་ཐམས་ཅད་སྟོང་པ་ཉིད་ཡིན་ན་ཇི་ལྟར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་བཞག་ཅེ་ན། སེམས་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་དང་གཞན་བདག་གིར་ཞེན་པས་ཁམ་གྱི ་ཟས་ལ་སོགས་པ་འདོད་བྱེད་ཅིང་། འདོད་པ་དང་གཟུགས་ལ་སོགས་པའི་སེམས་ཅན་དུ་ཡོངསུ་རྟོགས་པས་འཁོར་བློ་སྒྲུབ་པ་དང་། སྲུང་བ་མྱི་བཟང་པའི་སྡུག་བསྔལ་གྱིས་མི་སྐྱོ་ལ་ཕྱིན་ཅི་ལོག་ལ་ཆགས་པའི་ཡིད་ལ་བྱེད་པ་དང་ལྡན་པས ་དེས་སྐྱེ་བ་སྲུང་བ་རྟག་ཏུ་འཁོརརོ།། ཡང་དེ་ཁོ་ན་ཉིད་དུ་བདག་དང་བདག་གི་ལ་སོགས་པའི་ཆོས་ཉིད་གཉིས་མ་སྐྱེས་པའི་ཕྱིར་ཡང་དྲག་མིན་ཏེ་སྟོང་པའོ།། ཕྱིན་ཅི་ལོག་གི་སྟོབས་ཀྱིས་ན་མཁའ་ལ་མདུད་པ་པོ་རོ།། དེ་བཞིན་དུ་སྐྱེ་བོ་རྣམས་རང་ཉིད་བཅིང ་བྱ་སྟེ་གྲོལ་བར་དཀའ་ཞེས་བྱ་བའི་བར་དུའོ།། ཅིའི་ཕྱིར་ཞེ་ན། ཐ་སྙད་ལ་མི་མཁས་པའི་ཕྱིར་བྱིས་པ་སྟེ། བྱིས་པ་བཞིན་གྲོལ་བར་མི་ནུས་ཞེས་བྱ་བའི་བར་དུའོ།། དེས་ནི་ཀུན་ནས་ཉོན་མོངས་པའི་དངོས་པོར་རྣམ་པར་གཞག་གོ།། ཅི་འདི་དག་ཕྱིན་ཅི ་ལོག་གི་སྟོབས་ཀྱིས་ཀུན་ཏུ་སྟོན་པར་རྣམ་པར་བཞག་ཅེ་ན། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་དུག་མེད་པ་ལ་ཕྱིན་ཅི་ལོག་གི་སྟོབས་ཀྱིས་དུག་ཏུ་ཤེས་པ་ཉིད་ཀྱིས་དུག་ལངས་ཏེ་མི་ལ་ཁྱབ་པའོ།། དུག་དེ་ཁོང་དུ་སོང ་བ་མེད་ཀྱང་རྒྱལ་བར་འགྱུར། དེ་བཞིན་དུ་འཕགས་པའི་ལམ་མ་སྐྱེས་པའི་ཕྱིར་ཡང་བྱིས་པའོ།། ཕྱིན་ཅི་ལོག་སྟོབས་ཀྱིས་ལག་ཨོཾ་པར་སྦྱར་ཏེ། འདི་ནི་བདག་གོ།། འདི་ནི་བདག་གི་ཆོ་སོ་སྙམ།། དེ་སྐད་དུ་ཡང་། བདག་ཡོད་ན་ནི་གཞན་དུ་ཤཱ ་བདག་གཞན་ཆུ་ལས་འཛིན་དང་སྡང་།། ང་གཉིས་དང་ནི་འབྲེལ་པ་ལས།། ཉེས་པ་མ་ལུས་འབྱུང་བར་འགྱུར་ཞེས་གསུངས་པ་ཡི་ནོ།། དེ་ལྟར་བདག་ཏུ་འདུ་ཤེས་པ་སྐྱེས་པ་དྲས་ཀྱང་དེ་དག་ཉིད་དུ་དབེན་ཞིང་སྟོང་པའི་ཕྱིར་ཡང་དག་པ་མ་ཡིན་པ ་བྱས་པས་སྒོ་བཏག་སོ།། ཇི་སྐད་བསྟན་པའི་ནུས་པ་ལས་བཟློག་པ་ནི་རྣམ་པར་བྱང་བའི་དངོས་པོར་རྣམ་པར་བཞག་གོ།། བདེན་པ་གཉིས་ལ་ཡང་དག་པར་བསྟན་ནས་གཉི་ཀ་རྣམ་པར་གཞག་པ་ཉེ་བར་བསྡུ་བའི་ཕྱིར། ཇི་ལྟར་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། ཇི་ལྟར་འཛིན་པ་སྟེ་མངོན་པར་ཞེན་པ་ནི་ཀུན་རྫོབ་པོ།། དེ་ལྟར་ཀུན་ནས་ཉོན་མོངས་པ་བསྟན་ནས་ཇི་སྐད་བསྟན་པའི་མངོན་པར་ཞེན་པ་བདག་དང་བདག་གིས་ཆོ་སོ།། ཇི་ལྟར་མི་དམིགས་པ་དེ་ལྟར་རྣམ་པར་བྱང་བར་གསུངས། དེ་ཁོ་ན་ཉིད ་དུ་འདི་ལྔ་གང་ཡཡུང་ཏེ། སྒྱུ་མ་ཡིན་པའི་ཕྱིར་ཕྱིན་ཅི་ལོག་མེད་པས་གང་ཞིག་ཉོན་མོངས་རྣམ་དག་འགྱུར་མེང་པ། བྱང་ཆུབ་སེམས་དཔས་ཤེས་རབ་ཕ་རོལ་ཕྱིན་པ་རྟོགས། ཆོས་ཉིད་ཅེས་བྱ་བའི་ཚིགི་ལྷག་མའོ།། དེ་ལྟར་དེའི་རྟགས་ཤེས་པར་བྱས ་ནས་རྩེ་མོའི་མངོན་པར་རྟོགས་པའི་རྣམ་པར་འཕྲུལ་བ་བསྟན་པའི་ཕྱིར་འཛ་སྤུའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཛམ་བུའི་གླིང་ན་སེམས་ཅན་ཇི་སྙེད་གནས་པ་མ་ལུས་པ། དེ་དག་ཐམས་ཅད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམ་ལ་ལོ་སྟོང་བྱེ་བ་མང་པོར་སྦྱིན་པ་བྱིན་བྱས་ལ། དེ་དག་ཀུན་ན་གཞན་ཡངོ་།། འགྲོ་བའི་དོན་མངོན་པར་འདོད་པ་ནི་དོན་ཏེ་ཆེད་དུ་བྱང་ཆུབ་རྒྱུར་ཡོངས་བསྔོ་ཡང་། གང་ཟག་གཞན་གང་ཞིག་གིས་རྩེ་མོ ་མངོན་པར་རྟོགས་པའི་རང་བཞིན་གྷི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། དེ་ལ་བརྩོན་པ་ཐ་ན་ཉི་མ་ཅིག་གཅིག་ཡང་དག་པར་རྗེསུ་འཐུན་བྱེད་ན། འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པཱ་ལ་མངོན་པར་བརྩོན་པ་རྣམ་པ ་ཐམས་ཅད་འཕེལ་བ་དད་ལྡན་པའི་ཕྱིར་གང་ཟག་སྔ་མའི་བསོད་ནམས་ལ་ལྟོས་ན་སོ་སྔ་མར་བསྟན་པའི་སེམས་ཅན་དེ་དག་གི་སྦྱིན་པའི་ཕུང་པོས་བསོད་ནམས་ཀྱི་རྒྱུའི་ཆར་ཡང་ཕོད་པར་མི་འགྱུར།། དེའི་ཕྱིར་གཡེལ་བ་མེད་པར་རྟག་ཏུ ་ཤེས་རབ་འཇུག་པར་བྱ་སྟེ། བསྒོམ་པར་བྱ་ཞེས་ལྷག་མའོ།། ཡུམ་འདི་འབའ་ཞིག་ལ་གོམས་པར་བྱ་བ་མ་ཡིན་ཏེ། འོན་ཀྱང་སྙིང་རྗེ་ཡུང་གོམས་པར་བྱའོ་ཞེས་བསྟན་པའི་ཕྱིར་ཤེས་རབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས ་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཇི་ལྟར་བསྟན་པའི་རང་བཞིན་ལ་མཉམ་པར་འཇོག་པའི་ཚེ་རྒྱལ་བའི་སྲས་དེ་ནི་རྣལ་འབྱོར་པའོ།། སྙིང་རྗེ་ཆེན་པོ་སྤྱོད་ཀྱང་སེམས་ཅན་འདུ་ཤེས་མེདདེ། མངོན་པར་ཞེན་པས་སེམས་ཅན་དུ་འདུ ་ཤེས་པར་མི་བྱའོ།། དེ་ཚེ་རྟགསུ་མངོན་དུ་འགྲོ་བུ་ཉིད་ཀྱིས་ན་མཁས་པའོ།། འགྲོ་བ་ཀུན་གྱི་བསོད་ནམས་ཀྱི་ཞིང་ཡིན་པའི་ཕྱིར་སྦྱིན་གནས་འགྱུ་རོ།། དུས་རྟག་ཏུ་གདོན་མི་ཟ་བར་ཐོབ་པའི་འབྲས་བུ་སྟེར་བུའི་ནུས་པ་དང་ལྡན་པའི་ཕྱིར ་ཡུལ་འཁོར་བསོད་སྙོམས་དོན་ཡོད་ཡོངསུ་སྤྱོད་དོ།། དེ་བས་ན་སེམས་ཅན་གྱི་དོན་གྱི་རབ་སྙིང་རྗེ་དང་ཤེས་རབ་གཉིས་ཀྱི་རྣོལ་འབྱོར་སྒྲུབ་པོ་ཞེས་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང ་ཆུབ་སེམས་དཔའ་གང་ཞིག་འདིར་རང་གི་ཕྱིན་ཅི་ལོག་གི་སྟོབས་ཀྱིས་དུས་ཡུན་རིང་པོར་བཅིངས་པའི་ལྷ་མི་ངན་སྲོང་གསུམ་ནི་སེམས་ཅན་དམྱལ་བ་ལ་སོགས་པའོ།། དགྲོལ་བར་ཡང་དག་པར་འདོད་པས་ལམ་ཡུངས་ནི་ཐེག་པ་ཆེན ་པོའོན་འཁོར་བའི་རྒྱ་མཚོའི་ཕ་རོལ་གྱི་འགྲམ་སེམས་ཅན་གྱི་ཁམས་ལ་སྟོན་པར་འདོད་པས་ཞེས་སྒྱུ་མ་དང་འབྲེལ་ཏོ།། དེ་བས་ན་ཉིན་མཚན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྙིང་རྗེ་དང་བཅས་པ་འདི་ལ་བརྩོན་པར་བྱའོ།། དོན་དེ་ཉིད་ཁོ་ན་ཞེས ་དཔེས་གསལ་བར་བྱ་བའི་ཕྱིར། མི་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་མི་ཞིག་སྔོན་ཆད་མ་རྙེད་པའི་རིན་ཆེན་མཆོག་སྟེ། ཁྱད་པར་དུ་འཕགས་པའི་དུས་གཞན་ཞིག་རྙེད་པར་གྱུར་ཏེ་དགའ་བ་ལས། དཾ་མཱ་ཐག་ཏུ་ཡང་རྣམ་པར ་གཡེང་བ་ལ་སོགས་པའི་སྤྱོད་པས་བག་མེད་པར་གྱུར་ཏེ། རྙེད་པ་གཏོར་ན་ནི་དེ་ལ་གཏོར་བར་མྱི་འདོད་པ་དང་མངོན་པར་འདོད་པའི་དངོས་པོ་དང་བྲལ་བའི་ཡིད་ལ་བྱེད་པས་རིན་ཆེན་འདོད་པས་རྟག་ཏུ་སྡུག་བསྔལོ།། དེ་ལྟར་དེ་བཞིན་དུ་བྱང་ཆུབ་མཆོག ་ཞུགས་རྙེད་པར་དཀའ་བའི་ཕྱིར་རིན་པོ་ཆེ་དང་འདྲ་བའི་སྙིང་རྗེ་དང་བཅས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱེད་པ་དོར་བར་མི་བྱའོ།། རིན་ཆེན་དོར་བ་རྙེད་པོ་ལྟར། འདི་ལྟར་གོས་ལ་སོགས་པ་ལ་བཏུམས་ནས་རབ་ཏུ་བརྩོན་པས་སེམས་ཙཱ ་འཛིན་ཏོ།། གང་གི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དུས་ཡུན་རིང་པོར་གོམས་པ་དང་རྗེསུ་འབྲེལ་པ་དེའི་ཚེ་བྱང་ཆུབ་སེམས་མྱུར་བ་ཉིད་དུ་ཡང་དག་པའི་ལམ་དུ་ཞུགས་པའི་ཕྱིར་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ།། ལྟོན་རིན་པོ་ཆེ ་སྡུད་པ་ཚེགསུ་བཅད་པ་ལས་དགེ་བའི་བཤེས་གཉེན་གྱི་ལེའུ་སྟེ་ཉི་ཤུ་གཉིས་པའི་བཤད་པའོ།། ། སྙིང་རྗེ་དང་ཤེས་རབ་དག་གིས་རྣམ་པར་འཕེལ་བྱ་ཐུན་མོང་གི་འབྲས་བུ་བསྟན་ནས།། ཁྱད་པར ་གྱི་མི་མཐུན་པའི་ཕྱོགས་ཟིལ་གྱིས་གནོན་པ་རྟོགས་པར་བྱ་བའི་ཕྱིར། དཔེ་སྔོན་དུ་འགྲོ་བས། ཉི་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་ཉི་མ་སྤྲིན་དང་བྲལ་བུས་གསལ་བར་འཆར་བའི་འོད་ཟེར་དྲ་བ་ཅན། མུན་ནག་ཐིབས་པོའོ་མུན ་པ་ཐམས་ཅད་འཇོམས་འཆར་ག་རང་གི་འོད་ཀྱིས་འཕྲོ་བ་སྲིན་བུ་མི་ཁྱེར་སྲོག་ཆགས་འབྱུང་པོ་ཐམས་ཅད་དང་། པ་པ་སངས་དང་། ཕུར་བུ་ལ་སོགས་པའི་སྐར་མའི་ཚོགས་དང་ཟླ་བའི་འོད་ཀུན་ཟིལ་གྱིས་གནོན་པ་དེ་བཞིན་དུ་ཇི་སྐད ་བཤད་པའི་ཤེས་རབ་ཀྱི་རང་བཞིན་ཤེས་རབ་ཀྱི་ཕ་རོལ་ཕྱིན་མཆོག་སྤྱོད། མཁས་པ་བྱང་ཆུབ་སེམས་དཔའ་འཇིག་ཚོགས་ལ་ལྟ་བའི་ཐིབས་པོ་ཐམས་ཅད་དོན་མེད་པའི་རྒྱུ་ཡིན་པའི་ཕྱིར་བཅོམ་ནས་འགྲོ་བ་ཀུན་དང་། དགྲ་བཅོམ ་རང་རྒྱལ་བྱང་ཆུབ་སེམས་མང་ཟིལ་གྱིས་གནོན་ཏོ།། རྡོ་སྐད་བསྟན་པོའི་སྙིང་རྗེ་དང་ཤོས་རབ་ཤིན་ཏུ་རྣམ་པར་འཕེལ་ཏེ། སྟོང་པ་ཉིད་དང་མཚན་མ་མེད་པ་ལ་རྣམ་པར་སྤྱོད་པས་སྤངས་པ་ཆེ་བས་བྱང་ཆུབ་སེམས་དཔའ་ཆེན་པོར་གྱུར ་པ་ཡིན་ཞེས་བྱའོ།། མི་མཐུན་པའི་ཕྱོགས་ཟིལ་གྱིས་གནོན་པ་བསྟན་ནས། ད་ནི་དེ་བཞིན་དུ་གཉེན་པོ་ཐོབ་པ་ཡང་བསྟན་པར་བཞེད་ནས། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་རྒྱལ་པོའི་བུ་ཞིག་བྲན་རྣམས ་བསྒྲོ་བཤའ་བྱེད་པའི་ངང་ཚུལ་ཅན་ཡིན་པའི་ཕྱིར་ནོར་གཏོང་།། ལུགས་ཀྱི་བསྟན་བཅོས་ཀྱི་རྗེསུ་ཞུགས་པས་དོན་སྒྲུབ་པ་མཁས་པའི་ཕྱིར་དོན་འདོད་པའི་རྒྱལ་པོའི་སྲས་ཀུན་ལས་དེ་ཉིད་གཙོར་ཕུལ་དུ་བྱུང་བར་བཀུར་བའི་ཕྱིར་གཙོ་བོར་གྱུར ་པའོ།། འཇིག་རྟེན་གྱིས་བསྟན་པར་བྱ་བའི་ཕྱིར་མངོན་པར་འགྲོ་བར་བྱའོ།། འདི་ནི་དེ་ལྟར་ན་ཡང་སྟེ་དབུལ་པོའི་གནས་སྐབས་ན་སེམས་ཅན་མང་པོའི་ཕྱིར་བཀུར་སྟི་ལ་སོགས་པས་དགའ་བར་བྱེད།། དེ་བས་ན་དབང་བསྐུར་བ་ཐོབ་པ་ཅོད་པ་ནུ ་བཅིངས་པར་གྱུར་པ་རྒྱལ་པོ་ཁྱད་པར་ཅན་དུ་གནས་པས་སེམས་ཅན་མང་པོ་དགའ་བར་འགྱུར་བ་ལྟ་ཅི་སྨོས། དེ་བཞིན་དུ་ཤེས་རབ་དང་སྙིང་བརྩེར་བརྙས་པར་སྤྱོད་མཁས་བྱང་ཆུབ་སེམས་དཔའ་ཡང་གཉེན་པོ་ཐོབ་པའི་སྟོབས་ཀྱིས་ཆོས ་སྟོན་པ་མ་ཉམས་པ་མེང་པར་ཆོས་སྟོན་པའི་ཕྱིར་མཐོང་བའི་ལམ་ལ་སོགས་པའི་བདུད་རྩི་སྦྱིན་པར་བྱེད་པས་ལྷ་དང་མི་རྣམས་དགའ་བར་བྱེད་པར་འགྱུ་རོ།། འདི་ནི་ད་ལྟ་ན་ཡང་སྟེ་ཆུང་ངུ་ཐོབ་པའི་གནས་སྐབསུ་ན་ཡང་སེམས་ཅན་མང་པོ ་ལ་ཕན་པ་དང་བླ་བ་ལ་བརྩོན་ཏུ། མཐོང་བའི་ལམ་ལ་སོགས་པ་སྟོན་པའི་ཕྱིར། བག་ཆགས་ཀྱི་སྒྲིབ་པ་ཐམས་ཅད་སྤང་བའི་ཕུལ་དུ་བྱུང་བའི་ཆོས་ཀྱི་རྒྱལ་པོར་གནས་པར་གྱུར་ན་དེའི་ཚེ་སེམས་ཅན་བདེ་བ་ལ་བརྩོན་པ་ལྟ་ཅི་སྨོས་ཞེས་སྔ་མ ་དང་སྐྱརོ།། ལྟོན་རིན་པོ་ཆེ་སྡུད་པ་ཚོགསུ་བཅད་པ་ལས་བརྒྱ་བྱིན་གྱི་ལེའུ་སྟེ་ཉི་ཤུ་གསུམ་པའི་བཤད་པའོ།། ། དེ་ལྟར་གཉེན་པོ་ཤིན་ཏུ་འཕེལ་བས་རང་གི་སྤྱོད་ཡུལ་ལས་འདས་པས་བདུད་བརྩོན་པ་ཆེན་པོ་བྱེད ་པར་བསྟན་པའི་ཕྱིར། དེའི་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་གཉེན་པོ་སྐྱེས་པ་དེའི་ཚེ་བདུད་ནི་ཟུག་ཅུ་ལྡན་པར་འགྱུར་ཏེ། ཆུང་ངུ་དང་། འབྲིང་དང་། ཆེན་པོ་སྟེ། ཡིད་མཱི་བདེ་བ་ཐོབ་པ་དང་། ཟུ་གུ་རྔུ་དང་མྱ་ངན་གྱི་དོན་གྱིས ་སྡུག་བསྔལ་ཏེ། དེ་ཉིད་ཀྱི་ཕྱིར་ཡིད་མི་བདེ་ཉམ་ཆུང་བར་འགྱུར།། ཇི་ལྟར་བྱང་ཆུབ་སེམས་དཔའ་གཉེན་པོ་སྒོམ་བུ་ལས་འདི་ཡིད་ནུར་འགྱུར་ཞིང་། འཇིགས་པ་བསྟན་ཕྱིར་ཕྱོགས་དང་ཕྱོགས་མཚམས་རྣམས་བསྲེག་ཅིང་སྐར་མདའ་གཏོང་མོད་ཀྱི། དེ་ལྟ་བས་ན་ཡང་བརླ། ་ཚད་བྱེད་མི་ནུསོ།། གང་ཞིག་ལ་མི་ནུས་ཞེ་ན། ལན་དུ་ག་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་མཁས་པར་གྱུར་པའི་སྙིང་རྗེ་ཕུན་སུམ་ཚོགས་པ་ཡུང་དྲག་པའི་བསྒོམ་པ་དང་ཡང་དག་པར་རབ་ཏུ་ལྡན་པས་ཉིན་མཚན་ཤེས་རབ་ཕ་རོལ་ཕྱིན ་པ་མཆོག་བསྒོམས་པའི་སྟོབས་ཀྱིས་དོན་ལ་ལྟ་བ་དེའི་ཚེ་ཤེས་རབ་དང་སྙིང་རྗེ་གོམས་པས་ལུས་སེམས་ནི་ཉེ་བར་མཚོན་པའི་ཕྱིར་ངག་ཀྱང་།། མཁའ་ལ་འགྲོ་བའི་བྱ་དང་མཚུངས་པ་ཉིད་ཀྱིས་མཉམ་པ་གང་ཅུང་ཟད་ལ་ཡང་མི་གནས་པར་གྱུར་པ་ལ ་ནག་པོའི་ལས་ཀྱི་གྲོགས་བྱེད་པའི་ཕྱིར་ནག་པོའི་རྩ་ལག་རྣམས་ཀྱིས་གླགས་རྙེད་ག་ལ་འགྱུར་ཏེ། ཡང་དག་པར་ཞུགས་པའི་ཕྱིར་མི་འགྱུར་རོ།། ལམ་ལ་ཡང་དག་པར་མ་ཞུགས་པ་ལ་ནི་ནུ་སོ་ཞེས་བསྟན་པའི་ཕྱིར། གང་ཚེ་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། གང་ཚེ་བྱང་ཆུབ་སེམས་དཔའ་རང་གི་གནསུ་དག་གི་རྩོད་པ་ནི་འཐབ་པའོ།། རྒྱལ་པོའི་ཕོ་བྲང་ལ་སོགས་པར་སོང་ནས་འཐོབ་པ་ནི་རྩོད་པའོ།། ཕན་ཚུན་སྡང་བར་ཉེ་བར་གནས་པ་ནི་འགལ་བའོ།། ཁྲོ་བས་བསྐྱོད་པའི་སེམས་མ་རུངས་པར་སྤྱོད་པ་དང ་ལྡན་པར་གྱུར་པའོ།། དེས་འཇུག་པ་ཐོབ་པས་བདུད་ནི་དཔའ་འགྱུར་དུ།། དེ་ཉིད་མཆོཀཱ་དྷཱ་རྣམས་བདེར་འགྱུརོ།། ཡང་དེ་གཉིས་འཐབ་མོ་ལ་སོག་པུ་བྱེད་པས་རྡོནི་བྱིན་གྱིས་བཟླངས་ཀྱིས་རྒྱ་བ་བར་ཤེས་རབ་ལས་ནི་རིང་འགྱུར་སྒྲུ་བ། དེ་བཞིན་དུ་དེ་གཉིས་པ། ་པ་དང་ཕན་པ་མ་ཡིན་པ་ཐོབ་པ་དང་། སྤོང་བའི་ཐབས་དང་བྲལ་བའི་ཕྱིར་སངས་རྒྱས་ཀྱི་ཆོས་རྣམས་ལས་རིང་དུ་འགྱུར་ཞིང་ཤ་ཟ་འདྲ་བར་འགྱུར་རོ།། དེ་བས་ན་ཡང་ངོ་གཉི་ག་བཀག་པའི་འཐབ་མོ་ལ་སོགས་པ་བྱེད་ཅིང་བདག་ཉིད་སྟོང་པས་དམ་བཅས་པ་ཉམས ་ད་པར་འགྱུར། གང་གི་ཚེ་ཞེ་སྡང་ཆེས་ཆེ་བས་མི་བཟད་པས་གཞན་གནོད་པར་བྱེད་པ་མི་བཟོད་ཅིང་བཟོད་པ་དང་བྲལ་ལ་བྱང་ཆུབ་ག་ལ་ཡོད། ད་ཚེ་བདུད་རྣམས་ཕྱོགས་དང་བཅས་ཏེ་མང་པོ་དགའ་བར་འགྱུར་ཏེ། བདུད་ཀྱི་ཕྱོགས་ནི་བདུད་ཀྱི་སྔ་ཆོས་མ་ཡིན ་བ་འཐབ་མོ་ལ་སོགས་པ་བྱེད་པ་ཡི་ནོ།། འོ་ན་ཇི་ལྟ་བུས་བྱང་ཆུབ་འཐོབ་ཅེ་ན། ལུང་བསྟན་མ་ཐོ་བ་བྱང་ཆུབ་སེམས་དཔའ་གང་ཞིག་གིས། ལུང་མ་བསྟན་པ་དེ་ནི་ཉེ་བར་མཚོན་པའི་ཕྱིརརོ།། ལུང་བསྟན་ཐོབ་པ་ལ་ཡང་སེམས་ཁྲོས་པ་ལ་སོགས་པས་བསྐྱེད ་ཅིང་སུན་དུབྱུང་བའི་སེམས་ཀྱི་རྩོད་པ་རྩོམ་བྱེད་ཅིང་བཤགས་པ་ལ་སོགས་པ་མི་བྱེད་ན། དགེ་བའི་བསོད་ནམས་མི་སྐྱེ་བས་ན་ཐ་བ་སྐྱོན་ལྔ་ནོ།། སེམས་ཀྱི་སྐད་ཅིག་ཇི་སྙེད་པ་དང་ལྡན་པ་དེ་སྙེད་ཀྱི་བསྐལ་པར་འཐབཱ་མོ་ལ་སོགས་པའི་སྡིག་པ་བསལ་བའི ་ཕྱིར་དང་། གཉེན་པོ་ཐོབ་པར་བྱ་བའི་ཕྱིར་ཡང་།། སངས་རྒྱས་ཉིད་མི་གཏོང་བར་འགྱུར་བས་གཞི་ནས་གོ་ཆ་བགོ་དོགོ་སོ།། འདི་ལྟ་བུས་བྱང་ཆུབ་འཐོབ་པ་ཞེས་བྱ་བར་དག་དགོངསོ།། ཐབས་གཞན་བསྟན་པའི་ཕྱིར། སངས་རྒྱས་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། སངས་རྒྱས་བཟོད་པའི་ཕ་རོལ་ཕྱིན་པས་བྱང་ཆུབ་རེག། དེ་སྙམ་དུ་བསམས་ནས་འཐབ་མོ་ལ་སོགས་པ་བྱེད་པ་ནི་བྱང་ཆུབ་ཀྱི་བགག་ཡིན་པའི་ཕྱི་རོ།། སེམས་འདི་བཟད་པ་མིན་སྙམ་དྲན་པ་སྐྱེད་བྱེད་ཅིང་། སྡིག་པ་བཤ ་པའི་ཚིགསུ་བཅད་པ་ལས་སོ་སོར་བཤགས་པར་བྱེད་ཅིང་གང་སུ་ཡང་རུང་བ་ལས་ཕྱིས་ཀྱང་མི་བྱེད་པའི་སྡོམ་པ་ནོར་པར་བྱེད་པ་སྟེ། ངེས་པར་བྱས་ནས་ཐབས་ཀྱིས་སམ། གང་ཟག་དེ་ཉིད་ལ་མགུ་བར་བྱེད་པས་སངས་རྒྱས་ཆོས་འདིར་སློབ་སྟེ། ཡང ་དག་པའི་བྱང་ཆུབ་ཀྱི་ལམ་ལ་མཁས་ཞེས་བྱ་བའི་བཱར་དུའོ།། ཡོན་ཏཱན་རིན་པོ་ཆེ་སྡུད་པ་ཚིགསུ་བཅད་པ་ལས་མངོན་པའི་ང་རྒྱལ་གྱི་ལེའུ་སྟེ་ཉི་ཤུཿཞི་པའི་བཤད་པའོ།། ། ང་རྒྱལ་དང་མངོན་པའི་ང་རྒྱལ་སྔར་དགག་པ་བྱས ་ནས། དེ་བཞིན་དུ་བསླབ་པ་ཡོངསུ་སྒྲུབ་པ་བསྟན་པའི་ཕྱིར། གང་ཞིག་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་ཞིག་སངས་རྒྱས་ཉིད་ལ་སོགས་པའི་བསླབ་པ་ལ་སློབ་པའི་ཚེ་དོན་དམ་པར་གང་ཡང་བསྲབས་པར་བྱ་བའི་རང ་བཞིན་ནམ། སློབ་པ་པོའི་བདག་ཉིད་དེ་བྱེད་པ་པོའི་རང་བཞིན་ནམ། བསླབ་པར་བྱ་བའི་ལས་ཀྱི་རང་བཞིན་རྣམས་མི་དམིགས་པ་ནི་ཉེ་བར་མཚོན་པ་ཉིད་དེ། མ་བསླབ་པ་འམ། མི་སློབ་པ་འམ། བསླབ་པར་མི་བྱེ་བའི་ཆོ་སུ་མི་རྟོག་ཅིང་། དེ་བཞིན་དུ་བསླབ ་པ་དང་། བསླབ་པ་མ་ཡིན་པ་འདི་གཉིས་འཁོར་གསུམ་དུ་རྣམ་པར་དག་པ་སྟེ་མི་རྟོགས་པས་ཀུན་རྫོབ་ཏུ་སློབ་ཏེ། ཕན་པ་དང་ཕན་པ་མ་ཡིན་པ་ཐོབ་པ་དང་སྤང་བའི་ཕྱིར་དེ་ལྟར་གང་སློབ་དེ་ནི་སངས་རྒྱས་ཐོབ་པར་བྱེད་པ་དག་པ་བཅུ་ལ་སོགས་པ ་ནི་ཆོས་འདིར་སློབ་པ་ནི་ཕུལ་དུ་བྱུང་བར་གྱུར་པའོ།། དེ་ཉིད་ཚུལ་ཁྲིམས་འཆལ་པ་དང་བྲལ་བ་ནི་སངས་རྒྱས་མཉེས་པར་བྱེད་པའི་ཆོས་སྒྲུབ་པར་བྱེད་པ་ཡིནོ་ཞེས་བསྟན་པའི་ཕྱིར། བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སྡེ་འ་གང ་ཞིག་དེ་ལྟ་བུའི་བདེན་པ་གཉིས་ཀྱི་རིམ་པ་ལས་མ་འདས་པར་བསྟན་མ་ཐག་པའི་བསླབ་པ་འདི་ཤེས་པ་དེ་ནི་གཞན་ཡང་བསྒྲུབ་པ་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པས་བསླབ་ཉམས་ཚུལ་ཁྲིམས་འཆལ་མི་འགྱུར། དེ་ནི་སངས་རྒྱས་ཆོས་མཉེས་བྱ། ་ཕྱིར་འདི་ནི་འདི་ལ་སློབ་བོ།། བདེན་པ་གཉིས་ལ་བརྟེན་ནས་རིམ་པོ་ཇི་ལྟ་བ་བཞིན་དུ་སློབ་པ་ནི་བསླབ་ལྷག་བསླ་བ་ལ་མཁས་ཏེ་དངོས་པོར་དམིགས་པ་དང་བྲལ་བའི་ཕྱིར་དམིགས་པ་མེད་པའོ།། དེ་ཉིད་གང་ཡིན་ཞེ་ན། མཁས་པ་འོང་བྱེད་ཅེ་བྱ་བ་ལ་སོམ། ་པཾ་གསུངས་ཏེ། མཁས་པ་ནི་ཤེས་རབ་ཅན་ཏེ། བདེན་པ་གཉིས་ལ་བརྟེན་ནས་ཡེ་ཤེས་ཀྱི་འོད་མངའ་བའི་ཕྱིར་འོང་བྱེད་དོ།། དགེ་བ་མ་ཡིན་སེམས་ཅིག་ཙམ་ཡང་སྐྱེད་མི་བྱེད། ཉི་མ་མཁའ་ལ་འགྲོ་བའི་སྟེ། བརྱ་སྣང་ལ་འོད་ཟེར་བརྒྱ་ཕྲག ་བཀྱེ་བས། མདུན་གྱི་བ.རརླ་སྣང་ལ་ནི་མུན་པ་མི་གནས་བཞིན། དེ་བཞིན་དུ་ཇི་སྐད་བསྟན་པའི་བསླབ་པ་ལ་སློབ་པས་ཡོན་ཏན་བསྐྱེ་དོ་ཞེས་བྱ་བར་དགོང་སོ།། སྦྱིན་པ་ལ་སོགས་པའི་བསླབ་པར་བྱ་བ་གཞན་དྲུག་ཡོད་པ་མཱ་ཡིན་ནམ། ཇི་ལྟར ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ལ་བསླབ་པར་བསྟན་ཅན། ཤེས་རབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ལ་བསླབ་པར་བྱས་པ་རྣམས་ཀྱི་ཆོས་ཐམས་ཅད་ཁོང་དུ་ཆུད་པའི་རྣལ་འབྱོར་ལེཊ ་པར་སྦྱངས་པས་རྒྱལ་བའི་སྲས་རྣམས་ཀྱི་འཁོར་བ་དང་བཅས་པ་ལ་བསླབ་པ་ཡིན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ལྷག་མ་ཐམས་ཅད་འདིར་ནི་འདུས་པར་འགྱུར་ཏེ། ཆིངས་པའི་དྲ་བས་ཞུས་པའི་མདོ་ལས། ཇི་ལྟར ་འཇིགས་ཚོགས་ལྟ་བར་ལྟ་བ་དྲུག་ཅུ་གཉིས་འདུས་པར་བསྟན་ཏེ། དེས་བསྐྱེད་པའི་ཕྱིརརོ།། དེ་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་འདི་དག་འཁོར་གསུམ་རྣམ་པར་དག་པ་ལ་གོམས་པར་བྱས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར ་རྗེསུ་འགྲོ་བའི་སྒོ་ནས་བསྟན་ནས་ལྡོག་པའི་སྒོ་ནས་བསྟན་པའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ནི་སྐྱེ་བ་སྔ་མས་འཕངས་པའི་ཚེ་འགག་པ་ནི་སྲོག་དབང་པོ་འགག་པའོ།། དབང་པོ་ཇི་སྙེད་ཡོད་པ་དམིགས་པ་དབང་པོའི་གྲོང ་གི་ཚོགས་དེ་དག་འགག་པར་འགྱུར་ཏེ། རྟེན་མེད་པའི་ཕྱིརརོ།། དེ་ལྟར་ཤེས་རབ་སྤྱོད་པ་མཁས་པ་བྱང་ཆུབ་སེམས་དཔའ་མཆོག་རྣམས་ཀྱི་སྦྱིན་པ་ལ་སོགས་པ་ཇི་སྐད་བསྟན་པའི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ནི་དེའི་སྟོབས་ཀྱིས་གཟུང་བ་ཡིན ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་ན་ཐམས་ཅད་མེད་པར་འགྱུར་རོ།། དྲོ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ལ་བསླབ་པར་སྟོན་ཏོ་ཞེས་བྱ་བར་དགོངས།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པས་ཐམས་ཅད་ལ་བསླབས་པ ་ཡིན་ནོ། ཉན་ཐོས་ཉིད་ལ་སོགས་པོའི་སྐྱོན་ཡང་འབྱུང་བས་དེ་དག་སྐྱོན་ཉིད་མ་ཡིན་ནམ་ཞེ་ན། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉན་ཐོས་ཀྱི་ལྟོན་ཐོབ་པའི་ལམ་ལ་སོགས་པ་གང་དག་ཡིན་པ་དང་། དེ་བཞིན་དུ་རང་རྒྱལ ་རྣམས་ཀྱི་ཡོན་ཀུན་ལ་བྱང་ཆུབ་སེམས་དཔའ་མཁས་པ་དེས་འདུལ་བའི་སེམས་ཅན་རྗེསུ་བཟུང་བའི་ཕྱིར་གཞན་གྱི་དོན་དུ་སློབ་པར་བྱེད་པ་ཉིད་ཡིན་གྱི། ཡང་དེ་ལ་མི་གནས་ཏེ། དེ་བཞིན་དུ་འདོད་པ་ཡང་མི་བསྒྲེ་དེ། ཉན་ཐོས་ལ་སོགས་པའི་སྟོན་འདི ་ནིགཞན་གྱི་དོན་དུ་བསླབ་བྱ་ཡིན་སྙམ་ནས་དེའི་ཕྱིར་སློབ་ཀྱི། དོན་དེ་ཉིད་མངོན་སུམ་དུ་མི་བྱེད་པས་སྒྲོན་མཱ་ཡི་ནོ།། ལྟོན་རིན་པོ་ཆེ་སྡུང་པ་ཚིགསུ་བཅད་པ་ལས་བསླབ་པའི་ལེའུ་སྒྲ་ཉི་ཤུ་ལྔ་པའི་བཤད་པའོ།། ། རྣམ་པར ་འཕེལ་བ་དེ་ལྟ་བུའི་འཕེལ་བའི་བསྟན་པའི་ཕྱིར།། མི་ལྡོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་ཕྱིར་མི་ལྡོག་པའི་ཁྱད་པར་དུ་བྱང་ཆུབ་མཆོག་ལ་རབ་ཏུ་ཞུགསྔོ་བའི་བྱང་ཆུབ་སེམས་དཔའ་གང་ཞིག་སྙིང་རྗེ་ཆེན་པོས་སེམས་ཅན ་གྱི་དོན་ཏུ་སེམས་བསྐྱེད་པ་ལ་སོགས་པ་ལ་བསམ་པ་ཐེག་པས་ཡིད་རང་བ་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་རི་རབ་སྲང་ལ་གཞལ་བས་ཚད་གཟུང་བར་རུང་གྲི། རྒྱལ་བའི་སྲས་ཀྱི་དགེ་བ་ལ་རྗེསུ་ཡིད་རང་བའི་བརྟན་པའི་ཚད་ནི་བཟུང ་བར་མི་ནུས་ཏེ་དེ་ལྟ་མི་ནོ།། ཉེ་བར་མཚོན་པ་ཡིན་པའི་ཕྱིར་ཆོས་གཞན་དག་ལ་ཡང་བསྟན་པའི་ཚད་ཉེ་བར་གཟུང་བར་མི་ནུ་སོ།། བརྟན་པ་དེ་ལྟ་བུས་བརྟན་པའི་སེམས་གནས་པ་བརྗོད་པར་བསྟན་པའི་ཕྱིར། དགེ་བོ་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ།། ཚོགས་ཀྱི་ལམ་ལ་སོགས་པ་ནི་དགེ་བོའི་དོན་གཉེརོ།། རབ་ཏུ་དགའ་བ་ལ་སོགས་པ་ནི་ཕན་པར་འདོད་པའོ།། སེམས་ཅན་ཇི་སྙེད་པ་ཀུན་གྱི་བསོད་ནམས་ཕུང་པོ་ཇི་སྙེད་པ་ལ་ཡང་ཡི་རང་འགྱུར། དེའི་ཕྱིར་དེ་དག་བསོད་ནམ ་ལྷག་པའི་རང་བཞིན་སེམས་བརྟན་པ་ཐོབ་པས་སེམས་ཅན་གྱི་དོན་དུ་བྱང་ཆུབ་སེམས་དཔས་རིམ་གྱི་རྒྱལ་བའི་ཡོན་ཏན་རྗེ་སུ་ཐོབ་པར་གྱུར་ནས། ཕྱིན་ཅི་ལོག་མ་ལུས་པའི་སྡུག་བསྔལ་ཟད་པར་བྱ་བའི་ཕྱིར ་འཇིག་རྟེན་ཏེ་འགྲོ་ལ་ཆོས་སྦྱིན་བྱེད། འདིར་ཡང་རྟགས་ལ་སོགས་པ་རིམ་པ་ཇི་ལྟ་བ་བཞིན་དུ་རྩེ་མོའི་མངོན་པར་རྟོགས་པའི་དྲོ་བ་ལྔ་སོགས་པ་ངེས་པར་འབྱེད་པའི་ཆ་བཞིའི་རང་བཞིན་ཡི་ན།། ངེས་པར་འབྱེད་པའི་ཆུའི་རྗེས་ལ་མཐོང་བའི ་ལམ་ཡིན་ཏེ། དེ་ལ་ཡང་མི་འཐུན་པའི་ཕྱོགས་རྣམ་པ་བཞི་སྟེ། གཟུང་བ་དང་འཛིན་པའི་རྣམ་པོར་རྟོག་པའོ།། ཡང་འདི་སྤོང་བར་བྱེད་པའི་གཉེན་པོ་དང་བླང་བར་བྱ་བ་བརྗོད་པར་བྱ་བ་ཡིན་པ་ལས་ཐམས་ཅད་འཇུག་པའི་ཕྱོགས་ཀྱི་རྟེན་ཅན ་བཟུང་བའི་རྣམ་པར་རྟོག་པ་དང་པོ་སྤང་བར་བྱ་བ་བསྟན་པར་བཞེད་ནས། བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་ཞིག་མཐོང་བའི་ལམ་ལ་སྦྱོར་བའི་གནས་སྐབས་ན་ཇི་སྐད་བསྟན་པའི་རྣམ་པར་རྟོག་པ་སྤངས ་པས་མི་རྟོག་པའོ།། རྒྱུ་དང་འབྲས་བུ་དང་བྲལ་བའི་ཕྱིར་ཆོས་རྣམས་ཀུན་ནོ་སྟོང་དང་མཚན་མ་མེད་པ་ཡོངསུ་ཤེས་པ་དང་། སྒྲོ་བཏགས་པས་ཆོས་ཐམས་ཅད་དབེན་པའི་ཕྱིར་སྤྲོས་པ་མེད་པ་དེ་ཉིད་ཡོངསུ་ཤེས་པ་དེ་ནི་ཤེས་རབ་ཇི་སྐད་བསྟན་པས ་རྣམ་པར་རྟོག་པ་གཉིས་ཀྱི་རྣམ་པས་བྱང་ཆུབ་ཚོལ་བར་མི་བྱེདའོ།། རྒྱུ་དང་འབྲས་བུར་འབྲེལ་པ་གང་ཡིན་པ་དེ་ནི་རྗེསུ་འགྲོ་བ་དང་ལྡན་པའོ།། མཐོང་བའི་ལམ་ཡིད་ལ་བྱེད་པ་དང་ལྡན་པའི་ཕྱིར་རྣལ་འབྱོར་པའོ།། མཐོང་བའི་ལམ་གྱི་བདག་ཉིད ་རི་ཤཱུ་རབ་ཕ་རོལ་ཕྱིན་མཆོ་གོ།། ཐམས་ཅད་བཟློག་པའི་ཕྱོགས་ཀྱི་རྟེན་གཟུང་བའི་རྣམ་པར་རྟོག་པ་གཉིས་པ་སྤངས་པའི་ཕྱིར། ན་མཁའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་ན་མཁའི་ཁམས་དང་ན་མཁའ་ལྷན་ཅིག་ཏུ་ཕན་ཚུན་སྤངས་པ ་ལ་སོགས་པའི་མཚན་ཉིད་ཀྱིས་འགལ་བ་མེདོ།། གང་གི་ན་མཁའི་ཁམས་དེ་དང་ནི་ན་མཁའི་དེར་ཡུལ་འགའ་ཞིག་ཏུ་རྣམ་པ་འགས་འགལ་བ་ཐོབ་པ་ལྟ་ཅི་སྨོས། གྲོང་གི་སྒྲས་འཕངས་པའི་བརྗོད་པར་བྱ་བ་ནི་རང་ལ་རང་བྱེད་པ་འགལ་བས་མི་སྲྀ་དོ་ཞེས ་བྱ་བ་ཡིནོ།། དེ་བཞིན་དུ་མཐོང་བའི་ལམ་གྱི་རང་བཞིན་ཤེས་རབ་སྤྱོད་མཁས་བྱང་ཆུབ་སེམས་དཔའ་ཡང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པའི་ཕྱིར་ན་མཁའ་ལྟ་བུ་ཡིན་ཏེ། མཐོང་བའི་ལཾ་གྱི་སི་ས་དང་སེཾས་ལྷ་བྱུང་བ་འཇུག་པའི་གནས་སྐབས་ན་ཇེ ་སྐད་བསྟན་པའི་རྣམ་པར་རྟོག་པ་སྤངས་ནས་ཉེ་བར་ཞི་བ་སྤྱོད་པར་འགྱུར་ཏེ། དེ་བས་ན་དེ་ཉིད་ཀྱིས་གང་དང་ཡང་ལྷན་ཅིག་ཏུ་ཅུང་ཟད་ཀྱང་འགྲོལ་བ་མེདོ།། གཟུང་བའི་རྣམ་པར་རྟོག་པ་གཉིས་བསྟན་ནས། དེ་བཞིན་དུ་འཛིན་པའི་རྣམ་པར་རྟོག་པ ་གཉིས་བརྗོད་པར་བྱ་བ་ཡིན་པས་སྐྱེས་བུ་རྫ་སུ་ཡོད་པའི་རྟེན་ཅན་འཛིན་པའི་རྣམ་པར་རྟོག་པ་དྲང་པོ་སྤང་བར་བྱ་བ་ཉིད་དུ་རིག་པར་བྱ་བའི་ཕྱིར། སྐྱེ་བོའི་དབུས་ན་ཞེས་བྱ་བཱ་ལ་སོགས་པ་གསུངས་ཏེ། དཔེར་ན་སྒྱུ་མ་བྱེད་པས་སྤྲུལ་པའི ་སྐྱེས་བུ་འདི་སྙམ་དུ་ཉེ་བར་གནས་པའི་སྐྱེས་བུ་ལྟད་མོ་པའི་ཚོགས་འདི་དག་མགུ་བར་བྱའོ་སྙམ་དུ་མི་སེམས་ཏེ། རྣམ་པར་མི་རྟོག་པའི་ཕྱི་རོ།། དེ་ཡང་དེ་སྤྲུལ་པ་དེ་ཉིད་སྐྱེས་བུའི་ཁྱད་པར་གྱི་དོན་སྣང་བའི་ཤེས་པ་བསྐྱེད་ནས་མངོན་པའི་ང ་རྒྱལ་གྱིས་དེ་ཉིད་བྱ་བ་བྱེད་པར་ལྟ་བ་བློས་མཐོང་བ་ནི་རང་གྱི་ང་རྒྱལ་གྱི་སྟོབས་ཀྱིས་བྱ་བ་སྣ་ཚོགས་སྟོན་པར་བྱེད་པ་མཐོང་ཡང་། གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར། ཡང་སྤྲུལ་པའི་སྐྱེས་བུ་དེ་ལ ་ལུས་མྱེད་སེམས་མེད་དག་གི་རང་བཞིན་ཡང་མེ་དེ་མིང་ཡང་ཡོད་པ་མ་ཡི་ནོ།། དེ་བཞིན་དུ་མཐོང་བའི་ལམ་གྱི་སྦྱོར་བུའི་གོནས་སྐབས་ནི་ཤེས་རབ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནམ་ཡང་བྱང་ཆུབ་རྟོགས་ནས་འགྲོ་བ་ལ་ཆོས་སྟོན་པ་ལ་སོགས ་པས་ཡོངསུ་དགྲོལ་མི་སེམས། དེ་ལྟ་བས་ན་ཡང་ལྷ་ལ་སོགས་པའི་འགྲོ་བར་སྐྱེ་བ་སྣ་ཚོགས་ནི་རྣམ་པ་དུ་མོ་སྣ་ཚོགས་པའོ།། སེམས་ཅན་གྱི་དོན་བྱེད་པ་ལ་སོགས་པའི་བྱ་བ་སྣ་ཚོགས་པའི་བྱ་བ་མང་པོ་དང་ལྡན་པར་སྟོན་ཏེ། ཀུན་རྫོབ་ཙམ ་ཡིན་པའི་ཕྱིར་སྒྱུ་མ་ལྟ་བུར་སྟོན་ཀྱང་། ཇི་སྐད་བསྟན་པའི་རྣམ་པར་རྟོག་པ་སྤངས་ནས་རྣམ་པར་མི་རྟོག་སྤྱོད།། ཡང་གང་ཞིག་སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་འཛིན་པའི་རྣམ་པར་རྟོག་པ་གཉིས་པ་སྐྱེང་བར་བྱ་བ་ཉིད་སྔ་མ་བཞིན་དུ ་བསྟན་པའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་སངས་རྒྱས་ཀྱི་སྤྲུལ་པ་ཉིད་ནི་ཁྱད་པར་ཅན་གྱི་སྤྲུལ་པའི་རང་བཞིན་ཡིན་པའི་ཕྱིར་སངས་རྒྱས་མཛད་པ་བྱེད་ཀྱང་བྱེད་པ་དེ་ལ། ང་རྒྱལ་མང་པོའི་དྲེགས་པ་ཅུང་ཟད་སྐྱེ་མི་འགྱུར། ་དེ་བཞིན་དུ་མཐོང་བའི་ལམ་གྱི་སེམས་དང་སེམས་ལས་བྱུང་བ་འཇུག་པའི་རང་བཞིན་ཤེས་རབ་ཀྱི་ཇི་སྐད་བཤད་པའི་རྣམ་པར་རྟོག་པ་སྤངས་པ་ལོས་སྤྱོད་པ་མཁས་པའི་བྱང་ཆུབ་སེམས་དཔའ་ཡང་རྒྱུ་དང་འབྲས་བུ་དང་བྲལ་པོའི་ཕྱིར ་རིམ་པ་ཇི་ལྟ་བུ་བཞིན་དུ་སྤྲུལ་པ་སྒྱུ་མ་བཞིན་དུ་བྱ་བ་ཐམས་ཅད་སྟོན། དེ་ཉིད་ཀྱི་ཕྱིར་ནིར་རྟོག་པ་རྣ་བ་བཞི་སྤངས་པས་མངོན་པར་ཞེན་པ་མེད་པའི་སྦྱོར་བས་དྲོན་བྱ་བ་ཐམས་ཅད་བྱེད་པར་འགྱུར་རོ།། སྔ་མ་བཞིན་དུ་ཉེ་བར་བསྡུ་བའི་ཕྱིར། ཤིང་མཁན ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་ཤི་དྭ་མཁན་ནི་ཤིང་འཇོག་པའོ།། ཇི་ལྟར་བསླབ་པའི་མཱན་ངག་ལོ་བས་པས་ན་བཟོ་བོའོ།། རིག་པ་དང་ལྡན་པའི་ཕྱིར་མཁས་པའོ།། སྐྱེས་པ་བུད་མེད་དང་འདྲ་བ་ཤིང་ལས་འཁྲུལ་འཁོར་གྱི་བཟོ ་བྱས་པ་དེ་ཡང་བྱ་བ་ཐམས་ཅད་བྱེད་པར་སྣང་བའི་ཤེས་པ་སྐྱེའོ།། དེ་ལྟར་བསྟན་མ་ཐག་པའི་རང་བཞིན་རྣམ་པར་རྟོག་པ་བཞི་སྤངས་པའི་ཤེས་རབ་ལ་སྤྱོད་པ་མཁས་པའི་བྱང་ཆུབ་སེམས་དཔའ་གཟུང་བ་དང་འཛིན་པའི་མངོན་པར ་ཞོན་པ་མེད་པའི་ཡེ་ཤེས་ཀྱིས་འགྲོ་བ་འདི་དག་ཐམས་ཅད་ཀྱི་བྱ་བ་བྱེད་ཀྱང་རྣམ་པར་མི་རྟོག་སྟེ། ཡིད་བཞིན་གྱི་ནོར་བུ་བཞི་ནོ།། སྟོན་རིན་པོ་ཆེ་སྡུད་པ་ཚིགསུ་བཅད་པ་ལས་སྒྱུ་མ་ལྟ་བུའི་ལེའུ་སྟེ་ཉི་ཤུ་དྲུག་པའི་བཤད་པའོ།། ། ་ཇི་སྐད་བསྟན་པའི་རྣམ་པར་རྟོག་པ་བཞི་སྤངས་པ་མ་ཚང་བ་མེད་པར་སེམས་ཅན་གྱི་དོན་འབའ་ཞིག་བྱེད་པར་མ་ཟད་ཀྱི། སངས་རྒྱས་ལ་སྩོགས་པས་བསྔགས་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། དེ་ལྟར་ཇི་སྐད་བསྟན་པའི་རྣམ་པར་རྟོག་པ་བཞི་སྤངས་པ་ལ་སྤྱོད་པ་མཁས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བརྒྱ་བྱིན་ལ་སོགས་པའི་ལྷའི་ཚོགས་གཙོ་བོ་མང་པོ་དག་ཐལ་མོ་སྦྱར་བ་བཏུད་ནས་ཡང་དང་ཡང་དུ་ལུས་དང ་ངག་དང་ཡིད་ཀྱིས་ཕྱག་ཀྱང་འཚལ་བར་བྱེད་དོ།། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་བཞུགས་པ་ཡང་ཡོན་ཏན་བསྔགས་པའི་ཕྲེང་བ་ཡོངསུ་བརྗོད་པར་མཛ་དོ།། དེ་བས་ན་དེ་བདུད ་ཀྱི་ཡུལ་ལས་འདསོ་ཞེས་བསྟན་པའི་ཕྱིར། གངྒཱའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གངྒཱའི་ཀླུང་གི་བྱེ་མ་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་རྣམས་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་ཀུན་ཡོངསུ་ལྷག་པ་གཟུང་སྟེ་བདུད་དུ་གྱུར་ལ། བ་སྤུ་ཉག་རེ་ལས ་ཀྱང་བདུད་ཀྱི་ཚོགས་དེ་སྙེད་སྤྲུལ་བྱས་ཀྱང་། དེ་དག་ཀུན་གྱིས་མཁས་ལ་བར་ཆད་བྱ་མི་ནུས། དེ་ལྟར་ལྷའི་བུའི་བདུད་ལས་འདས་པར་ལན་མང་དུ་བསྟན་ནས་སྤྱིར་བདུད་བཞི་ལས་འདས་པར་བསྟན་པའི་ཕྱིར། རྒྱུ་རྣམས་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། ཇི་སྐད་བསྟན་པའི་རྣམ་པར་རྟོག་པ་བཞི་སྤངས་པ་ཉིད་ཀྱིས་ཤེས་རབ་ཀྱི་སྟོབས་ཀྱིས་སྟོང་པ་ཉིད་ལ་གནས་པར་གྱུར་པ་དང་། སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་སེམས་ཅན་གྱི་དོན་མི་གཏོང་བ་དང་། ལྷག་པར་དང་བཅས་པའི་དོན་དུ་ཕུན་སུམ ་ཚོགས་བུས་ཇི་སྐད་སྨྲས་པ་བཞིན་དུ་བདྲེན་པར་བྱེད་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཕུན་སུམ་ཚོགས་བྱས་ན་བདེ་གཤེགས་བྱིན་རླབས་ཅན་ཏེ། དེ་རྣམས་ནི་རྒྱུ་རྣམ་པ་བཞིའོ།། ཚིག་ཉམས་པ་མེད་པ་སྔ་ན་མཁས་པའོ།། ལུས་ཀྱི་སྟོབས ་ཕུན་སུམ་ཚོགས་པས་ན་སྟོབས་ལྔ་ནོ།། སེམས་གཞན་དུ་བསྒྱུར་བར་མི་ནུས་པས་ན་ཐུབ་པར་དཀའ་བའོ།། དེ་བས་ན་ཕུང་པོ་ལ་སོགས་པའི་བདུད་བཞིས་རབ་ཏུ་བསྐྱོད་པར་མི་ནུས་ཞེས་ཚིགསུ་བཅད་པའི་དོན་སྦྱརརོ།། ད་ནི་རྒྱུ་གང་དང་བཅས་པས་མཐོང ་བའི་ལམ་བྱང་ཆུབ་ཆེན་པོ་ཐོབ་པར་བྱེད་པའི་ཡུམ་དེ་བསྟན་པའི་ཕྱིར། དེ་བཞིན་གཤེགས་ཡུམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེཾཔཱ་གང་ཞིག་བྱང་ཆུབ་ཆེན་པོ་ལྔ་རབ་ཏུ་གནས་པའི་ཚད་དུ་མཐོང་བའི་ལམ་སོགས་པ་གཞན ་ལ་ཡང་དག་པར་སྟོན་ཅིང་། བྱང་ཆུབ་ཀྱི་རྒྱུ་མཚོན་ཉིད་ཀྱི་དོན་དུ་དེ་ལྟར་ཡང་དག་པའི་གཞུང་གི་དོན་གྱི་སྒོ་ནས་བསྟོད་ཅིང་སེམས་མོས་པ་ནི་མོས་བྱེད་ཅིང་།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་གཤེགས་པའི་ཡུམ་འདི་འཆད་ཅིང་བྱང་ཆུབ ་ཐོབ་པའི་ཆེད་དུ་བདག་ཉིད་ཀྱིས་ཡི་གེརརུ་བྲིས་པ་ལ་སོགས་པ་བྱས་ནས་བྱིན་ཏེ་བསམ་པ་ཐག་པས་སྒྲུབ་པར་མངོན་པར་བརྩོན་བྱེད་ན། ངེས་པ་ཐམས་ཅད་མཁྱེན་པའི་ཐབས་ཉིད་ལ་ཞུགས་པ་དེ་དག་ནི་རབ་ཏུ་གནས་པ་ཡིན་པར་བྱའོ།། རྒྱུ་དང ་བཅས་པར་བསྟན་པ་མཐོང་བའི་ལམ་དེ་ཉིད་ལ་རྣམ་པར་རྟོག་པ་སེལ་པོའི་ནུས་པ་ཡོད་པར་དཔེ་སྔོན་དུ་འགྲོ་བས་རྟོག་པར་བྱ་བའི་ཕྱིར། ཆོས་དབྱིངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་ཆོས་ཀྱི་དབྱིངས་ཉིད་ན་མཁའི་ཁམས ་དེ་བཞིན་ཉིད་ལ་རང་བཞིན་མེང་བའི་ཕྱིར་གནས་པར་མི་འགྱུར་བ་ཉིད་ནི་གནས་མེ་དོ།། དངོས་པོ་ཐམས་ཅད་ཀྱི་ནུས་པ་དང་བྲལ་བའི་མཚན་ཉིད་པར་སྣ་བ་ནི་ན་མཁའོ།། སྤྲིན་ནི་སེམས་ཅན་གྱི་ལས་ཀྱི་དབང་གི་གནས་པར་གྱུར་པའོ།། དཔེར་ན་རིག ་སྔགས་འཆང་གིས་རླུང་གིས་དཀྱིལ་འཁོར་ལ་གནས་པའི་སྦྱོར་བ་སྔགས་མཐུས་དུས་ནི་མེ་ཏོག་ལྡན་ཞིང་བྱིན་གྱིས་རློབ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཀྱི་སྟོབས་ཡི་ནོ།། བསྟན་མ་ཐག་པའི་རྒྱུ་དང་བཅས་པའི་མཐོང་ལམ ་རྟོགས་པའི་ཕྱིར། བྱང་ཆུབ་སེམས་དཔའ་མཁས་གསལ་བས། རྟོགས་པར་བྱེད་པ་འཇུག་པའི་ཕྱོགས་ཀྱི་རྟེན་ཅན་གཟུང་བྱར་སྒྲོ་བཏགས་པར་དམིགས་པར་མི་འགྱུ་རོ།། ཆོས་ཐམས་ཅད་ལྡོག་པའི་ཕྱོགས ་ཀྱི་རྟེན་ཅན་གཟུང་བར་རྟོག་པ་རྣམ་པར་གཞག་པ་ཡང་དམིགསྲ་བ་མེདོ།། འཆད་པར་བྱེད་པ་སྐྱེས་བུ་རྫ་སུ་ཡོད་པའི་རྟེན་ཅན་འཛིན་པའི་རྣམ་པར་རྟོག་པ་སྒྲོ་བཏག་པ་ཡང་མྱི་དམིག་སོ།། ལྟ་བར་བྱེད་པ་སྐྱེས་བུ་བཏགས་པའི་རྟེན་ཅན་འཛིན ་པའི་རྣམ་པར་རྟོག་པར་གཞག་པ་ཡང་མི་དམྱིག་སོ།། མཐོང་བའི་ལམ་གྱིས་ཇི་སྐད་བསྟན་པའི་རྣམ་པར་རྟོག་པ་བཞི་སྤང་པས་དེའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་ཡིན་པས་མྱི་གནས་པའི་མྱ་ངན་ལས་འདས་པ་ལ་དགའ ་བས་འདི་གནསོ།། ཇི་སྐད་བསྟན་པའི་མཐོང་བའི་ལམ་རྒྱུ་དང་བཅས་པས་སྟོབས་བཅུ་ལ་སོགས་པའི་མངོན་པར་དགའ་བའི་ཡོན་ཏན་གྱིས་རྒྱལ་བའི་སྲས་རྣམས་དེ་དག་གན་སོ་ཞེས་བྱ་བར་དགོངསོ།། བྱང་ཆུབ་སེམས་དཔའི་ལམ་དང ་མཚུངས་པ་ཉིད་ཀྱིས་ཉན་ཐོས་ལ་སོགས་པ་ལྡིདི་དག་གནས་སྔམ་ཞེ་ན། ལན་དུ་དགྲ་བཅོམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགྲ་བཅོམ་རྣམ་ཐར་དེ་བཞིན་གཤེགས་ཀྱི་མ་གཏོགས་པར། རེ་ཞིག་ཉན་ཐོས་རྣམས་དང་། རང་སངས་རྒྱས ་དང་བཅས་པའི་མཐོང་བའི་ལམ་ལ་སོགས་པའི་མཚན་ཉིད་ཀྱིས་གནས་པའོ།། ཉོན་མོངས་པའི་སྒྲིབ་པ་སྤངས་པའི་བྱེད་པ་ཉིད་ནི་ཞི་བའོ།། སེམས་རྩེ་གཅིག་པས་ཉེ་བར་ཞི་བས་རབ་ཞིའོ།། མཐོང་བའི་ཆོས་ལ་བདེ་བར་གནས་པར་བྱེད་པའི་ཕྱིར ་བདེ་ལྔནོ།། ཇི་སྙེད་དེ་དག་གིས་མཆོག་ཏུ་འདི་གནས་པ་ཡིན་ཏེ། ཁྱད་པར་དུ་ཤེས་བྱའི་སྒྲིབ་པ་སྤངས་པའི་ཕྱིར་རྒྱལ་བའི་སྲས་རྣམས་ཐུན་མོང་མ་ཡིན་པའི་ཆོས་རྟོགས་པ་ཡིན་པས་རྣལ་འབྱོར་གྱི་གོང་ན་མེད་པ་ཡི་ནོ།། ཐམས་ཅད་རབ་ཏུ་ཁྱད་པར་དུ ་ཕགས་པ་ཡིན་ན་མྱ་ངན་ལས་འདས་པ་ཇི་ལྟར་མ་རྟོགས་ཤེ་ན། ལན་དུ་འདབ་ཆགས་ཞེས་བྱ་པ་ལ་སོགས་པ་གསུངས་ཏེ། དཔེར་ན་འདབ་ཆགས་མཁའ་ལ་གནས་ཀྱང་ལྟུང་བའི་དགགས་མེད་པར་གྱུར་ཀྱང་ལྟུང་བར་འགྱུར་བ་མ་ཡིན་ཏེ། རང་གི ་ལུས་ལས་སྐྱེས་པའི་གཤོག་པ་གཉིས་ལ་ནུས་པ་ཡོད་པའི་ཕྱི་རོ།། ཉ་ནི་ཆུ་ལ་གནས་ཀྱང་འཆུ་བས་ཏེ་འཆི་བ་མེད། རང་གི་ལུས་ཀྱི་དབྱང་གིསོ།། དེ་ལྟར་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ཐོབ་པཱ་དེ་བཞིན་དུ་བསམ་གཏན་གྱི་སྟོབས་དང་ཕ་རོལ ་སོན་པ་སྒྱུ་མ་ལྟ་བུ་མཐོང་བའི་ལམ་ལ་མངོན་དུ་ཕྱོགས་པ་སྟོང་པ་ཉིད་ལ་གནས་ནས་མྱ་ངན་ལས་འདས་པ་ཐོབ་པར་མི་བྱེདདོ།། སྔོན་གྱི་སྨོན་ལམ་གྱིས་བསྐྱེད་པ་དང་སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་ཡི་ནོ་ཞེས་བྱ་བར་དགོངསོ།། དེ་བས་ན་དྲོན་ཐམས་ཅད ་ཐོབ་པར་འདོད་པ་ཉིད་ཀྱི་གནྡྷ་པ་འདི་ལ་བརྟེན་པར་བྱའོ་ཞེས་བསྡུ་བའི་ཕྱི་རོ།། སེམས་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞིག་སེམས་ཅན་ཀུན་གྱི་ཡོན་ཏན་མཆོག་ནི་ཆོས་ཀྱི་སྐུར་འགྲོ་བར་འདོད་པ་ཞེས་བྱ་སྟེ། ལོངས་སྤྱོད་རྫོགས་པའི ་སུ་མཆོག་ཐོབ་པར་འདོད་པ་ནི་སངས་རྒྱས་ཡེ་ཤེས་མཆོག་ཏུ་རྨད་འབྱུང་འདོད་པའོ།། སྦྲུལ་པོའི་སྐུ་ཆོས་ཀྱི་མཆོག་སྐྱོན་པར་འདོད་པ་ནི་རིམ་པ་ཇི་ལྟ་བ་བཞིན་དུ་རང་དང་གཞན་གྱི་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་འབྲེལ་པོ་ཆོས་ཀྱི་སྦྱིན ་བ་རབ་མཆོག་དམ་པ་སྦྱིན་འདོད་གང་བྱུང་ཆུབ་སེམས་དཔའ་ཕན་མཛད་རྣམ་ས་ནི་གུནས་མཆོག་དྲུམ་པ་འདི་ལ་རྟེན་བར་གྱིས། ལྗོན་རིན་པོ་ཆུ་སྤྱད་པ་ཚིག་སུ་བཅད་པ་ལས་སྙིང་པོའི་ལེའུ་སྟེ་ཉི་ཤུ་རྩ་བདུན ་པའི་བཤད་པའོ།། །། ཡང་བྱང་ཆུབ་ཆེན་པོ་གང་ཞིག་ཡིན་ཞེ་ན། དོན་གང་ཞིག་ཇི་སྐད་བསྟན་པའི་རྒྱུ་དང་བཅས་པའི་མཐོང་བའི་ལམ་གྱི་འདོད་པའི་ཡུལ་བྱང་ཆུབ་ཆེན་པོའི་རང་གི་ངོ་བོ་བསྟན་པོའི་ཕྱིར ་བསླབ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསླབ་པ་གང་ཇི་སྙེད་པ་སེམས་བསྐྱུད་པ་ལ་སོགས་པའི་རིམ་པར་འགྲོ་བའི་དེད་དཔོན་དུ་གྱུར་པ་འདྲེན་པས་བསླབ་པ་བརྗོད་པ་ཇི་སྙེད་པ་དེ་དག་ཀུན་གྱི་ནང་ན་ཟད་པ་དང་མི་སྐྱེ་བ་ཉིད་དུ། ་གྱུར་པའི་ཟད་པ་དང་མི་སྐྱེ་བུ་ཤེས་བྱའོ་ཡེ་ཤེས་ཀྱི་བདག་ཉིད་གང་ཡིན་པ་དེ་ནི་བྱང་ཆུབ་ཆེན་པོའི་བསླབ་པ་ཁྱད་པར་དུ་འཕགས་པ་སྤོང་བ་དང་ལྡན་བཞིན་རིམ་པ་ཇི་ལྟ་བ་བཞིན་དུ་མཆོག་དང་གོང་ན་མེད་པར་འགྱུར།། མཁས ་པ་གང་ཞིག་བསླབ་ཀུན་ཕ་རོལ་འགྲོ་འདོད་པས་ཏེ། སངས་རྒྱས་ཀྱི་བསླབ་པ་ལྔ་སློབ་པར་འདོད་བྱས་ཇི་སྐད་བསྟོན་པའི་ལཱམ་གྷི་རང་བཞིན་ཤསྭ་རབ་ཕ་རོལ་ཕྱིན་འདིར་སྤོབས་ཏེ། བསྒོམ་པར་བྱ་ཞེས་བྱ་བའི་བར་དུའོ།། ཞ་རུ་ལ་བྱུང ་བརྫོགས་ནས་ད་ནི་སྐབས་ཉིད་ཀྱི་མཐོང་བའི་ལམ་བསྟན་པར་བཞེད་ནས། འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་དམིགས་པས་ཕྱིན་ཅི་མ་ལོག་པ་ཉིད་དུ་ཐོབ་པས་དགེ་བའི་ཆོས་ཐམས་ཅད་འདུས་པའི་ཕྱིར་ཆོས་ཀྱི ་གཏེར་གྱི་མཆོག།། འདིར་ནི་རྩེ་མོའི་མངོན་པར་རྟོགས་པའི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཡིན་པར་གཟུང་།། སྦྱིན་པ་ལ་སོགས་པ་འཁོར་གསུམ་རྣམ་པར་དག་པ་མཆོག་ཏུ་གྱུར་པ་རྣམ་པ་སུམ་ཅུ་རྩ་དྲུག་བསྐྱེད་པས་མཐོང ་བྲིའི་ལཱམ་སྔོན་མེད་པའི་ཆོས་ཉེ་བར་སྐྱེས་པ་ནི་ཆོས་ཀྱི་མཛོད་དམ་པའོ།། སངས་རྒྱས་ཉིད་འབྱུང་བ་རྟོགས་པ་དང་མཐུན་པ་ཉིད་སྐྱེས་པའི་ཕྱིར་སངས་རྒྱས་ཀྱི་རིག་སུ་སྐྱེས་པ་སྟེ་རབ་ཏུ་དགའ་བ་ལ་སོགས་པ་ས་བཅུ་ཡོང་སུ་རྫོགས་པ་ནི་བདེ ་སྐྱིད་པའི་མཛོད་དོ།། དེ་ལྟ་བུ་ཉིད་ཉེ་བར་གཟིགས་ནས་མྱ་ངན་ལས་འདས་པའི་ཕྱིར་འདས་པོའོ།། སངས་རྒྱས་ཉིད་དུ་འགྱུར་བའི་ཕྱིར་མབྱོན་པའོ།། ཕྱོགས་བཅུའི་འཇིག་རྟེན་ན་ད་ལྟར་ཉིད་འགྲོ་བའི་དོན་མཛད་པས་ན་འཇིག་རྟེན་མགོན་པོ་སྟེ། ་སངས་རྒྱས་བཅོམ་ལྡན་འདས་རྣམ་སོ།། རབ་ཀྱི་མཐར་ཐུག་པར་འགྲོ་བའི་རང་བཞིན་ཉིད་ས་བཅུ་དང་འབྲེལ་བ་རྩེ་མོའི་མངོན་པར་རྟོགས་པ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བཞི་ངེས་པར་སྤངས་པའི་ཕྱིར་དེ་དག་མཐོང་བའི ་ལམ་ལས་རིམ་པ་ཇི་ལྟ་བ་བཞིན་ཐམས་ཅད་འཁྲུངསོ།། འཁྲུངས་པར་འགྱུར་རོ།། འཁྲུ་།། དེ་བཞིན་གཤེགས་པ་ཐམས་ཅད་རྟོགས་པ་བརྙེས་པས་ཀྱང་སྟོང་པ་ཉིད་ཀྱི་རང་བཞིན་ཆོས་ཀྱི་དབྱིངས་མཐོང་བའི་ལ་མྲྀ་ཟད་པར་མི་འགྱུརརོ།། ་ཞེས་བྱ་བའི་བར་དུའོ།། དེ་ཉིད་ཀྱི་ཕྱིར་འདིས་ཕྱིན་ཅི་ལོག་ཐམས་ཅད་སྤུངས་པས་ཡོན་ཐམས་ཅད་ཀྱི་རྒྱུ་ཡིན་པར་དཔེ་སྔོན་དུ་འགྲོ་བས་བསྟན་པའི་ཕྱིར། ཤིང་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་འཇིག་རྟེན ་ཤིང་དང་འབྲས་བུ་མེ་ཏོག་ནགས་ཚུལ་ཇི་སྙེད་པ། དེ་དག་ཐམས་ཅད་ས་ལས་སྔོན་མེད་པ་ཡང་དག་པར་འབྱུང་ཞིང་འཐོན་ཏེ། གོང་ནས་གོང་དུ་འཕེལ་བ་དང་ལྡན་པས་འབྱུང་བའོ།། འོན་ཀྱང་སའི་ཚད་ཇི་སྐད་བསྟན་པ ་ཁུར་གྱིས་མཚན་པས་ཟད་པར་འགྱུར་བ་མེད་ལ། ཤིང་ལ་སོགས་པས་འཕེལ་བ་ཡང་མདོ།། སྐྱོ་བ་ཡང་མེདོ།། དུལ་བ་ཡང་མེད་པའི་ཕྱི་རོ།། དུབ་པ་ཡང་མེད། མི་སྣང་བར་གྱུར་པ་མེད་པའི་ཕྱིར།། རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད ་མེད་པའི་ཕྱིར་རྣམ་པར་མི་རྟོག་པའོ།། དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་དང་། རྒྱལ་བའི་སྲས་དང་། ཉན་ཐོས་ནི་དགྲ་བཅོམ་པའོ།། རང་རྒྱལ་ཏེ་རང་སངས་རྒྱས་དང་། ལྷ་རྣམས་དང་། འགྲོ་བ་ཀུན་གྱི་བདེ་སྐྱིད་ཆོས་རྣམས་ཇི་སྙེད་པ་སྟེ།། ། ་ཟག་པ་དང་བཅས་པ་དང་། ཟུག་པ་མང་བུ་དེ་དགྲ་ཀུན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐོང་བྱའི་ལམ་ཇི་སྐད་བསྟན་པ་བྱང་ཆུབ་སེམས་དཔའི་སྐོམ་པ་ལས་བྱུ་།། དེ་བཞིན་དུ་རྟོག་པ་དང་རྣམ་པར་རྟོག་པ་མེད་པས་ཟད་པ་མེད་ཅིང་ངོ་།། ། ་ཤེས་རབ་ཀྱི་ཡང་དག་པའི་ཆོས་ཉིད་མཐོང་བའི་ལམ་རྟོགས་པ་སུ་ཅུང་ཟད་འཕེལ་བ་མདོ་ཞེས་བྱ་བའི་བར་དུའོ།། དེ་ལྟར་མཐོང་བའི་ལཱམ་བསྟན་ནས། མི་མཐུན་པའི་ཕྱོགས་སྤངས་པ་ལ་སོགས་པའི་གཞི་སྔར་རྟོགས་ནས་གཞི ་ལེགས་པར་རྟོགས་པ་བསྒོམ་པ་ཡིན་ཏེ། རེ་ཞིག་ལྗོན་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྒྱུ་ཡིན་པར་དཔེ་སྔོན་དུ་འགྲོ་བས་བསྟན་པའི་ཕྱིར། སེམས་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་སེན་སྟོན་ཆུ་ངུ་ལ་སོགས ་པ་དང་ལྡན་པ་ནི་ཐ་མའོ།། རྫས་ལ་སོགས་པ་འབྲིང་དང་ལྡན་པ་ནི་འབྲི་འོ།། བྱ་བ་ལ་སོགས་པ་ཐམས་ཅད་དམ་པ་དང་ལྡན་པ་ནི་མཆོག་ཡིན་པར་འཇིག་རྟེན་ལ་གྲགས་པརྟག་པ་ཉིད་ལ་སོགས་པ་དེ་དག་ཐམས་ཅད་བཀག་པའི ་ཕྱིར་སྔོན་གྱི་ལས་དགེ་བ་དང་མི་དགེ་བ་རྒྱུ་ཉིད་ཡིན་པའི་ཕྱིར་ཀུན་རྫོབ་ཏུ་དེ་ཀུན་མ་རིག་ལས་བྱུང་བ་བདེ་བུར་གཤེགས་པས་གསུངས། དེ་བཞིན་དུ་འཕེལ་བའི་ལས་ཀྱི་ཚོགས་པའི་རྐྱེན་གྱིས་དུས་ཇི་སྙེད་ཀུན་ཏུ་འཕངས་པར་འཇུག་པ། ་ཉོཉེ་བར་ལེན་པའི་ཕུང་པོ་ལྔའི་འཁྲུལ་འཁོར་རབ་ཏུ་འབྱུང་བི་ནཱི། མ་རིག་འཁྲུལ་འཁོར་དེ་ནི་ཟོད་མེད་འཕེལ་བ་མེ་།། སྔོན་མ་བྱུང་བའི་སེམས་ཅན་རབ་ཏུ་འབྱུང་བར་འགྱུར་བ་ནི་ཀུན་རྫོབ་ཏུ་ཡང་འབྱུང་བ་མདོ་ཞེས་བྱ་བར་དགོངས།། ་འདི་ལྟར་ཐག་པ་གསུམ་གྱི་ཡེ་ཤེས་ཀྱི་ཁྱད་པར་ཉྩི་ན་ཡ་ཤེས་ཚུལོ།། རི་མ་བཱ་ཇི་ལྟ་བ་བཞིན་དུ་ཆུ་བུ་དང་། འབྲིང་དང་། ཆེན་པོའི་འབྲས་བུ་གོང་ནས་གོང་དུ་ཐོབ་པར་བྱེད་པའི་ཕྱིར་ཐབས་ཀྱི་སྒོའོ།། རྩ་བའོ།། དེ་ཀུན་ཤིས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་མཆོག་ནི་བསྒོམ་པའི་ལྡུམ་སྟེ། ད་བསྒོམ་པར་བྱེད་པའི་བྱང་ཆུབ་སེམས་དཔའ་ལ་ཀུན་རྫོབ་ཏུ་འབྱུང་།། དེ་བཞིན་དུ་འཕེན་པ་ལས་རྐྱེན་རྣམས་ཚོགས་ནས་རབ་ཏུ་འབྱུང་།། ཇི་སྲིད་མི་འཁོར་བའི་ཕན་ཚུན་ལྷན་ཅིག་བྱེད ་པ་ཉིད་ཀྱིས་ཡེ་ཤེས་ཀྱི་འཁྲུལ་འཁོར་ཏེ་སྒྱུ་མ་ལྟ་བུའི་དེ་ཁོ་ན་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གོམས་པར་བྱས་པའི་ལམ་ལ་ཟོད་མེད་འཕེལ་བ་མེད།། རྣམ་པ་གང་ཞིག་མངོན་སུམ་དུ་བྱས་པས་ཡོན་ཇི་སྐད་བསྟན་པ་དེ་ཐོབ་པར ་བྱུད་ཅེ་ན། བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་ཞིག་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ཀྱིས་སྒྱུ་མ་ལྟ་བུ་ཉིད་ཡིན་པས་ན་སྐྱེ་མེང་ཟད་པ་མེད་མི་ཟད་པའི་ཕྱིརརོ།། ཤས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐོད་རྒལ་གྱི་སྙོམས་པར་འཇུག་པའི་མཚན་ཉིད་བསྒོམ་པའི་ལམ་ཟག་པ་མེད་པ་ཉིད་དུ་ཤེས་པས་ཉི་མ་སྤྲིན་གྱི་སྒྲིབ་པ་མེད་པའི་འོད་ཟེར་འཕྲོ་བསྔ་མུན་པ་བསལ་བའི་ནུས་པ་རང་ལ་ཡོད་པ་ལྟར། དེ་བཞིན ་དུམ་རིག་ཐིབས་པོ་བཅོམ་ནས་རང་བྱུང་ནི་བཅོམ་ལྡན་འདས་ཐོབ་པར་འགྱུར་ཏེ། དེ་བཞིན་གཤེགས་པ་མེ་ཏོག་བཀྲམ་པ་ཞེས་བྱ་བར་འགྱུར་བ་བཞི་ནོ།། ལྗོན་རིན་པོ་ཆེ་སྡུང་པ་ཚིགསུ་བཅད་པ་ལས་མེ་ཏོག་བཀྲམ་པའི་ལེའུ་སྟེཉྩི ་ཤུ་བརྒྱད་པའི་བཤད་པའོ།། ། བསྒོམ་པའི་ལམ་འདིར་བརྗོད་པར་བྱ་བ་ཡིན་ལ། དེ་ལ་སྤང་བར་བྱ་བ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བཞི་ལས་སྤང་བར་བྱ་བ་གཉིས་བསྟན་པར་བྱ་བར་དྲ་ཞེད ་ནས། བྱསམ་གཏན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངསཱ་ཏེ། བདག་དང་གཞན་གྱི་དོན་ཕུན་སུམ་ཚིགས་པས་དབྱེ་བ་དང་། དེ་བཞིན་ཀུན་རྫོབ་དང་དྲོན་དམ་པའི་དབྱེ་བ་ནི་བསམ་གཏན་བཞི་ཞེས་བྱ་སྟེ། རྣམ་པ་བཞི་ལས་སེམས་རྩེ་ཅིག ་པ་ཡི་ནོ།། མཐར་གྱིས་གནས་པའི་སྙོམས་པར་འཇུག་པའི་མཚན་ཉིད་ཀྱི་སྒོམ་པའི་ལམ་གྱི་ལུག་ལས་བཟློག་པོ་ལ་སོགས་པའི་རིམ་པ་ལ་དམིགས་པ་ནི་གོནས་མདོ།། གཟུང་བའི་རྣམ་པར་རྟོག་པ་གཉིས་སྤངས་པས་ཐོབ་པ་ལ ་རྟོགས་པ་ཆེ་བྱའི་ཕྱིར་མཐུ་ཆེན་ལྡན་པའོ།། བརྟེན་པར་བྱེད་པ་མ་ཡིན་པ་ཉིད་ནི་གཟུང་བར་མངོན་པར་ཞེན་པ་མེད་པའི་རྣལ་འབྱོར་པས་གཟུང་བའི་རྣམ་པར་རྟོག་པ་གཉིས་སྤངས་པའི་ཕྱིར། གནས་སྐབས་དེ་ལ་གནས་པ་མེད་པས་ན་གན ་བར་བྱེད་པ་མེདོ།། འོན་ཀྱང་རྟེན་དུ་འགྱུར་ཏེ། ཚོགས་གཉིས་ཀྱི་རྒྱུ་ཡིན་པའི་ཕྱིར་འདྲ་བསྒོམ་པའི་ལམ་གྱི་དམིགས་པའི་མཆོག་ཡིན་ཏེ། རྣམ་པ་བཞི་ལ་སེམས་རྩེ་གཅིག་པ་མངོན་པཪྵ་ཞེན་པ་མེད་པར་གྱུར་པ་ཁྱད་པར་གྱི་ཡཱ་ཤྭེ ་དང་སྤོངས་པ་ཕུན་སུམ་ཚོགས་པ་ལ་སྦྱོར་བ་ནི་དམ་པ་སྟེ། ཉན་ཐོས་ལ་སོགས་པའི་བྱང་ཆུབ་ལས་འཕགས་པས་ན་མཆོགོ།། ཐོབ་པའི་ཚེ་དུ་བྱ་བར་གནསོ་ཞེས་བྱ་བར་དགོང་སོ།། དེའི་རྗེས་ལ་འཛིན་པའི་རྣམ་པར་རྟོག་པ་གཉིས ་སྤང་བར་བྱ་བ་བསྟན་པའི་ཕྱིར། ཤས་རབ་མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྟན་མ་ཐུག་པའི་བསམ་གཏན་མཆོག་ལ་གནས་པར་གྱུར་པའི་བྱང་ཆུབ་སེམས་དཔའ་གླང་ཡིན་པས་འཛིན་པའི་རྣམ་པར་རྟོག་པ ་གཉིས་སྤངས་ཏེ། བསྒོམ་པའི་ལམ་ཐོབ་པ་ནི་ཤེས་རབ་མཆོག་ཐོབ་པའོ།། གང་གིས་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། གཟུགས་ཅན་གྱི་བསམ་གཏན་ཡིན་པའི་ཕྱིར་གཟུགས་ཀྱི་ཁམས་ཀྱི་བསམ་གཏན ་བཞི་དང་། ཡང་གི་སྒྲས་འགོག་པའི་སྙོམས་པར་འཇུག་པ་གཅིག་ཀྱང་།། དེ་དག་ཐམས་ཅད་ཐབས་དང་ཤེས་རབ་ཏུ་ལྡན་པར་བསྒོམ་པའི་ཕྱིར་ཏི་ངེ་འཛིན་དམ་པའོ།། ཡང་དག་པ་དེ་དག་ཡང་དང་ཡང་དུ་གོམས་པར་བྱ་བའི་ཕྱིར ་བསྡམ་གཏན་གྱི་རང་བཞིན་འདི་དག་བྱང་ཆུབ་དམ་པ་མཆོག་ལ་འཇུག་སྟེ། དེ་དང་མཐུན་པར་གྱུར་པའི་ཕྱིར་ཕན་པར་གྱུར་པའོ།། དེ་ལྟ་ཡིན་ཡང་བྱ་བ་ལྷག་མ་ཉིད་སངས་རྒྱས་ཀྱི་སའི་སྒྲིབ་པ་སྤང་གི ་འབད་པ་མི་བྱེད་པས་ན། ཟག་པ་ཟད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྐྱོབ་པ་མི་ནོ་ནོ།། རྣམ་པར་རྟོག་པ་སྤྱང་བའི་ཕྱིར་དེ་ལྟ་བུའི་སྟོན་ཕུན་སུམ་ཚོགས་པའི་རྒྱུ་ཡཱི་ནོ་ཞེས་བསྟན་པའི་ཕྱིར། འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་རྒྱུའི་བདག་ཉིད་ཆེ་བའི་ཕྱིར་ངོ་མཆེ་རོ།། འབྲས་བུ་ཆེ་བའི་ཕྱིར་རྨད་བྱུང་།། འདི་ལྟ་སྟེ། དེ་ལ་སྤྱོད་པས་སྟོན་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་གཞིར་གྱུར་པའི་ཕྱིར་ལྟོན་སོགས་པ་ནི་བྱང་ཆུབ་སེམས་དཔའོ།། འདི་ལྟར་ཇི་སྐད ་བསྟན་པའི་བསམ་གཏན་བཞི་ཐོབ་ནས་ཏིང་ངེ་འཛིན་བསྒོམ་པའི་ལམ་ལ་གནས་པ་སྟེ། དམིགས་ཀྱང་མངོན་པར་ཞེན་པའི་རྒྱུའི་མཚན་མ་ཉིད་མེདོ།། བསྒོམ་པའི་ལྕམ་དེ་ལ་གནས་ཀྱང་སྒྲིབ་པ་ལྷག་མ་སྦྱང་བའི་ཕྱིར་གལ་ཏེ ་རརླུང་གི་ལུས་བདག་ཉིད་ཞིག་པར་གྱུར་ཀྱང་དེ་རྣམ་པ་ཐམས་ཅད་དུ་སྟོན་པར་འགྱུར་བ་གཟུགས་མེད་པའི་ཁམ་སུ་སྐྱེ་བ་སྤངས་ནས་འདོད་པ་ཡིན་པའི་ཕྱིར་འདོད་པ་དང་གཟུགས་ཀྱི་ཁམས་གང་ཡང་རུང་བར་འདོད་པར ་སྙིང་རྗེའི་དབང་གིས་ཇི་ལྟར་འདོད་པ་བཞིན་རྒྱལ་རིགས་ལ་སོགས་པར་སྐྱེའོ།། བསྒོམ་པའི་ལམ་གྱི་རྗེས་ལ་བར་ཆད་མེད་པའི་ཏིང་འཛིན་གྱི་དོན་དཔེ་སྔོན་དུ་འགྲོ་བ་བསྟན་པའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་དཔེར་ན་འཇམ་གླིང་མི་ཞིག་སྔོན་ཆད་ལྷ་ཡུལ་དེ་ནུམ་ཡང་ལྷའི་ཡུལ་གཞན་འཕྲུལ་དབྱུང་བྱེད་ལྔ་སོགས་པ་གསུངས་ཏེ། བྱང་གི་སྒྲ་མི་སྙན་དུ་མ་ཕྱིན་པ་ནི་མ་ཐོབ་པའོ།། ཕྱིས་རྫུ་འཕྲུལ་ལ་སོགས་པས་སོང་སྟེ། རྗེས་ཐོབ་ནས། ་དེ་ན་ཡོངསུ་གཟུང་བ་དང་ལྡན་པའི་ཡུལ་དེ་རྣམས་མཐོང་ནས་སེམས་ཅན་གྱི་དོན་བྱེད་པའི་རྟེན་ཡིན་པའི་ཕྱིར་འདིར་འོངས་པར་གྱུར་ན་ཆགས་པར་མི་བྱེད་ལྟར་ཏཽ། སྔ་ན་མེད་པའི་བདེ་བའི་རྒྱུ་ལྔའོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བསྒོམ་པའི ་ལམ་ཐོབ་པའི་སྟོན་གྱི་གཞི་དེ་ཉིད་ཁྱད་པར་དུ་འཕགས་པའི་ཕྱིར་མཆོག།། བསམ་གཏན་དམིགས་པོ་མེད་པ་དང་དགེ་བའི་ཆོས་རྣམས་དྲན་ཡང་རྐྱེན་གྱི་དབང་གིས་གནས་ཏེ་བར་ཆད་མེད་པའི་ཏིང་འཛིན་ཞི་བར་བྱེད་པ་ལ་རྣལ་འབྱོར་བརྩོན ་ཏེ། ཕྱིར་ཡང་འདོད་པའི་ཁམསུ་གཟུགས་མེད་པ་སྤངས་ཏེ། འདིར་འདོད་པའི་སྒྲ་ནི་བརྗོད་པར་འདོད་པ་གཟུང་སྟེ། ཁམས་གར་འདོད་པར་སྙིང་རྗེས་སེམས་ཅན་གྱི་དོན་བྱེད་ན་གནས་པར་འགྱུརརོ།། དེ་དག་གི་ཉེས་པས་ཀྱང་རྫ་སུ་གོས་པ་མེད་པའི ་ཕྱིར་ཆུའི་པདྨ་བཞིན་དུ་དེ་ལྟ་བུ་ལ་གནས་པ་ཉིད་ཀྱིས་བྱིས་པའི་ཆོས་སྦྱིན་པ་ལ་སོགས་པ་དམིགས་པའི་ཆོས་མི་གན་སོ།། འདིར་ཡང་གནས་པར་རྟོགས་པར་དཀའ་བའི་ཕྱིར་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་མ་གཏོགས་པ ་རྩོད་པ་གཞན་དང་གཞན་རྒྱུད་པས་རབ་ཏུ་རྒྱས་པའི་ལོག་པར་བསྒྲུབ་པ་བསལ་བར་བྱ་སྟེ། དེ་ལ་རེ་ཞིག་གལ་ཏེ་རྟེན་མེད་ན་དམིགས་པ་ལ་སོགས་པ་ཇི་ལྟར་ཞེ་ན། བདག་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་བསྟན་པ་ལ ་སོགས་པས་སེམས་ཅན་ཡོང་སུ་སྨིན་པར་བྱ་བ་དང་། རང་གི་སེམས་ཡོངསུ་སྦྱངས་པས་ནི་སངས་རྒྱས་ཀྱི་ཞིང་སྦྱངས་པ་དང་། མི་མཐུན་པའི་ཕྱོགས་སྤངས་པས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ཡོངསུ་རྫོགས ་པའི་དགོངས་པ་ལས་གཞན་ལ་བདག་ཉིད་ཆེན་པོ་བྱང་ཆུབ་སེམས་དཔའ་རྟེན་པར་མི་བྱེདདོ།། དེ་ལྟ་མོད་ཀྱི་དོན་དེའི་ཕྱིར་དམིགས་པ་དང་ལྡན་པ་ལ་སོགས་པའི་ཁམས་གཉིསུ་མོས་ཏེ། གཟུགས་མེད་པའི་ཁམས་ཏེ། ཡང་སྣོད་གདགས་པ ་བསྟན་པ་ཆེན་པོའི་མདོའི་རྗེ་སུ་འབྲངས་ཏེ། ནངས་ཀྱི་གོང་ན་ནམ་མཁའ་མཐའ་ཡས་སྐྱེ་ཡོ་ཆེད་ལ་སོགས་པར་འདུ་ཤེས་པ་བཞིའི་རང་བཞིན་དུ་རྒྱལ་བའི་སྒྲས་རྣམས་སྐྱེ་བ་དོན་དུ་གཉེར་བར་མི་བྱེད་དེ། གང་གི་ཕྱིར་ན་ཞི་གནས་ཤས་ཆེ་བའི་ཕྱིར ་དང་འདུ་ཤེས་ཐམས་ཅད་འགྲོགས་པས་ལྟོན་ཕུལ་དུ་བྱུང་བ་འབྱུང་བའི་བྱང་ཆུབ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་ཉམས་པར་འགྱུར་བའི་ཕྱི་རོ།། ཅི་ནསཱ་དེའི་ཉེས་པར་འགྱུར་བས་རྗེ་སུ་གོས་པོའི་ཆགས་པ་མེད་དོ།། ཅིའི་ཕྱིར་དེར་གནས་པར ་འགྱུར་ཞེ་ན། དཔེ་སྔོན་དུ་འགྲོ་བས་ལན་བསྟན་པའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་མྱི་ཞིག་གིས་རིན་པོ་ཆེའི་རང་བཞིན་གྱི་གཏེར་རྣམས་རྙེད་གྱུར་ནས། དེ་ལྔ་འདོད་པའི་བློ་ནི་བསྐྱེད་པར་མ་བྱས་ཏེ། རཱང ་ལ་དགོས་པ་མེད་ལ། གཞན་གྱིས་མི་ཤེས་པའི་ཕྱིར་གཅིག་པུས་ཡང་གཏེར་དེ་ཡང་དུས་གཞན་ཞིག་ན་དེདག་ཡོངས་བླངས་ཤིང་། བླངས་ནས་ཁྱིམ་དུ་སོང་ནས་ཆགས་པ་མེད་པར་རང་གི་གཉེན་རྣམས་ལ་འགོད་དོ།། དེ་ལྟར་དེ་བཞིན ་དུ་གཞན་གྱི་དོན་དུ་ཞུགསྨྲ་བའི་ཕྱིར། ཐབས་ལ་མཁས་པའི་སྟོབས་ཀྱིས་ཇི་སྐད་བསྟན་པའི་བསམ་གཏན་གཞི་པོ་ཉིད་ལ་སྙོམས་པར་འཇུག་པ་དང་འཐུན་པའི་ཕྱིར་ཞི་བ་རྣམ་པར་གྲོལ་བ་ཐོབ་པས། བྱང་ཆུབ་སེམས་དཔའ་མཁས ་པ་དགའ་བ་དང་། བདེ་བུ་སྦྱིན་ཞིང་དེ་ལ་ཆགས་པ་མེད་པར་གྱུར་པས་བདག་དྲང་གཞན་གྱི་དོན་གྱི་མཚན་ཉིད་བསམ་གཏན་བཱདེ་ལྡན་ཏེ། ཀུན་རྫོབ་དང་དོན་དམ་པའི་དབྱེ་བས་རིམ་པ་ཇི་ལྟ་བ་བཞིན་དུ་བསམ་གཏན་དུང་སྙོམས་པར་འཇུག ་པ་ཐོབ་ནས་ཆགས་པ་མེད་པར་བཏང་སྟེ། སྙིང་རྗེ་ཆེན་པོའི་དབང་གིས་འགྲོ་ལ་སྙིང་བརྩེར་ལྡན་པ་སུ་ཕྱིར་ཡང་ཇི་སྐད་བསྟན་པའི་འདོད་པའི་ཁམསུ་བདག་ཉིད་ལ་ཀུན་ཏུ་བཏགས་ནས་འཇུག་ཀྱང་དེ་ལྔ་ཆགས་པ་ནི་མེདོ་ཞེས་བྱ་བར་དགོངསོ།། ་དེ་ལྟར་ཡིན་ན་འོ་ནུ་ནི་མཉམ་པར་མ་བཞག་པའི་སྣ་ལ་བཞུགས་པའི་ཕྱིར་ཇི་ལྟར་གཡེང་བར་མི་འགྱུར་ཞེ་ན། ལྡན་དུ་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་འདོད་པའི་ཁམས་ན་གནས་ཀྱང་སྙོམས་རྩེ་གཅིག ་པ་སྟོང་པ་ཉིད་ཀྱི་ཏིང་འཛིན་གྱི་བསམ་གཏན་ཙམ་ཡིད་ལ་བྱེད་པས་གནས་ཏེ། དགྲ་བཅོམ་རུང་རྒྱལ་ཐེག་པ་འདོད་པའི་བློ་བསྐྱེད་ན་ཏེ། སེམས་ཅན་ལ་བལྟོས་པ་མེད་པར་དེས་མངོན་པར་འདོད་པའི་དོན་ལ་དམིགས་པ་སྤངས་པ་ནི། མཉམ་པ ་མ་བཞག་པར་གྱུར་པ་ནི་དམིགས་པའི་ཉེས་པ་ཡིན་པའི་ཕྱིར་སེམས་རྒོད་པའོ།། ཐེག་པ་ཆེན་པོ་ལས་སེམས་ཕྱི་རོལ་ཏུ་གྱུར་པ་ན་སེམས་གཡེངས་གྱུར་པའོ།། དེ་ལྟ་བུ་ནི་སངས་རྒྱས་ཡོན་ཡོངས་ཉམས་ཏེ། དཔེར་ན་མཉན་པ་གྲུ་ཞིག་བཞིན་ཏེ།། ་ནུར་གྱུ་བྱིང་བའོ།། དགོངས་པ་ཡིན་གྱི་མཉམ་པར་བཞག་པ་ཙམ་འབའ་ཞིགི་སྐྱེ་བ་མུ་ཡིན་པ་མཉམ་པར་བཞག་པ་ཐབས་དང་ཤེས་རབ་ཀྱི་སྟོབས་ཡི་ནོ་ཞེས་བྱ་བར་དགོངསོ་ཟེར། མཉམ་པར་བཞག་པའི་ཁམ། ་སུ་སྐྱེ་བ་འམ་འབའ་ཞིག་ནི་མ་ཡིན་ཏེ། འོ་ན་ཅི་ཞེ་ན་མཉམ་པར་བཞག་པ་ཐབས་དང་ཤེས་རབ་ཀྱི་སྟོབས་ཡི་ནོ་ཞེས་བྱ་བར་དགོངསོ།། དེ་ཉིད་བསྟན་པའི་ཕྱིར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་ཡང་སྒྱུ་མ་ལྟ ་བུའི་ཆོས་ཀྱི་ཚུལ་གྱིས་སེམས་ཅན་རྗེསུ་འཛིན་པ་ལ་དགོངས་པས་གཟུགས་ལྔ་སོགས་པ་འདོད་པའི་སྟོན་ལྔ་ལྔ་མངོན་པར་བརྩོན་གྱུར་ཀྱང་། དགྲ་བཅོམ་རང་རྒྱལ་ཐེག་པ་ལ་འདོད་པའི་སེམས་དང་བྲལ་ཏེ། སྟོང་པ་ཙམ་ཉི་དྲི་དང ་སྙིང་རྗེའི་སྙིང་པོ་ཅན་གྱི་བྱང་ཆུབ་ཀྱི་སེམས་དེ་ཉིད་དང་། མངོན་པར་འདོད་པའི་དོན་ལས་རྟག་ཏུ་ཉམས་པ་མེད་པ་ནི་མཉམ་བཞག་ཡིན་པར་ཤེས་པར་བྱའོ།། དཔའ་བོ་ནི་མི་མཐུན་པའི་ཕྱོགས་ལས་རྒྱལ་བར་གྱུར་པའི ་བྱང་ཆུབ་སེམས་དཔའོ།། དེ་ལྟར་ཞརུ་ལ་བྱུང་བའི་རྩོད་པ་དང་གཞན་དང་གཞན་རྒྱུད་པའི་ལོག་པར་རྟོག་པ་བསལ་ཏེ། རྩེ་མོའི་མངོན་པར་རྟོགས་པ་བསྟན་པ་ཡིནོ་དེ་སྐད་དུ་ཡང་། དྲི་ཡི་རྟགས་དང་རྣམ་འཕེལ་དང་།། བརྟན ་དང་སེམས་ཀུན་གནས་པ་དང་།། མཐོང་ཞེས་བྱ་དང་བསྒོམ་པ་ཞེས།། བྱ་བའི་ལམ་ནི་སོ་ཡང་།། རྣམ་པར་རྟོག་པ་རྣམ་བཞི་ཡི།། གཉེན་པོ་རྣམ་པ་བཞི་དག་དང་།། བར་ཆད་མེད་པའི་ཏིང་འཛིན།། ལོག་པར་སྒྲུབ་དང་བཅས་པ་ནི།། ་རྩེ་མོའི་མངོན་རྟོགས་ཞེས་གསུངས་པ་ཡིནོ།། རྩེ་མོའི་མངོན་པར་རྟོགས་པ་སོ་སོ་དང་བསྡུས་པའི་དོན་རྟོག་པ་ཐོབ་པ་རིམ་པར་བྱ་སྟེ་བསྟན་པར་བྱ་བའི་ཕྱིར་བསྒོམ་པ་ནི་མཐར་གྱིས་པའི་མངོན་པར་རྟོགས་པ་ཡིན་ཞེས་བསྟན ་པའི་ཕྱིར། སེམས་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་གཞན་ཏེ། མི་དགེ་བ་ལ་སོགས་པའི་བག་ཆགས་ཀྱིས་གང་ཞིང་འཕོ་བས་ནོ་གང་ཟགོ།། གཞན་ཕྱིར་ཉེས་པ་མ་ལུས་པ་བསལ་བའི་རྒྱུས་སེམས་དཔའ ་རྣམ་པོར་དག་པ་ཡོད་པ་སྟེ། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། སངས་རྒྱས་ལ་སོགས་པ་རྗེསུ་དྲན་པ་དྲུག་དང་། ཆོས་ཐམས་ཅད་རང་བཞིན་མེད་པའི་ངོ་བོ་ཉིད་ལ་བརྩོན་འགྲུས་ཕ་རོལ་ཏུ་ཕྱིན་ལ་མངོན་བརྩོན ་པ་སྟེ། ཆོས་རྣམ་པ་བཅུ་གསུམ་བྱོ་དེ་དག་ཉིད་བསྒོམ་པའི་རྣམ་པར་སྤྱོད་པའོ།། དེ་བཞིན་དུ་ཇི་སྐད་བསྟན་པའི་མངོན་པར་རྟོགས་པ་ལ་སོགས་པའི་དོན་ནི་དཔེར་ན་ལས་ངན་པ་བྱེད་ནུས་པས་ཆུ་ཆུན་བྲན་མོ་རང་དབང་མེད་པར ་ཇོ་བོས་བསྡམས་པར་རྗེ་བོའི་དབ་།། དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་དབང་དུ་གྱུར་པའི་ཕྱིར་དཔའ་རྣམས་ཏྲེ། བྱང་ཆུབ་སེམས་དཔའོ།། སེམས་ཅནྡ་ཀུན་གྱིས་བཀྲོལ་ཞིང་དབང་དུ་འགྲོའོ།། ཞེས་བྱ་བས་ནི་མཐར་གྱིས ་པའི་མངོན་པར་རྟོགས་པ་བསྟན་ཏེ། དེ་སྐད་དུ་ཡང་། མཐར་གྱིས་པ། རྣམ་གསུམ་རྣམ་བཅུ་ཞེས་གསུངས་པ་ཡི་ནོ།། རྣམ་པར་བསྒོམ་པ་མཐར་གྱིས་པའི་མངོན་པར་རྟོགས་པ་ཤིན་ཏུ་གོམས་པར་བྱས་པས་དེ་ཉིད ་སྐད་ཅིག་མ་གཅིག་ལ་རྟོགས་པ་འདི་ནི་སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་ཡི་ནོ།། ཞེས་དང་སྔོན་དུ་འགྲོ་བས་བསྟན་པའི་ཕྱིར། སྨྱོ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་རྗེ་བོ་དེས ་ཉེས་པའི་ཚིག་གིས་སྨྱོས་སམ་ཏེ། ཡིད་དུ་མི་འོང་བ་བརྗོད་པའོ།། ཚིག་ངན་པ་དང་དབྱིག་པ་ལ་སྩོགས་པས་བརྡེག་པ་བྱེད་ཀྱང་རུང་། འོན་ཀྱང་ཤིན་ཏུ་སྐྲག་པའི་ཡིད་ཀྱིས་འཛི་ཁཅུ་ཟིལ་གྱིས་ནོན་པས་གནས་པ་སྟེ། རྗེ་པོ་འདི་ཡིས་བདག་ཟློག ་ཚིག་སྨྲས་ན། སླར་ཡང་བསད་པར་གྱུར་དུ་འོང་སྙམ་སེམས་ནས་ཞེས་བྱ་བའི་ཚིག་གི་ལྷག་མའོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཆེ་དུ་བྱང་ཆུབ་མཆོག་ཞུགས་པས་རྣམ་པར་སྨིན་པ་མ་ཡིན་ཟག་པ་མེད་པའི་ཆོས་ཐམས་ཅད ་སྐད་ཅིག་མ་གཅིག་ལ་མཚན་ཉིད་གཅིག་ཏུ་སྐད་ཅིག་མ་གཅིག་གིས་མངོན་པར་བྱང་ཆུབ་པ་ལ་སོགས་པ་རྣམ་པ་བཞིས་ཀུན་གཞི་རྣམ་པར་ཤེས་པ་ལ་ཆོས་ཐམས་ཅད་ཀྱི་བག་ཆགས་བརྟེན་ནས། གང་གི་ཚེ་སྦྱིན་པ་ལ་སོགས་བྱའི ་ཚེཆོས་གཅིག་གིས་གཞན་ཟག་པ་མང་པར་དམིགས་པ་ནི་གཞན་ངག་དང་རྒྱུ་དང་འབྲས་བུར་གྱུར་པ་ཚོགས་པ་གཅིག་ལ་རག་ལས་པའི་ཕྱི་རོ།། ཕུལ་དུ་བྱུང་བ་ཁྱད་པར་ཅན་གྱི་རྒྱུས་སྐད་ཅིག་མ་གཅིག་ལ་རྟོག་སོ།། དེ་བཞིན་དུ་འགྲོ་བ ་ཀུན་ལ་སྟེ་བག་ཆགས་མ་ལུས་པ་སྤངས་པས་དཔར་ན་བྲན་གྱུར་བཞིན་དེ་དག་མགུ་བས་གནས་པར་བྱ་སྟེ། སེམས་ཅན་མགུ་བར་བྱ་བ་གང་ཡིན་པ་འདི་ལས་བྱང་ཆུབ་མཆོག་ཐོབ་ཅིང་། སྟོན་སོགས་པའི་རྒྱུར་གྱུར་པ་རྫོགས་པར ་འགྱུར་རོ།། དཔེར་ན་རྩཝ་དང་ཤྲིང་ལས་མེ་བྱུང་བསྔ་རྩཝ་དང་ཤིང་དེ་ཉིད་བསྲེག་པ་ལྟར། དེ་བཞིན་དུ་སེམས་ཅན་ལས་བྱུང་བའི་ཆོས་སེམས་ཅན་མ་མགུན་ཉམས་པར་འགྱུར་རོ་ཞེས་བྱ་བར་དགོངསོ།། འདིས་ནི་སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས ་པར་བྱང་ཆུབ་པ་བསྟན་ཏོ།། དེ་སྐད་དུ་ཡང་། སྐད་ཅིག་མ། གཅིག་གིས་མངོན་རྫོགས་བྱང་ཆུབ་པ།། མཚན་ཉིད་ཀྱིས་ནི་རྣམ་པ་བཞི་ཞེས་བྱ་བ་གསུངས་པ་ཡིནོ།། སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་ཤིན་ཏུ་བསྒོམས ་པས་སྐད་ཅིག་མ་གཉིས་པ་ལ་ཆོས་ཀྱི་སྐུར་མངོན་པར་བྱང་ཆུབ་པ་ཡིན་ཞེས་བསྟན་པའི་ཕྱིར། བདག་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་བུ་གཅིག་པ་ལ་མ་ཡང་དག་པར་གཡོ་ལ་སོགས་པ་སྤངས་པའི་ཕྱིར་བས ་པ་ཐག་པས་སྐྱོ་བ་མྱེད་པར་གནས་ནས་རིམ་གྲོ་བྱེད་པ་ལྟར། དེ་བཞིན་དུ་ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པ་བཞི་ཕྲིན་ལས་དང་བཅས་པ་ཐོབ་ནས། དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་མངོན་དུ་གྱུར་པས་བདག་གི་བདེ་བ་བཏང་ནས་སེཾ་ན ་དེ་དག་གིས་ཕྱིན་འདོགས་པའི་རེ་བ་མེད་པའི་སེམས་ཀྱིས་ཏེ། བཞེད་པའི་ཐུགས་མི་མངའ་བར་སེམས་ཅན་གྱི་དོན་ལ་ཉིན་མཚན་མངོན་པར་བརྩོན་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡང་དག་པར་བཞུག་སོ།། འདིས་ནི ་ཆོས་ཀྱི་སྐུ་མངོན་པར་བྱང་ཆུབ་སྟོན་ཏོ།། དེ་སྐད་དུ་ཡང་། ངོ་བོ་ཉིད་ལོངས་རྫོགས་བཅས་དང་།། དེ་བཞིན་གཞན་ནི་སྤྲུལ་པ་དང་།། ཆོས་སྐུ་མཛད་དང་བཅས་པ་སྟེ།། རྣམ་པ་བཞིར་ནི་ཡང་དག་བརྗོད་ཅེས་གསུངས་པ་ཡི་ནོ།། དེ་དག་གིས་ནི ་མངོན་པར་རྟོགས་པ་བརྒྱད་ཉིད་ཡོངསུ་རྫོགས་པར་བྱིས་པའི་སྐྱེ་བོས་རྟོགས་པར་བྱ་བའི་ཕྱིར་དོན་བསྡུས་ནས་བསྟན་ཏེ། དེ་ཡང་རྒྱ་ཆེར་ནི་འཕགས་པ་བརྒྱད་སྟོང་པའི་བཤད་སྦྱར་ལས་གཟུང་།། གཞན་དག་ནི་དེ ་བསླབ་པར་འདོད་པས་བྱེ་བྲག་གི་དོན་རབ་ཏུ་སྦྱར་མོད་ཀྱི། རྣམ་པ་ཐམས་ཅད་སྦྱར་བར་མི་ནུས་པའི་ཕྱིར་སྐབས་གཞན་ནི་བསྡུས་ནས་བརྗོད་པས་གཅིག་ཏུ་བསྡུས་པ་འམ་རྒྱས་པའི་ཕྱོགས་ཅུང་ཟད་ཀྱང་མཱ་ཡི་ནོ།། ངེས་བརྗོད་པར་འདོད ་པཔི་མ་གནས་པ་ལ་བརྗོད་པར་འདོད་པའི་ཚིག་ཏུ་དྲངས་པ་འབའ་ཞིག་ཏུ་ཟད་དེ། དེའི་གཞུང་ཉེ་བར་བཀོད་པ་ལ་སུན་དབྱུང་བ་ལ་བྱསོ།། ལྷོ་ན་རིན་པོ་ཆེ་སྡུད་པ་ཚིགསུ་བཅད་པ་ལས་རྗེསུ་རིག་པའི་ལེའུ་སྟེ་ཉི་ཤུ་དགུ་པའི་བཤད་པའོ།། ་ཇི་སྐད་བཤད་པའི་མངོན་པར་རྟོག་པ་བརྒྱད་ཀྱི་རང་བཞིན་གྱི་ཡུམ་ཐོས་པ་ལྔ་སོགས་པའི་ཤེས་པ་བསྐྱེད་ནས་ཐོབ་པའི་ཆེད་དུ་དགེ་བའི་བཤེས་གཉེན་མཉེས་པར་བྱས་ན་ཅི་འདྲ་བ་ཞིག་བསྒྲུབ་པར་བྱ་བ་དེ་བསྟན་པའི་ཕྱིར། བྱང་ཆུབ ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་ཞིག་ཡུན་རིན་པོར་འཁོར་བར་འཁོར་འདོད་ཅིང་། དེ་བཞིན་དུ་རྟེན་དང་། བརྟེན་པའི་དབྱེ་བས་སེམས་ཅན་དོན་དང་སངས་རྒྱས་ཀྱི་ཞིང་སྦྱོང་ཞིང་སངས་རྒྱས་ཀྱི་རྗེསུ ་གནང་བ་ལ་སྦྱོར་བར་བརྩོན་པའི་རྣལ་འབྱོར་པ་ཡུན་ཐུང་ངུས་ཡུམ་མ་ཐོབ་ཀྱང་ཆོས་རྣམས་སྒྱུ་མ་ལྟ་བུར་བསྒོམས་པའི་སྟོབས་སྐྱོ་བའི་བློ་ནི་རྡུལ་ཙམ་སྐྱེ་བར་མི་འགྱུར་ན། ད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པས་སོན ་ལྔ་དམིགས་ནས་དོན་བྱེད་པ་ལ་སོགས་པ་བརྩོན་འགྲུས་རྣམ་པ་གསུམ་གྱི་ཕ་རོལ་ཏུ་ཕྱིན་པཱ་དང་ལྡན་ཏེ། གཉིད་དང་རྨུགས་པ་མེད་པས་གཡུལ་བ་མེད་པར་འགྱུར་རོ།། སྐྱོ་བའི་བློ་སྐྱེད་པ་ལ་ཉེས་པ་ཅི་ཞིག་ཡོད་པ་བསྟན་པ ་ཕྱིརདགལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་བསྐལ་པ་བྱི་བར་སངས་རྒྱ་སྲ་བདག་གིས་ཐོབ་པར་བྱ་སྙམ་ན། བྱང་ཆུབ་སེམས་དཔའ་མི་མཁས་པ་དེའི་ཚེ་དེ་བཞིན་གཤེགས་པའི་བྱང་ཆུབ་རིང་བར་འདུ་ཤེས་བསྐྱེད ་བོས་སྡུག་བསྔལ་དུ་འདུ་ཤེས་པས་ཡུན་རིང་ཕོར་སྡུག་བསྔལ་བར་འགྱུར་རོ།། ཆོས་ལ་དམིགས་པར་མངོན་པར་ཞེན་པ་ཐོབ་པ་ཉིད་ཀྱི་ཕྱིར་དེ་བས་ན་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉམས་པའི་ཕྱིར་ལྕེ་ལོའི་ཆོས་ཀྱི་རླུང་བཞིན ་དུ་འགྱུརརོ།། འོ་ན་ཇི་ལྟར་སྐྱོ་བའི་བློ་བསྐྱེད་པར་མི་བྱ་ཞེ་ན། བྱང་ཆུབ་མཆོག་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནས། བླ་ན་མེད་པའི་བྱང་ཆུབ་དེ་བཞིན་གཤེགས་པ་ཐོབ་ཀྱི་བར་གྱི ་དུས་ཐམས་ཅད་ལ་གང་གི་ཚེ་ཉན་མཚོན་གཅིག་ཙམྦ་དུ་ནི་ཡིད་ལ་སེམས་པར་བྱེད་ཆོས་རྣམས་སྒྱུ་མ་ལྟ་བུར་བསྒོམས་པ་མངོན་དུ་འགྲོ་བས་ཀུན་རྫོབ་ཙམ་ལ་ཤིན་ཏུ་གནས་པ་དེའི་ཚེ་ཐབས་ཀྱི་སྐྱོ་བའི་འདུ་ཤེས་བསལ་བས ་མཁས་པ་གསལ་བས་བརྩོན་འགྲུས་བརྩམས་པར་རིག་པར་བྱའོ།། ཡང་དག་པར་ཞུགས་པ་ཉིད་ལ་བདུད་གནོད་པ་བྱེད་པར་འགྱུར་བ་བསྟེན་པའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་འགའ་ཞིག་འདི ་སྐད་སྨྲ་སྟེ། རིའི་རྒྱལ་པོ་རི་རབ་གང་གིས་བཤིག་པ་དེ་ཉིད་ཀྱི་བྱང་ཆུབ་མཆོག་ཐོབ་འགྱུར་ཞེས་སྨྲ་བ་ལུས། དེ་ཐོས་ནས་བྱ་བར་མི་ནུས་པ་ལ་སོགས་པས་སྐྱོ་བའི་བློ་བསྐྱེད་པར་བྱེད་ཅིང་། འདི་སྙམ་དུ་རི་རབ་དབུག་ཚད ་བརྒྱད་ཁྲིའི་ཚཱད་ཀྱང་སེམས་དཔའ་ནི་ཚད་ཤེས་པའོ།། དེའི་ཚེ་བྱང་ཆུབ་སེམས་དཔའ་ལེ་ལོར་གྱུར་པ་ཡིན་ཏེ། དེ་བས་ན་བྱང་ཆུབ་ཐོབ་པར་མི་འགྱུར་རོ།། ཞེས་བྱ་བར་དགོང་སོ།། འོ་ན་དེས་བློ་ཇི་ལྟ་བུ་བསྐྱེད་པར་བྱ་ཞེ་ན། ཙི་སྟི་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། ཅི་སྟེ་དྲིའི་ཡང་བློ་སྐྱེས་པ་འདི་ཕྱིན་ཅི་ལོག་གི་བག་ཆགས་ཀྱི་ཀུན་ཏུ་བསྐྱད་པའི་ཕྱིར་ཡང་དག་པའི་ཡེ་ཤེས་བསྐྱེས་པས་རྡུལ་ཙམ་རི་རབ་ཡིན་པས་སྐད་ཅིག་ཙམ་ལ་ཐལ་བར་ཀླག་སེམསུ་བསྐྱེད་ནས། བྱང་ཆུབ་སེམས ་དཔའ་མཁས་པ་བརྩོན་འགྲུས་བརྩམས་པ་སྟེ། རིང་པོ་མི་ཐོགས་འདྲེན་པའི་བྱང་ཆུབ་མཚིག་ཐོབ་པར་འགྱུར་ཏེ། འདྲེན་པ་ནི་བཅོམ་ལྡན་འདས་དྲང་འབྲེལ་པར་ཤེས་པར་བྱའོ་ཞེས་བྱ་བའི་བར་དུའོ།། མི་མཐུན་པའི་ཕྱོགས་སྤངསྔོ་པའི་བརྩོན ་འགྲུས་དངོས་པོར་དམིགས་ན་སྐྱོན་ཡིན་ནོ་ཞེས་བསྟན་པའི་ཕྱིར། འགྲོ་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྫུ་འཕྲུལ་དང་ཀུན་བརྗོད་པས་ནི་འགྲོ་བ་ཡོངསུ་སྨིན་པར་བྱས་ནས་རྗེསུ་བསྟན་པའི་ཆོ་འཕྲུལ་གྱིས་བདག་གིས་དོན་བྱ་སྙམ ་པའི་བསམ་པ་ལ་སོགས་པས་གལ་ཏེ་ལུས་དང་ངག་དང་ཡིད་ཀྱིས་ཕ་རོལ་གནོན་པའི་བསམ་པ་དང་བཅས་པས་བརྩོན་པར་བྱང་ན། དེའི་ཚེ་ཉོན་མོངས་པ་ཤས་ཆེ་བས་ལི་ལོ་ཐོབ་པར་འགྱུར་ཏེ། གཞན་དུ་འདུ་ཤེས་པ་དང་མེད་ན་མི ་འབྱུང་བ་བདག་ཏུ་འདུ་ཤེས་བྱ་གནས་པས་བཻ་ཕྱིར་འདོད་དག་ས་ལ་སོགས་པའི་ཉོན་མྱོངས་པ་འབྱུང་བས། རྒྱལ་བའི་སྲས་བདག་མེད་དུ་སྒྱུ་ས་ལྷ་བྱུར་བསྒོམ་པ་ལ་རིང་བར་གྱུར་ཏེ། གོམ་པོའི་མཚན་ཉིད་དང་། དངོས་པོ་མེད་པའི་མཆོ ་ས་དྲྀང་ན་མཁའ་བཞིན་ཏེ། བརྩོན་འགྲུས་དང་ལྗོན་པ་ལནྟི་མ་ཡིནོ།། ཡང་ཇི་ལྟར་བརྩོན་འགྲུས་དང་ལྡན་པ་བསྟན་པའི་ཕྱིར། གང་ཚེ་ཞེས་བྱ་བ་ལཾ་སོགས་པ་གསུངས་ཏེ། གང་གི་ཚེ་སྒྱུ་མུ་ལྟ་བུ་ཉིད་ཀྱི་ཕྱིར་ལུ་སུ་མ་ཡིན། སེམསུ་ཡང་མ་ཡིན ་ཏེ། དེ་དག་ཉེ་བར་འཚོན་པ་ཡིན་པས། དྲེག་ཀྱང་མ་ཡིན་ཏེ། དངོས་པོར་དམིགས་པ་སྤངས་པའི་ཕྱིར་སེམས་ཅན་དུ་འདུ་ཤེས་མེ་དོ།། དེས་འདི་ལྟར་འདུ་ཤེས་རྣམ་པར་བཟློག་ནས་དངོས་པོ་དང་དངོས་པོ་མེད་པཱར་ཡིད་ལ་བྱེད་པ་དང་བྲལ ་བའི་ཕྱིར། གཉིསུ་མེད་ཆོས་སྤྱོད་པ་དང་། དེའི་ཚེ་འདི་ནི་འདོད་པའི་ཉེས་པ་ཐམས་ཅད་ཞི་བར་གནས་པས་ནི་ཞི་བའོ།། མི་གནས་པའི་མྱ་ངན་ལུས་འདས་པ་ཉིད་ཀྱིས་ན་མི་ཉམས་པའོ།། བྱང་ཆུབ་མཆོག་རྒྱལ་བའི་སྲས་རྣམས་འདོད་པས ་བརྩོན་འགྲུས་ཕ་རོལ་ཕྱིན་ཅེས་ཕན་པ་མཛད་པས་གསུངས། ཕན་པ་མཛད་པ་ནི་འཇིག་རྟེན་མགོན་བློའོ།། ཇི་ལྟར་དགེ་བའི་བཤེས་གཉེན་ཚོལ་བ་ལ་སོགས་པ་ལ་ཞུགས་པས་གོམོས་པར་བྱས་པ་སྟེ། གཞན་དུ་ཡང་དག་པར་འདོད ་པའི་དོན་གྲུབ་པར་མི་འགྱུར་ཏེ། གཞན་འདོད་པ་བྱེད་པ་ལ་བརྟགས་ཏེ་བཟོད་པའི་ཆོས་ལ་སྤྱོད་པ་ནི་བཟོད་པ་ཡིན་ཞེས་བསྟན་པའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།། ཁྲོ་བས་བསྐྱེད་པའི་གཞན་ལས་ཚོགས ་མི་འབྱུང་བར་ངན་བརྗོད་ཅིང་ཚིག་རྩུབ་ཐོས་གྱུར་ན། བཟོད་པ་གོམས་པར་བྱས་པ་ནི་བསོད་ནམས་བསྩག་པའི་རྒྱུ་ཡིན་པའི་ཕྱིར་དགེ་བའི་བླཤེས་གཉེན་ཉིད་དེས་ཤེས་པར་བྱས་ནས་དགའ་བ་བསྐྱེད ་པར་བྱེད་ཅིང་བཞིན་འཛུམ་པའི་ཕྱིར་གང་ཞིག་བཞིན་མཛེས་པ་ནི་བྱང་ཆུབ་སེམས་དཔའ་མཁས་པས་སྨྲ། རྗེས་ཐོག་སུ་སུས་ཐོས། གང་གི་དེ་བསྐྱེད། གང་ཞིག་དང་ནི་འབྲེལ་གང་གི་ཕྱིར་དམིགས་པ་ཞེས་སྤྱོད་ཅིང་། འོན་ཀྱང་སྐྱེ ་མ་ལྟ་བུ་ཡིན་པའི་ཕྱིར་ཆོས་འདི་རྣམས་འགའ་ཡང་སྨྲ་བར་འགྱུར་བ་མེདོ་ཞེས་བྱ་བ་ལ་སོགས་པས་སོ་སོར་རྟོག་པར་བྱེད་དོ།། དེ་བས་ན་བཟོད་པོའི་ཆོས་ལྔ་བརྟགས་ནས་ཕ་རོལ་གནོད་པ་བྱེད་པ་ལ་དཔྱོད་པའི་རང་བཞིན ་གཉིས་པོས་ནི་ཕ་རོལ་ཕྱིན་མཆོག་ལྡན་པ་དེ་ནི་འཛིངས་པ་ཡི་ནོ་ཞེས་བྱ་བ་ནཱི་ཚོག་སུ་བཅད་པའི་དོན་ཡི་ནོ།། བཟོད་པ་ལ་ཡོན་ཏན་ཅི་ཡོད་ཅེ་ན། བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངསཽ་ཏེ། བྱང་ཆུབ་སེམས་དཔའ ་གང་ཞིག་བསྣུན་མ་ཐག་པཱའི་བཟོད་པ་གཉིས་ལ་གོམས་པར་བྱས་བུའི་ཕྱིར་བཟོད་པའི་རིམ་པ་ཇི་ལྟ་བ་བཞིན་དུ་སྙིང་རྗེ་དང་ཤེས་རབ་དུ་ལྡན་པ་ནི་སྟོན་ཏེ། ལེགས་ཆོས་ལྡ་ནོ།། ཉེ་བར་བརྟག་པ་བཟུང་ན་སྟོད་གསུམ་གྱི ་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེས་བཀང་སྟེ། ཡང་དག་པར་རྫོགོམ་པའི་སངས་རྒྱས་འཇིག་རྟེན་མཁྱེན་པ་དང་། ཉན་ཐོས་རྣམས་དེང་རང་སངས་རྒྱས་རྣམས་ལ་ཕུལ་བ་དེ་ལྟ་བུས་སྔ་མའི་བྱང་ཆུབ་སེམས་དཔའི ་xxx ་xxx ་ཝཱ་པདྡྷི་སྦྱིན་པ་མཐིའ་ཡ་།། མཛྷཻཾ་ནི་རྣམས་མབྱུ་བབྱུ་བྲིས་རྒྱས་དང་འབྲས་བུ་ལྔ་ཡི་ཆེས་པའི་ཆོས་རབ་ཏུ་བནག་ནས་སྤྱོད་པོ་སྒྲོ་གྲོས་པར་བྱེད།། འདི་ནི་བཟོད་ལྡན་དེ་ལ་གང་དག་འགྲོ་བ་ཐམས་ཅད ་གནོད་པ་མྲྀ་བྱེད་པས་དགྲ་མེད་པ་ཉིད། ཡིད་དུ་འོངས་པར་གྱུར་པ་ནཱི་མཁས་པའོ།། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཇི་ལྟ་བར་འབྲས་བུ་དེ་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྲིད།། དེ་བས་ན་སྔར་བསྟན་པའི་ཚིགསུ་བཅད་པའི་དོན ་ཕྱོགས་འདིར་གནསོ་ཞེས་བྱ་བར་དགོངསོ།། ད་ནི་སྡུག་བསྔལ་ལ་ཇི་མི་མཉམ་པའི་བཟོད་པ་དང་། ཆོས་ལྀ་སཽར་རྟོག་པའི་བཟོད་པ་དང་བཅསོ་པ་བསྟན་པའི་ཕྱིར། གལ་ཏྭེ་ཞེས་བྱ་བཱ་ལ་སོགས་པ་གསུངས་ཏེ། གལ་ཏེ་སེམས་ཅན ་ལ་ལས་ཏེ་ལྷ་སྦྱིན་ལ་སོགས་པའི་སྐྱེ་བོས་ཅན་དན་ཕུར་མ་བླངས་ནས་བླ་མ་ལ་རབ་ཏུ་གུས་པས་སེམས་དཔའ་ལ་ནི་སྐུད་བྱེད་ལ། གཉིས་པ་འགའ་ཞིག་གིས་ཡང་མེ་མདོག་གི་ཕུང་པོ་མགོ་ལ་མཐོར་བྱེད་ན། དེ་གཉི་ག་ལ་ཡང ་ཆོས་ལ་བདག་མེད་པ་བསྒོམས་པའི་སྟོབས་ཀྱིས་དེས་མཉམ་པའི་ཡིད་ནི་བྱང་ཆུབ་མཆོག་རྒྱ་མཚན་དུ་བསྐྱེད་པར་བྱའོ།། དེ་ལྟ་ན་ཇི་སྐད་བསྟན་པའི་བཟོད་པ་བསྒོམ་པ་ཡི་ནོ།། དེ་ཡང་འབྲས་བུ་བྱང་ཆུབ་ཆེན་པོར་ཡོངས ་བསྔོ་བར་བྱེད་པ་བསྟན་པའི་ཕྱིར། བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བཟོད་པའི་རིམ་པ་སྔར་བསྟན་མ་ཐག་དང་ལྡན་པ་ནི་བྱང་ཆུབ་སེམས་དཔའ་མཁས་པ་གསལ་བའོ།། བཟོད་པ་དང་བཅས་པར་གྱུར་པས་སེམས་བསྐྱེད་དེ། འགྲོ ་བའི་དོན་དུ་བྱང་ཆུབ་མཆོག་ཏུ་ཡོངསུ་བསྔོས་ན། དེའི་ཚེ་དཔའ་བོ་འཇིག་རྟེན་ཀུན་ལ་བཟོད་པས་དགྲ་བཅོམ་པ་དང་། རང་རྒྱལ་དང་། བྱང་ཆུབ་སེམས་དཔའ་དང་། སེམས་ཅན་ཁམས་ཀྱི་བཟོད་པ་ཇི་སྙེད་པ་ཐམས་ཅད་ཡང་དག་པར་ཟིལ ་གྱིས་གནོན་ཏོ།། གང་གི་ཕྱིར་འགྲོ་བ་ལ་སོགས་པ་ཐམས་ཅད་ཀྱིས་བཟོད་པ་བྱས་པ་ཇི་སྐད་བསྟན་པ་གཞན་དག་གིས་ཡོངསུ་བསྔོས་པར་ཁྱད་པར་དུ་འཕགས་པའི་ཕྱིར་ཟིལ་གྱིས་གནོན་པར་མི་ནུས་པས་མི་མཐུན་པའི་ཕྱོགས ་ལྔ་ངེས་པར་རྒྱལ་ཞེས་བྱ་བའི་བར་དུའོ།། གཞན་གྱིས་གནོད་པ་བྱས་པ་ལ་སོགས་པ་ལ་དམིགས་པ་ཅན་གྱིས་ཡང་དེ་ལ་བཟོད་པར་བྱ་བ་བསྟན་པའི་ཕྱིར་བཟོད་བྱེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་དམྱལ་དུད་འགྲོ་གཤིན ་རྗེའི་སྡུག་བསྔལ་མང་།། འདོད་པའི་སྟོན་རྒྱུ་ཡིས་དབང་མེད་གནོད་མྱོང་ལ།། བྱང་ཆུབ་ཆེ་དུ་ཅི་ཕྱིར་ད་ལྟར་བདག་དེ་ལྟ་བུ་གྲུབ་པ་དག་པའི་བཤེས་གཉེན་ལས་ཆོས་ཐོས་པས་ཇི་ལྟར་ད་བཟོད་མི་བྱའོ་སྙམ་དུའོ།། ཅིའི་ཕྱིར་གྱི་སྒྲས་འཕངས་པ ་བརྗོད་པར་བྱ་བའི་ཕྱིར་སྨོས་ཀྱང་ཅི་དགོས་ཤེས་དེ་ལྟར་སྙམ་པའོ།། ཤེས་རབ་ཀྱི་སྟོབས་ཀྱིས་གཞན་གནོད་པ་བྱེད་པ་ལ་རྣམ་པར་དཔྱད་པར་འགྱུར་ཞེས་བྱ་བར་དགོངསོ།། དེ་ཉིད་བསྟན་པའི་ཕྱིར་ལྕུག་དབྱུག་ཅེས་བྱ་བ་ལ་སོགས་པ ་གསུངས་ཏེ། ཡང་གང་གྲི་ཚ་རྩ་དང་ལྕུག་མ་ལ་སོགས་ཕྱིའི་ལྕག་གིས་བརྡེག་པ་དང་། དབྱུག་པ་ལ་སོགས་པས་བརྡེགས་ཏེ་ནོར་ལྀ་སོགས་པ་འཕྲོག་པོའི་ཆད་པ་དང་། རལ་གྲི་ལ་སྩོགས་པོའི་མཚོན་གྱིས་བརྒྱབ་ནས་གསོད་པ་དང་། ལུ་གུ ་རྒྱུད་ལ་སོགས་པས་འཆིང་བ་དང་། ལག་པའི་ཁུ་ཚུ་རཱ་ལ་སོགས་པས་བརྡེག་པ་དང་། མགོ་གཅོད་པ་དང་། རྣ་བ་རྐུང་ལྕག་སྣ་གཅོད་པ་ནི་དུམ་བུར་བྱེད་པའོ།། དེ་ལྟར་སྐྱེ་བ་ལ་སོགས་པའི་རང་བཞིན་འཇིག་རྟེན་སྡུག་བསྔལ་མྱོང་བ་ཇི་སྙེད ་པ་བདག་གིས་འདི་ལྟར་ཆོས་ཁྱད་པར་ཙནྡ་གང་ཞིག་ཐོབ་པ་ལ་སྦྱར་བར་བྱའོ་ཞེས་བྱ་བ་ལྟ་བུ་ནི་གྲང་གི་ཚེ་སོར་རྟོག་པར་བྱེད་པ་ཡིན་ཏེ། དེའི་ཚེ་བྱང་ཆུབ་སེམས་དཔའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཇི་སྐད་བསྟན་པའི་རང་བཞིན་ལ་གན ་ཏེ་རྟག་ཏུ་ངུ་བཞི་ནོ།། སྟོན་རིན་པོ་ཆེ་སྡུད་པ་ཆེགསུ་བཅད་པ་ལས་རྟོག་ཏུ་ངུ་བའི་ལྡེའུ་སྟེ་སུམ་ཅུ་པའི་བཤད་པའོ།། །། དེ་ལྟར་བསྟན་པའི་དགེ་བའི་བཤེས་གཉེན་གུང་གིས་དང་པོར་ལྷན་ཐཾད་ཀྱི ་གཞི་ཡིན་པའི་ཕྱིར་ཚུལ་ཁྲིམས་ལ་གདམས་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར།། ཚུལ་ཁྲིམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྡོམ་པ་ལ་སོགས་པའི་ཚུལ་ཁྲིམས་རྣམ་པ་གསུམ་ནོད་པར་བྱེད་པས་མྱ་ངན་ལས ་འདས་པའི་བསམ་པས་སྡོམ་ཕྲ་ནོད་པ་ནི་ཞི་བ་འདོད་རྣམས་ཏེ། དེ་དག་ཇི་སྙེད་འཕགས་པར་འགྱུར་བ་དེ་སྡོམ་པའི་བྱེད་པ་ཡིན་པའི་ཕྱིར་སྡོམ་པའི་བྱ་བའོ།། གྲུབ་པ་ཕུན་སུམ་ཚོགས་པ་ནི་ཀུན་གྱི་རྗེ་སུ་འཇུག་པའོ།། ་སེམས་ཅན་ཀུན་ལ་ཕན་ཕྱིར་ཏེ་བླ་ན་མེད་པ་ཡང་དྲག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བའི་ཆ་དུ་དེ་ཡོངསུ་བསྔོ་བར་བྱེད་ན་དེ་ནི་སྟོབས་བཅུ་ལྡན་པ་ཞེས་བྱ་བར་འབྲེལ་ཏེ། སྤྱོད་ཡུལ་ནི་ལྟུང་བ་ཐམས་ཅད་སྤངས་པའི་ཕྱིར་ཚུལ་ཁྲིམས ་ཉམས་པ་མེད་པར་གནས་པར་གྱུར་པ་ཡིནོ་ཞེས་ཚིག་སུ་བཅད་པའི་དོན་སྦྱརོ།། དོན་དོ་ཉིད་ལྡོག་པ་སྔོན་དུ་འགྲོ་བས་གསོལ་བ.རཱ་བསྟན་པའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏུ་རང་རྒྱལ་དང་དགྲ་བཙེམ་པའི ་བྱང་ཆུབ་བཟུང་ནས་སྡོམ་པ་མནོས་པ་ཡོངསུ་བསྔོ་བར་བྱེད་པ་ནི་རུག་པར་འདོད་པའོ།། དེའི་ཚེ་ཐིག་པ་ཆེན་པོ་སྒྲུབ་པ་སྤངས་པའི་ཕྱིར་ཚུལ་ཁྲི་མོས་འཚལ་ཅི་ངོ་།། མཽ་མཁས་པ་ནི་བྱང་ཆུབ་སེམས་དཔའོ།། དེ་བཞིན་དུ་བླངས་པའི་སྡོམ ་པོ་ཡོངསུ་བཏང་བས་བུག་པ་དང་བཅས་པས། སྤྱོད་པ་ནི་ཉམས་པའོ།། ཅུ་སྟེ་བྱང་ཆུབ་ཞི་བ་མཆོག་ཏུ་བླངསུ་པའི་ཚུལ་ཁྲིམས་ཡོངསུ་བསྔོ་བར་བྱེད་ན། འདོད་ཡོན་བརྩོན་ཡང་ཚུལ་ཁྲིམས་དང་འགལ་བ་མེད་པར་བསྟན་ཏེ། བླངས་པའི ་དོན་ཡོངསུ་མ་བཏང་བས་ཚུལ་ཁྲིམས་ཕ་རོལ་ཏུ་ཕྱིན་ལ་གནསོ།། ཅིའི་ཕྱིར་ཚུལ་ཁྲིམས་ཁོ་ན་ལ་དང་པོར་གདམས་ཞེ་ན། ཆོས་གང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞིག་རང་གི་དོན་ཕུན་སུམ་ཚོགས་པ་ནི་ཆོསོ།། གཉི ་གའི་དོན་ཕུན་སུམ་ཚོགས་པ་ནི་ངེས་པའི་བྱང་ཆུབ།། གཞན་གྱི་དོན་ཕུན་སུམ་ཚོགས་པ་ནི་ཡོན་ནོ།། ཐོབ་པའི་རྒྱུ་མཚན་ཉིད་ཡིན་པས་བྱང་ཆུབ་སེམས་དཔའ་ལ་དགོས་པའི་ཚུལ་ཁྲིམས་ལྟུང་བ་མེད་པར་བསྲུང་བ་དེ་ནི་ཡོན་ཆོས་ལྡན ་འབྱུང་འགྱུར་བ་ནི་ཚུལ་ཁྲིམས་དོན་ནོ།། ཡང་གང་ཞིག་ཕན་པར་བྱེད་པའི་ཆོས་དང་། བྱང་ཆུབ་སྟོན་ཡོངསུ་ཉམས་པའི་བྱང་ཆུབ་སེམས་དཔའ་དེ་ནི་ཚུལ་ཁྲིམས་འཚལ་ཅེས་བྱ་བར་འབྲེལ་ཏེ། རྣམ་པར་འདྲེན་པས་གསུང་སོ།། དེ་བས་ནི ་ཚུལ་ཁྲིམས་ཁོ་ན་ལ་དང་པོར་གདམ་སོ་ཞེས་བྱ་བར་འབྲེལ་ཏོ།། སུ་ཞིག་གིས་ཚུལ་ཁྲིམས་ལ་གནས་ཞེ་ན་གལཱྀ་ཏི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་བྱང་ཆུབ་སེམས་དཔའ་འདོད་པའི་ཡོན་ལྔ་འཇིག་རྟེན་དུ་གྲགས ་པ་སྤྱོད་ཀྱང་དཀོན་མཆོག་གསུམ་ལ་བྱང་ཆུབ་ཆེན་པོའི་མཐར་ཐུག་པའི་བར་དུ་སྐྱབསུ་སོང་སྟེ། འགྲོ་བཱ་ལྔ་ཕན་པའི་ཕྱིར་བདག་གིས་སངས་རྒྱས་ཐོབ་པར་བྱའོ་ཞེས་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཡང་ལྕེ་བྱེད་པར་གྱུ་རུ་ན། དེ་ལྟ ་བུ་ནི་ཡང་རེ་ཞིག་བྱང་ཆུབ་ཀྱི་སྡོམ་པུ་འཛིན་པའི་ཕྱིར་ཚུལ་ཁྲིམས་ཕ་རོལ་ཕྱིན་ནས་རིག་པར་བྱ་བ་ནི་ཤེས་པར་བྱའོ།། ཐེག་པ་ཆེན་པོའི་མདོ་གཞན་དག་ལས་བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་ལ་སོགས་པ ་རྒྱ་ཆེར་གསུངས་མོད་ཀྱི། འདིར་ཡང་མདོར་བསྡུས་ནས་བསྟན་ཏོ།། ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་དང་མ་བྲལ་བ་ནི་ཚུལ་ཁྲིམས་ཉམས་པ་མ་ཡིནོ་ཞེས་བསྟན་པའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ ་ཏེ་བསྐལ་པ་བྱེ་བར་སྲོག་གཅོད་པ་སྤངས་པ་ལ་སྒྲོགས་པའི་དགེ་བའི་ལྔས་ལམ་བཅུ་སྤྱོད་ཀྱང་དགྲ་བཅོམ་རང་རྒྱལ་ཉིད་དུ་ཡང་ཚུལ་ཁྲིམས་བསྔོ་ཞིང་ཡིད་ལ་འདོད་པ་སྐྱེད་པར་བྱེད་ན། དེའི་ཚེ་སྔ་མ་བཞིན ་དུ་ཚུལ་ཁྲིམས་ཉམས་པ་དང་ལྡན་པས་ཚུལ་ཁྲིམས་སྐྱོན་བྱུང་བ་དང་དྲི་བཞིན་དུ་རལ་པས་ཚུལ་ཁྲིམས་ཉམས་པོར་གྱུར་པ་ཡིནོ།། གང་གི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་པ་དྲ་ནི་སངས་རྒྱས་ཉིད་ལྔ་སྤྱན་དྲངས་ནས། དེ་ལས་སླར་ལོག་པས ་སེཾསེན་བསླུས་པའི་ཕྱིར་པས་ཕམ་པས་ཀྱང་སྟེ། རྩ་བའི་ལྟུང་བས་ཤིན་ཏུ་ཅི་སྟེ། དེས་ཉན་ཐོས་ལ་སོགས་པར་སེམས་བསྐྱེད་ཅིང་འདོད་པ་དང་བཅས་པར་གྱུར་པསོ།། ཡང་དག་པརོ་སྣང་བའི་ཚུལ་ཁྲིམས་ལ་ཇི་ལྟར་འཇུག་པར་བྱ་བ་བསྟན་པའི ་ཕྱིར། ཚུལ་ཁྲིམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་སྐད་བསྟན་པའི་ཚུལ་ཁྲིམས་མནོས་པྲ་སྲུང་ཞིང་བླངས་ནསོ།། སྔ་མ་བཞིན་དུ་བྱང་ཆུབ་མཆོག་ཏུ་ཡོངས་བསྔོ་ནི། གང་གི་ཚེ་ཚུལ་ཁྲིམས་དེ་ཡིས་གུཞན་ལ་མི་སྨོད་པས ་རློམ་སེམས་མེད་ཅིང་བདག་ཉིད་ཀྱི་ཚུལ་ཁྲིམས་དཀའ་ཐུབ་ཀྱི་ང་རྒྱལ་གྱིས་བདག་ལ་སྤྱོད་པར་མི་བྱེད་ལ། ངའི་འདུ་ཤེས་ལྡན་པ་ཉིད་དང་། དེ་བཞིན་དུ་འདོར་བ་དང་། སེམས་ཅན་འདུ་ཤེས་ཡོངསུ་སྤངས་ན། དེའི་ཚེ་ཇི་སྐད་བསྟན་པའི ་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཞེས་བརྗོད། དེ་བས་ན་དེ་ལྟར་འཇུག་པར་བྱའོ་ཞེས་བྱ་བར་དགོང་སོ།། ཉེས་པ་གཞན་དག་ཀྱང་ཡོད་པ་ཉིད་དུ་བསྟན་པའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོཊ། ་པ་གསུངས་ཏེ། གལ་ཏེ་བྱང་ཆུབ་སེམས་དཔའ་རྒྱལ་བའི་ལམ་སྤྱོད་པ་ཇི་སྐད་བསྟན་པའི་ཚུལ་ཁྲིམས་ཀྱི་ལཱམ་ཡིན་པའི་ཕྱིར་སེམས་ཅན་འདི་དག་ཁྲིམས་ལྡན་འདི་དག་ཁྲིམས་འཆལ་ཅེས་དོར་བར་བྱ་བ་དང་བླང་བར་བྱ་བ་ཉིད་དུ་རྣམ་པར ་འཇོག་པར་བྱེད་ན། དེའི་ཕྱིར་སྣ་ཚོགས་འདུ་ཤེས་ཞུགས་པ་དངོས་པོར་དམིགས་པ་ཐམས་ཅད་བསྲུང་བར་མི་ནུས་པའི་ཕྱིར་སྔ་མ་བཞིན་དུ་མཆོག་ཏུ་ཉམས་ཤིང་ཡང་དེ་བཞིན་དུ་ཆུ་ལྔ་ཁྱིམས་རལུ་བས་ན་ཡོངས་དགྲ་ཚུལ་ཁྲིམས་མེད་དོ།། ། ་དེ་ལྟ་བས་ན་དངོས་པོར་དམིགས་པར་མི་བྱའོ།། མི་དམིགས་པར་སྤྱོད་པ་ལ་ལྟུང་བ་མེད་དོ་ཞེས་བསྟན་པའི་ཕྱིར། གང་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ལ་སྒྱུ་མ་ལྟ་བུའི་ཆོས་ཉིད་རྟོགས་པའི་སྟོབས་ཀྱིས་བདག་ཏུ་འདུ་ཤེས ་མེད་པས་སེམས་ཅན་གཞན་དུ་འདུ་ཤེས་མེད་དོ།། དེ་ཉིད་ཀྱི་ཕྱིར་བོ་དགྲ་དང་གཞན་གྱི་ཆར་འབྱེད་པ་མེད་པས་རྗེ་སུ་ཆགས་པ་དང་ཁོང་ཁྲོ་བ་དང་བྲལ་བའི་ཕྱིར་མཚན་མར་འཛིན་པ་ལས་ཕྱིར་ཕྱོགས་པ་དུང་ལྡན་པས་བཀག་པའི་དངོས ་པོ་ལྔ་མི་སྤྱོད་པས་སྡོམ་མིན་ག་ལཱ་ཡོད་དེ། དེ་ཉིད་ཀྱི་ཕྱིར་གང་ལ་སྡོམ་དང་སྡོམ་པ་མཱ་ཡིན་རློམ་སེམས་མེད་དེ། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་སྐྱོན་ཡིན་པའི་ཕྱིར།། མི་དགེ་བ་སྐྱེད་ཅིང་འཛིན་པ་དྲང་སྡོམ་པ ་མ་ཡིན་པོ་ཡང་དེ་ལ་མེད། དེས་ནི་མི་དགེ་བ་ལས་བཟློག་ནས་དགེ་བ་ལ་ཞུགས་པའི་ཕྱིར་ཚུལ་ཁྲིམས་སྡོམ་པར་འདྲོན་པས་གསུང་སོ།། ཚུལ་ཁྲིམས་དང་ལྡན་པ་དེ་ཉིད་སྦྱིན་པ་ལོ་འཇུག་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ་སེམས་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གྲང་ཞིག་བསྟན་མ་ཐག་པ་དེ་ལྟར་ཀུན་རྫོབ་ཏུ་ཚུལ་ཁྲིམས་དང་ལྡན་པར་གྱུར་པས་དོན་དམ་པར་སྤྲོས་པ་མེད་པའི་ཕྱིར་དེ་ལྟ་བས་ན་འཛིན་པ་མེད་པ་ས་གང ་ཞིག་སྡུག་པ་དང་མི་སྡུག་པའི་དངོས་པོ་ཀུན་ལྀ་ལྟ་བ་མེད་པ་ཡི་ནོ།། ཡང་དེ་ཉིད་ཀྱི་ཕྱིར་ཡན་ལག་གི་དམ་པ་མགྲོ་ལ་སོགས་པ་གཏོང་ཞིང་ཞུམ་པའོ་སེམས་ཀྱང་མེད་ལ། དགོས་པ་གཏོང་བ་ནི་བདོག་པ་ཐམས་ཅད་སྟོང་ཞིང་རྟག་ཏུ་སྦྱིན་པའི ་འབྲས་བུ་ལ་ལྟོས་པ་མེད་པས་ན་ཞེན་པ་མེད་པའོ།། ཕྱི་རོལ་གྱི་དངོས་པོ་ཡོངསུ་གཏོང་བ་མེད་པར་ཇི་ལྟར་ན་ཐམས་ཅད་སྟོང་པ་ཡིན་ཞེ་ན། ཆོས་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞིག་སྨན་པ་ལ་བརྟགས་པ་སྔོན་དུ་འགྲོ་བྱས་ངེས་པའི་ཆོས ་ཐ་མལ་པ་ཀུན་རྫོའི་རྒྱུ་འབྲེལ་པ་ལས་བྱུང་བའི་ཕྱིར་ཡ་མ་བརླ་རོ།། དོན་དམ་པར་རང་བཞིན་དང་བྲལ་བའི་ཕྱིར་བདག་མེད་པར་ཡང་ཤེས་ནས། གང་གི་ཆ་བདག་གི་ཤ་ཡང་གཏོང་བ་ལ་ཞུམ་པའི་སེམས་མེད་ན། དྲོ་ཚེ་ཕྱི་རོལ་དངོས་པོ་གཏོང་བ་སྨོས་ཀྱང ་ཅི་དགོས་ཏེ། འདིར་ཕྱི་རོལ་གྱི་དངོས་པོ་ལ་སེར་སྣ་བྱེད་པཱ་དེ་ན་གནས་མཱ་དེ་མཱི་སྲི་དོ།། བདག་མེད་པའི་རྣལ་འབྱོར་པ་ཅིའི་ཕྱིར་སྦྱིན་པ་ལ་སོགས་པ་ལ་འཇུག་ཅེ་ན། བདག་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་བདོག་ཏུ་འདུ་ཤེས་ནས་དངོས་པོ་ལ་བདག ་གིར་འཛིན་པས་ཆགས་ཏེ། ཡོངསུ་གཏོང་བའི་མཚོན་ཉིད་མེད་པའི་ཕྱིར་དམིགས་པའི་མུན་པས་ཀུན་རྫོབ་ཉིད་ལ་རྨོངས་པོ་ལ་གཏོང་བའི་བློ་ལྟ་ག་ལ་ཡོད། དེ་ཉིད་ཀྱི་ཕྱིར་སོར་སྣ་ཅན་དེ་དག་ནི་ཡི་དགས་གནསུ་སྐྱེ་བར་འགྱུར་ལ། བརྒྱ་ལ་ཅི་སྟེ་མིར་སྐྱེས ་ནཾནི་ཡང་དེ་ཚེ་དབུལ་པོར་འགྱུར་བ་འཐོབོ།། ཡང་དེ་ཉིད་ཀྱི་ཕྱིར་ཇི་སྐད་བསྟན་པ་ཉིད་ཀྱི་སྦྱིན་པ་ལ་འཇུག་པར་བྱའོ་ཞེས་བྱ་བར་གན་སོ།། ཅིའི་ཕྱིར་དང་པོ་སྦྱིན་པ་ཁོ་ན་ལ་མོས་པར་བྱེད་ཅེ་ན། དེ་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་སེམས་ཅན ་དབུལ་པོ་མཐོང་བ་དེའི་ཚེ། བྱང་ཆུབ་སེམས་དཔའ་སྙིང་རྗེ་ཕུན་སུམ་ཚོགས་པས་ཇི་སྐད་བསྟན་པའི་སྦྱིན་པོ་ལ་མོས་པོ་དང་ལྡན་ཏེ། ལུང་ལ་སོགས་པའི་ཆེད་མ་དང་ལྡན་པ་ཉིད་ཀྱིས་འབྲས་བུ་དང་བཅས་པར་ཐམས་ཅད་གཏོང་ཞིང་རྟག་ཏུ་ལྷག་པར་གཏོང ་བ་དང་ལྡན་པར་འགྱུར་ཏེ། དེའི་ཚེ་གླིང་བཞི་པ་རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་པ་ནི་རྣམ་པ་ཐམས་ཅད་དུ་འཛིན་པ་དང་བྲལ་བའི་ཕྱིར་མཆིལ་མའི་ཐལ་བ་འདྲ། འཁོར་གསུམ་རྣམ་པར་དག་པ་དང་ལྡན་པར་བྱིན་ནས་དེ་བཞིན་དུ་དགའ་བར་སྟེ། ཡིད་བདེ ་བ་ཐོབ་པར་འགྱུར་གྱི། ཇི་སྐད་བསྟན་པའི་གླིང་ཐོབ་པ་ནི་དེ་ལྟ་མིནོ་ཞེས་བྱ་བའི་བར་དུའོ།། ཇི་སྐད་བསྟན་པའི་སྦྱིན་པ་མི་ཟད་པར་བྱ་བའི་ཆེད་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་བྱའོ་ཞེས་བསྟེན་པའི་ཕྱིར། བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུང ་ཏེ། བསྟན་མ་ཐག་པའི་རིམ་པ་སྦྱིན་པ་བྱིན་ཏེ། བྱང་ཆུབ་སེམས་དཔའ་མཁས་པ་གསལ་བ་སྲིད་པ་གསུམ་གྱི་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཀུན་ལ་སྦྱིན་པ་འདི་བྱིན་པར་གྱུར་ཅིག་སྙམ་དུ་དེ་ལྟ་བུའི་བསམ་པས་སྦྱིན་པ་བྱིན་ལ། དེ་ཡང་འགྲོ་བཱི ་དོན་ཉིད་ཀྱི་ཕྱིར་བྱང་ཆུབ་མཆོག་ཏུ་ཡོངསུ་བསྔོ་ན། བྱང་ཆུབ་དང་སེམས་ཅན་མི་ཟད་པའི་སྦྱིན་པ་ཟད་པར་མི་འགྱུར་རོ་ཞེས་བྱ་བར་དགོང་སོ།། དེ་ཡང་མངོན་པར་ཞན་པོ་མེད་པའི་འབྲས་བུ་རྟོགས་པར་བྱ་བའི་ཕྱིར། སྦྱིན་པ་བྱིན་ནས་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། སྦྱིན་པར་བྱེད་པ་དང་། སྦྱིན་པ་དང་། ལེན་པ་པོ་མི་དམིགས་པ་གང་ཡིན་པ་དེ་ནི་དངོས་པོ་ལ་གནས་པར་བྱེད་པ་མེད་དོ།། སྦྱིན་པ་བྱིན་པ་ཡང་ཕ་རོལ་རྗེསུ་བཟུང་བའི་བློ་ཡིན་གྱི། དེ་ནི་ནམ་དུ་ཡང ་འབྲས་བུ་མངོན་པར་འདོད་པའི་རྣམ་པར་སྨིན་པ་ལ་ར་བྷྲྀ་མེད་དོ།། དེ་ལྟར་འབྲས་བུ་དང་བཅས་པར་རང་ལ་ཇི་སྙེད་བདོག་པ་གཏོང་བར་གྱུར་པ་ནི་མཁས་པ་ཐམས་ཅད་སྟོང་པ་སྟེ་ཆུང་བཏང་བ་ལ་ཡང་ཐབས་ལ་མཁས་པའི་སྟོབས་ཀྱིས་གྲང ་མེད་དཔྱག་ཏུ་མྱེད་པ་སྟེ་ཡོངསུ་བཅད་པར་མི་ནུས་པའི་ཕྱིར་དཔག་ཏུ་མེད་པའི་རྣམ་པར་སྨིན་པ་ཐོབ་པར་འགྱུ་རོ་ཞེས་བྱ་བ་ནི་ལྷག་མའོ།། གང་སར་སྣ་ཚྭར་བཅད་པ་དང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བཞིན་དུ་རྗེ་སུ་ཡི་རང་བཾ་སྔོན་དུ་འགྲོ ་བས་ཡོངསུ་བསྔོ་བཱ་ལ་གོམས་པར་བྱའོ་ཞེསྲ་བསྟན་པའི་ཕྱིར། སྲིད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་པོ་དང་། གཟུགས་དང་། གཟུགས་མེད་པའི་མཚན་ཉིད་ནི་སྲིད་པ་གསུམ།། དེ་དགྲ་ན་སེམས་ཅན་མ་ལུས་ཇི་སྙེད་པ་ཐ~ཾད ་ནམཁའི་ཁམས་ཀྱི་ཁོངསུ་གཏོགས་པའི་ཕྱིར་མ་ལུས་པ་སྟེ་སྲིད་པའོ།། ཡུང་དེ་དག་ཐམས་ཅད་ཀྱི་འཇིག་རྟེན་མཁྱེན་པ་སངས་རྒྱས་དང་། རང་རྒྱལ་དགྲ་བཅོམ་ལ་བསྐལ་པ་མཐའ་ཡས་པར་སྦྱིན་པ་བྱིན། དེ་བཞིན་དུ་ཉན་ཐོས ་ལེགས་ཚོལ་ན་སྟེ། ཉན་ཐོས་ཀྱི་སྟོན་འདོད་ཅིང་ཅེས་བྱ་བས་ནི་ཉེ་བར་མཚོན་པ་སྟེ། རང་སངས་རྒྱས་ལ་སོགས་པའི་སྟོན་ཡང་།། དངོས་པོར་དམིགས་པ་དང་ལྡན་པས་ཞུགས་པའི་ཕྱིར་ཡོངསུ་བརྟག་པ་གཟུང་ནས་གནས་ན་ཞེས ་བྱ་བར་དགོངསོ།། བྱང་ཆུབ་སེམས་དཔའ་མཁས་པ་ཡང་དག་པའི་ཐབས་ལ་མཁས་པ་གཞན་གྲང་ཞིག་གིས། དེ་དག་གིས་བསོད་ནམས་བྱ་བའི་དངོས་པོ་ལ་ཡི་རང་ནས་སེམས་ཅན་དོན་ཏུ་སྟེ། རྒྱུར་བྱང་ཆུབ་མཆོག་ཏུ་ཡོངས་བསྔོ་ན། ་འདི་ལྟར་དེས་སེར་སྣ་ཚོར་བཅད་ནས་ཇི་སྐད་བསྟན་པས་འགྲོ་བ་ཐམས་ཅད་ཟིལ་གྱིས་གནོན་ཏོ།། ཇི་སྐད་བསྟན་པའི་ཡོངསུ་བསྔོ་བས་ཡོངསུ་བསྔོ་བར་བྱེད་པ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱ་བའི་ཕྱིར། ནོར་བུ་ཞེས་བྱ་བ་ལ་སོགས་པ་གསུ། ་ཏེ། དཔེར་ན་ནོར་བུ་མཆིང་བུའི་ཕུང་པོ་ཆེན་པོར་གྱུར་པ་དང་། རིན་པོ་ཆེ་བཻ་ཌཱུརྱ་གཅིག་གིས་དེ་ཀུན་རིན་ཐང་མཐུ་ཆེ་བའི་ཕྱིར་ཟིལ་གྱིས་གནོན་ཏོ།། དེ་བཞིན་དུ་འགྲོ་ཀུན་སྦྱིན་པའི་ཕུང་པོ་རྒྱ་ཆེན་ཀུན་རྗེ་སུ་ཡཽ་རང་བ་སྔོན་དུ་འགྲོ་བཱ་བསྟན་མ་ཐག་པའི ་རིམ་པས་ཡོངསུ་བསྔོ་བར་བྱེད་པའི་བྱང་ཆུབ་སེམས་དཔས་དེ་དག་ཐམས་ཅད་ཟིལ་གྱི་གནོན་ཏོ།། ཕ་རོལ་ཏུ་ཕྱིན་པ་གཉིས་རྒྱ་ཆེར་བསྟན་ནས་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམས་ལ་གདམས་པ་བསྟན་པའི་ཕྱིར། གལ་ཏེ་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། གྲལ་ཏེ་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་ལྷག་མ་ཡོངསུ་སྐྱོང་ཞིང་སྟེར་བ་ན་འགྲོ་བ་དང་འབྲེལ་བྱར་སྦྱིན་པ་བྱིན་ནས་དེ་དག་ཉིད་ཡོངསུ་སྐྱོང་བ་ན་དེ་ལ་བྱེད་པ་པོར་མི་དམིགས་པས་ན་བདག ་གིར་མི་བྱེད་ལ། བྱ་བའི་ལསུ་ཡང་མི་རྟོག་ལ། དངོས་པོ་ལ་ཡང་ཕངས་པ་མེད་ན། དེ་ལས་དགེ་བའི་རྩ་བ་མཐུ་ཆེན་འཕེལ་འགྱུར་ཏེ། སྤྲིན་མེད་འོད་ལྗོན་ཟླ་དཀྱིལ་ཡར་གྱི་ངོ་བཞི་ནོ་ཞེས་བྱ་བ་དེས་ནི་ཕ་རོལ་ཏུ་ཕྱིན་པ་ལྷག་མ་ལ་གདམས ་པས་དོན་མ་ལུས་པ་ལ་གདམས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཆོས་འཕགས་བཞིན་དུ་དགེ་བའི་བཤེས་གཉེན་གྱིས་བྱ་བ་ཡིན་པར་རིག་པར་བྱའོ།། ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགསུ་བཅད་པ་ལས་ཆོས ་འཕགས་ཀྱི་ལེའུ་སྟ་སུམ་ཅུ་གཅིག་པའི་བཤད་པའོ།། །། དེ་ལྟ་བུའི་གདམས་ངགྲ་ཐོབ་པ་ལ་སེམས་བསྐྱེད་པ་ལ་སོགས་པའི་རིམ་གྱིས་རབ་ཏུ་དགོའ་བ་ལ་སོགས་པའི་ས་ཐོབ་པས་སྦྱིན་པ་ལ་སོགས་པའི ་ཕ་རོལ་ཏུ་ཕྱིན་པ་ལ་གཙོ་ཆེར་ལྷག་པར་བྱ་བ་རྟོག་པར་བྱ་བའི་ཕྱིར། བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་རེ་ཞིག་ས་དང་པོ་རབ་ཏུ་དགའ་བ་ལ་གནས་པའི་བྱང་ཆུབ་སེམས་དཔས་གཙོ་ཆེར་བྱ་བ་ནི་སོར་སྣ་སྤངས་ནས་སྦྱིན་པས ་རྣམ་པ་ཐམས་ཅད་དུ་ཡི་དག་སུ་འགྲོ་བའི་བདག་ཉིད་སེམས་ཅན་ཐམས་ཅད་ཀྱི་སེར་སྣ་གཅོད།། བྱང་ཆུབ་སེམས་དཔས་དེ་བཞིན་དུ་དབུལ་བ་དང་ནི་སྟེ། དེ་བཞིན་དུ་འབྲེལ་པོའི་སྲེད་པ་དང་། མི་ཁོམ་པ་དྲང་། སྡུག་བསྔལ་ལ་སོགས་པ ་ཉོན་མོངས་པ་ཐམས་ཅད་གཅོད་ཅིང་སེལ་བར་བྱེ་།། ལོངས་སྤྱོད་ཀྱི་རྣམ་པའི་བྱེ་བྲག་མཐའ་ཡས་རྒྱལ་བ་ནི་རྒྱ་ཆེ་བ་ཐོབ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པར་བྱེད་དེ། སྡུག་བསྔལ་དང་ལྡན་པའི་སེམས་ཅན་སྦྱིན་པས་བྱང ་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་ལ་བཀོད་ནས་སྨིན་པར་བྱེད།། དེ་བཞིན་དུ་དྲི་མ་མེད་པ་ལ་གནས་པས་ནི་ཚུལ་ཁྲིམས་འཆལ་བའི་སྐྱོན་ཐམས་ཅད་དང་བྲལ་བས་ཇི་སྐད་བསྟན་པའི་ཚུལ་ཁྲིམས་ཀྱིས་དུད་འགྲོའི་འགྲོ་བ་དུ་མའི ་སྣ་ཚོགས་པའི་གཟུགས་ཅན་གྱི་ངོ་བོ་དང་། མི་ཁོམ་པ་བརྒྱད་སྤོང་བར་བྱེད་ཅིང་། དེ་ཡིས་མི་ཉིད་ལྔ་སོགས་པ་དལ་འབྱོར་ཁྱད་པར་ཅན་གྱི་དོན་བྱེད་པ་རྟག་ཏུ་རྙེ་དོ།། འོད་བྱེད་པ་ལྔ་གནས་པས་ནཱི་གནོད་སེམས་ཐམས་ཅད་བྲལ་བའི་བཟོད ་བྲིས་གཟུགས་བཟང་སྟེ་མཚོན་ལ་སོགས་པས་བརྒྱན་པོའི་ཕྱིརརོ།། དྲིམ་པ་ནི་མཆོག།། རྒྱ་ཆེན་ནི་ཡངས་པའོ།། ཐོབ་པར་འགྱུར་ཏེ། གསུར་དང་འདྲ་བའི་ཕྱིར་གསེར་མདོ་གྲོ། ཡིད་དུ་འོང་བའི་ཕྱིར་སྡུག་པའོ།། ལྟ་བས་ཆོ་ག་མི་ཤེས་པའི ་ཕྱིར་འགྲོ་བས་ལྟ་བའི་འོསུ་འགྱུར་བའོ།། འོད་འཕྲོ་བ་ལ་གནས་པས་ནི་ལེ་ལོ་ཐམས་ཅད་དང་བྲལ་བའི་བརྩོན་འགྲུས་ཀྱིས་ནི་དཀར་པོའི་སྟོན་འགྲིབ་མི་འགྱུར་ཏེ། ཡེ་ཤེས་ཀྱི་ཡུལ་མཐའ་ཡས་པས་ན་མཐའ་ཡས་ཏེ། སངས་རྒྱས་ཉིད ་ཀྱི་ནོར་མཆོག་བས་གུས་པའི་བདག་ཉིད་ཡིན་པའི་ཕྱིར་རྒྱལ་བའི་བང་མཛོད་རྙེས་པར་འགྱུར་རོ།། སྦྱང་དཀའ་བ་ལ་གནས་པས་ནི་རྣམ་པར་གཡེང་བ་ཐམས་ཅད་སྤངས་པའི་བསམ་གཏན་གྱི་སྣ་ནི་འདོད་པའི་སྟོན་རྣམ་པར་གཡང་བའི ་རྒྱུར་གྱུར་པས་ཉེས་པའི་རྣམ་པ་ཅན་ཡིན་པའི་ཕྱིར་སྨོད་པ་རྣམས་པ་ཐམས་ཅད་ཡོང་སུ་འདོར་བར་བྱེད་ཅིང་། ཁྱད་པར་ཅན་གྱི་བདེན་པ་རྟོགས་པ་དང་། མངོན་པར་ཤེས་པའི་རང་བཞིན་ཡིན་པའི་ཕྱིར་རིམ་པ་ཇི་ལྟ་བ་བཞིན་དུ་རིག་དང ་མངོན་པར་ཤེས་པ་དང་།། དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་བསྐྱེད་པར་བྱེད་པའི་ཕྱིར་མངོན་པར་སྒྲུབ་པའོ།། མངོན་དུ་གྱུར་པ་ལ་གནས་པས་ནི་ཤེས་རབ་འཆལ་བ་ཐམས་ཅད་སྤོངས་ནས་ཤེས་རབ་ཀྱིས་ནི་ཆོས་ཀྱི ་རང་བཞིན་བྷྱཱ་མཱ་ལྟ་བུ་ཉིད་ལ་སོགས་པའི་བདག་ཉིད་དུ་ཡོངསུ་ཤེས་ནས། ཁམས་གསུམ་པའི་ངན་སོང་དང་ཕྱིན་ཅི་ལོགྲི་བཅིངས་པ་དེ་རྣམས་མ་ལུས་པ་ལས་ཡང་དག་འདའ་བྱར་འགྱུར་ཏེ། སྤྲུལ་པའི ་སྤྲིན་གྱིས་དང་པོར་དེ་བཞིན་གཤེགས་པ་ལྟར་ཆོས་ཀྱི་འཁོར་ལོ་རིན་པོ་ཆེ་བསྐོར་ནས་ཕྱི་སྔ་རིམ་གྱིས་ཆོས་བསྟན་པས་ཐེག་པ་གསུམ་འཛིན་དུ་བཅུག་སྟེ། སེམས་ཅན་གྱི་འཇིག་རྟེན་ཕྱིན་ཅི་ལོག་སྡུག་བསྔལ་སྤོང་བ་ལ་འགོད།། རང་དུ ་སོང་བ་ལ་གནས་པས་ནི་ཐབས་ཀྱི་སྟོབས་ཀྱིས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཡོངསུ་རྫོགས་པར་བྱེད།། མི་གཡོ་བ་ལ་གནས་པའི་བྱང་ཆུབ་སེམས་དཔའི་སྨོན་ལམ་གྱིས་མཐུས་ནི་གསེར་ལ་སོགས་པའི་རང་བཞིན ་ཅན་དུ་བསྒྲུབས་ནས་སྣོད་ཀྱི་འཇིག་རྟེན་ཡོངས་དྲུག་པོ་དང་། བཀྲེས་པ་ལ་སོགས་པ་མེད་པས་བཅུད་ཀྱི་འཇིག་རྟེན་གྱིས་སངས་རྒྱས་ཀྱི་ཞིང་ཡོངསུ་དག་པ་འཛིན་དུ་འཇུག་པའོ།། དེ་བཞིན་དུ་ལེགས་པའི་བློ་གྲོས་ལ་གནས་པས་ནི་སྟོབས་ཀྱི་མཐུས ་སེམས་ཅན་གྱི་ཁམས་སངས་རྒྱས་ཉིད་ལ་བཀོད་པས་སངས་རྒྱས་ཀྱི་རིགས་ཀྱང་ཡོངསུ་འཛིན་དུ་འཇུག།། དེ་བཞིན་དུ་ས་བཅུ་པ་ཆོས་ཀྱི་སྤྲིན་ལ་གནས་པས་ནི་ཡེ་ཤེས་ཀྱི་སྟོབས་ཀྱིས་རྒྱུན་ཏུ་ཆོས་བསྟན་པས་ཆོས་ཀྱི་རིགས་དང་། དེ་བཞིན ་དུ་རྒྱུན་མི་འཆད་པར་བྱང་ཆུབ་སེམས་དཔའ་གཞན་དང་གཞན་སྒྲུབ་པ་དགེ་འདུན་གྱི་རིགས་ཀྱང་ཡོངསུ་འཛིན་དུ་འཇུག།། དེ་བཞིན་དུ་རིམ་པས་བཅུ་གཅིག་ཀུན་ཏུ་འོད་སངས་རྒྱས་ཀྱི་ས་ལ་བཞུགས་པས་ནི་བག་ཆགས་དང་བཅས་པའི ་སྒྲིབ་པ་ཐམས་ཅད་སྤངས་ནས་ཆོས་ཐམས་ཅད་ཀྱི་ཕྱིན་ཅི་མ་ལོག་པའི་ཆོས་ཉིད་ཐགསུ་ཆུད་པ་འཛིན་དུ་འཇུག། ད་ལྟར་ཡུམ་རྒྱ་ཆེར་བསྟན་ནས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་ཡོངསུ་གཏད་ལ་བསྟན་པའི་ཕྱིར། འགྲོ་བའི་ནད་གསོ་ཞེས ་བྱ་བ་ལ་སོགས་པ་གསུངས་ཏཱཾ། དཔེར་ན་གཞི་དང་མཚན་ཉིད་ལ་ཕུལ་དུ་བྱུང་བ་ལ་མཁས་པ་ལ་འགྲོ་བྱའི་ནང་གྲསོ་བྱེད་པ་སྨན་པའི་མཆོག་གྱུར་པ་ཞེས་བརྗེ་དོ།། དེ་དང་འདྲོ་བ.རཱ་དེ་ལྟར་བཛྲ་དོ།། དོན་དང་ལྡན་པའི་མིང་བཏགས་པ་ནི་སེམས ་བསྐྱེད་པ་ལ་སོགས་པཱའི་ཡོན་རིན་པོ་ཆེ་བརྩེགས་པའི་ཕྱིར་རིན་ཆེན་སྡུད་པའོ།། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་པའི་ཕྱི་རིལ་མོ།། ཚིགས་བཅུ་དུ་བསྡེབས་ནས་བསྟན་པའི་ཕྱིར་ཚུགསུ་བཅད་པའི་རང་བཞི་ནོ།། ལམ་འདི་སེམས་ཅན ་ཀུན་གྱིས་བསྒོམ་པའི་རིམ་པའི་མན་ངག་ཇི་ལྟ་བ་བཞིན་དུ་རྫུ་སུ་ཐོབ་པ་ནི་དེ་བཞིན་དུ་གྱུར་པའོ།། བྱ་ཞེས་བྱ་བ་ནི་འཕགས་པ་ཀུན་དགའ་བོ་ལ་སོགས་པ་ཡོངསུ་གཏོད་པ་ཡིན་པར་རྟོགས་པར་བྱ་སྟེ། དེ་ལྟར་འཕགས་པ་སྟོང་ཕྲག་བརྒྱ ་པ་ལས་བཅོམ་ལྡན་འདས་ཀྱི་ཞབསུ་བསྟན་པའི་ཕྱི་རོ།། དེ་བསྒོམས་པའི་མན་ངག་གི་རིམ་པ་མངོན་པར་ཡིད་ཆེས་པར་བྱ་སྟེ། འདི་ལྟར་དང་པོ་རེ་ཞིག་གནས་ཡིད་དུ་འོང་བར་བྱས་པའི་ཕྱོགསུ་སྟོན་པར་མཇེད་པའི་བཅོམ་ལྡན་འདས་ཤཱཿའི ་རྒྱལ་པོ་སེང་གེའི་ཁྲི་ལ་བཞུགས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱག་རྒྱ་དང་ལྡན་པ་ལ་ཇི་ལྟ་བ་བཞིན་དུ་མཆོད་པོ་ལ་སོགས་པ་སྔོན་དུ་འགྲོ་བས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པས་ཡོངསུ་བསྐོར་བར་བསམས ་ལ་ཕྱག་བྱའོ།། དེ་ནས་རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་པས་ལུས་དྲང་པོར་བསྲང་སྟེ། མཉམ་པར་བཞགས་པའི་ཕྱག་རྒྱ་བཅས་ལ། ལྷ་རྐན་ལ་སྦྱར་ནས་མིག་སྣ་གོང་དུ་བསྟད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ ་སེམས་དཔའ་སྔ་མ་བཞིན་དུ་དམིགས་ཏེ། དེ་དག་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ན་པའི་ཚུལ་བདག་མེད་པ་གསལ་བར་བྱེད་པའི་མན་ངག་མནོས་ལ་རྩ་བའི་སེམས་ཀྱིས་མིང་དང་མཆེན་མ་ལ་དམིགས་ནས་དེ་ཉིད་ཀྱི་ཚིག་གི་བྱེ་བྲག་དང་། ལེའུ་ལ་སོགས།། ་བྱའི་དབྱེ་བ་ལ་རྗེས་སྤྱོད་པའི་སྙོམས་ཀྱིས་རྣམ་པར་དཔྱད།། དེ་ནས་མངོན་པར་རྟོགས་པ་བརྒྱད་གནས་སྐབས་ཀྱི་དབྱེ་བའི་གྲངས་བརྩི་བ་དང་། མངོན་པར་རྟོགས་པའི་རང་བཞིན་སོར་ངེས་པ་འཇལ་བ་དང་། སྒྲོ་འདོགས་པ་དང་། སྐུར་པ་འདེབས་ཕྲ་མེད་པར ་སྤྱོད་པ་དང་མངོན་སུམ་དང་རྗེ་སུ་དཔག་པའི་ཚད་མསཽ་རྟགས་པའི་ཕྱིར་སྔོར་རྟོག་པ་ཉིད་།། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རྣམ་པ་བཞིར་རྣམ་པར་དཔྱད་དེ། ཡི་གེ་ཡང་སིལ་བུ་དང་བསྡུས་པའི་རིམ་པ་ཇི་ལྟ་བ་བཞིན་དུ་དོན་མེད་པ ་དང་དོན་དང་བཅས་པ་ཉིད་ཀྱིས་རྣམ་པ་དེ་གཉིས་ལ་རྣམ་པར་དཔྱོད་པའི་སེམ་སོ།། དེའི་ཚེ་རྣམ་པར་དཔྱད་པའི་རྒྱུ་མཚན་གྱིས་འདི་ཉིད་བདེན་གྱི་གཞན་ནོ་རྨོངས་པོའོ་ཞེས་ངེས་པར་བཟུང་ནས། ཇི་ལྟ་བ་བཞིན་གྱི་རྣམ་པར་དཔྱད་པ་ཉིད་ཀྱིས་དྲོན ་མཚན་མ་ལ་དམིགས་པ་རྩ་བའི་སེམསུ་བསྡུས་པའི་སེམས་ཀྱིས་བཅུག་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདོད་པ་ནི་འདུན་པའི་སེམ་སོ།། ཤཱ་རབ་ཀྱི་མིག་གིས་སྒྱུ་མ་ལྟ་བུ་ལས་ཆོས་ཐམས་ཅད་ཡང་དག་པའི་ཡེ ་ཤེས་ཀྱི་སྣང་བས་མ་གཟིགས་པས་རྣམ་པར་རྟོགས་པ་མེད་བའོ།། དེ་ལ་རྒྱུ་དང་འབྲས་བུའི་ངོ་བོ་དང་བྲལ་བའི་ཕྱིར་སྟོང་པ་ཉིད་།། དེ་ཡང་རང་དང་སྤྱིའི་མཚན་མ་མེད་པས་མཚན་མ་མེད་པའོ།། དེས་དོན་དུ་གཉེར་བར་བྱ་བའི་དངོས་པོ་མི་དམིགས་པའི་ཕྱིར ་སྨོན་པ་མེད་པ་ཉི་།། ཡང་དེ་བཞིན་དུ་རང་བཞིན་གྱིས་འོད་གསལ་བའི་རྣམ་པར་གྲོལ་བའི་སྒོའི་ཏི་ངེ་འཛིན་ཏོ།། སེམས་བསྐྱེད་པ་ལྔ་སོགས་པའི་རིམ་པས་ཆོས་ཉིད་ཡོངསུ་མི་ཤེས་པ་དེ་དགུ་ཕྱིན་ཅི་ལོག་གིས་བཅིངས་པས། འཁོར་བ་ན་སྤྱོད་པའི ་འཆིང་བ་དང་ལྡན་པའི་སེམས་ཅན་གྱི་ཁམས་དྲིས་པར་ལེགས་པ་ལ་འགོད་པའི་སྙིང་རྗེ་ཆེན་པོ་བསྒོམ་པར་བྱའོ།། དེ་ལ་ཏིང་ངེ་འཛིན་ལྔ་ལེ་ལོ་དང་། དམིགས་པ་བརྗོད་པ་དང་། བྱིང་བཱ་དང་། རྒོད་པ་དང་། མི་རྩོལ་བ་དང་། རྩོལ་ཆེས་པ་དང་། སྦྱིན་དྲུག ་པོ་དེ་དག་གནས་སྐབས་ཇི་ལྟ་བས་སྐྱེས་པ་ན་དེའི་གཉེན་པོ་འདུ་བྱེད་བརྒྱད་ཇི་ལྟ་བ་བཞིན་དུ་བརྟེན་པར་བྱ་སྟེ། འདི་ལྟར་ཏིང་ངེ་འཛིན་གྱི་སྟོན་ལ་མངོན་པར་ཡིད་ཆེས་པའི་མཚན་ཉིད་ཀྱི་དད་པས་རྣལ་འབྱོར་ལ་འདུན་པ་ཡང་དག་པར་སྐྱེའི། འདུན ་པཱ་དོའི་སྟོབས་ཀྱིས་བརྩོན་འགྲུས་བརྩེ་མོ།། དེ་ནས་བརྩོན་འགྲུས་ཀྱིས་ལུས་དང་སེམས་ཤིན་ཏུ་སྦྱངས་པར་འགྱུར་རོ།། ལུས་དང་སེམས་ཤིན་ཏུ་སྦྱངས་པས་ལེ་ལོ་ལྡོག་པར་འགྱུརརོ།། དེ་ལྟར་ན་དད་པ་ལ་སོགས་པ་བཞིས་ལེ་ལོ་སྤོང་བར་འགྱུ་རོ།། ་དམིགས་པ་བརྗེད་པའི་གཉེན་པོར་ནི་དྲན་པ་ཉེ་འོ།། དེས་ཡང་དག་པའི་དམིགས་པ་ལ་གན་སོ།། ཤེས་བཞིན་ནི་བྱིང་རྒོད་ཀྱི་གཉེན་པོ་སྟེ། དེ་ཉིད་ཀྱིས་དགའ་བའི་དངོས་པོ་སངས་རྒྱས་ལ་སོགས་པའི་སྟོན་ཡིད་ལ་བྱེད་པས་བྱིང་བ་སྤོང་ངོ་།། ཡང ་དག་པར་སྐྱོ་བའི་དངོས་པོ་མི་རྟག་བྱ་ལ་སོགས་པའི་ཡིད་ལ་བྱེད་པ་ལ་སོགས་པས་རྒོད་པ་སྤོང་བར་འགྱུ་རོ།། བྱིང་རྒོད་ཞི་བར་བྱེད་པའི་དུས་མི་རྩོལ་ནཱ་ཡང་སྐྱོན་ཡིན་པས་སེམས་པ་གོམས་པར་བྱའོ།། བྱིང་རྒོད་ཞི་བ་ན ་གང་གི་ཚེ་སེམས་དམིགས་པ་ལས་རབ་ཏུ་མ་གཡོ་བ་ན་མངོན་པར་འདུ་བྱེད་པ་ལ་ཞུགས་པར་གྱུར་ན་ངའི་ཚེ་རྩོལ་བ་སྐྱོན་ཡིནོ།། དེ་ལ་སེམས་རྣམ་པར་གཡང་བ་དེའི་གཉེན་པོ་བཏང་སྙོམས་བསྒོམ་པར་བྱའོ།། རིམ་པ་དེ་ལྟར་བསྒོམས་ནས་ལང ་ཏེ་སྔར་སྡུད་པར་བྱེད་པར་རང་གི་ལྷ་རྡོ་རྗེ་འཆང་གི་གཟུགསུ་མོས་པར་བྱོས་ནས་བྱང་ཆུབ་སེམས་དཔའ་ལ་སོགས་པ་སྤྱན་དྲངས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པས་ཆོས་ཀྱི་སྦྱིན་བུ་བྱིན་ཏེ། དེ་དག་ཐམས་ཅད་མངོན་པར་མ་ཞེན ་པའི་རྣལ་འབྱོར་གྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངསུ་བསྔོའོ།། དེ་བཞིན་དུ་ཐུན་མཚམས་བཞིར་པོ་སྒྲུབ་པར་བྱའོ།། ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགསུ་བཅད་པ་ལས་ཡོངསུ་གཏང ་པའི་ལེའུ་སྟེ་སུམ་ཅུ་རྩ་གཉིས་པའི་བཤད་པའོ།། །། རྣལ་འབྱོར་མཁས་པ་འགས་ཀྱང་སྔོན་ཚྭང་ཡུམ་འདི་རི་བསྒྲུབ་པ་རིགས་པསཱ་མཱ་རྟོགས་པ།། གི་ཏི་མུག་མུན་ནག་སྨག་ནི་མཱ་ལུས་བྱསལ་བའི ་མགོན་པོས་མཁྱེན་ནས་གསུངས་པ་ཡི།། རིགས་པ་ལགས་ལྡན་ཚིག་གིས་དེ་བཤད་པ་ལས་བདག་གིས་བསོད་ནམས་གང་ཐོབ་པ།། དེས་ནི་ཡོན་ཏན་རིན་ཆེན་བསྡུས་ལྡན་འདི་ནི་འགྲོ་བས་མྱུར་དུ་ཐོབ་པར་ཤོག། གང་ཞིག་མངོན་པར ་རྟོགས་རྒྱན་གྱིས།། དེ་ཡི་བསྡུས་དོན་རབ་གསྔལ་བྱ།། ཤེས་རབ་ཕ་རོལ་ཕྱིན་བཤད་པ།། རྫོགས་ལ་རྟོགས་པར་སླ་བ་ཡིན།། བརྒྱད་པའི་སྡེབ་སྦྱོར་དེས་གཅིག་པའི།། ཚིགསུ་བཅད་པ་ཡོངས་བརྩིས་ཏེ།། ཕྱེ་བས་སྟོང་ཕྲག་གཉིས་དག་དང་།། བརྒྱ ་ཡིས་འདི་ལྷག་ཤེས་པར་བྱ།། ཡོནྡ་ཏན་རིན་པོ་ཆེ་སྡུད་པ་ཚིགསུ་བཙོད་པའི་དཀའ་འགྲེལ་རྟོགས་པཱར་སྭཱ་བཱ་ཞེས་བྱ་བ། སླེབ་དཔོན་ཆེན་པོ་སྙིང་གི་བཟང་པོའི་ཞལྔ་སྨྲ་ནས་ཀྱིས་མཛད་པ་རྫོགསོ།། ་བལ་ཡུལ་གྱི་པཎྜི་ཏ་ཛེ་ཏ་ཧཾ་དུ་ཤནྟི་བྷ་དྲའི་ཞལ་སྔ་ནས་དང་། བོད་ཀྱི་ལོ་ཙྪ་བ་འབྲོ་སྲང་དཀར་ཤཱཀྱའི་འོད་ཀྱིས་བསྒྱུར།། བློ་ངན་ཚོང་པ་ནོར་བུ་འཆིང་བུ་ལ།། རིན་ཆེནྡ་རིན་ཐང་མེད་སྙམ་འཆང་བ་ལྟར།། དམ་པ་བརྒྱུད་པའི ་གདམས་ངག་དང་བྲལ་བ།། ངན་རྟོག་རྒྱུད་ལ་རྒྱལ་ཡུམ་དོན་ཡིན་པར།། ལོག་རྟོག་བྲིས་ལ་ཕྱིར་ས་བདེག་སྲས་ཀྱི་མཆོག། གཞོན་ནུ་རབ་གཤེགས་ཐོས་པའི་ཤེས་རབ་བྱང་།། དངོན་གཏན་ཕབ་སེམས ་བྱའི་ཤེས་རབ་ཆུབ།། བསྒོམ་པོའི་རྒྱུན་བསྟེན་ཚུལ་ཁྲིམས་གཏོང་བའི་འོདྲ།། རིན་ཆེན་དང་བཅས་རྗེ་བཙུན་བཀས་བསྐུལ་ནས།། བཞིན་གྱིས་སྐྱོན་ཡོན་གསལ་བྱེད་མེ་ལོང་ལྟར།། སེང་གེ་བཟང ་པོའི་མན་ངག་རྟོགས་སླ་བ།། འབད་པས་བལ་ཡུལ་བགྲོད་ནས་བདག་གིས་བསྒྱུར།། གལ་ཏེ་ཁ་ཅིག་འདི་ལའང་ཕྲག་དོག་གིས་སྤོང་ན།། གཞན་ལ་གནོད་མེད ་བདག་ཉིད་ཁོ་ན་ཕྲང་བྱེད་ཡིན།། ཇི་ལྟར་དུས་སྐམ་དུང་པ་ཁྱི་རྒན་གྱིས་འཆོས་པས།། རྒྱུན་ཕུགྷ་ར་ཁྲག་འཛུབ་ཅིང་རུས་པའི་རོ་སྣུམ་སེམས།། རང ་རྟགས་ངན་རྟོག་གཞུང་ལ་ཆགས་པའང་དེ་བཞིན་ནོ།། དུས་གསུམ་ཀུན་ཏུ་མི་འགྱུར་ན་མཁའ་དང་མོ་ཚུངས་པ།། ཆོས་ཉིད་སྟོན་མེད་ཕ་རོལ་ཕྱིན་པ་འདི་ཉིང་ལགས།། དེ་ཐོས་དེ་ལམ་དང་ལོག་བལྟས ་བདག་ཏུ་འཛིན།། ནེ་སོ་ཚོད་དང་ལྡན་ཡང་བྱིས་པར་འདྲེན་པས་གསུངས།། འདིས་ཀྱང་བསྟན་བི་རིན་པོ་ཆེ་རྒྱས་པར་བྱེད་ནུས་པར་གྱུར་ཅིག། ་