CLOSE WINDOW

GT3190: 'phags pa shes rab kyi pha rol tu phyin pa stong phrag nyi shu lnga pa'i man ngag gi bstan bcos mngon par rtogs pa'i rgyan gyi tshig le'u byas pa'i rnam par 'grel pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། པཉྫ་བོ་ཤ་ཏོ་སྭ་ཧ་སི་ཀ ་ཨཱརྱ་པྲཛྙཱ་པཱ་ར་མོ་ཏ་པ་དེ་ཤཱ་ཨ་བྷི་ས~ཾ་མ་ཡཱ་ལི་ཀཱ་རོ་ཀཱ་ར ་ཤྭཱསྟྲ་སྱ་ཀཱ་བཛྲ་ཀཱ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་མན་ངག་གི ་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་རྣམ་པར་འགྲེལ་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ ་ཐམས་ཅད་ལ་ཕྱག་འཚལ་ལོ།། ཉན་ཐོས་ཞི་བ་ཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་མཛད་གང་ཡིན་དང་། འགྲོ་ལ་ཕན ་བར་བྱེད་རྣམས་ལ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང་།། གང་དང་ཡང་དག་ལྡན་པས་ཐུང་རྣམས་རྣམ་པ་སྣ་ཚོགས་འདི་དག་ཀུན་མཁྱེན་གསངས་རྒྱས་ཉན་ཐོས་བྱང ་ཆུབ་སེམས་དཔའི་ཚོགས་དང་ལྡན་ཡུམ་དེ་ལ་ཕྱག་འཚའོ།། དོན་གང་ཞིག་ཡིན་ཞེ་ན། འཕགས་པའི་གང་ཟག་ཐམས་ཅད་ཀྱི་དབང་དུ་མཛད་ནས། ཐམས་ཅད་མཁྱེན་པ་གསུམ་གྱི་ར ་བཞིན་ཐ་དད་མེད་པའི་ཡོན་ཏན་གྱིས་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལོ་ཞེས་བརྗོད་ནས། མངོན་པར་རྟོགས་པའི་རྒྱན་གྱི་མན་ངག་དེ་བཤད་པར་དམ་བཅས་ན། ་འདི་ལྟར་རྣམ་པར་བཤད་པར་བྱེད་པས་མངོན་པར་རྟོགས་པའི་རྒྱན་ཉེ་བར་བཤད་པར་བྱའོ།། སྙམ་དུ་དགོངསོ།། ཅིའི་དོན་ཞེ་ན། མདོའི་དོན་བསྡུས་པ་སྲེ་བོ་བློ་དམན་པ་རྣཾས་ཀྱི་རྗེ་སུ་མཐུན་པ ་ཕྱེ་བས་རྣམ་པར་ཕྱེ་བས་ཤེས་པར་བྱ་བའི་ཆེད་དུ་སྨྲས་པ་ཕྱག་འཚལ་བ་ཉེ་བར་དགོད་པའི་ཚིགས་སུ་བཅད་པ་དོན་ཡོད་པར་བསྟན་པ་ཡིན་ནོ།། འདི་སྐད་ཀྱང་བརྗོད་བྱ་སྟེ། ཅི་མངོན་པར་རྟོགས་པའི་རྒྱན་གཞི་བསྡུས་པ་ཡིན ་ནམ་འོན་ཏེ་གཉེན་པོ་བསྡུས་ས། ཡང་ན་རཱུ་བ་བསྡུས་པས་རྒྱན་དུ་གྱུར་པ་ཡིན། དེ་ལས་ཅིར་འགྱུར་ཞེ་ན། ཕྱོགས་དང་པོ་ལྷུར་ཡིན་ན་འབྲང་པ་དོན་མེད་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། མདོ་འདི་ལས་མཚན་ཉིད་ཀྱི་བསྟན་པ་ཆོས་དག ་ལས་མ་སྨོས་པའི་གཞི་གང་ཡིན་པ་དེ་བཤད་པ་ནི་མེད་དོ།། གཉིས་པ་ལྷུར་ན་རྣམ་པར་བྱང་བའི་དངོས་པོ་བསྡུས་པའི་ཕྱིར་ཀུན་ནས་ཉོན་མོངས་པའི་དངོས་པོ་མ་སྨྲས་པས་འདིག་གི་གཉེན་པོ་ཡིན་པར་རྟོག་པར་མི་འགྱུར་རོ།། གསུམ་པ ་ལྟར་ན་ཡང་རྣམ་པ་གཞི་མེད་པ་ཙམ་ཞིག་བསྡུས་པའི་ཕྱིར་དོན་རྟོགས་པ་མེད་པས་ཅུང་ཟད་ཀྱང་མ་བཤད་པ་ཡིན་ནོ་ཞེ་ན། ཕྱོགས་སུམ་ཅར་གྱིས་ཀྱང་བསྡུས་པ་ཡིན་ནོ་ཞེས་བསྟན་ནོ།། གླང་བ་སྨྲ་རྟེ་ན། ཉན་ཐོས་དང་། ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་རྣམས་ཀྱི་དབང་དུ་མཛད་ནས། ཐམས་ཅད་ཤེས་པ་ཉིད་དང་། ལ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རང་བཞིན་གྱི་བདག་ཉིད་ཡིན་པའི་ཕྱིར ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ།། དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་གསུང་བར་འགྱུར་ཏེ། རབ་འབྱོར་ཐམས་ཅད་ཤེས་པ་ཉིད་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡིན་ནོ།། ལམ་ཤེས་པ་ཉིད་ནི་བྱང་ཆུབ་སེམས ་དཔའ་རྣམས་ཀྱི་ཡིན་ནོ།། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སྔངས་རྒྱས་རྣམས་ཀྱི་ཡིན་ནོ།། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་ཐམས་ཅད་འཚལ་བ ་ཉིད་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ལོགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཐམས་ཅད་ནི་ཕྱི་དང་ནང་གི་ཞེས་རྣམས་ཇི་སྙེད་པ་འདི་ཙམ་ཡིན་ལ། དེ་དག་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཤེས་ཀྱི། ་ལམ་ཐམས་ཅད་ཀྱང་མ་ཡིན། རྣམ་པ་ཐམས་ཅད་ཀྱང་མ་ཡིན་པས་དེའི་ཕྱིར་ཉན་ཐོས་དང་རང་སྤངས་རྒྱས་རྣམས་ཀྱི་ནི་ཐམས་ཅད་ཤེས་པ་ཉིད་ཡིན་ནོ།། གསོལ་པ། བཅོམ་ལྡན་འདས་ཅིའི་སླ་དུ་ལས་ཀྱི་རྣམ་པ་འཆོལ་བ་ཉིད་བྱང་ཆུབ་སེམས ་དཔའ་རྣམས་ཀྱི་ལགས། དཀའ་སྩལ་ཕྱུ། རབ་འབྱོར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་ཉན་ཐོས་ཀྱི་ལྡུམ་གང་ཡིན་པ་དང་། རང་སངས་རྒྱས་ཀྱི་ལམ་གང་ཡིན་པ་དང་། ས་སཱ་རྒྱལ་མ་གང་ཡིན་པའི་ལམ་ཐམས་ཅད་བསྐྱེད་པར། ་བྱ་ཞིང་། ལཱམ་ཐམས་ཅད་ཤེས་པར་བྱའོ།། དེ་དག་ཀྱང་ཡོངས་སུ་རྫོགས་པར་བྱ་ཞིང་དེ་དག་གི་ལམ་གྱི་བྱ་བ་ཡང་བ་སྟེ། སྨོན་ལམ་ཡོངས་སུ་རྫོགས་པར་མ་བྱས་པ་དང་། སེམས་ཅཡོངས་སུ་སྦེད་པ་བྱས ་སངས་རྒྱས་ཀྱི་ཞིང་ཡོངས་སུ་མ་སྦྱངས་པར་དེ་དག་གིས་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱའོ་གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་རྣམས་པ་ཐམས་ཅད་མན་པ་ཉིད་དེ་བཞིན་གཤེགས་པ་དགྲ་བཅོམ་པོ་མིང་དག་པ་རྫོགས་པའི ་སངས་རྒྱས་རྣམས་ཀྱི་ལགས། བཀའ་སྩལ་པ། རབ་འབྱོར་རྣམ་པ་གང་དག་དང་། རྟགས་གང་དག་དང་། མཚན་མ་གང་དག་གིས་ཆོས་རྣམས་རབ་ཏུ་བརྗོད་པའི་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན ་མ་དེ་དག་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་དེ། དེའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ།། ཞེས་ཇི་སྐད་གསུངས་པ་ཡིན་ནོ།། དེ་ལྟ་བས་ན་འདི་ནི་གཞི་དང་། གཉེན་པོ་དང་། རྣམ་པ་ཡོངས་སུ ་རྫོགས་པ་བསྡུས་པས་མངོན་པར་རྟོགས་པའི་རྒྱུན་མཐའ་དག་ཡོང་སུ་རྫོགས་པར་བསྟན་པ་ཡིན་པས་ཞེས་བྱ་བ་འདི་ནི་འཐད་པ་བསྟན་པ་ཡིན་ནོ།། འདི་སྐད་ཅེས་ཀྱང་བརྗོད་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་དུ་ཞིག་ཅེ་ན། དེ་ལ་ཐམས་ཅད་ཤེས ་པས་ནི་ཉོན་མོངས་པའི་མ་རིག་པ་ཙམ་སྤངས་པའོ།། ལམ་ཤེས་པ་ཉིད་ཀྱིས་ནི་གཉེན་པོ་ཐམས་ཅད་ཀུན་ནས་བསྐྱེད་དོ།། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཉོན་མོངས་པ་ཅོན་མ་ཡིན་པའི་མི་ཤེས་པ་སྤངས་པ་ཡིན་ནོ།། ཡང་ཐམས་ཅད་ཤེས ་པ་ཉིད་ནི་ཆོས་འདི་དག་ཇི་སྙེད་པ་ལ་རྟེན་པའི་འབྲས་བུ་བདག་ཏུ་རྨོངས་པ་སྤངས་པ་ཅན་ཡིན་ནོ།། ལ་མོ་ཤེས་པ་ཉིད་ནི་ཐེག་པ་ཇི་ལྟ་བ་བཞིན་དུ་ངེས་པར་འབྱུང་བ་དང་། དེ་ཁོ་ན་ཉིད་མངོན་གསུམ་དུ་མི་བྱེད་པ་རྟེན་པ་འབྲས་བུ་སེམས་ཅན་མ་བསྡུས ་པ་སྡུད་པ་དང་། སེམས་ཅན་ཡོངས་སུ་མ་སྨིན་པ་སྨིན་པར་བྱེད་པ་དང་། སེམས་ཅན་ཡོངསུ་མ་གྲོལ་བ་གྲོལ་བར་བྱེད་པ་ཅན་ཡིན་ནོ།། རྣམ་པ་ཐམས་ཅད་མཁྱེད་པ་ཉིད་ནི་ཆོས་ཐམས་ཅད་ཀྱི་སྤྱིའི་རྟེན་ཅན་འབྲས་བུ་ན་མཁའི་ཁམས་ཀྱི་མཐའ་གཏུགས ་པར་སེམས་ཅན་གྱི་དོན་རྒྱུན་མི་འཆད་པ་དང་། ཡང་དག་པའི་མཐའ་རྟོགས་པ་དང་། བག་ཆགས་ཀྱི་མཚམས་སྦྱོར་བ་སྤངས་པ་ཅན་ནོ།། ཡང་རྣམ་པ་གང་གིས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་ཞེ་ན། རབ་འབྱོར་རྣམ་པ་གཅིག ་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་སྟེ། འདི་ལྟ་སྟེ། ཞི་བའི་རྣམ་པ་ཉིད་ཀྱིས་སོ།། ཡང་བཀའ་སྩལ་པ། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དངོས་པོ་མེད་པ་ལ་དམིགས་པ། བདག་པོའི་རྐྱེན་ནི་དྲན་པ་ཡིནོ།། ་རྣམ་པ་ནི་ཞི་བས་མཚན་མ་མེད་པ་ཞེས་བྱའོ།། རབ་འབྱོར་གཉིས་མེད་པ་ནི་དངོས་མེད་པ་ཞེས་བྱའོ།། དེ་ལྟ་ཡིན་ན་འགོག་པ་དམིགས་པ་དང་ལྡན་པ་དེས་འགོག་པ་ཐོབ་པར་འགྱུར་ཏེ། དེ་ནི་ཞི་བ་ཡིན་པའི་ཕྱིར་རོ།། དེ་འགག་པ ་ཡིནྡ་པར་མི་བཞེད་དེ། རང་བཞིན་གྱིས་ཞི་བའི་རྣམ་པ་ཡིན་པའི་ཕྱིར་རོ།། འགོག་པ་ནི་ཡེ་ཤཽས་ཡིན་ཏེ། དེ་ལྟ་བུ་གང་ཡིན་པ་ལ་ནི་འགོག་པར་བཞེད་དོ།། ཡང་ཅི་ཀུན་མཁྱེན་གསུམ་པོ་འདི་དག་སྤངས་པར་གྱུར་པ་ལ་ཁྱད་པར ་མཆི་ས་མ། བཀའ་སྩལ་པ། ཅུང་ཟད་ཀྱང་མེད་དོ།། དེ་བཞིན་གཤེགས་པ་བག་ཆགས་ཀྱི་མཚམས་སྦྱོར་བ་སྤངས་པས་ཁྱད་པར་ཡོད་དོ།། ཀུན་རྫོབ་ཏུ་དེ་དག་ལ་ཁྱད་མཆིས་ཞེས་བགྱི་འམ། རབ་འབྱོར་བག་ཆགས་ཀྱི ་མཚམས་སྦྱོར་བ་ནི་ཉོན་མོངས་པའང་མ་ཡིན་ཏེ་འོན་ཀྱང་དེ་དག་གིས་འདོད་ཆགས་དང་། ཞེ་སྡངས་དང་། གཏི་མུག་སྤངས་པ་ཡོད་དོ།། ཉན་ཐོས་རྣམས་ལ་ནི་ལུས་ངག་གི་རྣམ་འགྱུར་སོ་སོའི་སྐྱེ་བོ་བཞིན་དུ་འཇུག་གོ་ཞེས་གསུང ་ས། དཔེར་ན་དགེ་སློང་མཆོད་རྒྱུག་བྱེད་བཞིན་ནོ།། དེ་བཞིན་གཤེགས་པ་ན་མི་མངའོ།། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དབང་དུ་རྒྱས་ནས། སངས་རྒྱས་ཉན་ས་བྱང་ཆུབ་སེམས་དཔའི་ཚོགས་དང ་ལྡན་ཡུམ་དེ་ལ་ཕྱག་འཚལ་ལོ་ཞེས་གསུང་པ་ལ། དེ་ཇི་ལྟ་བུ་ཞིག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་འདྲི་བ་ལྔ། མངོན་རྟོགས་བདག་ཉིད་འདུན་ཡིན་པར།། མས་ར་ཕན་ཤེས་བྱ།། རྣམ་ཀུན་མཁྱེན་ཉིད་ལས ་ཤེས་ཉིད།། ཐམས་ཅད་ཤེས་པ་ཉིད་དང་གསུམ།། རྣམ་ཀུན་རྩེ་མོར་བཅས་པ་དང་།། མཐར་གྱིས་བཅས་དང་སྐད་ཅིག་བདག། ཆོས་སྐུ་མཛད་པར་བཅས་པ་སྟེ།། རྣམ་པ་བརྒྱད་དུ་བསྡུས་པ་ཡན།། སེམས་བསྐྱེད་པ་དང་གོདམས་ངག ་དང་།། ངེས་འབྱེད་ཡན་ལག་རྣམ་བཞི་དང་།། སྒྲུབ་པ་ཡི་ནི་རྟེན་གྱུར་པ།། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་།། དམིག་པ་དག་དང་ཆེད་དང་ངོ་།། གོ་ཆ་འཇུག་པའི་བྱ་བ་དང་།། ཚོགས་ནི་ངེས་པར་འགྱུ་བཅས་རྣམ་སོ།། རྣམ་ཀུན་མཁྱེན ་པ་ཉིད་དུ་འདོད། མོག་མོག་པོར་བྱེད་ལ་སོགས་དྲོང་།། སློབ་མ་བིས་རུའི་ལམྦ་གང་དངོང་།། འདི་དང་གཞན་གྱིས་ཕན་ཡོན་གྱིས།། ཕན་ཡོན་ཆེ་བུ་མཐོང་བའི་ལ་མོ།། བྱེད་པ་དང་ནི་བོས་པ་དང་། སྟ་དང་ཀུར་དང་བསྔགས་པ་དང ་བསྔོ་དང་རྗེས་སུ་ཡི་རང་དང་།། དེ་རྣམས་ཡིད་ལ་བྱེད་པ་གཞན།། སྒྲུབ་དང་ཤིན་ཏུ་དག་པ་ཞེས།། བྱ་བ་འདི་ནི་བསྒོམ་པའི་ལམ།། ཤེས་རབ་ཕ་རོལ་ཕྱིན་པའི་ཚུལ།། ལྀམ་ཤེས་དེ་འདྲང་ཤེས།། ཤེས་རབ་ཕ་རོལ་ཕྱིན་པའི ་ཚུལ། ཤེས་པས་སྲིད་ལ་མི་གནས་ཤིང་།། སྙིང་རྗེས་ཞི་ལ་མི་གནས་དང་།། ཐབས་མ་ཡིན་པས་རིང་བ་དང་།། ཐབས་ཀྱིས་རིང་བ་མ་ཡིན་ཉིད།། མི་མཐུན་གཉེན་པོའི་ཕྱོགས་དག་དྲང་།། སྦྱོར་དང་དེ་ཡི་མཉམ་ཉིད་དང་།། མཐོང་བའི་ལམ ་ཞེས་བྱ་བ་ཡིན།། དེ་འདྲ་ཀུན་ཤེས་ཉིད་དུ་འདོད།། རྣམ་པར་སྦྱོར་བ་བཅས་རྣམས་དང་།། ཡོན་ཏན་སྐྱོན་ནི་མཚན་ཉིད་བཅས།། ཐར་དང་ངེས་འབྱེད་ཆ་མཐུན་དང་།། སློབ་པ་ཕྱིར་མི་ལྡོག་པའི་ཚོགས།། སྲིད་དང་ཞི་བ་མཉམ་ཉིད་དང་།། ་ཞིང་དག་བླ་ན་མེད་པ་དང་།། དེ་དག་ཐབས་ལ་མཁས་པ་ནི།། རྣམ་ཀུན་མངོན་རྫོགས་རྟོགས་པའོ།། དེ་ཡི་རྟགས་དང་རྣམ་འཕེལ་དང་།། བརྟན་དང་སེམས་ནི་ཀུན་གནས་དང་།། མཐོང་ཞེས་བྱ་དང་བསྒོམ་པ་ཞེས།། བྱ་བའི་ལམ་ནི་སོ ་སོ་ལ།། རྣམ་པར་རྟོག་པ་རྣམ་བཞི་ཡི།། གཉེན་པོ་རྣམ་པ་བཞི་དང་ནི།། བར་ཆད་མེད་པའི་ཏིང་ངེ་འཛིན།། ལོག་པ་བསྒྲུབ་པ་རྩེ་མོར་གྱུར།། མཐར་གྱིས་བྱ་བ་ཤེས་པ་ནི།། རྣམ་པ་བཅུ་གསུམ་བདག་ཉིད་དོ།། གཅིག་གིས་མངོན ་རྫོགས་བྱང་ཆུབ་པ།། རྣམ་པ་བཞི་རུ་ཡང་དག་མཚོན།། ངོ་བོ་ཉིད་ལོངས་རྫོགས་བཅས་དང་།། སྤྲུལ་པ་དང་ནི་དེ་ལྟར་གསུམ།། མཛད་པ་དང་བཅས་བཞི་རུ་བརྗོད།། ཅེས་བྱ་སྟེ། དོན་ཅི་ཞིག་ཡིན་ཞེ་ན། འདི་ནི་ཚིག་ལྡེའུ་བཅས་པ ་བཅོ་ལྔས་མདོར་བསྡུས་པ་དང་རྒྱས་པར་བསྟན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་དོན་བསྡུས་པ་ཡིན་པར་ཤེས་པར་བྱའོ།། ཇི་ལྟར་ཞེ་ན། མངོན་རྟོགས་བདག་ཉིད་བདུན་ཡིན་པར།། ཤེས་རབ་ཕ་རོལ ་ཕྱིན་ཞེས་བྱ་ཞེས་བྱ་བ་ནས་བརྩམས་ཏེ། ཆོས་སྐུ་མཛད་པར་བཅས་པ་སྟེ།། རྣམ་པ་བརྒྱད་དུ་བསྡུས་པ་ཡིན་ཞེས་བྱ་བའི་བར་གྱི་ཚིག་ལེའུ་དུ་བྱས་པ་གཉིས་ཀྱིས་ནི་བསྡུས་པ་ཡིན་ནོ།། དེ་ལ་འདྲིར ་དངོས་པོ་བརྒྱད་ཀྱི་དབྱེ་བས་བསྡུས་པ་ཡིན་ཏེ། འདི་ལྟ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། ཐམས་ཅད་ཤེས་པ་ཉིད་དང་། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་དང་།། རྩེ་མོའི་མངོན ་བར་རྟོགས་པ་དང་།། མཐར་གྱིས་པའི་མངོན་པར་རྟོགས་པ་དང་།། སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པ་དང་། དེ་དག་གི་འབྲས་བུར་གྱུར་པ་ནི་ཆོས་ཀྱི་སྐུ་མཛད་པ་དང་། བཅས་པའི་ཆོས་སྐུའོ་ཞེས་བྱ་བ་ཡིན་ནོ།། སེམས ་བསྐྱེད་པ་དང་གང་ས་ངག་དང་།། དེས་འབྱེད་ཡན་ལག་རྣམ་བཞི་དང་ཞེས་བྱ་བ་ནས་བརྩམས་ཏེ། ཚིགས་སུ་བཅད་པ་རྣམ་པ་བཅུ་གསུམ་གྱིས་ནི་རྒྱས་པར་བསྟན་པའོ།། དེ་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་དངོས་པོ ་བཅུད་ཀྱི་རབ་ཏུ་དབྱེ་བས་བསྡུས་པར་བསྟན་པས་དེ་ལྟར་བསྡུས་པ་དང་རྒྱས་པར་རྣམ་པར་ཕྱེ་བ་ཉིད་ཀྱིས་ལེགས་པར་བཤད་པ་ཡིན་ནོ།། དེ་བཤད་དུ་ཟིན་ནས་ད་ནི་གང་ཞིག་མངོན་པར་རྟོགས་པའི་དོན་གང་ལ་ཁྱད་པར་གྱི་རྣམ་པ ་གང་དང་། དངོས་པོ་གང་ཇི་སྙེད་བསྟན་པ་དེ་དག་གི་གོ་རིམས་བསྡུས་པ་འབའ་ཞིག་བརྗོད་པར་བྱའོ།། དེ་ལ་རེ་ཤིག། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར།། དཀར་པོའི་ཆོས་རྣམས་དོན་གཉེར་འདོད།། ཇི་ལྟར་གཞན་གྱི་མིང ་གཞན་གྱི་ཡིན་པར་འགྱུར།། སེམས་ནི་ཡུལ་སོ་སོར་རིག་པའི་མཚན་ཉིད་ཅན་ཡིན་ལ། དོན་དུ་གཉེར་བ་ཞེས་བྱ་བ་ནི་སྲིད་པ་ཡིན་པས་སོ་ཞེ་ན། བདེན་མོད་ཀྱི་འོན་ཀྱང་འདིར་རྒྱས་འབྲས་བུ་བསྟན་པ་ཡིན་ཏེ། དོན་དུ་གཉེར་བ་དགེ་བའི ་ཆོས་ལ་འདུན་པའི་མཚན་ཉིད་དོན་དུ་གཉེར་བ་ཡོད་ན་འཚང་རྒྱ་བ་ཉིད་ཀྱི་དོན་དུ་སེམས་བསྐྱེད་པ་ཡིན་ནོ།། དེ་ལྟར་ན་འདུན་པའི་རྩ་བ་ནི་དགེ་བའི་ཆོས་རྣམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པའི་རྗེས་སུ་མཐུན་པར་འགྱུར་རོ།། ཡང་ན ་དོན་དུ་གཉེར་བ་ནི་སྨོན་ལམ་ཡིན་ཏེ། དེ་དང་ལྷན་ཅིག་སྤྱོད་པ་ཉིད་ཀྱི་ཕྱིར་སེམས་བསྐྱེད་པའི་དོན་དུ་གཉེར་བ་ཉིད་ལ་སེམས་བསྐྱེད་ཅེས་བྱའོ།། དེ་ལྟར་བྱས་ནས་ཡང་སྨོན་ལམ་དང་ལྷན་ཅིག་སྤྱོད་པའི་སེམས་བསྐྱེད་པ་ཞེས་བྱ་བ་ལ་སོགས ་པ་སེམས་བསྐྱེད་པར་འགྱུར་བར་འཐད་པ་ཡིན་ནོ།། ཞེས་གང་གཙོ་བོ་ཡིན་པ་འདིར་བསྟན་ཏེ། དོན་དུ་གཉེར་བ་ཅན་གང་ཡིན་པ་སེམས་བསྐྱེད་པའི་གཙོ་བོ་ཡིན་པར་རྣམ་པར་གཞག་པར་བྱས་སོ།། དཀར་པོའི་ཆོས་རྣམས་དང་གཞན་གྱི ་དོན་དེ་ཡང་གང་ཡིན་ཞེ་ན། དེ་རྣམས་དེ་དང་དེ་ནི་མདོ་བཞིན་དུ།། བསྡུས་དང་རྒྱས་པའི་སྒོ་ནས་བརྗོད།། དེ་དང་ཞེས་བྱ་བ་ནི་དཀར་པོའི་ཆོས་རྣམས་སོ།། དེ་ནི་ཞེས་བྱ་བ་ནི་གཞན་དྲོན་ཏོ།། དེ་ལ་འདིར་མདོ་ཇི་ལྟ་བ་བཞིན་དུ་དེ་དག ་གིས་མདོར་བསྡུས་ནས་བསྟན་ཏོ།། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་འཚང་རྒྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་གང ་གསུངས་པ་ཡིན་ནོ།། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་འཚང་རྒྱ་བས་དཀར་པོའི་ཆོས་ཐམས་ཅད་ནང་དུ་འདུས་པར་གྱུར་པ་ཡིན་ནོ།། དེ་ལྔ་འདིར་མདོ་དེ་དག་གི་རྒྱས་པར་བསྟན་པ་ནི་ཤཱ་རིའི་བུ་འདི་ལ ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་གནས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། མི་གནས་པའི་སྦྱོར་བ་སྦྱིན་པ་པོ་དང་། སྦྱིན་པར་བྱ་བ་དང་། ལེན་པ་པོ་མི་དམིགས་པས་སྦྱིན་པའི ་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ནས་བརྩམས་ཏེ། ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་རྣམས་ནི་མངོན་པར་རྟོགས་པ་བདུན་དང་། ཆོས་ཀྱི་སྐུ་མཛད་པ་དང་བཅས་པ་བསྡུས་པའི་རྒྱས་པར ་བསྟན་པ་ཡིན་ཏེ། ཇི་སྙེད་རྫོགས་པར་མཐོར་ཐུག་པའི་བར་དུ་གསུངསོ།། ལྷག་མ་སེམས་བསྐྱེད་པའི་སྐབས་སུ་འདི་འདོད་པ་དང་། དེ་དག་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ།། ཞེས་བྱ་བའི་མདོའི་གཞུང་འགྲོལ་པ་ཉིད ་ཀྱིས་དོན་རྒྱས་པར་བསྟན་པས་ཡང་འདིར་རྣམ་པར་མ་ཕྱེའོ།། ད་ནི་གང་ཞིག་བསྡུས་པ་རྣམས་ཀྱི་ཚིག་བཤད་པར་བྱ་སྟེ། མི་གཙང་བའི་འདུ་ཤེས་དགུ་བསྒོམ་པར་བྱའོ་ཞེས་གང་གསུངས་པ་ལ། རྣམ་པར་བམ་པའི་འདུ་ཤེས་དང་། ་འབྲུ་ཅན་གྱི་འདུ་ཤེས་དང་། རྣམ་པར་རྣག་པའི་འདུ་ཤེས་དང་། རྣམ་པར་དམར་བའི་འདུ་ཤེས་དང་། རྣམ་པར་བསྔོས་པའི་འདུ་ཤེས་དང་། རྣམ་པར་ཟོས་པའི་འདུ་ཤེས་དང་། རྣམ་པར་འཐོར་བའི་འདུ་ཤེས་དང་། རྣམ་པར་རུས ་པའི་འདུ་ཤེས་དང་། རྣམ་པར་ཚིག་པའི་འདུ་ཤེས་སོ།། དེ་ལ་རྐྱལ་པ་རླུང་གིས་བུས་པ་བཞིན་དུ་སྲོག་མཐར་ཐུག་པའི་རྗེས་ལ་རིམ་གྱིས་ལུས་རྒྱས་པར་འགྱུར་ཏེ། མ་ལུས་པར་རྣམ་པར་བམ་པས་རྣམ་པར་བམ་པ་སྟེ། ད་ནི་དབྱིབས ་ལ་ཆགས་པ་རྣམས་ལུས་ཀྱི་དབྱིབས་དེའི་རྒུད་པ་སྟོན་པས་འདི་བསྒོམ་པར་བྱའོ།། གང་ཕྱི་དང་ནང་དང་བར་རྣམ་པ་དུ་མར་འབུས་གཞིགས་པས་ན་འབུ་ཅན་ཏེ། དེ་ནི་ནང་ཁོང་སྟོང་དུ་གྱུར་པ་སྣང་བས་ལུས་རྒྱས་པར་གྱུར་པ་ལ་ཆགས་པ ་རྣམས་ཀྱི་གཉེན་པོའོ།། གནས་ཐ་དད་ནས་འཛག་པས་རྣམ་པར་འཛག་པ་སྟེ། དེ་ནི་ལུས་ཀྱི་ནང་དང་འབྲེལ་པ་ལས་དྲི་ང་བར་སྣང་བས་ཕྲེང་བ་དང་དྲི་ལ་སོགས་པའི་དབང་ལས་བྱུང་བའི་དྲི་ལ་སོགས་པ་ལ་ཆགས་པ་རྣམས་ཀྱི་གཉེན ་བོའོ།། ཕན་ཚུན་དུ་རྣམ་པར་དམར་བར་འཐོར་ཞིང་གྱེས་ལ་འཛག་པས་ན་རྣམ་པར་དམར་བ་སྟེ། དེ་ནི་རྣམ་པར་དམར་བིས་གོས་ཤིང་མི་མཐུན་པའི་དངོས་པོར་སྣང་བས་རྒྱན་གྱིས་བརྒྱན་པས་མཛེས་པ་ཤྭ་ལ་ཆགས་པ་ཅན ་གྱི་གཉེན་པོའོ།། རྣམ་པར་གསལ་བར་སྤྲོ་བས་ནུ་རྣམ་པར་བསྔོས་པ་སྟེ། ཁ་དོག་ཐ་དད་པར་མཚུངས་པའི་གནས་སུ་ཟངས་ཀྱི་མདོག་དང་། རྣག་འཛག་པའི་གནས་སུ་སྐྱེལ་བ་དང་། སྔོན་པོའི་གནས་དེར་ཕྱིན་ཞིང་སྔོ་བ་རུས ་སྔོན་པོས་གཡོགས་པ་ལྟ་བུ་སྟེ། འདི་ནི་རོའི་ལུས་ཀྱི་ཆོ་ག་བླ་དགས་སོ།། དེ་ནི་ལྤགས་པ་ལ་ཆགས་པའི་རྒྱུད་པ་སྟོན་པས་ལུས་ཀྱི་ཁ་དོག་ལ་ཆགས་པ་རྣམས་ཀྱི་གཉེན་པོའོ།། ཁྱོ་དང་ཅེ་སྤྱད་ལ་སོགས་པས་ཕན་ཚུན་དུ་རྣམ་པ་སྣ་ཚོགས ་པར་ཟོས་པ་ནི་རྣམ་པར་ཟོས་པ་སྟེ། དེ་ནི་ཤ་རྒྱས་པ་འཇིག་པར་སྟོན་པས་དེ་ནི་ནུ་མ་ལ་སོགས་པ་བྱི་ཤ་རྒྱས་པ་ལ་ཆགས་པ་རྣམས་ཀྱི་གཉེན་པོའོ།། ལག་པ་ཡང་གཞན་དུ། མགོ་བོ་ཡང་གཞན ་དུ་རྐང་པ་ཡང་གཞན་དུ་སྣ་ཚོགས་པར་ཟོས་འཐོར་བས་རྣམ་པར་འཐོར་བ་སྟེ། དེ་ནི་ཡན་ལག་དྲང་ཉིད་ལག་རྣམ་པར་འཐོར་བར་སྣང་བས་ཡན་ལག་དང་ཉིང་ལག་གི་སྒེག་པ་ལ་ཆག་པ་རྣམས་ཀྱི་གཉེན་པོའོ།། རུས་པ་ཉིད ་ནི་རུས་གོང་སྟེ། རུས་པའི་གོང་རེ་སྦྲེལ་པས་ཚོགས་གཅིག་པའི་དབང་དུ་བྱས་པ་ཡིན་ཏེ། དེ་ནི་ལུས་ཀྱི་རུས་པའི་མི་མཐུན་པའི་དངོས་པོར་སྣང་བས་སོ་ལ་སོགས་པར་རུས་པའི་འབྱོར་པ་ལ་ཆགས་པ་རྣམས་ཀྱི་གཉེན་པོའོ།། མ་ལུས ་པར་རྣམ་པར་ཚིག་པས་རྣམ་པར་ཚིག་པ་སྟེ། དེ་ནི་ལྤགས་པའི་དབྱིབས་དང་མི་མཐུན་པར་འཐུན་པར་འཁུམས་པར་སྣང་བས་ཁ་དོག་དང་དབྱིབས་ལ་འདོད་ཆགས་པ་རྣམས་ཀྱི་གཉེན་པོར་བསྒོམ་པ་སྟེ། ལུས་འདི་ཡང་ཤི་བའི་རོ་དང་འདྲའོ་ཞེས ་དང་པོའི་ཚིག་བཞིན་ནོ།། མི་སྡུག་པའི་འདུ་ཤེས་བཅུར་གཞན་དག་འདོད་དེ། རྣམ་པར་ཚིག་པའི་འདུ་ཤེས་མ་གཏོགས་པ་རུས་པ་རྣམས་གཏུབས་པས་རྣམ་པར་འཐོར་བའི་འདུ་ཤེས་ཏེ། ཚོགས་པའི་ལུས་ལ་ཆགས་པའི་གཉེན ་པོར་མཚོན་ལ་སོགས་པས་ལུས་གཏུབས་པས་ཐ་དད་པར་རྣམ་པར་འགྱུར་བ་བསྟན་པའི་ཕྱིར་རོ།། འབུས་གཞིགས་པའི་སྲིན་བུའི་འདུ་ཤེས་ནི་ཡང་ལུས་ལ་བདག་དུ་ཆགས་པར་ཚུངས་པར་ལྟ་བའི་གཉེན་པོར་སྲིན་བུའི་རིགས ་དུ་མས་ལུས་ཁྱབ་པའི་རང་བཞིན་ཅན་དུ་བསྟན་པའི་ཕྱིར་རོ།། དེ་ལ་དང་པོ་རྣམ་པར་འཐོར་བའི་འདུ་ཤེས་ཉིད་ཡིན་ནོ།། གཉིས་པ་ཡང་གཉེན་པོར་གྱུར་པ་ཉིད་མ་ཡིན་ཏེ། བདག་ལ་ཆགས་པ་དང་། འཇིགས་ཚོགས་ལ་དེའི་ལུས་སུ་ལྟ་བའི ་གཉེན་པོར་མཚུངས་པའི་ཕྱིར་རོ།། རྣམ་པར་ཚིག་པའི་འདུ་ཤེས་ནི་ཡང་ཁ་དོག་དང་དབྱིབས་ལ་ཆགས་པའི་གཉེན་པོ་ཡིན་པའི་ཕྱིར་འདི་ནི་གདོན་མི་ཟ་བར་གྲངས་སུ་ཉེ་བར་བརྗོད་པར་བྱའོ།། དེ་ཉིད་ཀྱི་ཕྱིར་མི་སྡུག་པའི་འདུ་ཤེས་དགུ ་ཉིད་ལེགས་པ་ཡིན་ནོ།། སྐྱེས་བུ་ཆེན་པོའི་རྣམ་པར་རྟོག་པ་བརྒྱད་ཅེས་བྱ་བ་ནི་མདོ་ཇི་ལྟ་བ་བཞིན་ནོ།། མདོ་ལས་ཇི་ལྟར་འབྱུང་ཞེ་ན། འདི་ནི་འདོད་པ་ཆུང་བ་རྣམས་ཀྱི་ཆོས་ཡིན་གྱི་འདོད་པ་ཆེ་བ་རྣམས་ཀྱི་མ་ཡིན་པ་དང་། འདི་ནི་ཆོག ་ཤེས་པ་དང་། རབ་ཏུ་རྣམ་པར་དབེན་པ་དང་། བརྩོན་འགྲུས་བརྩོན་པ་དང་། དྲན་པ་ཉེ་བར་བཞག་པ་དང་། མཉམ་པར་འཇོག་པ་དང་། ཤེས་རབ་དང་ལྡན་པ་རྣམས་ཀྱི་ཡིན་གྱི་ཤེས་རབ་འཚལ་བ་རྣམས་ཀྱི་ནི་མ་ཡིན་ནོ།། སྐྱེས ་བུ་ཆེན་པོའི་རྣམ་པར་རྟོག་པ་བདུན་པོ་འདིས་གནས་བརྟན་མོའུ་འགུལ་གྱི་བུ་གནས་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་མོའུ་འགལ་གྱི་བུ་སྐྱེས་བུ་ཆེན་པོའི་རྣམ་པར་རྟོག་པ་བརྒྱུད་པོ་འདྲི་ལ་རྣམ་པར་རྟོགས་ཤིག། འདི་ནི་སྤྲོས་པ ་མེད་པའི་ཆོས་དང་། སྤྲོས་པ་མེད་པའི་ཀུན་དགའ་ར་བ་ལ་བལྟོས་པ་མེད་པའི་ཀུན་དགའ་ར་བའི་ཚུལ་དང་ལྡན་པ་ཡིན་ནོ་ཞེས་གསུངས་སོ།། དེ་ལ་འདོད་པ་ཆུང་བས་ནི་ཆོས་བཞི་སྤོང་སྟེ། འདི་ལྟར་ཚུལ་འཆོས་པ་དང ་ཁ་གསག་དང་། གཞོགས་སློངས་དང་། ཐོབ་ཀྱིས་འཇལ་བའོ།། དེ་ལ་ཚུལ་འཆོས་ཞེས་བྱ་བ་ནི་མདོ་ཇི་ལྟ་བ་བཞིན་དུ་སྟེ། འདི་ན་འགའ་ཞིག་རྙེད་པར་འདོད་ཅིང་རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ ་བཅད་པ་འདོད་ལ་སེམས་བལྟོས་པ་དང་བཅས་པས་བཅིངས་པས་དགོན་པ་པར་གྱུར་པ་འམ། ཕྱག་དར་ཁྲོད་པ་འམ། སྟན་གཅིག་པ་ནས་སྦྱངས་པའི་ཡོན་ཏན་གང་ཡང་རུང་བ་ལ་ཉེ་བར་བསྟེན་ཏེ་གནས་པ་ན་དེ་འདི་སྙམ་དུ་སེམས་ཏེ། ་བདག་ལ་གཞན་དག་གིས་བསྙེན་བཀུར་བྱེད། བླ་མར་བྱེད། མཆོད་པར་བྱེད། བརྗེད་པར་བྱེད་ན་ཅི་མ་རུང་། བདག་ཀྱང་རྙེད་པ་དྲང་། བཀུར་སྟི་དང་། ཚོགས་སུ་བཅད་པ་བསྒྲུབ་པ་ཡང་བྱའོ་སྙམ་དུ་སེམས་ཤིང་། དེ་རྙེད་པ་དང་བཀུར ་སྟི་དོན་དུ་གཉེར་བས་རྙེད་པ་ལ་སོགས་པོའི་བསྔགས་པོ་བརྗོད་ཅིང་། ཚུ་ལོ་དེ་ལྟ་བུའི་སྤྱོད་ལམ་ལ་རྟོག་པ་འདི་ནི་ཚུལ་འཆོས་པ་ཞེས་བྱའོ།། ཁ་གསག་ཅེས་བྱ་བ་ནི་འདི་ནི་གང་ཞིག་རྙེད་པོ་དང་བཀུར་སྟིའི་བལྟོས་པ་དང་བཅས་པས ་གཞན་དག་ལ་འདི་ལྟར་ཁྱེད་ནི་བདག་གི་མ་དང་དྲ་བ་དང་། ཕ་ཇི་ལྟ་བ་དང་། སྤྱན་ཟླ་ཇི་ལྟ་བ་དང་། ཉེ་དུ་གང་ཡང་རུང་བ་ཇི་ལྟ་བ་དང་། སྟུག་གི་གཉེན་འཚམས་འདྲ་བ་ཡིན་ཏེ། ཁྱོད་ནི་དེ་ལྟར་ཡིན་པ་དེས་ནི་ཁྲོ་བོས་སྦྱིན་པ་ལ་སོགས ་པ་ཡང་ཁྱེད་ཅག་གི་དོན་དུ་ཡིན་ནོ།། ཁོ་བོ་ནི་ཁྱོད་ཅག་གི་དོན་དུ་ཐག་རིང་པོ་ནས་ཀྱང་ཁྱེད་ཀྱི་ཐད་དུ་འོང་ཞིང་འདིར་གནས་པ་ཡང་ཁྱེད་ཅག་ཉིད་ཀྱི་དོན་ཡིན་ནོ།། ཞེས་ཟེར་ན་ཡང་ངོ་རྣམས་མང་དུ་དེ་ལ་བཀུར་སྟི་མི་བྱེད་པ་ན་རྙེད་པ་དོན་དུ ་གཉེར་ཞིང་རྙེད་པ་ལ་སོགས་པ་འདོད་པའི་བལྟོས་པ་དང་བཅས་པས་སེམས་བཅིང་བས་གཞན་དག་ལ་ཚུལ་དེ་ལྟ་བུར་ཁ་གས་ག་སྨྲ་ཞིང་ཡོངས་སུ་སྨྲ་བས་དགོས་པའི་དོན་གྱི་འབྲས་བུ་དང་འབྲེལ་བའི་གཙམ་གསག་གི་ལས་བྱེད་པ ་འདི་ནི་ཁ་གསག་ཅེས་བྱའོ།། གཞོགས་སློངས་ཞེས་བྱ་བ་ནི་འདི་ནི་རྙེད་པའི་ཕྱིར་དངོས་པོ་དེ་དང་དེ་ལ་མི་གསལ་བར་གཞོགས་ཀྱིས་རྙེད་པའི་ལས་བྱེད་པ་སྟེ། ལྷུང་བཟེད་འདི་ནི་མཛེས་ཞེས་སམ། ཆོས་གོས་སམ། སྣམ་སྦྱར་རམ ་མལ་སྟན་ནམ། ལྡེ་མིག་ཀྱོག་པོ་འདི་ནི་བཟང་ངོ་ཞ་འམ། ཡོ་བྱད་འདི་བཟང་ངོ་།། གལ་ཏེ་ཁོ་བོས་འདི་ལྟ་བུ་ཞིག་རྙེད་ན་བཅང་བར་བྱ་བ་ན་སྦྱིན་པ་པོ་ཡང་རྙེད་པར་དཀའོ།། གང་ཡང་རུང་བའི་ཁྱིམ་དུ་སོང་ནས་དེར་འདི་སྐད་ཅེས ་སྨྲས་ཏེ། ཁྱེད་ཀྱི་འབྲས་ཆན་འདི་ནི་བཟང་ངོ་།། བཅའ་བ་འདི་ནི་བཟང་ངོ་།། གོས་འདི་ནི་བཟང་ངོ་།། ཁྱེད་ཀྱི་བཟའ་བར་བྱ་བ་འམ། བཅའ་བོར་བྱ་བ་འདི་ནི་བཟང་ངོ་།། སྔོན་ཆད་ཀྱང་བདག་ཅག་ལ་ཁྱེད་ཀྱིས་བྱིན་པར་གྱུར་ལ་ཁོ་བོ་ཅག ་ཀྱང་ཁྱད་ཀྱིས་བྱིན་པར་བྱས་ན་ཡང་དག་པར་དགའ་ན་ད་ལྟར་ནི་ཁྱེད་ཅག་བདག་ཅག་ལ་བྱིན་པར་བྱ་བ་འམ། བྱེ་བ་བྱེད་པར་མི་སེམས་སོ་ཞེས་དེ་གང་ཡང་རུང་བའི་མི་གསལ་བ་བརྗོད་པས་བརྐོ་བ་ལས་བྱུང་བའི་གཞོགས་སློངས་ཀྱི་ལས་ཀྱིས ་དངོས་པོ་དེ་དང་དེ་བརྗོད་པར་བྱེད་པ་འདི་ནི་གཞོགས་སློངས་ཞེས་བྱའོ།། ཐོབ་ཀྱིས་འཇོལ་བ་ཞེས་བྱ་བ་ནི་འདི་ནི་འགའ་ཞིག་རྙེད་པ་དོན་དུ་གཉེར་ཞིང་། རྙེད་པ་ལ་སོགས་པ་འདོད་པའི་བལྟོས་པ་དང་བཅས་པས་སེམས་བཅིངས་པས་གཞན ་ལ་འདི་སྐད་ཅེས་སྨྲས་ཏེ། ཁྱེད་ཀྱི་མ་ལ་ཡང་སྦྱིན་པར་མི་བྱ། ཕ་ལ་ཡང་མ་ཡིན། སྲིང་མོ་ལ་ཡང་མ་ཡིན། ཉེ་དུ་དང་། སྣག་གི་གཉེན་མཚམས་གང་ཡང་རུང་བ་གཞན་དག་ལ་ཡང་སྨིན་པར་མི་བྱེད་ན་ཁྱེད ་ཀྱིས་གང་ཞིག་ལྔ་སྦྱིན་པར་བྱེད་པ་ཡིན། གང་ཞིག་གི་ཁྱིམ་དུ་སོང་ནས་ཀྱང་དེ་ལ་ཁྱིམ་དུ་སོང་ན་དེ་ཉིད་ཀྱི་ཁྱིམ་དུ་སོང་དགྲ་བཅོམ་པ་བཞུགས་ཤིང་ཁྱེད་དང་འདྲ་བར་མི་བྱ། དགྲ་བཅོས་པ་དང་ལྷན་ཅིག་ཏུ་གནས་པོ་དང་། ལྷོན་ཅིག་ཏུ་འདུག ་པ་དང་འབྲེལ་བའི་གཽཏམ་སྨྲས་པར་གྱུར་པ་ནི་ཁྱེད་རྙེད་པ་ཆེན་པོ་རྙེད་པ་ཡིན། འབྱོར་པ་ལེགས་པར་ཐོབ་པ་ཡིན། ཁྱེད་ཀྱིས་མིར་རྙེད་པ་དོན་ཡོད་པ་ཡིན་ནོ།། དེ་འདྲི་སྙམ་དུ་སེམས་ཏེ། འདི་ཡང་འདི་སྙམ་དུ་སེམས་སུ་གཞུག་པར་ཡང ་བྱ་སྟེ། བདག་གི་ཁྱིམ་དུ་འཕགས་པ་མ་གཏོགས་པ་དགེ་སློང་ངམ། བྲམ་ཟེ་སུ་ཡང་འཇུག་པར་མི་བྱེད་ལ། འཕགས་པ་འདི་ནི་གལ་ཏེ་དགྲ་བཅོམ་པ་ཡིན་ནོ་སྙམ་དུ་སེམས་པར་བྱེད་དོ།། གང་དུ་རྙེད་པ་དོན་དུ་གཉེར་ཞིང་རྙེད་པ་ལ ་བལྟོས་པ་དང་། བཅས་པ་སེམས་བཅིངས་པ་དེ་དེ་ལྟ་བུའི་ཚུལ་དུ་གཞན་རྣམས་ལ་ངེས་པར་སྒྲོགས་པ་ནི་ཐོབ་ཀྱིས་འཇལ་བ་ཞེས་བྱའོ།། ཆོ་ག་ཤེས་པས་ནི་རྙེད་པས་རྙེད་པ་འདོད་པ་སྤོང་བར་བྱེད་པ་ཡིན་ནོ།། དེ་ལ་རྙེད་པས་རྙེད་པ ་ཚོལ་བ་ཞེས་བྱ་བ་ནི་འདི་ལ་འགའ་ཞིག་རྒྱལ་པོ་འམ། རྒྱལ་པོའི་བློན་པོ་ཆེན་པོ་འམ། བྲམ་ཟེ་འམ། ཁྱིམ་བདག་གམ། གཞན་གང་ཡང་རུང་བས་ལྷུང་བཟེད་དམ། ཆོས་གོས་སམ། སྣོམ་སྦྱར་རམ། ལྡེ་མིག་ཀྱོག་པོ་འམ། ་གདིང་བ་བྱམ། ཡོ་བྱད་གང་ཡང་རུང་བ་གཏེར་བ་ཡོད་ན་དེ་ཡོངས་སུ་བླངས་ནས་གཞན་དག་ལ་བསྟོད་ཅིང་འདེམས་ཏེ། འདི་ནི་བདག་ལ་རྒྱལ་པོ་ཆེ་གེ་མོ་ཞེས་བྱ་བ་འམ། དམ་པར་གྱུར་པ་གཞན་ཞིག་བདག་ལ་མཆོག་སྦྱིན་ནོ་ཞེས་སྨྲས ་བ་ན་འདི་སྙམ་དུ་ཅི་ནས་རེ་ཤིག་དེ་ལྟ་བུ་ཡང་འཕགས་པ་འདི་ལ་སྦྱིན་ཞིང་བྱ་བ་བྱེད་ན། ཁྲོ་བོས་ཀྱང་འཕགས་པ་ལ་སྦྱིན་པར་བྱ་ཞིང་བྱ་བ་ཅིའི་ཕྱིར་མི་བྱ་སྙམ་དུ་སེམས་སུ་གཞུག་པ་འདི་ནི་གཞན་གྱི་རྙེད་པ་གཞན་འཚོལ་བས་རྙེད་པས ་རྙེད་པ་གཞན་འཚོ་ལྔ་བ་ཞེས་བྱའོ།། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇོག་པོ་ཞེས་བྱ་བ་ནི་ལམ་ཤེས་པ་ལ་མཐོང་བའི་ལ་མོ་དེའི་དབང་དུ་བྱས་ནས་བསྟན་ཏོ།། ཕྱིར་མི་ལྡོག་པའི་ས་ལ་གནས་ཞེས་བྱ་བ་ནི་ཕྱིར་མི་ལྡོག་པའི་སུ་ལ ་གནས་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་གང་གསུངས་པ་ཡིན་ནོ།། གང་དེ་ལྟ་ཡིན་ན་རིན་ཆེན་ཟླ་བས་ཞུས་པའི་མདོ་དང་། རིན་ཆེན་འཕྲེང་བའི་མདོའི ་རྗེས་སུ་འབྲངས་ནས། བཅོམ་ལྡན་དཔལ་བཟང་དཔལ་བཟང་ཞེས་བྱ་དང་ཙན་དན་དཔལ་ཙན་དན་དཔལ་ཞེས་བྱ་དང་། གཞན་ཡང་མཐའ་ཡས་སྣང་བ་བཀོད་དཔལ་ཞེས་བྱ་རྫོགས་སངས་རྒྱས་སུ་གྲགས་པ་དང་། ཏོག་དཔལ་ཏོག་དཔལ་ཞེས ་བྱ་དང་ནི་མྱ་ངན་མེད་དཔལ་དང་ནི་རྣམ་ཀུན་མྱ་ངན་མེད་དཔལ་དང་། རིན་ཆེན་མཆོད་པ་རིན་ཆེན་མཆོད་པ་ཞེས་བྱ་དང་ནི་བདེ་གཤེགས་མེ་ཏོག་དཔལ་ཞེས་བྱ་བ་དང་། རྒྱལ་བ་བརྩོན་འགྲུས་གསུམ་གྱིས་རོལ་པ་བརྩོན་འགྲུས་གསུམ་གྱི ་རོལ་པ་ཞེས་བྱ་བ་། འོད་དཔལ་འོད་དཔལ་ཞེས་བྱ་བཅོམ་ལྡན་ཡོན་དཔལ་ཡོན་དཔལ་མཚནས་བྱ་བ་ནི། བཅོམ་ལྡན་བཅོམ་ལྡན་ཕྱོགས་བཅུ་དགུན་གང་དག་བཞུགས་པའི་བཅོམ་ལྡན་གྱི། དེ་རྣམས ་ནི་མཚན་རྣམས་བཟུང་བར་བྱས་ན་ཕྱིར་མི་ལྡོག་ཉིད་འགྱུར་བ་ལགས་ཞེས་གསུངས་པ་དང་། དེ་བཞིན་དུ་སེམས་ཅན་ཇི་སྙེད་ཀྱིས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་མཚན་ཐོས་པ་དེ་དག་ཐམས་ཅད་ཕྱིར་མི་ལྡོག་པར་འགྱུར་རོ།། ་བྲིས་བྱ་བ་ལ་སོགས་པ་གསུངས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྩོན་པ་ནི་ཕྱིར་མི་ལྡོག་བྱའི་ས་ལ་གནས་པའི་རྒྱུར་གྱུར་པ་དང་ཐ་དད་པདྨ་སྣང་བ་ཇི་ལྟར་ཡིས་ཞེ་ན། བསྣུན་པ་འང་ནི་དགོངས་པ་ཅན་ཡིན ་ཇི་སྐད་དུ།། དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་ཐོས་པ་ལས་རིགས་ཀྱི་བུ་དགུ་ཕྱིར་མི་ལྡོག་པའི་ས་བོན་བསྐྱེད་པ་གཟིགས་ནས་སེམས་ཅན་ཕྱིར་མི་ལྡོག་པར་ལུང་བསྟན་པ་ཡིན་གྱི། དེ་རྣམས་ཀྱི་མཚན་ཐོས་པའི ་མྱོང་ལ་ཕྱིར་མི་ལྡོག་པར་འགྱུར་པ་ནི་མ་ཡིན་ནོ།། རིགས་ཀྱི་དཔེར་ན་ཤིང་འགའ་ཞིག་ཉིད་ཀྱི་ས་བོན་ཁྱད་པར་ཅོན་དུ་གྱུར་པའི་ས་བྱོན་རྣམ་པར་གྱུར་པ་དེ་ཡང་ས་བོན་གྱི་སྐྱོན་ཐམས་ཅད་དང་བྲལ་བར་གྱུར་ཅིང་འདིའི་རྐྱེན་རྣམས ་ཚོགས་པར་གྱུར་པ་ལས་མྱུ་གུ་སྐྱེད་པའི་ཕྱིར་རོ།། རིགས་ཀྱི་བུ་དེ་ལ་ས་བོན་ཞེས་ཇི་ལྟར་བརྗོད་པར་བྱ།། བཅོམ་ལྡན་འདས་ས་བོན་གྱི་ཉེས་པ་ཐམས་ཅད་སྦྱངས་པས་ཡོངས་སུ་རྫོགས་པ་ཞེས་བརྗོད་པར་བགྱིའོ།། རིགས་ཀྱི་བུ ་དེ་བཞིན་དུ་མཚན་ཐོས་པར་གྱུར་པ་ཙམ་གྱིས་ཕྱིར་མི་ལྡོག་པའི་ས་བོན་དང་ལྡན་པས་ན། སེམས་ཅན་ཐམས་ཅད་ཕྱིར་མི་ལྡོག་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལྔས་ཕྱིར་མི་ལྡོག་པར་འགྱུར་རོ་ཞེས་གསུངས ་པ་ཡིན་ནོ།། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པ་ཙམ་ཉིད་ཕྱིར་མི་ལྡོག་པའི་རྒྱུར་འཐད་པ་ཡིན་ནོ།། ཕྱིར་མི་ལྡོག་པའི་ས་གང་། བྱང་ཆུབ་སེམས་དཔའི་ས་བརྒྱད་པ་འདི་ལྟར་ཕྱིར་མི་ལྡོག་པ་ཡེ་ཤེས་ཕྱིར་མི་ལྡོག ་པའི་ཕྱིར་ཕྱིར་མི་ལྡོག་པའི་ས་ཞེས་བརྗོད་དོ་ཞེས་བྱ་བ་ནི་ཡེ་ཤེས་ལྡོག་པ་མེད་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ།། སངས་རྒྱས་ཀྱི་རིགས་སུ་སྐྱེས་པས་ཞེས་བྱ་བ་ནི་འདི་ཡིན་ཏེ། གང་སངས་རྒྱས་ཀྱི་རིགས་སུ་སྐྱེ་བར་འདོད་པས་ཞེས ་བྱ་བ་ལ་སོགས་པ་གསུངས་སོ།། འདིར་ཁ་ཅིག་ནཱ་རེ་བདེན་པ་དང་། གཏོང་བ་དང་། ཤེས་རབ་དང་། ཉེ་བར་ཞི་བ་ལ་བསྟེན་ཏེ། སངས་རྒྱས་ཀྱི་རིགས་ཡིན་ནོ་ཞེས་ཟར་རོ།། གཞན་དག་ནི་འདི་ལྟར་སངས་རྒྱས་རྣམས ་ཀྱིས་སངས་རྒྱས་ཉིད་དུ་བསྐྱེད་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བྱའོ་ཞེས་ཟེར་རོ།། གཞན་དག་ནི་འདི་ལྔས་སྤངས་རྒྱས་ཇི་ལྟར་འཁྲུངས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སངས་རྒྱས་རྣམས་ཀྱི་ཡུམ་ཡིན་ལ། ་ཐབས་ལ་མཁས་པ་ནི་ཡོ་བ་ཡིན་ཏེ། དེ་གཉིས་ལས་སངས་རྒྱས་འབྱུང་བས་ན་སངས་རྒྱས་རྣམས་ཀྱི་རིགས་ཡིན་ནོ། འོ།། གཞན་དག་ནི་སངས་རྒྱས་ཀྱིས་བཅས་པའི་ཆོས་རྣམས་ནི་བསླབ་པ་སྟེ། དོར་ཕྱིར་བསླབ་པ་ཡང ་དག་པར་བླངས་པས་ནི་སངས་རྒྱས་ཀྱི་རིགས་སུ་སྐྱོ་བར་འགྱུར་རོ་ཞེས་ཟེར་རོ།། གཞན་དག་ནི་ཞོ་གནས་དང་ལྷག་མཐོང་ནི་དགེ་བའོ་ཆོས་ཐམས་ཅད་ཀྱི་གཙོ་བོ་ཡིན་པའི་ཕྱིར་སངས་རྒྱས་ཀྱི་རིགས་ཡིན་ནོ་ཞེས་ཟེར་རོ།། ་བྱང་ཆུབ་སེམས་དཔའ་ད་ལྟར་གྱི་སངས་རྒྱས་ལ་མངོན་དུ་ཕྱོགས་པའི་ཏིང་ངེ་འཛིན་དང་སྙིང་རྗེ་ཆེན་པོ་གཉིས་ནི་སངས་རྒྱ་ཀྱི་རིགས་ཡིན་ནོ་ཞེས་གཞན་དག་ཟེར་རོ།། གཞོན་ནུའི་ས་ལས་འདའ་བར་འདོད་པ་ཞེས་བྱ་བ་ནི་ས་བརྒྱད་པ་ལ་སངས ་རྒྱས་རྣམས་ཀྱིས་དེ་ཡང་དག་པར་བསྐུལ་ནས་ཡང་སེམས་ཅན་གྱི་དོན་མངོན་དུ་བྱེད་པ་ལ་འཇུག་པའི་ཕྱིར་རོ།། དགེ་བའི་སེམས་བསྐྱེད་པ་ཅིག་ཀྱང་མི་ཟད་པར་བྱ་བར་འདོད་པས་ཞེས་གང་གསུངས་པ་དང་། བྱང་ཆུབ་ཆེན་པོར་ཡོངས་སུ ་བསྔོས་པའི་དགེ་བའི་རྩ་བ་ཆུང་ངུ་ཡང་རྒྱ་མཚོ་ཆེན་པོར་ཆུའི་ཐིགས་པ་གཅིག་བོར་བའི་དཔེས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཟད་པ་མེད་པར་འགྱུར་བའི་ཕྱིར་རོ།། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྗེས་སུ་རྟོག་པར་འདོད་པས ་ཞེས་བྱ་བ་ནི། ཆོས་ཐམས་ཅད་ཀྱི་དེ་བཞིན་གང་ཞེ་ན། གང་མི་མཐུན་པ་དང་གཉེན་པོའི་ཕྱོགས་ཀྱི་བསྡུས་པའི་ཆོས་རྣམས་ཀྱི་ཆོས་ཉིད་དོ།། ཆོས་ཀྱི་དབྱིངས་དེ་བཞིན་ཉིད་རྗེས་སུ་རྟོགས་པར་འདོད་པས་ཞེས་བྱ་བ་ནི་ཁྱད་པར་གང་གིས་ཆོས ་ཀྱི་དབྱིངས་ལ་རིགས་ཞེས་བྱ་བར་འཆད་པར་འགྱུར་བ་དེའི་ཆོས་ཉིད་གང་ཡིན་པའོ།། ཡང་དག་པའི་མཐའ་ཐམས་ཅད་ཀྱི་དེ་བཞིན་ཉིད་རྗེས་སུ་རྟོགས་པར་འདོད་པས་ཞེས་བྱ་བ་ནི་ཡང་དག་པའི་མཐའི་ཡེ་ཤེས་ཐམས་ཅད་ཀྱི་ཕྱིན་ཅི་མ་ལོག་པའི ་ཆོས་ཉིད་གང་ཡིན་པའོ།། ཐམས་ཅད་ཅེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་བསྡུས་པའོ།། རྗེས་སུ་རྟོགས་པ་ཞེས་བྱ་བ་རྗེས་སུ་སྨོས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་དང་རྗེས་སུ་མཐུན་པའི་རྟོགས་པ་ཤེས་པར་བྱ་བའི་ཕྱིར་རོ།། རི ་རྒྱལ་པོ་རི་རབ་ལ་སོགས་པའི་རི་རྣམས་སྒོ་ཉག་མ་གཅིག་གིས་བཅིངས་ནས་འཇིག་རྟེན་གྱི་ཁམས་གཞལ་དུ་མེད་པར་འཕང་བར་འདོད་པས་ཞེས་བྱ་བ་ནི་བདུད་རྩི་བསྲུབས་པ་བྱས་པ་ལྔར་འདི་ལ་མ་དད་པར་མི་བྱ་སྟེ། བྱང་ཆུབ་སེམས་དཔའི་བསམ ་གཏན་ཕུལ་དུ་བྱུང་བས་འདོད་པ་བཞིན་དུ་ཐོབ་པའི་ཕྱིར་ཏིང་ངེ་འཛིན་དང་ལྡན་པ་ལ་གང་ཡང་མི་སྲིད་པ་མ་ཡིན་ཏེ། གདོན་མི་ཟ་བར་འདི་དེ་བཞིན་དུ་ཤེས་པར་བྱའོ།། གཞན་དུ་ན་དེ་བཞིན་དུ་མེ་འབར་བ་དང་། ཆུ་འབབ་པའི་ཆོ་འཕྲུལ་ཡ་མ ་ཟུང་ལ་ཡང་མི་དད་པར་མི་བྱ་བར་མི་རིགས་སོ།། ཡང་སྐྲ་ཉག་མ་གཅིག་གིས་རི་རབ་བཅིངས་པ་དང་འཕང་བ་མེད་མོད་ཀྱི་དུས་དེ་འདྲ་བའི་ཏིང་ངེ་འཛིན་གྱི་ཁྱད་པར་ལ་སྙོམས་པར་ཞུགས་པས་གང་དུ་གདུལ་བྱ་ཕ་རོལ་པོས་དེ་བཞིན་དུ་མཐོང་ཞེས ་བྱ་བའོ།། འདུས་བྱས་དང་། འདུས་མ་བྱས་ཀྱི་ཕ་རོལ་ཏུ་འགྲོ་ཞེས་བྱ་བ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དུ་རྟོགས་པར་བྱེད་པ་ཡིན་ནོ།། དུས་གསུམ་གྱི་སངས་རྒྱས་ཀྱི་དེ་བཞིན་ཉིད་རྗེས་སུ་རྟོགས་པ་ཞེས་བྱ་བ་ནི་དེ་རྣམས་ཀྱི་ཆོས ་སྐུའི་མཚན་ཉིད་ལ་ཁྱད་པར་མེད་པར་བཟུང་བའི་ཕྱིར་རོ།། སངས་རྒྱས་རྣམས་ཀྱི་ནང་གི་འཁོར་ཞེས་བྱ་བ་ནི་ཕྲ་བ་ལ་འཇུག་པའི་ཡེ་ཤེས་དང་། གསང་བ་ལ་འཇུག་པའི་ཡེ་ཤེས་ལ་སོགས་པ་ལ་རྗེས་སུ་ཞུགས་པར་གྱུར་པ་ནི་སངས ་རྒྱས་རྣམས་ཀྱི་ནང་གི་འཁོར་ཞེས་བྱའོ།། ཕྲ་བ་ལ་འཇུག་པའི་ཡེ་ཤེས་ནི་ཡང་ས་བཅུ་པ་ལས་ཇི་སྐད་དུ། སྤྱོད་པ་ཕྲ་བ་ལ་འཇུག་པའི་ཡེ་ཤེས་དང་། འཆི་འཕོ་བ་དང་སྐྱེ་བ་ཕྲ་བ་ལ་འཇུག་པའི་ཡེ་ཤེས་དང་། མངོན་པར ་འབྱུང་བ་ཕྲ་བ་ལ་འཇུག་པའི་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་དང་། ཡང་གསང་བ་ལ་འཇུག་པའི་ཡེ་ཤེས་ནི་ཇི་ལྟར་དེ་ཉིད་ལས་འདི་ལྟ་སྟེ། སྐུའི་གསང་བ་དང་། གསུང་གི་གསང་བ་དང་། ཐུགས་ཀྱི་གསང་བ་དང་། དུས་དང་དུས་མ་ཡིན་པ་ལ་རྣམ ་པར་སྤྱོད་པའི་གསང་བ་དང་། བྱང་ཆུབ་སེམས་དཔའ་རྣམས་ལུང་བསྟན་པའི་གསང་བ་དང་། སེམས་ཅན་རྣམས་བསྡུ་བ་དང་། ཚར་བཅད་པ་ནི་གསང་བའོ་ཞེས་བྱ་བ་ལ་སོགས་པ་གང་གསུང་བ་ཡིན་ཏེ། དེའི་ཕྱིར་གཞན་ཉན་ཐོས་རྣམས་ནི་ཕྱིའི་འཁོར ་ཞེས་བྱའོ།། ལྷའི་སྡེ་རྣམས་དང་། བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོའི་འཁོར་གྱི་ཡོངས་སུ་བསྐོར་ཅིང་མདུན་དུ་བདརཱ་ནས་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་ཞེས་བྱ་བ་ལ། ཀུན་ནས་བསྐོར་བ་ནི་ཡོངས་སུ་བསྐོར་བའོ།། ཆེར་མཆོད་ཅིང་བརྗེད་པ་སྔོན ་དུ་བྱས་པ་ནི་མདུན་དུ་བྱིས་པ་སྟེ། ཕྱོགས་ཡོངས་སུ་ཆད་པ་ནི། མདུན་དུ་བྱས་པ་ལྟར་ནཱ་ནི་སྔ་ཕྱི་འགལ་བར་འགྱུར་བའི་ཕྱིར་རོ།། གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་རྒྱལ་པོ་ཆེན་པོ་བཞི་ཚོགས་ནས་འོག་མཱི་\ུ0f7f་ལྷ་རྣམས ་སུ་གྱུར་པའི་བར་དུ་དེ་དག་འདི་སྙམ་དུ་སེམས་ཏེ། སངས་རྒྱས་འཇིག་རྟེན་དུ་བྱུང་བས་ནི་འཇིག་རྟེན་སྐྱོང་བའི་འཇིག་རྟེན་རྣམས་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་སྟོན་པའི་ཕྱིར་དང་། རང་གི་ཚོགས་ཡོངས་སུ་བསྐང་བར་འདོད་པ ་དང་། ཡོན་ཏན་གྱི་ཕྱོགས་སུ་ཞེན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱའོ།། དེ་ལྔ་རྒྱལ་ཆེན་བཞིའི་རིས་ནི། ལྷུང་བཟེད་ཀྱི་དབང་དུ་མཛད་པ་ཡིན་ཏེ། དེ་རྣམས་ཁམ་གྱི་ཟས་མཆོག་ཏུ་རོ་ཞིམ་པའི་ཡོན་ཏན་དང་ལྡན་ཞིང་མང་བ་ཡིན ་པའི་ཕྱིར་ཏེ། གསལ་རྒྱལ་གྱིས་ཞུས་པ་དཔེར་བྱེད། སུམ་ཅུ་རྩ་གསུམ་པ་ལ་སོགས་པ་ནི་རིམ་གྲོ་བྱེད་པའི་དབང་དུ་མཛད་པ་ཡིན་ཏེ།། དེ་རྣམས་ནི་རྒྱུ་རྩལ་མ་ལུས་པ་ལ་མཁས་པས་འདོད་པ་ཙམ་ལ། རགྣ་ལས་པ་འཇུག་པ་ཡོད་པའི་ཕྱིར ་རོ།། ཚངས་ནིས་ལ་སོགས་པ་ནི་གསོལ་བ་འདེབས་པའི་དབང་དུ་མཛད་པ་ཡིན་ཏེ། དེ་རྣམས་ཀྱིས་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་འདོད་ཚོགས་དང་བྲལ་བའི་སྐལ་བ་མཉམ་པས། གཞན་དག་འདོད་ཆགས་དང་བྲལ་བ་ལ། མངོན ་པར་དགའ་བར་བྱེད་པ་ཡིན་པའི་ཕྱིར་རོ།། དེ་ལ་འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་ནི་ཚངས་པ་ལ་སོགས་པའོ།། འཇིག་རྟེན་ལས་འདས་པའི་འདོད་ཆགས་བྲལ་བ་ནི་གནས་གཙང་མ་རྣམས་ཏེ། འདི་ནི་ཤས་ཆར་བསྟན་པ་ཡིན་གྱི། ཚངས ་པ་ལ་སོགས་པ་ན་ཡང་འཇིག་རྟེན་ལས་འདས་པའི་འདོད་ཆགས་དང་བྲལ་བ་མེད་པ་ནི་མ་ཡིན་ནོ།། ཡང་རྟོག་པ་སྔོན་དུ་གཏོང་བ་སུ་ཞིག་གྲང་འདི་ལྟ་བུའི་དབང་དུ་བྱས་པ་གསུམ་སྟོན་པར་བྱེད་ཅེ་ནཱ། གང་གིས་ཀྱང་མ་ཡིན་མོད་ཀྱི་འོན་ཀྱང་འདི་དག ་ནི། དགེ་བའི་རྩ་བ་ཡོངས་སུ་སྨིན་པའི་ཆོས་ཉིད་དུ་རྣམ་པར་བཞག་སྟེ། སོ་སོར་ཉེ་བར་གནས་པའི་མཚན་ཉིད་ཅན་ཡིན་ཞིང་རྟེན་ཅིང་། འབྲེལ་བའི་ཆོས་རྣམས་ཀྱི་ཆོས་ཉིད་ཚད་མར་བྱས་པ་ཡིན་ནོ།། དེ་ལ་རྒྱལ་ཆེན་བཞི་པོ་ནི། དེ་རྣམས་ཀྱི་བདག་པོ ་ཡིན་པས་ན། རྒྱལ་པོ་ཆེན་པོ་བཞིའི་རིགས་སོ།། ལེགས་པར་སྤྱོད་པ་ལྷན་ཅིག་སྤྱད་པ་ལས་སུམ་ཅུ་རྩ་གསུམ་པོ་དེར་མཚུངས་པར་སྐྱེས་པས་ནཱ། སུམ་ཅུ་རྩ་གསུམ་མོ།། སྡུག་བསྔལ་དང་བྲལ་བར་ཉེ་བར་སོང ་བས་ན་འཐབ་བྲལ་ལོ།། དགའ་བར་སོང་ཕྲེང་ཉེ་བར་ཕྱིན་པས་ན་དགའ་ལྡན་ཏེ། མགུ་བ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ།། རང་གིས་སྤྲུལ་ཞིང་བྱས་པའི་ལོངས་སྤྱོད་རྣམས་ཀྱིས་དགའ་ཞིང་རོལ་པས་ན་དེ་ནི་འཕྲུལ་དགའ་འོ།། གཞན་གྱིས ་སྤྲུལ་པའི་ལོངས་སྤྱོད་རྣམས་ལ་དབང་བྱེད་ཅིང་གནས་པས་ན་གཞན་འཕྲུལ་དབང་བྱེད་དོ།། ཚངས་པའི་འཁོར་ཡིན་པས་ན་ཚངས་རིས་སོ།། ཚངས་པ་ཆེན་པོའི་འཁོར་ཡིན་པས་ན་ཚངས་འཁོར་རོ།། ཅིག་ཤོས་དེའི་མདུན་ན་འདོན་ལྟ་བུར་གནས་པས ་ཆིངས་པའི་མདུས་ནི་འདོན་ནོ།། ཚངས་པོ་གཞན་རྣམས་ལས་ཚེ་དང་ཁ་དོག་ལ་སོགས་པའི་ཁྱད་པར་གྱིས་ཚངས་པ་ཆེན་པོ་འཕགས་པ་ཡིན་པས་ན་ཚངས་ཆེན་ནོ།། ཚངས་པ་གཞན་དག་པས་འོད་ཆུང་བས་ན་འོད་ཆུང་ངོ་།། དེ་དག་ལས་ཚད་མེད་པར་ཆེ ་བའི་འོད་འབྱུང་བ་ཡོད་པས་ན་ཚད་མེད་འོད་དོ།། དེ་དག་ནི་དགའ་བ་དང་བཅས་པའི་བསམ་གཏན་ལས་གྲུབ་ཅིང་སྤྲིན་མཐོང་བ་ལ་སོགས་ལས་བྱུང་བའི་གློག་ལྟར་ཕན་ཚུན་འོད་གསལ་བ་འབྱིན་པའི་ཕུང་པོའི་རྒྱུན་ཡོད་པས་ན་འོད་གསལ་ལོ།། ཡང་ན ་དེ་ལྟ་བུའི་གཟུགས་ཀྱི་འོད་ཀྱིས་སྣང་བར་བྱེད་པས་ན་འོད་གསལ་ལོ།། དགེ་བ་ཞེས་བྱ་བ་ནི་ལུས་ཀྱི་འོད་གཅིག་ཏུ་འདུག་ཅིང་མི་འགྱུར་བ་ལ་བྱ་བར་བཤད་ལ། དེ་ནི་དེའི་གོང་གི་འཕགས་པ་རྣམས་ལས་དེའི་འོད་ཆུང་བ་ཡིན་པའི་ཕྱིར་དགེ་ཆུང ་ངོངོ།། དེ་དག་ཚད་མེད་པར་ཆེ་བའི་ཕྱིར། ཚད་གཟུང་བར་མི་ནུས་པས་ཚད་མེད་དགེའོ།། དེ་དག་ནི་དགེ་བ་སྟེ་འོད་ཀུན་དུ་འབྱུང་བས་མ་ལུས་པར་རྒྱས་ན་དགེ་རྒྱས་ཏེ། རྒྱས་པ་ཞེས་བྱ་བ་ནི་ཐམས་ཅད་དེ་དགའ་བ་མེད་པའི་བསམ་གཏན ་ལས་གྲུབ་ཅིང་བདག་ཉིད་ཀྱིས་དངོས་པོ་རྫོགས་པར་བྱས་ཏེ་གནས་སོ།། དེ་རྣམས་ནི་དཔེར་ན་རིན་པོ་ཆེའི་ཟ་མ་ཏོག་གི་ནང་གི་མར་མྱེ་གནས་པ་རིན་པོ་ཆེའི་འོད་དང་འདྲེས་པའི་རང་གི་འོད་ཀྱིས་འོད་གཅིག་ཏུ་བྱུང་བར་གྱུར་ནས་གནས་པ་དང་འདྲ ་བར་ལུས་གཅིག་ཏུ་འདྲ་བར་ལུས་གཅིག་ཏུ་འབར་བར་སྣང་བར་གནས་སོ།། འདུ་ཤེས་ལས་འདོད་ཆགས་དང་བྲལ་བ་བསྒོམས་པས་མངོན་པར་གྲུབ་པའི་གཟུགས་ཀྱི་ཕུང་པོ་ཙམ་ཡོད་ཀྱི་དེ་ལ་འདུ་ཤེས་ཡོད་པ་མ་ཡིན་པས་ན་འདུ་ཤེས་མེད་པའོ།། ་མེད་པ་དང་། བསོད་ནམས་འཕེལ་ན་གོ་སླའོ།། དེ་རྣམས་ན་ནི་བསམ་གཏན་གྱི་མཐུ་ལས་གྲུབ་པའི་འབྲས་བུ་ཆེན་པོ་ཡིན་པས་འབྲས་བུ་ཆེ་བའོ།། ཕུང་པོ་ལྔ་དང་ལྡན་པས་སོ་སོའི་སྐྱེ་བོའི་སའི་མཐའ་ཉིད་དུ་གནས་ཤིང་གནས་པ་ཅུང་ཟད་ཀྱང ་མེད་ལ་བདག་ཉིད་ཀྱི་གནས་སུ་དུས་ཉུང་ཟད་གཅིག་གིས་མི་འདོར་བས་མི་ཆེ་བའོ།། ལ་ལ་ན་འདོད་པ་མེད་པར་འདོད་དེ། དེ་དག་གི་གཞུང་ལྟར་ན་དེ་རྣམས་ནི་འོག་མ་ལ་མེད་པས་ན་འདོད་པ་མེད་པ་ཞེས་བྱའོ།། སུ་ལ་ཡང་གདུང་བར་མི་བྱེད་པས ་ན་མི་གདུང་ངོ་།། ཕོངས་པ་མེད་པའི་བདེ་བ་དང་ལྡན་པར་སྣང་ཞིང་ཤིན་ཏུ་ཡིད་འཕྲོག་པ་ཡིན་པའི་ཕྱིར་གྱ་ནོམ་སྣང་ངོ་།། གཞན་དག་ནི་བལྟ་ན་སྡུག་ཅེས་ཟེར་རོ།། ལྟ་བ་ཡོངས་སུ་དག་པའི་ཕྱིར་དང་། རབ་ཏུ་མཐོང་བའི་ཕྱིར་ཤིན་དུ་མཐོང་ངོ་།། ཕུན ་སུམ་ཚོགས་པའི་མཆོག་ཡིན་པའི་ཕྱིར་དང་། དེ་རྣམས་ཀྱི་གོང་ན་གཞན་མེད་པས་ན་རེག་མིན་ཏེ། དེ་ནི་མཐར་ཐུག་པའི་མཆོག་ཡིན་ནོ་ཞེས་བཙུན་པ་ཟངས་ཀྱི་ལོ་མ་པས་བཤད་དོ།། གཞན་དག་ནི་སྡིག་མཐའ་ཡས་ཞེས ་ཟེར་ཏེ། སྡིག་པ་ནི་སེམས་ལ་གནས་པར་གྲགས་པའི་ཚུལ་ཏེ། དེ་དག་ཤིན་ཏུ་འཇོམས་པའི་མཐར་ཐུག་པ་ཡིན་པའི་ཕྱིར་རོ།། ཡང་སེམས་བསྐྱེད་པ་འདིའི་རབ་ཏུ་དབྱེ་བའི་མཚན་ཉིད་ནི་གཞན་འཕགས་པ་བློ་གྲོས་མི་ཟད་པ་དང་། སྡོང་པོ་བཀོད་པའི ་མདོ་ལ་སོགས་པའི་རྗེས་སུ་འབྲངས་ནས་བལྟ་ཞིང་སྦྱོར་རོ།། བདག་གིས་ནི་གཞུང་མང་པོ་ཡོངས་སུ་སྤང་བའི་ཕྱིར་ཉེ་བར་མ་བཀོད་དོ།། སེམས་བསྐྱེད་པ་ཞེས་བྱ་བ་ལ་སེམས་ནི་རྣམ་པར་ཤེས་པ་དང་རྣམ་པར་རིག་པའོ།། རྣམ་པར་ཤེས་པ་ཞེས་བྱ་བ ་ཇི་ལྟར་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པ་སྟེ། དེ་ཡིས་དཀར་པོའི་ཆོས་ཐམས་ཅད་ལ་དམིགས་པ་འབྱུང་བ་ཡིན་པའི་ཕྱིར་རོ།། བསྐྱེད་པ་ཞེས་སྨོས་པ་ནི་མ་སྐྱེད་པ་བསྐྱེད་པར་ཤེས་པར་བྱའོ།། སེམས་ཞེས་བྱ་བ་ནི་དེ་རྟོགསོ ་པའི་ཆོས་ཀྱི་དང་པོའི་མཚམས་སུ་གྱུར་པར་ཤེས་པར་བྱ་བའི་ཕྱིར་རོ།། དེ་ལྟ་མོད་ཀྱི་མི་སྡུག་པའི་འདུ་ཤེས་དགུ་པོ་དེ་དག་དང་སྐྱེས་བུ་ཆེན་པོའི་རྣམ་པར་རྟོགས་པ་བརྒྱད་སྔར་བསྟན་པ་དེ་དག་དང་སེམས་བསྐྱེད་པའི་རབ་ཏུ་དཔེ་ཅི་ཞིག་འབྲེལ ་ཞེ་ན། སེམས་བསྐྱེད་པའི་ཡོངས་སུ་མི་ཉམས་པའི་ཆོས་ཉིད་ཤེས་པར་བྱ་བའི་དོན་དུ་ཡིན་ནོ།། སེམས་བསྐྱེད་པའི་ཡོངས་སུ་མི་ཉམས་པའི་རྒྱུ་མཚན་ནི་བརྒྱད་དེ། འདོད་ཆགས་དེའི་གཉེན་པོ་མ་སྡུག་པའོ།། ལོག་པས་འཚོ ་བ་དེའི་འདོད་པ་ཆུང་བ་དང་ཆོག་ཤེས་པའོ།། ཡང་དག་པར་དགའ་བ་དང་རྒྱུད་པར་ལྟ་བུ་དེའི་རབ་ཏུ་དབེན་པའོ།། ལེ་ལོ་དེའི་བརྩོན་འགྲུས་བརྩོན་པའོ།། དྲན་པ་ཉམས་པ་དེའི་དྲན་པ་ཉེ་བར་གནས་པའོ།། རྣམ་པར་གཡེང་བ་དེའི་ནི་ཏིང ་ངེ་འཛིན་ཏོ།། ཤེས་རབ་འཆལ་པ་དེའི་ནི་ཤེས་རབ་བོ།། འཇིག་རྟེན་པའི་སྣ་ཚོགས་པ་ལ་མངོན་དགའ་བ་དེའི་གཉེན་པོ་ནི་སྤྲོས་པ་མེད་པའི་ཀུན་དགའ་ར་བའོ།། །། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན ་བཅོས་མངོན་པར་རྟོགས་པའི་རྒྱན་ལས་སེམས་བསྐྱེད་པའི་རྣམ་པར་འགྲེལ་པའོ།། སེམས་བསྐྱེད་པ་བཤད་ཟིན་ཏོ།། ད་ནི་གདམ་ངག་བརྗོད་པར་བྱ་སྟེ།། དེ་ལ་དོན་དུ་གཉེར་བར་བྱ་བ་ཐོབ་པར་བྱེད་པའི་མན་ངག་ནི་གདམ་ངག ་གོ།། ། ཐོབ་པའི་ཡོན་ཏན་ཡོངས་སུ་བསྐྱང་བའི་ཕྱིར་ཡོངས་སུ་མི་ཉམས་པར་བྱེད་པའི་ཐབས་ནི་གངམ་ངག་ཡིན་ལ། དེའི་རྗེས་ལ་མ་ཐོབ་པའི་ཡོན་ཏན་ཐོབ་པར་བྱེད་པའི་ཐབས་ནི་རྗེས་སུ་བསྟན་པ་ཡིན་ཏེ། མཇུག་བསྡུ་བར ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གདམས་ངག་དང་རྗེས་སུ་བསྟན་པ་ཡིན་ནོ་ཞེས་བསྟན་ཏོ།། གྲངམ་ངག་དེ་ཡང་རྣམ་པོ་བཅུར་འགྱུར་ཏེ། ཇི་སྐད་དུ། གདམས་པར་བྱ་བ་བསྒྲུབ ་བ་དང་བདེན་པ་རྣམས་དང་བདེ་གཤེགས་སོགས།། མ་ཞེ་ན་ཡོངས་སུ་མི་ངལ་དང་།། ལམ་ནི་ཡོངས་སུ་འཛིན་པ་དང་།། སྤྱན་ནི་ལྔ་རུ་ཤེས་པར་བྱ།། མངོན་ཤེས་ཡོན་ཏན་དྲུག་དང་ནི།། མཐོང་བའི་ལམ་ཞེས་བྱ་བ ་མཆོག། བསྒོམ་པའི་ལས་ཏེ་གདམས་ངས་བཅི་ཞེས་བསྟན་པ་ཡིན་ནོ།། དེ་ལ་སྒྲུབ་པ་ལ་གདམས་པ་ནི་ག་ཤཱ་རིའི་བུ་འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ ་ཚེ་བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནས་བརྣམས་ཏེ། མི་དམིགས་པ་ཚུལ་དུ་བསྒྲུབ་པ་ནི་སྒྲུབ་པ་དེ་ཉན་ཐོས་ལ་སོགས་པ་དང་ཐུན་སྲོང་མ་ཡིན་པ་ཉིད་ཀྱིས་ན་འཛམ་བུ་གླིང་འདི་དགེ་སློང་ཤཱ་རིའི་བུ་དང་། མོ་རུ་འགལ ་གྱི་བུ་ཤ་སྟག་གིས་འདམ་བུའི་ཚལ་ལ་སོགས་པ་ལྟ་བུར་ཡོངས་སུ་གང་བ་དཔེར་བྱ་བ་ནས་བརྩམས་ཏེ། ཕྱོགས་བཅུ་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་རྙེད་དེས་ཡོངས་སུ་གང་བའི་ཤེས་རབ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོའི་ཤེས་རབ་ཉིན་གཅིག་ཏུ་བསྒོམས་པ་ཁྱང་བར་དུ་འཕགས་པར་བསྟན་པ་ཡིན་ནོ།། ཤཱ་རིའི་བུ་གལ་ཏེ་འཛམ་བུའི་གླིང་འདི་དགེ་སློང་ཤཱ་རིའི་བུ་དང་། མོ་ཆུ་འགལ་གྱི་བུ་ཤ་སྟག་གིས་འདི་ལྟ་སྟེ་དཔེར་ན་འདས་བུའི་ཚལ་ལམ། འོད་མའི ་ཚལ་ལམ། བུ་རམ་ཤིང་གི་ཚལ་ལམ། སྨིག་མའི་ཚལ་ལམ། འབྲས་ཀྱི་ཞིང་ངམ། ཏིལ་གྱི་ཞིང་ལྟར་ཡོངས་སུ་གང་བར་གྱུར་ཀྱང་ཞེས་གང་གསུངས་པའི་དོན་ཇི་ལྟ་བུ་ཡིན་ཞེ་ན། ངེས་པར་འབྱེད་པའི་ཆ་བཞི་དང་། མཐོང་བའི་ལམ་དང་། བསྒོམ ་པའི་ལམ་དག་གོ་རིམས་བཞིན་དུ་སྦྱར་ཏེ། འདས་བུ་ལྟར་ལས་དང་ཉོན་མོངས་པའི་གནོད་པ་ཆུང་ངུ་བཟོད་པར་མི་ནུས་པ་དང་། འོད་མ་དང་འདྲ་བར་མེ་དང་། མཚོན་དག་དང་འདྲ་བའི་ལས་དང་ཉོན་མོངས་པ་དྲག་པོས་ཉེན་དུ་ཟིན་ཀྱང་དགེ་བའི་རྩ ་རྒྱུན་ཀུན་དུ་མི་འཆང་བ་དང་། བུ་རམ་ཤིང་འདུ་བར་སྐྱེ་བ་དང་འཆི་བའི་གནས་སྐབས་གཞན་ཐོབ་པ་ན་བདེ་འགྲོ་རྣམས་སུ་སྐྱེ་བར་འགྱུར་ཞིང་། རྒྱུན་མི་འཆད་བའི་སྦྱོར་བ་ཆོས་བསྒོམ་པའི་མངས་པ་ལས་མི་འདའ་བ་ཉིད་དང་། མངའ་རྒྱུ་དང་འདྲ་བར་མངོན ་པར་འབིགས་པ་ཡིན་པའི་ཕྱིར་མཐོང་བའི་ལམ་རྟོགས་པར་བྱེད་པ་ཉིད་དང་། འབྲས་ཀྱི་ཞིང་དང་འདྲ་བར་འཕགས་པའི་གང་ཟག་རྣམས་ཀྱི་རྟོགས་པའི་འབྲས་བུ་མཆོག་ཉིད་དང་། ཏིལ་གྱི་ཞིང་དང་འདྲ་བར་མེ་ཏོག་ལ་སོགས་པའི་དངོས ་པོ་དང་ཐ་མི་དད་དུ་ཟིན་ཀྱང་ཇི་ལྟར་མཐོང་བ་སྔོན་དུ་བྱེད་པ་ན་ཉེ་བར་གཟུང་སྟེ། དུས་གཞན་དུ་བསྒོམས་པས་སྤང་ས་པའི་ཁྱད་པར་གྱི་དབང་དུ་བྱས་ནས་དཔེ་དྲུག་དང་འདྲ་བར་ཤེས་པར་བྱའོ།། ཅིའི་ཕྱིར་ཚལ་སྨོས་ཤེས་ན། དྲོ་བར་རྟོགས་པ་ལ་སོགས ་པའི་གང་ཟག་གཞན་དག་གི་དབང་པོ་ལ་སོགས་པའི་དབྱེ་བའི་རིས་ཀྱི་ཁྱད་པར་ཤེས་པར་བྱ་བའི་ཕྱིར་ཡིན་ཏེ། དོར་མང་པོ་སྟགས་ན་ཡང་དཔེ་གཅིག་གིས་རྟོག་པར་འགྱུར་རོ།། རེ་ཞིག་སྔ་མ་སྔ་མ་ལ་འམ་ཞེས་བྱ་བའི་སྒྲ་སྨོས་པ་ནི་དཔེ་ཕྱི་མ ་ཕྱི་མ་དྲང་བར་བྱ་བའི་དོན་ཡིན་ནོ།། དེ་ལྟ་ཡིན་ན་ཐ་མར་འམ་ཞེས་ཅིའི་ཕྱིར་སྨོས་ཤེ་ན། འཕགས་པའི་གང་ཟག་དེ་རྣམས་ལས་མཐོང་བའི་ཆོས་ལ་བདེ་བར་གནས་པ་ཤེས་པར་བྱེད་པ་དྲང་བར་བྱ་བ་ཡིན་ནོ།། དེ་ལྟ་ན་དཔེ་གཞན་དག་གིས་ཅིའི ་ཕྱིར་མ་བཤད་ཅེ་ན། མཐོང་བའི་ཆོས་ལ་བདེ་བར་གནས་པ་རྣམས་ཀྱི་ནི་རང་བཞིན་སྣ་ཚོགས་པ་ཉིད་ཀྱིས་རིགས་བསྡུས་པའི་ངོ་བོ་ཤེས་པར་བྱ་བའི་དོན་ནོ།། གཞན་ཡང་རེ་རེ་ཞིང་བརྗོད་པ་བརྟག་ན་ནི་དཔེ་ཇི་སྙེད་གཅིག་བརྗོད་པར་བྱ་སྟེ། ཉེ ་བར་བཤད་པ་ལ་མི་མཁས་པ་ཉིད་ཐོབ་པར་འགྱུར་རོ།། འདིར་ཚིག་ནི་འདི་ཡིན་ཏེ། དགེ་སློང་ཤཱ་རིའི་བུ་དང་། མོའུ་འགལ་གྱི་བུ་འདྲ་བ་ཞེས་གང་གསུངས་པ་འདིས་ནི་ཇི་སྐད་གསུངས་པའི་རྟོགས་པ་མཐུན་པ་རྣམས་ཀྱིས ་སོ།། བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པའི་དོན་ཅི་ཞིག་ཡིན་ཞེ་ན། འདི་ནི་གྲངས་ཀྱི་ཁྱད་པར་དང་། མཐུའི་ཁྱད་པར་དང་། རིགས་ཀྱི་ཁྱད་པར་དང་། རྒྱུའི་ཁྱད་པར་དང་། དཔེ་ལས་འདས་པ་ལས་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཉིན་གཅིག་ཏུ་བསྒོམས་པས་ཁྱད་པར་དུ་འཕགས་པ་ཡིན་ནོ།། དེ་ལ་བརྒྱའི་ཆུར་ཡང་ཉེ་བར་མི་འགྲོའོ་ཞེས་བྱ་བ་ནས། གྲངས་དང་ཞེས་བྱ་བའི་བར་ནི་གྲངས་ཀྱི་ཁྱད་པར་གྱིས་ཁྱད་པར་མེད་པའི ་གྲངས་བཟུང་བ་ཡིན་ཏེ། དེ་ལས་གཞན་པའི་གྲངས་གསལ་བར་ཤེས་པར་བྱའོ།། བརྒྱ་ལ་སོགས་པ་སྨོས་པས་ནི་ཁྱད་པར་སྨོས་པས་ཁྱད་པར་མེད་པའི་གྲངས་ཁོང་དུ་ཆུད་པའི་རྒྱུར་བྱས་པ་ཡིན་ཏེ། ཁྱད་པར་མེད་པ་ཙམ་ཡིན་ནོ་ཞེས་ཤེས ་བར་བྱ་བའི་དོན་དུ་བརྒྱ་ལ་སོགས་པ་སྨོས་པས་གོ་རིམས་མང་པོ་ཡིན་པར་ཤེས་པའི་ཕྱིར་རོ།། ཆར་ཡང་ཞེས་བྱ་བ་ནི་མི་མཐུན་པའི་ཁྱད་པར་རོ།། བསྲུང་བར་ཡང་ཞེས་བྱ་བ་ནི་རིགས་ཀྱི་ཁྱད་པར་ཡིན་ཏེ། བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་རིགས ་དེ་ལ་བགྲང་དུ་མེད་པའི་ཕྱིར་རོ།། རྒྱུར་ཡང་ཞེས་བྱ་བ་ནི་རྒྱུའི་ཁྱད་པར་སྟེ། ཤེས་རབ་དེ་ནི་འདིར་རྒྱུ་ཙམ་དུ་ཡང་མི་འགྱུར་རོ།། དཔེར་ཡང་ཉེ་བར་མི་འགྲོ་ཞེས་བྱ་བ་ནི་དཔེ་ལས་འདས་པའོ།། འདིར་ཡང་བྱང་ཆུབ་སེམས་དཔའ་ཅི་ཙམ་ཞིག་གི་དབང ་དུ་བྱས་ནས་དེ་ལྟ་བུའི་ཤེས་རབ་ཉིན་གཅིག་ཏུ་བསྒོམ་པ་ཡིན།། ཅི་དང་པོ་སེམས་བསྐྱེད་པ་ཡིན་ནམ། སྤྱོད་པ་ལ་ཞུགས་པ་ཡིན་ནམ། ཕྱིར་མི་ལྡོག་པ་ཡིན་ནམ། སྐྱེ་བ་གཅིག་གིས་ཐོགས་པ་ཡིན་པ། ས་བཅུ་པ་ནི་དེ་བཞིན་གཤེགས་པ་ཉིད་ཡིན་ནོ་ཞེས་བསྟན ་པའི་དོན་ཅི་ཞིག་ཡིན་ཞེ་ན། དེ་བཞིན་གཤེགས་པའི་མཛད་པས་ཉེ་བར་གནས་པའི་ཕྱིར་དེ་ཉིད་ལ་དེ་བཞིན་གཤེགས་པ་ཞེས་བརྗོད་ཀྱི་དེ་བཞིན་གཤེགས་པའི་ཐུགས་སུ་ཆུད་པས་ནི་མ་ཡིན་ནོ།། གསུམ་པ་ཡང་མ་ཡིན་ཏེ། བརྒྱད་པ་ལ་ནི་མངོན་པར ་འདོད་པའི་མྱ་ངན་ལས་འདས་པ་བཀག་པས་ཉན་ཐོས་ཐམས་ཅད་ལས་ཤེས་པ་ཁྱད་པར་དུ་འཕགས་པ་ཡིན་པའི་ཕྱིར་རོ།། དེ་ཡང་ཀྱེ་རྒྱལ་བའི་སྲས་ངག་ཁྱེད་ལ་ཤེས་པར་བྱ། ཁྱེད་ལ་ཁོང་དུ་ཆུད་པར་བྱ་སྟེ། གལ་ཏེ་སངས་རྒྱས་བཅོམ་ལྡན་འདས ་ཀྱིས་བྱང་ཆུབ་སེམས་དཔའ་དེ་རྣམས་མངོན་པར་བསྒྲུབ་པའི་སྒོ་ལ་མཚུངས་པར་གྱུར་ན་དེ་ཉིད་དུ་དེའི་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་ཡིན་ནོ།། ཞེས་ཇི་སྐད་གསུངས་པ་ལྟ་བུའོ།། ཡང་དེ་རི་མྱ་ངན་འདས་པ་གང་ཞིག་ཡིན། འོན་ཏེ་ཉན་ཐོས ་ཀྱི་མྱ་དོན་ལས་འདས་པ་ཡིན་ན་དེ་ནི་རེ་ཤིག་མི་རིགས་ཏེ། ཉན་ཐོས་ཀྱི་མྱ་ངན་ལས་འདས་པ་འདོད་པའི་ཡིད་ལ་བྱེད་པ་ནི་སེམས་བསྐྱེད་པ་ནས་བརྩམས་ཏེ་རིང་དུ་ཡོངས་སུ་སྤང་བར་བྱ་བའི་ཕྱིར་རོ།། འོན་ཏེ་སངས་རྒྱས་ཀྱི་མྱ་ངན་ལས་འདས ་པ་ཡིན་ནོ་ཞེས་ཟེར་ན་ནི་བསྒོམ་པས་སྤང་བར་བྱ་བ་མ་སྤངས་པ་དེ་ཡང་མི་རིགས་སོ།། བསྟན་པ་འདི་ལ་ཡོངས་སུ་མྱ་ངན་ལས་འདོའ་བར་གཞག་པའི་བརྗོད་པར་བྱ་བ་ནི་མང་པོ་ཡོད་དེ། འདིར་རྩེ་མོ་ཐོབ་པ་རྣམས་ཀྱིས་ནི་དགེ་བའི་རྩ་བ་རྒྱུན ་ཆང་པ་ལས་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ་བཟོད་པ་ཐོབ་པ་རྣམས་ཀྱི་ནི་ངན་འགྲོ་ལས་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ།། བསམ་གཏན་ཐོབ་པ་རྣམས་ཀྱི་ནི་དེའི་ཡན་ལག་ལས་ཡོངས་སུ་མྱ་ངན་ལས ་འདས་པ་ཡིན་ནོ།། རྒྱུན་དུ་ཞུགས་པ་ཐོབ་པ་རྣམས་ཀྱི་ན་སྲིད་པ་བརྒྱད་པ་ལས་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ།། ལན་ཅིག་ཕྱིར་འོང་བ་རྣམས་ཀྱི་ནི་འདིར་སྲིད་པ་གཉིས་པ་ལས་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ།། ཕྱིར་མི་འོང་བ་ནི་འདོད ་པའི་ཁམས་ལས་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ།། དགྲ་བཅོམ་པ་ནི་ཕུང་པོ་ལྷག་མ་དང་བཅས་པ་དང་། ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཡིན་ནོ།། འདིར་ཡང་དམ་པའི་ཆོས་པདྨ་དཀར་པོ་ལ་སོགས་པའི་མདོ་ཚད་མར་བྱས་ནས། ཇི ་ལྟར་འཕགས་པ་ཤཱ་རིའི་བུ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཉན་ཐོས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པར་གཞག་པ་གསུངས་པ་དེ་བཞིན་དུ་དགོངས་པ་ཅན་གྱི་མྱ་ངན་ལས་འདས་པ་ཡིན་པར་ཤེས་པར་བྱ་སྟེ། དུས་དེ་སྲིད་དུ ་འགྲོ་བའི་དོན་ལ་འཇུག་པ་བཤོལ་བ་ཉིད་ཡིན་པོའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་བྱ་བ་རྒྱུན་ཆད་པ་འདི་ནི་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་བཤད་དོ།། གཉིས་པ་ཡང་མ་ཡིན་ཏེ། དེ་ཡང་དེ་རྣམས་ལས་རྟོག་པ་གོ་བཟློག་པ ་ཡིན་པའི་ཕྱིར་ཏེ། རྒྱུན་ཏུ་ཞུགས་པ་དང་། རང་སངས་རྒྱས་ཀྱི་ཤེས་པ་དང་། སྤོང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་བཟོད་པ་ཡིན་ནོ་ཞེས་ཇི་སྐད་གསུང་བ་ལྟ་བུའོ།། དེ་བས་ན་ཡོངས་སུ་མི་ཉམས་པའི་ཆོས་ཅན་གྱི་བརྡར་བཏགས་པའི་སེམས ་ཀྱིས་དང་པོ་སེམས་བསྐྱེད་པ་ཉིད་འདི་བྱང་ཆུབ་སེམས་དཔའ་ཡིན་པར་མངོན་ནོ།། གང་དེ་ལྟ་ཡིན་པ་དེ་བས་ནུ་རབ་ཏུ་བྱེད་པ་དང་པོར་སེམས་བསྐྱེད་པ་བསྟན་ཏོ།། གལ་ཏེ་དེ་ལྟ་ཡིན་ན་ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པོ་ལ་སྤྱོད་པའི་ཤེསོ་རབ་ཉིན་གཅིག་བསྒོམས་པ་ཞེས་བྱ་བ་ནས་བརྩམས་ཏེ། སེམས་ཅན་ཡོངས་སུ་མྱ་ངན་ལས་འབར་བ་དང་། ཕ་རོལ་ཏུ་བྱིན་པ་དྲུག་ཡོངས་སུ་རྫོགས་ནས་ཆོས་ཀྱི་སྐུ་ཐོབ་པར་བསྡུས་པར་བསྟན་པའི་སྦྱོར་བ་རྟོགས་པ ་ལས་ཡང་དག་པར་འདའ་བ་ཡིན་ནོ།། ཞེས་བསྟན་པའང་མི་རིགས་ཏེ། དེ་དག་ནི་བསྐལ་པ་གྲངས་མེད་པ་མང་པོའི་འབྲས་བུ་ཡིན་པའི་ཕྱིར་ཤེས་རབ་ཉིན་གཅིག་ཡོངས་སུ་བསྒོམས་པའི་འབྲས་བུ་མ་ཡིན་ནོ་ཞེས། འདིར་ཡང་མར་མེའི་སྙིང་པོ་ཚིག་པའི ་དཔེས་སེམས་བསྐྱེད་པ་དང་པོ་དང་། ཕྱི་མ་འབྲས་བུ་དང་བཅས་པར་ལན་བཏབ། ལྷག་མ་ནི་གོ་སླ་བས་རྣམ་པར་མ་ཕྱེའོ།། སྒྲུབ་པ་ལ་གདམས་པ་བཤད་ཟིན་ཏོ།། བདེན་པ་ལ་གདམས་པ་གང་ཞེ་ན། འཕགས་པའི་བདེན་པའི་ཞི་ལ་གདམས་པ་གང ་ཡིན་པའོ།། དེ་ལ་སྡུག་བསྔལ་གྱི་བདུན་པའི་དབང་དུ་མཛད་ནས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་དང་། ཆོས་ཐམས་ཅད་དང་། འདུས་བྱས་དང་། འདུས་མ་བྱས་དང་། སྟོང་པ་ཉིད་ཀྱི་སྦྱོར་བས ་ཤེས་བསྟན་པ་སྟེ། འདི་རི་མདོ་ནི་ཤཱ་རི་འིརི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ།། ཀུན་འབྱུང་གི་བདེན་པའི་དབང་དུ་མཛད་ནས་གཟུགས ་ལ་སོགས་པའི་ཕུང་པོ་རྣམས་སྐྱེ་བ་དང་། འགག་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། ཆོས་ཕན་ཚུན་ཡང་དག་པར་འདུ་བ་བཀག་པ་ཡིན་ཏེ། འདིའི་མདོ་ནི་གལ་ཏེ་གཟུགས་སྐྱེ་བའི་ཆོས་ཅན་ནམ། འགག ་པའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་།། གཟུགས་ཀུན་ནས་ཉོན་མོངས་པའི་ཆོས་ཅན་ནམ། རྣམ་པར་བྱང་བའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་།། གཟུགས་ནི་ཚོར་བ་ཡང་དག་པར་འདུ་བ་ཡིན་ནོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི ་མཐོང་ངོ་ཞེས་བྱ་བ་ལ་སྩོགས་པ་དང་། དེ་དག་སྟོང་པ་ཉིད་ནི་དེའི་རང་བཞིན་བཀག་པ་ཡིན་ཏེ། འདིའི་མདོ་ནི་དེ་ནི་འདི་ལྟར་ཤཱ་རིའི་བུ་གཟུགས་སྟོང་པ་ཉིད་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་དང་། དེ་རྣམས་སྟོང་པ་ཉིད་དང་ཕན་ཚུན་ངོ་བོ ་གཅིག་པ་ཡིན་ཏེ། འདིའི་མདོ་ནི་ཤཱ་རིའི་བུ་འདི་ལྟར་གཟུགས་གཞན་མ་ཡིན་ལ། སྟོང་པ་ཉིད་ཀྱང་གཞན་མ་ཡིན་ཏེ། གཟུགས་ཉིད་སྟོང་པ་ཉིད་སྟོང་པ་ཉིད་ནི་གཟུགས་སོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། དེས་ན་འདིས་ནི་སྒྲོ་འདོགས་པ་དང་སྐུར ་པ་འདེབས་པའི་མཐའ་གཉིས་སྤངས་པ་ཡིན་ནོ།། འགོག་པའི་བདེན་པའི་དབང་དུ་མཛད་ནས་སྟོང་པ་ཉིད་ལ་སྐྱེ་བ་དང་། འགག་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། འགྲིབ་པ་དང་། འཕེལ་བ་དང་། དུས་གསུམ་བཀག་པའི་སྒོ་ནས ་དེ་དག་ལ་ཕུང་པོ་ལ་སོགས་པ་དང་། འཕགས་པའི་བདེན་པ་ལ་སོགས་པ་ལ་འཇུག་པ་དང་ལྡོག་པའི་ཕྱོགས་ལ་སྤྱོད་པའི་སྦྱོར་བ་རབ་ཏུ་བཀག་པ་བསྟན་པ་ཡིན་ཏེ། དེའི་མདོ་ནི་ཤཱ་རིའི་བུ་སྟོང་པ་ཉིད་གང་ཡིན་པ་དེ་ནི་མི་སྐྱེ། མི་འགག། ཀུན་ནས་ཉོན་མོངས ་པར་འགྱུར་བ་མེད། རྣམ་པར་བྱང་བ་མེད། འགྲིབ་པ་མེད། འཕེལ་བ་མེད། དེ་ནི་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་ནོ།། གང་ཡང་འདྲ་བ་དེ་ལ་ནི་གཟུགས་མེད་དོ།། ཚོར་བ་མེད་དོ་ཞེས་བྱ་བ་ནས་མ་རིག་པ་སྐྱེ་བ་མེད་དོ་མ་རིག ་པ་འགག་པ་མེད་དོ་ཞེས་བྱ་བའི་བར་དང་། རྒྱུན་དུ་ཞུགས་པ་མེད་དོ།། རྒྱུན་དུ་ཞུགས་པའི་འབྲས་བུ་མེད་དོ་ཞེས་བྱ་བའི་བར་དང་། སངས་རྒྱས་མེད་དོ།། བྱང་ཆུབ་མེད་དོ་ཞེས་བྱ་བའི་བར་གང་གསུངས་པ་ཡིན་ནོ།། ལམ་གྱི་བདེན་པའི་དབང་དུ་མཛད་ནས ་ཕ་རོལ་ཏུ་ཕྱིན་པ་རྣམས་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་རྣམས་དང་། བྱང་ཆུབ་ཀྱི་ཕྱོག་ནས་དང་། བདེན་པ་རྣས་དང་། ས་ཡང་དག་པར་རིག་པ་དང་། མངོན་པར་ཤེས་པ་རྣམས་དང་། སྟོབས་རྣམས ་དང་། མི་འཇིགས་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྦྱོར་བ་འམ། མི་སྦྱོར་བ་དེ་རྗེས་སུ་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བའི་མདོ་ནི་ཇི་སྐད་དུ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ ་སྤྱོད་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ལྡན་ཞེས་བྱ་བ་འམ། མི་ལྡན་ཞེས་བྱ་བར་བདག་ཉིད་ལ་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་རྣམས་སྟོང་པ་ཉིད་ལ་སོགས ་པོ་དེ་དང་སྦྱོར་བར་བྱེད་པ་བཀག་པའི་ཕྱིར་ཞེས་བྱ་བ་ཡིན་ཏེ། དེའི་མདོ་ནི་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་སྟོང་པ་ཉིད་ལ་སྟོང་པ་ཉིད་ཀྱིས་སྦྱོར་བར་མི་བྱེད་དོ།། ་སྟོང་པ་ཉིད་ཀྱིས་འབྱེད་པ་མ་ཡིན་ནོ།། མཚན་མ་མེད་པ་དང་། མཚན་ལ་མེད་པར་མི་སྡུད་མི་འབྱེད་དོ།། སྨོན་པ་མེད་པ་དང་། སྨོན་པ་མེད་པར་མི་སྡུད་མི་འབྱེད་དོ་ཞེས་བྱ་བ་ལ་སོགས་པ་གང་གསུངས ་པ་ཡིན་ནོ།། འདིས་ནི་ལམ་གྱི་བདེན་པ་རྣམ་པར་མི་རྟོག་པ་ཉིད་ཡིན་པར་གསལ་བར་བསྟན་ཏོ།། གཟུགས་ལ་སོགས་པ་འི་ཕུང་པོ་རྣམས་སྔོན་གྱི་མཐར་སྦྱོར་བ་དང་འབྱེད་པ་རབ་ཏུ་བཀག་པ་ཡིན་ཏེ། མདོ་ནི་ཤཱ་རིའི་བུ་བྱང་ཆུབ་སེམས ་དཔའ་གཟུགས་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་།། ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ།། དུས་རྣམས་གཅིག་ལ་གཅིག་སྦྱོར་བ་བཀག་པ ་ཡིན་ཏེ། མདོ་ནི་སྔོན་གྱི་མཐའ་ལ་ཕྱི་མའི་མཐའ་མི་སྦྱོར་མི་འབྱེད་དེ། དུས་གསུམ་མཉམ་པ་ཉིད་ཉེ་བར་གཟུང་ནས་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ།། དུས་རེ་རེར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་བཀག་པ ་ཡིན་ཏེ། མདོ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། འདས་པ་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་འདས་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་།། ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ།། དེ་ལྟར་ལམ་གྱི ་ངེས་པར་འབྱུང་བའི་ངོ་བོ་ཉིད་གསལ་པོར་བསྟན་པ་ཡིན་ནོ།། བདེན་པ་ལ་གདམས་པའོ།། དཀོན་མཆོག་ལ་གདམས་པ་གང་ཞིག་ཡིན་ཞེ་ན། དེ་ནི་དཀོན་མཆོག་གསུམ་ལ་གདམས་པ་ཡིན་པར་ཤེས་པར་བྱའོ།། སངས་རྒྱས ་དཀོན་མཆོག་གང་ཡིན་པའི་དབང་དུ་མཛད་ནས་བསྟན་པ་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་དང་། བྱང་ཆུབ་ཀྱི་ཕྱོགས་རྣམས་དང་། སོ་སོ་ཡང་དག་པར་རིག་པ་དང་། མངོན་པར་ཤེས ་པ་དང་། སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། སངས་རྒྱས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་བཀག་པ་ཡིན་ཏེ། འདིའི་མདོ་ནི་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་གཟུག ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་སྦྱོར་བར་མི་བྱེད་དེ། གཟུགས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནས། སངས་རྒྱས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བར་མི་བྱེད་དོ་ཞེས་གང་གསུངས་པ་ཡིན་ནོ།། ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་སངས་རྒྱས་སུ་སྦྱོར་བ་བཀླག་པ་ཡིན་ཏེ། མདོ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། སངས་རྒྱས་སུ་སྦྱོར་བ་མི་ཁྱད་དེ། སངས་རྒྱས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་གང་གསུངས ་པ་ཡིན་ནོ།། སངས་རྒྱས་དང་། རྣམ་པ་ཐམས་ཅད་མ་ཁྱེན་པ་ཉིད་དག་དང་། བྱང་ཆུབ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དག་ངོ་བོ་གཅིག་པར་བཞེད་པ་ཡིན་ཏེ། མདོ་ནི། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཉིད་རྣམ་པ་ཐམས་ཅད ་མཁྱེན་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སངས་རྒྱས་ཡིན་ནོ།། བྱང་ཆུབ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་བྱང་ཆུབ་བོ་ཞེས་གང་གསུངས་པོ་ཡིན་ནོ།། ཆོས་དཀོན་མཆོག་གི་དབང་དུ་མཛད་ནས ་བསྟན་པ་ནི་གཟུགས་ཀྱི་ཕུང་པོ་ལ་སོགས་པ་དངོས་པོ་མེད་པར་སྦྱོར་བ་བཀས་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པའོ།། གང་ཇི་སྐད་དུ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤོང་བའི་ཚེ། གཟུགས་དངོས་པོ་ཡོད་ཅེས ་བྱ་བར་མི་སྦྱོར་རོ།། གཟུགས་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། ཆོས་ནི་འདོད་ཆགས་དང་བྲལ་བ་ཡིན་པའི་ཕྱིར་ཐམས་ཅད་དུ་འདོད་ཆགས་དང་བྲལ་བར་བསྟན་པའི་དོན་དུ་གསུངས་པ་ནི། བྱང་ཆུབ ་སེམས་དཔལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ།། འཇིག་རྟེན་པའི་ཉོན་མོངས་པ་གསལ་བ་ཞེས་བསྟན་པ་ཡིན་ཏེ། མདོ་ནི་དེ་ལྟར་སྤྱོད་པ་འདིས་འཇིག་རྟེན་པའི་ཉོན་མོངས ་པ་ཇི་སྙེད་པ་གསལ་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ།། དེ་ལ་འཇིག་རྟེན་པའི་ཉོན་མོངས་པ་ནི་མ་རིག་པ་དང་ལྟ་བ་ཟག་པ་དང་བཅས་པས་བསྡུས་པའོ།། བྱང་ཆུབ་སེམས་དཔས་ནི་དེ་དག་རྩུ་བ་ནས་ཤིན་ཏུ་གཞོམ་པའི་ཕྱིར་རྣལ་འབྱོར་དུ ་དོ།། འདོད་པའི་ཟག་པ་ཡོངས་སུ་ཤེས་བཞིན་དུ་ཡང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བསམ་བཞིན་དུ་འདོད་པའི་ཁམས་སྨྲ་བ་ལེན་པར་བྱེད་དེ། སྲིད་པའི་ཟག་པ་ཡོངས་སུ་ཤེས་བཞིན་དུ་ཡང་བསམས་བཞིན་དུ་སྲིད་པ་ཡོངས་སུ ་འཛིན་ཏོ།། ཡང་བྱང་ཆུབ་སེམས་དཔའ་ནི་ཉོན་མོངས་པ་དང་བཅས་པ་དང་། ཉོན་མོངས་པ་མེད་པར་བརྗོད་པར་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་པ་རྣམ་ཀུན་དུ་མི་སྤྱོད་པས་ཉོན་མོངས་པ་དང་བཅས་པ་ཞེས་བརྗོད་པར་མི་བྱ་ལ། དེ་བཞིན་གཤེསས ་པའི་ཡེ་ཤེས་མངོན་པར་འདོད་པ་དང་། བསམ་པ་ཡོངས་སུ་མ་རྫོགས་པའི་ཕྱིར་ཉོན་མོངས་པ་མེད་པ་ཞེས་བརྗོད་པར་མི་བྱའོ།། དགེ་འདུན་དཀོན་མཆོག་གི་དབང་དུ་མཛད་ནས་བསྟན་པ་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་དེ་སངས་རྒྱས་ཀྱི་ཞིང ་གཞན་དག་གམ། དགའ་ལྡན་གྱི་ལྷའམ། མི་ནས་ཤི་འཕོས་ཏེ་འདིར་སྐྱེས་ནས་དེ་མྱུར་དུ་འདི་ལ་རྣལ་འབྱོར་དུ་བྱེད་ཅེས་བྱ་བ་ནས་བརྩམས་ཏེ། བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པ་མྱུར་བ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ།། དཀོན་མཆོག་ལ ་གདམས་པ་བསྟན་ནས་མ་ཞེན་པ་ལ་གདམས་པའི་དབང་དུ་མཛད་ནས་བསྟན་པ་ནི། ལུས་དེ་ཅི་ཞིག་ལུས་གང་གི་ལུས་ལས་བ་རྩོམ་ཞེས་བྱ་བ་ནས། ལུས་ལ་སོགས་པ་མི་དམིགས་སོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ།། ཡོངས་སུ་མི་བལ་བའི ་དབང་དུ་མཛད་ནས་བསྟན་པ་ནི། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་རྣམས་དང་ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་དང་། སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ ་འདྲེས་པ་རྣམས་དང་། འབྲས་བུ་བཞི་དང་། རང་བྱང་ཆུབ་དང་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རློམ་སེམས་མེད་དོ།། ཞེས་རློམ་སེམས་བཀག་པ་ཡིན་ཏེ། འདིའི་མདོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་གཟུགས་ལ་རློམ ་སེམས་མེད་ཅེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རློམ་སེམས་མེད་ཅེས་བྱ་བའི་བར་དུ་གསུང་པ་ཡིན་ནོ།། རློམ་སེམས་མེད་པར་གྱུར་ན་ཡོངས་སུ་སྐྱོ་བར་འགྱུར་བ་ཡིན་པའི་ཕྱིར་རོ་རོ།། ལམ་ཡོངས་སུ་འཛིན ་འཛིན་པ་ལ་གདམས་པ་གང་ཞེ་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐ་དད་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱང་བཞིན་གཤེགས་པ་དགྲ། བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་མཐོང་ངོ་།། ་དེ་རྣམས་ཀྱི་ཆོས་བསྟན་པའང་ཉན་ཏོ།། དེ་དག་གི་དགེ་འདུན་ཡང་མཐོང་ངོ་།། དེ་དག་གི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་རྣམས་མཐོང་ཞིང་། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམ་པར་བྱང་བའི་ཕྱོགས་ཐམས་ཅད་མི་དམིགས་པའི་རྣམ ་པར་ཡེ་ཤེས་ཀྱི་ཡུལ་དུ་བྱེད་པ་ཡིན་ཏེ། འདིའི་མདོ་ནི། བྱང་ཆུབ་སེམས་དཔའ་ཡེ་ཤེས་དེ་ལྟ་བུ་དང་ལྡན་པས་ནི་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི ་སངས་རྒྱས་རྣམས་ཀྱང་མཐོང་ངོ་།། དེ་རྣམས་ལ་ཆོས་བསྟན་པའང་ཉན་ཏོ་ཞེས་བྱ་བ་ལ་སོགས་པའོ།། སྤྱན་ལྔ་ལ་གདམས་པ་ལས་ཤའི་སྤྱན་གྱི་དབང་དུ་མཛད་ནས་བསྟན་པ་ནི།། དཔག་ཚད་བརྒྱའི་བར་ནས་བརྩམས་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི ་འཇིག་རྟེན་གྱི་ཁམས་མཐོང་བ་ནི་ཤའི་སྤྱན་གྱི་ཡུལ་ཡིན་ཏེ། འདིའི་མདོ་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤའི་མིག་གིས་དཔག་ཚད་བརྒྱ་མཐོང་བ་ཡོད་དོ་ཞེས་བྱ་བ་ནས། གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག ་རྟེན་གྱི་ཁམས་མཐོང་བ་ཡོད་དོ་ཞེས་བྱ་བའི་བར་དུ་ཡིན་ནོ།། ལྷའི་སྤྱན་གྱི་དབང་དུ་མཛད་ནས་བསྟན་པ་ནི། རྒྱལ་ཆེན་བཞིའི་རིས་ནས་བརྩམས་ཏེ། འོག་མིན་གྱི་བར་གྱི་མིག་གི་ཡུལ་གང་ཡིན་པ་དེ་རབ་ཏུ་ཤེས་སོ།། ལྷ་རྣམས་ཀྱིའང་དེ་དག་གི ་དེའི་ཡུལ་གྱི་ཁྱད་པར་མི་ཤེས་སོ།། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམ་ཐ་དད་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་བ་དང་སྐྱེ་བ་ཤེས་པའི་ཡུལ་ཅན་གྱི་ལྷ་རེ་མིག་ཡིན་ཏེ། འདིའི་མདོ་ནི། ཤཱ་རིའི་བུ་རྒལ་པོ་ཆེན་པོའི ་བཞིའི་ལྷ་རྣམས་ཞེས་བྱ་བ་ནས། འོག་མིན་གྱི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་པས་ཏུ་ཤེས་སོ།། ཡང་བྱ་ཆུབ་སེམས་དཔའ་སེམས་དང་། ཆེན་པོའི་ལྷ་མིག་གང་ཡིན་པ་དེ་ནི་རྒྱལ་མེ་དེའི་རིས་ལྷ་རྣམས་ནས ་མིན་གྱི་ལྷ་རྣམས་ཀྱི་མི་ཤེས་སོ།། དེ་ཅིའི་ཕྱིར་ཞེ་ན། དེའི་ལྷའི་མིག་དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙད་ཀྱི་སེམས་ཅན་རྣམས་ཀྱི་འཆི་པོ་བ་དང་སྙེ་པ་ཇི་ལྟ་བ་བཞི་མངརགཏུ་ཤེས་པའི་ཕྱིར་རོ།། ཤེས་རབ ་ཀྱི་སྤྱན་གྱི་དབང་དུ་མཛད་ནས་བསྟན་པ་ནི། འདུས་བྱས་དང་འདུས་མ་བྱས་དང་། དགེ་བ་དང་མི་དགེ་བ་དང་། ཁ་ན་མ་ཐོ་བ་དང་། བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་ལ་སོགས་པ་དང་། མཐོང་བ་དང་ཐོས་པ་ལ་སོགས་པོའི་ཆོས་སུ་རྣམ་པར ་རྟོག་པ་དང་བྲལ་བ་ནི་ཤེས་རབ་ཀྱི་སྤྱན་ཞེས་བྱ་སྟེ། འདིའི་མདོ་ནི། བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་སྤྱན་པང་གིས་ཆོས་གང་ཇི་སྙེད་པ་འདུས་བྱས་སམ། འདུས་མ་བྱས་སམ། དགེ་བ་འམ། མི་གེ་བ་ཞེས་བྱ་ལ་སོགས་པ་ཡིན ་ནོ།། ཆོས་ཀྱི་སྤྱན་གྱི་དབང་དུ་མཛད་ནས་བསྟན་པ་ནི་གང་ཟག་འདི་ནི་དད་པའི་རྗེས་སུ་འབྲང་བ་ཞེས་བྱ་བ་ནས་བརྩམས་ཏེ། བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་སྙིང་པོར་འདུག་སྟེ་ཞེས་བྱ་བ་ནས་འདི་ལ་ནི་བདུན་འབྱུང་བར་འགྱུར། འདི ་ལ་ནི་བདུད་འབྱུང་བར་མི་འགྱུར་རོ་ཞེས་བྱ་བ་དང་། འཕགས་པའི་གང་ཟག་ཐམས་ཅད་རྟོགས་པའི་ཡུལ་ཅན་འདི་ནི་ཆོས་ཀྱི་སྤྱན་ཡིན་ཏེ། འདིར་མདོ་ནི། འདི་ལ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོའི་ཆོས་ཀྱི་སྤྱན་གྱིས་གང་ཟག་འདི་ནི་དས་པའི་རྗེས་སུ་འབྲང་བའོ།། འདི་ནི་ཆོས་ཀྱི་རྗེས་སུ་འབྲང་བའོ།། གང་ཟག་འདི་ནི་སྟོང་པ་ཉིད་ཀྱིས་གནས་པའོ།། འདི་ནི་མཚན་མ་མེད་པས་གནས་པའོ།། འདི་ནི་སྨོན་པ་མེད་པས་གནས་པའོ།། ་གང་ཟག་འདི་ནི་འཇིག་ཚོགས་ལ་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་སྤངས་པའི་ཕྱིར་རྒྱུན་ཏུ་ཞུགས་པའོ།། བསྒོམ་པའི་ལམ་གྱིས་འདོད་པའི་འདོད་ཆགས་དང་གནོད་སེམས་བསླབ་པའི་ཕྱིར། ་ལན་ཅིག་ཕྱིར་འོང་བའོ།། དེ་ལ་རབ་ཏུ་འདོད་པའི་འདོད་ཆགས་དང་གནོད་སེམས་སྤངས་པའི་ཕྱིར་ཕྱིར་མི་འོང་བའོ།། དེ་ཉིད་ཀྱིས་གཟུགས་དང་གཟུགས་མེད་པའི་འདོད་ཆགས་དང་ང་རྒྱལ་རྣམས་སྤངས་པས་གང་ཟག་འདི་ནི་དགྲ་བཅོམ་པར་བརྗོད ་དོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ།། སངས་རྒྱས་ཀྱི་སྤྱན་གྱི་དབང་དུ་མཛད་ནས་བསྟན་པ་ནི། སེམས་ཀྱི་སྐད་ཅིག་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མངོན་པར་བྱང་ཆུབ་པའི་ཡུལ་ཅན་ནི་སངས་རྒྱས་ཀྱི་སྤྱན་ཡིན་ཏེ། འདིའི་མདོ་ནི། ཤཱ་རིའི་བུ ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱང་ཆུབ་ཏུ་སེམས་བསྐྱེད་མ་ཐག་ཏུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ།། སྤྱན་གང་གིས་བྱང་ཆུ ་སེམས་དཔའ་མ་མཐོང་བ་འམ། མ་ཐོས་པ་འམ། མ་དྲན་པ་འམ། མངོན་པར་མ་ཤེས་པ་འམ། རྣམ་པ་ཐམས་ཅད་མི་མཁྱེན་པ་ཉིད་ཅེས་བྱ་བ་ཅུང་ཟད་ཀྱང་མེད་དེ། ཇི་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པས་ན་དགེ་བའི་ཆོས་ཐམས་ཅད ་བསྡུས་སོ་ཞེས་བསྟན་པ་ཡིན་ནོ།། ཇི་སྐད་དུ། ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་དགེ་བའི་ཆོས་ཐམས་ཅད་བསྔོས་སོ་ཞེས་སྨྲས་པ་ནི་ཡང་དག་པར་སྨྲ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཕ་རོལ་ཏུ་ཕྱིན ་པ་ཐམས་ཅད་བསྐྱེད་དོ་ཞེས་གསུངས་པ་ཡིན་ནོ།། སྤྱ་ལྔ་ལ་གདམས་པ་བསྟན་ནས། མངོན་པར་ཤེས་པ་དྲུགུ་ལ་གདབས་པ་བསྟན་པར་བྱ་སྟེ། དེ་ལ་རྫུ་འཕྲུལ་གྱི་མངོན་པར་ཤེས་པའི་དབང་དུ་མཇེད་ནས་བསྟུན་པ་ནི། ས་ཡང་གཡོ་ཞེས་བྱ་བ་ལ་སོགས་པ ་སྟེ། རྫུ་འཕྲུལ་གྱིས་དེ་དང་དེ་དག་བསྒྲུབ་པ་ཡིན་ནོ་ཞེས་བྱ་བ་སྟེ། འདིར་མདོ་ནི་ཇི་སྐད་དུ། གལ་ཏེ་རྫུ་འཕྲུལ་དུ་མ་རྣམ་པ་སྣ་ཚོགས་པ་སོ་སོར་ཉམས་སུ་མྱོང་བར་བྱེད་དེ། ས་ཡུང་གཡེ་བར་བྱེད་དོ།། གཅིག་ཏུ་གྱུར་ཅིང་མང་པོར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ ་གསུངས་སེ་པ་ཡིན་ནོ།། དེའི་དམིགས་པའི་སེམས་བཀག་པ་ཡིན་ཏེ། གང་འདི་ལྟར་དེ་རྫུ་འཕྲུལ་མི་དམིགས་ཏེ། གང་གིས་རློམ་སེམས་སུ་བྱ་བ་དང་། གང་ལའང་རློམ་སེམས་པ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ།། དེ་བཞིན་དུ་ལྷའི ་རྣ་བ་དང་ཕ་རོལ་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་ཡང་དག་པར་བཟུང་སྟེ། ཡང་ལྷའི་མིག་དང་། ཟག་པ་ཟད་པ་ཤེས་པ་མངོན་སུམ་དུ་བྱས་ཏེ། ཐམས་ཅད་སྒྱུ་མ་ལྟ་བུར་གནས་པ་ན་དེར་དམིགས་པའི ་སེམས་བཀག་ནས་ཐམས་ཅད་དུ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་ཞེས་བྱ་བ་ནི་མདོ་ཇི་ལྟ་བ་བཞིན་དུ་མངོན་པར་ཤེས་པ་བརྗོད་པར་བྱའོ།། ཡང་རྒྱུ་ཅིར་ཕྱིར་མངོན་པར་ཤེས་པ་ལ་གདམས་པར ་མཛད་ཅེ་ན། མངོན་པར་ཤེས་པ་ཡོངས་སུ་དག་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གཏོད་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་དང་།། ཇི་སྐད་དུ། མངོན་པར་ཤེས་པ་ཡོངས་སུ་དགུ་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གཏོད་པར་བྱེད་པའོ།། ་ཞེས་གསུངས་པ་ཡིན་ནོ།། གཞན་ཡང་མངོན་པར་ཤེས་པ་གདུལ་བྱ་བཏུལ་ནས་སྦྱིན་པ་ལ་སོགས་པ་དྲག་ལས་གང་ཡང་རུང་བ་ཉིད་ཀྱི་གནས་ཏེ། དེ་དང་དེའི་མིཐུན་པའི་ཕྱོགས་སྤོང་དུ་བཅུག་ནས་རྣམ་པ་ཐམས་ཅད་མཁྱེན་པོ་ཉིད་ཀྱི་ལམ་ཡོངས ་སུ་སྦྱོང་བར་བྱེད་དོ་ཞེས་བསྟན་ཏེ། ཕ་རོལ་ཏུ་ཕྱིན་པའི་གནས་སྐབས་རེ་རེ་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལམ་སྤྱོད་བ་ཡིན་པ་དང་། གང་ཇི་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་སྦྱིན་པའི་ཕ་རོལ་ཏུ ་ཕྱིན་པ་ལ་གནས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་སྦྱོང་བ་ཡང་ཡོད་དོ།། ཤིན་ཏུ་སྟོང་པ་ཉིད་ཀྱིས་འཛིན་པ་མེད་པར་ཉེ་བར་བཟུང་སྟེ། དེ་བཞིན་དུ་ཁཱ་ན་མ་ཐོ་བ་མེད་པ་ཉེ་བར་གཟུང་བ་དང་། དེ་བཞིན་དུ་འཁྲུག་པ ་མེང་པ་ཉིད་ཉེ་བར་གཟུང་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། སྦྱིན་པ་ལ་སོགས་པའི་གཉེན་པོའི་ཕྱོགས་མི་མཐུན་པའི་ཕྱོགས་ཉེ་བར་བཏགས་པ་སྟེ་ཞེས་བྱ་བ་ནི་གང་ཡང་ཇི་སྐད་དུ། སྦྱིད་པ་རྣམས་ལ་ཡོངས་སུ ་འཛིན་པར་ཉེ་བར་གདགས་ཤིང་། ཚུལ་ཁྲིམས་ལ་ཚུལ་ཁྲིམས་འཆལ་པ་ཉེ་བར་འཛིན་པ་ལ་གདགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། མངོན་པར་ཤེས་པ་ལྷག་མའི་དོན་ནི་རྟོགས་པར་སླ་བས་རྣམ་པར་མ་ཕྱེའོ།། མངོན ་ཤེས་པ་དྲུག་ལ་གདམས་པ་བསྟན་ནས། མཐོང་བའི་ལམ་ལ་གདམས་པ་བརྗོད་པར་བྱ་སྟེ། དེ་ནི་གནས་བརྟན་རབ་འབྱོར་གྱི་བྱིན་གྱིས་བརླབས་པས་བསྟན་ཞེས་གསུངས་ཏེ། གནས་བརྟན་རབ་འབྱོར་གྱི་ཁ་ནས་ཐོབས་ལ་མཁས ་པས་རང་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་ཡིན་པས་ཞེས་བྱ་སྟེ། གང་ཇི་སྐད་དུ། ཤཱ་རིའི་བུ་འདི་ནི་དེ་བཞིན་གཤེགས་པ་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་ཐབས་ཀྱིས་སྟོན་པ་ཡིན་ཏེ། འདི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཡུལ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ།། ཅིའི་ཕྱིར་གཞན་གྱི་ཁ་ནས་སྟོན་པར་མཛད་ཅེ་ན། གཞན་དག་ཀྱང་དོན་དེ་ཐོབ་པར་མཛད ་ཅིང་སྤྱོད་པ་ཉིད་ཀྱིས་ན་བདག་ཉིད་ལ་གཟུང་བར་འོས་པ་མ་ཡིན་པ་ཉིད་ཀྱིས་ཉེས་པ་སྨང་བར་བྱ་བའི་དོན་དུའོ།། ཅིའི་ཕྱིར་ཉན་ཐོས་ཀྱི་ཁ་ནས་སྟོན་པར་མཛད་ཅེ་ན། བྱིན་གྱིས་བརླབས་པ་ལ་མངའ་བརྙེད་པ་ཤེས་པར་བྱ་བའི་དོན་དུའོ།། ། ་ཅིའི་ཕྱིར་གནས་བརྟན་རབ་འབྱོར་གྱི་ཁ་གཉིས་ནས་སྟོན་པར་མཛད་ཅེ་ན། དེ་ནི་ཉོན་མོངས་པ་མེད་པར་གནས་པའི་མཆོག་ཏུ་གྱུར་པ་ཉིད་ཀྱིས་ཉོན་མོངས་པ་དང་བྲལ་བའི་སྐལ་བ་མཉམ་པས་ལྷག་པའི་ཕྱིར་མཐོང་ལོམ་དང་རྗེས་སུ ་མཐུན་པའི་སྟོན་པ་པོ་ཡིན་པའི་ཕྱིར་རོ།། དེ་ལྟར་བྱས་ན་ཚེ་དང་ལྡན་པ་རབ་འབྱོར་ལེགས་སོ་ལེགས་སོ།། ཇི་ལྟར་ཉན་ཐོས་ཉོན་མོངས་པ་མེད་པར་གནས་པ་རྣམས་ཀྱི་མཆོག་ཏུ་དེ་བཞིན་གཤེགས་པས་གསུངས ་ཏེ་བསྟན་པ་འདི་ཡང་དེའི་ཚུལ་དང་འདྲའོ་ཞེས་འོག་ནས་གསུངས་པ་ཡིན་ནོ།། དེ་ལ་མཐོང་བའི་ལམ་སྐད་ཅིག་མ་བཅུ་དྲུག་ལས་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་དབང་དུ་བྱས་ནས་གསུངས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་དདྲང་བྱང་ཆུབ་སེམས་དཔའི་མིང་དང་། ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་རྣམས་དེ་དག་རེ་རེ་ཡང་བཏགས་པ་ཙམ་ཡིན་ཏེ་ཞེས་བྱ་བ་སྟེ། མདོ་ནི་ཇི་སྐད་དུ་རབ་འབྱོར་འདི་ལྟ་སྟེ། སེམས་ཅན་ཞེས་བརྗོད་ཀྱང་སེམས་ཅན་ཅུང་ཟད་ཀྱང ་མི་དམིགས་སོ།། གང་ཡང་མིང་དུ་བཏགས་པའི་ཆོས་དེ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། སྡུག་བསྔལ་ལ་ཆོས་ཤེས་པོའི་དབང་དུ་མཛད་ནས་བསྟན་པ་ནི། དེ་དག་ཀྱང་བཏགས་པ་ཡིན་པའི་ཕྱིར་སྐྱེ་བ་དང་འགག་པ་བཀག ་པ་ཡིན་ཏེ། གང་ཇི་སྐད་དུ། རྟག་པའི་ཆོས་གང་ཡིན་པ་དེ་ལ་ནི་མིང་དང་བརྡའ་ཙམ་དུ་ཐ་སྙད་གདགས་པ་མ་གཏོགས་པར་སྐྱེ་བ་འམ། འགག་པ་མེད་དེ་གཞན་དུ་ན་མིང་དུ་བཏགས་པ་ཡིན་ཏེ་ཞེས་གང་གསུངས་པ་ཡིན་ནོ།། གང་སྡུག་བསྔལ ་ལ་རྗེས་སུ་ཤེས་པའི་བཟོད་པ་བསྟན་པ་ནི། ཕུང་པོ་ལ་སོགས་པ་རྣམས་དང་། ཚོར་བ་དྲུག་ཤེས་པ་དྲུག་པོ་རེ་རེ་ན་ས་ཕྱེ་བ་ཡིན་ཏེ། རྟག་པ་དང་། མི་རྟག་པ་དང་། བདེ་བ་དང་། སྡུག་བསྔལ་བ་དང་། བདག་དང་། བདག་མེད་པ ་དང་ཞི་བ་དང་། མ་ཞི་བ་དང་། སྟོང་པ་དང་། མི་སྟོང་པ་དང་། མཚན་མ་ཡོད་པ་དང་། མཚན་མ་མེད་པ་དང་། སྨོན་པ་ཡོད་པ་དང་། སྨོན་པ་མེད་པ་དང་། འདུས་བྱས་དང་། འདུས་མ་བྱས་དང་། སྐྱེ་བ་དང་། འགག་པ་དང་། དབེན་པ ་དང་མི་དབེན་པ་དང་། དགེ་བ་དང་། མི་དགེ་བ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། ཉོན་མོངས་པ་དང་བཅས་པ་དང་། ཉོན་མོངས་པ་མེད་པ་དང་། འཇིག ་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། འཁོར་བ་དང་། མྱ་ངན་ལས་འདས་པ་རྣམས་མཐོང་བ་བཀག་པ་ཡིན་ཏེ་ཞེས་བྱ་བ་ནི་གང་ཇི་སྐད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་གཟུགས་རྟག་ཅེས་བྱ་བ་དང་། མི་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་།། གཟུགས་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་རྒྱ་ཆེར ་གསུངས་པ་ཡིན་ནོ།། གང་སྡུག་བསྔལ་ལོ་རྗེས་སུ་ཤེས་པ་བསྟན་པོ་ནི། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པའི་རྒྱུ་ཡིན་པས་ཞེས་བྱ་སྟེ། ཇི་སྐད་དུ། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་ད ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་ཆོས་ཐམས་ཅད་ལ་མི་རྟོག་རྣམ་པར་མི་རྟོག་གོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ།། གོང་ཀུན་འབྱུང་བ་ཆོས་ཤེས་པའི་བཟོད་པོ་བསྟན་པ་ནི། ཀུན་ནས་ཉོན་མོངས་པ ་ཅན་དང་། རྣམ་པར་བྱང་བའི་ཆོས་རྣམས་ཀྱི་མཚན་ཉིད་མེད་པར་བཀག་པ་ཡིན་པས་ཞེས་བྱ་བ་སྟེ། ཇི་སྐད་དུ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་ཆོས་ཀྱི་མཚན་ཉིད་ཤིན་ཏུ་རྟོགས་པ་ཡིན་ཏེ། ་ཆོས་རྣམས་ཀྱི་མཚན་ཉིད་གང་ཡིན་པ་དེ་ནི་ཀུན་ནས་ཉོན་མོངས་པར་མི་འགྱུར། རྣམ་པར་བྱང་བར་མི་འགྱུར་རོ་ཞེས་གང་གསུངས་པ་ཡིན་ནོ།། གང་ཀུན་འབྱུང་ལ་ཆོས་ཤེ་བ་བསྟན་པ་ནི། ཕུང་པོ་ལ་སོགས་པ་རྣམས་དང་། ཤེས་པ ་དྲུག་ལ་མངོན་པར་ཞེན་པ་བཀག་པ་ཡིན་པས་ཞེས་བྱ་བ་སྟེ། མདོ་ནི་གང་ཇི་སྐད་དུ་དེས་མིང་དང་བརྡར་བྱས་པའི་ཆོས་སུ་བཏགས་པར་ཁོང་དུ་ཆུད་པས་གཟུགས་ལ་མངོན་པར་ཞེན་པལ་གྱུར་པ་མེད་དོ།། ཚོར་བ་ལ་མངོན་པར་ཞེན་པར ་འགྱུར་པ་མེད་དོ།། འདུ་ཤེས་ལ་མངོན་པར་ཞེན་པར་འགྱུར་བ་མེད་དོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ།། གང་ཀུན་པབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་བསྟན་པ་ནི། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམས་དང་། སྟོང ་པ་ཉིད་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་དང་། ཐབས་ལ་མཁས་པ་དང་། ཆོས་རྣམས་མི་དམིགས་པ་ཉེ་བར་གཟུང་ནས་མངོན་པར་ཞེན་པ་བཀག་པ་ཡིན ་པས་ཞེས་བྱ་བ་སྟེ། མདོ་ནི་ཇི་སྐད་དུ། དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡཱ་མངོན་པར་ཞེན་པར་འགྱུར་པ་མེད་དོ།། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་ཞེས་བྱ་བ་ལ་སོགས་པ་དང་། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་མངོན ་པར་ཞེན་པར་བྱེད་པ་པོ་འམ། གང་གི་མངོན་པར་ཞེན་པར་བྱེད་པ་འམ། གང་ལ་མངོན་པར་ཞེར་པར་བྱ་བའི་ཆོས་དེ་དག་ཡང་དག་པར་ཡོད་པ་མ་ཡིན་ནོ་ཞེས་གང་གསུངས་པ་ཡིན་ནོ།། གང་ཀུན་འཐུང་བ་རྗེས་སུ་ཤེས་པ་བསྟན་པ་ནི།། ་དེ་ལྟར་སྤྱོད་པས་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཕེལ་ཏེ། བྱང་ཆུབ་སེམས་དཔའི་སྒྲོན་མེད་པ་ལ་འཇུག་པོ་ཡིན་པས་ཞེས་བྱ་བ་སྟེ། མདོནི་ཇི་སྐད་དུ། མངོན་པར་ཞེན་པ་མེད་པར་དེ་ལྟར་སྤྱོད་པ་དེ་སྦྱིན་པའི་ཕ་རོལ་ཏུ ་ཆོས་ཐམས་ཅུད་རྣམ་པར་འཕེལ་ཏཱི་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པའི་བར་དུ་འགྱུར་རོ་ཞེས་ཀྱི་གསུངས་པ་ཡི་ནི།། གང་རྒག་པ་ལ་ཆོས་ཤེས་པའི་བཟོད་པ་ཧཱུ~ཾསྟར་བ་ནི། མི་སྟོལ་པའི ་ས་གནོན་པ་ཡིན་པས་ཞེས་བྱ་བ་སྟེ། འདིའི་མངོནི། ཕྱིར་མི་ལྡོག་པའི་ས་གནོན་པར་འགྱུར་རོ་ཞེས་གླང་གསུངས་པ་ཡིན་ནོ།། དེ་ན་མཚན་མ་མེད་པར་ལྷུན་གྱིས་གྲུབ་པ་ལ་གནས་པའི་མཚན་ཡི་ང་ཆུབ་སེམས་དཔའི་ས་བརྐྱང ་པ་ཡིན་པར་རིག་པར་བྱའོ།། དེ་ཡང་འགོག་པའི་བཟོད་པའི་དབང་དུ་མཛད་ནས་དེ་ཉིད་བསྟན་པ་ནི། རིགས་ཀྱི་བུ་ལེགས་སོ་ལེགས་སོ།། འདི་ནི་དོན་དམ་པ་དེ་ལ་བཟོད་པ་ཡིན་ཏེ། སངས་རྒྱས་ཀྱི་ཆོས་རྗེས་སུ་རྟོག་པར་འགྱུར ་རོ་ཞེས་གང་གསུངས་པོ་ཡིན་ནོ།། གང་འགོག་པ་ལ་ཆོས་ཤེས་པ་བསྟན་པ་ནི། མངོན་པར་ཤེས་པ་ཡོངས་སུ་རྫོགས་ནས་སངས་རྒྱས་ཐམས་ཅད་མཛད་ཅིང་དེར་སྐྱེས་ནས་ངེས་བསྟན་པའི་ཆོས་ལྡན་པ་ཡིན་ཏེ། ་དེ་མངོན་པར་ཤེས་པ་ཡོངས་སུ་རྫོགས་ནས་སངས་རྒྱས་ཀྱི་ཞིང་ནས་ཀྱང་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ ་ཡིན་པའོ།། འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་བསྟན་པ་ནི། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། ཁམས་དྲུག་དང་།། རྟེན་ཅིང་འབྲེལ་བར་འབྱུང་བའི་སོ་སོའི་ཡན་ལག་ཀྱང་བྱང་ཆུབ་སེམས་དཔའི་མ་ཡིན། འདུས་པའང་མ ་ཡིན། དེ་དག་མ་ཡིན་པ་གཞན་ཞིག་ལའང་མ་ཡིན། བྱང་ཆུབ་སེམས་དཔའ་ལ་དེ་དག་ཡོད་པ་མ་ཡིན། དེ་དག་ལ་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན་ནོ།། དེ་དག་གི་བདག་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན་པ་ཞེས་བྱ་བ་ནི ་དེ་དག་བྱང་ཆུབ་སེམས་དཔའི་ངོ་བོ་ཡིན་པ་བཀག་ནས་རྣམ་གྲངས་གཞན་གྱིས་དགག་པར་བཞེད་པ་ཡིན་ཏེ། འདིའི་མདོ་ནི། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་གང་བརྗོད་པ་ཡིན་ཏེ། གཟུགས་བྱང་ཆུབ་སེམས ་དཔའ་ཡིན་སྙམ་མམ། གཟུགས་མ་ཡིན་པ་གཞན་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། བྱང་ཆུབ་སེམས་དཔའ་ལ་གཟུགས་ཡོད་སྙམ་མམ། གཟུགས་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་མམ། གཟུགས་མེད་པ་བྱང་ཆུབ ་སེམས་དཔའ་ཡིན་སྙམ་མམ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ།། གང་འགོག་པ་ལ་རྗེས་སུ་ཤེས་པ་བསྟན་པ་ནི། འདི་ལྟར་ཕུང་པོ་ལ་སོགས་པ་རྣམས་སོ་སོར་ཡང་མ་ཡིན། འདུས་པ་ཡང་མ་ཡིན་ཏེ། དེ་དག་གི ་དེ་བཞིན་ཉིད་བྱང་ཆུབ་སེམས་དཔའ་མ་ཡིན། དེ་དག་མ་གཏོགས་པའང་བྱང་ཆུབ་སེམས་དཔའ་མ་ཡིན་ལ། དེ་དག་ལ་ཡང་མ་ཡིན།། དེ་དག་གི་བདག་ཉིད་བྱང་ཆུབ་སེམས་དཔའ་མ་ཡིན་ཏེ། སེམས་ཅན་ཤིན་དུ་མི་དམིགས་པ་ཉེ་བར ་གཟུང་ནས་དེ་དག་གི་དེ་བཞིན་ཉིད་བྱང་ཆུབ་སེམས་དབུའི་ངོ་བོ་ཡིན་པ་བཀག་ནས་རྣམ་གྲངས་གཞན་གྱིས་དགག་པ་ཡིན་པར་དགོངས་སོ།། འདིའི་མདོ་ནི། རབ་འབྱོར་འདི་ཇི་སྙམ་དུ་སེམས། གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ ་བྱང་ཆུབ་སེམས་དཔའ་ཡིན་སྙམ་མོམ། གཟུགས་ཀྱི་དེ་བཞིན་ཉིད་ལས་གཞན་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། གཟུགས་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་མམ། བྱང་ཆུབ་སེམས་དཔའ་ལ་གཟུགས་ཀྱི ་དེ་བཞིན་ཉིད་ཡོད་སྙམ་མམ། གཟུགས་མེད་པའི་དེ་བཞིན་ཉིད་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ།། གང་ལམ་ལ་ཆོས་ཤེས་པའི་བཟོད་པ་བསྟན་པ་ནི། གཟུགས་ལ་སོགས་པའི་ཕུང་པོ ་རྣམས་སོ་སོར་རྟོག་པ་དང་། མི་རྟག་པ་དང་། བདེ་བ་དང་། སྡུག་བསྔལ་གྱི་ཚིག་བླ་དགས་ཞེས་བྱ་བ་ནས། ཇི་སྲིད་སྨོན་པ་དང་། སྨོན་པ་མེད་པའི་ཚིག་བླ་དགས་ཤིན་དུ་མི་དམིགས་པའི་ཕྱིར་བྱང་ཆུབ་སེམས་དཔའི་ངོ་བོ་བཀག་པ་ཡིན་ཏེ། ་འདིའི་མདོ་ནི། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་གཟུགས་རྟག་པ་ཉིད་ཀྱི་ཚིག་བླ་དགས་ཡིན་སྙམ་མམ། དེ་བཞིན་དུ་གཟུགས་མི་རྟག་པ་ཉིད་དང་། གཟུགས་བདེ་བ་ཉིད་དང་། གཟུགས་སྡུག་བསྔལ་བ ་ཉྩིད་དང་། གརྒྱས་བདས་དང་བཅས་པ་ཉིད་དང་། གཟུགས་བདག་མང་བ་ཉིད་དང་། གདུགས་ཞིང་ཉིད་དང་། གཟུགས་མ་ཞི་བ་ཉིད་ཅེས་བྱ་བ་རེ་དག་ནི་བྱང་ཆུབ་སེམས་པའི་ཚིག་བླ། ས་ལེན་སྙམ ་མམ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ།། གང་ལམ་ལ་ཆོས་ཞེས་པ་བསྟན་པ་ནི། ཆོས་ཀྱི་དབྱིངས་གཅིག་ལ་གཅིག་མཐོང་བ་བཀག་པ་ཡིན་ཏེ། འདིའི་མདེ་ནི། དོ་རབ་འབྱོར་ཆོས་སྐྱེ་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་།། ཆོས ་དབྱིངས་ཀྱིས་ཀྱང་ཆོས་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བུ་ཡིན་ནོ།། གང་ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་བསྟན་པ་ནཱི། འདི་ལྟར་གཟུགས་ཀྱི་དབྱིངས་དང་། ཆོས་ཀྱི་དབྱིངས་དང་། ཚོར་བཥྤེ་ཤྩི་ས་དང་། ཆོས་ཀྱི་དབྱིངས ་དངོ་ཞེས་བྱ་བ་ནས། རྣམ་པར་ཤེས་པའི་དབྱིངས་དང་། ཆོས་ཀྱི་དབྱིངས་དང་། ཞེས་བྱ་བ་ནས་ཡིད་ཀྱི་དབྱིངས་དང་། ཆོས་ཀྱི་དབྱིངས་ཞེས་བྱ་བའི་བར་དུ་ཡིན་ཏེ། འདིའི་མདོ་ནི། རབ་འབྱོར་གཟུགས་ཀྱི་དབྱིངས་ཀྱི་ཆོས་ཀྱི་དབྱིངས་ཡང ་དག་པར་ས་སུ་མི་མཐོང་ངོ་།། ཆོས་ཀྱི་དབྱིངས་ཀྱིས་ཀྱང་གཟུགས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་ལྗོན་ནོ།། གང་ལམ་ལ་རྗེས་སུ་ཤེས་པ་བསྟན་པ་ནི། འདུས་བྱས་ཀྱི་དབྱིངས་དང་། འདུས་མ ་བྱས་ཀྱི་དབྱིངས་ཕན་ཚུན་མཐོང་བ་གཅིག་ལ་གཅིག་བཀག་པ་ཡིན་ཏེ། འདིའི་མདོ་ནི། རབ་འབྱོར་འདུས་བྱས་ཀྱི་དབྱིངས་ཀྱི་འདུས་མ་བྱས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་།། འདུས་མ་བྱས་ཀྱི་དབྱིངས་ཀྱིས་ཀྱང་འདུས ་བྱས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་འདིས་ནི་དམིགས་པར་བྱ་བ་དང་། དམིགས་པར་བྱེད་པ་ཉམས་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་གསལ་བར་བསྟན་ཏོ།། བསྒོམ་པའི་ལམ་གྱི་དབང་དུ་མཛད་ནས་བསྟན་པ་དྲི། འདུས་རྒྱས ་དང་འདུས་མ་བྱས་ཉིད་གཅིག་ལས་གཅིག་ཐ་དད་པར་གདགས་པར་མི་ནུས་ཏེ། ཆོས་ཐམས་ཅད་མི་དམིགས་པས་སྐྲག་པ་མེད་པ་ཡིན་ཏེ། འདིའི་མདོ་ནི། རབ་འབྱོར་འདས་བྱས་ལས་ཐ་དད་པར་འདུས་མ་བྱས་གདགས་པར་མི་ནུས་སོ།། འདུས ་མ་བྱས་ལས་ཀྱང་ཐ་དད་པར་འདུས་བྱས་གདགས་པར་མི་ནུས་སོ།། དེ་ལྟར་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ཡང་དག་པར་མི་དམིགས་པས་མི་སྐྲག། ཀུན་ནས་མི་སྐྲག་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། དེ་ལ་འདུས ་བྱས་ནི་ལམ་མོ།། འདུས་མ་བྱས་ནི་སྤངས་པ་སྟེ། དེ་གཉིས་གཅིག་ལ་གཅིག་ཐ་དད་པར་བྱས་ཤིང་གདགས་པར་མི་ནུས་པའི་ཕྱིར་དེ་ནས་བསྒོམ་པའི་ལམ་ནི་རྣམ་པ་གཞག་པ་ནི་བཏགས་པ་ཡིན་གྱི་ཇི་ལྟར་མཐོང་པའི་མངོན་སུམ་དུ ་ཕྱོགས་པར་བྱེད་པའི་མཚན་ཉིད་པ་ནི་མ་ཡིན་ཏེ། དངོས་པོ་ལས་ཐ་དད་པ་མེད་པའི་ཕྱིར་རོ།། ཞེས་སྟོན་པ་ཡིན་ནོ་ཞེས་སྟོན་པར་བྱེད་དོ།། དེ་ལྟར་བྱས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པ་གང་ཡིན་པ་མི་དཟིགས་པའི་རྣམ ་པོ་དང་། དེའི་དམིགས་པ་གང་ཡིན་པ་འཕགས་པའི་བདེན་པ་བཞི་དང་། རྟེན་གང་ཡིན་པ་སྐྱབས་གསུམ་དང་། ཁྱད་པར་དུ་འགྲོ་བོའི་རྒྱུ་གང་ཡིན་པ་མ་ཆགས་པ་དང་། མི་ལྡོག་པར་འགྲོ་བའི་རྒྱུ་གང་ཡིན་པ་ཡོངས་སུ་མི་ངལ་བ ་དང་། ཐེག་པ་གཞན་གྱིས་མི་འགྲོ་བའི་རྒྱུ་གང་ཡིན་པ་ལམ་ཡོངས་སུ་འཛིན་པ་དང་། གཞན་གྱི་དྲིང་མི་འཇོག་པར་འགྲོ་བ་ཉིད་ཀྱི་རྒྱུ་གང་ཡིན་པ་སྤྱན་ལྔ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས ་སུ་རྫོགས་པའི་རྒྱུ་གང་ཡིན་པ་མངོན་པར་ཤེས་པ་དྲུག་དང་། སྒྲུབ་པ་མཐར་ཐུག་པའི་རྒྱུ་གང་ཡིན་པ་མཐོང་བ་དང་། བསྒོམ་པའི་ལམ་དག་སྟེ། དེ་དག་ཐམས་ཅད་གདམ་ངག་གི་གནས་སྐབས་སུ་བསྟན་པར་རིག་པར་བྱའོ།། དེས ་ན་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གདམས་པ་སྟེ། འདི་ནི་རྗེས་སུ་བསྟན་པ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མན་ངག་གི་བསྟན་བཅོས་མངོན་པར་རྟོག ་པའི་བརྒྱན་ལས་གདམ་ངག་དང་རྗེས་སུ་བསྟན་པའི་རྣམ་པར་འགྲེལ་པའོ།། ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་བརྗོད་པར་བྱའོ།། ཡང་འདི་དག་ལ་བརྗོད་པར་བྱ་བ་ཅི་ཡོད་ཅེ་ན། ཉན་ཐོས་ལ་སོགས་པ་ལས་ཁྱད་པར ་རྣམ་པ་བཞི་བརྗོད་པར་བྱ་བ་ཡིན་ཏེ། དམིགས་པའི་ཁྱད་པར་དང་། རྣམ་པའི་ཁྱད་པར་དང་། རྒྱུའི་ཁྱད་པར་དད་། ཡོངས་སུ་འཛིན་པའི་ཁྱད་པར་རོ།། རྣམ་པར་རྟོག་པ་དང་ལྡན་པའི་སྦྱོར་བ་ཡང་བརྗོད་པར་བྱ་སྟེ། འོག་ནས་བཤད ་པའི་མཐོང་བའི་ལམ་གྱིས་སྤང་བར་བྱ་བའི་གཟུང་བ་དང་། འཛིན་པའི་རྣམ་པར་རྟོག་པ་བཞི་པོ་ངེས་པར་འབྱེད་པའི་མ་དང་མཐུན་པ་འདི་ལ་རྣམ་པར་རྟོག་པ་དུ་ཞིག་ཏུ་རྣམ་པར་བཞག་པར་བྱ་ཞེ་ན། འདི་ལ་རེ་རེ་ཞིང་ཆུང་ངུ་དང་། ་འབྲིང་དང་། ཆེན་པོའི་དབྱེ་བར་བརྗོད་པར་བྱ་བ་ཡིན་པས། དམིགས་པ་དང་ནི་རྣམ་པ་དང་།། རྒྱུ་དང་ཡོངས་སུ་འཛིན་པ་ཡིས།། བྱང་ཆུབ་སེམས་དཔའ་བློ་ལྡན་གྱི།། དྲོད་སྲོགས་བདག་ཉིད་ཇི་བཞིན་དུ།། རྣམ་རྟོག་བཞི་པོ་ལྡན།། ་བརྟེན་པ།། ཆུང་དང་འབྲིང་དང་ཆེན་པོ་དང་།། ཉན་ཐོས་པས་རུ་ལྟ་བུ་དང་།། བཅས་པ་དག་ལ་ས་ཁྱད་པར་འཕགས།། ཞེས་བྱ་བའི་ཚིག་ལེའུར་བྱས་པ་གཉིས་པོ་འདི་དག་ཉེ་བར་དགོད་པར་མཛད་པ་ཡིན་ཏེ། དེ་དག་གིས་ནི་སེམས ་བསྐྱེད་པ་དང་། གྲདམ་ངག་དང་། རྗེས་སུ་བསྟན་པའི་སྦྱོར་བ་དང་ལྡན་པ་དང་། ཐོས་པ་དང་། བསམས་པ་དེ་དག་ཁྱད་པར་དུ་འགྲོ་བ་ཐོབ་པ་ལས་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསྒོམས་པའི་རང་བཞིན་དྲོ་བ་ཞེས་བྱ་བའི ་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩུ་བ་སྐྱེའོ།། དྲོ་བ་དང་འདྲ་བས་སྤྲོ་བ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མི་འབྱུང་བའི་སྔོན་དུ་འགྲོ་བའི་རྒྱུ་ཡིན་པའི་ཕྱིར་རོ།། དེ་ཁྱད་པར་རྣོ་བ་བཞིས་ཉན་ཐོས་ལ་སོགས་པ་ལས ་ཁྱད་པར་འཕགས་པ་སྟེ། དམིགས་པའི་ཁྱད་པར་ནི་འཕགས་པའི་བདེན་པ་བཞི་པོ་མི་རྟག་པ་ལ་སོགས་པའི་རྣམ་པ་ལ་དམིགས་པའི་ཕྱིར་རོ།། རྣམ་པའི་ཁྱད་པར་ནི་སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པའི་རྣམ་པ་ལ་མངོན ་པར་མ་ཞེན་པ་ལ་སོགས་པའི་རྣམ་པ་ཡིན་པའི་ཕྱིར་རོ།། གང་གཟུགས་ལ་སོགས་པའི་ཕུང་པོ་ཐ་དད་པ་རྣམས་སྡུག་བསྔལ་དང་། ཀུན་འབྱུང་གི་རྣམ་པ་བསྒོམ་པ་ལ་མངོན་པར་མ་ཞེན་པ་སྟེ། རྗེས་སུ་མཐུན་པའི་ཆོས་ལ ་སྲེད་པ་ནི་སྐྱོན་ནོ།། དེ་དག་ཉིད་ལ་སྟོང་པ་ཉིད་དང་། སྨོན་པ་མེད་པར་མངོན་པ་གཞན་པ་ནི་ན་མེད་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ།། མདོའི་མ་དང་ལྡན་པ་ཤཱ་རིའི་བུ་པ་རྔུབ་སེམས ་དཔའ་སེམས་དཔའ་ཆེན་པོ་གཟུགས་མི་རྟོག་ཅེས་བྱ་བར་མངོན་པར་ཞེན་པ་དང་། ལྷག་པར་གནས་པ་དང་། རྣཤེས་པ་། གཟུགས་སྡུག་བསྔལ་ཞེས་བྱ་བ་དང་། ཞེས་བྱ་བ་དང་། གཟུག་ས་ཡང་ཅེས་བྱ་བར་མངོན་པར ་ཞེན་ཅིང་ལྷག་པར་གནས་པ་དང་། ཀུན་ཤེས་པ་དང་། དེ་བཞིན་དུ་གཟུགས་སྟེང་ཞེས་བྱ་བ་དང་། སྨོན་པ་མེད་ཅེས་ན་པ་དེན་པ་དང་། ལྷག་པས་གནས་པ་དང་། ཀུན་ཤེམ་ཞེས་བྱ་དནས་ཚེ་དང་ལྡན་པ་ཤཱ་རིའི་བུ་འདི ་ལ་བྱང་ཆུབ་སེམས་དཔའི་རྗེས་སུ་མཐུན་པའི་ཆོས་ལ་སྲིད་པ་ནི་སྐྱོན་ནོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ།། འདི་ནི་རེ་ཞིག་སྡུག་བསྔར་གི་བདུརྫོགས་པའི་དམིགཔ་དང་རྣམ་པའི་ཁྱད་པར་རོ།། ཀུན་འབྱུང་གི་བདེན་པར་རྟོགས ་པའི་དམིགས་པ་དང་རྣམ་པའི་ཁྱད་པར་ནི་མདོ་ལས་ཇི་སྐད་དུ། དེ་བཞིན་དུ་གཟུགས་འདི་སྤང་བར་བྱའོ་ཞེས་མངོན་པར་ཞེན་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ན།། དེ་ལ་སྡུག་བསྔལ་དང་། ཀུན་པ་བྱུང་གི་བདེན་པ་ལ་མི ་རྟག་པ་ལ་སོགས་པར་དམིགས་ཤིང་། མངོན་པར་ཞེན་པ་མེད་པ་ལ་སོགས་པ་རྣམས་ཀྱིས་རྣམ་པར་བྱེད་།། ཅི་ཞིག་བརྗོད་པར་འགྱུར་ཞེ་ན། ཉན་ཐོས་རྣམས་མི་གཟུགས་ལ་སོགས་པའི་མཚན་ཉིད་ཀྱི་དངོས་པོ་དེ་ལ་མངོན་པར ་ཞེན་པར་བྱེད་དེ། དེ་ལ་མི་རྟག་པ་ལ་སོགས་པའི་རྣམ་པར་འགྱུར་ཏེ། བདག་ཏུ་བལྟ་བའི་གཉེན་པོ་ཡིན་པའི་ཕྱིར་རོ།། བྱང་ཆུབ་སེམས་དཔའ་རྣམས་ནི་ཡང་མི་རྟག་པ་ལ་སོགས་པའི་མཚན་ཉིད་ཀྱི་དངོས་པོ་ལ་དམིགས་ཤིང ་དེའི་མངོན་པར་ཞེན་པ་མེད་པ་ལ་སོགས་པའི་རྣམ་པར་འགྱུར་ཏེ། ཆོས་སུ་ལྟ་བའི་གཉེན་པོ་ཡིན་པའི་ཕྱིར་རོ།། འདིར་ཡང་མཚན་མ་མེད་པ་ཞེས་མ་སྨོས་པ་ནི་བདེན་པ་གཉིས་སྟོན་པར་བཞེད་པས་འཇུག་པའི་ཕྱོགས་ཀྱི་དབང ་དུ་མཛད་པ་ཡིན་ཏེ། མཚན་མ་མེད་པ་ལ་ཐེག་པ་ཆེན་པོ་འགོག་པ་དང་། ལམ་གྱི་བདེན་པའི་རྣམ་པ་ཡིན་པའི་ཕྱིར་རོ།། དེ་ལྟར་བྱས་ན་གང་ལ་མཚན་མ་མེད་པ་དང་། གང་གི་རྣམ་པར་རྟོག་པའི་མཚན་མ་སེལ་བ་ནི། ཞི་བའི ་རྣམ་པ་ཡིན་ནོ་ཞེས་གང་གསུངས་པ་དེ་ནི་དངོས་པོ་དང་། མཚན་མ་དང་འབྲེལ་པའི་ཉན་ཐོས་ཀྱི་ལམ་གྱི་དབང་དུ་མཛད་པ་ཡིན་པས་དེ་དང་འདི་ལ་འགལ་བ་མེད་དོ།། མངོན་པར་ཞེན་པ་མེད་པ་ལ་སོགས་པ་གང་གསུངས་པ ་འདིར་དཔྱད་པར་བྱ་སྟེ། གལ་ཏེ་རེ་ཞིག་མངོན་པར་ཞེན་པ་མེད་པ་ཡིན་ནོ་ཞེ་ན། དེ་ལྟར་ན་ནི་མེད་པ་ཡིན་པའི་ཕྱིར་གཉེན་པོར་མི་རིགས་སོ།། འོག་ཏེ་མངོན་པར་ཞེན་པ་མ་ཡིན་པ་ཡིན་ན་ནི་མིག་ལ་སོགས་པ་ཡིན་པར་ཐལ་བར ་འགྱུར་རོ་ཞེ་ན། ཇི་ལྟར་མི་མཐུན་པ་ཡིན་པ་དེ་ལྟར་ནི་མངོན་པར་ཞེན་པ་ཡིན་ལ། ཇི་ལྟར་གཉེན་པོ་ཡིན་པ་དེ་ལྟར་ནི་མངོན་པར་མ་ཞེན་པ་ཡིན་ནོ།། ཡང་ཇི་ལྟར་ན་མི་མཐུན་པ་ཡིན་ཞེ་ན། མི་བདེན་པའི་ཀུན་དུ་རྟོག་པས ་ཀུན་ནས་བསླང་བའི་ཡོད་པ་དང་མེད་པར་འཛིན་པའོ།། ཇི་ལྟར་གཉེན་པོ་ཡིན་ཞེ་ན། ཅི་ནས་ཀྱང་དེ་དག་མེད་པའོ།། ཡང་ཇི་ལྟར་དེ་དག་མེད་པ་ཡིན་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་གལ་ཏེ་སེམས་མ་ཡིན་པ་དེ་ལ ་ཡོད་པ་འམ། མེད་པ་དམིགས་པར་འགྱུར་ཞེས་དྲིས་པ་ལ་སེམས་གང་ལ་སེམས་གང་ལ་སེམས་མེད་པ་ཞེས་བྱ་བ་ཡོད་དམ་ཞེས་ཕྱིར་དྲིས་པ་འདི་ནི་གནས་མེད་པ་དང་། ཤེས་པ་མེད་དོ་ཞེས་བྱ་བས་ལན་བཏབ་པ་ཡིན་ནོ།། འགོག ་པ་དང་། ལམ་གྱི་བདེན་པའི་དམིགས་པ་དང་། རྣམ་པའི་ཁྱད་པར་དག་གི་དབང་དུ་བྱས་ནས་བསྟན་པ་ནི་འགོག་པ་དང་། ལམ་ངག་མངོན་དུ་བྱ་བ་དང་། བསྒོམ་པར་བྱ་བར་མངོན་པར་ཞེན་པ་ནི་སྐྱོན་ཡིན་ནོ།། འདིའི་མདོ་ནི། འགོག ་པ་འདི་ནི་མངོན་དུ་བྱའོ།། འདིས་འགོག་པ་མངོན་དུ་བྱའོ།། ལམ་འདི་བསྒོམ་པར་བྱའོ།། འདི་ནི་ལམ་བསྒོམ་པར་བྱ་ཞིང་མངོན་པར་ཞེན་པ་མེད་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལོ།། དེ་ལ་འདི་ལྟར་ཞེས་བྱ་བ་ནི་ཀུན ་འབྱུང་ལ་སོགས་པའི་བདེན་པ་རེ་རེ་ཞིང་རྣམ་པ་བཞི་བཞིར་གསུངས་པ་ཡིན་ལ། འདིས་ཤེས་བྱ་བ་ནི་རྒྱུར་གྱུར་པའི་བྱང་ཆུབ་ཀྱི་ཕྱོགས་གསུངས་པ་ཡིན་ནོ།། འདིས་ནི་འགོག་པ་དང་ལམ་དག་ནི་མཚན་མ་མེད་པ་རྣམ་པར ་ཐར་པའི་སྒོར་བཤད་པ་ལ་མཚན་མ་ཡང་རྣམ་པ་གསུམ་སྟེ། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་རྣམས་བསྟེན་པར་བྱ་བ་དང་། བསྟེན་པར་མི་བྱ་བའི་མངོན་པར་ཞེན་པའི་མཚན་མ་དང་། སྤྲད་པར་བྱ་བ་དང་། ་སྤྱད་པར་བྱ་བ་མ་ཡིན་པ་རྣམས་ལ་བསླབ་པར་གནས་པའི་མཚན་མ་དང་། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དང་། དེའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པ་ལ་སོགས་པ་རྣམས་ལ་ཐབས་ལ་མཁས་པ་དང་། ཐབས་ལ་མཁས་པ་མ་ཡིན ་པོ་ཞེས་བྱ་བའི་མཚན་མའོ།། དེ་དག་ལས་གོ་བཟློག་པའི་ཚུལ་གྱིས་མཚན་མ་མེད་པ་གསལ་བར་བསྟན་ཏོ།། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱུང་བའི་ཆོས་རྣམས་ལ་བསྟེན་པར་བྱ་བ་དང་། བསྟེན་པར་བྱ་བ་མ་ཡིན ་པ་དང་། སྤྱད་པར་བྱ་བ་དང་། སྤྱད་པར་བྱ་བ་མ་ཡིན་པ་དང་། བསླབ་པར་བྱ་བ་དང་། བསླབ་པར་བྱ་བ་མ་ཡིན་པ་དང་། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་དང་། དེ་ལས་གཞན་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པ ་རྣམས་ལ་མཁས་པ་དང་། ཐབས་ལ་མཁས་པ་མ་ཡིན་པ་དང་། མངོན་པོར་ཞེན་པ་དང་། ལྷག་པར་གནས་པ་དང་། འདུ་ཤེས་པ་ནི་རྗེས་སུ་མཐུན་པའི་ཆོས་ལ་སྲེད་པ་སྟེ་སྐྱོན་ཞེས་བྱའོ།། འདིའི་མདོ་ནི། འདི་ནི་ཀུན་ནས་ཉོན ་མོངས་པའོ།། འདི་ནི་རྣམ་པར་བྱུང་བའོ།། ཆོས་འདི་དག་ནི་བསྟེན་པར་བྱའོ།། ཆོས་འདི་དག་ནི་བསྟེན་པར་བྱ་བ་མ་ཡིན་པའོ།། འདི་ནི་སྤྱད་པར་བྱ་བ་པའོ།། འདི་ནི་སྤྱད་པར་བྱ་བ་མི་ཡིན་པའོ།། ཞེས་བྱ་བ་ནས་མངོན་པར ་ཞེན་པ་མེད་པ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ།། རྗེས་སུ་མཐུན་པ་རྟོགས་པའི་ཆོས་འདི་ལ་སྲེད་པ་ཡིན་ནོ།། རྗེས་སུ་མཐུན་པ་ཞེས་བྱ་བ་ནི་ལུགས་སུ་འཇུག་པ་འི་ཆོས་ལ་སྲེད་པའོ་ཞེས་བྱ་བ་ནི་ཉོན་མོངས་པ་ཞེས་བྱ་བའི ་ཐ་ཚིག་གོ།། བྱང་ཆུབ་སེམས་དཔའི་འདིའི་སྐྱོན་ཞེས་བྱ་བར་རྟོག་པར་འགྱུར་བ་གང་ཡིན་སྙམ་ནའང་སྐྱོན་མེད་པ་དེ་ལས་བཟློག་པའི་མཚན་ཉིད་ཡིན་པའི་ཕྱིར་རོ།། ནང་སྟོང་པ་ཉིད་ལ་ཕྱི་སྟོང་པ་ཉིད་ཡང་དག ་བར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནས་བརྩམས་ཏེ། སྟོང་པ་ཉིད་ཐམས་ཅད་ཀྱིས་སོ་སོར་གཅིག་ལ་གཅིག་མཐོང་བ་བཀག་པ་ཡིན་ཏེ་ཞེས་བསྟན་པའོ།། འདིའི་མདོ་ནི་དེ་ནང་སྟོང་པ་ཉིད་ལ་ཕྱི་སྟོང་པ་ཉིད་ཡང་དག་པར་རྗེས ་སུ་མི་མཐོང་། ཕྱི་སྟོང་པ་ཉིད་ལ་ནང་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བ་ལ་སོགས་པ་ཡིན་ནོ།། རློམ་པའི་མཚན་མ་ཐམས་ཅད་ཀུན་དུ་བཅད་པའི་མཚན་ཉིད་ལམ་གྱི་དབང་དུ་མཛད་ནས་བསྟན་པ་ནི། ་གཟུགས་ལ་སོགས་པའི་ཕུང་པོ་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་དང་། སོ་སོ་ཡང་དག་པར་རིག་པ་དང་། སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས ་དང་བྱང་ཆུབ་ཀྱི་སེམས་དང་དེའི་མིང་དུ་ཡང་ཤེས་པའི་རློམ་སེམས་བཀག་པ་ཡིན་ཏེ། འདིའི་མདོ་ནི་འདི་ལྟར་བསླབ་པར་བྱ་སྟེ། གཟུགས་ཤེས་པར་བྱ་སྟེ་ཞེས་བྱ་བ་ནས་སངས་རྒྱས་ཀྱི་ཆོས་རྣམས་ཤེས་པར་བྱ་སྟེ ་ཞེས་བྱ་བའི་བར་དང་། བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ཤེས་པར་བྱ་སྟེ་དེས་ཀྱང་རློམ་སེམས་སུ་མི་བྱའོ།། ཞེས་བྱ་བ་ཡིན་ནོ།། འདིས་ནི་ལམ་གྱི་བདེན་པའི་དམིགས་པ་ཁྱད་པར་དུ་གསལ་བར་བསྟན་ཏེ། དེ་ལ་བྱང་ཆུབ་ཀྱི ་སེམས་ཀྱི་མི་ཤེས་པར་བྱ་སྟེ་ཞེས་བྱ་བ་ནི་འདི་དག་མིང་ཙམ་སྟེ། འདི་ལྟ་སྟེ། བྱང་ཆུབ་ཀྱི་སེམས་ནི་རྫས་དང་། དེ་ཡོངས་སུ་གྲུབ་པ་ཡོད་པ་མ་ཡིན་པར་བལྟ་བར་བྱ་སྟེ། ཅིའི་ཕྱིར་ཞེ་ན། སེམས་ནི་སེམས་མ་ཡིན་ཏེ། རང ་བཞིན་གྱིས་འོད་གསལ་བ་ཉིད་ཡིན་པའི་ཕྱིར་ཏེ། ཇི་སྐད་དུ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་དེ་ནི་སེམས་མ་ཡིན་ཏེ། སེམས་ཀྱི་རང་བཞིན་འོད་གསལ་བ་ཡིན་པའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ།། ཡང་སེམས་རང ་བཞིན་གྱིས་འོད་གསལ་བ་དེ་གང་ཡིན་ཞེ་ན། ཉོན་མོངས་པ་དང་ཡང་དག་པར་ལྡན་པ་དང་། ཡང་དག་པར་མི་ལྡན་པ་མ་ཡིན་པ་ནི་རང་བཞིན་གྱིས་འོད་གསལ་བའི་མཚན་ཉིད་ཡིན་ཏེ། ཇི་སྐད་དུ། ཚེ་དང་ལྡན་པ་ཤཱ་རིའི་བུ ་སེམས་གང་འདོད་ཆགས་དང་ལྡན་པ་མ་ཡིན། བྲལ་བ་མ་ཡིན་ཞེས་བྱ་བ་ནས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་སེམས་དྲང་ལྔ་ན་པ་མ་ཡིན་བྲལ་བ་མ་ཡིན་པ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། ཡོད་པ ་ཙམ་དུ་རློམ་སེམས་དང་རྗེས་སུ་འབྱུང་བ་ལ་བརྩམས་ནས་སྨྲས་པ་ནི་ཡང་ཅི་ཚེ་དང་ལྡན་པ་རབ་འབྱོར་སེམས་ཡོད་པ་གང་ཡིན་པ་དེ་སེམས་མ་ཡིན་ནམ་ཞེས་བྱ་བ་ཡིན་ནོ།། དེའི་ཕྱིར་བསྟན་པ་ནི་དེ་སེམས་དང་། སེམས་མ་ཡིན་པ ་ཡོད་པ་དང་མེད་པ་ཉིད་དུ་དྲིས་པ་མི་རིགས་སོ་ཞེས་བྱ་བ་ཡིན་ཏེ། འདིའི་མདོ་ནི། ཡང་ཅི་ཚེ་དང་ལྡན་པ་ཤཱ་རིའི་བུ་སེམས་གང་མེད་པ་དེ་ལ་ཡོད་པ་འམ། མེད་པ་འམ། ཡོད་པ་མ་ཡིན་པ་འམ། དམིགས་པ་འམ། ཞེས་བྱ་བ ་ལ་སོགས་པ་གསུངས་པ་ཡིན་ནོ།། གང་འདི་ལྟར་ཅིའི་ཕྱིར་འདི་ལ་སེམས་མེད་པ་ཞེས་བྱ་ཞེ་ན། རྣམ་པར་རྟོག་པ་མེད་པ། འགྱུར་བ་མེད་པ། སེམས་མེད་པའི་མཚན་ཉིད་ཡིན་ཏེ། ཇི ་སྐད་དུ། ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་པར་རྟོག་པ་མེད་པ། འགྱུར་བ་མེད་པ་ནི་སེམས་མེད་པ་ཞེས་བྱ་བ་ཡིན་ནོ།། སེམས་ནི་རྣམ་པར་རྟོག་པ་མེད་ཅིང་འགྱུར་བ་མེད་པ་དེས་ཀྱང་ཕུང་པོ་ལ་སོགས་པ་ནས་ཡང་དག་པར ་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་འགྱུར་པ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནོ།། ཇི་སྐད་དུ་ཚེ་དང་ལྡན་པ་ཤཱ་རིའི་བུ་ཇི་ལྟར་སེམས་ལ་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་དེ་བཞིན་དུ་ཕུང་པོ་ལ་སོགས་པ་ནས་ཡང་དག་པར ་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཞེས་གསུངས་པ་ཡིན་ནོ།། སེམས་དང་སེམས་མ་ཡིན་པ་ཉིད་ནི་རང་བཞིན་གྱིས་འོད་གསལ་བ་ཡིན་ནོ་ཞེས་བྱ་བ་ནས་བརྩམས་ཏེ། ཇི་སྲིད་འདིའི་བར་གྱིས་ལམ་གྱི་བདེན་པའི་དབང་དུ་མཛད་ནས ་ཁྱད་པར་བསྟན་པ་ཡིན་པར་རིག་པར་བྱའོ།། རྒྱུའི་ཁྱད་པར་གྱི་དབང་དུ་མཛད་ནས་དེ་ཅིའི་ཕྱིར་ཞེ་ན། གང་འདི་ལྟར་ཐུན་མོང་པའི་མཚན་ཉིད་ཅན་གྱི་ངེས་པར་འབྱེད་པའི་ཆ་དེང་མཐུན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐེག་པ ་གསུམ་གྱི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ཏེ། ཇི་སྐད་དུ། འདི་ལྟར་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་གང་ལ་བྱང་ཆུབ་སེམས་དཔའ་བསླ་པའི་ཐེག་པ་གསུམ་རྒྱ་ཆེར་བསྟན་ཏོ་ཞེས་གསུངས་པ་ཡིན་ནོ།། ། ་ཡོངས་སུ་འཛིན་པའི་ཁྱད་པར་ནི་ཐབས་ལ་མཁས་པ་དང་། དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ཡིན་ཏེ་ཕྱིས་འཆད་པར་འགྱུར་རོ།། འདི་ནི་རེ་ཤིག་དྲོ་བར་གྱུར་པ་ཆུང་ངུ་ཡིན་ནོ།། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན ་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ནས་དརྩམས་ཏེ་ཇི་སྲིད་ཉོན་མོངས་པ་དང་བྲལ་བ་ནས་རྣམ་པར་དབེན་པའོ་ཞེས་བྱ་བའི་བར་གྱིས་སོ།། དངོས་པོ་འགག་པས་ནཱ་ཞི་བའོ།། རང་ཉིད་མ་སྐྱེས་པ་ཉིད་ཀྱིས་ན་སྐྱེ་བ་མེད་པའོ།། ཕ་རོལ་གྱི ་མུ་མེད་པ་ཉིད་ཀྱིས་ན་རྟོགས་པར་དཀའ་བའི་ཕྱིར་འབྱུང་བ་མེད་པའོ།། འཕགས་པའི་གང་ཟག་ཐམས་ཅད་ཀྱི་སྔོན་ཐོབ་པ་དང་ལྡན་པར་གྱུར་པའི་རྒྱུ་དང་བྲལ་བའི་ཕྱིར་ཀུན་ནས་ཉོན་མོངས་པ་མེད་པའོ།། སེམས་ཅན་དམིགས་སུ ་མེད་པས་ན་རྣམ་པར་བྱང་བ་མེད་པའོ།། འཕགས་པའི་ཆོས་རྣམས་ཀྱི་རྒྱུར་འགྱུར་བས་ན་ཆོས་ཀྱི་དབྱིངས་སོ།། གཞན་དུ་འགྱུར་བ་མེད་པས་ན་དེ་བཞིན་ཉིད་དོ།། ཕྱིན་ཅི་མ་ལོག་པའི་མཐར་ཐུག་པ་ཉིད་ཀྱིས་ན་ཡང་དག་པའི ་མཐའོ།། འཕགས་པ་ཐམས་ཅད་ཀྱིས་མ་མཛད་པ་སྔ་ན་ཆོས་གནས་པ་ཉིད་དོ།། སངས་རྒྱས་ཐམས་ཅད་ཀྱིས་ཞེས་བྱ་བ་ནས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དོ་ཞེས་བྱ་བ་དང་འདུ་བ་དང་འགོད་པ་མི་དམིགས་ཤིང་མ་མཐོང ་ཉིད་ཀྱི་ཕྱིར་དང་། མིང་ཐམས་ཅད་ཡོད་པ་མ་ཡིན་པའི་ཕྱིར་གནས་པ་དང་། གནས་པ་དང་བྲལ་བ་མེད་པ་ཞེས་བྱ་བ་ནི་འབྲིང་ཡིན་ནོ།། དེ་ལ་འདུ་བ་ནི་སྐྱེ་བ་སྟེ། ངོ་མི་དམིགས་པའོ།། འགོད་པ་ནི་འགྲག་པ་སྟེ། དེ་ཡང ་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནི་དོན་གཞན་ཡིན་ཏེ། མི་དམིགས་ཤིང་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བའི་ཚིག་གཉིས་ནི་གོ་རིམ་ས་ཇི་ལྟ་བ་བཞིན་དུ་མི་དམིགས་པའི་རྣམ་པ་བསྒོམ་པ ་ལྷག་པར་མོས་པ་ཡིད་ལ་བྱེད་པ་དང་། དེ་ཁོ་ན་ཉིད་མཐོང་བའི་དབང་དུ་བྱེང་ཏེ་བསྟན་པའོ།། རིམ་པ་ཇི་ལྟ་བ་བཞིན་དུ་མི་དམིགས། ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བའི་ཚིག་གཉིས་བརྗོད་པས་དེ་ལ་གནས་པ་ནི་རྒྱུན་འདྲ ་པའོ།། གནས་པ་དང་བྲལ་བ་ནི་རྒྱུན་མི་འདྲ་བའོ།། ཕུང་པོ་ལ་སོགས་པ་ཆོས་ཀྱི་བརྡར་བཏགས་པ་དང་། རྨི་ལམ་དང་། སྒྲ་བརྙན་དང་། གཟུགས་བརྙན་དང་། སྤྲུལ་པ་བཞིན་དུ་དགེ་བ་ལ་སོགས་པ་གང་གི་ཀྱང་བརྗོད་དུ ་མེད་པའི་ཕྱིར་ཞེ་བྱ་བ་ནས་སེམས་པར་མི་འགྱུར། སྐྲག་པར་མི་འགྱུར་པ་ལ་སོགས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་རོ།། ཞེས་བྱ་བས་ནི་ཆེན་པོ་བསྟན་པ་ཡིན་ནོ།། ཐར་པའི་ཆ་དང་མཐུན ་པ་ལས་འདི་ཁྱད་ཅི་ཡོད་ཅེ་ན། དྲོ་བར་གྱུར་པ་ཞེས་བྱ་བ་ནི་ཆུང་དང་འབྲིང་དང་། ཆེན་པོའི་རིགས་ཤེས་བྱ་བའི་དོན་ནམ། ཡང་དབང་པོ་རྟུལ་པོ་ལ་སོགས་པའི་གང་ཟག་གི་དབྱེ་བ་ལའང་འདིའི་དམིགས་པ་ལ་སོགས་པའི ་ཁྱད་པར་ཤེས་པར་བྱ་བའི་དོན་ནོ།། རྩེ་མོ་ལ་སོགས་པ་ལ་ཡང་ཐལ་བར་འགྱུར་རོ་ཞེ་ན། ཉེས་པ་མེད་དེ་འདོད་པ་ཡིན་ནོ།། གང་དྲོ་བར་གཏོགས་པ་བདེན་པ་བཞིའི་རྣམ་པ་བཅུ་དྲུག་ཏུ་གང་བཤད་པ་དྲོ་བར་གྱུར་པ་ནི་བདེན་པ ་བཞི་ལ་དམིགས་པ་རྣམ་པ་བཅུ་དྲུག་དང་ལྡན་པ་ཡིན་ལ། དྲོད་ལས་ནི་རྩེ་མོ་ཡིན་ཞིང་དེ་དག་ཀྱང་དེ་འདྲ་བར་གྱུར་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་དེ་ཅི་ལྟར་ཡིན་ཞེ་ན། ཅི་བྲེ་དང་ཁ་བཟངས་མཚན་ཉིད་འདྲ་བ་འམ། ཅི་འདི་ནི་འཇུག་པ་ཁོ་ན་ཡིད། ་ནོ། དྲོ་བར་གྱུར་པ་བཤད་ཟིན་ཏོ།། དེ་བཞིན་དུ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་ལ་སོགས་པའི་རིམ་གྱིས་མངོན་པར་འཕེལ་བའི་དྲོ་གྱུར་པ་ལས་རྩེ་མོ་རྣམས་སྐྱེ་སྟེ། གཡོ་བའི་དགེ་བ་རྣམས་ཀྱི་རྩེ་མོ་ཡིན་པའི་ཕྱིར་རྩེ་མོ ་ཉིད་དོ།། དེ་རྣམས་ཀྱི་ཡོངས་སུ་འཛིན་པ་དང་། རྒྱུ་ཉིད་ཁྱད་པར་སྔ་མ་བཞིན་དུ་ཤེས་པར་བྱའོ།། རྩེ་མོ་རྣམས་ཅི་ལྟ་བ་བཞིན་དུ་བཟོད་པ་དང་། འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམས་ལའང་དམིགས་པ་དང་རྣམ་པས་ཁྱད་པར ་བརྗོད་པར་བྱ་སྟེ། དེ་ལ་རྩེ་མོའི་ཁྱད་པར་ནི་རེ་ཞིག་དམིགས་པའི་ཁྱད་པར་ནི་ཆོས་ཐམས་ཅད་ལོ་མི་གནས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་གཟུགས་ལ་གནས་པར་མི་བྱའོ།། ཞེས ་བྱ་བ་ནས་བརྩམས་ཏེ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་རྣམས་དང་། སའི་ཁམས་ལ་སོགས་པ་རྣམས་ལ་ཆགས་པའི་གནས་བཀག་པ་ཞེས་བྱ་སྟེ། དེ་ལ་གནས་པ ་ནི་དངོས་པོ་ལ་དམིགས་པའི་རབ་ཏུ་གནས་པའི་སེམས་ལོས་བྱུང་བའོ།། འདི་ལས་བཟློག་པ་ནི་མི་གནས་པ་ཡིན་པར་ཤེས་པར་བྱའོ།། འདི་ནི་དཔྱད་པར་བྱ་སྟེ། གལ་ཏེ་རེ་ཤིག་གནས་པ་མེད་པ་གནས་པར་མི་བྱ་བ་ཡིན་ན་ནི་མེད ་པ་ཡིན་པའི་ཕྱིར་གཉེན་པོར་མི་རིགས་སོ།། འོན་ཏེ་གནས་པ་ཡིན་པ་ཡིན་ནུ་ཐལ་ཆེས་པ་ཡིན་ནོ་ཞེ་ན། མངོན་པར་ཞེན་པ་མེད་པ་ལ་ཚུལ་ཇི་ལྟར་བཤད་པ་དེ་ལྟར་འདི་ལ་ཡང་བལྟ་བར་བྱའོ།། ཆོས ་ཐམས་ཅད་རང་བཞིན་གྱི་སྤྱོང་པ་ཉིད་ནི་རྣམ་པའོ་ཁྱད་པར་ཅན་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ངོ་ངོ་བོས་སྟེང་ཞེས་སོ།། མདོ་ནི་ཇི་སྐད་དུ། གང་གི་ཕྱིར་གཟུགས་ནི་གཟུགས་ཉིད་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་སོགས་པ ་གསུངས་པ་ཡིན་ནོ།། དེ་འདིས་ནི་རྟུག་པར་དམིགས་པའི་གནས་སྤངས་པ་ཡིན་ཏེ། ཆོས་རྣམས་དང་དེའི་སྟོང་པ་ཉིད་རྣམ་པའི་ཁྱད་པར་ཅན་དང་། གང་ངོ་ཅིའི་ཕྱིར་ཞེ་ན། དེ་རྣམས་དང་དེའི་སྟོང་པ་ཉིད་ཕན་ཚུན་དེའི་རང་བཞིན ་གཅིག་པར་འདོད་པས་བསྟན་པ་ཡིན་ནོ།། ཇི་སྐད་དུ་མདོ་ལྔས་བཅོམ་ལྡན་འདས་གཟུགས་ཉིད་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་གཟུགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། དེའི་ཕྱིར་འདིས་ནི་ཆད་པར་འཛིན་པའི་དམིགས ་པའི་གནས་སྤངས་པ་ཡིན་ནོ།། སྡུག་བསྔལ་ལ་སོགས་པའི་བདེན་པའི་རྣ་བ་དག་ལ་གནས་པ་མེད་པར་དམིགས་པའི་ཁྱད་པར་ནི་གང་གཟུགས་ལ་སོགས་པའི་ཕུང་པོ་རྣམས་ལ་སོ་སོ་ནས་སྡུག་བསྔལ་ལོ་ཞེས་བྱ་བ་ནས་ཞི་བའོ་ཞེས་བྱ ་པར་གནས་པ་བཀག་པའོ་ཞེས་བསྟན་པ་ཡིན་ནོ།། སྡུག་བསྔལ་ལ་སོགས་པའི་རྣམ་པ་རྣམས་ནི་སྟོང་པ་ཉིད་ནི་རྣམ་པའི་ཁྱད་པར་ཡིན་ཏེ་གང་དེ་ཅིའི་ཕྱིར་ཞེ་ན། གཟུགས་ལ་སོགས་པའི་ཕུང་པོ་སྡུག་བསྔལ་ལ་སོགས་པ་དེའི་རྣམ ་པ་རྣམས་རང་བཞིན་གྱིས་སྟོང་པ་ཉིད་ཡིན་ཏེ། སྡུག་བསྔལ་ལ་སོགས་པའི་རྣམ་པ་རྣམས་དང་། དེའི་སྟོང་པ་ཉིད་ཀྱི་ཁྱབ་པ་ཕན་ཚུན་དེའི་རང་བདག་ཉིད་གཅིག་པ་ནི་རྣམ་པའི་ཁྱད་པར་ཡིན་ཏེ། གང་དེ་ཅིའི་ཕྱིར་ཞེ་ན། སྡུག་བསྔལ ་ལ་སོགས་པ་དང་། དེའི་སྟོང་པ་ཉིད་དག་ཕན་ཚུན་རང་བཞིན་གཅིག་པར་འདོད་པའོ་ཞེས་གསུངས་པ་ཡིན་ནོ།། འདིར་ཡང་སྡུག་བསྔལ་ཉིད་ལ་སྟོང་པ་ཉིད་ཀྱིས་ཁྱབ་པས་ཕན་ཚུན་དེའི་རང་བཞིན་གཅིག་པ་ཡིན་ཏེ། ཡང་སྡུག ་བསྔལ་གྱིས་ནི་སྟོང་པ་ཉིད་ལམ་ཡིན་ཏེ། དེ་ནི་ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ཡིན་པའི་ཕྱིར་རོ།། འདི་ནི་སྡུག་བསྔལ་དང་། ཀུན་འབྱུང་གི་བདེན་པའི་དབང་དུ་བྱས་པའི་དམིགས་པ་དང་རྣམ་པའི་ཁྱད་པར་ཡིན་པར་ཤེས་པར ་བྱའོ།། འགོག་པའི་བདེན་པའི་དབང་དུ་བྱས་པ་ནི་དེ་བཞིན་ཉིད་ལ་སོགས་པ་གནས་མེད་པ་ལ་དམིགས་པའི་ཁྱད་པར་ནི་གང་འདི་ལྟར་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་སྐྱོན་མེད་པ་ཉིད་དང་། ་ཡང་དག་པའི་མཐའ་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་སྦྱར་རོ་ཞེས་བསྟན་པ་ཡིན་ཏེ། ཇི་སྐད་དུ་མདོ་ལས། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དེ་བཞིན་ཉིད་ལ་གནོས་པར་མི་བྱའོ་ཞེས ་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། དེ་བཞིན་ཉིད་ལ་སོགས་པ་རྣམས་རང་བཞིན་གྱིས་སྟོང་པ་ནི་རྣམ་པའི་ཁྱད་པར་ཡིན་ཏེ། ཇི་སྐད་དུ། བཅོམ་ལྡན་འདས་འདི་ལྟར་དེ་བཞིན་ཉིད་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བ་ལ་སོགས ་པ་གསུངས་པ་ཡིན་ནོ།། དེ་བཞིན་ཉིད་ལ་སོགས་པ་དང་། དེའི་སྟོང་པ་ཉིད་ཕན་ཚུན་དེའི་བདག་ཉིད་གཅིག་པ་ནི་རྣམ་པའི་ཁྱད་པར་ཡིན་ཏེ། ཇི་སྐད་དུ། བཅོམ་ལྡན་འདས་གང་དེ་བཞིན་ཉིད་སྟོང་པ་ཉིད་དེ།། ་དེ་དེ་བཞིན་ཉིད་ལས་གཞན་མ་ལགས། དེ་བཞིན་ཉིད་ཀྱང་སྟོང་པ་ཉིད་ལས་གཞན་མ་ལགས། སྟོང་པ་ཉིད་ཀྱང་དེ་བཞིན་ཉིད་དོ།། དེ་བཞིན་ཉིད་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། འདིར་ཡང་གཉི་གས་གཉི་ག་ལ་ཁྱབ ་པ་ཡིན་པར་རིག་པར་བྱའོ།། དེ་ལྟར་ན་དོན་ལ་ཁྱད་པར་མེད་དོ་ཞེ་ན། དོན་གཞན་མ་ཡིན་པ་དེ་ནི་དེ་བཞིན་ཉིད་ཡིན་ལ། བལྟ་བར་གྱུར་པའི་གཉེན་པོ་ནི་སྟོང་པ་ཉིད་ཡིན་ནོ།། འདི་ལྟར་ཀུན་ལ་དོན་ལ་བྱེ་བྲག་མེད་པ་ནི་ཆོས་ཉིད ་ཡིན་ལ། འཕགས་པའི་ཆོས་རྣམས་ཀྱི་རྒྱུ་ཡིན་པའི་ཕྱིར་ཆོས་ཀྱི་དབྱིངས་སོ།། གཅིག་ཏུ་ངེས་པར་འབྱུང་བའི་ཕྱིར་ཆོས་སྐྱོན་མེད་པའོ།། བྱིན་ཅི་མ་ལོ་པས་ན་ཡང་དག་པའོ།། རབ་ཀྱིས་མཐར་འགྲོ་བས་ན་མཐའ་ཞེས ་བྱའོ། ལམ་གྱི་དབང་དུ་བྱས་པ་ནི་གནས་མེད་པ་དང་མངོན་པར་འདུས་མ་བྱས་པ་ལ་དམིགས་པས་ཁྱད་པར་དུ་འཕགས་པ་ཡིན་ཏེ། གང་གཞན་ཡང་ཐབས་མི་མཁས་པས་བདག་དང་བདག་གིར་འཛིན་པའི་སེམས་ཀྱིས ་གཟུགས་ལ་སོགས་པའི་ཕུང་པོ་རྣམས་ཤེས་བྱ་བ་ནས་གཟུངས་ཀྱི་སྒོ་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་རྗེས་སུ་མཐུན་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་དང་འགལ་བར་གནས་པ་དང་། མངོན ་པར་འདུ་བྱེད་པར་དམིགས་པ་བཀག་པ་ཡིན་ཏེ་ཞེས་པ་སྟོན་པ་ཡིན་ནོ།། འདིའི་མདོ་ནི་བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་ཐབས་མི་མཁས་པས་བདག་དང་། བདག་གིར་འཛིན ་པའི་སེམས་ཀྱིས་གཟུགས་ལ་གནས་ཤིང་། དེ་ཡང་གཟུགས་མངོན་པར་འདུ་བྱ་བ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ་ཞེས་བྱ་བ་ནས་བརྩམས་ཏེ། མངོན་དུ་མི་བྱེད་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པ་ཡོངས་སུ་འཛིན་པ་མ་ཡིན། དེ་རྣལ་འབྱོལ་དུ་བྱེད་པ་མ་ཡིན་ཏེ། ཡོངས་སུ་མ་རྫོགས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་མི་འབྱུང་ངོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ།། གཟུགས་ལ་སོགས་པ ་ཡོངས་སུ་འཛིན་པ་མེད་པ་ཉིད་སྟོང་པ་ཉིད་ཀྱི་རྣམ་པས་ཁྱད་པར་དུ་འཕགས་པ་ཡིན་ཏེ། གང་དེ་རྣམས་ཉིད་ལ་ཡོངས་སུ་འཛིན་པའི་ངོ་བོ་བཀག་པ་ཡིན་ནོ་ཞེས་བསྟན་ཏོ།། འདིའི་མདོ་ནི། བཅོམ་ལྡན་འདས་གང་གཟུགས་སུ ་ཡོངས་སུ་མ་གཟུང་བ་དེ་ནི་གཟུགས་མ་ལགས་ཏེ། རང་བཞིན་གྱིས་སྟོང་པ་ཉིད་ཉེ་བར་བཟུང་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། དེ་ལ་ཡངས་པ་ནི་ཆོས་ཀྱི་དབྱིངས་རྒྱ་ཆེ་བའི་ཕྱིར་རོ།། མདུན་དུ་མ་བྱས་པ་ནི ་དམིགས་པ་དང་རྣམ་པ་དག་གིས་སྔར་འཇུག་པའི་ཕྱིར་རོ།། ཚད་མེད་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ།། ངེས་པ་ནི་རབ་ཏུ་ངེས་པའི་ཕྱིར་རོ།། ཉན་ཐོས་ལ་སོགས་པ་ཐམས་ཅད་དང་ཐུན་མོང་མ་ཡིན་པ་ནི་ཇི་སྐད ་དུ། དམིགས་པ་དང་། རྣམ་པ་དང་། རྒྱུ་དང་། ཡོངས་སུ་འཛིན་པས་ཁྱད་པར་དུ་འཕགས་སོ་ཞེས་བསྟན་པ་ཡིན་ནོ།། ཆོས་ཐམས་ཅད་ཡོངས་སུ་མ་གཟུང་བ་ཇི་ལྟ་བ་རྗེས་སུ་ཐོགས་སུ ་སྟོན་ཏོ།། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཆོས་ཐམས་ཅད་སྟོང་པ་ཉིད་ཉེ་བར་བཟུང་ནས་ཡོངས་སུ་མི་འཛིན་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ཏེ། འདི་ནི་མདོ་ནི། བཅོམ་ལྡན་འདས་དེ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད ་དུ་ཡོངས་སུ་མི་འཛིན་ཏེ། ནང་སྟོང་པ་ཉིད་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཉེ་བར་གཟུང་ནས་ཤེས་བྱ་བ་དང་། དེ་མཚན་མ་མེད་པར་བརྗོད་དོ་ཞེས་བྱ་བ་ཡིན་ནོ།། ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པ་སྟེ། དེ་ཡང ་དཀྱིལ་འཁོར་ཡིན་ཏེ། ཏིང་ངེ་འཛིན་གཞན་དང་གཞན་བསྡུས་པ་ཡིན་པའི་ཕྱིར་རོ།། དེས་ན་རེ་ཤིག་རྩེ་མོར་གྱུར་པ་ཆུང་ངུ་བསྟན་ནོ།། ཇི་སྐད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་མཚན་མ་མེད་པར་བརྗོད་དེ། འདི་ལྟར ་མཚན་མ་ནི་ཉོན་མོངས་པའོ་ཞེས་གསུངས་པ་ཡིན་ནོ།། ཅིའི་ཕྱིར་མཚན་མ་ལ་ཉོན་མོངས་པ་ཞེས་བྱ་ཞེ་ན། གཟུགས་ལ་སོགས་པའི་ཕུང་པོ་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་རྣམས་དང་། གཟུངས་ཀྱི་སྐྱེ ་རྣམས་ཀྱི་བར་གྱི་མཚན་མ་ཉོན་མོངས་པ་ཉིད་ཡིན་ནོ།། འདིའི་མདོ་ནི། གཟུགས་ནི་མཚན་མ་མེད་པའོ།། ཚོར་བ་ནི་མཚན་མ་མེད་པའོ་ཞེས་བྱ་བ་ནས་གཟུངས་ཀྱི་སྒོ་རྣམས་ནི་མཚན་མར་བརྗོད་དོ།། ཉོན་མོངས་པ་ཡིན་ནོ།། ་དེའི་མཚན་ཉིད་ནི་ཡང་དག་པ་མ་ཡིན་པར་སྒྲོ་བཏགས་པའི་མཚན་ཉིད་ཡིན་པར་རིག་པར་བྱའོ།། ཇི་ལྟར་མཚན་མ་འདི་དག་བྱང་ཆུབ་སེམས་དཔའི་ཉོན་མོངས་པ་ཡིན་པར་ངེས་ཤེས་ན། ཀུན་ཏུ་རྒྱུ་སྡེ་ཅན་གྱི་མཚན་མ་ཉོན་མོངས་པའི ་གཉེན་པོར་རྟོགས་པས་ཞེས་གསུངས་པ་དབང་པོ་ཡིན་ཏེ། ཇི་སྐད་དུ་མདོ་ལས་གལ་ཏེ་དེས་མཚན་མར་གཟུང་བར་གྱུར་ན་ནི་ཀུན་དུ་རྒྱུ་སྡེ་ཅན་བསྟན་པ་འདི་ལ་དད་པ་ཐོབ་པར་མི་འགྱུར་རོ་ཞེས་གསུངས་པ་ཡིན་ནོ།། སྟེ་ཅན་དཔེར ་བྱས་པ་ནི་དེ་མུ་སྟེགས་པ་དང་འབྲེལ་བ་ཡིན་ཡང་དེ་ལངས་ནས་རྟོགས་པ་འབའ་ཞིག་གིས་སྟོབས་ཉིད་ཀྱིས་དྲོན་དེ་མངོན་སུམ་དུ་བྱས་པ་ནི་ཤེས་པར་བྱེད་པ་ཡིན་ནོ།། རྟོགས་པའི་ཡེ་ཤེས་ཀྱི་མཚན་མར་རེ་ཤིག་གདོན་མི་ཟ་བར ་འགྱུར་རོ་ཞེ་ན། སྨྲས་པ། ནང་ལ་སོགས་པ་རྣམས་ཡེ་ཤེས་ཀྱི་མཐོང་བ་བཀག་ནས་བཟློག་པ་གསུམ་པ་ཡིན་ཏེ། འདིའི་མ་དེ་ནི། ཡེ་ཤེས་དེ་ནང་དུ་ཡང་དག་པར་རྗེས་སུ་མི་མཐོང་། ཕྱི་རོལ་དང་། ཕྱི་དང་ནང་ལ་སོགས ་པ་ལས་གཞན་དུ་ཡེ་ཤེས་དེ་ཡང་དག་པར་རྗེས་སུ་མི་མཐོང་ངོ་།། ཞེས་བྱ་བ་ནས་དེས་ཆོས་ཅུང་ཟད་ཀྱང་ཡོངས་སུ་མི་འཛིན་ཏེ། མཚན་མ་མེད་པ་ཡིད་ལ་བྱེད་པ་ཉེ་བར་བཟུང་ནས་ཤེས་གསུངས་པ་ཡིན་ནོ།། ཡང་ཅིའི་ཕྱིར་ཆོས ་ཐམས་ཅད་ཡོངས་སུ་མི་འཛིན་པ་ཡིན་ཞེ་ན། ཆོས་ཐམས་ཅད་ཡོངས་སུ་འཛིན་པ་མེད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བསྟན་ཏོ།། ཇི་སྐད་དུ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ ་རོག་ཏུ་ཕྱིན་པ་ཆོས་ཐམས་ཅད་ཡོངས་སུ་མི་འཛིན་པ་ཉེ་བར་བ.རུང་པ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ།། དེས་ནི་འབྲིང་བསྟན་ཏོ།། གང་གིས། གང་ལས། གང་གིས་ནི། འདྲི་བའི་ཚིག་གོ།། ཆོས་གང་ཅི་ཡང ་མེད་ཅིང་མི་དམིགས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཉེ་བར་རྟོག་སྟེ། གོ་རིམས་བཟློག་པས་ཕ་རོལ་ཏུ་ཕྱིན་པ་རྣམས་མེད་ཅིང་མི་དམིགས་པའི་ཕྱིར་རོ།། དེ་བཞིན་དུ་གཟུགས་ལ་སོགས་པའི་ཕུང་པོ་ལ་སོགས་པ་རྣམས་ཀུན ་མཁྱེན་གསུམ་དང་། སྟོང་པ་ཉིད་དང་། བླང་བར་བྱ་བ་མེད་ཅིང་མི་དམིགས་པའི་ཕྱིར་དེ་བཞིན་དུ་ཉེ་བར་བརྟགས་ནས་སེམས་མི་ཞུམ། མི་སྐྲག་ཅེས་བྱ་བ་ལ་སོགས་པས་མི་སྤོང་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དུ་རིག་པར་བྱའོ།། ཞེས་བྱ་བ་དེ་དག་གིས་ནི་ཆེན་པོ་བསྟན་ཏོ།། འདིའི་མདོ་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་ཉེ་བར་བརྟག་པར ་མི་བགྱི་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ནི་གང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ནི་གང་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སུའི་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གང་ལས་ཡིན། ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་འདི་གང་གི་ཡིན་ཞེས་བྱ་བ་ལ་སོགས་པ་ཡིན་ནོ།། རྩེ་མོར་རྟོགས་པ་བསྟན་ནས་བཟོད་པ་བརྗོད་པར་བྱ་སྟེ། རྟག་ཏུ་སྦྱོར་བའི་རྒྱུ་སྟོན་པ་ཞེས་བྱ་བ་ནས་བརྩམས་ཏེ། གཟུགས་ལ་སོགས་པའི་ཕུང་པོ་རྣམས ་རེ་རེ་ནས་གཟུགས་ལ་སོགས་པའི་ཕུང་པོའི་རང་བཞིན་དང་བྲལ་བའི་ཕྱིར་རོ།། དེ་བཞིན་དུ་ཁམས་དང་སྐྱེ་མཆེད་ལ་སོགས་པ་ནས་མ་འདྲེས་པ་རྣམས་ཀྱི་བར་དུ་སྟེ། དེ་ཉིད་ལ་སོགས་པའི་རང་བཞིན་དང་བྲལ་བ་ནི་དེ ་བཞིན་ཉིད་ལ་སོགས་པའི་རང་བཞིན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ།། དེ་བས་རེ་ཞིག་བཟོད་པ་ནི་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་ཀྱིས་དམིགས་པ་ཁྱད་པར་ཅན་དུ་འཕགས་སོ་ཞེས་བསྟན་ཏེ། ཇི་སྐད་དུ་མདོ་ལས།། ་ཚེ་དང་ལྡན་པ་ཤཱ་རའི་བུ་གཟུགས་ནི་གཟུགས་ཀྱི་རུང་བཞིན་དང་བྲལ་བ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། གཟུགས་ལ་སོགས་པའི་ཕུང་པོལ་སོགས་པ་རྣམས་དང་། དེ་བཞིན་ཉིད་ལ་སོགས་པ་རྣམས་རེ་རེ ་ནས་རང་བཞིན་མེད་པའི་ཕྱིར་རོ་ཞེས་བྱ་བ་འདིས་ནི་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་ཀྱི་རྣམ་པ་ཁྱད་པར་འཕགས་པ་ཡིན་ནོ་ཞེས་བསྟན་ཏེ།། ཇི་སྐད་དུ་མདོ་ལས། ཚེ་དང་ལྡན་པ་ཤཱ་རིའི་བུ་གཟུགས་ཀྱི་རང་བཞིན་ནི་དངོས་པོ ་མེད་པའོ་ཞེས་བྱ་བ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེ་ཉིད་ཀྱི་ཕྱིར་འདི་ལྟར་གཟུགས་ནི་གཟུགས་ཀྱི་རང་བཞིན་དང་བྲལ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་རྣམཱ་ར་རེ་ནས་མཚན་ཉིད་ཀྱི་རང་བཞིན་དང་བྲལ་བའོ།། ་རང་བཞིན་ཡང་རང་བཞིན་དང་བྲལ་བའོ།། འདི་ནི་མཚན་ཉིད་ཀྱི་རང་བཞིན་དང་། རང་བཞིན་གྱི་མཚན་ཉིད་དག་ཕན་ཚུན་ངོ་བོ་མེད་པ་ཉིད་ཀྱིས་རྣམ་པ་ཁྱད་པར་དུ་འཕགས་པ་ཡིན་ཏེ། ཇི་སྐད་དུ་མདོ་ལས། ཚེ་དང་ལྡན་པ་ཤཱ་རིའི ་བུ་མཚན་ཉིད་ཀྱི་རང་བཞིན་ཡང་མཚན་ཉིད་དང་བྲལ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། རང་བཞིན་གྱི་མཚན་ཉིད་ཀྱང་རང་བཞིན་དང་བྲལ་བ་ཡིན་ནོ།། དེ་ལྟར་སློབ་པ་ནི་རྣམ་པ་ཐམས ་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བའི་རྒྱུ་ཉིད་དུ་བསྟན་པའི་ཕྱིར་བཟོད་པོ་ཆུང་ངུ་མཐུན་པ་ཐོབ་པ་ནི་བཟོད་པ་ཆུང་ངུ་ཡིན་ནོ་ཞེས་བྱ་བའོ།། འབྲིང་བསྟན་པའི་ཕྱིར་ཅིའི་ཕྱིར་རྣམ་པ་ཐད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་ཞེས་ཡོངས་སུ་དྲིས ་པ་ནི་ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ནི་འདི་ལྟར་ཆོས་ཐམས་ཅད་ནི་མ་སྐྱེས་མ་བྱུང་བའི་ཕྱིར་རོ་ཞེས་པ་ནས་བརྩམས་ཏེ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པ་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་སྐྱེ་བ་དང་འགག ་པ་མི་དམིགས་ཏེ། དེ་དག་རིམ་པ་བཞིན་དུ་ཆོས་ཐམས་ཅད་མ་སྐྱེས་པ་ཉིད་ཀྱིས་དམིགས་པ་ཁྱད་པར་དུ་འཕགས་པ་ཡིན་ནོ།། དེ་ཕྱིར་འབྱུང་བ་མེད་པས་རྣམ་པ་ཁྱད་པར་དུ་འཕགས་པ་ཡིན་པར་རིག་པར་བྱའོ།། རྗེས་སུ་མཐུན་པཱ ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་ངན་སོང་དང་དབྱེ་བ་རྣམ་པ་གསུམ་ལས་འདས་པ་ཐོབ་པ་ཡིན་ཏེ། རྣམ་པར་སྨིན་པ་ལས་ཡང་དག་པར་འདས་པ་ནི་གང་ལུས་ལ་སོགས་པ་ཡོངས་སུ་དག་པ་ཐོབ་བོ་ཞེས་བསྟན་ཏེ། ཇི་སྐད ་དུ་མདོ་ལས། ཇི་ལྟར་ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཉེ་བར་གྱུར་པ་དེ་ལྟ་དེ་ལྟར་ལུས་ཡོང་སུ་དག་པ་དང་། སེམས་ཡོངས་སུ་དག་པ་དང་། མཚན་ཡོངས་སུ་དག་པ་ཐོབ་བོ་ཞེས་གསུངས་པ་ཡིན་ནོ།། ང་ནི་འགྲོའི་རྒྱུ ་ལས་ཡང་དག་པར་འདས་པ་ནི་འདོད་ཆགས་ཀྱི་སེམས་མི་བསྐྱེད་དོ་ཞེས་བསྟན་ཏེ། ཇི་སྐད་དུ་འདོད་ཚུགས་དང་ལྡན་པའི་སེམས་མི་བསྐྱེད་དོ།། ཞེ་སྡང་དང་ལྡན་པའི་སེམས་མི་བསྐྱེད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། ཡོངས་སུ ་ཉམས་པ་ལས་ཡང་དག་པར་འདས་པ་ཐོབ་པ་ནི་གང་རྫུས་ཏེ་སྐྱེ་བར་འགྱུར་ཏེ། སངས་རྒྱས་ཀྱི་ཞིང་གཞན་དུ་འགྲོ་ཞིང་ཞིང་ཡོངས་སུ་སྦྱོང་བར་བྱེད། སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཅིང་། ཡང་དག་པར་རྫོགས་པའི་བྱང་ཆུབ ་མ་ཡིན་པ་དང་བྲལ་བའི་ཕྱིར་རོ་ཞེས་བསྟན་ཏེ། ཇི་སྐད་དུ་མདོ་ལས། འདོད་ཆགས་ཀྱི་སེམས་མི་བསྐྱེད་ཅེས་བྱ་བ་ནས་ལྟ་བ་དང་ལྡན་པའི་སེམས་མི་བསྐྱེད། ནམ་ཡང་མའི་མངལ་དུ་སྐྱེ་བར་མི་འགྱུར། དེ་རྟག་པར་རྒྱུན་དུ་རྫུས ་སྐྱེ་བར་འགྱུར་ཞིང་། སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། དེ་དག་གིས་འབྲིང་བསྟན་ནས་ཆེན་པོ་བརྗོད་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་གལ་ཏེ ་བྱང་ཆུབ་སེམས་དཔག་ཐབས་མི་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ལ་སྤྱོད་ན་མཚན་མ་ལ་སྤྱོད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ་ཞེས་བྱ་བ་ནས་བརྩམས་ཏེ། གཟུགས་ལ་སོགས་པའི ་ཐོབ་པོ་རྣམས་ལ་སྦྱང་རྗེ་མཚན་མ་ལ་སྤྱོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་བཀག་ནས། དེ་དག་རེ་རེ་ནས་རྟག་པོ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། བང་བ་དང་། བདག་དང་། བདག་མེད་པ་དང ་ཞི་བ་དང་། མེ་ཞི་བ་ཞེས་བྱ་བ་དང་། དབེན་པ་དང་། མི་དབེན་པ་ཞེས་བྱ་བ་དང་། དེ་བཞིན་དུ་ཁམས་དང་། སྐྱེ་མ་རེད་པ་ལ་སོགས་པ་རྣམས་ཞེས་བྱ་བ་ནས་མཚན་མ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་ལ་མི་སྤྱོད་དོ་ཞེས་བཀག་ནས། བདག་ལ་སོག། ས་པོ་ལ་སྤྱོད་ན་ཐབས་ལ་མི་མཁས་པས་ཞེས་བྱ་བ་དེ་དག་གིས་བཟོད་པ་ཆེན་པོ་ཡིན་ཏེ། ཆོས་ཐམས་ཅད་མཚན་མ་མེད་པ་ཉིད་ནི་དམིགས་པས་ཁྱད་པར་དུ་འཕགས་པ་ཡིན་ནོ།། དེ་ལྟར ་བྱས་ན་གང་རྒྱུན་ཏུ་ཞུགས་པའི་ཞེས་བྱ་བ་ནས་དགྲ་བཅོམ་པའི་ཡེ་ཤེས་དང་། སྤངས་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་བཟོད་པ་ཡིན་ཞེས་གསུངས་སོ།། དེ་ལྟར་ཡང་མཚན་མ་མེད་པ་ལ་གནས་པའི་བཟོད་པའི་དབང་དུ་བྱས་ནས ་ས་བརྒྱད་པ་ཡིན་པར་བསྐྲུན་ཏེ། རིགས་ཀྱི་བུ་ལེགས་སོ་ལེགས་སོ།། དོན་དམ་པ་ལ་བཟོད་པ་སངས་རྒྱས་ཀྱི་ཆོས་རྣམས་ཐོབ་པ་ཞེས་བྱ་བ་འདི་ནི་འདི་ཡིན་ནོ།། བཟོད་པ་ནི་ཡང་སྐད་ཅིག་མ་ཡིན་པར་བསྟན་ཏེ། ཆེན་པོ་དེ་ཡང་སྐད་ཅིག ་ཅེས་བསྟན་ཏོ།། ཕུང་པོ་ལ་སོགས་པ་རྣམས་ཤེས་བྱ་བ་ནས་མ་འདྲེས་པའི་བར་དང་། གནས་པ་དང་། མོས་པ་དང་། འདུ་ཤེས་པ་དཀག་པ་ཞེས་བྱ་བས་ནི་ཆོས་ཐམས་ཅད་གནས་པ་དང་། མོས་པ་དང་། འདུ་ཤེས་མེང་བས་ནི་རྣམ ་པ་ཁྱད་པར་དུ་འཕགས་པ་ཡིན་ནོ།། ཇི་ལྟར་བཟོད་པ་དེ་ལ་གནས་པ་ཡིན་ཞེ་ན། ཐབས་ལ་མཁས་པས་དེ་ལ་མི་གནས་པའི་དབང་དུ་བྱས་ནས་གཟུགས་ལ་སོགས་པ་ནས་མ་འདྲེས་པའི་བར་དུ་བཟློག་པ་ལ་སྤྱོད་པ་བསྟན་ཏེ། ཐབས་ལ་མཁས ་པ་དང་ཞེས་བྱ་བ་ནས་བརྩམས་ཏེ། གཟུགས་ཀྱི་སྟོང་པ་ཉིད་གཟུགས་མ་ཡིན། སྟོང་པ་ཉིད་ཀྱང་གཟུགས་ལས་གཞན་མ་ཡིན་ཏེ། གཟུགས་ལ་སོགས་པ་དང་སྟོང་པ་ཉིད་གཉིས་ཕན་ཚུན་ངོ་བོ་ཉིད་གཅིག་པར་བསྟན་ཏེ། འཁོར་བ་དང་མྱ་ངན་ལས ་འདས་པའི་མཐར་ལྷུང་བ་ལས་ངེས་པར་འགྲོ་བ་ནི་ཐབས་ལ་མཁས་པ་ཡིན་པར་གསལ་བར་བསྟན་ཏོ།། ཡང་ཅིའི་ཕྱིར་འཁོར་བ་དང་། མྱ་ངན་ལས་འདས་པར་མི་ལྟུང་ཞེ་ན། གལ་ཏེ་ཆོས་འགའ་ཞིག་ལ་སྤྱོད་ན་སྤྱོད་པ་ཉེ་བར་བཀག་པ་ཡིན་ཏེ། ཆོས ་ས་ཅད་རང་བཞིན་མེད་པར་བསྟན་པ་ནི་བཟོད་པ་ཆེན་པོ་ཐོབ་པ་ཡིན་ཏེ། བཟོད་པ་ཆེན་པོ་བསྟན་ཏོ།། ཆོས་ཆེན་པོ་ལ་བཟོད་པས་ན་བཟོད་པ་ཞེས་བྱའོ།། བཟོད་པ་བསྟན་ནས་ཆོས་ཀྱི་མཆོག་བསྟན་པའི་ཕྱིར་ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན ་ཡང་ཏིང་ངེ་འཛིན་རྣམས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནུས་བརྩམས་ཏེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པའི་རྒྱུ་ཏིང་ངེ་འཛིན་བརྒྱ་ལས་ལྷག་པ་ལ་སོགས་པ་པག་ཏུ་མེད་པ་ཐོབ་པ་ཡིན་ནོ་ཞེས ་བསྟན་ཏེ། ཇི་སྐད་དུ་མདོ་ལས། དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རིན་ཆེན་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེང་གེ་རྣམ་པར་བསྐྱོངས་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། དེས་ཆོས་ཀྱི་མཆོག་གི་དམིགས ་པ་ཁྱད་པར་དུ་འཕགས་པ་གསལ་བར་བསྟན་ཏོ།། དེ་ལ་ཅིའི་ཕྱིར་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཅེས་བྱ་ཞེ་ན། ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱོད་ཡུལ་ཉམས་སུ་མྱེང་བར་གྱུར་པ་ཡིན་ནོ།། དེ་བས་ན་དཔའ་བར་འགྲོ་བའི་ཏིང་ངེ་འཛིན ་ཅེས་བརྗོད་དོ།། དེ་ལ་ཅིའི་ཕྱིར་རིན་ཆེན་ཕྱག་རྒྱའི་ཏིང་ངེ་འཛིན་ཅེས་བྱ་ཞེ་ན། ཏིང་ངེ་འཛིན་གང་གིས་ཏིང་ངེ་འཛིན་ཐམས་ཅད་ལ་རྒྱས་བཏབ་པ་ཡིན་ནོ།། ཡང་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ ་འཛིན་ཅེས་བྱ་ཞེ་ན། ཏིང་ངེ་འཛིན་གང་ན་ལ་གནས་ནས་ཏིང་ངེ་འཛིན་ཐམས་ཅད་ལ་རྣམ་པར་རོལ་པ་ཡིན་ནོ།། དེང་ངེ་འཛིན་གྱི་བྱེད་པའི་བྱེ་བྲག་རྒྱ་ཆེ་བའི་ཕྱིར་ཆོས་ཀྱི་མཆོག་གོ། ཏིང་ངེ་འཛིན་གྱི་བྱེད་པ་ནི་རྣམ་པ་ཁྱད་པར་དུ་འཕགས་པ ་གསལ་བར་བསྟན་ཏོ།། དེས་ནི་འཇིག་རྟེན་པའི་ཆོས་ཀྱི་མཆོག་ཆུང་ངུ་བསྟན་ཏོ།། སངས་རྒྱས་རྣམས་ཀྱི་ལུང་སྟོན་པ་ཡིན་ཏེ། ཇི་སྐད་དུ་མདོ་ལས། ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་དེ ་རྣམས་ལ་གནས་པ་ནི་སྔོན་གྱི་དེ་བཞིན་གཤེགས་པས་ཀྱང་ལུང་བསྡམ་ཅིང་། ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་དེ་དོག་གིས་ཀྱང་དེ་ལུང་སྟོན་པར་འགྱུར་རོ་ཞེས་གསུངས་པ་ཡིན ་ནོ།། ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་པ་ལ་སོགས་པའི་རྣམ་པར་རྟོག་པ་མེད་ཅིང་མི་དམིགས་པ་ཡིན་ཏེ། ཇི་སྐད་དུ། ཏིང་ངེ་འཛིན་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་།། བདག་སྙེམས་པར་ཞུགས་པར་རློམ་སེམས་མེད་དོ།། ་བདག་སྙོམས་པར་འཇུག་པར་འགྱུར་རོ།། བདག་སྒོམ་པར་འཇུག་གོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། ང་ངག་ཐམས་ཅད་ཀྱི་རྣམ་པར་རྟོག་པ་མེད་ཅིང་མི་དམིགས་པ་འདི་ནི་ཆོས་ཀྱི་མཆོག་གེ་འབྲིང་ཡིན་ཏེ། ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་དང་། ཏིང་ངེ་འཛིན་དང་། བྱང་ཆུབ་སེམས་དཔའ་རྣམས་ཕན་ཚུན་ངོ་བོ་གཅིག་པར་བསྟན་པ་ཡིན་ཏེ། ཇི་སྐད་དུ་མདོ་ལས། ཚེ་དང་ལྡན་པ་ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའང་གཞན་ལ། ཏིང་ངེ་འཛིན་ཀྱང་གཞན། བྱང་ཆུབ ་སེམས་དཔའ་འང་གཞན་ཞེས་བྱ་བ་ནི་མོད་ཀྱི་བྱང་ཆུབ་སེམས་དཔའ་ཉིད་ཀྱང་ཏིང་ངེ་འཛིན་ཏིང་ངེ་འཛིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ཡིན་ནོ།། ཏིང་ངེ་འཛིན་དེ་དག་མེད་པ་ཉིད་ཀྱི་ཕྱིར་ངེས་པར་ཤེས་པ་ལ་སོགས་པ་བཀག ་པ་ཡིན་ཏེ། ཇི་སྐད་དུ་མདོ་ལས། ཆུ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ང་ནི་ཏིང་ངེ་འཛིན་དུ་འཇུ་ཤེས་པ་མེད་དོ།། སྨྲས་པ་ཇི་ལྟོར་འདུ་ཤེས་པར་མི་འགྱུར་དེ་ལྟར་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ།། སྨྲས་པ། ཇི་ལྟར་ན་རྣམ ་པར་རྟོག་པ་མེང་པོ་མིན། སྨྲས་པ། ཆོས་ཐམས་ཅད་མང་པོའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུདུས་པོ་ཡིན་ནོ།། དེ་དག་གིས་ཆོས་ཀྱི་མཆོག་ཆེན་པོ་བསྐྲུན་ཏེ། དམིགས་པ་དང་། རྣམ་པ་དང་། རྒྱུ་ཡིས་ངེས་པར་འབྱེད་པའི་རྒྱ་དང་ན ་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་བྱེ་བྲག་ཁྱད་པར་དུ་འཕགས་པ་བསྟན་ནས། ད་ནི་རྣམ་པར་རྟོག་པའི་སྦྱོར་བ་རྣམས་བརྗོད་པར་བྱའོ།། མཐོང་བའི་ལམ་གྱིས་སྤང་བར་བྱ་བ་བཞི་པོ་བཟུང་བ་དང་། འཛིན་པའི་རྣམ་པར་རྟོག་པའི ་བྱེ་བྲག་ལས་འདིར་ངེས་པར་འབྱེད་པའི་ཆ་གང་ཡིན་པའི་རྣམ་པར་རྟོག་པ་གང་ཡིན་པ་རྣམ་པར་རྟོག་པ་ཡིན་པོ་རྣམ་པར་བཞག་པར་བྱའོ།། དེ་ལ་རྣམ་པར་རྟོག་པ་དེ་དག་ནི་རྣམ་པ་བཞི་ལས་གཟུང་བའི་རྣམ་པར་རྟོག་པ་གཉིས་ཏེ། དངོས ་པོའི་རྟེན་ཅན་དང་། གཉེན་པོའི་རྟེན་ཅན་ནོ།། འཛིན་པའི་རྣམ་པར་རྟོག་པ་ཡང་དབྱེ་བ་རྣམ་པ་གཉིས་ཏེ། གང་ཟག་རྫས་སུ་ཡོད་པའི་རྟེན་ཅན་དང་། བཏག་པའི་རྟེན་ཅན་ནོ།། དེ་ལ་ངེས་པར་འབྱེད་པའི་ཆ་དང ་མཐུན་པ་དང་པོ་དང་གཉི་པ་ནི་རིམ་པ་བཞིན་དུ་བཟུང་བའི་རྣམ་པར་རྟོག་པར་གྱུར་པ་གཉིས་དང་ངོ་།། གསུམ་པོ་དང་བཞི་པ་གང་ཡིན་པ་ནི་ཡང་འཛིན་པའི་རྣམ་པར་རྟོག་པ་གཉིས་དང་ཡིན་ནོ།། གནས་བརྟན་རབ་འབྱོར་ཉོན་མོངས་པ་མེད ་པར་གནས་པའི་ཡོན་ཏན་བརྗོད་པའི་ཕྱིར་རྣམ་པར་རྟོག་པའི་མཚན་ཉིད་སྟོན་པ་ཉོན་མོངས་པ་མེད་པར་གནས་པ་རྣམས་ཀྱི་མཆོག་ཡིན་ཏེ། དེ་ཡིས་བདག་དང་གཞན་གྱི་རྟེན་ཅན་གྱི་རྣམ་པར་རྟོག་པ་འགེགས་པ་ལ་མཁས་པ་སྟོན་པའི ་དབང་དུ་མཛད་པར་ཤེས་པར་བྱ་བའི་ཕྱིར་རོ།། དེ་ལ་བཟུང་བའི་རྣམ་པར་རྟོག་པའི་དབྱེ་བ་ནི་རྣམ་དགུར་རིག་པར་བྱའོ།། རྣམ་པར་བྱང་བ་ལ་དམིགས་པའི་རྣམ་པར་རྟོག་པ་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནས་སྦྱིན་པའི ་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་ཀྱི་ཕྱོགས་རྣམས་ཞེས་བྱ་བ་ནས་མ་འདྲེས་པ་མི་དམིགས་པའི་རྣལ་འབྱོར་ལོ་སློབ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ཡིན་པར་སྟོན་པ་ཡིན་ཏེ། ཇི་སྐད་དུ་མདོ་ལས། ཤཱ་རིའི་བུ་དུ ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མི་དམིགས་པའི་རྣལ་འབྱོར་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། སེམས་ཅན་ལ་དམིགས་པའི་རྣམ་པར་རྟོག ་པ་ནི་གང་བདག་དང་། སེམས་ཅན་དང་། སྲོག་ལ་སོགས་པ་རྣམས་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། བྱང་ཆུབ་ཀྱི ་ཕྱོག་ཀྱི་ཆོས་རྣམས་དང་། སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། རྒྱུན་དུ་ཞུགས་པ་ལ་སོགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་དང་། བྱང་ཆུབ་དང་། སངས་རྒྱས་ཀྱི ་ཆོས་ཤིན་ཏུ་རྣམ་པར་དག་པ་ཉེ་བར་གཟུང་ནས་དམིགས་པར་བསྟན་པ་ཡིན་ཏེ། དེའི་མདོ་ནི་ཤཱ་རིའི་བུ་བདག་མི་དམིགས་སེམས་ཅན་དང་། སྲོག་དང་། སྐྱེས་བུ་དང་།། གང་ཟག་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། ་གཟུགས་ལ་སོགས་པ་གང་མ་སྐྱེས་པ་དང་། མ་བྱུང་བ་དང་། མི་དམིགས་པ་མངོན་པར་འདུ་བྱེད་པ་མེད་པ་ནི་རྣམ་པར་དག་པ་ཡིན་པར་བསྟན་པ་ཡིན་ཏེ། ཇི་སྐད་དུ་མདོ་ལས། ཤཱ་རིའི་བུ་མ་སྐྱེས་པ་མི་དམིགས་ཤིང་མངོན་པར ་འདུ་བྱེད་པ་མེད་པ་ནི་རྣམ་པ་རོ་དག་པ་ཞེས་བརྗོད་དོ་ཞེས་གསུངས་པ་ཡིན་ནོ།། མ་རིག་པའི་རྣམ་པར་རྟོག་པ་ནི་ཆོས་འགའ་ཞིག་ལ་ཇི་ལྟ་བ་བཞིན་མ་ཡིན་པར་མངོན་པར་ཞེན་པ་ནི་མ་རིག་པ་ཡིན་པར་བསྟན་པ་ཡིན་ཏེ། ཇི་སྐད ་དུ་མདོ་ལས། ཤཱ་རིའི་བུ་འདི་ལྟར་བྱང་ཆུབ་སེམས་དཔའ་ཆོས་ཅུང་ཟད་ཀྱང་མ་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེ་ནི་འདི་ལྟར་ཆོས་འདི་དག་བྱིས་པ་སོ་སོ་སྐྱེ་བོས་ཇི་ལྟར་མངོན་པར་ཞེན་པར་བྱ་བ་དེ་ལྟ་བུའི་རྣམ་པར་ཡོད་པར ་མ་ཡིན་ཏེ། ཇི་ལྟར་མེད་པ་དེ་ལྟར་ཡོད་དོ།། དེ་ལྟར་མེད་པས་ན་མ་རིག་པ་ཞེས་བརྗོད་དོ་ཞེས་གསུངས་པ་ཡིན་ནོ།། ཕུང་པོ་ལ་སོགས་པ་དམིགས་པའི་རྣམ་པར་རྟོག་པ་ནི་གང་དེ་གྲུབ་པའི་ཆེད་དུ་ཕུང་པོ ་ལ་སོགས་པ་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་རྣམས་དང་། མི་འཇིགས་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་ཉེ་བར་གཟུང་ནས་ཡང་དག་པར་མེད་པར་བསྟན་པ་ཡིན་ཏེ། ཇི་སྐད་དུ་ཤཱ་རིའི་བུ་གཟུགས་ནི་ཡང་དག་པར་ཡོད་པ་མ་ཡིན ་ཏེ་ནང་སྟོང་པ་ཉིད་ཉེ་བར་གཟུང་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། མིང་དང་གཟུགས་ལ་མངོན་པར་ཞེན་པའི་རྣམ་པར་རྟོག་པ་དང་། མཐའ་གཉིས་ལ་ཆགས་པའི་རྣམ་པར་རྟོག་པ་ཡང་གཉིས་པོ་དེའི་དབང་དུ་བྱས་ནས ་སུ་རིག་པ་དང་། སྲེད་པ་ཉིད་ཀྱིས་མིང་དང་གཟུགས་ལ་མངོན་པར་ཞེན་ཅིང་མཐའ་གཉིས་ལྔ་ཆགས་པ་ཡིན་ཏེ། དེ་ལ་བྱིས་པ་རྣམས་མ་རིག་པ་དང་། སྲེད་པས་མིང་དང་། གཟུགས་སུ་མངོན་པར་ཞེན་ཞེས་བྱ་བ་ནས་སངས་རྒྱུས ་ཀྱི་ཆོས་རྣམས་སུ་མངོན་པར་ཞེན་ཅིང་མངོན་པར་ཞེན་པས་མཐའ་གཉིས་ལ་ཆགས་པས་ནི་ཡང་དག་པར་མེད་པའི་ཕྱིར་ཆོས་སུ་བཏགས་པ་ཡིན་ནོ།། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་མི་ཤེས་པའི་རྣམ་པར་རྟོག་པ ་ནི་གང་དེ་དག་ལ་ཡིད་ཆེས་པས་གཟུགས་རྣམས་དང་། ཀུན་ནས་ཉོན་མོངས་པ་རྣམས་དང་། རྣམ་པར་བྱང་བ་མི་ཤེས་པས་འདོད་པའི་ཁམས་ལ་སོགས་པ་ལས་ངེས་པར་མི་འབྱུང་བར་བཤད་པ་ཡིན་ཏེ། དེའི་མདོ་ནི་དེས ་གཟུགས་མི་ཤེས་མི་མཐོང་བ་དང་། ཚོར་བ་དང་། འདུ་ཤེས་ཞེས་བྱ་བ་ནས་བྱིས་པའི་གྲངས་སུ་འགྲོ་བ་སྟེ། འདོད་པའི་ཁམས་ཞེས་བྱ་བ་ལ་སོགས་པ་ཡིན་ནོ།། འཕགས་པའི་ལམ་ལ་མི་གནས་པའི་རྣམ་པར་རྟོག་པ་ནི་གང ་གཟུགས་ལ་སོགས་པ་སྟོང་པ་ཉིད་ལ་མངོན་པར་མི་དད་པ་སྔོན་དུ་འགྲོ་བསྔོ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཞེས་བྱ་བ་ནས་མ་འདྲེས་པ་རྣམས་ལ་མི་གནས་པ་ཡིན་ཏེ། ཇི་སྐད་དུ་མདོ་ལས། གཟུགས་གཟུགས ་ཀྱིས་སྟོང་པར་མི་དད་ཅིང་ཞེས་བྱ་བ་ན་བྱང་ཆུབ་བྱང་ཆུབ་ཀྱིས་སྟོང་ཞེས་བྱ་བར་མི་དད་དེ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་གནས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། གཟུ་ང་བའི་རྣམ་པར་རྟོག་པ་དང་པོའོ།། ། ་དེ་ཐབས་མི་མཁས་པས་ཕ་རོལ་ཏུ་ཕྱིན་པ་དང་། ཚད་མེད་པ་རྣམས་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ཞེས་བྱ་བ་ནས་མ་འདྲེས་པའི་བར་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་རྟོག ་ཅིང་མངོན་པར་ཞེན་ཏེ་ཞེས་བྱ་བ་ནས་བརྩམས་ཏེ། མི་དམིགས་པའི་སྦྱོར་བས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་ངོ་ཞེས་བྱ་བའི་བར་དུ་བསྟན་པ་ཡིན་ནོ།། གཟུང་བའི་རྣམ་པར་རྟོག་པ་གཉིས་པའོ།། དེའི་མདོ ་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཐབས་ལ་མི་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྟོག་ཅིང་མི་ངོན་པར་ཞེན་ཏོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། དངོས་པོ་ཐམས་ཅད་ཀྱི་གཞི་ཅན་ནི་དང་པོ་ཡིན ་ལ། རྣམ་པར་བྱང་བའི་དངོས་པོའི་གཞི་ཅན་ཉིད་ཀྱིས་གཉིས་པ་ཡིན་ཏེ་དེ་ལྟ་བུའི་ནི་གཟུང་བའི་རྣམ་པར་རྟོག་པ་གཉིས་ཀྱི་ཁྱད་པར་ཡིན་ནོ།། དེ་ལྟར་བྱས་ན་གཟུང་བའི་རྣམ་པར་རྟོག་པ་དང་པོ་གང་ཡིན་པ་དེ་གཉིས ་པ་ཡང་དེ་ཉིད་ཡིན་ནོ་ཞེས་བཤད་པ་སྔ་མས་སྟོན་པར་བྱེད་པ་ཡིན་པས་རེ་ཞིག་དང་པོ་གང་ཡིན་པ་དེ་གཉིས་པ་ཡིན་ཏེ། འདི་ལྟ་སྟེ། གཞིའི་དངོས་པོ་ཐམས་ཅད་པའི་རྣམ་པར་རྟོག་པ་དང་པོ་ནི་གཉིས་པར་འགྱུར་བ་ཉིད་ཡིན་ནོ།། གཉིས ་པ་ནི་དང་པོ་མ་ཡིན་ཏེ། འདི་ལྟ་སྟེ། རྣམ་པར་བྱང་པོ་ཙམ་ལ་བརྟེན་པའི་གཟུང་བའི་རྣམ་པར་རྟོག་པ་གཉིས་པ་ནི་དང་པོ་མ་ཡིན་ནོ།། གང་ཟག་རྫས་སུ་ཡོད་པའི་རྟེན་ཅན་འཛིན་པའི་རྣམ་པར་རྟོག་པའི་དབང་དུ་མཛད་ནས་དེ་ཡང་མི ་དམིགས་པའི་སྦྱོར་བ་ཞེས་བྱ་བ་ནས་བརྩམས་ཏེ། ཕུང་པོ་རྣམས་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོང་པ་ཉིད་མི་དམིགས་པའི་རྣལ་འབྱོར་གྱིས་ཅི་སྒྱུ་མའི་སྐྱེས་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་ངམ། ་ཞེས་བྱ་བ་ནས་བརྩམས་ཏེ་ཕུང་པོ་རྣམས་ཀྱི་བར་དང་། མི་འཇིགས་པ་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། སྒྱུ་མ་ཕན་ཚུན་ངོ་བོ་གཅིག་པ་རཱ་བསྟོན་པས་སྒྱུ་མ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང ་བ་དང་། སྐྱེ་བ་དང་འགག་པ་བཀག་པར་གྱུར་པས་དེ་ཕ་རོལ་ཏུ་ཕྱིན་པ་རྣམས་ཞེས་བྱ་བ་ནས་མ་འདྲེས་པའི་ཕ་རོལ་ཏུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་ཞིང་རྣམ་པ་ཐམས་ཅད་མཁྱེན་པ ་ཉིད་ཐོབ་པར་འགྱུར་བ་ཡིན་ནམ་ཞེས་བྱ་བ་ནས་ནི་ངེས་པར་འབྱུང་བ་བཀག་པ་གསུངས་པ་ཡིན་ནོ།། འཛིན་པའི་རྣམ་པར་རྟོག་པ་དང་པོའོ།། གཉིས་པ་འཛིན་པའི་རྣམ་པར་རྟོག་པ་སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་གྱི་དབང ་དུ་མཛད་ནས་ཉེ་བར་ལེན་པའི་ཕུང་པོ་རྣམས་ལ་བྱང་ཆུབ་སེམས་དཔའ་བཏགས་པ་བསྟན་པ་ཡིན་ཏེ། དེའི་མདོ་ནི། རབ་འབྱོར་དེ་ཇི་སྙམ་དུ་སེམས་གང་འདི་ལ་འདུ་ཤེས་པ་དང་། ཀུན་ཤེས་པ་དང་། བཏགས་པ་དང་། ཐ་སྙད ་དུ་བྱུང་ཆུབ་སེམས་དཔའ་ཞེས་བྱ་བ་གང་འདི་ལྟ་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལེགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། དེ་ལྟ་བུ་གཞན་དུ་ཡང་མདོ་ཟུར ་གཉིས་དང་ཡང་བསྟན་བཅོས་སྦྱར་བར་བྱ་སྟེ། བདག་གིས་ནི་གཞུང་མངས་པའི་ཉེས་པ་སྤངས་པའི་ཕྱིར་གང་དུ་ཡང་མཚོན་པར་སུ་བྱས་སོ།། ཕུང་པོ་ལ་སོགས་པའི་བཏགས་པའི་སྐྱེ་བ་དང་འགག་པའི་སྒོ་ནས་གང་ཡང་རུང་བ་ཞིག ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བ་ལ་དམིགས་པར་སྦྱོར་བས་ངེས་པར་འབྱུང་བ་དེའི་རྗེས་སུ་འཇུག་པས་སྒྱུ་མའི་སྐྱེས་བུ་ཉིད་དེ་ལྟར་བསླབ་པར་བྱའོ་ཞེས་ངེས་པར་གཟུང་བ་ཤེས་པར་བྱ་བ་ཉིད་ཡིན་ནོ།། དེ་བཞིན་དུ ་བཅོམ་ལྡན་འདས་ཕུང་པོ་ལྔ་པོ་དེ་ཉིད་སྒྱུ་མའི་སྐྱེས་བུར་རིག་པར་བགྱི་འོ་ཞེས་བྱ་བ་དང་། གཟུགས་ལ་སོགས་པའི་ཕུང་པོ་རྣམས་རྨི་ལམ་དང་། སྒྲ་བརྙན་དང་། མིག་ཡོར་དང་། ཆུ་ཟླ་དང་། སྨིག་རྒྱུ་དང་། སྤྲུལ་པ་ལྟ་བུ ་ཞེས་བྱ་བའི་དཔེས་དངོས་པོ་མེད་པའི་དེ་བོ་ཉིད་མི་དམིགས་པས་དཔེ་དོན་དང་འགལ་བ་ཅན་ཡིན་ཏེ། དེ་ཡང་བཅོམ་ལྡན་འདས་གཟུགས་ནི་སྒྱུ་མ་ལྟ་བུའོ་ཞེས་བྱ་བ་ནས་བརྩམས་ཏེ། ནང་སྟོང་པ་ཉིད་ལ་སོགས ་པས་ཕུང་པོ་ལ་སོགས་པ་དམིགས་སུ་མེད་པས་དཔེ་དོན་མི་འཐད་པའི་ཕྱིར་སེམས་ཞུམ་པ་ཉིད་དང་། སྐྲག་པ་མེད་པ་ལ་སོགས་པ་དང་། མི་ཞུམ། མི་འགོང་། འགྱོད་པར་མི་འགྱུར་ཞེས་བྱ་བའི་ཚིག་གསུམ་དང་། མི་འཇིགས། མི ་དང་། སྐྲག་པར་མི་འགྱུར་ཞེས་བྱ་བའི་ཚིག་གསུམ་གོ་རིམས་བཞིན་བསྟན་པ་ཡིན་པར་ཤེས་པར་བྱའོ།། དེ་ལ་གནས་མ་ཡིན་པ་ལ་འཇིགས་པ་ནི་འཇིགས་པ་སྟེ། ལམ་ལོག་པ་དང་འདྲའོ།། དེ་མེད་པས་མི་ཞུམ་པའོ།། རྟག་ཏུ་སྐྲག ་པ་ནི་ཀུན་དུ་དངངས་པ་སྟེ། འཇིགས་པ་སྐྱེས་པ་ལས་མ་བཟློག་པའོ།། དེ་མེད་པས་ན་མི་འགོད་པའོ།། ཀུན་ཏུ་དངང་པའི་ངེས་པར་གྱུར་པ་ནི་སྐྲག་པ་སྟེ། དེ་མེད་པས་ན་འགྱོད་པར་མི་འགྱུར་བའོ།། འཛིན་པའི་རྣམ་པར ་རྟོག་པ་གཉིས་པའོ།། དེ་དང་དྲི་ནས་བརྩམས་ཏེ་འདི་དང་འདིར་སྦྱར་རོ།། འདི་ལྟར་མེད་པས་ན་མ་རིག་པ་ཞེས་བརྗོད་དོ་ཞེས་བྱ་བས་མ་རིག་པ་སྟེ་དང་པོའོ།། ཐབས་ལ་མི་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྟོག་ཅིང ་མངོན་པར་ཞེན་པ་ཞེས་བྱ་བ་ནི་གཉིས་པའོ།། ལམ་ཤེས་པས་ངེས་པར་མི་འབྱུང་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་མི་འཐོབ་ཅེས་བྱ་བ་ནི་གཟུགས་བརྙན་ལྟ་བུའི་ཕུང་པོ་རང་བཞིན་མེད་དོ་ཞེས་བྱ་བའི་བར་གྱིས་ནི་བཞི་པའོ།། ་དེ་རྣམས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམ་པ་བཞི་དང་མཚུངས་པར་ལྡན་པ་ཡིན་ཏེ། མཐོང་བའི་ལམ་གྱིས་སྤྱད་པར་བྱ་བའི་རྣམ་པར་རྟོག་པ་གཟུང་བ་དང་འཛིན་པས་ཕྱེ་བས་རིམ་པ་བཞིན་དུ་བསྟན་ཏོ།། རྣམ་པར་བཤད་པ་བྱེད་པས ་གཞུང་གི་དོན་གཏན་ལ་ཕབ་པ་ཇི་སྐད་བསྟན་པ་དང་། རབ་ཏུ་བྱེད་པས་འབྲེལ་བར་སྦྱར་རོ།། ཡང་བསྒོམ་པའི་ལམ་གྱིས་སྤང་བར་བྱ་བའི་རྣམ་པར་རྟོག་པའང་ཡོད་དོ།། རྗེས་ཐོགས་ལ་བསྒྲུབ་པ་དང་འགག་པར་ནུས་པ་ཡིན་ཏོ། མཐོང ་པའི་ལམ་དུ་ཉེ་བར་བཀོད་པ་ལས་གཞན་པ་འདི་ལྟར་བསྒོམ་པའི་ལམ་གྱི་ཡིན་པར་ངེས་པར་གཟུང་སྟེ། གཞན་དུ་ས་གཉིས་པ་ལ་སོགས་པ་དོན་མེད་པ་ཐོབ་པར་འགྱུར་བའི་ཕྱིར་རོ།། མཚུངས་པར་ལྡན་པས་ཁྱད་པར་དུ་འཕགས་པ ་བསྟན་ན། ཇི་སྐད་དུ་ཐབས་ལ་མཁས་པ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བས་ཁྱད་པར་དུ་འཕགས་སོ་ཞེས་བསྟན་པ་དེ་ལས་ཐབས་ལ་མཁས་པའི་དབོང་དུ་བྱས་ནས་གསུངས་པ་ནི་སེམས་ཞུམ་པ་མེད་པ་ཉིད ་དང་མི་སྐྲག་པ་ལ་སོགས་པའི་རྒྱུ་ནས་གཟུང་སྟེ། ཐབས་ལ་མཁས་པའི་ཡོངས་སུ་བཟུང་བ་ནས་བརྩམས་ཏེ། གཟུགས་ཀྱི་ཕུང་པོ་རྣམས་རེ་རེ་ནས་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་ཉིད་དང་། བདག་མེད་པ ་ཉིད་དང་། ཞི་བ་དང་། དབེན་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། རབ་ཏུ་ལྡན་པའི་སེམས་ཀྱིས་སོ་སོར་ཕྱེ་ནས་མི་དམིགས་པས་དེ་རྣམས་ཉིད་མི་རྟག་པ ་ལ་སོགས་པར་ཆོས་སྟོན་པ་ནས་དམིགས་སུ་མེད་པར་སྦྱོང་བའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པ་ཡིད་ལ་བྱེད་པ་དང་རབ་ཏུ་ལྡན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་དང་། མི་རྟག་པ་ལ་སོགས་པ ་དེ་རྣམས་ཉིད་ཡིད་ལ་བྱེད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ཏུ་འཛིན་པ་མེད་པ་ཉིད་དང་། དེ་བཞིན་དུ་ས་ལ་སོགས་པའི་ཁམས་དྲུག་པོ་མི་རྟག་པ་ལ་སོགས་པར་བཟོད་པ་དང་། སྨོན་པ་དང་། སོ་སོར་རྟོག་པར་བྱེད་པའི་བཟོད ་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་དང་། འདིར་ཡང་། བུ་ག་ན་མཁའི་ཁམས་ཞེས་བྱ་བ་དེ་ཡིས་མི་རྟག་པར་བྱའོ།། ཕུང་པོ་ལ་སོགས་པ་ལ་མི་རྟག་པ་ལ་སོགས་པར་སོ་སོར་རྟོག་ཅིང་མི་དམིགས་པ་དང་ལྡན་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང ་རབ་ཏུ་ལྡན་པའི་ཡིད་ལ་བྱེད་པ་མི་གཏོང་ཞིང་མི་འདོར་བའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐེག་པ་དམན་པའི་སེམས་དང་ལྡན་པའི་ཡིད་ལ་བྱེད་པའི་སྐབས་མི་འབྱེད་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཕུང་པོ་ལ་སོགས ་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་གྱིས་སྟོང་པ་ཉིད་ཀྱིས་དེ་སྟོང་པ་ཉིད་དུ་རྟོགས་ཤིང་དེ་རྣམས་དང་སྟོང་པ་ཉིད་ཀྱང་གཅིག་ལ་གཅིག་དེའི་ངོ་བོར་རྗེས་སུ་འབྲེལ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱིས་ཕུང་པོ་ལ་སོགས ་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཉིད་དང་མ་བྲལ་བས་ཞེས་བྱ་བ་ཡིན་ཏེ། འདིའི་མདོ་ནི། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་འདི་ལྟར་སོ་སོར་རྟོག་སྟེ། གཟུགས་མི་སྟོང་པ་གཟུགས་ཉིད་མི ་ཡིན། གཟུགས་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་གཟུགས་སོ།། ཚོར་བ་མི་སྟོང་པ་ཚོར་བ་ཉིད་མ་ཡིན། ཚོར་བ་ཉིད་སྟོང་པ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། ཐབས་ལ་མཁས་པའོ།། དགེ་བའི་བཤེས་གཉེན་གྱིས་ཡོངས ་སུ་འཛིན་པ་བསྟན་པ་ནི་ཕུང་པོ་ལ་སོགས་པ་རྣམས་ཞེས་བྱ་བ་ནས་མ་འདྲེས་པ་རྣམས་ཀྱི་བར་དུ་མི་རྟག་པ་ལ་སོགས་པར་བསྟན་པ་དང་། དགེ་བའི་རྩ་བ་དེ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེད་པ་ནི་དགེ ་ངའི་བཤེས་གཉེན་ཡིན་ནོ་ཞེས་བསྟན་ཏེ། དགེ་བའི་བཤེས་གཉེན་ཡིན་ནོ།། ཡང་ཐབས་ལ་མི་མཁས་པ་གང་ཞེ་ན། གང་ཇི་སྐད་དུ་བསྟན་པའི་ཐབས་ལ་མཁས་པ་ལས་བཟློག་པ་ཡིན་པར་རྟོགས་པར་བྱ་བ་སྟེ། གང་ཞེ་ན། ཕ་རོལ ་ཏུ་ཕྱིན་པ་ཞེས་བྱ་བ་ནས་མ་འདྲེས་པ་རྣམས་དང་བྲལ་བ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་རབ་ཏུ་ལྡན་པའི་ཡིད་ལ་བྱེད་པས་བསྒོམ་ཞིང་དེ་དམིགས་པའི་ཡིད་ཀྱིས་སྐྲག་པ་ལ་སོགས་པ་ཐབས་ལ་མི་མཁས་པ་ཡིན་ནོ་ཞེས་བསྟན་ན་པ་ཡིན་ནོ།། ་མི་དགེ་བའི་བཤོས་གཉེན་གང་ཡིན་ཞེ་ན། དེ་གང་ཇི་སྐད་བཤད་པའི་མོས་པོ་བཟློག་པ་ནི་སྡིག་པའི་གྲོགས་པོ་ཡིན་ནོ་ཞེས་རྟོགས་པར་བྱ་བའི་ཕྱིར་རང་བཟོར་བྱས་པ་ལ་སོགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་བྱེད་ཅིང ་སངས་རྒྱས་ཀྱི་ཆགས་ལུགས་ཀྱིས་འོངས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས་ཁྱོད་ལ་ཅི་ཞིག་བྱ་ཞེས་བྱ་བ་ལ་སོགས་པ་དང་། རང་གི་ལསོ་ཉན་ཐོས་ཀྱི་ཐེག་པ་དང་རབ་ཏུ་ལྡན་པའི་མདོ་སྡེ་ལ་སོགས་པ་སྟོན་ཅིང་། ཁྱེད ་ལ་བྱང་ཆུབ་ཀྱི་སེམས་ཀྱིས་ཅི་ཞིག་བྱས་པ་ལ་སོགས་པ་བསླུ་བའི་ཚིག་སྟོན་པར་བྱེད་པ་དང་། མིག་ལ་སོགས་པའི་སྐྱེ་མཆེད་རྣམས་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དག་བདག་གམ་བདག་གི་སྟོང་ན། བླ་ན ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཁྱེད་ལ་ཅི་ཞིག་བྱ་ཞེ་ན། འདྲིར་བསླུ་བའི་ཆོས་སྟོན་པའི་སྨྲ་བ་པོ་ནི་བདུད་ཡིན་ནོ།། དེ་བཞིན་དུ་རང་སངས་རྒྱས་དང་། ཉན་ཐོས་དང་། མཁན་པོ་དང་། ་སློང་དཔོན་དང་། ཚངས་པར་སྤྱོད་པའི་ཚེ་ལུགས་ཀྱིས་སྨྲ་བར་བྱེད་པའི་བར་དུ་སྟེ། འདི་དག་ཀྱང་བདུད་ཀྱི་ལས་ཏེ། བྱང་ཆུབ་སེམས་དཔའི་ཐེག་པ་མི་སྟོན་པ་ནི་སྡིག་པའི་གྲོགས་པོར་རིག་པར་བྱའོ་ཞེས་བྱ་བ་ནས་བྱང་ཆུབ་སེམས་དཔས ་སྤང་བར་བྱའོ་ཞེས་བསྟན་ཏོ།། དེ་ལྟ་མི་མཐུན་པ་དང་། གཉེན་པོ་རྣམ་པར་བཞག་ནས་ཐབས་ལ་མཁས་པ་དང་། དགེ་བའི་བཤེས་གཉེན་གྱི་མཚན་ཉིད་བསྟན་པས་ནི་ངེས་པར་འབྱེད་པའི་ཆུ་དང་མཐུན་པ་རྣམས་ཡོངས་སུ་འཛིན་པས ་ཁྱད་པར་དུ་འཕགས་པར་རིག་པར་བྱའོ།། དྲི་ལྟ་བུའི་དབང་དུ་བྱས་ནས་ཛཱི་ལྟར། དམིགས་པ་དང་ནི་རྣམ་པ་དང་། རྒྱུ་དང་ཡོངས་སུ་བཟུང་བ་ཡིས།། ཞེས་བྱ་བ་ལ་སོགས་པ་བསྟན་པའི་ཚིག་ལེའུར་བྱས་པའི་རྐང་པ་དྲོན་དང་ལྡན ་པར་བསྡུས་ནས་བསྟན་པའི་ངེས་པར་འབྱེད་པའི་ཚེ་ཞེས་བྱ་བའི་དོན་ཅི་ཞིག་ཡིན་ཞེ་ན། ངེས་པར་འབྱེད་པའི་རྣམ་པར་མི་རྟོག་པ་རྟོགས་བྱེད་པའི་ཕྱིར་རོ།། རྣམ་པ་བཞི་པོ་གཟུང་བ་དང་། འཛིན་པའི་རྣམ་པར་རྟོག་པ་གཉིས་ཀྱི་གཉེན ་བོ་ནི་མཐོང་བའི་ལམ་ཡིན་ནོ།། དེའི་ཕྱོགས་ལ་ཅིག་ཐོབ་པར་བྱེད་པའི་ཕན་པ་ཉིད་ཀྱིས་ངེས་པར་འབྱེད་པའི་ཆ་མཐུན་ནོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྟོགས་པའི་རྒྱན་གྱི་བསྟན་བཅོས་ལས། ངེས་པར་འབྱེད་པའི་ཆུ་དང ་མཐུན་པའི་རྣམ་པར་འབྲེལ་བའོ།། ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཤད་ནས་བསྒྲུབ་པའི་རྟེན་བརྗོད་པར་བྱའོ།། རིགས་ཤེས་བྱ་བའི་དོན་ཏོ།། སྒྲུབ་ཆོས་དེ་ནི་གནས་སྐབས་ཀྱི་དབྱེ་བས་རྣམ་པ་བཅུ་བཞིར་འགྱུར་རོ།། ཇི་ལྟར་ཞེ ་ནརྟོགས་པའི་ཆོས་དྲུག་སྟེ། དེ་ཅི་ཞིག་ཙོ་ན?། ཞབས་སུ་འཇུག་པའི་རྟེན་པ་ལ་རིགས་ཤེས་མཐུར་གསུངས་པ་ཡིན་ནོ།། འདི་ལྟ་སྟེ། ངེས་པར་འབྱེད་པའི་ཆ་བཞི་དང་། མཐོང་བ་དང་། བསྒོམ་པའི་ལམ་དག་གོ།། ་གང་གི་ཕྱིར་སེམས་བསྐྱེད་པ་ནས་བརྩམས་ཏེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་དང་། མཐོང་བའི་ལམ་དང་། བསྒོམ་པའི་ལམ་དུ་གསུངས་པའོ།། དེ་དང་དེས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཞེས་གསུངས་པའོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཚིག་གི་དོན་གང་ལགས། རྟོགས་པའི་ཆོས་གང་ཡིན་པ་དྲི་དང་། དེའི་རྟེན་གང་ཡིན་པ་དེ་ལས་ཞེས་བྱ་བ་ནས་བརྩམས་ཏེ། བྱང་ཆུབ་ཏུ་སྐྱེ་བ ་དང་ཡོད་པ་བཀག་པས་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ་ཞེས་བྱ་བ་བསྟན་པ་ཡིན་ཏེ། ཇི་སྐད་དུ་མདོ་ལས། རབ་འབྱོར་བྱང་ཆུབ་སེམས་དཔའི་ཚིག་གི་དོན་ནི་མེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་ནི་སྐྱེ ་བྱའམ། ཡོད་པ་འམ། མེད་པ་ཉེ་བར་མ་དམིགས་སོ་ཞེས་གསུངས་པ་ཡིན་ནོ།། ནམ་མཁའ་ལ་བྱའི་རྗེས་མེད་ཅིང་མི་དམིགས་པའི་དཔེ་དང་། འདི་ལྟར་རྨི་ལམ་གྱི་དངོས་པོ་དང་། སྒྱུ་མ་དང་། སྨྱིག་རྒྱུ ་དང་རྣ་སྒྲ་བརྙན་དང་། མིག་ཡོར་དང་། གཟུགས་བརྙན་དང་། དྲི་ཟའི་གྲོང་ཁྱེར་དང་། སྤྲུལ་པ་ལ་གནས་མེད་ཅིང་དམིགས་སུ་མེད་པའི་དཔེས་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དང་པོའི་རྟེན་ཡིན་ནོ།། དཔེ་ཡང་དོན་གྱི་ཁྱད་པར ་ལས་ཡིན་ཏེ། གྲང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་པོ་དང་མཚུངས་པར་ལྡན་པ་རྣམ་པར་རྟོག་པ་དང་པོ་དགུའི་དབྱེ་བ་བསྟན་པ་ཡིན་ཏེ། དེའི་དབྱེ་བ་དང་། སོ་སོར་སྦྱར་བ་ཡིན་པ་ལས། གཞུང་མངས་ཀྱིས་དོགས་ནས་ཁོ ་བོས་རྣམ་པར་མ་བྱེའོ།། དེ་བཞིན་དུ་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་ས་གཞན་དག་མཐོང་བ་དང་། བསྒོམ་པའི་ལམ་དག་ཀྱང་རང་རང་གི་རྣམ་པར་རྟོག་པ་དང་། དཔེ་རྣམས་དོན་གྱི་ཁྱད་པར་རེ་རེ་ནས་སྦྱར་ཏེ་བརྗོད་པར ་བྱའོ།། ཡང་དག་པའི་མཐའ་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་གནས་པ་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། ་དེན་པའི་ང་ལ་གནས་མེད་ཅིང་དམིགས་སུ་མེད་པ་ཉིད་ཀྱི་དཔེས་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་གཉིས་པའི་རྟེན་ཡིན་ནོ།། སྒྱུ་མའི་སྐྱེས་བུའི་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ ་ལ་གནས་མེད་ཅིང་མི་དམིག་པའི་དཔེས་དེ་ཉིད་ཀྱི་མིག་ལ་སོགས་པའི་ཚིག་གི་དོན་དང་། དེ་ཉིད་ཀྱི་གཟུགས་ལ་སོགས་པའི་ཚིག་གི་དོན་དང་། དེ་ཉིད་ཀྱི་མིང་དང་གཟུགས་ལ་སོགས་པའི་ཚིག་གི་དོན་དང་། དེ་ཉིད་ཀྱི་རྣམ་པར་ཤེས་པ་ལ ་སོགས་པའི་ཚིག་གི་དོན་མེད་ཅིང་མི་དམིགས་པ་དེ་ཉིད་ཀྱི་དཔེས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་གསུམ་པའི་རྟེན་བསྟན་ཏོ།། སྒྱུ་མའི་ནང་སྟོང་པ་ཉིད་ལ་སོགས་པ་ནས་མ་འདྲེས་པ་རྣམས་ལ་སྤྱོད་པ་ན་ཚིག་གི་དོན་མེད་ཅིང་མི་དམིགས། ་པའི་དཔེས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་པའི་རྟེན་བསྟན་པ་ཡིན་ནོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གཟུགས་ལ་སོགས་པའི་ཕུང་པོ་རྣམས་ཀྱི་ཚིག་གི་དོན་མེད་ཅིང་མི་དམིགས ་པའི་དཔེ་དང་། དེ་ཉིད་ཀྱི་མིག་ལ་སོགས་པ་ནས་ཡིད་ཀྱི་བར་གྱི་ཚིག་གི་དོན་དང་དེ་ཉིད་ཀྱི་ནང་སྟོང་པ་ཉིད་ལ་སོགས་པ་སྟོང་པ་ཉིད་རྣམས་དྲང་། མ་འདྲེས་པ་རྣམས་ཀྱི་ཚིག་གི་དོན་མེད་ཅིང་མི་དམིགས་པའི་དཔེ་དང་། འདུས་མ་བྱས ་ཀྱི་ཁམས་ལ་འདུས་བྱས་ཀྱི་ཚིག་གི་དོན་དང་འདུས་བྱས་ཀྱི་ཚིག་གི་དོན་དྲང་འདུས་བྱས་ཀྱི་ཁམས་ལ་འདུས་མ་བྱས་ཀྱི་ཁམས་ཀྱི་ཚིག་གི་དོན་མེད་ཅིང་མི་དམིགས་པའི་དཔེ་མཐོང་བའི་ལམ་གྱི་རྟེན་བསྟན་ཏོ།། འདིན་སྣང་ངོ་བོ ་དུ་མ་རྣམས་ཟློས་པའི་སྐྱོན་ནི་མེད་དེ། མཐོང་བའི་ལམ་གྱི་མི་མཐུན་པའི་ཕྱོགས་རྣམ་པར་རྟོག་པ་བཞི་པོ་དེ་རྣམས་གཟུགས་བརྙན་དང་མཚུངས་པར་བསྟན་པའི་ཕྱིར་རོ།། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང ་མངོན་པར་འདུ་བྱ་བ་མེད་པ་དང་། འབྱུང་བ་མེད་པ་དང་། མི་དམིགས་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་ཅིང་མི་དམིགས་པའི་དཔེས་བསྟན་ནས། རབ་འབྱོར་དེ་ཅིའི ་ཕྱིར་ཞེ་ན། གཟུགས་སྐྱེ་བ་མེད་པ་ལ་གནས་མེད་དོ་ཞེས་བྱ་བ་ནས་བརྩམས་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྐྱེ་བ་མེད་པ་ལ་གནས་མེད་དོ།། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར ་བྱང་བ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་དང་། འབྱུང་བ་མེད་པ་དང་། མི་དམིགས་པ་ལ་གནས་མེད་དོ་ཞེས་བྱ་བའི་དཔེ་དང་། ཡང་དེ་རྣམས་ཉིད་རྣམ་པར་དབེན་པ་ཉིད་དང་། མཚན་མ་མེད་པའི་གནས་དང་། ཡང ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་བདག་དང་། སེམས་ཅན་དང་། སྲོག་ལ་སོགས་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་ཅིང་ཉེ་བར་མི་དམིགས་པའི་དཔེས་བསྟན་ཏེ། སྐྱེ་བ་མེད་པ་ལ་སོགས་པ་དང་། མཚན ་མོའི་གནས་མེད་པ་དང་། ཤིན་ཏུ་རྣམ་པར་དག་པའི་རྣམ་པ་སྟེ། རྣམ་པ་གསུམ་གྱིས་བསྒོམ་པའི་ལམ་གྱི་རྟེན་བསྟན་པ་ཡིན་ནོ།། གཉེན་པོ་དང་ནི་སྤོང་བ་དག། དེ་ཇི་ལྟ་བུ་ཞེ་ན། རྟེན་ནི་རིགས་ཡིན་པར་གནས་སྐབས་ཀྱིས་སོ། ་དེ་ལྟར་ཡང་ཉི་མའི་དཀྱིལ་འཁོར་གྱི་འོད་ཟེར་ལ་མུན་པའི་གནས་མེད་ཅིང་མི་དམིགས་པའི་དཔེས་གཉེན་པོ་བསྐྱེད་པ་གསུངས་པ་ཡིན་ནོ།། བསྐལ་པའི་མེ་འབར་ལ་འདུ་བྱེད་ཀྱི་གནས་མེད་ཅིང་རྗེས་སུ་མི་དམིགས་པའི་དཔེས ་མི་མཐུན་ཕྱོགས་སྤངས་ནས་གཉེན་པོ་བསྐྱེད་དེ་མི་མཐུན་པའི་ཕྱོགས་སྤངས་པ་དང་། གཉེན་པོ་དེ་དག་ཉིད་ཡོངས་སུ་གཏུགས་པ་སྟེ་རྟེན་ཡིན་ནོ་ཞེས་བྱ་བར་སྦྱར་རོ།། དེ་ལ་གཉེན་པོ་དང་། མི་མཐུན་པའི་ཕྱོགས་ཀྱི་རྣམ་པར་རྟོག་པ་སྤོང ་བའི་རྟེན་ནི་འདི་ཡིན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས ་པའི་ཕུང་པོ་རྣམས་ལ་དེ་དང་དེའི་མི་མཐུན་པའི་ཕྱོགས་མེད་ཅིང་ཉེ་བར་མི་དམིགས་པའི་དཔེས་ཤེས་བྱའི་སྒྲིབ་པ་སྤངས་པའི་དོན་བསྟན་ཏོ།། ཤེས་རབ་སྙིང་བརྩེར་བཅས་པ་དང་ཞེས་བྱ་བ་དེ་ཅི་ཞིག་ཅེ་ན། རྟེན་ནི་རིགས་ཡིན་ནོ།། དེ་ལྟར ་ཡང་ཤེས་རབ་དང་། སྙིང་རྗེས་གསལ་ཞིང་མཛེས་པ་རྣམས་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་སོ་ཞེས་གསུངས་པ་ཡིན་ནོ།། སློབ་མ་ཐུན་མོང་མིན་ཉིད་དང་སྟེ། རྟེན་ཡིན་ནོ་ཞེས་བྱ་བའི་རྗེས་སུ་འཇུག་གོ། དེ་ཡང་གཟའ་དང་། ་སྐར་མ་དང་། ཉན་ཐོས་ལ་སོགས་པའོ།། ནོར་བུ་རིན་པོ་ཆེ་ཞེས་བྱ་བ་ནི་ཐུན་མོང་མ་ཡིན་པའི་ཡེ་ཤེས་ཀྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པར་ཡེ་ཤེས་ཀྱིས་སྣང་བ་ཉིད་ཀྱིས་ཁྱབ་པར་གསུངས་པ་ཡིན་ནོ།། གཞན་གྱི་དོན་གྱི ་གོ་རིམས་དང་ཞེས་བྱ་བ་རྟེན་ཡིན་ནོ་ཞེས་བྱ་བར་སྦྱར་རོ།། དེ་ལྟར་ཡང་ལྷའི་རིགས་སུ་རྣམ་པར་གཞག་པ་དང་འདྲ་བར་འཇིག་རྟེན་པའི་གོང་ནས་གོང་དུ་ལེགས་པའི་ཁྱད་པར་དུ་འགྲོ་བའི་རྒྱུ་ཉིད་ཡིན་པར་བསྟན་པ་ཡིན་ནོ།། ཡེ་ཤེས་རྩོལ་བ་མི ་མ་ཡཱ་བར་ཞེས་བྱ་བ་ཇི་ལྟ་བུ་རྟོགས་པར་བྱ་ཞེ་ན། འཇུག་པའི་རྟེན་ལ་རིགས་ཞེས་བྱ་བ་ཡིན་ནོ།། དེ་ལྟར་ཡང་ལྷུན་གྱིས་གྲུབ་པར་སེམས་ཅན་གྱི་དོན་ལ་འཇུག་པའི་ཡེ་ཤེས་ནི་དེ་བཞིན་གཤེགས ་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ་ཞེས་བསྟན་པ་ཡིན་ནོ།། འདིའི་མདོ་ནི་རབ་འབྱོར་འདི་ལྟར་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཚིག་གི་དོན་མེད་ཅིང་མི ་དམིགས་སོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ།། དེ་ལ་དངོས་པོ་གནས་མེད་ཅིང་མི་དམིགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། དངོས་པོ་རག་ཏུ་གནས་པ་མེད་ཅིང་མི་དམིགས་ཞེས་བྱ་བའི་བར་གྱིས་ཡོད་པ་དང་། མེད ་པ་མི་དམིགས་པ་གསལ་བར་བསྟན་ཏོ།། དཔེ་དེ་དང་དེ་རྣམས་ཀྱིས་དོན་བསྟན་པ་ཡིན་ནོ།། ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་པ་ཡིན་ཏེ། ཇི་སྐད་དུ། རབ་འབྱོར་དེ་ཅིའི་ཕྱིར་འདི་ལྟར་གང ་བྱང་ཆུབ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་དང་། བྱང་ཆུབ་སེམས་དཔའི་ཚིག་གི་དོན་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ཀྱང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ཏེ། གཟུགས་མེད་པ། བསྟན་དུ ་མེད་པ། ཐོག་པ་མེད་པ། འདི་ལྟར་མཚན་ཉིད་མེད་ཅིང་མཚན་ཉིད་གཅིག་པའོ་ཞེས་གསུངས་པ་ཡིན་ནོ།། ངེས་པར་འབྱེད་པའི་ཆ་བཞི་ནས་བརྩམས་ཏེ་བསྒོམ་པའི་ཞེས་བྱ་བའི་བར་དང་། རྐང་པའི་བཀོད་པའི་ཁྱད་པར་མ ་མཐོང་བ་མཐོང་བ་དང་། མཐོང་བ་མངོན་དུ་ཕྱོགས་པའི་གནས་སྐབས་རྣམས་སུ་གོ་རིམས་བཞིན་དུ་སྦྱར་ཏེ། དངོས་པོའི་གནས་སྐབས་ལ་ལྡན་པ་དང་། མི་ལྡན་པ་དག་ལྟ་བས་མཐོང་བ་དང་། ཅིག་ཤོས་ཏུ་འབྲེལ་བའི ་སྔོན་མེད་པ་སྐྱེས་པ་དག་དང་། དེའི་ངོ་བོ་གོང་དུ་འཇུག་པ་མེད་པའི་དངོས་པོ་དང་ཐ་མི་དད་པའི་དབང་དུ་བྱས་པ་ཡིན་ཏེ། འདི་ལྟ་སྟེ། དངོས་པོ་མེད་པ་ཉིད་ཡིན་པའི་ཕྱིར་རོ།། ཞེས་བྱ་བ་འདིས་ནི་ཆོས་ཀྱི་དབྱིངས་ཉིད་འཕགས ་པའི་ཆོས་རྣམས་ཀྱི་རྒྱུ་ཡིན་པའི་ཕྱིར་རིགས་ནི་རྟེན་ཡིན་པར་གསལ་བར་བསྟན་ཏོ།། རང་བཞིན་གྱིས་གནས་པ་འདི་ཡང་རིགས་ཡིན་གྱི་རྐྱེན་ལས་བྱུང་བ་ནི་མ་ཡིན་ནོ།། འགའ་ཞིག་རང་བཞིན་གྱི་གནས་པ་ལ་རིགས་ཤེས་བྱ ་བར་འདོད་ན་འཁོར་བ་ཐོག་མ་མེད་པས་ནས་གང་གའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱུ་སུ་ཡོངས་སུ་མྱ་ངན་ལས་འདས་ཀྱང་རང་བཞིན་གྱི་གནས་པའི་རིགས་དང་ལྡན་པའི་སྲོག་ཆགས་རྣམས་ད་རུང་ཡང་མྱ་ངན་ལམ་འདས་པ་ཅི་འི ་ཕྱིར་ཞེ་ན། དེ་ཉེས་དམིགས་བཞི་དང་ལྡན་པ་ཡིན་ཏེ། གང་ཇི་སྐད་དུ། ཉོན་མོངས་པ་དང་། བཤེས་གཉེན་དང་། ཆར་ཆད་གཞན་གྱི་དབང་ཉིད་ངོ་།། ཞེས་གསུངས་པ་ཡིན་ནོ།། ཡང་འདིར་ནི་རྒྱུན་མི་འཆད ་པོ་ཁོ་ནར་རང་བཞིན་གྱིས་གནས་པའི་རིགས་སུ་འདོང་ངོ་།། གཞན་དག་ནི་སྐྱེ་མཆེད་དྲུག་གི་ཁྱད་པར་ནི་རིགས་ཡིན་ལ། དེ་ཡང་རྐྱེན་ཚོགས་པ་ལས་བྱུང་བ་དང་། རང་བཞིན་གྱིས་གནས་པ་རྣམ་པ་གཉིས་སུ་འདོད ་དོ་རང་བཞིན་གྱི་གནས་པའི་རིགས་ལ་རང་བཞིན་ཞེས་བྱ་བར་བརྗོད་ན་རྒྱུའི་རྣམ་གྲངས་ཡིན་ནོ།། དེ་དེ་ལྟར་ན་ཚོགས་པ་ལས་བྱུང་བ་དང་། ཞེས་བྱ་བ་དང་དོན་ལ་ཁྱད་པར་ཅི་ཞིག་ཡོད། ཆོས་ཉིད་ཀྱི་རྣམ ་གྲངས་ལ་ཡང་ཉེས་པ་དེས་གོས་པ་མེད་དོ།། ཡང་ན་དེ་རྣམས་ཀྱི་རིགས་ནི་བཏགས་པ་ཡིན་ལ། དེ་མཚན་ཉིད་དང་ལྡན་པ་ཡིན་པའི་ཕྱིར་དེ་དང་འདི་འབྲེལ་པ་མེད་དོ།། ཆོས་ཀྱི་དབྱིངས་རིགས་ཡིན་ན་དེ་ནི་སྤྱིར་ཁྱབ་པ་ཉིད་ཡིན་པའི་ཕྱིར ་ཐམས་ཅད་རིགས་ལ་གནས་པར་འགྱུར་པ་མ་ཡིན་ནམ་ཞེ་ན། ཇི་ལྟར་དམིགས་པ་ན་འཕགས་པའི་ཆོས་རྣམས་ཀྱི་རྒྱུར་གྱུར་པ་དེ་ལྟར་རིགས་ཤེས་བཤད་པ་ཡིན་ན། འདི་ཤིན་ཏུ་ཆེས་པར་ཅིའི་ཕྱིར་རྟོག་པར་བྱེད། དེ་ལྟར་ཡིན་ཡང་། ་ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། རིགས་ནི་ཐ་དད་རུང་མ་ཡིན་ཞེས་བྱ་བས་འདི་ནི་ཉན་ཐོས་ཀྱི་རིགས་སོ།། འདི་ནི་སངས་རྒྱས་ཀྱི་རིགས་སོ།། འདི་ནི་སངས་རྒྱས་ཀྱི་རིགས་ཤེས་བྱ་བ་དང་། ཇི་སྐད་དུ། འཇམ་དཔལ་ཆོས་ཀྱི ་དབྱིངས་གཅིག་དང་། དེ་བཞིན་ཉིད་གཅིག་དང་། ཡང་དག་པའི་མཐའ་གཅིག་ཡིན་ན་སྣོད་དམ། སྣོད་མ་ཡིན་པ་ཇི་ལྟར་བརྟག་པར་བྱ་ཞེ་ན། དེ་ནི་བདེན་མོད་ཀྱི། རྟེན་པའི་ཆོས་ཀྱི་བྱེ་བྲག་གིས། ཇི་བའི་དབྱེ་བ་ཡོངས་སུ་བརྗོད ་ཙོས་གསུངས་པ་དང་། ཇི་སྐད་དུ་མདོ་དེ་ལས། བཙུན་པ་རབ་འབྱོར་འདི་ལྟ་སྟེ། རྫ་མཁན་གཅིག་གིས་འཇིམ་པ་ལས་སྣོད་ཐ་དད་པ་བྱས་ཏེ། དེ་དག་ལས་ཁ་ཅིག་སྦྲང་རྩི་དང་། ཤ་ཀའི་སྣོད་དུ་གྱུར། ཁ་ཅིག་ནི་མར་ཁུའི་སྣོད་དུ་གྱུར། ་ཁ་ཅིག་ནི་དམན་པ་མི་གཙང་བའི་སྣོད་དུ་གྱུར་ཀྱང་སྣོད་ས་ཉིད་དུ་ཁྱད་པར་དང་ཐ་དད་པར་བྱས་པ་འགའ་ཡང་མེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། ཡང་མདོ་གཞན་དག་ལས། གང་དུ་སུས་ཀྱང་འདུས་མ་བྱས་པ་དེ་ནི་འདུས ་མ་བྱས་ལ། གང་འདུས་མ་བྱས་པ་དེ་ནི་འཕགས་པའི་རིགས་ཡིན་ཞིང་། རིགས་དེ་ནི་ནམ་མཁའ་དང་མཉམ་པར་བྱེ་བྲག་མེད་པར་ཀུན་ཏུ་ཁྱབ་པ་ཡིན་ཏེ། ཆོས་ཀྱི་དབྱིངས་རོ་གཅིག་པ་ཡིན་པའི་ཕྱིར་རོ།། རྟག་ཅིང་ཆོས་ཀྱི་དེ་ཁོ་ན་ཉིད ་ཡིན་པ་ལ་སོགས་པས་རིགས་དེ་ནི་རྟག་པ་ཡིན་ནོ།། ངེས་པའི་ཚིག་ཏུ་ནི་ཡོན་ཏན་བསྐྱེད་པའི་དོན་གྱིས་ནི་རིགས་ཏེ། དེ་ལས་ཡོན་ཏན་དང་དེ་སྐྱེ་ཞིང་འབྱུང་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། དེ་ལྟར་བྱས་ན་འཕགས་པའི་གང་ཟག་ཐམས ་ཅད་དུ་ནི་འདུས་མ་བྱས་པ་ལས་བྱུང་བ་ཡིན་ནོ།། ཞེས་བཤད་དོ།། ཡང་གཞན་དག་ནཻ་རཾ་གོ་ཞེས་བྱ་བའི་སྒྲ་ནི་ས་ཡིན་ལ་ས་ནི་གནས་ཡིན་ནོ།། དེ་ལ་གནས་དང་ལྷན་ཅིག་སྤྱོད་པའི་སྲོག་ཆགས་རྣམས་ལ་གོའི་སྒྲ་ཉེ་བར་འདོགས་སོ།། ་དེ་བས་ན་གོ་ཞེས་བྱ་བ་སེམས་ཅན་དུ་བསྡུས་པ་ཡིན་ལ། ཏྲ་ནི་དེ་རྣམས་སྐྱོབ་པ་ཡིན་པས་རིགས་ལ་གོ་ཏྲ་ཞེས་བྱའོ།། ཡང་ཕྱོགས་ལ་གོ་ཞེས་བྱ་སྟེ། ཕྱོགས་རྣམས་ལ་གནས་པའི་སྲོག་ཆགས་རྣམས་ལ་གོ་ཞེས་བྱ་བར་ཉེ་བར་འདེག ་སོ། དེ་བས་ན་གོ་སྐྱོབ་པས་ན་གཽ་ཏྲ་ཞེས་བྱའོ།། སེམས་བསྐྱེད་པ་དང་། ཐར་པ་དང་། ངེས་པར་འབྱེང་པའི་ཆ་རྣམས་ཀྱི་སྔོན་དུ་དེ་འགྲོ་བ་ཡིན་པས་དང་པོ་ཁོ་ནར་རིགས་བཤད་པར་བྱ་བ་ཡིན་པ་དེ་ནི་དོན་གྱི་གོ་རིམས་ཡིན་ལ། ་འདི་ནི་འབྲས་བུས་རྒྱུད་བཤད་པ་ཡིན་པས་བཤད་པའི་གོ་རིམས་ཡིན་ལ། དེ་ཡང་རིགས་དང་། ངེས་པར་འབྱེད་པའི་ཆ་དང་མཐུན་པ་གཞན་དུ་གྱུར་པ་དག་སྣང་སྟེ། དཔེར་མཚན་ཉིད་ལས། སློབ་མ་རིགས་ལས་ཟློག་གཉིས་ནི།། ་སངས་རྒྱས་སུ་འགྱུར་གཞན་གསུམ་ཡང་ཞེས་བཤད་པ་ཡིན་ནོ།། མངོན་པར་རྟོགས་པའི་རྒྱན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མན་ངག་གི་བསྟན་བཅོས་ལས་བསྒྲུབ་པའི་རྟེན་གྱི་རྣམ་པར་འགྲེལ་པའོ།། ། རྟེན་དུ་གྱུར་པའི ་དམིགས་པ་བཤད་པར་བྱའོ།། ཡང་དམིགས་པ་རྣམས་ཆོས་ཐམས་ཅད་དེ་ཞེས་བྱ་བར་སྨོས་ཏེ། དེ་དག་ཀྱང་གང་ཞེ་ན། འཇིག་རྟེན་དགེ་དང་མི་དགེ་བ།། འཇིག་རྟེན་རྟོག་པ་ཞེས་བྱ་དང་།། གང་དག་འཇིག་རྟེན་འདས་འདོད་དང་།། ཟག་བཅས་རིག་པ ་མེད་ཆོས་དང་།། གང་དག་འདུས་བྱས་འདུས་མ་བྱས།། སློབ་མ་ཐུན་མོང་ཆོས་རྣམས་དང་།། གང་དག་སྟོན་པའི་སྟོབས་ལ་སོགས།། ཞེས་བྱ་བ་ལ། དེ་ལ་འཇིག་རྟེན་པའི་དགེ་བའི་ཆོས་ནི་འདི་ལྟ་སྟེ། མར་འཛིན་པ་དང་། དགེ་སྦྱོང་ཞེས་བྱ་བ་ལ་སོགས ་པ་ཡིན་ནོ།། འཇིག་རྟེན་པའི་མི་དགེ་བའི་ཆོས་ནི་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་ཞེས་བྱ་བ་ལ་སོགས་པ་ཡིན་ནོ།། ལུང་དུ་མ་བསྟན་པ་ནི་དེ་ལ་ལུས་དང་། ངག་དང་ཡིད་ཀྱི་ལས་དང་། འབྱུང་བ་ཆེན་པོ་དང་། དབང་པོ་ལྔ་དང་། ་སྐྱེ་མཆེད་དྲུག་དང་། གཟུགས་མེད་པ་རྣམས་དང་། ཕུང་པོ་དང་། ཁོམས་དང་། སྐྱེ་མཆེད་དང་ཞེས་བྱ་བ་རྣམས་ཡིན་ཏེ། དགེ་བ་དང་མི་དགེ་བའི་རབ་ཏུ་དབྱེ་བས་གང་ཞིག་ལུང་དུ་མ་བསྟན་པའི་ཆོས་གསུམ་པའི་དབྱེ་བ་སྲིད་པ་གདོན་མི ་ཟ་བར་བསྡུས་པས་ཚིག་ལེའུར་བྱས་པ་འདིར་མ་སྨོས་སོ།། དེ་ལ་འཇིག་རྟེན་པའི་རྟོག་པའི་ཆོས་ནི་ཕུང་པོ་དང་། དྲན་པ་ཉེ་བར་བཞག་པ་བཞི་ལ་སོགས་པའོ།། ཟག་པ་དང་བཅས་པ་ནི་ཕུང་པོ་ལྔ་ནས་གཟུགས་མེད་པའི་སྙོམས་པར་འཇུག ་པའི་བར་དུའོ།། ཟག་པ་མེད་པ་ནི་དྲན་པ་ཉེ་བར་གཞག་པ་བཞི་ནས་སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་དུའོ།། འདུས་བྱས་ནི་འདོད་ཁམས་ལ་སོགས་པ་དང་འབྲེལ་བའི་བྱང་ཆུབ་ཀྱི ་ཕྱོགས་ལ་སོགས་པ་ཡིན་ནོ།། འདུས་མ་བྱས་ནི་སྐྱེ་བ་མེད་པ་དང་། འགག་པ་མེད་པར་ཤེས་པ་དང་། གཞན་མ་ཡིན་པར་ཤེས་པ་འདི་ལྟ་སྟེ། འདོད་ཆགས་ཟད་པ་ལ་སོགས་པ་དང་། དེ་བཞིན་ཉིད་དང་། ཕྱིན་ཅི་མ ་ལོག་པ་ཉིད་དང་ཞེས་བྱ་བ་ལ་སོགས་པའོ།། ཐུན་མོང་གི་ཆོས་ནི་བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞིའོ།། ཐུན་མོང་མ་ཡིན་པའི་ཆོས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ ་རྩཝ་བདུན་དང་། སྟོབས་བཅུ་དང་། མི་འཇིགས་པ་ལ་སོགས་པ་དང་། རྣམ་པར་གྲོལ་བ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡིན་ནོ།། འཇིག་རྟེན་པའི་དགེ་བའི་ཆོས་ཞེས་བསྟན་པ་ཞེས་བྱ་བ་ལ་སོགས་པ་དེ་དག་གི་ཆོས ་ཐཾད་བསྟན་ཏོ།། ཡང་འགའ་ཞིག་ཆོས་ཀྱི་དབྱིངས་ཉིད་དམིགས་པ་ཡིན་ནོ་སྙམ་དུ་སེམས་ན། དམིགས་སུ་མེད་པ་དེས་གོང་ནས་གོང་དུ་རྣམ་པར་དག་པའི་ཁྱད་པར་དུ་འགྲོ་བ་ཅི་ལྟ་བུ་ཡིན་ཞེ་ན། བརྗོད་པར་བྱ་སྟེ། ཆུ་ཁམས ་གསེར་དང་ནུ་མཁའ་རྣམས།། དག་པ་བཞིན་དུ་དག་པར་འདོད་ཅེས་བྱ་བ་ཡིན་ཞེ་ན། དེ་ལྟར་ན་མི་མཐུན་པ་དང་། གཉེན་པོའི་ཕྱོགས་ཀྱི་རྣམ་པར་རྟོགས་པ་སྤོང་བ་མེད་པས་དག་པ་ཕྱོགས་གཅིག ་པར་ཐལ་བར་འགྱུར་རོ།། གལ་ཏེ་ཁྱེད་ཀྱི་ཕྱོགས་ལྟར་ན་ཡང་རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པ་ནི་དམིགས་པ་མེད་པའོ་ཞེས་བྱ་བའི་དམིགས་པ་རྣམ་པར་དག་པའི་མཐར་ཐུག་ཐོབ་པར་མི་འགྱུར ་རོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམ་འཁྲུལ་པ་ཙམ་ཉིད་ཡིན་པའི་ཕྱིར་རོ།། འོག་ནས་ཀྱང་རབ་འབྱོར་གཉིས་ནི་དངོས་པོའོ།། གཉིས་མེད་པ་ནི་དངོས་པོ་མེད་པའོ་ཞེས་བཤད་པས་དངོས་པོ་ཡང་གཞན་ཅི་ཞིག་ཏུ ་འགྱུར་ཏེ། གཉིས་མེད་པ་ལས་གཞན་པ་ནི་འཁྲུལ་པ་ཞེས་བྱའོ་ཞེ་ན། མངོན་པར་ཞེན་པ་ནི་གཉིས་ཀྱི་མཚན་ཉིད་ཡིན་གྱི་འཁྲུལ་པ་ནི་མ་ཡིན་ཏེ། དེ་ནི་གཟུང་བ་དང་། འཛིན་པའི་ཚུལ་དུ་བརྗོད་དུ་རུང་བ་མ་ཡིན་པ་ཉིད ་ཡིན་ན་འདི་ལ་ཁྱེད་འཁྲུལ་པར་ཟད་དོ།། དེ་ལྟར་བྱས་ན་རང་བཞིན་གཙོ་བོ་ནི་རིགས་ཡིན་ལ། འགྱུར་བ་གཙོ་བོར་གྱུར་པ་ནི་དམིགས་པ་ཡིན་ཞིང་དེ་དག་གཉི་ག་ཡང་གཉི་ག་ཡིན་པ་ལ་འགལ་བ་མེད་དོ་ཞེས་བྱ་བ་ནི་རྟེན་དང་དམིགས ་པའི་མཚན་ཉིད་ཀྱི་དབྱེ་བ་ཡིན་པས་དམིགས་པ་དག་ལ་རྟོགས་པ་ཡང་འཐད་པར་གྱུར་པ་ཡིན་ནོ།། དེ་ཉིད་ཀྱི་ཕྱིར་རབ་འབྱོར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ལ་མ་ཚོགས་པ་ཉིད་དང་། ་ཡང་དག་པར་མ་ཡིན་པས་འབྱུང་བ་ཉིད་དུ་བསླབ་པར་བྱའོ་ཞེས་གསུངས་པའི་དོན་གངྒཱ་ཡིནྡ་ཞེ་ན། རླུང་བཞིས་དང་རྗེས་སུ་འབྲེལ་བའི་འགྱུར་བ་ནི་དམིགས་པ་ཡིན་གྱི་གཞན་དུ་འགྱུར་བ་ཙཱ་མ་ནི་མྱ་ཡིན་ནོ།། གཉིས་སུ་མེད་པའི་སྦྱོར་བས ་ཀྱང་ཆོས་ཐམས་ཅད་ཁོང་དུ་ཆུད་པར་བྱེད་དེ། རྟོག་པ་མེད་པ་དང་། བཅུག་ཏུ་མེད་པ་ཉིད་ཡིན་པའི་ཕྱིར་རོ།། དེ་ལ་དམིགས་པ་རྣམ་པར་གཞག་པ་ནི་གཟུང་བ་དང་འཛིན་པ་རྣམ་པ་གཉིས་སོ།། བརྗོད་པར་བྱ་བ་མང་དུ་ཡོད་མོད་ཀྱི ་ཤིན་ཏུ་སྤྲོས་པས་ཆོག་གི། མངོན་པར་རྟོགས་པའི་རྒྱུན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་ལས་བསྒྲུབ་པའི་དམིགས་པ་བསྟན་པའི་རྣམ་པར་འབྲེལ་པའོ།། །། བསྒྲུབ་པའི ་དམིགས་པ་བསྟན་ནས་ཆེད་དུ་བྱ་བ་བརྗོད་པར་བྱ་བ་ཡིན་པས་སེམས་ཅན་ཀུན་མཆོག་ཉིད་སེམས་དང་། སྤོང་དང་རྟོགས་དང་གསུམ་པོ་ལ།། ཆེན་པོ་གསུམ་གི་རང་འབྱུང་གི། ཆེད་དུ་བྱ་བ་འདི་ཤེས་བྱ་ཞེས་བྱ་བ་དེ་ལ་བསྒྲུབ་པའི ་ཆེད་དུ་བྱ་བར་གྱུར་པ་ནི་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། སེམས་བསྐྱེད་པ་ཆེན་པོ་ཉིད་དང་། སྤོང་བ་ཆེན་པོ་དང་། རྟོགས་པ་ཆེན་པོ་ཉིད་དོ།། འདི་ལྟར་སེམས་བསྐྱེད་པ་ཆེན་པོ་ཉིད་ཀྱི་དབང་དུ་མཛད་ནས་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་ཞེས་བྱ་བའི་སྒྲ་འཇུག་པའི་རྒྱུ་མཚན་ནས་བརྩམས་ཏེ། སེམས་ཅན་གྱི་ཕུང་པོ་ཆེན་པོ་ཉིད་དང་། སེམས་ཅན་གྱི་ཚོགས་ཆེན་པོ་བརྒྱད་ལ་སོགས་པས་ངེས་པར་འབྱུང་བ་ནས་ཕྱིར་མི་འོང་བའི་བར་དུ་མཆོག་ཏུ་འགྱུར། ་བའི་རྒྱུ་ཡིན་པའི་ཕྱིར་དེ་ལ་སེམས་ཅན་གྱི་ཕུང་པོ་ཞེས་བྱ་བ་ནི་སེམས་ཅན་གྱི་ཚོགས་རྣམས་སོ།། ཆེན་པོ་ཞེས་བྱ་བ་ནི་དཔག་ཏུ་མེད་པའོ།། སེམས་ཅན་གྱི་ཚོགས་ཞེས་བྱ་བ་ནི་སེམས་ཅན་དུ་མ ་ཡིན་ལ། གཅིག་ཅིག་ཀྱང་འཁོར་བ་ཐོག་མ་མེད་པར་འཇུག་པར་ནུ་ཆེན་པོ་ཉིད་ཡིན་པས་ཆེན་པོ་ཞེས་བྱ་བར་འགྱུར་རོ།། ཕུང་པོ་ཞེས་སྨོས་པསོ་ནི་སེམས་ཅན་གྱི་ཚོགས་རྒྱུན་དུ་ཞུགས་པ་དང་། ལམ་གྱི་འབྲས་བུ་ལ ་གནས་པའི་སྡེ་ཅན་གྱི་དབྱེ་བས་ཀྱང་ངོ་།། དེ་རྣམས་ཀྱང་ཆོས་དུ་ཞིག་སེམས་ཅན་ཐམས་ཅད་ཀྱི་མཆོག་ཉིད་དུ་བྱེད་པར་འགྱུར་བར་བསྟན་པ་ནི་དཔག་ཏུ་མེད་པའི་འཁོར་བ་ཡོངས་སུ་འཛིན་པ་ཞེས་སྨོས་པ་སྟེ། ཇི་སྐད་དུ ་མདོ་ལས། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔས་འདི་ལྟར་སེམས་བསྐྱེད་པར་བྱ་སྟེ། དཔག་ཏུ་མེད་པའི་འཁོར་བར་བདག་གིས་གོ་ཆ་བགོའོ་ཞེས་བྱ་བ་ལ་སོགས་པ་དང་། བདག་གི་ཐམས་ཅད་ལ་ཡོངསུ་བཏང ་བར་བྱའོ།། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་ཀྱིས་དེ་རྣམས་ཀྱང་ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་བྱས་ཀྱང་སེམས་ཅན་འགའ་ཡང་མྱ་ངན་ལས་འདས་པ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། ་ཆོས་ཐམས་ཅད་སྐྱེ་བ་དང་འགག་པ་མེད་པར་རྟོགས་པར་བྱ་ཞིང་མ་འདྲེས་པ་རྣམ་པ་ཐམས་ཅད་མཁྱེན་པའི་སེམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ།། ཐམས་ཅད་དུ་ཁྱབ་པའི་ཡེ་ཤེས་རྟོགས་པ ་ཡོངས་སུ་རྫོགས་པར་བསླབ་པར་བྱའོ།། ཞེས་གསུངས་སོ།། ཕུང་པོ་ལ་སོགས་པ་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དང་། ་ཆོས་ཀྱི་ཚུལ་གཅིག་ཏུ་བསྒྲུབ་པར་གཏོགས་པ་ཉིད་ལ་བསླབ་པར་བྱ་ཞིང་། སེམས་ཅན་ངན་འགྲོར་སྐྱེས་པ་ཐམས་ཅད་ལ་སེམས་ཅན་རེ་རེའི་དོན་གྱི་ཕྱིར་ཡང་དེ་རྣམས་ཡོངས་སུ་མྱ་ངན་ལས་མ་འདས་ཀྱི་བར་དུ་རང་ཉིད་ཀྱིས་སྡུག ་བསྔལ་དེ་དག་ཉམས་སུ་མྱོང་བར་བྱའོ་ཞེས་ཁས་བླངས་པའི་རྗེས་ལ་རང་གི་ཚོགས་ཡོངས་སུ་རྫོགས་པར་བྱ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཉིད་ཀྱིས་སེམས་དང་པོ་བསྐྱེད་ཕྱིན་ཆད་འདོད་ཆག་ས་ལ ་སོགས་པ་དང་། ཉན་ཐོས་ལ་སོགས་པའི་སེམས་མི་བསྐྱེད་པ་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་ཉིད་ཀྱི་ཕྱིར་སེམས་གཞན་མི་སྐྱེད་པས་སེམས་ཅན་ཐམས་ཅད་སྐྱོབ་ཅིང་ཡོངས་སུ་མི་གཏོང ་པ་དག་དང་། དེས་རློམ་སེམས་སུ་འགྱུར་བ་མེད་པ་དང་། ཕན་པ་དང་བདེ་བའི་སེམས་ཀྱིས་བྱའོ།། གང་སེམས་དབྱེར་མེད་པ་སྟེ། དེ་ལ་འདོད་ཅིང་མངོན་པར་དགའ་བ་གང་ཡིན་པ་འདི་ནི་ཆོས་ལ་དགའ་བའོ།། དེའི་བསྒོམ ་པའི་མིང་དུ་བྱེད་པ་གང་ཡིན་པ་འདི་ནི་ཆོས་ལ་དགའ་བ་ཞེས་བྱ་སྟེ། ཆོས་ལ་དགའ་བ་ཉིད་དང་།། ཆོས་ལ་དགའ་བའི་རྣལ་འབྱོར་དང་ལྡན་པས་ནང་སྟོང་པ་ཉིད་ནས་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་བར་དང་། བྱང་ཆུབ་ཀྱི་ཕྱོགས ་ཀྱི་ཆོས་རྣམས་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅཝོ་བརྒྱད་ཀྱི་བར་དུ་གནས་ཏེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནས་ནམ་མཁའ་ལྷུར་ཆགས་པ་མྱེད་པ་རྣམ་པར་གྲོལ་ཞིང་གོས་པ་མེད་པའི་ཏིང་ངེ ་འཛིན་གྱི་བར་ལ་གནས་ནས་ཐམས་ཅད་དུ་ཡང་མི་དམིགས་པའི་སྦྱོར་བ་མཆོག་གིས་འབྱེད་པ་ཡིན་ཏེ། སེམས་བསྐྱེད་པའི་ཆེ་བའི་བདག་ཉིད་བསྟན་ནས་སྤོང་བ་ཆེ་བའི་བདག་ཉིད་ཀྱི་དབང་དུ་བྱས་ཏེ། ཡང་གནས་བརྟན་ཤཱ་རིའི ་བུས་སྤོབས་པ་སྐྱེས་སོ་ཞེས་བྱ་བ་ནས་བརྩམས་ཏེ། བདག་དང་། སེམས་ཅན་དང་། སྐྱེས་བུ་ལ་སོགས་པར་ལྟ་བ་དང་། ཆད་པར་ལྟ་བ་དང་། རྟག་པར་ལྟ་བ་དང་། ཡོད་པ་དང་། མེད་པར་ལྟ་བ་དང་། ཕུང་པོ་ལ་སོགས་པ ་རྣམས་སུ་ལྟ་བ་ཞེས་བྱ་བ་ནས་སངས་རྒྱས་ཀྱི་ཆོ་སྔ་མ་འདྲེས་པ་རྣམས་སུ་ལྟ་བ་ཞེས་བྱ་བའི་བར་དང་། སེམས་ཅན་ཡོངས་སུ་སྨིན་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་དང་། བྱང་ཆུབ་ཁོང་དུ་ཆུད་པ་དང་། ་ཆོས་ཀྱི་འཁོར་ལོ་བསྐོར་བར་ལྟ་བ་སྤང་བར་བྱ་བའི་ཕྱིར་མི་དམིགས་པའི་ཚུལ་གྱི་ཆོས་སྟོན་པ་ཉིད་དེ་བསྟན་པ་ཡིན་ནོ།། ཐབས་ལ་མཁས་པ་མི་དམིགས་པས་དམིགས་པོ་ལ་སྦྱོར་བ་ནི་ཇི་སྐད་དུ། ལྟ་བའི་ཚོགས ་མི་སྐྱེ་བའི་རྒྱུ་ཡིན་པར་བསྟན་པ་ཉིད་ཀྱིས་བཤད་མ་ཐག་པའི་མི་དམིགས་པའི་ཐབས་ལ་མཁས་པས་ཁྱད་པར་དུ་བྱས་པའི་དོན་ཡིན་ནོ་ཞེས་བསྟན་ཏོ།། སྤངས་པ་ཆེ་བའི་བདག་ཉིད་བསྟན་ནས་རྟོགས་པ་ཆེ་བའི ་བདག་ཉིད་ཀྱི་དབང་དུ་བྱས་ཏེ། ཡང་གནས་བརྟན་རབ་འབྱོར་གྱིས་སྤོབས་པ་སྐྱེས་སོ་ཞེས་བྱ་བ་ནས་བརྩམས་ཏེ། བྱང་ཆུབ་ཀྱི་སེམས་མི་མཉམ་པ་དང་མཉམ་པ་ཐུན་མོང་མ་ཡིན་པའི་སེམས་ཆགས་པ་མེད་པ་ཉིད་དེ། ་དེ་ཅིའི་ཕྱིར་ཞེ་ན། སེམས་དེ་ནི་སེམས་མེད་པས་ཟག་པོ་མེད་པ་ཁོངས་སུ་མོ་གཏོགས་པ། སྐྱེ་བ་ལ་སོགས་པ་ལས་རྣམ་པར་གྲོལ་བ། མི་མཉམ་པ་དང་མཉམ་པ། ཐུན་མོང་མ་ཡིན་པའི་མཚན་ཉིད་དུ་བསྟན་པ ་ཡིན་ཏེ། ཇི་སྐད་དུ་མདོ་ལས། ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཆོས་གང་ལ་ཡང་སྐྱེ་བ་འམ། འགག་པ་ཡང་དག་པར་རྗེསུ་མི ་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་ནི་འདི་ལྟར་བྱང་ཆུབ་སེམས་དཔའི་མི་མཉམ་པའི་ངང་མཉམ་པའི་སེམས་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པོའི་སེམས་ཞེས་བྱ་བ་ལ་སོགས་པ་གསུངས ་པ་ཡིན་ནོ།། དེ་ལ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་གཟུང་སྟེ། བརྡར་བཏགས་པའི་ཆོས་ལ་ཡང་སྐྱེ་པ་འམ། འགག་པར་ཡང་དགུ་པར་རྗེས་མི་མཐོང་ཞེས་བྱ་བ་ནི་དྲོད་ཀྱི་དུས་སུ་སྟེ། སྔོན་དང་ཕྱི་མའི་གནས་སྐབས ་ངག་ཏུ་སྐྱེ་བ་དང་འགག་པ་དག་མི་དམིགས་པའི་ཚུལ་གྱིས་སོ།། འཕེལ་བ་མེད་པ་དང་། འགྲིབ་པ་མེད་པ་ཞེས་བྱ་བ་ནི་རྩེ་མོའི་དུས་ཏེ། སྔོན་དང་ཕྱི་མའི་གནས་སྐབས་དག་ཟང་པ་དང་། ཁྱེད་པར་དུ་འགྲོ་བ་མི་དམིགས ་པའི་ཚུལ་གྱིས་སོ།། འོང་བ་མེད་ཅིང་འགྲོ་བ་མེད་པ་ཞེས་བྱ་བ་ནི་བཟོད་པའི་དུས་ཏེ། རྟོག་པའི་ཆོས་ཀྱི་ཉེ་བ་དང་རིང་བ་མི་དམིགས་པའི་ཚུལ་གྱིས་སོ།། ཀུན་ནས་ཉོན་མོངས་པ་མ་ཡིན། རྣམ་པར་བྱང་བ་མ ་ཡིནྡ་ཞེས་བྱ་བ་ནི་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་དུས་ཏེ། མི་མཐུན་པ་དང་། གཉེན་པོའི་ཕྱོགས་མ་ལུས་པ་ལ་དམིགས་པའི་ཚུལ་གྱིས་སོ།། གང་དུ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱུང་བ་ཡང་དག་པར་རྗེས་སུ་མི་མཐོང ་བ་ནི་མཐོང་བའི་ལམ་ཡིན་ནོ།། ལུགས་ལས་བཟློག་པའི་གོ་རིམས་ཀྱིས་ནི་མཐོང་བའི་ལམ་གསལ་བར་སྟོན་པ་ཡིན། ཅི་མཐོང་བ་མངོན་དུ་བྱེད་པའི་ཕྱིར་རོ།། དེ་ལ་ཉན་ཐོས་ཀྱི་སེམས་མེད་དོ།། རང་སངས་རྒྱས་ཀྱི་སེམས་མེད ་དོ་ཞེས་བྱ་བ་ནི་སེམས་བསྐྱེད་པ་མི་མཉམ་པ་དང་མཉམ་པ་གསལ་བར་སྟོན་ཏོ།། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་གཟུགས་ལ་ཡང་དག་པར་ཚོགས་པ་མེད་དོ་ཞེས་བྱ་བ་ནས་བརྩམས་ཏེ། རང་བཞིན་གྱིས་སྟོང་པ་ཉིད་ཉེ་བར་བཟུང་ནས ་ཆོས་ཐམས་ཅད་ལ་ཆགས་པ་མེད་པ་ཉིད་དུ་ཁས་བླངས་པས་ནི་རྟོགས་པའི་ཡུལ་ཤེས་པར་བྱ་བའི་ཆེད་ཡིན་ནོ།། ཚེ་དང་ལྡན་པ་རབ་འབྱོར་གཟུགས་མེད་པ་ཡང་གཟུགས་ལ་ཡང་དག་པར་ཆགས་པ་མེད་དོ་ཞེས་བྱ་བ་ནས ་བརྩམས་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་དུ་མེད་པ་ཡང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་ཆགས་པ་མེད་པ་ཉིད་ཁས་བླངས་པ་དང་། སེམས་དེ་ལ་མངོན་པར་ཞེན་པའི་རློམ་སེམས་སུ་འགྱུར ་བ་བཀག་པས་ནི་མི་དམིགས་པའི་རྣལ་འབྱོར་གྱིས་རྟོགས་པ་ལ་ཆགས་པ་བཀག་པའི་ཕྱིར་རོ།། རྟོགས་པ་ཆེན་པོ་ཉིད་ཡིན་པ་དེ་བས་སྤངས་པ་དང་། རྟོགས་པ་ཆེན་པོ་ཁྱད་པར་དུ་འཕགས་པའི་ཕྱིར་སེམས་ཅན་གྱི་ཚོགས་ཆེན་པོ ་ཉིད་དེ། སེམས་ཅན་གྱི་སྡེ་ཆེན་པོའི་མཆོག་ཏུ་གྱུར་པར་བྱེད་པའི་མཚན་ཉིད་ནི་མ་རྒྱལ་བུ་ལུས་རྒྱལ་བར་བྱ་བའི་ཆེད་དང་། མཐུན་པར་བསྒྲུབ་པའི་ཆེད་དུ་བྱ་བ་བསྟན་པས་བྱང་ཆུབ་སེམས་དཔའ་ཁྱོད་པར་དུ་འཕགས་པར་ཤེས་པར ་བྱའོ།། དམིགས་པ་དང་། ཆེད་དུ་བྱ་བའི་ཁྱདད་པར་ཙོ་ཡོད་ཅེ་ན། དམིགས་པ་ནི་དེའི་ཚེ་འཕྲལ་དུ་བྱུང་བ་ཡིན་ལ་སེམས་ཅན་གྱི་ཆེད་དུ་བྱ་བ་བྱིས་འབྱུང་བ་ཡིན་ཏེ། སྟོང་པ་བསྒྲུབ་པའི་ཆོས་ནི་དམིགས་པའོ།། ཕྱིས་ཡུན ་རིང་བ་ཆེད་དུ་བྱ་བ་སྟེ། དམིགས་པ་དང་། ཆེད་དུ་བྱ་བ་དག་ནི་མདའ་སྟོང་སྒྱུར་བ་དང་། འབེན་ལྔ་ཕོག་པ་དང་ཆོས་མཐུན་པ་ཡིན་ནོ།། མངོན་པར་རྟོགས་པའི་རྒྱུན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་ལས ་ཆེད་དུ་བྱ་བའི་རྣམ་པར་འགྲེལ་པའོ།། །། སྒྲུབ་པའི་རྟེན་དང་། དམིགས་པ་དང་། ཆེད་དུ་བྱ་བ་བསྟན་ནས་ད་ནི་སྒྲུབ་པ་བརྗོད་པར་བྱའོ།། དེ་ལ་དཀར་པོའི་རྟེན་ཅན་གྱི་བྱ་བ་ནི་སྒྲུབ་པ་ཡིན་ཏེ། རྣམ་པ ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་མངོན་པར་རྟོགས་པ་བདུན་གྱི་དབྱེ་བ་མངོན་པར་རྟོགས་པ་རེ་རེ་ཞིང་མདོར་བ་དང་། འགྲོ་བ་དང་། རྟོགས་པ་ནི་སྒྲུབ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། དེ་ཡང་དབྱེ་བ་རྣམ་པ་བཞི་སྟེ། གོ་ཆའི ་སྒྲུབ་པ་དང་། འཇུག་པའི་སྒྲུབ་པ་དང་། ཚོགས་ཀྱི་སྒྲུབ་པ་དང་། ངེས་པར་འབྱུང་བའི་སྒྲུབ་པའོ།། རྣམ་པ་དྲུག་ཉིད་ཀྱི་དབང་དུ་བྱས་ནས། སྦྱིན་ལ་སོགས་པ་རྣམ་དྲུག་ལ།། དེ་དག་སོ་སོར་བསྡུས་པ་ཡིས།། ་གོ་ཆའི་སྒྲུབ་པ་གང་ཡིན་དེ།། དྲུག་ཚན་དྲུག་གིས་ཇི་བཞིན་བཤད་ཅེས་བསྟན་པ་ཡིན་ཏེ། ཇི་ལྟར་ན་དྲུག་ལ་དྲུག་ཡོད་ཅེ་ན། ཡང་གནས་བརྟན་གང་པོ་སྤོབས་པ་སྐྱེས་པས་གོ་ཆེན་པོ་བགོས་ཏེ། སེམས་ཅན་ཐམས་ཅད་ཅེས་བྱ་བ ་ནས་བརྩམས་ཏེ། འདི་རྙེད་དོ་ཞེས་ཡོངས་སུ་ཆད་པ་མེད་པའི་སེམས་ཅན་གྱི་ཁམས་ཀྱི་དོན་དུ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ལེགས་པར་སྤྱོད་པའི་གོ་ཆ་ཉིད་ཀྱི་དེ་དག་ཉིད་ཡོངས་སུ་མྱ་ངན་ལས་འདས་པ་ཐོབ ་པ་དང་། དེ་དག་ཉིད་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་འཇོག་ཅིང་བདག་དང་གཞན་ཕ་རོལ་ཏུ་ཕྱིན་པ་རྣམས་ཞེས་བྱ་བ་ནས་མ་འདྲེས་པ་རྣམས་ལ་རབ་ཏུ་འཇོག་གོ་ཞེས་བྱ་བའི་བར་གྱིས་ནི་སྒྲུབ་པའི་རྟེན་ཆེན་པོ་ཉིད་ཀྱིས ་ཁྱད་པར་དུ་འཕགས་པ་ཡིན་ནོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བའི་སྒྲ་འཇུག་པ་རྒྱུ་མཚན་གསལ་བར་བསྟན་པ་ཡིན་ནོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང ་ལྡན་པའི་ཡིད་ལ་བྱེད་པས་སྦྱིན་པ་གཏོང་ཞིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་བགོས་པ་ཉིད་དང་། དེ་ཉིད་ཉན་ཐོས་ལ་སོགས་པའི་ཡིད་ལ་བྱེད་པ་དང་བྲལ་བས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་གོ་ཆ་བགོས་པ་ཉིད ་དང་ཆོས་དེ་དག་ལ་བཟོད་པ་དང་། མོས་པ་དང་ཉེ་བར་རྟོགས་པས་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་བགོས་པ་ཉིད་དང་། དེ་ཉིད་ཀྱི་དགེ་བའི་རྩ་བ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་བརྩོན ་འགྲུས་ཀྱིས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་བགོས་པ་ཉིད་དང་། དེ་ཉིད་ཀྱི་ཐེག་པ་གཞན་དང་མ་འདྲེས་པའི་སེམས་རྩེ་གཅིག་པ་ཉིད་ཀྱིས་དགེ་བའི་རྩ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བས་བསམ ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་བགོས་པ་ཉིད་དང་། དེ་ཉིད་ཀྱི་སྒྱུ་མར་བྱས་པའི་འདུ་ཤེས་ལ་ཉེ་བར་གནས་ཏེ་སྦྱིན་པ་དང་། གཏོང་བ་པོ་དང་ལེན་པ་པོ་མི་དམིགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པོའི་གོ་ཆ་བགོས་པ་ཡིན་ནོ།། དེ་དག་ནི ་གོ་ཆའི་སྒྲུབ་པ་དང་པོ་ཡིན་པ་ལས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་ལོ་དྲུག། དེ་བཞིན་དུ་དེ་ཉིད་ཀྱི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་གཉིས་པའོ།། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་གསུམ་པའོ།། བརྩོན་འགྲུས ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་བཞི་པའོ།། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་ལྔ་པའོ།། དེ་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་དྲག་པའོ།། དེ་ལྟར་དྲུག་པོ་དེ་དག་དྲུག་དྲུག་ཏུ་འགྱུར་མོད་ཀྱི་གོ་ཆ་རྣམས ་སྦྱིན་པ་ལ་སོགས་པ་ཆོས་དྲུག་དང་ཆོས་མཐུན་པས་གོ་ཆའི་སྒྲུབ་པ་དྲུག་ཏུ་བཤད་པ་ཡིན་ནོ།། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་མཚན་མ་མེད་པ་དང་། དམིགས་སུ་མེད་པའི་གོ་ཆ་ཆེན ་པོ་བགོས་པ་ཉིད་ཀྱིས་གོ་ཆའི་སྒྲུབ་པ་རང་གི་ངོ་བོ་ཆེན་པོ་ཤེས་པར་བྱ་བའི་ཆེད་དུ་དེ་བསམ་གཏན་ལ་སོགས་པ་ལ་ཡང་སྙོམས་པར་འཇུག་པར་བྱེད་ཅིང་དེ་རྣམས་ཀྱིས་རོ་མྱང་བར་བྱེད་པ་ཡང་མ་ཡིན་ལ། དེ་ལྡ་ཆུག ་པར་བྱེད་པ་ཡང་མ་ཡིན། དེ་རྣམས་ཀྱི་དབང་གིས་སྐྱེ་བ་ལེན་པར་བྱེད་པའང་མ་ཡིན། བསམ་གཏན་ལ་སོགས་པ་ལ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལོ་ལྟ་བས་གནས་ཀྱང་ཡང་དག་པར་མཐའ་སྔོན་དུ་བྱེད་པ་ནི་མ་ཡིན་ཏེ། ་ཐབས་ལ་མཁས་པ་དང་བཅས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་བགོས་པའི་ཕྱིར་རོ།། གོ་ཆའི་སྒྲུབ་པ་ཐབས་ལ་མཁས་པས་ཡོངས་སུ་གཟུང་བའི་ཆེ་བ་ཉིད་ཤེས་པར་བྱ་བའི་ཆེད་ཡིན་ནོ།། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི ་སངས་རྒྱས་བསྔགས་པ་ལ་སོགས་པ་གསུངས་པ་ནི་གོ་ཆའི་སྒྲུབ་པ་ལ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་གཟུང་བའི་ཆེ་བ་ཉིད་ཤེས་པར་བྱ་བའི་ཆེད་ཡིན་ནོ།། མངོན་པར་རྟོགས་པའི་རྒྱན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག ་གི་བསྟན་བཅོས་ལས་གོ་ཆའི་སྒྲུབ་པའི་རྣམ་པར་འགྲེལ་པའོ།། གོ་ཆའི་སྒྲུབ་པ་བསྟན་ནས་འཇུག་པའི་སྒྲུབ་པ་རྗོད་པར་བྱའོ།། དེ་ནི་རྣམ་པ་གཉིས་ཏེ། འདི་ལྟ་སྟེ། ཐེག་པ་ཆེན་པོ་ལ་ཞུགས་པ་དང་། དེ་ལ ་ཞོན་པའོ།། དེ་ལྟར་བྱས་ན་མོ་དེ་ནི་ཚེ་དང་ལྡན་པ་གང་པོ་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་ཐེ་ག་པ་ཆེན་པ་ཆེན་པོ་ལ་ཞུགས་པ་དང་། ཐེག་པ་ཆེན་པོ་ཞོན་པར་གྱུར་པ་ཞེས་བྱ་ཞེ་ན་ཞེས་གསུངས་པ་ཡིན་ནོ།། དེ་ཡང་ཐེག་པ་ཆེན་པོ ་ལ་འཇུག་པས་ཐེག་པ་ལ་ཞོན་པ་ཡིན་ལ། ཞོན་པ་ལ་ཡང་ཐེག་པ་ལ་འཇུག་པ་ཞེས་བྱ་སྟེ། དོན་གཅིག་པ་ཉིད་ཀྱིས་མིང་གཅིག་ཏུ་རྣམ་པར་གཞག་ཀྱང་དབྱེ་བ་རྣམ་པ་དགུར་འགྱུར་ཏེ། བསམ་གཏན་གཟུགས་མེད་སྦྱིན་སོགས་དང་། ་ལུས་དང་བྱམས་པ་ལ་སོགས་དང་།། དམིགས་པ་མེད་དང་ལྡན་རྣམས་དང་།། འཁོར་གསུམ་རྣམ་པར་དག་རྣམས་དང་།། ཆེད་དུ་བྱ་དང་མངོན་ཤེས་རྣམས།། རྣམ་ཀུན་མཁྱེན་པའི་ཚུལ་ལ་ནི།། འཇུག་པའི་སྒྲུབ་པ་ཐེག་ཆེན་ལ།། ་ཞོན་པ་ཡིན་པར་ཤེས་པར་བྱ་ཞེས་བསྟན་པ་ཡིན་ནོ།། དེ་ལ་དེའི་དབྱེ་བ་དགུ་ནི་འདི་ལྟ་སྟེ། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ལས་ལྡན་པའི་འཇུག་པོ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གི་འཇུག་པ་དང་། ཚད ་མེད་པའི་འཇུག་པ་དང་། མི་དམིགས་པ་དང་ལྡན་པའི་འཇུག་པ་དང་། འཁོར་གསུམ་རྣམ་པར་དག་པའི་འཇུག་པ་དང་། ཆེད་དུ་བྱ་བའི་འཇུག་པ་དང་། མངོན་པར་ཤེས་པའི་འཇུག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འཇུག ་པའོ།། དེ་ལ་བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ལས་ལྡན་པའི་སྒྲུབ་པ་ནི་གང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་ན་མཁའི་རྣམ་པ་དང་། རྟགས་དང་། ་མཚན་མས་བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་འཇུག་ཅིང་ལྡང་བར་གྱུར་པ་ན་དགེ་བའི་རྩ་བ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་ནི་ཐེག་པ་ཆེན་པོ་ཡིན་ནོ་ཞེས་བསྟན་ཏེ།། དེ་ལ་ནམ ་མཁའི་རྣམ་པ་དང་། གླུས་དང་མཚན་མ་ཞེས་བྱ་བའི་བར་དང་། དེ་ལ་རྣམ་པས་དབེན་པ་ནི་འདོད་པས་དབེན་སྡིག་པ་མི་དགེ་བའི་ཆོས་ཞེས་བྱ་བ་ནས་རྟགས་ནི་རྟོགས་པ་དང་བཅས། སྤྱོད་པ་དང་བཅས་ཞེས་བྱ་བ ་ལ་སོགས་པ་དང་། མཚན་མུ་ནི་དབེན་པ་ལས་སྐྱེས་པའི་དགའ་བ་དང་ཞེས་བྱ་བ་ལ་སོགས་པས་བསྟན་པ་ཡིན་ནོ།། ཡང་ས་འོག་མ་དང་། གོང་མའི་དབྱེ་བས་རགས་པ་དང་། ཞི་བའི་རྣམ་པའོ།། སུ་གང་ལ་ཚོར་བ་གང་ཞིག་ཡོད་པ ་དེ་རྟགས་སོ།། མཚན་མ་ནི་སྙོམས་པར་འཇུག་པའི་རོ་མྱང་བའོ།། ཕ་རོལ་ཏུ་ཕྱིན་པ་དྲུག་གི་འཇུག་པ་ནི་གང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས། སེམས་ཅན་རྣམས་ཀྱི་ཉོན་མོངས་པ་རབ་ཏུ་སྦྱང་བའི་ཕྱིར་ཆོས ་བསྟན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་ཉིད་དོ།། དེ་ཉིད་ཐེག་པ་དམན་པའི་སེམས་ཀྱི་གོ་སྐབས་མི་འབྱེད་པ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པོའི་ཐེག་པའོ།། དེ་ཉིད་ཀྱི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ ་ཉིད་ཀྱིས་སཾ་མས་ཅན་རྣམས་ཀྱི་ཉོན་མོངས་པ་ཟད་པར་བྱ་བའི་ཕྱིར་ཆོས་སྟོན་པའི་ཡིད་ལ་བྱེད་པ་དེ་དག་ལ་བཟོད་པ་དང་མོས་པ་དང་། རྟོག་པ་དང་། ཁོང་དུ་ཆུད་པར་བྱེད་པ་དང་། སེམས་པ་དེ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ ་ཆེན་པོ་ཉིད་དོ།། དད་པ་ཙམ་ཉིད་ལ་མི་མཐུན་པ་མེད་པ་ནི་མོས་པོའོ།། གཉིས་པ་ལ་སོགས་པའི་སྐད་ཅིག་མ་རྒྱུན་རྗེས་སུ་འབྲང་བ་དང་ལྡན་པ་ནི་བཟོད་པའོ།། གཞུང་སྣ་ཚོགས་པ་གཞན་ལ་རིགས་པས་རྟོག་པ་ནི་ཉེ་བར་རྟོག་པའོ།། ། ་ཡོངས་སུ་བརྟགས་པའི་དོན་བསྐྱང་བར་བྱ་བའི་ཕྱིར་དང་། དེ་ཉམས་པར་བྱེད་པའི་རྐྱེན་ཤེས་པ་ཁོ་ན་ཁོང་དུ་ཆུད་པར་བྱེད་པའོ།། དོན་དེ་ལ་ཡིད་ཆེས་པར་བྱ་བའི་ཕྱིར་བློ་མ་ལུས་པས་གནོད་པར་བྱེད་པ་ནི་སེམས་པའོ།། དེ་ཉིད་བརྩོན ་འགྲུས་ཉམས་པར་མི་བྱེད་པའི་ཡིད་ལ་མི་བྱེད་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་ཉིད་དོ།། དེ་ཉིད་ཀྱི་བསམ་གཏན་དང་པོ་ལ་སོགས་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ནི་བསམ་གཏན་གྱི ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་ཉིད་དོ།། དེ་ཉིད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡིད་ལ་བྱེད་པ་དང་ལྡན་པའི་བསམ་གཏན་དང་པོ་ཡན་ལག་རྣམས་ལ་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། ཞི་བ་དང་། ་སྟོང་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པར་རབ་ཏུ་རྟོག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་ཉིད་དོ་ཞེས་བསྟན་ཏོ།། འཕགས་པའི་ལམ་གྱི་འཇུག་པ་ནི་གང་བྱང་ཆུབ་ཀྱི་ཕྱོགས་རྣམས་དང་། ་རྣམ་པར་ཐར་པའི་སྒོ་རྣམས་དང་ཞེས་བྱ་བ་ནས། མ་འདྲེས་པ་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྒོམ་པ་ནི་ཐེག་པ་ཆེན་པོ་ཉིད་དོ་ཞེས་བསྟན་པ་ཡིན་ནོ།། དེའི་མདོ་ནི་ཇི་སྐད་དུ། བྱང་ཆུབ་སེམས་དཔའི་ཐེག་པ ་ནི་རྣམ་པ་ཐམས་ཅད་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་སྒོམ་པ་ཞེས་བྱ་བ་ལ་སོགས་པོ་གསུངས་པ་ཡིན་ནོ།། ཚད་མེད་པའི་འཇུག་པ་ནི་གང་ཚད་མེད་པ་བཞི་ལ་སད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས ་བཟོད་པ་ཉིད་ཀྱིས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་དང་། བརྩོན་འགྲུས་ཀྱི་ཕ་རོག་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་ཉིད་ཀྱིས་ཐེག་པ་དམན་པའི་སེམས་དང་། མ་འདྲེས་པ་ཉིད་དང་། ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པའི་ཐེག་པ་ཆེན་པོ་ཉིད་ཀྱིས་བསམ་གཏན་གྱི་རོ་མྱང་བ་མེད་པ་ཉིད་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་ཉིད་ཀྱིས་ཚད་མེད་པ་བཞི་ལ་སྙོམས་པར་འཇུག་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ ་ཆེན་པོ་ཉིད་ཀྱིས་སེམས་ཅན་རྣམས་ཟག་པ་ཟད་པར་ངེས་པར་འདྲེན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་ཉིད་ཀྱི་བསམ་གཏན་དང་།། ཚད་མེད་པ་དང་རྣམས་དང་། རྟགས་དང་། མཚན་མ་རྣམས་རྣམ ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བ་ཡིན་པར་བསྟན་ཏོ།། ཕ་རོལ་ཏུ་ཕྱིན་པའི་གོ་རིམས་འདི་ནི་ཚད་མེད་པ་བཞི་ལ་གནས་པའི་གང་ཟག་གིས་བྱ་བའི་དངང་དུ་བྱས་པ་ཡིན་ཏེ། དེ་ཉིད་ལ་དེ་ལྟ་བུ་སྲིད་པ་ཡིན་པར ་ཤེས་པར་བྱའོ།། ཡང་ཚད་མེད་པ་ནི་བཞི་སྟེ། འདི་ལྟ་སྟེ། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་བཏང་སྙོམས་ལ་ཡང་དེ་དག་རེ་རེ་ཞིང་རྣམ་པ་གསུམ་སྟེ། སེམས་ཅན་ལ་དམིགས་པ་དང་། ཆོས་ལ་དམིགས་པ་དང་། ་དམིགས་པོ་མེད་པའོ།། དེ་ལ་སེམས་ཅན་ལ་དམིགས་པ་ནི་རྒྱུ་རྣམ་པ་བཞིས་རྣམ་པར་གཞག་སྟེ། ཉེ་བར་བསྡུས་པ་ཉིད་དང་། མི་མཐུན་པའི་གཉེན་པོའི་ཕྱོགས་ཉིད་དང་། རྣམ་པར་དག་པ་ཉིད་དང་། འབྲས་བུ་ཡོངས ་སུ་འཛིན་པ་ཉིད་དོ།། ཇི་ལྟར་ཉེ་བར་བསྡུས་པ་ཡིན་ཞེ་ན། བདེ་བ་གསུམ་གྱིས་ཉེ་བར་བསྡུས་པའི་ཕྱིར་ཏེ། དེ་བྱམས་པ་དང་ལྡན་པའི་སེམས་ཤེས་བྱ་བ་ནི་ཕན་པ་དང་བདེ་བས་ཉེ་བར་བསྡུས་པའི་དོན་དུ་ཉེ་བར་གནས་སོ།། རྒྱ་ཆེན་པོ་ཞེས ་བྱ་བ་ནི་འདོད་པ་ན་སྤྱོད་པའི་བདེ་བས་པ་སྡུས་པའི་ཕྱིར་རོ།། ཆེན་པོར་གྱུར་པ་ཞེས་བྱ་བ་ནི་དགའ་བ་དང་བཅས་པའི་བསམ་གཏན་དང་པོ་དང་། གཉིས་པའི་ས་ཡིན་ཞེས་བྱ་བའི་དོན་ཏེ། དེ་གཉིས་ན་དགར་བ་ཡོད་པའི་ཕྱིར་རོ།། མི་གཉིས ་པོ་ཞེས་བྱ་བ་ནི་དག་འ་བ་མེད་པའི་བསམ་གཏན་གསུམ་པའི་ས་ཞེས་བྱ་བའི་ཐ་ཚིག་གོ། དེའི་སྡུག་བསྔལ་དང་བྲལ་བ་ཉིད་ཡིན་པའི་ཕྱིར་གཉིས་སུ་མེད་པའོ།། ཚད་མེད་པ་ཞེས་བྱ་བ་ནི་འབྲས་བུ་ཚད་མེད་པས་ན་ཆུ་བོ་ཆེན་པོ་བཞི་རི་ཆུ ་འདུས་པ་དང་འདྲ་བར་དེ་ཉིད་ཚད་མེད་པར་ཤེས་པར་བྱ་སྟེ། དེ་ལྟར་ཡོང་བདེ་བ་ལ་སོགས་པ་དེ་ང་ལྡན་པའི་ཕྱིར་རོ་ཞེས་བཤད་པ་ཡིན་ནོ།། དེ་ལྟར་ན་རེ་ཞིག་ཉེ་བར་བསྡུས་པ་ཉིད་ཡིན་ནོ།། ཇི་ལྟར་ན་མི་མཐུན་པའི་གཉེན་པོའི་ཕྱོགས ་ཉིད་ཡིན་ཞེ་ན། བཅུགས་མེད་པ་ཞེས་བྱ་སྟེ། མི་ལྡོག་པས་ཉེ་བར་བསྡུས་པ་དང་། སྡུག་པས་ཉེ་བར་བསྡུས་པོའི་འགལ་བར་གྱུར་པ་གནོད་སེམས་ཀྱི་གཉེན་པོ་ཡིན་པས་སོ།། ཇི་ལྟར་ན་རྣམ་པར་དག་པ་ཡིན་ཞེ་ན། གནོད་པ་མེད ་པསྒྲིབ་པ་མེད་པ་ཞེས་བྱ་བ་སྟེ། གོ་ཉིད་དང་། རྨུག་པ་དང་། རྒོད་པ་དང་། འགྱོད་པའི་སྒྲིབ་པ་རྣམས་གོ་རིམས་ཇི་ལྟ་བ་བཞིན་དུ་སྤངས་ནས་དེ་ཁོ་ན་ཉིད་ལ་འཇུག་པའི་ཕྱིར་རོ།། འབྲས་བུ་ཡོངས་སུ་འཛིན་པ་ཉིད་ནི་འཆི་བ་མེད་པ ་ཞེས་བྱའོ།། འདོད་པ་དང་གཟུགས་ཀྱི་ཁམས་ཀྱི་རྣམ་པར་སྨིན་པ་དང་། རྒྱུ་མཐུན་པ་གནོད་པ་མེད་པ་ཉིད་ཀྱིས་ཅི་རིགས་པར་འབྲས་བུ་ཡོངས་སུ་འཛིན་པ་ཡིན་ནོ།། དེ་ལྟར་ན་རེ་ཞིག་སེམས་ཅན་ལ་དམིགས ་པ་ནི་རྒྱུ་རྣམ་པ་བཞིས་རྣམ་པར་གཞག་པ་ཡིན་ནོ།། ཆོས་ལ་དམིགས་པ་ཞེས་བྱ་བ་ནི་གཅིག་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་ཡིན་ཏེ། ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་ཉིད་ནི་འདོད་པ་དང་། གཟུགས་དང་། གཟུགས་མེད་པ་ན་སྤྱོད་པའི ་སོ་སོའི་སྐྱེ་བོ་དང་། སློབ་པ་ཇི་སྙེད་པའོ།། ཆོས་གང་ཡིན་པ་སྟེ། གང་དུག་ལྀ་སེམས་ཅན་དུ་བཏགས་པར་བྱས་པའོ།། དེ་ལ་དམིགས་པ་ཉིད་ནི་ཤིན་ཏུ་བསྒོམས་པ་ཞེས་བྱ་སྟེ། ལེགས་པར་གོམས་པར་བྱ་བའི་ཕྱིར་ཏེ། དམིགས ་པ་མེད་པ་ཡོད་རྒྱུ་རྣམ་པ་གཉིས་ཏེ། ཆོས་ཀྱི་དབྱིངས་མཆོག་འཇིག་རྟེན་ཞེས་བྱ་བའི་མཚན་ཉིད་ལ་དམིགས་པ་ཡིན་ཏེ། འཇིག་རྟེན་པའི་ཆོས་ལས་བདག་མེད་པ་གཙོ་པོར་གྱུར་པ་ཡིན་པའི་ཕྱིར་རོ།། ནམ་མཁའི་ཁམས་ཀྱི ་མཐས་གཏུགས་པ་ཞེས་བྱ་བ་ནི་མཐའ་མེད་པ་དང་། ཡོངས་སུ་ཆད་པ་མེད་པོ་སྟེ། དེ་ལྟར་ན་དམིགས་པ་མེད་པ་ཡིན་ནོ།། བྱམས་པ་དང་ལྡན་པའི་སེམས་དེས་ཅི་ཞིག་བྱེད་ཅེ་ན། དེའི་ཕྱིར་ཐམས་ཅད་དང་ལྡན་པའི་ཕྱོགས་བཅུ ་རྒྱས་པར་བཀང་ནས་རྫོགས་པར་བྱ་སྟེ་གནས་སོ་ཞེས་གསུངས་ཏེ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ལྷག་པའི་བསམ་པས་ལྷག་པར་མོས་པས་སྤྲོས་པ་ཉིད་ཀྱིས་ཁྱབ་ཅེས་བྱ་བའི་ཐོ་ཚིག་གོ།། ལྡན་པ་ནི་དུ་མར་ཤེས་པར་བྱ ་སྟེ། མ་ཏཱ་ལ་སོགས་པ་མཐའ་ཡས་པས་པདྨ་ཅན་བཞིན་དུ་རིང་པོ་ཉིད་ཡིན་ནོ།། ཉེ་བར་རྫོགས་པར་བྱས་ཏེ་ཞེས་བྱ་བ་ནི་བློས་དེ་དང་དེར་ཉེ་བར་ཡང་དག་པར་སོང་སྟེ། དེའི་ཉེ་བར་འཚེ་བ་བསལ་ཞེས་བྱ་བའི་དོན་ཏོ།། ཚིག་གི་ཕྲད ་དང་། སྐད་ཀྱི་དབྱིངས་ཀྱི་དོན་ནི་དེ་ཡིན་པའི་ཕྱིར་རོ།། སྙིང་རྗེ་ལ་སོགས་པ་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ།། མི་དམིགས་པ་དང་ལྡན་པའི་འཇུག་པ་ནི་ནུང་སྟོང་པ་ཉིད་ལ་སོགས་པ་མི་དམིགས་པ་དང་ལྡན་པར་ཤེས་པ་ཉིད་ཀྱི་ཆོས་ཐམས ་ཅད་གཡེང་བ་མེད་པས་མཉམ་པར་གཞག་པོར་ཤེས་པ་དང་། རྟག་པ་དང་། བདེ་བ་དང་། བདག་དང་། མི་ཞི་བ་དང་། སྟོང་པ་མ་ཡིན་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་རྣམས་ལ་དེ་དང་མཐུན་པའི་ཤེས་པ་འཇུག་པ་དང་། ་དུས་གསུམ་མི་དམིགས་པའི་ཡེ་ཤེས་དང་། ཁྱམས་གསུམ་མི་དམིགས་པའི་ཡེ་ཤེས་དང་། ཡང་འཇིག་རྟེན་པ་ཟག་པ་དང་བཅས་པ་དང་། འདུས་བྱས་དང་། དེ་དང་མཐུན་པ་རྣམས་ཡང་སྦྱིན་པ་ལ་སོགས་པ་ལ་མི་དམིགས་པའི ་རྣལ་འབྱོར་པའི་ཤེས་པ་ནི་ཐེག་པ་ཆེན་པོ་དེ་ལ་ཞོན་པ་ཡིན་ཞེས་བསྟན་ཏེ། དེའི་མངོན་འདི་ཡིན་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གང་སྟོང་པ་ཉིད་ཤེས་ཀྱང་མི་དམིགས་པའི་རྣལ་འབྱོར་ཞེས ་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། འཁོར་གསུམ་རྣམ་པར་དག་པའི་འཇུག་པ་ནི། གང་ཡང་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་འཁོར་གསུམ་རྣམ་པར་དག་པས་མི་དམིགས་པའི་རྣལ་འབྱོར་གྱིས་ཞོན་པའོ།། ་ཞེས་བསྟན་པ་ཡིན་ནོ།། དེའི་མདོ་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཞོན་ནས་བྱང་ཆུབ་སེམས་དཔའ་དེ་སྦྱིན་པའི་ཕ་རོལ་ཏུ ་ཕྱིན་པ་མི་དམིགས་པ་རབག་ཏུ་འཛིན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། ཡང་བྱང་ཆུབ་སེམས་དཔའ་སེམས་ཅན་མི་དམིགས་པའི་ཉེ་བར་བཟུང་ནས་གཟུགས་ལ་སོགས་པའི་ཕུང་པོ་རྣམས་དང་། ཁམས་ལ་སོགས་པ ་རྣམས་ནས་མ་འདྲེས་པ་རྣམས་ཀྱི་བར་དང་། སྟོང་པ་ཉིད་ཐམས་ཅད་དང་། དེ་བཞིན་ཉིད་ལོ་སོགས་པ་རྣམས་དང་། བྱང་ཆུབ་དང་། སངས་རྒྱས་གང་ཡིན་པ་དེ་དག་མི་དམིགས་པ་ཉིད་ཉེ་བར་བཟུང་ནས་མིང་ཙམ་ཉིད་དུ་ཤེས་པའི་ཕྱིར ་ཐེག་པ་ཆེན་པོ་དེ་ལ་ཞོན་པ་ཡིན་ནོ་ཞེས་བསྟན་ཏོ།། དེའི་མདོ་ནི་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པའི་མ་འདྲེས་པའི་སེམས་ཀྱིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམ་པར་བྱེད་ཅིང་སྒོམ་པ ་དྲང་རྣམ་པར་བསྒོམས་པའི་ཆེད་དུ་མི་དམིགས་པའི་རྣལ་འབྱོར་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། མངོན་པར་ཤེས་པའི་འཇུག་པ་ནི་གང་གཞན་ཡང་མངོན་པར་ཤེས་པ་རྣམས་ཐོབ་ནས་སེམས་ཅན་ཡོངས་སུ ་སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པ་དང་། ཆོས་ཉན་ཞིང་གཉིས་སུ་མེད་པའི་ས་ལ་གནས་ཏེ་ཐེག་པ་ཆེན་པོ་དང་ནམ་དུ་ཡང་མི་འབྲལ་ཏེ། རང་གི་ངོ་བོ་ཡོང ་སུ་འཛིན་པ་ཡིན་ནོ་ཞེས་བསྟན་ཏོ།། དེའི་མདོ་ནི་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་མངོན་པར་ཤེས་པ་རྫོགས་པ་ཉིད་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཅིང་སངས་རྒྱས་ཀྱི་ཞིང ་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འཇུག་པ་ནི་གང་དེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཐོབ་ནས་ཀྱང་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ ་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་གང་ཡིན་པ་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་ཀྱི་དེའི་མིང་སྨོས་པར་མཛད་ཅིང་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་ཀྱང་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་བྱེད ་དོ་ཞེས་གྲག་པ་སྒྲོགས་ཤིང་དབྱངས་པརྗོད་པར་མཛད་པས་ཐེག་པ་ཆེན་པོ་ལ་ཞོན་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ག་སུངས་པ་ཡིན་ནོ།། མངོན་པར་རྟོག་པའི་རྒྱན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་ལས ་འཇུག་པའི་སྒྲུབ་པའི་རྣམ་པརརོ་འགྲེལ་པའོ།། ། འཇུག་པའི་སྒྲུབ་པ་བཤད་ནས་ཚེགས་ཀྱི་སྒྲུབ་པ་བཤད་པར་བྱ་སྟེ། དེ་ནི་སྙིང་རྗེ་ཆེན་པོ་ལ་སོགས་ཀྱི་དབྱེ་བས་རྣམ་པ་བཅུ་དྲུག་ཏུ་འགྱུར་བ་ནཱི། བརྩེ ་དང་སྦྱིན་ལ་སོགས་པ་དྲུག། ཞི་གནས་ལྷག་མཐོང་བཅས་པ་དང་།། ཟུང་དུ་འབྲེལ་བའི་ལམ་གང་དང་།། ཐབས་ལ་མཁས་པ་གང་ཡིན་དང་།། ཡེ་ཤེས་དང་ནི་བསོད་ནམས་དང་།། ལམ་དང་ས་བཅུ་གང་ཡིན་དང་།། ་གཉེན་པོའི་ཚོགས་ཀྱི་སྒྲུབ་པ་ཡི། རིམ་པ་ཡིན་པར་ཤེས་པར་བྱ་ཞེས་གསུངས་པ་ཡིན་ནོ།། དེ་ལ་ཚོགས་ཀྱི་སྒྲུབ་པ་རྣམ་པ་བཅུ་དྲུག་ནི་འདི་ལྟ་སྟེ། སྙིང་རྗེ་ཆེན་པོའི་ཚོགས་དང་། སྦྱིན་པའི་ཚོགས ་དང་། ཚུལ་ཁྲིམས་ཀྱི་ཚོགས་དང་། བཟོད་པའི་ཆོ་གས་དང་། བརྩོན་འགྲུས་ཀྱི་ཚོགས་དང་། བསམ་གཏན་གྱི་ཚོགས་དང་། ཤེས་རབ་ཀྱི་ཚོགས་དང་། ཞི་གནས་ཀྱི་ཚོགས་དང་། ལྷག་མཐོང་གི་ཚོགས་དང་། ཟུང་དུ ་འདྲལ་བྱིའོ་ལམ་གྱི་ཚོགས་དང་།། ཐུབས་ལ་མཁས་པའི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་དང་། བསོད་ནམས་ཀྱི་ཚོགས་དང་། ལམ་གྱི་ཚོགས་དང་། སའི་ཚོགས་དང་། གཉེན་པོའི་ཚོགས་ཞེས་བྱ་བ་ཡིན་ནོ།། དེ་ལ་སྙིང་རྗེ་ཆེན ་པོའི་ཚོགས་ནི་གང་གོ་ཆ་ཆེན་པོ་བགོས་པ་ཞེས་བྱ་བའི་སྐུ་འཇུག་པའི་རྒྱུ་མཚན་བསྟན་པའི་སྒོ་ནས་ཚོགས་ཀྱི་སྒྲུབ་པའི་དབང་དུ་མཛད་ནས་ཕྱོགས་བཅུ་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན ་དམྱལ་པ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་སེམས་ཅན་རྣམས་རང་གི་ལུས་ཀྱི་འོད་ཀྱིས་སྣང་བར་བྱས་ནས་སྡུག་བསྔལ་དེ་དང་དེ་ཉེ་བར་ཞི་བར་བྱ་བའི་ཕྱིར་སངས་རྒྱས་ལ་སོགས་པ་ལ་ཕྱག་འཚལ ་བོ་ཐོས་ནས། དགེ་བ་དེས་དེ་རྣམས་ངན་སོང་དེ་རྣམས་ལས་ཐར་ནས་བྱང་ཆུབ་པའི་བར་དུ་སངས་རྒྱས་གཉིས་པ་དང་རྗེས་སུ་མཐུན་པའི་རིགས་ཡང་དག་པར་འཛིན་པས་སྡུག་བསྔལ་དང་བྲལ་བའི་ཐུགས་རྗེ་ཡིས་བྱས ་པ་ཡིན་པར་བསྟན་ཏོ།། སྦྱིན་པའི་ཚོགས་ནི་གང་སྦྱིན་པའི་ཚོགས་ཀྱིས་སེམས་ཅན་དེ་སྐད་ཅིག་ཟས་ལ་སོགས་པའི་ཡོ་བྱད་དེ་དང་འདོད་པ་རྣམས་ལ་ཟས་ལ་སོགས་པའི་ཡོ་བྱད་དེ་དང་དེ་སྦྱིན་པ་ཉིད་དང་། ཆོས་བསྟན་པ་དེས ་བྱང་ཆུབ་པའི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཆོས་སྟོན་པ་དང་། ནུམ་ཡང་འབྲལ་བར་མི་འགྱུར་རོ་ཞེས་བསྟན་ཏོ།། ཚུལ་ཁྲིམས་ཀྱི་ཚོགས་ནི་གང་སེམས་ཅན་དེ་སྙེད་དགེ་བ་བཅུའི་ལས་ཀྱི་ལམ་དང་། བསམ་གཏན་ལ་སོགས་པ ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་ལ་བྱང་ཆུབ་ཀྱི་བར་དུ་ཆོས་བསྟན་པ་དེས་བཀྲོད་པ་ཡིན་ནོ་ཞེས་བསྟན་ཏོ།། བཟོད་པའི་ཚོགས་ནི་གང་སེམས་ཅན་ཐམས་ཅད་དེ་སྙེད་ཅིག་བདག་ལ་དུབྱུག་པ་དང་། བོང་བ་དང་། ཁུ་ཚུར་གྱིས ་རྗེརྡེག་ཀྱང་དེ་ལ་བདག་གིས་འཁྲུག་པའི་སེམས་འགའ་ཙམ་ཡང་བསྐྱེད་པར་མི་བྱའོ།། རང་གི་བཟོད་པ་དེ་དང་འདྲ་བ་ལ་གཞན་ངག་རག་ཏུ་འགོད་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ།། བརྩོན་འགྲུས་ཀྱི་ཚོགས་ནི་གང་སེམས་ཅན་དེ་སྙེད་ཅིག ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་དང་ལྡན་པའི་ལུས་དང་སེམས་ཀྱི་བརྩོན་འགྲུས་ལ་རབ་ཏུ་འཇོག་གོ། འགོད་པ་དང་། ཡང་དག་པར་སྦྱོར་བ་དང་། རབ་ཏུ་འཇོག་པ་དང་མི་འབྲལ་བར་བྱེད་པའི་ཚིག་གོ། ་དོན་ཡིན་ནོ་ཞེས་བསྟན་པོ་ཡིན་ནོ།། བསམ་གཏན་གྱི་ཚོ་གས་ནི་གང་སེམས་ཅན་དེ་སྙེད་རང་ཉིད་ཆོས་ཐམས་ཅད་ཀྱི་ཆོས་ཉིད་མཉམ་པ་ཉིད་ལ་གནས་ཤིང་ཆོས་གང་ལ་ཡང་འཁྲུལ་པ་འམ། འཁྲུལ་བ་མེད་པར་རྗེས་སུ་མི ་མཐོང་བ་བཞིན་དུ་བྱང་ཆུབ་ཀྱི་བར་དུ་དེ་ཉིད་ལ་ཡང་དག་པར་བསྐུལ་ཞིང་འཇོག་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ།། ཤེས་རབ་ཀྱི་ཚོགས་ནི་གུང་འདི་ལྟར་ཆོས་གྲང་ལ་ཡང་ཚུ་རོལ་ལམ། ཕ ་རོལ་མི་དམིགས་པ་དེ་བཞིན་དུ་དེ་རྣམས་ཀྱང་དེ་ལ་ཡང་དག་པར་བསྐུལ་ཞིང་འཇོག་པ་ཡིན་ནོ།། དེ་ལ་ཚུ་རོལ་ནི་འཁོར་བ་སྟེ། བྱིས་པ་རྣམས་ཀྱིས་རེ་ཤིག་མྱངས་པ་ཙམ་ཡིན་པའི་ཕྱིར་རོ།། ཕ་རོལ་ནི་མྱ་ངན་ལས་འདས་པ་སྟེ། རང ་གི་དོན་ལ་མཆོག་ཏུ་གཞོལ་བ་རྣམས་བརྩོན་འགྲུས་ལ་རབ་ཏུ་སྦྱོར་བྱས་ཕ་རོལ་ཏུ་སེམས་དགའ་བ་ཉིད་ཀྱི་ཕྱིར་རོ་ཞེས་པ་ཡིན་ནོ།། ཞི་གནས་ཀྱི་ཚོགས་ནི་གང་ཡང་བདག་ཉིད་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་པ་བཞིན་དུ ་སེམས་ཅན་གྱི་ཁམས་ཇི་སྙེད་ཅིག་འཁོད་པ་དེ་དག་ཐམས་ཅད་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་ནས་མ་འདྲེས་པ་རྣམས་ཀྱི་བར་ལ་འདི་སྙེད་ཅེས་བྱ ་བར་ཡོངས་སུ་ཆད་པ་མེད་པའི་སེམས་ཅན་གྱི་ཁམས་ལ་དམིགས་པས་ཡང་དག་པར་བསྐུལ་ཞིང་གཞག་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཚེ་འདི་ཉིད་ལ་བདེ་བས་བསྡུས་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཚེ ་ཕྱི་མའི་བདེ་བས་བསྡུས་པ་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་གཅིག་ཏུ་བདེ་བས་བསྡུས་པ་ཡིན་ཏེ། བཟོད་པ་དང་། སྤྲོ་བ་དང་། རྩེ་གཅིག་པས་གཅིག་ཏུ་བདེ་བ་དང་ལྡན་པའི ་འབྲས་བུ་ཐོབ་པར་བྱེད་པའི་ཕྱིར་རོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་ཤིན་ཏུ་ཕུལ་དུ་བྱུང་བའི་བདེ་བས་ཉེ་བར་བསྡུས་པའོ་ཞེས་བསྟན་པ་ཡིན་ནོ།། ལྷག་མཐོང་གི་ཚོགས་ནི་གང་སྒྱུ་མའི་མཁན་པོ་འམ། སྒྱུ་མའི་མཁན ་པོ་མཚན་བུ་མཁས་པ་ཞིག་གིས་ཞེས་བྱ་བའི་ཚིག་གིཉིས་པས་ནི་འགའ་ཡང་མེད་ཀྱི་རང་ཉིད་དྲི་བའི་གྲོང་ཁྱེར་ལ་སྔོག་ས་པ་ཡིན་ནོ།། ཊཱི་ཞིག་ཏུ་འགྱུར་རམ་ཞེས་བྱ་བའི། ཚིག་གི་ས་ཛཾ་ལྟར་འགྱི་བསྟན་པ་ར་འགྱུར་ཞེ་ན། ་གཞན་གྱི་རྐྱེན་གྱིས་མི་འགྲོ་བ་ཅི་ཡང་ཏུང་བའི་རང་བཞིན་དུ་ཡོད་པ་ནི་མི་རིགས་ཏེ། དེ་ནི་བརྗོད་པ་ཙམ་ཉིད་ཡིན་པའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་བའི་ཆོས་རྣམས ་ཀྱི་ཆོས་ཉིད་དེ་བཞིན་ཡིན་པའི་ཕྱིར་ཏེ་ཞེས་གསུངས་པ་ཡིན་ནོ།། རྟོག་གྲེས་ཡོངས་སུ་མ་བསྐྱོད་ཅིང་སུན་མ་ཕྱུང་བའི་འཇིག་རྟེན་ཐམས་ཅད་ལ་ནི་སྣང་བ་ཙམྦ་དུ་གྱུར་པ་ཁོ་ན་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་བར་དུའོ།། དེ་ཉིད་ཀྱི ་ཕྱིར་བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་ཀྱི་གསུངས་པའི་དོན་འཚལ་པ་ལྟར་ན་སྒྱུ་མའི་ཆོས་ཉིད་ཉེ་བར་གཟུང་ན་དེའི་དོན་འཚལ་བ་ལགས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་མ་འཚལ ་བོ་ལེགས་པར་རིག་པར་བགྱི་སྟེ། རང་གི་མཚན་ཉིད་སྟོང་པ་ཉིད་སྒྱུ་མའི་ཆོས་ཉིད་ཉེ་བར་གཟུང་བ་ལགས་པའི་ཕྱིར་རོ།། ཞེས་བྱ་བ་དང་། གནས་བརྟན་རབ་འབྱོར་གྱི་ཤེས་པ་གསལ་བར་བྱས་པ་ནས་བརྩམས་ཏེ། དེ་ཅིའི ་སྤྱད་དུ་ནཱན། གཟུགས་ལ་སོགས་པའི་ཕུང་པོ་ལ་སོགས་པ་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་རྣམས་ནས་མྱ་འདྲེས་པའི་བཱརཱ་དང་། བྱང་ཆུབ ་སེམས་དཔའ་དང་། ཐེག་པ་ཆེན་པོའི་གོ་ཆུ་དང་། གཟུགས་ལ་སོགས་པ་ནས་ཐེག་པ་ཆེན་པོའི་གོ་ཆའི་བར་དུ་རྣམ་གྲངས་སྟོང་པ་ཉིད་ཀྱི་གོ་ཆ་མེད་པའི་གོ་ཆུ་བགོས་པོ་ཡིན་པར་རྗེས་སུ་བསྟན་པའི་ཕྱིར་རོ།། དེ་ཅིའི་ཕྱིར་ཞེ་ན། བྱེད ་པ་པོ་ཉེ་བར་མི་དམིགས་པ་ཉིད་ཡིན་པའི་ཕྱིར་རོ།། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནས་སེམས་ཅན་དུ་བསྟན་ཅིང་བརྗོད་པའི་བར་དུ་མ་བྱས། རྣམ་པར་མུ་བྱས། མངོན་པར་མ་བྱས་པ་ཉིད་ཀྱིས་ན་ཕུང་པོ་ལ་སོགས་པ་རྣམས་དང་། བདག ་དང་། སེམས་ཅན་ལ་སོགས་པ་རྣམས་དང་། རྨི་ལམ་དང་། སྒྲ་བརྙན་དང་། མིག་ཡོར་དང་། གཟུགས་བརྙན་དང་། རྨིག་རྒྱུ་དང་སྤྲུལ་པ་རྣམས་ཡིན་ཏོ། མ་འདྲེས་པའི་བར་དུ་དེ་བཞིན་ཉིད་དང་། ཕྱིན་ཅི་མ་ལོག་པ་དེ་བཞིན་ཉིད་དང ་ཆོས་ཉིད་དང་། ཆོས་ཀྱི་དབྱིངས་ཉིད་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་ཉིད་ངེས་པ་ཉིད་དང་། ཡང་དག་པའི་མཐའ་རྣམས་ས་སུ་བྱང་ཆུབ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཤིན་དུ་མི་དམིགས་པའི་ཕྱིར། དེ ་ཉིད་ཉེ་བར་བཟུང་ནས་བྱས་པ་དང་། རྣམ་པར་བྱས་པ་དང་། མངོན་པར་འདུས་བྱས་པ་བཀག་པས་ཤེས་བསྟན་པ་ཡིན་ནོ།། དེ་ལ་གོ་ཆ་དང་། འཇུག་པ་དང་། ཚོགས་ཀྱི་སྒྲུབ་པོ་རྣམས་མ་སྐྱེས་པ་བསྐྱེད་པ་དང་། དེ་ཁྱད་པོར་དུ ་འགྲོ་བ་དང་། འབྲས་བུ་ཐོབ་པ་མངོན་དུ་བྱེད་པའི་དབང་དུ་མཛད་ནས་ཚིག་ཅིག་དང་གཅིག་དང་། གཅིག་གོ་རིམས་བཞིན་དུ་སྦྱར་བར་རིག་པར་བྱའོ་ཞེས་བསྟན་པ་ཡིན་ནོ།། ཟུང་དུ་འབྲེལ་བའི་ལམ་གྱི་ཚོགས་ནི་གང་ཇི་ལྟར ་བཅོམ་ལྡན་འདས་ཀྱིས་ཤིན་ཏུ་མི་དམིགས་པ་ཉེ་བར་གཟུང་ནས་མི་བྱེད། མངོན་པར་མི་བྱེད་དེ། མངོན་པར་མི་བྱེད་དོ་ཞེས་གསུངས་པའི་དོན་བདག་གྲིས་འཚལ་བ་ལྟར་ན་ཞེས་བྱ་བ་ནས་བརྩམས་ཏེ། མེད་པ་དང་། དབེན་པ ་དང་མུ་སྐྱེས་པ་དང་། ཞི་བ་དང་། སྟོང་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་མ་བྱས་པ་དང་། མ་སྐྱེས་པ་ཉིད་ཀྱིས་ན་ཤིན་ཏུ་མི་དམིགས་པའི་རྣམ་པས་ཕུང་པོ་ལ་སོགས་པ་རྣམས་ནས ་བྱང་ཆུབ་ཀྱི་ཕྱོགས་རྣམས་དང་། མ་འདྲེས་པ་རྣམས་ཀྱི་བར་དང་། བྱང་ཆུབ་དང་། རྣམ་པ་ཐམས་ཅད་མཁྱེན་པོ་ཉིད་མ་བཅིངས་མ་གྲོལ་བ་ཉིད་ཀྱིས་སངས་རྒྱས་ཀྱི་ཞིང་སྐྱོང་ཞིང་། སངས་རྒྱས་རྣམས་ལ་བསྙེན་བཀུར ་བྱེད་ཅིང་། སངས་རྒྱས་དེ་དག་ལས་ཆོས་ཉན་ཞིང་། མངོན་པར་ཤེས་པ་དང་། སྤྱན་ལྔ་དང་། གཟུངས་དང་། ཏིང་ངེ་འཛིན་རྣམས་ལ་སྤྱོད་ཅིང་གནས་ནས་ལམ་གྱི་རྣམ་པར་ཤེས་པ་ཉིད་བསྟན་པས་རྣམ་པ་ཐམས་ཅད ་མཁྱེན་པ་ཉིད་དུ་མངོན་པར་བྱང་ཆུབ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བས་སེམས་ཅན་རྣམས་ཐེག་པ་གསུམ་གྱིས་མྱ་ངན་ལས་འདས་ཀྱང་བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་རྣམས་མ་བཅིངས་མ་གྲོལ་བ་ཡིན་ནོ་ཞེས ་བསྟན་ཏོ།། དེ་ལ་ཤེས་རབ་ཀྱིས་ཡོངས་སུ་བཟུང་བས་ནི་མ་བཅིངས་པ་ཡིན་ལ། སྙིང་རྗེ་ཡོངས་སུ་བཟུང་བྱས་ནི་མ་གྲོལ་བར་རིག་པར་བྱའོ།། དེ་ལྟར་རིགས་པས་བྱང་ཆུབ་སེམས་དཔའི་སྙིང་རྗེནི་སྲིད་པར ་གནས་པའི་རྒྱུ་ཡིན་ལ། ཤེས་པས་དེ་རུ་གནས་བྱས་ཀྱང་།། འཁོར་བར་ཆགས་པར་མི་བྱེད་དོ།། དྲན་པ་ཡིས་ནི་བསྡམས་པའི་སེམས།། ཕྱི་རོལ་ཏུ་ནི་འཇུག་མི་འགྱུར་རོ།། སོ་སོར་རྟོག་པའི་ལྕག་བརྡབ་པས།། ཕུན་ཚོགས་གནས་སུ ་འདྲེན་པར་བྱེད།། སྐྱེ་བའི་སེམས་ལ་བརྟེན་པ་དག། འགའ་ཞིག་མྱ་ངན་འདའ་བར་འདོད།། འཇིག་རྟེན་ལེགས་པ་ལ་བརྟེན་ལ། འགའ་ཞིག་འཁོར་བར་འདོད་ཅེས་གསུངས་པ་ཡིན་ནོ།། ཤེས་རབ་དང་སྙིང་རྗེའི་སྦྱོར་བ་དང་། དེ་དག་ཕན ་ཚུན་ཐ་མི་དད་པ་དང་། མི་མཐུན་པའི་ཕྱོགས་ལས་འདས་པ་དང་། སྦྱོར་བ་ལ་ཤིན་དུ་སྦྱངས་པ་དང་། རྟོགས་པ་པོའི་དབང་དུ་མཛད་ནས་སྦྱོར་བ་ནི་གང་གིས། གང་ལས། གང་དུ། གང་ཞིག་ངེས་པར་འབྱུང་ངོ་ཞེས་གང་གིས་སྟོན ་པའི་ཞུས་པ་ལྔ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་གང་ལགས། གང་དེ་ལ་ཇི་ལྟར་ན་ཞུགས་པར་རིག་པར་བགྱི།། གང་ལས་ངེས་པར་འབྱུང་བ་ལགས། གྲང་དུ་གནས་པར་འགྱུར་བ ་ལགས། གང་ཞིག་འདིས་ངེས་པར་འབྱུང་བར་འགྱུར་ཞེས་བསྟན་པ་ཡིན་ནོ།། དེ་ལ་དང་པོ་ཞུས་པ་ནས་བརྩམས་ཏེ། ཐབས་ལ་མཁས་པའི་ཚོགས་ནི་གང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་ཕ་རོལ ་བྱིན་པ་རྣམས་རེ་རེ་ཞིང་མི་དམིགས་པའི་རྣལ་འབྱོར་གྱི་བདག་ཉིད་གནས་ཤིང་གཞན་དག་ཀྱང་ཡང་དག་པར་བསྐུལ་བ་ནི་ཐེག་པ་ཆེན་པོ་ཞེས་བསྟན་པ་ཡིན་ནོ།། ཡང་ཡེ་ཤེས་ཀྱི་ཚོགས་ནི་ཉི་ཤུར་གཅིག་གིས་མ་ཚང་བའི་སྟོང་པ་ཉིད་ནི ་ཡེ་ཤེས་ཀྱི་ཚོགས་ཉིད་ཡིན་པར་རིག་པར་བྱའོ།། དེ་ལ་འདིར་ཉི་ཤུར་གཅིག་གིས་མ་ཚང་བའི་སྟོང་པ་ཉིད་ནི་ནང་གི་མིག་ལ་སོགས་པ་ལྔ་རྟག་པ་མ་ཡིན། འཇིག་པ་མ་ཡིན་པ་དེ་བཞིན་ཉིད་དེ་དེའི་རང་བཞིན་དེ་ཡིན་པ་ཉེ་བར་བཟུང ་བའི་ཕྱིར་ནང་སྟོང་པ་ཉིད་དོ།། ཕྱི་རོལ་གྱི་གཟུགས་ལ་སོགས་པ་རྟག་པ་མ་ཡིན། འཇིག་པ་མ་ཡིན་པ་ཉིད་དེའི་རང་བཞིན་དེ་ཡིན་པར་ཉེ་བར་བཟུང་བའི་ཕྱིར་ཕྱི་སྟོང་པ་ཉིད་དོ།། དེ་བཞིན་དུ་ཕྱི་དང་ནང་གི་སྐྱེ་མཆེད་རྣམས་དེའི་རང་བཞིན་དེ་ཡིན ་པར་ཉེ་བར་གཟུང་བའི་ཕྱིར་ཕྱི་ནང་སྟོང་པ་ཉིད་དོ།། ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ཀྱང་སྟོང་པ་ཡིན་པས་སྟོང་པ་ཉིད་སྟོང་པ་ཉིད་དོ།། ཕྱོགས་བཅུ་པོ་ནི་ཕྱོགས་ཀྱི་སྟོང་པ་ཉིད་ཀྱི་ཕྱིར་ཆེན་པོ་སྟོང་པ་ཉིད་དོ།། དོན་དམ་པ་ནི་མྱ་ངན་ལས་འདས་པ ་སྟེ། མྱ་ངན་ལས་འདས་པའི་དོན་གྱི་ཚུལ་གྱིས་སྟོང་པས་ན་དོན་དམ་པ་སྟོང་པ་ཉིད་དོ།། འདུས་བྱས་སྟོང་པ་ཉིད་ནི་ཁམས་གསུམ་པོ་ཁམས་གསུམ་པོ་ཉིད་ཀྱིས་སྟོང་པོས་ན་འདུས་བྱས་སྟོང་པ་ཉིད་དོ།། འདུས་མ་བྱས་ནི་སྐྱེ་བ་མེད་པ ་དང་འགག་པ་མེད་པ་དང་། གནས་པ་ལས་གཞན་དུ་འགྱུར་བ་མེད་པ་ནི་དེ་ཉིད་ཀྱི་སྟོང་པའོ་པར་འདས་མ་པས་སྟོང་པ་ཉིད་དོ།། མཐའ་ནི་མཐའ་སྟོང་པ་ཉིད་ཀྱིས་ན་མཐའ་ལས་འདས་པ་སྟོང་པ་ཉིད་དོ།། ཐོག་མ་དང་དབུས་དང་། ་ཐ་མར་གྱུར་པ་རྣམས་དེས་སྟོང་པ་ཉིད་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དོ།། དོར་བ་ནི་སྤངས་པ་སྟེ། ཡོངས་སུ་སྤངས་པའི་མཚན་ཉིད་ཅན་གྱི་དོར་བ་ལས་གློ་བཟློག་པ་ཉིད་ཀྱིས་ནུ་དོར་བ་མེད་པ་སྟོང ་བྱ་སྟེ། དེ་ནི་དེས་སྟོང་པ་ཉིད་ཀྱི་ཕྱིར་དོར་བ་མེད་པ་སྟོང་པ་ཉིད་དོ།། འཕགས་པ་ཐམས་ཅད་ཀྱི་མ་བྱས་པའི་རང་བཞིན་དེས་ནི་ངེས་སྟོང་པ་ཉིད་ཀྱི་ཕྱིར་རང་བཞིན་སྟོང་པ་ཉིད་དོ།། ཆོས་རྣམས་ནི་ཆོས་རྣམས་ཀྱིས་སྟོང་པ་ཡིན་པའི་ཕྱིར ་ཆོས་ཐམས་ཅད་སྟོང་པ་ཉིད་དོ།། གཟུགས་ལ་སོགས་པའི་མཚན་ཉིད་གཟུགས་སུ་རུང་བ་ལ་སོགས་པའི་མཚན་ཉིད་ཀྱི་སྟོང་པའི་ཕྱིར་རང་གི་མཚན་ཉིད་སྟོང་པ་ཉིད་དོ།། གང་དུས་གསུམ་མི་དམིགས་པ་ནི་དེ་ཉིད་ཀྱིས་སྟོང་པའི་ཕྱིར ་མི་དམིགས་པ་སྟོང་པ་ཉིད་དོ།། འདུས་པའི་ཆོས་རྣམས་ནི་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ཏེ། རྟེན་ཅིང་འབྲེལ་པར་བཟུང་བའི་རང་བཞིན་པའི་ཕྱིར་དང་། དེ་ནི་འདུས་པས་སྟོང་པ་ཉིད་ཡིན་པའི་ཕྱིར་དངོས་པོ་མེད་པའི་ངོ་བོ་ཉིད ་སྟོང་པ་ཉིད་དོ།། དངོས་པོ་ནི་ཉེ་བར་ལེན་པའི་ཕུང་པོའི་མཚན་ཉིད་ནི་དེས་སྟོང་པ་ཉིད་ཡིན་པའི་ཕྱིར་དངོས་པོ་སྟོང་པ་ཉིད་དོ།། དངོས་པོ་མེད་ཅིང་འདུས་མ་བྱས་པ་ནི་དེ་རྣམས་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་དངོས་པོ་མེད་པ་སྟོང་པ་ཉིད་དོ།། ། ་རང་བཞིན་སྟོང་པ་ཞེས་བྱ་བ་ནི་འཕགས་པ་རྣམས་ཀྱི་ཤེས་པ་དང་། མཐོང་བས་མ་བྱས་པ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མོ་བྱུང་ཡང་རུང་། ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་གནས་པའོ་ཞེས་བྱ་བ་ནི ་གཞན་གྱི་བྱེད་དུས་སྟོང་བས་ན་གཞན་གྱི་དངོས་པོ་སྟོང་པ་ཉིད་དོ་ཞེས་བྱ་བ་ཡིན་ནོ།། ཕྱོགས་འདས་ནི་རབ་ཏུ་བྱེད་པའི་གོ་རིམ་མཚུང་བའི་རབ་ཏུ་བྱེད་པའི་དོན་སྟོན་པ་ཡིན་པར་ཡང་བརྗོད་བུར་བྱའོ།། དེ་དག་ནི་གཞན་དགག་པའི་སྒོ་ནས་སྟོང ་པ་ཉིད་འབའ་ཞིག་སྟོན་པ་ཡིན་བྱས་དེ་དག་ལ་ནི་མངོན་པར་རྟོགས་པོའི་གོ་རིམ་འགའ་ཡང་ཡོད་པ་མ་ཡིན་ཞིང་། དེས་རྣམས་ནི་རབ་ཏུ་བྱེད་པའི་དོན་ཁོ་ན་བརྗོད་པར་བྱེད་ཀྱི་བསྟན་དོན་གཙོ་བོར་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བ་འདིས་ནི ་སྟོང་པ་ཉིད་ཀྱི་རབ་ཏུ་བྱེད་པའི་སོང་བ་དང་། འོང་བའི་བྱ་བའི་རིམ་པ་མེད་པས་ཆེད་དུ་བྱ་བ་ལས་ཉམས་པ་སྲིད་པ་བསྟན་པ་ཡིན་ནོ།། འདིར་ཡང་ཅི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དམིགས་པ་ཅི་ཞིག་ཡིན་ཞེ་ན། ཆོས་ཐམས་ཅད ་ངོ་བོ་ཉིད་ཀྱིས་སྟོང་པའོ་ཞེས་བསྟན་ཏོ།། འདི་ལྟར་གང་མི་དམིགས་པ་དེ་ནི་ཡོད་པ་མ་ཡིན་ཏེ། དཔེར་ན་མོ་གཤམ་གྱི་བུ་བཞིན་ནོ།། སྟོང་པ་ཉིད་འདི་ཡང་རྣམ་པར་མི་རྟོག་པའི་སེམས་ཀྱི་མ་དམིགས་པ་ཡིན་པའི་ཕྱིར་རོ།། དེ་ལྟར་ན་སྟོང ་པ་ཉིད་མེད་པས་ཆོས་ཐམས་ཅད་ཡོད་པ་ཉིད་དུ་འགྱུར་བ་མ་ཡིན་ནམ་ཞེ་ན། དེ་འདིར་དཔྱ་པར་བྱ་སྟེ། འདི་ནི་ཆོས་ཐམས་ཅད་ལ་དམིགས་པ་དང་བྲལ་བས་སྟོང་པ་ཉིད་ཅེས་བྱ་བ་ནི་གང་ཞིག་ཀྱང་ཡོད་པ་མ་ཡིན་ཏེ། རྣམ་པར་མི་རྟོག ་པའི་ཡེ་ཤེས་ཙམ་ཉིད་ཡིན་ནོ་ཞེས་བྱ་བར་འདོད་ངོ་དོ།། ཁ་ཅིག་ནི་གཟུང་བ་དང་འཛིན་པའི་ངོ་བོ་ཆེ་གཉིས་པ་ཉིད་ལ་གནས་པ་ཉིད་ཀྱིས་ན་ཆ་གཅིག་ལ་གནས་པ་ནི་མ་ཡིན་ནོ་ཞེས་བྱ་བར་འདོད་ངོ་།། ལ་ལ་ན་རེ་དེ་ནི་ཆོས་ཐམས་ཅད ་ངོ་བ་ཉིད་ཀྱིས་སྟོང་པ་ཉིད་དམིག་སྨྲ་བ་ཡིན་ནོ་ཞེས་ཟླར་རོ།། དེ་ནི་རིགས་པ་མྦྷ་ཡིན་ཏེ། གང་ཆོས་ཐམས་ཅད་ངོའི་ཉུང་སྟོང་པ་ཉིད་ལ་དམིགས་པར་འགྱུར་བ་དེ་ནི་ཚུལམ་ཆེ་རྒྱལ་སོགས་པར ་བཞིན་གྱིས་སྟོང་པ་ལ་དམིགས་པ་ཅན་གྱི་ཤེས་པ་བཞིན་ནོ།། སྔ་མའི་ཕྱོགས་གཉིས་པོ་དེ་དག་ཀྱང་ཡེ་ཤེས་ཀྱི་དངོས་པོ་མེད་པ་ཡུལ་ཏུ་འགྱུར་ལ། སྟོང་པ་ཉིད་འདུས་བྱས་སུ་ཐལ་བར་འགྱུར་རོ།། ཕྱོགས་གསུམ་པ་ལ་ཉེས་པ ་ཡོད་པར་མི་བརྗོད་དམ་ཞེ་ན། ཉེས་པ་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་ལྷས་བྱིན་བསད་ནས་ཡང་འབྱུང་བར་འགྱུར་བ་ནི་མ་ཡིན་ནོ།། མ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་དབྱེ་བ་ནི་བརྗོད་པར་བྱ་བ་མང་དུ་ཡོང་མོད་ཀྱི་ཡེ ་ཤེས་ཀྱི་ཚོགས་བཞག་པ་འདོན་ཕྲོགས་ཙམ་མོ། བསོད་ནམས་ཀྱི་ཚོགས་ནི་གདོ་དེ་ལ་དཔའ་བར་འགྲོ་ཧཱུ~ཾང་འཛིན་གང་ཞེ་ན་ཞེས་བྱ་བ་ནས་བརྩམས་ནས་གང་གསུངས་ཞེས་བྱ་བའི་བར་དུའོ།། ནམ་མཁོའ་ལྟར་ཆགས་པ་མེད་པ ་རྣམ་པར་གྲོལ་ཞིང་གོས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནས་ཏིང་ངེ་འཛིན་བརྒྱ་རྩ་གཅིག་བསྟན་པ་ནི་ཇི་སྐད་དུ། ངེས་པར་འབྱུང་བ་དང་མི་འབྲལ་བར་འགྱུར་པ་དང་།། ཉེ་བར་འཐུའ་བ་དང་། མྱུར་དུ་བླ་ན་མེད་པ་ཡང ་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ་ཞེས་གསུངས་པ་ཡིན་ནོ།། གོ་ཆ་དང་། འཇུག་པ་དང་། ཚོགས་ཀྱི་བསྒྲུབ་པ་ནས་བརྩམས་ཏེ་ཏིང་ངེ་འཛིན་བསྒོམ་པ་ཡིན་ཞེས་སོང་ཟིན་པ་དང་སྦྱོར་བར་བལྟ་བར་བྱའོ།། ་ལམ་གྱི་ཚོགས་ནི་གང་དྲན་པ་ཉེ་བར་བཞག་པ་ཞེས་བྱ་བ་ནས་བརྩམས་ཏེ་བསླབ་པ་ལས་འདས་པ་དང་། རྣམ་པར་གཡེང་བའི་གཉེན་པོར་གནས་པ་དང་། འདུག་པ་ལ་སོགས་པའི་སྤྱོད་ལམ་ནཱམྦ་དང་། འགྲོ་བ་དང་། འོང་བ་དང ་ལྟ་བ་རྣམ་པར་ལྟ་བའི་བྱེ་བ་རྣམས་དང་། དབུགས་འབྱུང་བ་དང་། རྔུབ་པ་རྣམས་ལ་རྫ་མཁན་གྱི་དཔེས་རིང་བ་དང་། ཐུང་བར་རབ་ཏུ་ཤེས་པ་དང་། ལུས་ཀྱི་གཉེན་པོའི་འདུ་ཤེས་བ་ལང་གི་ཤན་པའི་དཔེས་བསྟན་པ་དང་། ་ཁམས་རྣམས་ལྔ་སོ་སོར་བརྟགས་ནས་གཙང་བར་ཕྱིན་ཅི་ལོག་པའི་གཉེན་པོར་ཆུན་པའི་སྣོད་ཀྱི་དཔེས་མི་གཙང་བར་སོ་སོར་བརྟགས་པ་དང་། མི་དམིགས་པའི་ཚུལ་གྱིས་ནང་དང་། དེ་བཞིན་དུ་ཕྱི་རོལ་དང་། ཕྱི་དང་ནང་གི ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བས་དྲན་པ་ཉེ་བར་བཞག་པོ་ན་ལུས་དེ་ཡང་འདི་ལྟ་བུའི་ཆོས་ཅན་ནོ།། སྐྱེ་བ་འདིའིའོ།། འདི་ལྟ་བུའི་རང་བཞིན་ཏེ་ཞེས་བྱ་བ་གསུངས་ཏེ། ཁུ་བ་དང་། ཁྲག་གི་གནས་སྐབས་དང་། གནས་སྐབས ་དེ་ཉིད་འཕེལ་བར་གྱུར་པ་ལས་འཆི་བ་ལ་ཐུག་པའི་མི་རྟག་པ་ཉིད་ཀྱིས་ཆོས་ཉིད་བསྒྲུབ་པ་དེ་ལ་སྦྱོར་བ་ཡིན་ཏེ། ཚིག་གཉིས་པོ་འདི་ཤེས་པར་བྱའོ།། གང་ཡང་མེད་ལ་སོགས་པས་མཐར་ཐུག་པར་བྱས་པ་དེ་ལ་ཡང་ཆོས ་ཉིད་འདི་ལས་མ་འདས་སོ་ཞེས་བྱ་བའི་ཚིག་གསུམ་ཡིན་ནོ།། གདུང་ཅན་ཞེས་བྱ་བ་ལ་སྟོབས་ཟད་པ་དང་། ཟས་གཅོད་པ་དང་། སྡུག་བསྔལ་བ་དང་། ཤིན་ཏུ་ལྡན་པའི་དོན་ཏེ། གང་དེ་ཡོད་པ་དེ་ནི་མྱུར་བའི་འབད་པ་ཅན་ནོ།། ། ་ཤེས་བཞིན་དང་ལྡན་པ་ཞེས་བྱ་བ་ནི་ཡང་དག་པར་ཤིན་དུ་རིགས་པའོ།། དྲན་པ་དང་ལྡན་པ་ཞེས་བྱ་བ་ནི་དམིགས་བུ་མ་བརྗེད་པའོ།། རྣམ་པར་གསལ་བ་ཞེས་བྱ་བ་ནི་ཕྱིར་བཟློག་པའོ།། ཅི་ཞིག་ལས་ཤེ་ན། ་འཇིག་རྟེན་གྱི་ཆགས་སེམས་དང་། ཡིད་མི་བདེ་བ་དགེ་ལས་སོ།། དེ་ལ་ང་དང་བའི་ཞེས་བྱ་བ་མངོན་དུ་བྱས་ནས་ལུས་ལ་སེམས་པོ་ནི་ཆགས་པས་སོ།། ཚོར་བ་མི་སྡུག་པ་དང་རབ་ཏུ་ལྡན་པའི་སེམས་ཞུམ་པ་ཉིད་ནི་ཡིད་མི་བདེ་བའོ།། ། ་དེ་བཞིན་དུ་བདེ་བར་ཕྱིན་ཅི་ལོག་པའི་གཉེན་པོ་ཚོར་བ་དྲན་པ་ཉེ་བར་བཞག་པ་དང་། རྟག་པར་ཕྱིན་ཅི་དེ་ལོག་པའི་གཉེན་པོ་སེམས་དྲན་པ་ཉེ་བར་བཞག་པ་དང་། བདག་ཏུ་ཕྱིན་ཅི་ལོག་པའི་གཉེན་པོ་ཆོས་དྲན་པ་ཉེ་བར་བཞག་པའོ།། ། ་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པ་དང་། སྐྱེས་པ་རྣམས་སྤང་བའི་ཕྱིར་དང་། དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེས་པའི་ཕྱིར་དང་། སྐྱེས་པ་རྣམས་གནས་པ་དང་ཕྱིར་ཞིང་བསྒོམ་པ་ལ་སོགས་པའི་ཕྱིར་འདུན་པ ་བསྐྱེད་ཀྱང་གནས་ཏེ། བརྩོན་འགྲུས་པ་རྩོམ་མོ།། སེམས་རབ་ཏུ་འཛིན་ཏོ།། ཡང་དག་པར་འཇོག་ཅིང་ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་དེ་མི་སྤོང་བ་དང་། ཚུལ་བཞིན་དུ་སོ་སོར་རྟོག་པའི་དབང་དུ་མཛད་ནས་ཚིག་གཅིག་དང་། ་གཉིས་དང་། གཉིས་ཀྱིས་གསུངས་པར་ཤེས་པར་བྱའོ།། མོས་པ་དང་། བརྩོན་འགྲུས་དང་། སེམས་དང་། དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་བཞི་ནི་རྫུ་འཕྲུལ་གྱི་རྐང་པའོ།། དེ་ལ ་མོས་པ་ནི་བྱེད་འདོད་པའོ།། ཏིང་ངེ་འཛིན་ནི་སེམས་རྗེ་གཅིག་པ་སྟེ། དེས་ཉོན་མོངས་པ་སྤང་བར་བྱ་བའི་ཕྱིར་མངོན་པར་འདུ་བྱེད་པས་ན་དེ་ནི་འདུ་བྱེད་དེ། དེ་ཡོད་ན་དེ་དང་ལྡན་པའོ།། གང་དེས་ཡོན་ཏན་སྣ་ཚོགས་སྒྲུབ་པས་ན་རྐང་པའོ།། དེའི ་ཡན་ལག་ཞེས་བྱ་བའི་དོན་ཏོ།། སྒོམ་མོ་ཞེས་བྱ་བའི་བསྒོམ་པ་ནི་གོམས་པར་བྱེད་པ་སྟེ། སྦྱོར་བ་རྒྱས་པའོ།། དེ་ཡང་སྦྱོར་བ་ལས་སུ་རུང་བ་ཉིད་དམ། སྦྱོར་བ་བརྟན་པར་གྱུར་པ་འམ། མི་དགེ་བའི་ཚོགས་དང་མ་འདྲེས་པའོ།། སྒོམ ་པ་ཡང་ཆོས་མངོན་པ་བ་དག་རྣམ་པ་གཉིས་སུ་འདོད་དོ།། ཆུང་ངུ་དང་། འབྲིང་དང་། ཆེན་པོ་རྣམ་བུ་གསུམ་དང་། བཅོས་མ་དང་བྲལ་བའི་འབྲས་བུ་དང་། རྒྱུ་མཐུན་པའི་འབྲས་བུ་དང་། མཐོང་བའི་ཆོས་དེ་ཉིད་ལ་བདེ་བར་གནས ་པའི་འབྲས་བུའོ།། གཞན་དག་ནི་བཞིར་འདོད་དེ་བསྒོམ་པ་རྣམ་པར་བསྒོམ་པ་ནི་ལུས་ཀྱིའོ།། ཡོངས་སུ་སྦྱངས་པ་བསྒོམ་པ་ནི་ཚུལ་ཁྲིམས་ཀྱིའོ།། གནོད་པ་མེད་པ་ནི་སེམས་ཀྱིའོ།། མ་ལུས་པར་བསྟེན་པ་བསྒོམ་པ་ནི་ཤེས་རབ ་ཀྱིའོ་ཞེས་བསྟན་ཏོ།། དབེན་པ་ལ་གནས་པ་བསམ་གཏན་དང་པོ་དང་ལྡན་པར་གྱུར་པས་དེ་ཡིས་འདོད་པ་ལ་སོགས་པ་ལས་རྣམ་པར་དབེན་པ་ཉིད་ཡིན་པའི་ཕྱིར་རོ།། འདོད་ཆགས་དང་བྲལ་བ་ལ་གནས་པ་ཞེས་བྱ་བ་ནི་བསམ ་གཏན་གཉིས་པ་དང་ལྡན་པར་གྱུར་པས་དེ་ཡིས་རྣམ་པར་རྟོག་པ་ལ་སོགས་པ་དང་། འདོད་ཆགས་དང་བྲལ་བའི་ཕྱིར་རོ།། འགོག་པ་ལ་གནས་ཞེས་བྱ་བ་ནི་བསམ་གཏན་གསུམ་པ་དང་ལྡན་པར་གྱུར་པ་སྟེ། དགའ་བའི ་འདོད་ཆགས་དང་བྲལ་བ་ནི་དེ་འགགས་པ་ཡིན་པའི་ཕྱིར་རོ།། རྣམ་པར་སྤོང་བ་ཡོངས་སུ་གྲུབ་པ་ཞེས་བྱ་བ་ནི་བསམ་གཏན་བཞི་པ་དང་། གཟུགས་མེད་པ་དང་ཅི་རིགས་པར་ལྡན་པ་ཤེས་པ་སྔོན་དུ་འགྲོ་བས་དོར ་བྱ་བསལ་བས་ན་རྣམ་པར་སྤོངས་པ་ཞེས་བྱའོ།། ཡང་བག་ལ། ཉལ་བ་ཡང་དག་པར་བཅོམ་པ་ནི་དབེན་པའོ།། ཀུན་ནས་ལྡང་བའི་འདོད་ཆགས་དང་བྲལ་བ་ནི་འདོད་ཆགས་དང་བྲལ་བའོ།། ཀུན་ཏུ་སྦྱོར་བ་ཡང་དག་པར་གཅོད་པ་ནི ་འགོག་བྱའོ།། ཉེ་བར་ལེན་པ་ཐམས་ཅད་ཡོངས་སུ་སྤངས་པ་ནི་རྣམ་པར་སྤངས་པའོ།། ཡང་ཆོས་མངོན་པ་པ་རྣམས་ནི་དབེན་པས་ན་ཁམས་ལས་དབེན་པའོ།། འདོད་ཆགས་ལས་འབྲལ་བས་ན་ཉོན་མོངས་པའི་འདོད་ཆགས་དང ་བའོ།། འགོག་པས་ན་ལས་འདོད་པའོ།། རྣམ་པར་སྤོང་བས་ན་དངོས་པོ་རྣམ་པར་སྤོང་བ་སྟེ། ཚིག་ཐམས་ཅད་ཀྱི་མྱ་ངན་ལས་འདས་པ་ཉིད་སྟོན་པ་ཡིན་ནོ་ཞེས་ཆོས་མངོན་པ་བ་རྣམས་འཆད་དོ།། དམིགས་པ་ལ་བརྟེན་པའི ་སྟོབས་ཀྱིས་སྔ་མའི་རྟེན་གཏོང་པ་ནི་རྣམ་པར་སྤོང་བ་ཞེས་བྱའོ་ཞེས་གནས་བརྟན་སངས་རྒྱས་བཤེས་གཉེན་གྱི་བྱང་ཆུབ་ཀྱི་ཕྱོགས་ཀྱི་རབ་ཏུ་བྱེད་པར་བཤད་དོ།། འདིར་ཡང་བདག་གིས་ནི་རྣམ་པར་རྟོག་པ་བཞིའི་གཉེན་པོ་རྣམ ་པ་བཞི་ནི་མཐོང་བའི་ལམ་ཡིན་ནོ།། དེ་ལ་རྟོག་པ་དེ་རྣམས་དང་། དབེན་པ་ལ་གནས་ཞེས་བྱ་བ་ལ་སོགས་པ་རིམ་པ་ཇི་ལྟ་བ་བཞིན་དུ་སྦྱོར་བར་བྱ་བ་ཡིན་པར་རིག་པར་བྱ་སྟེ། བྱང་ཆུབ་ཀྱི་ཕྱོགས་རྣམས་མཐོང་བའི་ལམ་གྱིས་ཡང ་དག་པར་བསྡུས་པའི་ཕྱིར་རོ།། དེ་ལ་གཟུང་བའི་རྣམ་པར་རྟོག་པ་དང་པོའི་གཉེན་པོ་ནི་དབེན་པ་སྟེ། དེས་རྣམ་པར་བྱང་བའི་ཕྱོགས་ཀྱིས་ཀུན་ནས་ཉོན་མོངས་པའི་ཕྱོགས་སྤང་བྱ་རྣམ་པར་དབྱེ་བའི་ཕྱིར་རོ།། གཟུང་བའི་རྣམ་པར་རྟོག་པ ་གཉིས་པའི་གཉེན་པོ་ནི་འདོད་ཆགས་དང་བྲལ་བ་སྟེ། དེས་དགེ་བའི་ཆོས་ལ་འདུན་པ་ནི་འདོད་ཆགས་དང་བྲལ་བ་ཉིད་ཡིན་པའི་ཕྱིར་རོ།། འཛིན་པའི་རྣམ་པོར་རྟོག་པ་དང་པོའི་གཉེན་པོ་ནི་འགོག་པ་སྟེ། དེས་བདག་རང་དབང་ཅན ་ལ་སོགས་པའི་འཛིན་པ་མ་ལུས་པར་འགོག་ཅིང་སྤོང་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ།། འཛིན་པའི་རྣམ་པར་རྟོག་པ་གཉིས་པའི་གཉེན་པོ་ནི་རྣམ་པར་སྦྱོང་བ་སྟེ། དེས་བདག་ཏུ་བཏགས་པའི་མཚན་མ་སྣ་ཚོགས་དང་། ཕུང་པོ་ལ ་སོགས་པ་ཅི་ལྟ་བ་ཡོངས་སུ་ཤེས་པས་སྤོང་བའི་ཕྱིར་རོ།། དེ་བཞིན་དུ་དད་པ་ལ་སོགས་པ་ལྔ་པོ་དབང་བྱེད་པའི་དོན་གྱིས་ན་དབང་པོ་ཡིན་ནོ།། ལྔ་པོ་དེ་དག་ཉིད་མི་མཐུན་པའི་དོན་གྱིས་ན་སྟོབས་སོ།། དྲན་པ་དང་། ཆོས་རྣམ ་པར་འབྱེད་པ་དང་། བརྩོན་འགྲུས་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་མཐོང་བའི་ལམ་གྱི་ཡན་ལག་ཏུ་གྱུར་པ་ཡིན་པའི་ཕྱིར་རོ།། ཡང་དག་པའི ་ལྟ་བ་དང་། རྟོག་པ་དང་། ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་དང་། རྩོལ་བ་དང་། དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་ཀྱིས་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་ཕྱིན་པའི་དོན་གྱིས ་ན་ལམ་མོ།། སྒྲ་ཇི་བཞིན་ཤེས་པ་དང་བཅས་པའི་ཤེས་པ་བཅུ་གཅིག་དང་མི་ཤེས་པ་ཀུན་ཤེས་པ་ལ་སོགས་པའི་དབང་པོ་དང་། རྟོགས་དང་བཅས། དཔྱོད་པ་དང་བཅས་པ་ལ་སོགས་པ་རྣམས ་དང་ཏིང་ངེ་འཛིན་རྣམས་དང་། སྐྱེ་བ་དང་། འཚེ་བ་དང་། ལུས་སུ་གྱུར་པའི་བཟའ་བ་དང་། བཏུང་བ་དྲན་པ་རྣམས་དང་། བཅས་པ་དང་། རྗེས་སུ་དྲན་པ་བཅུ་པོ་རྣམས་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས ་པར་འཇུག་པ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། གཟུངས་ཀྱི་སྒོ་རྣམས་དང་། ཐམས ་ཅད་མི་དམིགས་པའི་རྣམ་པ་དག་དང་། གཞུང་གི་ཚོགས་བརྩམས་པ་དང་། བསྟན་པ་དེ་དག་ནི་ལམ་གྱི་ཚོགས་ཡིན་པར་རིག་པར་བྱའོ།། ཆོས་དེ་དང་དེ་དག་ཐམས་ཅད་མཐོང་བ་དང་། བསྒོམ་པའི་ལམི་གྱིས་བསྡུས་པའི ་ཕྱིར་རོ།། སའི་ཚོགས་ནི་བྱང་ཆུབ་སེམས་དཔའི་ས་ཡོངས་སུ་སྦྱོང་བའི་དབྱེ་བས་རྣམ་པ་བཅུར་འགྱུར་བར་རིག་པར་བྱའོ།། གང་ཡང་རང་འབྱོར་ཁྱོད་ཇི་སྐད་དུ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ནི་ཞེས་བྱ་བ་ནས་བརྩམས་ཏེ། ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ས་ནས་འབར་བ་ཡིན་ཞེ་ན། ངོ་ཅིའི་ཕྱིར་ན་ནི། ཆོས་ཐམས་ཅད་འགྲོ་བ་དང་། འོང་བ་བཀག་པ་ཡིན་ནོ་ཞེས ་གསུངས་པ་ཡིན་ནོ།། ཡང་ས་གང་ལ་ཆོས་དུ་ཞིག་ཡོངས་སུ་སྦྱོང་བར་འགྱུར་ཞེ་ན། རྣམ་པ་བཅུས་ས་དང་པོ་ཡོངས་སུ་སྦྱོང་བ་ཡིན་ཏེ། ཡོངས་སུ་སྦྱོང་བ་རྣམ་བཅུ་ཡིས།། ས་ནི་དང་པོ་ཐོབ་འགྱུར་ཏེ།། བྱསམ་དང་ཕན་པའི་དངོས ་ཉིད་དང་།། སེམས་ཅན་རྣམས་ལ་སེམས་མཉམ་ཉིད། གཏོང་དང་བཤེས་གཉེན་བསྟན་པ་དང་།། དམ་ཆོས་དམིགས་པ་འཚོལ་བ་དང་།། རྟག་ཏུ་ངེས་འབྱུང་སེམས་ཉིད་དང་།། སངས་རྒྱས་སྐུར་འདོད་དགའ་བ་དང་།། ཆོས ་སྟོན་པ་དང་བདེན་པ་ཡི། ཚིག་ནི་བཅུ་པོ་ཡིན་པར་འདོད། འདི་དག་རང་བཞིན་མི་དམིགས་པས། ཡོངས་སུ་སྤྱོད་པར་ཤེས་པར་བྱ་ཞེས་གསུངས་པ་ཡིན་ནོ།། མདོ་ལས་ཇི་སྐད་དུ། ལྷག་པའི་བསམ་པ་ཡོངས་སུ་སྦྱོང་བ་མི ་དམིགས་པའི་རྣལ་འབྱོར་དང་། ཕྱིན་པའི་དངོས་པོ་ཡོངས་སུ་སྦྱོང་བ་མཚན་མ་མི་དམིགས་པ་ཉེ་བར་བཟུང་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། རྣམ་པ་བརྒྱད་ཀྱིས་ནི་ས་གཉིས་པ་ཡོངས་སུ་སྦྱོང་བ་ཡིན་ཏེ། ་ཚུལ་ཁྲིམས་བྱས་པ་གཟོ་དང་བཟོད། རབ་ཏུ་དགའ་དང་སྙིང་བརྩེ་ཆེ། བཀུར་སྟི་གུས་པར་ཉན་པ་དང་། བརྒྱད་པ་སྦྱིན་ལ་སོགས་པར་བརྩོན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། དེ་ལ་བྱས་པོ་བཟོ་བ་ནི་ཆུང་ངུ ་བྱས་པ་ལས་ལྷག་པར་བྱེད་པ་སྟེ། ཆུད་མི་གསོན་པ་ཡིན་པའི་ཕྱིར་རོ།། རྣམ་པ་ལྔས་ནི་ས་གསུམ་པ་ཡོངས་སུ་སྦྲེང་བ་ཡིན་ཏེ། ཐོས་པས་མི་ངོམས་ཉིད་དང་ནི། ཟང་ཟིང་མེད་པར་ཆོ་སཽ་སྦྱིན་དང་།། སངས་རྒྱས ་ཞིང་ཀུན་སྟོང་བ་དང་། འཁོར་བས་ཡོངས་སུ་མི་སྨྱོ་དང་། ང་ཚ་ཁྲེལ་ཡོང་ནུས་བྱ་བ། རློམ་མང་བདག་ཉིད་དེ་རྣམ་ཝཱ་ཞེས་གསུངས་པ་ཡིན་ནོ།། རྣམ་པ་བརྒྱས་སྭཱ་བཞི་པཱ་ཡོངས་སུ་སྤྱོང་བ་ཡིན་ཏ ་ནགས་གནས་འདོད་ཆུང་ཆོག་ཤེས་དང་སྦྱངས་པ་ཡང་དག་སྡོམ་བསྟན་ད་།། བསླབ་པ་ཡོངས་སུ་མི་གཏོང་དང་།། འདོད་པ་རྣམས་ལ་སྨོད་པ་དང་། མྱ་ངན་འདས་དང་བདོག་ཀུན་གཏོང་།། མི་ཞུམ་པ་དང་ལྟ་བ་མེད ་སྐད་དུ་མདོ་ལས། དགོན་པ་ལ་གནས་པ་དང་།། འདོད་པ་རླུང་བ་ལ་དགའ་བ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། དེ་ལ་འདོད་པ་ཆུང་བ་ནི་གང་མ་རྙེད་པ་དེ་རྙེད་པར་མི་འདོད་པའོ།། ཆོག་ཤེས་པ་ནི་ཇི་ལྟར་རྙེད་པ ་ལས་ལྷག་པར་མི་འདོད་པ་གང་ཡིན་པའོ།། རྣམ་པ་བཅུས་ནི་སེ་ལྔ་པ་ཡོངས་སུ་སྤྱོང་བ་ཡིན་ཏེ། འདྲིས་དང་ཁྱིམ་ལ་འཁྲེན་པ་དང་།། འདུ་འཛེར་གྱུར་པའི་གནས་དང་ནི། བདགུ་བསྟོད་གཞན་ལ་བརྙས་པ་དང་།། མི་དགེ ་ལས་ཀྱི་ལམ་བཅུ་དང་།། རློམ་པས་ཁེངས་དང་ཕྱིན་ཅི་ལོག། ཡིད་གཉིས་དང་ནི་ཉོན་མོངས་བཟོད།། བཅུ་པོ་འདི་ནི་རྣམ་སྤངས་ན། ས་ནི་ལྔ་པ་ཡང་དག་ཐོབ། ཅེས་གསུངས་པ་ཡིན་ནོ།། རློམ་པ་ཉིད་ནི་ཁེངས་པ་སྟེ།། མནྟ ་བ་ལ་སོགས་པའི་རྣམ་པའོ།། རྣམ་པ་དྲུག་གིས་ནི། ས་དྲུག་པ་ཡོངས་སུ་སྦྱོང་བ་ཡིན་ཏེ། སྦྱིད་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས།། བསམ་གཏན་ཤེས་རབ་རབ་རྫོགས་པ།། ཞེས་བྱ་བའི་མདོ་ནི་ཇི་སྐད་དུ། ཕ་རོལ་ཏུ་ཕྱིན ་པ་དྷག། ཡོངས་སུ་རྫོགས་པར་བྱའོ་ཞེས་གསུངས་པ་ཡིན་ནོ།། སློབ་མ་དང་ནི་བསེ་རུ་ལ།། དགའ་དང་སྐྲག་པའི་སེམས་སྤངས་པ། བསླངས་ན་མི་ཞུམ་བདོག་པ་ཀུན། བཏང་ཡང་མི་དགའ་མེད་པ་དང་།། དབུལ་ཡང་སློང་བ ་མི་སྤོང་བས། ས་ནི་དྲུག་པ་ཡང་དག་ཐོབ་ཅེས་གསུངས་པ་ཡིན་ནོ།། ཇི་སྐད་དུ་མདོ་ལས། ཉན་ཐོས་འདོད་པའི་སེམས་ཡོངས་སུ་སྤང་བར་བྱའོ།། རང་སངས་རྒྱས་འདོད་པའི་སེམས་ཡོངས་སུ་སྤང་བར་བྱའོ།། འཁོར་བ་ལ་སྐྲག ་པའི་སེམས་ཡོངས་སུ་སྤང་བར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། དབྱེ་བ་ཉི་ཤུས་ས་བདུན་པ་ཡོངས་སུ་སྦྱོང་བ་ཡིན་ནོ།། བདག་དང་སེམས་ཅན་འཛིན་པ་དང་། སྲོག་དང་གང་ཟག་ཆད་རྟག་དང་།། མཚན་མ ་རྒྱུ་དང་ཕུང་པོ་དང་། ཁམས་དོང་སྐྱེ་མཆོད་དག་དང་ནི།། ཁམས་གསུམ་པ་ལ་ཆགས་གནས་དང་།། སེམས་ནི་གན་ཏུ་ཞུམ་པ་དང་།། དཀོན་མཆོག་གསུམ་དང་ཚུལ་ཁྲིམས་དང་།། དེར་ལྟ་བ་ལ་མངོན་ཞེན་དང་།། སྟོང་པ ་ཉིད་ལ་རྩོད་པ་དང་། དེ་དང་འགལ་བའི་ཉེས་པ་ནི། ཉི་ཤུ་གང་ལ་རྣམ་ཆགས་པ།། དེ་ཡིས་ས་ནི་བདུན་པ་ཐོབ་ཅེས་གསུངས་པ་ཡིན་ནོ།། གང་གིས་དྲི་མ་ཉི་ཤུ་རྣམ་པར་སྤངས་པས་ས་བདུན་པ་གནོན་པ་ཡིན་ནོ།། ཡང ་དེབང་ལ་རྣམ་པ་ཉི་ཤུས་ཡིན་ཏེ། རྣམ་ཐར་སྒོ་གསུམ་ཤེས་པ་དང་། འཁོར་གསུམ་རྣམ་པར་དག་ཉིད་དང་། སྙིང་རྗེས་རློམ་པ་མེད་པ་དང་།། ཆོས་མཉམ་ཉིད་དང་ཚུལ་ཅིག་ཤེས། མི་སྐྱེ་བ་ལ་བཟོད་པ་དང་།། ། ཆོས་རྣམས ་རྣམ་པ་གཅིག་སྟོན་པ། སྟོག་པ་ཀུན་དུ་འཇོམས་པ་དང་།། འདུ་ཤེས་ལྷ་དང་ཉོན་མོངས་སྤོང་།། ཞི་གནས་ངེས་པར་སེམས་པ་དང་། ལྷག་མཐོང་ལ་ནི་མཁས་པ་དང་། སེམས་དུལ་བ་དང་ཐམས་ཅད ་ལཐོག་པ་མེད་པའི་ཡེ་ཤེས་དང་།། ཆགས་པའི་ས་མིན་གར་འདོད་པར། ཞིང་གཞན་དུ་ནི་མཉམ་འགྲོ་དང་། ཀུན་དུ་བདག་གི་ངོ་བོ་ནི། སྟོན་པ་ཉིད་དང་ཉི་ཤུའོ་ཞེས་བྱ་བ་བསྟན་པ་ཡིན་ནོ།། ཇི་སྐད་དུ་མདོ་ལས། སྟོང་པ་ཉིད་ཀྱིས ་རབ་ཏུ་ཕྱེ་བ་དང་། མཚན་མ་མེད་པ་མངོན་སུམ་དུ་བྱས་པ་དང་། སྨོན་པ་མེད་པའི་ཡེ་ཤེས་དང་།། བརྩེ་བ་ནི་སྙིང་རྗེ་བའོ།། དེ་དག་དང་རློམ་པ་མེད་པ་ལ་ཞེས་བྱ་བ་ལྀ་སོགས་པ་གསུངས་པ་ཡིན་ནོ།། དེ་ལ་སྙིང་རྗེ་ནི་སྐལ་པ་དམན ་པ་རྣམས་ལའོ།། ཕན་གདགས་པའི་དུས་ལ་རྟོག་པའི་བསྡམ་པས་སྙིང་རྗེ་བྱ་བ་དང་ལྡན་པའི་སྐལ་པ་དང་ལྡན་པ་རྣམས་ལ་ཕན་གདགས་པས་བསྡུ་བར་སྦྱོར་བ་ཡིན་ནོ།། དབྱེ་བ་རྣམ་པ་བཞིས་ས་བརྒྱུད་པ་ཡོངས་སུ་སྦྱོང་ངོ་།། ་ཡང་རྣམ་པ་བཞི་ནི་འདི་དག་ཡིན་ཏེ། སེམས་ཅན་ཀུན་ཡིད་ཤེས་པ་དང་།། མངོན་པར་ཤེས་པས་རྩེ་བ་དང་།། སངས་རྒྱས་ཉིད་བཟང་སྒྲུབ་པ་དང་། སངས་རྒྱ་སྣ་བསྟེན་དང་དབང་པོ་ཤེས།། ཞིང་གི་སྦྱོང་བ་སྒྱུ་མ་ཡི།། ཏིང་ངེ ་འཛིན་ནི་ཐོབ་པ་དང་། བསམས་བཞིན་སྲིད་པ་ལེན་པ་དང་། ལས་ནི་རྣམ་པ་བརྒྱད་དུ་འདོད་ཅེས་བསྟན་པ་ཡིན་ནོ།། ཞི་སྦྱོང་ཞེས་བྱ་བ་ནི་སེམས་ཅན་གྱི་འཇིག་རྟེན་ནི་སེམས་ཅན་གྱི་སྟེ། བྱང་ཆུབ་སེམས་དཔའ་འཇམ ་དཔལ་གྱི་སངས་རྒྱས་ཀྱི་ཞིང་ལྟ་བུའོ།། ཆོས་རྣམ་པ་བཅུ་གཉིས་སྒྲུབ་པས་ས་དགུ་པ་ཡོངས་སུ་སྤྱོད་པ་ཡིན་ཏེ། སྨོན་ལམ་དག་ནི་མཐར་ཡས་དང་། ལྷ་ལ་སོགས་པའི་སྐད་ཤེས་དང་།། སྤོབས་པ་ཆུ་བོ་ལྟ་བུ་དང་།། མངལ་དུ ་འཇུག་པའི་མཆོག་དང་ནི། རིགས་དང་རུས་དང་ཚེ་འབྲང་དང་། འཁོ་ར་དང་སྐྱེ་གནས་དག་དང་ནི། ངེས་འབྱུང་བྱང་ཆུབ་ཤིང་རྣམས་ཀྱིས།། ཡོན་ཏན་ཕུན་ཚོགས་རྫོགས་པ་ཡིན། ཞེས་བསྟན་པ་ཡིན་ནོ།། སུ་བཅུ་པ་ཉིད་ནི་དེ་བཞིན ་གཤེགས་པ་ཉིད་དུ་བརྗོད་དོ་ཞེས་བྱ་བ་ནི་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་མཛད་པ་ཉེ་བར་གནས་པོས་དེ་ལ་དེ་བཞིན་གཤེགས་པར་བརྗོད་ཀྱི་དེ་བཞིན་གཤེགས་པའི་ཐུགས་སུ་ཆུད་པ་ལས་དགོངས་པ་མ་ཡིན་ནོ།། ་ས་དང་པོ་ལ་སོགས་པ་དེ་དག་གི་ཡང་ཡོངས་སུ་སྦྱོང་བའི་ཆོས་བསྟན་ན་དེ་ལ་བཤད་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷག་པའི་བསམ་པ་ཡོངས་སུ་སྦྱོང་བ་ཞེས་བྱ་བ་ནས་བརྩམས་ཏེ། བྱང་ཆུབ་སེམས་དཔའ ་ས་བཅུ་ཞེས་བྱ་བའི་བར་དུ་སྟེ། རང་གི་མཚན་ཉིད་རེ་རེ་ནོས་མི་དམིགས་པའི་རྣམ་པར་བསྟན་ཏོ།། བྱང་ཆུབ་སེམས་དཔའི་ས་བཅུ་པ་ཇི་ལྟ་བུ་ཞེ་ན། ས་དགུ་ལས་ཤིན་ཏུ་འདས་ནས་སངས་རྒྱས་ཀྱི་སོ་ལ་འཇུག་པ་ཡིན་ཏེ། སོ་དགུ་འདས་ནས་ཡེ ་ཤེས་ནི། གང་གིས་སངས་རྒྱས་སར་གནས་པ། དེ་ནི་བྱང་ཆུབ་སེམས་དཔའི་ས།། བཅུ་པ་ཡིན་པའི་ཤེས་པར་བྱ།། ཞེས་བསྟན་པ་ཡིན་ནོ།། དེ་ལས་དགུ་ནི་འདི་ལྟ་སྟེ། དཀར་པོ་རྣམ་པར་མཐོང་བའི་ས་ནི་དད་པ་དང་། ཆོས་ཀྱི་རྗེས་སུ ་འབྲང་བ་དང་། མོས་པ་སྤྱོད་པའི་ས་ཡིན་ནོ།། དེ་ལ་རིགས་ཀྱི་ས་ནི་ཉན་ཐོས་ལ་སོགས་པའི་རིགས་ཀྱི་མཚན་ཉིད་ཡིན་ནོ།། དེ་ལ་ཡང་བརྒྱད་པའི་སུ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་དང་པོ་ཡིན་ནོ།། དེ་ལ་ཡང་མཐོང ་པའི་ས་ནི་རྒྱུན་དུ་ཞུགས་པའི་ས་ཡིན་ནོ།། དེ་ལ་ཡང་བསློབ་པའི་ས་ནི་ལན་གཅིག་ཕྱིར་འོང་བའི་ས་ཡིན་ནོ།། འདོད་ཆགས་དང་བྲལ་བའི་ས་ནི་དེ་ཡང་ཕྱིར་མི་འོང་བའི་སྣ་ཡིནོ།། བྱས་པ་རྟོགས་པའི་ས་ནི་དེ་ཡང་དགྲ་བཅོམ་པའི་ས་ཡིན་ནོ།། ། ་རང་སངས་རྒྱས་ཀྱི་ས་དང་། བྱང་ཆུབ་སེམས་དཔའི་ས་དང་རྣམ་པ་དགུ་ཡིན་ནོ།། སའི་ཚོགས་བསྟན་ནས་གཉེན་པོའི་ཚོགས་བརྗོད་པར་བྱ་སྟེ། མཐོང་དང་གོམས་པའི་ས་དག་ལ། གཟུང་དང་འཛིན་པའི་དབྱེ་བ་རྣམས། ཉེ་བར་ཞི་བར ་བྱ་བའི་ཕྱིར།། གཉེན་པོ་རྣམ་པ་བརྒྱད་ཅེས་བྱ་ཞེས་བསྟན་པ་ཡིན་ནོ།། དེ་ལ་ཡང་རྣམ་པར་རྟོག་པ་བརྒྱད་དོ།། འདི་དག་ནི་རེ་ཞིག་མཐོང་བའི་ལམ་གྱི་མི་མཐུན་པའི་ཕྱོགས་རྣམ་པར་རྟོག་པ་བཞི་ཡིན་ནོ།། དེ་ལ་གཟུང་བའི་རྣམ་པར ་རྟོག་པ་ནི་རྣམ་པ་གཉིས་ཏེ། དངོས་པོའི་རྟེན་ཅན་དང་། གཉེན་པོའི་རྟེན་ཅན་ནོ།། འཛིན་པའི་རྣམ་པར་རྟོག་པ་ཡང་རྣམ་པ་གཉིས་ཏེ། གང་ཟག་རྫས་སུ་ཡོད་པའི་རྟེན་ཅན་དང་། སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་ནོ།། བསྒོམ ་པའི་ལམ་གྱི་མི་མཐུན་པའི་ཕྱོགས་ཀྱང་བཞི་པོ་ཁོ་ན་ཡིན་ནོ།། དངོས་པོའི་རྣམ་པ་ཙམ་གྱི་རྟེན་ཅན་དང་། གཉེན་པོའི་རྣམ་པའི་རྟེན་ཅན་ཏེ། རྣམ་པ་གཉིས་སོ།། འཛིན་པའི་རྣམ་པར་རྟོགས་པ་ཡང་འཕགས་པའི་གང་ཟག ་ཐམས་ཅད་བཏགས་པའི་རྟེན་ཅན་དང་། བཏགས་པ་དེའི་མཚན་མའི་རྟེན་ཅན་ཏེ། རྣམ་པ་གཉིས་སོ།། རྣམ་པར་རྟོག་པ་དེ་དག་ནི་ཁམས་གསུམ་གའི་ཡིན་ནོ།། ཞེས་བསྟན་པ་ཡིན་ནོ།། རབ་འབྱོར་ཁྱོད་ཀྱིསྲ་གང་འདི་སྐད་དུ་དེ ་ལ་གང་ལས་ངེས་པར་འབྱུང་བར་འགྱུར་ཞེས་སྨྲས་པ་ནི་ཁམས་གསུམ་ལས་ངེས་པར་འབྱུང་བར་འགྱུར་རོ།། གང་གི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པར་འགྱུར་བ་ནི་གཉིས་སུ་མེད་པའི་རྣལ་འབྱོར་རོ།། ་ཇི་ལྟར་གནས་པར་འགྱུར་པ་དེའི་མི་མ་ཐུན་པའི་ཕྱོགས་སུ་གྱུར་པ་གཉིས་མཐོང་བ་དང་། སྒོམ་པ་གཉིས་ཀྱི་མི་དམིགས་པའི་རྣལ་འབྱོར་གྱིས་རྣམ་པར་མི་རྟོག་པ་ལ་སྦྱོར་ཞེས་བྱ་བའི་དོན་ཏོ།། དེ་ཅིའི་ཕྱིར་ཞེ་ན། ཐེག་པ་ཆེན ་པོ་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཡིན་པའི་ཆོས་དེ་གཉི་ག་ལ་ཡང་ལྡན་པ་མ་ཡིན། མི་ལྡན་པ་ཡང་མ་ཡིན་པའི་ཕྱིར་རོ།། གཟུགས་མེད་པ་ཞེས་བྱ་བ་ལ་སོགས་པས་ནི་དེ་ལ་མཐོང་བའི་ལམ་གྱི་རྣམ ་པར་རྟོག་པ་དང་པོའི་གཉེན་པོའི་དབང་དུ་མཛད་ནས་ཆོས་ཀྱི་དབྱིངས་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་དང་། ནུམ་མཁའ་དང་། སྤངས་པ་དང་། འདོད་ཆགས་དང་བྲལ་བའི་དབྱིངས ་རྣམས་དང་། སྐྱེ་བ་མེད་པ་དང་། འགོག། པ་དང་། ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་ལ་སོགས་པ་ངེས་པར་འབྱུང་བ་མི་འཐད་པ་ཉིད་ཀྱི་ཕྱིར་མཚན་ཉིད་མེད་པའི་ཆོས་རྣམས་འབྱུང་བར་འདོད་པ་ཡིན་ནོ།། དེ་བཞིན་དུ་ཕུང ་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ལ་སོགས་པ་ངེས་པར་འབྱུང་བ་མི་འཐད་པས་མཚན་མ་མེད་པའི་ཆོས་རྣམས་འབྱུང་བར་འདོད་པ་བཀག་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། གཟུགས་ལ་སོགས ་པའི་ཕུང་པོ་ལ་སོགས་པ་རྣམས་ནི་གཟུགས་ལ་སོགས་པོས་སྟོང་པའི་ཕྱིར་རོ།། ཕྱིར་ཞེ་ན། དེ་རྣམས་ཀྱིས་སྟོང་པ་ཉིད་དང་། ཁམས་གསུམ་ནས་ངེས་པར་འབྱུང་བ་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས ་པཱ་བཀུག་པས་རྨི་ལཱམ་དང་། སྨིག་རྒྱུ་དང་། སྒྱུ་མ་དང་། སྒྲ་བསྙེན་དང་། མིག་ཡོར་དང་། གཟུགས་བསྟན་དང་། སྤྲུལ་པ་རྣམས་ངེས་པར་འབྱུང་བ་མི་འཐད་པས་མཚན་ཉིད་མེད་པའི་ཆོས་རྣམས་འབྱུང་བར་འདོད་པ་བཀག་པ ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དེ་རྣམ་ས་ཀྱི་རང་བཞིན་ཁམས་གསུམ་ལྔས་ངེས་པར་འབྱུང་བ་བཀག་པ་རྣམ་པ་ཐ་མས་ཅད་མཁྱེན་པ་ཉིད་དུ་གནས་པ་ཡིན་པ་བཀག་པའི་ཕྱིར་རོ།། དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ཀྱི་རང་བཞིན ་དེ་དག་སྟོང་པ་ཉིད་ཀྱི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ།། མཐོང་བའི་ལམ་གྱི་གཟུང་བའི་རྣམ་པར་རྟོག་པ་གཉིས་པའི་གཉེན་པོའི་དབང་དུ་མཛད་ནས་ཕ་རོལ་ཏུ་ཕྱིན་པ་རྣམས་ངེས་པར་འབྱུང་བ་མི་འཐོད་པས་མཚན་ཉིད་མེད་པའི་ཆོས ་རྣམས་ངེས་པར་འབྱུང་བ་གནས་པ་བཀག་པ་ཡིན་ནི། དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ཀྱི་ངོ་བོ་དང་། ཁམས་གསུམ་ལ་ངེས་པར་འབྱུང་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བཀག་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ཀྱི ་རང་གི་ངོ་བོ་དེ་དག་སྟོང་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ།། མཐོང་བའི་ལམ་གྱི་འཛིན་པའི་དབང་དུ་མཛད་ནས་དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཡང་དག་པར་རྫོགས ་པའི་སངས་རྒྱས་རྣམས་ངེས་པར་འབྱུང་བར་མི་འཐད་པས་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བ་ལ་གནས་པ་བཀག་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་དེ་དག་གིས་སྟོང་པའི་ཕྱིར་རོ།། དེ་ཅིའི་ཕྱིར་ཞེ་ན། ་དེ་རྣམས་ཀྱི་སྟོང་པ་ཉིད་དང་། ཁམས་གསུམ་ལས་ངེས་པར་འབྱུང་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བ་བཀླག་པ་ཡནྡི་ནོ། དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ཀྱི་རང་གི་ངོ་བོ་དེ་དག་གིས་སྟོང་པའི་ཕྱིར་རོ།། ། ་དེ་བཞིན་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་དང་། རང་བྱང་ཆུབ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རང་གི་ངོ་བོ་དེ་དག་སྟོང་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བསྟོན་པ་ཡིན་ནོ།། མཐོང་བའི་ལམ་གྱི་འཛིན་པའི་རྣམ་པར་རྟོག་པ ་གཉིས་པའི་གཉེན་པོའི་དབང་དུ་མཛད་ནས་མིང་དྲང་། མཚན་མ་དང་། བཱརྡུའུ་དང་། ཐ་སྙད་དང་། གདགས་པ་རྣམས་ངེས་པར་འབྱུང་བ་མི་འཐད་པས་མ་ཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བ་ལ་གནས་པ ་བཀག་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ནི་དེ་རྣམས་ཀྱིས་སྟོང་པའི་ཕྱིར་རོ།། དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ཀྱི་སྟོང་པ་ཉིད་དང་། ཁམས་གསུམ་ལས་ངེས་པར་འབྱུང་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད ་དུ་གནས་པ་བཀུག་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དྲི་རྣམས་ཀྱི་རང་གི་ངོ་བོ་དེ་དག་སྟོང་པ་ཉིད་ཡིན་པའི་ཕྱིར་རོ།། དེ་ལ་མིང་དུ་བཏགས་པ་ནི་འདུ་ཤེས་དང་། གཟུགས་དང་། ཚོར་བ་དང་ཞེས་བྱ་བ་ལ ་སོགས་པའོ།། མཚན་མར་བཏགས་པ་ནི་དངོས་པོ་འདི་ནི་གཟུགས་སུ་རུང་བ་རཱི་མཚན་ཉིད་ཡིན་པས་གཟུགས་སོ་ཞེས་བྱ་བ་ལ་སོགས་པའོ།། ཚོར་བ་ནི་ཉམས་མྱོང་བའོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ།། བཛྲར་བཏགས་པ་ནི་ཁམས ་དང་། འགྲོ་བ་དང་སྐྱེ་གནས་ལས་སྐྱེས་པའི་དབྱེ་བས་སེམས་ཅན་རྣམས་རང་གི་སྐད་དང་བརྡར་ཇི་ལྟར་གྲགས་པའོ།། འདི་དག་ཐམས་ཅད་ཀྱི་དབྱེ་བ་ཡང་རྣམ་པ་གསུམ་སྟེ། ཐ་སྙད་དང་བཏགས་པ་དང་། ཐ་སྙད་ཇི་ལྟ་ཇི་ལྟ་བའི་རྗེས་སུ ་འཇུག་པ་ཙམ་ཉིད་ཡོན་གྱི་དོན་དམ་པར་སྟོང་པ་ཉིད་ཡིན་ནོ།། དེ་བཞིན་དུ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པོ་དང་། རྣམ་པར་བྱང་བ་དང་། མངོན་པར་འདུས་མ་བྱས་པ་རྣམས་རང་བཞིན་གྱིས་སྟོང་པ ་ཉིད་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ།། བསྒོམ་པའི་ལམ་གྱི་གཟུང་བའི་རྣམ་པར་རྟོག་པའི་གཉེན་པོའི་དབང་དུ་མཛད་ནས་རབ་འབྱོར་ཁྱོད་ཀྱིས་གྲོང་འདི་སྐད་དུ་དེ་གང་དུ་གནས་པར་འགྱུར་ཞེས་སྨྲས་པ་ནི་ཐེག་པ་དེ་གང ་དུ་ལང་གནས་པོར་འགྱུར་བ་མེད་དེ། རབ་འབྱོར་འདི་ལྟར་ཆོས་ཐམས་ཅད་མི་གནས་པ་སྟེ། ཡང་རབ་འབྱོར་མི་གནས་པར་མི་གནས་པོའི་རྣལ་འབྱོར་གྱིས་གནས་པི་ཞེས་བྱ་བ་ནས་བརྩམས་ཏེ། ཆོས་ཀྱིས་དབྱིངས་དང ་ཕྱུང་མེད་པ་དང་། འགག་པ་སྐད་པ་དང་། ག་སུས་ན་མོངས་པ་དང་། རྣམ་པར་བྱུང་བ་མེད་པཱ་ད་། མུནྡོ་པཱུ་བ་སྒྲུ་བསྤྱད་པ་ཉིད་ཅག་པ་རྒྱུན་པོ་ལ་སྤྱནས་བྷཱ་ད་། མྱེ་གནས་པ་བཀག་པ་ཡིན་ནོ།། འི་བྱ་། ་དེ་རྣམས་དེ་དག་གི་སྟོང་པའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་གནས་པ་དང་། མི་གནས་པོ་དཀླག་པ་ཡིན་ནོ།། དེ་ཅིའི་ཕྱིར་ནི་ནི།། དེ་རྣམས་ཀྱི་རང་གི་ངོ་བོ་དེ་དག་སྟོང་པ་ཉིད་ཡིན་པའི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། བསྒོམ་པའི ་ལམ་གྱི་གཟུང་བའི་རྣམ་པར་རྟོག་པ་གཉིས་པའི་གཉེན་པོའི་དབང་དུ་མཛད་ནས་རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་ཐེག་པ་དེས་གང་ཞིག་ངེས་པར་འབྱུང་བར་འགྱུར་ཞེས་སྨྲས་པ་ནི་ཐེག་པ་དེས་གང་ཡང་ངེས་པར་འབྱུང་བ ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནཱི་འདི་ལྟར་ཐེག་པ་དེ་གང་ཡིན་པ་དང་། གང་ངེས་པར་འབྱུང་བར་འགྱུར་བའི་ཆོས་དེ་དག་ཐམས་ཅད་མེད་ཅིང་མི་དམིགས་ནི་ཆོས་རྣམས་ལས་ཆོས་གླང་གིས་ངེས་པར་འབྱུང ་བར་འགྱུར་ཞེས་བྱ་བ་ནས་བརྩམས་ཏེ། དེ་ཅིའི་ཕྱིར་ཞེ་ན། བདག་དང་། སེམས་ཅན་དང་། སྲོག་ལ་སོགས་པ་རྣམ་སྣ་ཤིན་ཏུ་རྣམ་པར་དག་པ་ཉེ་བར་གཟུང་བའི་ཕྱིར་དམིགས་སུ་མེད་དོ།། ཆོས་ཀྱི་དབྱིངས་ལ་སོགས་པ ་རྣམས་དང་། ཕུང་པོ་རྣམས་ནས་མ་འདྲེས་པའི་བར་རྣམས་ཀྱང་ཤིན་ཏུ་རྣམ་པར་དག་པ་ཉེ་བར་གཟུང་བའི་ཕྱིར་མི་དམིགས་ཏེ། སོ་སོ་རང་གི་ངོ་བོར་དམིགས་པ་ཉེ་བར་མི་དམིགས་སོ།། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས ་ཀྵི་དབྱིངས་དམིགས་སུ་མེད་དོ།། ཞེས་བྱ་བ་ནས་མ་འདྲེས་པ་རྣམས་ཀྱི་བར་དུ་དམིགས་པ་མི་དམིགས་སོ་ཞེས་བྱ་བ་བསྟན་པ་ཡིན་ནོ།། འདིར་ཤིན་ཏུ་རྣམ་པར་དག་པ་སྨོས་པ་ནི་བསྒོམ་པའི་ལམ་གྱི ་ཤིན་ཏུ་རྣམ་པར་དག་པའི་རྒྱུ་མཚན་ཤེས་པ་ཡིན་པའི་ཕྱིར་རོ།། བསྒོམ་པའི་ལམ་གྱི་འཛིན་པའི་རྣམ་པར་རྟོག་པའི་གཉེན་པོའི་དབང་དུ་མཛད་ནས་རྒྱུན་དུ་ཞུག་ས་པ་ལ་སོགས་པ་རྣམས་ནས་ཡང་དག་པར་རྫོགས་པའི ་སངས་རྒྱས་ཀྱི་བར་དུ་ཤིན་ཏུ་རྣམ་པར་དག་པ་ཉེ་བར་གཟུང་བའི་ཕྱིར་དམིགས་སུ་མེད་དོ།། གང་དག་དམིགས་སུ་མེད་ཅེ་ན། རུང་རང་གི་ངོ་བོ་དམིགས་སུ་མཽ་ད་དོ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྒྱུན་དུ་ཞུགས་པ་དམིགས ་སུ་མེད་དོ་ཞེས་བྱ་བ་ན་ས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱོ་བར་དུ་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་མི་དམིགས་སོ་ཞེས་བསྟན་པ་ཡིན་ནོ།། བསྒོམ་པའི་ལམ་གྱི་འཛིན་པའི་རྣམ་པར་རྟོག་པ་གཉིས་པའི་གཉེན ་པོའི་དབང་དུ་མཛད་ནས་རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་རྣམས་དང་། རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་རྣམས་དང་། དཀར་པོ་རྣམ་པར་མཐོང་བའི་ས་དང་། རིགས་ཀྱི་ས་དང་། བརྒྱད་པའི་ས་དང ་མཐོང་བའི་ས་དང་། བསྲབས་པའི་ས་དང་། འདོད་ཆགས་དང་བྲལ་བའི་ས་དང་། བྱས་པ་རྟོགས་པའི་ས་དང་། རང་སངས་རྒྱས་ཀྱི་ས་དང་། སངས་རྒྱས་ཀྱི་ས་རྣམས་ལམ་གྱི་འབྲས་བུ་གྱུར་པ་འཕགས་པའི་གང་ཟག ་ཐམས་ཅད་གདགས་པའི་རྒྱུ་མཚན་མི་དམིགས་སོ་ཞེས་བསྟན་པ་ཡིན་ནོ།། ཡང་གང་རྣམ་པར་རྟོགས་པ་བཞི་པོ་སྔར་བསྟན་པ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་འབྲེལ་པ་ཡིན་ནོ།། དེ་ལྟར་འདིར་ནི་ཡང་གཉེན་པོའི་དབང ་དུ་མཛད་པའི་རྣམ་པར་རྟོག་པ་བརྒྱད་བསྟན་པ་ཡིན་ནོ།། སྙིང་རྗེ་ལ་སོགས་པ་འདི་དག་ནི་བྱང་ཆུབ་ཀྱི་རྒྱུའི་ངོ་བོ་ཡིན་པའི་ཕྱིར་ཚོགས་ཞེས་བྱའོ།། མངོན་པར་རྟོགས་པའི་རྒྱན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གིས་བསྟན ་བཅོས་ལས་ཚོགས་ཀྱི་བསྒྲུབ་པའི་རྣམ་པར་འགྲེལ་པའོ།། །། ཚོགས་ཀྱི་བསྒྲུབ་པ་བཤད་ནས་ངེས་པར་འབྱུང་བའི་སྒྲུབ་པ་བཤད་པར་བྱ་སྟེ། ཆེད་དུ་བྱ་དང་མཉམ་ཉིད་དང་།། སེམས་ཅན་དོན་ལ ་འབད་མེད་དང་།། ཤིན་ངེས་པར་འབྱུང་བ་དང་།། ཐོབ་པའི་ངེས་པར་འབྱུང་ཉིད་དང་།། རྣམ་པ་ཐམས་ཅད་མཁྱེན་ཉིད་དུ། ངེས་པར་འབྱུང་བའི་ལམ་ཉིད་དང་།། ། རྣམ་པ་བརྒྱད་ཀྱི་བདག་ཉིད་ནི། ངེས་འབྱུང་སྒྲུབ་པ་ཡིན ་ཞེས་བྱ་ཞེས་བསྟན་པ་ཡིན་ནོ།། དེ་ལ་ངེས་པར་འབྱུང་བའི་སྒྲུབ་པ་ནི་རྣམ་པ་བརྒྱད་དུ་འགྱུར་ཏེ། འདི་ལྟ་སྟེ། ཆེད་དུ་བྱི་བའི་ངེས་པར་འབྱུང་བ་དང་། མཉམ་པ་ཉིད་ཀྱིས་ངེས་པར་འབྱུང་བ་དང་། སེམས་ཅན་གྱི ་དོན་གྱི་ངེས་པར་འབྱུང་བ་དང་། ལྷུན་གྱིས་གྲུབ་པའི་ངེས་པར་འབྱུང་བ་དང་། ཤིན་ཏུ་ངེས་པར་འབྱུང་བ་དང་།། ཐོབ་པའི་ངེས་པར་འབྱུང་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འཐུང་བ་དང་། ་ལམ་གྱི་ངེས་པར་འབྱུང་བའོ།། དེ་ལ་ཆེད་དུ་བྷ་བའི་ངེས་པར་འབྱུང་བའི་རྣམ་པ་གསུམ་སྟེ། མཆོག་ཏུ་ངེས་པར་འབྱུང་བ་དང་། སྤང་བའི་ངེས་པར་འབྱུང་བ་དང་། རྟོག་པའི་ངེས་པར་འབྱུང་བའོ།། ་གང་དུ་མཆོག་ཉིད་ངེས་པར་འབྱུང་བའི་དབང་དུ་མཛད་ནས། ཇི་ལྟར་འདི་ལྟར་དེ་དང་དེ་ཞེས་བྱ་བ་ནས་བརྩམས་ཏེ། གོ་ཆ་ཆེན་པོ་བགོས་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་གོ་ཆེའི་སྒྲུབ་པ་ཆེན་པོ་ཉིད་དང་། ཐེག་པ་ཆེན་པོ ་ལ་ཡང་ཞོན་པ་ཞེས་བྱ་བ་འཇུག་པའི་ཆེ་བ་ཉིད་དང་། ཅིའི་ཕྱིར་གོ་ཆ་ཆེན་པོ་བགོས་པ་ཞེས་བྱ་བའི་ཚིགས་ཀྱི་སྒྲུབ་པའི་ཆེ་བ་ཉིད་ཀྱིས་འདིའི་ཆེན་པོ་རྣམ་པ་གསུམ་པོ་ངེས་པར་འབྱུང་བའི་བསྒྲུབ་པ་ནས་བརྩམས་ཏེ། དེ་ནི་འཐད་པར་འགྱུར ་བབ་ཡིན་ནོ།། བཅོམ་ལྡན་འདས་ཐེག་པ་ཆེན་པོ་ཞེས་བགྱི་བ་འདི་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བར་འགྱུར་བས་ཤེས་གནས་བརྟན་ར་བ་འབྱོར་གྱིས་ངེས་པར་འབྱུང་བའི་སྒྲུབ་པ ་བསྟན་ནས། དེ་ཉིད་བསྟན་པ་ནི་རབ་འབྱོར་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོརི་ཐེག་པ་ཆེན་པོ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་དང ་སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། མ་འདྲེས་པའི་བར་དུ་ཇི་སྐད་དུ་བསྟན་པ་རྣམས་ཐེག་པ་ཆེན་པོའི་ངེས་པར་འབྱུང་བ་ནས་བརྩམས་ཏེ། རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ ་ཐེག་པ་ཆེན་པོ་དེ་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བར་འགྱུར་རོ་ཞེས་སྨྲས་པ་ནི་རབ་འབྱོར་གལ་ཏེ་འདོད་པའི་ཁམས་དེ་བཞིན། མ་ནོར་བ་དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན ་ཅི་མ་ལོག་པ་ཡིན་ཏེ། དེ་ཁོ་ན་བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་དུ་རྟག་ཅིང་བསྟན་ལ་ཐེག་ཟུག་མི་འགྱུར་པའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ ་གྱིས་མནན་ཅིང་འབྱུང་བར་མི་འགྱུར་རོ།། གང་གི་ཕྱིར་རབ་འབྱོར་འདོད་པའི་ཁམས་དེ་རྣམ་པར་བརྟགས་པ་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པར་ཡོངས་སུ་བརྟགས་པའི་མ་རིག་པས་རྣམ་པར་བཞག་ཅིང་དེ་ནི་སྦྱིན་གྱིས ་འདུ་བྱེད་ཀྱིས་རྣམ་པར་བསྒྲུབས་པ་སྲེང་པ་དང་། ལེན་པ་དང་།། སྲིད་པ་ཡོངས་སུ་འགྱུར་བའི་ཆོས་ཅན་ཡིནྡ་ནོ།། དེ་བས་ན་ཐེག་པ་ཆེན་པོ་འདིས་ལྷ་དང་མི་དུང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས ་ངེས་པར་འབྱུང་བར་འགྱུར་རོ།། ། དེ་ཅི་ཞིག་ཡིན་ཞེ་ན། འཇིག་རྟེན་གྲགས་པ་ཙམ་གྱི་དོན་ཇི་ལྟ་བ་ཉིད་མ་ཡིན་པས་མངོན་པར་རྟོག་པའི་འབྲས་བུའི་ཐེག་པ་ཆེན་པོ་ནི་དེ་ལ་མངོན་པར་ཞེན་པའི་བཅིང་པ་ཉིད་ཡིན་ཞེས ་བསྟན་པའི་ཕྱིར་རོ།། གཞན་ཏུ་ན་ཐེག་པ་ཆེན་པོ་གཉེན་པོ་ཉིད་ནི་དོན་མེད་དོ་ཞེས་བྱ་བ་ཡིན་ནོ།། དེ་ལ་དམིགས་པ་དང་། དམིགས་པ་པོ་དང་། གཉི་གའི་དབང་དུ་མཛད་ནས་ཚིག་དང་པོ་དང་། བཞི་པ་དང་། ་བདུན་པའོ།། གཉིས་པ་གཉིས་ནི་སྔ་མ་དག་གི་བཤད་པ་དག་གི་ཚིག་ཡིན་ལ། དེ་ནས་དེ་ལ་གཞན་གསུམ་གྱི་དབང་དུ་བྱས་ནས་ནི་ཚིག་གསུམ་ཡིན་ནོ། དེ་བཞིན་དུ་དམིགས་པ་ལ་སོགས་པ་དྲི་རྣམས ་ཀྱིས་མཉམ་པའི་ངེས་པར་འབྱུང་བར་འགྱུར་བས་གཞན་དུ་འགྱུར་བའི་ཆོས་ཅན་ནི་ཚིག་བཅུ་གཅིག་ཡིན་པར་ཤེས་པར་བྱའོ།། དེ་བཞིན་དུ་གཟུགས་དང་། གཟུགས་མེད་པའི་ཁམས་དང་། ཕུང་པོ་ལ་སོགས་པ་དང་། ཆོས་ཀྱི་དབྱིངས ་དང་། ཡང་དག་པའི་མཐའ་དང་། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནས་མ་འདྲེས་པའི་བར་དུ་དངོས་པོ་དང་དངོས་པོ་མེད་པར་བཀག་པར་གསུངས་པ་ནི་ཐེག་པ་ཆེན་པོའི་ངེས་པར་འབྱུང་བ་ཡིན་པར་འདོད་པའི་འོག་མ་རྣམས་ལ་ཡང ་ཁས་བླངས་པར་བྱའོ་ཞེས་བསྟན་པ་ཡིན་ནོ།། སྤབ་པའི་ངེས་པར་འབྱུང་བའི་དབང་དུ་མཛད་ནས་རིགས་ཀྱི་སའི་ཆོས་དང་། རྒྱད་པའི་སའི་ཆོས་དང་། རྒྱུན་དུ་ཞུགས་པ་ལ་སོགས་པའི་ཆོས་རྣམས་དང་། རིགས་ཀྱི་སའི་གང་ཟག་ནས ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་དང་། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་དངོས་པོ་ཡོད་པ་དང་དངོས་པོ་མེད་པ་མ་ཡི་ནི་ན་ནི་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དད་ལྷ་མ་ཡིན་དུ་བཅས་པའི ་འཇིག་རྟེན་དངོས་པོ་དང་། དངོས་པོ་མེད་པ་བཀག་པས་ཐེག་པ་ཆེན་པོ་ངེས་པར་འབྱུང་བ་བསྟན་པ་ཡིན་ནོ།། རྟོག་པའི་ངེས་པར་འབྱུང་བའི་དབང་དུ་མཛད་ནས་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་གཟུང་སྟེ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི ་བར་དུ་སེམས་བསྐྱེད་པ་རྣམས་དངོས་པོ་དང་། དངོས་པོ་མེད་པ་བཀག་པས་ཐེག་པ་ཆེན་པོས་ངེས་པར་འབྱུང་བ་བསྟན་པ་ཡིན་ནོ།། རྡོ་རྗེ་ལྟ་བུའི་ཡེ་ཤེས་དངོས་དང་དངོས་པོ་མེད་པ་བཀག་པས་བསྟན་ནོ།། བྱང་ཆུབ་སེམས་དཔའི་བཀྲ ་ཆགས་ཀྱི་མཚམོས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤོང་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་དང་། ཐེག་པ་ཆེན་པོས་ངེས་པར་འབྱུང་བ་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་དངོས་པོ་དང་དངོས་པོ ་མེད་པ་བཀླག་པས་བསྟན་ཏོ།། སངས་རྒྱས་ཀྱིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གཟི་བརྗིད་དང་དཔལ་གྱིས་མནན་ཅིང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་དངོས ་པོ་དང་དངོས་པོ་མེད་པ་བཀག་པས་བསྟན་ཏོ།། སངས་རྒྱས་ཀྱིས་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་སྙེད་རང་གི་སྐུའི་འོད་ཀྱིས་རྒྱས་པར་འགྲེངས་པར་མཛད་པ་དང་། གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པ་དང་། ས ་པོ་དང་དངོས་པོ་མེད་པ་བཀག་པ་བསྟན་ཏོ།། སངས་རྒྱས་ཀྱིས་ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་རེ་རྗེ་རི་ཞིང་ཚད་མེད་ཅིང་གྲངས་མེད་པའི་འཇིག་རྟེན་གྱི་ཁམས་གསུང་གི་གྲོ་བར་མཱ་ཛད་པ་སྔ་མ་བཞི་ན་ནོ།། དེ་ལ་གསུངས ་དབྱངས་ཡན་ལག་དྲུག་བཅུ་ལས་དེ་ལས་ཀྱང་མཉེན་པོ་གང་ཞེ་ན། འདི་ལྟར་སངས་རྒྱས་ཀྱི་ཁམས་ཀྱི་དགེ་བའི་རྩ་བ་ཉེ་བར་སྟོན་པར་མཛད་པའི་ཕྱིར་མཉེན་པའོ།། མཐོང་བའི་ཆོས་ཉིད་ལ་བདེ་བར་ངེས་པར་མཛད་པའི་ཕྱིར་འཇམ་པའོ།། ། ་དོན་བཟང་པོའི་ཕྱིར་ཡིད་དུ་འོང་བའོ།། ཡཱ་གྲཝ་བཟང་བ་ཕྱིར་ཡང་དུའང་བའོ།། ཡི་གེ་བཟང་པོ་བྱར་ཡིད་དུ་འཐད་པའོ།། འཇིག་རྟེན་ལས་འདས་པ་བླ་ན་མེད་པའི་རྗེས་ལ་ཐོབ་པའི་ཕྱིར་དག་པའོ། ་ཉོན་མོངས་པའི་བག་ལ་ཉལ་གྱི་བྲག་ཆགས་ཐམས་ཅད་དང་བྲལ་བའི་ཕྱིར་དྲི་མ་མེད་པའོ།། ཚིག་དང་། ཡི་གེ་རབ་ཏུ་གྲགས་པའི་ཕྱིར་རབ་ཏུ་གསལ་བའོ།། མུ་སྟག་ཅན་བློ་གྲོས་ངན་པ་ཐམས་ཅད་ཀྱི་ལྟ་བ་རྣམ་པར་འཇོམ་པའི ་སྟོབས་ཀྱི་ཡོན་ཏན་དང་ལྡན་པའི་ཕྱིར་སྙན་ཅིང་འཇེབས་པའོ།། བསྒྲུབས་པོ་ངེས་པར་འབྱུང་བ་དང་ལྡན་པའི་ཕྱིར་མཉན་པར་འོས་པའོ།། ཕ་རོལ་གྱི་སྒྲོལ་བ་ཐམས་ཅད་ཀྱིས་མི་རྩོལ་བའི་ཕྱིར་མི་ཚུགས་པའོ།། ཐམས་ཅད་དགའ ་བར་བྱེད་པའི་ཕྱིར་སྙན་པའི། འདོད་ཆགས་ལ་སོགས་པའི་གཉེན་པོར་གྱུར་པའི་ཕྱིར་དུལ་བའོ།། བསླབ་པ་བཅས་པའི་ཐབས་བདེ་བ་མངའ་བའི་ཕྱིར་མི་རྩུབ་པའོ།། དེ་ལས་འདས་ནི་ངེས་པར་འབྱུང་བའི་ཐབས་ཡང་དག ་པཱར་སྟོན་པར་མཛད་པའི་ཕྱིར་མི་བརླང་བའོ།། ཐེག་པ་གསུམ་གྱིས་འདུལ་སྟོན་པའི་ཕྱིར་རབ་ཏུ་དུལ་བའོ།། རྣམ་པར་གཡེང་བའི་གཉེན་པོ་ཡིན་པོའི་ཕྱིར་རྣམ་པར་སྙན་པའོ།། ཏིང་ངེ་འཛིན་བསྐྱེད་པར་བྱ་བའི་ཕྱིར་ལུས ་སིམ་པར་བྱེད་པའོ།། ལྷག་མཐོང་གིས་རབ་ཏུ་དགའ་བ་བསྐྱེད་པར་མཛད་པའི་ཕྱིར་སེམས་ཚིམ་པར་བྱེད་པའོ།། ཐེ་ཚོམ་གཅོད་པར་མཛད་པའི་ཕྱིར་སྙིང་དགའ་བར་བྱེད་པའོ།། ལོག་པར་ངེས་པ་དང་། མ་ངེས་པ་སེལ ་བས་ན་དགའ་བ་དང་བདེ་བ་བསྐྱེད་པའོ།། སྒྲུ་པ་ལས་འགྱོད་པ་མེད་པའི་ཕྱིར་ཡོངས་སུ་གདུང་བ་མེད་པའོ།། ཐོས་པ་ལས་བྱུང་བའི་ཤེས་པ་ཕུན་སུམ་ཚོགས་པའི་རྒྱུ་ཡིན་པའི་ཕྱི་ཀུན་ཤེས་པར་བྱའོ།། བསམས་པ་ལས་བྱུང ་བའི་ཤེས་པ་ཕུན་སུམ་ཚོགས་པའི་རྐྱེད་ཡིན་བཱ་འི་ཕྱིར་རྣམ་པར་རིག་པར་བྱ་བའོ།། སྒྲིབ་དབེན་གྱི་དཔེ་མ་ཁྱུང་མི་མངའ་བར་ཆོས་སྟོན་པར་མཛད་པའི་ཕྱིར་རྣམ་པར་གསལ་བའོ།། རང་གི་དོན་རྗེས་སུ་ཐོབ་པ་རྣམས་དགའ་བར་བྱེད་པའི ་དགའ་བར་བྱེད་པའོ།། རང་གི་དོན་ཐོབ་པ་རྣམས་ཀྱིས་དགའ་བར་བྱ་བ་ཡིན་པའི་ཕྱིར་མངོན་པར་དགའ་བར་བྱེད་པའོ།། ། བསམ་གྱི་མི་ཁྱབ་པའི་ཆོས་ཡོང་དག་པར་སྟོན་པར་མཛད་པའི་ཕྱིར་ཀུན་ཤེས་པར་བྱེད་པའོ།། བསམ་དུ་རུང་བའི ་ཆོས་རྣམས་ཡང་དག་པར་སྟོན་པར་མཛད་པའི་ཕྱིར་རྣམ་པར་རིག་པར་བྱེད་པའོ།། ཚད་མ་དང་མི་འགལ་བའི་ཕྱིར་རིགས་པའོ།། གདུལ་བྱ་རྣམས་ཇི་ལྟར་རིགས་པར་སྟོན་པར་མཛད་པའི་ཕྱིར་འབྲེལ་པའོ།། དོན་མེད་པ་མི་གསུང་བའི ་ཕྱིར་ཟློས་པའི་སྐྱོན་མེད་པའོ།། མུ་སྟེགས་བྱེད་ཀྱི་ཚོགས་ཐམས་ཅད་སྐྲག་པར་མཛད་པའི་ཕྱིར་སེང་གེའི་ཤུགས་སོ།། གསུང་རྒྱ་ཆེ་བའི་ཕྱིར་གླང་པོ་ཆེའི་སྒྲ་སྐད་དོ། ཟབ་པའི་ཕྱིར་འབྲུག་གི་སྒྲ་དབྱངས་སོ།། གྲུབ་པ་ཐམས་ཅད་ཀྱང ་སྔོན་དུ་འགྲོ་བར་ཤེས་པ་ཡིན་པའི་ཕྱིར་ཤང་ཤང་ཏེའུའི་སྒྲ་དབྱངས་སུ་གྲག་པའོ།། དེ་ལ་སྒྲ་མོས་པས་ནི་དོན་སྟོན་པའི་མཚན་ཉིད་སྒྲ་ཡིན་པར་གོ་བར་བྱ་བའི་དོན་ཏོ།། དབྱངས་སྨོས་པས་ནི་དེའི་བརྡ་གོ་བར་བྱེད་པའི་དོན་ཏོ།། ་གྲགས་པ་སྨོས་པས་ནི་བརྡ་དེ་དང་རྗེས་སུ་སྒྲོགས་པ་གོ་བར་བྱེད་པའི་དོན་ཡིན་ནོ།། འདྲ་བར་བྱ་བ་མ་ཡིན་པའི་ཕྱིར་ལྷའི་དབང་པོའི་དབྱངས་ལྟར་སྙན་པའོ།། བདུད་དང་ཕྱིར་སྐོལ་བ་ཐམས ་ཅད་ལས་རྣམ་པར་རྒྱལ་བའི་སྔོན་དུ་འགྲོ་བའི་ཕྱིར་རྗེའི་སྒྲའོ།། བསྟོད་པས་ཀུན་ནས་ཉོན་མོངས་པོ་མི་མངའ་བའི་ཕྱིར་མ་ཁེངས་པའོ།། སྨད་པས་ཞུམ་པ་མི་མངའ་བའི་ཕྱིར་མི་དམའ་བའོ།། སྒྲའི་བསྟན་བཅོས་ཐམས་ཅད་ལ ་རྣམ་པ་ཐམས་ཅད་ཀྱི་མཚན་ཉིད་རྗེས་སུ་ཞུགས་པ་ཉིད་ཡིན་པའི་ཕྱིར་སྒྲ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པའོ།། བསྣོལ་ཏེ་གསུང་བ་མི་མངའ་བའི་ཕྱིར་ཚིག་ཟུར་ཆགས་པ་མེད་པའོ།། གདུལ་བྱ་རྣམས་ཀྱི་བྱ་བ་ལ་དུས་ཐམ་ས ་ཅད་དུ་ཉེ་བར་གནས་པར་མཛད་པའི་ཕྱིར་མ་ཚང་བ་མེད་པའོ།། སྙེང་པ་དང་བཀུར་སྟི་ལ་མི་སྟོན་པའི་ཕྱིར་མ་ཞུམ་པའོ།། བསྙེངས་པ་དང་བྲལ་བའི་ཕྱིར་མི་ཞན་པའོ།། སྐྱོ་བ་མེད་པ་ལ་མངར་བརྙེས་པའི་ཕྱིར་རབ་ཏུ་དགའ་བའོ།། ་རིག་པའི་གནས་ཐམས་ཅདདྲ་ལ་མཁས་པ་དང་ལྡན་པའི་ཕྱིར་ཁྱབ་པའོ།། སེམས་ཅན་གྱི་དོན་དེ་དག་ཐམས་ཅད་རྫོགས་པར་མཛད་པའི་ཕྱིར་ཆུབ་བྱའོ།། རྒྱུན་ཆད་པོ་མེད་པའི་ཕྱིར་རྒྱུན་ཆགས་པའོ།། རྣམ་པ་སྣ་ཚོགས་པའི ་རྣམ་པར་རབ་ཏུ་གནས་པའི་ཕྱིར་འབྲེལ་པའོ།། གེསུང་གཅིག་ལས་སྒྲའི་རྣམ་པ་དུ་མར་གནས་པའི་ཕྱིར་སྒྲ་ཐམས་ཅད་རྫོགས་པར་བྱེང་པའོ།། གཅི་ག་ལས་དོན་དུ་མའི་རྣམ་པར་རིག་པ་ཉེ་བར་གནས་པའི་ཕྱིར ་དབང་པོ་ཐམས་ཅད་ཚིམ་པར་བྱེད་པའོ།། ཇི་ལྟར་བཅས་པ་བཞིན་མཛད་པའི་ཕྱིར་མ་སྨད་པའོ།། ཕྱིས་དུས་ལ་བབ་པར་རབ་ཏུ་སྦྱོར་བའི་ཕྱིར་མི་འགྱུར་བའོ།། ཏབ་ཏབ་པོ་མཱི་གསུང་བའི་ཕྱིར་མ་རྟབས་པའོ།། འཁོར་ཐག་རིང ་བ་དང་ཉེ་བས་མཚུངས་པར་ཐོས་པའི་ཕྱིར་ཀུན་དུ་གྲགས་པའོ།། འཇིག་རྟེན་པོ་ཐམས་ཅད་ཀྱི་དོན་དང་། འཇིག་རྐྱེན་ལས་འདས་པའི་དོན་ཐམས་ཅད་དཔེ་ཆོས་སུ་བསྒྱུར་བའི་ཕྱིར་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའོ་ཞེས ་འཕགས་པ་ཐོག་ས་མེངྒ་ཀྱིས་གསུངས་སོ།། ཆོས་ཀྱི་འཁོར་ལོ་ལན་གསུམ་བསྐོར་བ་རྣམ་པ་བཅུ་གཉིས་ཀྱི་ཆོས་ཀྱི་འཁོར་ལོ་དངོས་པོ་དང་དངོས་པོ་མེད་པས་བསྟན་པ་ཡིན་ནོ།། སྔ་མ་བསྐོར་བའི་ཆོས་ཀྱི་འཁོར་ལོ ་ལན་གསུམ་བསྐོར་བ་འདི་ཡིན་ཏེ། སྡུག་བསྔལ་འཕགས་པའི་བདེན་པ་ཡོངས་སུ་ཤེས་པར་བྱའོ།། ཡོངས་སུ་ཤེས་སོ་ཞེས་བྱ་བ་ལ་སོགས་པ་འདི་ལ་རེ་རེ་ཞིང་མིག་དང་། ཤེས་པ་དང་། རིག་པ་དང་། བློ་སྐྱེས་པའི་ཕྱིར ་འདི་ལྟར་རྣམ་པ་བཅུ་གཉིས་སོ།། དེ་བཞིན་དུ་བདེན་པ་རེ་རེ་ཞིང་ཡང་གསུམ་དང་། བཅུ་གཉིས་སུ་ཆོས་མཐུན་པས་ལན་གསུམ་རྣམ་པ་བཅུ་གཉིས་སུ་བསྐོར་བ་ཞེས་གསུངས་པ་ཡིན་ནོ།། སེམས་ཅན་གང་དག་ལ ་བསྐོར་བ་དེ་རྣམས་དངོས་པོ་དང་དངོས་པོ་མེད་པ་བཀག་པར་བསྟན་པས་དུས་གསུམ་པའི་སེམས་ཅན་དེ་དག་ཕུང་པོ་མེ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་འདའ་བའི་ཕྱིར་རོ།། གསོལ ་པ། བཅོམ་ལྡན་འདས་དངོས་པོ་ནི་གང་ཞིག་ལགས། དངོས་པོ་མེད་པ་ནི་གང་ཞིག་ལགས། བཀའ་སྩལ་པ། རབ་འབྱོར་གཉིས་ནི་དངོས་པོའོ།། ། གཉིས་སུ་མེད་པ་ནི་དངོས་པོ་མེད་པའོ་ཞེས ་གསུངས་པ་ཡིན་ནོ།། ངེས་པར་འབྱུང་བ་གསུམ་ནི་ཆེད་དུ་བྱ་བའི་ངེས་པར་འབྱུང་བ་ཡིན་པར་རིག་པར་བྱའོ།། མཉམ་པ་ཉིད་ཀྱི་ངེས་པར་འབྱུང་བའི་དབང་དུ་མཛད་ནས་རབ་འབྱོར་ཁྱོད་ཀྱིས་ག་དྲ་ཡང་འདི་སྐད་དུ་ཐེག་པ་དེ་ནི ་རྣམ་མ་པར་དང་སམ་པའོ་ཞེས་བྱ་བ་ལ་སོགས་པ་དང་། ནམ་མཁའ་དཔེར་བྱས་པས་ནི་ཐེག་པ་ཆེམ་པོ་ལ་ཕྱོགས་ཡོད་པ་ལ་ཤེས་པ་བགག་པ་ཡིན་པས་རིང་པོ་དང་། ཛཱི་། སྒྲེན་པོ་དང་སེར་པོ་དང་སྡིགས་པ་དང་། ་དབྱིབས་དང་། ཁ་དོག་གི་གཟུགས་བཀླག་པ་དང་། དུས་གསུམ་བཀག་པས་ཀུན་ནུས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། སྐྱེ་བ་དང་། འགག་པ་དང་། གནས་པ་དང་། མཐར་ཐུག་པ་དང་། གནས་པ་ལས་གཞན ་དུ་འགྱུར་བ་མེད་པའི་ཕྱིར་རོ།། དེ་ལ་མེད་པ་ལ་བྱུང་བ་ནི་སྐྱེ་བའོ།། ཡོད་པ་ལས་ལོག་པ་ནི་བཀག་པའོ།། རྒྱུན་འདྲ་བོ་ནི་གནས་པའོ།། རྒྱུན་རྣམ་པར་འགྱུར་བ་ནི་མཐར་ཐུག་པའོ།། ཉེ་བར་ཞིག་ཅིང་རྒྱུན་གཞན་དུ་འགྱུར་བ་ནི་གནས ་པ་ལས་གཞན་དུ་འགྱུར་བའོ།། དགེ་བ་དང་། མི་དགེ་བ་དང་།། ལུང་དུ་མ་བསྟན་པ་མ་ཡིན་པ་རྣམས་དང་། མཐོང་བ་དང་། ཐོས་པ་དང་། རྟོགས་པ་དང་། རྣམ་པར་ཤེས་པ་རྣམས་དང་། ཤེས་པར་བྱ་བ་དང་། རྣམ་པར་ཤེས ་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་དང་། མངོན་དུ་བྱ་བ་དང་། སྤང་བར་བྱ་བ་དང་། སྒོམ་པར་བྱ་བ་དང་། དེ་ལ་ཤེས་པར་བྱ་བ་ནི་ཐམས་ཅད་ཤེས་པ་ཉིད་དེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་མཐོང་ཞིང་ཡེ་ཤེས་ཀྱིས ་མཐོང་ཞིང་ཡེ་ཤེས་ཀྱིས་བལྟས་ནས་བྱང་ཆུབ་སེམས་དཔས་འདའ་བར་བྱའོ་ཞེས་གསུངས་པའི་ཕྱིར་རོ།། ཀུན་ཤེས་པ་ཉིད་ནོ་ལམ་ཤེས་པ་ཉིད་དེ། དེས་སངས་རྒྱས་ཉིད་ཀྱི་བར་དུ་ཤེས་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ།། རྣམ ་པར་ཤེས་པར་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ། དེ་ཡིས་ནི་མ་ལུས་པ་ཡུལ་དུ་མཛད་པའི་ཕྱིར་རོ།། རྣམ་པར་སྨིན་པ་དང་། དེ་དང་འབྲེལ་བའི་ཆོས་དང་། འདོད་པའི་ཁམས་ལ་སོགས་པར་གཏོགས་པ་ཉིད་བཀག ་པས་ནམ་མཁའི་དང་། ཐེག་པ་ཆེན་པོ་མཚུངས་པས་སེམས་བསྐྱེད་པ་དང་པོ་ནས་ཉེ་བར་བཟུང་སྟེ། དེ་བཞིན་དུ་བཅུ་པ་དང་། དཀར་པོ་རྣམ་པར་མཐོང་བའི་ས་ལ་སོགས་པ་རྣམས་དང་། བྱས་པ་རྟོགས་པའི་ས་ནས ་རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་རྣམས་དང་། ཉན་པོཐོས་དང་། རང་སངས་རྒྱས་དང་། སངས་རྒྱས་ཀྱི་ས་བཀག་པས་ཐེག་པ་ཆེན་པོ་ནི་གཟུགས་དང་། བསྟན་དུ་ཡོད་པ་དང་། ཐོགས་པ་དང་བཅས་པ་དང་། ་མཚུངས་པར་ལྡན་པ་རྣམས་ལས་གོ་བཟློག་པ་རྣམས་བཀག་པ་དང་། དེ་བཞིན་དུ་བདེ་བ་དང་། རྟག་པ་དང་ཞི་བ་རྣམས་ལས་གོ་བཟློག་པ་དང་། མི་སྟོང་པ་དང་། མཚོན་མ་དང་། སྨོན་པ་ཡོད་པ་དེ་རྣམས་གོ་བཟློག་པ ་དང་། དབེན་པ་དང་། སྣང་བ་ལས་གོ་བཟློག་པ་རྣམས་དང་། ཐོབ་པ་དང་། ཉེ་བར་ཐོབ་པ་དང་། བརྗོད་དུ་ཡོད་པ་དང་། རབ་ཏུ་བརྗོད་དུ་ཡོད་པ་གཉིས་བཀག་པས་ནི་ཐེག་པ་ཆེན་པོ་ནི་ནམ་མཁའ་དང ་མཉམ་པ་ཉིད་དུ་བསྟན་པ་ཡིན་ནོ།། སེམས་ཅན་གྱི་དོན་གྱི་ངེས་པར་འབྱུང་བའི་དབང་དུ་མཛད་ནས་རབ་འབྱོར་གང་ཁྱོད་ཀྱིས་འདི་སྐད་དུ་ཇི་ལྟར་ན་མཁའ་སེམས་ཅན་ཚད་མེད་གྲངས་མེད་པའི་གོ་འབྱེད་པ་དེ་བཞིན་དུ་ཐེག་པ་ཆེན་པོ ་དེ་ཡང་དེ་བཞིན་ནོ།། སེམས་ཅན་དང་། ནམ་མཁའ་དང་། ཐེག་པ་ཆེན་པོ་མེད་པའི་ཕྱིར་ཐེག་པ་ཆེན་པོ་ནི་སེམས་ཅན་ཚད་མེད། གྲངས་མེད་པའི་གོ་འབྱེད་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དང་། ནམ་མཁའ་དང་། ་ཐེག་པ་ཆེན་པོ་མི་དམིགས་པའི་ཕྱིར་རོ།། ཡང་སེམས་ཅན་དང་། ནམ་མཁའ་དང་། ཐེག་པ་ཆེན་པོ་ཚད་མེད་པའི་ཕྱིར་སྔར་བསྟེན་པ་ལྟར་ཐེག་པ་ཆེན་པོ་སེམས་ཅན་གྱི་གོ་འབྱེད་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། སེམས ་ཅན་ལ་སོགས་པ་དམིགས་སུ་མེད་པའི་ཕྱིར་རོ།། ཡང་སེམས་ཅན་དང་། ནམ་མཁའ་དང་། ཐེག་པ་ཆེན་པོ་གྲངས་མེད་པའི་ཕྱིར་དེ་ཉིད་ཀྱི་སེམས་ཅན་གྲངས་མེད་པའི་གོ་འབྱེད་པ་ཡིན་ནོ།། དོ་ཅིའི་ཕྱིར་ཞེ་ན། དེ ་རྣམས་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ།། ཡང་སེམས་ཅན་གྱི་ཁམས་དང་། ཆོས་ཀྱི་དབྱིངས་དང་། ནམ་མཁའ་དང་། ཐེག་པ་ཆེན་པོ་རྣམས་ཚད་མེད་པ་དང་། གྲངསོ་མེད་པ་ཉིད་ཀྱི་ཕྱིར་དེ་ལྟ་བས་ན་སྔར ་བཤད་པ་ལྟར་སེམས་ཅན་གྱི་གོ་འབྱེད་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ།། ཡང་སེམས་ཅན་དང་། དེ་བཞིན་གཤེགས་པ་དང་། ནམ་མཁའ་དང་། ཐེག་པ་ཆེན་པོ་དང་། ་འདུས་མ་བྱས་པ་དང་། མི་འཇལ་བ་དང་། མི་འགྲངས་པ་དང་། མི་དཔགས་པ་མེད་པ་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་མེད་པ་དེ་ཉིད་ཀྱིས་སྔར་བསྟན་པ་དེ་ལྟར་སེམས་ཅན་གྱི་གོ་འབྱེད་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དེ་རྣམས། ་མི་དམིགས་པའི་ཕྱིར་རོ།། གཞན་ཡང་བདག་དང་། སེམས་ཅན་དང་། སྲོག་ལ་སོགས་པ་དང་། ཡང་དག་པའི་མཐའ་དང་། གྲངས་མེད་པ་རྣམས་དང་། ཆོས་ཐམས་ཅད་མེད་པ་ཉིད་ཀྱི་ཕྱིར་དེ་ཉིད་ཀྱི་སེཾན་གྱི་གོ་འབྱེད་པ་ཡིནོ།། དེ་ཅིའི ་ཕྱིར་ཞེ་ན། དེ་ལྟར་དམྱིགས་སུ་མེད་པའི་ཕྱིར་རོ།། ཡང་བདག་ལ་སོགས་པ་དང་། བསྣམ་གྱིས་མི་ཁྱབ་པའི་དབྱིངས་དང་། གཟུགས་ལ་སོགས་པའི་ཕུང་པོ་ལ་སོགས་པ་རྣམས་དང་། ཁམས་དང་། ཐེག་པ་ཆེན་པོ་དང ་མྦྷ་འཇལ་བྱ་དང་། མི་འགྲངས་པ་དང་། མི་དཔོགས་པ་མེད་པ་ཉིད་ཀྱི་ཕྱིར་དེ་ཉིད་ཀྱི་སེམས་ཅན་གྱི་གོ་འབྱེད་པ་ཡིན་ནོ། དྲི་ཅིའི་ཕྱིར་ཞེ་ན། དེ་རྣམས་དམིགས་སུ་མེད་པའི་ཕྱིར་རོ།། ཡང་བདག་ལ་སོགས་པ་དང་། ་མིག་ལ་སོགས་པ་དང་། ནམ་མཁའ་དང་། ཐེག་པ་ཆེན་པོ་དང་། མི་འཇལ་བ་དང་། མི་འགྲངས་པ་དང་། མི་དཔོགས་པ་མེད་པ་ཉིད་ཀྱི་ཕྱིར་དེ་ཉིད་ཀྱི་ཕྱིར་དེ་ཉིད་ཀྱིས་སེམས་ཅན་གྱི་གོ་འབྱེད་པ་ཡིན་ནོ།། ང་ཅིའི་ཕྱིར་ཞེ་ན། ་དེ་རྣམས་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།། ཡང་བདག་ལ་སོགས་པ་དང་། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་དང་། ནམ་མཁའ་དང་། ཐེག་པ་ཆེན་པོ་དང་། ཚད་མེད་པ་དང་། ་གྲུགྲངས་མེད་པ་དང་། དཔག་ཏུ་མེད་པ་ཉིད་དང་། ཆོས་ཐམས་ཅད་མེད་པ་ཉིད་ཀྱི་ཕྱིར་དེ་ཉིད་ཀྱི་སེམས་ཅན་རྣམས་ཀྱི་གོ་འབྱེད་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ།། ཡང་བདག་ལ ་སོགས་པ་དང་། སེམས་ཅན་སྟོང་པ་ཉིད་དང་། དེ་བཞིན་དུ་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་རྣམས་ནས་མ་འདྲེས་པ་དང་། རིགས་ཀྱི་ས་དང་། རྒྱུན་དུ་ཞུགས་པ་ལ་སོགས་པ་རྣམས་དང་། ཉན་ཐོས་དང་། རང་སངས་རྒྱས ་ཀྱི་ཐེག་བྱ་གང་ཡིན་པ་དང་། དེ་བཞིན་གཤེགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། ནམ་མཁའ་དང་། ཐེག་པ་ཆེན་པོ་དང་། ཆོས་ཐམས་ཅད་མེད་པ་ཉིད་ཀྱི་ཕྱིར་དེ་ཉིད་ཀྱི་ས་ན་སེམས་ཅན་རྣམས་ཀྱིས་གོ་འབྱེད ་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་དམིགས་སུ་མེད་པའི་ཕྱིར་ཏོ།། མྱོ་ངན་ལས་འདས་པ་དང་། ནམ་མཁའ་དང་། དཔེར་བརྗོད་པ་དང་། ཐེག་པ་ཆེན་པོ་སྔར་བསྟན་པ་ལྟར་སེམས་ཅན་རྣམས་ཀྱི་གོ་འབྱེད་པ་ཡིན་ནོ།། ། ་ཇི་སྐད་དུ་མདོ་ལས། རབ་འབྱོར་ཡང་འདི་ལྟ་སྟེ། མྱ་ངན་ལས་འདས་པའི་དབྱིངས་དང་། ཚད་མེད་པ་དང་། གྲངས་མེད་པ་དང་། དཔག་ཏུ་མེད་པའི་སེམས་ཅན་གྱི་གོ་འབྱིང་པའོ།། དེ་ལྟ་ཡིན་ན་ཐེག་པ་ཆེན་པོ་འདི་ཞེས་བྱ་བ ་ལ་སོགས་པ་ལ་རྣམ་པ་མང་དུ་དཔེ་གཞན་བརྒྱུད་པ་ཟློས་པའི་ཉེས་པའི་སྐབས་མེད་དོ།། དེ་དང་དེ་རྟོགས་པའི་བྱེ་བྲག་གི་གནས་སྐབས་ཀྱིས་གོང་ནས་གོང་དུ་སེམས་ཅན་གྱི་དོན་མང་བས་རིམ་གྱིས་འཇུག་པ་ཤེས་པའི་དོན་དུ་དེ་བཞིན ་དུ་བསྟན་པ་ཡིན་ནོ། ཇི་སྐད་དུ་མདོ་གཞན་དག་ལུས། ཞི་བའི་བློ་གྲོས་རྣམ་གྲངས་འདི་ལྟར་རིག་པར་བྱ་སྟེ། ཇི་ལྟ་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་གྱུར་པ་དེ་ལྟ་དེ་ལྟར་སེམས་ཅན་ཚད་མེད ་པ་དང་། གྲངས་མེད་པ་དང་། དཔག་ཏུ་མེད་པ་ཡོངས་སུ་སྨིན་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། ལྷུན་གྱིས་གྲུབ་པའི་ངེས་པར་འབྱུང་བའི་དབང་དུ་མཛད་ནས་རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ ་ནམ་མཁའ་དང་། ཐུག་པ་ཆེན་པོ་དེ་ལ་འོང་བ་འམ། འགྲོ་བ་ཞེས་བྱ་བ་མཐོང་པོ་ཡང་མེད། གནས་པ་ཡང་མེད། འགྲོ་བ་དང་། འོང་བ་དང་། གནས་པ་མེད་པ་ནི་ལྷུན་གྱིས་གྲུབ་པའི་ངེས་པོར་འབྱུང་བ་ཡིན་པར་བསྟན་ཏེ། ་དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་གཡོ་བ་མེད་པའི་ཕྱིར་རོ།། དེ་ཅིའི་ཕྱིར་ཞེ་ན། གཟུགས་ལ་སོགས་པའི་ཕུང་པོ་དང་། མིགས་ལ་སོགས་པ་རྣམས་དང་། ས་ལ་སོགས་པའི་ཁམ་དྲུག་དང་། ཆོས་ཀྱི་དབྱིངས་དང་། དེ་བཞིན ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་རྣམས་དང་། སྟོབས་ལ་སོགས་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དང་། ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་། འདུས་བྱས་དང་། རང་བཞིན་དང་། ངོ་བོ་ཉིད་ཀྱི་མཚན་ཉིད་རྣམ་པར་འོང་བ་དང་། འགྲོ་བ་དང་གནས་པ་བཀག་པ་ནི་ལྷུན་གྱིས་པའི་ངེས་པར་འབྱུང་བ ་ཤེས་པར་བྱེད་པའི་ཆེད་ཡིན་ནོ།། མཐའ་ལས་འདས་པའི་ངེས་པར་འབྱུང་བའི་དབང་དུ་མཛད་ནས་རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་ཐེག་པ་ཆེན་པོ་དེ་ལ་སྔོན་གྱི་མཐའ་ཡང་མི་དམིགས་སོ།། ཕྱི་མ་དང་། དབུས ་ཀྱང་མི་དམྱིགས་ཏེ། དུས་གསུམ་མཉམ་པ་ཉིད་ཅེས་བྱ་བའི་ཐེག་པ་ཆེན་པོ་སྟེ། དེའི་ཕྱིར་ཐེག་པ་ཆེན་པོ་ཞེས་བྱའོ།། ཞེས་བྱ་བ་ཡིན་ཏེ། དུས་གསུམ་མཉམ་པ་ཉིད་ནི་མཐའ་ལས་འདས་པའི་ངེས་པར་འབྱུང་བ་ཡིན ་པར་བསྟན་ཏོ།། དེ་ཅིའི་ཕྱིར་ཞེ་ན། དུས་གསུམ་ནི་དེའི་མཉམ་པ་ཉིད་ཡིན་པ་དང་། ཐེག་པ་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་ནི་དེ་དང་དེའི་བདག་ཉིད་ཀྱིས་སྟོང་པ་ཉིད་ཡིན་པའི་ཕྱིར་སྟོང་པ་ཉིད་ཀྱིས་ནི་གཅིག་ནས་བཅུའི་བར ་གྱིས་གྲངས་བཀག་པས་ཐེག་པ་ཆེན་པོ་ལ་མཉམ་པ་དང་། མི་མཉམ་པ་དང་། འདོད་ཆགས་དང་། འདོད་ཆགས་དང་བྲལ་བ་དང་། ཞེ་སྡང་དང་། ཞེ་སྡང་དང་བྲེལ་པ་དང་། གཏི་མུག་དང་། གཏི་མུག་དང་བྲལ་བ་དང་། མིང ་དང་མིང་མེད་པ་ནས་མི་དག་པ་དང་། དགེ་བ་དག་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། ཉོན་མོངས་དང་བཅས་པ་དང་། ཉོན་མོངས་པ་ཟད་པ ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། འཁོར་བ་དང་། མྱ་ངན་ལས་འདས་པ་དང་། རྟག་པ་དང་། བདེ་བ་དང་། བདག་དང་། ཞི་བ་དང་། དེ་དག་ལ་གོ། ་བཟློག་པ་དང་། འདོད་པ་ལ་སོགས་པའི་ཁམས་རྣམས་དང་། དེ་ལས་འདས་པ་ཡང་མི་དམིགས་པའི་ཕྱིར་རོ།། དེ་ཅིའི་ཕྱིར་ཞེ་ན། དེ་དག་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་མི་དམིགས་པའི་ཕྱིར་རོ།། འདས་པ་ལ་སོགས་པའི་གཟུགས ་ལ་སོགས་པ་སྟོང་པ་ཉིད་ཡིན་པའི་ཕྱིར་རོ།། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ནི་སྟོང་པ་ཉིད་ཀྱིས་དམིགས་སུ་མེད་པ་ཉིད་ཡིན་པའི་ཕྱིར་རོ།། འདས་པ་ལ་སོགས་པ་གཟུགས་ལོ་སོགས་པ་དམིགས་སུ་མེད་པའི་ཕྱིར་དུས་གསུམ ་མཉམ་པ་ཉིད་ཀྱིས་ན་སྔོན་གྱིས་མཐའ་ལ་སོགས་པ་དང་། ཕ་རོལ་ཏུ་ཕྱིན་པ་དམིགས་སུ་མེད་པའི་ཕྱིར་རོ།། དེ་ཅིའི་ཕྱིར་ཞེ་ན། མཉམ་པ་ཉིད་ལ་མཉམ་པ་ཉིད་མི་དམིགས་པའི་ཕྱིར་རོ།། འདས་པ་ལ་སོགས་པ་དང་། ཕ་རོལ་ཏུ ་ཕྱིན་པ་དམིགས་སུ་པ་མེ་སྲིད་པ་ཉིད་ཀྱི་ཕྱིར་དྲན་པ་ཉེ་བར་བཞག་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅཝོ་བརྒྱད་ཀྱི་བར་དུ་ཡུང་དེ་བཞིན་དུ་བརྗོད་པར་བྱའོ།། དེ་བཞིན་དུ་སྔོན་གྱི་མཐའ་ལ་སོགས་པ་དང་། སོ་སོ་སྐྱེ་བོ་ནས ་དེ་བཞིན་གཤེགས་པའི་བར་དུ་མི་དམིགས་པའི་ཕྱིར་རོ།། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དམིགས་སུ་མེད་པའི་ཕྱིར་རོ།། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ནི་དུས་གསུམ་མཉམ་པ་ཉིད་ཅེས ་བྱ་བ་དང་། དེ་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷ་དང་། མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང ་ངོ་ཞེས་བསྟན་པ་ཡིན་ནོ།། ཐོབ་པའི་མཚན་ཉིད་ངེས་པར་འབྱུང་བའི་དབང་དུ་མཛད་ནས། བཅོམ་ལྡན་འདས་ཐེག་པ་ཆེན་པོ་འདི་ལ་བསླབས་ཤིང་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་རྣམས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་གྱུར་ཏོ།། ཐོབ་པོ། འཐོབ་པར་འགྱུར་རོ་ཞེས་བྱ་བ་ཡིན་ཏེ། ངེས་པར་འབྱུང་བ་ཐོབ་པའི་ཉེ་བར་དགོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཕགས་པའི་གང་ཟག ་ཐམས་ཅད་ཀྱི་རྟོགས་པ་ཐོབ་པའི་རྒྱུ་ཉིད་དང་རྗེས་སུ་མཐུན་པ་ཡིན་ཞི་། ཐེག་པ་ཆེན་པོ་བསྟན་པ་ཐོས་པས་ཁྱད་པར་ཤེས་པར་བྱ་བའི་དོན་ཡིན་པའི་ཕྱིར་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་ཐམས་ཅད་བསྡུས་པ་དང་། ་མྦྷམྱུ་པར་འཇུག་པ་ཐོབ་པསྟན་བསྟེ་མ་ལུས་པ་ཐོབ་པ་ཡིན་པར་ཤེས་པར་བྱ་བའི་དོན་ཡིན་དུའི་བྱོར་རོ།། དེ་ཅིའི་ཕྱི་མོ་ཞེ་ན། ཐག་པ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དང་། གཟུགས་ལ་སོགས་པ་དང་། བྱང་ཆུབ ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ནས་སངས་རྒྱས་ཀྱིས་ཆོས་མ་འདྲེས་པའི་བར་དང་། མྱ་ངན་ལས་འདས་པའི་དབྱིངས་ཞེས་གསུངས་པའི་བར་གྱི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ཏེ། གཟུགས ་མེད་པ། བསྟན་དུ་མད་པ། ཐོགས་པ་མང་བ། འདི་ལྟར་མཚན་མེད་པར་མཚན་ཉིད་གཅིག་པ་ཤ་སྟུག་སྟེ་ཞེས་བྱ་བ་ནི་རྟོག་པ་ཐ་ཅིང་། ངེས་པར་འབྱུང་བའི་རྣམ་གྲངས་ཀྱི་ཇི་སྐད་དུ་བཤད་པས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནཔ ་ནི་ཐེག་པ་ཆེན་པོ་བསྟེན་པ་དང་རྗེས་སུ་མཐུན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཐེག་པ་ཆེན་པོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་ནས་ཆོས་ཐམས་ཅད་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པ་ཐོབ་པའི་རྣམ་གྲངས་ཀྱིས་ཐེག ་པ་ཆེན་པོ་དང་རྗེས་སུ་མཐུན་པར་བསྟན་པ་ཡིན་ནོ།། དེ་ལ་ཐོག་པ་ནི་ངེས་པར་འབྱུང་བའི་དོན་རྣམ་པ་གསུམ་བཀག་པའི་མཚན་ཉིད་ཅན་ཡིན་པར་ཤེས་པར་བྱའོ།། ཡང་དགག་པ་རྣམ་པ་གསུམ་ནི་འདི ་ལྟར་ཐོབ་པར་བྱ་བ་དགག་པ་དང་། ཐོབ་པ་པོ་དགག་པ་དང་། དེ་གཉིས་ཀྱི་འབྲེལ་པ་དགག་པའོ།། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྟོན་གྱི་མཐའ་དམིགས་སུ་མེད་པ་ཡིན ་ཞེས་བྱ་བ་དང་།། ཅིར་བྱིར་ན་གཟུགས་ཀུན་དུ་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་མཐའ་ཡས་པར་རིག་པར་བྱ་བ་ཡིན།། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ལྟ་བུ་ཡང་མེད་ཅིང་མི་དམིགས་པ་ཡིན། དེ་སྐད་དུ་དེ ་ལྟར་བྱང་ཆུབ་སེམས་དཔའ་ཆེན་པོ་ཐམས་ཅད་དུ་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཡང་དག་པར་རྗེས་སུ་མ་མཐོང་ན་བྱང་ཆུབ་སེམས་དཔའ་གོང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལ་གདས་ས ་ཤིང་རྗེས་སུ་བསྟན་པར་གྱི་ཞེས་སྨྲས་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མིང་ཙམ་དུ་བོས་སོ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་གཟུགས་མངོན་པར་གྲུ་པ་པ་ལྟ་གང ་ཞིག་མཆིས། གང་མངོན་པར་མ་གྲུབ་པ་དེ་ནི་གཟུགས་མ་ལགས་སོ།། མངོན་པར་མ་གྲུབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱི་འམ་ཞེས་སྨྲ། དེ་སྐད་དུ་མངོན་པར་མ་གྲུབ་པ་ལས ་ན་ཡང་བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་དམིགས་སུ་མ་མཆིས་སོ་ཞེས་སྨྲ། གལ་ཏེ་དེ་ལྟར་བབསྟན་པ་དེའི་ཚེ་ཞེས་བྱ་པ་ལ་སོགས་པ་བསྟན་པ་ཡིན་ནོ།། དེ་ལ་དྲིས་པ་དང་པོ་བ་སྙན་པ་ནས་བརྩམས་ཏེ། ཐོབ་པར་བྱ་བ ་དགག་པའི་དབང་དུ་མཛད་ནས་སེམས་ཅན་མེད་པའི་ཕྱིར་དང་། སྟོང་པ་དང་། དབེཛིན་པ་དང་། རང་བཞིན་མེད་པ་དང་། སྔོན་དང་། ཕྱི་མ་དང་། དབུས་ཀྱི་མཐའ་རྣམས་སུ་བྱང་ཆུབ་སེམས་དཔའ་ཁས་བླངས་པའི་ཐོབ་པ་བཀག ་པས་དུས་གསུམ་དུ་ཐོབ་པར་བྱ་བའི་དོན་མེད་པར་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར་རོ།། དེ་བཞིན་དུ་ཕུང་པོ་ལ་སོགས་པ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ནས་སངས་རྒྱས་ཀྱི ་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་མེད་པའི་ཕྱིར་དང་། སྟོང་པ་ཉིད་དང་། དབེན་པ་དང་། རང་བཞིན་མི་ད་པ་རྣམས་ཀྱིས་སྔོན་གྱི་མཐའ་ལ་སོགས་པར་བྱང་ཆུབ་སེམས་དཔའ་ཁས་བླངས་པའི་ཐོབ་པ་བཀག་པ་ཡིན་པའི ་ཕྱིར་རོ།། དེ་ཅིའི་ཕྱིར་ཞེ་ན། མེད་པ་ཉིད་ལ་སོགས་པར་སྔོན་གྱི་མཐའ་ལ་སོགས་པ་མི་དམིགས་པ་ཉིད་ཀྱིས་ན་མེད་པ་ཉིད་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམ་གྲངས་གཞན་དུ་གསུངས་པས། མདོ་ལས ་སྟོང་པ་ཉིད་གཞན་མ་ཡིན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གཞན་མ་ཡིན་ཞེས་བྱ་བ་ལ་སོགས་པ་དང་། དེ་བཞིན་དུ་ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་དང་། ཆོས་ཀྱི་དབྱིངས་དང་། དེ་བཞིན་ཉིད་དང་། ཡང་དག་པའི ་མཐུའུ་རྣམས་ལ་ཡང་བརྗོད་པར་བྱའོ།། ཉན་ཐོས་ལ་སོགས་པ་འཕགས་པའི་གང་ཟག་རྣམས་མེད་པ་ལ་སོགས་པས་སྔོན་གྱི་མཐའ་ལ་སྩོགས་པར་བྱང་ཆུབ་སེམས་དཔའ་ཁས་བླངས་པའི་ཐོབ་པ་བཀག་པ་ཡིན་པའི་ཕྱིར་རོ།། ་དེ་ཅིའི་ཕྱིར་ན། མེད་པ་ཉིད་ནས་བརྩམ་སྟེ། སངས་རྒྱས་ཞེས་བྱ་བའི་བར་དུ་དེ་དག་ཐམས་ཅད་ཀྱང་གཉིས་སུ་མེད་དེ་གཉིས་སུ་བྱར་མེ་དོ་ཞེས་བྱ་བ་བྲིསྟན་པ་ཡིན་ནོ།། ཐོབ་པ་པོ་དགག་པའི་དབང་དུ་མཛད་ནས་གཟུགས་ཀུན་དུ ་མཐའ་ཡས་པའི་ཕྱིར་ཞེས་བྱ་བ་ནས་བརྩམས་ཏེ། གཟུགས་ལ་སོགས་པའི་ཕུང་པོ་ལ་སོགས་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་ལ་སྔོན་གྱི་མཐའ་ལ་སོགས་པ་མི་དམིགས་པ་ཉིད་ཡིན་པའི་ཕྱིར་རོ།། དེ་ཅིའི ་ཕྱིར་ཞེ་ན། སྟོང་པ་ཉིད་ཀྱི་ཕྱིར་གཟུགས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་མེད་ཅིང་མི་དམིགས་སོ་ཞེས་བྱ་བ་ནས་བརྩམས་ཏེ། དེ་ཅིའི་ཕྱིར་ཞེ་ན། གཟུགས་ལ་སོགས་པའི་ཕུང་པོ་ལ་སོགས་པ་ནས་དེ་བཞིན་གཤེགས ་པའི་བར་དེ་དག་གིས་སྟོང་པ་ཉིད་དེ་ཡིན་པའི་ཕྱིར་རོ།། བྱང་ཆུབ་སེམས་དཔའ་ཆེན་པོ་ཐམས་ཅད་དུ་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་དུ་ཐམས་ཅད་མི་དམིགས་པ་ནི་ཞེས་བྱ་བ་ནས་བརྩམས་ཏེ། ་གཟུགས་ལ་སོགས་པའི་ཕུང་པོ་ལ་སོགས་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དང་། སངས་རྒྱས་སངས་རྒྱས་ཉིད་དུ་མི་དམིགས་པ་ཉིད་ཡིན་པའི་བར་དུའོ།། དེ་ལ་ཐམས་ཅད་དུ་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པའི ་དངོས་པོའི་མཚན་ཉིད་ཐམས་ཅད་དུའོ།། ཐམས་ཅད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ཕུང་པོ་ལ་སོགས་པའི་རང་བཞིན་མཐའ་དག་དང་བསྡུས་པ་རྣམས་སོ།། རྣམ་པ་ཐམས་ཅད་ནི་ནང་སྟོང་པ་ཉིད་ལ་སོགས་པའི་རྣམ་པའི་ཁྱད་པར ་རོ། ཡང་ཐམས་ཅད་ཅེས་བྱ་བ་ནི་རྣམ་པ་མདོར་བསྔོས་པ་དང་། རྒྱས་པའི་མཚན་ཉིད་དོ།། ཐམས་ཅད་གཉིས་སྨོས་པ་ནི་དངོས་པོ་ཐ་རྣམས་ཅད་ཉིད་དང་། རྣམ་པ་ཐམས་ཅད་ཉིད་དོ།། ཐོབ་པར་བྱ་བ་དང་། ཐོབ་པར་བྱེད་པ ་དང་། ཐོབ་པ་པོས་བྲེལ་པ་བཀོག་པའི་དབང་དུ་མཛད་ནས་གང་ཡང་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་གློ་བུར་དུ་མིང་དུ་བཏགས་པ་སྟེ། ཆོས་ཐམས་ཅད་མིང་ཙམ་ཡིན་པ་ཉིད་ཀྱིས་ན་མེད་ཅིང་མི་དམིགས་པ་ཡིན་པོའི་ཕྱིར ་མངོན་པར་གྲུབ་པ་བཀག་ཅིང་ཐ་སྙད་ཙམ་དུ་གསུངས་པ་དང་། ཤིན་ཏུ་མངོན་པར་མ་གྲུབ་པ་དག་གིས་བཀག་པ་ཡིན་ནོ། དེ་ལ་ངོ་བོ་ཉིད་མ་ཡིན་པའི་དོན་ནི་བློ་བུར་དུ་ཞེས་བྱ་བའི་དོན་ཏོ།། སྒྲོ་བཏགས་པའི་དོན་ནི་མིང་དུ་བདོགས ་པ་སྟེ། བདག་བདག་ཅེས་བྱ་བ་སྟེ། བདག་ཤིན་ཏུ་མ་གྲུབ་པོ།། བདག་ཇི་ལྟ་བ་བཞིན་དུ་ཆོས་ཐམས་ཅད་ཀྱང་དེ་བཞིན་ནོ་ཞེས་ཇི་སྐད་གསུངས་པ་དང་། ཡབ་ཆོས་ཐམས་ཅད་ཀྱི་འདུས་པའི་ངོ་བོ་ཉིད་བཀག་པས་ཆོས་ཐམས་ཅད་ནི་དངོས་པོ ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་མི་རྟག་པ་ཉིད་དེ་གང་དང་ཡང་བྲལ་བས་མ་ཡིན་ནོ།། དེ་བཞིན་དུ་དེ་རྣམས་ཉིད་གང་དང་ཡང་བྲལ་བས་མ་ཡིན་པས་དགེ་བ་དང་། ཁ་ན་མ་ཐོ་བ་མེད་པ་ཉིད་ནས་དངོས་པོ་མེད་པའི་བར་ཉིད་ཡིན་པའི་ཕྱིར ་དྲང་དུརྟག་པ་མ་ཡིན་པ་དང་། འཇིག་པ་མ་ཡིན། པ་ཉིད་ཡིན་པའི་ཕྱིར་རོ།། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་ནོ།། ཡང་ཆོས་ཐམས་ཅད་མངོན་པར་འདུས་མ་བྱས་པ་ཉིད་ཀྱིས་མངོན་པར་གྲུབ་པ་བཀག་པའི་ཕྱིར་རོ།། དེ་ཅིའི ་ཕྱིར་ཞེ་ན། མངོན་པར་འདུ་བྱེད་པ་དམིགས་སུ་མེད་པ་ཉིད་ཀྱི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་ཡིན་པའི་ཕྱིར་རོ།། སྐྱེ་བ་དང་། འགག་པ་དང་། གནས་པ་ལས་གཞན་དུ་གྱུར་པ་བཀག་པས་མངོན་པར་མ་གྲུབ་པ་ཉིད་ཀྱིས་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་མངོན་པར་མ་གྲུབ་པ་སྟེ། དེ་མངོན་པར་མ་གྲུབ་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ།། ཆོས་ཐམས་ཅད་བྱེད་པ་མེད་པ་དང་། ་སྒྱུ་མ་ལ་སོགས་པ་དང་འདྲ་བར་མཐོང་བས་བྱང་ཆུབ་སེམས་དཔའི་སེམས་མི་འཇིགས། མི་དངང་། སྐྲག་པར་མི་འགྱུར་རོ།། ཆོས་དེ་དག་ལ་འདི་ལྟར་ཡོངས་སུ་རྟོགས་པ་དེའི་ཚེ་ཉེ་བར་མེ་ལེན། མི་གནས། མངོན་པར་ཞེན་པར ་མི་བྱེད་ཐ་སྙད་དུ་འདོགས་པ་བཀབ་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་མ་སྐྱེས་པ་དང་། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ན་དམིགས་སུ་མེད་པ་ཡིན་པའི་ཕྱིར་རོ།། དེ་ཅིའི ་ཕྱིར་ཞེ་ན། ཆོས་རྣམས་དང་། དེའི་སྟོང་པ་ཉིད་ལ་སོགས་པ་ནི་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ།། དེ་བཞིན་དུ་ཆོས་རྣམས་ཀྱི་འགྲིབ་པ་དེ་ཡང་ཆོས་མ་ལགས་སོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་དང་འགྲིབ་པོ་ནི་གཉིས་སུ ་མི་མཆིས་ཤིང་གཉིས་སུ་བགྱིར་མ་མཆིས་པའི་སླད་དུའོ།། གླང་ཡང་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་འདི་ནི་གཉིས་སུ་མ་མཆིས་ཤིང་ཉམས་པ་མ་མཆིས་པའི་ཆོས་ཀྱི་རྣམ་གྲངས་སུ་བགྱིས་པའོ།། ཞེས་བྱ ་བ་ནི་ཐོབ་པར་བྱ་བ་དང་། ཐོབ་པ་པོ་གཉིས་བཀག་པ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ།། གསུམ་པོ་རྣམས་བཀག་པ་ནི་ཐོབ་པའི་ངེས་པར་འབྱུང་བ་ཡིན་པར་རིག་པར་བྱའོ།། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར ་འབྱུང་བའི་དཔོང་དུ་མཛད་ནས། བྱང་ཆུབ་ངེས་ཀྱང་ཆོས་ཐམས་ཅད་ཀྱི་རྣམ་པ་ཤེས་ཏེ། གཟུགས་ལ་སོགས་པའི་ཕུང་པོ་ལ་སོགས་པ་རྣམས་དང་ཞེས་བྱ་བ་ནས་མ་འདྲེས་པ་རྣམས་ཀྱི་བར་དུ་རྣམ་པ་ཤེས་པ་སྟེ། མངོན་པར ་ཞེན་པ་བཀབ་པའི་ཕྱིར་ཆོས་ཐམས་ཅད་ཀྱི་རྣམ་པ་དང་། རྟགས་དང་། མཚན་མའི་རྣམ་པ་ཉིད་ནི་ཆོས་ཐམས་ཅད་ཀྱི་རྣམ་པ་ཞེས་པའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་མ་ཆོག་ཏུ་སོང་བས་ནི་མཆོག་ཏུ་ཕྱིན་པ་ཞེས་བྱ་སྟེ། ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྒྱུ་མ་ཉིད་དུ་ཤེས་པར་བྱ་བའི་ཕྱིར་ཡིན་ནོ།། གཟུགས་ནས་ཆོས་ཐམས་ཅད་ཀྱི་བར་དུ་རེ་རེ་ཞིག་ཅེས་བྱ་བ་དང་། རྟག་པ་དང་། མི་རྟག་ཅེས་བྱ་བ་ནུས། ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བ་དང་། ་དབེན་ཞེས་བྱ་བ་དང་། མི་དབེན་ཞེས་བྱ་བའི་བར་དུ་ཆོས་ཡོངས་སུ་བརྟགས་པ་ཉིད་ཀྱིས་རྣམ་པ་ཐམས་ཅད་བསྡུས་པར་ཤེས་པར་བྱ་བའི་ཕྱིར་ཆོས་ཐམས་ཅད་སྟོང་པ་ཉིད་ནི་མ་སྐྱེས་པ་ཉིད་ནས་རྣམ་པ་ཐམས་ཅད་མཁྱེན ་པ་ཉིད་ཀྱི་བོར་དེའི་ངོ་བོ་ཉིད་ཡོད་པ་བཀག་པའི་ཕྱིར་རོ།། དེ་ལྟར་འགྲིབ་པ་གང་ཡིན་པ་དང་། གཉིས་སུ་བྱར་མེད་པའི་ཆོས་དེ་དག་ཐམས་ཅད་ཀྱང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན། གཟུགས་མེད་པ་དང་། ་བལྟར་མེད་པ། ཐོགས་པ་མེད་པ་སྟེ། འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པའོ།། ཞེས་བྱ་བར་མངོན་པར་རྟོགས་པས་ཆོས་སྐྱེ་བ་མེད་པ་དང་། ཆོས་ནམས་ནི་གཅིག་ལ་གཅིག་ཐ་མི་དད་པའི་རྣམ་གྲངས་སུ ་བྱས་པས་ཆོས་ཐམས་ཅད་ནས་སངས་རྒྱས་ཀྱི་བར་དུ་རྣམ་པར་དག་པའི་བླང་དུ་མ་སྐྱེས་པ་མཐོང་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཉེ་བར་བཏགས་པ་ཡིན་ནོ།། དེ་ལྟར་ན་བྱང་ཆུབ་སེམས་དཔའ་དང་། འགྲོ་བ་ལྔ་རྣམས ་ཀྱང་ཐ་མི་དད་པར་འགྱུར་ལ། རྒྱུན་ཏུ་ཞུགས་པ་ལ་སོགས་པ་དང་། བྱང་ཆུབ་ཐོབ་པའི་ལམ་དེ་བསྒོམས་པ་མེད་པས་དཀའ་བ་སྤྱོད་པ་ཡང་མི་འཐད་ལ། དེ་བཞིན་གཤེགས་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་མེད་པར་འགྱུར་རོ།། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་བདག་ནི་ཆོས་མ་སྐྱེས་པ་ལ་ཐོབ་པ་ཡོད་པ་དང་། ་ཁོང་དུ་ཆུད་པ་ཡོད་པར་མི་འདོད་དོ།། མ་སྐྱེས་པ་ལ་རྒྱུན་དུ་ཞུགས་པ་ཡོད་པར་མི་འདོད་དོ།། རྒྱུན་དུ་ཞུགས་པའི་འབྲས་བུ་ཡོད་པར་མི་འདོད་དོ་ཞེས་བྱ་བ་ནས་བརྩམས་ཏེ། ཆོས་ཐམས་ཅད་ཁས་ལེན་པར་མི་འཐོད་པར་བསྟུན་པ་དང་། མ ་སྐྱེས་པ་དང་། སྐྱེས་པའི་ཆོས་དེ་དག་ལ་སྨྲས་པ་དང་། མ་སྐྱེས་པ་ཐོབ་པའམ། འཐོབ་པར་བྱ་བ་མེད་པར་དྲིས་དེ་གཉི་ག་ཡང་དངོས་པོར་མི་འདོད་པར་སྟོན་པའི་ཕྱིར་མ་སྐྱེས་པ་དང་། སྐྱེས་པའི་ཆོས་དག་ཐོབ་པའི་དྲི་བས་དེ་གཉི་ག ་དངོས་པོར་འདོད་པ་བཀག་པ་ཡིན་ནོ།། ཐོབ་པར་བྱ་བ་དང་། མངོན་པར་རྟོག་པར་བྱ་བ་དང་དྲིས་པས་ན་དེ་གཉི་ག་ཡང་བདེན་པ་གཉིས་སུ་གསུངས་པར་མངོན་པར་རྟོག་པར་བརྗོད་པ་བཞིན་དུ་དེ་གཉི་ག་ཡང་འཇིག་རྟེན་གྱི་ཐ་སྙད་དུ་ཡོད ་པར་གསུངས་པ་ཡིན་ནོ། དེ་ཉིད་ཀྱིས་ན་མ་སྐྱེས་པ་བཀག་པའི་ཕྱིར་མ་སྐྱེས་པ་ཡོང་བདག་གིས་བརྗོད་པར་སྤོབས་པ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། སྐྱེ་བ་མེད་པ་དང་། སྤོངས་པ་དང་། བརྗོད་པ་གང་ག་ཡིན་པ་ནི་མཚན་ཉིད་མེད་པའི ་ཕྱིར་སྐྱེ་བ་མངོན་པར་རྟོགས་པ་དང་ལྡན་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་སྐྱེ་བ་མེད་པ་ཉིད་ཡིན་པའི་ཕྱིར་རོ།། དེ་ལ་སྤོབས་པོ་བརྗོད་པའི་ཚིག་གོ། བརྗོད་པ་ནི་བརྗོད་པར་བྱ་བ་ཡིན་པས་ན་བརྗོད་པ་སྟེ། དོན་ནོ།། ། ་ཐོབ་པ་དང་མངོན་པར་རྟོག་པ་འཇིག་རྟེན་གྱི་ཐ་སྙད་དུ་ཡོད་པ་དེ་བཞིན་དུ་འགྲོ་བ་ལྔའི་དབྱེ་བ་ཡང་དེ་དང་འདྲའོ།། དེ་ཅིའི་ཕྱིར་ཞེ་ན། དོན་དམ་པར་ནི་ལས་དང་། རྣམ་པར་སྨིན་པ་དང་། སྐྱེ་བ་དང་། འགག་པ་དང་། ཀུན་ནས་ཉོན་མོངས ་པ་དང་། རྣམ་པར་བྱང་བའི་མཚན་ཉིད་དང་བྲལ་བ་ཉིད་ཡིན་པའི་ཕྱིར་རོ།། མ་སྐྱེས་པོའི་ཆོས་སྐྱེ་བར་འགྱུར་རམ། འོན་ཏེ་སྐྱེས་པའི་ཆོས་སྐྱེ་བར་འགྱུར་ཞེས་དྲིས་པས་ནི་དེ་གཉི་ག་རྡོ་སྐྱེ་བར་འདོད་པ་བཀག་པ་ཡིན་ཏེ། ཡོད་པ ་ཞེས་བྱ་བ་དེ་ཞེས་བྱ་བར་དགོངས་སོ།། མི་སྐྱེས་པའི་ཆོས་སྐྱེ་བར་མི་འདོད་པ་གང་ཡིན་ཞེས་བྱ་དྲིས་པ་ནི་གཟུགས་ནས་བརྩོམས་ཏེ། ཆོས་ཐམས་ཅད་ཀྱི་བར་དུ་མ་སྐྱེས་པ་ཡང་མི་སྐྱེ་བ་དང་། མ་སྐྱེས་པའི་ཆོས་ཞེས་བརྗོད ་པས་དྲིས་པ་ཐམས་ཅད་ཀྱི་ལན་ལ་ཐོགས་པ་མེད་པས་གནས་བརྟན་རབ་འབྱོར་ནི་ཆོས་སྟོན་པའི་ནང་ནས་མཆོག་ཏུ་བྱ་བར་འོས་པ་ཡིན་ཏེ། ཆོས་ཐམས་ཅད་ལ་མི་གནས་པ་ས་མཆོག་ཏུ་གྱུར་པའི་ཕྱིར་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་སྟོན་པའི་འོས་ཡིན་པས་དབང་བར་ཤེས་པར་བྱ་བའི་ཕྱིར་རོ།། གཟུགས་ལ་སྩོགས་པའི་ཕུང་པོ་རྣམས་ནས་ཆོས་ཐམས་ཅད་ཀྱི་བར་དུ་རང་བཞིན་སྟོང་པ་ཉིད་ཉེ་བར་གཟུང་ནས་ནང་ལ་སོགས་པ་ལ་མི ་གནས་པའི་ཕྱིར་མི་དམིགས་པ་སྟོན་པ་ལ་གནས་པར་དབང་བར་ཤེས་པར་བྱའོ།། མ་འདིའི་མདོ་ནི་ཚེ་དང་ལྡན་པ་ཤཱ་རིའི་བུ་གཟུགས་ནི་གཟུགས་ཀྱི་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕྱིར་ནང་ན་ཡང་མི་གནས། ཕྱི་རོལ་ན་ཡང ་མི་གནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། ལམ་གྱི་ངེས་པར་འབྱུང་བའི་དབང་དུ་མཛད་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་པ་ཡང་ཡོད། འཇིག་རྟེན་ལུས་འདས ་དུ་ཡང་ཡོད་ཅེས་བྱ་བ་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པའི་ལམ་སྟོན་པ་ནས་སྦྱིན་པར་བྱ་བ་དང་། སྦྱིན་པ་པོ་དང་། ལེན་པ་པོ་དམིགས་པས་འཇིག་རྟེན་ལས་མི་གཡོ། མི་འཕག། མེ་འད་བས་ན་དེའི་ཕྱིར་འཇིག ་རྟེན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ།། འཁོར་གསུམ་ཡོངས་སུ་དག་པའི་སྦྱིན་པ་ཡང་དག་པར་རྫོགས་པ་འི་བྱང་སྒྲུབ་ཏུ་བསྔོས་པ་དེས་ནི་འདི་ལྟར་འཇིག་རྟེན་ལས་གཡོ་ཞིང་འཕགས་ལ་འདར་བས་པོའི་ཕྱིར ་འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ།། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྗོད་པར་རྙེ་ལ་འཇིག་རྟེད་ལས་འདས་པའི་ལམ་གྱི་ངེས་པར་བསྙེས་པ་ན་འཇིག་རྟེན་ལས་གཡོ་བའོ།། ། ་དེར་ཐབས་ཉེ་བར་མཚོན་པས་ནཱ་འཕགས་པའོ།། དེའི་བུར་ཚད་ཀྱི་ཆོས་ཡོངས་སུ་སྤངས་པ་ནྱ་འབྱུང་བ།། ཡང་ནཱ་གཡོསེམས་བསྐྱེད་པའི་དུས་སུ་། འཕགས་པ་ནི་ངེས་པར་འབྱེད་པའི་ཆའི་དུས་སུ་རོ། འདར ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་དུས་སུའོ་ཞེས་བྱ་བ་ནི་རྣམ་གྲངས་གཞན་ནོ།། འདི་ལ་གོ་ཟློག་པ་མི་གཡོ། མི་འཕག། མ་དང་བ་ཅོཾ་ཡོར་པགས་པར་བྱའོ།། གང་གིས་འཇིག་རྟེན་མངོན་པར་གྲུབ་པའམ། གང ་ཞིག་འཇིག་རྟེན་དང་། མཉམ་པ་འམ། འཇིག་རྟེན་གྱི་ཕྱིར་གང་ཞིག་སྦྱིན་པར་བྱེད་པ་འམ། གང་གིས་འཇིག་རྟེན་མི་འབྱུང་བ་འམ། གང་ཞིག་འཇིག་རྟེན་ལ་སྲིད་པ་འམ། འཇིག་རྟེན་དུ་སྐྱེ་བར་བྱེད་པས་དེ་ནི་འཇིག་རྟེན་པའི ་ཕ་རོལ་ཏུ་ཕྱིན་པ་ཉིད་ཡིན་ནོ།། གང་གི་འཇིག་རྟེན་འདྲར་བ་འམ། གང་གིས་འཇིག་རྟེན་སྒྲོལ་བ་འམ། གྲང་གིས་འཇིག་རྟེན་ལས་རྒལ་བའམ། གང་འཇིག་རྟེན་མི་སྲིད་པ་འམ། གང་གིས་འཇིག་རྟེན་ལས་ངེས་པར་འབྱུང་བ ་འམ། གང་ཞིག་འཇིག་རྟེན་པ་རྣམས་འདོན་པའི་ཕྱིར་ཡིན་པ་འམ། གང་འཇིག་རྟེན་གྱི་བླ་མར་གྱུར་པ་དེ་འཇིག་རྟེན་ལས་འདས་པའི་ཕ་རོལ་ཏུ་ཛྙཱན་པ་ནྡྷེ་བྱའོ།། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་ནི་བྱང་ཆུབ་ཀྱི་ལམ ་ཉིད་ཡིན་པའི་ཕྱིར་དང་། འདས་པ་ལ་སོགས་པའི་འཕགས་པའི་གང་ཟག་ཐམས་ཅང་རྟོགས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྐྱེས་པ་ཉིད་ཡིན་པའི་ཕྱིར་དང་། འཕགས་པ་རྣམས ་ཀྱི་འཇིག་རྟེན་ལྟོས་འདས་པའི་ལམ་གྱིས་ངེས་པར་འབྱུང་བ་ཉིད་དུ་ཤེས་པར་བྱ་བའི་ཕྱིར་དང་། སེམ་ས་ཞུམ་པ་ཉིད་ཀྱིས་མི་སྐྲག་པ་ལ་སོགས་པ་དང་མ་བྲལ་བའི་ཡིད་ལ་བྱེད་པ་ཉིད་ཀྱི་ཕྱིར་ཏེ། དེ་ལྟར་ན་ཤིན་ཏུ ་སྤྲོས་ནས་བཀོད་པའི་ཡང་དག་པའི་ཚིག་དེ་རྣམས་ཀྱིས་བརྗོད་པ་ཉིད་ཡིན་པའི་ཕྱིར་རོ།། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་མེད་པ་ཉིད་དང་། རང་བཞིན་མེད་པ་ཉིད་དང་། སྟོང་པོ་ཉིད་དང་། དབེན་པ་ཉིད་དང་། མངོན་པར ་རྫོགས་པར་འཚང་མི་རྒྱ་བ་ཉིད་ཀྱི་ཕྱིར་ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་མི་རྒྱ་བ་ཉིད་དུ་རིག་པར་བྱའོ།། དེ་བཞིན་དུ་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ནས་རྣམ་པ་ཐམས་ཅད ་མཁྱེན་པ་ཉིད་ཀྱི་བར་དུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཡིད་ལ་བྱེད་པ་དང་བཾ་མི་བྲལ་བ་ཉིད་དུ་བརྗོད་པར་བྱའོ།། དེ་ལྟར་ངེས་པར་འཐུང་བ་བརྒྱད་པོ་འདི་དག། ངེས་པར་འབྱུང་བའི་སྒྲུབ་པ་ཡིན་པར་ཤེས་པར་བྱའོ།། ་གོ་ཚོའི་སྒྲུབ་པ་ལ་སོགས་པ་འདི་དག་ཀྱང་རིགས་པའི་ཚུལ་ཉིད་ཡིན་ཏེ། གོ་ཆ་བགོས་ནས་འཇུག་པ་ཡིན་ལ་ཞུགས་པ་ནི་དཔུང་ག་ཚོགས་སོགས་པ་ཡིན་ནོ།། དཔུང་གི་ཚོགས་བསགས་པ་ནི་ཕན་པ་མེད་པར་རྒྱལ་བ་ཐོབ་པ་ནི ་ངེས་པར་འབྱུང་བ་ཡིན་པའི་ཕྱིར་རོ།། དེ་ལྟ་བུས་ན། སེམས་བསྐྲད་པ་དང་གདམ་ངག་དང་། ངེས་འབྱེད་ཡན་ལག་རྣམ་བཞི་དང་།། སྒྲུབ་པ་ཡིས་ནི་རྟེན་གྱུར་པ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་། དཔགས་པ་དག་དང ་ཆེད་དང་ནི། གོ་ཆའི་འཇུག་པོས་བྱ་བ་དང་། ཚོགས་ནི་ངེས་པར་འབྱུང་བཅས་རྣམས། ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད་ཅེས་བསྟན་པ་ཡིན་ནོ།། དུ་ནི་རིམ་གྱིས་འབྱུང་པོའི་གོ་རིམ་གྱིས་འབྲེལ་པ་ཡིན་པར་བལྟ་བར ་བྱའོ།། འདི་ནི་སེམས་བསྐྱེད་པ་ལ་སོགས་པའི་ཚིག་གི་དོན་གྱི་གོ་རིམས་ཀྱང་རིགས་པའི་ཚུལ་ཡིན་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་པས་ནི་གདམས་ངག་འཚོ་ལ་དོན་དུ་གཉེར་བ་ཡིན་ནོ།། གདམས་ངག་ཕྱིན་ཅི་མ་ལོགས་པ་ལ ་གནས་པཱ་ལ་ནི་ངེས་པར་འབྱེད་པའི་ཆ་སྐྱེའོ།། དེ་ནས་ནི་སྒྲུབ་པའི་རྟེན་ཏོ།། རྟེན་གྱི་ཆོས་གང་དང་གང་ལ་དམིགས་པ་དང་། གང་གི་ཚད་དུ་བྱ་བ་དང་། སྒྲུབ་པ་རྣམ་པ་བཞི་གང་ཡིན་པ་འོ།། མངོན་པར་རྟོགས་པའི་རྒྱན་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་ལས་རྣམ་པ་ཐམས་ཅད་མཁྱེན་པའི་མངོན་པར་རྫོགས་པའི་རྣམ་པར་འགྲེལ་པའོ།། ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྟན་ནས་ལམ་ཤེས་པ་ཉིད་བརྗོད་པར་བྱའོ།། ་དེ་ལ་རེ་ཞིག། ལྷ་རྣམས་རུང་བར་བྱ་བའི་ཕྱིར། འོད་ཀྱིས་མོག་མོག་པོར་མཛད་དང་། ཡུལ་ངེས་པ་དང་ཁྱབ་པ་དང་།། རང་བཞིན་དང་ནི་དེ་ཡི་ལས། ཞེས་བརྗོད་པར་བྱའོ་ཞེས་བྱ་བའི་ཚིག་གི་ལྷག་མའོ།། དེ་ལ་འོད་ཀྱིས་མོགོ་མོག ་པོར་བྱས་པ་ནི་གང་ལྷའི་ཚོགས་ཐམས་ཅད་ཀྱི་འོད་དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཀྱིས་མོག་མགོ་པོར་མཛད་ནས་འཇིག་རྟེན་སྐྱོང་བ་ལ་སོགས་པ་རྣམས་ཀྱི་བསམ་གཏན་ལ་སོགས་པ་མངོན་པའི་ང་རྒྱལ་བསལ་བར ་བྱཱབྱ་བའི་དོན་དུའོ་ཞྭ་བྱ་བ་དསྟན་པ་ཡིན་ནོ།། བསལ་བ་ནི་དེ་རྣམས་སྣོད་དུ་རུང་བར་བྱ་བའི་མཛད་པ་སྟེ། དེ་རྣམས་ཉིད་ལ་བྱང་ཆུབ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་གནས་པར་བྱོ་ཞེས་གང་གསུངས ་པོ་ཡིན་ཏེ། དེ་ལ་ལམ་ཤེས་པ་ཉིད་ཀྱི་དབང་དུ་མཛད་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གང་གནས་པར་བྱ་བ་ཞེས་གནས་བརྟན་རབ་འབྱོར་གྱིས་བསྟན་པ་ཉན་པར་འདོད་པའི་ཕྱིར་རོ།། དེ་ལ་རང་བཞིན་གྱི་འོད་ནི་རྣམ ་པར་སྨིན་པ་ལས་བྱུང་བའི་འོང་ངོ་།། ཡུལ་སོ་སོར་ངེས་པ་ནི་གང་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བསྟན་བྱའི་སྐལ་པ་མེད་པ ་ཉིད་ཀྱིས་ན་བྱང་ཆུབ་སེམས་དཔའི་ལམ་ཤེས་པ་ཉིད་ནི་ཉན་ཐོས་ལ་སོགས་པ་དང་ཐུན་མོངས་མ་ཡིན་ནོ་ཞེས་བསྟན་ཏེ། ཡུ་ཙོལ་སོ་སོར་ངེས་པའི་དོན་གྱི་ཕྱིར་རོ།། དེའི་མདོ་ནི་འདི་ཡིན་ཏེ། ཀཽ་ཤི་ཀྲ་ལྷའི་བུ་གང་བླ ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མ་སྐྱེས་པ་དེ་དག་གིས་ཀྱང་བསྐྱེད་པར་བྱའོ།། གང་ཡང་ངེས་པར་ཞུགས་པ་འཁོར་བའི་རྒྱུན་གྱི་མཚམས་ཅད་པ་དེ་དག་སྐལ་པ་མེད་མོད་ཀྱི་ཞེས་གསུངས་པ ་ཡིན་ནོ།། ཁྱབ་པ་ནི་གྲང་སེམས་བསྐྱེད་པ་ནི་སོ་བརྩམས་ཏེ། ལམ་ཤེས་པ་ཉིད་ཀྱི་དྲ་བང་དུ་མཛད་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕྱོགས་གཅིག་པ་མ་ཡིན་ནོ་ཞེས་ཁྱབ་པའི་དོན་དང་གང་ཟག་མཐར་གྱིས་པའི ་ཁྱད་པར་གྱིས་དོན་གྱིས་ཏེ། དེ་ལྟར་བྱས་ནས་འདོད་ཆགས་དང་བྲལ་བ་སྔོན་དུ་འགྲོ་བའི་དབང་དུ་མཛད་ནས་འདི་འཐད་པར་གྱུར་པ་ཡིན་ཏེ། འོན་ཀྱང་གལ་ཏེ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ ་སེམས་བསྐྱེད་ནས་དེ་དག་ལ་ཡང་རྗེས་སུ་ཡིད་རང་ངོ་།། ཁྱད་པར་དུ་འཕགས་པ་ནི་ཆོས་ལས་ཆེད་ཁྱད་པར་དུ་འཕགས་པའི་ཆོས་ལ་དམིགས་པར་བྱེད་པས་དེ་དག་གི་དགེ་བའི་ཕྱོགས་གང་ལ་ཡང་ཁོ་བོ་བར་ཆོད་མི ་བྱེད་དོ།། དེས་ནི་ཐེག་པ་གསུམ་དུ་རྣམ་པར་བཞག་པ་ནི་དགོངས་པ་ཅན་ཡིན་གྱི་མཚན་ཉིད་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ།། རང་བཞིན་ནི་གང་ཇི་ལྟར་ཉན་ཐོས་ལ་སོགས་པའི་ལམ་སོ་སོར་ངེས་པའི་ལམ ་ཡིན་ཞིང་རྟོགས་པས་ནི་འབྲས་བུའི་ལམ་ཡིན་པར་དེ་ལྟར་ནི་ལམ་ཤེས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་མ་ཡིན་ཏེ། ཉོན་མོངས་པ་རྣམ་པ་ཐམས་ཅད་དུ་སྤང་བ་མ་ཡིན་པས་རང་གི་ངོ་བོ་ཁྱད་པར་དུ་འཕགས་པའི ་དྲོན་གྱིས་ཇི་སྐད་དུ་བསྟན་པ་ཡིན་ནོ།། བྱེད་པ་ནི་གང་ཇི་ལྟར་ཉན་ཐོས་ལ་སོགས་པའི་ལམ་ཡང་དག་པའི་མཐུའ་མངོན་སུམ་དུ་བྱ་བའི་ཕྱིར་སྤོང་བ་སྒོམ་པར་བྱེད་པ་ཡིན་ལ། བྱང་ཆུབ་སེམས་དཔའི་རྟོགས་པ་ནི་དེ་ལྟ་མ ་ཡིན་ཏེ། གཞན་དུ་ནཱ་འདིའི་ལམ་ཤེས་པ་ཉིད་ནི་སེམས་ཅན་ཡོངས་སུ་སྨིན་པ་ལ་སོགས་པའི་བྱེད་པ་སྒོམ་པ་ཡིན་ཏེ། དེའི་བྱེད་པའི་འབྲས་བུ་ཉིད་ཁྱོད་པར་དུ་འཕགས་པའི་དོན་གྱིས་སོ་ཞེས་བསྟན་པ་ཡིན་ནོ།། ། ་ལམ་ཤེས་པ་ཉིད་ཀྱི་རུང་བར་བྱེད་པའི་ཡུལ་སོ་སོར་ངེས་པ་དང་། ཁྱབ་དང་། རང་གི་ངོ་བོ་དང་། བྱེད་པ་རྣམ་པ་བསྟན་ནས་དེ་ནི་ཉན་ཐོས་ཀྱི་ལམ་བརྗོད་པར་བྱ་བ་ཡིན་པས་དེའི་ཕྱིར་ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི།། ་འཕགས་པའི་བདེན་པ་བཞི་དོག་གི། རྣམ་པ་མི་དམིགས་སྒོ་ནས་ནི། ཉན་ཐོས་ལམ་འདི་ཤེས་པར་བྱ་ཞེས་བསྟན་པ་ཡིན་ནོ།། ཇི་ལྟར་ཞེ་ན། གཟུགས་ལ་སོགས་པའི་ཕུང་པོ་རྣམས་ཀྱི་ས་ལ་སོགས་པའི ་ཁམས་དྲུག། བུ་ག་ནམ་མཁའི་ཁམས་ཞེས་བཤད་པའི་ཕྱིར་རོ།། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་རྣམས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས་ཉན ་ཐོས་ལ་སོགས་པའི་ཐེག་པ་འདོད་པ་དང་། མ་འདྲེས་པའི་དོན་གྱི་ཕྱིར་རོ།། མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། ཞི་བ་དང་། ནད་དང་། ཤུ་བ་དང་། ཟུག་རྔུ་དང་། སྡིག་པ་དང་། ཕ་རོལཱྀ་ཉིད་དང་། ་འཇིག་པའི་ཆོས་ཅན་དང་། གཡོ་བ་དང་། རབ་ཏུ་འཇིག་པ་དང་། འཇིག་པ་དང་། འགྲོ་བའི་ནང་དང་། འཚེ་བ་རྣམས་ནི་ཉན་ཐོས་ཀྱི་ལམ་རྣམ་པ་རྣམས་ཡིད་ལ་བྱེད་པ་མི་དམིགས་པའི་ཕྱིར་སྦྱོར་བས་སོ་ཞེས་བསྟན་པ ་ཡིན་ནོ།། དེ་ལ་མི་རྟག་པ་ཞེས་བྱ་བ་ནས་ཞེས་བྱ་བའི་བར་དུ་ནི་སྡུག་བསྔལ་གྱི་བདེན་པའི་རྣམ་པ་ཡིན་ནོ།། ནད་ཅེས་བྱ་བ་ནས་སྡིག་པ་ཞེས་བྱ་བའི་བར་དུ་ནི་ཀུནྡོ་འབྱུང་གི་བདེན་པའི་རྣམ་པའོ།། ཕ་རོལ་དང་། འཇུག ་པའི་ཆོས་ཅན་ཞེས་བྱ་བ་ནི་དེ་དག་རེ་རེ་ལ་ཡིད་འབྱུང་བའི་རྣམ་པའོ།། གཡོ་བ་དང་། རབ་ཏུ་འཇིག་པ་ཞེས་བྱ་བ་ནི་དཽ་དག་རེ་རོ་ཉིད་ལ་འདོད་ཆགས་དང་བྲལ་བའི་རྣམ་པའོ།། འཇིགས་པ་དང་འགོ་བའི་ནད་དང་། འཚེ ་བ་ཞེས་བྱ་བ་ནི་དེ་དག་རེ་རེ་ལ་འགོག་པའི་རྣམ་པའོ།། དེ་ལྟར་བྱས་ན་འཕགས་པ་ཉན་ཐོས་རྣམས་ཡིད་འབྱུང་བ་དང་། འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་དང་། འགོག་པའི་སྙོམས་པར་འཇུག་པར་འགྱུར་རོ།། ་ཞེས་བྱ་བའི་ལུང་ཡིན་ནོ།། དེ་ལ་མི་རྟག་པ་ཞེས་བྱ་ནི་སྐྱེ་བ་དང་། འཇིག་པའི་ཆོས་ཅན་ཉིད་ཡིན་པའི་ཕྱིར་རོ།། སྡུག་བསྔལ་ཞེས་བྱ་བ་ནི་ཟག་པ་དང་བཅས་པའི་དངོས་པོ་རྣམས་ཏེ། རྗེས་སུ་མཐུན་པ་ཉིད་ཡིན་པའི་ཕྱིར་རོ།། ། ་དེ་ལྷོར་བྱས་ན་མི་རྟག་པ་ཡང་འཕགས་པའི་ལམ་ཡིན་ཏེ། ཟག་པ་མེད་པ་ཉིད་ཀྱི་ཕྱིར་འཕགས་པ་རྣམས་དང་མི་མཐུན་པ་མ་ཡིན་པས་འདི་སྡུག་བསྔལ་བ་ཉིད་དུ་ཐལ་བར་མི་འགྱུར་རོ།། བདག་མེད་པ་ཞེས་བྱ་བ་ནི་གཞན ་གྱིས་གྲོཏོགས་པའི་བདག་གིས་སྟོང་པ་ཉིད་ཡིན་པའི་ཕྱིར་རོ།། ཞི་བ་ཞེས་བྱ་བ་ནི་རང་ཉིད་བདག་མེད་པ་ཉིད་ཡིན་པའི་ཕྱིར་རོ།། ནད་ཅེས་བྱ་བ་ནི་འབྲས་བུའི་ས་བོན་དང་འདྲ་བར་རྒྱུའི་རྩ་བར་གྱུར་པ་ཉིད་ཡིན་པའི་ཕྱིར་རོ།། ་ཤུ་བ་ཞེས་བྱ་བ་ནི་སྡུག་བསྔལ་ཀུན་འབྱུང་བ་ཉིད་ཡིན་པའི་ཕྱིར་རོ།། ཟུག་རྔུ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་རྐྱེན་ཉིད་ཡིན་པའི་ཕྱིར་རོ།། སྡིག་པ་ཞེས་བྱ་བ་ནི་སྡུག་བསྔལ་ག་ཅིག་ནས་གཅིག་ཏུ་བརྒྱུད་དེ། རབ་ཏུ་འབྱུང ་བ་ཉིད་ཀྱིས་ཤིན་ཏུ་འཇོམས་པ་ཉིད་ཡིན་པའི་ཕྱིར་རོ།། ཕ་རོལ་ཞེས་བྱ་བ་ནི་ཕྱིར་རྒོལ་བར་གྱུར་པ་ཉིད་ཡིན་པའི་ཕྱིར་རོ།། འཇིག་པའི་ཆོས་ཅན་ཞེས་བྱ་བ་ནི་ཕྱིར་རྒོལ་བའི་དངོས་པོས་འཇིག་པའི་ཆོས་ཅན ་ཉིད་ཡིན་པའི་ཕྱིར་ཏེ། ཡིད་འབྱུང་བའི་དམིགས་པར་ཡང་འགྱུར་རོ།། ཞེས་བྱ་བའི་དོན་ཏོ།། གཡོ་བ་ཞེས་བྱ་བ་ནི་རང་གི་ངོ་བོར་གནས་པ་མེད་པ་ཉིད་ཀྱི་ཕྱིར་རོ།། རབ་ཏུ་འཇིག་པ་ཞེས་བྱ་བ་ནི་རྒྱུ་ཉིད་ལ་བལྟོས་པ་མེད ་བར་རང་བཞིན་གྱིས་འཇུག་པ་ཉིད་ཡིན་པའི་ཕྱིར་ཏེ། འདོད་ཆགས་དང་བྲལ་བའི་དམིགས་པར་ཡང་འགྱུར་རོ།། འཇིག་པ་ཞེས་བྱ་བ་ནི་འདི་དང་གཞན་གྱི་གནོད་པའི་གནས་སུ་གྱུར་པ་ཉིད་ཡིན ་པའི་ཕྱིར་རོ།། འགོ་བའི་ནད་ཅེས་བྱ་བ་ནི་སྲིན་པོ་ལ་སོགས་པ་རྩོལ་བ་ལསཽ་བྱུང་བ་ཉིད་ཡིན་པའི་ཕྱིར་རོ།། འཚེ་བ་ཞེས་བྱ་བ་ནི་འབྱུང་བ་ཆེན་པོ་འཁྲུགས་པ་དང་། ཐོག་འབབ་པ་ལ་སོགས་པ་འབྱུང་བའི་གནས་སུ ་གྱུར་པ་ཉིད་ཡིན་པའི་ཕྱིར་ཏེ། འགོག་པའི་དམིགས་པར་འགྱུར་རོ་ཞེས་འཐད་པ་ཡིན་ནོ།། ཡིད་ལ་བྱེད་པ་དེ་ཉིད་ཀྱིས་མ་རིག་པ་འགོག་པ་ནི་བདག་མེད་པ་དང་། ཞི་བ་དང་། དབེན་པ་ཞེས་བྱ་བ་གསུམ་ནི་འགོག་པའི ་བདེན་པའི་རྣམ་པའོ།། ངེས་པར་འབྱུང་བ་རྣམ་པ་བཞི་ནི་གང་སྟོང་པ་ཉིད་དང་། མཚན་མ་མེད་པ་ཉིད་དང་། སྨོན་པ་མེད་པ་ཉིད་དང་། མངོན་པ་འདུ་བྱེད་པ་མེད་པ་ཉིད་ཀྱི་ཡིད་ལ་བྱེད་པ་མི་དམིགས་པའི་ཚུལ་གྱིས་ཤེས ་བསྟན་པ་ཡིན་ཏེ། རྣམ་པར་ཐར་པའི་སྒོ་གསུམ་ལ་སོགས་པ་ཡོས་ཇི་ལྟར་ངེས་པར་འབྱུང་བ་དང་། གང་ངེས་པར་འབྱུང་བ་དང་། མངོན་པར་འདུ་བྱེད་པ་མེད་པའོ།། བྱང་ཆུབ་ཀྱི་ཕྱོགས་རྣམས་ཀྱི་ངོ་བོ་མི་དམིགས ་པའི་རྣལ་འབྱོར་ནི་ལམ་གྱི་རྣམ་པ་སྟེ། དེ་རྣམས་ཀྱིས་མྱ་ངན་ལས་འདས་པའི་གྲོང་ཁྱེར་ཐོབ་པར་བྱེད་པའི་དོན་གྱིས་ན་ལམ་གྱི་རྣམ་པའོ།། དེ་ཉིད་ཀྱིས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་མི་དམིགས ་པའི་སྦྱོར་བ་ཞེས་བྱ་བས་ནི་རྟོགས་པ་མ་ལུས་པའི་རིགས་པ་ཡིན་པའི་ཕྱིར་རིག་པའི་རྣམ་པའོ།། ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན་བདག་དང་། བདག་གི་དང་འབྲེལ་བའི་ཆོས་ལ་སོ་སོར་རྟོག་པས་ནཱ་བདག་མེད་པའོ།། ། ་དེ་ཅིའི་ཕྱིར་ཞེ་ན། དགེ་བའི་རྩ་བའི་སེམས་དང་། བྱང་ཆུབ་ཀྱི་སེམས་འགྲོགས་པ་མ་ཡིན་པ་ཉིད་ཀྱིས་ན་ཡོངས་སུ་བསྔོ་བའི་སེམས་ཀྱང་བྱང་ཆུབ་ཀྱི་སེམས་དང་། དགེ་བའི་རྩ་བ་གཉིས་ནི་འགྲོགས་བླ་མ་ཡིན་པའི་བྱང་ཆུབ ་ཀྱི་སེམས་དང་། ཡོངས་སུ་བསྔོ་བའི་སེམས་འགྲོགས་པ་མ་ཡིན་པའི་ཕྱིར་རོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཀྱི་སེམས་དང་ཡོངས་སུ་བསྔོ་བ་སེམས་གཉིས་ནི་གཅིག་ལ་གཅིག་ཡོད་པ་མ་ཡིན་ཞིང་མི་དམིགས་པའི་ཕྱིར་རོ ་ཞེས་པ་ནི་བསྒྲུབ་པའི་རྣམ་པ་སྟེ། རྟོགས་པའི་ཕྱིར་སྲུང་བུ་ཡིན་པས་ན་སློབ་པའོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཀྱི་སེམས་དང་། ཡོངས་སུ་བསྔོ་བའི་སེམས་དག་ནི་སེམས་མ་ཡིན་པ་ཉིད་ཀྱིས་ན་སེམས་མ་ཡིན་པ་ཡོངས་སུ ་བསྔོ་བ་ནི་མེ་འཐད་པ་ཡིན་པའི་ཕྱིར་སེམས་མི་ཡིན་པ་གང་ཡིན་པ་དེ་ནི་བསམ་གྱི་མི་ཁྱབ་པོའོ།། བསམ་གྱིས་མི་ཁྱབ་པ་གང་ཡིན་པ་དེ་ནི་སེམས་མ་ཡིན་པ་སྟེ། དེ་ལྟར་ཆོས་སོ་སོར་བརྟག་པ་ལ་མངོན་པར་ཞེན། ་པ་མེད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཡིན་པས་ངེས་པར་འབྱུང་བའི་རྣམ་པ་སྟེ། མངོན་པར་ཞེན་པ་མེད་པར་འགྲོ་བ་ནི་ངེས་པར་འབྱུང་བ་ཡིན་པའི་ཕྱིར་རོ།། ཉན་ཐོས་ཀྱི་ལམ་ལ་འཕགས་པའི་བདེན་པ་བཞི་ལ ་དམིགས་པ་རྣམ་པ་བཅུ་དྲུག་ཏུ་བཞག་པ་བཤད་ཟིན་ནས།། ངེས་པར་འབྱེད་པའི་ཆ་དང་མཐུན་པ་བརྗོད་པར་བྱ་སྟེ། འཕགས་པ་ཉན་ཐོས་ལམ་ལ་ནི། གཟུགས་ལ་སོགས་པ་སྟོང་པའི་ཕྱིར།། སྟོང ་པ་ཉིད་རྣམ་དབྱེར་མེད་པས། དྲོ་བ་ཞེས་བསྟན་པ་ཡིན་ནོ།། ཇི་སྐད་དུ་མདོ་ལས་ཀཽ་ཤི་ཀ་གཟུགས་ནི་གཟུགས་ཀྱིས་སྟོང་ངོ་།། དེ་བཞིན་དུ་ཚོར་བ་ལ་སོགས་པ་དང་། གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དང་ཚོར་བ་ལ་སོགས་པ ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། དེ་དག་མི་དམིགས་པས། རྩེ་མོར་གྱུར་པ་དག་ཏུ་འདོད་ཅེས་བསྟན་པའི་མངོནི་ཇི་སྐད་དུ། ཀཽ་ཤི་ཀ་འདི་ལ་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོས་མི་དམིགས་པའི་ཚུལ་གྱིས་གཟུགས་ལ་གནས་པར་མི་བྱའོ།། དེ་བཞིན་དུ་ཚོར་བ་ལ་སོགས་པ་ལ་གནས་པར་མི་བྱའོ།། ཞེས་གསུངས་པ་ཡིན་ནོ།། དེ་ལ་རྟག་ལ་སོགས་ཚུལ་གྱིས། གནས་པ་བཀག་པས ་བཟོད་པ་རྣམས། ཤེས་བསྟན་ཏེ། ཇི་སྐད་དུ་མདོ་ལས། གཟུགས་རྟག་ཅེས་བྱ་བ་འམ། མི་རྟག་ཅེས་བྱ་བར་གནས་པར་མི་བྱའོ།། བཽ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་ཡོད་ཅེས་བྱ་བ་དང་། བདག་མེད་ཅེས་བྱ་བ ་དང་། ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བ་དང་། སྡོང་ཞེས་བྱ་བ་དང་། མི་སྦྱོང་ཞེས་བྱ་བ་དང་། མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨྱོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བར་དམིགས་པོའི ་ཚུལ་གྱིས་གནས་པར་མི་བྱའོ།། ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། ས་བཅུ་དག་ལས་བརྩམས་ནས་ནི། མི་གནས་རྒྱས་པར་བསྟན་པ་ཡིས། ཆོས་ཀྱི་མཆོག་ཏུ་འགྱུར་བཤད་དེ་ཞེས་བྱ་བསྟན་པ་ནི་འཕགས་པ་ཉན་ཐོས ་ཀྱི་ལམ་ཡིན་ཏེ། ཇི་སྐད་དུ་མདོ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ས་དང་པོ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བ་ནས་བདག་གིས་སངས་རྒྱས་ཀྱི་ཞིང་དེར་སངས་རྒྱུ་ས་ཀྱི་སྒྲ་ཡང་ཡོད་པར་མ་གྱུར ་ཅིག་ཅེས་བྱ་བའི་བར་དུ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་རྒྱ་ཆེར་གསུངས་པ་ཡིན་ནོ།། ཅིའི་ཕྱིར་ཞེ་ན་སངས་རྒྱས་ཀྱིས། མཁྱེན་ནས་ཆོས་རྣམས་མ་གཟིགས་ཕྱིར་ཞེས་བསྟན་པའི་མདོ་ནི་ཇི་སྐད་དུ། འདི་ལྟར་དེ་བཞིན ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱང་ཆོས་ཐམས་ཅད་མི་དམིགས་ཕྱིར་ཞེས་བྱ་བ་ལ་སོགས་པ་དེ་དག ་ནས་བརྩམས་ཏེ། འདི་ཞེས་བྱ་བ་རབ་ཏུ་བྱེད་པ་དང་འབྲེལ་བར་བྱས་པས་ཉན་ཐོས་ཀྱི་ལམ་ཡིན་ནོ།། བྱང་ཆུབ་སེམས་དཔའ་ནི་ཐམས་ཅད་དུ་མི་དམིགས་པའི་ཚུལ་ཡིན་ནོ།། ལམ་ཤེས་པའི་དབང་དུ་མཛད་ནས་ཤེས་བྱ། ཉན ་ཐོས་ཀྱི་ལམ་གྱི་རྣམ་པར་འགྲེལ་པའོ།། ཉན་ཐོས་ཀྱི་ལམ་བཤད་ནས་རང་སངས་རྒྱས་ཀྱི་ལམ་བརྗོད་པར་བྱའོ།། དེ་ལ་རེ་ཞིག་རང་འབྱུང་བདག་ཉིད་རྟོག་པའི་ཕྱིར། གཞན་གྱིས་བསྟན་ཀྱང་མི་དགོས་ལ། བསེ་རུ་ལྟ་བུའི་ཡེ ་ཤེས་ནི། ཟབ་པ་ཉིད་དུ་མངོན་པར་བརྗོད་ཅེས་བྱ་བ་ནི་རང་སངས་རྒྱས་ཀྱི་ཡིན་ནོ།། ཞེས་བྱ་བའི་དོན་ཏོ།། གཞན་གྱིས་བསྟན་ཀྱང་མི་དགོས་པའི་དོན་ནི་གང་རང་སངས་རྒྱས་ཀྱི་ལམ་གྱི་དབང་དུ་མཛད ་ནས། གནོད་སྦྱིན་གྱི་སྐད་ལ་སོགས་པ་ནི་ཤེས་པར་རུང་གི། གནས་བརྟནཱ་རབ་འབྱོར་གྱིས་བཤད་པ་ནི་དོན་ཤེས་པར་མི་རུང་ཞེས་བསྟན་ཏོ།། དེ་ལ་གནོད་སྦྱིན་རྣམས་རང་གི་བརྡ་གོ་བར་བྱེད་དེ། གནོད་སྦྱིན་གྱི་སྒྲའོ།། སྤྱི་ནི་ཚིག་སྟེ། ་ཇི་སྙེད་ཀྱིས་བརྗོད་པར་འདོད་པའི་དོན་རྫོགས་པ་ནི་སྐད་དེ། ངག་ཅེས་བྱ་བའི་དོན་ཏོ།། གང་དང་གང་གི་གཏམ་གྱི་སྒོ་གཞན་གྱིས་དྲིས་པ་དེ་དང་དེའི་ལན་སྨྲ་བ་ནི་བརྗོད་པའོ།། དེ་ལྟ་བུ་ནི་ཤེས་པར་རུང་གི་འཕགས་པ་གནས་བརྟན ་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཆད་པ་དང་། བརྗོད་པ་དང་། སྟོན་པ་དང་། རྣམ་པར་འབྱེད་པ་དང་། གསལ་བར་བྱེད་པ་དང་། གཏན་ལ་ཕབ་པར་སྟོན་པ་དེ་ནི་ཤེས་པར་མི་རུང་ངོ་།། དེ་ལ་གསོལ་བ་བཏབ་ནས ་སྟོན་པོ་ནི་འཆད་པའོ།། དྲིས་ན་ལྡན་སྨྲ་བ་ནི་བརྗོད་པའོ།། དེ་གཉིས་གདུལ་བྱ་རྨོངས་བུའི་དབང་དུ་མཛད་ནས་འཆད་པ་ནི་སྨྱོན་པའོ།། བྲག་མྱེད་པ་རྣམས་ཀྱི་དབང་དུ་མཛད་ནས་ཆེད་དུ་སྟོན་པ་མཛད་པ་ནི་རྣམ་པར་འབྱེད་པ་ཞེས ་བྱ་སྟེ། དེ་ཡང་ལྷའི་བུ་དག་ཡི་གཅིག་ཀྱང་བརྗོད་པ་མེད་དོ་ཞེས་བྱ་བ་ནས་བརྩོམས་ཏེ། སྟོན་པ་དང་། ཉན་པ་བཀག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཡི་གེ་མེད་པ་ཡིན ་ཏེ། སྤྲུལ་པ་དང་། རྨི་ལམ་དང་། སྒྲ་བསྙེན་དང་། སྒྱུ་མ་ལྟ་བུའི་དཔེས་ཡི་གེ་མེད་པར་སྟོན་པ་དང་། ཉན་པ་དང་། ཤེས་པར་བྱེད་པ་མེད་པ་ཉིད་ཡིན་པའི་ཕྱིར་རོ།། ཆོས་སྟོན་པ་དང་། ཚིག་ཏུ་བརྗོད་པ་ཇི་ལྟར་མེད་པ་ཡིན་ཞེ་ན། ཆོས ་སྟོན་པའི་འབྲས་བུ་ཐོབ་པའི་རྒྱུ་ཉིད་ཡིན་པའི་ཕྱིར་དང་། ཆོས་སྟོན་པའི་ཚིག་ཏུ་སྨྲ་བས་ཀྱང་རྣམ་པར་གཡེང་བ་ཆེན་པོར་འགྱུར་བ་ཡིན་ལ། རྣམ་པར་གཡེང་བས་ཀྱང་རྒྱུད་ཤས་ཆེར་འཁྲུགས་པ་སྐྱེད་པར་བྱེད་པ་ཡིན་པར ་དགོངས་པས་ན་སངས་རྒྱས་བཅོམ་ལྡན་འདས་སྔོན་བྱང་ཆུབ་སེམས་དཔར་གྱུར་པ་ན་འདི་ལྟར་བདག་གི་སངས་རྒྱས་ཉིད་ཐོབ་ནས་ཡིད་བཞིན་གྱི་ནོར་བུ་ལྟར་ཚིག་ཏུ་སྨྲ་བ་མེད་པར་ཡང་ཆོས་སྟོན་ཅིང་སེམས་ཅན་གྱི་དོན་གྱི ་བྱ་བ་རྫོགས་པར་བྱེད་ནུས་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་ཡིན་ནོ།། ཚིག་ཏུ་སྨྲ་བ་མེད་པར་ཡང་དོན་སྟོན་པ་རུང་བ་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ།། གླིང་དང་གང་དོན་གང་གང་ལ། ཇི་ལྟ་ཇི་ལྟར་དེ་ལ་ཉན། དེ་ལ་སྒྲ ་མེད་ཀྱང་དོན་ཏེ། དེ་ནི་དེ་ལྟ་དེ་ལྟར་སྣང་ཞེས་བསྟན་པ་ཡིན་ནོ།། དེ་ལ་ཡེ་ཤེས་ཟབ་མོ་འདི་ཡིན་ཏེ། དེ་སྐད་དུ་མདོ་ལས། ཀྱེ་མ་གནས་བརྟན་རབ་འབྱོར་འདི་ནི་གསལ་བར་བྱེད་པ་སྟེ། ཟབ་པ་བས་ཀྱང་ཤིན་ཏུ་ཟབ་པ་སྟོན་པ ་ལ་ཕྲ་བ་བས་ཀྱང་ཤིན་ཏུ་ཕྲ་བ་འཇུག་གོ་ཞེས་གསུངས་པ་ཡིན་ནོ།། དེ་ལ་གནས་བརྟན་རབ་འབྱོར་གྱི་ཉེ་བར་བསྟན་པའི་དོན་ཤེས་པར་མི་ནུས་ཤིང་ཟབ་པ་ཡིན་ལ། ཡི་གེ་གཅིག་ཙམ་ཡང་མ་བརྗོད་པར་ཐོས་པས་ཤིན་ཏུ ་ཟབ་པ་ཡིན་ནོ།། དེ་ཉིད་མདོ་སྡེ་གཞན་དགལ་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་རང་ཉིད་ཀྱིས་མངོན་པར་རྟོགས་པ་དང་། རྐྱེན་ཟབ་མོ་ཁོང་དུ་ཆུད་པས་རང་སངས་རྒྱས་ཀྱི་ཐེག་པ་རྫོགས་པར་བྱེད་པ་ཡིན་ནོ་ཞེས ་གསུངས་པ་ཡིན་ནོ།། བདག་ཉིད་གཅིག་པུའི་དོན་དུ་དམིགས་ནས་རང་ཉིད་སངས་རྒྱས་པས་ན་རང་སངས་རྒྱས་སོ།། ཉན་ཐོས་སུ་ཐལ་བར་འགྱུར་བ་ཡང་མ་ཡིན་ཏེ། དེ་ནི་གཞན་གྱི་ལུང་ལ་བལྟོས་པ་ཡིན་པའི་ཕྱིར་རོ།། ཡང་དག་པར ་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེ་ན། མ་ཡིན་ཏེ། དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཅན་གྱི་དོན་མཛད་པས་དེ་རྣམས་ལས་ཁྱད་པར་དུ་འཕགས་པ་ཉིད་ཡིན་པའི་ཕྱིར་རོ།། རང་སངས་རྣམས་ནི་གང་གིས་ཇི་ཙམ ་ཞིག་རྟོགས་པ་ཙམ་པ་དེ་ལ་རང་ཉིད་མངོན་དུ་སངས་རྒྱས་པ་ཡིན་ནོ།། ཡང་དེ་རྣམས་ཀྱི་རྟོགས་པ་ནི་གང་ཅི་ཙམ་ཞིག་ནི་རྟོགས་ཤེ་ན། གཟུང་བར་རྟོགས་པ་ཉམས་ཕྱིར་དང་།། འཛིན་པ་མ་སྤངས་ཕྱིར་དང་ནི། རྟེན་གྱིས་བསེ་རུ ་ལྟ་བུའི་ལམ།། ཡང་དག་བསྡུས་པ་ཤེས་པར་བྱ་ཞེས་སྟོན་པ་ཡིན་ཏེ། གང་གི་ཕྱིར་དེ་རྣམས་ཀྱིས་གཟུང་བའི་རྣམ་པར་རྟོག་པའི་དབང་དུ་མཛད་ནས་ཕུང་པོ་དང་། ཁམས་དང་། སྐྱེ་མཚད་རྣམས་ཞེས་བྱ་བ་ནས་རྣམ་པ ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྒྱ་ཆེར་རང་བཞིན་ཟབ་པ་དང་། ཕྲ་བ་བཀག་པའི་ཕྱིར་རང་སངས་རྒྱས་ཀྱི་ཤེས་བྱའི་སྒྲིབ་པའི་ཕྱོགས་གཅིག་སྤངས་པ་ཡིན་པར་བསྟན་པ་ནི་དེ་རྣམས་ཉན་ཐོས་རྣམས་ལས་ཁྱད་དུ ་འཕགས་པ་ཤུགས་ཀྱིས་བསྟན་པ་ཡིན་ནོ།། འདི་ནི་ངག་གི་ཆོས་བསྟན་པ་མ་ཡིན་ནོ་ཞེས་རང་སངས་རྒྱས་ཀྱི་དབང་དུ་མཛད་ནས་བྱང་ཆུབ་ཏུ་བཏགས་པ་མེད་དོ་ཞེས་བྱ་བའི་བར་དུ་བསྟན་པ་ཡིན་ཏེ། དེ་རྣམས་ཀྱིས་གཟུང་བའི་རྣམ་པར ་རྟོགས་པ་སྤངས་པའི་ཕྱིར་རོ།། ཡི་གེར་བཏགས་པ་མེད་དོ་ཞེས་བྱ་བ་ནི་དེ་རྣམས་ཀྱི་རང་གི་མངོན་པར་རྟོགས་པ་ཡིན་པའི་ཕྱིར་རོ།། ལ་ལ་ཞིག་རྒྱུན་དུ་ཞུགས་པོའི་འབྲས་བུ་ལ་གནས་པར་འདོད་ཅིང་ཞེས་བྱ་བ་ནས། ལ་ལ་ཞིག ་རང་བྱང་ཆུབ་པར་འདོད་ན་ཡང་བཟོད་པ་འདི་ལ་མ་རྟེན་པར་མི་འགྲུབ་པོ་ཞེས་བྱ་བའི་བར་ནི་ལམ་ཤེས་པ་ཉིད་ལ་ལམ་ཐམས་ཅད་ཡུལ་དུ་བྱ་དགོས་ནས་གསུངས་པ་ཡིན་ནོ།། རང་སངས་རྒྱས་ཀྱི་ལམ་ལོ་དེ་རྣམས་ཀྱིས་བཟུང ་བའི་རྣམ་པར་རྟོག་པ་ནི་སྤངས་པ་ཡིན་ལ། འཛིན་པའི་རྣམ་པར་རྟོག་པ་མི་སྤངས་པའི་དབང་དུ་མཛད་ནས་གསུངས་པ་ནི་སེམས་ཅན་དེ་དག་ནི་སྒྱུ་མ་ལྟ་བུ་སྟེ། ཆོས་བསྟན་པ་དེ་དག་ཀྱང་སྒྱུ་མ་ལྟ་བུའོ་ཞེས་བྱ་བ་ཡིན་ཏེ། རང ་སངས་རྒྱས་རྣམས་ནི་འཛིན་པ་མེད་པར་རྟོགས་པ་མ་ཡིན་པའི་ཕྱིར་རོ།། སྔར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དབང་དུ་མཛད་ནས་སྒྱུ་མའི་སྐྱེ་ས་བུ་ལྟར་བསླབ་པར་བྱའོ་ཞེས་གསུང་ས་པ་དེ་དང་འདི་ལ་འགལ་བ་ཡོད ་པ་མ་ཡིན་པར་བསྟན་པ་ལས་བརྩམས་ཏེ། ཕུང་པོ་ལ་སོགསོ་པ་ལས་མྱ་ངན་ལས་འདས་པའི་ཁོར་དུ་ཡང་རྨི་ལམ་ལྟ་བུ་དང་། སྒྱུ་མ་ལྟ་བུར་བཤད་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། སྒྱུ་མ་དང་། མྱ་ངན་ལས་འདས་པ་ལ ་སོགས་པ་དེ་ལས་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ།། རང་སངས་རྒྱས་ཀྱི་ལམ་ལ་འཛིན་པའི་རྣམ་པ་མ་སྤངས་པ་ཡིན། རྟོགས་པའི་རྟེན་རིགས་ཀྱི་དབང་དུ་མཛད་ནས་གསུངས་པ་ནི་ཕྱིར་མི་ལྡོག ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་སོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཚོལ་བ་བསྟན་ནས་རང་སངས་རྒྱས་དགག་པའི་དོན་ཏེ། དེ་རྣམས་ཉིད་གཟུགས་ལ་སོགས་པ་དང་། དེའི་སྟོང་པ་ཉིད་ལ་སོགས་པ་ཉིད ་ཕན་ཚུན་རྟོགས་པ་བཀག་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་འདི་ལ་ཆོས་གང་ཡང་མ་བརྗོད་མ་བཤད་དེ། དེ་བཞིན་དུ་འདི་ལ་སེམས་ཅན་གང་ཡང་ཡིད་ཆེས་པར་བྱེད་པ་མེད་དོ་ཞེས་བྱ་བའི་བར་གྱིས་གང་གསུངས་པས་རང་སངས ་རྒྱས་ཀྱི་དབང་དུ་མཛད་ནས་སེམས་ཅན་གོང་ཡང་ཡིད་ཆེས་པར་བྱེད་པ་མེད་དོ་ཞེས་བྱ་བ་དང་། རྟེན་ཅིང་སྦྱོར་བའི་གནས་སུ་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཚིག་དོན་མེད་ཅིང་མི་དམིགས་སོ་ཞེས་བྱ་བ་དེ་གསལ་བར་བྱས་པ་ཡིན ་ནོ་ཚེ་དང་ལྡན་པ་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐེག་པ་གསུམ་པོ་རྒྱས་པར་བསྟན་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པ་མང་པོ་ཞིག་གི་མཐའ་རྫོགས་པར་བྱས་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་དེ ་བཞིན་ནོ་ཞེས་བྱ་བ་ནས་བརྩམས་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་ཤིང་ཁྱད་པར་དུ་ཞུགས་པའི་སྤོབས་པ་དང་ལྡན་པའི་བར་དུ་ཡང་འགྱུར་ཞེས་བྱའོ།། དེ་ཡང་མི་དམིགས ་པའི་ཚུལ་ཞེས་བྱ་བའི་བར་གྱིས་མངོན་པར་འདོད་པའི་དོན་ཡང་དག་པར་གྲུབ་པས་དངོས་པོར་གྱུར་པའི་རྟེན་མེད་པར་ཡང་རྟོགས་པའི་ཆོས་ཐོབ་པར་བསྟན་པའི་ཆེད་དུ་སྤྲུལ་པའི་མེ་ཏོག་གཏོར་བ་ཡིན་ལྔ། མེ་ཏོག་དྲི ་དག་ཀྱང་མ་སྐྱེས་པའི་མེ་ཏོག་ཡིན་པ་དང་འདྲ་བར་གཟུགས་ནས་བརྩམས་ཏེ། ཆོས་ཐམས་ཅད་ཀྱི་བར་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་དུ་མ་བྱུང་བ་ཉིད་ཀྱིས་དེ་ནས་བརྩམས་ཏེ། འདི་ཞེས་བྱ་བའི ་པར་དུ་བྱེད་པ་དང་འབྲེལ་བར་བསྒྲུབ་པས་རང་སངས་རྒྱས་ཀྱིས་ལམ་རྟོགས་པའི་རྟེན་བསྟན་པ་ཡིན་ནོ།། རང་སངས་རྒྱས་དེ་དག་གིས་གཟུང་བའི་རྣམ་པར་རྟོག་པའི་སྤངས་པས་རང་སངས་རྒྱས་ཀྱི་རྟོག་པ་ཉན་ཐོས་རྣམས ་ལས་ཁྱད་པར་དུ་འཕགས་པ་ཡིན་ལ་འཛིན་པའི་རྣམ་པར་རྟོག་པ་མ་སྤངས་པས་ནི་རང་སངས་རྒྱས་རྣམས་ལས་སངས་རྒྱས་ཀྱི་རྟོགས་པ་ཁྱད་པར་དུ་འཕགས་པ་ཡིན་ཏེ། རིགས་ཀྱི་ནི་རྟོགས་པའི་རྒྱུ་ཁྱད་ཞུགས་པར ་བསྟན་པ་ནི་རང་སངས་རྒྱས་ཀྱི་ལམ་ཡིན་ནོ།། ད་ནི་སངས་རྒྱས་ཀྱི་ལམ་གྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དབང་དུ་མཛད་ནས། བཏགས་པའི་ཆོས་ཉིད་མི་འགལ་བར། སྟོང་པའི་རྣཾ་པ་དྲོད་གྱུར་པ། ཞེས་བསྟན་པ ་ཡིན་ནོ།། ཇི་སྐད་དུ། ཀྱེ་མ་གནས་བརྟན་རབ་འབྱོར་འདི་ནི་དེ་ལྟར་བཏགས་པ་དང་མི་འགལ་ལ།། ཆོས་ཉིད་ཀྱང་སྟོན་པ་ནི་ཤེས་རབ་ཟབ་པོ་ཞེས་བྱ་བ་དང་། གཟུགས་ནི་བཏགས་པ་ཙམ་མོ།། དེ་ཡང་ཆོས་ཉིད་དེ། གནས ་བརྟན་རབ་འབྱོར་གྱིས་མི་འགལ་བར་སྟོན་ཏོ་ཞེས་བྱ་བཱ་ལཱ་སོགས་པ་བསྟན་པ་ཡིན་ནོ།། རྩེ་མོར་གྱུར་པ་གཟུགས་ལ་སོགས། འགྲིབ་པ་མེད་ལ་སོགས་པས་ཕྱེ།། ཞེས་བསྟན་ཏེ། གང་གཟུགས་ནས ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མི་སློ་བ་པོ། ཡོངས་སུ་གཟུང་བར་བྱ་བ་དང་། མེད་པར་བྱ་བའི་ཕྱིར་མི་སློབ་པོ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ།། བཟོད་པ་ནི། ་ནང་སྟོང་ཉིད་ལ་སོགས་པ་ཡི།། གཟུགས་སོགས་མི་འཛིན་ཕྱིར་བཟོད་པ།། ཞེས་བསྟན་པ་ཡིན་ཏེ། གང་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ནང་སྟོང་པ་ཉིད་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ ་ཉིད་ཀྱི་ཕྱིར་ཡོངས་སུ་བཟུང་བ་མེད་པ་ཉིད་དོ་ཞེས་བསྟན་པ་ཡིན་ནོ།། གཟུགས་སོགས་སྐྱེ་བ་མེད་སོགས་ཀྱི།། རྣམ་པ་ཅན་ནི་ཆོས་ཀྱི་མཆོག་ཅེས་བསྟན་པ་ཡིན་ནོ།། ཇི་སྐད་དུ་གཟུགས་ཀྱི་སྐྱེ་བ་མི་མཐོང་། འགག་པ་དང་། ་བླང་བ་དང་། དོར་བ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། སོགས་པ་དང་། འབྲི་བ་དང་། འགྲིབ་པ་དང་། འཕེལ་བ་མི་མཐོང་སྟེ་ཞེས་བྱ་བ་ལ་སོགས་བསྟན་པ་ཡིན་ནོ།། རང་སངས་རྒྱས་ཀྱི་ལམ་བཤད ་ནས་མཐོང་བའི་ལམ་ཕན་ཡོན་དང་བཅས་པའི་དབང་དུ་མཛད་ནས། བདེན་དང་བདེན་ལ་བཟོད་པ་དང་། ཤེས་པའི་སྐད་ཅིག་རྣམ་བཞི་ཡིས། ལམ་ཤེས་ཉིད་ལ་མཐོང་བའི་ལམ།། ཕན་ཡོན་བཅས་པོ་འདི་བཤད་དོ་ཞེས ་བསྟན་པ་ཡིན་ནོ།། དེ་ལ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནི་དེ་བཞིན་གཤེགས་པ་དག་ནི་གཅིག་ལས་གཅིག་གུད་ན་མེད་པར་དགག་པའི་རྣམ་གྲངས་གཞན་གྱིས་སྟོན་ཏེ། ཇི་སྐད་དུ་མདོ་ལས། ཀཽ་ཤི་ཀ་གཟུགས ་ཀྱི་དེ་བཞིན་ཉིད་ལ་ཡང་དེ་བཞིན་གཤེགས་པ་མི་དམིགས་སོ།། དེ་བཞིན་གཤེགས་པ་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མི་དམིགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། སྡུག་བསྔལ་ལ་ཆོས་ཤེས་པ ་ནཱི་ཀཽ་ཤྲི་ཀ་གཟུགས་རྒྱ་ཆེ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་གཟུགས་ལ་མངོན་གྱི་མཐའ་མི་དམིགས། ཕྱི་མའི་མཐའ་མི་དམིགས། དབུས ་མི་དམིགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་བྱ་ཡིན་ནོ།། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི་ག་ཀཽ་ཤི་ཀ་གཟུགས་གཞལ་དུ་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཕ་རོལ་ཏུ་ཕྱིན་པ ་འདི་གཞལ་དུ་མེད་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འ་དེ་ལྟར་གཟུགས་གཞལ་དུ་མེད་པའི་ཕྱིར་དམིགས་སུ་མེད་དོ་ཞེས་བྱ་བ་ལ་སོགས་པ་པོ་ཤོད་པ་ཡིན་ནོ།། གཞལ་དུ་མེད་པ་ཞེས་བྱ་བ་ནི་གང་གི་གཟུགས ་འགྱུར་བའི་མཚན་ཉིད་དུ་གཞལ་དུ་མེད་པའོ།། སྡུག་བསྔལ་ལ་རྗེས་སུ་ཤེས་པ་ནི་གང་ཀཽ་ཤི་ཀ་གཟུགས་ཚད་མེད་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མེད་དོ།། ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམིགས ་སུ་མེད་དོ་ཞེས་བྱ་བྱ་ལ་སོགས་པ་བསྟན་པ་ཡིན་ནོ།། ཚད་ཅེས་བྱ་བ་ནི་དབྱིངས་རྣམས་ཕྲ་རབ་ཀྱི་བར་དུ་གཞིག་ཏུ་རུང་བར་བཤད་པ་ཡིན་པའི་ཕྱིར་ཕ་རོལ་ཏུ་གཟུགས་ཅན་མྱ་ཡིན་པའི་མཚན་ཉིད་དོ།། ་ཀུན་འབྱུང་ཆོས་ཤེས་པའི་བཟོད་པ་ནི་གང་ཀཽ་ཤི་ཀ་གཟུགས་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདྲི་མཐའ་ཡས་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་གཟུགས ་ཀྱི་མཐའ་དང་དབུས་མི་དམིགས་སོ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ།། དེ་ནི་རྒྱུ་བཀག་པ་ཡིན་ནོ།། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དམིགས་པ་མཐའ་ཡས་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པ་ཉིད་ཀྱིས་ན ་ཀུན་འབྱུང་བཀག་པ་ཡིན་ནོ།། ཆུ་ཀྱི་དབྱིངས་མཐའ་ཡས་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པ་ཉིད་ཀྱིས་ནི་རབ་ཏུ་སྐྱེ་བ་བཀོག་པ་ཡིན་ནོ།། དེ་བཞིན་ཉིད་མཐའ་ཡས་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པ་ཉིད་ཀྱིས ་ནི་སྐྱེ་བ་བཀག་པ་ཡིན་ནོ།། སེམས་ཅན་མཐའ་ཡས་པའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པ་ཉིད་ཀྱིས་ནི་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་སེམས་ཅན་གྱི་ཁམས་ལ་དམིགས་པར་བྱེད་པ་བསྟན་པ་ཡིན་ནོ།། ་ཀུན་འབྱུང་ལ་ཆོས་ཤེས་པ་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱེད་པ་དང་མ་བྲལ་བ་འདི་ནི་དེ་བཞིན་གཤེགས་པ་ཉིད་དུ་གཟུང་བར་བགྱིའོ་ཞེས་བསྟན་པ་ཡིན་ནོ།། དེའི་མདོ་ནི་ལྷའི་བུ་བྱང་ཆུབ་སེམས་དཔའ ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མི་དམིགས་པའི་རྣལ་འབྱོར་དང་མ་བྲལ་བར་གྱུར་ན་དེ་བཞིན་གཤེགས་པ་ཉིད་དུ་གཟུང་བར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐེག་པ་གསུམ་རྒྱ་ཆེར་བསྟན་པའི་ཕྱིར ་རོ་ཞེས་གསུངས་པ་ཡིན་ནོ།། ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་ནི་གྲང་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ། ཏུ་ཕྱིན་པ་འདི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི ་བར་དུ་མི་འདོར་བའི་ཚུལ་གྱིས་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་མཐུན་པ་ཡོངས་སུ་འཛིན་པ་ནི་ངོ་མཚར་ཆེའོ་ཞེས་བྱ་བའི་བར་དུ་བསྟན་པ་ཡིན་ནོ།། བར་ཆད་བྱེད་པ་ཐམས་ཅད་ཀྱིས་གླགས་རྙེད་པར་མི་འགྱུར་པར ་ཡོངས་སུ་བཟུང་བའི་དོན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། སྒོམ་པ་དང་། གཞན་དག་ལ་རྒྱ་ཆེར་འཆད་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་དང་། ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སེམས་དང་ཡང་མི་འབྲལ་བ་དེ་དག་ནི་བདུད་སྡིག་ཅན་ལ་སོགས་པ་ཐམས་ཅད་གླགས་རྙེད་པར་མི་འགྱུར་རོ་ཞེས་བྱ་བ་ནི་ཕན་ཡོན་བསྟན་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། གཟུགས་སྟོང་པ ་ཉིད་ནས་བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྟོང་པ་ཉིད་དེ། དེ་ལྟར་དེ་རྣམས་ཀྱིས་ཤིན་ཏུ་བྱིན་གྱིས་བརླབས་པའི་ཕྱིར་རོ།། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ལ་གླགས་མི ་རྙེད་དེ། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཡང་དེ་བཞིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་གིས་གང་དུ་གླགས་རྙེད་པར་འགྱུར་བ་དེ་དག་ཉིད་མེད་དོ།། ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད ་པ་ནི་གང་སེམས་ཅན་ཐམས་ཅད་ལ་མི་དམིགས་པའི་ཚུལ་གྱིས་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་བཏང་སྙོམས་ཀྱི་མཚན་ཉིད་ཤིན་ཏུ་བསྒོམས་པའི་ཕྱིར་ཏེ། རྣམས་ལ་མི་དང་། མི་མ་ཡིན་པ་ལ་སོགས་པ་རྣམས་ཀྱིས ་གླགས་རྙེད་པར་མི་འགྱུར་རོ།། མཐོང་བའི་ལམ་གྱི་སྐད་ཅིག་མ་བརྒྱད་པ་ལ་བྱང་ཆུབ་སེམས་དཔའི་དགོངས་པ་མཐའ་ཡས་པ་མཛད་པ་ཡིན་གྱི། གཞན་དུ་ན་སྐད་ཅིག་མ་དགུ་པ་ལ་སེམས་ཅན་གྱི་ཁམས་ལ་བལྟོས་པ ་མེད་པར་འགོག་པར་ལྟུང་བར་འགྱུར་རོ།། དུ་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ལ་ཡང་དག་པའི་སྤྱོད་པས་རིམ་གྲོ་དང་། བསྙེན་བཀུར་བྱས་པའི་ཕྱིར་དེ་རྣམས་ཡང་བ་མ་སྤངས་པས་འཆི་བའི་དུས་བྱེད ་པར་མི་འགྱུར་རོ་ཞེས་བསྟན་པ་ཡིན་ནོ།། འགོག་པ་ལ་ཆོས་ཤེས་པའི་བཟོད་པ་ནི་གང་ཡང་སྟོང་པ་ཉིད་ཐམས་ཅད་ཤིན་ཏུ་བསྒོམས་པ་ཉིད་ཡིན་པའི་ཕྱིར་འཇིགས་པ་འམ། དངང་པར་མི་འགྱུར་རོ་ཞེས་བྱ་བ་ལ་སོགས་པ ་བསྟན་པ་ཡིན་ནོ།། འགོག་པ་ལ་ཆོས་ཤེས་པ་ནི་གང་བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་ཞེས་བྱ་བ་ནས་བརྩམས་ཏེ། ཐེག་པ་གསུམ་ལ་འདུལ་བ་ནི ་ངོ་མཚར་ཆེའོ་ཞེས་བསྟན་པ་ཡིན་ནོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་པ་ལ་སོགས་པས་ནི་འཚང་རྒྱ་བ་ཉིད་ཀྱི་འབྲས་བུ་ཉིད་ཡིན་པའི་ཕྱིར་རོ།། འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི་གང་བཅོམ་ལྡན་འདས་དེ་ལྟར་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་བཟུང་བ་ནི་ངོ་མཚར་ཆེའོ་ཞེས་བྱ་བ་ནས་བརྩམས་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་བཟུང་བར་གྱུར་པ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རྣམ་པར ་བྱང་བའི་ཕྱོགས་ཐམས་ཅད་བསྡུས་པ་ཡིན་ཏེ། ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ།། འགོག་པ་ལ་རྗེས་སུ་ཤེས་པ་ནི་གང་ཡང་རྩི་མ་གེའི་དཔེས་བསྟན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཉེ་བར་འཚེ་བ་ཐམས ་ཙོཅི་ཞི་བའི་མདངས་དང་སྟོབས་ཡོད་པ་ཉིད་དུ་བསྟན་པ་ཡིན་ནོ།། ལམ་ལ་ཆོས་ཤེས་པའི་བཟོད་པ་ནི་གང་དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་འདི་ལྟ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག ་ལ་སོགས་པའི་ངེས་པ་ནས། མྱ་ངན་ལོས་འདས་པར་འཛིན་པའི་བར་དུ་ཉེ་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ།། ལམ་ལ་ཆོས་ཤི་ས་པ་ནི་གང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས ་ཀྱི་སངས་རྒྱས་དེ་དག་གིས་ལྷ་རྣམས་ཀྱི་བྱས་པ་དང་། འབྱུང་བ་ལས་གྱུར་པ་དང་། ནང་གི་བར་ཆད་ཀྱི་དབང་དུ་མཛད་ནས་གོ་རིམ་བཞིན་དུ་བསྲུང་བ་དང་། བསྐྱབ་པ་དང་། བསྐྱང་བར་མཛད་པ་དང་། འདི་ལྟར་མི་དམིགས ་པའི་ཚུལ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་དགེ་བའི་ཆོས་རྣམས་རྣམ་པར་འཕེལ་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན ་ནོ།། ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི་གང་སྲོག་གཅོད་པ་སྤོང་བར་འགྱུར་ཞེས་བྱ་བ་ནས་བརྩམས་ཏེ། བདག་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར། གཞན་ཡང་དེ་ལ་འཇོག་པ་དང་། དེ་ཉིད་ཀྱི་ལེགས་པར ་བརྗོད་པར་འགྱུར་བ་ལ་སོགས་པ་རྗེས་སུ་གནང་བ་ཉིད་དུ་བསྟན་པ་ཡིན་ནོ།། ལུམ་ལ་རྗེས་སུ་ཤེས་པ་ནི་གང་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་མི་དམིགས ་པའི་ཚུལ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ།། དེའི་མ་དོར་བཏོགས་པར་གྱུར་པའི་ཚིགས་སུ་བཅད་པ་ནི་འདི་ཡིན་ཏེ། དེ་བཞིན་ཉིད་དང ་སངས་རྒྱས་དག། ཕན་ཚུན་རྟེན་པ་མེད་པའི་ཕྱིར།། རྣམ་གྲངས་ཁས་མི་ལེན་པ་དང་།། ཆེན་པོ་ཚད་མེད་ཉིད་བཅས་དང་།། དཔག་མེད་མཐའ་ཉིད་མེད་པ་དང་།། དེར་གནས་གཟུགས་ལ་སོགས་པ་ལ། སངས་རྒྱས་ཉིད་དུ་ངེས ་འཛིན་དང་།། བླ་མེད་དོར་བ་མེད་སོགས་དང་།། བྱམས་ལ་སོགས་པ་སྟོང་ཉིད་དང་།། སངས་རྒྱས་ཉིད་ནི་ཐོབ་པ་དང་།། རྣམ་པར་བྱང་ཀུན་ཡོངས་བསྡུས་དང་།། ཉམ་ང་བ་དང་ནད་ཀུན་སེལ།། མྱ་ངན་འདས་འཛིན་ཞེ་ཉིད་དང་།། ་སངས་རྒྱས་རྣམས་ཀྱི་བསྲུང་ལ་སོགས། སྲོག་མི་བཅོད་པ་ལ་སོགས་པ། རྣམ་ཀུན་མཁྱེན་པའི་ཚུལ་ལ་ནི། བདག་ཉིད་གནས་ཏེ་སེམས་ཅན་དག། འགོད་དང་སྦྱིན་པ་ལ་སོགས་པ། རྫོགས་པའི་བྱང་ཆུབ་ལ་བསྔོ་བ།། ལས་ཤེས་ཉིད ་ཀྱི་སྐུད་ཅིག་མ་ཞེས་བསྟན་པ་ཡིན་ཏེ། ལམ་ཤེས་པ་ཉིད་ལས་མཐོང་བའི་ལམ་གྱི་རྣམ་པར་འགྲེལ་པའོ།། ། མཐོང་བའི་ལམ་བཤད་ནས་ད་ནི་བསྒོམ་པའི་ལམ་བརྗོད་པར་བྱ་སྟེ། དེ་ལ་རེ་ཞིག ་འདིའི་བྱེད་པ་བརྗོད་པར་བྱ་བ་ཡིན་ལ་ཕྱིས་ནི་དེ་སྟོན་པར་འགྱུར་རོ།། འདིའི་བྱེད་པ་དེ་ཡང་རྣམ་པ་དྲུག་ཏུ་ཤེས་པར་བྱ་སྟེ། གང་ཞེ་ན། ཀུན་ནས་དུལ་དང་ཐམས་ཅད་ནས། འདུད་དང་ཉོན་མོངས་ལས་རྒྱལ་དང་། གནོད་པས་རྫི་བ་མེད ་ཉིད་དང་། བྱང་ཆུབ་དང་ནི་རྟེན་མཆོད་ཉིད། རྣམ་པ་ཐམས་ཅད་དུ་དུལ་བའི་དབང་དུ་མཛད་ནས་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དེ་ལྟར་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཉོན་མོངས་པ་ཐམས ་ཅད་སྤོང་བ་དང་། རྣམ་པ་ཐམས་ཅད་དུ་དུལ་བ་དོན་དུ་གཉེར་བ་དང་། ཡོངས་སུ་དུལ་བར་བགྱིད་པ་ཉེ་བར་གནས་པ་ནི་ངོ་མཚར་ཆེའོ་ཞེས་བསྟན་པ་ཡིན་ནོ།། རྣམ་པ་ཐམས་ཅད་དུ་འདུད་པའི་བྱེད་པ་ནི་གང་རྣམ་པ་ཐམས་ཅད་ཀྱང ་རྟོགས་པས་ངར་འཛིན་པ་མེད་པ་ཐམས་ཅད་ལ་འདུད་པའི་དོན་གྱིས་ན་ཡོངས་སུ་འདུས་པའི་སླད་དུ་ཉེ་བར་གནས་སོ་ཞེས་བྱ་བ་ལ་སོགས་པ་སྟོན་པ་ཡིན་ནོ།། ཉོན་མོངས་པ་ལས་ངེས་པར་རྒྱལ་བའི་བྱེད་པ་ནི་གང་གཡུལ ་གྱི་ནང་དུ་ཞུགས་པའི་སྐྱེས་བུའི་དཔེས་འདོད་ཆགས་ལ་སོགས་པའི་ཚོགས་མ་ལུས་པ་ལས་རྒྱལ་ཞིང་རྫི་བ་མེད་པ་ཉིད་ཀྱིས་ཉོན་མོངས་པ་ཐམས་ཅད་ཀྱི་བར་ལས་ངེས་པར་རྒྱལ་བའི་བསྒོམ ་པའི་ལམ་ཡང་ནས་ཡང་དུ་བྱ་བ་ཉིད་དུ་ཤེས་པར་བྱེད་པ་ཡིན་ནོ་ཞེས་བསྟན་ཏོ།། ཡུལ་གྱི་གནོད་པས་ཟིལ་གྱིས་མི་གནོན་པའི་བྱེད་པ་ནི་གང་དེ་ལ་ལ་ཞིག་གིས་མེ་མདག་གིས་གཏོར་རམ། བྱང་བྱས་སམ་མཚོན་དང་། ཆུ་དང་། ་དུགུ་ལ་སོགས་པའི་གནོད་པས་དེ་ལ་གནོད་པར་མི་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ།། བྱང་ནི་བྱང་ཕྱོགས་ཀྱི་མི་མ་ཡིན་པའི་རིགས་སོ།། ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བྱེད་པོ་ནི་གང་ཆོས་ཐམས་ཅད་མ ་དམིགས་པ་ཡིས་བླ་ན་མེད་པ་ཡང་དག་པར་རྫོགས་པོའི་བྱང་ཆུབ་ཐོབ་ཅིང་སེམས་ཅན་ཐམས་ཅད་ཀྱི་སེམས་ལ་རྣམ་པར་ལྟ་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྟེན་གྱི་ཡུལ ་མཆོད་པ་ཉིད་ཀྱི་བྱེད་པ་ནི་གང་ཡང་སྙིང་པོ་བྱང་ཆུབ་ཀྱིས་དཔེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་གྱི་རྟེན་གྱི་ཡུལ་བར་ཆད་མེད་པ་ཉིད་ཡོན་ནོ།། དེ་ཅིའི་ཕྱིར་ཞེ་ན། ལྷའི་རིགས་ཐམས་ཅད་ཀྱི་བསྲུང་བ་དང་། སྐྱོབ་པ་ལ ་སོགས་པ་ཡིན་པོར་བསྟན་པ་ཡིན་ནོ།། བྱེད་པ་བཤད་ནས་ཡང་བསྒོམ་པའི་ལམ་ནི་རྣམ་པ་གཉིས་ཏེ། ཟག་པ་དང་བཅས་པ་དང་། ཟག་པ་མེད་པའོ།། དེ་ལ་ཟག་པ་དང་བཅས་པ་ནི་མོས་པ་དང་། བསྔོ་བ་དང་། རྗེས་སུ ་ཡི་རང་བའི་བྱེད་པ་ཞེས་བྱའོ།། ཟག་པ་མེད་པ་ཡང་མངོན་པར་བསྒྲུབ་པའི་མཚན་ཉིད་དང་། ཤིན་དུ་རྣམ་པར་དག་པའི་མཚན་ཉིད་དོ།། གང་གི་ཕྱིར་མོས་པ་ཡིད་ལ་བྱེད་པའི་དབང་དུ་མཛད་ནས། མོས་པ་རང་གི་དོན་དང་ནི། རང་གཞན་དོན་དང ་གཞན་དོན་དང་།། རྣམ་པོ་གསུམ་དུ་ཤེས་པར་བྱ་ཞེས་བསྟན་པ་ཡིན་ཏེ། གང་ཞིག་གིས་རང་གི་དོན་དུ་མོས་པའི་རང་གི་དོན་ཉིད་རྫོགས་པར་འགྱུར་ལ། བསྔོ་བའི་ཚུལ་གྱིས་ནི་གཞན་གྱི་དོན་དུ་ཡང་འགྱུར་རོ།། རང་དང་གཞན་གྱི་དོན ་དུ་བྱ་བ་གང་ཡིན་པས་ནི་གཉི་གའི་ངན་རྫོགས་པར་བྱེད་དོ།། གང་ཞིག་གང་གིས་གཞན་གྱི་དོན་དུ་བྱ་བ་ནི་གཞན་གྱི་དོན་དུ་འགྱུར་མོད་ཀྱི་རང་གི་དོན་ཡང་རྫོགས་པར་བྱེད་དེ། འདི་ལ་རང་གི་དོན་དགག་པ་མེད་པའི་ཕྱིར་ཏེ། གཞན་གྱི་དོན ་དང་མི་འགལ་བ་ཉིད་ཀྱིས་དེ་རྫོགས་པ་ཡིན་ནོ།། དེ་དག་ར་རེ་ཡང་། ཆུང་དང་འབྲིང་དང་ཆེན་པོ་སྟེ། སོ་སོར་རྣམ་པ་གསུམ་དུ་འདོད་ཅེས་བསྟན་ཏེ། རང་གི་དོན་གྱི་མོས་པ་ནི་ཆུང་ངུ་དང་། འབྲིང་དང་། ཆེན་པོ་སྟེ་རྣམ་པ་གསུམ ་སྟེ། དེ་བཞིན་དུ་གཞན་ལ་ཡང་བརྗོད་པར་བྱའོ།། དེ་ལ་རང་གི་དོན་ལ་མོས་པ་ཆུང་ངུ་དང་། འབྲིང་པོ་དང་། ཆེན་པོ་ནི་གང་ཡིན་པ་དེ་བཞིན་དུ་གཞན་གྱི་དོན་ལ་མོས་པའི་བར་ཡང་གང་ཞིག་ཡིན་ཞེ་ན། ཆུང་ངུའི་ཆུང་སོགས ་དབྱེ་བ་ཡིས།། དེ་ཡང་རྣམ་པ་གསུམ་དུ་འདོད།། ཅེས་བསྟན་ཏེ། སོ་སོར་ཞེས་བྱ་བ་ནི་རང་བཞིན་ཡིན་པར་སྦྱོར་བའོ།། རང་གི་དོན་ལ་སོགས་པ་ལ་མོས་པ་ཆུང་ངུ་ལ་སོགས་པ་རྣམ་པ་གསུམ་གསུམ་དུ་ཤེས་པར་བྱའོ་ཞེས ་བྱ་བའི་དོན་ཏོ།། དེ་ལྟར་རང་གི་དོན་ལ་མོས་པ་འདི་ནི་རྣམ་པ་དགུར་འགྱུར་ཏེ། འདི་ལྟར་ཆུང་ངུའི་ཆུང་ངུ་དང་། ཆུང་ངུའི་འབྲིང་དང་། ཆུང་ངུའི་ཆེན་པོ་དང་། འབྲིང་གི་ཆུང་ངུ་དང་། འབྲིང་གི་འབྲིང་དང་། ་འབྲིང་གི་ཆེན་པོ་དང་། ཆེན་པོའི་ཆུང་ངུ་དང་། ཆེན་པོའི་འབྲིང་དང་། ཆེན་པོའི་ཆེན་པོའོ།། དེ་བཞིན་དུ་རང་དང་གཞན་གྱི་དོན་ལ་མོས་པ་དང་གཞན་གྱི་དོན་ལ་མོས་པའི་རྣམ་པའི་དབྱེ་བ་ལ་ཡང་བརྗེད་པར་བྱའོ།། དེ་བས་ན། དེ་ལྟར་ན། ་རྣམ་པ་ཉི་ཤུ་བདུན་དུ་འདོད་དོ་ཞེས་བསྟན་ཏེ། མོས་པ་ཞེས་བྱ་བ་ནི་དཀྱུས་མ་ཉིད་ཡིན་ནོ།། དེ་ལ་རང་གི་དོན་ལ་མོས་པ་ཆུང་ངུའི་ཆུང་བུའི་རྣམ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་གླེགས་བུམ་དུ་བགྱིས་པ། བཅངས་ལ་མཆོད ་པ་བགྱིས་པ་དང་། སངས་རྒྱས་ལྗོངས་སུ་མྱ་ངན་ལོས་འདས་པའི་དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་དུ་བཅུག་སྟེ་མཆོད་པ་བྱས་པཱ་བས་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་ནི་རྣམ་པ་ཐམས་ཅད ་མཁྱེན་པ་ཉིད་ཀྱི་རྒྱུར་གྱུར་པ་ཡིན་པའི་ཕྱིར་དང་། དེ་ལ་བརྟེན་པར་གྱུར་པས་སངས་རྒྱས་ཀྱི་སྐུ་གྱུར་པའི་ཕྱིར་མཆོད་པ་མཉེས་པས་ན། དང་པོ་མཆོད་པའི་ལས་འདི་ཉིད་དེ་བས་བསོད་ནམས་མང་དུ་འཕེལ་ལོ་ཞེས་བྱ་བ་ལ ་སོགས་པ་བསྟན་པ་ཡིན་ནོ།། ཆུང་ངུའི་འབྲིང་ནི་ཀཽ་ཤི་ཀ་ད་ཇི་སྙམ་དུ་སེམས། འཛམ་བུ་གླིང་གི་མི་དེ་དག་ལས་གང་སངས་རྒྱས་ལ་མོས་པ་མི་བྱེད་པ་དང་། དེ་བཞིན་དུ་ཆོས་དང་། དགེ་འདུན་ལ་ཤིན་ཏུ་བརྟེན་པ་དེ་ལྟ ་བུ་ནི་ཉུང་ངུ་ཞེས་བྱ་བུ་ནས་བརྩམས་ཏེ། ཚོགས་རེ་རེ་ཞིང་བྱ་བ་རྒྱུ་ཆེར་བསྟན་པ་ནས། ཀཽ་ཤྲཱི་ཀཱ་འདི་ནུས་སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མེད་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཚད་མེད་གྲངས ་སོང་བ་ད་པའི་བྲི་སུ་ས་རྐྱེ་ཀྲུང་བྱེད་པ་ཤཱ་བཀྱེ་བར་འདུ་བྱེད་བྱེ་བྱོམ་ཀྲ་བ་དང་ས་ལྡན་དེ་ལ་ག་གམ་ནཉི་གག་བྱེར་མི་རྫོན་པཱི་ས་ལ་གན་པ་འ་གྱུ་ཀྱི་ནི་ནི་ཁོ་ཀཱ་མུ་ཧཱུ~ཾ་དྷཱ་ས་ཉྀ་སྲེག་ས་རྐྱེན་པ་ཛིན་དུ་སྦྱིན་པ་ཐ་ཐཱ་ག་རྗོ་རྗེས་སུ་ན་པ་རྫོགས ་པར་འཚང་རྒྱ་བར་འདོད་ན་ཞེས་བྱ་བ་ནས་བརྩམས་ཏེ།། དེ་བཞིན་གཤེགས་པ་བཞུགས་ཀྱང་རུང་།། མྱ་ངན་ལས་འདས་ཀྱང་རུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བདག་གི་སྟོན་པའོ་ཞེས་བསྟན་པ་ཡིན་ནོ།། སངས་རྒྱས ་ཀྱི་ཡོན་ཏན་ཐམས་ཅད་ཐོབ་པའི་རྒྱུར་གྱུར་པའི་ཕྱིར་དང་། མོས་པ་གསུམ་པའི་རྣམ་པ་ཡོངས་སུ་གསལ་བར་བྱས་པའི་དོན་གྱིས་སོ།། འབྲིང་གི་རླུང་ངུ་ནི་དེ་བཞིན་དུ་གང་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་བྱས་ཏེ། དེ་ལ་མཆོད་པའི་བསོད ་ནམས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྀ་མཆོད་པ་བསོད་ནམས་ཆེས་མང་དུ་འཕེལ་ལོ་ཞེས་བསྟན་པོ་ཡིན་ནོ།། འབྲིང་གི་འབྲིང་ནི་དེ་བཞིན་དུ་གང་འཛམ་བུའི་གླིང་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་དཔེས་བསྟན་པ་ཡིན་ནོ།། ་འབྲིང་གི་ཆེན་པོ་ནི་དེ་བཞིན་དུ་གང་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་འདིར་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་མཆོད་རྟེན་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ།། ཆེན་པོའི་ཆུང་ངུ་ནི་དེ་བཞིན་དུ་གང་སྟོང་གི་འཇིག་རྟེན་གྱི་ཁམས ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ།། ཆེན་པོའི་འབྲིང་ནི་དེ་བཞིན་དུ་གང་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་འདི་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ།། ཆེན་པོའི་ཆེན་པོ་ནི་དེ་བཞིན་དུ་གང་སྟོང་གསུམ ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ།། རང་གི་དོན་ལ་མོས་པ་རྣམ་པ་དགུ་བསྟན་ནས། རང་དང་གཞན་གྱི་དོན་ལ་མོས་པ་རྣམ་པ་དགུ་བརྗོད་པར་བྱའོ།། དེ་ལ་རེ་ཞིག་ཆུང་ངུར་ཆུང་བུའི་རྣམ་པ ་ནི་གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ལས་སེམས་ཅན་རེ་རེ་རིན་པོ་ཆེ་སྣ་བདུན་ལ་བྱས་པའི་མཆོད་རྟེན་བྱས་ཏེ་མཆོད་པའི་བསོད་ནམས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ ་བརྩོན་པ་བསོད་ནམས་ཆེས་ཤིན་ཏུ་མང་དུ་བསྐྱེད་པ་ཉིད་ལ་སོགས་པ་བསྟན་པ་ཡིན་ནོ།། ཆུང་ངུའི་འབྲིང་ནི་གང་ཀཽ་ཤི་ཀ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟུང་ཞིག་ཅེས་བྱ་བ་ནས་བརྩམས་ཏེ། མཐོང་བའི་ཆོས་ཀྱི་ཕན་ཡོན་ལ ་སོགས་པ་རྒྱ་ཆེར་བསྟན་པ་ཡིན་ནོ།། ཆུང་ངུའུ་ཆེན་པོ་ནི་གྲང་ཀུན་དགའ་བོ་འདི་ཇི་སྙམ་དུ་སེམས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་མ་བསྔོས་པའི་སྦྱིན་པ་སྨོན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནམ་ཞེས་བྱ་བ་ནས་བརྩམས ་ཏེ། ཆོས་ཐམས་ཅད་དེ་རྣམས་ཀྱི་སྟོང་པ་ཉིད་ཡིན་པའི་ཕྱིར་གཉིས་སུ་མེད་པ་ཉིད་ཡིན་པ་གཉིས་སུ་མེད་པར་ཡོངས་སུ་བསྔོ་བའི་ཚུལ་གྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་སྔོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འགྲོ་བ ་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནི་རྣམ་པར་བྱང་བའི་ཕྱོགས་ཐམས་ཅད་རབ་ཏུ་ཤེས་པའི་རྒྱུ་ཡིན་པའི་ཕྱིར་དང་། རང་གཞན་གྱིས་དོན་གྱི་མོས་པ་རྣམ་པ་གསུམ་ཡོངས་སུ་གསལ་བར་བྱ་བའི་ཕྱིར་རོ་ཞེས་བསྟན་པ་ཡིན ་ནོའབྲིང་གི་ཆུང་ངུ་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་ལ་སོགས་པ་དང་རབ་ཏུ་ལྡན་པ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་རྣམས་ལས་ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ ་ཚད་མེད་པ་དང་ལྡན་པ་ཉིད་ཡིན་ནོ་ཞེས་བསྟན་ཏོ།། འབྲིང་གི་འབྲིང་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་སྟོན་པ་དེ་ལ་ནི་ལྷའི་བུ་དག་སྤོབས་པ་ཉེ་བར་བསྒྲུབ་པར་སེམས་སོ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ།། ་འབྲིང་གི་ཆེན་པོ་ནི་གང་ཡང་ཕ་དང་མ་ལ་སོགས་པ་ནས་མི་སློབ་པའི་བར་ཐམས་ཅད་ཀྱིས་ཀྱང་དབེན་ཞིང་ཡིད་དུ་འོང་བར་བྱ་བ་ཡིན་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡི་བྱིན་ནོ།། ཆེན་པོའི་ཆུང་ངུ་ནི་གང་སྤོབས་པ་མི་འཕྲོགས་པར ་འགྱུར་བ་ནས། བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་མི་འཕྲོགས་འགྱུར་བ་དང་མ་བྲེལ་བར་བྱེད་པ་ཉིད་ཀྱིས་རྣམ་པ་བདུན་པའི་སྐབས་སུ་བསྒོམ་པའི་ལམ་གྱི་མི་འཕྲོགས་པར་འགྱུར་པ་དངོས་པོ་མེད ་པར་ཤེས་པར་བྱ་བའི་དོན་གྱིས་ཡིན་ནོ་ཞེས་བསྟན་ཏོ།། ཆེན་པོའི་འབྲིང་ནི་གང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་ལྷའི་རིགས་ཐམས་ཅད་ཀྱང་དེར་དོང་ཞིང་གླེགས་བམ་དུ་ཆུད་པ་འདི་ཀློག་པ་དང་། གཟུང་བ་དང་། འཆང་བ་དང་། ་ཀུན་ཆུབ་པར་བྱ་བ་ལ་སོགས་པ་དང་། དེ་དག་ལ་ཆོས་ཀྱི་སྦྱིན་པ་འདི་བྱིན་པར་གྱུར་ཅིག་ཅེས་སེམས་བསྐྱེད་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ།། ཆེན་པོའི་ཆེན་པོ་ནི་གང་ལྷའི་ཚོགས ་འོངས་པས་མོས་པ་རྒྱ་ཆེན་པོ་དང་ལྡན་པར་གྱུར་པ་དང་། ལུས་དང་། སེམས་ལས་སུ་རུང་བ་ཐོབ་ནས་ཆོས་གོས་ལ་སོགས་པ་ལ་ཌ~ཾ། ས་ཚོར་ཆག་སྔོ་བ་བཀག་པ་དང་། མོས་པ་རྣམ་པ་དགུའི་དོན་གསལ་བར་བྱ་བའི་ཕྱིར ་བསྟན་པ་ཡིན་ནོ།། རླུང་དང་གཞན་གྱི་དོན་ལ་མོས་པ་རྣམ་པ་དགུ་སྟན་ནས་གཞན་གྱི་དོན་ལ་མོས་པ་རྣམ་པ་དགུ་བརྗོད་པར་བྱའོ།། དེ་ལ་རེ་ཞིག་ཆུང་ངུའི་ཆུང་ངུ་ནི་གང་ཡང་གླེགས་བམ་དུ་བྲིས་པ་འདི་གཟུང་བ་དང་། མཚོད་པ ་འདའ་ཞིག་ཙམ་བྱེད་ཀྱི་མ་བཟུང་བ་ནས་གཞན་དག་ལྔ་རྒྱ་ཆེར་མི་སྟོན་ནམ་ཚང་བའི་བྱེད་པས། ལས་ཡོངས་སུ་རྫོགས་པར་བྱེད་པ་ནི་བསོད་ནམས་ཆེས་མེང་དུ་བསྐྱེད་པར་བསྟན་པ་ཡིན་ནོ།། ཆུང་ངུའི་འབྲིང་ནི་གང་ཡང་ཀཽ་ཤི ་ཀླ་ཁྱོད་ཀྱིས་འཛམ་བུའི་གླིང་དེ་བཞིན་གཤེགས་པའི་སྐུ་གདུང་གིས་བྱུང་བུར་བཀང་བ་ཞིག་ཀྱང་རྙེད་ཅེས་བྱ་བ་ནས་བརྩཝ་མས་ཏེ། ཆ་གཉིས་ལ་ཤེས་རབ་ཀྱིས་ཕོ་རོལ་ཏུ་ཕྱིན་པ་བླང་བར་བགྱི་བ་ཉིད་ལ་སོགས་པ་བསྟན་པ ་ཡིན་ནོ།། ཆུང་ངུའི་ཆེན་པོ་ནི་གང་སྦྱོར་བ་འདི་དང་ལྡན་པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཉན་ཐོས་ལ་སོགས་པའི་སའི་དོགས་པ་མེད་པ་ཉིད་ཀྱིས་གཞན་གྱི ་དོན་ལ་མོས་པ་རྣམ་པ་གསུམ་གསལ་བར་བྱ་བའི་ཕྱིར་བསྟན་པ་ཡིན་ནོ། འབྲིང་གི་ཆུང་ངུ་ནི་གང་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདྲི་དེ་བཞིན་གཤེགས་པའི་སྐུ་གདུང་གིས་བྱུང་བུར་བལྟམ་པ་ཞིག་དང་། ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཉིས་ལས་གོང་ཡང་རུང་བ་ཞིག་འདམ་དུ་སྩལ་ནས། འདི་ཉིད་མཆོག་ཡིན་པ་ཉིད་ལ་སོགས་པ་བསྟན་པ་ཡིན་ནོ།། འབྲིང་གི་འབྲིང་ནི་གང་ཕྱོགས་པཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས ་རྣམས་མདོ་ལ་སོགས་པ་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཆོས་སྟོན་པར་མཛད་པ་དང་། ཆོས་སྨྲ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ནི་འདི་ལས་བྱུང་བ་ཡིན་པའི་ཕྱིར་དེ་གཉིས་ཀྱང་མི་འདྲ་བ་མ་མཆིས་སོ།། ཞེས་བྱ་བ་ལ་སོགས ་པ་བསྟན་པ་ཡིན་ནོ།། འབྲིང་གི་ཆེན་པོ་ནི་གང་མཐུ་དང་རབ་ཏུ་ལྡན་པའི་རྒྱལ་པོ་ལ་རྟེན་པའི་སྐྱེས་བུ་དང་འདྲ་བའི་དཔེས་གང་གིས་ཀྱང་འཇིགས་པར་མི་འགྱུར་བ་དང་། མཆོད་པ་བརྙས་པ་ལ་སོགས་པས་བསྟན་པ་ཡིན་ནོ།། ཆེན་པོའི ་ཆུང་ངུ་ནི་གང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གདྷཱའི་ཀླུང་གི་བྱེ་མ་རྙེད་ཅིག་དེ་བཞིན་གཤེགས་པའི་སྐུ་གདུང་གིས་བྱུང་བུར་བལྟམས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆ་གཉིས་སུ་བྱས་ཏེ། གཅིག་འདམ་དུ་བཅུག་ན་འདི་ཉིད ་ལེན་པ་མཆོག་ཡིན་པ་ལ་སོགས་པ་བསྟན་པ་ཡིན་ནོ།། ཆེན་པོའི་འབྲིང་ནི་གང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་འཕགས་པའི་གང་ཟག་ཐམས་ཅད་ཀྱི་ཐུགས་སུ་ཆུད་པའི་རྒྱུནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཡིན་ནོ་ཞེས་བྱ་བ ་ལ་སོགས་པ་བསྟན་པ་ཡིན་ནོ།། ཐེག་པ་ཆེན་པོ་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་སྟེ་ཞེས་བྱ་བ་ནས་བརྩམས་ཏེ། ཤིང་རྣམས་ལོ་མ་དང་། མེ་ཏོག་དང་། ་འབྲས་བུ་དང་། དབྱིབས་སྣ་ཚོགས་ཀྱང་གྲིང་མ་ལ་ཁྱད་པར་དང་། བྱེ་བྲག་མི་དམིགས་པའི་དཔེས་པ་རློས་ཏུ་ཕྱིན་པ་ཐམས་ཅད་མི་དམིགས་གོང་ཤེས་པ་ཀྱེ་ཕ་རོལ་ཏུ་ཕྱིན་པར་རོ་གཅིག་པ་ཉིད་དང་། ཀཱནན་གྱི་དོན་གྱི་མོསྨྲ་པ་རྣམ ་པ་དགུ་གསལ་བར་བྱ་བའི་ཕྱིར་བསྟན་པ་ཡིན་ནོ།། མོས་པའི་རྣམ་པ་ཐམས་ཅད་ལ་ཡང་ཆུང་ངུའི་ཆུང་ངུ་ལ་སོགས་པ་ནས་དཔེ་གཞན་དང་གདན་གྱིས་ཆོས་གང་དང་གང་བསྟན་པ་དེའི་རྗེས་སུ་འབྲངས་ནས་ཆེན་པོའི་ཆེན་པོ་ལ་སོགས་པ ་ལས་གཽ་ཟློག་པས་མི་མཐུན་པའི་ཕྱོགས་ཤེས་པར་བྱའོ།། དེ་ལ་རང་གི་དོན་ལ་མོས་པ་ནི་གཞན་གྱི་དོན་ལ་མོས་པར་འགྱུར་ལ། གཉིས་པའི་བར་ཆད་དང་བཅས་པའི་སྦྱོར་བའོ།། གསུམ་པ་ནི་བར་ཆུད་མེད་པའི་སྦྱོར་བ་ཡིན་ནོ།། ་མོས་པ་ཡིད་ལ་བྱེད་པ་བཤད་ནས་ད་ནི་བསྟོད་པ་ལ་སོགས་པ་བརྗོད་དགོས་པས་དེའི་ཕྱིར། ཤེས་རབ་ཕ་རོལ་ཕྱིན་པ་ལ།། མོས་པའི་གནས་སྐབས་རྣམས་ལ་ནི།། དགུ་ཚན་གསུམ་གྱིས་བསྟོད་པ་དང་། བཀུར་བ་དང་ནི ་བསྔགས་པར་འདོད་ཅེས་བསྟན་པ་ཡིན་ནོ།། དེ་ལ་དང་པོ་འདི་ནི་བསྟོད་པ་ཙམ་ཡིན་ཏེ། གང་ཡང་སྔར་བསྟན་པོ་ལས།། ལ་ལ་ཞིག་བྲིས་ཏེ། གླེགས་བམ་དུ་བགྱིས་ནས་གཞན་ལ་གསལ་བ་ཞེས་བྱ་བ་ནས་བརྩམས་ཏེ། སྦྱིན ་པའི་བསོད་ནམས་མང་དུ་འཕེལ་བ་ཉིད་དུ་བསྟན་པ་ཡིན་ནོ།། གཉིས་པ་ནི་གཞན་གྱི་དྲུང་དུ་སོང་ཏེ་བཤད་ཅིང་བསྟན་ན་སྔ་མ་དག་པས་བསོད་ནམས་ཤས་ཆེད་འཕེལ་ཏེ་དེ་ནི་བསྟོན་པ་ཡིན་པར་བསམ་མོ་ཞེས་བྱ་བ་ལ་སོགས་པ་བསྟན ་པ་ཡིན་ནོ།། གསུམ་པ་ནི་གང་སེམས་ཅན་གཅིག་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཞག་པ་པོ་མང་འཛམ་བུའི་གླིང་གི་སེམས་ཅན་དེ་དག་དགེ་བཅུའི་ལས་ཀྱི་ལམ་ལ་བཀོད་པར་གྱུར་པ་ནི་བསོད་ནམས་མང་དུ་འཕེལ་བར་འགྱུར་བ་ནས ་བརྩམས་ཏེ། དེ་ཉིད་གཞན་ལ་བྱིན་ན་བསོད་ནམས་མདོ་དུ་འཕེལ་བར་བསྟན་པ་ཡིན་ནོ།། བཞི་པ་ནི་གང་སེམས་ཅན་གཅིག་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ནས་བསྟན་པ་ཡིན་ནོ།། ལྔ་པ་ནི་དེ་བཞིན་དུ་སེམས་ཅན་གཅིག་ལན ་ཅིང་ཕྱིར་འོང་བ་དང་མི་འོང་བའི་འབྲས་བུ་དང་ཞེས་བསྟན་པ་ཡིན་ནོ།། དྲུག་པ་ནི་གང་དེ་བཞིན་དུ་སེམས་ཅན་གཅིག་ཅིག་དགྲ་བཅོམ་པ་ཉིད་ལ་བཀོད་པ་ཞེས་བསྟན་པ་ཡིན་ནོ།། བདུན་པ་ནི་གང་དེ་བཞིན་དུ་སེམས་ཅན་གཅིག་ཅིག་རང ་བྱང་ཆུབ་ལ་གཞག་ན་ཞེས་བསྟན་པ་ཡིན་ནོ།། བརྒྱད་པ་ནི་གང་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཀོད་པ་བས་སེམས་ཅན་གཅིག་ཅག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ ་བཞག་ན་དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ།། དེ་ཅིའི་ཕྱིར་ཞེ་ན། དེ་ནི་སངས་རྒྱས་ཀྱི་ཚུལ་རྒྱུན་མི་འཆད་པའི་དོན་དུ་བཞག་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ།། དེ་ལ་སངས་རྒྱས་ཀྱི་ཚུལ་ནི་སངས་རྒྱས་ཀྱི་རིགས་སོ།། བསྟོད ་པའི་ཆ་དགུ་པ་ནི་དེ་བཞིན་དུ་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ལན་ཅིག་དྲིར་འོང་བའི་འབྲས་བུ་ལ་བཞག་པ་ནཱ་ཞེས་བསྟན་པ་ཡིན་ནོ།། དཀུར་པ་ཡང་ཆ་དགུར་ཤེས་པར་བྱའོ།། དེ་ལ ་བཀུར་བ་དང་པོ་འདི་ཡིན་ཏེ། འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ཕྱིར་མི་འོང་བའི་འབྲས་བུ་ལ་བཞག་པ་བས་ཤེས་བསྟན་པ་ཡིན་ནོ།། གཉིས་པ་ནི་གང་དེ་བཞིན་དུ་དགྲ་བཅོམ་པ་ཉིད་ལ་བཞག་པ་བས་ཤེས་བསྟུན་པ་ཡིན ་ནོ།། གསུམ་པ་ནི་གང་དེ་བཞིན་དུ་རང་བྱང་ཆུབ་ལ་བཞག་པ་བས་ཤེས་བསྟན་པ་ཡིན་ནི། བཞི་པ་ནི་གང་དེ་བཞིན་དུ་ཡང་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པར་གྱུར་པའི་བསོད ་ནམས་པས་གླེགས་བམ་ལ་བྲིས་ནས་གཞོན་ལོ་བྱིན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ན་བསོད་ནམས་མང་དུ་འཕེལ་བ་ཉིད་དུ་བསྟན་པ་ཡིན་ནོ།། ཚུལ་བཞིན་དུ་ཡིད་ལ་བྱེད་པ་ནི་འདི་ཡིན་ཏེ། བྱང་ཆུབ་ལ་གཉིས་སུ་མེད་པར་སྤྱོད ་པའི་བློས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་པ་ལ་སོགས་པ་ཞེས་བསྟན་པུ་ཡིན་ནོ།། ལྔ་པ་ནི་གྲང་ཡང་གིཉིས་སུ་མེད་པའི་དོན་དེ་བསྟན་པས། བསོད་ནམས་མང་ངོ་འཕེལ་བ་ཉིད་དུ་བསྟོན་པ་ཡིན་ནོ།། དྲུག་པ་ནི་གང་ཡ ་དོན་དང་ཡི་གེ་དང་ལྡན་པར་བསྟན་པ་ལས་ཡོངས་སུ་རྫོགས་པར་བྱེད་པ་ནི་བསོད་ནམས་མང་དུ་འཕེལ་བར་བསྟན་པ་ཡིན་ནོ།། བདུན་པ་ནི་གང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་རྣམས་ལ་ནམ་འཚོའི་བར ་དུ་བདེ་བའི་ཡེ་བྱེད་ཐམས་ཅད་ཀྱིས་རིམ་གྲོར་བྱས་པ་བས་འདི་ཉིད་དོན་དང་ཡི་གེ་མ་ནོར་བར་བཤད་ཅིང་བསྟན་པ་བྱས་ན་བསོད་ནམས་དེ་ནི་ཆེས་མང་དུ་འཕེལ་བ་ཉིད་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་རྣམས་ནི་འདི་ལས་ངེས་པར ་འཁྲུངས་པ་ཉིད་དུ་བསྟན་པ་ཡིན་ནོ།། བརྒྱད་པ་ནི་གང་ཡང་བསྐལ་པ་ཚད་མེད་གྲངས་མེད་པར་སྦྱིན་པ་ལ་སོགས་པའི་སྤྱོད་པ་བྱང་ཆུབ་སེམས་དཔའ་བཅོས་མ་ལས་གོ་ཟློག་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་པས ་ཕྱིན་ཅི་མུ་ལོགས་པར་སྟོན་པར་བྱེད་པ་ནི་བསོད་ནམས་མང་དུ་བསྐྱེད་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡོན་ནརྀ།། བཀུར་བའི་ཆུ་དགུ་པ་ནི་གུང་ཡང་འཛམ་བུའི་གླིང་གི་སེམས་ཅན་ཞེས་བྱ་བ་ནས་བརྩམས་ཏེ། ཕྱོགས ་བཅུའི་ཕྱོགས་རེ་རེ་ཞིང་གངྒཱའི་ཀླུང་གི་བྱ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་ཡོད་པ་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་བཀོད་པ་བས་སེམས་ཅན་གཅིག་ཅིག་བླ་ན་མེད་པ་ཡང་དག་པོར་རྫོགས་པའི་བྱང་ཆུབ་འཛིན ་དུ་བཅུག་ཅིང་ཕྱིར་མི་ལྡོག་པའི་ས་ལ་བཞག་པ་ནི་བསོད་ནམས་ཆས་མང་དུ་འཕེལ་བ་ཉིད་བསྟན་པ་ཡིན་ནོ།། བཀུར་པའི་ཆུ་རྣམ་པ་དགུ་བསྟན་ནས་ད་ནི་བསྔགས་པའི་ཆ་རྣམ་པ་དགུ་བརྗོད་པར་བྱ་སྟེ། དེ་ལ་བསྔགས་པའི་ཆ་དང་པོ ་ནི་འདིར་གང་དེ་བཞིན་དུ་སེམས་ཅན་ཇི་སྙེད་ཅིག་ཁོ་ན་དགྲ་བཅོམ་པ་ཉིད་དུ་ཞེས་བསྟན་པ་ཡིན་ནོ།། གཉིས་པ་ནི་གང་ཡང་དེ་ལྟར་སེམས་ཅིན་དེ་སྙེད་གཅིག་ཕྱིར་མི་འོང་བའི་འབྲས་བུ་ལ་བཀོད་པ་བས་ཞེས་བྱ་བའོ།། གསུམ་པ་ནི ་གང་དེ་བཞིན་དུ་དེ་ལྟར་རེ་ཞིག་སེམས་ཅན་དེ་སྙེད་གཅིག་དགྲ་བཅོམ་པ་ཉིད་ལ་བཀོད་པ་བས་ཤེས་བསྟན་པ་ཡིན་ནོ།། བཞི་པ་ནི་གང་དེ་བཞིན་དུ་སེམས་ཅན་དེ་སྙེད་ཁོ་ན་རང་བྱང་ཆུབ་ལ ་བཀོད་ནས་ཞེས་བསྟན་པ་ཡིན་ནོ།། ལྔ་པ་ནི་གང་འཛམ་བུའི་གླིང་གི་སེམས་ཅན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་བསྐུལ་བ་བྱས་པ་བས་སེམས་ཅན་ག་ཅིག་ཅིག་ཕྱིར་མེ་འོང་བའི་ས་ལ་བཀོད་པའི ་བསོད་ནམས་ཆེས་ཆེར་མང་དུ་འཕེལ་བ་ཉིད་དུ་བསྟན་པ་ཡིན་ནོ།། དྲུག་པ་ནི་གང་དེ་བཞིན་དུ་གླིང་བཞི་པའི་སེམས་ཅན་དེ་ཉིད་དུ་བཀོད་པ་པས་ཞེས་བསྟན་པ་ཡིན་ནོ།། བདུན་པ་ནི་གང་དེ་བཞིན་དུ་སྟོང་གི་འཇིག་རྟེན་གྱི་ཁམས ་ཀྱི་སེམས་ཅན་དེ་ཉིད་དུ་བཀོད་པ་བས་ཞེས་བསྟེན་པ་ཡིན་ནོ།། བརྒྱད་པ་ནི་གང་དེ་བཞིན་དུ་སྟོང་གཉིས་པ་དང་། གསུམ་པ་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་དེ་ཉིད་དུ་ཡང་དག་པར་དཀོད་ན་ཞེས ་བསྟན་པ་ཡིན་ནོ།། བསྔགས་པའི་ཆ་གུ་པ་ནི་གང་ཡང་འཛམ་བུའི་གླིང་ནས་བརྩམས་ཏེ། ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཕྱིར་མི་ལྡོག་པའི་ས ་ལ་བཀོད་ནས་ཕྱིར་མི་ལྡོག་པ་དེ་རྣམས་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་གང་ཡང་རུང་ཞིག་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མངོན ་པར་ཤེས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕྱིན་ཅི་མ་ལོག་པར་སྟོན་པའི་བསོད་ནམས་ནི་ཆེས་མང་དུ་འཕེལ་ལོ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ།། བྱང་ཆུབ་སེམས་དཔའ་ལ་སྤྲོ་བ་བསྐྱེད་པ་རྣམས་ལ་ལེགས ་སོ་ལེགས་སོ་ཞེས་བསྔགས་པ་བརྗོད་པས་བསྔགས་པའི་ཚིག་གི་དོན་ཡོངས་སུ་གསལ་བར་བྱས་པ་ཡིན་ནོ།། དེ་ལ་བསྟོད་པ་ནི་རང་གི་དོན་ལ་མོས་པའི་ཡུལ་ལྀ་ཡིན་ནོ།། བཀུར་བ་རང་དང་གཞན་གྱི་དོན་ལ་མོས་པ་ཡིན ་ནོ།། བསྔགས་པ་ནི་གཞན་གྱི་དོན་དུ་མོས་པ་ལ་ཡིན་ནོ།། དེ་ལྟར་བསྟོད་པ་ལ་སོགས་པ་འདི་དག་ནི་ཚིག་གི་དོན་ཡང་དག་པར་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཆའི་མཚན་ཉིད་ཡིན་གྱིས་རིགས་བྱེད་སྨྲ་བ་རྣམས་ཀྱི་དོན་སྨྲ་བའི ་བསྟོད་པ་ལྟར་དོན་དང་འགལ་བའི་གཙམ་བསག་ཏུ་སྨྲ་བ་ནཱི་མ་ཡིན་ནོ།། གང་ཡང་ཚད་ཕྱེད་དང་བཞི་ནི་བཀུར་བ་ཉིད་དེ་ཞེས་སྨྲས་ཏེ། དེ་རྣམས་ཀྱི་ནི་སྒྲའི་ཚངས་པ་ནི་མཆོག་ཡིན་པ་བཀུར་བའོ་ཞེས་ཁ་ཅིག་ཟེར་མོད་ཀྱི ་འདིར་ནི་ཡང་ཇི་སྐད་བཤད་པ་རྟོགས་པའི་ཆའི་མཆུ་ན་ཉིད་ཡིན་ནོ།། གང་ཡང་བསྔགས་པའི་དབང་དུ་བྱས་ནས་བསྲེག་རྫ་ས་ཀྱི་བསྔགས་པ་བདག་གིས་ཤེས་སོ་ཞེས་སྨྲས་ལ། ལན་དང་ལྡན་པའི་ཚིག་བྱི་ནས་བརྗོད ་ནས་དེ་ནི་འདི་དག་གི་བསྔགས་པ་བརྗོད་པ་ཡིན་ནོ།། ཞེས་སྨྲ་མོད་ཀྱི་དེ་ཡང་སྒྲར་གཏོགས་པ་ཉིད་ཡིན་ནོ། འདིར་ནི་ཡང་ཆ་དགུ་པའི་རྟོགས་པའི་མཚན་ཉིད་ནི་བསྔགས་པ་ཡིན་ཏེ།། ཚད་དང་། ཆ་དང་། ཆར་བགོ་བ་ཞེས་བྱ། ་བའི་དོན་ནོ།། དེ་ལྟར་བྱས་ནས་མདོ་གཞན་དེ་དང་དེའི་གླེང་གླནི་ལས། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་དང་། སངས་རྒྱས་ཐམས་ཅད་ཀྱིས་བསྟོད ་ཅིང་བཀུར་ལ་བསྔགས་པ་དང་ལྷན་ཅིག་བཞུགས་སོ་ཞེས་གསུངས་པ་དེ་འབྱུང་པར་གྱུར་པ་ཉིད་ཡིན་ནོ།། མྱོས་པ་ཡིད་ལ་བྱེད་པའི་རྣམ་པར་འགྲེལ་པའོ།། ། མོས་པ་ཡིད་ལ་བྱེད་པ་དང་། བསྟོད་པ ་དཱ་གྷཥྞ་པ་དང་། བསྔགས་པ་བཤད་ཟིན་ནས་ད་ནི་ཡོངས་སུ་བསྔོ་བ་ཡིད་ལ་བྱེད་པ་ཞེས་བྱ་བ་བརྗོད་པར་བྱ་བ་ཡིན་པས་ན། ཡོངས་སུ་བསྔོ་བ་ཁྱད་པར་ཅན།། དེ་ཡི་བྱེད་པ་ཉིད་དང་ནི། དེ་ནི་ངོམིགས་མེད་རྣམ་པ་ཅན།། ་ཕྱིན་ཅི་ལོག་གི་མེད་ཉིད་དང་། དབེན་དང་སངས་རྒྱས་བསོད་ནམས་ཚིགས།། རང་བཞིན་དྲན་པའི་མཚན་ཉིད་ཅན། ཐབས་བཅས་མཚན་མ་མེད་པ་དང་།། སངས་རྒྱས་ཀྱིས་ནི་རྗེས་གནས་དང་།། ཁམས་གསུམ་གཏོགས་པ་མ ་ཡིན་དང་།། ཆུང་དང་འབྲིང་དང་ཆེན་པོ་དང་། བསྔོ་བ་གཞན་ནི་རྣམ་པ་གསུམ།། བསོད་ནམས་ཆེས་འབྱུང་བདག་ཉིད་དོ།། ཞེས་བསྟན་པ་ལ། དེ་ལ་ཡོངས་སུ་བསྡུ་བ་ཁྱད་པར་ཅན་ནི་འདི་ཡིན་ཏེ། ཉན་ཐོས་དང་རང་སངས ་རྒྱས་ཐམས་ཅད་ཀྱི་སྦྱིན་པ་ལ་སོགས་པའི་བསོད་ནམས་བྱ་བའི་དངོས་པོ་རྣམས་ལས་བྱང་ཆུབ་སེམས་དཔའ་ཆེན་པོའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མི་དམིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བ ་འདི་ཉིད་རབ་ཅེས་བྱའོ།། དམ་པ་ཞེས་བྱའོ།། གཙོ་བོ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ།། དེ་ལ་རབ་ཅེས་བྱ་བ་ནི་རབ་རྣམ་པ་གཉིས་ཏེ། དམ་པར་གྱུར་པའི་རབ་ཉིད་དང་།། བརྩོན་འགྲུས་འབར་བས་གཙོ་བོར་གྱུར་པ་གཉིས ་པ་མེད་པ་ཉིད་ཀྱིས་སོ།། དེ་ལ་དམ་པོར་གྱུར་པའི་རབ་ཉིད་ཀྱང་རྣམ་པ་གཉིས་ཏེ། མཆོག་ཉིད་ནི་ཐབས་ལ་མཁས་པས་སོ།། ཕུལ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སོ།། གཙོ་བོར་གྱུར་པའང་རྣམ་པ་གཉིས ་ཏེ། མཉམ་པ་མེད་པས་གཙོ་བོ་ཉིད་ཡིན་པ་དང་། མི་མཉམ་པ་དང་མཉམ་པས་གཙོ་བོར་གྱུར་པ་སྟེ། ཚིག་བདུན་གྱིས་དེའི་ཁྱད་པར་གྱི་མཚན་ཉིད་བསྟན་པ་ཡིན་པའི་ཕྱིར་རོ།། ཡོངས་སུ་བསྔོ་བའི་བྱེད་པ་ནི་གང་ཡང ་སེམས་ཅན་རྣམས་ཀྱི་ཐེག་པ་གསུམ་གྱིས་ངེས་པར་འབྱུང་བའི་ལམ་སྟོན་པའི་རྒྱུར་གྱུར་པས་ན་མཉམ་པ་མེད་པ་ཞེས་བྱའོ།། མི་མཉམ་པའི་སངས་རྒྱས་དང་། མཉམ་པ་ཐོབ་པའི་རྒྱུར་གྱུར་པས་ན་མི་མཉམ་པ ་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་ལ་སོགས་པ་དང་། བྱང་ཆུབ་སེམ་ས་དཔའ་རང་དང་། གཞན་གྱི་དོན་དབང་དུ་བྱས་པའི་ཁྱད་པར་གྱིས་ཤེས་བསྟན་པ་ཡིན་ནོ།། མི་ངམི་གས་པའི་རྣམ་པར་བསྔོ་བ་ནི། ་གང་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་དང་པོ་བསྐྱོད་པ་ནས་བརྩམས་ཏེ། དམ་པའི་ཆོས་གནས་པའི་བར་གྱི་ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་རྣམས་དང་། དེས་ཡོངས་སུ་བསྡུས་པ་དང་། ཐེག་པ་གསུམ ་གྱིས་ཡོངས་སུ་སྨིན་པ་དང་། རྣམ་པར་གྲོལ་བའི་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཐམས་ཅད་གཅིག་ཏུ་བསྡུས་ཏེ། རྗེས་སུ་སི་རུང་བ་དང་ཡོངས་སུ་བསྔོ་བའི་དངོས་པོ་ནི་གང་ཡིན་ཞེས ་བྱ་བ་ནས་བརྩམས་ཏེ། དངོས་པོ་དང་། དམིགས་པ་དང་། བྱང་ཆུབ་དང་། སེམས་དང་། དགེ་བའི་རྩ་བ་དང་། རྗེས་སུ་ཡི་རང་བ་དང་ལྡན་པའི་སོསོ་ང་ནམས་བྱ་བའི་དངོས་པོ་མི་གང་ཞིག་ཡིན་ཞེས་བྱ་བ་དང་། སེམས་དེ་ནི ་ཟོཐོབ་ཅིང་འགགས་ལ་མེད་པར་གྱུར་པ་ཉིད་ནས་ཆོས་ཐམས་ཅད་དངོས་པོ་མེད་པའི་རྗེས་སུ་འགྲོ་བ་མི་དམིགས་པའི་རྣམ་པར་བསྔོས་ལ་ལེགས་པ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན། ནི། དེ་ལ་དངོས་པོ་ནི ་རིགས་སོ།། དམིགས་པ་ནི་ཆོས་ཐམས་ཅད་དོ།། བྱང་ཆུབ་ནི་ཆེད་དུ་བྱའོ།། སེམས་ནི་གཟུང་བའི་རྣམ་པར་རྟོག་པའོ།། དམ་པའི་རྩ་བ་ནི་མ་ཆགས་པ་ལ་སོགས་པའོ།། བསོད་ནམས་བྱ་བའི་དངོས་པོ་ནི་སེམས་ལས་བྱུང ་བའོ། དེ་དག་ཟད་པ་ནི་བཙགས་པ་རྣམ་པར་འཇིག་པས་སོ།། འགགས་པ་ནི་རྒྱུན་གྱིས་འཇིགས་པས་སོ།། མད་པཱ་ནཱི་རང་ལ་བེན་གྱིས་འཇིགསུ་པས་སོ།། རྣམ་པར་གྱུ་པ་ནི་རྣམ་པར་འགྱུར་པའི་འཇིག་པས་སོ།། ཕྱིན ་མ་ལོགས་པའི་མཚན་ཉིད་ཀྱི་བསྔོ་བ་ནི་གང་ཡང་སེམས་གང་གིས་ཡོངས་སུ་བསྔོ་བའི་སེམས་ཀྱང་དེ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ད་ནི་འདི་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་སྤོང་ངོ་ཞེས་བསྟན་པ་ཡིན་ནོ།། དབེན་པའི་ལོངས ་སུ་བསྔོ་བ་ནི་གང་གལ་ཏེ་བྱང་ཆུབ་སེམས་དཔའ་ཆེན་པོས་བསོད་ནམས་བྱ་བའི་དངོས་པོ་མངོན་པར་འདུ་བྱ་བ་དེ་ཕུང་པོ་ལ་སོགས་པས་དབེན་པར་ཞེས་ཞེས་བྱ་བ་ནས་བརྩམས་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་དེ་ཉིད་ཀྱིས་དབེན་པར ་ཤེས་ཏེ་ཞེས་བྱ་བའི་བར་དུ་བསྟེན་པ་ཡིན་ནོ།། སངས་རྒྱས་རྣམས་ཀྱི་དགེ་བའི་རྩ་བའི་རིགས་སུ་གཏོགས་པའི་རང་བཞིན་དྲན་པའི་ཡོངས་སུ་བསྔོ་བ་ནི་ཡང་སངས་རྒྱས་རྣམས་ཀྱི་དགེ་བའི་རྩ་བའི་རིགས་སུ་གཏོགས་པ་གང་ཡིན་པ ་དང་ངོ་བོ་ཉིད་གང་ཡིན་པ་དང་། དེ་བཞིན་དུ་བསོད་ནམས་བྱ་བའི་དངོས་པོ་ཡོངས་སུ་བསྔོ་བ་ཡིན་ཏེ་ཞེས་བསྟན་པ་ཡིན་ནོ།། ཐབས་ལ་མཁས་པའི་ཡོངས་སུ་བསྔོ་བ་ནི་གང་ཡང་འདིར་བྱང་ཆུབ་སེམས་དཔའ་ཆེན་པོས་ཐབས ་ལ་མཁས་པས་དེ་དག་ལ་བསླབས་པར་བྱ་སྟེ་ཞེས་བྱ་བ་སོགས་པ་བསྟན་པ་ཡིན་ནོ།། མཚན་མ་མེད་པའི་ཡོངས་སུ་བསྔོ་བ་ནི་གང་ཁ་ཟས་དུག་དང་བཅས་པའི་དཔེས་མཚན་མཚན་མའི་འདུ་ཤེས་ཅན་གྱི་ཡོངས་སུ་བསྔོ་བ་ནི ་དྲུག་ཅན་ཟུག་རྔུ་ཅན་ཏེ། ཞེས་བྱ་བ་ལ་སོགས་པ་བསྟོན་པ་ཡིན་ནོ།། སངས་རྒྱས་ཀྱིས་རྗེས་སུ་གནང་བའི་ཡོངས་སུ་བསྔོ་བ་ནི་གང་ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག ་གིས་སངས་རྒྱས་ཀྱི་ཡེ་ཤེས་བླ་ན་མེད་པ་ཐུགས་སུ་ཆུད་པ་དེ་བཞིན་དུ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའོ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ།། ཁམས་གསུམ་དུ ་གཏོགས་པ་མ་ཡིན་པའི་ཡོངས་སུ་བསྔོ་བ་ནི་གཞན་ཡང་དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་བར་བྱ་སྟེ། ཇི་ལྟར་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས ་སུ་གཏོགས་པ་ཞེས་བྱ་བ་བསྟན་པ་ཡིན་ནོ།། བསོད་ནམས་ཆེན་པོ་འབྱུང་བའི་ཡོངས་སུ་བསྔོ་བ་ཡང་རླུང་ངུ་དང་། འབྲིང་དང་། ཆེན་པོའི་དབྱེ་བ་རྣམ་པ་གསུམ་མོ།། དེ་ལ་ཆུང་ངུ་ནི་གདུ་དགེ་བ་བཅུའི་ལས་ཀྱི་ལམ་ནས་བརྩམས་ཏེ ་མངོན་པར་ཤེས་པ་ལྟོ་ཞེས་བྱ་བའི་བར་དང་། འཇིག་རྟེན་པའི་རྟོགས་པའི་གནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གྱི་དཔེས་འདི་ལྟར་ཡོངས་སུ་བསྔོ་བ་ནི་བསོད་ནམས་མང་དུ་འཕེལ་ལོ་ཞེས་བྱ་བའི ་བར་དུ་བསྟན་པ་ཡིན་ནི། འབྲོང་ནཱི་གང་ཡང་དེ་སྙེད་ཅིག་ཁོ་ན་རྒྱུན་དུ་ཞུགས་པ་ནས་དགྲ་བཅོམ་པར་གྱུར་པ་ལ་བཀུར་སྟི་དང་། མཆོད་པ་ལ་སོགས་པ་བྱས་བྱའི་བསོད་ནམས་ཀྱི་དཔེས་འདི་ནི་བསོད་ནམས་ཆོས་མང་དུ་འཕེལ་ལོ ་ཞེས་བྱ་བའི་བར་དུ་བསྟན་པ་ཡིན་ནོ།། ཆེན་པོ་འདི་གང་སེམརྗེས་ཅན་དེ་སྙེད་ཁོ་ན་ཡང་དྲག་པར་རྫོགུས་པའི་སངས་རྒྱས་བྱང་ཆུབ་ལ་གནས་པ་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ཀྱིས་རེ་རེ་ནས་མཆོད་པའི ་བསོད་ནམས་ཀྱི་དཔེས་མི་དམིགས་པར་ཡོངས་སུ་བསྔོ་བའི་བསོད་ནམས་ནི་སྔ་མ་བཞིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དེ་དག་ཐམས་ཅད་ནི་དམིགས་སུ་མེད་བ་ཅན་ནོ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ།། ཡོངས་སུ་བསྡུ ་པའི་འགྲེལ་པའོ།། ། ཡོངས་སུ་བསྔོ་བ་ཡིད་ལ་བྱེད་པ་བཤང་ཟིན་ནས་རྗེས་སུ་ཡི་རང་བའི་དབང་དུ་མཛད་ནས། ཐབས་དང་མི་དམིགས་པ་དག་གིས།། དགེ་བའི་རྣ་ལ་ཡི་རང་བ།། རྗེས་སུ་ཡི་རང་ཡིད ་བྱེད་པ། བསྒོམ་པ་ཡིན་པར་འདིར་བརྗོད་པའོ།། ཞེས་བསྟན་པ་ཡིན་ཏེ། རྗེས་སུ་ཡི་རང་བའི་ཡིད་ལ་བྱེད་པར་གྱུར་པར་སྟོན་ཏོ།། གང་བཅོམ་ལྡན་འདས་ཇི་ཙམ་གྱིས་ན་རྗེས་སུ་ཡི་རང་བའི་དམ་པར་འགྱུར་ཞེ་ན་ཞེས་བྱ་བ་ནས་བརྩམ ་ཏོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་དམིགས་པའི་ཚུལ་གྱིས་སྤྱོད་པའི་ཚེ། ཐབས་ལ་མཁས་པས་དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡ་བསྔོ་བར་བྱའོ་ཞེས་བྱ་བའི་བར་དུ་བསྟན་པ་ཡིན ་ནོ། དེ་ལ་མོས་པ་ཡིད་ལ་བྱེད་པས་ནི་འབྱུང་ཁུང་དག་ནས་གསེ་ཏོར་གྱི་གར་བུ་བཞིན་དུ་བསོད་ནམས་མངོན་པར་འདུ་བྱེད་དོ།། ཡོངས་སུ་བསྔོ་བ་ཡིད་ལ་བྱེད་པས་ནི་འག་བས་གསེར་གྱི་རྒྱན་བཞིན་དུ་ཡང་དག་པར་རྫོགས ་པའི་བྱང་ཆུབ་ཀྱི་ཡན་ལག་ཏུ་བྱེད་དོ།། རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པས་ནི་རང་གིས་གཞན་གྱིས་བྱས་པའི་བསོད་ནམས་ཀྱང་མཉམ་པ་ཉིད་དུ་ཐོབ་བོ།། རྗེས་སུ་ཡི་རང་བའི་ཡིད་ལ་བྱེད་པའི་རྣམ་པར་འགྲེལ་པའོ།། ། ་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་བསྟན་ནས་བསྒྲུབ་པ་བརྗོད་པར་བྱ་སྟེ། ངོ་བོ་ཉིད་ནི་མཆོག་ཉིད་དང་།། ཀུན་ལ་མངོན་དུ་མི་བྱེད་དང་། ཆོས་རྣམས་དམིགས་སུ་མེད་པར་ནི། གཏོག་པར་བྱེད་པ་དོན་ཆེན་ཉིད་ཅེས་བསྟན་པ་ཡིན ་འདི་ལྟར་ངོ་བ་ཉིད་ཀྱི་དབང་དུ་མཛད་ནས་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོག་ཏུ་ཕྱིན་པ་སྣང་བྱར་བགྱིད་པའོ་ཞེས་བྱ་ནས་བརྩམས་ཏེ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་སྟོན་པའོ་ཞེས་བྱ་བ་གསུངས་པ་ཡིན ་ཏེ། མཆོག་ཉིད་ནི་གང་དམུས་ལོང་ངམ་ལམ་དུ་ཞུགས་ནས་གྲོང་ཁྱེར་ཆེན་པོར་བྱོན་པར་མི་ནུས་པའི་དཔེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་པོར་ཕ་རོལ་ཏུ་ཕྱིན་པ་ལྔས་ལམ་ཤེས་པ་ཉིད་དུ་ཞུགས་ནས་རྣམ་པ་ཐམས་ཅད་མཁྱེན ་པ་ཉིད་ཀྱི་གྲོང་ཁྱེར་ཆེན་པོར་ཕྱིན་པའི་ནུས་པ་བཀག་པ་ཡིན་ནོ་ཞེས་བསྟན་ཏོ།། ཆོས་ཐམས་ཅད་ལ་མངོན་པར་འདུ་མི་བྱེད་པ་ནི་གཟུགས་མངོན་པར་བསྒྲུབ་པ་མེད་པའི་ཕྱིར་ཞེས་བྱ་བ་ནས་བརྩམས་ཏེ། ཆོས་ཐམས་ཅད་མངོན་པར ་འདུ་བྱེད་པ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱ་ཞེས་བྱ་བའི་བར་དུ་བསྟན་པ་ཡིན་ནོ།། ཆོས་ཐམས་ཅད་དམིགས་པ་མེད་པར་བྱ་རྟོགས་པ་ལ་གཏོད་པར་བྱེང་པ་ནི་གང་མི་དག་པའི་ཆོས་རྣམས་ཐོབ་པར་མི་བྱེད ་དོ་ཞེས་བྱ་བ་ནས་བརྩམས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གྲངས་སུ་འགྲོ་བས་མྱ་ངན་ལས་འདས་པའི་བར་གང་ལ་ཡང་གཏོད་པར་མི་བྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། དེ་ཡིས་ཆོས་ཐམས་ཅད་དམིགས་སུ་མེད་པའི་རྣམ་པར་རབ་ཏུ་གནོས ་པ་ཉིད་ཀྱིས་མིང་ཇི་ལྟ་བ་དང་། མཚན་མ་ཇི་ལྟ་བ་དེ་ལྟར་གཏོད་པར་མི་བྱེད་ཅིང་མི་དམིགས་པའི་རྣམ་པ་དེ་ཆོས་ཐམས་ཅད་ལ་གཏོང་བར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ།། དེ་ལ་མིང་ནི་བཏགས་པའོ།། མཚན་མ་ནི་འཇུག་པར་བྱེད་པའི ་རྒྱུའོ།། གཏོད་པ་ནི་གཏོང་བ་མེད་པ་ཉིད་ཀྱིས་གཉིས་ཀྱིས་འདུ་ཤེས་དེ་ལས་རིང་དུ་བྱེད་པ་ཉིད་ཡིན་པའི་ཕྱིར་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་དམིགས་པར་མི་བྱེད་དེ། དེ་ནི་ཡིད་ཆེས་པ་ཉིད་དུ་བསྟན་པ་ཡིན་ནོ།། ་དོན་ཆེན་པོ་ཉིད་ནི་གང་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཆེ་བ་དང་། ཆུང་པར་བྱེད་པ་བཀླག་པ་ནས་བརྩམས་ཏེ། སངས་རྒྱས་ཀྱིས་ཆོས་རྣམས་ཀྱི་བར་གྱི་སྟོབས་ཡོངས་སུ་གྲུབ་པ་མ་མཆིས་པའི་སླད་དུ་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་གྲུབ་པ་མ་མཆིས་པ་བལྟའོ་ཞེས་བྱ་བ་དང་། སངས་རྒྱས་ཀྱི་དོན་ཆེན་པོ་སངས་རྒྱས་ཉིད་དུ་སྒྲུབ་པར་བྱེད་པས་ན་ཕ་རོལ་ཏུ་ཕྱིན་པ་ཆེན་མོའོ་ཞེས་བསྟན་པ་ཡིན་ནོ།། མངོན་པར་བསྒྲུབ་པའི ་འགྲེལ་པའོ།། མངོན་པར་བསྒྲུབ་པ་བཤད་ཟིན་ནས་ཤིན་ཏུ་རྣམ་པར་དག་པ་བརྗོད་པར་བྱ་སྟེ། སངས་རྒྱས་བསྟོ་ན་དང་སྦྱིན་སོགས་དང་། ཐོབས་ལ་མཁས་པ་གང་ཡིན་དང་། འདི་ལ་མོས་པའི་རྒྱུད་ག་ཡིན།། ་ཆོས་ཀྱིས་འཕོངས་པའི་རྒྱུ་དག་ནི། བདུད་ཀྱིས་ཐིབས་ཀྱིས་ནོན་པ་དང་། ཟབ་མོའི་ཆོས་ལ་མ་མོས་དང་། ཕུང་པོ་སོགས་ལ་མངོན་ཞེན་དོང་། སྡིག་པའི་གྲོགས་པོས་ཟིན་པའོ།། འབྲས་བུ་དག་པ་གཟུགས་ལ་སོགས། དག་པ ་ཉིད་དེ་གང་གི་ཕྱིར།། དེ་གཉིས་ཐ་དད་མ་ཡིན་ཞིང་།། བཅད་དུ་མེད་པས་དག་པར་བརྗོད་ཅེས་བསྟན་ཏེ་དེ་ལ་སངས་རྒྱས་ལ་བསྟེན་པ་ནི་འདི་ཡིན་ཏེ། གང་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས ་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མེད་གྲངས་མེད་པ་བསྙེན་བཀུར་བྱས་ནས་འདིར་འོངས་ཏེ་ཞེས་བྱ་བ་ནས་བརྩམས་ཏེ། སངས་རྒྱས་དུ་མ་བསྟེན ་པར་བྱའོ་ཞེས་བསྟན་པ་ཡིན་ནོ།། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་སྒྲུབ་པར་བྱེད་པ་ནི་གང་བསྐལ་པ་མང་པོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ།། ཐབས ་ལ་མཁས་པ་ནི་གང་རབ་འབྱོར་དོན་རྣམ་པར་ཕྱེ་ཞིང་བཤང་དགོས་ཏེ་ཞེས་བྱ་བ་ནས་བརྩ་མས་ཏེ། དེ་ལྟ་བུ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྩོན་པར་བྱེད་དོ།། ཞེས་བྱ་བའི་བར་དུ་བསྟན་པ་ཡིན་ནོ།། ། ་ཆོས་ཀྱི་ཕོངས་པ་ལ་འཇུག་པར་གྱུར་པའི་ལས་ནི་གང་རབ་འབྱོར་གཞན་ཡོད་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་ཞེས་བྱ་བ་ནས་དམིགས་པའི་ཚུལ་གྱིས་ཤེས་རབ་བསྒོམ་པ་ཡོད་དེ་ཞེས་བྱ་བ་ནས ་བརྩམས་ཏེ། དྲག་པ་དང་། རྒྱུན་མི་འཆད་པ་དང་། དུས་རིང་པོར་བདག་ཉིད་གྱི་ལུས་ཆེན་པོ་ལ་རྣམ་པར་སྨིན་པ་སྡུག་བསྔལ་བའི་ལས་ཀྱི་སྒྲིབ་པ་ཉེ་བར་བསྟན་པས་ཞེས་བསྟན་པ་ཡིན་ནོ།། སེམས་ཅན་རྣམས་མི ་དགེ་བའི་ལས་དེ་ལས་ལྡོག་པར་བྱ་བའི་ཕྱིར་དེ་བསྟན་པ་ཡིན་ནོ།། ཡང་ལས་ཀྱི་སྒྲིབ་པ་འདིའི་རྒྱུ་བཞིའི་དབང་དུ་མཛད་ནས་བདུད་ཀྱིས་བྱིན་གྱིས་བརླབས་པ་དང་། ཆོས་ཟབ་མོ་ལ་མ་མོས་པ་དང་། ཕུང་པོ་ལ ་སོགས་པ་ལ་མངོན་པར་ཞེན་པ་དང་། སྡིག་པའི་གྲོགས་པོས་ཟིན་པ་སྟེ། ཆོས་བཞི་པོ་དེ་དག་ནི་ཆོས་སྤོང་བའི་རྒྱུ་ཡིན་ནོ།། ཞུས་བསྟན་ཏོ།། འབྲས་བུ་རྣམ་པར་དག་པ་ནི་རབ་འབྱོར་གཟུགས་རྣམ་པར་དག་པ་གང ་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ།། རང་གི་ངོ་བོ་ཐ་དད་པ་དང་། ཆ་གཉིས་སུ་བཙད་པའི་དགག་པའི་དབང་དུ་མཛད་ནས་སོ་སོ་མ་ཡིན་ཐ་མི་དད་པ་ཉེ་བར་གཟུང ་ནས་ཞེས་བྱ་བ་ནས་བརྩམས་ཏེ། འདས་པ་དང་། མ་འོང་པ་དང་། ད་ལྟར་བྱུང་བ་རྣམ་པར་དག་པ་འདི་ལ་གཉིས་སུ་བྱར་མེད་དོ།། ཞེས་བྱ་བའི་བར་དུ་བསྟན་པ་ཡིན་ནོ།། གཟུགས་སོགས་དུས་གསུམ་དུ་མེད་པ།། ། ་ཤིན་ཏུ་དག་པ་མཐའ་མེད་པ། འདི་དག་མཐའ་ནི་མྱི་མཁྱེན་པ། ཐུབ་པའི་ཆོས་མངོན་རྟོགས་པ་ཡིན། ཞེས་བྱ་བ་བསྟན་ཏེ། གང་བཅོམ་ལྡན་འདས་རྣམ་པར་དག་པ་འདི་ནི་ཟླབ་ལགས་སོ།། ཤཱ་རིའི ་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་གཟུགས་དང་། ཚོར་པོ་ཞེས་བྱ་བ་ནས་བརྩམས་ཏེ། གང་དེ་ལྟར་རྟོགས་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། ལམ་ཤེས ་པ་ཤིན་དུ་རྣམ་པར་དག་པ་བསྟན་ཏོ།། ལམ་ཤེས་ཀྱི་རྣམ་པར་ཤེས་པ་ཉེ་བར་གཟུང་ནས་རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དབང་དུ་བྱས་པ་རྫོགས ་པར་བསྟན་ཏོ།། དེ་ལྟར་བསྟན་པ་ཉིད་ནི་ཇི་སྐད་དུ། མོག་མོག་པོར་བྱེད་ལ་སོགས་དང་།། སློབ་མ་བས་རུའི་ལམ་གང་དང་།། འདི་དང་གཞན་གྱི་བནྡྷ་ཡོན་གྱིས།། ཕན་ཡོན་ཆེ་བ་མཐོང་བའི་ལམ ་བྱེད་པ་དང་ནི་མོས་པ་དང་། བསྟོད་དང་བཀུར་དང་བསྔགས་པ་དང་།། བསྔོ་དང་རྗེས་སུ་ཡི་རང་དང་།། ཡིད་ལ་བྱེད་པ་དང་ནི་གཞན། སྒྲུབ་དང་ཤིན་དུ་དག་པ་ཞེས། བྱ་བ་འདི་ནི་བསྒོམ་པའི་ལམ། ལམ་ཤེས་དེ་འདྲར་ཤེས་པ་བྱ།། ཞེས ་བསྟན་པ་ཡིན་ནོ།། འབྲེལ་པ་ནི་དེའི་རྗེས་སུ་འཇུག་པ་ཡིན་པར་བལྟ་བར་བྱའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མན་ངག་གི་བསྟན་བཅོས་ལས་ལམ་ཤེས་པ་ཉིད་ཀྱི་མངོན་པར་རྟོག་པའི་འགྲེལ་པའོ།། ལམ་ཤེས་པ་ཉིད་བཤད ་ནས་ད་ནི་ཐམས་ཅད་ཤེས་པ་ཉིད་བརྗོད་པར་བྱ་སྟེ། དེ་ལ་རེ་ཞིག་འཁོར་བ་དང་། མྱ་ངན་ལས་འདས་པ་ལ་མི་གནས་པའི་དབང་དུ་མཛད་ནས། ཚུ་རོལ་ཕ་རོལ་མཐའ་ལ་མིན། དེ་དག་པར་ལ་མི་གནས་པ་ཞེས་བྱ་བ་བསྟན་པ ་ལ་ཇི་སྐད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན་ཚུ་རོལ་གྱི་འགྲམ་མམ། ཕ་རོལ་གྱི་འགྲམ་མམ། གཉི་གའི་དབུས་ན་མི་དམིགས་ཏེ། ཤིན་ཏུ་རྣམ་པར་དག་པའི ་ཕྱིར་རོ།། འཁོར་བ་དང་མྱ་ངན་ལས་འདས་པའི་འདུ་ཤེས་སུ་ཉེ་བར་དམིགས་པ་བཀག་པ་ཡིན་ནོ།། ཡང་དེ་གཉིས་ཇི་ལྟར་མི་དམིགས་པ་ཡིན་ཞེ་ན། དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར། ཤེས་རབ་ཕ་རོལ་ཏུ ་འདོད་ཅེས་བྱ་བ་སྨོས་ཏེ། ཇི་སྐད་དུ་དེ་མི་དམིགས་པས་རབ་འབྱོར་དུས་གསུམ་མཉམ་པ་ཉིད་ཡིན་ནོ།། དེ་ཉེ་བར་གཟུང་བ་གསུངས་པ་ནི་འཐང་པ་ཡིན་ནོ།། ཐབས་མ་ཡིན་པས་རིང་བ་སྐྱེ་བྱ་བ་སྨོས་སོ།། ཐབས་མ་ཡིན་པ་གང་ཞེ་ན། དེ ་ནི་མཚན་མར་དམིགས་སྒོ་ནས་ཞེས་བྱ་བ་སྨོས་ཏེ། གྲང་མེང་ཉིད་ཀྱིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིང་དུ་བྱེད་དོ་ཞེས་བསྟན་ཏོ།། དེ་ཉིད་ལས་བཟློག་པ་ནི་ཐབས་ལ་མཁས་པ་སྟེ། དེ་དང་ཉེ་བ་ཉིད་ཡིན་པར་བལྟ་བར་བྱའོ།། གང ་ཉན་ཐོས་ལ་སོགས་པའི་རྟོགས་པ་ལས་བཟློག་པའི་སྦྱོར་བས་ནི་དེ་དག་རྟོགས་པ་ཕྱོགས་ཅིག་པོ་ཡིན་ནོ།། ཞེས་གསུངས་པས་དེ་དག་ནི་མ་ལུས་པ་མཐར་ཐུག་པ་འགྲོ་བ་མ་ཡིན་ཞིང་། དེ་ཉེ་བར་བཟུང་ནས་དེའི་ལམ་ལོགས་པར ་བཤད་ཅིང་ལེགས་པར་མཐར་ཐུག་པར་བསྟན་ཏོ།། མི་མཐུན་པའི་ཕྱོགས་ཀྱི་དབང་དུ་མཛད་ནས། གཟུགས་སོགས་ཕུང་པོ་སྟོང་ཉིད་དང་།། དུས་གསུམ་གཏོགས་པའི་ཆོས་རྣམས་དང་།། ཟུག་བཅས་ཟག་པ་མེད་ཆོས་དང་། སྦྱིན ་སོགས་བྱང་ཆུབ་ཕྱོགས་རྣམས་ལ།། སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས།། ཤེས་སྨོས་པ་ལ། གང་ཐབས་ལ་མི་མཁས་པས་གཟུགས་སྟོང་པ་ཞེས་བྱ་བར་འདུ་ཤིང་དེ་ཡིས་འདས་པ་ལ་སོགས་པའི་འདུ་ཆོས་སུ་འདུ་ཤེས ་དེ་བཞིན་དུ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། གང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་འདུ་ཤེས་ཤིང་། དེ་བཞིན་དུ་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་འདུ་ཤེས་པ་ནི་ཆགས ་པའོ་ཞེས་བསྟན་ཏོ།། གཉེན་པོ་གང་ཞིག་ཡིན་ཞེ་མ། སྦྱིན་ལ་སོགས་པ་ངར་འཛིན་མེད་ཅེས་བྱ་བ་སྨོས་ཏེ། ཇི་སྐད་དུ། གཞན་ཡང་ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་ཐབས་ལ་མཁས་པར་གྱུར་པས་གཟུགས་ལ་གཟུགས་སུ་འདུ་ཤེས་པ་མེད་དོ་ཞེས་བྱ་བ་ནས་བརྩམས་ཏེ། བདག་གི་རྣམ་པ་ཐམས་ཅད་མཁྱེན་པོ་ཉིད་རྗེས་སུ་ཐོབ་པར་བྱའོ་ཞེས་སྙམ་དུ ་མི་སེམས་ཏེ་ཞེས་བྱ་བའི་བར་དུའོ།། མི་མཐུན་པའི་ཕྱོགས་བསྟན་པ་ལས་བཟློག་པ་རྣམ་པར་རྟོག་པར་ཐམས་ཅད་བཀག་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞོ་ན། སྟོང་པ་ཉིད་ཐམས་ཅད་གཟུང་པོ་ནི་འཐད་པ་ཡིན་ཏེ། ཐབས་ལོ་མཁས་པས ་ཆགས་པ་མེད་དོ་ཞེས་བྱ། ཡང་མི་མཐུན་པའི་ཕྱོགས་ནི་གྲང་ཀཽ་ཤི་ཀ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་སུ་འདུ་ཤེས་པ་ཞེས་བྱ་བ་ནས་བརྩམས་ཏེ། ཆགས་པ་གང་གི་ཆགས་པ་མེད་པར་མི་ནུས་ན་ཆགས་པ་མེད་པའི་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ་ཞེས་བྱ་བའི་བར་དུ་བསྟན་པ་ཡིན་ནོ།། ཆགས་པའི་མཚན་ཉིད་བསྟན་པ་ནི་དེ་ཅིའི་ཕྱིར་ཞེ་ན། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ངར་འཛིན་པའི་རྣམ་པར ་རྟོག་པ་མེད་པར་བཀག་པ་ཡི་ན་ནོ།། གཉེན་པོའི་ཕྱོགས་ན། གཞན་ཡང་དེ་ལ་སྦྱོར་བྱེད་ཅིང་། དེ་ནི་ཆགས་པའི་མཐའ་འགོག་པ་ཞེས་བསྟན་པ་ཡིན་ཏེ། ཇི་སྐད་དུ། གཞན་དག་དེ་དག་ཉིད་ངར་འཛིན་པ་བཀག་པ་ཡང་དག་པར ་བསྟན་པར་བྱ་བ་དང་། ཡང་དག་པར་བསྐུལ་བར་བྱ་བ་དང་། ཡང་དག་པར་སྤྲོ་བ་བསྐྱེད་པར་བྱ་བ་རྣམས་ཆགས་པའི་མཐའ་ཐམས་ཅད་སྤོང་བ་ཡིན་ཏེ། དེ་ལ་ཀུན་ནས་ཉོན་མོངས་པ་དང་། བག་མེད་པ་ཀུན་ཏུ་ཞུམ་པ་དང་། ཡང་དག ་པར་ཞུམ་པར་ཞུགས་པ་རྣམས་ཡང་དགེ་པར་བསྟན་པ་དང་། ཡང་དག་པར་བསྐུལ་པ་དང་། ཡང་དག་པར་སྤྲོ་བ་བསྐྱེད་པ་དང་། ཡང་དག་པར་དགའ་བ་བསྐྱེད་པ་རྣམས་གོ་རིམ་བཞིན་དུ་སྦྱར་བར་བྱ་བ་ཡིན་པར་རིག་པར་བྱའོ་ཞེས ་བསྟན་པ་ཡིན་ནོ།། ཡང་རྒྱལ་ལ་སོགས་པ་ཆགས་པ་པྲ་ཞེས་བསྟན་པ་ནི་གང་དེ་བཞིན་གཤེགས་པ་དེ་དག་གི་དགེ་བའི་རྩ་བ་ལ་རྗེས་སུ་ཡིད་རང་བས་ཡོངས་སུ་བསྔོ་ཞིང་ཡང་ན་ཚན་མར་བྱེད་པ་ནི་ཆགས་པ་ཕྲ་མོ་ཞེས་བསྟན་པ ་ཏོ་ཡང་ཅིའི་ཕྱིར་རྣམ་པ་དེ་ལ་ཆགས་པ་ཞེས་བྱ་ན། གང་གི་ཕྱིར་ཆོས་ཀྱི་ལམ་ནི་རང་བཞིན་གྱིས། དབེན་པའི་ཕྱིར་ན་དེ་ཟབ་ཉིད་ཅེས་བྱ་བ་སྨོས་ཏེ། གང་ཆོས་ཐམས་ཅད་རང་བཞིན་གྱིས་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་ཟབ་པོ་ཞེས་བསྟན་པ་ཡིན་ནོ།། ཡང་ཚོགས་པ་ཐམས་ཅད་ཇི་ལྟ་བུས་སྤོང་ཞེ་ན། ཆོས་རྣམས་རང་བཞིན་གཅིག་པར་ནཱི། ཤེས་པས་ཚོགས་པ་སྤྱོང་བ་ཡིན་ཞེས་བསྟན་པ་ལ། གང་ཆོས་རྣམས་ཀྱི་རུང་བཞིན་གཅིག ་པར་ཤེས་པ་ནི་ཤེས་པ་དང་། ཤེས་བྱ་མཉམ་པ་ཉིད་དུ་ཐོབ་པ་ཡིན་པའི་ཕྱིར་ཆགས་པའི་མཐའ་ཐམས་ཅད་ཡོངས་སུ་སྤོང་བ་ཡིན་ནོ་ཞེས་བསྟན་ཏོ།། ཡང་ཅིའི་རྒྱུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟབ་མོ་ཡིན་ཞེ་ན། གང ་གི་ཕྱིར་མཐོང་བ་ལ་སོགས་བཀག་པ་ཡིས། དེ་ནི་རྟོགས་པར་དཀར་བར་བཤད་ཅེས་བྱ་བ་སྨོས་ཏེ། གང་མཐོང་བ་དང་། ཐོས་པ་དང་། རྟོགས་པ་དང་། རྣམ་པར་ཤེས་པ་བྱ་བ་རྣམས་བཀག་པ་ཉིད་ཀྱིས ་རྟོགས་པར་དཀའ་བའི་ཕྱིར་ཤེས་བྱ་མཉམ་པ་ཉིད་དང་ཟུར་གྱིས་བསྟན་པ་ཡིན་ནོ།། ཡང་ཅིའི་རྒྱུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྟོགས་པར་དཀའ་ཞེ་ན། གང་གི་ཕྱིར་གཟུགས་ལ་སོགས་པ་མི་ཤེས་ཕྱིར། དེ་ནི་བསམ་མི་ཁྱབ ་པར་འདོད།། ཅེས་སྨོས་ཏེ། གང་གཟུགས་ནས་སངས་རྒྱས་ཀྱི་ཆོས་མི་འདྲེས་པའི་བར་དུ་མི་ཤེས་པའི་ཕྱིར་ཏེ། དེ་ཡིས་བསམ་གྱིས་མི་ཁྱབ་པའི་ཕྱིར་ཤེས་པ་མཉམ་པ་ཉིད་དུ་ཟུར་གྱིས་བསྟན་ཏེ། དེ་ལྟར་བྱས་ནས་ཇི་སྐད་དུ་དེ་ལྟར་ཀུན་ཤེས ་ཉིད་ལུགས་ལ། མི་མཐུན་ཕྱོགས་དང་གཉེན་པོ་དག། རྣམ་དབྱེ་མ་ལུས་འདིས་ཤེས་བྱ་ཞེས་བསྟན་པོ་ཡིན་ནོ།། མི་མཐུན་པའི་ཕྱོགས་དང་གཉེན་པོའི་རྣམ་པར་འགྲེལ་པའོ།། །། ད་ནི་སྦྱོར་བ་བརྗོད་པར་བྱ་སྟེ། ་གཟུགས་དེ་མི་རྟག་ལ་སོགས་པ། དེ་མ་རྫོགས་དང་རབ་རྫོགས་དང་།། སྦྱོར་བ་བཀག་པས་སྤྱོད་པ་ནི།། དེ་ལ་ཆགས་པ་མེད་ཉིད་དང་།། མི་འགྱུར་བྱེད་པོ་མེད་ཉིད་དང་།། སྦྱོར་བ་བཀག་པ་རྣམ་གསུམ་དང་།། སྐལ་པ་ཇི་བཞིན་འབྲས ་ཐོབ་པས།། དེ་ཡི་འབྲས་བུ་ཡོད་འདོད་དང་། གཞན་ལ་རག་ལས་མིན་གང་དང་། ཤེས་བྱེད་རྣམ་བདུན་སྣང་བ་ལས།། ཞེས་བསྟན་པ་ཡིན་ནོ།། སྦྱོར་བ་དེ་ནི་རྣམ་བཅུར་འགྱུར་ཏེ། དེ་ལ་གཟུགས་ལ་སོགས་པའི་སྦྱོར་བ་ནི ་གང་གལ་ཏེ་གཟུགས་ལ་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྤྱོད་པ་བཀག་ནས་དེ་ལྟར་སྤྱོད་པ་ནི་རྗེས་སུ་གནང་བ་ཡིན་པར་བསྟན་ཏོ།། གཟུགས་མི་རྟག་པའི་རྣམ་པའི ་སྦྱོར་བ་ནི་གང་ཕུང་པོ་ལ་སོགས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྟག་པ་དང་། མི་རྟག་པ་དང་། བདེ་བ་དང་། སྡུག་བསྔལ་བ་དང་། བདག་དང་།། བདག་མེད་པ་དང་། ཞི་བ་དང་། མ་ཞི་བའི་རྣམ་པ་ལ་སྤྱོད་པ་བཀག་པ་ནི་དེ ་ལྟར་སྤྱོད་པ་ཡང་རྗེས་སུ་གནང་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་དེ་བཞིན་དུ་མེད་པ་ཉིད་དུ་བསྟན་ཏོ།། གཟུགས་ལ་སོགས་པ་རྫོགས་པ་དང་མ་རྫོགས་པའི་སྦྱོར་བ་ནི་གང་གཞན་ཡང ་གཟུགས་ལ་སོགས་པ་ཡོངས་སུ་རྫོགས་པ་དང་། མ་རྫོགས་པའི་རྣམ་པ་ལ་སྤྱོད་པ་བཀག་ནས་དེ་ལྟར་སྤྱོད་པ་ཡང་རྗེས་སུ་གནང་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་ངོ་བོ་ཡོངས་སུ་རྫོགས་པ་དང་། མ་རྫོགས་པ་བཀླག་པ་ཡིན ་པར་བསྟན་ཏོ།། གཟུགས་ལ་སོགས་པ་ལ་ཆགས་པ་མེད་པའི་སྦྱོར་བ་ནི་གང་དེ་དག་ཉིད་ལ་ཚུགས་པོ་མེད་པར་སྤྱོད་པ་ཉིད་བཀག་པས་ཡང་དེ་ལྟར་སྤྱོད་པ་ནི་རྗེས་སུ་གནང་བ་ཡིན་ནོ།། ཞེས་བསྟན་ཏོ།། གཞན་དུ་མི་འགྱུར་བའི ་སྦྱོར་བ་ནི་གང་སྦྱོར་བ་དེ་མི་འགྱུར་བའི་ཆོས་ཉིད་བཟུང་ནས་ནམ་མཁའི་དཔས་བསྟན་པ་ཡིན་ནོ།། དེའི་མདོ་ནི་རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་བསྔགས་པ་བརྗོད་ཀྱང་འཕེལ་བ་མེད་ལ། མ་བརྗོད་ཀྱང་འགྲིབ་པ ་མང་ངོ་།། རབ་འབྱོར་ང་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཡང་འཕེལ་བ་མེད་ལ། མ་བསྟན་ཀྱང་འགྲིབ་པ་མེད་དོ་ཞེས་གསུངས་པ་ཡིན་ནོ།། བྱེད་བ་པོ་མེད་པའི་སྦྱོར་བ་ནི་གུང་སྤྱོད་པ་དེ་ལ་ནི་བྱེད་པ་པོར ་སྣང་བ་ཉི་ཉེ་བར་གཟུང་ནས་སྒྱུ་མའི་སྐྱེས་བུའི་སྔགས་པ་བརྗོད་པ་འམ། མ་བརྗོད་པ་གཉིས་ཀྱིས་རྗེས་སུ་ཆགས་པ་དང་། ཁྲོ་བ་མེད་པའི་དཔེས་དེ་བཞིན་དུ་འཕེལ་བ་དང་། འགྲིབ་པ་མེད་དོ།། ཕའི་བའི་སྤྱོང་པོའི་རྣམ་པ་གསུམ་སྟེ། ་གང་དེ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའི་དཀའ་བ་ཉིད་ནི་རྣམ་པ་གསུམ་སྟེ། དེ་ལ་ཆེད་དུ་བྱ་བའི་དཀརུ་བ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་ནོ།། སྦྱོར་བ་དའ་བ་ཉིད་ནི་ལམ་གྱི་རྣམ་པར་ཤེས་པ་ཉིད་ཡིན་ནོ།། བྱ་བ ་རྣམས་པའ་བ་ཉིད་ནི་ཐམས་ཅད་ཤེས་པ་ཉིད་ཡིན་ཏེ། རིམ་པ་ཇི་ལྟ་བ་བཞིན་དུ་སྦྱོར་བ་འདོད་པ་དང་། རྩོལ་བར་འདོད་པ་དང་། བྱ་བར་འདོད་པ་ཞེས་བྱ་བ་ཚིག་རྣམ་པ་གསུམ་དང་ངོ་།། དཀའ་བའི་ཚིག་གསུམ་གསལ་བར་བྱེད ་དེ་དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་གང་ཞིག་སེམས་ཅན་ཐམས་ཅད་ཀྱི་དོན་ལ་སྦྱོར་བར་འདོད་པའོ།། ནམ་མཁའ་ཡོངས་སུ་དགྲོལ་བར་འདོད་པ་ལམ་ཤེས་པ་ཉིད་ཀྱིས་དེ་ལ་རྩོལ་བར་འདོད་པའོ།། ནམ་མཁའ་བོར ་སྣང་ལ་འཕངས་པར་འདོད་པ་ནི་གང་ཞིག་ཐམས་ཅད་ཤེས་པ་ཉིད་ཀྱིས་དེ་ལ་བྱ་བར་འདོད་པའོ། རྣམ་པ་གསུམ་པོ་དེས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་བསྟན་ཏོ།། དེ་ཅིའི་ཕྱིར་ཞེ་ན། ཕྱོགས་བཅུའི་འཇིག་རྟེན་ཁམས ་ཧཱུཾ་བཞིན་གཤེགས་པ་ཐམས་ཅད་ཀྵེ་སེམས་ཅན་ཚད་མེད་པ་ཡོངས་སུ་མྱ་ངན་ལས་འདས་པར་མཛད་ཀྱང་སེམས་ཅན་གྱི་ཁམས་ལ་བྲི་འམ། གང་བ་མེད་པ་ནི་ནམ་མཁར་གྲོ་བགོས་པའི་དཔེས་འཐད་པ་ཡིན་ནོ་ཞེས་བསྟན་ཏོ།། དོན་ཡོད ་པའི་སྦྱོར་བ་ཉིད་ནི་གང་དེས་དགེ་སློང་ཞིག་གིས་ཞེས་བྱ་བའི་མིང་དུ་མ་བསྟན་པའི་སྐྱེས་བུའི་རྗེས་སུ་མཐུན་པའི་རྟོགས་པ་ཉེ་བར་བཀོད་ནས་འཁོར་གཞན་དྲག་གིས་ཀྱང་སྐལ་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་ཐོབ་པར་བསྟན་པ་ཡིན་ནོ།། ། ་གཞན་གྱི་རྐྱེན་གྱིས་མི་འགྲོ་བའི་སྦྱོར་བ་ནི་བརྒྱ་བྱིན་གྱིས་བསྲུང་པ་དང་ནི། བསྐྱང་པ་དང་། བསྐྱབ་པར་ཁས་བླངས་པ་ནི་སྒྱུ་མ་དང་། སྨིག་རྒྱུ་དང་། རྨི་ལམ་དང་། སྒྲ་བརྙན་དང་། མི་ཡོར་དང་། དེ་བཞིན་གཤེགས་པའི་སྤྲུལ་པ་དང་། ཡང ་དག་པའི་མཐའ་དང་། དེ་བཞིན་ཉིད་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་ལ་བསྲུང་བ་ལ་སོགས་པར་མྱི་ནུས་པ་ཉིད་ཀྱིས་དཔེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རིགས་ཀྱི་བུ་འམ་རིག་ས་ཀྱི་བུ་མོ་ལ ་ཡང་དག་པར་བསྐྱང་བ་ནི་རྣམ་པར་ཉམས་ཤིང་དུབ་པཱའི་བསྐལ་བ་ཅོན་ཉིད་དུ་འགྱུར་ཏེ། ཕྱིན་ཅི་མ་ལོག་པ་ལ་གནས་པ་དེ་ཉིད་བསྲུང་བ་ཡིན་ཏེ། ཕྱིན་ཅི་མ་ལོག་པོར་མི་གནས་ནཱ་ནཱི་མི་དང་། མི་མ་ཡིན་པ་དེ་དག་གིས་གླགས་རྙེད་པར ་འགྱུར་བས་བསྲུང་བར་ནུས་པ་མ་ཡིན་ནོ།། གཞོན་གྱིས་རྐྱེན་གྱིས་མི་འགྲོ་བ་ཡིན་པར་གསལ་བར་བསྟན་ཏོ།། ཤེས་བྱེད་རྣམ་བདུན་བསྟན་པའི་སྦྱོར་བ་ནི་གང་བཙུན་པ་རབ་འབྱོར་ཇི་ཙམ་གྱིས་བྱང་ཆུབ་སེམས་དཔའ་ལ་ཡོངས་སུ ་འགྱུར་བས་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་སྣང་བ་ཡིན་ལ། འདུས་པའི་སྦྱོར་བས་སྒྱུ་མ་ལྟ་བུར་སྣང་བ་ཡིན། འགལ་བས་སྨིག་རྒྱུ་ལྟ་བུར་སྣང་བ་ཡིན། རྐྱེན་གྱིས་བྲག་ཆ་ལྟ་བུར་སྣང་བ་ཡིན།། ་མི་འདའ་བས་གཟུགས་བརྙན་ལྟ་བུ་ཡིན། རྟེན་པ་མེད་པས་དྲི་ཟའི་གྲོང་ཁྱེར་ལྟ་བུར་སྣང་བ་ཡིན། བྱེད་པ་པོ་མེད་པས་ཐམས་ཅད་སྤྲུལ་པ་ལྟ་བུར་སྣང་བ་ཡིན་པར་ཡོངས་སུ་ཤེས་པར་འགྱུར་ཞེས་བྱ་བ་ནས་བརྩམས་ཏེ། ཐམས་ཅད ་ཤེས་པ་ཉིད་ཉན་ཐོས་ལ་སོགས་པའི་དབང་དུ་བྱས་ནས་དཔེས་དོན་འཐད་པ་ཡིན་ནོ།། སྦྱོར་བ་རྣམས་བསྟན་ནས་ང་ནི་མཉམ་པ་ཉིད་བ་སྟན་པའི་ཕྱིར། གཟུགས་ལ་སོགས་པ་རློམ་མེད་པ། རྣམ་བཞི་དེ་ཡི་མཉམ་པ་ཉིད་ཅེས་བྱ་བ ་སྨོས་པ་སྦྱོར་བའི་དོན་ཡིན་ཏེ། དེ་ལ་འདི་ལྟར་རྣམ་པ་བཞིར་འགྱུར་ཏེ། གཟུག་རཱི་སཾས་མི་བྱེད། ག་ཟུག་ཀྱི་རློམས་སུ་མི་བྱེད། གཟུགས་ལ་བདག་གིས་རློམ་སེམས་སུ་མི་བྱེད། གཟུགས་ལ་རློམ་སེམས་སུ་མི་བྱེད་ཅེས་བྱ་བ་དང་། དེ་བཞིན་དུ་རྣམ་པ་ཐམས ་ཅད་མཁྱེན་པའི་བར་ལ་རྗོད་པར་བྱའོ།། རློམ་སེམས་རྣམ་པ་བཞི་ཡིས་རྣམ་པར་མི་རྟོག་པའི་ཤེས་ས་པ་བཀོག་པ་ཡིན་ནོ།། མཉམ་པ་ཉིད་ཀྱི་སྦྱོར་བའི་རྣམ་པར་འགྲེལ་པའོ།། །། ད་ནི་མཐོང་བའི་ལམ་བརྗོད ་པར་བྱ་སྟེ། དེའི་ཕྱིར་སངས་རྒྱས་ཀྱི་མཐུས་ལྷའི་རིགས་ཐམས་ཅད་ཀྱི་ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་ན་སངས་རྒྱས་སྟོང་དང་། འཕགས་པ་བྱམས་པ་ལ་སོགས་པ་བསྐལ་པ་བཟང་པོའི་སངས་རྒྱས་རྣམས་ཤེས་རབ་ཀྱི་ཕ ་ལ་ཏུ་ཕྱིན་པ་ཟབ་མོ་འདི་ཉིད་ལྷག་ཆད་མེད་པར་སྟོན་པར་མཛད་པར་སེམས་སོ།། མཐོང་བའི་ལམ་གྱིས་སྐད་ཅིག་མ་བཅུ་དྲུག་ལས་མ་གཏོགས་པར་སྐད་ཅིག་མ་གཞན་མེད་པར་ཤེས་པར་བྱ་བ་དང་། དབང་པོར་གྱུར་པ་དགོས་པའི་ཕྱིར་ཡིན་ནོ།། ་དེ་ལ་འདས་པའི་སངས་རྒྱས་དཔེར་མ་བྱས་པ་ནི་དེའི་བསྟན་པ་མཐུར་ཐུག་པའི་སྦྱོར་བ་ཤེས་པར་བྱ་བའི་ཆེད་ཡིན་ནོ།། མ་འོངས་པ་སྨོས་པ་ནི་མ་འོངས་པའི་སེམས་ཅན་རྣམས་ཀྱི་དོན་དུ་དགོས་པར་སྟོན་པའི་ཆེད་ཡིན་ནོ།། གྲངས་སྟོང ་དུ་ངེས་པའི་ནི་འཇིག་རྟེན་གྱི་ཁམས་མི་འཇེད་དུ་བསྐལ་པ་བཟང་པོ་པ་སྟོང་དུ་གྱུར་པ་ཉིད་ཀྱི་ཕྱིར་ཐབས་མཁས་པས་གཞན་དག་ཀྱང་བསྒྲུབ་པ་དང་། དགག་པ་མེད་པར་ཤེས་པར་བྱ་བའི་དོན་ཡིན་ནོ།། མཐོང་བའི་ལམ་གྱི་སྐད་ཅིག་མ་གང་ཞེ་ན། ་ངའི་ཕྱིར་སྡུག་བསྔལ་ལ་སོགས་བདེན་པ་ལ། ཆོས་ཤེས་རྗེས་སུ་ཤེས་བཟེད་དང་། ཤེས་པའི་སྐད་ཅིག་བདག་ཉིད་འདི།། ཀུན་ཤེས་ཚུལ་ལ་མཐོང་བའི་ལམ། ཞེས་བྱ་བ་སྨོས་པ་སྟེ། དེ་ལ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད ་བ་ནི་འདི་ཡིན་ཏེ། གང་གཟུགས་རྟག་ཅེས་བྱ་བ་འམ། མི་རྟག་ཅེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འོངས་པ་ཞེས་བྱ་བ་འམ། མ་འོངས་པ་ཞེས་བྱ་བ་འམ། ད་ལྟར ་བྱུང་བ་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ།། ཞེས་བྱ་བའི་བར་དུ་བསྟན་པ་ཡིན་ནོ།། གཉེན་པོ་དང་མི་མཐུན་པའི་ཕྱོགས་ཀྱི་རྣམ་པར་རྟོག་པ་ལ་ཕྱིན་ཅི་ལོག་ཏུ་ཞེན་པ་བཀག་པའི་ཕྱིར་རོ།། སྡུག་བསྔལ་ལ་ཆོས་ཤེས་པ་ནི ་གང་གཟུགས་རྣམ་པར་དག་གོ་ཞེས་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་དག་གོ་ཞེས་བསྟན་པ་ཡིན་ནོ།། ཇི་སྐད་དུ ་བཤད་པའི་རྣམ་པར་རྟོག་པ་གཉིས་པོ་མེ་ཅིང་ཕྱིན་ཅི་མ་ལོག་བྷ་རྣི་དག་པའི་ཆོས་སྟོན་པར་རྗེས་སུ་གནང་བ་ཡིན་པའི་ཕྱིར་རོ།། སྡུག་བསྔལ་ལོ་རྗེས་སུ་ཤེས་པའི་བཟོད་པ་ནི་གང་རབ་འབྱོར་གཟུགས་ལ་སོགས་པ་ནས་རྣམ་པ་ཐམས་ཅད་མཁྱེན ་པ་ཉིད་ཀྱི་བར་དུ་ཡོངས་སུ་དག་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཉིད་དོ་ཞེས་བསྟན་པ་ཡིན་ནོ།། སྡུག་བསྔལ་ལ་རྗེས་སུ་ཤེས་པ་ནི་གང་གཟུགས་ལ་སོགས་པ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན ་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པར་ཡོངས་སུ་དག་པའི་ཕྱིར་རོ་ཞེས་བྱ་བ་བསྟན་པ་ཡིན་ནོ།། ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་ནི་གང་རྣམ་པ་དེ་དག་ནམ་མཁའ་ཡོངས་སུ་དག་པའི་དཔེས་དེ་དག་གི་རྣམ ་པ་ཡོངས་སུ་དག་གོ་ཞེས་བསྟན་པ་ཡིན་ནོ།། ཀུན་འབྱུང་ལ་ཆོས་ཤེས་པ་ནི་གང་དེ་ལྟར་དེ་དག་གི་རྣམ་པས་གོས་པ་མེད་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ།། ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་ནི་གང་དེ་ལྟར་དེ་དག་གི་རྣམ་པས ་གཟུང་དུ་མེད་པའི་ཕྱིར་རོ།། ཀུན་འབྱུང་ལ་རྗེས་སུ་ཤེས་པ་ནི་གང་སྒྲ་བསྙེན་གྱི་དེ་དག་གི་ཐ་སྙད་ཀྱི་རྣམ་པ་མེད་པས་འདིར་ཐ་སྙད་ཀྱི་རྣམ་པ་དོན་གྱིས་བཀག་པ་ཡིན་ནོ།། ཞེས་བསྟན་ཏོ།། འགོག་པ་ལ་ཆོས་ཤེས་པའི་བཟོད་པ་ནི ་གང་ནམ་མཁའ་བརྗོད་དུ་མེད་པའི་ཕྱིར་རྣམ་པ་བརྗོད་དུ་མེད་དོ།། འདིར་ཡང་གཞན་གྱི་བརྒྱུད་པ་བརྗོད་པས་དེའི་དོན་གཞན་གྱིས་རྟོགས་པ་བཀག་པ་ཡིན་ནོ།། འགོག་པ་ལས་ཆོས་ཤེས་པ་ནི་དེ་ལྟར་རྣམ་པ་མི་དམིགས་པར་བསྟན་ཏོ།། འགོག་པ ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི་གོང་ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པས་མི་དམིགས་པའི་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པའི་རྣམ་པ་ནི་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ཡིན་ནོ་ཞེས་བྱ་བ་བསྟན་ཏོ།། འགོག་པ་ལ་རྗེས་སུ་ཤེས་པ་ནི་གང་དེ་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་ལྔ་མིགཽ་ནང་ལ་སོགས་པ་འབྱུང་བར་མི་འགྱུར ་བབ་དང་། ལྷ་རྣམས་ཀྱང་དེའི་ཕྱི་བཞིན་འབྲང་པོར་འགྱུར་པ་དང་། དེ་སྟོན་པ་དེར་ཡང་ཞག་གསུམ་དུ་ལྷའི་ཚོགས་ཆེན་པོ་འདུ་བར་འགྱུར་བ་དང་། ཆོས་སྟོན་པ་བསོ་དེ་ནམས་མང་དུ་འཕེལ་བ་ཉིད་ཀྱི་ཆོས་གསུམ་སྨོས་ཏེ། དེ་ལ ་ལྷ་རྣམས་མཆོད་པ་བྱེད་པ་དང་། བལྟ་བ་དང་། འདུ་བྱས་ནི་ཤེས་པར་བྱེད་པའི་དོན་ཡིན་ནོ་ཞེས་བསྟན་ཏོ།། ལམ་ལ་ཆོས་ཤེས་པའི་བཟོད་པ་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རིན་པོ་ཆེ་ཐམས་ཅད་ཤེས་པའི་དབང་གིས ་སྡིག་པ་ཐམས་ཅད་ཞི་བ་དང་། རྣམ་པར་བྱང་བའི་ཕྱོགས་ཤེས་པའི་རྒྱུ་མཚན་ཡིན་པའི་ཕྱིར། དགའ་བར་བྱེད་པས་ནི་རིན་པོ་ཆེ་ཞེས་བྱའོ་ཞེས་བསྟན་ཏོ།། ལམ་ལ་ཆོས་ཤེས་པ་ནི་གང་ཡང་ལམ་ཤེས་པའི་དབང་གི་ཆོས་འགའ ་ཡང་སྐྱེ་བ་འམ། འགག་པ་མེད་དོ་ཞེས་བྱ་བ་ནས་བརྩམས་ཏེ། འདུས་བྱས་དང་། འདུས་མ་བྱས་ཞེས་བྱ་བའི་བར་དུ་ཡང་དག་པའི་མཐའ་མངོན་སུམ་དུ་བྱས་པས་ནིར་མི་རྟོག་པའི་ཕྱིར། རྟོག་པ་མེད་པའི་དགེ་བའི ་རང་བཞིན་ལ་ནི་རིན་པོ་ཆེ་ཞེས་བསྟན་ཏོ།། ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི་གང་ཡང་རྣམ་པ་ཐམས་ཅད་མཁྱེན་པོ་ཉིད་ཀྱི་དབང་གི་ཆོས་དེ་དང་དེ་དག་གི་རྣམ་པ་དང་། རྟགས་དང་མཚན་མ་རྣམས་རྟོགས་པའི་ཕྱིར་ཆོས་ལ་སོགས་པའི ་རྟོགས་པ་དང་མི་ལྡན་པས་གོས་པ་མེད་པའི་རིན་པོ་ཆེ་ཡིན་ནོ།། ཞེས་བསྟན་ཏོ།། ལམ་ལ་རྗེས་སུ་ཤེས་པ་ནི་གང་ཡང་ཇི་སྐད་དུ། དཀོན་མཆོག་གསུམ་གྱི་དོན་རྣམ་པར་མི་ཤེས་པ་དངོས་པོའི་ཡུལ་ཤེས་པས་རྣམ་པར་རྟོག་པ་ཡང་མི ་བྱེད་དེ་དག་གི་མཚན་མའི་རྣམ་པར་རྟོག་པ་མི་དམིགས་པས་གཉིས་སུ་དམིགས་པ་མེད་པའི་ཕྱིར། མངོན་པར་འདོད་པའི་དོན་ཡོངས་སུ་རྫོགས་པ་ཞེས་བསྟན་པ་ཡིན་ནོ།། དེའི་མདོར་བསྡུས་པ་ནི། གཟུགས་རྟག་མ་ཡིན་མི་རྟག་མིན།། མཐའ ་ལས་འདས་དང་རྣམ་དག་དང་།། མ་སྐྱེས་མ་འགགས་ལ་སོགས་དང་།། མཁའ་འདྲ་ཆགས་པོ་སྤངས་པ་དང་།། ཡོངས་སུ་འཛིན་ལས་གྲོལ་བ་དང་། ངོ་བོ་ཉིད་ཀྱིས་བརྗོད་མེད་དང་།། གང་ཕྱིར་འདི་ཡི་དོན་བརྗོད་པས།། གཞན་ལ་སྦྱིན ་དུ་མེད་པ་དང་།། དམིགས་པ་མེད་པ་ཉིད་དང་ནི། ཤིན་ཏུ་རྣམ་དག་ནད་མི་འབྱུང་།། ངན་སོང་ཆད་དང་འབྲས་བུ་ནི། མངོན་དུ་བྱ་ལ་མི་རྟོག་ཉིད།། མཚན་མ་དག་དང་མ་འབྲེལ་དང་།། དངོས་དང་མིང་དང་གཉིས་པོ་ལ།། ཤེས་པ་སྐྱེ་བ་མེད་པ ་ནི། ཀུན་ཤེས་ཉིད་ཀྱི་སྐད་ཅིག་མ་ཞེས་བསྟན་པ་ཡིན་ནོ།། དེ་ཉིད་ནི་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ཡང་ཐོབ་པར་མི་བྱེད། མཐོང་བར་མི་བྱེད། ཐམས་ཅད་ཤེས་པ་ཉིད་ཀྱི་དབང་དུ་བྱས་ཏེ་རྫོགས་པར་གསལ་བར ་བསྟན་པ་འདི་དང་། རབ་འབྱོར་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདོད་པའི་ཁམས་ལས་ཤིན་ཏུ་འདའ་བ་མ་ཡིན་ཏེ། བཟློག་པའི་རིམ་པས་དེ་མ་ཐོག་ཏུ་ལམ་ཤེས་པའི་དབང་དུ་བྱས་པ་རྫོགས་པར་བསྟན་པ་འདི་དང་། རབ ་འབྱོར་གཞན་ཡང་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སངས་རྒྱས་ཀྱི་ཆོས་རྣམས་སྦྱིན་པར་མི་བྱེད། འདུས་བྱས་འདོར་བར་མི་བྱེད། འདུས་མ་བྱས་འཐོབ་པ་མི་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དབང་དུ་བྱས་པ ་རྫོགས་པར་གསལ་བ་བསྟན་པ་ཡིན་ནོ།། དེ་ལྟར་འདི་དང་ཡང་འདི་ཐོས་བྱ་བ་ནི་ཚིག་ཕྲ་ད་ཀྱིས་ཤིན་ཏུ་ཁྱད་པར་དུ་བྱས་ནས་གསུམ་གྱི་དབང་དུ་བྱས་པ་ཁྱད་པར་དུ་བསྟན་ཏོ།། དེ་ལ་དད་པས་ཁ་སྤྱི་ལངས་པའི་སྒྲ་ནི་ཅ་ཙའི་སྒྲ ་ཡིན་ནོ།། ལྷག་མའི་ཚིག་གི་དོན་ནི་འགྲེལ་པས་བཤད་དོ།། ཡང་ཅི་འི་ཕྱིར་ལམ་ཤེས་པ་ཉིད་བཞིན་དུ་ཐམས་ཅད་ཤེས་པ་ལ་བསྒོམ་པའི་ལམ་ལོགས་ཤིག་ན་མེད་ཅེ་ན། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཕུན་སུམ་ཚོགས ་པ་ནི་བྱང་ཆུབ་སེམས་དཔའི་ཤེས་པ་དང་། མཐོང་བས་བལྟས་ནས་འདའ་བར་བྱའོ་ཞེས་གསུངས་པས་འདི་ནི་གཞན་གཙོ་བོར་བྱེད་པ་ཡིན་ནོ་ཞེས་བྱ་བར་དགོས་སོ།། གང་གཞན་ཡང་རྒྱུན་དུ་ཞུགས་པ་ནས་རང་སངས་རྒྱས་ཀྱི་བར ་གྱི་ཤེས་པ་དང་། སྤོང་བ་གང་ཡིན་པ་དེ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པའི་བྱང་ཆུབ་སེམས་དཔའི་བཟོད་པ་ཡིན་ནོ་ཞེས་གསུངས་སོ།། དེ་ལྟར་ན་གང་ཇི་སྐད་དུ། ཤེས་པས་སྲིད་ལ་མི་གནས་ཤིང་།། སྙིང་རྗེས ་ཞི་ལ་མི་གནས་དང་། ཐབས་མ་ཡིན་པས་རིང་བ་དང་།། ཐབས་ཀྱིས་རིང་བ་མ་ཡིན་ཉིད། མི་མཐུན་གཉེན་པོའི་ཕྱོགས་དག་དང་།། སྦྱོར་དང་དེ་ཡི་མཉམ་ཉིད་དང་།། མཐོང་བའི་ལས་ཞེས་བྱ་བ་ཡིན། དེ་འདྲར་ཀུན་ཤེས་ཉིད་དུ ་འདོད།། ཅེས་བསྟན་པ་ཡིན་ནོ།། དེ་འདིར་རྗེས་སུ་འབྲེལ་པ་ཡིན་པར་བལྟ་བར་བྱའོ།། སློབ་དཔོན་རྣམ་པར་གྲོལ་བའི་སྡེས་མཛད་པའི་མངོན་པར་རྟོགས་པའི་རྒྱན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་ལས ་ཐམས་ཅད་ཤེས་པ་རི་རྣམ་པར་འགྲེལ་པའོ།། །། ཐམས་ཅད་ཤེས་པ་ཉིད་བསྟན་ནས་ད་ནི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་ཕྱིར་རྣམ་པ་ཀུན་མངོན་པར་བྱང་ཆུབ་པ་ནི་ཡང་ཀུན་མཁྱེན་གསུམ་པོའི་རྣམ ་པ་བསྟན་པ་ཡིན་ནོ།། དེ་ལ་རེ་ཞིག། དམིགས་པའི་ཁྱད་པར་གཟུང་བ་ལ། རྣམ་པ་ཞེས་ནི་བྱ་བར་བརྗོད། དམིགས་པ་ནི་དམིགས་པ་རྣམས་སོ།། རྣམ་པ་ནི་མི་མཐུན་པའི་ཕྱོགས་གང་གིས་གང་ཞིག་གཉེན་པོའི་ཕྱོགས་ནི་ཆོས ་ཡིན་ཏེ། དཔེར་ན་རྟག་པར་འཛིན་པའི་མི་རྟག་པ་ལ་སོགས་པ་ལྟ་བུའོ།། གཉེན་པོའི་ཕྱོགས་ཀྱང་ཀུན་མཁྱེན་གསུམ་གྱིས་བསྡུས་པར་བསྟན་པའི་ཕྱིར། ཀུན་མཁྱེན་ཉིད་ནི་རྣམ་གསུམ་ཕྱིར།། དེ་ནི་རྣམ་པ་གསུམ་དུ་འདོད་ཅེས ་བསྟན་པ་ཡིན་ནོ།། རྣམ་པ་ཞེས་བྷཱ་བའི་དོན་ཏོ།། དེ་ལ་འཕགས་པའི་བདེན་པ་བཞི་རི་རྟེན་ནྡན་དྷ་བྱས་པ་ཀུན་མཁྱེན་གསུམ་གྱི་དྲུང་དུ་དུ་བྱས་ནས་བདེན་པ་གང་ལ་རྣམ་པ་ཇི་སྙེད་ཡོད་པ་དེ་བསྟན་པའི་ཕྱིར། མེད་པའི་རྣམ་པ་ནས་གཟུང ་སྟེ། མི་གཡོ་བ་ཡི་རྣམ་པའི་བ་ར། བདེན་པ་སོ་སོ་ལ་བཞི་དང་། ལམ་དེ་ལ་ནི་བཅོ་ལྔར་བཤད། ཙོས་བསྟན་པ་ཡིན་ནོ།། དེ་ལ་སྡུག་བསྔལ་གྱི་བདེན་པ་རྣམ་བཞིའི་དབང་དུ་མཛོད་ནས་རེ་ཞིག་བཅོམ་ལྡན་འདས་འདི་ལྟ ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ།། རབ་འབྱོར་ནམ་མཁའ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ།། ཉན་ཐོས་ལ་སོགས་པའི་རྣམ་པ་ནི་ཐམས་ཅད་ཤེས་པའི་མི ་རྟག་པའི་རྣམ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནམ་མཁའ་མེད་པའི་དཔེས་མེད་པའི་དོན་ནི་རྣམ་པ་ཡིན་ནོ།། དེ་བཞིན་དུ་ཚིག་སོ་སོ་ལ་ཡང་བྱ་བར་དོན་བཤད་པ་དང་འབྲེལ་ཏོ།། མཉམ་པ་ཉིད་ཅེས་བྱ་བའི་རྣམ་པ་ནི་དེ་ལ ་འདིའི་དོན་བཤད་པ་དང་། མཚམས་སྦྱར་བ་ནི་ཇི་སྐད་དུ་མདོ་ལས། བཅོམ་ལྡན་འདས་འདི་ནི་མཉམ་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས་སོ།། རབ་འབྱོར་ཆོས་ཐམས་ཅད་མི་དམིགས་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན ་ནོ། བདེ་བ་དང་། སྡུག་བསྔལ་མི་དམིགས་པ་མཉམ་པ་ཉིད་ཀྱི་དབང་དུ་བྱས་པའི་ཕྱིར་རོ།། །། དབེན་པའི་རྣམ་པ་ནི་ཇི་སྐད་དུ། འདི་ནི་དབེན་པའི་ཕ་རོལ་ཏུ་ཕྱིན་པ་ལགས་སོ།། ཤིན་ཏུ་སྟོང་པ་ཉིད ་ཉེ་བར་གཟུང་བའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ།། ཤིན་ཏུ་སྟོང་པ་ཉིད་ནི་བདག་རང་དབྱུང་གི་རྒྱུས་ཀྱིས་སྟོང་པའི་ཕྱིར་རོ། མཾ་རྫི་བཞེས་བྱ་བའི་རྣམ་པ་ནི་ཇི་སྐུད་དུ། འདྲི་ནི་རྫི་བ་སྣ་མཆིས་པ ་ཕ་རོལ་ཏུ་ཕྱིན་པའོ།། ཆོས་ཐམས་ཅད་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ།། བདག་མེད་པའི་རྣམ་པས་མི་རྫི་བ་ནི་མུ་སྟེགས་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་ཕྱིར་རོ།། དེ་ལྟར་དེ་རིག་རིམ་པ་ཇི་ལྟ་བ་བཞིན་མྱི་རྟག་པ་དང་། ་སྡུག་བསྔལ་དང་། སྟོང་པ་དང་བདག་མེད་པའི་རྣམ་པ་སྡུག་བསྔལ་གྱི་བདེན་པའི་རྣམ་པ་ཅནྡ་ཡིན་པར་རིག་པར་བྱའོ།། ཀུན་འབྱུང་གི་བདྲེན་པའི་རྣམ་པའི་དབྱེ་བ་བཞིའི་དབང་དུ་བྱས་ནས་མི་གནས་པ་ཞེས་བྱ་བའི་རྣམ་པ་ནི་ཇི་སྐད་དུ། ་འདི་ནི་གནས་པ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ།། མི་དེ་དང་ལུས་མེད་པ་ཉེ་བར་གཟུང་བའི་ཕྱིར་རོ།། རྒྱུ་ནི་བསྐྱོད་པའི་རྟེན། ཡིན་པའི་ཕྱིར་གནས་ཞེས་བྱ་བར་བརྗོད་དོ།། དེ་ལ་མིང་ནི་གཟུགས་མེད་པའི་ཕུང་པོ་བཞིའོ།། དེ་ལྟ ་བྱཱསྒྲ་ནས་གཉི་གའི་རྒྱུ་ཡིན་པའི་ཕྱིར་རོ།། ནམ་མཁའི་རྣམ་པ་ཞེས་བྱ་བ་ནི་དབུགས་དུ་བྱུང་བ་དང་། འཇུག་པ་མི་དམིགས་པ་ཉེ་བར་གཟུང་བའི་ཕྱིར་རོ།། སྒྲིབ་པ་མེད་པ་ཉེ་བར་གཟུང་བའི་ཕྱིར་རོ།། བརྗོད་པར་མི་རིགས་ཏེ། ནམ་མཁའི ་མི་སྒྲིབ་པའི་མཚན་ཉིད་ཡིན་པོའི་ཕྱིར་རོ།། དེ་ལྟ་ཡིན་པ་བདེན་མོད་ཀྱི། འོན་གྱི་ནང་གི་བདག་ཉིད་རྟོགས་པར་བྱ་བའི་ཕྱིར་བསྟན་པ་ཡིན་ཏོ།། དབུགས་དབྱུང་བ་དང་རྔུབ་པ་གཉིས་ནི་དེའི་ནང་གི་རྟགས་སུ་དེ་དག་དེ་ལྟར་བསྟན་ཏོ།། ། ་བརྗོད་དུ་མེད་པའི་རྣམ་པ་ཞེས་བྱ་བ་ནི་སྤྱོད་པ་མི་དམིགས་པ་ཉེ་བར་བཟུང་བའི་ཕྱིར་ཞེས་བྱ་བ་ཡིན་པའི་ཕྱིར་རོ།། རྟོག་ཅིང་སྤྱད་ནས་བརྗོད་པ་མེད་པའི་ཕྱིར་རོ།། མིང་མེད་པ་ཞེས་བྱ་བའི་རྣམ་པ་ཞེས་བྱ་བ་ནི་ཚོར་བ་ལ་སོགས་པའི་ཕུང་པོ ་མི་དམིགས་པ་ཉེ་བར་གཟུང་པོའི་ཕྱིར་རོ་ཞེས་བྱ་བ་ཡིན་ཏེ། ཚོར་བ་ལ་སོགས་པའི་ཕུང་པོ་བཞི་ནི་མིང་དུ་བྱས་པའོ།། དེ་ལྟར་དེ་དག་རིམ་པ་བཞིན་དུ། རྒྱུ་དང་ཀུན་འབྱུང་བ་དང་། རབ་ཏུ་སྐྱེ་བ་དང་། རྐྱེན་གྱི་རྣམ་པ་ཡིན་ཏེ། ཀུན་འབྱུང་གི ་བདེན་པའི་རྟེན་ཅན་ཡིན་པར་རིག་པར་བྱའོ།། འགོག་པའི་བདེན་པའི་རྣམ་པ་དབྱེ་བ་བཞིའི་དབང་དུ་བྱས་ནས་བསྟན་པ་འགྲོ་བ་མེད་པའི་རྣམ་པ་ཞེས་བྱ་བ་ནི། ཇི་སྐད་དུ། ཆོས་ཐམས་ཅད་འགྲོ་བ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ།། ཞེས ་གསུངས་པ་ཡིན་ཏེ། འགོག་པ་ལུས་ཀྱི་མངོན་སུམ་བྱས་པ་ནི་འགྲོ་བ་ཐོབ་པར་བྱས་པ་མེད་པ་ཉིད་ཀྱི་ཕྱིར། མི་འགོགས་པ་ཞེས་བྱ་བའི་རྣམ་པ་ནི་ཆོས་ཐམས་ཅད་གཟུང་དུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ཏེ། གཟུང ་བ་ཐོབ་པའི་ཡུལ་ཉིད་ཀྱི་ངོ་བོས་མི་འཕྲོགས་པར་བྱས་པའི་ཕྱིར་རོ།། མི་ཟད་པ་བྱ་བའི་རྣམ་པ་ནི་ཆོས་ཐམས་ཅད་ཟད་ཅིང་བྱ་བ་ཉེ་བར་གཟུང་བའི་ཕྱིར་རོ།། ཞེས་བྱ་བ་ཡིན་ནོ། སྐྱེ་བ་མེད་པ་ཞེས་བྱ་བའི་རྣམ་པ་ནི་ཇི་སྐད་དུ། ཆོས ་ཐམས་ཅད་སྐྱེ་བ་མེད་པ་དང་། འགག་པ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ཏེ། དེ་ལྟར་དེ་དག་རིམ་པ་ཇི་ལྟ་བ་བཞིན་དུ་འགོག་པ་དང་། ཞི་བ་དང་གྱ་ནོམ་པ་དང་། ངེས་པར་འབྱུང་བའི་རྣམ་པ་ཡིན་ཏེ། འགོག ་པའི་བདེན་པའི་རྟེན་ཅན་ཡིན་པར་རིག་པར་བྱའོ།། ལམ་གྱི་བདེན་པའི་རྣམ་པ་ནི་བཅཝོ་ལྔ་སྟེ། བཞི་ནི་ཉོན་མོངས་པའི་གཉེན་པོར་གྱུར་པ་ཡིན་ནོ།། ལྕུག་མ་ནི་ཤེས་བྱའི་སྒྲིབ་པའི་གཉེན་པོ་ཡིན་ནོ།། དེ་ཉིད ་སྔ་མའི་དབང་དུ་བྱས་ནས་གསུངས་པ་ལ་བྱེད་པ་པོ་མེད་པའི་ཞེས་བྱ་བའི་རྣམ་པ་ལ་ཇི་སྐད་དུ། བྱེད་པ་པོ་མི་དམིགས་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ།། ཤེས་པ་པོ་ལ་སོགས་པ་མེད་པ་ཞེས་བྱ་བའི་རྣམ་པ ་ནི་ཤེས་པ་པོ་ལ་སོགས་པ་མི་དམིགས་པ་ཉེ་བར་བཟུང་བའི་ཕྱིར་རོ།། ཞེས་བྱ་བ་ཡིན་ནོ།། འཕྲོ་བ་མེད་པ་ཞེས་བྱ་བའི་རྣམ་པ་ནི་འཆི་འཕོ་བ་དང་། སྐྱེ་བ་མི་དམིགས་པ་ཉེ་བར་བཟུང་བའི་ཕྱིར་རོ།། ཞེས་བྱ་བ་ཡིན་ནོ།། དུལ་བ་མེད་པ ་ཞེས་བྱ་བའི་རྣམ་པ་ནི་ཇི་སྐད་དུ། ཆོས་ཐམས་ཅད་རང་བཞིན་གྱིས་དུལ་བ་ཉེ་བོར་བཟུང་བའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ།། དེ་ལྟར་དེ་དག་རིམ་པ་ཇི་ལྟ་བ་བཞིན་དུ་ལམ་དང་། རིགས་པ་དང་སྒྲུབ་པ་དང་། ངེས་པར་འབྱིན་པའི་རྣམ ་པ་ཡིན་ཏེ། ཉོན་མོངས་པའི་གཉེན་པོ་ལམ་གྱི་བདྲེན་པའི་རྟེན་ཅན་ཡིན་པར་རིག་པར་བྱའོ།། ཤེས་བྱའི་སྒྲིབ་པའི་གཉེན་པོའི་ཕྱོགས་ཀྱི་ལམ་ནི་རྣམ་པ་གཉིས་ཏེ། བསྒོམ་པའི་ལམ་ཟག་པ་དང་བཅས་པ་དང་། མཐོང་བའི ་ལམ་ཟག་པ་མེད་པའོ།། དེ་ལ་བསྒོམ་པའི་ལམ་གྱི་རྣམ་པའི་དབང་དུ་མཛད་ནས་བསྟོན་པ་རྨི་ལ་ནི་ཞེས་བྱ་བའི་རྣམ་པ་ནི་ཇི་སྐད་དུ། རྨི་ལམ་མཐོང་བ་དམིགས་སུ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ།། སྒྲ་བརྙན་ཞེས ་པའི་རྣམ་པ་ནི་སྒྲ་བརྗོད་པ་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ།། མིག་ཡོར་ཞེས་བྱ་བའི་རྣམ་པ་ནི་གཟུགས་བསྟན་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ།། སྨིག་རྒྱུ་ཞེས་བྱ་བའི ་རྣམ་པ་ནི་ཆུའི་ཕུང་པོ་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ།། སྒྱུ་མ་ཞེས་བྱ་བའི་རྣམ་པ་ནི་མཚན་མ་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ།། དེ་ལྟར་དེ་དག་རྨི་ལམ་ལ་སོགས ་པའི་རྣམ་པ་ལྔ་པོ་རིམ་པ་ཇི་ལྟ་བ་བཞིན་དུ་ཆོས་ཐམས་ཅད་རང་བཞིན་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། གདོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་ཡིན་ཏེ། ལྔས ་བསྒོམ་པའི་ལམ་གྱི་རྣམ་པར་གྱུར་པ་བསྟན་ཏོ།། ཤེས་བྱའི་སྒྲིབ་པའི་གཉེན་པོ་མཐོང་བའི་ལས་རྣམ་པ་དྲུག་ནི་རྣམ་པར་རྟོག་པ་སྤོང་བ་ཡིན་པར་རྣམ་པར་གཞུག་གོ།། དྲུག་གང་ཞེ་ན། ཀུན་ནས་ཉོན་མོངས་པའི་རྟོག་པ་སྤོང་བ ་གསུངས་པ་ལ། ཀུན་ནས་ཉོན་མོངས་པ་མེད་པ་ཞེས་བྱ་བའི་རྣམ་པ་ནི་ཇི་སྐད་དུ། ཀུན་ནས་ཉོན་མོངས་པ་དམིགས་སུ་མེད་པའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ།། རྣམ་པར་བྱང་བའི་རྣམ་པར་རྟོག་པ་སྤོང་བ་ནི་གང་རྣམ་པར་བྱང ་བའི་རྣམ་པ་མེད་དོ་ཞེས་བསྟན་པ་ཡིན་ནོ།། ཉོན་མོངས་པའི་སེམས་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ།། བག་ཆགས་ཀྱི་རྣམ་པར་རྟོག་པ་སྤོང་པོ་ནི་གང་རྣམ་པ་དམིགས་སུ་མེད་པའི་ཕྱིར་རོ།། ཞེས ་བསྟན་པ་ཡིན་ཏེ། ནམ་མཁའ་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ།། སྤྲོས་པ་སྤོང་བ་ནི་གང་སྤྲོས་པ་ཞེས་བྱ་བའི་རྣམ་པ་ནི་ཞེས་བསྟན་པ་ཡིན་ནོ།། སྤྲོས་པ་ཐམས་ཅད་བཅོམ་པ་ཉེ་བར ་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ།། སྤྲོས་པ་ཞེས་བྱ་བ་ནི་གང་གཟུགས་ལ་སོགས་པ་ཆོས་སུ་འདུ་ཤེས་པ་ཡིན་པར་རིག་པར་བྱའོ།། རང་གི་རྟོག་པ་སྤོང་བ་ནི་གང་རློམ་སེམས་ཀྱི་རྣམ་པ་མེད་དོ་ཞེས་བསྟན་པ་ཡིན་ནོ།། རློམ་སེམས་ཐམས ་ཅད་ཡང་དག་པར་བཅོམ་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ།། ཡོངས་སུ་ཉམས་པའི་རྣམ་པར་རྟོག་པ་སྤོང་བ་ནི་གོང་མི་གཡོ་བའི་རྣམ་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ།། ཇི་སྐད་དུ་མདོ་ལས་བཅོམ་ལྡན་འདས་འདི་ནི་མི་གཡོ་བའི ་ཕ་རོལ་ཏུ་ཕྱིན་པའོ།། རབ་འབྱོར་ཆོས་ཀྱི་དབྱིངས་གནས་པ་ཉིད་ཉེ་བར་བཟུང་བའི་ཕྱིར་རོ།། དེ་ལྟར་དེ་དག་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པའི་གཉེན་པོའི་བྱེ་བྲག་གིས་ལམ་གྱི་བདེན་པའི་རྟེན་ཅན་གྱི་རྣམ་པ་ནི་བཅོ་ལྔར་གྱུར་པ ་ཡིན་ནོ།། ཐམས་ཅད་ཤེས་པ་ཉིད་བསྟན་ནསོ་ལམ་ཤེས་པ་ཉིད་བརྗོད་པར་བྱས་ཏེ། དེ་ལ་བདེན་པ་རྣམས་ཀྱི་དོན་གྱི་གོ་རིམ་ཇི་ལྟ་བ་བཞིན་དུ་བསྟན་པར་བྱའོ།། དོན་ཇི་ལྟ་བུ་ཡིན་ཞེ་ན། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱུང་བའི་ཕྱོགས ་ཀྱི་དབང་དུ་བྱས་ནས་ཀུན་འབྱུང་དང་། ལམ་གྱི་བདེན་པ་གཉིས་ནི་རྒྱུ་ཡིན་ནོ།། སྡུག་བསྔལ་དང་། འགོག་པ་གཉིས་ནི་འབྲས་བུ་ཡིན་པས་ནི་འདི་ལྟར། རྒྱུ་དང་ལམ་དང་སྡུག་བསྔལ་དང་། འགོག་པ་དང་བཅས་གོ་རིམ་བཞིན། དེ་དོག ་བརྒྱད་དྲང་བདུན་དང་ནི། ལྔ་དང་བཅོ་ལྔ་ཞེས་བསྟན་ཏོ།། སྐབས་ཀྱི་རྣམ་པ་ཞེས་བྱ་བ་ཡིན་ནོ།། དེ་ལ་རྒྱུ་ནི་འདུན་པ་དང་། འདོད་ཆགས་དང་། དགའ་བ་ཡིན་ཏེ། ཡང་སྲིད་པ་འབྱུང་བའི་ཕྱིར་རོ།། འདི་ལྟར་འདུན་པའི་གཉེན་པོ་ནི་འདོད་ཆགས་དང ་བྲལ་བའི་རྣམ་པ་ཡིན་པར་བསྟན་ཏོ།། འདོད་ཆགས་དམིགས་སུ་མེད་པ་ཉེ་བར་གཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ།། བྱེད་ལ་དོད་པའི་དངོས་པོའི་དབང་དུ་བྱས་ནས་འདོད་ཆགས་ཀྱི་གཉེན་པོ་ནི་མི་གནས་པའི་རྣམ་པ་ཡིན་པར་བསྟན ་ཏོ། ཆོས་ཐམས་ཅད་རྣམ་པར་རྟོག་པ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ།། ཞེས་བྱ་བ་ཡིན་ཏེ། དེ་དག་ལ་ཆགས་པ་མེད་པའི་དབང་དུ་བྱས་ནས་སྲིད་པའི་གཉེན་པོ་ནི་ཞི་བའི་རྣམ་པ་ཡིན་པར་བསྟན་ཏོ།། ཆོས་ཐམས་ཅད་མ་ནོར ་བ་དེ་བཞིན་ཉིད་ཀྱིས་མངོན་པར་བྱང་ཆུབ་པ་ཉེ་བར་བཟུང་བའི་ཕྱིར་རོ། ཞེས་བྱ་བ་ཡིན་ནོ།། སྲེད་པ་ནི་མ་ཞི་བ་གཙོ་ཆེ་བ་ཡིན་པས་དེ་ལྟར་བྱས་པ་ཡིན་ནོ།། ཀུན་འབྱུང་གི་དབྱེ་བ་ནི་གསུམ་སྟེ། འདོད་ཆགས་ཀུན་འབྱུང་བ་དང་། ཞེ་སྡང ་ཀུན་འབྱུང་བ་དང་། གཏི་མུགོ་ཀུན་འབྱུང་བའོ།། དེ་དག་གི་གཉེན་པོ་ནི་འདོད་ཆགས་མེད་པའི་རྣམ་པ་ཡིན་པར་བསྟན་ཏོ།། འདོད་ཆགས་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ།། ཞེས་བྱ་བ་ཡིན་ནོ།། འདོད་ཆགས་ཀྱི་རང་བཞིན ་ཀྱི་དབང་དུ་བྱས་པ་དེ་བཞིན་དུ་ཞེ་སྡང་མེད་པའི་རྣམ་པ་ཡང་ཡིན་ནོ།། ཞེ་སྡང་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ།། གཏི་མུག་མེད་པའི་རྣམ་པ་ཡིན་ཏེ། གཏི་མུག་གི་མུན་པ་དམིགས་སུ་མེད ་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ།། རབ་ཏུ་སྐྱེ་བ་ནི་ཀུན་དུ་རྟོགས་པ་སྟེ། དེ་ལ་འདོད་ཆགས་ལ་སོགས་པ་སྐྱེ་བས་དེའི་གཉེན་པོ་ནི་ཉོན་མོངས་པ་མེད་པའི་གཉེན་པོ་ཡིན་པར་བསྟན་ཏོ།། ཀུན་ཏུ་རྟོག་པ ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ།། ཞེས་བྱ་བ་ཡིན་ནོ།། རྐྱེན་སེམས་ཅན་དུ་ཞེན་དང་། འཇིགས་ཚོགས་ལ་ལྟ་བ་ཡིན་ཏེ། དངོས་པོ་ཐམས་ཅད་ཀྱི་རྐྱེན་ཡིན་པའི་ཕྱིར་རོ།། གཉེན་པོ་ནི་སེམས་ཅན་མེད་པའི་རྣམ་པ་ཡིན་མོ་ནི་ས་བསྟན་ཏོ།། སེམས ་ཅན་དམིགས་སུ་མེད་པ་ཉོ་བར་བཟུང་པོའི་ཕྱིར་རོ།། ཞེས་བྱ་བ་ཡིན་ནོ།། དེ་ལྟར་བྱས་དང་། རྒྱུ་ནི་གང་འདོད་ཆགས་དང་། དགའ་བའོ།། ཀུན་འབྱུང་བ་ནི་གང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གོ།། རབ་ཏུ་བསྐྱེད་པ་ནི་གང་ཀུན་དུ ་རྟོག་པ་ཡིན་ནོ།། རྐྱེན་ནི་གང་སེམས་ཅན་དུ་མངོན་པར་ཞོན་པ་ཞེས་བྱ་བ་ཡིནྣི་ཏཱཾ། ཀུནྡ་འཚོ་བྱུང་གི་བདེན་པའི་རྟེན་ཅན་གྱི་རྣམ་པ་ནི་བརྒྱད་དུ་འགྱུར་བ་ཡིན་ནོ། དེ་ལ་ལམྦྷ་གྷི་བདིན་པའི་དབང་དུ་བྱས་ནས་གསུངས་པ་ལ་ཚད་མེད་པའི ་རྣམ་པ་ཡིན་ནོ།། ཆོས་ཐམས་ཅད་ཀུན་ནས་ལྡང་བ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ།། ཞེས་བྱ་བ་ཡིན་ནོ།། སེམས་ཚད་མེད་པའི་གོ་སྐབས་འབྱེད་པ་ཉིད་དུ་དགོངས་པ་ཡིན་ནོ། ཡང་ཇི་ལྟར་ན། ལམ་སེམས་ཅན་དཔག་ཏུ་མེད་པའི་གོ། ་འབྱེད་པ་ཡིན་ཞེ་ན།། མཐའ་གཉིས་སུ་རྟོག་པ་མེད་པའི་རྣམ་པ་ཡིན་ནོ།། ཞེས་བསྟན་ཏོ།། མཐའ་གཉིས་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས ་བྱཱབྱ་བ་ཡིན་ནོ།། འཁོར་བ་དང་མྱ་དྲན་ལས་འདས་པ་མཉམ་པ་ཉིད་དུ་རྟོགས་པའི་ཕྱི་ཞེས་དགོངས་པ་ཡིན་ནོ།། དེ་ལ་རིགས་པ་གྲང་བ་དང་པ་མེད་པའི་རྣམ་པ་ཡིན་ནོ་ཞེས་བསྟན་ཏོ།། ཆོས་ཐམས་སྣང་བ་དང་མེད་པ་ཉེ་བར་བཟུང ་བྲོའི་ཕྱིར་རོ།། ཞེས་བྱ་བ་ཡིན་ནོ།། ཐ་དད་པ་མེད་པའི་ཆོས་ཉིད་ཀྱིས་མ་ལུས་པ་ཐོགས་པ་གཅིག་པ་ཡིན་ཏེ། དེ་ལ་རིགས་པ་ཞེས་ནི་བྷ་ནཱ། ནཱིའི་ཕྱིརཱི་མ་ལུས་པ་ཡིན་ཞེ་ན། མཆོག་ཏུ་འཛིན་པ་མེད་པའི་རྣམ་པ་ཡིན་ནོ།། ཞེས་བསྟན ་ཏེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་བྱང་ཆུབ་ལས་འདས་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ།། ཐེག་པ་དམན་པ་འདོད་པ་མེད་པའི་དབང་བྱས་ནས་དེ་ལ་བསྒྲུབ་པ་ནི་གང་རྟོགས་པ་མེད་པའི་རྣམ་པ་ཡིན་ནོ།། ་ཞེས་བསྟན་ཏོ།། རྣམ་པར་རྟོག་པ་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ།། བྱ་བའི་རྣམ་པར་རྟོག་པ་མེད་པའི་དབང་དུ་བྱས་ནས་སོ་སོར་ཡུལ་རྟོགས་པ་མེད་པའི་གནས་ནི་སྒྲུབ་པ་ཞེས་བྱ་བ་ཡིན ་པའི་ཕྱིར་རོ།། ཡང་ཇི་ལྟར་ན་དེ་ལ་བྱ་བའི་རྣམ་པར་རྟོག་པ་མེད་ཅིང་དཔག་ཏུ་མེད་པ་རྣམས་ཡིན་ནོ་ཞེས་བསྟན་ཏེ། ཆོས་ཐམས་ཅད་ཀྱི་ཚད་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ།། ཐོབ་པ་ཡོངས་སུ ་སྤངས་པ་དང་། མ་ཐོབ་པའི་ཐོབ་པ་དམན་པ་དང་། མཆོག་ཏུ་གྱུར་པའི་རྟོག་པ་མེད་པ་སྔོན་དུ་འགྲོ་བས་དེ་ལ་ངེས་པར་འབྱུང་བ་ནི་གང་ཆགས་པ་མེད་པའི་རྣམ་པ་ཡིན་ནོ་ཞེས་བསྟན་ཏོ།། ཆོས་ཐམས་ཅད་ནམ་མཁའི་རང ་བཞིན་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ།། དེ་དང་དེའི་ཆོས་རྟོགས་པའི་ངེས་པར་འབྱུང་བའི་དབང་དུ་བྱས་ནས་དེ་ལྟར་བྱས་ཀྱང་ཇི་ལྟར་སེམས་ཅན་ཐམས་ཅད་ལ་ལམ་གོ་འབྱེད་པ་གང་ཡིན་པ ་དང་། ཇི་ལྟར་སེམས་ཅན་ཐམས་ཅད་གོ་འབྱེད་པ་དང་། རིགས་པ་གང་ཡིན་པ་དང་། ཇི་ལྟར་རི་གས་པ་གང་ཡིན་པ་དང་། སྒྲུབ་པ་གང་ཡིན་པ་དང་། ཇི་ལྟར་སྒྲུབ་པ་གང་ཡིན་པ་དང་། གང་ཡང་ངེས་པར་འབྱུང་བ་ཡིན་པ་སྟེ། ལམ ་གྱི་བདེན་པའི་རྟེན་ཅན་གྱི་རྣམ་པ་ནི་བདུན་དུ་འགྱུརརོ།། སྡུག་བསྔལ་གྱི་བདེན་པའི་དབང་དུ་བྱས་ནས་གསུངས་པ་ལ་མི་རྟག་པོ་རྣམ་པ་ཡིན་ཞེས་བསྟན་ཏོ།། ཚེ་ས་ཐམས་ཅད་འཇིག་པ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ ་ཡིན་ནོ། འཇིག་པ་མེད་ལས་ས་དོན་གཉེན་མ་ཡིན་པའི་དབང་དུ་བྱས་ནས་སྡུག་བསྔལ་ནི་རྣམ་པ་ཡིན་ནོ་ཞེས་བསྟན་ཏོ།། ཆོས་ཐམས་ཅད་གདོད་མ་ནས་ཞེས་བྱ་བ་ཉེ་བར་བཟུང་བའི་ཕྱིར་རོ།། ཞེས་བྱ་བ་ཡིན་ནོ།། དེ་དག་ནི་བདེ ་པབཔར་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པ་སྟོང་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ།། ཆོས་ཐམས་ཅད་དམིགས་སུ་མེ་ད་པ་ཉེ་བར་བཟུང་བའི་ཕྱིར་རོ།། ཞེས་བྱ་བ་ཡིན་ནོ།། བདག་གི་རྫས་སུ་དམིགས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ།། ་བདག་མེད་པ་ནི་རྣམ་པ་ཡིན་ནོ།། ཞེས་བསྟན་ཏོ།། ཆོས་ཐམས་ཅད་མངོན་པར་ཞེན་པ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ།། གང་རང་དུ་མངོན་པར་ཞེན་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ།། ཡང་ཇི་ལྟར་བྱས ་ནས་གང་དུ་བཏགས་པའི་མཚན་མ་རྣམས་ཀྱི་ཡང་ཆོས་རྣམས་ལ་མངོན་པར་ཞེན་པ་མེད་པ་ཡིན་ཞེ་ན། མཚན་མ་མེད་པའི་རྣམ་པས་ཡིན་ནོ་ཞེས་བསྟན་ཏོ།། ཆོས་ཐམས་ཅད་མཚན་མ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ ་ཡིན་ནོ།། དེ་རྣམས་འགོག་པའི་མཚན་ཉིད་སྔོན་དུ་འགྲོ་བའི་ཕྱིར་རོ།། དེ་ལྟར་མངོན་དུ་བྱས་པས་བཞི་པོ་མི་རྟག་པ་ལ་སོགས་པའི་རྣམ་པ་གང་ཡིན་པ་དང་། ཡང་རང་བཞིན་གང་ཡིན་པ། སྡུག་བསྔལ་གྱི་བདེན་པའི་རྟོན་ཅན ་རྣམ་པར་གྱུར་པ་ནི་ལྔ་ཡིན་ནོ།། དེ་འགོག་པའི་རྣམ་པ་ལྔ་ནི་དངོས་པོ་འགོག་པ་རླུང་གི་མཚན་ཉིད་ཅན་ལ་སོགས་པ་དངོས་པོའི་དབྱེ་བས་རྣམ་པ་གསུམ་སྟེ། གང་ནང་གི་ཆོས་རྣམས་ཀྱིས་སྟོང་པ་ནི་རྣམ་པ་ཡིན་ནོ།། ཞེས་བསྟན་ཏོ།། ་ནརླུང་གི་བདག་ཉིད་ཅན་གྱི་ཆོས་རྣམས་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ།། ཕྱིའི་བདག་ཉིད་ཀྱི་སྟོང་པ་ནི་རྣམ་པ་ཡིན་ཏེ། ཕྱིའི་ཆོས་རྣམས་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན ་ནོ། ཕྱི་དང་ནང་གི་སྟོང་པ་ནི་རྣམ་པ་ཡིན་ཏེ། ཕྱི་དང་ནང་གི་ཆོས་རྣམས་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ།། བཏགས་པའི་འགོག་པ་རྣམ་པ་བརྒྱད་ནི་མངོན་པར་ཞེན་པའི་དབྱེ་བས་གཉེན་པོ་རྣམ ་པ་བརྒྱད་ཡིན་ནོ།། སྟོང་པ་ཉིད་ལ་མངོན་པར་ཞེན་པས་འགོག་པ་ནི་གང་སྟོང་པ་ཉིད་ནི་རྣམ་པ་ཡིན་ནོ།། ཞེས་བསྟན་ཏོ།། སྟོང་པ་ཉིད་སྟོང་པ་ཉིད་དམིགས་སུ་མེད་པ་ཉེ་བར་གཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ།། འོད་སྲུངས་གང་ཟག ་ཏུ་བལྟ་བ་རི་རབ་ཙམ་མཆོག་ཡིན་གྱི་མངོན་པར་ང་རྒྱལ་བ་ནི་དེ་ལྟ་མ་ཡིན་ནོ།། སྟོང་པ་ཉིད་དུ་ལྟ་བ་ཡིན་པར་བསྟན་ཏོ།། སྣོད་ཀྱི་འཇིག་རྟེན་གྱི་དབྱིབས་ལ་ཞེས་བྱ་བའི་འགོག་པ་ནི་གང་ཆེན་པོ་སྟོང ་བྱ་ཉིད་ཀྱི་རྣམ་པ་ཡིན་ནོ།། ཞེས་བསྟན་ཏེ།། ཆེན་པོ་སྟོང་པ་ཉིད་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ།། ཕྱོགས་དང་། མཚམས་སྟོང་པ་ཉིད་ཀྱི་དབང་དུ་བྱིས་པ་ཉིད་ཡིན་ནོ།། དོན་དམ་པར་མངོན་པར་ཞེན་པའི་འགོག་པ་ནི་གང ་དོན་དམ་པ་སྟོང་པ་ཉིད་རྣམ་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ།། དོན་དམ་པ་སྟོང་པ་ཉིད་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ།། དེ་ལ་སྟོང་པ་ཉིད་དུ་ལྟ་བས་བྱས་པའི་གཉེན་པོ་ཡིན་ནོ།། དོན་དམ་པ་ནི་གཉེན་པོ་མ་ཡིན ་ཏེཡོངས་སུ་གྲུབ་པ་ཙམ་ཡིན་ཏེ་དེ་ནི་སྟོང་པ་ཉིད་དང་། དོན་དམ་པར་མངོན་པར་ཞེན་པའི་ཁྱད་པར་ཡིན་ནོ།། འདུས་བྱས་སུ་མངོན་པར་ཞེན་པའི་འགོག་པ་ནི་གང་འདུས་བྱས་སྟོང་པ་ཉིད་རྣམ་པ་ཡིན་ནོ་ཞེས་བསྟན་ཏོ།། འདུས ་བྱས་སྟོང་པ་ཉིད་དམིགསུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ།། ཞེས་བྱ་བ་ཡིན་ནོ།། འདུས་མ་བྱས་སུ་མངོན་པར་ཞེན་པ་འི་འགོག་པ་ནི་གང་འདུས་མ་བྱས་སྟོང་པ་ཉིད་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ།། ། ་རྟག་པ་དང་། ཆད་པའི་མངོན་པར་ཞེན་པའི་འགོག་པ་ནི་གང་ཤིན་ཏུ་སྟོང་པ་ཉིད་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ།། མཐའ་ནི་མཐའ་ལས་འདས་པ་ཉིད་དུ་མངོན་པར་འདོད་པ་དང་། ཐོག་མ་དང ་ཐ་མ་འཁོར་བར་མངོན་པར་ཞེན་པ་འགོག་པ་ནི་གླང་ཐོག་མ་དང་། ཐ་མ་མེད་པ་སྟོང་པ་ཉིད་རྣམ་པ་ཡིན་ནོ་ཞེས་བསྟན་ཏོ།། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ།། ཞེས་བྱ་བ་ཡིན་ནོ།། མང ་མང་དུ་རྟོགས་པར་བྱེད་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དོར་བ་མེད་པའི་མཚན་ཉིད་རྣམ་པ་ལ་མངོན་པར་ཞེན་པའི་འགོག་པ་ནི་གང་དོར་བ་མེད་པ་སྟོང་པ་ཉིད་རྣམ་པ་ཡིན་ནོ་ཞེས་བསྟན་ཏོ།། དོར་བ་མེད་པ་སྟོང་པ་ཉིད་དམིགས ་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ།། དེ་དག་ནི་བཏགས་པའི་འགོག་པའི་དབྱེ་བ་རྣམ་པ་བརྒྱད་ནི་ཞི་བའི་རྣམ་པས་བསྡུས་པ་ཡིན་པར་རིག་པར་བྱའོ།། འཕགས་པ་ཐམས་ཅད་ཀྱི་མཛད་པའི་རང་བཞིན་ཞེས་བྱ་བ་ངེས ་ནི་བྱེད་པ་པོ་འགོག་པ་ཡིན་ཏེ། རྣམ་པ་ཡིན་པར་རིག་པར་བྱའོ།། ཡུལ་ལ་འཁྲུལ་པའི་འགོག་པ་ནི་རྣམ་པ་གཉིས་ཏེ། བཏགས་པ་ལ་འཁྲུལ་པའི་འགོག་པའི་རྣམ་པ་ནི་གང་ཆོས་ཐམས་ཅད་སྟོང་པ་ཉིད་རྣམ་པ་ཡིན་ནོ་ཞེས ་བསྟན་ཏོ།། ཆོས་ཐམས་ཅད་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ།། ཆོས་ཐམས་ཅད་བཏགས་པ་ཙམ་དུ་བྱས་པ་ཉིད་ལ་འཁྲུལ་པའི་འགོག་པ་ནི་གང་རང་གི་མཚན་ཉིད་སྟོང་པ་ཉིད་དམིགས་སུ་མེད་པ ་ཉེ་བར་བཟུང་བའི་ཕྱིར་རོ།། ཞེས་བྱ་བ་ཡིན་ནོ།། གཟུགས་ལ་སོགས་པ་རྣམས་གཟུགས་ལ་སོགས་པ་རྣམས་ཀྱི་རང་གི་མཚན་ཉིད་ཀྱི་དབེན་པའི་དབང་དུ་བྱས་པའི་རང་བཞིན་འགོག་པ་ནི་གང་དངོས་པོ་མེད་པའི་ངོ་བོ་ཉིད ་རྣམ་པ་ཡིན་ནོ་ཞེས་བསྟན་ཏོ།། དངོས་པོ་མེད་པའི་ངོ་བོ་ཉིད་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ།། ཡུལ་ལ་འཁྲུལ་པའི་འགོག་པ་དང་། རང་བཞིན་གྱི་འགོག་པ་འདི་གཉིས་ནི་ངེས་པར་འབྱུང ་བའི་རྣམ་པ་ཡིན་པར་རིག་པར་བྱའོ།། དེ་ལྟར་བྱས་ན་ནང་གི་བདག་ཉིད་ཅན་གྱི་དངོས་པོ་ནི་འགོག་པ་གང་ཡིན་པ་དང་། ཇི་ལྟར་ཡང་ཞི་བ་ཡིན་ཞེ་ན། མངོན་པར་ཞེན་པ་བརྒྱད་ལོག་པའི་ཕྱིར་རོ།། ཇི་ལྟར་གྱ་ནོམ་པ་ཡིན་ཞེ་ན། རང་ཉིད་ཡིན་པའི་ཕྱིར་རོ།། ། ་ཡང་ཇི་ལྟར་ངེས་པར་འབྱུང་བ་ཡིན་ཞེ་ན། གཉིས་སུ་འཁྲུལ་པ་བཀག་པའི་ཕྱིར་རོ།། གང་ཡང་ངེས་པར་འབྱུང་ཞེ་ན། དངོས་པོ་མེད་པའི་ངོ་བོ་ཉིད་དོ།། དེ་ལྟར་ན་དེ་དག་དངོས་པོའི་འགོག་པ་དང་། བྱེད་པ་པོ་འགོག་པ་དང་། ཡུལ་ལ་འཁྲུལ ་པ་འགོག་པ་དང་། དངོས་པོ་གཞན་འགོག་པའི་དབང་དུ་བྱས་ཏེ། རིམ་པ་ཇི་ལྟ་བ་བཞིན་དུ་གསུམ་དང་། བརྒྱད་དང་། གཅིག་དང་། གཉིས་དང་། གཅིག་ནི་འགོག་པའི་བདེན་པའི་རྟེན་ཅན་གྱི་རྣམ་པར་གྱུར་པ་ནི་བཅོ་ལྔའོ།། ལམ་ཤེས་པ་ཉིད་བསྟན ་ནས་རྣམ་པ་ཐམས་ཅད་མཁྱེན་པའི་རྣམ་པ་བརྗོད་པར་བྱའོ།། དེ་ལ་འཕགས་པའི་གང་ཟག་ཐམས་ཅད་ཀྱི་དབང་དུ་མཛད་ནས་ཀུན་མཁྱེན་རྣམ་པ་གསུམ་གྱིས་བསྡུས་པར་གྱུར་པ་ཡིན་པ་དེ་བས་ན། དྲན་པ་ཉེ་བར་བཞག་ནས་བཟུང་སྟེ། ཐ་མ ་སངས་རྒྱས་ཉིད་རྣམ་པ། སློབ་མ་བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་རྣམས་ལ་རིམ་བཞིན་ཏེ། སུམ་ཅུ་བདུན་དང་སུམ་ཅུ་བཞི། སུམ་ཅུ་རྩ་དགུ་དག་ཏུ་བཞེད་ཅེས་བསྟན་པ་ཡིན་ནོ།། ཇི་ལྟ་བུ་ཞིག་ཅེས་ན་ཀུན་མཁྱེན་གསུམ་གྱི ་བྱེ་བྲག་གིས། ལམ་གྱི་བདེན་པ་དང་མཐུན་པར་ཞེས་སྨོས་སོ།། དེ་དང་རྗེས་སུ་མཐུན་པའི་ལམ་གྱི་བདེན་པ་ནི་ལམ་འདི་གསུམ་ཡིན་ཏེ། ཐམས་ཅད་ཤེས་པ་ཉིད་ཀྱི་ལམ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ལ་ཐམས་ཅད་ཤེས་པ་ཉིད་ཀྱི ་ལམ་རྣམ་པ་སུམ་ཅུ་རྩ་བདུན་ལས་གཞི་ཡོངས་སུ་ཤེས་པའི་ལམ་ནི་དྲན་པ་ཉེ་བར་བཞག་པ་སྟེ། གང་དྲན་པ་ཉེ་བར་གཞག་པ་ནི་རྣམ་པ་ཡིན་ཏེ་ཞེས་བསྟན་པ་ཡིན་ནོ།། ལུས་དང་། ཚོར་བ་དང་། སེམས་དང་། ཆོས་དམིགས་སུ་མེད་པ་ཉེ་བར ་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ།། རྣམ་པ་བཞི་པོ་དེ་དག་ནི་བཞི་ཡོངས་སུ་རྟོག་པ་ཡིན་ནོ།། རྩོལ་བའི་ལམ་ཡང་དག་པར་སྤོང་བ་ནི་གང་ཡང་དག་པར་སྤོང་བ་ནི་རྣམ་པ་ཡིན་ཏེ་ཞེས་བསྟན་པ་ཡིན་ནོ།། དགེ་བ་དང་། མི་དགེ་བའི ་ཆོས་རྣམས་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ།། ཞེས་བྱ་བ་ཡིན་ནོ།། དེ་བཞིན་དུ་དངོས་པོ་ལ་ཡོངས་སུ་བརྟགས་ནས་སྒྲིབ་པ་མེད་པའི་སྤོང་བའི་བརྩོན་འགྲུས་རྩོམ་མོ།། ཏིང་ངེ་འཛིན་ཡོངས་སུ་སྦྱོང་བའི་ལམ་ནི་རྫུ་འཕྲུལ་གྱི ་རྐང་པ་རྣམས་ནི་རྣམ་པ་ཡིན་ཏེ། ཞེས་བསྟན་པ་ཡིན་ནོ།། འདུན་པ་དང་། བརྩོན་འགྲུས་དང་། སེམས་དང་། དཔྱོད་པ་རྣམས་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ།། དེ་བཞིན་དུ་སྒྲིབ་པ་ཡོངས་སུ ་སྦྱོང་བས་ནི་འདུན་པ་ལ་སོགས་པའི་སྒོ་ནི་ས་དེ་དག་གིས་ག་ནས་པ་ལས་སུ་རུང་བར་བྱེད་པའི་ཕྱིར་རོ།། མངོན་པར་རྟོགས་པ་དང་འབྲེལ་བའི་ལམ་དབང་པོ་རྣམས་ནི་དབང་པོའི་རྣམ་པ་ཡིན་ཏེ་ཞེས་བསྟན་པ་ཡིན་ནོ།། དད་པ་ལ ་སྩོགས་པ་དམིགས་སུ་མ་བ་ཉེ་བང་བྱ་རྒྱུ་བའི་ཕྱིར་ར་ཞེས་བྱ་བ་ཡིན་ནོ།། དེ་ལྟར་བྱས་ནས་རླུ་ང་འཛིན་ཡོངས་སུ་སྤྱོད་པའི་ལྡུམ་གྱིས་ད་ནི་འཕགས་པའི་ཡང་དག་པར་སྤྱོད་པ་ལ་དབང་དུ་གྱུར་པ་དེ་བ་སྔོན་དུ ་འགྲོ་བའི་སྦྱོར་བས་རྩེ་མོའི་མངོན་པར་རྟོགས་པ་དང་འབྲེལ་བའི་ལམ་ནི་སྟོབས་རྣམས་ཏེ། གང་སྟོབས་རྣམས་ནི་རྣམ་པ་ཡིན་ཏེ་ཞེས་བསྟན་པ་ཡིན་ནི། སྟོབས་རྣམས་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ།། དེ་ལྟར ་ང་ཐོབ་ནས་དེས་འཇུག་ཐོགས་སུ་བདེན་པ་རྟོགས་ན་མ་དད་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཟིལ་གྱི་མནན་ནས་བཟོད་པ་དང་། ཆོས་ཀྱི་མཆོག་གི་སྦྱོར་བར་གྱུར་པའི་ཕྱིར་མངོན་པར་རྟོགས་པའི་ལམ་བྱང་ཆུབ་ཀྱི་ཡན་ལག་རྣམས ་ཡིན་ཏེ། གང་བྱང་ཆུབ་ཀྱི་ཡན་ལག་གི་རྣམ་པ་ནི་རྣམ་པ་ཡིན་ནོ།། ཞེས་བསྟན་ཏོ།། བྱང་ཆུབ་ཀྱི་ཡན་ལག་རྣམས་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ།། དེ་ལ་དངོས་པོ་སོ་སོ་རང་གི་རིག་པའི་དེ ་ན་ཉིད་མངོན་པར་རྟོགས་པའི་ཕྱིར་རྣམ་པར་དག་པར་ངེས་པར་འབྱིན་པའི་འཕགས་པའི་ལམ་ཡན་ལག་བརྒྱད་པའི་ལམ་སྟེ། གང་འཕགས་པའི་ལམ་ནི་རྣམ་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ།། འཕགས་པའི་ལམ་ཡན་ལག ་བརྒྱད་པ་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ།། དེའི་འོག་ཏུ་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམ་པར་དག་པར་བྱ་བའི་ཕྱིར་ངེས་པར་འབྱུང་བ་ཡིན་ཏེ། དེ་བས་ན་བྱང་ཆུབ་ཀྱི་ཕྱོགས་དེ་རྣམས ་ཀྱི་གོ་རིམ་ནི་འདི་ཡིན་ཏེ། དེ་ལྟར་བྱས་ན་དངོས་པོ་ཡོངས་སུ་རྟོག་པའི་ལམ་དང་། རྩོལ་བའི་ལམ་དང་། ཏིང་ངེ་འཛིན་ཡོངས་སུ་སྦྱོང་བའི་ལམ་དང་། མངོན་པར་རྟོགས་པ་ལ་སྦྱོར་བའི་ལམ་དང་། མངོན་པར་རྟོགས་པ་དང ་འབྲེལ་བའི་ལམ་དང་། མངོན་པར་རྟོགས་པའི་ལམ་དང་། ངེས་པར་འབྱེད་པའི་ལམ་གྱི་དབང་དུ་མཛད་ནས་གོ་རིམ་ཇི་ལྟ་བ་བཞིན་དུ་བཞི་དང་། བཞི་དང་བཞི་དང་། ལྔ་དང་ལྔ་དང་། བདུན་དང་བརྒྱད་ཀྱི་དབྱེ་བ་རྣམས ་ཐམས་ཅད་ཤེས་པའི་ལམ་གྱི་རྟེན་ཅན་གྱི་རྣམ་པ་ནི་སུམ་ཅུ་རྩ་བདུན་དུ་བསྟན་ཏོ།། དེ་ལམ་ལམ་ཤེས་པ་ཉིད་ཀྱི་ལམ་རྣམ་པ་དྲག་ལས་གཉེན་པོའི་ལམ་ནི་རྣམ་པ་གསུམ་ཡིན་ཏེ། ལྟ་བས་བྱས་པའི་གཉེན་པོ་ནི ་སྟོང་པ་ཉིད་ཡིན་ནོ།། མཚན་མ་དང་རྟོག་པའི་གཉེན་པོ་ནི་མཚན་མ་མེད་པ་འོ།། ཁམས་གསུམ་དུ་སྨོན་པའི་གཉེན་པོ་ནི་སྨོན་པ་མེད་པ་ཡིན་ཏེ།། རྣམ་པར་ཐར་པ་གསུམ་ནི་རྣམ་པ་ཡིན་ཏེ། ཞེས་བསྟན་པ་ཡིན་ཏེ། ལྟ། ་བ་དང་། རྣམ་པར་རྟོག་པ་དང་། སྨོན་པ་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ།། དེ་ལ་སྟོང་པ་ཉིད་དང་། བདག་མེད་པ་དག་ནི་རྣམ་པར་ཐར་པའི་སྒོ་དང་པོའོ།། །། མི ་རྟག་པ་དང་། སྡུག་བསྔལ་དང་། རྒྱུ་དང་། ཀུན་འབྱུང་བ་དང་། རབ་ཏུ་བསྐྱེད་པ་དང་། རྐྱེན་གྱི་རྣམ་པ་ནི་སྨོན་པ་མེད་པའོ།། འགོག་པ་དང་། ལམ་གྱི་རྣམ་པ་ནི་མཚན་མ་མེད་པ་ཡིན་པར་རིག་པར་བྱའོ།། ལམ་གྱི་རྟོག་པ་མེད ་པ་ནི་མཚན་མ་མེད་པའོ་ཞེས་བྱའོ།། ཇི་སྐད་དུ། མཚན་མ་མེད་པ་ནི་ཞི་བའི་རྣམ་པ་ཡིན་ནོ་ཞེས་བྱ་བ་དེ་དང་འདི་འགལ་བ་མེད་དོ།། མཚན་མ་མེད་པ་གང་ཡིན་པ་དེ་ནི་འགོག་པ་སྟེ། གང་གི་ཕྱིར་ལམ་གྱིས་མཚན་མ ་མེད་པར་བྱས་པའི་ཕྱིར་རོ།། སེམས་ཅན་གྱི་དོན་བྱེད་པ་ལམ་ཤེས་པའི་འབྲས་བུ་ཡིན་གྱི་སྤངས་པ་ནི་མ་ཡིན་ནོ།། སེམས་ཅན་གྱི་དོན་ཡང་སྤྲུལ་པ་མེད་པར་མ་ཡིན་པས་སྤྲུལ་པའི་ལམ་ནི་རྣམ་པ་གཉིས་ཏེ། གཟུགས་ཀྱི་འདུ་ཤེས ་རྣམ་པར་མ་ཞིག་པ་ནི་བདག་ཉིད་བསམ་གཏན་ནམ། གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་བརྟེན་ནས་གཟུགས་ཀྱི་འདུ་ཤེས་མངོན་སུམ་དུ་བྱེད་པ་སྟེ། གང་གཟུགས་ཅན་གཟུགས་ཀྱི་ཁ་དོག་བཟང་པོ་དང་། ངན་པ་རྣམས་ལ་ལྟ་བའོ།། ། ་གཟུགས་ཀྱི་འདུ་ཤེས་རྣམ་པར་ཞིག་པ་ནི་བདག་ཉིད་ཀྱི་དེ་བཞིན་དུ་ཕྱི་རོལ་གྱི་གཟུགས་ཀྱི་འདུ་ཤེས་མངོན་དུ་བྱེད་པ་སྟེ། གང་གིས་ནང་གཟུགས་མེད་པར་འདུ་ཤེས་ཤིང་ཕྱི་རོལ་གྱི་གཟུགས་རྣམས་ལ་བལྟ་བའོ་ཞེས་གསུངས་པ་ཡིན་ཏེ། ་གཉིས་པོ་འདི་དག་ནི་སྤྲུལ་པའི་སྒྲིབ་པའི་གཉེན་པོ་ཡིན་པས་རྣམ་པར་ཐར་པའི་སྒོ་གཉིས་པ་ཡིན་པར་ཤེས་པར་བྱའོ།། སྤྲུལ་པའི་ཀུན་ནས་ཉོན་མོངས་པ་ནི་རྣམ་པ་གཉིས་ཏེ། སྡུག་པའི་གཟུགས་ལ་དགའ་བ་དང་། མི་སྡུག་པའི ་གཟུགས་སུ་སྤྲུལ་པ་ལ་མི་དགའ་བའོ།། དེའི་གཉེན་པོར་སྡུག་པའི་རྣམ་པར་ཐར་པ་ལུས་ཀྱི་མངོན་སུམ་དུ་རྫོགས་པར་བྱས་ཏེ་གནས་སོ་ཞེས་གསུངས་པ་ཡིན་ཏེ། བདག་ཉིད་ཀྱི་སྡུག་པ་དང་། མི་སྡུག་པའི་གཟུགས་རྣམས ་ལ་ཕན་ཚུན་བལྟོས་པའི་འདུ་ཤེས་དང་། གཅིག་ལ་གཅིག་རྗེས་སུ་འབྲེལ་པའི་ཤེས་པ་ལ་བརྟེན་ནས་ཕན་ཚུན་རོ་གཅིག་པའི་འདུ་ཤེས་ཐོབ་པས་ཅི་འདོད་པའི་གཟུགས་ལ་ལྷག་པར་མོས་པ་ལ་དབང་ཐོབ་པ་ཡིན་པའི་ཕྱིར་རོ།། མཐོང་བའི ་བའི་ཆོས་ལ་བདེ་བར་གནས་པའི་ལམ་རྣམ་པ་གཉིས་ལས་ཐར་པའི་ཆ་དང་མཐུན་པར་གནས་པའི་ལམ་ནི་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམ་པ་བཞིའོ།། ཞི་བར་གནས་པའི་རྣམ་པར་ཐར་པའི་སྒྲིབ་པ་ཆགས་པ་མེད་པའི་ཕྱིར་ནི་འདུ ་ཤེས་དང་། ཚོར་བ་འགོག་པ་ཞེས་བྱ་བ་ཡིན་ནོ།། གཞན་གྱིས་སྤྲུལ་པའི་དབང་དུ་བྱས་པ་གསུམ་དང་། བདག་གི་དོན་མཐོང་བའི་ཆོས་ལ་བདེན་པར་གནས་པ་གཞན་གྱི་ཆེད་དུ་བྱས་པའི་དབང་དུ་བྱ་བའི་ལམ་ལྔ་སྟེ། རྣམ་པར་ཐར་པ ་བརྒྱད་དུ་འགྱུར་རོ།། དེ་བས་ན་རྣམ་པར་ཐར་པ་བརྒྱུད་ནི་རྣམ་པ་ཡིན་ནོ་ཞེས་བསྟོན་ཏོ།། རྣམ་པར་ཐར་པ་བརྒྱད་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ།། ཞེས་བྱ་བ་ཡིན་ནོ།། འཇིག་རྟེན་ལས་འདས་པའི་ལམ་མཐར་གྱིས་གནས ་པའི་སྙོམས་པར་འཇུག་པ་དགུ་ནི་འགོག་པའི་སྙོམས་པར་འཇུག་པས་འཇིག་རྟེན་ལས་འདས་པའི་ལམ་ཐོབ་པའི་ཕྱིར་རོ།། གང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་རྣམ་པ་ཡིན་ཏེ་ཞེས་བསྟན་པ་ཡིན་ནོ།། མཐར ་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ།། ཞེས་བྱ་བ་ཡིན་ནོ།། སྤོང་བའི་ལམ་བདེན་པ་བཞིའི་རྟེན་ཅན་དེ་མ་ཐག་པའི་ལ་མ་ཡིན་ཏེ། གང་བདེན་པ་བཞི་ནི་རྣམ་པ་ཡིན་ཏེ་ཞེས་བསྟན་པ་ཡིན།། ། ་ཀུན་འབྱུང་བ་དང་། འགོག་པ་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ།། སངས་རྒྱས་ཉིད་ཀྱི་ལམ་ནི་གང་ཕ་རོལ་ཏུ་ཕྱིན་པ་བཅུ་སྟེ། གང་ཕ་རོལ་ཏུ་ཕྱིན་པ་བཅུ་ནི་རྣམ་པ་ཡིན་ཏེ། ་ཞེས་བསྟན་ཏོ།། ཕ་རོལ་ཏུ་ཕྱིན་པ་བཅུ་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། དེ་ལྟར་ནོ་གཉེན་པོའི་ལམ་དང་། སྤྲུལ་པའི་ལམ་དང་། མཐོང་བའི་ཆོས་ལ་བང་བར་གནས་པའི་ལོམ་དང་། འཇིག་རྟེན་ལས ་འདས་པའི་ལམ་དང་། སྤོང་བའི་ལམ་དང་། སངས་རྒྱས་ཀྱི་ལམ་སྟེ། དེ་དག་གི་དབང་དུ་མཛད་ནས་རིམ་པ་ཇི་ལྟ་བ་བཞིན་དུ་གསུམ་དང་། གསུམ་དང་། ལྔ་དང་། དགུ་དང་། བཞི་དང་། བཅུ་སྟེ། ལམ་ཤེས་པའི་རྟེན་ཅན་རྣམ་པ་ནི་སུམ ་ཅུ་རྩ་བཞིར་འགྱུར་རོ།། དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལས་ནི་ཤིན་དུ་ཕུལ་དུ་བྱུང་བའི་ཕྱིར་གཅིག་ཉིད་ཡིན་མོད་ཀྱི་སྟོབས་དང་། མི་འཇིགས་པ་ལ་སོགས་པའི་དབྱེ་བས་རྣམ་པའི་དབྱེ་བ་ཐུན་མོང་མ་ཡིན་པ་བརྗོད་པར་བྱའོ།། ་འདིར་སྟོངས་བཅུ་ནི་རྣམ་པ་ཡིན་ནོ་ཞེས་བསྟན་ཏོ།། ཆོས་ཐམས་ཅད་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ།། ཆོས་རྣམས་ཀྱི་རྣམ་པ་ཆོས་ཉིད་ཐོབ་པ་ཡིན་པའི་ཕྱིར་རོ་ཞེས་བསྟན་ཏོ།། ལམ་གྱི་རྣམ་པོར ་ཤེས་པ་ཉིད་དམིགས་སུ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ།། ལམ་ཐམས་ཅད་མངོན་པར་ཤེས་པའི་དབང་དུ་བྱས་ནས་སོ་སོར་རིག་པ་ནི་རྣམ་པ་ཡིན་ནོ་ཞེས་བསྟན་ཏོ།། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཆགས་པ་མེད་པ་དང་། ་ཐོགས་པ་མེད་པ་ཉེ་བར་བཟུང་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ།། ཐམས་ཅད་ཀྱི་གྲངས་དང་། ཆོས་ཀྱི་མཚན་ཉིད་དང་། ཡུལ་གྱི་སྐད་རྣམས་དང་། ཆོས་རབ་ཏུ་དབྱེ་བའི་ཡུལ་ལ་གོ་རཱིམ་བཞིན་དུ་སོ་སོ་ཡང་དག་པར་རིག་པ་ཡེ་ཤེས་ཀྱིས་རྟོགས་པ ་ཉམ་སུ་མྱོང་བ་ཆགས་པ་མེད་པའི་ཕྱིར་དང་། ཤེས་བྱའི་སྒྲིབ་པ་སྤངས་པས་ཐོགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ།། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་རྣམ་པ་ཡིན་ཏེ་ཞེས་བསྟན་པ་མ་ཡིན་ནོ།། ཆོས་ཐམས་ཅད་ལས ་འདས་པ་ཉེ་བར་བཟུང་བའི་ཕྱིར་རོ།། ཞེས་བྱ་བ་ཡིན་ནོ།། མ་འདྲེས་པ་དེ་དང་དེར་མི་མཐུན་པའི་ཕྱོགས་ཀྱི་ཆོས་གོང་དང་གང་ཡིན་པ་དེ་དེ་དང་དེ་ལས་ཡང་དག་པར་འདས་པའི་དབང་དུ་མཛད་ནས་མདོ་ལས། དགེ་སློང་དགྲ་བཅོམ་པ་ཟག ་པ་ཟད་པ་ལན་འགའ་གྲོང་དུ་བསོད་སྙོམས་ལ་རྒྱུ་བ་ན་གླང་པོ་ཆེ་གཏུམ་པོ་འམ། རྟ་མི་འགྲུངས་པ་འམ། བ་ལང་བརྡུང་བ་འམ། ཁྱི་ཟ་ལ་བ་དང་བཅས་པར་འགྲོ་བ་དང་། ཚང་ཚིང་ངམ། ཚེར་མའི་ནགས་སུ་འགྲོ་བ་དང་། སྦྲུལ་ནག ་པོ་ལ་རྐང་པས་རྫི་བ་དང་། དེ་ལྟ་བུའི་ཚུལ་གྱིས་ཁྱིམ་དུ་ཞུགས་པ་དང་། གང་ན་བུད་མེད་ཀྱི་ཡུལ་མི་རིགས་པར་སྨྲ་བས་མགྲོན་དུ་བསྲོ་པ་འམ། དགོན་པ་འམ། ཡང་ན་ལམ་གོལ་བར་འགྲོ་ཞིང་། ལམ་བོར་བ་དང་། རྐུན་པོ་དང་། དགྲ ་དང་བཅས་པར་འགྲོ་བ་དང་། སེང་གེ་དང་། རྟག་དང་། གཞན་གྱི་ཆུང་མ་དག་གིས་དེ་དེ་ལྟར་རྟེན་པ་ན་དགྲ་བཅོམ་པ་ན་འཁྲུལ་པའི་འགྱུར་གྱི་དེ་བཞིན་གཤེགས་པ་ལ་ནི་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་མང་འོ་ཞེས་གསུངས་པ ་དང་། གཞན་ཡང་འགའ་ཞིག་ཏུ་དགྲ་བཅོམ་པ་དགོན་པ་ནགས་ཁྲོད་སྟུག་པོར་འགྲོ་བ་ན་ལམ་ནོར་བ་དང་། ཁང་པ་སྟོང་པར་སྒྲ་སྒྲོགས། ཀུ་ཅོ་འདོན་པར་བྱེད་པ་དང་། སྙིང་རྗེ་རྗེ་ལྟར་འོ་འདོད་འབོད་པ་དང་། ངག ་ཆགས་ཀྱི་ཉེས་པ་ཀུན་ཏུ་བསྐྱོད་པས་ཉོན་མོངས་པ་དང་། རྟ་རྒད་ཆེན་པོས་རྒོད་ཅིང་སོ་སྟོན་པ་དང་། སྟེག་ཚུལ་དུ་འཛུམ་ཡང་ཉེ་བར་སྟོན་ཏོ།། དེ་ལྟ་བུའི་ཆ་དང་ལྡན་པའི་ཅ་ཅོ་དེ་དག་ནི་དེ་བཞིན་གཤེགས་པ་ལ་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད ་དུ་མི་མངའོ།། དེ་བཞིན་གཤེགས་པ་ལ་དྲན་པ་ཉམས་པ་མི་མང་རཱ་སྟེ། ཉོན་མོངས་པའི་སེམས་ཀྱིས་བྱས་པའི་ངག་གི་རྗེས་སུ་འགྲོ་བ་མི་མངའ་བའི་ཕྱིར་རི།། གཞན་ཡང་དགྲ་བཅོམ་པ་ནི་ཕུང་པོ་ལ་གཅིག་ཏུ་མི་མཐུན་པའི་འདུ་ཤེས ་བསྐྱེད་ཅིང་ཕུང་པོ་ལྷག་མ་མེད་པ་མྱ་ངན་ལས་འདས་པ་ལ་ཞི་བའི་འདུ་ཤེས་ཅན་ཡིན་ལ། དེ་བཞིན་གཤེགས་པ་ལ་ཕུང་པོ་དང་། མྱ་ངན་ལས་འདས་པོ་སྣ་ཚོགས་པའི་འདུ་ཤེས་མི་མངའ་སྟེ། བཏང་སྙོམས་མཆོག་གིས་བཞུགས་པའི ་ཕྱིར་རོ། ཞན་ཡང་དགྲ་བཅོམ་པ་ནི་སྙོམས་པར་ཞུགས་ནས་མཉམ་པར་བཞག་པ་ཡིན་གྱི་ལྡང་བ་ན་མཉམ་པར་བཞག་པ་མ་ཡིན་ནོ།། དེ་བཞིན་གཤ་རྫོགས་པ་ནི་གནས་སྐབས་ཐམས་ཅད་དུ་ཐུགས་མཉམ་པར་མ་བཞག་པ་མེ་མཱ་བའོ།། ། ་གཞན་ཡང་དགྲ་བཅོམ་པ་ནི་སོ་སོ་བརྟགས་ནས་སེམས་ཅན་གྱི་དོན་བྱེད་པ་ལ་བཏང་སྙོམས་སུ་བྱེད་ཀྱི། དེ་བཞིན་གཤེགས་པ་ནི་འདི་ལྟ་བུའི་ཚུལ་ཅན་ཞེས་སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའོ།། གཞན་ཡང་དགྲ་བཅོམ་པ་ནི་ཤེས ་བྱའི་སྒྲིབ་པ་རྣམ་པར་དག་ནས་བརྩམས་ཏེ། མ་ཐོབ་པས་ཡོངས་སུ་ཉམས་པས་འདུན་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་ལས་ཡོངས་སུ་ཉམས་པ་ཡིན་ཏེ། ཉམས་པ་དྲུག་པོ་དེ ་བྷཱུརྨྨཱ་བློ་བཞིན་གཤེགས་པ་ལ་མི་མངའོ།། གཞན་ཡང་དགྲ་བཅོམ་པ་ནི་རུས་འགའ་ལུས་ཀྱི་དགེ་བའི་ལུས་ལ་འཇུག། རེས་འགའ་ནི་ལུང་དུ་མ་བསྟན་པའོ།། ངག་དང་ཡིད་ཀྱི་ལས་ལ་ཡང་དེ་བཞིན་ནོ།། དེ་བཞིན་གཤེགས་པ་ནི་ལས ་གསུམ་ཚར་ཡང་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཉིད་ཀྱིས་ལུང་དུ་མ་བསྟན་པ་མི་མངའོ།། དེ་ལ་ཡེ་ཤེས་ཀྱིས་ཀུན་ནས་བསླང་བ་ཡིན་པའི་ཕྱིར་ཡེ་ཤེས་སྔོན་དུ་འགྲོ་བ་ཡིན་ནོ།། ཡེ་ཤེས་དང་ལྷན་ཅིག་སྤྱོད ་པའི་ཕྱིར་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཡིན་ནོ།། གཞན་ཡང་དགྲ་བཅོམ་པ་ནི་དུས་གསུམ་གྱི་དངོས་པོ་འབད་པ་མེད་པར་ཤེས་པར་མི་འགྱུར་ཏེ། གང་གིས་འདི་དག་ལ་ཆགས་པ་དང་། ཐོགས་པའི་ཡེ་ཤེས་མཐོང་བར་འགྱུར་བ ་ཡིན་གྱི་གང་གིས་འདི་དག་ལ་ཆགས་པ་དང་། ཚུགས་པ་མེད་པའི་ཡེ་ཤེས་ཀྱི་མཐོང་བ་འཇུག་པ་ནི་མ་ཡིན་ནོ།། དེ་བཞིན་གཤེགས་པ་ནི་འབད་པ་མེད་པར་ཡང་དུས་གསུམ་གྱི་ཤེས་བྱའི་དངོས་པོ་ཐམས་ཅད་ཐུགས་སུ་ཆུད་པ་ཡིན་ནོ།། ་དེ་བས་ན་བཅོ་བརྒྱད་པོ་དེ་དག་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཞེས་བཤད་དོ།། མེད་པའི་རྣམ་པ་ནི་གང་དེ་བཞིན་ཉིད་ནི་རྣམ་པ་ཡིན་ཏེ་ཞེས་བསྟན་པ་ཡིན་ནོ།། སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ་དེ་བཞིན་ཉིད་དུ་ཉེ་བར ་འབྱུང་བར་བྱེར་རོ་ཞེས་བྱ་བ་ཡིན་ནོ།། གཞན་སྡེ་རྐྱེན་གྱིས་མི་འགྲོ་བྱའི་རྣམ་པ་ནི་རང་བྱུང་གི་རྣམ་པའོ་ཞེས་བསྟན་པ་ཡིན་ནོ།། ཆོས་ཐམས་ཅད་ལ་དབང་བསྒྱུར་བ་དམིགས་སུ་མང་བ་ལྟ་བར་བཟུང་བའི་ཕྱིར ་ཞེས་བྱ་བ་ཡིན་ནོ།། སངས་རྒྱས་ཉིད་ཀྱི་རྣམ་པ་ནི་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་འདི་ལྟ་སྟེ། སངས་རྒྱས་ཀྱི་ཕ་རོལ་ཏུ་ཕྱིན་པ་འོ།། རབ་འབྱོར་ཆོས་ཐམས་ཅད་ཀྱི་རྣམ་པ་མངོན་པར་བྱུང་བ་ཉེ་བོར་བཟུང་བའི ་རོ། ཞེས་བྱ་བ་ཡིན་ནོ།། དེ་དག་དེ་ལྟར་བྱས་ནས་ཇི་ལྟར་སྟོབས་ལ་སོགས་པའི་རྣམ་པ་རྣམས་ཀྱི་རབ་ཏུ་དབྱེ་བ་དང་རང་བཞིན་གང་ཡིན་པ་དེ་རྣམས་ནི་དེ་བཞིན་ཉིད་དང་། གང་གི་ཆོས་ཐམས་ཅད་ལ་དབང་པོ་སྒྱུར་བའི་རང་འབྱུང་དང་། གང་གི ་ཆེད་དུ་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་བྱ་བ་རྣམས་གོ་རིམ་བཞིན་དུ་བཅུ་དང་། བཞི་དང་། བཞི་དང་། བཅཝོ་བརྒྱད་དང་གཅིག་དང་། གཅིག་དང་གཅིག་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་གྱི་རྟེད་ཅན་གྱི ་རྣམ་པ་ནི་བཞི་བཅུར་གཅིག་གིས་མ་ཚང་བར་འགྱུར་རོ།། དེ་དག་བསྡུས་པ་ནས་རྣམ་པ་བརྒྱ་བདུན་ཅུ་རྩ་གཉིས་སུ་འགྱུར་རོ།། རྣམ་པ་ཞེས་བྱ་བའི་ཆོས་འདི་དག་གང་ལ་བྱ་ཞེ་ན། དང་པོ་རྩོམ་པ་པོ་ཉིད་ཀྱི་ཚེ། དམིགས་པའི་ཁྱད་པད་པ ་ལ་རྣམ་པ་ཞེས་ནི་བྱ་བར་བརྗོད། ཅེས་བསྟན་པ་ཡིན་ནོ། དེའི་མཚན་ཉིད་བསྟན་པ་མ་ཡིན་ནམ། དམིགས་པར་བཞག་པས་ཡང་དམིགས་པ་སྟེ། འཇིག་རྟེན་པའི་དགེ་བའི་ཆོས་ཐམས་ཅད་དང་། དགེ་བ་ལ་སོགས་པ་ཡིན་པར་བསྡུན ་བཉྩི་ཕྱིར་འདིར་དངོས་པོ་མེད་པར་རྣམ་པར་ཐར་པའི་གཉེན་པོའི་ཕྱོགས་སུ་མི་འགྱུར་རོ།། དེ་ལ་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པ་ནི་ཉན་ཐོས་དང་། བྱང་ཆུབ་སེམས་དཔའི་རྣམ་པར་དབྱེ་བས་ཟག་པ་མེད་པ་དང་། ཟག་པ་དང་བཅས ་པ་ཡིན་ནོ།། ། ལམ་ཤེས་པ་ཉིད་ཀྱི་རྣམ་པ་ནི་ནི་བྱང་ཆུབ་སེམས་དཔའ་རྣམས་གྱིས་ཉོན་མོངས་པ་ཤིན་ཏུ་མ་སྤངས་པའི་ཕྱིར་རྣམ་གྲངས་ཀྱི་ཟག་པ་དང་བཅས་པ་དེ་ཁོ་ན་ཡིན་ནོ།། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པ་ནི་ཆོས ་ཐམས་ཅད་ཀྱི་རྣམ་པ་ཐུགས་སུ་ཆུད་པས་སངས་རྒྱས་པའི་ཕྱིར་ཟག་པ་མེད་པ་ཁོ་ན་ཡིན་ནོ།། གང་དྲི་མ་མེད་པའི་རྣམ་པ་བཅུ་དྲུག་ལས་གཞན་མེད་དོ་ཞེས་བསྟན་པ་ནི་ཉོན་མོངས་པོའི་སྒྲིབ་པ་ཙམ་གྱི་གཉེན་པོའི་ཕྱོགས་ལ་དགོངས ་པ་ཡིན་གྱི་དེ་དང་འདི་ལ་འགལ་བ་མེད་དོ།། རྣམ་པའི་རྣམ་པར་འགྲེལ་པའོ།། །། རྣམ་པ་རྣམས་བསྟན་ནས་ད་ནི་སྦྱོར་བ་རྣམས་བརྗོད་པར་བྱ་སྟེ། དེ་ལ་རོ་ཤིག་སྦྱོར་བའི་རྟེན་སྦྱོར་བ་པོ་ཡིན་པས་དེ་བརྗོད་པར་བྱ་བ ་ཡིན་པས་བརྗོད་པར་བྱའོ།། དེ་ལ་སྦྱོར་བ་པོ་རྣམ་པ་བཞི་སྟེ་གང་ཞེ་ན། སངས་རྒྱས་རྣམས་ལ་བཀུར་བསྟིར་བྱས། དེ་ལས་དགེ་བའི་རྩ་བ་བསྐྲུན།། དགེ་བའི་བཤེས་ཀྱིས་མགོན་བཅས་པ། འདི་ཉོན་པ་ཡི་སྣོད་ཡིན་ནོ་ཞེས་བསྟན་པ་ཡིན ་ནོ།། དེ་ལྟར་ཡང་རྣམ་པ་ཐམས་ཅད་མངོན་པར་བྱང་ཆུབ་པའི་སྦྱོར་བའི་རྟེན་གྱི་དབང་དུ་བྱས་ནས་སྔོན་གྱི་རྒྱལ་བ་རྣམས་ལ་ལྷག་པར་བྱ་བ་བྱས་པ། འདས་པས་བསྟན་པའི་གསུང་རབ་དང་། དེ་བཞིན་གཤེགས་པ་ལས་མངོན ་དུ་དགེ་བའི་རྩ་བ་བསྐྱེད་པ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉན་པའི་སྣོད་ཡིན་ནོ།། ཞེས་བསྟན་པ་ཡིན་ནོ།། འདི་ཉན་པའི་སྦྱོར་བའི་རྟེན་ནི་རྣམ ་པ་གསུམ་ཡིན་ནོ།། ཡང་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། དེ་ལ་རྗེས་སུ་མི་སྐྲག་པ་ལ་སོགས་པ་ལ་སོགས་པའི་སྦྱོར་བའི་རྟོན་གྱི་དབ་ང་དུ་མཛད་ནས།། ། ་སངས་རྒྱས་བསྟེན་དང་ཀུན་འདྲི་དང་། སྦྱིན་དྲང་ཚུལ་ཁྲིམས་སོགས་སྤྱོད་པ། ལེན་དང་འཛིན་ལ་སོགས་པ་ཡི།། སྣོད་དུ་དམ་པ་རྣམས་བཞེད་དེ་ཞེས་བསྣུན་པ་ཡིན་ནོ།། གུང་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་དང་། ཡོངས ་སུ་ཞུ་བ་བྱས་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་དང་ལྡན་པ་འདི་འཛིན་པར་བྱེད་པའི་སྣོད་ཡིན་པར་བསྟན་པ་ཡིནོ།། གང་གི་ཕྱིར་ཇི་སྐད་དུ་བསྟན་པའི་རྒྱུ་མེད་པ་ནི་དེ་ལ་མི་མོས་པ་དང་། མཆོག་ཏུ་སྤོང་བར་བྱེད་དོ་ཞེས་བསྟན་པ་ཡིནོ།། ་ཇི་སྐད་དུ་བསྟན་པ་ལས་བཟློག་པ་མི་མོས་པ་དང་། སྤོང་བར་བྱེད་པའི་རྒྱུ་ཡིན་ཏེ། མོས་པ་མེད་པའི་རྒྱུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་དེ་ཡོད་པའི་རྒྱུ་ནི་གཞན་མ་ཡིན་ཏེ། སེམས་ཅན་རྣམས་ཀྱི་རང་བཞིན་ཞེས་བྱ་བ ་ཡིན་ཏེ། བཙུན་པ་ཤཱ་ར་དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཤིན་ཏུ་ཟབ་པའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ།། དེ་ཟབ་པ་ནི་མོས་པ་མེད་པ་ཙམ་གྱི་རྒྱུ་ཡིན་པའི་ཕྱིར་དེ་སྤོང་བའི་སེམས་ཅན་གྱི་ཉེས་པའི་རྒྱུ་ཉིད་ཡིན ་པར་ཤེས་པར་བྱ་བའི་ཕྱིར་རོ།། ཡང་ཅིའི་ཕྱིར་ཞེ་ན། ལམ་གྱི་རྣམ་པར་ཤེས་པ་ཉིད་ལ་གནས་པར་འདོད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྐྱེད་པར་འདོད་པས་རྣམ་པ་ཐམས་ཅད་དུ་དེ་ལ་བརྩོན་པར་བྱའོ་ཞེས་བསྟན་པ་ན ་སྦྱོར་བ་བསྟན་པོའི་ཉེ་བར་འགོད་པའི་དོན་ཡིན་ནོ།། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕན་ཚུན་དེ་ལས་འཁྲུངས་པ་དང་། དེའི་མཐུས་གསལ་བ་ཉིད་ཡིན་ནོ།། ཇི་ལྟ་བུའི་དོན་གྱིས་ཡིན་ཞེ་ན། ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཁྲུངས་པ་ནི་མངོན་པར་བསྐྲུན་པ་ཡིན་ནོ།། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་གསལ་བར་རྟོགས་པ་ལ་སོགས ་པར་འགྱུར་བའི་ཕྱིར་དེ་བས་ན་རིམ་པ་ཇི་ལྟ་བ་བཞིན་དུ་རང་ལས་འཁྲུངས་པ་དང་། མཐུས་གསལ་བར་སྨོས་པ་ཡིན་ནོ།། བསྟན་པོའི་སྣོད་ཀྱི་ཉེས་པ་སྤང་བའི་ཕྱིར། ལེགས་པ་ཉོན་ལ་ཡིད་ལ་ལེགས་པར་ཟུང་ཞིག་ཅེས་གསུངས ་ཏེ། སྣོད་ཁ་སྤུག་དང་། མི་བཙང་བ་དང་། རྡོལ་བ་རྣམས་ཉན་པའི་སྣོད་ངན་པ་སྤངས་པ་བསྟན་པའི་སྣོད་ཡིན་པར་བསྟན་ཏོ།། དེས་ནི་བསྟན་པའི་སྣོད་ཀྱི་ཉེས་པ་གསུམ་སྤངས་པ་ཡིན་ནོ།། ཤེས་རབ་འཆལ་པ་ནི་ལེགས་པར་ཞེས ་གསུངས་པས་སོ།། རྣམ་པར་གཡེང་བའི་ཉེས་པ་ནི་ཉོན་ཅིག་ཅེས་གསུངས་པས་སོ།། འདུན་པ་དམིན་པའི་ཉེས་པ་ནི་ཡོད་ལ་ལེགས་པར་ཟུང་ཤིག་ཅེས་གསུངས་སཾ་བས་སོ།། སྦྱོར་བའི་རྟེན་བསྟན་ནས་སྦྱོར་བ་རྣམས་བརྗོད་པར ་བྱའོ།། དེ་ནི་རྣམ་པ་ཉི་ཤུར་བལྟ་བར་བྱས་ཏེ། གཟུགས་ལ་སོགས་ལ་མི་གནས་ཕྱིར།། དེ་ལ་གནས་པ་བཀག་པའི་ཕྱིར།། དེ་ཡི་དེ་བཞིན་ཉིད་ཟབ་ཕྱིར།། དེ་རྣམས་གཏིང་དཔག་དཀའ་བའི་ཕྱིར།། དེ་དག ་ཚད་ནི་མེད་ཕྱིར་དང་།། ཚོགས་ཆེན་ཡུན་རིང་རྟོགས་ཕྱིར་དང་།། ལུང་བསྟན་ཕྱིར་མི་ལྡོག་ཉིད་དང་།། ངེས་འབྱུང་བར་བར་ཚད་མེད་ཉིད་དང་།། བྱང་ཆུབ་ཉེ་དང་མྱུར་བ་དང་།། གཞན་དོན་འཕེལ་མེད་འགྲིབ་མེད་དང་།། ཆོས་དང་ཆོས་མིན་སོགས ་མི་མཐོང་། གཟུགས་སོགས་བསམ་མི་ཁྱབ་མི་མཐོང་།། གཟུགས་སོགས་དེ་ཡི་མཚན་མ་དང་།། དེ་ཡི་ངོ་བོར་རྣམ་མི་རྟོག། འབྲས་བུ་རིན་ཆེན་སྦྱིན་བྱེད་དང་། དེ་ནི་དག་པ་མཚམས་དང་བཅས། ཞེས་བསྟན་པ་ཡིན་ནོ།། དེ་ལ་གཟུགས ་ལྔ་སོགས་པ་མི་དམིགས་པའི་སྦྱོར་བ་ནི་གང་གཟུགས་ཞེས་བྱ་བ་ནས་གཟུགས་ལ་བརྩོན་པར་མི་བྱེད་དོ་ཞེས་བྱ་བ་ནས་བརྩམས་ཏེ། མ་འདྲེས་པའི་བར་ལ་གནས་པ་བཀག་པ་དེ་ལ་བརྩོན་པར་བྱེད་པ་རྗེས་སུ་གནས་པ་ཡིན་ནོ།། དེ་ཅིའི ་ཕྱིར་ཞེ་ན། གཟུགས་ལ་སོགས་པ་མི་དམིགས་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ།། སྦྱོར་བ་དང་རབ་ཏུ་སྦྱོར་བ་ནི་གང་གཟུགས་ལ་མི་སྦྱོར། གཟུགས་ལ་སྦྱོར་བར་མི་བྱེད་དོ།། དེ་བཞིན་དུ་གཟུགས་ལ་བརྩོན་པར་མི་བྱེད་དོ་ཞེས ་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྦྱོར་བ་ཡིན་ཏེ། རྗེས་སུ་གནང་བ་ཡིན་ཞེས་བསྟན་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། གང་གཟུགས་ལ་སོགས་པ་སྔོན་དང་། ཕྱི་མ་དང་། དབུས་སུ་མི་དམིགས་སོ་ཞེས ་བསྟན་ཏོ།། ཟབ་པའི་སྦྱོར་བ་ནི་གང་གཟུགས་ལ་སོགས་པའི་དེ་བཞིན་ཉིད་ཟབ་པའི་ཕྱིར་རབ་ཏུ་གནས་པ་མི་དམིགས་པའི་དོན་གྱིས་ཐམས་ཅད་ཤེས་པའི་དབང་དུ་མཛད་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པར་བསྟན་པ་ཡིན ་ནོ་གཟུགས་ལ་སོགས་པའི་གཏིང་དཔག་དཀའ་བ་ནི་གང་གཟུགས་ལ་སོགས་པོ་གཏིང་དཔག་དཀའ་བའི་ཕྱིར་རང་བཞིན་གྱི་ས་དྲི་མ་མེད་པའི་དོན་གྱིས་ལམ་ཤེས་པའི་དབང་དུ་མཛད་ནས། དེ་དག་གིས་གཏིང་དཔག ་དཀའ་བ་ཉིད་དུ་བསྟན་པ་ཡིན་ནོ།། ཚད་མེད་པའི་སྦྱོར་བ་ནི་གང་གཟུགས་ལ་སོགས་པ་ཚད་མེད་པའི་ཕྱིར་མཐུའ་མི་དམིགས་པ་ཉིད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པའི་དབང་དུ་མཛད་ནས་དེའི་ཚད་མེད་པའི་ཕྱིར་རོ་ཞེས་བསྟན་པ་ཡིན ་ནོ། སྦྱོར་བ་རྣམ་པ་གསུམ་པོ་དེ་དག་ཉིད་ཀྱིས་བཤད་པའི་རྣམ་གྲངས་གཞན་བསྟན་པ་ནི་གང་ཟབ་མོ་མངོན་པར་བྱང་ཆུབ་པ་དང་། ཐུན་མོང་མ་ཡིན་པར་མངོན་པར་བྱང་ཆུབ་པ་དང་། བླ་ན་མེད་པར་བྱང་ཆུབ་པའི་དབང་དུ་མཛད ་ནས་རྣམ་པ་གསུམ་དུ་གསུངས་སོ་ཞེས་བསྟན་པ་ཡིན་ནོ།། དེ་ཡང་རྣམ་པ་གསུམ་ཏེ། སྦྱོར་བ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་པོ་རིམ་ཇི་ལྟ་བ་བཞིན་དུ་རི་ག་པར་བྱ་སྟེ། གང་ཡང་གལ་ཏེ་གཟུགས་ཟབ་ཅེས་བྱ་བ་དང ་གཟུགས་གཏིང་དཔག་དཀའ་ཞེས་བྱ་བ་དང་། གཟུགས་ཚད་མེད་དོ་ཞེས་བྱ་བར་མི་སྦྱོར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བ་ནས་བརྩམས་ཏེ། མ་འདྲེས་པའི་བར་དུ་དབྱེ་བ་རྣམ་པ་གསུམ་ལ་སྤྱོད་པ་བཀོག་པའི་ཕྱིར ་དེ་ལྟར་སྤྱོད་པ་ནི་རྗེས་སུ་གནས་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། གང་གཟུགས་ཟབ་ཅེས་པ་དང་། གཏིང་དཔག་དཀའ་བ་དང་། ཚད་མེད་པ་གང་ཡང་ཡིན་པ་དེ་ནི་གཟུགས་མ་ཡིན་ཞེས་བྱ་བ་ནས ་མ་འདྲེས་པའི་བར་དུའོ།། གཟུགས་ལ་སོགས་པའི་རྣམ་པའི་བདག་ཉིད་ཅན་མ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ།། ལས་དང་པོ་པ་སྤངས་ནས་ཚོགས་ཆེན་པོས་ཡུན་རིང་པོ་ནས་མངོན་པར་བྱང་ཆུབ་པ་ལ་སྤྱོད་པ་ཡིན་ཏེ། ་ལུས་དེང་པོ་པ་རྣམས་ཟབ་མོས་སྐྲག་ཏེ། དང་པོ་སྐྲག་པ་སྐྱེ་བའི་ཕྱིར་རོ།། གཏིང་དཔག་དཀའ་བ་ཉིད་ཀྱིས་ནི་སྤངས་པར་འགྱུར་ཏེ། མི་དགེ་བའི་བག་ཆགས་བསྒོས་པའི་ཕྱིར་རོ།། ཚད་མེད་པ་ཉིད་ཀྱིས་ནི་ཀུན་དུ་སྐྲག་པ ་སྐྱེ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྣོད་མ་ཡིན་པ་ཐོབ་པས་གསུམ་གྱི་རྒྱས་ལས་དང་པོའི་མདུན་དུ་མ་ཡིན་གྱི་ཕྱིར་མ་ལྡོག་པའི་མདུན་དུ་བརྗོད་པར་རྗེས་སུ་གནང་བ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ལས་དང་པོ་པ ་རྣམས་སྐྲག་པ་ལ་སོགས་པའི་རྐྱེན་གྱིས་ངན་སྣོང་དུ་འགྲོ་བའི་ལས་བྱས་ས་སྣ་པས་ཚོགས་ཆེན་པོས་ཡུན་རིང་པོ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཕྱིར ་རོ་ཞེས་བསྟན་པ་ཡིན་ནོ།། ལུང་བསྟན་པ་ཐོབ་པའི་སྦྱོར་བ་ནི་གང་འདོད་ཅིང་མི་འཇིགས་པ་དང་། རྨི་ལམ་གྱི་ནང་དུ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ཡིད་ལ་བྱེད་པ་ནི་ལུང་བསྟན་པ་ཉེ་བར་ཡིན་ཏེ། དེ་བཞིན་གཤེགས་པ ་གཅིག་གམ་གཉིས་ལས་མི་འདའ་བར་ལུང་བསྟན་པ་ཐོབ་པར་འགྱུར་རོ།། ཕྱིར་མི་ལྡོག་པའི་སྦྱོར་བ་ནི་གང་རྨི་ལམ་གྱི་ནང་དུ་འཐད་པའི་རིགས་པས་འཛིན་པ་ལ་སོགས་པ་བྱེད་པ་དག་ནི་ཕྱིར་མི་ལྡོག་པར་རིག་པར་འཚོ་བུ་ངག་གོ་ཞེས ་བསྟན་པ་ཡིན་ནོ།། ངེས་པར་འབྱུང་བའི་སྦྱོར་བ་ནི་གང་སྐྱེས་བུ་འབྲོག་དགོན་པ་དཔག་ཚད་བརྒྱ་པ་ཞིག་ནས་འབྱུང་བའི་དཔེས་བར་ཆད་བྱེད་པའི་ཆོས་ལས་འདས་པར་འདོན་གྱིས་ཡང་དག་པར་བསྟན་ཏོ་ཞེས་བསྟན་པ་ཡིན་ནོ།། བར་ཆད ་མེད་པའི་སྦྱོར་བ་ནི་གང་སྐྱེས་བུ་རྒྱ་མཚོ་ཆེན་པོའི་དཔེས་ཉེ་བར་བསྟན་པ་ན་ལྡུམ་བུ་ལ་སོགས་པའི་མཚན་མ་མཐོང་བར་བསྟན་པའི་དོན་ཞེས་བསྟན་པ་ཡིན་ནོ།། རྫོགས་པའི་བྱང་ཆུབ་ལ་ཉེ་བར་སྦྱོར་བ་ནི་གང་ཤིང་གི་ལོ་མ་དང་། ་འདབ་མ་ལྷོགས་པའི་དཔེས་ཟག་པ་མེད་པའི་ཆོས་གསར་གྱི་རྟེན་ཅན་ཅིག་ལ་གནས་པར་དོན་གྱིས་བསྟན་པ་ཡིན་ཏེ་ཞེས་བསྟན་ཏོ།། མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་སྦྱོར་བ་ནི་གང་བུ་མེང་སྦྲུམ་མ་བཙོར་ཉེ་བའི་དཔེས ་རྟེན་གྱི་བསྒྲུབ་པའི་ཆོས་ནི་འབྲུ་སའི་ཆོས་ཀྱི་སྐུ་མངོན་པར་འགྲུབ་པར་དོན་གྱིས་བསྟན་པ་ཡིན་ཏེ་ཞེས་བསྟན་པ་ཡིན་ནོ།། དེ་བཞིན་དུ་གནས་བརྟན་ཤཱ་རིའི་བུའི་སྤོབས་པས་གསལ་བར་དཔེ་བཞིས་བྱས་ཏེ། ངེས་པར་འབྱུང་བའི ་སྦྱོར་བ་ནས་བརྣམས་ཏེ། མྱུར་དུ་མངོན་པར་བྱང་ཆུབ་པའི་བར་གྱི་རྣམ་པ་ཐམས་ཅད་མངོན་པར་བྱང་ཆུབ་པའི་དབང་དུ་མཛད་ནས་རིམ་པ་ཇི་ལྟ་བ་བཞིན་དུ་ངེས་པར་འབྱུང་བར་འགྱུར་རོ།། བར་ཆད་མེད་པར་འགྱུར་རོ།། ཉེ་བར ་འགྱུར་རོ།། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་རབ་ཏུ་བསྟན་པ་ཡིན་ནོ།། གཞན་གྱི་དོན་གྱི་སྦྱོར་བ་ནི་གང་རབ་འབྱོར་འདི་ལྟར་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་དག་ནི་སྐྱེ་བོ་མང་པོ་ལ་ཕྲན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་ཞེས་བྱ་བ་ནས་བརྩམས་ཏེ། བདག་ཉིད་ཀྱང་ཆོས་ཀྱི་འཁོར་ལོ་བསྐོར་ལ། གཞན་དག་ཀྱང་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་ཡང་དག་པར ་བསྐུལ་ལོ་ཞེས་བྱ་བའི་བར་དུ་གསུངས་སོ་ཞེས་པ་ཡིན་ནོ།། དེ་རྣམས་ནི་གཉི་གའི་དོན་བྱེད་པ་ཉིད་ཀྱིས་ནི་དེ་བཞིན་གཤེགས་པའི་སྒྲུབ་པ་ལ་ཤིན་ཏུ་གཏོད་པ་ཉིད་ཡིན་ནོ།། འཕེལ་བ་དང་། འགྲིབ་པ་མེད་པའི་སྤྱོད་པ་ནི་གང་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས་ཞེས་བྱ་བ་ནས་བརྩམས་ཏེ། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་འཕེལ་བ་དང་། འགྲིབ་པ་མཐོང་བ་བཀག་པས་དེ་བསྒོམ་པ ་ཡོངས་སུ་རྫོགས་པར་འགྱུར་བ་རྗེས་སུ་གནང་བ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ།། ཆོས་དང་ཆོས་མ་ཡིན་པ་མི་དམིགས་པའི་སྦྱོར་བ་ནི་གང་ཡང་ཆོས་དང་ཆོས་མ་ཡིན་པ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ ་དང་དགེ་བ་དང་། མི་དགེ་བ་དང་། འདུས་བྱས་དང་། འདུས་མ་བྱས་དང་། འདོད་པ་ལ་སོགས་པའི་ཁམས་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་བཀག་པ་སྔ་མ་བཞིན་ནོ།། དེ ་བསྒོམ་པ་ཡོངས་སུ་རྫོགས་པ་ནི་སྣང་བ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཀྱི་མཚན་ཉིད་ནི་ཕྱིར་ལྡོག་པ་མེད་པ་དེའི་ཕྱིར་རོ།། ཕྱིན་ཅི་ལོག་གི་མཚན་ཉིད་བཟློག་པར་བྱེད་ཀྱི་རང་བཞིན་གྱི་མཚན་ཉིད་ནི་མ་ཡིན་ནོ་ཞེས ་བསྟན་པ་ཡིན་ནོ།། བསམ་གྱིས་མི་ཁྱབ་པའི་རྣམ་པའི་འོདུ་ཤེས་འགོག་པའི་སྦྱོར་བ་ནི་གང་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐར་ཐུག་པའི་བར་དུ་བསམ་གྱིས་མི་ཁྱབ་པའི་རྣམ་པའི་འདུ་ཤེས་པ ་བཀླག་པས་དེ་བསྒོམ་པ་ཡོངས་སུ་རྫོགས་པ་གནང་བ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ།། རྣམ་པར་མི་རྟོག་པའི་སྦྱོར་བ་ནི་གང་གཟུགས་དང་། དེའི་མཚན་མ་དང་། རངདྭ་བཞིན་དུ་རྣམ་པར་མཽ་རྟོག་པ་ནས་རྣམ་པ་ཐམས་ཅད ་མཁྱེན་པ་ཉིད་ཀྱི་བར་དུ་དེའི་མཚན་མ་དང་། དེའི་རུང་བཞིན་དུ་རྣམ་པར་མི་རྟོག་པས་ན་རྣམ་པར་མི་རྟོག་པའོ།། དེ་ཅིའི་ཕྱིར་ཞེ་ན། གཟུགས་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་ཕྱིར་རྣམ་པར་མི་རྟོགས་པའི་རྗེས་སུ་འཐད ་བྱ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ།། འབྲས་བུ་རིན་པོ་ཆེ་སྦྱིན་པའི་སྦྱོར་བ་ནི་གང་རྒྱུན་དུ་ཞུགས་པ་ལ་སོགས་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་གྱི་རིན་པོ་ཆེ་གཏེར་བ་ཡིན་པའི་ཕྱིར་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་ནི་རིན་པོ་ཆེའི་ཕུང་པོ་སྟེ་ཆོས་རིན་པོ་ཆེའི་ཕུང་པོ་རྣམས་བསྒྲུབ་པའོ་ཞེས་བསྟན་པ་ཡིན་ནོ།། རྣམ་པར་དག་པའི་སྦྱོར་བ་ནི་གང་གཟུགས་ལ་སོགས་པ་རྣམ་པར་དག་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་ནི་དག་པའི་ཕུང་པོའོ་ཞེས་བསྟན་པ་ཡིན་ནོ།། སུ་མཚམས་ཀྱི་སྦྱོར་བ་ནི་གང་རིན་པོ་ཆེ་དང་འདྲ་བར་བར་ཆད་མེང་པ་ཉིད་ཀྱི་ཕྱིར་ལོའི་བར་གྱིས་བྲི་བ་ལ་སོགས་པ་ལ་མངོན་པར་བརྩོན་པ་བཏང་བར་མི ་བྱ་ཞེས་བྱ་བར་བསྟན་པ་ཡིན་ནོ།། ལོ་སྨོས་པ་དེ་ཙམ་གྱིས་དུས་ཚིགས་ལ་སོགས་པས་རྐྱེ་ནི་ཚོགས་པའི་ཕྱིར་རོ།། སྤག་ཉ་པ་ལ་ཀའི་གཞུང་དང་མཐུན་པར་ལོའི་བར་དུ་སྤྱོད་དེ། ལོ་འདས་ནས་འདོད་པ་མེད་དོ་ཞེས་བྱ་བ་དང་། དེ ་ཞིན་གང་གིས་ལ་བསྐོར་དུ་མཐོང་བ་ངེས་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ནོ།། སྦྱོར་བ་ཉི་ཤུ་པོ་དེ་དག་གི་གོ་རིམ་འདི་ནི་རིགས་པའི་ཚུལ་ཉིད་ཡིན་ཏེ། ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པར་གནས་པ་དང་། ་དེ་ལ་མི་སྦྱོར་བ་དེ་དག་ནི་ཟབ་པ་དང་། གཏིང་དཔག་དཀའ་བ་དང་། ཚད་མེད་པར་རྟོགས་པར་འགྱུར་རོ།། སྦྱོར་བྱ་མ་ཡིན་པ་བྱེད་པ་ཉིད་ཀྱིས་ནི་ལས་དང་པོ་པ་ནི་ཚོགས་ཆེན་པོས་འཐོབ་བོ།། དེ་ལས་གཞན་པ་ནི་བདེ་བླག ་ཏུ་ལུང་བསྟན་པ་དང་། ཕྱིར་མི་ལྡོག་པའི་ས་ཐོབ་ནས་ངེས་པར་འབྱུང་བ་དང་། བར་ཆུད་མེད་པར་འགྱུར་བ་དང་། མངོན་པར་རྫོགས་པར་བྱང་ཆུབ་པ་ཉེ་བར་འགྱུར་བ་དང་། མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་འགྱུར ་རོ།། དེས་ནི་གཞན་གྱི་དོན་བྱེད་ཅིང་འཕེལ་བ་མེད་པ་དང་། འགྲིབ་པ་མེད་པ་དང་། ཆོས་སམ་ཆོས་མ་ཡིན་པ་ལ་སོགས་པའི་འདུ་ཤེས་ཐམས་ཅད་དང་བྲལ་བས་རྣམ་པར་མི་རྟོག་པ་དང་། འབྲས་བུ་རིན་པོ་ཆེ་འབྱིན་པས ་མཆོག་ཏུ་རྣམ་པར་དག་པའི་མཐར་ཐུག་པ་ཐོབ་པ་སྟེ། སྔ་མ་བཞིན་དུ་ལོའི་བར་དུ་བརྩོན་པས་སེམས་ཅན་གྱི་རྒྱུད་ཡོངས་སུ་སྦྱངས་པ་ཡིན་ནོ།། དེ་དག་དེ་ལྟར་བྱས་ནས་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པའི་དབང་དུ་མཛད་ནུས ་དེ་བཞིན་གཤེགས་པ་རྣམས་ལ་དགེ་བྱའི་རྩ་བ་བསྐྲུན་པ་དང་ཞེས་བྱ་བ་ནས་བརྩམས་ཏེ། གལ་ཏེ་ཞེས་བྱ་བའི་བར་དུ་ལཾ་བསྐོར་གྱིས་བྲིས་པ་ཞེས་བྱ་བའི་གཽཞུང་གང་ཡིན་པ་དེས་ནི་སྦྱོར་བའི་རྟེན་རྣམ་པ་བཞི་དང་། སྦྱོར ་བ་གང་ཡིན་པ་རྣམ་པ་ཉི་ཤུར་འགྱུར་རོ་ཞེས་དེས་བཤང་།། སྦྱོར་བའི་རྣམ་པར་འགྲེལ་པའོ།། །། སྦྱོར་བ་བསྟན་ནསོ་དེའི་ཕན་ཡིན་བརྗོད་པར་བྱ་སྟེ། བདུད་ཀྱི་མཐུ་བཅོམ་པ་ལ་སོགས།། ་ཡོན་ཏན་རྣམ་པ་བཅུ་བཞིའོ།། ཞེས་བསྟན་པ་ཡིན་ནོ།། དེ་ལ་བདུད་བཅོམ་པའི་ཡོན་ཏན་ནི་གུང་བདུད་བར་ཆད་བྱེད་པ་བརྩོན་པར་ཞུགས་སུ་ཟིན་ཡིད་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་ཀྱི་དགོངས་ཤིང་ཡོངས ་སུ་གཟུང་བའི་མཐུས་བཅོམ་པའི་རྒྱུ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ཆོས་ཉིད་ཀྱི་དགོངས་པར་མཛད་པ་དེ་ནི་རིགས་པ་ཡིན་ནོ་ཞེས་བསྟན་ཏོ།། སངས་རྒྱས་ཀྱིས་དགོངས་ཤིང་མཁྱེན་པའི་ཡོན་ཏན་ནི་གང་རིགས་པར་བྱའོ།། ་ཞེས་བྱ་བ་ནས་ཆེས་སྨྲ་བ་དེ་ལ་སངས་རྒྱས་ཀྱིས་དགོངས་པར་ཤེས་པས་ལྷག་པར་མོས་པ་བརྟན་པོ་སྐྱེ་ཞིང་སྤོང་བར་འགྱུར་ཏེ། ཆེ་གེ་མི་ལ་བདུད་ཀྱི་བོར་བཅོས་པའི་གོ་སྐབས་ཀྱི་གླགས་རྙེད་པར་མི་འགྱུར་བར་ཤེས་པར ་བྱེད་པའི་ཆེད་དུའོ་ཞེས་བསྟན་པ་ཡིན་ནོ།། སངས་རྒྱས་ཀྱིས་མངོན་སུམ་དུ་མཛད་པའི་ཡོན་ཏན་ནི་གང་ཡེ་ཤེས་ཀྱིས་མཁྱེན་ཅིང་དེ་ལ་སྤྱན་གྱིས་གཟིགས་པར་མཛད་དོ།། ཞེས་བསྟན་པ་ཡིན་ནོ།། རྗེས་སུ ་དཔག་པ་དང་། ལོག་པའི་ཤེས་པ་གསལ་བའི་ཆེང་དུ་གཉི་ག་སྨོས་པར་མཛད་དོ།། ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བའི་ཡོན་ཏན་ནི་གང་དག་ཐེག་པ་ཆེན་པོ་དང་ལྡན་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱུང ་ཆུབ་དང་ཉེ་བར་འགྱུར་བར་རིག་པར་བྱའོ་ཞེས་བསྟན་པ་ཡིན་ནོ།། དོན་ཆེན་པོ་ཉིད་ལ་སོགས་པའི་ཡོན་ཏན་ནི་གོང་ཡི་གེ་རུ་བྱིས་ནས་གླགས་བམ་བཅངས་པ་ཙམ་གྱིས་ངོ་མ་ཆེན་པོ་དང་། ཕན་ཡོན་ཆེན་པོ་དང་། འབྲས་བུ་ཆེན ་བོ་དང་རྣམ་པར་སྨིན་པ་ཆེན་པོར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ།། དེ་ལ་སངས་རྒྱས་དང་མི་འབྲལ་བ་ཉིད་དང་། བདེ་འགྲོ་དྲུག་ནོལ་བ་ཉིད་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་འཚང་རྒྱ་བ་ཉིད་དང་། མྱ་དཱན་ལས་འདུས ་པའི་རྗེས་ལ་ཡང་གཞན་གྱི་དོན་ལ་འཇུག་པའི་དབང་དུ་མཛད་ནས་གོ་རིམ་བཞིན་དུ་ཚིག་བཞི་བཤད་པ་ཡིན་ནོ། ཡུན་རིང་པོ་ནས་སྨིན་པས་རྣམ་པར་སྨིན་པ་ཡིན་པར་བསྒོ་བར་བྱའོ།། ཡུལ་དབྱུང་བའི་ཡོན་ཏོན་ནི་གང་སྒོ་ཕྱོགས ་ཀྱི་རྒྱུད་ནས་པར་ཏ་ནི་དང་། བྱང་ཕྱོགས་ཀྱི་ཆུང་དུ་སྦེད་པར་འགྱུར་རོ།། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡུ་བ་ལ་སོགས་པ་དཔྱད་པས་ཆོས་སྤྲོ་བ་ལ་སངས་རྒྱས་རྣམས་དགོངས་པར་འགྱུར་བ་ལ་སོམ་ཉི་བ་པ་བས ་བའི་ཕྱིར་རོ།། ཕྱི་མའི་དུས་ཞེས་བྱ་བ་ནི་མ་འོངས་པ་སྟེ། ཕྱི་མའི་དུས་ན་སྐྱེན་ཚོགས་པའི་ཕྱིར་རོ།། ཟག་པ་མེད་པའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པའི་ཡོན་ཏན་ནི་གང་སྐྲག་པ་ལ་སོགས་པར་མི་འགྱུར་བ་དང་། ཕ་རོལ་ཏུ་ཕྱིན ་བ་དྲུག་ལ་སོགས་པ་དཀར་པོའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པ་ཉིད་དུ་བསྟན་པ་ཡིན་ནོ།། སྨྲ་བའི་སྐྱེས་བུའི་ཡོན་ཏན་ནི་གང་ཡང་བ་དང་། སངས་རྒྱས་ཐམས་ཅད་ཀྱིས་ཀྱང་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་རྣམས་ལ ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་གཏམ་བརྗོད་དོ་ཞེས་བསྟན་པ་ཡིན་ནོ།། མི་ཕྱེད་པ་འིའི་ཡོན་ཏན་ནི་ཡང་བསྟན་པར་འགྱུར་བའི་ཕྱིར་རོ།། བདུད་དང་བདུད་ཀྱི་རིགས་ཀྱི་ལྷ་རྣམས་ཀྱི་ཀྱང་བྱང་ཆུབ་ལས་བཟློག་པར་མི ་ནུས་པར་བསྟན་པ་ཡིན་ནོ།། དགེ་བ་ཐུན་མོང་མ་ཡིན་པའི་ཡོན་ཏན་ན་སྐྱེ་བའི་ཡོན་ཏན་ནི་གང་ཡང་དགའ་བ་དང་། དང་བ་དང་། མུགུ་བ་རྒྱ་ཆེན་པོ་སྐྱེ་བར་འགྱུར་ཞིང་སྐྱེ་བོ་མང་པོ་ཡང་དགེ་བའི་ཆོས་ལ་འགོད་པར་འགྱུར་བའི ་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ་དེ་ཡང་དགའ་བ་ནི་འཇིག་རྟེན་ལས་འདས་པའི་ཆོས་འཚོལ་བའོ།། དང་བ་ནི་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་བརྟན་པ་ཡིན་ནོ།། མགུ་པ་ནི་དག་པ་ལ་སེམས་རངས་པ་ག་ང་ཡིན ་པའོ། དམ་བཅས་པའི་ཡོན་ཏན་ནི་ཇི་ལྟ་བ་བཞིན་དུ་བསྒྲུབ་པའི་ཡོན་ཏན་ནི་གང་སངས་རྒྱས་ཐམས་ཅད་ཀྱི་སྤྱན་སྔར་བདག་གི་སྲོག་ཆགས་བརྒྱ་སྟོང་ཕྲག་མང་པོ་བྱང་ཆུབ་ལ་རབ་ཏུ་དགོད་པར་བགྱིའོ་ཞེས་སངས་རྒྱས ་རྣམས་རྗེས་སུ་དགྱེས་པའི་ཚིག་སྨྲས་པ་གང་ཡིན་པ་དེ་ནི་དམ་བཅས་པ་ཇི་ལྟ་བ་བཞིན་དུ་རྫོགས་པར་བྱེད་པའི་ཤེས་པར་བྱེད་པ་བསྟན་པ་ཡིན་ནོ།། འབྲས་བུ་རྒྱ་ཆེན་པོ་འཛིན་པའི་ཡོན་ཏན ་ནི་གང་དེ་དག་མོས་པ་རྒྱ་ཆེ་བ་ཉིད་ཀྱི་ལས་དང་། རྣམ་པར་སྨིན་པ་ཡོ་ངས་སུ་འཛིན་པར་འགྱུར་བ་བསྟན་པ་ཡིན་ནོ།། སེ་མོ་ས་ཅན་གྱི་དོན་བསྒྲུབ་པའི་ཡོན་ཏན་ནི་རྩིགང་དེས་འབྲས་བུ་བྱི་དང་། ནང་གི་སེམས་ཅན་དེ་དག་ཉིད ་ལ་ཡོངས་སུ་གཏོང་བ་དང་། སངས་རྒྱས་མངོན་སུམ་དུ་འགྱུར་ཞིང་། གཞན་དང་གཞན་དུ་བརྟེན་པར་འགྱུར་བས་སེམས་ཅན་གྱི་དོན་གོང་ནས་གོང་དུ་བསྒྲུབ་ཅིང་ཉམས་སུ་ལེན་པར་བསྟན་པ་ཡིན་ནོ།། ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་མ་རྙེད་པ་དང་། མ་ཚང་བ་རྙེད་པ་ལས་གོ་བཟློག་པས་ཚང་བ་སྙེད་པའི་ཡོན་ཏན་ནི་གང་འདི་དག་འཚོལ་བ་དང་། ཡོངས་སུ་འཚོལ་བའི་ཚེ་ལ་ལས་ནི་ཐོབ་པར་འགྱུར་བ་དང་། ཐོབ་པར་མི་འགྱུར་པ་དང་། ངེས་པར ་འབྱུང་བའི་མ་ཚང་བ་ཐོབ་པས་བརྩོན་འགྲུས་མི་གཏོང་བ་དེ་དག་ནི་སྐྱེ་བ་རྗེས་སུ་ཟིན་ཀྱང་ཤཱ་རིའི་བུ་དེ་དག་འགྲུབ་པར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ།། དེ་ཆོས་ཉིད་ཀྱི་རིགས་པ་ཡིན་ཏེ། ངེས་པར་ཐོབ་པར་འགྱུར་བྱས་བླ་ན ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཐོབ་པར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། ཕན་ཡོན་གྱི་རྣམ་པར་འགྲེལ་པའོ།། །། ཕན་ཡོན་བཤད་ནས་དེའི་བར་ཆད་བརྗོད་པར་བྱའོ།། ། ་སྐྱོན་ནི་བཅུ་ཚུན་བཞིར་བཅས་པ། དྲུག་ཏུ་ངེས་པར་རྟོགས་པར་བྱ་ཞེས་བྱ་བ་སྨོས་ཏེ། བཞི་བཅུ་རྩ་དྲུག་ཅེས་བྱ་བའི་དོན་ཏོ།། དེ་དག་ཀྱང་ཚོགས་ཆེན་པོས་ཐོབ་པ་ནི་གང་ཕ་རོལ་ཏུ་ཕྱིན་པ་དཀག་པ་ཡོངས་སུ་རྫོགས་པར་བྱེད་པ་ནི ་དོངོས་ཤིན་ཏུ་བྱིས་ཏེ་སྤོབས་པ་སྐྱེ་བར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ།། སྤོབས་པ་མྱུར་ཞེས་པ་ནི་གང་དང་པོ་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་གནས་སུ་ཧ་ཅང་མྱུར་བར་སྤོབས་པ་སྐྱེ་བ་ནའང་བདུད་ཀྱི་ལས་སུ་རིག་པར་བྱའོ། ་ཞེས་བསྟན་པ་ཡིན་ནོ། ལུས་ཀྱི་གནས་དྲན་ལེན་དུ་འགྱུར་བ་རྣམ་པ་གསུམ་ནི་ག་ང་ཡང་གླལ་བ་དང་། རྒོད་པ་དང་། ཕན་ཚུན་སྡིག་ཅིང་འདྲི་ན་ལུས་ཀྱི་རྣ་མ་པར་འགྱུར་བའི་བར་ཆད་ཡིན་པར་བསྟན་པ་ཉིད་ཡིན་པར ་བསྟན་ཏོ།། སྟེག་པ་ནི་རང་གི་ཡན་ལག་གི་ཡོ་བྱདས་ཀྱི་ས་གཞན་གྱི་ཡན་ལག་བཞི་བཀོད་པའོ།། སེམས་ཀྱི་གནས་ངན་ལེན་ནི་གསུམ་ཏེ། སེམས་གཡེང་བ་དང་། ཕན་ཚུན་ཡི་གེ་གཞན་ལ་ཆགས་ཤི་འདྲི་ཞིང་ཉམ ་པ་དང་། བདག་གིས་འདིའི་གཏིང་མི་རྙེད་དོ་ཞེས་སྨྲ་ཞིང་། སེམས་བསྐྱེད་ནས་ལངས་ཏེ་འགྲོ་བ་ནི་སེམས་ཀྱི་བར་ཆད་བྱེད་པ་ཡིན་པར་བསྟན་པ་ཡིན་ནོ།། གཞན་ལ་ཆགས་པ་ནི་གང་ལོག་པར་རྟོག་ཅིང་དམིགས་པས་དངོས་པོ ་ལ་ཆགས་པ་སྟེ། ཕན་ཚུན་སྨྲ་བའོ་ཞེས་བསྟན་པ་ཡིན་ནོ།། རིགས་པ་མ་ཡིན་པས་བསྐྱེད་པའི་ཁ་ཏོན་ལ་སོགས་པ་བྱེད་པ་ནི་གང་ཡང་ལུས་ཀྱི་རྣམ་པར་འགྱུར་བ་དེ་ཉིད་ཀྱི་མགོ་བོ་དང་། ཡང་སེམས་ཅན་རྣམ་པར ་འགྱུར་བ་དེ་ཉིད་ཀྱིས་འཛིན་པ་ལ་སོགས་པ་བྱེད་པ་ནི་བར་དུ་གཅོད་པ་ཡིན་པར་བསྟན་པ་ཡིན་མོ།། བྱིར་ཕྱོགས་པའི་རྒྱུ་མཚན་ནི་གང་ཡང་འདིར་ནི་བདག་ལུང་མ་བསྟན་ཏེ། བདག་གི་མིང་ཡང་མ་བརྗོད་དོ་ཞེས ་མ་དད་པར་གྱུར་ནས་ཤེས་བསྟན་པ་ཡིན་ནོ།། ཡུལ་ལ་སོགས་པར་བརྟགས་པ་མེད་པའི་རིག་པས་སོ།། རྒྱུ་ལ་མངོན་པར་ཞེན་པའི་ཉམས་པ་ནི་གང་ཤིང་གི་རྩ་བ་སྤངས་ཏེ་མདབ་མ་དང་། ཡལ་ག་ལ་འཇུ་བར་བྱེད་པའི་དཔེས་ནི་རྒྱུ ་ཡོངས་སུ་ཉམས་པར་བྱེད་པའི་ཕྱིར་རོ།། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་ཆོས་རྫོགས་པ་འབྱུང་བར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ།། གྱ་ནོམ་པའོ། ་རོ་མྱོང་བ་ལས་ཉམས་པར་གསུང་པ་ནི་ཁྱིའི་དཔེས་གྱ་ནོམ་པའི་མྱོང་བ་ལས་ཉམས་པ་ནི་དོན་གྱིས་བསྟན་པ་ཡིན་ནོ།། ཐཱག་པཱི་ཚ་མཆོག་འཛིན་པ་ལས་ཉམས་པ་ནི་གང་གླང་པོ་འདོད་པས་གླང་པོ་རྙེད་ནས་གླང་པོའི་རྗེས་འཚོལ་བའི་དཔེས་ཐག་པ ་མཆོག་ལས་ཉམས་པར་དོན་གྱིས་བསྟན་པ་ཡིན་ནོ།། ཆེད་དུ་བྱ་བ་ལས་ཉམས་པ་ནི་གང་རྒྱ་མཚོ་ཆེན་པོ་དང་། བ་ལང་གི་རྗེས་སུ་འགྲན་པས་དཔེས་ཆེད་དུ་བྱས་པ་ལས་ཉམས་པར་དོན་གྱི་བསྟན་པ་ཡིན་ནོ།། རྒྱུ་དང་འབྲས་བུའི་འབྲེལ་བ་ལས ་ཉམས་པ་ནི་གང་ཕྱ་མཁན་གྱིས་རྣམ་པར་རྒྱལ་བའི་གཞལ་མེད་ཁང་ཉི་མ་དང་། ཟླ་བའི་ཚད་ཀྱིས་གཞལ་ཡས་ཁང་བྱེད་པར་འདོད་པའི་དཔེས་རྒྱུ་དང་འབྲས་བུར་འཛོམ་པ་ལས་གོ་བཟློག་པ་སྟོན་པས་དེ་དང་རྗེས་སུ་འཐུན་པར་འགྲེལ ་པ་ལས་ཉམས་པར་དོན་གྱིས་བསྟན་པ་ཡིན་ནོ།། རྒྱུ་དང་འབྲས་བུ་འབྲེལ་པ་ལས་ཉམས་པ་ནི་བླ་ན་མེད་པའི་གནས་ལས་ཉམས་པ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། ཁམས་ཀྱི་རྒྱལ་ཕྲན་བསྐྲུན་པར་བྱེད་པའི་དཔས་ཆོས་ཀྱི་སྐུའི་གོ་བ་ཕངས ་ལས་ཉམས་པར་དོན་གྱིས་ཡང་བར་དུ་གཅོད་པོའི་བདུད་ཀྱི་ལས་ཉིད་བསྟན་པ་ཡིན་ནོ།། ཡུལ་རྣམ་པ་མང་པོ་ལ་རྣམ་པར་རྟོག་པའི་སྤོབས་པ་འབྱུང་བ་ནི་གང་ཆོས་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མེད་ཅིང་མི ་དམིགས་སོ་ཞེས་བསྟན་པ་ཡིན་ནོ།། ཆོས་ཀྱི་ཡུལ་དེ་ལ་སྤོབས་པ་མང་པོ་འབྱུང་བས་ཡི་གེར་འདྲི་བ་ལ་མངོན་པར་ཞེན་པ་དང་། དངོས་པོ་མེད་པ་ལ་མངོན་པར་ཞེན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྲིས་པའི་ཡི་གེ་ལ་མངོན་པར ་ཞེན་པ་དང་། འདིའི་ཡི་གེ་མེད་པ་ལ་མངོན་པར་ཞེན་པ་དང་། ཡུལ་ལ་སོགས་པ་ཡིད་ལ་བྱེད་པ་དང་། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པའི་རོ་མྱང་བ་དང་། ལམ་མ་ཡིན་པས་ཐབས་ལ་མཁས་པ་འཚོལ་བ་ཞེས་བྱ་བ་སྟེ། ་བར་དུ་གཅོད་པ་བདུན་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཡོད་པ་མ་ཡིན་པས་དངོས་པོ་མེད་པ་འདྲི་བར་མི་ནུས་པའི་ཕྱིར་དངོས་པོ་མེད་པ་ལ་མངོན་པར་ཞེན་པ་དང་། བྲིས་པའི་ཡི་གེ་ལ་དེ་ཡིན་པར་ཞེན་པ་དང་རྙེད་པ་དང་། བཀུར ་སྟི་དང་། ཚིགས་སུ་བཅད་པའི་རོ་མྱང་བར་བྱེད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བོར་ཏེ། བདུད་ཀྱིས་ཉེ་བར་བསྡུས་པའི་མདོ་སྡེ་རྣམས་ལས་ཐབས་ལ་མཁས་པ་འཚོལ་བ་ནི་བདུད་ཀྱི་ལས་ཉིད་དུ་བསྟན་པ་ཡིན་ནོ།། ་འདུན་པ་དང་། སྙོམས་ལས་ཀྱིས་ཉམས་པ་ནི་གང་ཡང་ཆོས་སྨྲ་བ་དང་། ཉན་པ་དང་། ཕན་ཚུན་དུ་མངོན་པར་འབྲེལ་བ་ནི་གང་གཅིག་ལ་གཅིག་འདུན་པ་དང་། སྙོམས་ལས་ཀྱིས་ཉམས་པ་ཉིད་དུ་བསྟན་པ་ཡིན་ནོ།། ། ་འདུན་པའི་ཡུལ་ཐ་དད་པས་ཉམས་པ་ནི་གང་ཡང་དེ་དག་ཉིད་གཅིག་ལ་གཅིག་འདུན་པ་དང་ལྡན་པ་དང་ལྡན་པ་ཡུལ་གཞན་དུ་འགྲོ་བར་འདོད་པ་ཉིད་དུ་བསྟན་པ་ཡིན་ནོ།། རྙེད་པ་དང་། བཀུར་སྟི་དང་། འདོད་ཞེ་ན་ཆུང་བ་ཉིད་ཀྱིས་ཉམས ་པ་ནི་གང་ཡང་དེ་དག་གཅིག་ལ་གཅིག་རྙེད་པ་ལ་སོགས་པ་ལྷུར་ལེན་པ་དང་། ཆོས་ཉན་པ་འདོད་པ་རླུང་བ་ལ་སོགས་པའི་ཚུལ་གྱིས་བསྟན་པ་ཡིན་ནོ།། དེ་བཞིན་དུ་སྦྱངས་པའི་ཡོན་ཏན་དང་ལྡན་པ་དང་། མི་ལྡན་པ་དག་དང་། དགེ་བ་དང་། ་མི་དགེ་བའི་ཆོས་ཉིད་དང་། གཏོང་བ་ལས་སེར་སྨྲ་བྱེད་པ་དང་། སྦྱིན་པ་ལ་ཀུན་དུ་འཛིན་པ་དང་། མགོ་སྨོས་པས་གོ་བ་དང་། རྣམ་པར་སྤྲོས་པས་གོ་བ་ཉིད་དང་། མདོ་ལ་སོགས་པའི་ཆོས་མངོན་པར་ཤེས་པ་དང་། མངོན་པར་མི་ཤེས་པ ་ཉིད་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་དང་། མི་ལྡན་པ་དང་། ཐབས་དང་། ཐབས་མ་ཡིན་པ་ལ་མཆིས་པ་དང་། གཟུང་ཐོབ་པ་དང་། མ་ཐོབ་པ་དང་། ཡི་གེར་འདྲི་བར་འདོད་པ་དང་། འདྲི་བར་མི་འདོད་པ་དང་། འདོད་པ་ལ་སོགས་པའི་འདུན ་པ་དང་། བྲལ་བ་དང་། མ་བྲལ་པོ་ཉིད་ཅེས་བྱ་བ་གོ་རིམ་བཞིན་དུ་འཆད་པ་པོ་དང་། ཉན་པ་པོ་དང་། སྔ་མ་དང་། ཕྱི་མ་འབྲེལ་པ་དང་། ཚོགས་པ་དང་མི་ལྡན་པ་རྣམ་པ་བཅུ་གཅིག་ནི་བར་ཆད་བཅུ་གཅིག་ཏུ་བསྟན་པ་ཡིན་ཏེ། གང་གཞན་ཡང་དེ ་དག་སྦྱངས་པའི་ཡོན་ཏན་དང་ལྡན་པ་དང་མི་ལྡན་པ་ནས་བརྩམས་ཏེ། ཡང་དེ་དག་ཉིད་ཕན་ཚུན་འདོད་པ་ལ་སོགས་པའི་འདུན་པ་དང་། བྲལ་བ་ཉིད་ཀྱིས་ཚོགས་པ་དང་། མི་ལྡན་པའི་ཕྱིར་བདུད་ཀྱིས་ལས་སུ་རིག་པར་བྱའོ་ཞེས་བྱ་བའི ་བར་དུ་བསྟན་པ་ཡི་ན་ནོ།། ངན་འགྲོ་ནི་ལས་ཕྱིར་ཕྱོགས་པ་ན་གང་གཞན་ཡང་ལ་ལ་ཞིག་དེར་འོངས་ཏེ། དམྱལ་བ་ལ་སོགས་པའི་མི་བསྔགས་པ་བརྗོད་ཅེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ།། བདེ་འགྲོར་འགྲོ་བ་ཡིད་བདེ་བ་ནི་གང་དེ་བཞིན་དུ ་རྒྱལ་ཆེན་བཞི་པའི་ལྷ་རྣམས་ལེགས་པར་བརྗོད་ཅེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ།། འདི་ནི་དང་པོར་ཉོན་པ་པོ་དང་། ཕྱིས་ཆོས་སྨྲ་བ་ངེས་པར་བྱས་པོའི་ཚོགས་པ་དང་མི་ལྡན་པ་ངེས་པར་བྱས་པ་ཡིན་ལ། ད་ནི་དང་པོར་འཆད་པ་པོ་དང་། ་ཕྱིས་ཉན་པ་པོའི་ངེས་པར་བྱས་པའི་ཚོགས་དང་མི་ལྗོན་པ་རྣམ་པ་བདུན་དུ་བརྗོད་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། འདིར་ཆགས་པ་དང་། ཉན་པ་དག་དང་། ཉན་པ་པོ་དང་། འཆད་པ་པོ་དང་། སྔོན་དང་ཕྱི་མར་བཞག་པས་བར་ཆད་རྣམས ་ལ་འཇུག་པར་འགྱུར། ཉོན་པ་པོ་དང་། འཆད་པ་པོ་གཉི་ག་སྔོན་དང་། ཕྱི་མ་གི་ཉི་ག་ལ་བརྟེན་པོ་ཉིད་དུ་ཤེས་པར་བྱ་བ་ཡིན་ནོ།། དེ་ལ་འམདཔ་པོ་དང་། ཉན་པ་པོ་དག་གིས་མངོན་པར་འགྲེལ་པའི་ཚོགས་པ་དང་མི་ལྡན་པ་ནི་འདི་ཡིན ་ཏེ། གང་འདི་ལྟར་གཅིག་པུ་ཉིད་དང་། འཁོར་ལ་དགའ་བ་ཉིད་འདོད་པའི་པ་ཉིད་ནི་རྗེས་སུ་འབྲེལ་པ་དང་། གོ་སྐབས་མི་འབྱེད་པ་ཉིད་དང་། ཟང་ཟིང་ཅུ་ཙམ་འདོད་པ་དང་། དེ་སྦྱིན་པར་མི་འདོད་པ་དང་། སྲོག་གི་བར་ཆད་དུ་འགྱུར་བ་དང་། བར ་ཆང་དུ་མི་འགྱུར་བའི་ཕྱོགས་སུ་འགྲོ་བ་དང་། མི་འགྲོ་བ་དང་། དེ་བཞིན་དུ་ལོ་ལེགས་པ་དང་། མུ་གེ་བྱུང་བ་ལ་སོགས་པའི་ཕྱོགས་སུ་འགྲོ་བ་དང་། མི་འགྲོ་བ་དང་། ཆོམ་རྐུན་ལ་སོགས་པའི་རྒྱུས་དཀྲུགས་པའི ་ཕྱོགས་སུ་འགྲོ་བ་དང་། མི་འགྲོ་བ་དང་། ཁྱིམ་ལ་ལྟ་བས་ཉན་པ་པ་འདོར་བས་བྱེད་པ་ནི་རབ་འབྱོར་ཆོས་སྨྲ་བ་ནི་གཅིག་པུ་སྟེ། ཟླ་མེད་ཅིང་བདག་གིར་བྱེད་པ་ཡིན་ལ། ཆོས་ཉན་པ་ནི་འཁོར་གྱི་ནང་ནས་ཞེས་བྱ་བ་ནས་བརྩམས་ཏེ། དགེ ་སློང་ཆོས་སྨྲ་བ་ནི་བསོད་སྙོམས་སྟེར་བའི་གྲོང་དུ་འགྲོ་དགོས་སོ་ཞེས་བྱ་བ་ནས་དེས་ཉན་པ་དེ་དག་ཕྱིར་ལྟོ་ག་པས་ཕྱིར་དྲོང་ནིས་ཞེས་བྱ་བའི་བར་དུ་བསྟོན་པ་ཡིན་ནོ།། བདུད་སྡིག་ཅན་གྱིས་དབྱེ་བའི་སྦྱོར་བ་ནི་གང་གཞན་ཡང་བདུད་སྡིག་ཏོ།། ་ཅན་འདི་སྐད་དུ། ངེད་ཀྱིས་ཁོང་དུ་ཇི་ལྟར་ཆུད་པ་འདི་ཡིན་གྱི་ཁྱོད་ཀློག་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ་ཞེས་དབྱིན་བྱེད་ཀྱི། ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་གང་ཡིན་པ་དེ་ནི་ཡང་དག་པའི་མཐའ ་མངོན་དུ་བྱེད་པར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་ཚོགས་པ་དང་མི་ལྡན་པའི་སྦྱོར་བས་ཞེས་བསྟན་པ་ཡིན་ནོ།། བཅོས་མ་ཉེ་བར་བསྒྲུབ་པ་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ནི་བདུད་ཀྱི་ལས་ཏེ། དེ་ཡོངས ་སུ་ཤེས་ན་ས་རྣམ་པར་སྤངས་པར་བྱའོ་ཞེས་བསྟན་པ་ཡིན་ནོ།། ཡུལ་ཇི་ལྟ་བ་བཞིན་མ་ཡིན་པ་ལ་དགའ་བ་བསྐྱེད་པ་ནི་གཞན་ཡང་བདུད་སྡིག་ཅན་དག་སངས་རྒྱས་ཀྱི་ཆ་བྱང་དུ་འོངས་པ་མཐོང་སྟེ། འདོད་པ་བསྐྱེད་པ་དང་། བདུད་ཀྱིས ་སྤྲུལ་པའི་བྱང་ཆུབ་སེམས་དཔའ་མཐོང་ནས་ཐམས་ཅད་མཁྱེན་པ་ཉིད་པོར་སྟེ། དེས་དེ་ལ་འདོད་པ་བསྐྱེད་པའོ།། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆོས་ཐམས་ཅད་ཡོད་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས ་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ།། སྐྱོན་བཞི་བཅུ་རྩ་དྲུག་ནི་བར་ཆད་དུ་གྱུར་པ་ཡིན་ནོ།། འཛམ་བུའི་གླིང་གི་རིན་པོ་ཆེ་ཆེན་པོའི་དཔེས་ནི་དེ་ལྟར་བར་ཆད་མང་པོས་ཡོངས་སུ་ཟིན་ཡང་བར་ཆད་ཀྱང་རྣམ་གྲངས་བསྟན ་པས་སྐྱེས་བུ་རྨོངས་པ་བདུད་ཀྱིས་བྱིན་གྱིས་བརླབས་པ། བློ་ཆུང་བུ་དང་། བློ་དམན་པ་དེ་དག་ལ་ཞེས་བྱ་བ་ནི་བར་ཆང་བྱེད་པ་ངེས་པ་ལུས་བཟློག་པ་བསྟན་པ་ཡིན་ནོ།། བར་ཆད་བྱེད་པ་མང་པོ་ཡོད་ཀྱང་དེ་ལ་སངས་རྒྱས་ཉིད་འཐོབ་པ་ནི ་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པའི་རྒྱུས་ཡིན་ནོ་ཞེས་བསྟན་ཏོ།། བར་ཆད་ཀྱི་ཆོས་སྐྱེས་པ་རྣམས་བསལ་བ་ཡིན་ནོ།། དཀར་པོའི་ཕྱོགས་མ་ལུས་པ་རྫོགས་པ་ནི་སངས་རྒྱས་ཀྱི་མཐུའི་རྒྱུ་ཉིད་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། བུ་མང ་པོ་ཡོད་པའི་དཔ.ོཾ་དེ་ལ་ཕྱོགས་བཅུའི་ས་རིངས་རྒྱས་འཇིག་རྟེན་གྱིས་ཁམས་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའི་འཕགས་པའི་གང་ཟག་ཐམས་ཅད་དེ་ལ་དགོངས་ཤིང་དེ་ལ་བརྩོན་པ་རྣམས་ལ་དེ་རྣམས་ཀྱི ་བསྲུང་བ་ལ་སོགས་པ་མཛོད་པ་ཉིད་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ངོ་ནི་སངས་རྒྱས་རྣམས་བསྐྱོད་པ་དང་། འཇིག་རྟེན་སྟོན་པར་བྱེད་པ་ཡིན་པའི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། བར་ཆད་ཀྱི་ཆོས་རྣམས་ཀྱི ་རྣམ་པར་འགྲེལ་པའོ།། ། སྦྱོར་བ་རྣམས་བསྟན་ནས་དེའི་མཚན་ཉིད་བརྗོད་པར་བྱ་དགོས་པ་དེའི་ཕྱིར། གང་གིས་མཚོན་ཏེ་མཚན་ཉིད་དུ།། ཤེས་བྱ་དེ་ཡང་ཤེས་པ་དང་།། ཁྱད་པར ་བྱེད་དང་རྣམ་གསུམ་སྟེ། མཚོན་ཆའི་ངོ་བོ་ཉིད་གང་ཡང་ཞེས་བྱ་བ་སྤྲོས་ཏེ། དེ་ལྟར་མཚན་ཉིད་བཞིར་འགྱུར་བར་རིག་པར་བྱ་སྟེ། དེ་ལ་ཤེས་པའི་མཚན་ཉིད་ཐམས་ཅད་ཤེས་པའི་དབང་དུ་མཛད་ནས་རེ་ཞིག་རྣམ་པ་བཅུ་དྲུག་ཏུ་འགྱུར་རོ།། ་གང་དག་ཡིན་ཞེ་ན། དེ་བཞིན་གཤེགས་པ་འབྱུང་བ་དང་།། འཇིག་རྟེན་འཇིགས་མེད་བདག་ཉིད་དང་།། སེམས་ཅན་སེམས་ཀྱི་སྤྱོད་པ་དང་།། དེ་བསྡུས་པ་དང་ཕྱིར་བལྟས་དང་།། མི་བཟང་པ་ཡི་རྣམ་པ་དང་།། ཆགས་བཅིས་སོགས ་དང་རྒྱ་ཚན་དང་།། ཆེན་པོར་གྱུར་དང་ཚད་མེད་དང་།། རྣམ་ཤེས་བསྟན་ཏུ་མེད་པ་དང་།། སེམས་ལྟར་མེད་དང་ཤེས་པ་དེ། གཡོ་བ་ལ་སོགས་ཤེས་བྱ་དང་།། དེ་ལ་གཞན་ཡང་དེ་དག་ནི། དེ་བཞིན་ཉིད་ཀྱི་རྣམ་པ་ཤེས།། ཐུབ་པ་དེ་བཞིན ་ཉིད་རྟོགས་དང་། གཞན་བསྟན་པ་ཞེས་བྱ་བ་དག། ཐམས་ཅད་ཤེས་པ་ཉིད་སྐབས་ཀྱི། ཤེས་པར་མཚན་ཉིད་བསྡུས་པ་ཡིན། ཞེས་བསྟན་པ་ཡིན་ནོ།། དེ་ལ་དེ་བཞིན་གཤེགས་པ་འབྱུང་བ་ཤེས་པ་ནི་གང་རྣམ་པ་ཐམས་ཅད་མངོན་པར ་བྱང་ཆུབ་པའི་དབང་དུ་མཛད་ནས་ཤེས་པའི་མཚན་ཉིད་སྟོན་པ་ཞེས་བྱ་བ་ནས་བརྩམས་ཏེ། སྟོབས་ལ་སོགས་པའི་བར་དུའོ་ཞེས་བསྟན་པ་ཡིན་ནོ།། རྣམ་པ་ཐམས་ཅད་མཁྱེན་པོ་ཉིད་ཀྱི་མཐར་ཐུག་པ་ནས་སངས་རྒྱས་སུ་བྱེད་པའི ་ཆོས་དེ་དག་བསྐྱེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡུམ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ།། འཇིག་རྟེན་འཇིག་པ་མེད་པར་ཤེས་པ་ནི་སྟོང་པ་ཉིད་ལ་སོགས་པ་ནི་འཇིག་པ་མ་ཡིན། རབ་ཏུ་འཇིག་པ ་མ་ཡིན་པའི་དོན་གྱིས་ནི། ཕུང་པོ་ལ་སོགས་པ་འཇིག་པ་མ་ཡིན། རབ་ཏུ་འཇིག་པ་མ་ཡིན་པ་ལ་སོགས་པའི་ཆོས་ཉིད་ངེས་པར་སྟོན་པར་བྱེད་པ་ཉིད་ཀྱི་ཕྱིར་འཇིག་རྟེན་སྟོན་པར་བྱེད་པ་ཉིད་དོ་ཞེས་བསྟན་པ་ཡིན་ནོ།། སེམས་ཅན་ཐམས ་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཤེས་པ་ནི་གང་ཞེ་ན། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་མཁྱེན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རག་ལས་པའི་ཕྱིར་དེ་ཡང་སེམས་ཅན་དུ་བཏགས་པའི་རྒྱུ་ཕུང་པོ་ལ་སོགས་པ་ནས་རྣམ་པ་ཐམས་ཅད་མཁྱེན ་པ་ཉིད་ཀྱི་བར་དམིགས་སུ་མེད་པ་ཉིད་ཀྱིས་འཇིག་རྟེན་སྟོང་པ་ཉིད་ཀྱི་ཕྱིར་རོ།། དེ་ཅིའི་ཕྱིར་ཞེ་ན། རེ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་དམིགས་སུ་མེད་པ་ཡིན་ནོ།། ཡང་ཇི་ལྟ་བུ་ཞིག་ཅེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད ་ཀྱི་བར་དུ་ཡོད་པ་འམ། དམིགས་པར་ག་ལ་འགྱུར་ཞེས་བྱ་བ་ནས་འཐད་པ་བསྟན་པ་ཡིན་ཏེ། ཞེས་བསྟན་པ་ཡིན་ནོ།། སེམས་བསྡུས་པ་དང་། དེ་རྣམ་པར་གཡེང་བ་ཞེས་བྱ་བ་ནི་གང་ཆོས་ཉིད་འདི་ལ་ཆོས་ཉིད་དེ་མི་དམིགས་ཏེ། ་དེ་ཉིད་སེམས་ཅན་ཐམས་ཅད་ཀྱི་སེམས་བསྡུས་པ་དང་། གཡེང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ་ཞེས་བསྟན་པ་ཡིན་ནོ།། སེམས་མི་བཟད་པའི་རྣམ་པར་ཤེས་པ་ནི་གང་ཡང་དེ་རྣམས་ཉིད་ཀྱིས་འདོད་པ་དང་བྲལ་བ་དང་། ་འགོག་པ་དང་། སྦྱོང་བའི་རྣམ་པ་མི་བཟུད་པའི་རྣམ་པ་རབ་ཏུ་མཁྱེན་པར་བསྟན་པ་ཡིན་ནོ།། སེམས་འདོད་ཆགས་དང་བཅས་པར་ཤེས་པ་ནི་གང་འདོད་ཆགས་དང་བཅས་པའི་སེམས་གང་ཡིན་པ ་དེ་ནི་སེམས་ཡང་དག་པ་ཇི་ལྟ་བ་ཉིད་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་དམིགས་སུ་མེད་དོ།། སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་དམིགས་སུ་མེད་ན། འདོད་ཆགས་དང་བཅས ་པའི་སེམས་ལ་སོགས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ལྟ་ཅི་སྨོས་ཤེས་བསྟན་པ་ཡིན་ནོ།། སེམས་རྒྱ་ཆེན་པོ་ཤེས་པ་ནི་གང་སེམས་ཀྱི་ངོ་བོ་ཉིད་དམིགས་སུ་མེད་པས་རྒྱ་ཆེ་བར་བྱེད་པའི་སེམས་རྒྱ་ཆེ་བ་ཡང་དག་པ་ཇི་ལྟ་བ་བཞིན ་དུ་རབ་ཏུ་མཁྱེན་ཏོ།། ཞེས་བསྟན་པ་ཡིན་ནོ།། སེམས་ཆེན་པོར་གྱུར་པ་ཤེས་པ་ནི་གང་དེ་བཞིན་དུ་སེམས་ཆེན་པོར་གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་བསྟན་པ་ཡིན་ནོ།། སེམས་ཚད་མེད་པ་ནི་སེམས་ཀྱི་རྒྱུན་ནི་རྟེན་མེད ་ཅིང་ཚད་མེད་པ་ནི་སེམས་དེ་དག་ལ་གང་ལ་གནས་པར་བྱ་བའི་རྟེན་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་དུ་འོ་ཞེས་བསྟན་པ་ཡིན་ནོ།། སེམས་བསྟན་དུ་མེད་པ་ཞེས་པ་ནི་གང་སེམས་ལ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི ་ཕྱིར་མཚན་ཉིད་མེད་པའི་སེམས་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ་ཞེས་བསྟན་པོ་ཡིན་ནོ།། སེམས་ལྟར་མེད་པ་ཤེས་པ་ནི་གང་དེ་བཞིན་གཤེགས་པའི་སྤྱན་ལྔ་ལ་སྣང་བར་མ་གྱུར་ཏོ་ཞེས་སྔ་མ་བཞིན་དུ་བསྟན་པ་ཡིན་ནོ།། ་སེམས་གཡོ་བ་ལ་སོགས་པ་ཤེས་པ་ནི་གང་སེམས་འཕྲོ་བ་དང་། འདུ་བ་ལ་སོགས་པའི་ཕུང་པོ་ལྔ་ལ་རྟེན་པས་སྐྱེ་ཞིང་འབྱུང་བར་འགྱུར་བ་ཉིད་དུ་སྔ་མ་བཞིན་ནོ་ཞེས་བསྟན་པ་ཡིན་ནོ།། དེ་ཡང་བདག་དང་འཇིག་རྟེན་རྟག་ཅེས་བྱ་བ་ནི་བདེན་གྱི ་གཞན་ནི་གཏི་མུག་གི་ཞེས་བྱ་བ་ནས་བརྩམས་ཏེ། སྲོག་གང་ཡིན་པ་དེ་ནི་ལུས་སོ།། ལུས་ཀྱང་གཞན་སྲོག་ཀྱི་པ་གཞན་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ལ་བརྟེན་པའོ་ཞེས་བསྟན་པ་ཡིན་ནོ།། དེ་བཞིན་ཉིད་ཀྱི་རྣམ་པར་ཤེས་པ་ནི་གང ་ཡང་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཕུང་པོ་ལྔའི་དེ་བཞིན་དུ་མཁྱེན་པས་བཅུམ་པ་ལ་སོགས་པ་ཡོངས་སུ་མཁྱེན་པ་ཉིད་དོ།། ཞེས་བསྟན་པ་ཡིན་ནོ།། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་དེ་བཞིན་ཐུགས་སུ་ཆུད་པ་གཞན་དག ་ལ་ཡང་དག་པར་བསྟན་ཅིང་བརྟགས་པར་ཞེས་བྱ་བར་ཤེས་པོ་ནི་གང་རབ་འབྱོར་དེ་ལྟར་སེམས་འཕྲོ་བ་ལ་སོགས་པ་དེ་བཞིན་ཉིད་ཅེས་བྱ་བ་ནས་བརྩམས་ཏེ། ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས ་པས་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བཤད་དོ།། དེ་བས་ན་དེ་ཡིས་དེ་བཞིན་གཤེགས་པའི་ཡུམ་ཡིན་པའི་ཕྱིར་འདི་ལྟར་འཇིག་རྟེན་སྟོན་པར་བྱེད་དོ་ཞེས་བསྟན་པ་ཡིན་ནོ།། འདི་སྐད་དུ་ཐམས་ཅད་ས ་པ་ཉིད་ཀྱི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་དེ་བཞིན་གཤེགས་པ་བསྐྱེད་པའི་ཕྱིར་འཇིག་རྟེན་སྟོན་ཏོ་ཞེས་བསྟན་ཏོ།། ད་ནི་ལམ་གྱི་རྣམ་པར་ཤེས་པ་ཉིད་བསྐྱེད་པས་འཇིག་རྟེན་སྟོན་པར་བྱེད་པ་རྣམ་པ་བཅུ་གསུམ་གྱི་དེ་བང་དུ་མཛད་ནས ་སྟོང་ཉིང་མཚན་མ་མེང་བཅས་དང་། སྨོན་པ་རྣམ་པར་སྤང་བ་དང་། སྐྱེ་མང་འགག་པ་མེད་སོགས་དང་། འཁྲུག་པ་མང་པ་ཉིད་དང་ནི། འདུ་མ་བྱང་དང་རྣམ་མི་རྟོག། རབ་དབྱེ་མཚན་ཉིད་མེད་ཉིད་ལ། ལམ་ཤེས་ཉིད ་སྐབས་ཀྱིས་ནི། ཤེས་པའི་མཚན་ཉིད་ཡིན་པར་བཞེད་ཅེས་སྨོས་ཏེ། དེ་ལ་སྟོང་པ་ཉིད་ཤེས་པ་ནི་གང་དེའི་མཚན་ཉིད་ཀྱི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ།། མཚན་མ་མེད་པར་ཤེས་པ་ནི་གང་དེའི་མཚན་མ་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། ་ཞེས་བསྟན་པ་ཡིན་ནོ།། སྨོན་པ་མེད་པ་ཤེས་པ་ནི་གང་དེའི་མཚན་ཉིད་སྨོན་པ་མེད་པ་ཉིད་དོ་ཞེས་བསྟན་པ་ཡིན་ནོ།། སྐྱེ་བ་མེད་པ་དང་། འགག་པ་མེད་པ་ཤེས་པ་ནི་གང་དེའི་མཚན་ཉིད་སྐྱེ་བ་མེད་པ་དང་། འགག་པ་མེད་པའི་ཕྱིར་རོ་ཞེས ་བསྟན་པ་ཡིན་ནོ།། སོགས་པ་སྨོས་པ་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་དང་། རང་བཞིན་ཤེས་པ་ཉིད་དང་། རྟེན་མེད་པའི་ཤེས་པ་དང་། ནམ་མཁའི་མཚན་ཉིད་དུ་ཤེས་པ་བསྡུ་བར ་རིག་པར་བྱའོ་ཞེས་གང་བསྟན་པ་ཡིན་ནོ། གང་ཀུན་ནས་ཉོན་མོངས་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་དང་། རྟེན་མེད་པའི་མཚན་ཉིད་མེད་པའི་ཕྱིར་དང་། ནམ་མཁའི་མཚན་ཉིད་ཅེས་བསྟན་པ་ཡིན་ནོ།། ཆོས་ཉིད་འཁྲུག ་པ་མེད་པ་ཞེས་བྱ་བ་ནི་གང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཡང་མཚན་ཉིད་དེར་ཟད་པས་མཚན་ཉིད་དེ་ནི་རྣམ་པར་འཁྲུག་པར་མི་ནུས་སོ་ཞེས་བསྟན་པ་ཡིན་ནོ།། མངོན་པར་འདུ་བྱེད་པ་མེད་པར་ཤེས་པ་ནི་གང ་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མཚན་ཉིད་དེ་དག་མངོན་པར་འདུ་མ་བྱས་པ་ཉིད་དོ་ཞེས་བསྟན་པ་ཡིན་ནོ།། རྣམ་པར་མི་རྟོག་པ་ཤེས་པ་ནི་གང་མཚན་ཉིད་དེ་དག་རྣམས་ཟག་པ་དང་བཅས་པ་དང་། ཟག་པ་མེད ་པ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། འདུས་བྱས་པའི་དངོས་པོ་བཀག་པས་ནམ་མཁའི་དཔེས་ལམ་ཤེས་པའི་དབང་དུ་མཛད་ནས་ཡང་དག་པར་བསྟན་པ་ཡིན་ནོ།། རབ་ཏུ་དབྱེ་བ་ཤེས་པ་ནི་གང་ཡང ་དེ་བཞིན་གཤེགས་པ་བྱུང་ཡང་རུང་།། མ་བྱུང་ཡང་རུང་ཞེས་བྱ་བ་ནས་བརྩམས་ཏེ། དེ་ལ་སྤྱད་པས་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་ཏེ། མཚན་མ་ཐམས་ཅད་ཀྱི་རབ་ཏུ་དབྱེ་བ་མཛད་པ་ནི་ངོ་མཚར ་ཆེའོ་ཞེས་བྱ་བའི་བར་གྱིས་ལམ་ཤེས་པའི་དབང་དུ་མཛད་ནས་བསྟན་པས་འབྲས་བུ་སེམས་ཅན་གྱི་དོན་བྱེད་པ་ཡིན་པར་གསལ་བར་བྱ་བའི་ཆེད་དུ་ཞེས་བསྟན་པ་ཡིན་ནོ།། མཚན་མ་མེད་པའི་ཤེས་པ་ནི་གང་གཟུགས་ལ ་སོགས་པའི་མཚན་ཉིད་རྣམས་དང་། ཡོངས་སུ་གཏོང་བའི་མཚན་ཉིད་ལ་སོགས་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་སོ།། བསམ་གཏན་དང་། ཚད་མེད་པ་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ནི་མི་འཁྲུགས ་པའི་མཚན་ཉིད་དོ།། བྱང་ཆུབ་ཀྱི་ཕྱོགས་ནི་ངེས་པར་འབྱུང་བའི་མཚན་ཉིད་དོ།། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་མངོན་སུམ་དུ་མཛད་པའི་མཚན་ཉིད་དོ་ཞེས་བྱ་བ་ནས་དེ་ནི་དེ་བཞིན་གཤེགས་པས་མཚན་ཉིད་མེད་པར ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བའི་བར་དུརོ་ཞེས་བསྟན་པ་ཡིན་ནོ།། དེ་བཞིན་དུ་ལམ་ཤེས་པ་ཉིད་ཀྱི་སྒོ་ནས་དེ་བཞིན་གཤེགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེད་པར་བྱེད་པ་ཡིན ་པའི་ཕྱིར་རོ།། དེ་ལས་གཞན་ཇི་ལྟ་བ་བཞིན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོན་པ་ཤེས་པའི་དབྱེ་བ་བཅུ་བཞི་ལས་བརྩམས་ནས། དེ་ནི་ཉིད་ཀྱི་ཆོས་བརྟེན་ནས།། གནས་དང་གུས་པར་བྱ་བ་དང་། བླ་མ་ཉིད་དང་མཉེས་པ་དང་། ་མཆོད་དང་བྱེད་པ་མེད་ཉིད་དང་།། ཀུན་འཇུག་མཁྱེན་པ་གང་ཡིན་དང་།། མ་མཐོང་སྟོན་པར་མཛད་པ་དང་། འཇིག་རྟེན་སྟོང་ཉིད་ཞེས་བྱ་དང་། བརྗོད་དང་ཤེས་མཛད་མངོན་སུམ་དང་།། བསམ་མི་ཁྱབ་དང་ཞི་ཉིད་སྟོན། འཇིག་རྟེན་འདུ་ཤེས ་ཤེས་འགོག་པ་ནི། རྣམ་ཀུན་མཁྱེན་པའི་ཚུལ་ལ་ནི། ཤེས་པའི་མཚན་ཉིད་ཅེས་བཤད་དོ།། ཞེས་བྱ་བ་བསྟན་ཏེ། དེ་ལ་དེ་བཞིན་གཤེགས་པ་ཉིད་ཀྱི་ཆོས་ལ་བརྟེན་ནས་བཞུགས་པའི་ཤེས་པ་ནི་ཤེས་པ་གང་། གང་གི་བསྐྱོད་པ ་དང་། སྟོན་པ་ཉིད་ཡིན་ན། ཇི་སྐད་དུ། རབ་འབྱོར་རྒྱུས་ངེས་དེ་བཞིན་གཤེགས་པ་ཉིད་ཀྱི་ཆོས་ལ་བརྟེན་ནས་བཞུགས་སོ་ཞེས་བསྟན་པ་ཡིན་ནོ།། དེ་ལ་གུས་པར་བྱ་བ་དང་། བླ་མེར་བྱ་བ་དང་། མཉེས་པར་བྱ་བ་དང་། མཆོད་པར ་བྱ་བའི་ཤེས་པ་ནི་གང་དེ་ལྟར་ཆོས་ལ་རིམ་གྲོ་མ་ཛད་པ་དང་། བཀུར་སྟི་མཛད་པ་དང་། མཆོད་པར་མཛད་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མངོན་པར་རྫོགས་པར་བྱང་ཆུབ་པོ་ཞེས་བྱ་བར་འབྲེལ་ཏོ།། སླར་མཛད་པ་མེད་པ་ཉ ་བར་བཟུང་ནས་བྱས་པ་གཟོ་བའི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། བྱེད་པ་མེད་པ་ཤེས་པ་ནི་གང་བྱེད་པ་པོ་མེད་པ་དང་ཉེ་བར་བཟུང་ནས་ཆོས་ཐམས་ཅད་བྱེད་པ་མེད་པར་རྫོགས་པར་སངས་རྒྱས་སོ་ཞེས་བསྟན་པ་ཡིན་ནོ།། ཐམས་ཅད་དུ་འགྲོ ་བ་ཤེས་པ་ནི་གང་ཡང་ཆོས་ཐམས་ཅད་བྱེད་པ་མེད་པ་ལ་ཡེ་ཤེས་འཇུག་པའི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། མ་མཐོང་བའི་དོན་བསྟན་པ་ནི་གང་། གཟུགས་མཐོང་བ་མེད་པ་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་ལ་མཐོང་བ་མེད་པའི ་ཕྱིར་རྣམ་པར་ཤེས་པ་མི་འབྱུང་བའི་དོན་གྱིས་ན་མཐོང་བ་མེད་པའི་གཟུགས་ལ་སོགས་པ་མཐོང་བ་དེ་ནི་འཇིག་རྟེན་སྟོན་པ་ཉིད་ཡིན་ནོ་ཞེས་བསྟན་པ་ཡིན་ནོ།། སྟོང་པ་ཉིད་ཀྱི་རྣམ་པ་བརྗོད་པ་ཤེས་པ་ནི་གདུལ་བྱ་རྣམས་ཡང་དག་པར་བསྡུས་པ ་སྟེ། གང་ཡང་འཇིག་རྟེན་འདི་སྟོན་པའོ་ཞེས་བརྗོད་པ་ལ་སོགས་པས་སྟོང་པའོ་ཞེས་བསྟན་པ་ཡིན་ནོ།། ཐམས་ཅད་མཁྱེན་པ་གསུམ་ལ་དགོངས་ནས། འཕགས་པའི་གང་ཟག་གསུམ་གྱི་དབང་དུ་མཛོད་དེ། གོ་རིམ་བཞིན་དུ་ཕྱོགས ་གཅིག་ཏུ་འཇུག་པ་དང་། ཆེད་དུ་བྱ་བའི་འཇུག་པ་དང་། མངོན་སུམ་དུ་བྷ་བའི་འཇུག་པའི་དབང་དུ་མཛད་ནས་སྟོན་པ་དང་། ཤེས་པ་དང་། མཐོང་བ་ཡིན་པར་ཤེས་པར་བྱའོ།། བསམ་གྱི་མི་ཁྱབ་པ་ཤེས་པ་ནི་གང་གཞན་ཡང་བསམ་གྱིས ་མི་ཁྱབ་པ་སྟོན་པའོ་ཞེས་བསྟན་པ་ཡིན་ནོ།། ཞི་བ་ཤེས་པ་ནི་གང་འདི་ནི་ཞི་བའོ།། སྟོན་པའོ་ཞེས་བསྟན་པ་ཡིན་ནོ།། འདུ་ཤེས་འགོག་པ་ཤེས་པ་ནི་གང་ཡང་ཆོས་རྣམས་མེད་པ་ཉིད་ཀྱི་ཇི་ནས་འཇིག་རྟེན་འདིའི་འདུ་ཤེས་དང་། འཇིག་རྟེན ་ཕ་རོལ་གྱི་འདུ་ཤེས་སུ་མི་འགྱུར་བ་དེ་ལྟར་གཟིགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་དེ་བཞིན་གཤེགས་པ་བསྐྱེད་པས་འཇིག་རྟེན་གཟིགས་པར་མཛད་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ།། ་གྱིནམ་པ་པ་འགྲེལ་པའོ།། ཤེས་པའི་མཚན་ཉིད་བསྟན་ནས་ཁྱད་པར་གྱི་མཚན་ཉིད་བརྗོད་པར་བྱ་བའི་ཕྱིར། བསམ་མི་ཁྱ་བ་སོགས་ཁྱད་པར་གྱིས།། བདེན་པ་ལ་བརྟེན་ཁྱད་པར་ཙན། དྲུག་རྣམས་དང་ནི་བཅུ་ཡིས ་ནི། ཁྱད་པར་མཚན་ཉིད་ཤེས་པར་བྱ།། ཞེས་བསྟན་པ་ལ་བདེན་པའི་རྟེན་ཙམ་ཞེས་བྱ་སྟེ། འཕགས་པའི་འཛིན་པ་པོཞིའི་སྤྱོད་ཡུལ་ཅན་ནོ།། ཁྱད་པར་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པའོ།། ངུ་ཞིག་ཅེ་ན། དྲུག་དང་བཅུ་ཞེས་བྱ་བ་སྨོས་ཏེ། ་བབསམ་སྨོས་མི་ཁྱབ་པའི་ཁྱད་པར་སྡུག་བསྔལ་ལ་ཚིས་ཤེས་པའི་བཟོད་པས་བསྡུས་པ་ནི་ཁྱད་པར་གྱི་མཛན་ཉིང་བསམ་གྱིས་མི་ཁྱབ་པ་དེ་བཞིན་གཤེགས་པོའི་ཆོས་ཞེས་བྱ་སྟེ། བསམ་པ་ལས་འདས་པའི་ཕྱིར་རོ།། རབ་འབྱོར་གཟུགས ་དབུམ་གྱིས་མི་ཁྱབ་། ཚུར་བ་འི་སོགྶསྟེ་པ་དྨང། དེ་བཞིནདུ་ཎཱ་མུ་རྦཱ་གྲཱསྟྲ་བྷེནསྱ་དགྲོ་བཅོཾ་དྷའི་ཡེ་སྱཱ་དང་། སྦྱངས་པ་ནི་བྱང་ཆུབ་སེམས་དཔའི་བཟོ་བ་ཡིན་པོར་བརྗོད་དོ།། མ་མཉས་པ་ཉིད་མི་བྱུང་བར་སྡུག་བཅཝག་པ ་རྗེས་ས་པོ་ས་མམཉམ་པནས་ཀྱ་ནིམ་ས་པའི་ཕྱི་རོ།། རབ་འབྱོར་གཟུམས་མིམཉས་པ་ཞེས་ཀྱི་པོ་ལ་སོགས་པ་གསུས་སེཤེས་བདུན་པ་ཡིམམ། ཆང་མེང་པའི་ཀྱང་ཀྱི ་ཤེས་པའི་བཟོད་པས་བསྡུས་པ་ནི་གང་ཚད་མེད་པ་ཞེས་བྱ་བ་ནི་ཚད་ལས་ཡང་དག་པར་འདས་པའི་ཕྱིར་རོ།། རབ་འབྱོར་གཟུགས་ཀྱང་ཚད་མེད་ངོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ་ཞེས་བསྟན་པ་ཡིན་ནོ།། གྲངས་མེད་པའི་ཁྱད་པར་སྡུག་བསྔལ ་ལ་རྗེས་སུ་ཤེས་པས་བསྡུས་པ་ནི་གྲངས་མེད་པ་ཞེས་བྱ་བ་ནི་བགྲང་བ་ལས་འདས་པའི་ཕྱིར་རོ།། རབ་འབྱོར་གཟུགས་ཀྱང་གྲངས་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ་ཞེས་བསྟན་པ་ཡིན་ནོ།། མི་མཉམ་པ་དང་མཉམ་པའི་ཁྱད་པར་ནི ་བསྟན་པར་གྱུར་པའི་ཕྱིར་རྒྱུའི་ཁྱད་པར་གྱི་སྒོ་ནས་ཐམས་ཅད་ལ་ཉེ་བར་དགོངས་པར་ཤེས་པར་བྱའོ།། ཡང་ན་བསྔལ་ལ་ཆོས་ཤེས་པ་དང་། རྗེས་སུ་ཤེས་པ་འདི་གཉིས་ཁྱད་པར་དུ་འཕགས་པའི་མཐར་ཕྱིན་པས་མྱི་མཉམ་པའི ་སངས་རྒྱས་དང་མཉམ་པར་གྱུར་པ་ལ་མི་མཉམ་པ་དང་མཉམ་པ་ཞེས་བྱའོ་ཞེས་བསྟན་པ་ཡིན་ནོ།། མཉམ་པ་དང་མི་མཉམ་པ་ལས་ཡང་དག་པར་འདས་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་གནས་དང་། སྐྱོབ་པ་ཡིན་པའི ་ཕྱིར། དེ་བཞིན་གཤེགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་མཛད་པ་ཆེན་པོས་ཉེ་བར་ཞུགས་པ་ཡིན་པའི་ཕྱིར་རོ།། ཉན་ཐོས་ལ་སོགས་པ་ལ་ཡང་ཆོས་ཤེས་པའི་བཟོད་པའི་མཚན་ཉིད་ཡོད་པར་མཚུངས་པ་མ་ཡིན་ནམ། ་ཡིང་ཅིའི་ཕྱིར་དེ་བཞིན་གཤེགས་པ་དེ་ལྟར་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ཆོས་ཀྱི་ཁྱད་པར་དུ་འཕགས་པ་བསྟན་ཏེ། རབ་འབྱོར་གཟུགས་ཀྱང་བསམ་གྱིས་མི་ཁྱབ་པོ་ཞེས་བྱ་བ་ནས་བརྩམ་ཏེ། རྣམ་པ་ཐམས་ཅད ་མཁྱེན་པ་ཉིད་ཁར་དྲུངས་པོ་རྣམས་རང་བརྙན་མང་བའི་ཕྱུང་བས་སྠཱ་ནས་མ་ཁྱབ་པ་ཉིད་དང་། མི་པགས་པ་ཉུང་ཐུགས་སུ་ནདྷཱ་འི་བྱུང་དུ་བཞིན་གྷ་ཤེགསྭཱ་པཱ་ལཱ་བསས་རྒྱས་མ་ཁྱུ་བུ་ལ་སོགས ་པ་བརྗོད་པར་རིག་པ་ཡིན་ནོ།། གཞན་ཡང་ནམ་མཁའི་དཔེས་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ཆོས་བསྟོན་པ་དེ་བཞིན་གཤེགས་པས་མཁྱེན་པས་གསལ་བར་ཐུན་མོང་མ་ཡིན་པའི་ཕྱིར་རོ།། ཟག་པ་མེང་པོའི་ཆོས་བསྟན་པ ་རྒྱུ་ཕུན་སུམ་ཚོགས་པས་འབྲས་བུ་མེད་པ་མ་ཡིན་ནོ་ཞེས་བསྟན་པ་ནི་དུ་མ་ཟག་པ་མ་ལུས་པ་ལས་སེམས་གྲོལ་བ་ལ་སོགས་པ་ཡང་དག་པར་འཛིན་ཏེ། དེ་བསྟན་པའི་ཚེ་འབྲས་བུ་ཐོབ་བོ་ཞེས་བསྟན་ཏོ།། འཕགས་པའི་གང་ཟག ་ཐམས་ཅད་སྡུད་པར་བྱེད་པའི་ཁྱད་པར་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པས་བསྡུས་པ་ནི་གང་ཡང་བློན་པོའི་དཔེས་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཤེས་ར ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཡང་དག་པར་ལྡན་པ་ཉིད་ཀྱིས་མཛད་པ་ཆེན་པོ་ལ་སོགས་པས་ཉེ་བར་གནས་པ་ཉིད་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། གཟུགས་སུ་ཡོངས་སུ་འཛིན་པ་དང་། མངོན་པར་ཆགས་པ་མེད་དོ་ཞེས་གསུངས་པས ་བསྟན་པ་ཡིན་ནོ།། དེ་བས་ན་ཐུགས་སུ་ཆུད་པ་ཐུན་མོང་མ་ཡིན་པའི་འཐད་པ་ཡིན་ནོ།། སྐྱེས་བུའི་ཁྱད་པར་གྱིས་རིག་པར་བྱ་བའི་ཁྱད་པར་ཀུན་འབྱུང་ལ་ཆོས་ཤེས་པས་བསྡུས་པ་ནི་གང་འདི་ནི་ཆ་ཕྲ་བ། མཁས་པ། གསལ ་བ་ཡིད་གཞུང་བས་ཤེས་པར་བྱ་བ་ཡིན་པར་བསྟན་པ་ཡིན་ནོ།། དེ་ལ་ཕྲ་བ་ནི་དེ་ཁོ་ན་ཉིད་ཀྱི་དོན་ལ་འཇུག་པའི་ཕྱིར་ཕྲ་བའོ།། མ་ལུས་པའི་དོན་ལ་འཇུག་པའི་ཕྱིར་མཁས་པ་སྟེ། ཇི་ལྟ་བ་དང་། ཇི་སྙེད་པའི་ངོ་བོ་རྟོགས་པའི་ཕྱིར་རོ།། ། ་དེ་དག་ཀྱང་རྣམ་པ་གཉིས་ཏེ། མཁས་པ་ཞེས་བྱ་བ་ནི་སྔོན་བློ་ཡོངས་སུ་སྦྱངས་པ་དང་། སོ་སོའི་སྐྱེ་བོས་སྐྱེ་བས་ཐོབ་པས་དོན་དེ་གཉི་ག་ལ་འཇུག་ནུས་པ་ནི་ཤེས་རབ་དང་ཡང་དག་པར་ལྡན་པའོ།། ཡིད་གསལ་བ་ནི་བདེན་པ་མཐོང ་བས་དོན་དེ་གཉི་ག་ལ་འཇུག་པའི་ཤེས་པོ་ཡོད་པས་ཡིད་གསལ་བའོ།། ཐུང་མ་ཡིན་པའི་ཁྱད་པར་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པས་བསྡུས་པ་ནི་གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས ་ཅན་གྱི་གྲངས་སྙེད་འདས་པས་རྗེས་སུ་འབྲངས་པ་ནས་རང་སངས་རྒྱས་ཀྱི་བར་དུ་གྱུར་པའི་ཤེས་པ་དང་། སྤང་བ་ལས་འདི་ཉིད་ལ་མོས་པ་ལ་སོགས་པ་མཆོག་ཏུ་འགྱུར་རོ་ཞེས་བསྟན་པ་ཡིན་ནོ།། མྱུར་དུ་ཤེས་པའི་ཁྱད་པར ་ཀུན་འབྱུང་ལ་རྗེས་སུ་ཤེས་པས་བསྡུས་པ་ནི་གང་འདི་ནི་ཕུལ་དུ་བྱུང་བའི་ཆོས་ཡིན་པར་རྒྱ་ཆེར་བ་ཤད་པས། ཉན་ཐོས་ཀྱི་ཐེག་པ་ལ་བལྟོས་ནས་འདི་ཉིད་ལ་མངོན་པར་བརྩོན་པ་རྣམས་མྱུར་དུ་མྱ་ངན་ལས་འདའ་བོ་ཞེས ་བསྟན་པ་ཡིན་ནོ།། ཉུང་བ་དང་། མང་བ་མེད་པའི་ཁྱད་པར་འགོག་པ་ལ་ཆོས་ཤེས་པའི་བཟོད་པས་བསྡུས་པ་ནི་གང་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་མྱ་ངན་ལས་འདས ་སུ་ཟིན་ཀྱང་འདི་ལ་འཕེལ་བ་འམ། འགྲིབ་པ་མེད་པ་ནི་ཕ་རོལ་ཏུ་ཕྱིན་པ་ཆེ་བ་ཉིད་ཀྱི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ།། དྲག་ཏུ་བསྒྲུབ་པའི་ཁྱད་པར་འགོག་པ་ལ་ཆོས་ཤེས་པས་བསྡུས་པ་ནི་གང་བ་དྲུས ་མ་བེའུ་མི་འདོར་བའི་དཔེས་ཐོས་པ་དང་བཅས་པའི་མོས་པ་ལ་སོགས་པ་དང་ལྡན་པ་སྔོན་གྱི་ཐོས་པ་ལ་སོགས་པའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ།། ཡང་དག་པའི་སྦྱོར་བའི་ཁྱད་པར་འགེག་པ་ལ་རྗེས་སུ་ཤེས་པའོ།། ་བཟོད་པས་བསྡུས་པ་ནི་གང་ཡང་དེ་ཉིད་སངས་རྒྱས་མང་པོ་ལ་བསྙེན་པས་དགའ་ལྡན་ནས་ཤི་འཕོས་ནས་འདིར་སྐྱེས་པ་ཉིད་སྐྱེ་བ་སྔ་མར་ཡང་ཡོངས་སུ་དྲི་བ་མ་བྱས་པ་དང་ལྡན་པ་ནི་འདི་ལ་ཡིད་གཉིས་ལྡན་པས་དེ་བཞིན་དུ་ནང་སྟོང ་པ་ཉིད་མ་ཐོས། ཡོངས་སུ་དྲི་བ་མ་བྱས་ཞེས་བྱ་བ་ནས་བརྩམས་ཏེ། དེ་དག་ནི་གཉིས་སུ་ལྟུང་ཞིང་འདོད་པ་ཡིན་ཏེ། སྔོན་གྱི་རྒྱུའི་བག་ཆགས་ཀྱི་རྒྱུན་ཆད་ཅིང་སྤྱོད་པ་ཡིན་ཏེ། ཞེས་བསྟན་པ་ཡིན་ནོ།། དམིགས་པའི་ཁྱད་པར་འགོག ་པ་ལ་རྗེས་སུ་ཤེས་པས་བསྡུས་པ་ནི་གང་ཡང་རྒྱོ་མཚོར་གྲུ་ཞིག་པའི་ངར་ཆང་དང་བཅས་པ་དང་། བར་ཆད་མེད་པ་དག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པའི་མཚན་མ་དམིགས་པ་དང་དམིགས་པ་མེད་པའི་དབང་དུ་མཛད་ནས ་འཁོར་བའི་རྒྱ་མཚོ་ལས་རྒྱ་ལ་བའི་དོན་ནོ་ཞེས་སྙན་པ་ཡིན་ནོ།། རྟེན་གྱི་ཁྱད་པར་ལམ་ལ་ཆོས་ཤེས་པའི་བཟོད་པས་བསྡུས་པ་ནི་གང་ཡང་བུམ་པ་སོ་བཏང་བ་དང་། མ་བཏང་བའི་དཔེས་སྒྲུབ་པའི་ཆོས་བཞི་མེད་པ་དང་། གཞི ་ཡོད་པར་བསྟན་པའི་དོན་གྱིས་སོ་ཞེས་བསྟན་པ་ཡིན་ནོ།། རྒྱུ་ཚེགས་པའི་ཁྱད་པར་ལས་ཆོས་ཤེས་པས་བསྡུས་པ་ནི་གང་ཡང་རྒྱ་མཚོར་གྲུ་ཟག་ལྷན་བྱས་པ་དང་། མ་བྱས་པའི་དཔེས་སྒྲུབ་པ་ཚང་བ་དང་། མ་ཚང་བའི་དོན་གྱིས ་གཟུགས་ནས་རྣམ་པ་ཐམས་ཅང་མཁྱེན་པ་ཉིད་ཀྱི་བར་ལ་ཡང་ཡོངས་སུ་རྟོག་པ་ཡིན་ནོ་ཞེས་བྱ་བ་ཐམས་ཅད་ཤེས་པ་ཉིད་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་དབང་དུ་བྱས་ནས་ག་སུངས་པ་ཉིད་ལས་དམིགས་པའི་སྒོམ་པའི ་ཁྱད་པར་རབ་ཏུ་བསྐྱེད་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པའི་ཁྱད་པར་ངོ་བོ་སྟོན་པའི་དོན་གྱིས་ཞུས་པ་ལ། རབ་འབྱོར་བྱང་ཆུབ་སེམས་དཔའ་ཆེན་པོ་ནི་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་རྟོག ་པ་མ་ཡིན་ནོ་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་སངས་རྒྱས་རྣམས་ཀྱི་དེ་བཞིན་ཉིད་དེ་ཞེས་བྱ་བ་ནས་རྣམ་པ་ཉིད་ཀྱི་དེ་བཞིན་ཉིད་ལ་དམིགས་པའི་ཁྱད་པར་ཤེས་པའི་དོན་གྱི ་ལན་སོ་སོར་བསྟན་པས་སོ་ཞེས་བསྟན་པ་ཡིན་ནོ།། གལ་ཏེ་དེ་ལྟ་ནི་ཡིན་ན་སྡིག་པའི་ཆོས་རྣམས་ཐམས་ཅད་དེ་བསྟན་པ་ཡིན་ནོ།། ཡོངས་སུ་གཟུང་བའི་ཁྱད་པར་ལམ་ལ་རྗེས་སུ་ཤེས་པའི་བཟོད་པས་བསྡུས་པ་ནི་གང་ཡང་སྐྱེས་བུ ་རྒས་ཤིང་ཉམས་ཆུང་བའི་དཔེས་ལྷན་ཅིག་བྱེད་པའི་རྒྱུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་ལ་མཁས་པས་ཡོངས་སུ་བཟུང་བ་དང་། ཡོངས་སུ་མི་བཟུང་བར་ལྡན་པས་འཁོར་བ་དང་། མྱ་ངན་ལས་འདས་པར་ལྟུང་བ་དང་། ་མི་ལྟུང་བར་བསྟན་པའི་དོན་ལ་སོགས་པའོ་ཞེས་བསྟན་པ་ཡིན་ནོ།། ཡང་ཐབས་ལ་མི་མཁས་པ་དང་། ཐབས་ལ་མཁས་པ་ཇི་ལྟ་ཡུན་མ་ངར་འཛིན་པ་དང་། ང་ཡར་འཛིན་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ནི་ཐབས། ་ལ་མི་མཁས་པས་གཉིས་སུ་ལྷུང་ངོ་།། དེ་ལྔས་བཟློག་པ་ནི་ཐབས་ལ་མཁས་པ་ཡིན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་ངོ་ཞེས་བསྟན་པ་ཡིན་ནོ།། རོ་མྱང་བ་མེད་པའི་ཁྱད་པར་བཅུ་དྲུག་ལམ་ལ་རྗེས་སུ་ཤེས་པས་ཡང་དག ་པར་བསྡུས་པ་ནི་གང་རང་བཞིན་མེད་པའི་ཕྱིར་ཆོས་ཐམས་ཅད་ཀུན་ཏུ་རྟོག་པ་དང་། རེ་བ་མེད་པའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དགེ་བའི་རྩ་བ་རྣམས་བསྔོ་བ་བྱེད་ཅིང་བསྟེན་པ་ཉིད་ལ་སོགས་པའོ།། ཞེས་བསྟན་པ ་ཡིན་ནོ། བཤད་མ་ཐུག་པའི་ལྐུགས་པས། བསྟན་པའི་དོན་གང་ཡིན་པ་དེ་ཚིགས་སུ་བཅད་པས་ཕྱིས་བསྡུས་པ་ནི་འདི་ཡིན་ཏེ། བསམ་མི་ཁྱབ་དང་མི་མཉམ་དང་།། གཞལ་དང་གྲངས་ལས་ཡང་དག་འདས། འཕགས་པ་ཀུན་བསྡུས་མཁས་པ ་ཡིས། རིག་བྱ་ཐུན་མོང་མིན་ཤེས་ཉིད། ཤེས་མྱུར་བྲི་དང་གང་བ་མེད། སྒྲུབ་དང་ཡང་དག་འགྲུབ་པ་དང་།། ། དམིག་པ་རྟེན་དང་བཅས་པ་དང་།། ཡང་དག་པ་དང་ཡོངས་འཛིན་དང་།། རོ་མྱང་མེད་དང་ཁྱད་པར་ནི། བཅུ་དྲུག་དག་ནི་ཅེས་བྱ་སྟེ། གང ་གིས་ལམ་ནི་གཞན་དག་ལས། ཁྱད་དུ་འཕགས་པ་ཁྱད་པར་ལམ། ཁྱད་པར་གྱི་མཚན་ཉིད་ཀྱི་རྣམ་པར་འབྲེལ་པའོ།། ། ཁྱད་པར་གྱི་མཚན་ཉིད་བསྟན་ནས་བྱེད་པའི་མཚོན་ཉིད་བརྗོད་པར་བྱ་བའི་ཕྱིར། ཕན་དང་བདེ་བ ་སྐྱོབ་པ་དང་།། མི་རྣམས་ཀྱི་ནི་སྐྱབས་དག་དང་།། གནས་དང་དཔུང་གཉེན་གླིང་དང་ནི། ཡོངས་སུ་འདྲེན་པ་ཉིད་དང་ནི། ལྷུན་གྱིས་གྲུབ་དང་ཐེག་གསུམ་གྱིས།། འབྲས་བུ་མངོན་སུམ་མི་བྱེད་བདག། ཐ་མ་རྟེན་གྱི་མཛད་པ་སྟེ། འདི་ནི་བྱེད་པའི་མཚན ་ཉིད་ཡིན་ཞེས་སྨྲས་པ་ལ། དེ་ལ་ཕན་པའི་བྱེད་པ་ནི་གང་རང་གི་མཚན་ཉིད་སྟོང་པ་ཉིད་དུ་ཤེས་པས་བྱང་ཆུབ་སེམས་དཔའ་རྣམས་འཇིག་རྟེན་ལ་ཕན་པ་དང་། འཇིག་རྟེན་ལ་བདེ་བའི་ཕྱིར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་ནས། དཀའ་བ ་སྤྱོད་པས་འགྲོ་བ་རྒྱུད་ལྔ་རྣམ་པར་གྲོལ་བའི་མྱ་ངན་ལས་འདས་པ་ལ་དགོད་པའི་ཕྱིར་ཕན་པས་བསྡུས་པའི་དོན་ནོ་ཞེས་བསྟན་པ་ཡིན་ནོ།། བདེ་བ་བྱེད་པ་ནི་གང་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ནས་མྱ་ངན་ལས ་འདས་པ་ལ་རབ་ཏུ་འགོད་པའི་ཕྱི་རེ་དང་། འཇིག་རྟེན་ལ་བདེ་བའི་ཕྱིར་ཡང་དག་པར་ཞུགས་པ་ཡིན་ཏེ། ཚེ་འདིའི་བདྲེ་བས་བསྡུས་པའི་དོན་ནོ་ཞེས་བསྟན་པ་ཡིན་ནོ།། སྤྱོད་པའི་བྱེད་པ་ནི་གང་བྱང་ཆུབ་སེམས་དཔའ་རྣམས་འཁོར་བ ་ལ་ཡོད་པའི་སྡུག་བསྔལ་གང་ཅི་ཡང་རུང་བ་ལས་སྐྱོབ་ཅིང་། ཡང་མི་སྐྱེ་བའི་ཆོས་བསྟན་པས་འཇིག་རྟེན་སྐྱོབ་པ་ཉིད་ཀྱི་ཕྱིར་རྣམ་པར་སྨིན་པ་མེད་པའི་ཆོས་ལ་བཀོད་པའི་དོན་ནོ།། ཞེས་བསྟན་པ་ཡིན་ནོ།། སྐྱབས་ཀྱི་བྱེད་པ་ནི་གང་སེམས ་ཅན་སྐྱེ་བའི་ཆོས་ཅན་རྣམས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངསུ་རབ་ཏུ་དགོད་པའི་ཕྱིར་འཇིག་རྟེན་གྱི་སྐྱབས་སུ་གྱུར་པ་ཉིད་ཀྱིས་བསྟན་དུ་ཕན་པ་ལ་ཞུགས་པའི་དོན་ནོ་ཞེས་བསྟན་པ་ཡིན་ནོ།། གནས་ཀྱི ་བྱེད་པ་ནི་གང་ཆོས་ཐམས་ཅད་འདྲེ་བ་མེད་པ་དང་། འབྲེལ་བ་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པར་ཆོས་སྟོན་པ་ཉིད་ཀྱིས་གནས་སུ་གྱུར་པའི་ཕྱིར་སྡུག་བསྔལ་རྒྱུ་ལས་བཟློག་པའི་དོན་གྱིས་སོ་ཞེས་བསྟན ་པ་ཡིན་ནོ།། དཔུང་གཉེན་གྱི་བྱེད་པ་ནི་གང་ཞིག་གང་ཆོས་ཐམས་ཅད་ཀྱི་ཕ་རོལ་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། གཟུགས་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་གཟུགས་ལ་སོགས་པའི་རྣམ་པར་རྟོག་པ་གང་ཡང་མེད་པར་ཆེ ་སྟོན་པའི་དཔུང་གཉེན་དུ་གྱུར་པ་ཉིད་ཀྱི་ཕྱིར་འཁོར་བ་དང་། མྱ་ངན་ལས་འདས་པར་མཉམ་པ་ཉིད་དུ་རྟོག་པ་ལ་ཞུགས་པའི་དོན་ནོ་ཞེས་བསྟན་པ་ཡིན་ནོ།། གླིང་གི་བྱེད་པ་ནི་གཟུགས་སྔོན་གྱི་མཐའ་དང་ཕྱི་མའི་ཡོངས་སུ་ཆད་པས་ཆུས་ཡོངས ་སུ་བསྐོར་བ་དང་ཆོས་མཐུན་པར་སྲེད་པ་ཟད་པ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ་དང་། མྱ་ངན་ལས་འདས་པའི་ཕྱིར་གླིང་དུ་གྱུར་པ་ཉིད་ཀྱི་རང་དང་། གཞན་གྱི་དོན་རྟོགས་པའི་རྟེན་གྱི་ངོ་བོར་གྱུར་པའི་ཞུགས་པའི་དོན་ནོ་ཞེས ་བསྟན་པ་ཡིན་ནོ།། ཡོངས་སུ་འདྲེན་པའི་བྱེད་པ་ནི་གང་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པའི་ཆོས་ཡང་དག་པར་སྟོན་པའི་ཕྱིར་ཡོངས ་སུ་འདྲེན་པར་གྱུར་པ་ཉིད་ཀྱིས་གཞན་གྱི་དོན་བསྒྲུབ་པ་འཇུག་པའི་དོན་གྱིས་སོ་ཞེས་བསྟན་པ་ཡིན་ནོ།། ལྷུན་གྱིས་གྲུབ་པའི་བྱེད་པ་ནི་གང་། རབ་འབྱོར་གཟུགས་ནི་ནམཁའི་ངང་ཚུལ་ཅན་ཞེས་བྱ་བ་ལ་སོགས་པ་དང་། གཟུགསོ་སྟོང་པ ་ཉིད་ནི་འགྲོ་བ་མེད་པ་སྟེ། དེ་ནི་མི་འགྲོ་མི་འོང་ཞེས་བྱ་བ་ནས་བརྩམས་ཏེ། རབ་འབྱོར་ཆོས་ཐམས་ཅད་ནི་མངོན་པར་འདུ་བྱེད་པ་མེད་པའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མི་འདའོ་ཞེས་བྱ་བའི་བར་གྱི་ཆོས་ཐམས་ཅད་ཤེས་བྱ་བའི ་དབང་དུ་མཛད་ནས་ཆོས་སྟོན་པར་མཛད་པ་ཉིད་ཀྱི་ཕྱིར་སེམས་ཅན་གྱི་དོན་ལ་ལྷུན་གྱིས་གྲུབ་པར་འཇུག་ཅིང་ཞུགས་པའི་དོན་གྱིས་སོ་ཞེས་བསྟན་པ་ཡིན་ནོ།། ཐམས་ཅད་ཤེས་པའི་དབང་དུ་མཛད་ནས་མྱ་ངན་ལས་འདས་པ་སྟོན་པའི་དོན་གྱིས ་སོ་ཞེས་བསྟན་པ་ཡིན་པར་ཤེས་པར་བྱའོ།། ཐེག་པ་གསུམ་གྱིས་ངེས་པར་འབྱུང་བའི་དོན་གྱིས་འབྲས་བུ་མངོན་སུམ་དུ་མི་བྱེད་པའི་བྱེད་པ་ནི་གང་རབ་འབྱོར་ཆོས་ཐམས་ཅད་མི་སྐྱེ་མི་འགག་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང ་རྣམ་པར་བྱང་བའི་ངང་ཚུལ་ཅན་ཞེས་བྱ་བ་ནས་བརྩམས་ཏེ། ཆོས་ཐམས་ཅད་ནི་མི་གཡོ་བའི་ངང་ཚུལ་ཙུན་ཏེ་ཞེས་བྱ་བའི་བར་གྱིས་ལམ་ཤེས་པའི་དཔུང་དུ་མཛད་ནས་ཆོས་བསྟན་པ་ཉིད་ཀྱིས་ཐེག་པ་ཇི་ལྟ་བས་ངེས་པར་འབྱུང་བ ་དང་། དེ་མངོན་སུམ་དུ་མི་བྱེད་པ་ཞུགས་པའི་དོན་ནོ་ཞེས་བསྟན་པ་ཡིན་ནོ།། རྟེན་གྱི་བྱེད་པ་ནི་གང་རབ་འབྱོར་ཆོས་ཐམས་ཅད་ནི་གཟུགས་ཀྱི་ངང་ཚུལ་ཅན་ཏེ་ཞེས་བྱ་བ་ནས་བརྩམས་ཏེ། རབ་འབྱོར་ཆོས་ཐམས་ཅད་ནི་བླ་ན་མེད་པ་ཡང་དག ་པར་རྫོགས་པའི་ངང་ཚུལ་ཅན་ཏེ་ཞེས་བྱ་བས་རྣམ་པ་ཐམས་ཅད་ཀྱི་ཆོས་ཐམས་ཅད་མཁྱེན་ནས་ཆོས་སྟོན་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ནི་འཇིག་རྟེན་དུ་གྱུར་པའི་དོན་གྱིས་སོ་ཞེས་བསྟན་པ་ཡིན་ནོ།། བྱེད ་ངའི་མཚན་ཉིད་བསྟན་ནས་རང་བཞིན་གྱི་མཚན་ཉིད་བསྟན་པའི་ཕྱིར། ཉོན་མོངས་རྟག་དྲང་མཚན་མ་དང་།། མི་མཐུན་ཕྱོགས་དང་གཉེན་པོ་དང་།། དབེན་དང་དཀའ་དང་ངེས་པ་དང་།། ཆེད་དུ་བྱ་དང་མི་དམིགས ་དང་། མངོན་པར་ཞེན་པ་བཀག་པ་དང་།། དམིགས་པ་ཞེས་བྱ་གང་ཡིན་དང་།། མི་མཐུན་ཐོགས་པ་མོད་དང་དྲི།། གཞི་མེད་འགྲོ་མེད་སྐྱེ་མེད་དང་། དེ་བཞིན་ཉིད་ནི་མི་དམིགས་དང་ཁེ་ཉིད་བཅུ་དྲུག་པདག་ཉིད།། མཚན་གཞི་ལྟ་བུར ་མཚོན་པས་ན། མཚན་ཉིད་གཞི་པར་བཞེད་པ་ཡིན་ཞེས་བསྟན་པ་ཡིན་ནོ།། ཇི་ལྟར་བཅུ་དྲུག་གི་བདག་ཉིད་ཡིན་ཞེས་ན། ཉོན་མོངས་པོ་ལས་དབེན་པའི་རང་བཞིན་ནི་གང་འདོད་ཆགས་དང་། སྔ་པ་གཏི་མུག་རྣམ་པར་བསལ་བའི་ཕྱིར ་དབེན་པའི་རང་བཞིན་དུ་གྱུ་པ་ཉིད་དོ་ཞེས་བསྟན་པ་ཡིན་ནོ།། དེ་དེ་རྟགས་དབེན་པའི་རང་བཞིན་ནི་གང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་ཀྱི་རྟགས་ཀྱིས་དབེན་པའི་རང་བཞིན་དུ་གྱུར་པ་ཉིད་དོ།། ཞེས་བསྟན་པ་ཡིན་ནོ།། དེ་ངོ་མཚན ་མུས་དབེན་པའི་རང་བཞིན་ནོ་ཞེས་བསྟན་པ་ཡིན་ནོ།། དེ་ལ་རྟགས་ནི་ལུས་ལ་སོགས་པའི་གནས་ངན་ལེན་ཏོ།། མཚན་མ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའོ།། མི་མཐུན་པ་དང་པོའི་ཕྱོགས་དག་གིས་དབེན་པའི་རང་བཞིནན ་ནི་གང་དེ་བཞིན་དུ་འདོད་ཆགས་དང་། འདོད་ཆགས་མེད་པ་དང་། ཞེ་སྡང་དང་། ཞེ་སྡང་མེད་པ་དང་། གཏི་མུག་དང་། གཏི་མུག་མེད་པ་དང་། དབེན་པའི་ངོ་བོ་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངང་ཚུལ་ཅན་དུ་འགྱུར་བ་དང ་ལྷག་པར་མོས་པར་བྱེད་པ་རྣམས་ལ་བསྒོམ་པའི་ལམ་ཉེ་བར་བཀོད་པས་ཞེས་བསྟན་པ་ཡིན་ནོ།། དཀར་བ་ཉིད་ཀྱིས་རང་བཞིན་ནི་གང་ཆོས་ཐམས་ཅད་ཤིན་ཏུ་མེད་པ་ཡིན་པས་དེ་དང་འབྲེལ་པ་མེད་པའི་ཕྱིར། སེམས་ཅན་ཐམས་ཅད་ཡོངས་སུ ་མྱ་ངན་ལས་འདའ་བོར་བྱའོ།། ཞེས་དགོ་ཚེ་བགོས་པ་ནི་དཀའ་བུ་བྱེད་པ་ཉིད་ཀྱི་ཕྱིར་ཉི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི་དོན་དཀའ་བ་ཡིན་པར་བསྟན་པ་ཉིད་ཀྱིས་སོ།། གཅིག་ཏུ་ངེས་པའི་ངོ་བོ་ནི་གང་དེ་ལ་གོ་དགོས་པ་ནི་ཉན་ཐོས ་སོགས་པའི་སར་ལྷུང་བའི་གནས་མེད་པ་ཉིད་ཀྱི་ཕྱིར་རོ།། ངེས་པར་བསྒོམ་པ་བསྟན་པ་ཉིད་ཀྱི་དོན་གྱིས་སོ་ཞེས་བསྟན་པ་ཡིན་ནོ།། ཆེད་དུ་བྱ་བའི་རང་བཞིན་ནི་གང་བྱང་ཆུབ་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་རྣམ་པ་ཐམས ་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཐོབ་པར་བྱ་བའི་དོན་དུ་གོ་ཆ་བགོས་པའི་ཆེད་དུ་བྱ་བ་ལས་གཞན་དུ་མི་འཁྲུལ་བར་ཤེས་པར་བྱ་བའི་དོན་དུའོ་ཞེས་བསྟན་པ་ཡིན་ནོ།། མི་དམིགས་པའི་རང་བཞིན་ནི་གང་བཅོམ་ལྡན་འདས་ཤེས་རབ་ཀྱི ་ཕ་རོག་ཏུ་ཕྱིན་པ་འདི་ནི་ཤིན་ཏུ་ཟབ་སྟེ། དེ་ནི་སུས་ཀྱང་བསྒོམ་པར་མི་བགྱི་བས་བསྒོམ་པར་བྱ་བ་དང་། སྒོམ་པ་པོ་དང་། བསྒོམ་པ་མི་དམིགས་པ་རྣམ་པར་བསྒོམ་པ་ཞེས་བྱ་ནས་བརྩམས་ཏེ། རྣམ་པ་ཐམས ་ཅད་མཁྱེན་པ་ཉིད་ཀྱི་བར་དུ་བསྒོམ་པ་རྣམ་པར་བསྒོམ་པ་མི་དམིགས་པ་དེ་བས་ན། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་བསྒོམ་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྒོམ་པ་ལགས་སོ། ་ཞེས་བསྟན་པ་ཡིན་ནོ།། མངོན་པར་ཞེན་པ་བཀག་པའི་རང་བཞིན་ནི་གང་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་བརྟག་པར ་བྱའོ་ཞེས་བྱ་བ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་ཞེན་པ་མེད་པར་ཡོངས་སུ་བརྟག་པར་བྱའོ་ཞེས་བྱ་བ་ནས་བརྩམས་ཏེ། འདི་བསྟན་པའི་ཚེ་མི་འཇིག། མི་སྒྲོག་པ་ལ་སོགས་པས་ལམ་ཤེས་པའི་རྣམ་པར་བསྒོམ་པ་ཉིད་དོ་ཞེས ་བསྟན་པ་ཡིན་ནོ།། དམིགས་པའི་རང་བཞིན་ནི་གང་བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པོ་ཉིད་དུ་གཞོལ་བའི་བསམ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡོངས་སུ་རྟོག་པ ་ལགས་ཞེས་བྱ་བ་ནས་བརྩམས་ཏེ། རབ་འབྱོར་རྨི་ལམ་དང་། སྤྲུལ་པ་ལ་གཞོལ་བའི་བསམ་བྱས་བྱང་ཆུབ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡོངས་སུ་རྟོག་པ་ཡིན་ཞེས་བྱ་བའི་བར་གྱིས་ནི་རྣམ་པ ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་བསྒོམ་པ་ཉིད་བསྟན་པས་ཞེ་ས་གསུངས་པ་ཡིན་ཏེ། དེ་ཅི་རཱི་ཕྱིར་ཞེ་ན། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་བར་ལ་ཡང་ཡོངས་སུ་རྟོག་པ་ཡིན་ནོ་ཞེས་བྱ་བས་ཐམས་ཅད་ཤེས ་བྱ་ཉིད་དང་། ལམ་གྱི་རྣམ་པར་ཤེས་པ་ཉིད་ཀྱི་དབང་དུ་བྱས་ནས་གསུངས་པ་ཉིད་ལས། དམིགས་པའི་བསྒོམ་པའི་ཁྱད་པར་རབ་ཏུ་བསྐྱེད་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པའི་ཁྱད་པོར་ངོ་བོ་སྟོན་པའི་དོན་གྱི ་ཞུས་པ་ལ། རབ་འབྱོར་བྱང་ཆུབ་སེམས་དཔའ་ཆེན་པོ་ནི་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་རྟོག་པ་མ་ཡིན་ནོ།། ཞེས་བྱ་བ་ནུས་བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། སངས ་རྒྱས་རྣམས་ཀྱི་དེ་བཞིན་ཉིད་ངོ་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ལ་དམིགས་པའི་ཁྱད་པར་ཤེས་པའི་དོན་གྱི་ལམ་སོ་སོར་བསྟན་པས་སོ་ཞེས་བསྟན་པ་ཡིན་ནོ།། གལ་ཏེ་དེ་ལྟར་ཡིན་ན། སྡིག་པའི་ཆོས ་མས་ཐམས་ཅད་དེ། མི་དགེ་བ་ལ་སོགས་པ་དེ་ཇི་ལྟར་ཡིན་ཞེས་བྱ་བ་ལ་སོགས་པ་དེ་ཇི་ལྟར་ཡིན་ཞེ་ན། གཟུགས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ།། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གཟུགས་སོ་ཞེས་བྱ་བ་གསུངས་པ་དེ་ཉིད་ཀྱི ་ཀྱི་ཕྱིར་གཅིག་ལ་གཅིག་ངོ་བོ་ཟབ་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་དེ་བཞིན་ཉིད་ནི་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པ་ཉིད་ཡིན་པའི་འར་རོ།། དེ་ལྟར་ཆོས་ཀྱི་འཁོར་ལོ་བསྐོར་བ་ཇི་ལྟར་འཐད་པ་ཡིན་ཞེ་ན། སངས་རྒྱས་དང་ཐམས ་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་དག་ནི་གཉིས་སུ་བྱར་མེད་པ་ཉིད་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དོན་དུ་ཐུགས་ལས་ཆུང་བ་ཉིད་ཀྱི་རྒྱུ་ནི་དམིགས་པར་བྱ་བ་དང་། དམིགས་པར་བྱེད་པའི་དབྱེ་བ་མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ།། འཇིག ་རྟེན་ཐམས་ཅད་དང་མི་མཐུན་པའི་རང་བཞིན་ནི་གང་ལྷའི་བུ་དག་ནམ་མཁའ་ཟབ་པའི་ཕྱིར་ཆོས་འདི་ཟབ་པོ་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་བཟུང་བའི་སླད་དུ་བསྟན་པ་མི་ལགས། མི་བཟུང་བའི་སྲང ་དུ་བསྟན་པ་ཡང་མ་ལགས་སོ།། བཅོམ་ལྡན་འདས་འཇིག་རྟེན་ནི་མཚན་མ་ལ་སྤྱོད་དོ་ཞེས་བྱ་བ་འཇིག་རྟེན་ཐམས་ཅད་དང་མི་མཐུན་པ་ཉིད་ཀྱིས་ནི་འཛིན་པ་ལ་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྣོད་མ ་ཡིན་པ་ཉིད་དོ་ཞེས་བསྟན་པ་ཡིན་ནོ།། ཐོགས་པ་མེད་པའི་རང་བཞིན་ནི་གང་དེ་ལྟར་ཐམས་ཅད་མཁྱེན་པ་རྣམ་པ་གསུམ་ཡོངས་སུ་རྫོགས་པའི་མངོན་པར་རྟོགས་པ་དང་མཐུན་པ་ཉིད་ཀྱི་ཕྱིར་གཟུགས་ལ་སོགས་པའི་ཆོས་ཐམས་ཅད ་ལ་ཡེ་ཤེས་ཐོག་པ་མེད་པ་ཉིད་ཞེས་བསྟན་པ་ཡིན་ནོ།། གཞི་མེད་པའི་རང་བཞིན་ནི་གང་གཟུགས་ལ་སོགས་པའི་རྟེན་མི་དམིགས་པ་ནས་བརྩམས་ཏེ། ཤེས་པ་དང་། ཤེས་བྱ་མཉམ་པ་ཉིད་ཀྱི་དོན་ཉིད་དོ་ཞེས་བསྟན་པ་ཡིན་ནོ།། ་འགྲོ་བ་མེད་པའི་རང་བཞིན་ནི་གང་འདི་ནི་ཐམས་ཅད་མཁྱེན་པ་གསུམ་པོ་ཀུན་བསྐྱེད་པའི་དབང་དུ་མཛད་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ་གནས་བརྟན་རབ་འབྱོར་དཔོར་བྱས་ནས། ཇི་ལྟར་དེ་བཞིན་གཡེགས་པའི་དེ་བཞིན ་ཉིད་གང་ཡིན་པ་དེ་ནི་མ་འོངས་མ་སོང་བ་དེ་བཞིན་དུ། གནས་བརྟན་རབ་འབྱོར་གྱི་དེ་བཞིན་ཉིད་ཀྱང་མ་འོངས་མ་སོང་བ་ནས། གནས་བརྟན་རབ་འབྱོར་ནི་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ།། དེ་བཞིན་དུ་ཆོས་རྣམས་ཀྱི ་དེ་བཞིན་ཉིད་ཅེས་བྱ་བ་ནི་ཆོས་སུ་མངོན་པར་འདོད་པ་ཡིན་ཏེ། གཟུགས་ལ་སོགས་པ་རྣམས་ཀྱི་སྤྱི་ཡིན་ནོ།། ཆོས་ཉིད་གནས་པ་དེ་བཞིན་ཉིད་ཅེས་བྱ་སྟེ། ཆོས་ཉིད་ཀྱི་རྒྱུན་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ནི་དེ་བཞིན་ཉིད ་ཅེས་བྱའོ།། བསྒྲུབ་པའི་ཆོས་ཀྱི་ཁྱད་པར་དུ་འགྲོ་བ་ནི་དེའི་རྣམ་པར་རྟོག་པ་མེད་ན་ནི་ཆོས་ཉིད་ཡིན་ནོ།། མི་བྱེད་པའི་དེ་བཞིན་ཉིད་ཅེས་བྱ་བ་ནི་ཐེག་པ་གསུམ་གྱི་དབྱེ་བ་དམིགས་སུ་མེད་པའ་ཆོས་ཉིད་ཡིན་ནོ།། གཞན་མ་ཡིན་པ་དེ་བཞིན་ཉིད་ཅེས ་བྱ་བ་ནི་ཐེག་པའི་གསུམ་གཞན་དུ་འཚོལ་བ་མེད་པ་ནི་ཆོས་ཉིད་ཡིན་ནོ།། དུས་གསུམ་མཉམ་པ་ཉིད་ཀྱི་དེ་བཞིན་ཉིད་ནི་རང་བཞིན་གྱིས་མྱ་ངན་ལས་འདས་པའོ།། དེ་བཞིན་དུ་ཕུང་པོ་རྣམས་ཀྱི་དེ་བཞིན་ཉིད་དང་། ཁམས་དང་སྐྱེ་མཆེད་རྣམས ་དོང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོགས་པའི་དེ་བཞིན་ཉིད་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་དེ་བཞིན་ཉིད་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་པ་ཉིད་དུ་རྟོགས་པས་དེ་བཞིན་གཤེགས་པ་ཞེས་བྱ་བའི་མིང་ཐོབ་པར་གྱུར་པའི་ཕྱིར་མིང་དེའི་མཚན་མ་དབང་པོར་གྱུར་པས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་རྟོགས་པ ་མཐོ་བ་དང་དམའ་བར་གྱུར་པ་ཡིན་པའི་ཕྱིར། འདི་ལྟ་སྟེ། མདོ་ལས་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོས་པའི་མཚན་མ་ཆེན་པོ་བཅོ་བརྒྱད་དུ་གྱུར་པ་ནི་གཡོས་པ་དང་། རབ་ཏུ་གཡོ། ་པ་དང་། ཀུན་དུ་རབ་ཏུ་གཡོས་པའོ།། འགུལ། རབ་ཏུ་འགུལ། ཀུན་དུ་རབ་ཏུ་འགུལ་ལོ།། ལྡེག་རབ་ཏུ་ལྡེག། ཀུན་དུ་རབ་ཏུ་ལྡེག་གོ།། ཆེམ་རག་ཏུ་ཆམ། ཀུན་དུ་རབ་ཏུ་ཆེམ་ཆེམ་མོ།། འུམ་འུར། རབ་ཏུ་འུར་འུར། ཀུན་དུ་རབ་ཏུ་འུར་འུར་རོ།། ་ཤིག། རབ་ཏུ་ཤིག་ཀུན་དུ་རབ་ཏུ་ཤིག་ཤིག་ཅེས་བསྟན་པ་ཡིན་ནོ།། དེ་ལ་རྣམ་པ་དྲུག་ནི་གཡོས་པ་དང་། མཐོ་བ་དང་། དམའ་བ་དང་། སྟང་དུ་འགྲོ་བ་དང་། འོག་ཏུ་འགྲོ་བ་དང་། སྒྲ་རྗེས་སུ་སྒྲོགས་པའོ།། ལྷས ་ཆེན་པོ་བཅོ་བརྒྱད་ནི་གཡོ་བ་ལ་སོགས་པའི་འགྱུར་བ་རྣམ་པ་དྲུག་པོ་དེ་དག་ཉིད་གོ་རིམ་བཞིན་དུ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་ཉིད་ཀྱིས་ཤེས་པར་བྱ་སྟེ། སྣོད་ཀྱི་འཇིག་རྟེད་སྨྱུང་བར་བྱས་པ་དང་། མུ་བྱས་པའི་དཔུང་དུ་ཟླས་པ་གཉིས་དང་། ་སེམས་ཅན་གྱི་འཇིག་རྟེན་གྱི་དབང་དུ་བྱས་པ་ནི་རྣམ་པ་བཞི་སྟེ། སེམས་ཅན་གྱི་ཚོགས་མི་དགེ་བ་ལ་སྤྱོད་པ་དང་། སྣ་ཚོགས་ལ་མོས་པ་དང་། ང་རྒྱལ་དང་། རིག་པ་དང་ལྡན་པའི་བྱ་བ་ཚོང་ངུ་དང་། འབྲིང་དང་། ཆེན་པོའི་དབྱེ་བས་གཡོས་སོ།། ་ཞེས་བྱ་བ་ནས་ཀུན་དུ་རབ་ཏུ་ཤིག་ཤིག་ཅེས་བྱ་བའི་བར་དུ་ཚིག་བཅོ་བརྒྱད་ཀྱིས་དོན་བསྟན་པ་ཡིན་པར་ཤེས་པར་བྱའོ།། ཞེས་གནས་བརྟན་དབྱིག་གཉེན་གྱིས་བཤད་དོ།། དེ་ལྟར་ཐམས་ཅད་ཤེས་པའི་རྣམ་པར་རྗེས་སུ་སྐྱེས་པ་ཉིད་ཀྱིས་སོ། ་ཞེས་བསྟན་པ་ཡན་ནི། སྐྱེ་བ་མེད་པའི་རང་བཞིན་ནི་གང་ལྷའི་བུ་དག་གནས་བརྟན་རབ་འབྱོར་ནི་གཟུགས་ཀྱི་རྗེས་སུ་མ་སྐྱེས། གཟུགས་ཀྱི་དེ་བཞིན་ཉིད་ཀྱི་ཞེས་བྱ་བ་ནས་བརྩམས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་འདི་དག་མེད་ཅིང་། ་མི་དམིགས་སོ།། གང་གི་སྐྱེ་བ་མེད་ཅིང་། གང་སྐྱེ་བའང་མེད་དོ།། དེ་བཞིན་དུ་ལམ་གྱི་རྣམ་པར་ཤེས་པ་ཡང་རྗེས་སུ་སྐྱེ་བ་མེད་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ།། དེ་བཞིན་ཉིད་མི་དམིགས་པའི་རང་བཞིན་བཅུ་དྲུག་ནི་གང་བཅོམ་ལྡན ་འདས་དེ་བཞིན་ཉིད་འདི་ནི་ཟབ་སྟེ། ག་ཏུ་དེ་བཞིན་ཉིད་དུ་གནས་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ།། མ་ནོར་བའི་དེ་བཞིན་ཉིད་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་དྲོན་གྱིས་སོ།། གཞན་མ་ཡིན་པ་དེ་དེ་བཞིན་ཉིད་ནི། ཆོས་རྣམས་ཉིད་ལས་ཆོས ་ཉིད་བརྩལ་བའི་དོན་གྱིས་སོ།། ཆོས་ཉིད་ཅེས་བྱ་བ་ནི་ཆོས་རྣམས་ཀྱི་དབྱེ་བ་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ།། ཆོས་ཀྱི་དབྱིངས་ཞེས་བྱ་བ་ནི་འཕགས་པའི་ཆོས་ཐམས་ཅད་ཐོབ་པའི་རྒྱུའི་དོན་གྱིས་སོ།། ཆོས་གནས་པ་ཉིད་ཅེས་བྱ་བ ་ནིསངས་རྒྱས་ཐམས་ཅད་ཀྱིས་མཛད་པའི་ཕྱིར་རོ།། ཆོས་སྐྱོན་མེང་པོ་ཉིད་ཅེས་བྱ་བ་ནི་རྒྱུ་དང་རྐྱེན་མི་འཁྲུལ་པའི་ཕྱིར་རོ།། ཡང་དག་པོའི་མཐའ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པ་དེ་ལ་དམིགས་པའི་ཕྱིར་རོ།། ཡང་དག་པ་ནི་ཕྱིན ་མ་ལོག་པ་ཉིད་དོ།། དེའི་མཐའ་ནི་མཐར་ཐུག་པ་སྟེ། བདག་མེད་པ་ལས་གཞན་དུ་དེ་ཁོ་ན་བཙལ་དུ་མེད་པའི་ཕྱིར་རོ།། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་དམིགས་སུ་མེད་པའི་ཕྱིར་རོ།། ཡང་ཅིའི་ཕྱིར་དེ་བཞིན་ཉིད་དམིགས་སུ ་མེད་ཅེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་སྐྱེས་པ་ཉིད་ཡང་དག་པར་མཐོང་བའི་ཕྱིར་རོ།། དེའི་ཚེ་བླ་མ་རྣམས་ལ་བསྟན་པས་རྟོགས་པ་ཐོབ་པ་གསུལ་བ་ཉིད་ཡིན་ནོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་ཞིང་། ཐབས ་ལ་པ་དང་བྲལ་བ་ནི་ཉན་ཐོས་ལ་སོགས་པའི་སར་ལྷུང་བར་འགྱུར་ཏེ། གཞན་དེ་རྣམས་ཀྱིས་ཇི་ལྟར་ཤེས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་ལ་མཁས་པ་ལ་སྦྱར་ཞིང་སྤྲོ་བ་བསྐྱེས་པའི་དོན་དུ་བྱ་ལུས་ཆེན་པོ ་གྱུར་པའི་དཔེས་སྦྱིན་པ་ལ་སོགས་པས་རབ་ཏུ་ཟིན་ཀྱང་གཉིས་པོ་དང་བྲལ་ན་ཉན་ཐོས་ལ་སོགས་པའི་སར་ལྷུང་སྟེ། དེ་ལྟར་བསྟན་པས་གཉིས་པོ་ནི་ངེས་པར་འབྱུང་བ་ལ་གཙོ་བོ་ཡིན་པར་བསྟན་ཏོ།། དེ་ལ་གཤོག ་པ་དང་ལྡན་པ་ལ་ནི་འདབ་ཆགས་ཞེས་བྱའོ།། དེས་དབྱེ་བ་ནི་བྱ་ནི་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར་བྱེ་ཞེས་བྱ་བ་སྨོས་སོ།། དེ་ལྟར་བདག་ཉིད་ལུས་ཆེ་ལ་གཤོག་པ་དང་བྲལ་བའི་ཕྱིར་ཞིག་ཅེས་གསུངས་པ་ཡིན་ནོ།། རང་བཞིན་གྱི་མཚན་ཉིད་ཀྱི ་རྣམ་པར་འགྲེལ་པའོ།། ། ཅི་ནས་ཀྱང་འདིར་སྦྱོར་བ་ལ་བརྩོན་པ་ཐམས་ཅད་ཀྱང་འབྲས་བུ་དང་བཅས་པར་འགྱུར་བ་མ་ཡིན་ཏེ། འདིར་མེང་བར་ནི་མི་འགྱུར་རོ།། དེ་ལྟ་མོད་ཀྱི་ཇི་ལྟ་བུ་ཞིག་ལ་ཞེ་ན། ཐར་པའི ་ཆ་དང་མཐུན་པའི་དགེ་བའི་རྩ་བ་དང་ལྡན་པ་རྣམས་ལའོ།། ཐར་པའི་ཆང་ངོ་མཐུན་པ་ཡང་ཇི་ལྟ་བུ་ཞིག་ཅེ་ན། མཚན་མེད་རབ་ཏུ་སྦྱིན་ལ་སོགས། ཡང་དག་བསྒྲུབ་ལ་མཁས་པ་ནི།། རྣམ་པ་ཐམས་ཅད་རྟོགས་འདི་རུ།། ཐར་པའི་ཆ་དང ་མཐུན་པར་འདོད་ཅེས་བསྟན་ཏོ།། གང་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་འདྲི་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བའི་དབང་དུ་བྱས་ནས་དང་པོ་སེམྦྷས་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི ་བར་དུ་ཐབས་ལ་མཁས་པས་མཚན་མ་མེད་པར་བྱས་ནས་སྦྱིན་པ་ལ་སོགས་པ་སྦྱིན་པར་བྱེད་པ་ནི་སྤྱོད་པར་རྗེས་སུ་གནང་བ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ།། དེ་ཡང་དོད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ་ཤེས་རབ་ཀྱི་མཚན་ཉིད་དུ་རིག་པར་བྱའོ།། ཡང་ཅིའི་ཕྱིར་འདིར་སྦྱིན་ལ་སོགས་པའི་མཚན་མའི་འདུ་ཤེས་རྣམས་བཀག་ཅེ་ན། ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཆོས་རྣམས་གང་ཅུང་ཟད་ཀྱང་ཆོས་ཀྱི་ངོ་བོར་མེད་ཅིང་མི་དམིགས་པའི་ཕྱིར་རོ།། མཚན ་མའི་འདུ་ཤེས་ཀྱིས་བླ་ནི་མེད་པ་ཡོང་དག་པར་རྫོགས་པའི་བྱང་ཆུབ་པར་དཀའ་བའི་ཕྱིར་རོ།། མཚན་མ་མེད་པའི་འདུ་བྱེད་ཀྱིས་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རྣམ་པར་གོམས་པར་བྱས་པས་དེ་ཡིས་སླ་བར་མངོན་པར་རྫོགས་པར་བྱང་ཆུབ ་པར་འགྱུར་བའི་ཕྱིར་རོ།། མཚན་མ་མེད་པའི་འདུ་ཤེས་ལས་བཟློག་པ་ནི་འཁྲུལ་པ་ཞེས་བྱ་སྟེ། གང་གཱ་ཀླུང་གི་བྱེ་མ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་བཟློག་པ་མཐོང་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དཀའ་བ་ཉིད ་ཀྱི་ཕྱིར་རོ་ཞེས་གསུངས་སོ།། མཚན་མའི་འདུ་ཤེས་ནི་རྣམ་པ་བཞི་སྟེ། གཟུགས་ལ་སོགས་པའི་འདུ་ཤེས་དང་། དེ་ལས་གཞན་པ་སྐྱེས་བུའི་འདུ་ཤེས་དང་། དེ་བཞིན་ཉིད་ཀྱི་འདུ་ཤེས་དང་། ཆོས་ཀྱི་འདུ་ཤེས་སོ།། གང་ལ་དེ་དག ་གི་མེད་པ་ནི་འདུ་ཤེས་མེད་པ་ཞེས་བྱ་སྟེ། དེ་ཡིས་ནི་ཡང་མངོན་པར་བྱང་ཆུབ་པར་སླ་བ་ཡིན་ནོ།། གཟུགས་ལ་སོགས་པ་རྣམས་དང་། དེ་ལས་གཞན་པ་དང་། དེ་བཞིན་ཉིད་དང་། དེ་ལས་བཟློག་པའི་ཆོས་གཞན་མི་དམིགས་པའི་ཕྱིར ་རོ།། འདི་ལྟར་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་ངེས་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་པའི་ལས་གཞན་པའི་ལྡོག་པ་བྱང་ཆུབ་སེམས་དཔས ་མ་དམིགས་པས་ནི་ཡང་མངོན་པར་རྫོགས་པར་བྱང་ཆུབ་པར་སྨྲ་བ་ནི་འཐད་པ་ཡིན་པའི་ཕྱིར་རོ།། དེ་ལྟ་མོད་ཀྱི་ཉན་ཐོས་ཀྱི་ཐེག་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམ་པ་གསུམ་མེད་པའི་ཕྱིར། བྱང ་ཆུབ་སེམས་དཔའ་གཅིག་ཏུ་ཡང་འདོད་པར་བྱ་བ་མ་ཡིན་པར་ཐལ་བར་འགྱུར་རོ།། དེ་ལྟ་བུའི་ཉེས་པར་འགྱུར་ཏེ། དེ་ནཱིའི་ཕྱིར་ཞེ་ན། ཁྱེད་བྱང་ཆུབ་སེམས་དཔའ་གཅིག་ཏུ་ཡང་འདོད་དམཱ་ཞེས་བྱ་བ་ནས་བརྩམས་ཏེ། བདེན་པ་ལ་གནས་པས ་དེས་ཆོས་རྣམས་མི་དམིགས་ན་དེ་ལྟར་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་གཅིག་དང་དུ་མར་ཁས་མི་ལེན་པའི་འཐད་པ་ཡིན་ནོ་ཞེས་བསྟེན་པ་ཡིན་ནོ།། བདེན་པ་ནི་དོན་དམ་པའི་བདེན་པ་ཉིད་དོ།། གནས་པ་ཞེས་བྱ་བ་ནི་ཐ་སྙམ་དུ ་རྟགས་པ་ཞེས་བྱ་བའི་དོན་ཏོ།། ཐར་པའི་ཆ་དང་མཐུན་པའི་རང་གི་ངོ་བོ་བསྟན་ནས་ད་ནི་རྟགས་བརྗོད་པར་བྱ་སྟེ། གང་གི་རྟགས་སུ་ཤེས་ཤེ་ན། དེ་ལ་རྟགས་ནི་རྣམ་པ་གསུམ་སྟེ། གནས་མ་ཡིན་པ་ལ་སྐྲག་པའི་ཕྱིར་རོ།། ཀུན་དུ ་ཞུམ་པ་ནི་རྒྱུན་དུ་སྒྲོག་པའི་ཕྱིར་རོ།། རྒྱབ་ཀྱིས་ཕྱོགས་པ་ནི་ཀུན་ཏུ་སྐྲག་པ་མཐར་ཐུག་པའོ།། དེ་དག་གིས་སྣོད་མ་ཡིན་པ་ཐོབ་པའི་ཕྱིར། གང་ཞིག་དེ་ལས་ཟློག་པ་གང་ཡིན་པ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཡིན་ཏེ། རྣམ་པ ་ཐམས་ཅད་མཁྱེན་པ་ཉིད་ལ་རག་ཏུ་བརྟགས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་ལ་ཁྱད་པར་མེད་དོ།། ཞེས་བསྟན་ཏོ།། བྱང་ཆུབ་སེམས་དཔའ་རྣམ་པ་གསུམ་དུ་བརྟགས་པ་མི་དམིགས་པ ་སེམས་མ་ཞུམ་པ་དང་། མི་སྐྲག་པ་ལ་སོགས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་ངོ་ཞེས་གསུངས་པའི་ཕྱིར་རོ།། འདི་ལྟར་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་རྣམས ་ལས་དེ་ལ་ཆུང་ངུ་ནི་གང་མཚན་མ་མེད་པར་བྱ་སྟེ། སྦྱིན་པ་ལ་སོགས་པ་གཏོང་བ་དང་། ཐབས་ལ་མཁས་པ་ལ་སོགས་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ།། འབྲིང་ནི་གང་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རྣམ་པར་གོམས་པར་བྱས་པ་ལ་སོགས་པའོ།། ་ཞེས་བསྟན་པ་ཡིན་ནོ།། ཆེན་པོ་ནི་གང་གཟུགས་ལ་སོགས་པ་དེ་རྣམས་དེ་བཞིན་ཉིད་དེ་གཞན་པ་དང་། དེ་ལས་གཞན་པའི་ལྡོག་པའི་ཆོས་མི་དམིགས་པ་ལ་སོགས་པའོ།། ཞེས་བསྟན་པ་ཡིན་ནོ།། དེ་དག་ཐམས་ཅད་ཀྱང་ཐོས་པ་དང་། ་བསམ་པའི་ཤེས་རབ་ཀྱི་རང་བཞིན་ཡིན་པར་རིག་པར་བྱ་སྟེ། དང་པོར་བསྟན་པ་ལ་འཇུག་པའི་རྒྱུ་ཡིན་ནོ་ཞེས་བསྟན་པ་ཡིན་ནི། སྦྱོར་བ་ལ་ཐར་པའི་ཆ་དང་མཐུན་པའི་རྣམ་པ་འགྲེལ་པའོ།། །། ཐར་པའི་ཆུ ་དང་མཐུན་པ་བསྟན་ནས་ད་ནི་སྦྱོར་བའི་ལཱམ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བརྗོད་པར་བྱའོ།། །། དམིགས་པ་དང་ནི་རྣམ་པ་དང་།། རྒྱུ་དང་ཡོངས་སུ་ཟུང་བ་ཡིས། ཤེས་སྔར་བསྟན་པ་མ་ཡིན་ནམ། སྦྱོར་ལ་ངེས ་པར་འབྱེད་པའི་ཆ་དང་མཐུན་པ་ཡང་ཅིའི་ཕྱིར་བཤད་ཅེ་ན། ཁྱད་པར་གྱི་མཚན་ཉིད་བསྟན་ནོས་ད་ནི་སེམས་ཅན་ཐམས་ཅད་ཀྱི་རྟེན་ཅན་སྦྱོར་བའི་ལམ་གྱིས་བསྡུས་པ་བསྟན་པའི་ཕྱིར། དྲོ་བ་རྣམས་ཀྱིས་དམིགས་པ་འདིར།། སེམས་ཅན ་ཛད་ལེ་པཱ་སྫ་ཧཱ། དེ་དག་ཉིད་པསེམ་མོ།། བང་དུ་སྲེག་པདུག་སྟེ་བསྟུ་པ་པ་འདི་སྔོན་ཚང་ཡང་ག་སྡེ་སེཾསམཚ་པཉིད་པ་སོག་རྣཾ་ཀྱོ་དྲྀངྒཱ་བྱེད་པ་དྲོ་བར་གྱུར་པ་ཇི་ལྟར་བརྗོད་ཅེ་ན། དེ་ལ་སྨྲས་པ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་བསྐྱེད་ནས་དེ ་ཡིས་དམིགས་ནས་གནས་པ་དང་། དེ་བཞིན་དུ་བྱམས་པའི་སེམས་བསྐྱེད་ནས་དེ་ཡིས་དམིགས་པ་ཉིད་དང་། ང་རྒྱལ་མེད་པའི་སེམས་བསྐྱེད་ནས་འཚེ་བ་མེད་པ་དེ་ཡིས་དམིགས་པར་བྱེད་པ་ཉིད་དང་། ཁྱོ་ཁྲོ་མོད་པའི་སེམས ་བསྐྱེད་ནས་དེ་ཡིས་དམིགས་པར་བྱེད་པ་ཉིད་དང་། དེ་བཞིན་དུ་མ་དརྗོང་། ཕ་དང་། སྤུན་ཟླ་དང་། སྲིང་མོ་དང་། གྲོགས་པོ་དང་། གཉེན་དང་། སྣག་གི་གཉེན་མཚམས་ཀྱི་བར་དུ་སེམས་བསྐྱེད་ནས་འཚེ་དེ་ཡིས་དམིགས་པར་བྱེད་པ ་ཉིད་དང་། ཡང་རྣམ་པ་ཐམས་ཅད་དུ་མི་ཟད་པ་མེད་པའི་སེམས་བསྐྱེད་པར་བྱའོ།། ཞེས་བྱ་བ་ལ་སོགས་པ་བསྟན་པས་ནི་གཉིས་སུ་མི་འབྱུང་པར་ཤེས་པར་བྱ་བའི་ཆེང་ཡིན། ཕ་དང་མཱ་དཔ་ལ་སོགས་པ་གཉིས་གཉིས་གཅིག ་ཏུ་བྱས་ནས་རྣམ་པ་དགུར་འགྱུར་བ་ཡིན་ནོ།། འདིར་རེ་ཞིག་སྦྱོར་བ་འི་ལ་མོ་ལ་དྲོ་བར་གྱུར་པ་དེ་ལྟ་བུ་ཡིན་ན། རྩེ་མོར་གྱུར་པ་ཇི་ལྟ་བུ་ཞིག་ཅེ་ན། བདག་ཉིད་སྡིག་པ་ལས་ལྡོག་ཅིང་།། སྦྱིན་ལ་སོགས་ལ་གནས་པས་གཞན། ་དེ་དག་ལ་ནི་འགོད་པ་དང་།། བསྔགས་པ་བརྗོད་དང་རྗེས་མཐུ་ན་ཉིད། རྩེར་གྱུར་ཅེས་བྱ་བ་ལ། བདག་ཉིད་སྡིག་པ་ལས་ལྡོག་ཅིང་སྦྱིན་པ་ལ་སོགས་པ་ལ་འཇུག་པ་ནི་གང་བདག་ཉིད་ཀྱང་སྲོག་གཅོད་པ་སྤོང་བར་བྱེད། གཞན་དག ་ཀྱང་དེ་ལ་སྦྱོར་བར་བྱེད། ཅེས་བྱ་བ་ནས་བརྩམས་ཏེ། བདག་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་དང་མཐུན་པ་དང་། ལུགས་དང་མཐུན་པ་ལས་བཟློག་པ་ལ་མཉམ་པར་འཇོག་པར་བྱེད་ཅིང་དེ་ལ་གཞན་དག་ཡང་དག་པར་སྦྱོར་བ་དང་། ་དེའི་བསྔགས་པ་བརྗོད་པ་དང་། དེ་སྙོམས་པར་འཇུག་པ་གཞན་དག་ལ་ཡང་མཐུན་པས་དགའ་བར་བྱེད་ཅིང་། འདིར་ཡང་སེམས་ཅན་ཐམས་ཅད་ལ་དམིགས་ནས་སྡིག་པ་ལས་ལྡོག་པ་དང་། དགེ་བ་ལ་སོགས་པ་ལ་འཇུག་པ་ལ ་ཡང་དག་པར་སྦྱོར་ཞིང་། བསྔགས་པ་བརྗོད་པ་ལ་སོགས་པས་མཐུན་པར་དགའ་བར་བྱེད་པ་ནི་འདོར་སྦྱོར་བའི་ལམ་རྩེ་མོར་གྱུར་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ།། བཟོད་པར་གྱུར་པ་ཇི་ལྟ་བུ་ཞིག་ཅེ་ན། དེ་བཞིན་བཟོད་པ་ནི། བདག ་གཞན་རྟེན་ཅན་བདེན་ཤེས་པ། ཞེས་བསྟན་པ་ལ། དེ་བཞིན་ཞེས་བྱ་བ་ནི་ཇི་ལྟར་སྔར་གཞན་གྱི་རྟེན་ཅན་གྱི་དབྱེ་བ་ལྟར། དམིགས་པའི་དབྱེ་བས་ཕྱེ་བ་ནི་གང་བདག་གིས་ཀྱང་སྡུག་བསྔལ་ཡོངས་སུ་ཤེས་པར་བྱ། ཀུན་འབྱུང་སྤང ་པར་བྱ། འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་བྱ། ཞེས་བྱ་བ་ནས་བརྩམས་ཏེ། བདག་ཀྱང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་གནོན་ཅིང་། དེ་ལ་གཞན་དག་སྦྱོར་ཞི་བསྡིགས་པ་བརྗོད་པ་ལ་སོགས་པས་དེ་གནོན ་པ་ལོ་མཐུན་པས་དགའ་བར་བྱེད་པ་ཡིན་ཏེ། དམིགས་པའི་རྣམ་པའི་བྱེ་བྲག་བརྗོད་པ་སྔ་མོ་བཞིན་ནོ།། འདིར་སྦྱོར་བའི་ལམ་ངེས་པར་འབྱེད་པའི་བཟོད་པས་གྱུར་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ།། འཇིག་རྟེན་པའི ་ཆོས་ཇི་ལྟ་བུ་ཞིག་ཅེ་ན། ཆོས་མཆོག་དེ་བཞིན་སེམས་ཅན་རྣམས་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་བཤད་པ་དེ་བཞིན་དུ་བཟོད་པ་བསྟན་ཏོ།། བདག་གཞན་རྟེན་ཅན་ཉིད་ཀྱང་འདིར་རྗེས་སུ་སྦྱར་རོ།། དམིགས་པ ་དང་རྣམ་པའི་བྱེ་བྲག་རྣམས་ཇི་ལྟ་བུ་ཞིག་ཅེ་ན། སེམས་ཅན་རྣམས་སྨིན་བྱེད་སོགས་ཀྱིས་ཞེས་བྱ་བ་ལྀ་གང་བདག་ཉིད་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ཅིང་ཞེས་བྱ་བ་ནས་བརྩམས་ཏེ། དེ་དེ་ལྟར་སློབ་ཅིང་འདོད་པ་དེ ་ཉིད་ཀྱིས་སྒྲིབ་པ་མེད་པའི་གཟུགས་སུ་འགྱུར་བ་ཡིན་ཏེ། དམ་པའི་ཆོས་གནས་པ་ཉིད་སྒྲིབ་པ་མེད་པར་འགྱུར་བ་ཡིན་པའི་ཕྱིར་རོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྔ་མ་བཞིན་དུ ་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་མ་བཟུང་བའི་ཕྱིར་རོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གཟུགས་ཡོངས་སུ་བཟུང་བ་མེད་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་བཟུང་བ་མེད ་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་འཐད་པ་ཡིན་ནོ།། སྦྱོར་བའི་ལམ་འཇིག་རྟེན་པའི་ཆོས་ཀྱི་མཆོག་དེ་ཡང་དེའི་ངེས་པར་འབྱེད་པའི་ཆ་དང་འཐུན་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་རིགས ་ཀྱི་དབྱེ་བས་རེ་རེ་ཞིང་རྣམ་པ་གསུམ་གསུམ་དུ་འགྱུརརོ།། དེ་ལ་དྲོ་བར་གྱུར་པ་ཆུང་དུ་ནི་ཇི་སྐད་དུ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་བསྐྱེས་ནས་དེ་ཡིས་དམིགས་པས་གནས་པར་བྱའོ་ཞེས་བྱ་བ་ལ་སོགས་པ ་གསུངས་པ་ཡིན་ནོ།། ཚེ་འདི་ཡིན་ཏེ། གཞན་ལ་མི་ཆེ་བ་ཉིད་ཉེ་བར་བཟུང་བ་ཡིན་ནོ།། འབྲིང་ནི་ཇི་སྐད་དུ། ཕན་པའི་སེམས་བསྐྱེད་ནས་དེ་ཡིས་དམིགས་པ་ཉིད་དུ་རྒྱུའོ་ཞེས་བྱ་བ་ལ་སོགས་གསུངས་པ་ཡིན་ནོ།། ཕྱི་མ་གཞན་ལ་ཕན་པར་དགོད ་པ་ཉེ་བར་བཟུང་བ་ཡིན་ནོ།། ཆེན་པོ་ནི་ཇི་སྐད་དུ། ཕ་དང་། མ་དང་། སྤུན་ཟླ་དང་། སྲིང་མོ་ལ་སོགས་པའི་སེམས་བསྐྱེད་ནས་དེ་ཡིས་དམིགས་པ་ཉིད་དུ་བྱའོ་ཞེས་གསུངས་པ་ཡིན་ནོ།། འཕྲལ་དང་ཡུན་རིང་པོར་ཡིད་དུ་འོང་བས་བསྡུས ་བ་ལ་འཇུག་པར་འདོད་པ་ཉིད་ཀྱི་ཕྱིར་འདི་དང་། ཕྱི་མ་གཉི་ག་ཡིན་ནོ།། ཞེས་ཉེ་བར་བཟུང་བ་ཡིན་ནོ།། རྩེ་མོར་གྱུར་པ་ཆུང་ངུ་ནི་ཇི་སྐད་དུ། བདག་ཉིད་ཀྱང་སྲོག་གཅོད་པ་སྤོང་བར་བྱེད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། གཞན་སྡིག ་བསྔལ་གྱི་རྒྱུ་ལ་འཇུག་པ་ལས་བཟློག་པར་བཞེད་པ་ཉེ་བར་བཟུང་བའི་ཕྱིར་རོ།། རྩེ་མོར་གྱུར་པ་འབྲིང་ནི་ཇི་སྐད་དུ། བདག་ཉིད་ཀྱིས་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། ་གཞན་བདེ་བའི་རྒྱུ་ལ་ཡང་དག་པར་སྦྱོར་བར་བཞེད་པ་ཉེ་བར་བཟུང་བ་ཡིན་པའི་ཕྱིར་རོ།། རྩེ་མོར་གྱུར་པ་ཆེན་པོ་ནི་ཇི་སྐད་དུ། བདག་ཉིད་ཀྱང་ནང་སྟོང་པ་ཉིད་ལ་མཉམ་པར་བཞག་པོར་བྱའོ། ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན ་ནོགཞན་དག་སྡུག་བསྔལ་ལ་བདེ་བར་ཕྱིན་ཅི་ལོག་ཏུ་འཛིན་པ་སྤངས་པར་བཞེད་པ་ཉེ་བར་བཟུང་བའི་ཕྱིར་རོ།། བཟོད་པ་ཆུང་ངུ་ནི་ཇི་སྐད་དུ། བདག་ཉིད་ཀྱང་སྡུག་བསྔལ་ཡོངས་སུ་ཤེས་པར་བྱ་ཞེས་བྱ་བ་ལ་སོགས་པ་གསུང ་པ་ཡིན་ནོ།། གཞན་དག་འཕགས་པའི་ལམ་ལ་ངེས་པར་སྦྱོར་བཱ་བཞེད་པ་ཉེ་བར་བཟུང་བའི་ཕྱིར་རོ།། བཟོད་པ་འབྲིང་ནི་ཇི་སྐད་དུ། བདག་ཉིད་ཀྱང་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་ཤེས་པ་བསྐྱེད་པར ་བྱ་སྟེ། ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། གཞན་དག་འབྲས་བུ་ལ་ཡང་དག་པར་སྦྱོར་བར་བཞེད་པ་ཉེ་བར་བཟུང་བའི་ཕྱིར་རོ།། བཟོད་པ་ཆེན་པོ་ནི་ཇི་སྐད་དུ། བདག་ཉིད་ཀྱང་བྱང་ཆུབ ་སེམས་དཔའི་སྐྱོན་མེད་པ་ཉིད་ལ་འཇུག་པ་གྷ་ནྡོ་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། གཞན་དག་སངས་རྒྱས་ཉིད་ལ་ཡང་དག་པར་སྦྱོར་བར་བཞེད་པ་ཉེ་བར་བཟུང་བ་ཡིན་པའི་ཕྱིར་རོ།། བཟོད་པ་དེ་ཡང་སྐད་ཅིག་མ་གཅིག་ཡིན་པར ་ཤེས་པར་བྱའོ།། ཆོས་ཀྱི་མཆོག་ཆུང་ངུ་ནི་བདག་གིས་ཀྱང་སེམས་ཅན་ཡོངས་སུ་སྨིནྡ་པར་བྱ་ཞེས་བྱ་བ་སོགས་པ་གསུངས་པ་ཡིན་ནོ།། ཁྱད་པར་མེད་པའི་ཐེག་པ་གསུམ་གྱིས་ཡོངས་སུ་སྨིན་པར་བནད་པ་ཉེ་བར་བཟུང་བ་ཡིན ་པའི་ཕྱིར་རོ།། ཆོས་ཀྱི་མཆོག་འབྲིང་ནི་ཇི་སྐད་དུ། བདག་ཉིད་ཀྱང་བྱང་ཆུབ་སེམས་དཔེའི་མངོན་པར་ཤེས་པ་བསྐྱེད་པར་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། སེམས་ཅན་རྣམས་ཁྱད་པར་གྱི་ལམ་ལ་བྱང་ཆུབ་སེམས ་དཔའ་མངོན་པར་ཤེས་པ་ལ་ཡང་དག་པར་སྦྱོར་བ་བཞེད་པ་ཉེ་བར་བཟུང་བ་ཡིན་ནོ།། ཆོས་ཀྱི་མཆོག་ཆེན་པོ་ནི་ཇི་སྐད་དུ། བདག་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྐྱོད་པར་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། ་གཞན་ཕུན་སུམ་ཚོགས་པ་ཐམས་ཅད་མཐར་ཐུག་པ་འཇོག་པར་བཞེད་པ་ཉེ་བར་བཟུང་བ་ཡིན་པའི་ཕྱིར་རོ།། གང་འདི་ལྟར་བཟོད་པ་ཆེན་པོ་སྐད་ཅིག་མ་གཅིག་ཡིན་པར་བསྟན་པ་དེ་བཞིན་དུ་ཆོས་ཀྱི་མཆོག་ཀྱང་ཡིན་ནོ།། ཞེས་བྱ་བ་དེ་ནི་རང་གི ་དོན་གྱི་དབང་དུ་བྱས་པ་ཡིན་ལ། འདིར་ནི་གཞན་གྱི་རྟེན་ཅན་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་བྱེ་བྲག་བཤད་པའི་ཕྱིར་རོ།། གཞན་གྱི་དོན་ལ་གོང་ནས་གོང་དུ་འགྲོ་བའི་གནས་སྐབས་ཡོད་པའི་ཕྱིར་དེ་དང་འདི་ལ་འགལ་བ་མེད་དོ།། སྦྱོར་བའི ་ལམ་ངེས་པར་འབྱེད་པའི་རྣམ་པར་འགྲེལ་པའོ།། །། འོན་ཏེ་འདི་སྐད་དུ་ཉན་ཐོས་ཀྱི་དགེ་འདུན་ནམ། བྱང་ཆུབ་སེམས་དཔའི་དགེ་འདུན་ཡིན་ཞེས་ཟེར་ན། དེ་དག་ནི་ཉན་ཐོས་ཀྱི་དགེ་འདུན་ཡིན་པར་ཤེས་པར་བྱ་སྟེ། ་ལམ་གྱི་འབྲས་བུ་དང་། འབྲས་བུའི་ལམ་གྱི་དབྱེ་བས་སྐྱེས་བུ་ཟུང་བཞི་ཡིན་པར་ཤེས་པར་བྱའོ།། བྱང་ཆུབ་སེམས་དཔའི་དགེ་འདུན་ཡིན་པར་བསྟན་པའི་ཕྱིར་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོག་པའི་དབང་དུ་བྱས་ནས་ཕྱིར་མི་ལྡོག ་པའི་མཚན་ཉིད་ལ་བརྩམས་ནས་སོ་སོའི་བདག་ཉིད་ཀྱི་མཚན་ཉིད་བསྟན་པའི་ཕྱིར་དྲི་བ་ཐ་དད་པ་ཡིན་ནོ་ཞེས་བསྟན་ཏོ།། ཇི་སྐད་དུ། བཅོམ་ལྡན་འདས་བདག་གིས་ཇི་ལྟར་ཕྱིར་མི་ལྡོག་པ་དང་། ཕྱིར་མི་ལྡོག་པའི་མཚན་ཉིད་དུ་འཚལ་བ ་བགྱི་ཞེས་བྱ་བས་ནི་བདག་དང་། གཞན་རྟོགས་པའི་རྒྱུ་མཚན་ནི་ཡོང་སུ་ཞུས་པ་ཡིན་ནོ།། རབ་འབྱོར་གང་ཡང་སོ་སོའི་སྐྱེ་བོའི་ས་ཞེས་བྱ་བ་ནས་བརྩམས་ཏེ། གཞན་གྱིས་བྱས་པ་དང་། མ་བྱས་པ་ལ་བལྟ་བར་མི་བྱའོ་ཞེས་བྱ་བའི ་བར་གྱིས་ནི་དེའི་མཚན་ཉིད་གསུངས་པ་ཡིན་ནོ།། གཞན་རྟོགས་པའི་རྒྱུ་མཚན་དུ་ཕྱིར་མི་ལྡོག་པའི་དབང་དུ་མཛད་ནས་ཡང་བྱང་ཆུབ་སེམས་དཔའི་དགེ་འདུན་རྣམ་པ་གསུམ་དུ་འགྱུར་བར་རིག་པར་བྱའོ།། ངེས ་པར་འབྱེད་པའི་ཆོས་བསྡུས་པ་སྦྱོར་བའི་ལམ་གྱི་གནས་སྐབས་དང་། བཟོད་པ་དང་ཤེས་པས་བསྡུས་པ། མཐོང་བའི་གནས་སྐབས་དང་། རྒྱུན་དང་ལྡན་པའི་བསྒོམ་པའི་ལམ་གྱི་གནས་སྐབས་སོ།། དེ་ཡང་གང་ངེས་འབྱེད་ཡོན་ལག ་ནས་བཟུང་སྟེ། མཐོང་དང་གོམས་པའི་ས་ངག་ལ། བྱང་ཆུབ་སེམས་དཔའ་གང་དག་གནས།། དེ་འདོར་ཕྱིར་མི་ལྡོག་པའི་ཚོགས། ཞེས་བསྟན་པ་ནི་དགེ་འདུན་ཡིན། ཞེས་བྱ་བའི་དོན་ཏོ།། གཟུགས་ལ་སོགས་པ་ལས་ལྡོག་པའི་རྟག ་རྣམ་པ་ཉི་ཤུ་ནི་ངེས་པར་འབྱེད་པའི་ཡན་ལག་ལ་གནས་པ་འདིའི་མཚན་ཉིད་ཡིན་ཏེ། གང་བཅོམ་ལྡན་འདས་རྣམ་པ་ཞེས་བགྱི་བ་འདི་ཇི་ལྟ་བུ་ལེགས་ཞེས་བྱ་བ་ནི་རྟོགས་པས་བསྡུས་པ་ནི་རྟགས་ཞེས་བྱའོ།། རང་གི་རྟེན་མཚོན་པ་ནི ་མཚན་མ་ཞེས་བྱ་བའོ།། དེ་ཡིས་ཡོངས་སུ་ལོངས་སྤྱོད་པ་ནི་རྣམ་པའོ།། དེ་ལྟ་བུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པར་རིག་པར་བྱ་སྟེ། དེ་ནི་གཞན་དགེ་རྟོགས་པར་བྱ་བའི་ཕྱིར་ཞུགས་པ་ཡིན་ནོ།། རྟགས་ཤི ་ཤུ་གང་དག་ཡོན་ཞེ་ན། གཟུགས་ལ་སོགས་པ་ལོས་ལྡོག་སྟེ། གང་རབ་འབྱོར་ཆོས་ཐམས་ཅད་ནི་རྣམ་པ་མེད་པ། རྟགས་མེད་པོ། མཚན་མ་མེད་པའོ།། ཞེས་བསྟན་པ་ཡིན་ནོ།། ཚོར་བར་བྱ་བ་དང་། ཆེར་པོ་པོའི་འབྲེལ་པ་བཀག ་པས་གཟུགས་ལ་སོགས་པ་ནས་ཡང་དག་པར་རྫོགས་པ་ནི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ནི་ཕྱིར་མི་ལྡོག་པ་ཉིད་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། གཟུགས་ལ་སོགས་པ་རྣམས་རང་གི་ངོ་བོ་གནས་པ་མེད་པའི་ཕྱིར་རོ།། གཞན་ཡང་ཡིད་གཉིས ་མེད་པ་ཉིད་གཉིས་ཀྱིས་ལྷ་གཞན་དག་ལ་ཕྱག་མི་འཚལ་ཞིང་། མེ་ཏོག་ལ་སོགས་པས་མཆོད་པར་མི་སེམས་པ་དང་། གཞན་ཡང་མི་ཁོམ་པ་བརྒྱད་དང་། བུད་མེད་ཀྱི་དངོས་པོ་ཡོངས་སུ་འཛིན་པོར་མི་འགྱུར་པ་དང་། ཡང་བདག ་ཉིད་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཡང་དག་པར་གནས་པ་ཡིན། དེ་ཉིད་གཞན་དག་ཡང་དག་པར་འཛིན་དུ་འཇུག་པ་ཡིན། དེའི་བསྔགས་པ་བརྗོད་པ་ཡིན། མཐུན་པས་དགའ་བར་བྱེད་པ་ཡིན། སེམས་ཅན་ཐམས་ཅད་ལ་པ ་རོལ་ཏུ་ཕྱིན་པ་དྲུག་སྟོན་ཅིང་སྒོམ་པ་ལ་མདོ་སྡེ་ལ་སོགས་པའི་ཆོས་ཀྱི་སྦྱིན་པ་གཏོང་ཞིང་། དེ་སེམས་ཅན་ཐམས་ཅད་ཀྱི་མངོན་པར་འདོད་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་ཏུ་བསྔོ་བ་དང་། ཆོས་ཐམས་ཅད་མ་མཐོང་བས་ཆོས་ཟབ་མོ་ལ་ནེམ་ནུར་དང་། ཐེ་ཚོམ་དང་། ཡིད་གཉིས་མེད་པ་དང་། དེ་ལས་ལམ་གཞན་འདོད་ཅིང་མཐར་ཐུག་པའི་ནུས་པ་མེད་པའི་ཕྱིར་ནེམ་ནུར་རོ།། ལམ་དང་འདྲ་བ་ལས ་བཟློག་པ་ནི་ཡིད་གཉིས་སོ།། རིགས་ཀྱི་ཆོས་དགེ་བ་རྣམ་པ་སྣ་ཚོགས་འཕེལ་བ་མེད་པར་འགྲོ་བས་ན། ཐེ་ཚོམ་ཟ་བའི་ཕྱིར་ཐེ་ཚོམ་མོ།། བྱམས་པའི་ལུས་དང་། ངག་དང་། ཡིད་ཀྱི་ལས་དང་ལྡན་པ་དང་། སྒྲིབ་པ་ལྔ་དང་། ་ལྷན་ཅིག་མི་གནས་པ་དང་། བག་ལ་ཉལ་བ་ཐམས་ཅད་དུས་ཐམས་ཅད་དུ་མེད་པ་ནི་མ་རིག་པ་དང་། ལྟ་བས་བསྡུས་པའི་བག་ལ་ཉལ་བ་ཡིན་གྱི། བྱང་ཆུབ་སེམས་ནི་བསམ་བཞིན་དུ་སྲིད་པ་ལེན་པའི་ཕྱིར་འདོད ་པ་དང་། སྲིད་པའི་ཟག་པས་བསྡུས་པ་མ་ཡིན་ནོ།། འགྲོ་བ་དང་། འོང་བ་ལ་སོགས་པའི་སྤྱོད་ལམ་ལ་སོགས་པའི་དྲན་པ་ཉེ་བར་འཇོག་པ་ཉིད་དང་། གཙང་སྒྲའི་ཀུན་དུ་སྤྱོད་པ་དང་ཞིང་ནང་ཉུང་བ་ཡིན་ལ། ཆོས་གོས་དང་ལོངས་སྤྱོད་སྨང ་དུ་མེད་པ་ཉིད་ཀྱི་དྲོད་དུ་གཏོགས་པའི་གནས་སྐབས་ཡིན་ནོ།། དགེ་བའི་རྩ་བ་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པ་ཉིད་ཡིན་པས་ལུས་ལ་སྲིན་པོའི་རིགས་སྟོང་ཕྲག་བརྒྱད་བཅུ་མེད་པ་ཉིད་དང་། དགེ་བའི་རྩ་བ་རྣམ་པར ་དག་པའི་ཕྱིར་སེམས་ཀྱི་གྱ་རྒྱུ་དང་བྲལ་བས་ཉན་ཐོས་ལ་སོགས་པའི་ས་ལས་འདས་ནས། གོང་ནས་གོང་དུ་ལུས་དང་། སེམས་ཡོངས་སུ་དག་པ་འཛིན་ཅིང་རྒྱུ་ཉིད་དུ་གྱུར་པ་དང་། རྙེད་པ་དང་། བཀུར་སྟི་ལ་སོགས་ལྷུར་ལེན་པ་མ་ཡིན ་པ་དང་། སྦྱང་བའི་ཡོན་ཏན་བཅུ་གཉིས་ཡང་དག་པར་བླངས་ཏེ་སྤྱོད་པ་དང་། ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པའི་སེམས་མི་བསྐྱོད་པ་དང་། བློ་བརྟན་ཞིང་ཟབ་པས། གཞན་ལས་ཆོས་ཉོན་པ་ན་ཆོས་ཉིད ་སྦྱོར་བ་ཡིན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ཡང་དག་པར་བསྒྲུབ་པ་དང་། ཡང་བདུད་སྡིག་ཅན་གྱིས་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་སྤྲུལ་ཏེ། ངན་སོང་དུ་ལྷུང་ཞིང་སྡུག་བསྔལ་མི་ཟད་པས་རྒྱུན་དུ་སྡུག ་བསྔལ་བའི་ཚོར་བའི་དབང་དུ་བྱས་པ་འདི་ནི་བྱང་ཆུབ་སེམས་དཔའི་ཕྱིར་མི་ལྡོག་པར་ལུང་བསྟན་པ་ཡིན་ནོ་ཞེས་བསྟན་ཅིང་འབྱུང་བ་ན་སེམས་མི་འཁྲུག་པར་འགྲོ་བ་ཡོངས་སུ་སྐྱོབ་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང ་ཆུབ་ལས་སེམས་ཕྱིར་མི་ལྡོག་པ་ཉིད་ཀྱི་རྩེ་མོར་གཏོགས་པའི་གནས་སྐབས་ཡིན་ནོ།། ཡང་བྱང་ཆུབ་སེམས་དཔའི་དྲུང་དུ་བདུད་སྡིག་ཅན་དགེ་སྦྱོང་གི་ཆ་བྱང་དུ་འོངས་ཏེ་འདི་སྐད་དུ་ཞེས་བྱ་བ་ནས་བརྩམས་ཏེ། ལམ་གཞན་བསྟན་དུ ་ཟིན་ཀྱང་དགེ་སློང་དགྲ་བཅོམ་པའི་དཔེས་གཞན་ལ་ཡིད་ཆེས་པར་མི་འགྲོ་བ་ཉིད་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ངེས་གང་ལ་ཡིད་ཆེས་པས་འགྲོ་བའི་ཆོས་གཱ་ཡང་ཡང་དག་པར་རྗེས་སུ་མ་མཐོང་བ་ལ་སོགས་པ་ནི་འཐད་པ་ཡིན་ནོ།། ། ་གཞན་ཡང་བདུད་སྡིག་ཅན་འཇིག་རྟེན་པའི་རྣམ་པས་རུས་གོང་གི་འདུ་ཤེས་ལ་སོགས་པ་ལམ་གྱི་གཟུགས་བརྙན་སྟོན་པ་ན། འདི་ནི་བདུད་སྨྲིག་ཅན་ཡིན་ནོ་ཞེས་ཁོང་དུ་ཆུད་པས་སེམས་ཅན་ཐམས་ཅད་ཡོངས་སུ་གཏོང་བའི་སེམས་མི་བསྐྱེད་པའི ་ཕྱིར་བཟོད་པར་གཏོགས་པའི་གནས་སྐབས་ཡིན་ནོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱེད་པ་དྲང་མ་བྲལ་བས་དེ་བཞིན་གཤེགས་པས་ཡང་དག་པར་གསུངས་པའི་སྤྱོད་པ་དང་རྗེས་སུ་མཐུན་པས་གནས་ཤིང་། སྦྱིན་པའི་ཕ ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལས་ཡོངས་སུ་མི་མཉམ་པའི་བསམ་པས་ཞེས་བྱ་སྟེ། ཆོས་ཀྱི་མཆོག་གི་གནས་སྐབས་སོ།། མདོ་འདིའི་དོན་ཚིག་སྡུག་པས་རྒྱ་ཆེར་བསྟན་པའི་རྗེས་སུ་དྲན ་པར་བྱ་བའི་ཕྱིར། ཉེ་བར་འབྲེལ་པ་སྡུད་པའི་ཚིག་ལེའུར་བྱས་པ་ནི་དྲུག་ཡིན་ཏེ། གཟུགས་ལ་སོགས་པ་ལྡོག་སོགས་རྟགས།། རྣམ་པ་ཉི་ཤུ་བསྐྱེད་པ་ཡིས།། ངེས་འབྱེད་ཡན་ལག་ལ་གནས་པའི།། ཕྱིར་མི ་ལྡོག་པའི་མཚན་ཉིད་འདི།། གཟུགས་ལ་སོགས་པ་ལྡོག་པ་དང་། ཐེ་ཙོམ་མི་ཁོམ་ཟད་པ་དང་།། བདག་ཉིད་དགེ་བ་ལ་གནས་ཤིང་།། གཞན་དག་ལ་དེ་ལ་དགོད་པ་དང་།། གཞན་གྱི་རྟེན་ཅན་སྦྱིན་སོགས་དང་།། ཟབ་མོའི་དོན་ལ་སོམ་ཉིད ་མེད། རྔ་བྱམས་ལུས་སོགས་དང་སྒྲིབ་པ་ནི།། རྣམ་པ་ལྔ་དང་མི་འགྲོགས་དང་།། བག་ལ་ཉལ་ཀུན་འཇོམ་པ་དང་།། དྲན་པ་དང་མཾ་ཤེས་བཞིན་དང་། གོས་ལ་སོག་པ་གཙང་བ་དང་།། ལུས་ལ་སྲིན་བུ་རྣམ་མི་འབྱུང་།། གྱ་གྱུ་མེད་སེམས ་སྦྱངས་པ་ནི།། ལེན་དང་སེར་སྣ་མོད་སོགས་དང་།། ཆོས་ཉིད་ལྡན་པ་འགྲོ་ཉིད་དང་།། སེམས་ཅན་དོན་དུ་དམྱལ་འཚོལ་དང་།། གཞན་གྱི་སྲ་བཀྲི་བར་མ་བཏུབ་དང་། ལམ་གཞན་ཉེ་བར་སྟོན་བདུད་ལ། བདུད་ཅེས་བྱ་བར་རྟོགས་པ་དང་། ་སངས་རྒྱས་དགྱེས་པའི་སྤྱོད་པ་སྟེ། རྟགས་ནི་ཉི་ཤུ་དེ་དག་གིས།། དྲོད་དང་རྩེ་མོ་བཟོད་དང་བཅས། ཆོས་མཆོག་རྣམ་ལ་གན་ནི། རྫོགས་པའི་ཏིང་ཆུབ་ལས་མི་ལྡོག། ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་གནས་པའི་ཕྱིར ་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་མཚན་ཉིད་ཀྱི་རྣམ་པར་འགྲེས་པའོ།། ། ངེས་པར་འབྱེད་པའི་མ་ར་སོ་སྐབས་ཀྱིས་ཕྱིར་མི་ལྡག་པོའི་བྱང་ཆུབ་སེམས་དཔའི་མཚན་ཉིད་བརྩོན ་ནས། ད་ནི་མཐོང་བའི་ལམ་གྱི་གནས་སྐབས་བསྟན་པར་བྱ་བའི་ཕྱིར།། མཐོང་བའི་ལམ་ལ་བཟོད་པ་དང་།། ཤེས་པའི་སྐད་ཅིག་བཅུ་དྲུག་གི། བྱང་ཆུབ་སེམས་དཔའི་མི་ལྡོག་པའི།། མཚན་ཉིད་ཡིན་པར་ཤེས་པར་བྱ།། ཞེས་བསྟན་པ ་ལ་བཅུ་དྲུག་གང་ཞེ་ན། འདྲི་ལྟ་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནི་གང་མཐོང་བའི་ལམ་གྱི་གནས་སྐབས་ཀྱི་ཕྱིར་མི་ལྡོག་པོའི་མཚན་ཉིད་ཀྱི་དབང་དུ་བྱས་ནས། གཟུགས་ལ་སོགས་པའི་འདུ་ཤེས་ལས་ཕྱིར་མི ་ལྡོག་པའི་མཚན་ཉིད་ཀྱིས་ཕྱིར་མི་ལྡོག་པ་ཉིད་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱི་སྟོང་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས ་དཔེའི་སྐྱོན་མེད་པར་འཇུག་སྟེ་དེས་ཆོས་དེ་ཡང་དམིགས་ལ་དེ་ནི་མངོན་པར་འདུ་མི་བྱེད་དོ།། དེས་ན་སྐྱེ་བོ་དྲི་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་སྐྱེ་བ་ལ་བཟོད་པ་ཞེས་བྱའོ་ཞེས་བསྟན་པ ་ཡིན་ནོ།། འདུ་ཤེས་དང་། མངོན་པར་འདུ་བྱེད་པ་ལས་ལྡོག་པ་ནི་ཕྱིར་མི་ལྡོག་པའི་མཚན་ཉིད་ཡོན་པའི་ཕྱིར་ཞེས་བྱ་བ་ནི་འཐད་པ་ཡིན་ནོ།། སྡུག་བསྔལ་ལ་ཆོས་ཤེས་པ་ནི་གང་ཡང་བདུད་སྡིག་ཅན་ཉེ་བར་འོངས་ཏེ ་མོས་པ་བཟློག་པར་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ནམ་མཁའ་དང་མཚུངས་པ་དངོས་པོ་མེད་པའི་ངོ་བོ་ཉིད་དེ། རང་གི་མཚན་ཉིད་ཀྱིས་སྟོང་པའོ་ཞེས་བྱ་བ་ནས་བརྩམས་ཏེ། རྟོག་པ་པོ་དང་། རྟོགས་པ ་དང་རྟོགས་པར་བྱ་བ་མི་དམིགས་པས་ཆོས་ཀྱི་རྗེས་སུ་མཐུན་པ་ལྡོག་པ་ན། དེ་ཁོང་དུ་ཆུད་ཅིང་སེམས་བརྟན་པ་དང་། མི་གཡོ་བ་དང་། མི་འཕྲོག་པ་ཉིད་ཀྱིས་དམ་བཅས་པའི་སྦྱོར་བས་ཆེད་དུ་བྱ་བ་ལས་མི་ཉམས་པའི ་དོན་གྱིས་སོ་ཞེས་བསྟན་ཏོ།། དེ་ལ་སེམས་བརྟན་པ་ནི་རྒྱུན་དུ་ཅེས་པར་བྱེད་པས་སོ།། མི་གཡོ་བ་ནི་མངོན་པར་དུ་བྱེད་པས་སོ།། མི་འཕྲོགས་པ་ནི་གཞན་རྣམས་ཀྱི་ཡུལ་མ་ཡིན་པ་ཉིད་ཀྱིས་སོ།། སྡུག་བསྔལ་ལ་རྗེསྡེ་སུ་ཤེས་པའི་བཟོད་པ་ནི ་གང་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་དག་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཡིན་པའི་བར་ལ་ལྡོག་པ་དང་། འཇུག་པ་ཉིད་ཀྱི་ཕྱིར་ལྡོག་པ་དང་། ཕྱིར་མི་ལྡོག་པ་གཉི་ག་ལ་མི་རྟེན་པའི་བྱང་ཆུབ་སེམས་དཔའ ་བསྟན་པས་སོ་ཞེས་བསྟན་པ་ཡིན་ནོ།། བདེན་པ་ལ་ཞུགས་པ་ལས་ལྡོག་པ་ཡོད་པ་གང་ཡིན་པ་དང་། བདེན་པ་ལ་མ་ཞུགས་པ་ལས་འཇུག་པ་ཡོད་པ་གང་ཡིན་པ་དེ་དག་ནི། འདིར་ལྡོག་པ་དང་། མི་ལྡོག་པར་སྦྱར་གྱི་ལྡོག་པ་ཙམ ་འམ་འཇུག་པ་ཙམ་ནི་མ་ཡིན་ནོ།། སྐད་ཅིག་མ་གསུམ་ལ་ནི་རྗེས་སུ་ཤིས་པ་དང་འབྲེལ་པས་ཉན་ཐོས་ལ་སོགས་པའི་སར་ལྷུང་བར་འགྱུར་བ་མི་སྲིད་དེ། དེ་ནི་ཁམས་གསུམ་པའི་གཉེན་པོ་ཐོབ་པ་ཉིད་ཡིན་པའི་ཕྱིར་རོ།། སྡུག ་བསྔལ་ལ་རྗེས་སུ་ཤེས་པ་ནི་གང་ཡན་ལག་ཟད་པར་བྱེད་པ་སྤོང་བ་ལ་གནས་པའི་བྱང་ཆུབ་སེམས་དཔའི་དབང་དུ་མཛད་ནས་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུརྩ ་བདུན་དང་། རྣམ་པར་ཐར་པའི་སྒོ་གསུམ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ལ། དེའི་འབྲས་བུ་ཐོབ་པར་མི་བྱེད་པས་ཡན་ལག་ཟད་པར་བྱ་བའི་ཕྱིར་སེམས་ཅན་རྣམས་དང་རྗེས་སུ་མཐུན་པའི་བདག་ཉིད་ཀྱི་དངོས་པོ་ཡོངས་སུ་འཛིན ་པར་བྱེད་པའི་ཕྱིར་ཡན་ལག་ཟད་པར་བྱེད་པ་ཞེས་བྱ་བ་སྟེ། བསམ་གཏན་རྣམས་སྙོམས་པར་འཇུག་པ་གང་ལ་ཡན་ལག་གང་ཡོད་པ་དེ་སྤོང་བ་ལ་གནས་པ་ཞེས་བྱ་བའི་དོན་ནོ།། དཔེར་ན་བསམ་གཏན་དང་པོ་ལ་ཡན་ལག་ལྔ་སྟེ། ཞེས ་བྱ་བ་ལ་སོགས་པའི་ཡན་ལག་ཟང་བྱུང་པ་ཞེས་སྨོས་པའི་རྗེས་སུ་ཤེས་པས་ནིགཟུགས་དང་། གཟུགས་མེད་པའི་གཉེན་པོ་ཉིད་ཡིན་པར་རྟོགས་པར་བྱ་བའི་ཕྱིར་ཡིན་ནོ།། རྗེས་སུ་མཐུན་པའི་བདག་ཉིད་ཀྱི་དངོས་པོ་ཡོངས་སུ ་འཛིན་པས་ཞེས་བྱ་བ་ནི་སྡུག་བསྔལ་ལི་རྗེས་སུ་ཤེས་པའི་གནས་སྐབས་སུ་བྱང་ཆུབ་སེམས་དཔའི་འདོད་ཆགས་དང་བྲལ་བ་འདོར་བར་བྱེད་པ་ཡིན་ནོ།། ཀུན་འབྱུང་ལོ་ཆོས་ཤེས་པའི་བཟོད་པ་ནི་གང་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ ་བྱང་ཆུབ་ཡིད་ལ་བྱེད་པ་དང་ལྡན་ཏེ། བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བ་ནི་མཐོང་བས་སྤྱད་པཨཱརྱ་བྱཱ་བའི་རྣམ་པར་རྟོག་པ་གསལ་པོ་ཉིད་ཀྱིས་ལུས་དང་སེམས་ཡང་བ་ཉིད་ཀྱིས་གཟུགས་ལྷུར་ལེན་པ་མོ་ཡིན་པ་ཞེས་བྱ་བ་ནས ་སངས་རྒྱས་བལྟ་བ་དང་། དགེ་བའི་རྩི་བ་བསྐྱེད་པ་ལྷུར་ལེན་པ་ཉིད་ཀྱི་བར་དུ་རྒྱ་ཆེན་བཀག་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེའི་ཆོས་ཐམས་ཅད་ནམ་མཁའ་དང་མཉམ་ཞིང་དངོས་པོ་མེད་པའི་ངོ་བོ་ཉིད་རང་གི་མཚན་ཉིད ་ཀྱི་སྟོང་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་འཐད་པ་ཡིན་ནོ།། དེ་ལྟར་ཡིད་ལ་བྱེད་པ་ལ། འོ་ན་སྤྱོད་ལམ་ཐམས་ཅད་དུ་འཁྲུལ་པ་མེད་པའི་སེམས་ཀྱིས་བྱེད་པ་ཉིད་དོ།། ཞེས་བསྟན་པ་ཡིན་ནོ།། ཀུན་འབྱུང་ལ་ཆོས ་ཤེས་པ་ནི་གང་ཡང་ཁྱིམ་ན་གནས་པ་ཐབས་ལ་མཁས་པས་འདོད་པའི་ཡོན་ཏན་ལྔ་ལེན་པ་དང་། ཟས་ལ་སོགས་པའི་ཡོ་བྱད་མར་ཞིང་སྣ་ཚོགས་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བདག་ཉིད་གནས་པ་དང་། གཞན་དག་ཡང་དག ་དགོད་པ་དང་། དེའི་བསྔགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཉིད་དོ་ཞེས་བསྟན་པ་ཡིན་ནོ།། ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་ནི་གང་རྟག་ཏུ་རྒྱུན་མི་འཆད་པར་ཚངས་པར་སྤྱོད་པ་དང་། གཞན་མི་དགའ་བར་འགྱུར་བའི ་གནོད་པ་མི་བྱེད་ཅེས་བྱ་བ་ནི་རྟག་ཏུ་ཚངས་པར་སྤྱོད་པ་ཉིད་ཀྱི་ཕྱིར། འཁྲུག་པའི་འདོད་ཆགས་སྤྱོང་བ་ཡིན་ནོ།། གཞན་ལ་གནོད་པ་མི་བྱེད་ལ་ཉིད་ཀྱི་ཕྱིར་འདི་ཞི་གནས་ཀྱིས་རྒྱུད་མཉེན་པ་ཉིད་དུ་སྟོན་པ་དང་། འཛམ་བུའི་གླིང་ནས ་བརྩམས་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་བར་དུ་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་པ་སྦྱིན་པ་གཏོད་པ་དང་། ལག་ན་རྡོ་རྗེའི་རིགས་ལྔ་རྗེ་ས་སུ་འབྲང་བས་དེ་ལ་བདུད་ལ་སོགས་པས་མི་བརྫི་བ ་ཉིད་དུ་བསྟན་པ་ཡིན་ནོ།། ཀུན་འབྱུང་ལ་རྗེས་སུ་ཤེས་པ་ནི་གང་སེམས་མི་གཡེང་བ་ཐོབ་པས་དད་པ་ལ་སོགས་པའི་དབང་པོ་མ་ཚང་བ་མེད་པ་དང་། བྱང་ཆུབ་ཀྱི་སེམས་མི་བརྗེད་པ་ལ་དབང་ཐོབ་པ་ཉིད་ཀྱི་ཕྱིར། སྐྱེས་བུ་དམ་པར ་གྱུར་པ་ཉིད་དང་། བུད་མེད་ཀྱི་དབང་དུ་འགྱུར་བའི་སྔགས་དང་། རིག་པ་དང་། སྨན་དང་། རྩི་ལ་སོགས་པ་དང་། བུད་མེད་དང་སྐྱེས་པ་ལ་སོགས་པ་ཟེ་སློང་པའི་སྦྱོར་བ་མི་བྱེད་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོས་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་ལ་མཚན་མར་མི་མཐོང་བ་དང་། འཚོ་བ་ཡོངས་སུ་དག་པས་གནས་པ་ཉིད་དོ་ཞེས་བསྟན་པ་ཡིན་ནོ།། དེ་ལ་ཡན་ལག་ཚོགས་པར་བྱེད་པའི་མཚན ་ཉིད་ནི་སྨན་ནོ།། ཡན་ལག་གཅིག་པ་ནི་རྩིའོ།། ཡང་ན་ནད་སྐྱེས་པ་གསོ་བར་བྱེད་པ་ནི་སྨན་ནོ།། ཕྱིས་མི་སྐྱེ་བར་བྱེད་པ་འགེགས་པ་ནི་རྩིའོ།། ཡང་ན་ལུས་ལ་བགོས་པའི་གནས་སྐབས་ཐོབ་པར་བྱེད་པ་ནི་སྨན་ནོ།། མི་རྒས་པའི ་པའི་ཁྱབ་པར་ཐོབ་པར་བྱེད་པ་ནི་རྩི་ཞེས་བྱ་སྟེ་རྣམ་གྲངས་གཞན་ནོ།། འགོག་པ་ལ་ཆོས་ཤེས་པའི་བཟོད་པ་ནི་གང་རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་བྱུང ་ཆུབ་ཡིད་ལ་བྱེད་པ་དང་མི་འདྲུལ་ཞེས་བྱ་བ་ནས་བརྣམས་ཏེ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ལ་སྦྱོར་བ་དང་། རྗེས་སུ་སྦྱོར་བ་བཀགྶ་པས་ཉན་ཐོས་ལ་སོགས་པའི་ཕྱིན་ཅི་ལོག་ཡིན་པར་ཤེས་པར་བྱ་བའི་ཕྱིར ་རོ།། སྦྱོར་བ་དང་། རྗེས་སུ་སྦྱོར་བ་སྨོས་པ་ནི་སྡུག་བསྔལ་དང་། ཀུན་འབྱུང་གི་བདེན་པ་གཉིས་དང་། འགོག་པ་དང་། ལམ་གྱི་བདེན་པ་གཉིས་གོ་རིམ་ཇི་ལྟ་བ་བཞིན་དུ་སྦྱོར་བ་དང་། རྗེས་སུ་སྦྱོར་བ་སྔ་མ་དང་། ཕྱི་མར་ཤེས ་པར་བྱ་བའི་ཕྱི་དོ།། ངོ་བའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་པོའི་རང་བཞིན་སྟོང་པ་ཉིད་ལ་གནས་པས་ཆོས་གང་ཡང་བཟང་པོ་འམ། དྲན་པར་ཡང་བར་རྗེས་སུ་མི་མཐོང་ངོཞེས་བསྟན་པ་ཡིན་ནོ།། ཕྱིན་ཅིམ ་ལོག་པའི་ཤེས་པ་ཡིན་པའི་ཕྱིར་ནི་འཐད་པ་ཡིན་ནོ།། འགོག་པ་ལ་ཆོས་ཤེས་པ་ནི་གང་རྟོགས་པའི་རྒྱུར་གྱུར་པའི་དགེ་བའི་ཕྱོགས་འཕྲོག་པའི་བར་ཆད་ཀྱི་ཆོས་ཀྱི་གཏམ་ལ་སྦྱོར་བ་དང་། རྗེས་སུ་སྦྱོར་བར་གནས་པ་བཀག་པས་དེ ་ངདག་ཤིན་ཏུ་མི་སྣང་བར་གྱུར་པའི་དོན་བསྟན་པ་ཉིད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ལ་ཆོས་གང་ཡང་འཕྲོག་པའམ། སྦྱིན་པར་རྗེས་སུ་མི་མཐོང་བའི་ཕྱིར་ཞེས་བྱ་བའི་འཐད་བས་སོ།། ། ་གཏམ་སྨོས་པ་ནི་དངོས་པོའི་རྣམ་པར་རྟོག་པ་ནི་སྡུག་བསྔལ་དང་། ཀུན་འབྱུང་ཤེས་པའི་དུས་སུ་འགག་པའི་ཕྱིར་རོ།། འགོག་པ་ཤེས་པ་ནི་གཏམ་གྱི་སྦྱོར་བ་ཙམ་གྱི་རྣམ་པར་རྟོག་པའི་གཉེན་པོ་ཤེས་པར་བྱ་བའི་ཕྱིར་རོ། ་ཞེས་བསྟན་པ་ཡིན་ནོ།། དེ་ལྟ་བུའི་གནས་སྐབས་ཀྱི་དབང་དུ་མཛད་ནས་ཇི་སྐད་དུ། འདི་དག་ཐམས་ཅད་མིང་ཙམ་སྟེ། འདུ་ཤེས་ཙམ་དུ་རབ་ཏུ་གནས།། བརྗོད་པ་ལས་ནི་གཞན་གྱུར་པ། བརྗོད་པར་བྱ་བ་ནི་ཡོད་མ་ཡིན་ཞེས་གསུངས ་སོ། འགོག་པ་རྗེས་སུ་ཤིས་པའི་བཟོད་པ་ནི་བྱང་ཆུབ་ཀྱི་ཚོགས་སུ་གྱུར་པའི་སྦྱིན་པ་ལ་སོགས་པའི་གཏམ་མེང་པོ་རྣམ་པ་སྣ་ཚོགས་པ་ཆོས་ཀྱི་གཏམ་གྱི་སྦྱོར་བ་ནི་སྡོ་མ་བཞིན་ནོ།། འགོག་པ་ཤེས་པ་ནི་གནས་སྐབས་སུ ་ཡང་དག་པར་བསྒྲུབ་པ་མང་པོ་དང་ཉེ་བར་ལྡན་པའི་དོན་སྟོན་པ་ཡིན་ནོ།། དེ་ཅི་འི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེའི་རང་བཞིན་གྱིས་སྟོང་པ་ཉིད་ལ་གནས་པས་ཆོས་གང་ཡང་ཉུང་ངུ་འམ། མང་པོར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས ་གསུངས་པའི་འཐད་པས་སོ་ཞེས་བསྟན་པ་ཡིན་ནོ།། འགོག་པ་ལ་རྗེས་སུ་ཤེས་པ་ནི་གང་གཉེན་པོ་དང་མི་འཐུན་པའི་ཕྱོགས་དག་གསོད་པ་པོ་དང་། གསད་པ་ར་བྱ་བའི་གཡུལ་གྱི་གཏམ་ནི་སྔ་མ་བཞིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ་ལམ་གྱི་དེ་བཞིན་ཉིད་ལ་གནས་པས་ཆོས་གང་ཡང་ཆགས་པ་འམ། ཁོང་ཁྲོ་བ་ཡང་དག་པར་རྗེས་སུ་མི་མཐོང་བ་ཉིད་དོ།། ཞེས་བསྟན་པ་ཡིན་ནོ།། གང་དེ་ལྟ་བུར་གནས་སུ་རང་ཉིད་ཀྱིས་རྣམ་པར་སྨིན་པའི་འགོག་པ་རྣམ་པ ་བཞི་ལས་གང་གིས་འདིར་དབང་པོའི་གྲོང་འགོག་པ་དང་། དེ་ནས་གཞན་ཡང་རྣམ་པར་སྨིན་པ་མ་ལུས་པའི་དབང་པོའི་གྲོང་གི་གཏམ་ནི་སྔ་མ་བཞིན་ནོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ཆོས་ཐམས་ཅད་སྟོང་པ་ཉིད་ལ་གནས་པ ་ཆོས་གང་ཡང་ཚོགས་སམ། ཚོགས་མ་ཡིན་པར་ཡང་དག་པར་རྗེས་སུ་མི་མཐོང་བ་ཉིད་ཀྱིས་སོ་ཞེས་བསྟན་པ་ཡིན་ནོ།། དབང་པོའི་རྟེན་འབྱུང་བ་ཆེན་པོ་ལ་སོགས་པའི་གྲོང་ཁྱེར་འགོགས་པའི་ནི་གང་དེ་ནས་དབང་པོའི ་རྟེན་དུ་གྱུར་པ་འབྱུང་བ་དང་། འབྱུང་བར་འགྱུར་བའི་གྲོང་ཁྱེར་གྱི་གཏམ་གྱི་སྦྱོར་བ་ནི་སྔ་མ་བཞིན་ནོ། དེ་ཅིའི་ཕྱིར་ཞེ་ན། ནམ་མཁའ་སྟོང་པ་ཉིད་ལ་གནས་པས་ཆོས་གང་ལ་ཡང་བཟུང་བ་འམ། མི་བཟུང་བར་ཡང་དག་པར ་རྗེས་སུ་མི་མཐོང་བ་ཉིད་ཀྱིས་སོ་ཞེས་བསྟན་པ་ཡིན་ནོ།། དབང་པོའི་ཡུལ་གྱི་གྲོང་རྡལ་འགོག་པ་ནི་གང་དེ་ནས་གཟུགས་ལ་སོགས་པའི་ཡུལ་གྱི་གྲོང་རྡལ་གྱི་གཏམ་གྱི་སྦྱོར་བ་ནི་སྔ་མ་བཞིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དེ ་ཡང་དག་པའི་མཐའ་ལ་གནས་པས། ཆོས་གང་ཡང་འཕེལ་བ་འམ། འགྲིབ་པར་ཡང་དག་པར་རྗེས་སུ་མི་མཐོང་བ་ཉིད་ཀྱིས་སོ་ཞེས་བསྟན་པ་ཡིན་ནོ།། བདག་དུ་མངོན་པར་ཞེན་པ་འགོག་པ་ནི་གོང་དེ་ནས་རྣམ་པ་ཐམས་ཅད་དུ་རྣམ་པར་དག ་པའི་ཆོས་ཀྱི་དབྱིངས་བསྒོམ་པས་དེའི་བདག་ཉིད་ཅན་ཉིད་ཀྱིས་གནས་ཡོངས་སུ་གྱུར་པ་ཡིན་པའི་ཕྱིར་གཏམ་གྱི་སྦྱོར་བ་ལ་མི་གནས་པ་སྔ་མ་བཞིན་ནོ།། དོ་ཅིའི་ཕྱིར་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཏམ་གྱི་སྦྱོར་བ་དང་། རྗེས་སུ་སྦྱོར་བ་ལ་གནས་པར་གསུངས་པ་ནི་འཐད་པའོ་ཞེས་བསྟན་པ་ཡིན་ནོ།། རྣམ་པར་སྨིན་པའི་འགོག་པ་རྣམ་པ་བཞི་པོ་འདི་ཡང་ཁམས་གསུམ་པ་རེ་རེ་ན་ཡང་ཡོད ་པར་ཤེས་པར་བྱའོ།། ཇི་ལྟར་ཞེ་ན། རེ་ཞིག་དབང་པོ་ལ་འགོག་པ་ནི་བསམ་གཏན་དང་། གཟུགས་མེད་པ་གང་ན་དབང་པོ་གང་ཞིག་ཡོད་པ་སྟེ། ཇི་ལྟར་ཡིད་བདེ་བ་དང་། བཏང་སྙོམས་དང་། བཏང་སྙོམས་ཀྱི་ཡིད་བདེ་བ་དང་། བཏང་སྙོམས ་ལ་ནི་བཏང་སྙོམས་དང་། ཚོར་བའི་བྱེ་བྲག་བསམ་གཏན་སྐྱེས་ཞེས་བཤད་པ་དང་། གཟུགས་མེད་ན་ནི་བཏང་སྙོམས་དང་། སྲོག་དང་ཡིད་ཀྱི་དབང་པོ་ཡོད་ཅེས་བསྟན་ནོ། ཇི་ལྟར་དེ་དབང་པོའི་རྟེན་འགོག་པ་ཡིན་ཞེ་ན། རིགས་མཐུན ་དང་སྲོག་ལ་འདིར། སེམས་ཀྱི་རྒྱུད་ནི་རྟོག་པ་ཡིན་ཞེས་བསྟན་པ་ཡིན་ནོ།། དབང་པོའི་ཡུལ་གྱི་གྲོང་རྡལ་ནི་དེ་ན་ཡོད་པ་ཡིད་ཀྱི་ཡུལ་ཆོས་རྣམས་ཀྱང་འགོག་པ་ཡིན་ནོ།། བདག་ཏུ་མངོན་པར་ཞེན་པ་ནི་ཐམས་ཅད་ན་ཡོད་པའི་ཕྱིར་དེ་ཐམས ་ཅད་དུའང་འགོག་པ་ཁོ་ན་ཡིན་ནོ།། ལམ་ལ་ཆོས་ཤེས་པའི་བཟོད་པ་ནི་གང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་། སེར་སྣ་ལ་སོགས་པའི་རྗེས་སུ་སྦྱོར་བ་ལ་བརྩོན་པ་བཀག་པའི་ཕྱིར་དང་། བཟོད་པ་བར་ཆད་མེད་པའི་ལམ་ཡིན་པ ་ཉིད་ཀྱི་ཕྱིར་ཉོན་མོངས་པ་དང་བྲལ་བའི་རྒྱུ་ཉིད་ཡིན་པར་ཤེས་པར་བྱ་བའི་ཕྱིར་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ལ་གནས་ཤིང་ཆོས་འདོད་པ་འདི་ཉིད་ཀྱི་དགེ་བའི་ཆོས་ལ་འདུན་པའི་རྗེས་སུ་འ་ཇུག་པར་ཤེས་པར་བྱ་བའི་ཕྱིར ་དང་། ཆོས་ཀྱི་དབྱིངས་ལ་སྤྱོད་ཅིང་ཆོས་ཐ་མི་དད་པའི་བསྔགས་པ་བརྗོད་པ་ཉིད་ཀྱིས་བསྒྲུབ་པ་དང་། འབྲས་བུའི་ཆོས་དག་འདུས་བྱས་པ་དང་། འདུས་མ་བྱས་པ་ཉིད་ཀྱིས་གོ་རིམ་བཞིན་དུ་དོར་བ་དང་། བླང་བར་ཤེས་པའི་ཕྱིར ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བཤེས་གཉེན་མངོན་དུ་བྱ་བར་འདོད་པ་ས་མཉེན་པར་བྱེད་པ་ཉིད་ཀྱིས་ཤིན་ཏུ་ཁྱད་པར་ཅན་གྱི་གནས་སྐབས་ཐོབ་པའི་རྒྱུསྟེ་ཤེས་པར་བྱ་བའི་ཕྱིར་དང་། ཉན་ཐོས་ལ ་སོགས་པའི་ཐོག་པས་འགྲོ་བ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བསྐུལ་བ་དང་། གཞུག་པ་དང་། རབ་ཏུ་འཇོག་པར་ཁྱད་པར་རྟོགས་པས་ཐོབ་པའི་ཚོགས་འདོད་པས་སངས་རྒྱས་མངོན་དུ་གྱུར ་བར་སྐྱེ་ཞིང་། སྐྱེ་བ་ལ་དབང་བར་ཤེས་པར་བྱ་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ།། ལམ་ལ་ཆོས་ཤེས་པ་ནི་གླང་རྒྱུན་ཏུ་ཞུགས་པ་ལ་སོགས་པའི་དཔེས་ཆོས་ཅུང་ཟད་དངོས་སུ་མ་དམིགས་པས། ནང་སྟོང ་པ་ཉིད་ནས་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་ལ་གནས་པའི་བར་གྱི་རང་གི་ས་ལ་དོགས་པ་མེད་པ་ཉིད་ཀྱིས། རྣམ་པར་གྲོལ་བའི་ལམ་ཉིད་དུ་ཤེས་པའི་བྲལ་བ་ཐོབ་པའི་རྒྱུ་ཤེས་པར་བྱ་བའི་ཕྱིར། ཕྱིར་མི་ལྡོག་པའི་ས་ལ ་གནས་པ་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པ་དང་། བདུད་ཀྱི་ལས་ཤེས་པ་དང་། རྣམ་པར་འཇོམས་པ་དང་། སྲབ་མོར་བྱེད་པ་དང་། བྲལ་བ་ཐོབ་པར་བྱེད་པ་ཤེས་པར་བྱེད ་པའི་ཕྱིར། མཚམས་མེད་པ་བྱེད་པའི་སྐྱེས་བུའི་དཔེས་ཡང་དག་པ་ལ་གནས་ཤིང་། རྣམ་པར་མི་རྟོག་པའི་ཕྱིར་ཕྱིར་མི་ལྡོག་པའི་སེམས་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱིས་བཟློག་པར་མི་ནུས་སོ།། དེ་ཅིའི་ཕྱིར་ཞེ་ན། ་ལྷ་དང་བཅས་པའི་འཇིག་རྟེན་ལས་འདས་ཏེ་ཡང་དག་པའི་སྐྱོན་མེད་པར་ཞུགས་པ་ཉིད་ཀྱི་ལམ་ལ་ཆོས་ཤེས་པོ་ནི་ཁམས་གསུམ་གྱི་གཉེན་པོ་ཡིན་པར་ཤེས་པར་བྱ་བའི་ཕྱིར་དང་། མངོན་པར་ཤེས་པ་ཐོབོ་ནས་སངས ་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་སངས་རྒྱས་རྣམས་ལ་བལྟ་བར་སོགས་པའི་ཕྱིར། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་། ཁྱད་པར་ཅན་གྱི་ཡོན་ཏན་གྱི་ཡོན་ཏན་རྣམས་མངོན་པར་བསྒྲུབ་པ་ལ ་ཤིན་ཏུ་སྦྱངས་པ་ཤེས་པར་བྱ་བའི་ཕྱིར་དང་། བདུད་ཀྱི་ལས་རྣམས་ལྔ་ཐབས་ལ་མཁས་པས་ཡང་དག་པའི་མཐའ་ལ་སྦྱར་བར་བྱེད་པའི་ཕྱིར། རང་གི་སྐུ་ལ་ནེམ་ནུར་མེད་པ་ཉིད་ཀྱིས་སྦྱོར་བ་འདྲེན་མ་མ་ཡིན་པ་རྣམ་པར་ཤེ ་པར་བྱེད་པའི་ཕྱིར་རོ།། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཡང་དག་པའི་མཐའ་ལ་ནེམ་ནུར་མེད་པའི་ཕྱིར་གཅིག་གམ། གཉིས་སུ་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར། ཚེ་འབོས་སུ་ཟིན་ཀྱང་ཉན་ཐོས་ལ་སོགས་པའི་སེམས ་མི་བསྐྱེད་པའི་ཕྱིར། སྦྱོར་བ་ཐེག་པ་གཞན་དུ། ངེས་པར་འབྱུང་བ་མེད་པས་གཅིག་ཏུ་ངེས་པ་ཉིད་ཤེས་པར་བྱ་བའི་ཕྱིར་རོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཕྱིར། སྐྱེ་བ་འམ། འགག་པ། ་ལམ་ཆེན་པོའི་ཆེན་པོས་རྟོག་པ་ཆུང་ངུའི་ཆུང་ངུའི་བར་དུ་སྤོང་བ་ཡིན་ནོ།། དང་པོ་ཉིད་ལམ་ཆེན་པོ་མི་སྐྱེ་བའི་ཕྱིར་དང་། ལམ་ཆེན་པོ་སྐྱེས་པ་ན་ཉོན་མོངས་པ་ཆེན་པོ་ཡོང་མི་སྲིད་པའི་ཕྱིར་ཏེ། དང་པོར་གོས་ཀྱི་དྲི་མ་ཆེན་པོ་བསལ ་ནས་བྱིས་ཆུང་བ་དག་པར་བྱེད་པ་དང་། མུན་པ་ཆེན་པོ་ནི་སྣང་བ་ཆུང་ངུས་སེལ་ལ། ཆུང་ངུ་ནི་ཆེན་པོས་སེལ་བའི་དཔེས་ཆུང་ངུས་ཆེན་པོ་སེལ་བའི་དཔེ་དེ་རིགས་པ་ཡིན་ནོ།། དཀར་པོའི་ཆོས་ནི་སྟོབས་དང་ལྡན་པ་ཡིན་ལ ་ནག་པོ་ནི་ཉམ་ཆུང་བ་ཡིན་པས་འཕགས་པའི་ལམ་གྱི་སྙེད་ཅིག་མ་གཅིག་ལ་ཆུང་ངུས་ཀྱང་འཁོར་བ་ཐོག་མ་མེད་པ་ནས་གཅིག་ནས་ཅིག་ཏུ་བརྒྱུད་པའི་ཉོན་མོངས་པ་ཆེན་པོ་བསྟན་པ་རྩ་བ་ནས་འབྱིན་པའི་ཕྱིར་རོ།། སློབ ་དཔོན་དབྱིག་གཉེན་གྱིས་ཀྱང་དུས་མང་པོར་བསགས་པའི་ནད་རྣམས་དུར་བྱིད་ཀྱི་ཁུ་བ་བཏང་བས་ནད་རྣམས་སེལ་བ་དང་མཚུངས་པ་དང་། སྐད་ཅིག་མ་གཅིག་ལ་སྒྲོན་མེ་ཆུང་ངུ་ཡིས་མུན་པ་ཆེན་པོ ་འཇོམས་པ་དང་འདྲའོ་ཞེས་བཤད་དོ།། དེ་ལ་རྣམ་པར་རྟོག་པའི་རྣམ་པ་ཆེན་པོའོ་ཆེན་པོ་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་མ་སྙེད་དུ་དཀོན་མཆོག་གསུམ་ལ་ཟང་ཟིང ་གི་སྦྱིན་པ་བྱིན་པས་ཞེས་བྱ་བ་ལ་སོགས་པས་སོ་ཞེས་བསྟན་པ་ཡིན་ནོ།། དེའི་གཉེན་པོ་ལམ་གྱི་རྣམ་པ་ཆུང་ངུའི་ཆུང་ངུ་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉན་པ་ལ་སོགས་པ་ལ་བརྩོན་པར་བྱེད་ན། དེའི་བསོད་ནམས་མང ་དུ་འཕེལ་ལོ།། དེ་ཅིའི་ཕྱིར་ཞེ་ན། གང་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུག་ཏུ་མངོན་པར་རྫོགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལམ་ནི་འདི་ཡིན་ནོ།། ཞེས་འབོད་པས་བསྟན་པ་འདི་ཡིན་ནོ།། ། ་རྣམ་པར་རྟོག་པ་ཆེན་པོའི་འབྲིང་ནི་གང་དེ་ཉིད་བསྐལ་པ་དེ་སྲིད་དུ། རྒྱུན་དུ་ཞུགས་པ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ཟང་ཟིང་གི་ཡོན་ཕུལ་བས་སོ་ཞེས་བསྟན་པ་ཡིན་ནོ།། ། ་དེ་ཉིད་ཅེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བས་ཏེ། དེ་བཞིན་དུ་འོག་མ་རྣམས་ལ་ཡང་སྦྱར་རོ།། འདིའི་གཉེན་པོའི་ལམ་ཆུང་ངུའི་འབྲིང་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་ན་དེ་བསོད་ནམས ་མང་དུ་འཕེལ་ལོ།། དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་ལ་སོགས་པའི་ས་ལས་འདས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བའི་འཐད་པ་བསྟན་པ་ཡིན་ནོ།། རྣམ་པར་རྟོག་པ ་ཆེན་པོའི་ཆུང་ངུ་ནི་གང་ཡང་དེ་ཉིད་བསྐལ་པ་དེ་སྙེད་དུ་གནས་ཤིང་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་བསྒོམ་པས་སོ་ཞེས་བྱ་བས་བསྟན་པ་ཡིན་ནོ།། འདིར ་གཉེན་པོའི་ལམ་ཆུང་ངུའི་ཆེན་པོ་ནི་གང་ཅིག་ཤོས་ཉིང་ཞག་གཅིག་ལ་སྦྱིན་པ་ལ་སོགས་པ་དང་ལྡན་པ་དེའི་བསོད་ནམས་མང་དུ་འཕེལ་ལོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལ་གནས་ན་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་བསྐྱེད་པའོ་ཞེས་བྱ་བ་ནི་འཐད་པ་པའོ་ཞེས་བསྟན་པ་ཡིན་ནོ།། ཅིག་ཤོས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པ་དང་ལྡན་པ་སྟེ། དེ་བཞིན་དུ་འོག་མ་རྣམས་ལ ་ཡང་སྦྱར་རོ།། རྣམ་པར་རྟོག་པ་འབྲིང་གི་ཆེན་པོ་ནི་གང་ཡང་དེ་ཉིད་བསྐལ་པ་དེ་སྙེད་དུ་སེམས་ཅན་རྣམས་ལ་ཆོས་ཀྱི་སྦྱིན་པས་ཞེས་བྱ་བས་བསྟན་པ་ཡིན་ནོ།། དེའི་གཉེན་པོ་ལམ་འབྲིང་གི་ཆུང་ངུ་ནི་གང་ཅིག་ཤོས་ཀྱིས་ཉིན་ཞག་གཅིག ་ཆོས་ཀྱི་སྦྱིན་པ་བྱིན་པས་དེའི་བསོད་ནམས་མང་དུ་འཕེལ་ལོ།། དེ་ཅིའི་ཕྱིར་ཞེ་ན། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པོ་དང་མ་བྲལ་བར་ཡོངས་སུ་བསྔོ་བ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་མ་བྲལ་བར་གནས་པ་ཉིད་འཐད་པའོ ་ཞེས་བསྟན་པ་ཡིན་ནོ།། རྣམ་པར་རྟོག་པ་འབྲིང་གི་འབྲིང་ནི་གང་ཡང་དེ་ཉིད་བསྐལ་པ་དེ་སྙེད་དུ་བསམ་གཏན་བཞི་དང་། དྲན་པ་ཉེ་བར་བཞག་པ་རྣམས་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅཝོ་བརྒྱད་ལ ་ལ་བརྩོན་པར་བྱས་པ་བས་ཞེས་བྱ་བ་བསྟན་པ་ཡིན་ནོ།། འདིའི་གཉེན་པོ་ལམ་འབྲིང་གི་འབྲིང་ནི་ཅིག་ཤོས་ཀྱིས་དེ་རྣམས་ལ་ཉིན་ཞག་གཅིག་མངོན་པར་བརྩོན་པར་བྱས་ན་དེའི་བསོད་ནམས་མང་དུ་འཕེལ་ལོ།། དེ་ཅིའི་ཕྱིར་ཞེ་ན། ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། མ་བྲལ་བར་གནས་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཕྱིར་ལྡོག་པའི་གནས་སྐབས་མེད་ཅིང་། གནས་མ་ཡིན་པའི་ཉིད་དུའོ་ཞེས་བསྟན་པ་ཡིན་ནོ།། མཐའ་གཅིག་ཏུ་ངེས་པར་འབྱུང་བའི ་ཕྱིར་ནི་འཐད་པ་ཡིན་ནོ།། རྣམ་པར་རྟོག་པ་འབྲིང་གི་ཆུང་ངུ་ནི་གང་ཡང་དེའི་བསྐལ་པ་དེ་སྙེད་ཟང་ཟིང་གི་སྦྱིན་པ་དང་། ནང་དུ་ཡང་དག་པར་འཇོག་པ་དང་ལྡན་པ་ཡིད་ལ་བྱེད་པ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་ཏུ་བསྔོ་བས་ཞེས་སྨོས་པས་བསྟན་པ་ཡིན་ནོ།། འདིའི་གཉེན་པོ་ལམ་འབྲིང་གི་ཆེན་པོ་ནི་གང་ཅི་ཤོས་ཀྱིས་ཉི་མ་གཅིག་ཟང་ཟིང་གི་སྦྱིན་པ་དེའི་བསོད་ནམས་མང་དུ་འཕེལ་ལོ།། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པའི་ཡོངས་སུ་བསྔོ་བ་ནི་མཚན་ཉིད་དོ་ཞེས་བྱ་བས་འཐད་པ་ཡིན་ནོ།། རྣམ་པར་རྟོག་པ་ཆུང་ངུ་ཆེན་པོ་ནི་གང་ཡང་དེ་ཉིད་བསྐལ་པོ་དེ་སྙེད་དུ་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདྲ ་རྣམས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྣམས་ཀྱི་དགེ་བའི་རྩ་བ་གཱ་ཅི་ཡོད་པ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུག་ཏུ་ཡོངས་སུ་བསྔོ་བས་ཞེས་བྱ་བས་བསྟན་པ་ཡིན་ནོ།། འདི་གཉེན ་པོའི་ལམ་ཆེན་པོའི་ཆུང་ངུ་ནི་གང་ཅིག་ཤོས་ཀྱིས་ཉི་མ་གཅིག་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུག་ཏུ་བསྔོས་ན་བསོད་ནམས་མང་དུ་འཕེལ་ལོ།། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་ཡི་རང་བའི་བསྔོ་བ་ནི་མཆོག་ཉིད་ཡིན་ནོ།། ཞེས་འཐད་པ་བསྟན་པ་ཡིན་ནོ།། རྣམ་པར་རྟོག་པ་ཆུང་ངུའི་འབྲིང་ནི་གང་མངོན་པར་འདུ་བྱས་པ་ནི་ཡོངས་སུ་བཏགས་པ་ཉིད་ཀྱིས་བསིད་ནམས་མང་དུ་སྐྱེ་བ ་ན། མངོན་པར་འདུ་བྱས་པས་ཡང་དག་པར་ལྟ་བ་བསྐྱེད་པ་འམ། སྐྱོན་མྱེད་པར་འཇུག་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་པས་མི་འདོད་པ་བསྐྱེད་པ་ཉིད་ངོ ་ཞེས་བསྟན་པ་ཡིན་ནི། དེའི་གཉེན་པོའི་ལམ་ཆེན་པོའི་འབྲིང་ནི་གང་རབ་འབྱོར་མངོན་དུ་བྱས་པ་དེ་ཡང་སྟོང་པ་ཉིད་དུ་སྣང་ངོ་།། གསོ་བ་ཉིད་དང་། གསོག་ཉིད་དང་། སྙིང་པོ་མེད་པ་ཉིད་དུ་སྣང་ངོ་།། ཞེས་བྱ་བས་བསྟན་པ་ཡིན་ནོ།། ། ་བསྒོམ་པའི་ལམ་རྣམ་པ་དགུ་པའི་གནས་སྐབས་སུ་སྔ་མ་ལ་ནི་མ་ཡིན་ནོ་ཞེས་དགོངས་པའི་ཕྱིར་རོ།། ལ་ན་བརྗོད་པར་བྱེད་པ་སྟེ། དེ་ལ་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ན་པོ་སྟོང་པ་ཉིད་ཀྱིས་ནི་མངོན་པར་འདུ་བྱ་བ ་སྟོང་པ་ཉིད་དུ་སྣང་བར་བཤད་དོ།། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དུམ་པ་སྟོང་པ་ཉིད་ཀྱིས་ནི་མངོན་པར་འདུ་བྱས་པས་གསོག་ཉིད་དུ་སྣང་བར་བཤད་དོ།། འདུསུ་བྱས་སྟོང་པ་ཉིད་དང་། ་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་ཀྱིས་ནི་དེ་དག་གསོབ་ཉིད་དུ་སྟོད་པར་བཤད་དོ།། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཆུན་ཉིད་སྟོང་པ་ཉིད་པ་ཨོཾ་དམིམས་པ་སྟོང་པ་ཉིད་དང ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་སྙིང་པོ་མེད་པ་ཉིད་དུ་སྣང་བར་བཤད་དོ།། དེ་ཉིད་ཀྱི་ཕྱིར་སྨྲས་པ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ནང་སྟོང་པ་ཉིད་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དུ་ན་ཏུ་བསླངས་པའི ་ཕྱིར་རོ།། ཞེས་བྱ་བ་ནི་འཐད་པའོ་ཞེས་བསྟན་པ་ཡིན་ནོ།། ཡང་མངོན་པར་འདུ་བྱས་པ་ནི་གོ་ཆ་དང་། འཇུག་པ་དང་། ཚོགས་དང་། ངེས་པར་འབྱུང་བའི་བསྒྲུབ་པའི་ད་དུ་མཛད་ནས་སྟོང་པ་པ་ཉི་དུ་ཨཱ་མཾ་ལ་སོགས་པ་རྣམ་པ ་བཞིར་བརྗོད་པ་ཡིན་ནོ།། དེ་ཡང་དེ་རྣམས་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྤྲུལ་པའི་དོན་བདག་གིས་འཚལ་བ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་ཀོ་མ་ཆེན་པོ་ལགོ་སའཕགས་པར་རིག ་པར་བགྱི་སྟེ། ཇི་ལྟར་རང་གི་མཚན་ཉིད་སྟོང་པ་ཉིད་ནི་མི་སྐྱེ་བའི་ཆོས་ཉིད་ལགས་པའི་སླད་དུའོ་ཞེས་བཤད་པ་ཡིན་ནོ།། རྣམ་པར་རྟོག་པ་ཆུང་ངུའི་ཆུང་ངུ་ལ་སོགས་པ་རྗེས་སུ་མཐོང་བས་ས་ཐོས་ལ་སེམས་པའི་ས་ལ་གོ། ་བཟློག་པར་ཤེས་པར་བྱ་བའི་ཕྱིར་རོ།། ཞེས་བྱ་བའི་འཐད་པས་སོ་ཞེས་བསྟན་པ་ཡིན་ནོ།། ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི་གང་བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། ་སྙམ་པའི་ངེས་པར་མངོན་པར་བྱང་ཆུག་པ་དང་མི་འབྲལ་བའི་སྦྱོར་བ་ཤེས་པའི་ཕྱིར་རོ།། དེ་ཅིའི་ཕྱིར་ཞེ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་རང་གི་མཚན་ཉིད་ཀྱིས་སྟོང་པ་ཉིད་ཡིན་པའི་ཕྱིར། དེ་ལྟར་གནས་པ་ནི ་རང་གི་ས་ལ་གནས་པ་ནི་ཐམས་ཅད་ཤེས་པ་ཉིད་དོ།། གཞན་གྱི་ལམ་ལ་རག་མ་ལུས་པ་ནི་ལམ་གྱི་རྣམ་པར་ཤེས་པ་ཉིད་དོ།། གཞན་གྱིས་གཞོལ་བར་མི་ནུས་པ་ནི་རང་གི་ས་ཤེས་བྱ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ།། ། ་ཡང་བྲལ་བ་ཐོབ་པ་དེ་ནི་བདུད་ཀྱི་ལས་ཡིན་པར་རྟོགས་པའི་དབང་དུ་བྱས་ནས། དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་གནས་པ་ནི་མི་འཕྲོག་པའི་ཡེ་ཤེས་དང་ལྡན་པ་ཉིད་ཀྱིས་ན་འདི་ཉིད་དུ་དགྲ་བ་ཙམ་པ་ཐོབ་པར་གྱིས་ཤིག། ཁྱོད་ནི། ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་ཏོ།། གང་གིས་ཁྱོད་ལུང་བསྟན་པར་འགྱུར་བ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཁྱོད་ཀྱིས་མ་ཐོབ་པོ།། གང་གིས་ཁྱོད་དེ་བཞིན་གཤེགས་པས་ལུང་བསྟན་པ་ཞེས ་བྱ་བ་ལ་སོགས་པ་བདུད་ཀྱིས་འདུན་པ་བཟློག་པའི་ཚིག་ཐོས་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་སེམས་མི་ཞུམ། མི་འགོད་པ་ལ་སོགས་པ་དང་ལྡན་ན་ལུང་བསྟན་པར་ངེས་པར་ཡིན་ནོ།། འདི་ལ་གནས་པ་ནི་རྟོགས་པའི་ཆོས་ཀྱི ་སྐད་ཅིག་མ་གཅིག་ལུས་ཡིན་པའི་ཕྱིར་ལྟུང་བའམ་ཁྱད་པར་དུ་འགྲོ་བར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། དེ་ལུང་བསྟན་པར་འགྱུར་བའི་རྒྱུའི་ཆོས་ཡོད་པ་ཉིད་དོ་ཞེས་བསྟན་པ་ཡིན་ནོ།། དེ་ལྟར་བྱས་ན་སྐྱོན ་མེད་པར་ཞུགས་པ་ནི་ལུང་བསྟན་པའི་རྒྱུ་ཡིན་པའི་ཕྱིར་རོ།། ལམ་ལ་རྗེས་སུ་ཤེས་པ་ནི་གང་བདུད་ཀྱིས་ཁྱོད་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱིས་ཅི་ཞིག་བྱ། གང་ལ་སྤྱོད་པ་འདི་དག་ནི་བདུད་ཀྱིས་བཤད་པོ ་ཡིན་ནོ།། ཞེས་ཟེར་ཞིང་རྣམ་པར་འབྱེད་པར་བྱེང་ན། ཀྱེ་མ་བདག་བླ་ན་མེང་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་བྲལ་བར་བྱེད་པ་ནི་བདུད་སྡིག་ཅན་ཡིན་ནོ་སྙམ་དུ་རིག་པར་བྱེད་པ་ནི་ཕྱིར་མི་ལྡོག་པ་ཡིན་པར་ཤེས་པར་བྱའོ།། མངོན ་པར་བྱང་ཆུབ་པ་དང་མི་འབྲལ་བ་ཐོབ་པར་བྱ་བ་རྙེད་པར་ཤེས་པར་བྱ་བའི་ཕྱིར་དང་། ཆོས་ཐམས་ཅད་སྟོང་པའོ་ཞེས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བསྟན་པའི་དམ་པའི་ཆོས་ཡོངས་སུ་བཟུང་བའི་ཕྱིར་བདག་ཀྱང་སྲོག ་ཡོངས་སུ་གཏོང་བས་ཤེས་གཉི་ག་སྨོས་པས་ནི་བདག་ཉིད་དུ་རྟོགས་པའི་ཕྱོགས་གཅིག་དང་། མ་ལུས་པའི་བདག་ཡོངས་སུ་གཏོད་པ་ཤེས་པར་བྱ་བའི་དོན་དང་། སངས་རྒྱས་ཐམས་ཅད་དང་། བདག་ཉིད་ཀྱང་ཆོས་འདི་ཉིད ་ཡིན་ནོ་ཞེས་དོན་གྱི་དབང་གིས་མཐོང་ནས། སྲོག་དང་འབྲལ་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པ་དང་། བསྐལ་པ་མཉམ་པར་ཤེས་པར་བྱ་བའི་ཕྱིར་དང་། ཡང་གཞུང་འཛིན་པའི་གཟུངས་ཐོབ་ནས་སངས་རྒྱས་ཀྱིས་གསུང ་པ་ཆུད་མི་ཐོས་པའི་ཕྱིར། དེ་ཡིས་ཡོན་ཏན་གྱི་ཁྱད་པར་མངོན་པར་བསྒྲུབ་པ་ཤེས་པར་བྱ་བའི་ཕྱིར་དང་། ཡང་གཟུངས་ཐོབ་པའི་རྒྱུ་ཉིད་ཀྱིས་ཉན་པ་པོའི་ལྷ་ལ་སོགས་པའི་སྐད་དང་བརྡ་ལ་སོགས་པ་ལ་ངེས་པ་རྙེད་པ་ཉིད་ཀྱིས་དེ་ནི ་ཕྱིར་མི་ལྡོག་པའི་མཚན་ཉིད་འགོག་པ་ཐོབ་པས་སེམས་ཅན་སྨིན་པར་བྱ་བའི་ཐབས་ཀྱིས་བྱེད་པ་ཤེས་པར་བྱ་བ་ཉིད་ཀྱི་ཕྱིར་རོ་ཞེས་པ་སྟན་པ་ཡིན་ནོ།། ཡོན་ཏན་ཆེན་པོ་དང་ལྡན་པའོ་ཞེས་བྱ་བ་ནི་ཇི་སྐད་བསྟན་པའི་བཟོད་པ་ཐོབ་དེ་ནི་ཡོན་ཏན ་ཆེན་པོ་དང་ལྡན་པ་ཡིན་ཏེ། གང་འདི་ལྟར་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་དང་འབྲེལ་བར་བྱེད་པ་ཡིན་པའི་ཕྱིར་རོ།། ཡོན་ཏན་ཚད་མེད་པ་དང་ལྡན་པའོ།། ཞེས་བྱ་བ་ནི་ཇི་སྐད་བསྟན་པའི་ཤེས་པ་ཐོབ་པ་ནི་ཡོན་ཏན་ཚད་མེད་པ་དང ་ལྡན་པ་ཡིན་ཏེ། དུས་གསུམ་རྣམས་ཚད་མེད་པའི་ཕྱིར་དང་། གང་འདི་ལྟར་མཐོང་བས་སྦེང་པར་བྱ་བའི་ཉོན་མོངས་པ་ཡང་མྱི་སྐྱེ་བར་བྱེད་པ་ཡིན་པའི་ཕྱིར་རོ།། ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའོ་ཞེས་བྱ་བ་ནི་དེས་ཕྱིས་རྣམ་པ་ཐམས ་ཅད་མཁྱེན་པ་ཉིད་མངོན་པར་འགྲུབ་པ་ནི་དེའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་ཡིན་ཏེ། གང་འདི་ལྟར་ཚད་བྱ་བར་མི་ནུས་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་པའི་ཕྱིར་རོ།། དེ་ལྟར་ཇི་སྐད་དུ། རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར ་དེ་ཉིད་ཀྱི་ཕྱིར་འདིས་ནི་མཐའ་ལས་འདས་པ་མཐར་ཐུག་པ་མེང་པའི་ཡེ་ཤེས་ཐོབ་པ་དང་། རྟོགས་པར་མི་ནུས་པའི་ཡེ་ཤེས་རབ་ཏུ་ཐོབ་པ་དང་། ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱིས་མི་འཕྲོགས་པོ་ཡིན་ནོ།། བཅོམ་ལྡན་འདས ་ཀྱིས་དེ་མངོན་སུམ་དུ་མཛད་པ་ཉིད་ཀྱིས་རྗེས་སུ་བཟླས་ནས་གསུངས་སོ།། དེ་ལ་མཐའ་ཡས་པ་ནི་རྣམ་པ་མཐའ་ཡས་པའི་ཕྱིར་རོ།། མཐར་ཐུག་པ་མེད་པ་ནི་ཐམས་ཅད་དུ་ཡུལ་མ་ཡིན་པའི ་ཕྱིར་རོ།། དེ་བས་ན་འདི་སྐད་དུ་སོ་སོ་ཡང་དག་པར་རིག་པ་མངོན་པར་བསྒྲུབ་པས་ལྷ་དང་བཅས་པའི་འཇིག་རྟེན་གྱིས་མཐར་གཏུགས་པར་མི་ནུས་པའི་ཕྱིར་རོ།། བཅོམ་ལྡན་འདས་ཀྱི་མཁྱེན་པའི་སྟོབས་ཀྱི་ས་ཕྱིར་མི་ལྡོག་པ ་འདིའི་རྣམ་པ་ལ་སོགས་པར་བསྟན་པར་བཅོམ་ལྡན་འདས་ཀྱི་སྤྱོད་མོད་ཀྱི། ཤིན་ཏུ་ཐལ་ཆེས་པའི་ལན་དུ་འགྱུར་བས་བསྒོམ་པའི་ལམ་གྱི་དབང་དུ་མཛད་པར་བཞེད་པའི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། མདོ་འདི་ནི་དོན་རྒྱས་པར ་བསྟན་པ་འདིའི་ཚིག་ལེའུར་བྱས་པ་ལྔས་བསྡུས་པར་གྱུར་པོ་ཡིན་ཏེ། གཟུགས་སོགས་འདུ་ཤེས་ལྡོག་པ་དང་།། སེམས་བརྟན་ཐེག་པ་དམན་ངག་ལས། རྣམ་ལོག་བསམ་གཏན་ལ་སོགས་པའི།། ཡན་ལག་ཡོངས་སུ་ཟད་པ་དང ་ལུས་སེམས་ཡང་བ་ཉིད་དང་ནི། འདོད་ལ་སྤྱོད་ལ་ཐབས་མཁས་པ་དང་།། རྟག་ཏུ་ཚངས་པར་སྤྱོད་ཉིད་དང་། འཚོ་བ་རྣམ་པར་དག་ཉིད་དང་། ཕུན་ཚོགས་པར་ཆད་མོད་རྣམས་དང་།། ཚོགས་དང་དབང་ཚོགས་བཅས་པ ་ཡི་གཡུལ་འགྱེད་སེར་སྣ་ལ་སོགས་ལའོ།། སྦྱོར་དང་རྗེས་སུ་སྦྱོར་བ་ཡི། གནས་པ་སོ་སོ་རོ་བཀག་པ་དང་།། ཆོས་ནི་རྡུལ་ཙམ་མི་དམིགས་ཉིད། རང་གི་ས་ལ་ངེས་པ་ཉིད། ས་གསུམ་ལ་ནི་གནས་པ་དང་།། ཆོས་ཀྱི ་དོན་དུ་སྲོག་གཏོང་དང་། དེ་འདྲའི་སྐད་ཅིག་བཅུ་དྲུག་ནི། བློ་ལྡན་མཐོང་བའི་ལམ་གནས་ཀྱི། ཕྱིར་མི་ལྡོག་པའི་རྟགས་ངག་ཡིན། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་མཚན་ཉིད་ཀྱི་རྣམ་པར་འགྲེལ་པའོ།། ། ་མཐོང་བའི་ལམ་གྱི་གནས་སྐབས་ཀྱི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་མཚན་ཉིད་བསྟན་ནས་ད་ནི་བསྒོམ་པའི་ལམ་ལྀ་གནས་པའི་ཕྱིར་མི་ལྡོག་པའི་མཚན་ཉིད་བརྗོད་པར་བྱའོ།། བསྒོམ་པའི་ལམ་ནི་ཟབ་པ་སྟེ། ཞེས་བྱ་བ ་ནི་གང་བཅོམ་ལྡན་འདས་གནས་ཟབ་མི་ལེ་གས་པར་བསྟན་དུ་གསོལ། ཞེས་བྱ་བ་ནི་ཡང་དང་ཡང་དུ་གོམས་པར་བྱ་བ་ནི་བསྒོམ་པ་ཤེས་པར་བྱ་བའི་ཕྱིར་ཟློས་པའི་སྦྱོར་བས་གསུངས་སོ། གང་ལ་གནས་པ་ལ་བྱང་ཆུབ་སེམས ་དཔའ་ཆེན་པོ་ཞེས་བྱ་ཞེ་ན། རྒྱུན་ཉིད་ཡིན་པའི་བསྒོམ་པའི་ལམ་ལ་གནས་པོ་ཞེས་བསྟན་ཏོ།། དྲན་པ་ཉེ་བར་གཞག་པ་བཞི་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་ཡོངས་སུ་རྫོགས་པར་བགྱིད་པོ་ལགས་ཞེས ་བྱ་བ་ནི་བསྒོམ་པའི་ལམ་དེ་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པའི་རྒྱུ་ཡིན་པར་ཤེས་པར་བྱ་བའི་ཕྱིར་བསྟན་པ་ཡིན་ནོ།། ཡང་ཇི་ལྟར་བསྒོམ་པའི་ལམ་ཟབ་པ་ཡིན་ཞེ་ན། ཟབ་མོ་སྟོང་པ་ཉིད་ལ་སོགས་ཞེས་བྱ་བ་ནི་གང་དེ་ནི་སྟོང་པ་ཉིད ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་དང་། སྐྱེ་བ་མེང་པ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ་དང་། མྱ་ངན་ལས་འདས་པ་དང་། ཞི་བ་དང་། དེ་བཞིན་ཉིད་དང་། ཡང་དག ་པའི་མཐའ་རྣམས་ནི་ཟབ་མོའི་གནས་ཉིད་ཡིན་པར་བསྟན་པ་ཡིན་ནོ།། ཡང་ཅིའི་ཕྱིར་སྟོང་པ་ཉིད་ལ་སོགས་ལ་ཟབ་མོ་ཞེས་བྱ་ཞེ་ན། ཟབ་མོ་དེ་ནི་སྒྲོ་འདྲོགས་དང་། སྐུར་བའི་ལམ་ལས་གྲོལ་བ་ཉིད་ཅེས་བྱ་བ་ནི ་གང་གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་ཡང་གཟུགས་མ་ཡིན། གཟུགས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་གཟུགས་མེད་ཅེས་བྱ་བ་ལ་སོགས་པ་རྣམས་ཀྱིས་ནི་ཟབ་པ་ཉིད་ཡིན་པའི་ཕྱིར། ཆོས་ཐམས་ཅད་ཟབ་པ་ཉིད་དོ་ཞེས ་བསྟན་པ་ཡིན་ནོ།། ཇི་ལྟར་སྒྲོ་བཏགས་པ་སྤང་ཞེ་ན། གང་གཟུགས་ལས་ཀྱང་མ་ཡིན། དེ་བཞིན་ཉིད་ལ་ཡང་གཟུགས་མེད་དོ་ཞེས་བསྟན་པ་ཡིན་ནོ།། ཇི་ལྟར་སྐུར་པ་འདེབས་པ་སྤང་ཞེ་ན། གང་མྱ་ངན་ལས་འདས་པ་བསྟན་ཏོ།། ་གཟུགས་ལས་གཞན་ན་ཡང་དེ་བཞིན་ཉིད་མེད་པའི་ཕྱིར་རོ།། ཆོས་ཐམས་ཅད་བསལ་ནས་པ་ངན་ལས་འདས་པ་ཡིན་ནོ།། ཞེས་བསྟན་པ་ཡིན་ནོ།། ཡང་བསྒོམ་པའི་ལམ་ཇི་ལྟ་བུ་ཞིག་ཅེ་ན། ཡང་དང་ཡང་དུ་སེམས་པ་དང་། འཇལ ་དྭདྲང་ངེས་རྟོག་བསྒོམ་པའི་ལམ་ཞེས་བསྟན་པ་ནི་གང་། གོང་གི་ཚེ་གནས་ཟབ་མོ་འདི་དག་དང་ལྡན་པ་ཞེས་བཟློས་པའི་སྦྱོར་བ་བསྟན་པའི་དོན་གྱིས་ནི་སེམས་ཤིང་ཞེས་བྱ་བ་སྤྲོ་ཐོས་པའི་ཤེས་རབ་ཀྱིས་སོ།། འཇལ་བ་ནི་བསམ་པའི་རང་བཞིན ་གྱིས་སོ།། རྟོགས་པར་བྱེད་པ་ནི་བསྒོམ་པའི་རང་བཞིན་གྱི་ཤེས་རབ་པོ།། ཡང་བསྒོམ་པའི་ལམ་གྱི་ཡུལ་ཇི་ལྟ་བུ་ཡིན་ཞེ་ནི། ངེས་འབྱེད་ཡན་ལག་དང་མཐོང་བའི།། ལམ་དང་བསྒོམ་པའི་ལམ་ཉིད་ལ་ཞེས་བསྟན་པ་ནི་གང་བདག་གིས ་ཇི་ལྟར་གནས་པར་བགྱི་ཞེས་བྱ་བ་ནི་ངེས་པར་འབྱེད་པའི་ཆ་ཇི་ལྟ་བའི་དབང་དུ་མཛད་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པའོ།། ཇི་ལྟར་བདག་གིས་བསླབ་པར་བགྱི་ཞེས་བྱ་བ་ནི་མཐོང་བའི་ལམ་ཇི་ལྟ་བའི་དབང་དུ་མཛད་ནས་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པའོ།། ཇི་ལྟར་བདག་གིས་བསྒྲུབ་པར་བགྱི་ཞེས་བྱ་བ་ནི་བསྒོམ་པའི་ལམ་ཇི་ལྟ་བའི་དབང་དུ་མཛད་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པ་ཡིན་ནོ།། དེ་ཉིད་ཀྱི་ཕྱིར་ངེས་པར་འབྱེད་པའི་ཆ་དང་མཐུན་པ ་བཞི་དང་། མཐོང་བའི་ལམ་དང་། བསྒོམ་པའི་ལམ་གྱི་དབང་དུ་མཛད་ནས། དེ་བཞིན་དུ་བསྒྲུབ་པ་དང་། དེ་བཞིན་དུ་སེམས་པ་དང་། དེ་བཞིན་དུ་ཡོངས་སུ་རྟོག་པ་དང་། དེ་བཞིན་དུ་ཡང་བརྩོན་པ་དང་། དེ་བཞིན་དུ་འབད་པ་ཞེས་བྱ་བ ་ཚིག་དྲུག་གསུངས་སོ།། ཇི་ལྟར་བསྒོམས་པའི་ལམ་གྱི་ཡུལ་དེ་ཉིད་ཅི་ཡིན་ཞེ་ན། དེ་ནི་རྒྱུན་ཆགས་ཡིན་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། ཕྱི་མ་ཕྱི་མའི་ཡུལ་སྔ་མ་སྔ་མ་ཡིན་པས་ཉེས་པ་མེད་དོ།། བསྒོམ་པའི་ལམ་གྱི་ཕན་ཡོན་རྣམ་པ ་གསུམ་ནི་གང་ཚད་མེད་པའི་དགེ་བའི་རྩ་བ་ཚད་མེད་པ་ཡོངས་སུ་འཛིན་པས། གཞན་གྱི་དབུད་མེ་དང་དུས་བཏབ་ནས་བརྡ་བྱིས་པའི་སྐྱེས་བུའི་རྟོག་པ་མང་པོའི་དཔེས་བསོད་ནམས་ཚད་མེད་པ་སྐྱེ་བས་བསྐལ་པ་དཔག་ཏུ་མེད་པར་འཁོར ་པ་སྤོང་ཞིང་རྒྱབ་ཀྱིས་ཕྱོགས་པར་འགྱུར་ཏེ། ལས་ཟད་པ་དང་། བསལ་བ་དང་། སྔར་མ་སྐྱེས་པའི་ཚིག་གིས་ནི་བསྒོམ་པའི་ལམ་གྱི་བྱེད་པ་ཡིན་པར་ཤེས་པར་བྱ་བའི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། རྣམ་པ་དུ་ཞིག་ཡིན་ཞེ་ན། ་དེ་ནི་རྒྱུན་ཆགས་པ་ཡི་ཕྱིར།། ཆུང་དང་འབྲིང་དང་ཆེན་པོ་རྣམས། ཆུང་ངུའི་ཆུང་སོགས་དབྱེ་བ་ཡི།། རྣམ་པས་རྣམ་པ་དགུར་འདོད་དོ།། ཞེས་བསྟན་པ་ལ། མི་མཐུན་པ་དང་གཉེན་པོའི་ཕྱོགས་ཞེས་བྱ་བར་སྦྱར་རོ།། ་འདིར་རྩ་བའི་རྣམ་པར་དབྱེ་བ་ནི་ཆུང་ངུ་དང་། འབྲིང་དང་། ཆེན་པོ་གསུམ་ཡིན་ལ། དེ་རྣམས་རེ་རེ་ཡང་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་དབྱེ་བ་བྱས་པས། རྣམ་པ་དགུར་འགྱུར་ཏེ། འདི་ལྟར་ཆུང་ངུའི་ཆུང་ངུ་དང་། ཆུང་ངུའི་འབྲིང་དང་། རྒུང ་བུའི་ཆེན་པོའོ།། འབྲིང་གཽ་ཆུང་དང་། འབྲིང་གི་འབྲིང་དང་། འབྲིང་གི་ཆེན་པོའོ།། ཆེན་པོའི་ཆུང་དང་། ཆེན་པོའི་འབྲིང་དང་། ཆེན་པོའི་ཆེན་པོས་དགུར་འདོད་དོ།། གཉེན་པོའི་ཕྱོགས་ཇི་ལྟ་བ་བཞིན་དུ་མི་མཐུན་པའི་ཕྱོགས་ཀྱང་དེ་བཞིན་དུ་ཤས ་པར་བྱའོ།། དེ་ལ་ལམ་ཆུང་ངུའི་ཆུང་ངུས་ནི་རྣམ་པར་རྟོག་པ་ཆེན་པོའི་ཆེན་པོ་སྤོང་པ་ནས། ལམ་ཆེན་པོའི་ཆེན་པོས་ནི་རྣམ་པར་རྟོག་པ་ཆུང་ངུའི་ཆུང་ངུ་སྤོང་བའི་བར་དུ་ནི་གྲངས་ཡོད་པ་དང་། དཔག་ཏུ་ཡོད་པ་དང་། ཚད་ཡོད་པའི་རྟོག ་པས་བསྡུས་པ་བསྒོམ་པའི་ལམ་གྱི་དབང་དུ་བྱས་ནས་དགུ་པའི་གཉེན་པོ་ནི་ལམ་གྱི་རྣམ་པ་ཆེན་པ་ནི་གང་སྟོང་པ་ཉིད་ལ་གནས་པའི་ཞེས་བྱ་བ་བསྒོམ་པའི་ལམ་རྣམ་པ་དགུས་བསྡུས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ ་བྲལ་བ་ལི་བསོད་ནམས་གྲངས་མེད་པ་དང་། དཔག་ཏུ་མེད་པ་དང་། ཚད་མེད་པས་བསྡུས་པས་ཉེ་བར་བསྡུས་པ་རྣམ་པ་གསུམ་ཆར་དགག་པོ་མེད་པར་ཤེས་པར་བྱི་བའི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། གྲངས་མེད་པ་ལ ་སོགས་པ་ལ་ཁྱད་པར་ཅི་ཞིག་ཡོད། ཐ་དད་དུ་བྱ་བ་ཅི་ཞིག་ཡོད་ཅེ་ན། རང་གི་མཚན་ཉིད་དང་ཉེ་བར་མཚོན་པའི་ཆེད་དུ་ཡོངས་སུ་དྲིས་པ་ཡིན་ལ། གྲངས་ཡོད་པ་དང་། གྲངས་མེད་པའི་ཁམས་ནི་འཁོར་བ་དང་། མྱ་ངན་ལས་འདས་པའི་མཚན ་ཉིད་དག་ཡོད་པ་མ་ཡིན་པའི་ཕྱིར། གྲངས་མེད་པ་ཉིད་གྱིས་དེ་མཉམ་པ་ཉིད་རྟོགས་པ་ཤེས་པར་བྱ་བའི་ཕྱིར་ཡིན་ནོ།། དུས་རྣམས་ལ་ཚད་མི་དམིགས་པའི་ཕྱིར་དཔག་ཏུ་མེད་པ་ཉིད་ཀྱིས་དེའི་རྟོགས་པ་འདུས་མ་བྱས་ཉིད་སུ་ཤེས་པར ་བྱ་བའི་ཕྱིར་ཡིན་ནོ།། གཞལ་བར་མི་ནུས་པའི་ཕྱིར་ཚད་མེད་པ་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་ཉིད་དུ་ཤེས་པར་བྱ་བའི་ཕྱིར་ཡིན་ནོ།། དེ་ནི་གྲངས་མེད་པ་ལ་སོགས་པའི་ཉེ་བར་མཚོན་པ ་ཡིན་ནོ།། རང་གི་ངོ་བོས་མཚན་ཉིད་ཀྱི་དབང་དུ་མཛད་ནས། ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་པའི་ཕྱིར་གྲངས་མེད། དཔག་ཏུ་མེད། ཚད་མེད་པ་སྟོང་པ་ཉིད་ཡིན་ནོ།། གལ་ཏེ་དེ་ལྟ་ཡིན་མ་གྲངས་མེད་ལ་སོགས་བསྟན་པ་རྣམས།། དམ་པའི་དོན ་དུ་བཟོད་མ་ཡིན། སྟོང་པ་ཉིད་ཀྱི་མཚན་ཉིད་ཐ་དད་པ་མ་ཡིན་པའི་ཕྱིར། བརྗོད་པར་བྱེ་བའི་དབྱེ་བ་དང་། དྲོན་གྱི་དབྱེ་བ་མེད་པར་དགོས་སོ།། ཀུན་རྫོབ་དེ་དག་ཐུགས་བརྩེ་བའི།། རྒྱུ་མཐུན་གྱུར་པར་ཐུབ་པ་བཞེད།། ཅེས་བྱ་བ་ནི་གང་དོན་ཡིན ་པར་ཡི་གེ་ཐ་དད་དུ་བྱ་བ་མི་དམིགས་མོད་ཀྱི། གྲངས་མེད་པ་ཞེས་བྱ་བ་ནས་མྱ་ངན་ལོས་འདས་པ་ཞེས་པའི་བར་དུ་འདི་ནི་བརྗོད་དུ་མེད་པ་ལས་དེ་བཞིན་གཤེགས་པས་ཐུགས་རྗེའི་རྒྱུ་མཐུན་པར་གྱུར་པས་བསྟན་པ་མཛོད་པ་ཡིན་ནོ།། དེ་བཞིན ་གཤེགས་པའི་ཐུགས་རྗེའི་རྒྱུ་མཐུན་པའི་དབང་གིས་འདི་དག་ཐ~ཾད་ཀྱི་ཡུལ་དུ་གྱུར་པ་ཞིག་ན། བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་བདག་གིས་འཚལ་བ་ལྟར་ན། ཆོས་ཐ~ཾང་རྣམ་པ་ཐམས་ཅད་དུ་མངོན་པར་བྱང་ཆུབ་པའི་རྣམ་པས་དེ་བཞིན་གཤེགས ་གཤེགས་པའི་ཆོས་ཐམས་ཅད་ནི་བརྗོད་དུ་མ་མཆིས་པའོ་ཞེས་བསྟན་པ་ཡིན་ནོ།། ཇི་ལྟར་ཞེ་ན། གང་དེ་རྣམས་ཀྱི་སྟོང་པ་ཉིད་ནི་བརྗོད་པར་མི་ནུས་སོ་ཞེས་བསྟན་པ་ཡིན་ནོ།། དངོས་པོ་བརྗོད་དུ་མེད་པ་ལ། ཉམས ་པ་དང་ནི་འཕེལ་མི་རུང་།། བསྒོམ་ཞེས་བྱ་བའི་ལམ་གྱིས་ནི། ཅི་ཞིག་ཉམས་ཤིང་ཅི་ཞིག་ཐོབ།། ཅེས་བྱ་བ་ནི་ཇི་སྐད་དུ། རྣམ་པར་རྟོག་པའི་རིགས་ཆེན་པོའི་ཆེན་པོ་ལ་སོགས་པ་རྣམ་པ་དགུ་ནི་ཅི་ཞིག་ཉམས་ཞེས་བསྟན་པ་ཡིན་ནོ།། ཇི་སྐད་དུ།། ་ལམ་ཆུང་ངུའི་ཆུང་ངུ་ལ་སོགས་པ་རྣམ་པ་དགུ་ནི་ཅི་ཞིག་ཐོབ་ཅེས་བརྒལ་པ་ནི་གང་བརྗོད་དུ་མེད་པའི་དོན་ལ་འཕེལ་བ་དང་། ཡོངས་སུ་འགྲིབ་པ་བཀག་པས། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས ་པ་བཅོ་བརྒྱད་ཀྱི་བར་གྱི་འཕེལ་བ་དང་། ཡོངས་སུ་འགྲིབ་པ་བཀག་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པའི་སྐལ་བ་མེད་པ་ཉིད་དོ་ཞེས་བྱ་བས་བསྟན་པ་ཡིན་ནོ།། འདི་ལ་ལན་དུ་བརྗོད ་པ་ནི། བྱང་ཆུབ་ཇི་ལྟ་དེ་བཞིན་དུ། དེ་ཡི་འདོད་པ་དོན་སྒྲུབ་བྱེད། ཅེས་བསྟན་ཏེ། བསྒོམ་པའི་ལམ་ཞེས་བྱ་བའི་ཐ་ཚིག་གོ། གང་ཐམས་ཅད་མ་དུ་རྟོགས་པའི་ང་རྒྱལ་བཀག་པས་བླ་ནི་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཇི ་ལྟ་བ་བཞིན་དུ་ཡིད་ལ་བྱེད་པ་ལ་སོགས་པས་ཡོངས་སུ་བསྔོ་བ་དང་ལྡན་པ་དེ་སྣོད་དུ་འགྱུར་བ་ཉིད་དོ།། ཞེས་བསྟན་པ་ཡིན་ནོ།། བྱང་ཆུབ་ཀྱང་ཇི་ལྟ་བུ་ཞིག་ཅེ་ན། བྱང་ཆུབ་དེ་བཞིན་ཉིད་མཚན་ཉིད། དེ་ཡང་དེར་མཚན ་ཉིད་བཞེད་ཅེས་བྱ་བ་ནི་གང་། གཟུགས་ནས་མྱ་ངན་ལས་འདས་པའི་བར་གྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིན་པའི་ཕྱིར། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཕེལ་བ་དང་། ཡོངས ་སུ་འགྲིབ་པ་བཀོག་པའི་སྦྱོར་བ་རྗེས་སུ་གནང་བ་ཉིད་ཀྱིས་སོ།། ཞེས་བསྟན་པ་ཡིན་ནོ།། བྱང་ཆུབ་ཀྱང་ཇི་ལྟ་བུ་ཞིག་ཅེ་ན། བྱང་ཆུབ་དེ་ལྟར་ན་རྒྱུ་དང་འབྲས་བུ་དག་གམ། འབྲས་བུ་དང་རྒྱུ་དག་གཅིག་ལ་གཅིག་རང་བཞིན་གྱིས ་རྗེས་སུ་བརྒྱུད་པས། རྒྱུ་དང་འབྲས་བུའི་འབྲེལ་པ་ཕྱིན་ཅི་མ་ལོག་པར་འབྱུང་བར་གྱུར་པ་ཡིན་པར་བཤད་པ་ཡིན་ནོ།། ཡང་དེ་ལྟར་བྱས་ནས་གང། སེམས་ནི་སྔ་མས་བྱང་ཆུབ་པར། རིགས་མིན་ཕྱི་མས་ཀྱང་མ་ཡིན། ཞེས ་བྱ་བ་ལ། སེམས་དང་པོ་བསྐྱེད་པ་དང་། ཕྱིས་བསྐྱེད་པ་དག་ནི་གཅིག་ལ་གཅིག་ཕྲད་པ་མེད་པས། བསྐལ་པ་གྲངས་མེད་པ་གསུམ་དུ་ཡང་དག་པར་བསྒྲུབ་པའི་དགེ་བའི་རྩ་བའི་ཚིགས་སུ་འགྱུར་བ་མེད་པས་སེམས་སེམས་ཅན ་གོང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུག་ཏུ་འཚང་རྒྱ་བར་འགྱུར།། ཞེས་ཞུས་པས་བསྟན་པ་ཡིན་ནོ།། ད་ནི་ཇི་ལྟར་བྱང་ཆུབ་འབྱུང་བར་འགྱུར་ཞེ་ན། འཇིག་རྟེན་དུ་གྲགས་པའི། མར་མེའི་དཔེའི་ཚུལ་གྱིས་ནཱི་ཞེས ་བྱ་བ་ནི་གང་སྙིང་པོའི་དཔེས་སེམས་བསྐྱེད་པ་གཉི་ག། འབྲས་བུ་དང་བཅས་པར་ཤེས་པར་བྱ་བའི་ཕྱི་ར་རོ།། སེམས་བསྐྱེད་པ་དེའི་ཡུལ་དུ་འགྱུར་པས་ས་བཅུ་ལ་བ་སླབས་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི ་xxx ་ཞེ་ན། ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད་ཅེས་བྱ་བ་བསྟུན་པའི་སྐྱབས་འདིར་རྗེས་སུ་འབྲང་བར་བྱའོ།། ཞེས་བྱ་བར་སྦྱར་རོ།། ཇི་ལྟར་ན་ནམོ་པ་བརྒྱད་ཡིན་ཞེ་ན། ཟབ་མོ་རྣམ་པ་བརྒྱད་དོ།། གླིང་ཡིན་ཞེ་ན། སྐྱེ་བ་དང ་འགག་པ་དང་།། དེ་བཞིན་ཉིད་དང་ཤེས་བྱ་དང་།། ས་དང་སྤྱོད་དང་གཉིས་མེད་དང་།། ཐབས་ལ་མཱ་ཁསོ་པ་ཟབ་པ་ཉིད།། ཅེས་བྱ་བ་བསྟན་པ་ཡིན་ནོ།། དེ་ལ་སྐྱེ་བ་ཟབ་པ་ནཱི་དེ་དག་མ་ཡིན་ལ། དེ་ལས་གཞན་པ་ལས ་ཀྱང་མ་ཡིན་པས་མངོན་པར་རྫོགས་པར་འཚང་རྒྱུ་བ་དེ་ནི། ཅིང་འབྲེལ་པར་འབྱུང་བ་ཟབ་པ་ཉིད་ཀྱིས་འགགས་པའི་སེམས་སྐྱོ་བ་འགགིས་པ་ཉིད་དོ་ཞེས་བསྟན་པ་ཡིན་ནོ།། ཇི་སྐད་དུ་མདོ་ལས་རབ་འབྱོར་དེ་ཇི་སྙམ་དུ ་སེམས། སེམས་གང་འགགས་པ་དེ་ཕྱིས་སྐྱེ་བར་འགྱུར་རམ། བཅོམ་ལྡན་འདས་དེ་ནི་མྱ་ལགས་སོ།། ཞེས་གསུངས་པ་ཡིན་ནོ།། འགགས་པ་ཟབ་པ་ནི་གང་སེམས་སྐྱེས་པ་ནི་འགགས་པའི་ཆོས་ཉིད་ཡིནྡྲ་པའི་ཕྱིར། ཆོས ་ཅན་དེ་འགགས་པ་བཀག་པ་ཉིད་དོ།། ཞེས་བསྟོན་པ་ཡིན་ནོ།། ཇི་སྐད་དུ་མདོ་ལས། རབ་འབྱོར་དེ་ཇི་སྙམ་དུ་སེམས། གང་སྐྱེས་པ་དེ་འགག་པར་འགྱུར་བའི་ཆོས་ཅན་ཡིན་ནམ། བཅོམ་ལྡན་འདས་འགག་པའི་ཆོས་ཅན་ལགས།། ་སོ། རབ་འབྱོར་དེ་ཇི་སྙམ་དུ་སེམས། གང་འགགས་པའི་ཆོས་ཅན་ནི་ཡང་འགག་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ།། ཞེས་གསུངས་པ་ཡིན་ནོ།། དོན་ཅི་ཞིག་ཡིན་ཞེ་ན། སྐྱེས་པ་ཙམ་ཉིད་ན་དེ་འགག་པ ་ལ་མངོན་དུ་ཕྱོགས་པ་ཡིན་པའི་ཕྱིར་རོ།། ཡང་ཅི་ཞིག་འགག་པར་འགྱུར་བ་དེ་བཞིན་ཉིད་ཟབ་པ་ནི་གང་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་དེ་ལ་གནས་པའི་ཕྱིར་རྣམ་པར་མི་རྟོག་པའི་ཡུལ་ཡིན་པར་དགོངས་པས། ཡང་དག་པའི་མཐའི ་ངོ་བོ་ཉིད་དུ་ཐལ་བར་འགྱུར་བ་ཉིད་ཀྱིས་སོ།། དེ་བཞིན་ཉིད་ཟབ་པོ།། ཞེས་བསྟན་པ་ཡིན་ནོ།། ཇི་སྐད་དུ་མདོ་ལས། དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་དེ་བཞིན་ཉིད་གནས་སོ།། ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། ཤེས་བྱ་ཟབ་པ་ནི་གང ་སེམས་དེ་བཞིན་ཉིད་ལས་གཞན་མ་ཡིན་པ་ཉིད་ཀྱི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། ཇི་སྐད་དུ་མདོ་ལས། དེ་བཞིན་ཉིད་གང་ཡིན་པ་དེ་ནི་བསམ་གྱིས་མི་ཁྱབ་པ་ལས་གཞོན་མ་ཡིན་པའི་ཕྱིར་རོ།། ཞེས་གསུངས་པ་ཡིན་ནོ།། ཤེས་པ ་ཟབ་པ་ནི་གང་དེ་བཞིན་ཉིད་ཀྱིས་དེ་བན་ནི་ཉིད་མྱི་མཐོང་འོ།། ཞེས་བསྦྱིན་པ་ཡིན་ནོ། ཇི་སྐད་དུ་མདོ་ལས། ལྗང་དེ་བཞིན་ཉིད་ཀྱིས་དེ་བཞིན་ཉིད་མཱཾ་མཐོང་ངོ་།། ཞེས་གསུངས་པ་ཡིན་ནོ།། སྤྱོང་བ་ཟབ་པོ་ནི་གང་དེ་ལྟར་སྤྱོང་བ་དུ་ནི་ཅི ་ཡང་མི་སྤྱོད་པ་ཡིན་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཟབ་པ་ཉིད་ངོ་།། ཞེས་བསྟན་པ་ཡིན་ནོ།། ཇི་སྐད་དུ་མདོ་ལས། དེ་ཅིའི་ཕྱིར་ནན། དེ་ཙཞིན་ཉིད་ལ་གནས་པ་ལ་ལུང་བསྟན་པ་ལ་སོགས་པའི་ཡོངས་སུ ་རྒྱུ་བ་མི་འབྱུང་བའི་ཕྱིར་རོ།། ཞེས་གསུངས་པ་ཡིན་ནོ།། གཉིས་སུ་མེད་པ་ཟབ་པ་ནི་གང་དོན་དམ་པ་ལ་སྤྱོད་པ་ལ་གཉིས་སུ་ཀུན་ཏུ་སྤྱོད་པ་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའི་མཚན་མ་དང་། མཚན ་མ་མེད་པའི་འདུ་ཤེས་ཀྱི་སྦྱོར་བ་མེད་པ་ཉིད་ཀྱི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། ཐབས་ལ་མཁས་པ་ཟབ་པ་ནི་གང་སྟོབས་བཅུ་ལ་སོགས་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་དུ་ཡོངས་སུ་རྫོགས་པར་མ་བགྱིས ་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བ་བཀག་པའི་ཐབས་ལ་མཁས་པ་ཉིད་ཀྱིས་ཆོས་གང་ཡང་དངོས་པོ་དང་། དངོས་པོ་མེད་པ་བཀག་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཀྱི་རང་གི་མཚན ་ཉིད་སྟོང་པ་ཉིད་དུ་ཤེས་པ་ལ་གནས་པ་ནི་མི་མཐུན་པའི་ཕྱོགས་དེ་དང་དེ་ལ་སྤྱོད་པའི་སེམས་ཅན་རྣམས། གཉེན་པོའི་ཕྱོགས་དེ་དང་དེ་ལ་རབ་ཏུ་འགོད་ཀྱང་སེམས་ཅན་ཡོངས་སུ་སྨིན་པ་ལ་མཁས་པ་ཉིད་དོ།། ཞེས་བསྟན་པ་ཡིན།། ། ་བསྒོམ་པའི་ལམ་ལ་གནས་པ་བྱང་ཆུབ་སེམས་དཔའ་སློབ་པ་ཕྱིར་མི་ལྡོག་པའི་དགེ་འདུན་གྱི་མཚན་ཉིད་ཀྱི་རྣམ་པར་འགྲེལ་པའོ།། ། སློབ་པ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན ་བསྟན་ནས། འཁོར་བ་དང་མྱ་ངོན་ལས་འདས་པ་མཉམ་པ་ཉིད་དུ་བརྗོད་པར་བྱའོ།། མི་སློབ་པའི་དགེ་འདུན་བསྟན་པའི་དོན་ཅི་དགོས་ཞེས་ན། འདི་ཉིད་ཁོ་ན་པ་བསླབ་པར་བྱ་བ་ཡིན་ཏེ། གང་འདི་ལྟར་ཀུན་ནས་ཉོན་མོངས་པའི་རྟོག ་པ་སྤང་བར་བྱ་བ་དང་། རྣམ་པར་བྱང་བའི་རྟོག་པ་སྤང་བར་བྱ་བའི་ཕྱིར། དེ་གཉིས་མཉམ་པ་ཉིད་དུ་རྫོགས་པས་མི་སློབ་པར་འགྱུར་བ་ཡིན་ཏེ། དེ་ཕན་ཆད་བསླབ་པར་བྱ་བ་མེད་པའི་ཕྱིར་རོ།། ཡང་ཇི་ལྟར་འཁོར་བ་དང་མྱ་ངན་ལས ་འདས་པ་མཉམ་པ་ཉིད་ཡིན་ཞེ་ན། ཆོས་རྣམས་རྨྱི་ལམ་འདྲ་བའི་ཕྱིར། སྲིད་དང་ཞི་བར་མི་རྟོག་པ་ཞེས་བསྟན་པ་ནི་གང་དེ་ནས་མི་མཐུན་པ་དང་། གཉེན་པོའི་ཕྱོགས་ཀྱི་རྣམ་པར་རྟོག་པའི་གནས་སྐབས་དང་བྲལ་བའི་སྦྱོར་བའི་དབང ་དུ་མཛད་ནས་གཉི་ག་མཉམ་པར་རྟོགས་པས་འཁོར་བ་རྨི་ལམ་དང་འདྲ་བར་རྟོགས་ནས། རྣམ་པར་མི་རྟོག་པའི་ཡེ་ཤས་ལ་ཉིན་མོ་བསྒོམས་པས་རྣམ་པར་འཕེལ་བ་བཀག་པའི་ཕྱིར། རྨི་ལམ་གྱི་ནང་དུ་བསྒོམས་པོས་རྣམ་པར ་འཕེལ་བར་བཀག་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ། རྨི་ལམ་དང་། ཉིན་བར་དུ་རྣམ་པར་རྟོག་པ་མེད་དོ།། ཞེས་བསྟེན་པ་ཡིན་ནོ།། མི་མཐུན་པ་དང་། གཉེན་པོའི་ཕྱོགས་ཀྱི་རྣམ་པར་རྟོག་པ་མེད་པའི ་ཕྱིར། ཞེས་བྱ་བ་ནི་འཐད་པ་ཡིན་ནོ།། ལས་མེད་ལ་སོགས་ཀླན་ཀ་ཡི།། ལྡན་ནི་ཇི་སྐད་བཤད་པར་ཟད་ཅེས་བྱ་བ་ལ། དེ་ལ་ལས་མེད་པའི་ཀླན་ཀ་ནི་གང་རྨི་ལམ་དང་འདྲ་བའི་ཆོས་ཉིད་ལ་རྨི་ལམ་ལྟ་བུའི་སྦྱོར་བ་དང ་དངོས་དང་། མཇུག་གིས་བསྡུས་པའི་ལས་དེ་ལ་སོག་པ་དང་། འབྲི་བར་མེད་པར་བསྟན་པ་ཉིད་ཀྱིས་བསྟན་པ་ཡིན་ནོ།། དེའི་ལན་ནི་གལ་ཏེ་སད་ནས། བླ་ན་མེད་པར་ཡོངས་སུ་ཤེས་པས་རྣམ་པར་རྟོག་པ་ནི་དེ་ལ ་ལེགས་པའམ། འབྲི་བར་ཡང་འགྱུར་གྱི། མི་རྟོག་པ་ནི་མ་ཡིན་ནོ།། ལུས་དང་འབྲས་བུ་འབྲེལ་བ་ནི་བཛྲར་ཙམ་དུ་བཤད་པས་གང་ཡང་ཉིན་པར་སྲོག་གཅོད་པར་བྱས་པ་དང་། རྨི་ལམ་ནང་དུ ་སྲོག་གཅོད་པ་ཞེས་བྱ་བ་ནི་ཉིན་མོ་དང་། མཚན་མོ་ཞེས་བྱ་བར་གྲག་པ་ཡིན་ནོ།། ནང་དུ་སྨོས་པ་ནི་འཁོར་བའི་རྨི་ལམ་ཁྱད་པར་དུ་བྱ་བའི་ཕྱིར་རོ།། ཚེ་དང་ལྡན་པ་ཤཱ་རིའི་བུ་ལས་དེ་ལ་ཁྱོད་ཅི་ཟེར་ཞེས་བྱ་བ་ནི་བདེན་པ་དང་། བདེན་པ་མ ་ཡིན་པ་དྲིས་པ་ཡིན་ཏེ། གཉེན་པོའི་ཕྱོགས་སུ་རྟོགས་སུ་ཟིན་ཀྱང་རྣམ་པར་རྟོག་པ་རྗེས་སུ་འཇུག་པ་སྐྱེ་བའི་ཕྱིར། དེ་ནི་དོན་དམ་པ་བསྟན་པའི་ཕྱིར་རྒོལ་བ་ཡིན་ནོ།། འདིའི་ལན་ནི་གང་དམིགས་པ་ལས། ལས་སྐྱེ་བར་བཤད་པ་དང་། ་དམིགས་པ་མེད་པ་ལས་ལས་སྐྱེ་བ་བཀག་པ་བསྟན་པ་ཡིན་ནོ།། དེ་འདྲ་བརྡ་དང་བཅས་པ་ཡིན་པའི་ཕྱི། དམིགས་པའི་དངོས་པོ་མེད་པ་ཡིན་ནོ།། ཞེས་བརྒལ་བ་ལ། འདིའི་ལན་ནི་ཇི་སྐད་དུ། ཚེ་དང་ལྡན་པ་ཤཱ་རི་འི་བུ་མཚན་མར ་བྱས་ནས། ཞེས་གསུངས་པ་ཡིན་ནོ།། ཡོངས་སུ་བརྟག་པའི་དངོས་པོ་དམིགས་པར་བསྟན་པའི་ཕྱིར་རོ།། རྨི་ལམ་གྱི་ནང་གི་སྦྱིན་པ་ལ་སོགས་པའི་དགེ་བའི་རྩ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ ་བསྔོས་ན་ཡང་དག་པ་འམ། ཡང་དག་པ་མ་ཡིན་པར་བསྔོས་པ་ཡིན་ཞེས་དྲིས་པ་ལ། འདི་རོ་ལན་ནི་ཇི་སྐད་དུ། བྱང་ཆུབ་སེམས་དཔའ་བྱམས་པ་འདི་ནི་ཐམས་ཅད་མཁྱེན་པ་གསུམ་གྱི་མངོན་པར་རྟོགས་པ་མངོན་སུམ་དུ་གྱུར་པ། སྐྱེ ་བ་གཅིག་གིས་ཐོགས་པ་ཡིན་པས་དོན་འདི་ལན་ལྡོན་པར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ།། དོན་ཅི་ཞིག་ཡིན་ཞེ་ན། དྲིས་པ་དེའི་ལན་ལྡོན་པའི་དབང་དུ་མཛད་པས་མ་འོངས་པའི་སངས་རྒྱས་གཅིག་ནས་གཅིག་ཏུ་འབྱུང་ངོ་།། ཞེས་བྱ་བའི་དྲི་བ ་དེ་ནི་ཡོངས་སུ་མ་རྫོགས་པ་ཡིན་ནོ།། དེ་རྫོགས་པར་གྱུར་ན་ནི་མ་འོངས་པ་ན་སངས་རྒྱས་འབྱུང་བ་དོན་མེད་པར་ཐལ་བར་འགྱུར་རོ།། ཇི་ལྟར་ཡོངས་སུ་མ་རྫོགས་པར་བསྟན་པ་ཡིན་ཞེ་ན། མཱིང་ནས་བརྩམས་ཏེ། ཆོས་ཐམས་རྒྱུད་ལནཱ ་ལྗོན་པར་བྱེད་པའི་དངོས་པོ་དམིགས་སུ་མེད་པ་ཡིན་ནོ།། དེ་ལྟར་འདི་དག་རང་ཉིད་ཀྱིས་མངོན་སུམ་དུ་བྱས་པར་དམ་འཆའི་ཞིང་དོན་མངོན་སུམ་དུ་བྱས་ན་དྲིས་པའི་ལན་ཡོངས་སུ་རྫོགས་པའི་ཉེས་པ་སྤང་བར་བྱ་བའི་ཕྱིར་མ་འོངས་པའི ་སངས་རྒྱས་ཀྱིས་ཚུལ་རྒྱུན་ཆད་པ་མེད་པར་འདོད་པ་ཉིད་ཡིན་ནོ།། དེ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་ཆེན་པོ་བྱམས་པ་འདྲི་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལྔ་མི་དམིགས་པར་སྤྱོད་པའི་ཕྱིར། ཤེས་རབ་ཟབ་མོ་དང་ལྡན་པ་ཉིད་ཡིན ་པས་མ་འོངས་བུའི་འཁོར་བ་དང་། མྱ་ངན་ལས་འདས་པའི་དབྱེ་བ་བསྟ་ན་པོའི་མཚན་མ་མེད་པ་རྟོགས་པ་ཉིད་དུ་བསྟན་པའི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དུ་བསྟན་པ་ནི ་དུས་དེ་ཉིད་ཀྱི་དགོངས་པའི་དབང་དུ་མཛད་ནས་དམིགས་པ་མེད་པར་སྤྱོད་པའི་ཕྱིར་མི་འཇིགས་པ་ལ་སོགས་པ་མངོན་པར་བྱང་ཆུབ་པ་ཉིད་དུ་ངེས་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ།། འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ ་ཉིད་ཀྱི་རྣམ་པར་འགྲེལ་པའོ།། །། འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དུ་བསྟན་ནས། ད་ནི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་བརྗོད་པར་བྱའོ།། དེ་ཡང་རྣམ་པ་གཉིས་སུ་བསྟན་ཏེ། སེམས ་ཅན་གྱི་འཇིག་རྟེན་དང་། སྣོད་ཀྱི་འཇིག་རྟེན་གྱི་བྱེ་བྲག་གིས་ཡིན་ཏེ། སེམས་ཅན་འཇིག་རྟེན་དེ་བཞིན་དུ། སྣོད་ཀྱི་འཇིག་རྟེན་མ་དག་པ།། དེ་ལ་དག་པ་བསྒྲུབ་པ་ཡིས། སངས་རྒྱས་ཞིང་ནི་དག་པ་ཉིད་ཅེས་བསྟན་པ་ཡིན་ནོ།། སེམས་ཅན་གྱི་འཇིག་རྟེན་བཀྲེས་པ ་ལ་སོགས་པ་ནི་ལུས་ཀྱི་མི་དག་པའོ།། དེའི་གཉེན་པོ་ནི་ལྷའི་ལོངས་སྤྱོད་ལ་སོགས་པ་དག་པས་ཉེ་བར་བསྡུས་པའོ།། སྣོད་ཀྱི་འཇིག་རྟེན་ནི་ས་ཆེན་པོ་འདི་ལ་སྡོང་དུམ་དང་། ཚེར་མ་ལ་སོགས་པ་ནི་མ་དག་པའོ།། དེའི་གཉེན་པོ་ནི་ལག་མཐིལ ་ལྟར་མཉམ་པ་ལ་སོགས་པ་དག་པས་བསྡུས་པ་སྟེ། འདི་ན་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་མདོར་བསྡུས་པ་ཡིན་ནོ།། རྒྱས་པར་ནི་མདོ་ལས་གང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་དབང་དུ་མཛད་ནས། སེམས་ཅན་བཀྲེས་པ ་ལ་སོགས་པ་མཐོང་ནས། རང་གི་སངས་རྒྱས་ཀྱི་ཞིང་ལྷའི་རིས་དྲག་གི་ལོངས་སྤྱོད་ལ་སོགས་པ་དང་འདྲི་བར་འགྱུར་བ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ།། དེ་ལ་ཉེ་བར ་ལོངས་སྤྱོད་པ་ནི། ཟས་ལ་སོགས་པའོ།། ཡོངས་སུ་ལོངས་སྤྱོད་པ་ནི་ནོར་བུ་དང་། མུ་ཏིག་གི་རྒྱན་ལ་སོགས་པའོ།། དེ་བཞིན་དུ་སྲོག་གཅོད་པ་ལ་སོགས་པ་དང་། དེའི་འབྲས་བུ་ལས་བཟློག་པས་བསྡུས་པ་ནི་ཚུལ་ཁྲིམས་ཀྱི་ཕ ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་ནོ།། གནོད་སེམས་ལས་བཟློག་པས་བསྡུས་པ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་ནོ།། ལེ་ལོ་ལས་ཟློག་པས་བསྡུས་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ ་ཡིན་ནོ།། སྒྲིབ་པ་ལྔ་དང་། བསམ་གཏན་དང་པོ་ལ་སོགས་པ་མ་རྟོགས་པ་ལས་བཟློག་པས་བསྡུས་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་ནོ།། དེ་ལ་སྒྲིབ་པ་ལྔ་ནི་འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། གཉིད ་དང་། རྨུགས་པ་དང་། རྒོད་པ་དང་། འགྱོད་པ་དང་། ཐེ་ཚོམ་རྣམས་ཡིན་ནོ།། ཤེས་རབ་འཆལ་པོ་ལས་བཟློག་པས་བསྡུས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་ནོ།། ཐམས་ཅད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ ་ཉེ་བར་གྱུར་པ་དང་། ཡང་རང་གི་སངས་རྒྱས་ཀྱི་ཞིང་དུ་སེམས་ཅན་ལོག་པར་ངེས་པ་དང་། མ་ངེས་པའི་ཕུང་པོ་གསུམ་དུ་ཤེས་པ་མེད་པ་དང་། ངན་སོང་གསུམ་གྱི་སྒྲ་ཡང་ཤེས་པ་མེད་པ་དང་། ཡང་སྡོང་དུས་དང་། ཚེར་མ་ལ་སོགས་པ་དང ་བཅས་པ་དང་། ས་ཆེན་པོ་འདི་སའི་རྒྱུ་ལས་གྲུབ་པ་ལས་བཟློག་པས་བསྡུས་པ་དང་། དེ་བཞིན་དུ་བདུག་ཏུ་ཡོངས་སུ་འཛིན་པ་ལས་བཟློག་པ་དང་། རིགས་བཞིར་ཡོངས་སུ་འཛིན་པ་ལས་བཟློག་པས་ཉེ་བར་བསྡུས་པ་ཡིན་ནོ།། དེ་དག་ལས ་བཟློག་པ་ནི་འདི་ཡིན་ཏེ། གང་ཅི་ནས་བདག་གིས་སངས་རྒྱས་ཀྱི་ཞིང་དེ་ན་ཆུང་ངུ་ན་རིགས་བཞིའི་མིང་ཡང་མི་སྲིད་པ་དང་། ཞེས་བསྟན་པ་ཡིན་ནོ།། དེ་ནི་རིགས་ཀྱི་ཚུལ་གྱི་དོན་མེད་དོ།། འདི་ནི་བྲམ་ཟེ་ཞེ་ས་བྱ་བ་དང་། འདི་ནི་དམངས ་རིགས་ཞེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པས་བསྟན་པ་ཡིན་ནོ།། སེམས་ཅན་རབ་དང་། འབྲིང་དང་། ཐ་མ་དང་། ཁ་དོག་བཟང་བ་དང་། ཁ་དོག་ངན་པ་དང་། ཆོས་གཉིས་པོ་མ་གཏོགས ་པ་གཞན་གྱི་དབང་དུ་བྱས་པ་དང་། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ཉིད་མ་གཏོགས་པ་དང་། འགྲོ་བས་ཕྱེ་བའི་རྫུས་ཏེ་སྐྱེ་བ་མ་གཏོགས་པ་སྐྱེ་གནས་གསུམ་པོ་དང་། མངོན་པར་ཤེས་པ་དང་བྲལ་བ་དང་། གཤང་གཅི་ལ ་སོགས་པ་འཛག་པ་དང་། འོད་དང་མི་ལྡན་པ་དང་། ཉིན་མོ་དང་། མཚན་མོ་དང་། ཉི་མ་དང་། ཟླ་བ་ལ་སོགས་པ་དང་། ཚེ་མཐུང་པོ་དང་། སྐྱེས་བུ་ཆེན་པོའི་མཚན་དང་བྲལ་བ་དང་། སངས་རྒྱས་ལ་བསྙེན་བཀུར་བྱེད་པར་ནུས་པའི་དགེ་བའི ་རྩ་བ་དང་། མི་ལྡན་པ་དང་། ཁམས་མི་མཉམ་པས་ཀུན་ནས་ལྡང་བའི་ནད་རྣམས་ལས་བཟློག་པས་ཉེ་བར་བསྡུས་པ་དེ་དག་ལས་བཟློག་པ་ནི་འདི་ཡིན་ཏེ། རླུང་དང་། མཁྲིས་པ་དང་། བྱད་ཀན་དྲང་། འདུས་པས་ཀུན་ནས་དཀྲིས་པའི ་ནང་རྣམས་སྐྱེས་པ་དང་། མ་སྐྱེས་པ་དག་གོ་རིམ་བཞིན་དུ་བསལ་བ་དང་། མི་སྐྱོ་བ་དང་རྗེས་སུ་མཐུན་པའི་གསོ་བས་ཉེ་བར་བསྡུས་པ་དང་། འདོད་ཆགས་ལ་སོགས་པ་དང་། ཉན་ཐོས་ལ་སོགས་པའི་ཐེག་པ་ལ་མོས་པ་དང་། ང་རྒྱལ ་ཅན་ལས་བཟློག་པས་ཅི་རིགས་པར་རང་གི་སངས་རྒྱས་ཀྱི་ཞིང་དུ་ཕུན་སུམ་ཚོགས་པའི་རྣམ་པ་དེ་དང་དེ་རྣམས་ཀྱིས་བསྡུས་པ་ལ་ཞུགས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་འགྱུར ་བ་དང་། ཆ་དང་། འོད་དང་། དགེ་སློང་གི་དགེ་འདུན་ལ་ཚད་ཡོད་པ་ལས་གོ་བཟློག་པས་དེ་དག་ཚད་མེད་པར་འགྱུར་བ་ཉིད་མངོན་པར་འཚར་རྒྱ་བར་སེམས་བསྐྱེད་པ་དང་། གཎྜཱིའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་འཇིག ་རྟེན་གྱི་ཁམས་ཐམས་ཅད་ཀྱི་སངས་རྒྱས་ཀྱི་ཞིང་གཅིག་ཏུ་གྱུར་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའི་བསམ་པ་ཉིད་དང་། ནམ་མཁའ་ལྟར་མུ་མེད་པའི་སེམས་ཅན་གྱི་ཁམས་ལ་འཁོར་བ ་དང་། མྱ་ངན་ལས་འདས་པ་གང་ཡང་མེད་པར་ཡོངས་སུ་སྤྱོད་པའི་ཡིད་ལ་བྱེད་པས། ཕ་རོལ་ཏུ་ཕྱིན་པོ་དྲུག་ཡོངས་སུ་རྫོགས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་གྱུར་པ་ཡིན་ནོ།། སྲིང་མོ་གངྒཱའི་ལྷ་མོས་དེ་ལྟ་བུར་སངས ་རྒྱས་ཀྱི་ཞིང་ཡོངས་ས་སྦྱང་བར་ཁས་བླངས་པའི་དགེ་བའི་རྩ་བའི་རྒྱུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པས་འཁོར་རྣམས་ཇི་སྐད་དུ་བཤད་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བ་ཐོབ་པར་ཡིད་ཆེས་པས ་དབང་པོའི་དོན་གྱི་དབང་པོར་གྱུར་པ་ཡིན་ཏེ། ཞེས་བཤད་པ་ཡིན་ནོ།། སངས་རྒྱས་ཀྱི་ཞིང་རྣམ་པར་དག་པོའི་རྣམ་པར་འགྲེལ་པའོ།། ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་བསྟན་ནས་ཐུབས་ལ་མཁས ་པ་བརྗོད་པར་བྱའོ།། དེ་ལ་རེ་ཞིག་དེ་ཡི་ཡུལ་དང་སྦྱོར་བ་སྟེ། ཅི་ཞིག་བརྗོད་པར་བྱ་ཞེས་སྦྱར་བར་བྱའོ།། དེ་ལ་ཐབས་ལ་མཁས་པའི་ཡུལ་ནི་གང་ཇི་སྐད་དུ། དེ་དང་དེར་ཐབས་ལ་མཁས་པས་གསུངས་པ་དེ་ལྟར་རང་གི་ཡུལ་གྱི་སྦྱོར ་བ་ཐ་དད་པ་བསྟན་ནས་བརྩམས་ཏེ། སྟོང་པ་ཉིད་ལ་སོགས་པ་རྣམས་ནས། བྱང་ཆུབ་ཀྱི་ཕྱོགས་རྣམས་ལ་གོམས་པ་སྙོམས་པར་འཇུག་པ་བསྒོམ་པ་ཡོངས་སུ་འདྲིས་པས་ནི་ཐབས་ལ་མཁས་པའི་ཡུལ་དོན་གྱིས་བསྟན་ཏོ་ཞེས ་བསྟན་ཏེ། ཇི་སྐད་དུ་མདོ་ལས། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་སྟོང་པ་ཉིད་ལ་ཇི་ལྟར་འདྲིས་པར་བགྱི་ཞེས་བྱ་བ་ནས་བརྩམས་ཏེ། ཇི་ལྟར་སྟོང་པ་ཉིད་ལ ་ཡོངས་སུ་འདྲེས་པས་སྙོམས་པར་འཇུག་པར་བགྱི་ཞེས་བྱ་བ་ལ་སོགས་པས་གསུངས་པ་ཡིན་ནོ།། ཐབས་ལ་མཁས་པའི་སྦྱོར་བ་ནི་གང་གཟུགས་སྟོང་པའོ།། ཞེས་སོ་སོར་རྟོག་པར་བྱེད་ཅིང་ཐབས་ལ་མཁས་པ་ལ་ཉེ་བར་འགོད་པའོ།། ། ་ཞེས་བསྟན་པ་ཡིན་ནོ།། ཇི་སྐད་དུ་མདོ་ལས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ལ་སོ་སོར་རྟོག་ཅིང་ཞེས་བྱ་བ་ནས་བརྩམས་ཏེ། གོམས་པར་བསྒོམ་ཞིང ་མངོན་སུམ་དུ་བྱ་བའི་དུས་ནི་མ་ཡིན་པར་ཤེས་སོ་ཞེས་གསུངས་པ་ཡིན་ནོ།། དེ་ལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ནི་སྦྱིན་པ་དང་བྲལ་བ་མ་ཡིན། ཚུལ་ཁྲིམས་དང་བྲལ་བ་མ་ཡིན། བཟོད་པ་དང་བྲལ་བ་མ་ཡིན ་ཞེས་བྱ་བ་ལ་སོགས་པ་གཙུག་ན་རིན་པོ་ཆེའི་མདོ་བླང་ངོ་།། ཐབས་ནི་རྣམ་པ་བཅུར་འགྱུར་བས། དེའི་ཕྱིར་མཚོན་ཆ་རྣམས་ལས་འདས་པ་དང་། མི་གནས་ཇི་བཞིན་ཤུགས་དང་ནི། ཐུན་མོང་མ་ཡིན་པ་ཉིད་དང་། མ་ཆགས ་པ་དང་མོ་དམིགས་དང་། མཚན་མ་སྨོན་ལམ་ཟད་པ་དང་།། དེ་ཡི་རྟགས་དང་ཚད་མེད་དཔ། ཐབས་ལ་མཁས་པ་རྣམ་པ་བཅུ་ཞེས་བསྟན་པ་ཡིན་ནོ།། དེ་ལ་བར་ཆད་ཀྱི་ཆོས་ལ་ཡང་དག་པའི་འདའ་བའི་ཐབས་ལ་མཁས་པ་ནི་གང་སྐྱེས་བུ ་སྒྱུ་རྩལ་ལ་བྱང་བ་ཞིག། འབྲོག་དགོན་པར་ཆས་པའི་དཔེས་བདག་གིར་བྱས་པའི་སེམས་ཅན་གྱི་ཁམས་ཕྱིར་རྒོལ་བའི་ཆོས་ལས་ཡང་དག་པར་འདའ་བ་ཤེས་པ་ནི་ཐབས་ལ་མཁས་པ་ཡིན་པར་དོན་གྱིས་བསྟན་ཏོ།། ཞེས་བཤད་།། ་མི་གནས་པའི་ཐབས་ལ་མཁས་པ་ནི། གང་ཡང་བྱ་བར་སྣང་ལ་རྒྱུ་བ་ས་ལ་མི་ལྟུང་བའི་དཔེས་མི་གནས་པ་རྟོགས་པ་ནི། གནས་པའི་ཐབས་ལ་མཁས་པ་ཡིན་པར་དོན་གྱི་བསྟན་པ་ཡིན་ནོ།། ཕྱོགས་ཀྱིས་ཞེས་བྱ་བ་ནི་བསྒྲུབ་པར ་བྱ་བའི་མཚན་ཉིད་དང་། གྲོགས་དང་བཅས་པའི་མཚོན་ཉིད་དང་། ཕྱོགས་ཞེས་བྱ་བ་མི་ལའང་འཇུག་པས་བྱ་བ་སྨོས་པ་ཡིན་ནོ།། སྔོ་ན་གྱི་དཤུགས་ཀྱིས་འཕངས་པའི་ཐབས་ལ་མཁས་པ་ནརྀ་གང་སྐྱེས་བུ། མཐུ་དང་ལྡན་པ ་འཕོང་གི་སློབ་དཔོན་དུ་གྱུར་པས། མདའ་ནམ་མཁར་འཕངས་པ་གཅིག་ལ་གཅིག་ལོང་བཏགས་པའི་དཔེས་སྨོན་ལམ་བཏབ་པའི་ཤུགས་ཀྱིས་ཐབས་ལ་རྗེས་སུ་འཇུག་པ་ཤེས་པ་ཡིན་པར་དོན་གྱིསོ་སོ་ཞེས་བསྟན་པ་ཡིན་ནོ།། ་ཐུན་མོང་མ་ཡིན་པའི་ཐབས་ལ་མཁས་པ་ནི། གང་སེམས་ཅན་ཡོངས་སུ་མ་བཏང་བའི་བསམ་པས་དེ་ལྟར་དགའ་བའི་གནས་ལ་སྦྱོར་བ་ཤེས་པ་ནི། ཐུན་མོང་མ་ཡིན་པའི་ཐབས་ལ་མཁས་པ་ཡིན་པར་དོན་གྱིས་བསྟན་པ་ཡིནོ།། ། ་མ་ཆགས་པའི་ཐབས་ལ་མཁས་པ་ནི། གང་རྒྱུན་ཏུ་ཞུགས་པ་ལ་སོགས་པའི་འབྲས་བུ་མ་ཐོབ་པར་བསམ་གཏན་ལ་སོགས་པའི་དགེ་བའི་ཆོས་ཐམས་ཅད་ལས་ཡོངས་སུ་མ་ཉམས་ཤིང ་མངོན་པར་འབྲེལ་པར་བརྗོད་པར་ཤེས་པ་ནི་རོ་མྱང་བ་མེད་པར་ཐབས་ལ་མཁས་པ་ཡིན་པར་དོན་གྱིས་བསྟན་པ་ཡིན་ནོ།། མི་དམིགས་པའི་ཐབས་ལ་མཁས་པ་ནི། གང་ཡང་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་རྣམ་པར་ཐར་པའི་སྒོ་བསྒོམ ་པ་ཡོངས་སུ་རྫོགས་པར་རྟོགས་པས་མི་དམིགས་པའི་ཐབས་ཤེས་པ་ཡིན་པར་དོན་གྱིས་བསྟན་པ་ཡིན་ནོ།། མཚན་མ་མེད་པའི་ཐབས་ལ་མཁས་པ་ནི། གང་ཡང་མཚན་མ་མེད་པ་རྣམ་པར་ཐར་པའི་སྒོ་ཡོངས་སུ་རྫོགས་པར་རྟོགས ་པས་མཚན་མ་མེད་པའི་ཐབས་ལ་མཁས་པས་ཤེས་པ་ཡིན་པར་དོན་གྱིས་བསྟན་པ་ཡིན་ནོ།། སྨོན་པ་མེད་པའི་ཐབས་ལ་མཁས་པ་ཡིན་གུང་ཡང་སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོ་བསྒོམ་པ་ཡོངས་སུ་རྫོགས་པར ་རྟོགས་པས་སྨོན་པ་མེད་པའི་ཐབས་ལ་མཁས་པ་ཤེས་པ་ཡིན་པར་དོན་གྱིས་བསྟན་པ་ཡིན་ནོ།། སྟོང་པ་ཉིད་ལ་སོགས་པ་ནི། ཉན་ཐོས་པ་ལ་སོགས་པ་དང་། ཐུན་མོང་ཡིན་དུ་ཟིན་ཀྱང་དེ་ཐབས་ཀྱི་ཁྱད་པར་ཡོད་པའི་དོན་ནི་དེ ་ལྟར་སྤྱོད་ན་མངོན་པར་འདུ་བྱ་བ་མེད་པར་ལྟུང་བ་ཁམས་གསུམ་པ་དང་ལྷན་ཅིག་གནས་པ་ནི་གནས་མེད་དོ་ཞེས་བསྟན་པ་ཡིན་ནོ།། ཕྱིར་མི་ལྡོག་པའི་རྟགས་ཀྱི་ཐབས་ལ་མཁས་པ་ནི་གང་གཞན་གྱིས་དྲིས་པའི་ཕྱིར་མི ་ལྡོག་པའི་རྟགས་དང་རྗེས་སུ་མི་མཐུན་པའི་ལུང་བསྟན་པ་ལ་ལུང་མི་སྟོན་པས་ཕྱིར་མི་ལྡོག་པ་དང་། ཕྱིར་ལྡོག་པ་ངེས་པར་གཟུང་བའི་ཐབས་ལ་མཁས་པ་དེའི་རྟགས་ཤེས་པ་ཡིན་པར་དོན་གྱིས་བསྟན་པ་ཡིན་ནོ།། ཡུལ་ཚད་མེད་པ ་ཐབས་ལ་མཁས་པ་ནི་གང་ཡང་གང་རྣམ་པ་དེ་ལྟར་ལན་ལྡོན་པ་དེ་དག་མི་འཕྲོགས་པ་ཉིད་ཀྱིས་ཐབས་ལ་མཁས་པའི་ཡུལ་ཚད་མེད་པ་ཉིད་ཤེས་པ་ཡིན་པར་དོན་གྱིས་བསྟན་ཏོ།། ཞེས་དོན་གྱིས་བསྟན་པ་ཡིན་ནོ།། ཐབས་ལ་མཁས ་པའི་རྣམ་པར་འགྲེལ་པའོ།། ། དེ་དག་དེ་ལྟར་བྱས་ན་རྣམ་པ་དང་བཅས་པ་དང་། སྦྱོར་བ་དང་བཅས་པ་དང་། ཕན་ཡོན་དང་བཅས་པ་དང་། བར་ཆད་དང་བཅས་པ་དང་། ཡུལ་དང་བཅས་པ་དང་། ཁྱད ་པར་དང་བཅས་པ་དང་། བྱེད་པ་དང་བཅས་པ་དང་། ངོ་བོ་ཉིད་དང་བཅས་པ་དང་། འཇིག་པ་དང་བཅས་པ་དང་། ཡོངས་སུ་སྨིན་པ་དང་བཅས་པ་དང་། རྟེན་པ་དང་བཅས་པ་དང་། ཡན་ལག་དང་བཅས་པ་དང་། ཉེ་བའི་ཡན་ལག་ངོ ་བརྙས་པ་དང་། ཡོངས་སུ་བཟུང་བ་དང་བཅུས་པོ་ནི། རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པར་གྱུར་པར་བསྟེན་པ་ཡིན་ནོ།། དེ་ལ་ཡུལ་ནི་ཤེས་པའི་མཚན་ཉིད་ཀྱི་ཡུལ་གང་ཡིན་པར་ཤེས་པར་བྱའོ།། ་པ་ནི་ཐར་བའི་ཆངང་མ་ཁྱེན་པ་རྣམས་ཡིན་ཏེ། དེ་རྣམས་ཀྱིས་བསྟན་པ་ལ་འཇུག་པའི་ཕྱིར་རོ།། ཡོངས་སུ་སོན་པྲ་ནི་དྲེས་བྲིར་འབྲིང་ཕྲའི་ཆུང་ང་མཐུན་པ་རྣམས་ཏེ།། དྲི་རྣམས་ཀྱི་ཆུང་ཡོངས་སུ་སྨིན་པར་འགྱུར་བའི་ཕྱིར་རོ།། ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ནོ།། ཡན་ལག་ནི་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དོ།། ཉེ་བའི་ཡན་ལག་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའོ།། ལྷག་མ་ནི་གོ་སླ་བས ་རྣམ་པར་མ་བྱའོ།། ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་ལ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། ཀུན་མཁྱེན་གསུམ་ནི་ཇི་སྐད་བཤད་པའི་རྣམ་པ་རྣམས་སོ་སོར་ངེས་པ་ཡིན་པས་རྣམ་པའི་ཡུལ ་རེ་རེར་ངེས་པོ་ཡིན་ལ། རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་ནི། རྣམ་པ་མ་ལུས་པ་ཡུལ་དུ་བྱེད་པ་ཡིན་ཏེ། དེ་ནི་ཁྱད་པར་ཡིན་ནོ།། ཡང་ན་ཀུན་མཁྱེན་གསུམ་དུ་བཞག་པ་ནི་མཚན་ཉིད་དང་ལྡན་པ་ཡིན་ལ། རྣམ་པ་ཀུན ་མངོན་པར་རྫོགས་པར་རྟོགས་པ་ནི་སྦྱོར་བ་དང་ལྡན་པ་ཡིན་ནོ།། ཁྱད་པར་གཞན་ཡང་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ནི་མི་མཐུན་པ་དང་། གཉེན་པོའི་གནས་སྐབས་ཀྱི་རབ་ཏུ་ཕྱེ་བ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན ་པ་ཉིད་ནི་དེ་ལྟ་བུ་ཡིན་ཏེ། རྣམ་པ་ནི་ཞི་བ་ཉིད་ཡིན་པའི་ཕྱིར་རོ།། དེ་ནི་དེ་ལྟར་བྱས་ན། རྣམ་པར་སྦྱོར་བར་བཅས་རྣམས་དང་། ཡོན་ཏན་སྐྱོན་ནི་མཚན་ཉིད་བཅས།། ཐར་དང་ངེས་འབྱུང་ཆ་མཐུན་དང་། སློབ་པ་ཕྱིར་མི་ལྡོག་པའི་ཚོགས། ་སྲིད་དབ་ཞི་པ་མཉམ་ཉིད་དང་།། ཞིང་དངག་བླ་ན་མེད་པ་སྟེ། དེ་ལྟར་ཐབས་ལ་མཁས་པ་ནི། རྣམ་ཀུན་མངོན་རྫོགས་རྟོགས་པའོ།། ཞེས་བྱ་བ་ནི་རིམ་གྱིས་བབྱུང་བའི་འབྲེལ་པ་ཡིན་པར་བལྟ་བར་བྱའོ།། མངོན་པར་རྟོགས་པའི་རྒྱན་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སན་ངག་གི་སྤྱན་བཅོས་ལས་རྣམ་པ་ཀུན་མངོན་པར་རྫོགས་པར་རྟགས་པའི་རྣམ་པར་འགྲེལ་པའོ།། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་བསྟན་ནས་ངན་ནུ་མ་རོམ་ང ་པར་རྟོགས་པ་བརྗོད་པར་བྱའོ།། དེ་ལ་རོ་ཞིག་གང་གིས་དེ་མཚོན་པར་འགྱུར་བའི་རྟགས་བརྗོད་པར་བྱ་སྟེ། དེའི་རྟགས་གང་ཡིན་པ་དེ་ཡང་ཇི་ལྟ་བུ་ཞིག་ཅེ་ན། རྨི་ལམ་ན་ཡང་ཆོས་རྣམས་ཀུན། རྨི་ལམ་ལཱི་པྲཱ་ལྟ་ལ་སོགས། རྩེམ ་ཕྱིན་པའི་སྦྱོར་བའི་རྟགས། རྣམ་པ་བཅུ་གཉིས་དག་ཏུ་བཞེད་ཅེས་བསྟན་པ་ཡིན་ནོ།། དེ་ལ་རྟགས་དང་པོ་ནི། གང་རྨི་ལམ་གྱི་ནང་དུ་ཡང་ཆོས་རྣམས་རྨི་ལམ་ལྟ་བུར་བལྟའོ།། ཞེས་བསྟན་པ་ཡིན་ནོ།། དེའི་མ་དོ་ནི། རབ་འབྱོར་གལ ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྨི་ལམ་གྱི་ནང་དུ་ཡང་ཆོས་རྣམས་རྨི་ལམ་ལྟ་བུར་ལྟ་ཞིང་། དེ་བཞིན་དུ་སྠ་བཱརྙན་དང་། མིག་རྒྱུ་དང་། སྤྲུལ་པ་དང་། སྒྱུ་མ་དང་། དྲི་ཟའི་གྲོང་ཁྱེར་དང་། འདྲ་བར་ཆོས་ཐམས་ཅད་ལྔ་བལྟ ་ཞིང་མ་ངོན་དུ་མི་བྱུང་ན་དེ་ནི་རྩེ་མོ་ལས་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ།། ཞེས་གསུངས་པ་ཡིན་ནོ།། དོན་ཅི་ཞིག་ཡིན་ཞེ་ན། གང་དེ་ལྟར་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའི་རྣལ ་འབྱོར་གྱི་ཆོས་བསྒོམ་པས་རྩེ་མོ་ཐོབ་པ་ནི་རྨི་ལམ་གྱི་ནང་དུ་ཡང་རྣལ་འབྱོར་འདི་ངེས་པར་མཐོང་བའི་ཡིད་ལ་བྱེད་པ་གང་ཡིན་པས་སེམས་ཅན་གྱི་ཁམས་ལ་བལྟོས་པ་དང་བཅས་པ་ཉིད་དུ་གནས་པ་ཡིན་ནོ།། དེ་བཞིན་དུ་མདོ་གཞན ་ལས་བསྟན་པ་ཡིན་ནོ།། གཉིས་པ་ནི་གང་དེ་ཉིད་ཉན་ཐོས་ལ་སོགས་པའི་སྐུ་དང་། ཁམས་གསུམ་པོ་འདོར་བའི་སེམས་དང་། དགའ་བའི་སེམས་མི་སྐྱེད་པའི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། གསུམ ་པ་ནི་གང་དེ་ཉིད་དེ་བཞིན་གཤེགས་པ། འཁོར་ཆེན་པོས་བསྐོར་བར་མཐོང་ཞིང་། དེ་དམ་པའི་ཆོས་སྟོན་པའི་ཆོས་ཀྱི་རྗེས་སུ་བསྒྲུབ་པ་ཉིད་ཀྱི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། བཞི་པ་ནི་གང་ཡང་དེ་ཉིད་སངས་རྒྱས་ཀྱི་རྫུ་འཕྲུལ་གྱི ་རྣམ་པར་འཕྲུལ་པ་མཐོང་བ་ཉིད་ཀྱི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། ལྔ་པ་ནི་གང་ཡང་དེ་ཉིད་འཇིགས་པའི་གནས་ཐམས་ཅད་ལ་ཁམས་གསུམ་པ་རྨི་ལམ་ལྟ་བུར་ཆོས་སྟོན་པར་ཉེ་བར་བསྡུས་པའི་སེམས་བསྐྱེད་པ་ཉིད་ཀྱི ་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། དྲུག་པ་ནི་གང་ཡང་སེམས་ཅན་དམྱལ་པ་ལ་སྩོགས་པ་མཐོང་ནས། རང་གི་སངས་རྒྱས་ཀྱི་ཞིང་དུ་ངན་སོང་སྤོང་བར་བྱ་བ་རྗེས་སུ་དྲན་པ་ཐོབ་པ་ཡིན་ནོ།། དེ་ཅི་འི་ཕྱིར་ཞེ་ན། རྩེ་མོའི་མངོན་པར ་རྟོགས་པ་ནི། འཁོར་ལ་རྨི་ལམ་དང་། རྨི་ལམ་གང་ཡིན་པ་གཉིས་སུ་མེད་ཅིང་གཉི་སཱ་སུ་བྱུར་མང་པའོ།། བསམ་པས་རྣམ་པ་གཉིས་སུ་དབྱོར་མི་ནུས་པ་ཉིད་ཀྱི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། བདུན་པ་ནི་གང་རྨི་ལམ ་སད་པའི་གནས་སྐབ་ས་སུ་གྲོང་ཁྱེར་ལ་སོགས་པ་མེས་ཚིག་པར་གྱུར་པ་བདེན་པའི་བྱིན་གྱི་བརླབས་ཀྱིས་རབ་ཏུ་ཞི་བར་ནུས་པས་ཕྱིར་མི་ལྡོག་པ་ཉིད་ཡིན་པ་དང་། དེའི་ཕྱོགས་གཅིག་ཞི་བར་མི་ནུས་པ་ནི། ཆོས་སྤོང་བའི་ལས ་བྱས་པ་ཉིད་དང་། ཁྱིམ་ལ་ལ་ནི་ཚིག། ཁྱིམ་ལ་ལ་ནི་མ་ཚིག་པ་ལས། སེམས་ཅན་དེ་དག་གི་ལས་ཚེ་འདི་ལ་རྣམ་པར་སྨིན་པ་ཉིད་དོ།། ཞེས་བསྟན་པ་ཉིང་ངོ་།། བརྒྱད་པ་ནི་གང་ཡང་མི་མ་ཡིན་པས་བྱིན་གྱིས་བརླབས་པ་ལ། དེ་བསལ་བའི ་ཕྱིར། ཕྱིར་མི་ལྡོག་པའི་བདེན་པའི་བྱིན་གྱིས་བརླབས་པ་འབྱོར་པ་དང་། བདུད་ཀྱིས་བྱིན་གྱིས་བརླབས་ནས་བསིལ་བ་དེ་ལ་རང་ཉིད་ང་རྒྱལ་སྐྱེ་བ་དང་། བྱང་ཆུབ་སེམས་དཔའ་གཞན་ལ་བརྙས་པའི་མཚན་ཉིད་ཡིན་ཏེ། དེ་ཅིའི ་ཕྱིར་ཞེ་ན། ཐབས་མཁས་པས་ཡོངསུ་མ་བཟུང་བའི་ཕྱིར་དང་། བདུད་ཀྱིས་ངོའི་མིང་དང་རུས་ལ་སོགས་པ་གཏན་ལ་ཕེབས་པར་སྨྲ་བས་བསྐོ་བ་རྟོགས་པའི་དགེ་མ་རྟོགས་པ་དང་། ཡང་བདུད་རང་གིས་བཏགས་པའི་བསླུ་ཚིག ་གཏན་པ་བདག་གིར་བྱེད་པ་དང་། པས་ཕམ་པ་བཞི་དང་། མཚམས་མེད་པ་ལྔ་བས་ཀྱང་མིང་བསྟན་པའི་རློམ་སེམས་དེ་ཤིན་ཏུ་ལྕི་བའི་ལས་ཉིད་དང་ཡང་བདུད་ཀྱིས་དབེན་པའི་ཡོན་ཏན་བསྟན་པས། བཅོམ་ལྡན་འདས་ཀྱི་སུ ་ཉན་ཐོས་ལ་སོགས་པའི་སེམས་ཀྱིས་དབེན་པ་རྗེས་སུ་གནང་བའི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། དགུ་པ་ནི་གང་མངོན་པའི་ང་རྒྱལ་ཅན་གྱི་གང་ཟག་སྤངས་པ་དང་། རང་གི་དོན་ལ་སོགས་པའི་སྦྱོར་བ་ལ་རྗེས་སུ་བརྩོམ་པའི་རང་གི ་མངོན་པར་ཤེས་པས་ཕ་རོལ་གནོན་པ་ཉིད་དང་། དགེ་བའི་བཤེས་གཉེན་ཆོས་ཐམས་ཅད་ཐོབ་པའི་རྒྱུ་ཡིན་པར་ཤེས་པར་བྱ་བ་ཉིད་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་དགེ་བའི་བཤེས་གཉེན་དུ ་གྱུར་པ་ཉིད་དང་། དེ་རྣམས་དགེ་བའི་ཆོས་ཐོབ་པའི་ལམ་ཤེས་པར་བྱ་བའི་དོན་གྱིས་སོ།། ཞེས་བསྟན་པ་ཡིན་ནོ།། བཅུ་པ་ནི་གང་མངོན་པར་འདོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་འདོད་ན་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱ་སྟེ། འདི་ལྟར་ཆོས་ཐམས་ཅད་རྒྱ་ཆེར་བསྟན་ཏོ།། ཞེས་བསྟན་པ་ཡིན་ནོ།། བཅུ་གཅིག་པ་ནི་གྲང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ནམ་མཁའ་ལྟར་ཆགས་པ་མེད་པའི ་མཚན་ཉིད་ཡིན་པས་བཟུང་བ་དང་། འཛིན་པའི་རྣམ་པར་རྟོག་པའི་བག་ཆགས་མེད་པ་ཤེས་པར་བྱ་བའི་དོན་དང་། དབེན་པ་དང་། སྟོང་པ་ཉིད་ཀྱི་མཚན་ཉིད་ཡིན་པའི་ཕྱིར་གོ་རིམ་བཞིན་དུ་བར་ཆད་མེད་པའི་ལམ་དང་། རྣམ ་པར་གྲོལ་བའི་ལམ་ངག་གི་ཆོས་ཐམས་ཅད་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་དུ་ཡོད་པ་ཉིད་ཡིན་ནོ།། ད་ལྟ་ན་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་མེད་པར་འགྱུར་བས་ནས། རབ་འབྱོར་འདི་ཇི་སྙམ ་དུ་སེམས། སེམས་ཅན་རྣམས་ཡུན་རིང་པོ་ནས་བདག་དང་བདག་གིར་བྱ་བ་ལ་སྤྱོད་དམ། ཞེས་བྱ་བ་ལ་སོགས་པ་དེ་གྲུབ་པ་ཞེས་བསྟན་པ་ཡིན་ནོ།། བཅུ་གཉིས་པ་ནི་གང་དེ་ལྟར་སྤྱོད་པ་ནི་ཟིལ་གྱིས་གནོན་པར་མི་ནུས་པའོ ་ཕྱིར་ང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་གྱུར་པ་ཉིད་ཀྱི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། གས་ཀྱི་རྣམ་པར་འགྲེལ་པའོ།། ། རྩེ་མོའི་མངོན་པར་རྟོགས་པ་གང་གིས་མཚོན་པར་འགྱུར་བ ་རྟགས་རྣམས་བསྟན་ནས་ད་ནི་དེའི་རྣམ་པར་འཕེལ་བ་གང་ཞིག་ཡིན་ཞེ་ན། འཛམ་བུའི་གླིང་གི་གྲངས་སྙེད་ཀྱི། སངས་རྒྱས་མཆོད་པའི་དགེ་ལ་སོགས། དཔེར་མཛད་ནས་ནི་རྣམ་མང་དུ།། རྣམ་འཕེལ་བཅུ་དྲུག་བདག་ཉིད་དོ།། དེ་ལ ་རྣམ་པར་འཕེལ་བ་དང་པོ་ནི། གང་འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱི་གྲངས་སྙེད་ཀྱི་དེ་བཞིན་གཤེགས་པ་ལ། རིམ་གྲོ་ལ་སོགས་པས་མཆོད་པའི་དགེ་བའི་རྩ་བ་དེ་ཡང་བླ་ན་མེད་པ་ཡང་དག ་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་པ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་སྟོན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱེད་པ་དང་། མ་བྲལ་བ་ན་དེའི་བསོད་ནམས་མང་དུ་འཕེལ་བ ་དང་། དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་བཞག་ནས། དགེ་བའི་རྩ་བ་དེ་ཡང་བླ་ན་མེད་པ་ཡང ་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་པ་བས་ཅིག་ཤོས་ཀྱི་བསོད་ནམས་ཆེས་མང་དུ། འཕེལ་བ་ཉིད་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དེའི་དེ་བཞིན་གཤེགས་པ་ལས་གཞན་པའི་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང ་བཏང་སྙོམས་ལ་གནས་པར་བྱ་བ་མེད་དོ།། ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ།། དེའི་མདོ་ནི་རབ་འབྱོར་དེ་ཇི་སྙམ་དུ་སེམས། འཛམ་བུའི་གླིང་གི་སེམས་ཅན་དེ་དག་ཐམས་ཅད་མིའི་བདག་ཉིད་ཐོབ་ནས་བླ་ན་མེད་པ་ཡང ་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ལ། དེ་ལ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་འགའ་ཞིག་གིས་ཇི་སྲིད་འཚོའི་བའི་བར་དུ་བསྙེན་བཀུར་ལ་སོགས་པ་བྱས་ཞེས ་བྱ་བ་ལ་སོགས་པས་སོ།། དེ་བཞིན་དུ་མདོ་གཞན་ལས་ཀྱང་གསུངས་སོ།། གཉིས་པ་ནི་གང་སྐྱེས་བུ་འགའ་ཞིག་གིས་ནོར་བུ་རིན་པོ་ཆེ་རྙེད་མ་མྱོང་བ་ཞིག་རྙེད་པ་ལུས་ཡང་སྟོར་བའི་དཔེས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཅིག་ཏུ ་གཏོད་པའི་ཡིད་ལ་བྱེད་པའི་ཕྱིར། ཡིད་ལ་བྱ་བ་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཡིན་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ཉིད་ཀྱི་དངོས་པོ་བསྐྱེད་པས། འདི་ལྟར་ཆོས་ཐམས་ཅད་རང་བཞིན་དང་བྲལ་བ་སྟེ། ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་འཕེལ་བ་དང་། འགྲིབ་པ་བཀག་པས་མི་འབྲལ་བ་ཉིད་དུ་རབ་ཏུ་བསྒྲུབས་པའི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། གསུམ་པ་ནི་གང་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་འཕེལ་བ་དང་། འགྲིབ་པ་མེད་དོ་ཞེས་བྱ་བ་ནས་བརྩམས་ཏེ། རརྫོབ་འབྱོར་དོ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་སྐྱེ་བོའི་ཚུ་ལྀ་བཟོད་པ་ཐོབ་པ་སྟེ། རབ་འབྱོར་བཟོད་པ་དེ་ལྟ་བུ་དང་ལྡན་པའོ། ་བྱང་ཆུབ་སེམས་དཔའ་ཆེན་པོ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་མི་འགྱུར། ཞེས་བྱ་བའི་གནས་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་དེ ་ལ་གཞོལ་བར་འགྱུར་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། ཞེས་བྱ་བའི་བར་དུ་བསྟན་པ་ཡིན་ནོ།། བཞི་པ་ནི་གང་བཅོམ་ལྡན་འདས་ཇི་ལྟར་ལགས། ཆོས་ཐམས་ཅད་མི་སྐྱེ་བ་ཉིད ་གང་ལགས་པ་དེ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པོའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་རམ། རབ་འབྱོར་དེ་ནི་མ་ཡིན་ནོ་ཞེས་བྱ་བ་ནས་བརྩམས་ཏེ། རྟོགས་པར་བྱ་བ་དང་། རྟོགས ་པར་བྱེད་པའི་ཆོས་ཉེ་བར་མི་དམིགས་པའི་ཕྱིར་རོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལ་སྤྱོད་པའི་བྱང་ཆུབ་སེམས་ལ་རྣམ་པར་རྟོགས་པ་དེ་ལྟ་བུ་ཐམས་ཅད་མེད་པའི་ཕྱིར་ཏེ། དེ་ཅིའི་ཕྱིར་ནི་ན། རྩེ་མོའི་མངོན་པར་རྟོགས་པ་ལ། ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་ནི་རྣམ་པར་མི་རྟོགས་པའོ།། ཞེས་བསྟན་པ་ཡིན་ནོ།། ལྔ་པ་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་བརྩོན་པ་ལས། དགེ་བའི་རྩ་བ་མི་བརྟེན་པ་དང་ལྡན་པ་བཀག་པས། དེ་ལ་སློབ་པ་བསོད་ནམས་མང་བར་བཤད ་པའི་ཕྱིར། འཛམ་བུའི་གླིང་གི་སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ཐོབ་པས། ཆོས་འདི་ལ་མངོན་པར་བརྩོན་པ་དང་ལྡན་པ་བསོད་ནམས་མང ་དུ་འཕེལ་བའི་ཕྱིར་ཏེ། དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་པ་ཐམས་ཅད་དང་། ཉན་ཐོས་ལ་སོགས་པ་དང་། བྱང་ཆུབ་སེམས་དཔའ་ཐབས་ལ་མི་མཁས་པ་ཐམས་ཅད་ཟིལ་གྱིས་མནན་ཏེ། ངེས་པར་འབྱུང་བའི་ཕྱིར་རོ་ཞེས ་བསྟན་པ་ཡིན་ནོ།། དྲུག་པ་ནི་གང་དེ་ལྟར་སྤྱོད་པ་ལ་ལྷའི་ཚོགས་ཐམས་ཅད་ཉེ་བར་འདོད་པ་དང་། སེམས་པར་འགྱུར་བ་དང་། གཞན་གྱིས་གནོད་པ་བྱས་པ་རྣམས་ལ་ཡང་ཁམས་མི་མཉམ་པས།། ་ཀུན་ནས་བླུང་པའི་ནད་ལ་སོགས་པ་བཀག་པ་ཉིད་ཀྱི་ཕྱིར་རོ།། ཞེས་བསྟན་པོ་ཡིན་ནོ།། བདུན་པ་ནི་གང་བྱང་ཆུབ་སེམས་དཔའ་སློབ་པའི་དུས་སུ་ཉན་ཐོས་ལ་སོགས་པ་སློབ་པའི་སར་ལྟུང་བ་བྱས་པ་དང་། བླ་ན་མེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བྱས་གཞན་དུ་འགྲོ་བར་བྱ་བའི་ཕྱིར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་བདུད་རྣམས་དོག་པ་སྐྱེ་བར་བྱེད་པ་དང་། དེ་མྱ་ངན་གྱི་ཟུག་རྔུ་བར་འགྱུར་བ ་དང་། ཡང་དེ་རྣམས་སྐར་མདའ་ལྟུང་བ་གཏོང་བ་ལ་སོགས་པ་དང་། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མདུན་དུ་བདུད་སྡིག་ཅན་འཚེ་བའི་བསམ་པས་འོང་བ་མ་ཡིན་ནོ།། ཞེས་བྱ་བ་ནས་བརྩམས་ཏེ། སྔོན ་གྱི་ཚེ་རབས་སུ་ཆོས་འདི་ལ་ལྷག་པར་མོས་པ་དང་། ཐེ་ཙོམ་ཟ་བར་གྱུར་པ་དང་། དགེ་བའི་བཤེས་གཉེན་དང་བྲལ་བ་དང་། འཇིག་རྟེན་རྒྱང་ཕན་ལ་སོགས་པའི་ཆོས་མ་ཡིན་པ་འཛིན་པར་བྱེད་པ་དང་། དེའི་བསྔགས་པ ་བརྗོད་པ་ལ་ཁྱེད་ཀྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོས་པས་ཅི་ཞིག་བྱ་ཞེས་ཟེར་ཞིང་རྣམ་པར་འབྱེད་པ་དང་། བྱང་ཆུབ་སེམས་དཔའ་གཞན་ལ་བརྙས་པ་དང་། ཉན་ཐོས་དང་། བྱང་ཆུབ་སེམས་དཔའི་གང་ཟག ་རྣམས་དང་ལྷན་ཅིག་འཐབ་ཅིང་རྩོ་དཱ་པ་ལ་སོགས་པ་དང་། ལུང་མ་བསྟན་པ་དང་། ལུང་བསྟན་པ་གཞན་དག་ལ་གནོད་སེམས་དང་ལྡན་པ་ལ་ནི་བདུད་ཀྱིས་གླགས་རྙེད་པར་འགྱུར་བས། དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས ་སུ་བཏང་བ་དང་ལྡན་པ་ནི། དེ་སྲིད་ཀྱི་དུས་སུ་དམྱལ་བར་གནས་པ་གོ་ཆ་བགོ་བར་ཁས་བླངས་པ་ཉིད་དང་། འཆགས་ཤིང་སྡོམ་པར་བརྩོན་གྱི་སྡོམ་པ་ལ་གནས་པ་ལས་ཀྱི་སྒྲིབ་པ་དེ་ལས་ལྡང་བ་ཉིད་ཀྱི་ཕྱིར་རོ།། ཞེས ་བསྟན་པའི་ཕྱིར་ཡིན་ནོ།། བརྒྱད་པ་ནི་གང་སྟོན་པ་ལ་ཇི་ལྟར་གནས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཐེག་པ་དང་གནས་པར་བྱ་བ་དང་། བསླབས་པ་མཚུངས་པ་ཉིད་ཀྱིས། ནང་སྟོང་པ་ཉིད་ནས་དངོས་པོ་མེད་པའི་ངོ་བོ ་ཉིད་སྟོང་པ་ཉིད་ཀྱི་བར་དང་། གཟུགས་ནི་གཟུགས་ཀྱི་སྟོང་། ཞེས་བྱ་བ་ནས། བྱང་ཆུབ་ཀྱིས་སྟོང་ཞེས་བྱའི་བར་དུ་བསླབ་པ་མཉམ་པ་ཉིད་ཀྱི་ཡུལ་ཉེ་བར་དགོད་པའི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། དགུ་པ་ནི་གང་བཅོམ་ལྡན ་འདས་ཇི་ལྟར་ལེགས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་བས་པར་བགྱི་བའི་སླད་དུ་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་ལགས་སམ་ཞེས་བྱ་བ་ནས་བརྩམས་ཏེ། དེ་ཅིའི་ཕྱིར་ཞེ་ན། ཐེབས ་མཁས་པ་དང་ལྡན་པ་གང་གིས། བསམ་གཏན་ལ་སོགས་པ་ལ་ཡང་སྙོམས་པར་འཇུག་སྟེ། དེ་རྣམས་ཀྱིས་དབང་གིས་ཀྱང་མི་སྐྱེའོ།། ཞེས་བྱ་བའི་བར་དང་། ཡོངས་སུ་དག་པའི་བསླབ་པ་བརྗོད་པ་ནས་བསླབ་པ་རྣམ་པར་འཕེལ་བ ་ཤེས་པ་བྱ་བའི་ཕྱིར་དང་། ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་དང་། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་དེ་མི་ཤེས་པའི་འཐད་པ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམ ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སློབ་པར་བྱེད་པའི་འཐད་པས་སོ།། ཞེས་བསྟན་པ་ཡིན་ནོ།། བཅུ་པ་ནི་གང་གི་སེངས་ལྀ་སྦྲམ་འབྱུང་བའི་གནས་དྲུག་པ་འི་དཔས་སངས་རྒྱས་ཀྱི་རིགས་རྩེ་མོའི་མངོན་པར་རྫོགས་པ ་མངོན་པར་འཕེལ་པོ་ཐོབ་པའི་སྣོད་དུ་རུང་བ་ཤིན་ཏུ་ཉུང་བ་ཉིད་ཡིན་པར་ཤེས་པར་བྱ་བའི་ཕྱིར་རོ།། ཞེས་བསྟུན་པ་ཡིན་ནོ། བཅུ་གཅིག་པ་ནི་གང་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བའི་ལས་ཡང ་དག་པར་བླངས་ཏེ། གནས་པ་ཉུང་བའི་དཔེས། རྩེ་མོའི་མངོན་པར་རྟོགས་པའི་སངསུ་རྒྱས་ཀྱི་འབྲས་བུ་ཉིད་ཐོབ་པ་རྙེད་པ་ནི་ཆོས་ཉུང་བ་ཉིད་དུ་ཤེས་པར་བྱ་བའི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། བཅུ་གཉིས་པ་ནི ་གླང་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་ཀྱི་སེམས་མི་བསྐྱེད་པའི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། བཅུ་གསུམ་པ་ནི་གང་གཟུགས་ལ་སོགས་པ་དང་ལྡན་པའི་སེམས་མི་བསྐྱེད་པའི་ཕྱིར་རོ།། ་ཕྱི་ཞེན། རྩེ་མོའི་མངོན་པར་རྟོགས་པའི་མཚན་ཉིད་ཅན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོང་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ནི་ཆོས་ཐམས་ཅད་དམིགས་སུ་མེད་པ་ཉིད་ཀྱིས་སོ།། ཞེས་བསྟན་པ་ཡིན་ནོ།། ་བཅུ་བཞི་པ་ནི་གང་འཇིག་ཚོགས་ལ་ལྟ་བུའི་དཔེས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཐམས་ཅད་འདུས་པ་ཉིད་ཀྱི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། བཅོ་ལྔ་པ་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ནི། ཕུན་སུམ་ཚོགས ་པ་ཐམས་ཅད་ཐོབ་པའི་རྒྱུ་ཉིད་ཀྱི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། གལ་ཏེ་དེ་ལྟ་ཡིན་ན་ཉན་ཐོས་སམ། རང་སངས་རྒྱས་སུ་འགྱུརརོ་ཞེ་ན། དེའི་ཕྱིར་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་རྣམས་ཤེས་པ ་དྲང་མཐོང་བས་དེ་དག་བལྟས་ཏེ་འདས་པར་བྱའོ།། ཞེས་བསྟན་པ་ཡིན་ནོ།། རྗེས་སུ་དཔག་པའི་ཤེས་པ་བསལ་བའི་ཕྱིར་མཐོང་བ་ཞེས་སྨོས་པ་ཡིན་ལ། འཁྲུལ་པར་སྣང་བ་བསལ་བའི་ཕྱིར་ཤེས་པ་སྨོས་པ ་ཡིན་ནོ།། ཤེས་པ་དང་མཐོང་བའི་ཚིག་ནི་ཡང་ཉན་ཐོས་དང་། རང་སངས་རྒྱས་ཀྱིས་ནི་བྱང་ཆུབ་སེམས་དཔའི་བསྒོམ་པའི་ལམོ་དུ་ཤེས་པར་བྱ་བཱིའི་ཕྱིར་རོ།། ཡང་ཅིའི་ཕྱིར་དེ་དག་འདིའི་བསྒོམ་པའི་ལམ་དུ་བཀག་ཅེ་ན། ་རྒྱུན་ཏུ་ཞུགས་པ་ནས། རང་སངས་རྒྱས་ཀྱི་བར་གྱི་ཤེས་པ་དང་། སྤངས་པ་ནི་བྱང་ཆུབ་སེམས་དཔའི་བཟོད་པ་ཡིན། ཞེས་གསུངས་པའི་ཕྱིར་རོ།། གཙོ་བོ་གཞན་ཡིན་ནོ།། ཞེས་བྱ་བའི་དོན་ནོ།། ཡང་འདའ་བར་བྱེད ་པ་ནི་རྣམ་པ་ཐམས་ཅད་མངོན་པར་རྟོགས་པ་ལ་འཇུག་པའོ།། རྣམ་པར་འཕེལ་བ་བཅུ་དྲུག་པ་ནི་གང་གལ་ཏེ་ཡང་འདི་སྙམ་དུ་འདི་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། ཞེས་བྱ་བ་ནས་བརྩམས་ཏེ། དེའི་ཡུལ་གྱི་རྣམ ་རྣམ་པར་རྟོག་པ་བཀག་པ་ལ་སློབ་པར་རྗེས་སུ་གནང་ངོ་།། ཞེས་བསྟན་པ་ཡིན་ནོ།། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཉེ་བར་གྱུར་པ་ཉིད་ཀྱི་ཕྱིར་རོ།། ཞེས་གསུངས་པ་ཡིན་ནོ།། རྣམ་པར ་འཕེལ་བའི་འགྲེལ་པའོ།། །། རྩེ་མོའི་མངོན་པར་རྟོགས་པའི་རྣམ་པར་འཕེལ་བ་ཇི་ལྟ་བ་བཞིན་དུ། བོགས་འབྱུང་བ་བསྟན་ནས། ང་ཇི་ལྟར་འགྱུར་བའི་ངེས་པ་བརྗོད་པའི་ཕྱིར། སེམས་ཅན་དོན་ཡོངས ་མི་གཏོང་བ།། ཀུན་མཁྱེན་ཉིད་གསུམ་ཆོས་རྣམས་ཀྱིས།། ཡོངས་སུ་རྫོགས་པ་བླ་ན་མེད།། ངེས་པ་ཞེས་ནི་མངོན་པར་བརྗོད།། ཅེས་བསྟན་པ་ནི། གང་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ ་ཏུ་ཕྱིན་པ་དང་། ཞེས་བྱ་བ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་སྤྱོད་ཅིང་། སེམས་ཅན་ཐམས་ཅད་ཟིལ་གྱིས་གནོན་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར ་གྱུར་ནས། ལྷ་ཅི་སྨོསོ་ཞེས་བྱ་བའི་བར་དང་། ཐམས་ཅད་ཀྱི་ཡིད་དུ་འོང་བ་ཡིདོན་ནོ།། ཞེས་བྱ་བ་ནི་རྩེ་མོའི་མངོན་པར་རྟོགས་པ་ལ། ངེས་པའི་གནས་སྐབས་ཐོབ་པ་ནི་རྙེད་པར་དཀའ་བོར་ཤེས་པར་བྱ་བའི་ཕྱིར་རོ།། ཞེས་བསྟན་པ ་ཡིན་ནོ།། དེ་སྟོན་པ་ལྷའི་མེ་ཏོག་མན་ད་ར་བ་ཉེ་བར་གཏོར་བ་དང་། མངོན་དུ་ཕྱོགས་ནས་གཏོར་བ་དང་། རབ་ཏུ་ཁྱབ་པར་གཏོར་ནས། མཆོད་པའི་དགེ་བའི་རྩ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་ཀྱི་ཆོས་རྣམས་ཡོངས ་སུ་རྫོགས་པར་བསྔོས་པའི་ཚིག་གིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་རྣམས་དང་། རང་འབྱུང་གི་ཆོས་རྣམས་དང་། ཟག་པ་མེད་པའི་ཆོས་རྣམས་ཡོངས་སུ་རྫོགས་པར་གྱུར་ཅི། ག་ཅེས་བྱ་བ། ཐམས་ཅད་མཁྱེན་པ་གསུམ ་ཡོངས་རྫོགས་པར་བསྔོས་པས། དེ་བཤད་པའི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། ཇི་ལྟར་ན་སེམས་ཅན་གྱི་དོན་ཡོངས་སུ་མི་སྤོང་བ་ཡིན་ཞེ་ན་དེ་ལྟ་བུའི་རྟོགས་པ་དང་ལྡན་པའི་གནས་སྐབས་སུ་མྱ་ངན་ལས་འདས་པོ་སྤང་བའི་ཕྱིར ་དང་། ཐུགས་རྗེ་ཆེན་པོ་མངོན་དུ་བྱ་བའི་དགོངས་པས། སེམས་ཅན་མི་བསྒྲལ་བ་བསྒྲལ་བ་ལ་སོགས་པའི་སེམས་བསྐྱེད་པ་ས། ཐེག་པ་ལ་གསར་དུ་ཞུགས་པ་དང་། སྤྱོད་པ་ལ་ཞུགས་པ་དང་། ཕྱིར་མི་ལྡོག་པ་དང་། སྐྱེ་བ ་གཅིག་གིས་ཐོགས་པ་རྣམས། ཅི་རིགས་པར་རྟོགས་པ་བཞིའི་གཉེན་པའི་ཕྱོགས་མཐོང་བ་དང་། བསྒོམ་པའི་ལམ་རྟོགས་པའོ།། རྣམ་པ་བཞི་བསྟེན་པས་བཞི་པོ་དེ་དག་བཤད་པ་ཉིད་ཀྱི་ཕྱིར་རོ།། ཞེས་བསྟན་པོ་ཡིན ་ནོ། ངེས་པའི་རྣམ་པར་འགྲེལ་པའོ།། ། ཏིང་ངེ་འཛིན་བསྟན་པའི་ཕྱིར། གླིང་བཞི་པ་ནི་སྟོང་དག་དང་།། སྟོང་གཉིས་གསུམ་ངག་དཔེར་མཛད་ནས།། བསོད་ནམས་མང་པོ་ཉིད་ཀྱིས་ནི།། ཏིང་འཛིན ་ཡོངས་སུ་སྒྲགས་པ་ཡིན། ཞེས་བསྟན་པ་ནི་གང་རྗེས་སུ་ཡི་རང་བའི་བསོད་ནམས་མིང་པོ་ནས་བརྩམས་ཏེ། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་སྲུང་གིས་གཞལ་བའི་དཔེ་དང་། དེ་བཞིན་དུ་སྟོང་ཆེན་པོ་དང་། སྟོང ་གཉིས་པ་དང་། དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱ་མཚོ་ཆེན་པོའི་ཆུའི་ཕུང་པོ་ཇི་སྙེད་ཡོད་པ་དེ་དག་སྐྲའི་རྩེ་མོ་པནྡྷ་ཪྵ་བཤགས་པའི་ཆ་གཅིག་གིས། ཚུརྱ་ཐིགས ་པ་བླངས་པའི་ཚད་བཟུང་བའི་དཔེས། དེ་དག་གིས་རྗེས་སུ་ཡི་རང་པ་དང་ལྡན་པའི་སེམས་བསྐྱེད་པའི་བསོད་ནམས་མང་བ་ཉིད་དང་། སེམས་བསྐྱེད་པ་འདི་དག་དང་ལྡན་པ་དག་ནི། གང་དང་གང་དུ་སྐྱེས་པ་དེ་དག་ཏུ་ཞེས་བྱ། ་བ་ནས་བརྩམས་ཏེ། དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ།། སེམས་མ་ཡིན་པ་གཞན་ཡང་མེང་པར་བླ་ན་མེད་པ་ཡང་དག་པར་རྫོགསོ ་པའི་བྱང་ཆུག་ཏུ་བསྔོ་བ་བྱའོ།། ཞེས་བྱ་བའི་བར་དུ་ཕན་ཡོན་རྣམ་པ་མང་པོ་ཞིག་བསྟན་པའོ།། ཞེས་བསྟན་པ་ཡིན་ནོ།། རྟགས་ལ་སོགས་པ་དེ་དག་ནི་དྲོ་བ་ལ་སོགས་པ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་དང་འདྲ་བའི ་མཚན་ཉིད་དུ་གཽ་རིམ་བཞིན་དུ་ཤེས་པར་བྱའོ།། ཏིང་ངེ་འཛིན་གྱི་རྣམ་པར་འགྲེལ་པའོ།། །། དྲི་ནི་མཐོང་བའི་ལྡུམ་གྱི་མི་འཐུན་པའི་ཕྱོགས་དང་། གཉེན་པོར་བཅས་པ་རྣམ་པ་བཞི་པོ་བཟུང་བ་དང་། ་འཛིན་པའི་རྣམ་པར་རྟོག་པ་བསྟན་པའི་ཕྱིར། འཇུག་པ་དང་ནི་ལྡོག་པ་ལ།། གཟུང་བའི་རྣམ་རྟོག་སོ་སོར་དེ།། དགུ་ཡི་བདག་ཉིད་ཡིན་ཞེས་བྱ་ཞེས་བྱ་བ་ལ། དེ་ལ་གཟུང་བའི་རྣམ་པར་རྟོག་པ་ནི་རྣམ་པ་གཉིས་ཏེ། མ ་ལུས་པ་ལ་འཇུག་པའི་ཕྱོགས་ཀྱི་རྟེན་ཅན་དང་པོ་ནི། གང་གཉིས་དང་གཉིས་སུ་མེད་པའི་འདུ་གས་དང་བྲལ་བའི་སེམས་བསྐྱེད་པ་དེ་ལྟ་བུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པར་ངེས་པར་སྦྱོར ་བའི་ཕྱིར་རོ།། ཞེས་བསྟོན་པ་ཡིན་ནོ།། མ་ལུས་པ་ལས་ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་རྣམ་པ་ཉིད་ནི། གང་ཚེ་དང་ལྡན་པ་ཤཱ་རིའི་བུ། ཤེས་རབ་ཀྱི་ཕ་རོག་ཏུ་ཕྱིན་པ་ལ་སྤྱོད་པ་ནི་རྣམ་པར་མི་རྟོག་པའོ།། ཞེས་བྱ་བ་ནས་བརྩམ ་ཏེ། རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། རྣམ་པར་མི་རྟོག་པའི་མངོན་པར་རྫོགས་པར་འཚང་རྒྱ་རོ།། ཞེས་བྱ་བའི་བར་གྱིས་རྣམ་པར་བྱང་བའི་ཡུལ་གྱི་རྣམ་པར་རྟོག་པ་བཀག་པའི་ཕྱིར་རོ།། ཞེས ་བསྟན་པ་ཡིན་ནོ། ཡང་རྒྱུ་གང་གིས་དེ་དག་རྣམ་པར་རྟོག་པ་ཞེས་བསྟན་ཅེ་ན། གང་གི་ཕྱིར། ཇི་ལྟ་བ་བཞིན་ཡུལ་མིན་བདག་ཅེས་བྱ་ཁ་སྨོས་ཏེ། ཕྱིན་ཅི་ལོག་ཏུ་རྟོག་པས་རྣམ་པར་རྟོག་པ་ཞེས་བྱའོ།། འཛིན་པའི་རྣམ་པར ་གློ་པ་གཉིས་བསྟན་པའི་ཕྱིར། སེམས་ཅན་རྫུས་དང་རྟགས་ཡོད་པར།། རྣམ་རྟོག་འཛིན་པོ་དག་ཏུ་འདོང་།། སོ་སོའི་སྐྱེ་བོ་འཕགས་དབྱེ་བས།། སོ་སྔོར་དེ་དག་དགུ་དོག་ཉིད་ཅེས་སྨོས་ཏེ། དེ་ལ་སོ་སོའི་སྐྱེ་བོའི་རྫས་སུ་ཡོད ་པའི་རྟེན་ཅན་འཛིན་པའི་རྣམ་པར་རྟོག་པ་དང་པོ་ནི་གད་ཀྱི་མ་ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་གང་སྙིང་པོ་ལ་སྦྱོང་ངོ་།། ཞེས་བྱ་བ་ནས་བརྩམས་ཏེ། ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ཆོས་ཐམས་ཅད་དབེན་པར་བཤད་པ་ལ་མི་ཞུམ། ཡོངས་སུ་ཞུབ་པར་མི་འགྱུར་བ་ལ་སོགས་པས། སྐྱེས་བུ་རྫས་སུ་ཡོད་པའི་རྙེད་ཅན་གྱི་རྣམ་པར་རྟོག་པ་བཀླག་པའི་ཕྱིར་རོ།། ་ཞེས་བསྟན་པ་ཡིན་ནོ།། ཆོས་ཐམས་ཅད་བདག་མེད་པའི་ཤེས་པ་འདི་ནི། སོ་སོའི་སྐྱེ་བོ་ལ་ཡོད་པའི་ཕྱིར། འཛིན་པའི་རྣམ་པར་རྟོག་པའི་སྐབས་སུ་གཞག་པ་དང་པོ་འདི་ནི་ཁྱབ་པར་མ་ཡིན་ནོ་ཞེ་ན། དེ་རྣམས་ཀྱི་དེ་ཁོ་ན་ཉིད་ཡིད་ལ ་བྱེད་པ་དེ་ནི་མོས་པ་ཡིད་ལ་བྱེད་པ་ཡིན་པར་འདིར་བཤད་པའི་ཕྱིར་སྙིང་པོ་མེད་པའོ།། བརྟགས་པར་ཡོད་པ་འཕགས་པའི་གང་ཟག་གི་རྟེན་ཅན་གྱི་འཛིན་པའི་རྣམ་པར་རྟོག་པ་གཉིས་པ་ནི་གང་སེམས་ཞུས་པ་དེའི་རྒྱུ་དྲིས་པ་ལ ་བཅོམ་ལྡན་འདས་ཆོས་ཐམས་ཅད་མ་མཆིས་པའི་སླད་དུ། ཞེས་བྱ་བ་ནས་བརྩམས་ཏེ། གང་དུ་སྐྱེ་བ་དང་། གནས་པ་དང་། གཞན་དུ་འགྱུར་བར་མི་དམིགས་ན་སུ་ཞིག་དེ་བཞིན་ཉིད་ལ་གནས་པར་འགྱུར། སུ་ཞིག་དེ་བཞིན ་ཉིད་ལ་གནས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའམ། ཆོས་སྟོན་པར་འགྱུར། ཞེས་འཕགས་པའི་གང་ཟག་ཐམས་ཅད་དུ་རྣམ་པར་རྟོག་པ་བཀག་པའི ་ཕྱིར་རོ།། ས་བསྟན་པ་ཡིན་ནོ།། འཕགས་པ་དེ་ལྟ་བུ་ཡོད་དེ། དགེ་སློང་དག་མཚན་མོ་འདས་ནས་ནང་པར་གྱི་དུས་སུ་ངས་སྲོག་ཆགས་ཅེ་སྤྱང་སྒྲ་འབྱིན་པའི་སྐད་ཐོས་སོ།། དེ་བཞིན་དུ་ང་ནི་དེའི་དུས་སུ་རི་དགས་ཀྱི་རྒྱལ་པོ ་སྟེང་གེ་ཡན་ལག་མ་སྨད་པ་ཞེས་བྱ་བར་གྱུར་ཏོ།། ཞེས་གསུང་པ་ཡིན་ནོ།། ཚིག་དེ་དག་ནི་ཐ་སྙད་ཡིན་གྱི། དོན་དམ་པ་མ་ཡིན་པས་སྙིང་པོ་མང་ངོ་།། འཛིན་པའི་རྣམ་པར་རྟོག་པའི་སྐབས་སུ་བཞག་པར་གྱུར་པ་ནི་ཁྱབ་པ་ཅན་མ ་ཡིན་ནོ།། ཅིའི་ཕྱིར་འདི་དག་རྣམ་པར་རྟོག་པ་ཞེས་བརྗོད་ཅེ་ན། གང་གི་ཕྱིར། གལ་ཏེ་གཟུང་དོན་དེ་བཞིན་མྱང་།། དེ་དག་གང་གི་འཛིན་པར་འདོད།། དེ་ལྟར་དེ་དག་འཛིན་པ་ཡི། ངོ་བོས་སྟོང་པའི་མཚན་ཉིད་།། དེ་ལྟར་རྣམ་པར ་རྟོག་པ་འདི་བཞི་ཡང་། རེར་ཡང་རྣམ་པ་དགུ་དགུར་ཤེས་པར་བྱའོ།། དེ་ལ་གཟུང་བའི་རྣམ་པར་རྟོག་པ་དང་པོ་དགུ་པོ་གང་ཞེ་ན། ངོ་བོ་ཉིད་དང་རིགས་དང་ནི།། ཀུན་ནས་ཡང་དག་བསྒྲུབ་པ་དང་། ཤེས་པའི་དམིགས་པ་མ་འཁྲུལ་དང་། ་མི་མཐུན་པ་དང་གཉེན་པོ་དང་།། རང་གིས་རྟོགས་དང་བྱེད་པ་དང་།། དེའི་ལསུ་བྱའི་འབྲས་བུ་ལ།། འཇུག་པའི་ཕྱོགས་ཀྱི་རྟེན་ཅན་གྱི།། རྟོག་པ་དེ་ནི་རྣམ་དགུར་འདོད།། ཅེས་བསྟན་པ་ལ། དེ་ལ་ངོ་བོ་ཉིད་ཀྱི་རྣམ་པ་ནི་གང་། རབ ་འབྱོར་དེ་ཇི་སྙམ་དུ་སེམས།། ཁྱོད་ཀྱིས་སྒྱུ་མ་ལྟ་བུའི་སེམས་དེ་ཡང་དག་པར་རྗེས་སུ་མཐོང་དམ། ཞེས་བྱ་བ་ནས་བརྩམས་ཏེ། ཇི་ལྟར་དབེན་པས་དབེན་པ་འཚང་རྒྱ་བར་འགྱུར་ཞེས་བྱ་བའི་བར་གྱིས་འཚང་རྒྱ་བར་ཡང་མི ་འཐད་པ་དང་། རབ་འབྱོར་དེ་དེ་བཞིན་ནོ།། རབ་འབྱོར་ཅིགས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའི་ཕྱིར་ཞེས་བྱ་བ་ནས་བརྩམས་ཏེ། རབ་འབྱོར་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པར་མ་གྱུར་ཞེས་བྱ ་ནས་བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་དབེན་པར་མ་གྱུར་ན། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་འགྱུར་རོ།། ཞེས་བྱ་བའི་བར་དུ ་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་དེའི་མཚན་ཉིད་ཅན་ཡི་ན་པར་བསྟན་པའི་ཕྱིར། དེ་ལྟར་སྤྱོད་པ་ནི་དོན་ཟབ་མོ་ལ་སྤྱོད་པའོ།། ཞེས་བསྟན་པ་ཡིན་ནོ།། རིགས་ཀྱི་རྣམ་པར་རྟོག་པ་ནི་གང་ཡང་ནམ་མཁའི་དཔེས་རིགྲོས་སུ་རྣམ ་པར་རྟོག་པ་བསལ་བའི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། ཡང་དག་པར་བསྒྲུབ་པའི་རྣམ་པར་རྟོག་པ་ནི་གང་ཡང་སྒྱུ་མའི་སྐྱེས་བུའི་དཔེས་བསྒྲུབ་པའི་ཡང་དག་པར་འགྲུབ་པའི་རྣམ་པར་རྟོག་པ་བཀག་པའི་ཕྱིར་རོ།། ཞེས ་བསྟན་པ་ཡིན་ནོ།། དམིགས་པའི་རྣམ་པར་རྟོག་པ་ནི་གང་ཡང་གཟུགས་བརྙན་གྱི་དཔེས་དམིགས་པའི་རྣམ་པར་རྟོག་པ་བསལ་བའིཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། མི་མཐུན་པའི་ཕྱོགས་དང་། གཉེན་པོའི ་རྣམ་པར་རྟོག་པ་ནི་གང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དཔེས་གཉེན་པོ་དང་། མི་མཐུན་པའི་ཕྱོགས་ཀྱི་རྣམ་པར་རྟོག་པ་བསྔལ་བའི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། རང་གིས་རྟོགས་པའི་རྣམ་པར་རྟོག་པ་ནི ་གང་ཡང་ངོའི་དཔེས་རང་རང་གི་རྟོགས་པའི་རྣམ་པར་རྟོག་པ་དཀག་པའི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། བྱེད་པ་པོའི་རྣམ་པར་རྟོག་པ་ནི་གང་ཡང་དེའི་སྤྲུལ་པའི་དཔེས་སྤྲུལ་པའི་རིགས་བྱེང་པའི་རྣམ་པར་རྟོག་པ ་གསལ་བའི་ཕྱིར་ཉན་ཐོས་དང་། རང་སངས་རྒྱས་ཀྱི་བྱང་ཆུབ་རིང་བ་དང་། ཉེ་བ་བཀག་པའི་དོན་གྱིས་སོ།། ཞེས་བསྟན་པ་ཡིན་ནོ།། བྱ་བའི་རྣམ་པར་རྟོག་པ་ནི་གང་ཡང་དེ་བཞིན་གཤེགས་པའི་སྤྲུལ་པའི་བྱ་བའི་དཔེས་ལས ་ཀྱི་རྣམ་པ་བཀག་པའི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། བྱེ་བ་འབྲས་བུ་དང་བཅས་པའི་རྣམ་པར་རྟོག་པ་ནི་གང་ཡང་ཤིང་གི་འཁྲུལ་འཁོར་གྱི་དཔེས་བྱ་བ་འབྲས་བུ་དང་། བཅས་པའི་རྣམ་པར་རྟོག་པ་བསལ་བའི་ཕྱིར། ་རོ།། ཞེས་བསྟན་པ་ཡིན་ནོ།། དེ་ལ་གཟུང་བའི་རྣམ་པར་རྟོག་པ་གཉིས་པའི་རྣམ་པ་དགུ་གང་ཞེ་ན། སྲིད་དང་ཞི་བར་ལྷུང་བའི་ཕྱིར།། རྟོག་པ་དམན་པོ་ཉིད་དང་ནི། ཡོངས་སུ་འཛིན་པ་མེད་པ་དང་།། ལམ་གྱི་རྣམ་པོ ་མ་ཚང་དང་།། གཞན་གྱི་རྐྱེན་གྱིས་འགྲོ་བ་དང་།། ཆེད་དུ་བྱ་བ་ལོགས་པ་དང་།། ཉི་ཚེ་བ་དང་སྣ་ཚོགས་ཉིད།། གནས་དང་འཇུག་ལ་རྨོངས་པ་དང་།། ། རྗེས་ལ་འགྲོ་ཞེས་བྱ་བ་ལ།། རྣམ་རྟོག་དགུ་ཡི་བདག་ཉིད་འདི།། ལྡོག ་པའི་ཕྱོགས་ཀྱི་རྟེན་ཅན་ཏེ། མདོ་ལས་ཇི་སྐད་གསུངས་པ་བཞིན་ཞེས་བསྟན་པ་ལི། དེ་འཁོར་བ་དང་མྱ་ངན་ལས་འདས་པ་གང་ཡང་རུང་བ་ཞིག་ཏུ་ལྷུང་བ་ཉིད་ཀྱིས་དམན་པའི་རྣམ་པར་རྟོག་པ་ནི་གང་རབ ་འབྱོར་འདི་ལྟ་སྟེ། དཔེར་ན་ཉི་མ་དང་ཟླ་བའི་དཀྱིལ་འཁོར་ནི་གླིང་བཞིར་ལས་བྱེད་ཅིང་སྟེང་དུ་འགྲོའོ།། ཞེས་བྱ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཤེས་རབ་དང་སྙིང་རྗེ་དག་གིས། ཕ་རོལ་ཏུ་ཕྱིན་པ་ལྔ་པོ ་ཡོས་འཁོར་བ་དང་། མྱ་ངན་ལས་འདས་པ་གང་ཡང་རུང་བར་ལྟུང་བར་མི་བྱེད་པའི་ཕྱིར། འཁོར་ལོས་སྒྱུར་བའི་དཔེས་རྟོགས་པ་མ་ལུས་པ་ལ་བྱེད་པའི་ཡུལ་ཤེས་པར་བྱ་བའི་ཕྱིར་རོ།། ཞེས་བསྟན ་བ་ཡིན་ནོ།། ཡོངས་སུ་འཛིན་པའི་རྣམ་པར་རྟོག་པ་ནི་གྲང་བུད་མེད་ཁྱིམ་ཐབས་མེད་པའི་དཔེས་ཡོངས་སུ་འཛིན་པའི་ཁྱད་པར་ཤེས་པར་བྱ་བའི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། བསྒྲུབ་པ་མ་ཚང་བའི་རྣམ་པར་རྟོག་པ་ནི་གང་ཡང ་གཡུལ་དུ་ཞུགས་པའི་མི་དཔའ་བོའི་དཔེས་བསྒྲུབ་པའི་ཁྱད་པར་ཤེས་པར་བྱ་བའི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། གཞན་གྱི་རྐྱེན་གྱིས་འགྲོ་བའི་རྣམ་པར་རྟོག་པ་ནི། གང་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ། ཁམས ་ཀྱི་རྒྱལ་པོ་རྗེས་སུ་འབྲང་བའི་དཔེས་རྟོགས་པ་འི་དབང་དུ་གྱུར་པ་ཤེས་པར་བྱ་བའི་ཕྱིར་རོ་ཞེས་བསྟན་པའི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། ཆེད་དུ་བྱ་བ་ལོག་པའི་རྣམ་པར་རྟོག་པ་ནི་གང་ཡང་ཆུ་བོ་རྣམས་གང་གཱའི་ཆུ་བོ ་དང་ལྷན་ཅིག་རྒྱ་མཚོ་ཆེན་པོར་འགྲོ་བའི་དཔེས། གྲོགས་གཙོ་བོ་རྣམས་དང་ལྷན་ཅིག་ཏུ་འགྲོ་བའི་ཚུལ་གྱིས། ཕྱིར་མི་ལྡོག་པར་འགྲོ་བ་དང་། ཐེག་པ་གཞན་དུ་འགྲོ་བ་མེད་པས་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆེད་དུ་བྱ་བ ་ལས་ཡོངས་སུ་ཉམས་པའི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། ཉི་ཚེ་བ་བྱེད་པའི་རྣམ་པར་རྟོག་པ་ནི་གང་སྐྱེས་བུའི་ལག་པ་གཡས་པ་དང་། གཡོན་པའི་དཔེས་ཉི་ཚེ་བ་མ་ཡིན་པའི་བྱེད་པ་ཤེས་པར་བྱེད་པའི་ཕྱིར་རོ།། ཞེས ་བསྟན་པ་ཡིན་ནོ།། རྟོགས་པ་ཐ་དད་ཉིད་ཀྱི་རྣམ་པར་རྟོག་པ་ནི་གང་ཆུ་ཀླུང་ཕྲ་མོ་དང་། ཆུ་ཀླུབ་ཆེན་པོའི་ཆུ་རྣམས་རྒྱ་མཚོ་ཆེན་པོར་ཕྱིན་ན། རོ་གཅིག་པར་འགྱུར་བའི་དཔེས་ཕ་རོལ་ཏུ་ཕྱིན་པ་ལྔ་དེའི་བདག་ཉིད་ཅན་དུ་འགྱུར་བར་ཤེས་པར ་བྱ་བའི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། གནས་པ་དང་འཇུག་པ་མི་ཤེས་པའི་རྣམ་པར་རྟོག་པ་ནི་གང་ཡང་འཁོར་ལོ་རིན་པོ་ཆེ་གནས་པ་དང་། འགྲོ་བའི་དཔེས་གནས་པ་དང་། འགྲོ་བ་དག་ནི་ཕ་རོལ་ཏུ་ཕྱིན་པ་ལྡེ་དེའི་རྗེས་སུ་འབྱུང ་བོཔོར་ཤེས་པར་བྱ་བའི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། རྗེས་ལ་འགྲོ་བའི་རྣམ་པར་རྟོག་པ་ནི་གང་ཡང་དེ་ཉིད་ཀྱི་དཔུང་གི་ཚོགས་ཀྱིས་མདུན་དུ་འགྲོ་བའི་དཔེས། དེའི་རྗེས་སུ་འབྲང་བར་ཤེས་པར་བྱ་བའི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། ། ་གལ་ཏེ་དེ་ལྟར་ཡིན་ནི་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པ་ཡིན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དག་གིས། བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་པ་ནི་མེད་དོ།། ཞེས་བརྒལ་བ་ལ་རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ་འདི་སྙམ་དུ་འཇིག་རྟེན་ན་གནས་པ་འདི་ནི་ཕྱིན་ཅི་ལོག་ཏུ་གྱུར་པ་སྟེ། ཞེས་བྱ་བ་ནས་བརྩམས་ཏེ། ཤེས་རབ་ཀྱི་དོན་གྱི་དབང་མ་གཏོགས་པར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བར ་མི་ནུས་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ།། ཞེས་བྱ་བ་ནི་དོན་གྱི་ལན་ཡིན་ནོ།། ཞེས་བྱ་བ་ནི་དོར་གྱི་ལན་ཡིན་ནོ། ཐ་དད་དུ་བྱ་བ་མེད་པ་ཐམས་ཅད་ལས་གཅིག་གཙོ་བོར་གྱུར་པ་ཡོད་པ་མ་ཡིན་ནོ།། ་ཞེས་བརྒལ་བ་ལ། ལུས་ཐ་དད་པ་རྣམས་རིའི་རྒྱལ་པོ་རི་རབ་ཀྱི་དྲུང་དུ་ཕྱིན་པའི་དཔེས་ལྔ་པོ་དེ་ནི་ཁྱད་པར་མེད་པའི་ཐོད་པ་འདྲིས་གཙོ་བོར་འཐད་པའི་ལན་མཱིས་གསུངས་ལ། ཡང་དོན་རྗེས་སུ་ཞུགས ་ནས་ཁྱད་པར་དུ་ཤེས་པ་མེད་པས། ཞེས་བྱ་བ་ནི་དོན་དམ་པ་དང་འབྲེལ་པ་བྱེ་བྲག་ཏུ་རྣམ་པར་རྟོག་པ་ལ་ཀུན་དུ་སྤྱོད་པ་ཡོང་པ་མ་ཡིན་ནོ།། ཞེས་བྱ་བའི་དོན་ནོ།། འོན་ཀྱང་འཇིག་རྟེན་གྱི་ཐ་སྙད་དང་། བརྡར་བྱང་ངན་ཞེས་བྱ་བ་ནས ་བརྩམོས་ཏེ། བུད་མེད་རིན་པོ་ཆེའི་དཔེས་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་བསྡུས་ཤིང་མི་གནས་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ག་ངན་པ་དེར་མི་གནས་པའི་ཚུལ་གྱིས་གནས་པར་དགོངས་པ་མཆོག་ཉིད ་ཡིན་པར་འཐད་པའི་ལན་གསུངས་པ་ཡིན་ནོ།། ད་ནི་འཛིན་པའི་རྣམ་པར་རྟོག་པའི་གཉིས་པོ་རེ་རེ་ཞིག་དབྱེ་བ་རྣམ་པ་དགུར་འགྱུར་པར་བརྗོད་པར་བྱའོ།། དེ་ལ་རེ་ཞིག། འཛིན་པ་དང་ནི་འདོར་བ་དང་། ཡིད་ལ་བྱེད་དང་ཁམས ་གསུམ་ནི།། གསུམ་ཆར་ཉེ་བར་འབྲེལ་པ་དང་།། གནས་དང་མངོན་པར་ཞོན་པ་དང་།། ཆོས་ཀྱི་དངོས་པོ་བཏགས་པ་དང་།། ཆགས་པ་དང་ནི་གཉེན་པོ་དང་།། ཇི་ལྟར་འདོད་བཞིན་འགྲོ་ཉམས་དང་།། འཛིན་པ་དང་པོར་ཤེས་པར ་བྱ་བར་ཞེས་བྱ་བ་ལ། དེ་ལ་འཛིན་པ་དང་། ཐར་པའི་རྣམ་པར་རྟོག་པ་ནི། གང་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཆོས་གང་ཡང་འཛིན་པ་འམ། གཏོང་བ་མ་མཆིས་སོ་ཞེས་བྱ་བ་ལ་སོགས་པས་བསྟན ་བ་ཡིན་ནོ།། ཡིད་ལ་བྱེད་པའི་རྣམ་པར་རྟོག་པ་ནི། གང་གཟུགས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡིད་ལ་མི་བྱེད་པས། ཡོངས་སུ་མ་བཟུང་མ་བཏང་བ་ཉིད་ལ་བྱེད་པ་མེད་པར་དགེ་བའི་རྩ་བ་རྣམས་རྣམ ་པར་འཕེལ་བ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངསངསུ་རྫོགས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པ་མེད་པར་ཐལ་བར་འགྱུར་བས། གང་རབ་འབྱོར་ནས་གཟུགས་ལིད་ལ་མི་བྱེད་ཅེས་བྱ་བ་ནས་བརྩམས་ཏེ། ་དེའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ།། དེ་ཙའི་སླད་དུ་ཞེ་ན། ཡིད་ལ་མི་བྱེད་པོ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བྱ་བའི་འཐད་པོའི་ལན་གྱིས་སོ།། ཞེས ་བསྟན་པ་ཡིན་ནོ།། ཁམས་གསུམ་པ་དང་ཉེ་བར་འབྲེལ་པའི་རྣམ་པར་རྟོག་པ་ནི་གང་བཅོམ་ལྡན་འདས་ཅིའི་སླད་དུ་དེ་ལྟར་གཟུགས་ཡིད་ལ་མ་བགྱིས་ཞེས་བྱ་བ་ནས་བདྲེན་མར་འགྱུར་པའི་ཡིད་ལ་བྱེད་པས། ཁམས ་གང་དུ་ཡང་འདྲེ་བར་མི་འགྱུར་པ་ཉིད་ཀྱི་བར་དུའོ།། ཞེས་བསྟན་པ་ཡིན་ནོ།། གནས་པའི་རྣམ་པར་རྟོག་པ་ནི་གང་དེ་ལྟར་སྤྱོད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་ཡང་གནས་པར་མི་དུ་གྱུར་པ་ཉིད་ཀྱི ་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། དངོས་པོ་ལ་མངོན་པར་ཞེན་པའི་རྣམ་པར་རྟོག་པ་ནི་གང་བཅོམ་ལྡན་འདས་ཅིའི་སླད་དུ་མངོན་པར་ཆགས་པར་མི་འགྱུར། མངོན་པར་ཆགས་པར་བྱ་བའི་གནས་ཀྱི་རྒྱུ་ཉིད་མེད་པའི ་ཕྱིར་རོ།། ཞེས་བསྟན་པ་ཡིན་མོ།། དངོས་པོར་གགས་པའི་རྣམ་པར་རྟོག་པ་ནི་གང་གལ་ཏེ་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་འདི་སྙམ་དུ་སེམས་ཤིང་ཞེས་བྱ་བ་ནས་དུརྩམས་ཏེ། དེ་ཅིའི་ཕྱིར་ཞེ་ན། ་འདི་ལྟར་དེ་བཞིན་གཤེགས་པས་ཆོས་གང་ཡང་མ་གཟིགས་པས་འདོགས་པར་མི་མཛད་དོ།། དེ་བཞིན་གཤེགས་པས་ཐུགས་སུ་ཆུད་པ་ནི་བརྗོད་པར་བྱེད་པ་དང་། བརྗོད་པར་བྱ་བ་བརྟགས་པར་རབ་ཏུ་ཕྱེ་བ་ཡིན་ནོ།། ཞེས་བྱ་བའི ་དོན་ནོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པས་ནི་ཆོས་གང་ཡང་མངོན་པར་རྫོགས་པར་སངས་རྒྱས་པ་མེད་དོ།། ཞེས་བྱ་བ་དངོས་པོ་ཉིད་དུའོ།། ཞེས་བྱ་བའི་དོན་ནོ།། དེ་ལྟ་ར་མངོན་པར་ཞེས་པ་ལ་སྤྱོད་པ་ལས། ་ཉམས་པའི་ཚིག་གིས་ན་མངོན་པར་ཞེན་པ་མེད་པ་གཙོ་བོར་བྱ་བར་ཤེས་པར་བྱ་བའི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། ཆགས་པའི་རྣམ་པར་རྟོག་པ་ནི་གང་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་ལ་སྤྱོད་པ་ན། ཇི་ལྟར་སྦྱིན་པ་སྦྱིན་པ་ལ་སོགས་པའི་སྐྱོན་འདི་དག་མ་མཆིས་པར་འགྱུར་པ་ལགས། རབ་འབྱོར་གང་གི་ཚེ་འདི་ལྟར་ཆོས་ཐམས་ཅད་ལ་ཆགས་པ་མེད་ཅིང་ཡོངས་སུ་འཛིན་པ་མེད་པར་ཤེས ་པ་ཡིན་ནོ།། ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ།། གཉེན་པོའི་རྣམ་པར་རྟོག་པ་ནི་གང་གཉེན་པོའི་ཕྱོགས་ཀྱི་ཆོས་རྣམས་དེ་ལ་དམིགས་པ་དང་། མཉམ་པ་ཉིད་ཀྱི་དབང་དུ་བྱས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དེ་དང་མ་བྲལ་བ་ཉིད་ཀྱི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། ཇི་ལྟར་འདོད་པ་བཞིན་དུ་འགྲོ་བ་ལ་ཐོགས་པའི་རྣམ་པར་རྟོག་པ་ནི་གང་དམིགས་པར་བྱ་བ་དང་། དམིགས ་པར་བྱེད་པ་དག་དབྱེར་མེད་པས། མངོན་པར་རྟོགས་པ་སྒྲུབ་པ་མེད་ན། མངོན་པར་རྟོགས་པ་དང་། མངོན་པར་བསྒྲུབ་པ་མེད་པར་ཉལ་བར་འགྱུར་བྱས་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་ཤེ་ས ་འདི་ནི་གཟུགས་སོ།། འདིའི་གཟུགས་སོ་ཞེས་བྱ་བ་ནས་བརྩམས་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཇི་ལྟར་འདོད་པར་འགྲོ་བའི་དཔེས་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་ནི་ཉན་ཐོས་ལ་སོགས་པའི་ལམ་དུ་ཇི་ལྟར་འདོད་པར ་འགྲོ་བའི་རྒྱུ་ཉིད་ཡིན་པའི་བར་གྱིས་རྗེས་སུ་འབྱུང་བ་གཞན་དབང་ཡིན་པའི་ཕྱིར་རྡོ་རོ།། ཞེས་བསྟན་པ་ཡིན་ནོ།། ད་ནི་འཛིན་པའི་རྣམ་པར་རྟོག་པ་དགུ་པ་གཉིས་པ་བསྟན་པའི་ཕྱིར། ཆེད་བ་རྟན་དེ་སཾ་པཱར་མི་འབྱུང་། ་དང་ང་ལམཽ་ལ་ལམ་མིན་ངེས་འཛིན་དང་། འགོག་དང་བཅས་པའི་སྐྱེ་བ་དང་།། དངོས་པོ་ལྡན་དང་མི་ལྡན་དང་།། གནས་དང་རིགས་ནི་འཇིག་པ་དང་།། དོན་དུ་གཉེར་དང་རྒྱུ་མེད་དང་།། ཕྱིར་རྒོལ་པ་ནི་དམིགས་པ་ལ།། ་འཛིན་པའི་རྣམ་རྟོག་གཞན་ཡིན་ནོ།། ཞེས་བྱ་བ་ལ། ཆེད་དུ་བྱ་བ་ལ་ཇི་ལྟ་བོ་བཞིན་དུ་ངེས་པར་འབྱུང་བའི་རྣམ་པར་རྟོག་པ་ནི་གང་ཡང་ཁ་ལོ་སྒྱུར་བའི་དཔེས། དེ་དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མ་ལམ་མཆོག ་གིས་རབ་ཏུ་ཁྲིད་པ་དེ་ཡིས་རང་དབང་དུ་བྱེད་པའི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། ལམ་ལ་ལམ་མ་ཡིན་པར་ངེས་པར་འཛིན་པའི་རྣམ་པར་རྟོག་པ་ནི། གང་ཉན་ཐོས་ལ་སོགས་པའི་ལམྦ་དང་རྣམ་པ ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་ནི། བྱང་ཆུབ་སེམས་དཔའི་ལམ་མ་ཡིན་པ་དང་། ལམ་ཡིན་པ་ཉིད་ཀྱི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། སྐྱེ་བ་དང་། འགོག་པའི་རྣམ་པར་རྟོག་པ་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དོན་ཆེན་པོའི་སླད་དུ་ཉེ་བར་གནས་པ་ཞེས་བྱ་བ་ནས་བརྩམས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྐྱེད་པ་མ་ཡིན། འགོག་པ་མ་ཡིནོ།། ཞེས་བྱ་བའི་བར་གྱིས་ནི ་ཆོས་ཉིད་ཚད་མར་བྱས་པའི་ཕྱིར་རོ།། དེ་ལྟ་ན་ནི་ཕ་རོལ་ཏུ་ཕྱིན་པ་དྲུགྲ་ཡོད་པར་མི་འདོད་དོ།། ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དམིགས་པར་བྱས་ནས། དགེ་བའི་རྩ་བ་དེ་དག་ཐཾད་དང་ཐུན་མོང་དུ་བྱས་ནས། བླ་ན ་མེད་པ་ཡང་དག་པར་རྫོགས་པོའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ཞིང་། འཁོར་གསུམ་མི་དམིགས་པའི་རྣམ་པར་བསྒོམས་པས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་མངོན་པར་བརྩོན་པར་ཡང་དག་པར་བརྩོན་པའི་ཕྱིར་རོ།། ཞེས་བསྟན ་བ་ཡིན་ནོ།། དངོས་པོ་དང་ལྡན་པ་དང་། མི་ལྡན་པའི་རྣམ་པར་རྟོག་པ་ནི་གང་དེའི་རྒྱུ་ཡོངས་སུ་ཞུས་ནས། ལན་བཀའ་སྩལ་པ་ནས་བརྩམས་ཏེ། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ལྡན་པ་བཀག་པས ་མངོན་པོར་བརྩོན་པོར་བྱ་བ་བསྟན་པའོ་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། གཟུགས་ལ་སོགས་པ་ལ་གནས་པའི་རྣམ་པར་རྟོག་པ་ནི་གང་ཡང་གཟུགས་ནས་རྣམ་པ་ཐམས་ནང་མཁྱེན་པ་ཉིད་ཀྱི་བདྨ་ལ་གནས་པར་བྱའོ།། ཞེས ་བརྩོན་པར་མི་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་སྟེ། ཐམས་ཅད་མཁྱེན་པ་ཉིད་གསུམ་ཆར་ནཱི་གཱང་ན་ཡང་མི་གནས་སོ།། ཞེས་བྱ་བ་ནི་འཐད་པའོ།། ཞེས་བསྟན་པ་ཡིན་ནོ།། ། ་རིགས་རྣམ་པར་འཇིག་པའི་རྣམ་པར་རྟོག་པ་ནི་ཨང་ཨ་མྲྀ་ལ་སོགས་པའི་འབྲས་བུའི་དཔེས། ཆོས་རྣམ་པར་མི་འཇོག་པ་ཤེས་པར་བྱ་བའི་ཕྱིར་རོ།། ཞེས་སྤྱ་ན་ནོ།། དོན་དུ་མི་གཉེར་བའི་རྣམ་པར་རྟོག་བྱན ་གང་ཆོས་ཐམས་ཅད་ཀྱི་བར་ལ་དབང་དུ་གྱུར་པ་ཐོབ་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱ་བ་ཉིད་དོ།། ཞེས་བསྟན་པ་ཡིན་ནོ།། རྒྱུ་མེད་པའི་རྣམ་པར་རྟོག་པ་ནི་གང་དེ་ཅིའི་ཕྱིར་ཞེ་ན། རྒྱ་མཚོ་ཆེན་པོ ་ནི་འཛམ་བུའི་གླིང་གི་རིན་པོ་ཆེ་ཐམས་ཅད་ཀྱི་རྒྱུ་ཡིན་པའི་དཔེས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཕགས་པའི་གང་ཟག་གིས་རྟོགས་པའི་རྒྱུ་ཉིད་ཡིན་པའི་འཐད་པས་སོ།། ཞེས་བསྟན་པ་ཡིན་ནོ།། ཕྱིར་རྒོལ་བའི ་ཆོས་ལ་དམིགས་པའི་རྣམ་པར་རྟོག་པ་ནི་གང་ཡང་འཕོང་གི་སློབ་དཔོན་གྱི་དཔེས། ཕྱིར་རྒོལ་བའི་ཆོས་ཐུབ་པར་དཀའ་བར་སྟོན་ཅིག། དེ་བ་ཞིན་དུ་མི་དམིགས་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས ་ཐམས་ཅད་ཀྱིས་མི་དམིགས་པའི་རྣམ་པར་དགོངས་པ་མཛད་པ་དང་། འཛིན་པའི་རྣམ་པར་རྟོག་པ་གཉིས་པའི་གཉེན་པོའི་ཕྱོགས་ཤེས་པར་བྱ་བའི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། མུ་བཞི་ལས་དང་པོ་ནི་གཟུང་བའི ་རྣམ་པར་རྟོག་པ་ཡིན་ལ། འཛིན་པའི་རྣམ་པར་རྟོག་པ་མ་ཡིན་པ་ནི་གཟུགས་ལ་སོགས་པའི་ཡུལ་དག་གོ།། གཉིས་པ་ནི་རྣམ་པར་ཤེས་པའི་སྐད་ཅིག་མ་གཅིག་གི། གསུམ་པ་ནི་རྣམ་པར་ཤེས་པའི་སྐད་ཅིག་མ་གཞན་ནོ།། བཞི་པ་ནི། ་རྣམ་པ་དེ་དག་དང་བྲལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རིགས་གཉིས་ཡིན་ལ། རིགས་ཀྱི་རྣམ་པར་རྟོག་པ་མ་ཡིན་པ་ཞེས་བྱ་བ་ནི་ཚིག་ཕྱི་མ་ཅན་ནོ།། གང་དེ་ལས་རེ་ཞིག་རིགས་ཀྱི་རྣམ་པ་དེ་ཉིད་རིགས་ཡིན་ནོ།། འདི་ལྟར ་འདི་ལྟ་སྟེ། གཉེན་པོའི་ཕྱོགས་ཡང་དག་པར་རྟོགས་པའི་དུ་ནི་རིགས་ཏེ། དེ་རིགས་ཉིད་ཡིན་གྱི། རིགས་ཀྱི་རྣམ་པར་རྟོག་པ་ནི་མ་ཡིན་ནོ།། འདི་ལྟ་སྟེ། ཡང་དག་པར་རྟོགས་པའི་དུས་མ་ཡིན་པ་ནི་རིགས་ཙམ་ཉིད་དོ།། ཡང་དག ་པར་རྟོགས་པའི་རྣམ་པར་རྟོག་པ་ཡིན་ལ། དམིགས་པའི་རྣམ་པར་ག་པ་མ་ཡིན་པ་ནི་ཚིག་སྔ་མང་ཅན་ནོ།། གླང་དེ་ལས་རེ་ཞིག་ཡང་དག་པར་རྟོགས་པའི་རྣམ་པར་རྟོག་པ་ཡིན་ལ། དམིགས་པའི་རྣམ་པར་རྟོག་པའང་ཡིན་པ་ནི ་འདི་ལྟ་སྟེ་ཡང་དག་པར་རྟོགས་པར་བྱེད་པ་ནི་དམིགས་པ་ལ་ཡང་སྦྱོར་བ་ཡིན་ནོ།། ཡང་དག་པར་རྟོགས་པའི་རྣམ་པར་རྟོག་པ་ཡིན་ལ། དམིགས་པའི་རྣམ་པར་རྟོགས་པ་མ་ཡིན་པ་ནི་འདི་ལྟར་དམིགས་པ་ཡོངས་སུ་མ ་རྫོགས་པལ།། ཕྱོགས་འདིས་ལྷག་མ་རྣམས་ཀྱུང་རྗེས་སུ་དག་པར་བྱའོ།། རྩེ་མའི་མངོན་པར་རྟོགས་པ་མཐོང་བའི་ལམཱ་གྱི་མི་མཐུན་པའི་ཕྱོགས་ཀྱི་རྣམ་པར་འགྱེལ་པའོ།། ཡང་ནྡྷུའི་ཕྱིར་དེ་ལ་མཐར ་བའི་ལམ་དུ་འདོད་ཅེ་ན། བྱང་ཆུབ་ཆེན་པོ་ཐོབ་པའི་ཕྱིར་རོ།། དེ་ཐོབ་པ་ཡང་རྒྱུ་གསུམ་གྱིས་ཡིན་ཏེ། ཡང་རྒྱུ་གསུམ་ནི་བྱང་ཆུབ་གཞན་ལ་སྟོན་པ་དང་། ཞེས་སྨོས་པ་ནི། གང་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི ་ཟབ་ལ། བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་ནི་དཀའ་བ་བགྱིད་པ་ལགས་སོ་ཞེས་བྱ་བ་ནས་བརྩམས་ཏེ། མཐོ་བའི་ལམ་ཐོབ་པ་དགེ་སློང་བརྒྱུ་དྲུག་བཅུ་ལུང་བསྟན་པ་ཉིད་ཀྱིས་སོ།། ཞེས་བསྟེན་པ་ཡིན་ནོ།། དེའི་རྒྱུ་ནི་ཡོངས ་གཏོང་དང་ཞེས་བྱ་བ་ནི་གང་འཕགས་པ་ཀུན་དགའ་བོ་ལ་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མང་དུ་གཏང་བས་གསུངས་སོ་ཞེས་བསྟན་པ་ཡིན་ནོ།། དེའི་མདོ་ནི་ཀུན་དགའ་བོ་ངས་ཁྱོད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི ་ཡོངས་སུ་གཏད་དོ།། ཅི་ནས་ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མའི་དུས་སུ་རྒྱས་པར་འགྱུར་རོ།། ཞེས་གསུངས་པ་ཡིན་ནོ།། དེ་ཐོབ་པར་ཆད་མེད་པ་རི་རྒྱུ།། བསོད་ནམས་མང་བའི་མཚན་ཉིད་དོ།། ཞེས་བྱ་བ་ནི་གང་སྟོང་གསུམ་གྱི ་སྟོ་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཅིང་། དེ་དག་ལ་སྦྱིན་པ་ལ་སོགས་པའི་བས་དེ་ནམས་བྱ་བའི་དངོས་པོ་དཔེར་བྱ་བ་ནས་བརྩམས་ཏེ། རྒྱ་ཆེར་སྐད་ཅིག་དང་། ་ཡུད་ཙམྦ་དང་། ཐང་ཅིག་ཙམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་སྨོན་པར་བྱེད་པ། བསོད་ནམས་མང་དུ་འཕེལ་ལོ།། ཞེས་བསྟན་པ་ཡིན་ནོ།། སྐད་ཅིག་ལ་སོགས་པ་སྨོས་པས་ནི་གོ་རིམ་བཞིན ་དུ་གང་ཟག་དབང་པོ་རྣོན་པོ་དང་། འབྲིང་དང་། ཐ་མ་ཤེས་པར་བྱ་བའི་ཕྱིར་ཏེ། བྱ་བ་ཡོངས་སུ་རྫོགས་པ་འདིར་སྐད་ཅིག་མར་ཤེས་དེ་རུ་བྱ་སྟེ། ཐ་སྙད་གཅིག་པ་ཡིན་པའི་ཕྱིར་རོ།། དེ་བཞིན་གཤེགས་པ་མི་བསྐྱོད་པ་མཐོང ་བར་འགྱུར་བའི་རྫུ་འཕྲུལ་མངོན་དུ་མཛད་པའི་དཔེས་ནི་རྣམ་པར་རྟོགས་པ་རྣམས་ནི་མཐོང་བའི་ལམ་གྱི་ཡེ་ཤེས་ཀྱི་ཡུལ་མ་ཡིན་པ་ཉིད་དུ་ཤེས་པར་བྱ་བའི་ཕྱིར་རོ།། དེ་ལྟ་ན་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པའི ་རྒྱུ་ནི་གསུམ་པོ་དེ་དག་ཡིན་ནོ།། ཡང་བྱང་ཆུབ་ཆེན་པོ་ཞེས་བྱ་འདི་གང་ཡིན་ཞེ་ན། དྲི་མ་ཟད་དང་མི་སྐྱེ་བའི།། ཡེ་ཤེས་བྱང་ཆུབ་ཅེས་བརྗོད་དོ།། ཞེས་བསྟན་པ་ལ། ཡང་ཟད་པ་ཤེས་པ་ནི་གང་ཞིག་ཡིན། མི་སྐྱེ་བ་ཤེས ་པ་ནི་ཅི་ཞིག་ཡིན་ཞེ་ན། ཟད་མེད་སྐྱོ་མེད་ཕྱིར་དེ་དག། གོ་རིམ་བཞིན་དུ་ཤེས་པར་བྱ་ཞེས་བསྟན་པ་ནི། གང་ཀུན་དགའ་བོ་ནམ་མཁའ་ཟད་པར་འདོད་པ་གྲང་ཡིན་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟད་པོ་ཤེས ་པའོ།། རྒྱ་ཆེ་བའི་ཡེ་ཤེས་བརྗོད་པ་དང་། ཆོས་དེ་རྣམས་ནི་སྐྱེ་བ་ཡོད་པ་མ་ཡིན་ནོ།། ཞེས་མི་སྐྱེ་བ་ཤེས་པ་བརྗོད་པས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཉེ་བར་དགོངས་པའི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། ། ་དེ་ལ་ཇི་ལྟར་ཡིད་ཆེས་པར་བྱ་ཞེ་ན། བདེན་པར་མཚོན་པའི་ལྗགས་རྒྱ་ཆེན་པོ་བསྟན་ནས། འཕགས་པ་ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་ལ་སོགས་པར་ངེས་པར་སྦྱོར་བ་དང་། དེ་བཟུང་བས་གཟུངས་དང་ཏིང ་འཛིན་གྱི་སྒོ་ཐམས་ཅད་གཟུང་བ་ཉིད་ཀྱི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། ཡང་ཇི་ལྟར་ན་མི་ཟད་པའི་རྣམ་པ་ཟད་པ་ཤེས་པ་ཡིན་ཞིང་དངོས་པོ་འཇིག་པའི་རྣམ་པ་ཡིན་ཞེ་ན། གང་གི་ཕྱིར་སྦྱོར་བའི་དུས་ཀྱང་། རབ་འབྱོར་གཟུག ་མི་ཟད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ།། ཞེས་བྱ་བ་ནས་བརྩམས་ཏེ། སྙིང་པོ་བྱང་ཆུབ་ལ་འདུག་པའི་མ་འདྲེས་པའི་ཆོས་ཏེ། དེ་ལྟར་རྟེན་ཅིང་འབྲེལ་བ་འབྱུང་བ་ནམ་མཁའ་ལྟར་ཟང་མི་ཤེས ་པས་མངོན་པར་བསྒྲུབས་པར་རྣམ་པར་བལྟ་བ་ནི། རྣ་མ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཐུགས་སུ་ཆུད་པ་ཉིད་ཡིན་པའི་ཕྱིར། དེ་ལྟར་ལྟ་བ་ནི་བདག་དང་། ཆོས་ཐམས་ཅད་དུ་འཛིན་པ་སྤངས་པས་མཐོང་བའི ་ལམ་གསལ་བར་བསྟན་པའི་དོན་དང་། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ལ་ནི་ཕ་དང་མ་ཤི་བའི་སྐྱེས་བུའི་དཔེས་བདུད་རྣམས་ཀྱི་རང་གི་སྤྱོད་ཡུལ་ལས་འདའ་བར་སེམས་པ་དང་། མྱ་ངན་གྱི་ཟུགས་རུ་ཟུག་པ ་ཉིད་ཀྱི་ཕྱིར་རོ།། ཞེས་བསྟེན་པ་ཡིན་ནོ།། གང་གི་ཕྱིར་དེ་ལྟོ་ཡིན་པ་དེ་བས་ན་ཟད་པ་དང་། མི་སྐྱེ་བ་ཤེས་པོས་ནི་གང་ཡང་ཟད་པ་འམ། མི་སྐྱེ་བ་མེད་པས། འགག་པ་མེད་པའི་རང་བཞིན་ལ།། མཐོང་ཞེས་བྱ་བའི ་ལམ་གྱིས་ནི། རྣམ་པར་རྟོགས་རིགས་ཅི་ཞིག་ཟད། སྐྱེ་མེད་རྣམ་པ་ཅི་ཞིག་འཐོབ།། ཅེས་བྱ་བ་ལ། དངོས་པོ་གང་འཇིག་པ་ལ་དགོངས་ནས་ཟད་པ་ལ་ནི་ཟད་པ་ཤེས་པ་ཡིན་པ་ཟད་བ་ཤེས་པ་ཞེས་བརྗོད ་ལ། མ་འོངས་པའི་དངོས་པོ་མི་སྐྱེ་བ་ལ་དགོངས་ནས་མི་སྐྱེ་བ་ཤེས་པ་ཞེས་བསྟན་པ་དེ་ལ་ཅི་ཞིག་ནི་ཟད་པ་འམ། མི་སྐྱེ་བ་མེད་པ་ནི་ཅི་ཞིག་འཐོབ་ཅེས་དྲིས་པ་ཡིན་ནོ།། དེ་ཉིད་ཀྱི་ཕྱིར། ཆོས་རྣམས་ཀྱང་ཡོད་ཅེས་བྱ་དང་།། ཤེས ་བྱ་ལ་ཡང་སྒྲིབ་ཟད་པས། སྟོན་པོ་གཞན་གྱི་བརྗོད་པ་གང་། འདི་ལ་ཁོ་བོས་མཆིར་དུ་བརྩིས་ཞེས་བསྟན་པ་ལ། དེས་ན་འདི་ཉིད་ཁོ་ན་ལེགས་པ་ཡིན་ཏེ། འདྲི་ལ་བསལ་བྱ་ཅི་ཡང་མེད།། བཞག་པར་བྱ་བ་ཅུང་ཟད་མེད།། ཡང་དག ་ཉིད་དུ་ཡང་དག་ལྟ། ཡང་དག་མཐོང་ན་རྣམ་པར་གྲོལ།། ཞེས་བྱ་བ་ལ་སྐད་ཅིག་མ་གཙོག་པོ་འདི་ནི་མཐོང་བའི་ལམ་ཡིན་ཏེ། དེའི་ཕྱིར་སྦྱིན་ལ་སོགས་པ་རེ་རེ་ལ།། དེ་དག་ཕན་ཚུན་བསྡུས་པ་གང་། སྐད་ཅིག་གཅིག་གི་བཟོད་པ ་ཡཱིད་པབསྡུས་པ་དེ་འདིར་མཐོང་བའི་ལམ། ཞེས་བསྟན་པ་ནཽ། གང་རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་ཡོངས་སུ་གཏོང་ཚེ། རྣམ་པ་ཐམས་ཅི་དེ་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་ཞིང ་སྦྱིན་པ་ཡོངས་སུ་གཏོང་སྟེ། ཞེས་བྱ་བ་ནས་བརྩམས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་ཏེ། འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ནས། ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་བར་དུ་དྲུག་པོ་རེ་རེ་ཞིང་དྲུག་ཏུ་བྱས་ནས་རྣམ་པ་སུམ་ཅུ་རྩ་དྲུག་གིས་བསྡུས་པས། ཐམས་ཅད་དུ་འཁོར་གསུམ་ཡོངས་སུ་དག་པའི་ཡོངས་སུ་བསྔོ་བའི་གཙོ་བོ་ཡིན་པའི་ཕྱིར་ཐམས་ཅད་གཅིག ་གིས་གཅིག་བསྡུས་པ་ཡིན་ནོ།། འདིའི་མདོ་ནི། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་གཏོང་བ་ནི་སེམས་ཅན་རྣམས་ལ་བྱམས་པའི་ལུས་དང་། ངག་དང་། ཡིད་ཀྱི་ལས་ཉེ་བར་འགྱུར་བ་ནི་ཚུལ་ཁྲིམས ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། དེ་ཉིད་ལེན་པ་པོ་རྣམ་པར་གཤེ་ཞིང་འཁྱལ་པར་སྨྲ་བ་ལ་སོགས་པ་བཟོད་པ་ནི་བ་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ།། དེ་ཉིད་ཀྱི་སློངས་མོའི་མཚང་འདྲུ་བ་དང་། ཡོངས་སུ་སྨྲ་བ་ལ་སོགས་པས་སྦྱིན་པ་ལ ་སྤྲོ་བ་མི་འདོར་བ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། དེ་ཉིད་ཀྱི་སྦྱིན་པ་དེ་རྣམས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་ཞིང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སའི་རྣམ་པར་གཡེང་བའི་སེམས་མེད་པ་ནི ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིནྡ་པའོ།། དེ་ཉིད་ཀྱི་སྦྱིན་པ་བྱིན་པ་ན་སྒྱུ་མའི་བློས་གནས་པས་གང་གི་ཡང་ཕན་པོ་དང་།། གནོད་པར་བྱ་བ་མུ་མཐོང་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། དེ་བཞིན་དུ་ཚུལ་ཁྲིམས་བསྲུང་བ་ནས་ཤེས ་རབ་བསྒོམ་པའི་བར་དུ་རེ་རེ་ཞིང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཡོ་ངས་སུ་རྫོགས་པར་བསྡུས་པ་མདོ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ།། དེ་ལྟར་ན་དྲུག་ཚན་ཆ་དྲུག་པོ་འོད་དག་ནི་རྣམ་པ་སུམ་ཅུ་རྩ་དྲུག་ཏུ་འགྱུར་རོ།། མཐོང ་བའི་ལམ་གྱི་བཟོད་པ་འདི་སྐྱེས་པ་ན་འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་ཀྱིས་བསྡུས་པའི་ཉོན་མོངས་པ་མཐོང་བས་སྤང་བར་བྱ་བ་རྣམ་པར་རྟོག་པ་བཞིས་བསྡུས་པ་བརྒྱ་རྩ ་བརྒྱད་སྤོང་བར་འགྱུར་རོ།། དེ་ལ་དབང་དུ་བྱ་བའི་ཕྱིར་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ནི། དེ་ནས་སེང་གེ་རྣམ་བསྒྱིངས་པའི།། ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས།། རྟེན་ཅིང་འབྲེལ་འབྱུང་ལུགས་མཐུན་དང་། ་ལུགས་མི་མཐུན་ལ་རྟོག་པར་བྱེད།། ཅེས་བསྟན་པ་ལ། དེ་ལ་ལུགས་དང་མཐུན་པ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ལ་སོགས་པའོ།། ལུགས་དང་མི་མཐུན་པ་ནི་གང་དེ་རྣམས་མེད་པས། མྱ་ངན་དང་། སྐྱེ ་སྔགས་འདོན་པ་ལ་སོགས་པ་མོ་འབྱུང་ངོ་།། ཞེས་བྱ་བ་ལ་སོགས་པའོ།། རྩེ་མོའི་མངོན་པར་རྟོགས་པའི་མཐོང་བའི་ལམ་གྱི་རྣམ་པར་འགྲེལ་པའོ།། མཐོང་བའི་ལམ་བསྟན་ནས། ང་ནི་སྒོམ ་ལམ་གྱི་མི་འཐུན་པའི་ཕྱོགས་ཀྱི་རྣམ་པར་རྟོག་པ་བཞི་བརྗོད་པར་རཾ་བྱའོ།། དེ་ལྔ་རེ་ཞིག་སྒོམ་པའི་ལམ་བསྒོམས་ནས། འདི་ཕྱིས་བརྗོད་པར་བྱའོ།། སྒོམ་པའི་ལམ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུས ་བསྡུས་པ་ཡིན་ལ། དེ་ཡང་ཐོད་རྒོལ་གྱི་སྙོམས་པར་འཇུག་པས་བསྡུས་པ་ཡིན་པས་དེའི་ཕྱིར་དེ་བསྟན་པའི་སྒོ་ནས་སྒོམ་པའི་ལམ་མདོར་བསྟན་པའི་དབང་དུ་མཛད་དེ། འགོག་དང་བཅས་པའི་སྙོམས་འཇུག་དགུར། ་རྣམ་པ་གཉིས་སུ་སོང་འོངས་ནས།། འདོད་པར་གཏོགས་པའི་རྣམ་པར་ཤེས།། མཉམ་གཞག་མིན་པའི་མཚམས་བཟུང་སྟེ། ཐོད་རྒལ་དུ་ནི་སྙོམས་འཇུག་པ།། གཅིག་དང་གཉིས་གསུམ་བཞི་དང་ལྔ།། དྲུག་དང་བདུན་དང་བརྒྱད ་རྒལ་ནས།། འགོག་པའི་བར་དུ་མི་འདྲར་འགྲོ།། ཞེས་བསྟན་པ་ཡིན་ནོ།། རྣམ་པ་གཉིས་སུ་ཞེས་བྱ་བ་ནི་ལུགས་དང་མཐུན་པ་དང་། ལུགས་དང་མི་མཐུན་པའོ།། དེ་ནས་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་ནས། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོ་སོར་བརྟགས་པའི་རྗེས་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནས་མཉམ་པར་མ་གཞག་པའི་སེམས་དང་། ལུགས་དང་མཐུན་པོ་དང་། ལུགས་དང་མི་མཐུན་པ་གཅིག ་དང་། གཉིས་དང་། གསུམ་དང་། བིན་དང་། ལྔ་དང་། དྲུག་དང་། བདུན་དང་། བརྒྱད་དང་། དགུ་པོ་ལ་ཐོད་རྒལ་དུ་སྙོམས་པར་འཇུག་པས་མངོན་དུ་བྱེད་པ་ན། ཇི་ལྟར་འདོད་པས་དབང་དུ་བྱ་བ་མང་དུ་ཐོབ་པ་ཡིན་ཏེ་འདིའི་མདོ་ནི། རབ ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདོད་པས་དབེན། སྡིག་ཏོ་མི་དགེ་བའི་ཆོས་ཀྱི་དབེན་པ་རྟོག་པ་དང་བཅས་པ། སྤྱོད་པ་དང་བཅས། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་དང ་པོ་ཉེ་བར་བསྒྲུབས་ཏེ་གནས་སོ།། དེ་བཞིན་དུ་འདུ་ཤེས་དང་། ཚོར་བ་འགོགས་པའོ་སྙོམས་པར་འཇུག་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ།། དེ་འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས། འདུ་ཤེས་མེད་འདུ་ཤེས་མེང ་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ།། དེ་ལས་ལངས་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ།། དེ་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག ་གོ། དེ་ནས་ནམ་མཁའ་མཐའ་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ།། དེ་ནས་ནི་བསམ་གཏན་བཞི་པ་ལའོ།། དེ་ནས་བསམ་གཏན་གསུམ་པ་ལ་དེ་ནས་གཉིས་པ་ལ། དེ་ནས་བསམ་གཏན་དང་པོ་ལ་སྙོམས་པའི་ཞུགས་ཏེ། དེ་སང ་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་འདི་རྣམ་པར་དབྱེ་བ་བྱས་ནས་ཐོང་རྒལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ།། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐོད་རྒལ་གྱི་ཏིང་ངེ་འཛིན་དེ་ཡང་གང་ཞེ་ན། དེ་ལ ་བྱང་ཆུབ་སེམས་དཔའ་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པ་ནས། དེ་བཞིན་དུ་འགོག་པའི་བར་ལ་སྙོམས་པར་འཇུག་གོ།། དེ་ལས་ལངས་ནས་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ།། དེ་ལས་ལངས ་ནས་འགོག་པ་ལ་སྙོམས་པར་འཇུག་གོ།། དེ་ནས་ནི་བསམ་གཏན་གཉིས་པ་ལའོ།། དེ་ནས་ནི་འགོག་པ་ལའོ།། དེ་ནས་ནི་གསུམ་པ་ལའོ།། དེ་ན་ནི་འགོག་པ་ལའོ།། དེ་ནས་ནི་བསམཱ་གཏན་བཞི་པའོ།། དེ་ནས་འགོག་པ ་ལའོ།། དེ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལའོ།། དེ་ནས་འགོག་པ་ལའོ།། དེ་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལའོ།། དེ་ནས་འགོག་པ་ལའོ།། དེ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ལའོ།། དེ་ནས་འགོག་པ ་ལའོ།། དེ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལའོ།། དེ་ནས་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ།། དེ་ལས་ལངས་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས ་པར་འཇུག་པ་ལ་སྙེམས་པར་འཇུག་གོ།། དེ་ལས་ལོངས་ནས་འདོད་པ་ན་སྤྱོད་པའི་མཉམ་པར་མ་བཞག་པའི་སེམས་མངོན་དུ་བྱེད་དོ།། མཉམ་པར་མ་བཞག་པའི་སེམས་ལས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས ་བར་འཇུག་གོ།། དེ་ལས་ལངས་ནས་མཉམ་པར་མ་བཞག་པའི་སེམས་ལ་གནས་སོ།། དེ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ།། དེ་ལས་ལངས་ནས་མཉམ་པར་མ་བཞག་པའི ་སེམས་ལ་གནས་སོ།། དེ་ནས་ཅུང་ཟད་མེད་པའི་སྐྱེ་མཆེད་ལའོ།། དེ་ནས་ནི་མཉམ་པར་མ་བཞག་པའི་སེམས་ལ་གནས་སོ།། དེ་བཞིན་དུ་བསམ་གཏན་དང་པོ་ལས་ལངས་ནས་མཉམ་པར་མ་བཞག་པའི་སེམས་ལ་གནས ་སོང་ཞེས་བྱ་བའི་བར་དུའོ།། གང་ས་བརྒྱདང་རྣམ་གཉིས་རྗེས་འབྲེལ་དང་།། གཅིག་རྒྱལ་སོང་ཞིང་འོངས་ནས་ནི།། རིགས་མིན་མཐུན་པ་གསུམ་པར་འགྲོ།། ཐོད་རྒལ་གྱི་ནི་སྙོམས་འཇུག་མིན། ཞེས་བསྟན་པ་དེ་ཇི་ལྟར་ཡིན ་ཞེ་ན། ཁྭ་དོང་ཐུག་པ་གཉིས་མཚན་ཉིད་མཚུངས་པ་ཡིན་ནམ། དེའི་སྐབས་གཞན་མ་ཡིན་མ་ཡིན་ཏེ། ཐབས་ལ་མཁས་པ་དེ་ལྟ་བུ་ཐོབ་པས་བསྐལ་པ་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་སྟོང་ཕྲག་རྒྱ་སྙེད་དུ་འཇུག་ཅིང་། ་སངས་རྒྱས་དཔག་ཏུ་མེད་པ་ལ་བསྙེན་བཀུར་བྱེད་པ་ཉིད་ཀྱིས་རྒྱ་ཆེ་བ་ཡིན་པའི་ཕྱིར་སྒོམ་པའི་ལམ་རྒྱུན་ཆགས་པ་ཉིད་ཡིན་པར་ཤེས་པར་བྱ་བའི་ཕྱིར་གསུངས་པ་ཡིན་ནོ།། སྒོམ་པའི་ལམ ་གྱི་རྣམ་པར་འགྲེལ་པའོ།། །། སྒོམ་པའི་ལམ་བསྟན་ནོས་ད་ནི་དེའི་མི་མཐུན་པའི་ཕྱོགས་རྣམ་པ་བཞི་བརྗོད་པར་བྱའོ།། དེ་ལ་རེ་ཞིག། མདོར་བསྡུས་རྒྱས་དང་སངས་རྒྱས་ཀྱི་ཀ་མགོན་དང་བཅས་པ་མེད་ཉིད་དང་།། དུས ་གསུམ་ཡོན་ཏན་མེད་པ་དང་། ལེགས་པའི་ལམ་ནི་རྣམ་གསུམ་དང་།། གཟུང་བའི་རྣམ་རྟོག་འདི་གཅིག་སྟེ། སྦྱོར་བའི་རྣམ་པའི་སྤྱོད་ཡུལ་ཅན། ཞེས་བསྟན་པ་ལ། དེ་ལ་ཆོས་རྣམས་ཀྱི་མདོར་བསྡུས་པ་མི་ཤེས་པའི་རྣམ་པར་རྟོག་པ་ནི་གང་། ་བཅོམ་ལྡན་འདས་དེ་ལྟར་དེ་བཞིན་གཤེགས་པས་ཆོས་འདི་དག་མདོ་དང་རྒྱས་པར་བསྟན་པ་དེ་ལ། བྱང་ཆུབ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་མདོ་དང་རྒྱས་པར་ཀུན་ཆུབ་པར་བྱའོ།། ཞེས་བྱ་བ་ནས་བརྩམས ་ཏེ། ཐམས་ཅད་མཁྱེན་པ་ཉིད་གསུམ་ཆར་མངོན་པར་རྟོགས་པ་གཅིག་གིས་མདོར་བསྡུས་པ་བསྟན་ནས། མངོན་པར་རྟོགས་པ་རེ་རེ་ཡང་རྒྱས་པར་བསྟན་པས་སོ།། ཞེས་བསྟན་པ་ཡིན་ནོ།། དེ་ནི་རྩེ་མོའི་མངོན་པོར་རྟོགས་པ་ལ་མདོར ་བསྡུས་པ་དང་། རྒྱས་པར་བསྒོམ་པའི་ལམ་གྱི་དབང་དུ་མཛད་ནས་ཉེ་བར་བཀོད་པ་དང་། དེས་སྤང་བར་བྱ་བའི་རྣམ་པར་རྟོགས་པ་སྤང་བར་ཤེས་པར་བྱ་བའི་དོན་དུ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་བོ་ཐམས་ཅད་ཀྱིས་མདོ་དང་རྒྱས་པ་འཚལ་བར་འགྱུར་པ་ལགས་ཞུས་པས། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་མདོར་བསྡུས་པ་ཤེས་པ་དང་། རྒྱས་པ་ཤེས་པ་ཉིད་དང་། བྱང་ཆུབ་སེམས་དཔའ་དབང་པོ་རྣོན་པོ་ལ་སོགས་པ་འཇུག་པ་ཉིད་ཀྱིས ་མདོར་བསྡུས་པ་དང་། རྒྱུས་པ་བརྗོད་པ་ལ། འཇུག་པའི་རྒྱུ་ཉིད་ཤེས་པར་བྱ་བའི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། སངས་རྒྱས་ཀྱིས་བསྟང་བ་མེད་པའི་རྣམ་པར་རྟོག་པ་ནི་གང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་ལ་ཇི་སྐད ་བསྟན་པ་བཞིན་དུ་སློབ་པ་ནི་བདུད་ཀྱིས་ལས་མི་བྱེད་པ་དང་། ཡོངས་སུ་མི་ཉམས་པ་དང་། སངས་རྒྱས་ཀྱི་དགོངས་པས་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ལ་ཟང་ཟིང་གི་སྦྱིན་པས་ཚིམ་པར་བྱ་བ ་དང་ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་དང་། རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་དང་། རང་སངས་རྒྱས་ཀྱི་བྱང་ཆུབ་ལ་བཀོ་པ་བྱས། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སེ་གོལ་གཏོགས་པ་ཙམ་དུ་བསྒོམས ་པའི་བསོད་ནམས་དེ་མང་དུ་འཕེལ་བ་ཉིད་དང་། སངས་རྒྱས་ཀྱི་དགོངས་པའི་རྒྱུ་ཉིད་ཤེས་བྱར་བྱ་བའི་དོན་གྱི་ཕྱིར་ཏོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་བརྟགས་པའི་རྒྱུ་ཅན་ཡིན་པས། སངས་རྒྱས་རྣམས་ཀྱང་འདི་ལས ་འཁྲུངས་པ་ཉིད་ཀྱི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། སྦྱོར་བའི་ལམ་མེད་པའི་རྣམ་པར་རྟོག་པ་ནི་ཇི་སྐད་བཤད་པ་ལ་གནསོ་བ་ནི་ཕྱིར་མི་ལྡོག་པ་ཡིན་པས། སངས་རྒྱས་ཀྱིས་དགོངས་པ་དང་། དེ་ལ་བསྙེན་བཀུར་བྱས་པ ་དང་། དགེ་བའི་རྩ་བ་བསྐྱེད་པ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པའི་ཆོས་ཀྱི་རྣམ་པ་དཔག་ཏུ་མེད་པ་བསྒོམ་པ་ནས་བརྩམས་ཏེ། འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་ལ་སྤྱོད་པ་དེ་ལ་ཕན་ཡོན་འདི་དག་ཡོད་པ་མ་ཡིན་ནོ།། ཞེས་བྱ་བའི་བར་དུ་གང་གསུངས་པ་ནི་སྦྱོར་བའི་ལམ་གྱི་དུས་སུའོ།། ཞེས་བསྟན་པ་ཡིན་ནོ།། མཐོང་བའི་ལམ་མེད་པའི་རྣམ་པར་རྟོགས་པ་ནི། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་མངོན་པར་བསྒྲུབ་པའོ།། ཞེས་བསྟན་པ་ཡིན་ནོ།། དེ་མཐོང་བའི་ལམ་གྱི་དུས་སུའོ།། སྒོམ་པའི་ལམོ་མེད་པའི་རྣམ་པར་རྟོགས་པ་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་དེ་ལ་སྒོམ་པའི་ལམ་གྱི་དུས་སུ་སེམས་ཀྱི་ཕན་ཡོན་མང་པོ ་ཞིག་བསྟན་པོའི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། སྦྱོར་བའི་ལམ་མི་ཤེས་པའི་རྣམ་པར་རྟོག་པ་ནི་གང་གཟུགས་ལ་སོགས་པ་ཞི་བ་དང་། རག་ལས་པ་དང་། གསོག་དང་། སྙིང་པོ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད ་པར་བྱ་བ་ཉིད། སྦྱོར་བའི་བདག་ཉིད་ཇི་ལྟ་བ་བཞིན་དུ་ཤེས་པར་བྱ་བའི་ཕྱིར་ཞེས་བསྟན་པ་ཡིན་ནོ།། དེ་ལ་དངོས་པོ་རྣམས་འགོག་པས་ན་ཞི་བའོ།། རྐྱེན་གྱི་དབང་གིས་ན་རག་ལས་པའོ།། རང་བཞིན་སྟོང་པ་ཉིད་ཡིན་པས་ན་གསོག ་གོ། རྣམ་པར་དཔྱོད་མི་བཟོད་པས་ན་སྙིང་པོ་མེད་པའོ།། མཐོང་བའི་ལམ་མི་ཤེས་པའི་རྣམ་པ་རྟོག་པ་ནི་གང་ནམ་མཁའ་སྟོང་པ་ཉིད་མངོན་པར་བསྒྲུབས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲིབ་པར་བྱ་བ་ཉིད་ཀྱིས་མཐོང ་བའི་ལམ་གྱི་བདག་ཉིད་ཇི་ལྟ་བུ་བཞིན་དུ་ཤེས་པར་བྱ་བའི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། སྒོམ་པའི་ལམ་མི་ཤེས་པའི་རྣམ་པར་རྟོག་པ་ནི་གང་ནམ་མཁའ་སྟོང་པ་ཉིད་དུ་བསྒོམས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་ཉིད་དང་། སྒོམ་པའི་ལམ་གྱི་ཇི་ལྟ་བ་བཞིན་དུ་ཤེས་པར་བྱ་བའི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། ཡང་ནམ་མཁའ་ཞེས་སྨོས་པ་ནི་སྒོམ་པའི་ལམ་ནི་མཐོང་བའི་ལམ་ལས་དངོས་པོ་ཐ་མི་དད་པར་ཤེས་པར་བྱ་བའི ་ཕྱིར་རོ།། དེ་ལ་ནམ་མཁའ་སྟོང་པ་ཉིད་མངོན་པར་བསྒྲུབ་བོ་ཞེས་བྱ་བའི་ནི་ནམ་མཁའ་ཞེས་སྨོས་པས་ནི་གཅིག་ཡིན་ནོ།། ནམོ་མཁའ་སྟོང་པ་ཉིད་བསྒོམ་པ་ཞེས་བྱ་བ་ནི་གཉིས་པ་ཡིན་ནོ།། ད་ནི་སྒོམ་པའི་ལམ་གྱི་མི ་མཐུན་པའི་ཕྱོགས་ཀྱི་རྣམ་པ་གཉིས་བརྗོད་པར་བྱ་སྟེ། དེའི་ཕྱིར། གཉིས་བྱ་སེམས་དང་སེམས་བྱུང་རྣམས།། འཇུག་པའི་ཡུལ་ཅན་ཡིན་བཞེད་དེ།། ཞེས་བསྟན་པ་ཡིན་ནོ།། དེ་ཡང་གང་ཞེ་ན། སེམས་མི་སྐྱེ་དང ་བྱང་ཆུབ་ཀྱི།། སྙིང་པོ་ཡིད་ལ་མི་བྱེད་དང་།། ཐེག་པ་དམན་པ་ཡིད་བྱེད་དང་། རྫོགས་པའི་བྱང་ཆུབ་ཡིད་མི་བྱེད།། སྒོམ་དང་སྒོམ་པ་མྱེད་པ་དང་། དེ་དག་ལས་ནི་བཟློག་ཉིད་དང་།། ཇི་བཞིན་དོན་མིན་རྣམ་རྟོག་པ།། སྒོམ ་པོའི་ལོམ་ལ་ཤེས་པར་བྱ།། ཞེས་བསྟན་པ་ཡིན་ནོ།། དེ་ལ་བྱང་ཆུབ་ཀྱི་སེམས་མི་སྐྱེ་བོའི་རྣམ་པར་རྟོག་པ་ནི་གང་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་གཟུང་སྟེ། ཞེས་བསྟན་པ་ཡིན་ནོ།། བྱང་ཆུབ་ཀྱི་སྙིང་པོ ་ཡིད་ལ་མི་བྱེད་པའི་རྣམ་པར་རྟོག་པ་ནི་གང་བྱང་ཆུབ་ཀྱི་སྙིང་པོ་ཡིད་ལ་མི་བྱེད་དོ།། ཞེས་བསྟན་པ་ཡིན་ནོ།། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་ཡིད་ལ་མི་བྱེད་པའི་རྣམ་པར་རྟོག་པ་ནི། གང་ཐེག ་བུ་གཞན་གྱི་ཡིད་ལ་བྱེད་པ་གོ་སྐབས་མེད་པའི་ཕྱིར་རོ།། ཞེས་བསྟན་པོ་ཡིན་ནོ།། ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིད་ལ་མི་བྱེད་པའི་རྣམ་པར་རྟོག་པ་ནི་གང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱ་བ་མི་འདོར་བས་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱ་བ་ཉིད་དང་། སེམས་དང་སེམས་ལས་བྱུང་བའི་ཆོས་མི་རྒྱུ་བ་དེ་ལྟར་སྤྱོད་པ་དང་། དེ་ལྟར་མངོན་པར་བསྒྲུབ་པར་གསུངས་པ་དང་། དེའི་སྤྱོད་པོ་དང་། མངོན་པར་བསྒྲུབ་པ་དང་། བསྒོམས ་བས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་བཀག་པ་དང་། ཐེག་པ་ཆེན་པོ་སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པ་ཡིན་པར་ཤེས་པ་རུ་བྱ་བའི་ཕྱིར་རོ།། ཞེས་བསྟན་བ་ཡིན་ནོ།། སྒོམ་པའི་རྣམ་པར་རྟོག་པ་ནི་དེ་ལྟར ་བསྒོམས་པ་ཉིད་ཀྱིས། དེ་ནི་རྒྱུན་ཆགས་པ་ཉིད་དུ་ཡིན་པའི་ཕྱིར་རོ།། འདོད་པའི་དོན་ཡིན་པར་མི་འཐད་པ་ཤེས་པར་བྱ་བའི་ཕྱིར་རོ།། ཞེས་བསྟོན་པ་ཡིན་ནོ།། སྒོམ་པ་མེད་པའི་རྣམ་པར་རྟོག་པ་ནི་གང་དེ་ལྟར་བསྒོམས ་པ་ཉིད་ཀྱིས་མི་སློབ་པའི་དུས་སུ་དོར་བའི་སྦྱོར་བ་ཤེས་པར་བྱ་བའི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། སྒོམ་པ་ཡང་མེད། སྒོམ་པ་མ་ཡིན་པ་ཡང་མེད་པའི་རྣམ་པར་རྟོག་པ་ནི་གང་བསྒོམས་པས་ཀྱང་མ་ཡིན། མ ་བསྒོམས་པས་ཀྱང་མ་ཡིན་པའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པས་བར་དུ་ཆོད་པ་དང་། མཆོད་པ་འདྲེན་མེར་བསྒོམས་པས་དེའི་རྒྱུ་ཉིད་མ་ཡིན་པར་ཤེས་པར་བྱ་བའི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། དོན་ཇི་ལྟ ་བ་བཞིན་མ་ཡིན་པའི་རྣམ་པར་རྟོག་པ་ནི། གང་ཞིག་མྱ་ངན་ལས་འདས་པ་ཡང་གཞན་ལ། ཐོབ་པ་ཡང་གཞན་པར་སེམས་པའི་དབང་དུ་མཛད་པ་ནི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར ་འགྱུར། ཞེས་བྱ་བ་ལ་སོགས་པའོ།། ཞེས་བསྟན་པ་ཡིན་ནོ།། ད་ནི་སྒོམ་པའི་ལམ་གྱི་མི་མཐུན་ཕྱོགས་འཛིན་པའི་རྣམ་པར་བཤད་པར་བྱའོ།། དེ་ལ་རེ་ཞིག་སེམས་ཅན་བཏགས་པའི་སྤྱོད་ཡུལ་དང་།། ཆོས་བཏགས་པ་དང ་སྟོང་མིན་ཉིད།། ཆགས་དང་རབ་འབྱེད་བདག་ཉིད་དང་།། དངོས་པོར་བྱེད་དང་ཐེག་གསུམ་དང་།། ཡོན་ནི་དག་པ་མ་ཡིན་དང་།། སྤྱོད་པ་རྣམ་པར་འཁྲུགས་པ་ལ།། འཛིན་པར་བྱེད་པ་དང་པོ་ནི།། ཤེས་པར་བྱ་བ་ཉིད་དང་ནི།། ཞེས་བསྟན ་པ་ལ་དེ་ལ་སེམས་ཅན་དུ་བརྟགས་པའི་རྣམ་པར་རྟོག་པ་ནི་གང་སེམས་ཅན་ལ་སོགས་པ་མི་དམིགས་པ་ཉིད་ཀྱི་ཕྱིར། སེམས་ཅན་གྱི་ཁམས་སུ་གཏོགས་པ་བཀག་པའི་ཕྱིར་ཡིན་ནོ།། དེ་ལྟ་ཡིན་ན་སེམས་ཅན་དམྱལ་བ་ནས ་བརྩམས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་དུ་བཏགས་པ་མེད་པར་ཐལ་བར་འགྱུར་རོ་ཞེ་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། སེམས་ཅན་དུ་གདགས་པ་དམིགས་སུ་ཡོང་དམ། ཞེས་བྱ་བའི་བར་གྱིས་ནི་སེམས ་ནན་དུ་བབགས་པ་ནི་དངོས་པོ་མེད་པར་ཤེས་པར་བྱ་བའི་ཕྱིར་རོ།། ནས་ནུ་པ་ཡིན་ནོ།། ཆོས་སུ་གཀྲུས་པའི་རྣམ་པར་རྟག་པ་ནི་གང་། ཆོས་སུ་གགས་པ་ལ་སློབ་པ་ནི་རྣམ་པ་ཐམས་ཅད་མཁྱུད ་ཉིད་ཐོབ་པ་བརྗོད་པའི་ཕྱིར། བཅོམ་ལྡན་འདས་འོ་ན་བྱང་ནཏུ་སེམས་པ་ར་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། གཟུགས་ལ་བསྒྲུབ་པར་བགྱི་འམ་ཞེས་བྱ་བས་ཉེ་བར་དམིགས་པ་ལ་བསྒྲུབ་པ་ཐམས ་བཀག་པས་སོ།། ཞེསོ་བསྟན་པ་ཡིན་ནོ།། སྟོང་པ་ཉིད་མ་ཡིན་པའི་རྣམ་པར་རྟོག་པ་ནི་གླང་གཟུགས་ནས། རྣམ་པ་ཐམས་ཅད་མ་ཁྱེན་པ་ཉིད་ཀྵེ་བར་དུ་ཟླ་བ་དང་། བསྣུན་པ་མེད་པར་བསྒྲུབ་པར་གསུངས་བྱའོ་ཕྱིར། ཆོས ་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ཉིད་དུ་མཐོང་བས། དེ་སློབ་པ་ཉིད་ཀྱིས་རང་གི་མཚན་ཉིད་སྟོང་པ་ཉིད་ཡིན་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མེད་པའི་ཐལ་བར་འགྱུར་བས། རབ་འབྱོར་སྤྱོད་པ་མིང་བ་ནི་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ།། ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་བསྒོམ་པ་དེའི་ཚེ། མི་དམིགས་པའི་ཚུལ་གྱིས་བསྒོམ་པར་བྱའོ།། ཞེས་བྱ་བའི་ལན་མི་བར་གྱིས ་གཉིས་སུ་མེད་པ་དག་དམིགས་པ་དང་། མི་དམིགས་པ་ཉིད་དུའོ།། ཞེས་བསྟན་པ་ཡིན་ནོ།། ཆགས་པའི་རྣམ་པར་རྟོག་པ་ནི་གང་དམིགས་པ་དང་། མི་དམིགས་པ་དག་ལ་ཚོགས་པ་བཀོག་པས། དེ་ལྟར་ནི་ནས་པ་གཞན ་དུ་མོ་ནང་དེ་འི་ས་རྫོགས་པདྨ་སྒྱུ་ང་མ་། ད་མགས་པ་ལྷ་གནསྨན་དུ་ཡོ་ས་སུ་རྨུགས་པར་མཱནས་ན་ཅུ་ཅན་དདྷཱ་བྱུ་། ཤཱས་ཅྡོཾས་སྨྱོན་པ་ཡང་དམགས་སུས་རྒྱས་གང་གསུལ་བ་ན་རྒྱ། ་འབང་བས་སོ་ཞེས་བསྟན་པ་ཡིན་ནོ།། ཆོས་རབ་ཏུ་རྣམ་པར་འབྱེང་བའི་རྣམ་པ་སྩོག་པ་ནི་གླང་དེ་ལྟར་ཆོས་རབ་རློམ་པརབརྙེསྐྱེད་པ་མེད་པས། ཛཱ་ལྟར་ཉེ་བར་དམིགས་པ་མེད་པ་དེ་ལྟར་ཆོས་རྣམ་པ་བྷ་ཕྱུང་བར་མི་སྦྱོང ་དོད་ཞེས་མི་དམིགས་པ་རབ་ཏུ་རྣམ་པར་འབྱེད་པ་ཡིན་པར་གནང་ངོ་།། ཞེས་བསྟན་པ་ཡིན་ནོ།། དངོས་པོའི་ཚང་དུ་བྱ་བ་བྱེད་པའི་རྣམ་པར་རྟོག་པ་ནི་གང་དེ་ཡིན་ན་སངས་རྒྱས་ཀྱི་མཛད་པ་མཐའ་རིག་མཛད་པར་མ་རིགས་པས་སྨོད ་པ་དེ་ནི་སུ་ཡང་བྱེང་པར་མི་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་ཐམས་ཅད་ནི་མ་བྱས་པ་ཏེ། མངོན་པར་མ་བྱས་པའི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། ཐེག་པ་གསུམ་གྱི་ངེས་པར་འབྱུང་བའི་རྣམ་པར་རྟོག་པ་ནི་གང་དེ་ལྟ ་ཡིན་ན་ཐེག་པ་གསུམ་དུ། རྣམ་པར་བཞག་པ་མེད་པར་འགྱུར་བ་དང་། གཟུགས་ལ་མངོན་པར་ཞེན་ནས་དེ་རྣམ་ས་ལ་རློམ་སེམས་དང་ལྡན་པའི་ཐེག་པ་གསུམ་དུ་རྣམ་པར་བཞག་པར་འགྱུར་བ་དང་། དེ་ཅིའི་ཕྱིར་ཞེ་ན། ཆོས ་ཐམས་ཅད་ནི་སངས་རྒྱས་ཀྱི་སྤྱན་ལྔས་ཀྱང་མ་གཟིགས་པ་དང་། དེ་ལྟ་ན་ནི་བཅོམ་ལྡན་འདས་སེམས་ཅན་གྱི་ཕུང་པོ་གསུམ་དུ་ལུང་སྟོན་པར་མཛད་པ་མེད་པ་དང་། རྫས་མ་ཡིན་པ་ལ་རྫས་སུ་འདུ་ཤེས་པ་དེ་བཟློག་པར ་བྱེད་པའི་དོན་དང་། དེ་ལྟར་བསྟན་པས་དོན་དམ་པའམ། དེ་ལས་བཟློག་པ་ལ་ཞུགས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བཀག་པ་དང་། དེ་བཞིན་གཤེགས་པའི་སྤྲུལ་པའི་དཔེས་འདུས ་བྱས་དང་། འདུས་མ་བྱས་ལ་གནས་པ་བཀག་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཛད་པ་མཐའ་དག་མཛད་པར་གསུངས་པ་དང་། དེ་ལྟ་ན་ནི་དེ་བཞིན་གཤེགས་པ་དང་། སྤྲུལ་པ་ལྔ་ཁྱད་པར་མེད་པར་ཐལ ་བོར་འགྱུར་བས་བྱེད་པ་པོའི་སྤྲུལ་པ་དང་བཅས་པའི་དགོངས་པ་ཤེས་པར་བྱ་བའི་དོན་དང་། དེ་གཉིས་ཀའི་དོན་བྱེད་པའི་ཁྱད་པར་བྱེ་བྲག་མེད་པར་གསུངས་པས། དེ་བཞིན་གཤེགས་པ་བཞུགས་པའི་སྨོན་ལམ་གྱི་རྗེས་སུ་བྱེད་པས ་དེ་གཉི་གའི་ཁྱོད་པར་བརྗོད་པ་དང་། སྤྲུལ་པར་མཛད་པའི་དེ་བཞིན་གཤེགས་པ་དང་། སྤྲུལ་པའི་དཔེས་བྱུང་བ་པོའི་རྣམ་པར་རྟོག་པ་བསལ་བའི་དཔེས་ཞེས་བསྟུན་པ་ཡིན་ནོ།། ཡོན་མ་དག་པའི་རྣམ་པར་རྟོག་པ་ནི་གྲང་དེ་ལྟ ་ཡིན་ན་ཡོན་ཡོངས་སུ་དག་པ་མེད་པས། དེ་བཞིན་གཤེགས་པ་དང་སྤྲུལ་པ་དེ་དག་ཆོས་ཉི་ད་ཀྱིས་དབྱེ་བ་མེད་པའི་ཕྱིར། ཡོན་གྱི་གནས་ཁྱད་པར་དུ་འགྱུར་བ་མེད་པ་ཉིད་དང་། དེ་བཞིན་གཤེགས་པ་ལ་དམིགས་པའི་བྱམས ་པའི་སེམས་དང་། དེ་ཡིད་ལ་བྱས་ཤིང་ནམ་མཁའ་ལ་མེ་ཏོག་འཐོར་བར་བྱེད་པ་དང་། སངས་རྒྱས་ཡིད་ལ་བྱེད་པོ་དག་ཀྱང་ཡོན་ཕུལ་པོ་དེས་སྡུག་བསྔལ་གྱི་མཐར་བྱེད་པ་ཉིད་དོ།། ཞེས་བསྟན་པ་ཡིན་ནོ།། དགུ་པ་སྤྲོད་པ་རྣམ ་པར་འཁྲུགས་པའི་རྣམ་པར་རྟོག་པ་ནི་གང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཆོས་ཉིད་མི་འཁྲུག་པའི་སྤྱོད་པ་གསུངས་པ་དང་། དེ་ལྟ་ན་ནི་གཟུགས་ལ་སོགས་པའི་ཆོས་ལ་ངེས་པར་རྟོག་པས་དེ་བཞིན་གཤེགས་པའི་ཆོས་ཉིད་རྣམ་པར ་འཁྲུགས་པར་འགྱུར་བ་དང་། གཞན་དག་རྣམ་པ་མེད་པ་དེ་ལ་འཇུག་པར་བྱ་བའི་དོན་དུ་དེ་བཞིན་གཤེགས་པ་ཆོས་རྣམས་ཀྱི་མིང་དང་མཚན་མ་སྟོན་པས། ཆོས་ཉིད་འཁྲུག་པ་མེད་པའི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། རིགས་ཀྱི་བུ་འམ། ་རིགས་ཀྱི་བུ་མོ་ཞེས་བྱ་བ་ནི་སྐྱེས་པ་དང་། བུད་མེད་སྨོས་པས་ཟ་མ་དང་། མ་ནིང་དང་། འབྲས་བུ་གཏོན་པ་ལ་སོགས་པ་འམ། གཏོགས་པའི་དོན་ཡིན་ནོ།། རིགས་ཀྱི་ཁྱད་པར་སྨོས་པ་ནི་རིགས་བཞི་རྣམ་པར་དག་པ་ཤེས་པར་བྱ ་བའི་དོན་ནོ།། བུ་དང་བུ་མོ་ཞེས་སྨོས་པ་ནི་རབ་ཏུ་བྱུང་བའི་སྐྱེ་བོ་དང་། རྗེས་སུ་མཐུན་པར་སྨྲ་བ་ཤེས་པར་བྱ་བའི་དོན་ཡིན་ནོ།། རིགས་སྨོས་པས་ནི་རྒྱུད་ཕུན་སུམ་ཚོགས་པ་དམ་པའི་ཆོས་ལ་དབང་དུ་བྱ་བ་ཤེས་པར་བྱ་བའི་དོན་ནོ།། ་ཡང་བྱའམ་ཞེས་སྨོས་པ་ནི་སྐྱེས་ནསྒྲ་དང་། ལམྲ་བླངས་གཽཞན་ལ་མྱོང་བར་འགྱུར་བའི་དཔེས་ནི་སྐལ་བ་ཅན་གྱུར་པའི་ཉེས་པས་རིགས་ངན་པར་གྱུར་པ་དག་ཀྱང་འདིར་སྐལ་བུ་དང་ལྡན་པའི་ད་བང་དུ་བྱས་པར་ཤེས་པར་བྱ ་བའི་དོན་ཡིན་ནོ།། ཞེས་བསྟོན་པ་ཡིན་ནོ།། ད་ནི་འཛིན་པའི་རྣམ་པར་རྟོག་པ་གཉིས་པ་བརྗོད་པར་བྱ་བ་ཡིན་པས་དེའི་ཕྱིར། སེམས་ཅན་བཏགས་པ་དེ་ཡིའི་རྒྱུའི།། ཡུལ་ཅན་སྒོམ་པའི་ལམ་འབྲེལ་པོ།། དེ་ལ་གནོད་པ་བྱེད་པ་ཡིས ་མི་མཐུན་ཕྱོགས་རྣམས་རྣམ་པ་དགུ།། ཞེས་བསྟན་པ་ལ། གང་རབ་འབྱོར་ཐ་སྙད་དང་། མིང་དང་མཚན་མ་ལ་མངོན་པར་ཆགས་མ་ཡིན་ཏེ་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར ་བསྟན་པའི་བར་གྱིས་སོ།། ཞེས་བསྟེན་པ་ཡིན་ནོ།། ཇི་ལྟར་རྣམ་པ་དགུ་ཡིན་ཞེ་ན། དེའི་ཕྱིར། ཐམས་ཅད་མཁྱེན་ཉིད་གསུམ་དག་གི། བདག་ཉིད་ཇི་བཞིན་སྒྲིབ་རྣམ་གསུམ།། ཞི་བ་དེ་བཞིན་ཉིད་སོགས་དང་།། མཚུངས་པར་ལྡན་དང་མི ་ལྡན་དང་། མི་མཉམ་སྡུག་བསྔལ་ལ་སོགས་དང་།། ཉོན་མོངས་རྣམས་ཀྱི་རང་བཞིན་དང་།། གཉིས་སུ་མེད་ལ་ཀུན་རྨོངས་དང་།། ། རྣམ་པར་རྟོག་པ་ཐ་མར་བཞེད་།། ཅེས་བསྟན་པ་ཡིན་ནོ།། དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཀུན ་དུ་རྨོངས་པ་ནི་གང་ཅིའི་སླད་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བགྱི། ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པ་གང་དང་། རྟགས་གང་དང་། ་མཚན་མ་གང་གིས་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་པས། དེའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ།། ཞེས་བསྟན་པ་ཡིན་ནོ།། ལམ་ཤེས་པ་ཉིད་ལ་ཀུན་དུ་རྨོངས་པ་ནི་གང་། རབ་འབྱོར་ལམ་ཐམས ་ཅད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་བོས་བསྐྱེད་པར་བྱ་ཞེས་པ་ལ་སོགས་པས་སོ།། ཞེས་བསྟན་པོ་ཡིན་ནོ།། ཐམས་ཅདང་ཤེས་པ་ཉིད་ལ་ཀུན་དུ་རྨོངས་པ་ནི་གང་། རབ་འབྱོར་ཆོས་ཐམས་ཅད་ཅེས་བྱ་བ་ནི ་ནང་དང་། བྱིའི་བདག་ཉིང་ཅན་གྱི་ཆོས་འདི་ག། ཡིན་པ། དེ་དག་ཐམས་ཅད་ཉན་ཐོས་དང་། རླུང་སངས་རྒྱས་རྣམས་ཀྱིས་ཤེས་ཏེ་ས་བྱ་ལ་སོགས་པར། སྱཱ་བསྟན་པ་སྨན་ནོ།། སྒྱུས་ཕྱ་ཀུན་དུ་རྨོངས་བནྱ་གླ་ས་ལག ་ནས་བརྩམས་ཏེ། འཕགས་པའི་གང་ཟག་ཐམས་ཅད་ཀྱི་མྱ་ངན་ལས་འདས་པ་མཆོག་གི་ཕ་རོལ་ཏུ་འགྲོ་བ་ཡིན་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཡིན་ནོ།། ཞེས་བསྟན་པ་ཡིན་ནོ།། དམིགས་པ་ནི་དམིགས་པའོ།། དེ་དག་དང་ལྡན་པ ་དང་ང་མི་ལྡན་པ་ཀུན་དུ་རྨོངས་པ་ནི་གང་ཡང་དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། ཆོས་ཀྱི་དབྱིངས་འདི་ཁོངས་སུ་ཆུད་པའི་དོན་དང་། ཆོས་གང་གིས་ཀྱང་ལྡན་པ་དང་། མི་ལྡན་པ་ལ་སོགས་པའི་དོན་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པ་ཉིད་ཡིན་པའི་ཕྱྀར་རཱྀ།། ཞེས་བསྟན་པ་ཡིན་ནོ།། མི་མཉམ་པ་ཉིད་ནི་ཐུན་མོང་མ་ཡིན་པ་ཉིད་དོ།། དེ་ལ་རྨོངས་པ་ནི་གང་ཡང་ཕྱིར་རྒོལ་བ་དང་། མུ་སྟེགས་པ་དང་། བདུད་དང་། ཐེག་པ་གཞན་ཐམས་ཅད་ཀྱིས་མི་ཆོད་བྱ་དང་། མི་མཐུན ་པའི་དོན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཡིན་པའི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། སྡུག་བསྔལ་ལ་སོགས་པའི་བདེན་པ་ལ་ཀུན་དུ་རྨོངས་པ་ནི་གང་ཡང་སྡུག་བསྔལ་གྱི་དོན་ནི། སྒྲ་ཇི་བཞིན་ཤེས་པའི་དོན་ལ་སྤྱད་པར་བྱ་བ། ་ཉིད་ཀྱི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། ཉོན་མོངས་པའི་རང་བཞིན་ལ་ཀུན་དུ་རྨོངས་པ་ནི་གང་ཡང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དོན་ལ་སྤྱོང་པ་ཉིད་ཀྱི་ཕྱིར་ཏེ། དེ་ཅིའི་ཕྱིར་ཞེ་ན། འདོད་ཆག་ས་དང་། ་སྣང་དང་། གཏི་མུག་གི་དེ་བཞིན་ཉིད་ནི་གང་གི་ཡང་དོན་མི་བྱེད། དོན་མ་ཡིན་པ་ཡང་མི་བྱེད་དོ།། ཞེས་འཐད་པ་བསྟན་པ་ཡིན་ནོ།། དེ་ལྟར་ན་ཆོས་ཐམས་ཅད་ཀྱི་དོན་དང་། དོན་མ་ཡིན་པ་ལ་སྤྱོད་པ་བཀག་པ་ཡིན ་ནོནོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་གང་དོན་དུ་བྱ་བ་འམ། དོན་མེད་པར་བྱ་བ་མ་དམིགས་ཏེ། འདུས་བྱས་ཀྱི་ཆོས་རྣམས་སམ། འདུས་མ་བྱས་ཀྱི་ཆོས་གང་ཡང་མི་བྱེད་པས། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་དང་དོན་མི་བྱེད་པ་བཀག་པས། འཕགས་པ་ཐམས་ཅད་འདུས་མ་བྱས་ཀྱི་དོན་གྱིས་ན་དེའི་དོན་ནམ་མཁའ་དང་འདྲ་བའི་དཔེས་ཕན་པ་དང་། གནོད་པ་མེད་པས་དོན་དང་། དོན་མ་ཡིན་པ་གཉིས་སུ་མེད ་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་ཉིད་ཀྱི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། གཉིས་སུ་མེད་པ་ནི་གཉིས་སུ་མེད་པ་སྟེ། དོན་དམ་པའོ།། དེ་ལ་ཀུན་དུ་རྨོངས་པ་ནི་གང་གཉིས་སུ་མེད་པའི་ཆོས་ཀྱིས་གཉིས་སུ ་མེད་པའི་ཆོས་ཐོབ་པ་བཀག་པ་དང་། གཉིས་ཀྱི་ཆོས་ཤིག་གཉིས་ཀྱིས་ཆོས་ཀྱིས་ཐོབ་པ་བཀག་པ་དང་། གཉིས་དང་གཉིས་སུ་མེད་པའི་ཆོས་མི་དམིགས་པ་ན་ཐོབ་པ་ཡིན་པར་བཤད་པའི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། གང་གི་ཕྱིར ་ཇི་ལྟར་ཡིན་པའི་རྣམ་པར་རྟོག་པའི་དབྱེ་བ་རྒྱ་ཆེར་བཤད་པས་དངོས་པོ་ཐམས་ཅད་ལ་མངོན་པར་ཞེན་པ་ནི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་ཏེ། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དམིགས་སུ་མེད་པའོ།། ཞེས ་བསྟན་པ་ཡིན་ནོ།། དེ་ལྟར་བྱས་ན་དངོས་པོ་མེད་པ་ལ་དམིགས་པའི་ཡེ་ཤེས་འཐད་པ་ཡིན་ནོ།། འདིར་ལམ་དང་། མྱ་ངན་ལས་འདས་པ་མེད་པ་ཉིད་ཀྱིས་འཕགས་པའི་གང་ཟག་ཐམས་ཅད་མེད་པར་འགྱུར། ཞེས་ཞུས་པ་ལ། ཐམས་ཅད་འདུས་མ ་བྱས་ཀྱིས་རབ་ཏུ་བྱེ་བའི་ཕྱིར། འདུས་མ་བྱས་པ་ནི་འབྱུང་བ་མེད་པ་ཉིད་ཀྱིས་འཇིག་རྟེན་གྱི་མཚན་མར་བྱས་པ་ཡིན་ནོ།། ཞེས་བྱ་བ་ནི་ལན་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དོན་དམ་པའི་ཚིག་གིས་དོན་དུ་བཏགས་པ་མེད་པ་ཉིད་དོ།། ཞེས་བྱ་བ་ནི ་འཐད་པ་ཡིན་ནོ།། ཕྱི་མའི་མཐའ་ཤེས་པས་མཐའ་ཡོངས་སུ་ཆད་པ་ནི་ཞུས་པ་ཡིན་ལ། རང་གི་མཚན་ཉིད་ཀྱི་ཆོས་རྣམས་ལོ་དེའི་མཐའ་མི་ཤེས་པས་མི་ཤེས་པ་དང་ལྡན་པ་ལ་དེ་བསྟན་ཏོ།། ཞེས་བྱ་བ་ནི་ལམ་ཡིན་ནོ།། དེ་བས་ན ་དངོས་པོ་མེད་པ་ལ་དམིགས་པའི་ཡེ་ཤེས་ནི་འཐད་པ་ཡིན་ནོ།། དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སེམས་ཅན་རྣམས་ཀྱི་ཕྱིར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར ་འཇུག་པ་ལ་སེམས་ཅན་དུ་བཏགས་པ་ཡང་མི་དམིགས་ཤིང་། སེམས་ཅན་དུ་འཛིན་པ་ལས་ཡོངས་སུ་འགྲེལ་པ་ནི་དཀའ་བ་བྱེད་པའོ།། ཞེས་བྱ་བ་ལ་སོགས་པའོ།། ཞེས་བསྟན་པ་ཡིན་ནོ།། ཡམས་ནང་འདི་རྣམས་ཟད་ནས་ནི། ཡུན་རིང་ལོན ་ནས་དབུགས་བྱིན་ལྟར།། རྣམ་པ་ཀུན་དུ་འགྲོ་བ་ཡི། བདེ་བསྒྲུབ་ཡོན་ཏན་ཕུན་ཚོགས་ཀུན། རྒྱ་མཚོ་ཆེ་ལ་ཆུ་བོ་བཞིན། འབྲས་བུ་མཆོག་གིས་སྤོང་བ་ཡི།། སེམས་དཔའ་ཆེན་པོ་དེ་ལ་ནི། རྣམ་པ་ཀུན་དུ་རྟེན་པར་བྱེད་ཅེས་བྱ་བ་ནི་གང ་ལྗང་བུའི་སྡོང་བུ་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུ་ཕུན་སུམ་ཚོགས་པའི་དཔེས་བྱང་ཆུབ་སེམས་དཔའ་བསོད་ནམས་ཀྱི་ཞིང་ཉིད་ཡིན་པའི་ཕྱིར། འགྲོ་བ་མ་ལུས་པའི་བདེ་བའི་ལོངས་སྤྱོད་མཆོག་མང་ཞིང་། ་སྣ་ཚོག་ས་པའི་དོན་གྱིས་ན་སྐྱེད་མོས་ཚེལ་བཟང་པོ་དང་འདྲ་བར་འབྲས་བུ་མཆོག་གིས་སྤང་ཞིང་མཛེས་པ་དེ་ལྟ་བུ་ནི་དེ་བཞིན་གཤེགས་པ་ཉིད་དུ་བཟུང་བར་བྱ་བ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལས་རྣམ་པ ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་ཐོབ་པའི་འཐད་པ་དང་། དེ་ལྟར་དེ་བཞིན་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་དང་། དབང་པོ་ཡོངས་སུ་རྫོགས་པ་དང་། ལས་རང་གིས་བྱས་པ་དང་། སྨོན་པའི་ཡེ་ཤེས་དང་། དུས་ཀྱི ་ཡེ་ཤེས་རྣམ་པར་དག་པ་དང་། སེམས་ཅན་རྣམས་ཀྱི་དོན་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། སེམས་ཅན་ཡོངས་སུ་མྱ་ངན་ལས ་འདས་པའི་ཕན་ཡོན་ཐོབ་པའི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། འདིའི་མདོ་ནི། རབ་འབྱོར་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་ལ་ལ་ཞིག་ལྗང་བུ་བསྐྱེད་པར་འདོད་ལ། སྐྱེས་བུ་དེས་ལྗང་བུ་དེའི་རྩ་བ་མ་དམིགས། ཡལ་ག་དང་། སྡོང་བུ་དང་། ་ལོ་མ་དང་། མེ་ཏོག་དང་། འབྲས་བུ་མ་དམིགས་པར་ལྗང་བུ་ངའི་སྡོང་བུ་བསྐྱེད་དེ། དུས་དུས་སུ་ཆུས་དྲན་ཞིང་། དེའི་སྡོང་བུ་དེ་རིམ་གྱིས་ཡོལ་ག་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་ལ་སྤྱོད་པ་དེ་བཞིན་དུ། བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་སེམས་ཅན་རྣམས་ཀྱི་ཕྱིར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་འཇུག་སྟེ། དེ་དག་རིམ་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ ་པར་བྱེད་དེ། དེ་དག་ལོ་མ་དང་། མེ་ཏོག་དང་། འབྲས་བུ་ལྟར་སེམས་ཅན་ཐམས་ཅད་འཚོ་བར་འགྱུར་རོ།། དེ་ལ་ལོ་མ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་བརྟེན་ཅིང་སེམས་ཅན་རྣམས་ངན་སོང་གསུམ་ལས་ཡོངས་སུ ་སྒྲོལ་བའོ།། མེ་ཏོག་ནི་གང་ལ་རྟེན་ཅིང་རྒྱལ་རིགས་ཤི་བས་ལ་ཆེན་པོ་ལྟ་བུ་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་གྱི་ལྷ་རྣམས་སུ་སྐྱེའོ།། དེ་ལ་འབྲས་བུ་ནི་འདི་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་གང་ལ ་བརྟེན་ནས། སེམས་ཅན་རྣམས་རྒྱུན་དུ་ཞུགས་པའི་འབྲས་བུ་ནས་དགྲ་བཅོམ་པ་དང་། རང་བྱང་ཆུབ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་རག་ཏུ་གནས་སོ།། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ནི ་སེམས་ཅན་ཐམས་ཅད་ཀྱི་འབྲས་བུ་མཆོག་ཏུ་འགྱུར་བ་ཞེས་བྱ་བ་ལ་སོགས་པའོ།། ཞེས་བསྟན་པ་ཡིན་ནོ།། རྩེ་མོའི་མངོན་པར་རྟོགས་པའི་སྒོམ་པའི་ལམ་གྱི་མི་མཐུན་པའི་ཕྱོགས་ཀྱི། རྣམ་པར་རྟོག་པའི་རྣམ་པར ་འགྲེལ་པའོ།། ། སངས་རྒྱས་ཉིད་ཐོབ་པོའི་རྩེ་མོའི་དེ་མ་ཐག། བར་ཆད་མེད་པའི་ཏིང་ངེ་འཛིན་ཡིན་པས་ང་བསྟན་པའི་ཕྱིར། བར་ཆད་མེད་པའི་ཏིང་ངེ་འཛིན། སྟོང་དང་སྟོང་ཉིད་གསུམ་སྐྱེའོ།། སློབ་མའི་ཕུན ་ཚོགས་པ་དང་། བྱང་ཆུབ་སེམས་དཔའི་སྐྱོན་མེད་ལ།། བཀོད་པའི་དགེ་རྣམས་དཔེར་མཛད་ནས།། བསོད་ནམས་མང་པོ་ཉིད་ཀྱིས་ནི། སངས་རྒྱས་ཉིད་ཀྱི་བར་མེད་དེ། བར་ཆད་མེད་པའི་ཏིང་ངེ་འཛིན། ཞེས་བསྟན ་པ་ནི། གང་དེ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཉན་ཐོས་ཀྱི་ས་ལ་གནས་པར་གྱུར་པ་དང་། རང་སངས་རྒྱས་ཀྱི་ས་ལ་གནས་པར་གྱུར་པ་བས། དེ་རྣམས་ནི་བྱང་ཆུབ ་སེམས་དཔའ་ལས་བྱུང་བ་ཉིད་ཀྱིས་ན། སེམས་ཅན་ཐམས་ཅད་ལ་དམིགས་ཏེ། བླ་ནི་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི། བསོད་ནམས་མང་དུ་འཕེལ་བ་ཉིད་ཡིན་ནོ།། དེ་བཞིན་དུ་སྟོང་གསུམ་གྱི་སྟོང ་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་དཀར་པོ་རྣམ་པར་མཐོང་བའི་ས་ལ་བཀོད་པ་དང་། དེ་བཞིན་དུ་རིགས་ཀྱི་ས་དང་། དེ་བཞིན་དུ་བརྒྱད་པའི་ས་དང་། དེ་བཞིན་དུ་མཐོང་བའི་ས་དང་། དེ་བཞིན་དུ་སྲབས་པའི་ས་དང་། ་དེ་བཞིན་དུ་འདོད་ཆགས་དང་བྲལ་བའི་ས་དང་། བྱས་པ་རྟོགས་པའི་ས་དང་། རང་སངས་རྒྱས་ཀྱི་ས་དང་། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་པ་ལ་བཞག་པ་བས་བྱང་ཆུབ་སེམས་དཔའ། བྱང་ཆུབ་ལ་ཞུགས་པའི་བསོད་ནམས ་མང་དུ་སྐྱེ་བོ་ཉིད་ཀྱིས་བར་ཆད་མེད་པའི་ཏིང་ངེ་འཛིན་ནི། དེའི་རྗེས་ཐོགས་ཉིད་ལ་འཚང་རྒྱ་བ་ཉིད་ཡིན་པར་ཤེས་པར་བྱ་བའི་ཕྱིར་རོ།། ཞེས་བྱ་བ་ཡིན་ནོ།། བྱང་ཆུབ་སེམས་དཔའ་བྱང་ཆུབ་ལ་ཞུགས་པ་ནི་འབྲས་བུ་བཞིའི་གནས་ལ ་ཞུགས་པར་གྱུར་པ་ཡིན་གྱི་གནས་བརྒྱད་པ་ལ་ནི་མ་ཡིན་ནོ།། དེ་ཇི་ལྟར་ཁོང་དུ་ཆུད་པར་བྱ་ཞེ་ན། གང་གི་ཕྱིར་རྗེས་ཐོགས་ཉིད་ལ་དེ་བཞིན་གཤེགས་པའི་ཁྱད་པར་སྨོས་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་ཞུགས་པ་རྣམ་པས། དེ ་བཞིན་གཤེགས་པའི་བསོད་ནམས་ཆེས་མང་དུ་རབ་ཏུ་བསྡུད་པ་ཉིད་དོ།། ཞེས་བསྟན་པ་ཡིན་ནོ།། ཡང་ཏིང་ངེ་འཛིན་འདིའི་རྗེས་ཐོགས་ལ་དེ་མ་ཐག་པའི་རྒྱུ་ཡིན་པའི་ཕྱིར་འཚང་རྒྱ་བ་ཉིད་དོ།། གང་ཡིན་ཞེ་ན། དེ་ནི་རྣམ་པ་ཀུན་མཁྱེན་ཉིད་ཅེས་བསྟན་པ ་ནི་གང་། རབ་འབྱོར་འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱའོ།། ཞེས་བསྟན་པ་ཡིན་ནོ།། འདིའི་དམིགས་པ་དངོས་མེད་དེ། བདག་པོ་དྲན་པ་ཡིན་པར་བཞེད་།། རྣམ་པ་ཞི་བོ་ཉིད་ཅེས་བྱ་བ་ནི་གང་དེའི་དམིགས་པ་དང་། བདག་པོ་དང་། རྣམ ་པ་ལ་ལན་དུ་དམིགས་པ་ནི་དངོས་པོ་མེད་པ་ཉིད་ཡིན་པ་དང་། བདག་པོ་ནི་དྲན་པ་ཉིད་ཡིན་ནོ།། རྣམ་པ་ནི་ཞི་བ་ཉིད་ཡིན་ནོ།། ཞེས་བསྟན་པ་ཡིན་ནོ།། འགོག་པ་ཤེས་པའང་ཞི་བ་ཉིད་ཡིན་ནོ།། ཞེ་ན་མཚན་ཉིད་ནི་མཚན་ཉིད་པ་ཡིན་ཞེས་བྱ་བ་སྨོས་ཏེ། ་འདིས་ནི་འདིར་རང་བཞིན་གྱིས་ཞི་བ་ཡིན་པར་བཤད་ཀྱི་དངོས་པོ་འགོག་པའི་ཞི་བ་ནི་མ་ཡིན་ནོ།། ཞེས་བཤད་དོ།། ད་ནི་ལོག་པར་རྟོག་པ་བརྗོད་པར་བྱ་བ་ཡིན་པས། འདི་ལ་ནཱི། རབ་ཏུ་སྒྲ་རྣམས་རྒྱུད་མར་རྒོལ། ཞེས་བསྟན་པ་ལ། འདི་ལ ་ཞེས་བྱ་བ་ནི་གནས་འདི་ལའོ།། རབ་ཏུ་སྨྲ་རྣམས་ཞེས་བྱ་བ་ནི་ལོག་པར་ཞུགས་པ་རྣམས་སོ།། གཅིག་ནས་གཅིག་ཏུ་རྒྱུད་མར་སྣ་ཚོགས་པའི་རྒོལ་བའི་སྒོ་ནས་འཇུག་པའི་རྟོགས་པ་འམ། དེ་ལ་སེལ་ཙམ་དུ་སྨྲ་བ་རྒོལ་ཞིང་། ཚིག་ཏུ ་སྨྲ་བའི་ལམ་མཐར་ཐུག་པ་མེད་པས་ཤས་ཆེར་སྨྲ་བ་རྩོད་པར་བྱེད་དོ།། ཇི་ལྟ་ཞེ་ན། དེའི་ཕྱིར་བརྗོད་པ་ཡིན་ཏེ། དམིགས་པ་འབད་དང་དེ་ཡི་ནི།། ངོ་བོ་ཉིད་ངེས་བཟུང་བ་དང་།། རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་དང་།། དམ་པའི་དོན་དང ་ཀུན་རྫོབ་དང་།། སྦྱོར་དང་དཀོན་མཆོག་གསུམ་པོ་དང་།། ཐབས་དང་བཅས་པའི་རྟོགས་པ་དང་། ཕྱིན་ཅི་ལོག་ནི་ལམ་བཅས་དང་།། གཉེན་པོ་མི་མཐུན་ཕྱོགས་དག་དང་།། མཚན་ཉིད་དང་ནི་སྒོམ་པ་ལ།། སྤྲོ་བ་རྣམས་ཀྱི་ལོག་རྟོགས་པ།། རྣམ་པ ་ཀུན་མཁྱེན་ཉིད་རྟེན་ཅན།། རྣམ་པ་བཅུ་དྲུག་དག་ཏུ་བཞེད།། ཅེས་བསྟན་པ་ལ། དབྱེ་བ་བཅུ་དྲུག་ཏུ་བཞེད་ཅེས་བྱ་བའི་དོན་ནོ།། དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྟེན་པའི་དམིགས་པ་འཐད་པ་ལ་ལྡོག་པར་རྟོག་པ་ནི་གང་རྣམ་པ ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡུམ། ཤེས་པར་བྱ་བའི་ཕྱིར་དེ་ཉིད་ནིས་བརྩམས་ཏེ་འདུས་བྱས་དང་། འདུ་ས་མ་བྱས་ཀྱི་ཁམས་ཀྱང་དངོས་པོ་མེད་པ་ཉིད་དོ།། དེ་ཅིའི་ཕྱིར་ཞེ་ན། དེའི་ངོ་བོ་ཉིད་མེད་པས་དངོས་པོ་མེད་པའོ།། ཞེས་གསུངས ་ལ། གཞན་དག་དེ་ལ་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པསྤྱི་བུར་བཅོམ་ལྡན་འདས་ཅིའི་སླད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ངོ་བོ་ཉིད་མ་མཆིས་པ་ལགས། ཤེས་ཞུས་པ་གང་ཡིན་པ་ལ། བཅོམ་ལྡན་འདས་ཀྱིས་འདས་པའི་ངོ་བོ ་ཉིད་མེད་པར་བསྟན་པས། ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དོ།། ཞེས་བསྟན་པ་ཡིན་ནོ།། མི་དམིགས་པའི་ངོ་བོ་ཉིད་ལ་ལོག་པར་རྟོག་པ་ནི་གང་ཡང་དེ་རྣམས་དེ་བཞིན་ཉིད་ལ་སོགས་པའི་ངོ་བོ་ཉིད་དུ་མེད་པ་ཉིད་དང་། དེ ་ལྷ་ཡིན་ན་བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་མེད་པར་ཞུས་པ་དང་། རབ་འབྱོར་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཤེས་པ་དེ་ཉིད། བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོའི་ཐབས་ལ་མཁས་པ་སྟེ། ཞེས་བྱ་བ་དེ་ནི་ལན་ཡིན་ནོ།། ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནས་སྟོབས་དང་། མི་འཇིགས་པ་ལ་སོགས་པ་ཐོབ་ཀྱི་བར་དུ་དུས་དེ་སྲིད་དུ་བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས ་པར་བྱེད་དོ།། ངེས་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འདྲིས་པར་བྱེད་དོ།། ངས་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ཅིང་། སྐད་ཅིག་མ་གཅིག་དང་ཡང་དག་པར་ལྡན་པའི་ཤེས་རབ་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ ་པར་གྱུར་ནས། བག་ཆགས་ཀྱིས་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་མི་སྐྱོ་བར་སྤངས་པས་ཡོངས་སུ་སྤོངས་པ་ཉིད་ཀྱི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ལ་ལོག་པར་རྟོག་པ་ནི ་གང་དེ་ནས་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པ་ན། དངོས་པོ་དང་དངོས་པོ་མེད་པས་མ་ག་ཟིགས་པས། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སྤྱད་ན་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པའི་བཱ་ལ་སྤྱོད་པའི་ཚེ། ཕ་རོལ་ཏུ་ཕྱིན ་པ་ལ་སོགས་པ་དངོས་པོ་དང་། དངོས་པོ་མེད་པར་ཡིད་ལ་མི་བྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དོ།། འཕགས་པའི་གང་ཟག་ཐམས་ཅད་ཀྱིས་ཀྱང་དགོ་ས་ཤིང་ཡིད་ལ་མ་བྱས ་པ་ཉིད་ཀྱིས་ཆོས་རྣམས་ཆོས་རྣམས་ཉིད་དང་མི་འབྲལ་བའོ།། ཆོས་ཀྱིས་ཆོས་ལ་དངོས་པོ་མེད་པའི་བདག་ཉིད་དང་། ཆོས་ཀྱིས་ཆོས་ལ་དངོས་པོ་མེད་པར་ཤེས་པར་བྱ་བ་ལ་སོགས་པ་མི་བཞིའི་ཚུལ་གྱིས། འཇིག་རྟེན་གྱི ་ཀུན་རྫོབ་ཉེ་བར་བཟུང་ནས། དངོས་པོ་དངོས་པོ་མེད་ཅེས་བྱ་བར་སྟོན་པར་རྗེས་སུ་གནང་བའི་ཕྱིར་རོ།། ཞེས་རྗེས་སུ་བསྟན་པ་ཡིན་ནོ།། བདེན་པ་གཉིས་ལ་ལོག་པར་རྟོག་པ་ནི་གང་ཀུན་རྫོབ་དང་། དོན་དམ་པ་དག་གིས་དེ་བཞིན་ཉིད་མངོན ་པར་མི་ཤེས་པ་རྣམས་ཀྱི་ཕྱིར་དངོས་པོ་དང་། དངོས་པོ་མེད་པར་སྟོན་པར་མཛད་པའི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། སྦྱོར་བ་ལ་སོགས་པར་རྟོགས་པ་ནི་གང་བྱང་ཆུབ་ཀྱི་སྤྱོད་པ་ཞེས་བྱ་བ་ལ་གཟུགས་ནས་འདུས་བྱས་དང་། འདུ ་མ་བྱས་ཀྱི་ཁམས་ལ་སྤྱོད་པ་དང་། རྗེས་སུ་སྤྱོད་པ་དག་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པ་ནི་བྱང་ཆུབ་ཀྱི་སྤྱོད་པའོ།། ཞེས་བསྟན་པ་ཡིན་ནོ།། སངས་རྒྱས་དཀོན་མཆོགོ་ལ་ལོག་པོར་རྟོག་པ་ནི། གང་སངས་རྒྱས་ཞེས་བྱ ་ནི་ཡང་དག་པའི་དོན་བརྗོད་པ་ལ་འཇུག་པ་འི་རྒྱུ་ཡིན་པར་བསྟན་པ་དང་། ཡང་དག་པའི་ཆོས་ལ་མངོན་པར་རྟོགས་པ་དང་། ཡང་དག་པའི་དོན་རབ་ཏུ་རྟོགས་པ་དང་། ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་མངོན་པར་རྟོགས་པའི ་གོ་རིམ་བཞིན་དུ་ཐམས་ཅད་མཁྱེན་པ་གསུམ་གྱི་དབང་དུ་མཛད་ནས། སངས་རྒྱས་ཞེས་བརྗོད་པ་ལ་འཇུག་པའི་རྒྱུ་ཡིན་ནོ།། ཞེས་བསྟན་པ་ཡིན་ནོ།། ཆོས་དཀོན་མཆོག་ལ་ལོག་པར་རྟོག་པ་ནི་གང་བྱང་ཆུབ་ཅེས་བྱ་བའི་ཚིག་བླ ་དགས་ལུས་པ་ལ། སྟོང་པ་ཉིད་ལ་སོགས་པ་བྱང་ཆུབ་ཀྱི་ཚིག་བླ་དགས་ཉིད་ཡིན་པ་དང་། ཡང་བྱུང་ཆུབ་ནི་མིང་ཙམ་ཉིད་དང་། ཡང་མི་བྱེད་པའི་དོན་ན་བྱང་ཆུབ་ཀྱི་དོན་ཡིན་པ་ཉིད་དང་། ཡང་དེ་བཞིན་ཉིད་ལ་སོགས་པ་བྱུང་ཆུབ་ཡིན་པ་དང་། ་ཡང་མིང་དང་མཚན་མ་ཙམ་བྱང་ཆུབ་ཡིན་པ་དང་། ཡང་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ཡིན་པ། སངས་རྒྱས་རྣམས་ཀྱི་མངོན་པར་རྫོགས་པར་སངས་རྒྱས་པས་ན་བྱང་ཆུབ་ཉིད་ཀྱི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། དགེ་འདུན་དཀོན ་མཆོག་ལ་ལོག་པར་རྟོག་པ་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནང་བྱང་ཆུབ་ལ་དམིགས་པ་ཉིད་བཀག་པ་དང་། དེ་ལྟ་ཡིན་ན་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཡོངས་སུ་འཛིན་པ་མེད་ན་དེ་ཉིད་དུ་གཉིས་ཀྱིས་སྤྱོད་པ་སྤངས་པ ་དང་། དེ་ལྟ་ཡིན་ན་དགེ་བའི་རྩ་བ་རྣམ་པར་འཕེལ་བར་བྱ་བའི་དོན་དུ་གཉིངསུ་མེད་པོ་ལ་རྟེན་པ་འཕེལ་བར་བསྟན་པ་དང་། བྱང་ཆུབ་སེམས་དཔའ་གཉིས་སུ་མེད་པར་སྤྱོད་པ་ནི། དགེ་བའི་རྩ་བ་རྣམ་པར་འཕེལ་ཞིང་། མི་འཇིགས་པ་ཡིན ་པའི་ལན་གྱིས། ཕྱིར་མི་ལྡོག་པའི་དགེ་འདུན་བསྟན་པའི་དོན་དང་། སངས་རྒྱས་ལ་བསྙེན་བཀུར་བྱས་པ་དང་། གཟུངས་རབ་ཏུ་ཐོབ་པ་དང་ལྡན་པ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་མི་འབྲལ་བ་དང་། རྣམ་པ་ཐམས ་ཅད་མཁྱེན་པ་ཉིད་ཐོབ་པར་བརྗོད་པའི་ཕྱིར་རོ།། ། ཞེས་བསྟན་པ་ཡིན་ནོ།། ཐབས་ལ་མཁས་པ་ལི་ལོག་པར་རྟོག་པ་ནི། གང་དེ་ཐོབ་པའི་རྒྱུའི་ཐབས་ལ་མཁས་པ་དང་། དེ་བསྟན་པ་ནས་བརྩམས་ཏེ། དང་པོ་སེམས་བསྐྱེད་པ་ནས་ཉེ་བར ་བཟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས། སངས་རྒྱས་ལ་སོགས་པ་ལ་སྦྱིན་པ་ཡོངས་སུ་གཏོང་ཞིང་། སྦྱིན་པར་བྱ་བ་དང་། གཏོང་བ་པོ་དང་། ལེན་པ་པོ་མི་དམིགས་པ ་ཐབས་ལ་མཁས་པས། སེམས་ཅན་ཡོངས་སུ་སྐྱོབ་པ་ཉིད་དང་། དེ་བཞིན་དུ་ཚུལ་ཁྲིམས་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཐབས་ལ་མཁས་པ་བརྗོད་པར་རྒྱ་ཆེར་སྦྱར་བར་བྱའོ།། དེ་ལྟར་ཐབས་ལ་མཁས་པ་ནི། གཟུགས་ལ ་སོགས་པའི་ཆོས་ཐམས་ཅད་རང་བཞིན་མེད་པར་དེ་མིགས་པ་ཉིད་ཡིན་པའི་ཕྱིར། རྣམ་པར་སྨིན་པ་མི་མཛད་པས་བློ་མཆོག་དང་ལྡན་པ་ཉིད་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཀྱི་རང་བཞིན་ནི་མེད་པ་ཉིད་ཀྱི་ཕྱིར་རོ།། ཞེས་བསྟན ་པ་ཡིན་ནོ།། མངོན་པར་རྟོགས་པ་ལ་ལོག་པར་རྟོག་པ་ནི། གང་དངོས་པོ་མེད་པས་དངོས་པོ་མེད་པ་མངོན་པར་བྱང་ཆུབ་པར་བྱ་བར་མི་ནུས་པ་ཉིད་དང་། དངོས་པོས་དངོས་པོ་མངོན་པར་བྱང་ཆུབ་པར་མི་ནུས་པ་ཉིད་དང་། དངོས་པོས་དངོས ་པོ་བྱང་ཆུབ་པ་དང་། དེ་བཞིན་དུ་དངོས་པོ་དང་། དངོས་པོ་མེད་པ་དང་། དངོས་པོ་མེད་པས་དངོས་པོ་མེད་པ་མངོན་པར་བྱང་ཆུབ་པོ་བཀག་པ་ཡིན་ནོ།། དེ་ལྟ་ན་ནི་མངོན་པར་རྟོགས་པ་མེད་པར་ཐལ་བར་འགྱུར་བས་མུ་བཞི་ལ་གོ་བཟློག་པ ་དངོས་པོ་དང་། དངོས་པོ་མེད་པ་མཉམ་པ་ཉིད་དུ་མཐོང་བ་ནི། མངོན་པར་རྟོགས་པ་ཉིད་ཡིན་པར་དམ་བཅས་པོའི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། ཕྱིན་ཅི་ལོག་གི་ལོག་པར་རྟོག་པ་ནི། གང་གཟུགས་ལ་སོགས་པའི་ཕུང་པོ ་རྣམས་རྟག་པ་དང་། མི་རྟག་པ་དང་། བདེ་བ་དང་། སྡུག་བསྔལ་བ་དང་། བདག་དང་། བདག་མེད་པ་དང་། ཞི་བ་དང་། མ་ཞི་བ་ཉིད་དང་། མངོན་པར་ཞེན་པའི་སྤྲོས་པ་ཉིད་དང་། དེ་བཞིན་དུ་ཡོངས་སུ་ཤེས་པ་དང་། ཡོངས་སུ་མ་ཤེས་པ་ཉིད ་དུ་མངོན་པར་ཞེན་པའི་སྤྲོས་པ་དང་། དེ་བཞིན་དུ་སྐྱེ་མཆེད་དང་། ཁམས་ལ་སོགས་པ་ནས། རྣམ་པར་ཐར་པའི་སྒོ་གསུམ་དུ་བསྒོམ་པ་ལ་བསྒོམ་པར་མངོན་པར་ཞེན་པ་དང་། དེ་བཞིན་དུ་རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས ་པའི་སྙོམས་པར་འཇུག་པ་དགུ་བསྒོམ་པ་ལ་མངོན་པོར་ཞེན་པ་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་ནས་བརྣམས་ཏེ། རང་སངས་རྒྱས་ཀྱི་བྱང་ཆུབ་ལས་འདའ་བའི་བར་ལ་མངོན་པར་ཞེན་པ་དང་། བྱང་ཆུབ་སེམས་དཔའ་ས་བཅུ་ཡོངས་སུ ་རྫོགས་པར་བྱ་བ་ལ་མངོན་པར་ཞེན་པ་ནས་བརྩམས་ཏེ། སྐྱོན་མེད་པར་ཞུགས་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་ཡོངས་སུ་སྨིན་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་དང་། སྟོང་པ་ཉིད་ཐམས་ཅད ་བསྒོམ་པ་དང་། སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་བསྐྱེད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པ་དང་། བག་ཆགས་ཀྱི་མཚམས་སྦྱོར་བ་འི་ཉོན་མོངས་པ་ཐམས་ཅད་སྤང ་པར་བྱ་བ་ལ་མངོན་པར་ཞེན་པ་ནི་སྤྲོས་པ་ཉིད་ཡིན་པ་ཉིད་དུ་ཤེས་པས། བྱང་ཆུབ་སེམས་དཔའི་ཇི་སྐད་དུ་བཤད་པའི་སྤྲོས་པ་དང་མི་ལྡན་པ་ཉིད་ཀྱི་ཕྱིར་ཏེ། དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་ནི་ངོ་བོ་ཉིད་ལ་སྤྲོས་པར་མི་བྱེད་ལ། དངོས་པོ ་མེད་པ་ཡང་དངོས་པོ་མེད་པ་ལ་སྤྲོས་པར་མི་བྱེད་དོ།། ཞེས་བྱ་བའི་འཐད་པས་གཟུགས་ལ་སོགས་པ་ནི། གཟུགས་ལ་སོགས་པའི་སྤྲོས་པ་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སྤྲོས་པ་མེད་པར་རྗེས་སུ་གནང་བ ་དང་། ཆོས་ཐམས་ཅད་སྤྲོས་པ་མེད་པའི་ལྟ་བར་ཞུགས་པ་ལ། རབ་འབྱོར་འདི་ལྟར་གཟུགས་ལ་ཡང་ངོ་བོ་ཉིད་མེད་དོ།། ཞེས་བྱ་བ་ནས་བརྩམས་ཏེ། ངོ་བོ་ཉིད་མེད་པ་ཉིད་ཀྱིས་ན་སྤྲོས་མེད་པར་ལྟ་བའི་རྒྱུ་ཉིད་ཡིན་པ་དང་། སྐྱོན་མེད་པར་བརྗོད་པས ་དངོས་པོ་མེད་པ་ཉིད་ཡིན་ན། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པའི་ལམ་མེད་པས། མ་སྐྱེས་པ་ལྔ་སོགས་པའི་འབྲས་བུའི་ལམ་དགྲ་བཅོམ་པའི་དཔེས། བསྟེན་པས་ལམ་ཤེས་བ་ཉིད་ལ་བྱང་ཆུབ་སེམས་དཔའི་སྐྱོན ་མེད་པར་འཇུག་པའི་འབྲས་བུ་ཐོབ་པར་བསྟན་པ་ཡིན་ལ། དེ་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་རྗེས་ཐོགས་ཉིད་ཀྱི་སྐད་ཅིག་མ་གཅིག་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བ་ཡིན་ནོ།། འདིར་མདོ་ནི་རབ་འབྱོར་འདི་ལྟ་སྟེ ་དཔེར་ན་དགྲ་བཅོམ་པ་ནི་ལམ་ཐམས་ཅད་ལ་བསླབས་ཤིང་། ཡང་དག་པའི་སྐྱོན་མེད་པར་འཇུག་སྟེ། ནམ་འབྲས་བུའི་ལམ་མ་གྲུབ་ཀྱི་བར་དུ་ཐོབ་པར་མི་བྱེད་དོ།། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ལམ ་བསྒྲུབས་ཤིང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་སྟེ། ནམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མ་ཐོབ་ཀྱི་བར་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་བྱེད་དོ།། ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། ལམ་ལ་ལོག་པར་རྟོག་པ་ནི ་གལ་ཏེ་ལམ་ཤེས་པ་ཡོངས་སུ་རྫོགས་པ་རུ་བྱས་ནས། བྱང་ཆུབ་སེམས་དཔའི་སྟོན་མ་མཆིས་པར་འཇུག་ན་བརྒྱད་པ་ལ་སོགས་པའི་ལམ་ནི་གཞན་ཡིན་པའི་ཕྱིར། ལམ་དེ་ཡོངས་སུ་རྫོགས་པར་བྱེད་པ་བྱང་ཆུབ་སེམས་དཔའ ་དེ་འབྲས་བུ་མངོན་སུམ་དུ་བྱེད་པར་འགྱུར་བས་བརྒྱད་པ་དང་། རྒྱུན་དུ་ཞུགས་པ་ལ་སོགས་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར། བྱང་ཆུབ་སེམས་དཔའ་ནི་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི། ་ཚེ་ཤེས་པ་དང་མཐོང་བ་དག་གིས་དཀར་པོ་རྣམ་པར་མཐོང་བའི་ས་ལ་སོགས་པའི་ས་བརྒྱད་པོ་ལས་ཡོངས་སུ་འདས་ནས། ལམ་གྱི་རྣམ་པར་ཤེས་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་ནས། རྣམ་པ་ཐམས ་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཐོབ་པར་བཤད་པའི་ཕྱིར་རོ།། དེ་ཅིའི་ཕྱིར་ཞེ་ན། བརྒྱད་པ་ལ་སོགས་པ་ནས་རང་སངས་རྒྱས་ཀྱི་བར་གྱི་ཤེས་པ་དང་། སྤོང་བ་དག་ནི་ཨོཾ་བྱང་ཆུབ་སེམས་དཔའ་ཆེན་པོའི་བཟོད་པའི་མཚན་ཉིད་ཡིན། ་པའི་ཕྱིར་དང་པོ་ཁོ་ནར་ཉན་ཐོས་ཀྱི་ལམ་གྱིས་དེའི་རྟོགས་པ་ཐོབ་པོ་མངོན་དུ་མི་བྱེད་པའི་དོན་གྱིས་ལམ་གྱི་རྣམ་པར་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱེད་པའི་འཐད་པས། རིམ་པ་འདིས་མངོན་པར་རྫོགས་པར་སངས་རྒྱས ་ཤིང་། འབྲས་བུ་ལྟར་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བར་འགྱུར་རོ།། ཞེས་བྱ་བ་སེམས་ཅན་ཐམས་ཅད་ལ་སྐལ་པ་ཇི་ལྟ་བ་བཞིན་དུ་འབྲས་བུ་ཉེ་བར་འཚོ་བའི་རྒྱུ་ཉིད་དུ་འགྱུར་རོ།། ཞེས་བྱ་བའི་དོན་ནོ།། ཉན་ཐོས་ལ ་སོགས་པའི་ལམ་དང་ཐ་དད་པའི་བསམ་པས་ལམ་གྱི་རྣམ་པ་ཤེས་པའི་ལམ་ལ་ཞུགས་པས། ལམ་ཐམས་ཅད་ཀྱི་རྣམ་པ་དང་། རྟགས་དང་། མཚན་མ་རྣམས་ཀྱིས་མངོན་པར་རྫོགས་པར་འཚང་རྒྱ་ཞིང་། དེ་གཞན་དག་ལ་བརྗོད་པ ་དང་། བསྟན་པ་ལ་སོགས་པ་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ལམ་ཉིད་ཡིན་པས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་གོ་བར་འགྱུར་བ་དང་། རྗེས་སུ་མཐུན་པའི་སྐད་དང་། བརྡ་བྱ་བའི་སྒྲ་ནི་སྒྲ ་བརྙན་དང་འདྲ་བར་ཤེས་པར་བྱ་བའི་དགོས་པ་བསྐྱེད་པར་བྱ་བའི་ཕྱིར། གཞན་གྱི་དོན་གྱི་ཐབས་ཕུན་སུམ་ཚོགས་པར་ཤེས་པར་བྱ་བའི་དོན་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱས་ནས། སེམས་ཅན་ཐམས་ཅད་ཀྱི་བས ་བ་ཤེས་པས་གཞན་གྱི་དོན་གྱི་སྦྱོར་བ་དོན་ཡོད་པར་བྱ་བ་ཉིད་ཤེས་པར་བྱ་བའི་དོན་དང་། དམྱལ་བ་ལ་སོགས་པའི་ངན་འགྲོ་རྣམས་ཀྱི་ལམ་དང་། དེའི་འབྲས་བུ་ཤེས་ནས་དེའི་རྒྱུ་དང་འབྲས་བུ་ལས་བཟློག་པ་ནས་བརྩམས་ཏེ། འདུ་ཤེས་མེད ་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ལམ་དང་འབྲས་བུ་ལ་སོགས་པ་ཤེས་པར་བྱ་བ་དང་། བྱང་ཆུབ་ཀྱི་ཕྱོགས་ནས་སྙིང་རྗེ་ཆེན་པོའི་བར་དུ་ཤེས་པར་བྱ་བ་ཉིད་ཀྱི་ཕྱིར། སེམས་ཅན་རྣམས་ལམ་ཇི་ལྟ་བ་བཞིན་དུ་འབྲས ་བུ་ལ་བཀོད་པའི་ཕྱིར་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ངེས་སྐྱེས་པའི་དབང་པོ་ཤེས་པོར་བྱ་བའི་ཕྱིར་ཞེས་བྱ་བའི་འཐད་པས་སོ།། ཤིན་ཏུ་ཤེས་པར་བྱས་པ་ཞེས་བྱ་བ་ནི་རིག་ཀྱི་རྣམ་པར་དབྱེ་བས། རབ་ཏུ་རྣམ་པར་ཤེས་པ ་ཉིད་ཀྱིས་ཞེས་བྱ་བའི་དོན་ནོ།། སྐྱེས་པ་སྨོས་པ་ནི་བུད་མེད་ཀྱང་དགག་པ་ཡོད་པ་མ་ཡིན་ཏེ། སྒྲ་ལས་སྐྱེས་པ་སྨོས་པར་བུད་མེད་ཀྱང་བསྡུད་པ་ཡིན་པའི་ཕྱིར་རོ།། དབང་པོ་དེ་དག་ཀྱང་དད་པ་ལ་སོགས་པ་ཡིན་ནོ།། བྱང་ཆུབ་ཀྱི་ཕྱོགས ་ཀྱི་ཆོས་དང་། བྱང་ཆུབ་པའི་ཆོས་དེ་དག་ནི་ལྡན་པ་ཡང་མ་ལགས། མི་ལྡན་པ་ཡང་མ་ལགས། གཟུགས་མ་མཆིས་པ། བསྟན་དུ་མ་མཆིས་པ། མཚན་ཉིད་གཅིག་པ་ལགས་ན་ཇི་ལྟར་བྱང་ཆུབ་འགྲུབ་པར་འགྱུར་བ་ལགས་ཞེས་ཞུས ་པ་ལ་སེམས་ཅན་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་མི་ཤེས་པ་དེ་དག་གི་དོན་དུ་འདི་སྐད་དུ། འདི་དག་བདག་གིས་བཤད་པ་ཤེས་པར་བྱ་བའི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། མི་མཐུན་པའི་ཕྱོགས་དང་། གཉེན་པོའི་ཕྱོགས་ལྔ ་ལོག་པར་རྟོག་པ་ནི་གང་རབ་འབྱོར་དེ་ནི་འདིར་གཟུགས་གང་ཡིན་པ་དང་། ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བའི་བར་གྱི་ཆོས་གང་ཡིན་པ་དེ་དག་ཐམས་ཅད་ནི། འཕགས་པའི་ཆོས་འདུལ་བ་འདི ་ལ་ནི་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་པ་ཉིད་ཀྱིས་སེམས་ཅན་རྣམས་བཟུད་པར་བྱ་བའི་དོན་དུ་འཇིག་རྟེན་གྱི་ཐ་སྙད་ཀྱིས་བརྗོད་དོ།། དེ་རྣམས་ཀྱི་བཏགས་པས་ཉན་ཐོས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཤེས་པ ་དང་། མཐོང་བ་དག་གིས་རྟོགས་པར་མི་བྱ་བ་དང་། རྟོགས་པར་བྱ་བ་ཉིད་ཀྱིས་སོ།། འདོད་ཆགས་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན་ཞེས་བྱ་བ་ནས་བརྩམས་ཏེ། ཉོན་མོངས་པ་འདུལ་བ་ལ་ནི་འཕགས་པའི་ཆོས་འདུལ ་བ་ཞེས་བྱ་བ་ཉིད་དང་། བསམ་གཏན་བཞི་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། ཞེས་བྱ་བ་ནས་བརྩམས་ཏེ། རྟོགས་པའི་ཆོས་ཐམས་ཅད་དང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡ་ང་མ་ཡིན་ནོ།། ་དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་དེ་དག་ཐམས་ཅད་ནི་གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ། འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་སྟེ། དེ་དག་ནི་གཟུགས་མེད་པ་དང་། བསྟེན་དུ་མེད་པ་ལ་སོགས་པ ་དང་། གཟུགས་མེད་པ་དང་། བསྟན་དུ་མེད་པ་ལ་སོ། གས་པ་དག་དང་ལྷན་ཅིག་ལྡན་པ་དང་བྲལ་བ་ཡང་མ་ཡིན་ནོ།། ཞེས་བྱ་བའི་འཐད་པས་སོ།། ཞེས་བསྟན་པ་ཡིན་ནོ། མཚན་ཉིད་ལ་ལོག་པར་རྟོག་པ་ནི་གང་འདིར་གཟུགས་མེད་པ། ་བསྟན་དུ་མེད་པ། ཐོགས་པ་མེད་པ། མཚན་ཉིད་མེད་པར་མཚན་ཉིད་གཅིག་པར་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ནས། ཆོས་ཐམས་ཅད་ཀྱི་མཚན་ཉིད་དམིགས་སུ་མེད་པས་ཆོས་ཐམས་ཅད་ཀྱི་མཚན་ཉིད་ལ་བསླབ་པར་བྱ་བ་ཡིན་ན་ནི ་ཉན་ཐོས་ལ་སོགས་པའི་སྐུ་ལས་འདའ་བར་བྱ་བ་མེད་པར་འགྱུར་རོ།། ཆོས་ཐམས་ཅད་མཚན་ཉིད་མེད་པ། གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པའི་མཚན་ཉིད་ཀྱིས་མཚན་ཉིད་མེད་པ་ལ་ཡང་བསླབ་པར་མི་བྱའོ།། ་དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་སྔོ་མཚན་ཉིད་མེད་པར་གྱུར་པ་དེ་ཕྱིས་མཚན་ཉིད་ཡོད་པར་འགྱུར་བ་མ་ཡིན་གྱིས་ཞེས་བྱ་བའི་འཐད་པས་མཚན་ཉིད་དང་། མཚན་ཉིད་མེད་པར་བསླབ་པ་བཀག་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དེ་བ ་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། མཚན་ཉིད་མེད་པའི་དབྱིངས་འདི་ནི་དེ་བཞིན་དུ་གནས་པའི་ཕྱིར་རོ།། ཞེས་བྱ་བའི་འཐད་པས་སོ་ཞེས་བསྟན་པ་ཡིན་ནོ།། སྒོམ་པའི་ལམ་ལ ་ལོག་པར་རྟོག་པ་ནི་གང་ཆོས་ཐམས་ཅད་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་ཡིན་ན་ནི་དེ་བསྒོམས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་མི་འཐད་པས་ཉོན་ཐོས་ལ་སོགས་པའི་སྲ་ལས་འདས་ནས། བྱང་ཆུབ་ས་མས ་དཔའི་སྐྱོན་མེད་པར་འཇུག་པ་ལ་སོགས་པ་མེད་པར་འགྱུར་ཏེ། མཚན་ཉིད་གཅིག་པ་དང་། མཚན་ཉིད་ཐ་དད་པ་གཉི་ག་བཀག་པས་དེ་ལྟར་བསྒོམ་པ་ནི་མཚན་ཉིད་མེད་པའོ།། ཞེས་བསྟན་པ་ཡིན་ནོ།། ཇི་ལྟར་ཞེ་ན། ཞེས་བྱ་བ་ནི་ཞུས་པའོ།། ་གཟུགས་རྣམ་པར་བསྒོམ་པ་བསྒོམ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཡིན་པ་དང་། དེ་བཞིན་དུ་ཚོར་བ་ལ་སོགས་པ་དང་། གཟུགས་ལ་སོགས་པ་དང་། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དང་། དེའི་འདུ་ཤེས་རེག་པ་ལ ་སོགས་དང་། དེའི་རྐྱེན་གྱིས་ཚོར་བ་ལ་སོགས་པ་དང་། ས་ལ་སོགས་པའི་ཁམས་དྲུག་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། དེའི་ཡན་ལག་མྱ་ངན་ལ་སོགས་པ་དང་། སྒྲུབ་པ་དང་། སྤང་བའི་མཚན་ཉིད་བླང་བ་དང་། དོར་བ་དང་། ་དང་པོ་ལ་སོགས་པའི་བསམ་གཏན་རྣམས་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྗེས་སུ་དྲན་པ་དྲུག་ནས་གཟུང་སྟེ། ཐབས་རྗེས་སུ་དྲན་པ ་རྣམས་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པའི་འདུ་ཤེས་དང་། བདག་དང་། སེམས་ཅན་ལ་སོགས་པའི་འདུ་ཤེས་དང་། རྟག་པ་དང་། མི་རྟག་པ་དང་། བདེ་བ་དང་། སྡུག་བསྔལ་བ་དང་། ་ཞི་བ་དང་། མ་ཞི་བའི་འདུ་ཤེས་དང་། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་དང་། བྱང་ཆུབ་ཀྱི་ཕྱོགས་རྣམས་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨྱོན་པ་མེད་པ་དང་། རྣམ་པར་ཐར་པ་བརྒྱུརྒྱད་དང་། མཐར་གྱིས་གནས་པའི ་སྙོམས་པར་འཇུག་པ་དགུ་དང་། རྟོག་པ་དང་བཅས། དཔྱོད་པ་དང་བཅས་པ་དང་། རྟོག་པ་མེད་ཅིང་དཔྱོད་པ་ཙམ་དང་། རྟོག་པ་མེད་ཅིང་དཔྱོད་པ་ཡང་མེད་པའི་ཏིང་འཛིན་དང་། འཕགས་པའི་བདེན་པ་བཞི་པོ་སྡུག་བསྔལ་བ་དང ་ཀུན་འབྱུང་བ་དང་། འགོག་པ་དང་། ལམ་དང་། ཟད་པ་དང་། མི་སྐྱེ་བ་ཤེས་པ་དང་། ཆོས་དང་། རྗེས་སུ་འགྲོ་བ་དང་། ཀུན་རྫོབ་དང་། འདྲིས་པ་དང་། སྒྲ་ཇི་བཞིན་ཤེས་པ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོ་ང་པ་ཉིད་ཐམས ་ཅད་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་དང་། སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། གཟུངས་དང་། ཏིང་ངེ་འཛིན་གྱི ་སྒོ་ཐམས་ཅད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་དང་། རང་བྱང་ཆུབ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས ་ཅད་སྤངས་པ་སྒོམ་པ་རྣམ་པར་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཉིད་ཡིན་ནོ།། སྒོམ་པ་སྨོས་པས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་མདོར་བསྡུས་པ་དང་། རྒྱས་པའི་མངོན་པར་རྟོགས་པའི་དབང་དུ ་མཛད་པའི་ཕྱིར། ཇི་སྐད་དུ་བསྟན་པའི་སྒོམ་པའི་ལམ་ཤེས་པར་བྱ་བའི་ཕྱིར་རོ།། རྣམ་པར་བསྒོམ་པ་སྨོས་པ་ནི་བསྒོམ་པའི་ལམ་གྱི་བདག་ཉིད་ཇི་ལྟ་བ་བཞིན་ཤེས་པར་བྱ་བའི་ཆེད་ཡིན་ནོ།། གཟུགས་ལ་སོགས་པ་སྤྱིའི ་མཚན་ཉིད་དང་། རང་གི་མཚན་ཉིད་ཀྱི་དབྱེ་བ་མང་པོ་སྨོས་པ་ནི་སྔར་བསྒོམ་པའི་ལམ་གྱི་ཡུལ་དུ་ཤེས་པར་བྱ་བའི་ཆེད་ཡིན་ནོ།། ཇི་ལྟར་ཞེ་ན་ཞེས་དྲིས་པ་ལ་ཇི་སྐད་དུ་བཤད་པའི་གཟུགས་ལ་སོགས་པ་དང་། རྣམ་པ་ཐོམས ་ཅད་མཁྱེན་པ་ཉིད་དེའི་མི་མཐུན་པའི་ཕྱོགས་ཀྱི་བག་ཚིགས་ལ་སོགས་པའི་སྒོམ་པ་མེད་པ་ཡིན་པས། དངོས་པོ་མེད་པ་རྒྱ་ཆེར་བསྟན་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ནི། རུབ་འབྱོར་དངོས་པོའི་འདུ་ཤེས་ཅན་ལ་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་བསྒོམ་པ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། ཇི་ལྟར་དངོས་པོ་ལ་ནི་འདི་ནི་བདག་གོ་ཞེས་བྱ་བར་མཐའ་གཉིས་ལ་ཆགས་པའི་ཕྱིར་རོ།། ཞེས་བྱ་བའི་འཐད་པས་སོ།། གཉེན་པོའི་ཕྱོགས་ཐམས་ཅད་སྒོམ་པ་མེད་པ་ལ་དངོས ་པོ་ཡོད་པ་དང་། དངོས་པོ་མེད་པོའི་མཚན་ཉིད་ཞུས་པ་ལ། གཉིས་པོ་དེ་དག་ལ་ནི་གཉིས་ཀྱི་མཚན་ཉིད་ཡིན་པར་བསྟན་པ་དང་། གཉིས་དང་གཉིས་མ་ཡིན་པ་ཞུས་པ་དང་། གཟུགས་ཀྱི་འདུ་ཤེས་ནས་འདུས་བྱས་དང་། ་འདུས་མུ་བྱས་ཀྱི་ཁམས་ཀྱི་འདུ་ཤེས་ཀྱི་བར་དུ་གོ་རིམ་བཞིན་དུ་གཉིས་དང་། གཉིས་མེད་པ་བསྟན་ནས། ཇི་ཙམ་དུ་གཉིས་པ་དེ་ཙམ་དུ་དངོས་པོའོ།། ཇི་ཙམ་དུ་དངོས་པོ་ཡོད་པ་དེ་ཙམ་དུ་འདུས་བྱས་སོ།། ཇི ་ཙམ་དུ་འདས་བྱས་པ་དེ་ཙམ་དུ་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཅན་གྱི་སྡུག་བསྔ་ལ་ལས་མི་འགྲོལ་ལོ།། གཉིས་ཀྱི་འདུ་ཤེས་ཅན་ལ་ནི་སྦྱིན་པ་ལ་སོགས་པ་རྣམ་པར་བྱང་བའི་ཆོས་ཐམས་ཅད་མེད་དོ།། གལ་ཏེ་དེ་ལྟ་ཡིན་ན ་དངོས་པོ་མེད་པའི་འདུ་ཤེས་ཅན་ལ་རྣམ་པར་བྱང་བའི་ཆོས་ཐམས་ཅད་མེད་པར་འགྱུར་བར། རབ་འབྱོར་དེ་དེ་བཞིན་ནོ།། ཇི་སྐད་སྨྲས་པ་དེ་བཞིན་ཏེ། ཞེས་ཞལ་གྱིས་བཞེས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྱང་ཆུབ་སེམས་དཔའ ་ནི་དངོས་པོ་ཐམས་ཅད་ཡོད་པ་དང་། མེད་པའི་འདུ་ཤེས་བཀག་པས། མཐུན་པའི་བཟོད་པའི་ལམ་དང་། འབྲས་བུ་བསྟན་པས་ལ་མ་དང་། དངོས་པོར་རྟོག་པ་མེད་པ་ཉིད་ཀྱི་རྣམ་གྲངས་ཀྱིས་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ ་ཉིད་ཡིན་པས། མངོན་པར་རྟོགས་པའི་ཡེ་ཤེས་དམིགས་པ་ལས་ཐ་དད་པའི་ཆོས་མེད་པ་ཤེས་པར་བྱེད་པའི་དོན་ཡིན་ནོ།། གལ་ཏེ་དེ་ལྟ་ཡིན་ན། དེ་བཞིན་གཤེགས་པ་ཆོས་ཐམས་ཅད་ལ་མངོན་པར་རྫོགས་པར་སངས་རྒྱས ་ནས། དེ་ལ་དབང་སྒྱུར་བའི་ཡུལ་བརྙེས་པ་ལ་སོགས་པ་མེད་པར་ཐལ་བར་འགྱུར་རོ།། ཞེ་ན། སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། འདོད་པ་རྣམས་ལས་དབེན། སྡིག་པ་མི ་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་དང་ལྡན་པའི་བསམ་གཏན་དང་པོ་ཉེ་བར་བསྒྲུབས་ཏེ་གནས་སོ།། ཞེས་བྱ་བ་ནས་བརྩམས་ཏེ། སེམས ་ཅན་རྣམས་ཕུང་པོ་གསུམ་དུ་ལུང་བསྟན་པར་གྱུར་ཏོ།། ཞེས་བྱ་བ་ནས་བརྩམས་ནས། ང་ཉིད་དབང་དུ་གྱུར་པས། དངོས་པོ་མེད་པའི་ངོ་བོ་ཉིད་ཐུགས་སུ་ཆུད་པའི་ཆོས་བསྟན་པ་ཡིན་ནོ།། ཇི་ལྟར་ཞེས་བྱ་བ་ནི་དྲི་ལྟ་བུའི་རྣམ་པ་ཐུག ་སུ་ཆུད་པར་ཞུས་པའོ།། རབ་འབྱོར་གལ་ཏེ་འདོད་པ་རྣམས་ལ་སོགས་པ་དངོས་པོ་ཞིག་ཡོད་དེ། ངོ་བོ་ཉིད་ཡོད་པའམ་ཞེས་བྱ་བ་ནས་བརྩམས་ཏེ། མངོན་པར་འདོད་པའི་ཐུགས་སུ་ཆུད་པ་བསྟན་པ་ཡིན་ནོ།། དེ་ལ་དངོས་པོ་ནི་གང ་གི་དངོས་པོའི་ངོ་བོ་ཉིད་ནི་བྱི་བའོ།། མོད་པ་ནི་དངོས་པོའི་རྒྱུན་ཆད་པའོ།། དེ་ལྟར་འདི་དག་ནི་རྣམ་པ་ཐམས་ཅད་མཁྱེན་པོ་ཉིད་ཀྱི་རྟེན་དུ་བྱས་ནས་རབ་ཏུ་སྨྲ་བ་རྣམས་ཀྱི་ངེས་པ་དང་བཅས་པའི་སྐབས་རྒྱས་པར་འཕྲོས་པའི ་ལོག་པར་བསྒྲུབ་པའི་གནས་ནཱི་རྣམ་པ་བཅུ་དྲུག་ཏུ་གྱུར་པ་ཡིན་ནོ།། དེ་ལྟར་བྱས་ནི་སཱ། དེའི་རྟག་ས་དང་རྣམ་འཕེལ་དང་། བརྟན་དང་སེམས་ཀུན་གནས་པ་དང་།། མཐོང་ཞེས་བྱ་དང་སྒོམ་པ་ཞེསབྱ་བའི་ལམ་ནཱི་སོ་སོ་ལ།། ་རྣམ་པར་རྟོ་ག་པ་རྣམ་བཞི་ཡི། གཉེན་པོ་རྣམ་པ་བཞི་དང་ནི། བར་ཆད་མེད་པའི་ཏིང་ངེ་འཛིན།། ལོག་པར་བསྒྲུབ་དང་བཅས་པ་ནི། རྩེ་མོའི་མངོན་པར་རྟོགས་ཤེས་བསྟན་པ་དེ་བཤད་པ་ཡིན་པར་ཤེས་པར་བྱའོ།། མངོན་པར ་རྟོགས་པའི་རྒྱུན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོ་ས་ལས། རྩེ་མོའི་མངོན་པར་རྟོགས་པའོ།། །། ད་ནི་མཐར་གྱིས་གནས་པའི་མངོན་པར་རྟོགས་པ་བརྗོད་པར་བྱ་སྟེ། གལ ་ཏེ་དེ་ལྟར་རྟོགས་པའི་ཆོས་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ན། བཅོམ་ལྡན་འདས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན་མཐར་གྱིས་སྤྱོད་པ་དང་། མཐར་གྱིས་སློབ་པ་དང་། མཐར་གྱིས་ནན་ཏན་དུ་བགྱི་བར་འཚལ་ཞེས ་ཞུས་པ་གསུངས་པ་ནི། མཐར་གྱིས་པའི་མངོན་པར་རྟོགས་པ་ཉེ་བར་དགོད་པའི་དོན་ཡིན་ནོ།། དེ་ལ་སེམས་བསྐྱེད་པ་ཤེ་ས་པར་བྱ་བའི་དོན་དུ་སྤྱོད་པ་སྨོས་སོ།། ངེས་པར་འབྱེད་པའི་ཆ་དང་མཐུན་པ། ཤེས་པར་བྱ་བའི་དོན ་དུ་ནི་སླབ་པ་སྨོས་སོ།། མཐོང་བའི་ལམ་དང་། སྒོམ་པའི་ལམ་ཤེས་པའི་དོན་དུ་ནི་ནན་ཏན་དུ་བྱ་བ་སྨོས་སོ།། མ་དོན་པར་རྟོགས་པའི་གོ་རིམ་ཤེས་པར་བྱ་བའི་ཕྱིར། གསུམ་ཆར་སྨོས་པ་ཡིན་ནོ།། རབ་འབྱོར་འདི་ལྟར་བྱང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཐོག་མར་སངས་རྒྱས་བཅོམ་ལྡན་དུ་འདས་རྣམས་དང་། ཞེས་བྱ་བ་ནས་བརྩམས་ཏེ། གལ་ཏེ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར ་རྫོགས་པར་སངས་རྒྱས་ཀྱང་རུང་བ་མ་རྒྱས་ཀྱང་རུང་སྟེ། ཆོས་ཐམས་ཅད་དངོས་པོ་མེད་པ་ཉིད་ཀྱིས་ཤེས་ངེས་པར་བཟུང་བ་ལ། སེམས་ཅན་དངོས་པོའི་འདུ་ཤེས་ཅན་ལ་སྤྱོད་པ་ཐམས་ཅད་དེ་ལས་བཟློག་པར་བྱ་བའི་ཕྱིར། ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འཇུག་ཅིང་མཐར་གྱིས་སྤྱོད་པ་ལ་སོགས་པ་བརྩོན་པར་བསྟན་པས། མངོན་པར་རྟོགས་པའི་གོ་རིམ་གྱིས་གཞན་གྱིས་དོན་བྱ་བའི་ཐབས་ཡིན་པ་བརྡར་བྱས་པའི་དངོས་པོའི་དངོས ་པོ་ཤེས་པར་བྱ་བའི་ཕྱིར་རོ།། ཞེས་བསྣུན་པ་ཡིན་ནོ།། མཐར་གྱིས་པའི་མངོན་པར་རྟོགས་པ་དེ་ཡང་རྣམ་པ་བཅུ་གསུམ་དུ་ཤེས་པར་བྱའོ།། ཇི་ལྟར་ཞེ་ན། སྦྱིན་དང་ཤེས་རབ་པར་དག་དང་།། སངས་རྒྱས་ལ་སོགས་དྲན་དང་ཆོས ་དངོས་མེད་ངོ་བོ་ཉིད་ཀྱིས་ཏེ།། མཐར་གྱིས་པ་ཡི་བྱ་བར་བཞེད་ཅེས་བསྟན་པ་ཡིན་ནོ།། དེ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མངོན་པར་རྟོགས་པ་ནི། གང་དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་སྤྱོད་པའི་ཚེ། བདག་ཀྱང་སྦྱིན ་པ་ཡོངས་སུ་གཏོང་བའི་ཚེ་ཞེས་བྱ་བ་ནས་བརྩམས་ཏེ། སྦྱིན་པ་མཐུར་གྱིས་སྤྱོད་པའི་བྱ་བ་ལ་འཇུག་པ་ཤྲཱི་པ་སོ།། ཞེས་བསྟན་པ་ཡིན་ནོ།། ཚུལ་ཁྲི་མས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གང་དེ་དག་ཀྱང་ཚུལ་ཁྲིམས་ཀྱི་ཕ ་རབ་ཏུ་ཕྱིན་པ་ནྱ། གང་བདག་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ།། ཞེས་བྱ་བ་ནས་བརྩམས་ཏེ། ཚུལ་ཁྲིམས་ཀྱིས་མཐུར་གྱིས་སྤྱོད་པ་ལ་འཇུག་པ་ལ་སོགས་པ་ལ་ཤེས་པའི་ཕྱིར་རོ།། ཞེས་བསྟན ་པ་ཡིན་ནོ།། བཟོ་དཔའི་ཕ་རོལ་ཏུ་ཕྱིན་པ་ནི་གང་བདག་ཀྱང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ།། ཞེས་བྱ་བ་ནས་བརྩམས་ཏེ། བཟོད་པས་མཐར་གྱིས་སྤྱོད་པའི་ཤེས་པ་ལ་འཇུག་པ་དང་། དེ་བཞིན་དུ་བརྩོན ་སྒྱུ་ག་ན་དུག་བྱ་། སྤྱ་རྫུ་ད་ང་ས་རྣས་ས་སྨྲན་ས་སུན་ཟླས་ས་རྣ་མྦྷ་སྨ ་སྒྱུ་དྲན་པའི་མངོན་པར་རྫོགས་པ་ནི་གང་ཡང་དེ་སེམས་དང་པོ་བསྐྱེད་པ་ཉིད་ཀྱི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བྱས། ཆོས་ཐམས་ཅད་དངོས་པ་མང་པོའོ་ཉིད་དུ་ལྷག་པ ་བཞོན་གཤེགས་པ་ལ་གཟུགས་ཀྱི་སྐུ་ལ་སོགས་པར་ཡིད་ལ་མི་བྱེད་པས། སངས་རྒྱས་རྗེས་སུ་དྲན་པ་མེད་པ་ནཱི་སངས་རྒྱས་རྗེས་སྤུ་དྲན་པཱའོ།། དཱ་ནྡི་བྷྱཱཾ་དྱཱ་ན་ན། གཟུགས་ལ་ངོ་བོ་ཉིད་མེད་པསྐྱེ་དངོས་པོ་སྲིད་པ་ཉིད་ཡིན ་ནོ། དེ་ཅིའི་ཕྱིར་ཞེ་ན། དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པ་ནི་སངས་རྒྱས་རྗེས་སུ་དྲན་པ་ཉིད་ཡིན་པ་དང་། དེ་བཞིན་དུ་རེ་རེ་ཞིང་རྒྱུའི་དྲུག་པའི་སྦྱོར་བ་གཉིས་ཡིན་ནོ།། དེ་ནི་མཚན་དང་དཔེ་བྱད་ལ་སོགས་པའི་ཡིད་ལ་མི་བྱེད ་པའི་སངས་རྒྱས་རྗེས་སུ་དྲན་པ་དང་། དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པ་ཡིད་ལ་མི་བྱེད་པས་དེ་རྗེས་སུ་དྲན་པ་དང་། དེ་བཞིམ་དུ་སྟོབས་བཅུ་ལ་སོགས་པ་ཡིད་ལ་མི་བྱེད་པོས་དེ་རྗེས་སུ་དྲན་པ་དང་། རྟེན་ཅིང ་འབྲེལ་པར་འབྱུང་བ་ཡིད་ལ་མི་བྱེད་པས། དེ་རྗེས་སུ་དྲན་པ་ཞེས་བསྟན་པའི་སངས་རྒྱས་རྗེས་སུ་དྲན་པ་རྣམ་པ་ལྔས་དེ་བཤད་པ་བྱས་པ་ཡིན་ནོ།། དེ་ལ་དང་པོས་ནི་སེམས་བསྐྱོད་པའོ།། ལྷག་མ་བོ་ཞེས་ནི་ངེས་པར་འབྱེད ་པའི་ཆ་དང་མཐུན་པ་བཞིས་ཡིན་ཏེ། དེ་ལྟར་བསླབས་ཤིང་དྲན་པ་ཉེ་བར་གཞུག་པ་ལ་སོགས་པའི་བྱང་ཆུབ་ཀྱི་ཕྱོགས་ཡོངས་སུ་རྫོགས་ཏེ། མཐོང་བའི་ལམ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཡོངས་སུ་རྫོགས ་པ་ནི་སྒོམ་པའི་ལམ་ཞེས་བྱ་སྟེ། དེ་ལྟར་དངོས་པོ་མེང་པའི་ངོ་བོ་ཉིད་ནི་ཡོད་དུ་ཟིན་ཀྱང་ཐར་པའི་སྤྱོད་པ་ལ་སོགས་པ་རབ་ཏུ་ཤེས་པ་ནི་སངས་རྒྱས་རྗེས་སུ་དྲན་པ་སྒོམ་པར་རྟོགས་པོར་བྱའོ།། དེ་བཞིན་དུ་དགེ་བ་དང་། མི་དགེ་བ ་དང་ལུང་མ་བསྟན་པ་ལ་སོགས་པའི་ཆོས་ཡིད་ལ་མི་བྱེད་པ་ནི། ཆོས་རྗེས་སུ་དྲན་པའོ།། སྐྱེ་ས་བུ་བཟུང་བཞི་དངོས་པོ་མེད་པའི་ངོ་བོ་ཉིད་དུ་རབ་ཏུ་བསྒོམས་པས་དངོས་པོ་མེད་པ་ཉིད་དུ་ཡིད་ལ་བྱེད་པས། རྗེས་སུ་དྲན་པ ་ཡིད་ལ་བྱ་བ་མེད་པ་ནི་དགེ་འདུན་རྗེས་སུ་དྲན་པའོ།། དང་པོ་སེམས་བསྐྱེད་པ་ནས་བཟུང་སྟེ། མ་རལ་པ་དང་། མ་ཞིག་པ་དང་། མ་འདྲེས་པ་དང་། སྐྱོན་མེད་པ་དང་། མ་ཉམས་པ། མཐུ་དང་ལྡན་པ། མཁས་པས་བསྔགས་བྱ། ཤིན་ཏུ ་རྟོགས་པ་ཏིང་ངེ་འཛིན་ཡོངས་སུ་སྒྲུབ་པའི་ཚུལ་ཁྲིམས་ལ་གནས་པོ་ཡིན་ཏེ། དེ་ཚུལ་ཁྲིམས་དེ་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཡིད་ལ་བྱེད་པའི་རྗེས་སུ་དྲན་པ་ཡིད་ལ་མི་བྱེད་པ་ནི། ཚུལ་ཁྲིམས་རྗེས་སུ་དྲན་པའོ།། དེ་ལ ་ཐེག་པ་གཞན་ལ་མི་རྟེན་པ་ཉི་ཀྱི་ས་ན་མ་རོལ་བའོ།། ཡང་སྲིད་པར་སྐྱེ་བ་རྣམ་པར་སྤངས་པས་རྣམ་པར་མ་ཞིག་པའོ།། སྐྱེ་བོ་ངན་པོ་དང་། ཉོན་མོངས་པ་དང་། མེ་འདྲེས་པ་ཉིད་ཀྱིས་ན་མ་འདྲེས་པའོ།། དཀར་པོའི་ཆོས་ཀྱི་ཆ ་གཅིག་ཏུ་རྣམ་པར་འཕེལ་བ་ན་སྐྱོན་མེད་པའོ།། སྐྱེ་བར་སྨོན་ལམ་མི་འདེབས་པ་ཉིད་ཀྱིས་ན་མ་ཉམས་པའོ།། ཇི་ལྟར་འགྲོ་བར་འདོད་པ་ཉིད་ཀྱིས་ན། མཐུ་དང་ལྡན་པའོ།། མཁས་པ་རྣམས་ཀྱིས་མ་སྨད་པས ་ནམཁས་པས་བསྔགས་པའོ།། དབང་པོ་རྣམས་བསུངས་པས་ན་ཤིན་ཏུ་རྟོགས་པའོ།། བསམ་གཏན་གྱི་ཡན་ལག་གི་ཚོགས་རྒྱས་པ་ཉིད་ཀྱིས་ན་ཏིང་ངེ་འཛིན་ཡོངས་སུ་བསྒྲུབས་པའོ།། ཆོས་དང་ཟང་ཟིང་གི་སྦྱིན་པ་བདག་ལ་དངོས ་པོ་མེད་པའི་ངོ་བོ་ཉིད་དུ་ཡིད་ལ་བྱེད་པས། རྗེས་སུ་དྲན་པ་ཡིད་ལ་བྱེད་པ་མེད་པ་ནི། གཏོང་བ་རྗེས་སུ་དྲན་པའོ།། འདོད་པ་ན་སྤྱོད་པའི་ལྷའི་རིས་དྲུག་ཏུ་སྐྱེས་པའི་རྒྱུན་ཏུ་ཞུགས་པ་དང་། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི ་ཕྱིར་མི་འོང་བ་དག་དང་ངོས་པོ་མེད་པའི་ངོ་བོ་ཉིད་དུ་ཡིད་ལ་བྱེད་པས་རྗེས་སུ་དྲན་པ་ཡིད་ལ་བྱེད་པ་མེད་པ་ནི་ལྷ་རྗེས་སུ་དྲན་པ་སྟེ། མཐར་གྱིས་པའི་སྤྱོད་པ་ལ་སོགས་པ་ཤེས་པས་སོ།། ཞེས་བསྟན་པ་ཡིན་ནོ།། གལ་ཏེ ་དེ་ལྟ་ཡིན་ན། མདོ་སྡེ་གཞན་ལས་ལྷའི་རིས་གཉིས་རྗེས་སུ་དྲན་པར་བྱས་ཏེ། དགའ་ལྡན་དང་། གཙང་མའོ།། ཞེས་གསུངས་པ་དེ་ཇི་ལྟར་དྲང་ཞེ་ན། དེ་ནི་མཱ་འདྲེས་པའི་གང་ཟག་ལ་དགོངས་ནས་གསུངས་པ་ཡིན་པས་ཉེས ་པ་མེད་དེ། ཆོས་རྣམས་ལ་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཤེས་པས་མཐར་གྱིས་པའི་མངོན་པར་རྟོགས་པ་ནི། དེ་ལྟར་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ ་ཀྱི་ཕྱོགས་རྣམས་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར ་པའི་སྒོ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། སྟོབས་དང་། མི་འཇིགས་པ་ལ་སོགས་པ་དང་། སྙིང་རྗེ་ཆེན་པོ་ལ་སློབ་པ་ན་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱིས་མཐར་གྱིས་སྤྱོད་པ་ལ་སོགས་པ་ཤེས་པས ་སོ་ཞེས་བསྟན་པ་ཡིན་ནོ།། ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལེགས་ན་ནི་གང་ཐམས་ཅད་མེད་པའི་ཕྱིར་གཅིག་ཏུ་ཆད་པར་སྨྲ་བར་ཐལ་བར་འགྱུར་བ་དང་། ཆོས་ཐམས་ཅང་དངོས་པོ་མེད་པའི་ངོ་བོ ་ཉིད་ལ་ཡོད་པ་འམ། མེད་པ་མི་དམིགས་པར་དེའི་ལན་གསུངས་པ་དང་། རང་ཉིད་ལ་ནེམ་ནུར་མེད་ཀྱང་མ་འོངས་པའི་འགྲོ་བ་ལ་བལྟོས་ནས་གནས་བརྟན་རབ་འབྱོར་གྱིས་ཞུས་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་ལགས་ན་ནི་སེམས ་ཅན་རྣམས་ཀྱི་དོན་གྱི་སླད་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཇུག་པ་མེད་པ་དང་། དེ་ཉིད་ཀྱིས་ཡང་དག་པར་འགྲུབ་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དམིགས་པའི་འདུ་ཤེས་ཅན་ལ་ཐོབ་པ་དང་། མངོན་པར ་རྟོགས་པ་བཀག་པ་དང་། མི་དམིགས་པ་ཉིད་ཀྱིས་ཆོས་ཀྱི་དབྱིངས་འཁྲུག་པ་མེད་པ་དང་། དེ་ཐོབ་པ་དང་། མངོན་པར་རྟོགས་པ་ཉིད་ཡིན་པ་དང་། དེ་ལྟ་ཡིན་ན་ས་བཅུ་ལ་སོགས་པ་རྣམ་པར་བཞག་པ་མེད་པ་དང་། དེ་ཉིད ་ཀྱི་ཕྱིར་མངོན་པར་འདོད་པ་ཡང་དག་པར་འགྲུབ་པ་དང་། མཱ་དམིགས་པ་ལ་སྦྱིན་པ་ལ་སོགས་པ་ཐ་དད་དུ་བྱ་བ་བཀག་པ་དང་། དེ་མི་དམིགས་པར་སྒོམ་པར་བྱེད་པའི་ཁྱད་པར་ཤེས་པས་བླ་ན་མེད་པ་ཡང་དག ་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ཉིད་ཀྱི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། དེ་དེ་ལྟར་བྱས་ནི། མཐར་གྱིས་པ། རྣམ་གསུམ་རྣམ་བཅུ་ཞེས་བསྟན་པ་དེ་འཐད་པ་དང་། བཅས་པར་ཤེས་པར་བྱའོ།། ། ་མངོན་པར་རྟོགས་པའི་རྒྱན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་ལས། མཐར་གྱིས་པའི་མངོན་པར་རྟོགས་པའི་རྣམ་པར་འགྲེལ་པའོ།། །། ད་ནི་སེམས་ཀྱི་སྐད་ཅིག་མ་གཅིག་གིས་མངོན ་པར་རྟོགས་པ་བརྗོད་པར་བྱ་སྟེ། གང་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་བསྐྱེད་པ་གཅིག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་འཛིན་པ་ལགས ་ཞེས་ཞུས་པས། སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པར་རྟོགས་པ་ཉེ་བར་བཀོད་པའི་དོན་གྱིས་སྷོ།། ཞེས་བསྟན་པ་ཡིན་ནོ།། སྐད་ཅིག་མཱ་གཅིག་གི་མངོན་པར་བྱང་ཆུབ་པ་དེ་ཡང་རྣམ་པ་བཞིར་ཤེས་པར ་བྱ་སྟེ། སྦྱིན་པ་ལ་སོགས་པ་ཟག་པ་མེད་པ་གང་ཡང་རུང་བའི་ཟག་པ་མེད་པའི་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་གིས་བསྡུས་པའི་མཚན་ཉིད་གང་ཡིན་པའི་དབང་དུ་མཛད་ནས། སྦྱིན་པ་ལ་སོགས་རེ་རེས་ཀྱང་།། ་ཟག་མེད་ཆོས་ཀུན་བསྡུས་པའི་བྷིར།། ཐུབ་པའི་སྐད་ཅིག་གཅིག་པ་ཡི།། རྟོགས་པ་འདི་ནི་ཤེས་པར་བྱ།། ཞེས་བསྟན་པས་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པའི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ནས ་དཔེ་བྱད་བཟང་པོ་བརྒྱད་བཅུའི་བོར་ཡོངས་སུ་འཛིན་པ་དང་། གཉིས་སུ་མེད་པའི་འདུ་ཤེས་ནི་སྐད་མཽ་གཅིག་གིས་མངོན་པར་རྫོགས་པའི་ཕྱིར་རོ།། དཀར་པོའི་ཆོས་ཐམས་ཅད་ཁོངས་སུ་འདུས་པ་ཉིད་ཀྱིས་ཟག་པ་མེད་པའི་ཆོས་ལ ་གནས་པ་ནི་ཅི་ཞིག་གིས་སྦྱིན་པར་བྱ་ཞེས་མཚན་མ་དེ་མི་མཐོང་བར་སྦྱིན་པ་གཏོང་བ་ནི། ཆོས་ཐམས་ཅད་དམིགས་སུ་མེད་པའི་རྣམ་པས་སྐད་ཅིག་མ་གཅིག་པའི་མངོན་པར་རྟོགས་པ་ཉིད་ཡིན་པ་དང་། དེ་ལྔ་ཡིན་ན་མཚན་མ ་མེད་པ་དང་། མངོན་པར་འདུ་ས་མུ་བྱས་པ་ལ་སོགས་པས་ནི། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཡོངས་སུ་རྫོགས་པ་མེད་པར་ཐལ་བར་འགྱུར་བ་དང་། ཁྱེད་ཀྱི་སྦྱིན་པ་དེ་ལྟར་ཕན་པ་མེད་པ། མཱི་བརྟན་པ་དེས་ཅི་ཞིག་བྱ་ཞེས ་ཟེར་ན་ཞེས་བྱ་བ་བསླུ་བ་ཡིན་དུ་ཟིན་ཀྱང་མི་དམིགས་པར་ཡོངས་སུ་བསྔོ་བ་དང་། སྦྱིན་པ་ལ་སོགས་པ་ལས་ཡོངས་སུ་ལྡོག་པར་མི་བྱེད་པ་ནི་གཞན་འཕྲུལ་དབང་བྱེད་ཀྱིས་དཔེས། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་སོགས ་པ་རྣམ་པར་བྱང་པོའི་ཕྱོགས་ཡོངས་སུ་རྫོགས་པར་གསུངས་པར་ངོར་ལན་བཏབ་པ་དང་། དེ་བཞིན་དུ་ཚུལ་ཁྲིམས་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ལོ་རྒྱ་ཆེར་མདོ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ།། འདིའི་མདོ ་ནི། རབ་འབྱོར་འདི་ལྟ་སྟེ་དཔེར་ན། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐམས་ཅད་ནི་བསམས་པ་ཙམ་གྱིས་འབྱུང་ངོ་།། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོའི་ཡོ་བྱད་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱང་བསམས་པ་ཙམ་གྱིས་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པར་འབྱུང་ངོ་།། ཞེས་བྱ་བ་ལ་སོགས་པས་སོ།། ཞེས་བསྔོན་པ་ཡིན་ནོ།། ཡང་ཇི་ལྟར་ན་ཟག་པ་མེད་པའི ་ཆོས་གཅིག་དམིགས་ནས་སྒོམ་པ་ནི་ཟག་པ་མེད་པའི་ཆོས་ཐམས་ཅད་སྡུད་པ་ཡིན་ནོ་ཞེ་ན། དོན་འདི་ལ་འཇིག་རྟེན་པའི་དཔེ་ཅུང་ཟད་ཀྱང་རེ་ཞིག་བསྟན་དགོས་སོ།། ཇི་ལྟར་སྐྱེས་བུས་ཟོ་ཆུན་བརྒྱུད།། རྡོག་ཐབས་གཅིག་གིས་བསྐྱོད་པ་ན།། ་ཐམས་ཅད་ཅིག་ཅར་འགུལ་བ་ལྟར།། སྐད་ཅིག་གཅིག་ཤེས་དེ་བཞིན་ནོ།། ། ཞེས་བསྟན་པ་ནི་སྔོན་གྱི་འཕེན་པའི་ཤུགས་ཀྱིས་ཞེས་བྱ་བ་ནི་དེའི་དགོངས་པ་ཡིན་ནོ།། རྣམ་པོར་སྨིན་པའི་ཆོས་ཉིད་གནས་སྐབས་ཀྱི་ཟག་པ་མིང ་པའི་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པའི་དབང་དུ་མཛད་ནས། གུང་ཚེ་ཆོས་དཀར་ཐམས་ཅད་ཀྱི།། རང་བཞིན་ཤེས་རབ་ཕ་རོལ་ཕྱིན།། རྣམ་སྦྱིན་ཆོས་ཉིད་གནས་སྐབས་སྐྱེས། དེ་ཚེ་སྐད་ཅིག ་གཅིག་ཡེ་ཤེས། ཤེས་བསྟན་པ་ནི་གང་རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཡང་དག་པའི་མ། ཡོངས་སུ་གྲུབ་པའི་ཆོས་གང་ཡ་དག་པར་རྗེས་སུ ་མཐོང་བ་མེད་དེ། ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པར་སྨིན་པ་ལས་བྱུང་བའི་ཕྱོགས་ཐམས་ཅད་ཆོས་ཉིད་ཀྱི་གནས་སྐབས་སུ་མཚན་མ་མེད་པའི་སྦྱོར་བ་ཡིས།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་ཕྱིར། ་སྐད་ཅིག་མ་གཅིག་མངོན་པར་རྟོགས་པ་ཉིད་ཀྱིས་ན། རྣམ་པར་སྨིན་པ་དུས་གཅིག་ཏུ་སྐྱེས་པ་དང་མི་འགལ་བར་ཤེ་ས་པར་བྱེད་པའི་ཕྱིར་ཞེས་རྒྱ་ཆེར་གསུངས་སོ།། ཞེས་བསྟན་པ་ཡིན་ནོ།། མཚན་མ་མེད་པའི་ཆོས་ཐམས ་ཅད་སྐད་ཅིག་མ་གཅིག་ལ་མངོན་པར་རྟོགས་པ་གང་ཡིན་པའི་དབ་ང་དུ་མཛད་ནས། སྦྱིན་ལ་སོགས་པའི་སྤྱོད་པ་ཡིས།། ཆོས་ཀུན་རྨི་ལམ་འདྲར་གནས་ནས།། ཆོས་རྣམས་མཚན་ཉིད་མེད་པ་ཉིད།། སྐད་ཅིག་མ་ནི ་གཅིག་གིས་རྟོགས།། ཤེས་བསྟན་པ་ནི་ཇི་སྐད་དུ་བཤད་པའི་ཕན་ཚུན་ཐ་དད་པའི་ཆོས་ཀྱི་མཚན་ཉིད་ཆོས་གཅིག་གི་ཁོངས་སུ་འདུས་པ་མི་འཐད་པས། སྐད་ཅིག་མ་གཅིག་མངོན་པར་རྟོགས་པ་མེད་པར་ཐལ་བར་འགྱུར ་ལ་རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྨི་ལམ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས་ཤིང་། སྨིན་པ་ཡོངས་སུ་གཏོང་ངོ་།། ཞེས ་བྱ་བ་ནས་བརྩམས་ཏེ། ཆོས་ཐམས་ཅད་མཚན་ཉིད་མེད་པར་ཤེས་སོ།། ཞེས་བྱ་བའི་བར་དུ་རྒྱ་ཆེར་གསུངས་པས། ཆོས་ཐམས་ཅད་མཚན་མ་མེད་པར་སྐད་ཅིག་མ་གཅིག་ལ་མངོན་པར་རྟོགས་པ་ཉིད་ཡིན་པའི་ཕྱིར་རོ།། ་རྨི་ལམ་ལྟ་བུ་ཞེས་བྱ་བ་ནི་རྨི་ལམ་གྱི་རང་བཞིན་ནོ།། མཚན་ཉིད་མེད་པ་ཞེས་བྱ་བ་ནི་དངོས་པོ་མེད་པ་སྟེ། འདི་ལྟར་ཆོས་མཐུན་པའི་དཔེ་དོན་ཡིན་ནོ།། སྦྱིན་པ་ལ་སོགས་པ་དེའི་དུས་སུ་བར་ཆད་དང་བཅས་པ་དང་། བར ་ཆུད་མེད་པར་སྟོང་པ་ཉིད་ཡིད་ལ་བྱེད་པས་ཀུན་ཏུ་སྤྱོད་པའི་ཕྱིར་ཏེ། ཆོས་བསགས་པ་ཡང་དགོས་པོར་ཤེས་པར་བསམ་པ་དང་། བཅས་པ་དང་། རྟོགས་པའི་གནས་སྐབས་སུ་ནི་ཆོས་རྣམས་རོ་གཅིག་པ་ཉིད་ཡིན་པའི་ཕྱིར་རོ།། དབྱེ་བ ་མེད་པ་ཉིད་ཀྱི་ཕྱིར་ངོ་བོ་ཉིད་ཀྱི་དོན་རྫོགས་པར་འགྱུར་རོ།། དོ་ཕུང་པོ་རྣམས་ནི་ཤིན་ཏུ་མྱ་ངན་ལས་འདས་པའོ།། བྱང་ཆུབ་ཀྱང་རྙི་ལམ་ལྟ་བུ་ཤིན་ཏུ་མྱ་ངན་ལས་འདས་པ་ཞེས་ཇི་སྐད་གསུངས་པ་ལྟ་བུ་ཡིན་པས། ཕུང་པོ་རྣམས ་དང་བྱང་ཆུབ་ནི་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ།། ཞེས་བསྟན་པ་ཡིན་ནོ།། དེ་བཞིན་དུ་རྨི་ལམ་ལ་སོགས་པའི་དཔེས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལྔ་པོ་མདོ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ།། གཉིས་སུ ་མེང་པོའི་མཚན་ཉིད་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་ལ་མངོན་པར་རྟོགས་པའི་དབང་དུ་མཛད་ནས། རྨི་ལམྦྷ་དང་ནི་དེ་མཐོང་ཉིད།། གཉིས་ཀྱི་ཚུལ་དུ་མི་མཐོང་ལྟར།། ཆོས་རྣམས་གཉིས་སུ་མེད་པ་ཡིད།། དེ་ཉིད་སྐད་ཅིག་གཅིག ་གིས་མཐོང་།། ། ཞེས་བསྟན་པ་ནི། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྨི་ལམ་མི་མཐོང་། རྨི་ལམ་མཐོང་བ་མི་མཐོང་ངོ་ཞེས་བྱ་བ་ནས་བརྩམས་ཏེ ་དེ་ནི་ཆོས་དེ་དག་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གཉིས་སུ་མེད་དེ། གཉིས་སུ་བྱར་མེད་དོ།། ཞེས་བྱ་བ་ནས་བརྩམས་ཏེ། ཆོས་ཐམས་ཅད་གཉིས་སུ་མེད་པའི་མཚན་ཉིད་ཀྱིས་སྐད་ཅིག་མ་གཅིག་ལ་མངོན་པར་རྟོགས་པ་ཉིད ་དང་། ཆོས་ཐམས་ཅད་དབྱེར་མེད་ན་མྱི་དགེ་བའི་ཆོས་བསྟན་པ་མྱེད་པར་ཐལ་བར་འགྱུར་བ་དང་། དེ་བརྗོད་པ་དེ་འཇུག་པའི་རྒྱུ་བཙལ་བའི་དོན་དང་། ཆོས་རྣམས་ཀྱི་ཆོས་ཉིད་བརྗོད་དུ་མེད་པ་ཉིད་ཀྱི་ཕྱིར་ཏེ། དེ་བཞིན་དུ་ཆོས་ཐམས ་ཅད་ཀྱི་རང་བཞིན་ལ་མཁས་པ་ནི་ཆོས་ཀྱི་སྐུར་བཏགས་པ་འབྱོར་པ་ཉིད་ཡིན་པའི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ།། ད་དེ་ལྟར་བྱས་ན། སྐད་ཅིག་མ་གཅིག་གིས་མངོན་རྫོགས་བྱང་ཆུབ་པ། མཚན་ཉིད་ཀྱིས་ནི་རྣམ་པ་བཞི།། ཞེས ་བསྟན་པ། དེ་འདས་པའི་འབྲེལ་པ་ཡིན་པ་ར་བལྟ་བར་བྱའོ།། སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པའི་དོན་ནི་འཕགས་པ་ཉན་ཐོས་ཀྱི་སྡུག་བསྔལ་ལ་སྡུག་བསྔལ་དུ་ཡིད་ལ་བྱེད་པ་དང་། ཀུན་འབྱུང་ལ་ཀུན་འབྱུང་ཞེས ་བྱ་བ་ནས། ལམ་ལ་ལམ་དུ་ཡིད་ལ་བྱེད་པའི་བར་དུ་ཟག་པ་མེད་པའི་ཡིད་ལ་བྱེད་པ་དང་། ཡང་དག་པར་ལྡན་པའི་ཆོས་རྣམས་ལ་རྣམ་པར་སྤྱད་དོ། ཞེས་བྱ་བ་ལ་སོགས་པ་གསུངས་པའི་མདོ་དང་འགལ་ལོ།། ཞེ་ནཱ། ་དེ་ནི་འཕགས་པ་ཉན་ཐོས་ཀྱི་ཡིན་པར་བཤད་པས་ཁོ་བོ་ཅག་དང་འགལ་བ་མེད་དེ། འདི་ནི་བྱང་ཆུབ་སེམས་དཔའི་མངོན་པར་རྟོགས་པ་ཡིན་ནོ།། འདིར་མཁས་པ་རྣམས་ཀྱིས་བརྗོད་པར་བྱ་བ་མང་དུ་ཡོད་མོད་ཀྱི་སྐད་ཅིག ་གཅིག་ལ་མངོན་པར་བྱང་ཆུབ་པའི་མཚན་ཉིད་དག་གིས་ཉེ་བར་སྦྱར་བའི་རྗེས་སུ་འབྲངས་ཏེ། དེ་ལྟ་བུའི་འཁོར་བ་ཐོག་མ་མེད་པ་གཅིག་ནས་གཅིག་ཏུ་བརྒྱུད་པར་གོམས་པས་རབ་ཏུ་ཞེན་ཅིང་བསགས ་པའི་ཉེ་བར་དམིགས་པ་ལ་མངོན་པར་ཞེན་པའི་དུག་གིས་ཟིན་པ་ལས་བཟློག་པ་ལ་འབད་པར་བྱ་བའི་རིགས་སོ།། མངོན་པར་རྟོགས་པའི་དོན་ཅི་ཞིག་ཡིན་ཞེ་ན། མངོན་པར་རྟོགས་པ་ཞེས་བྱ་བ་ནི་མངོན་དུ་འཕགས་པའོ།། སམ ་གྱི་སྒྲ་ནི་ངེས་པར་བརྗོད་པའོ།། ཨ་ཡི་སྒྲ་ནི་འགྲོ་བའི་དོན་ནོ།། འདི་སྐད་སྟོན་པ་ཡིན་ཏེ། མངོན་དུ་ཕྱོགས་པས་ཡང་དག་པ་ཇི་ལྟ་བ་ངེས་པར་འགྲོ་བའི་ཡེ་ཤེས་རྟོགས་པ་ནི་མངོན་པར་རྟོགས་པ་ཞེས་བྱའོ།། མངོན་པར་རྟོགས་པའི་རྒྱུན ་ཤྲཱིས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གཱི་བསྟན་བཅོས་ལས། སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པའི་རྣམ་པར་འགྲེལ་པའོ།། ། ད་ནི་ཆོས་ཀྱི་སྐུ་བརྗོད་པར་བྱ་སྟེ། དེ་ཡང་སྐུ་གསུམ་དུ་ཤེས་པར་བྱ ་ངོ་བོ་ཉིད་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུའོ།། གང་གི་ཕྱིར་ངོ་བོ་ཉིད་སྐུའི་དབང་དུ་མཛད་ནས། ཐུབ་པའི་ངོ་བོ་ཉིད་སྐུ་ནི། ཟག་པ་མེད་ཆོས་རྣམ་ཀུན་དུ། རྣམ་པར་དག་འགྱུར་གང་དག་ཡིན། དེ་དག་དེའི་རང་བཞིན། ་ནབྱེ་བསྟན་པ་ནི་ཟག་པ་མེད་པའི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་རྣམ་པར་དག་པའི་ཆོས་དབྱིངས་ཡང་དག་པའི་རང་བཞིན་ཏེ། ངོ་བོ་ཉིད་གང་ཡིན་པ་འདི་ནི་བཅོས་མ་མ་ཡིན་པའི་དོན་གྱིས་ནི། བཅོམ་ལྡན་འདས་ཀྱི་ངོ་བོ་ཉིད ་ཀྱི་སྐུ་ཡིན་པར་ཤེས་པར་བྱ་སྟེ། ངོ་བོ་ཉིད་ཅེས་བྱ་བ་ནི་བཅོས་མ་མ་ཡིན་པར་འཇིག་རྟེན་ལ་གྲགས་སོ།། འཇིག་རྟེན་ལས་འདས་པའི་ལམ་ནི་དེ་ཐོབ་པར་བྱེད་པ་པོ་ནི་མ་ཡིན་ནོ།། གང་ཡང་རྣམ་པ་ཐམས་ཅད་དུ་རྣམ་པར་དག་པའི་ངོ་བོ་ཉིད་དེ། ཆོས ་ཀྱི་སྐུ་ཟག་པ་མེད་པའི་ཆོས་རྣམས་ཀྱང་གང་ཞེ་ན། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་།། རྣམ་པར་ཐར་དང་མཐར་གྱིས་ནི།། སྙོམས་འཇུག་དགུ་ཡི་བདག་ཉིད་དང་།། ཟད་པར་བཅུ་ཡི་བདག་ཉིད་དང་།། ཟིལ་གྱིས་གནོན་པའི་སྐྱེས་མཆེད ་ནིརབ་ཏུ་དབྱེ་བ་རྣམ་བརྒྱད་དང་།། ཉོན་མོངས་མེད་དང་སྨོན་མེད་དང་། མངོན་མཁྱེན་སོ་སོ་ཡང་དག་རིག་རྣམ་པ་ཐམས་ཅད་དག་བཞི་དང་།། དབང་བཅུ་དང་ནི་སྟོབས་བཅུ་དང་།། མི་འཇིགས་པ་ནི་བཞི་དག་དང་།། བསྲུང་བ་མེད་པ་གསུམ།། ་ངག་དང་། དྲན་པོ་ཉེར་གཞག་རྣམ་གསུམ་དང་།། བསྙེལ་བ་མེད་པའི་ཆོས་ཉིད་དང་། བག་ཆགས་ཡང་དག་བཅོམ་པ་དང་།། སྐྱེ་ལ་ཐུགས་རྗེ་ཆེན་པོ་དང་།། ཐུབ་པ་ཁོ་ནའི་མ་འདྲེས་ཆོས།། བཅོ་བརྒྱད་བཤད་པ་གང་ཡིན་དང་།། རྣམ་པ ་ཐམས་ཅད་མཁྱེན་ཉིད་དང་།། ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན།། ཞེས་བསྟན་པ་ལ། གང་ཉིད་ཕྱིས་པས་ཆོས་ཀྱི་སྐུ་ལ་ཆོས་ཀྱི་ཞེས་བྱའོ།། གཞན་དུ་ན་ཆོས་རྣམས་ཀྱི་སྐུ་ནི་ཆོས་ཀྱི་སྐུའོ།། ཞེས་བྱས་ནས་ངོ་བོ་ཉིད་བཀག་པར་གྱུར་པ་དང་། སྤྱིའི ་དོན་བསགས་པ་ལ་ཡང་འགྲོ་བས་འདུས་བྱས་སུ་འགྱུར་བའི་ཉེས་པ་ཡོད་དོ།། དེ་བས་ན་སྐུ་ཞེས་བརྗོད་པ་དེ་ལ་སྔོན་གྱི་གནས་སྐབས་ཀྱི་རྗེས་སུ་འབྲངས་པའི་ཉེས་པར་གདགསོ་པ་ཡིན་པར་ཤེས་པར་བྱའོ།། དེ་ལ་བྱང་ཆུབ ་ཕྱོགས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ནི་བཤད་པ་དང་བཅས་པའི་སྐབས་རྒྱས་པར་ལམ་གྱི་ཚོགས་ལས་ཇི་སྐད་དུ་བཤད་པ་དེ་བཞིན་དུ་ཤེས་པར་བྱའོ།། ཚད་མེད་པ་ནི་བྱམས་པ་ལ་སོགས་པ་སྟེ། ་ཚད་མེད་པ་ལ་འཇུག་པ་ལས་ཇི་སྐད་དུ་བཤད་པའོ།། རྣམ་པར་ཐར་པ་བརྒྱད་ནི་གཟུགས་ཅན་གཟུགས་ལ་བལྟ་བ་འདི་ནི་དང་པོ་འོ།། ནང་དུ་གཟུགས་སུ་འདུ་ཤེས་པས། ཕྱི་རོལ་གྱི་གཟུགས་རྣམས་ལ་བལྟ་བ་འདི་ནི་གཉིས་པའོ།། ། ་སྡུག་པའི་རྣམ་པར་ཐར་པ་ལུས་ཀྱི་མངོན་སུམ་དུ་བྱས་ནས། རྫོགས་པར་བྱས་ཏེ་གནས་པ་འདི་ནི་གསུམ་པའོ།། ནམ་མཁའ་མཐའ་ཡས་པ་དང་། རྣམ་ཤེས་མཐའ་ཡོས་པ་དང་། ཅི་ཡང་མེད་པ་དང་། འདུ་ཤེས་འདུ་ཤེས་མེད ་འདུ་ཤེས་མེད་མིན་སྐྱེ་མཆེད་ཅེས་བྱ་བའི་རྣམ་པར་ཐར་པ་བཞི་དང་། འདུ་ཤེས་དང་། ཚོར་བ་འགོག་པའི་ཞེས་བྱ་བ་གཅིག་སྟེ། དེ་ལྟར་ན་བརྒྱད་དུ་འགྱུར་རོ།། དེ་ལ་ཟད་པ་དང་། ཡོངས་སུ་ཆུད་པ་དང་། ཀུན་ཏུ་བསྐོར་བས་འདིའི ་མཐའ་ཡོད་པ་མ་ཡིན་པས། ནམ་མཁའ་མཐའ་ཡས་པའི་ཕྱིར། ནམ་མཁའ་མཐའ་ཡས་པ་སྟེ། འདི་ནི་ནམ་མཁའ་རྒྱུར་བྱས་པའོ།། ནམ་མཁའ་མཐའ་ཡས་པ་དེ་ལ་བསམ་གཏན་རྟེན་པའི་དོན་གྱིས་ནི་སྐྱེ་མཆེད་ལྷ་རྣམས་ཀྱི ་གནས་དང་འདྲ་བས་ན་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དོ།། རྣམ་པར་ཤེས་པ་མཐའ་ཡས་པ་ཉིད་ནི་རྣམ་ཤེས་མཐའ་ཡོས་སྐྱེ་མཆེད་དོ།། དེ་ཡོངས་སུ་ཆད་པ་དང་། ཀུན་ཏུ་བསྐོར་བས་འདིའི་མཐའ་ཡོད་པ་མ་ཡིན་པས་རྣམ ་ཤེས་མཐའ་ཡས་སོ།། མིང་ནས་ནམ་མཁར་རྣམ་པར་ཤེས་པ་འཇུག་པ་སྟེ། སྔ་མ་བཞིན་ནོ།། འདིའི་རྣམ་པར་ཤེས་པ་མཐར་ཡས་པ་ཡིན་པས་ན་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དོ།། འདི་ལ་ཡན་ལག་ཙམ་ཡང་ལུས་པ་མེད་པས་ན་ཅི ་ཡང་མེད་པ་སྟེ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། རྣམ་པར་ཤེས་པ་དང་བྲལ་བ་ལ་དེ་སྐད་ཅེས་མིང་བཏགས་པ་ཡིན་ནོ།། བསམ་གཏན་འདི་ཡང་མེད་པ་ལ་བརྟེན་པས་ན། ཅི་ཡང་མེད་པའི་སྐྱེ་མཆེད་ཅེས་བྱ་བ་ལ་སོགས་པ་ནི།། ་སྔ་མ་བཞིན་ནོ།། རྨྱི་ཆེ་བའི་འདུ་ཤེས་ནི་མོ་ལ། ཕྲ་མོ་ནི་ཡོད་པས་ན། འདུ་ཤེས་མེད་འདུ་ཤེས་མེད་མིན་ཏེ། དེ་དང་ཡང་དག་པར་ལྡན་པའི། བསམ་གཏན་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་ནོ། འདུ་ཤེས་མེད་འདུ་ཤེས་མེད ་མིན་ཡང་ཡིན་ལ། དེ་ནི་ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པ་ཉིད་ཀྱིས། སྐྱེ་མཆེད་ཀྱང་ཡིན་པས་ན་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཅེས་བྱའོ།། འདི་དག་ཐམས་ཅད་ཀྱང་དམིགས་པ་ལས་ཡང་དག་པར་འདའ་བ་ཉིད་ཀྱིས་འཐོབ་ཀྱི།། ་ཡན་ལག་ལས་འདས་པས་ནི་མ་ཡིན་ནོ། དཔེར་ན་བསམ་གཏན་དང་པོ་ལ་སོགས་པ་དང་། ཟད་པར་ས་ལ་སོགས་པ་དམིགས་པ་གཅིག་ལ་དམིགས་པ་མ་སྤངས་པར་རྟོགས་པ་ལ་སོགས་པའི་ཡན་ལག་ལས་ཡང་དག་པར ་འདས་པར་གྱུར་པ་ཡིན་ན། འདི་རྣམས་ནི་དེ་ལྟ་མ་ཡིན་ནོ།། གང་གཟུགས་ཀྱི་མཚན་མ་ལས་འདས་པ་དང་པོའོ།། ནམ་མཁའ་ལས་འདས་པ་ནི་གཉིས་པའོ།། ནམ་མཁར་ཞུགས་པའི་རྣམ་པར་ཤེས་པ་ལས་འདས་པ་ནི་གསུམ ་པའོར་ན་མཁར་ཞུགས་པའི་རྣམ་པར་ཤེས་པ་དངོས་པོ་མེད་པ་ལས་འདས་པ་ནི་བཞི་པའོ།། དེ་ལྟར་ན་འདི་དག་ཐམས་ཅད་ཀྱང་དམིགས་པ་འདི་ལས་འདས་པ་ཉིད་ལས་ཐོབ་ཀྱི་ཡན་ལག་ལས་འདས་པས ་ནི་མ་ཡིན་ཏེ། དེ་དག་ཐམས་ཅད་ཀྱང་བཏང་སྙོམས་དང་། སེམས་རྩེ་གཅིག་པ་ཉིད་ལ་རག་ལས་པ་ཡིན་པས། དེ་དག་གི་ཡན་ལག་གཉིས་སོ།། ཇི་ལྟར་སྦོམ་པ་དང་། ཕྲ་བ་དང་། རབ་ཏུ་ཕྲ་བ་དང་། ཤིན་ཏུ་ཕྲ་བའི་དོག་པ་ལས་ཆུ་དང་། ་ཞེང་མཉམ་པའི་རས་གོས་བཞི་པོ་ལ་ཚད་ཀྱི་ཁྱད་པར་མང་དུ་ཟིན་ཀྱང་། བདེ་བའི་རིག་པ་དང་། བྲལ་བའི་ངོ་བོ་དང་། ཆེ་བ་ཉིད་ཀྱིས་སྔ་མ་ལས་ཅིག་ཤོས་དང་། ཕྱི་མ་ལས་ཕྱི་མ་ཕུལ་དུ་བྱུང་བར་གྱུར་པ་ཡིན་ནོ།། དེ་བཞིན་དུ་འདི་དག་གི་ཁྱད་པར་མེད་དུ ་ཟིན་ཀྱང་བསྒོམ་པའི་ཁྱད་པར་གྱིས་ཕྲ་བ་དང་། ཞི་བའི་ངོ་བོ་ཉེ་བར་དམིགས་པའི་ཕྱིར་སྔ་མ་ལས་ཕྱི་མ་གཅིག་ཤོས་དག་ཏུ་ཕུལ་དུ་བྱུང་བ་དང་། མཆོག་ཏུ་ཕུལ་དུ་བྱུང་བ་ཉིད་ཡིན་པར་ཤེས་པར་བྱའོ།། རྣམ་པར་ཐར་པའི་ལྷག་མ ་བཤད་པ་ནི། རྣམ་པོ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པར་ཇི་སྐད་བཤད་པོ་བཞིན་ནོ།། མཐོར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་བསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། འགོག ་པའི་སྙོམས་པར་འཇུག་པ་ཞེས་བྱའོ།། ཟད་པར་གྱི་སྐྱེ་མཆེད་བཅུ་ནི་འདི་ལྟ་སྟེ། ས་དང་། ཆུ་དང་། མེ་དང་། རླུང་དང་། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་སྟེ་ཟད་པར་བརྒྱད་དང་། ཟད་པར་རྣམ་པར་ཤེས་པ་དང ་བད་པར་ནམ་མཁའ་ཞེས་བྱའོ།། དེ་ལ་ཟད་པར་ས་ནི་རྣལ་འབྱོར་གོམས་པ་གང་ཞིག་དབང་དུ་གྱུར་པས། བསམ་གཏན་དང་ཏིང་ངེ་འཛིན་ལས་ལངས་ནས་སྒྲིབ་པ་ཅུང་ཟད་ལུས་པས་སྙོམས་པར་འཇུག་པས་ན་རྣམ་པར་རྟོགས་པ་རགས་པའི ་ཕྱིར། ཡན་ལག་ཉམ་ཆུང་བ་ཞེས་བྱ་བའི་ཉེས་པ་དེ་མཐོང་ནས། བསམ་གཏན་གཉིས་པ་ཞི་བ་ཉིད་དུ་ཡིད་ལ་བྱེད་པས་དེ་གཉིས་པ་རྟོགས་པར་བྱ་བའི་ཕྱིར། དང་པོ་ལ་འདོད་པ་མེད་པ་ཡོངས་སུ་བཟུང་ནས་བསམ་གཏན་གྱི་ཡན ་ལག་ལ་སོ་སོར་རྣམ་པར་རྟོག་པ་ན་རྣམ་པར་རྟོག་པ་ཙམ་གྱི་རགས་པ་ལམ་སྤྱོད་པ་ལ་སོགས་པ་ཞི་བ་ཉིད་དུ་ཉེ་བར་གནས་སོ།། དེའི་ཚེ་རགས་པའི་ཡན་ལག་སྤང་བར་བྱ་བའི་ཕྱིར་དང་། མཚན་མ་དེ་ཉིད་ས་ཡིན་ནོ།། ཞེས་ཡང་དང ་ཡང་དུ་ཡིད་ལ་བྱེད་པས་ཟད་པར་ས་ལ་རྣམ་པར་འཇོག་གོ།། དེ་བཞིན་དུ་ཟ་དཱི་པར་ཆུ་ལ་སོགས་པ་དགུ་པོ་ལ་ཡང་ཚུལ་དེ་ཉིད་ལྟར་བལྟ་བར་བྱའོ།། སྔར་བསྒོམ་པོ་གོམས་པ་དང་། ཆུ་བོ་དང་། རྫིང་བུ་དང་། མཚོ་ལ་སོགས ་པ་ལས་ནི་མ་བྱས་པ་ཉིད་དུ་ཟད་པར་ཆུ་འབྱུང་བ་དང་། དེ་བཞིན་དུ་ནགས་ཀྱི་མེ་འབར་བྱའི་དུ་དའི་རྩེ་མོ་ལ་སོགས་པ་ལས་ནི་ཟད་པར་མོ་འབྱུང་ངོ་།། རླུང་གྲི་ཕྱོགས་པའི་འོད་མ་དང་། ལྗོན་ཤིང་གི་ལོ་མ་ལ་སོགས་པ ་ལ་རླུང་འདི་གནས་ཏེ། འདི་རབ་ཏུ་འཇིག་པར་བྱེད་དོ།། ཞེས་པ་ལས་ནི་ཟད་པར་རླུང་འབྱུང་ངོ་།། མེ་ཏོག་དང་། ནོར་བུ་དང་། གོས་ལ་སོགས་པ་སྔོན་པོ་བཏིང་བ་ལས་ནི་ཟད་པར་སྔོན་པོའོ།། དེ་ལྟར་སར་པོ་དང་། དམར ་པོ་དང་། དཀར་པོ་ལས་ནི་ཟད་པར་སེར་པོ་ལ་སོགས་པ་དང་། ཚོན་མོ་སྟེང་དང་། དངུལ་དང་། ཟླ་བའི་དཀྱིལ་འཁོར་ལ་སོགས་པ་ལས་ནི་ཟད་པར་དཀར་པོའོ།། སྐར་ཁུང་གི་ནང་དུ་ཞུགས་པའི་ཟེར་དང་། ་ཉི་མའི་འོད་ཀྱི་ས་དང་། རྩིག་པའི་ཕྱོགས་ཀྱི་སྣང་བའི་ཚོགས་བྱུང་བ་དང་། ཤིང་གི་ལོ་མའི་ཚོགས་ཀྱི་བསྲེབ་ནས་བྱུང་བའི་སྣང་བ་དང་། རླུང་གིས་བསྐྱོད་པའི་ཟླ་བའི་འོད་ཟེར་ལྟ་བ་ལས་ནི་ཟད་པར་རྣམ་པར་ཤེས་པའོ།། སྐར ་ཁུང་གི་ནང་གི་བུ་ག་དང་། རྩིག་ཁུང་དང་། ཁུང་བུ་ལ་སོགས་པ་ལས་ནི་ཟད་པར་ནམ་མཁའ་སྐྱེ་བར་འགྱུར་རོ།། གང་ཡང་སྒོམ་པ་མ་བྱས་པའི་ལས་དང་པོ་པ་ལ་ནི་རྣལ་འབྱོར་འདི་ལྟ་བུ་སྐྱེ་བར་མི་འགྱུར་བས། དེ་ཡོངས་སུ་སྦྱང ་བའི་ཁྱད་པར་ཤེས་པར་བྱའོ།། དེས་སྔོན་པོ་ལ་སོགས་པའི་ཁ་དོག་གི་དབྱེ་བ་དང་། བྲལ་བའི་བར་སྣང་ངམ། གོས་གཙང་མ་ལས་འཇིགས་པའི་གཞོད་པ་ལ་སོགས་པའི་སྣོད་གོང་ཡང་རུང་བ་ཆུས་བཀང་བ་གནས་ཤིན་ཏུ་བཟང་པོར ་བཞག་ལ་བདེ་བར་འདུག་ནས། ཡིད་ལ་བྱེད་པ་བརྩམ་པར་བྱ་སྟེ། དེ་ནི་ཟད་པར་ཆུ་ལ་ཡོངས་སུ་སྦྱང་བའོ།། ཡང་སྙིང་པོ་དང་ལྡན་པ་ལྡུམ་བུར་བཏུབས་ལ་ཤིང་དྲུང་ངམ། སྟེགས་བུ་ཟླ་མེད་པ་ལ་ལྷུང་བཟེད་རྩི་བཏང་བའི་ཚུལ ་གྱིས་འབར་བར་བྱས་ལ་བུག་པ་མཐོ་གོང་བ་འམ། སོར་པོཞི་པ་ཞིག་གཏོད་དེ། ལྤགས་པ་འམ། རེ་ལྡེ་གང་ཡང་རུང་བའི་སྟན་མདུན་དུ་བཞག་པ་ལ་བདེ་བར་འདུག་ནས་འོག་རྫ་དང་། ཤིང་རྣམས་ལ་སྟེང་ན་དུ་བའི་རྩེ་མོ་ཡོད ་པ་ཡིད་ལ་བྱས་ལ། དབུས་སུ་མེ་འབར་བའི་ཕུང་པོ་སྟུག་པོའི་མཚན་མ་བཟུང་བར་བྱ་བ་ནི་ཟད་པར་མེའི་ཡོངས་སུ་སྦྱང་བའོ།། རྩིག་པའི་བུ་ག་ཕུག་པ་འམ། མེད་ན་ཡང་བུག་པའི་སྐར་ཁུང་གི་ནང་ཁོང་སེང་བྱས་པ་དང་། ཉེ་བར་འདུག ་པ་ལ་ཡན་ལག་གི་ཕྱོགས་གང་དུ་རླུང་གིས་རེག་པ་དེར་དྲན་པས་གཏད་པར་བྱ་སྟེ། དེ་ནི་ཟད་པར་རླུང་གི་ཡོངས་སུ་སྦྱང་བའོ།། ཨུཏྤ་ལ་སྔོན་པོའམ། གི་ནི་ག་ན་རི་ཀ་ལ་སོགས་པའི་སྟེང་བུ་ལ་སོགས་པོ་དང་། གེ་སར་གསལ ་ལ་རས་སྔོན་པོ་འམ། ཟ་མ་ཏོག་ཁེ་སྦྱར་ལྔ་སོགས་པ་སྣོད་གང་ཡང་རུང་བ་བཏིང་ཞིང་ཁེངས་པར་བྱས་ལ། རས་སྔོན་པོ་དེ་རྔ་བོ་ཆེའི་ཁེ་ལྟར་གཡོགས་པ་འམ། གཞན་ཁ་དོག་འབར་བའི་གཡའམ། པ་ཤ་ལ་སྔོན་པོའམ། མིག ་སྨན་སྔོན་པོ་ལ་སོགས་པ་འམ། ཚོན་གྱི་རིགས་གང་ཡང་རུང་བ་བསླུ་ཞིང་རྩིག་ངོས་ལ་དཀྱིལ་འཁོར་བྱས་ཤིང་། བསྐུ་བ་ཟླུམ་པོ་བྱས་ཤིང་ཁ་དོག་མི་མཐུན་པ་གང་ཡང་རུང་བས་ཡོངས་སུ་ཆད་པར་བྱས་ལ། དེ་དང་ཉེ་བར ་སྦྱིན་བདེ་བ་ལ་འདུག་སྟེ། ཡིད་ལ་བྱེད་པ་ལ་འཇུག་པར་བྱེད་པ་འདི་ནི་ཟད་པར་སྔོན་པོ་ལས་སུ་རུང་པོར་བྱའོ།། ཟད་པར་སོར་པོ་དང་། དམར་པོ་དང་། དཀར་པོ་ཡང་ཚུལ་ངོ་ཉིད་དེ་ཁྱད་པར་ནི་འདི་ཡིན་ཏེ། གང་དང་གང་དུ ་སྔོན་པོ་ཡིན་པ་དེ་དང་དོར་སེར་པོ་ལ་སོགས་པའི་ཁ་དོག་ཏུ་སྦྱར་བར་བྱའོ།། ཡང་བུམ་པའི་ནང་དུ་མར་མོ་བཏང་ལ་དེའི་ཁ་བཀབ་སྟེ། བུ་ག་ཧ་ཅང་མི་ཆེ་བ་ཞིག་བྱས་ལ། རྩིག་པ་ལ་མངོན་དུ་ཕྱོགས་པར་བཞག་ནས་མར་མེ ་དེ་ལས་བྱུང་བའི་སྣང་བས་རྩིག་ངོས་ལ་ཕོག་པའི་འོད་ཀྱི་དཀྱིལ་འཁོར་ཡུན་རིང་དུ་གནས་པར་གྱུར་པ་ལ། དེ་ལ་ཡིད་གཏོད་པར་བྱེད་པ་དེ་ནི་ཟད་པར་རྣམ་པར་ཤེས་པ་ལས་སུ་རུང་བར་བྱ་བའོ།། ཡང ་སྔགས་བུ་དང་། རྩིག་པ་དང་། ཙཱ་སྟན་དང་། གོས་ལ་སོགས་པས་མ་བཀབ་པའམ། ཀུན་ནས་མ་བཀབ་པ་འམ། ཀུན་ནས་བཀབ་པ་དེར་བུ་ག་མཐོ་གང་བའམཽ། སོར་བཞི་པ་བྱས་པ་དེ་ལ་ཡིད་གཏད་པར་བྱ་སྟེ། ཡོངས་སུ ་བཅད་པ་འདི་ནི་ཟད་པར་ནམ་མཁའ་ལས་སུ་རུང་བར་བྱ་བའོ།། དེ་ལྟར་ན་རེ་ཞིག་དེ་དག་ནི་ཡོངས་སུ་སྦྱང་བའི་ཁྱད་པར་ཡིན་པར་ཤེས་པར་བྱའོ།། དེ་ཡང་རྣམ་པ་དགུ་ཆར་ཡང་ཟད་པར་བྱས་པའམ། མི་བྱས་པ་ལ་འཛིན་པ ་དང་། སོ་སོར་སྣང་བ་ཞེས་བྱ་བའི་མཚན་ཉིད་གཉིས་སུ་འབྱུང་བར་འགྱུར་རོ།། ཟད་པར་ཆུ་གང་ཡིན་པ་འཛིན་པའི་མཚན་མ་ནི་རབ་ཏུ་གཡོ་བའི་རྣམ་པ་སྟེ། སྦ་བ་དང་། ཆུ་སྤུར་དང་། འདྲེས་པའི་ཆར་སྣང་བ་དེ་ལྟ་བུ་ཁོ་ནར་གྱུར ་ནས་ཉེ་བར་གནས་པ་ནི་ཟང་པོར་གྱི་ཉེས་པ་ཡིན་པར་ཤེས་པར་བྱའོ།། སོ་སོར་སྣང་བའི་མཚན་མ་ནི་ནམ་མཁའ་ལ་བཀབ་པའི་གཡོ་འགུལ་མེད་པ་ནི་ནོར་བུའི་རླུང་ཡབ་འདྲ་བ་འམ། ནོར་བུ་ལས་བྱས་པའི་མེ་ལོང་གི་དཀྱིལ ་འཁོར་ལྟ་བུར་གྱུར་ནས། གནས་སོ།། ཟད་པར་མེའི་འཛིན་པའི་མཚན་མ་ནི་རྩེ་མོའི་ཆ་གཡོ་བ་འམ། ཆད་པ་ལྟར་གནས་པའོ།། འདོར་མ་བྱས་པ་ལ་ཟད་པར་གྱི་ཉེས་པར་ཤེས་པར་བྱ་བོ་ནི་མགལ་མེ་དང་། མེ ་མདག་གི་དུམ་བུ་དང་། ཐལ་བ་དང་། དུ་བ་ལ་ཅུང་ཟད་གནས་སོ།། སེ་སོར་སྣང་བའི་མཚན་མ་ནི་ནམ་མཁའ་ལྔར་བཞག་པའི་ལ་བ་དམ་ར་པོ་ལྟ་བུ་འམ། གསེར་གྱི་རྔ་ཡབ་ལྟ་བུ་འམ། གསེར་གྱི་ཀ་བ་འདྲ་བར་ཉེ་བར་གནས་སོ།། ཟད་པར ་རླུང་གིས་འཛིན་པའི་མཚན་མ་ནི་འོ་མ་བསྐོལ་བ་པོག་སྣ་ཐག་པའི་རླངས་པའི་རྩེ་མོ་བཞིན་དུ་གནས་སོ།། སོ་སོར་སྣང་བའི་མཚན་མ་ནི་ལེགས་པར་འདུག་པ་ལྟར་མི་གཡོ་བར་འགྱུར་རོ།། ཟད་པར་སྔོན་པོ་ནི་མེ་ཏོག་གི་སྔར ་སྟེང་བུ་མེད་པ་དང་། གེ་སར་སྡོང་བུ་བཅུས་པ་དག། ཅིག་ཤོས་འདབ་མ་ཕྱེ་བ་ལྟ་བུ་དེ་ཟད་པར་གྱི་ཉེས་པར་ཤེས་པར་བྱའོ།། སོ་སེར་སྣང་བའི་མཚན་མ་ནི་ཟད་པར་དཀྱིལ་འཁོར་གྱི་ན་དུ་འཕགས་ཏེ། ན་མཁའ་ལ་ནོར་བུའི་རྡུལ ་ཡི་བ་ལྔ་བུར་སྣང་བའོ།། ཟད་པར་སེར་པོ་ལ་སོགས་པ་ལ་ཡང་ཚུལ་འདི་ཉིད་ཡིན་ནོ།། ཟད་པར་རྣམ་པར་ཤེས་པའི་འཛིན་པའི་མཚན་ཉིད་ནི་ས་རྩིག་པ་ལས་གྱེན་དུ་འཕགས་ཏེ། ཟླུམ་པོ་ལྟ་བུ་ཉིད་དུ་འགྱུར་རོ།། སོ་སོར ་སྣང་བར་མཚན་མ་ན་སྡུག་ཅིང་དང་བ་དང་། སྣང་བའི་ཚོགས་ལྟ་བུའོ།། ཟད་པར་ནམ་མཁའི་འཛིན་པའི་མཚན་མ་ནི་རྩིག་པའི་མཐའི་བུ་ག་དང་འདྲ་བ་ཉིད་དུ་འགྱུར་ལ། བསྐྱེད་ན་ཡང་འཕེལ་བར་མི་འགྱུར་རོ།། སོ་སོར ་སྣང་བའི་མཚན་མ་ནི་ན་མ་མཁའི་དཀྱིལ་ཉིད་དུ་གྱུར་ནས་གནས་ལ། བསྐྱེད་ན་ཡང་འཕེལ་བར་མི་འགྱུར་རོ།། དེ་ལྟར་འདིར་བྱང་བ་དང་། མ་བྱང་བའི་ཟད་པར་འཛིན་པ་དང་། སོ་སོར་སྣང་བའི་མཚན་མ་ངག་གི་ཁྱད་པར ་ཤེས་པར་བྱའོ།། མཚན་མ་དེ་དགུ་ཆར་ལ་ཡང་བདེ་བར་འདུག་ནས་ཁ་དོག་ལ་བརྟག་པའི་ཡིད་ལ་བྱེད་པ་སྤངས་ནས། ཟད་པར་ས་ཞེས་བྱ་བ་ལྔ་མིག་གིས་མ་བལྟས་པར་བརྟགས་པ་ཙམ་ལ ་སེམས་བཞག་པར་བྱའོ།། ཆུ་ཆུ་མེ་མེ་ཞེས་བྱ་བ་དང་། དེ་དང་པོར་མིང་གསལ་བའི་དབང་ཉིད་ཀྱིས་བསླབ་པར་བྱའོ།། དེ་ལྟར་དེ་རྣམས་ཀྱི་དེ་དང་དེ་ལ་བསླབས་པའི་ཁྱད་པར་ཡིན་པར་ཤེས་པར་བྱའོ།། དེ་ལྟར་བསླབས་པ་དེ་རྣམ ་ལ་སྔ་མ་ལྟར་ཉེ་བར་སྤྱོད་པ་དང་བཅས་པའི་ཏིང་ངེ་འཛིན་རྣམས་འབྱུང་བར་འགྱུར་རོ།། ཡང་གང་ཟད་པར་ས་ཞེས་བྱ་བ་འདི་ལ་དབང་ཐོབ་པ་ནི་མངོན་པར་ཤེས་པ་ཐོབ་པ་ཡང་གཅིག་ཏུ་གྱུར་ནས་མང་པོར་འགྱུར་པ་དང་། ནམ ་མཁའ་འམ། ཆུ་ལ་སར་སྤྲུལ་ནས་རྐང་པ་གཉིས་ཀྱིས་འགྲོ་བ་ལ་སོགས་པ་དང་། གཡོ་བ་ལ་སོགས་པའི་ཁྱོད་པར་འདི་འབྱོར་པར་འགྱུར་རོ།། ཡང་ཟད་པར་ཆུ་ལ་དབང་ཐོབ་པས་ས་ལ་བྱི་ཟུལ་བྱེད་པ་དང་། སྟེང་དུ ་འབྱུང་དང་། ཆུའོ་ཚོགས་ཀྱི་ཆར་འབེབས་པ་དང་། ཆུ་བ་དང་རྒྱ་མཚོ་ལ་སོགས་པ་སྤྲུལ་པ་དང་། ས་དང་རི་བོ་ལ་སོགས་པར་སྟོན་པར་ནུས་པར་འགྱུར་རོ།། ཟད་པར་མེ་ལ་དབང་ཐོབ་པ་ནི་དུ་བ་འཐུལ་བ་དང་། མེ ་རབ་ཏུ་འབར་ཞིང་མེ་མདག་གི་ཆར་རབ་ཏུ་འབེབ་པ་དང་། མེ་དང་མེ་རྣམས་ཟིལ་གྱི་གནོན་ཅིང་གང་དང་གང་འདོད་པ་དེ་དང་དེ་བསྲེག་པར་ནུས་པ་ཉིད་དང་། ལྷའི་མིག་གི་ཡུལ་གྱི་སྣང་བ་བསྐྱེད་པར་ནུས་པ་དང་། སྣང་བར ་བྱེད་པ་དང་། ཡོངས་སུ་མྱ་ངན་ལས་འདས་པའམ། དུས་སུ་ལུས་བསྲེག་པར་ལ་སོགས་པར་འབྱོར་པར་འགྱུར་རོ།། ཟད་པར་རླུང་ལ་དབང་ཐོབ་པ་ནི་རླུང་གི་འགྲོས་ལྟར་འགྲོ་བ་དང་། རླུང་གི་ཚོགས་བསྐྱེད་པར་ནུས་པ་ལ་སོགས་པའོ། ་ཟད་པར་སྔོན་པོ་ལ་དབང་ཐོབ་པས་ནི་གཟུག་སྔོན་པོ་སྤྲུལ་ཞིང་མུན་པར་བྱེད་པ་ལ་སོགས་པའོ།། ཟད་པར་སེར་པོ་ལྔ་དབང་ཐོབ་པས་ནི། གཟུགས་སེར་པོར་སྤྲུལ་པ་དང་། གསར་དུ་བསྒྱུར་ནུས་པ་ལ་སོགས་པའོ།། ཟད་པར་དམར ་པོ་ལ་དབང་ཐོབ་པས་ནི། གཟུགས་དམར་པོར་སྤྲུལ་པ་ལ་སོགས་པའོ།། ཟད་པར་དཀར་པོ་ལ་དབང་ཐོབ་པས་ནི། གཟུགས་དཀར་པོར་སྦྲུལ་ནུས་པ་ངདང་། གཉིད་དང་རྨུགས་བ་ཐོག་རིང་དུ་སྤོང་བ་དང་། མུན་པར་རྣམ ་པར་འཇིག་པ་དང་། ལྷའི་མིག་གི་ཡུལ་སྣང་བ་ར་བྱེད་པ་ལ་སོགས་པའོ།། ཟད་པར་རྣམ་པར་ཤེས་པ་ལ་དབང་ཐོབ་པས་ནི་གཟུགས་འོད་གསལ་བར་སྤྲུལ་པ་དང་། གཉིད་དང་རྨུགས་པ་རྒྱང་རིང་དུ་བྱེད་པ་དང་མིག ་གི་ཡུལ་གྱི་སྣང་བ་བསྐྱེད་པ་ལ་སོགས་པའོ།། ཟད་པར་ནམ་མཁའ་ལ་དབང་ཐོབ་པས་ནི། སྒྲིབ་གཡོགས་རྣམས་སྒྲིབ་གཡོགས་མེད་པར་བྱེད་པ་དང་། ས་ད་ད་རི་ལ་སོགས་པའི་བར་ན་མཁར་སྤྲུལ་ནས། སྤྱོད་ལམ་སྟོན ་པར་བྱེད་པ་དང་། རྩིག་པ་ལ་སོགས་པ་ལ་ཐང་དཀར་ཐོགས་པ་མེད་པར་འགྲོ་བ་ལ་སོགས་པ་འབྱོར་པར་འགྱུར་རོ།། རྒྱུན་མི་འཆད་པར་ཟད་པར་སྤྲོས་པ་ན་ཟད་པར་སྐྱེ་མཆེད་དོ།། ཟིལ་གྱི་ས་གནོན་པོའི་སྐྱེ་མཆེད ་ནི་བརྒྱད་དོ།། ནད་གཟུགས་སུ་འདུ་ཤེས་ཤིང་། ཕྱི་རོལ་གྱི་གཟུགས་ཁ་དོག་ཕྲ་མོ་སྡུག་པ་དང་། ཁ་དོག་མི་སྡུག་པ་མཐོང་ཡང་གཟུགས་དེ་དག་ཟིལ་གྱིས་མནན་ཏེ་ཤེས། ཟིལ་གྱིས་མནན་ནས་མཐོང་ཞིང་དེ ་ལྟར་འདུ་ཤེས་པ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཚད་དང་པོའོ།། དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་ཤིང་ཕྱི་རོལ་གྱི་གཟུགས་རགས་པ་སྟེ། དེ་བཞིན་དུ་འདི་ལ་བཞིར་བྱ་བ་འམ། ནང་གཟུགས་མེད་པར་འདུ་ཤེས ་པ་ཉིད་ལ་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་མཐོང་སྟེ། རྣམ་པ་བརྒྱད་དུ་འགྱུར་པ་ཡིན་ནོ།། དེ་སྔོན་པོ་ཞེས་བྱ་བ་ནི་བསྟན་པའི་ཚིག་གོ།། ཁ་དོག་སྔོན་པོ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་སྔོན་པོ་ཉེ་བར་གཟུང ་བའི་ཕྱིར་རོ།། སྔོན་པོར་སྣང་བ་ཞེས་བྱ་བ་ནི་སྦྱར་བ་ལས་བྱུང་བའི་སྔོན་པོ་ཉེ་བར་བཟུང་བའོ།། མདོག་སྔོན་པོ་ཞེས་བྱ་བ་ནི་དེ་གཉི་གིརི་འོད་འཕྲོ་བར་འོང་བ་དེ་ཉེ་བར་བཟུང་བའི་ཕྱིར་རོ།། ཟིལོ་གྱིས་མནན་ཞེས་བྱ་བ་ནི་དབང ་དུ་བྱས་པ་ཉིད་ཀྱི་ཕྱིར་རོ།། ། ཟིལ་གྱིས་མནན་ཏཾ་ཞེས་བྱ་བ་ནི་ཞི་གནས་ཀྱི་ལམ་གྱིས་སོ།། ཟིལ་གྱིས་མནན་ཏེ་མཐོང་ཞེས་བྱ་བ་ནི་ལྷག་མཐོང་གི་ལམ་གྱིས་སོ།། དེ་ལྟར་འདུ་ཤེས་པ་ཞེས་བྱ་བ་ནི་ཟིལ་གྱིས་མནོན་པ་དང ་ཟིལ་གྱིས་མནན་པ་དེ་མ་ཡིན་པ་དེ་ལ་མངོན་པའི་ང་རྒྱལ་མེད་པའི་འདུ་ཤེས་པ་ཉིད་ཡིན་པའི་ཕྱིར་རོ།། དཔེ་གཉིས་ལས་གཅིག་ནི་ལྷན་ཅིག་སྐྱེས་པའོ།། གཉིས་པ་ནི་སྦྱར་བའི་མདོག་ལས་བྱུང་བར་བསྟན་པའི་ཕྱིར ་རོ། འདི་ལྟ་སྟེ་དཔེར་ན། ཞེས་བྱ་བ་མེ་ཏོག་དང་། གོས་དག་ཁ་དོག་སྔོ་བ་ཉིད་དུ་བསྟན་པའི་ཐ་ཚིག་གོ།། ཁ་དོག་སྔོན་པོ་ཞེས་བྱ་བ་ནི་མེ་ཏོག་གི་དབང་དུ་བྱས་པ་སྟེ། དེའི་སྔོ་བ་ནི་ལྷན་ཅིག་སྐྱེས་པ་ཡིན་པའི་ཕྱིར་རོ།། སྔོན་པོར ་སྣང་བ་ཞེས་བྱ་བ་ནི་གོས་གྱི་དབང་དུ་བྱོས་པ་སྟེ། དེའི་སྔོན་པོ་ནི་སྦྱར་བ་ལས་བྱུང་ཕྱིར་རོ།། མདོག་སྔོ་བར་མཐོང་ཞེས་བྱ་བ་ནི་མེ་ཏོག་དང་གོས་གཉི་གའི་དབང་དུ་བྱས་པ་སྟེ། གཉི་ག་ཡང་མདོག་ཏུ་སྣང་བ་ཉིད་ཡིན་པའི་ཕྱིར་རོ།། ་དེ་ལྟར་དཔེར་བྱས་པ་བྱས་ཀྱང་འདི་ལྟ་སྟེ། ཨུ་མ་ད་ལྟ་བུའི་མེ་ཏོག་ཕུན་སུམ་ཚོགས་པ་དང་། ཡུལ་བཱ་ཎཱ་སའི་གོས་ལྟར་སྔོ་བ། ཁ་དོག་སྔོ་ཞེས་བྱ་བཱ་ལེ་སོགས་པ་གསུངས་པ་རིགས་པ་ཡིན་ནོ།། སེར་པོ་ལ། ཀརྟྟི་ཀཽའི ་མེ་ཏོག་དང་། དམར་པོ་ལ་བནྡུ་ཛཱི་བི་ཀའི་མེ་ཏོག་དང་། དཀར་པོ་ལ་སྐར་མ་པ་བ་སངས་ཀྱི་འོད་ཕུན་སུམ་ཚོགས་པ་དྲང་། གོས་ཞེས་བྱ་བ་དམིགས་པ་ཟིལ་གྱིས་མནན་པ་དེའི་དབང་དུ་གྱུར་པ་ཡིན་པའི་ཕྱིར་རོ།། ཟི་ལ ་གྱིས་གནོན་པའི་སྐྱེ་མཆེད་དོ།། ཉོན་མོངས་པ་མེད་པ་གང་ཞེ་ན། བསམ་གཏན་ལ་གནས་ནས་ཕ་རོལ་པོ་ཉོན་མོངས་པ་མི་སྐྱེ་ཞིང་རྗེས་སུ་བསྲུང་བར་གནས་པའི་རྣལ་འབྱོར་པའི་ཏིང་ངེ་འཛིན་གང་ཡིན་པའི་ཤེས་རབ་དེ་དང་ཡང ་དག་པར་ལྡན་པའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་ནི་གཞན་གྱི་རྒྱུད་ལ་ཡོད་པའི་ཉོན་མོངས་པའི་དགྲ་མི་བསྐྱེད་པས། ཉོན་མོངས་པ་མེད་པའོ།། དེ་ལ་ཉན་ཐོས་རྣམས་ལས་སངས་རྒྱས་ཀྱི་ཉོན་མོངས ་པ་མེད་པའི་ཁྱད་པར་ནི་འདི་ཡིན་ཏེ། ཇི་སྐད་དུ། ཉན་ཐོས་ཉོན་མོངས་མེད་པའི་ལྷ།། མི་ཡི་ཉོན་མོངས་ཡོངས་སྤྱོད་ཉིད།། རྒྱལ་བའི་གྲོང་སོགས་དེ་དག་ནི།། ཉོན་མོངས་རྒྱུན་གཅོད་ཉོན་མོངས་མེད།། ཅེས་བསྟན་པ ་ཡིན་ནོ།། འདི་ལྟར་ཉན་ཐོས་རྣམས་ནི་གྲོང་ལ་སོགས་པར་སེམས་ཅན་གང་དག་མཐོང་ནས་ཉོན་མོངས་པ་སྐྱེ་བར་འགྱུར་ན་མི་རུང་ཞེས་མིའི་ཉོན་མོངས་པ་ཡོངས་སུ་སྤོང་བར་འདོད་པ་ཡིན་གྱི། དེ་རྣམས་ལ་ལྟ་བ་ནི་མ་ཡིན་ནོ།། སངས་རྒྱས ་བཅོམ་ལྡན་འདས་རྣམས་ནི་རང་ལ་དམིགས་ནས་ཉོན་མོངས་པའི་རྒྱུར་འབྱུང་བར་མ་གྱུར་ཅིག་སྙམ་དུ་དགོངས་ཏེ། ཤིན་ཏུ་དེ་དག་ལྟ་བར་བཞེད་ནས་གཟིགས་ནས་ཉོན་མོངས་པའི་རྒྱུ་དྲུངས་ནས་འབྱིན་པར་མཛད་པ་ཡིན་ནོ།། སྨོན་ནས ་མཁྱེན་པ་གང་ཞེ་ན། བསམ་གཏན་ལ་དེ་གནས་ཏེ་འདི་ཤེས་པར་བྱའོ།། ཞེས་སྨོན་ལམ་འབྱོར་པས་སྔ་མ་བཞིན་དུ་ཐོབ་སྤྱི་དུས་གསུམ་ཤེས་པ་འམ། ཤེས་པར་གང་དང་གང་འདོད་པར་འགྱུར། བ་དེ་དང་དེ་ལ་ཤེས་པར ་བྱའོ།། ཞེས་ཡིད་ཀྱིས་སྨོན་པར་བྱས་ནས། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་དེ་ནས་ལྡང་བ་དང་། སྨོས་ལམ་དེ་འགྲུབ་པར་འགྱུར་ཞིང་ཤེས་བྱ་དེ་ཡང་ཤེས་སོ།། དེ་ལ་ཉན་ཐོས་རྣམས་ལས་སང་ས་རྒྱས་ཀྱི་སྨོན་གནས ་མཁྱེན་པའི་ཁྱད་པར་འདི་ཡིན་ཏེ། ཇི་སྐད་དུ། སངས་རྒྱས་སྨོན་ནས་མཁྱེན་པ་ནི། ལྷུན་གྱིས་གྲུབ་དང་བག་ཆགས་སྤངས།། ཐོགས་པ་མེད་དང་རྟག་གནས་དང་།། འདྲི་ལ་ཀུན་ལན་འདེབས་པར་བཞེད་ཅེས་བསྟན་པ་ཡིན་ནོ།། དེ་ལ ་ལྷུན་གྱིས་གྲུབ་པ་ཞེས་བྱ་བ་ནི། རང་གིས་ངང་གིས་འཇུག་པའོ།། བག་ཆགས་སྤངས་ཞེས་བྱ་བ་ནི་རྒྱུན་མི་ཆད་པའོ།། ཐོགས་པ་མེད་པ་ཞེས་བྱ་བ་ནི་ཤེས་བྱ་ཐམས་ཅད་ལ་འཇུག་པའོ།། རྟག་གནས་ཞེས་བྱ་བ་ནི་རྟག་ཏུ་མཉམ་པར་གཞག ་པ་ལ་འཇོག་པའོ།། འདྲི་བ་ལན་ཀུན་འདེབས་པར་བཞེད་པ་ནི་ཞུས་པའི་ལན་ཐམས་ཅད་འདེབས་པར་མཛད་པའོ།། ཉན་ཐོས་རྣམས་ཀྱི་སྨོན་ནས་ཤེས་པ་ནི་དེ་ལས་བཟློག་པ་ཡིན་པར་ཤེས་པར་བྱའོ།། མངོན་པར་ཤེས་པ་དྲུག་གང་ཞེ་ན། ་རྫུ་འཕྲུལ་གྱི་ཡུལ་མངོན་པར་ཤེས་པ་དང་། ལྷའི་མིག་དང་། ལྷའི་རྣ་བ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། ཟག་པ་ཟད་པས་མངོན་པར་ཤེས་པའོ།། འདི་དག་གི་བཤད་པ་ནི་གདམས་ངག་རྣམ ་པར་འགྲེལ་པ་ལས་ཇི་སྐད་བཤད་པ་ཉིད་ཡིན་ནོ།། སོ་སོ་ཡང་དག་པར་རིག་པ་བཞི་ནི་ཆོས་སོ་སོ་ཡང་དག་པར་རིག་པ་ནི་བསམ་གཏན་ལ་གནས་ཏེ། འདི་ལྟར་རྣམ་གྲངས་མ་རིག་པ་ནས་བརྩམས་ཏེ། མི་ཤེས་པ་དང་། མི་མཐོང ་དང་། མངོན་པར་མི་རྟོགས་པ་ཞེས་བྱ་བ་ལ་སོགས་པ་ཐོགས་པ་མེད་པར་བྱོན་པའི་ཏིང་ངེ་འཛིན་ཏོ།། ཞེས་བྱ་བ་ནི་ཐམས་ཅད་དོ།། དོན་སོ་སོ་ཡང་དག་པར་རིག་པ་ནི། རང་དང་སྤྱིའི་མཚན་ཉིད་ཀྱི་ཆོས་རྣམས་ཀྱི་དོན་གཞན་ལ་སོགས ་པའི་དགོངས་པ་ལ་ཐོགས་པ་མེད་པར་མཁྱེན་པ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་བསྟན་པ་ཡིན་ནོ།། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ནི། གང་ཡུལ་སྐྱེ་བོ་རྣམས་ཀྱི་སྐད་ཀྱིས་སོ་སོའི་ཡུལ་དང་། རང་དང ་སྤྱིའི་འདུ་ཤེས་ཐ་དད་པའི་ཐ་སྙད་ཀྱི་ཆོས་ཀྱི་ངེས་པའི་ཚིག་སྟེ། འདི་ལྟར་འཇིག་ཅིང་རབ་ཏུ་འཇིག་པས་དེའི་ཕྱིར་འཇིག་རྟེན་ཞེས་བྱ་བ་དང་། གཟུགས་སུ་རུང་བས་གཟུགས་སོ་ཞེས་བྱ་བ་ལ་སོགས་པའོ།། སྤོབས ་པ་སོ་སོ་ཡང་དག་པར་རིག་པ་ནི་གང་ཆོས་ཀྱི་རབ་ཏུ་དབྱེ་བ་ལ་ཐོགས་པ་མེད་པ་ཞེས་བྱ་བ་ལ་ཐོགས་པ་མེད་པ་ཞེས་བྱ་བ་ལྔ་སོགས་པ་སྔ་མ་བཞིན་ནོ།། དེ་ལ་རབ་ཏུ་དབྱེ་བ་ནི་རྫས་སུ་ཡོད་པ་དང་། བཏོགས་པར་ཡོད་པ་དང་། དོན ་དམ་པར་ཡོད་པ་ཞེས་བྱ་བ་སྟེ། དེ་དག་ལ་སོགས་པའོ།། རྣམ་པ་ཐམས་ཅད་ཡོངས་སུ་དག་པ་བཞི་གང་ཡིན་ཞེ་ན། རྟེད་གྱི་ལྡན་པཱ་དང་། གནས་པ་དང་། ཡང་དག་པར་ཕན་འདོགས་པར་མཛད་པ་ལ་ཇི་ལྟར་བཞེད་པར་བཞུགས་པས ་ནི་རྟེན་ཡོངས་སུ་དག་པའོ།། དམིགས་པས་སྤྲུལ་པ་དང་། ཡོངས་སུ་སྒྱུར་བ་ལ་ཇི་ལྟར་བཞེད་པའི་སྤྱོད་པས། འཇུག་པའི་ཕྱིར་དམིགས་པ་ཡོངས་སུ་དག་པའོ།། ཡེ་ཤེས་ལ་མངར་བརྙེས་པ་དང་། ཏིང་ངེ་འཛིན་ལྕེ་མངའ ་བརྙེས་པས་ན་ཐུགས་ཡོངས་སུ་དག་པ་དང་། ཡེ་ཤེས་ཡོངས་སུ་དག་པའོ།། དབང་བཅུ་གང་ཞེ་ན། འདི་ལྟ་སྟེ། ཚེ་ལ་དབང་པོ་ནི་འཚེ་བ་བཞེད་པ་ལུ་རག་ལས་པས་བསྡུས་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ ་རྫོགས་པས་ཐོབ་སྟེ། དེ་ཅིའི་ཕྱིར་ཞེ་ན། ལོངས་སྤྱོད་བྱིན་པས་སེམས་ཅན་རྣམས་ཚེ་དང་ངེས་པར་འབྲེལ་པ་ཡིན་པའི་ཕྱིར་རོ།། སེམས་ལ་དབང་བ་ནི་ཇི་ལྟར་མངོན་པར་འདོད་པར་སེམས་པས། ཡང་དག་པར་བསྡུས་པའི་ངོ་བོ ་ཉིད་དེ། ལོངས་སྤྱོད་བྱིན་པས་སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བའི་སེམས་ཀྱི་རྗེས་སུ་འཇུག་པ་ཡིན་པའི་ཕྱིར་རོ།། ཡོ་བྱད་ལ་དབང་བ་ནི། ཇི་ལྟར་མངོན་པར་འདོད་པའི་མཆོག་གིས་ཡང་དག་པར་ཉེ་བར་བསྡུས་པ་དེ་ཐོབ་པ་ཉིད་ཡིན་ཏེ། ་སེམས་ཅན་རྣམ་ས་ལ་ཡོ་བྱད་ཇི་ལྟར་འདོད་པ་བཞིན་དུ་ཡང་དག་པར་བྱིན་པའི་ཕྱིར་རོ།། ལས་ལ་དབང་བ་ནི། ལུས་དང་། ངག་གི་ལས་ཇི་ལྟར་འདོད་པ་བཞིན་དུ་ཉེ་བར་གནས་པ་ཡང་དག་པར་བསྡུས་པ་ཉིད་ཀྱིས་ཐོབ་པ་སྟེ། ཚུལ ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སྨོན་ལམ་ཡོངས་སུ་རྫོགས་པས་ཐོབ་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་རྣམས་ཀྱི་ལུས་ཀྱི་ལས་དང་། ངག་གི་ལུས་ཁ་ན་མ་ཐོ་བ་མེད་པས་མངོན་པར་འདོད་པའི་སྦྱོར་བའི་ཕྱིར་རོ།། སྐྱེ ་བ་ལ་དབང་བ་ནི་ཇི་ལྟར་མངོན་པར་འདོད་པའི་འགྲོ་བའི་སྐྱེས་པས་ཡང་དག་པར་བསྡུས་པ་ཉིད་ཀྱིས་ཐོབ་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་དང་ལྡན་པའི་སྨོན་ལམ་གྲུབ་པ་ཡིན་པའི་ཕྱིར་རོ།། མོས་པ་ལྔ་དཔྱོང་པ་ནི་ས་ལ་སོགས ་པ་གསེར་ལ་སོགས་པའི་དངོས་པོ་ཇི་ལྟར་མོས་པ་བཞིན་དུ་མྱོས་པ་པོའི་རྗེས་སུ་འཇུག་པས་ཡང་དག་པར་བསྡུས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པས་ཐོབ་པོ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། སྔོན་གྱི་ཚེ་ར་བྱས ་སུ་དེ་བཟོད་པས་སེམས་ཅན་གྱི་མོས་པའི་རྗེས་སུ་ཞུགས་པ་ཡིན་པའི་ཕྱིར་རོ།། སྨོན་ལམ་ལ་དབང་བ་ནི་ཇི་ལྟར་སྨོན་པ་བཞིན་དུ་གྲུབ་པས་ཡང་དག་པར་བསྡུས་པ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པས་ཐོབ ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེས་སྔོན་སེམས་ཅན་ཐམས་ཅད་ཀྱི་བརྩོན་འགྲུས་ཉམས་པ་མེད་པར་སྤྱད་པའི་ཕྱིར་རོ།། མངོན་པར་ཤེས་པ་ལྔས་ཡང་དག་པར་བསྡུས་པ། བསཔ་གཏན་གྱི་ཕ་རོལ་ཏུ་ཕྱིམ ་པ་ཡོངས་སུ་རྫོགས་པས་ཐོབ་པ་ཡིན་ཏེ། སྔོན་སེམས་ཅན་རྣམས་ཀྱི་དགོས་པ་ཇི་ལྟ་བ་བཞིན་བསུམ་གཏན་ལ་སྙོམས་པར་ཞུགས་པའི་ཕྱིར་རོ།། ཡེ་ཤེས་ལ་དབང་བ་ནི་ཇི་ལྟར་འདོད་པ་བཞིན་དུ་ཡེ་ཤེས་མངོན་དུ་བྱེད་པ་སུ་ཡང ་དག་པར་བསྡུས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པས་ཐོབ་པ་ཡིན་ཏེ། སྔོན་ཆད་སེམས་ཅན་རྣམས་ཇི་ལྟར་མངོན་པར་འདོད་པ་བཞིན་དུ་མདོ་ལ་སོགས་པའི་ཆོས་ལ་ཡང་དག་པར་སྦྱོར་བའི་ཕྱིར་རོ།། སྟོབས ་བཅུ་ནི་འདི་ལྟ་སྟེ། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་། ལས་དང་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང་། བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་མཁྱེན་པའི་སྟེ་བུས་དང་། དབང་པོ་མཆོག ་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང་། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང་ཁམས་སྣ་རྫོགས་མཁྱེན་པའི་སྟོབས་དང་། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང་། འཆི་འཕོ་བ་དང་སྐྱེ་བ་མཁྱེན ་པའི་སྟོབས་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང་། ཟག་པ་ཟད་པ་མཁྱེན་པའི་སྟོབས་སོ།། དེ་རྣམས་ཀྱི་དོན་ནི་གཟུངས་ཀྱི་དབང་ཕྱུག་རྒྱལ་པོའི་མདོ་ལས་རྒྱ་ཆེར་བལྟའོ།། མི་འཇིགས་པ་རྣམ་པ ་བཞི་སྟེ། ཀྱེ་མ་བདག་ནི་ཡང་དག་པར་རྫོགས་པར་སངས་རྒྱས་ཤེས་དམ་བཅས་ན། དེ་ལ་ཆོས་འདི་མངོན་པར་རྫོགས་པར་སཏྭ་མ་རྨས་ཞེས་བྱ་བས་བདག་ལ་གང་གིས་ཀྱང་ཆོས་དང་ལྡན་པར་རྒོལ་བར་འགྱུར་བ་ཞེས་བྱ་བའི་རྒྱུ་ཡང ་དག་པར་རྗེས་སུ་མི་མཐོང་བས་བདག་བདེ་བ་དང་། བག་ཚ་བ་མེད་པ་ཐོབ་པ་དང་། མི་འཇིགས་པ་འོ། རྩུབ་པ་འདི་ནི་དང་པོའི་བཞིན་དུ་ཀྱེ་མ་བདག་གི་ཟག་པ་ཐམས་ཅད་ཟད་དོ།། ཞེས་དམ་བཅས་པ་ལ། དེ་ལ་ཟག་པ་འན ་ང་ས་གྱུར་ཏོ།། རྐྱེ་བྱེ་བཱ་འདིར་བདག་ལ་གང་ཀྭི་ཀྱང་། རྦོ་དང་ལྡན་པཱ་རྒོལ་བཱ་རུ་དྷར་བཱི་རྨྨ་ཡཱ་དག་པཱརྞེ་སུ་མ་མཐོང་པྲ་ཞྭ་བྱ་བ་ལ་སོགྶ་པ་སྔ་མ་བཞེན་ཏེ། དེ་ན་གིཙཱི་པའོ།། ཡཱ་གང་བདག་གཱ་ཉན་ཝེ་རྣམ་དྲྀ་ད་བྱུ་དཱི་ལཾ་སྟོན་པ་ཞེ་དེ་འགག་པ་བྱེད་ཅིང་། སྡུག་བསྔབ་ཡཱ་དག་པཱ་ཟད་པཱ་འགྱུར་བཱ་ཕྱྀར་དྲེ་བཱ་འབྱུང་བ་ཡིན།། ཞྭ་དམ་བཅཝ་པ་དེ་ལ་སྡུག་བསྔས་ཀྱི་ཨཐཱ་བྱེད་པ་མ ་སོ།། ཀླེགཱ་ཡང་རྒོལ་བར་མི་འགྱུར་བ་ནི་སྔ་མ་བཞིན་ཏེ། དེ་ནི་གསུམ་པའོ།། ཡང་གང་ཞིག་བདག་གིས་ཉན་ཐོས་རྣམས་ལུ་བར་དུ་གཅོད་པའི་ཆོས་སུ་བསྟན་པ་ལ་དེ་འགེགས་པར་བྱེད་ཅིང་བར་དུ་གཅོད་པ་ནི་མ་ཡིན་ནོ།། ཞེས་བདག་ལ་སུས ་ཀྱང་འདིར་ཆོས་དང་ལྡན་པར་རྒོལ་བར་མི་འགྱུར་རོ།། ཞེས་བྱ་བ་སྔ་མ་བཞིན་ནོ།། དེ་ནི་མི་འཇིགས་པ་བཞི་པའོ།། བསྲུང་བ་མེད་པ་གསུ་མ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ནི་སྐུའི་སྤྱོད་པ་ཡོངས་སུ་དག་པ་དང་ལྡན་པ་སྟེ། ་དེ་བཞིན་གཤེགས་པ་ལ་སྐུའི་སྤྱོད་པ་ཡོངས་སུ་མ་ད་ག་པ་མི་མངར་བས་ཤེས་གང་ཞིག་བཅབ་པར་དགོངས་པ་དེ་བཞིན་པ། ཤེགས་པ་ལ་མི་མངར་སྟེ། དེ་ནི་བསྲུང་བ་མེད་པ་དང་པོའོ།། སྐུའི་འཕྲིན་ལས་ཇི་ལྟ་བ ་བཞིན་དུ་གསུང་དང་། ཐུགས་ཀྱི་འཕྲིན་ལས་ཀྱང་དེ་བཞིན་དུ་བརྗོད་པར་བྱའོ།། དགོངས་པ་ཉེ་བར་བཞག་པ་གསུམ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཆོས་སྟོན་པའི་ཚེ་ལ་ལ་རྣ་བ་བཏུད་དེ་གུས་པར་ཉན་ཅིང ་བཀའ་ཉན་པའི་སེམས་ཉེ་བར་འཇོག་པ་དང་། ཆོས་དང་དོན་དུ་གཉེར་བའི་ཆོས་ནན་ཏན་དུ་བྱེང་པ་ནི། དེས་དེ་བཞིན་གཤེགས་པ་དགྱེས་པར་ཡང་མི་འགྱུར། ཡིད་བདེ་བར་མི་འགྱུར།། ཐུགས་ཡེང་ཡེ་པོར་མི་འགྱུར་བ་ཉིད་དང་། གཞན་དག། ་རྣ་བ་བཏུད་དེ་གུས་པར་ཉན་པ་ལས་གོ་བཟློག་པ་རྒྱས་པར་གསུངས་པ་དེས། དེ་བཞིན་གཤེགས་པའི་ཐུགས་ཁོང་ཁྲོ་བར་མི་འགྱུར། བཟོད་པར་མི་འགྱུར། ཐུགས་མི་ཆེས་པར་མི་འགྱུར་པ་ཉིད་ཤལ་ལ་གཅིག་ཏུ་གུས་པར་ཉན་པ་དང་། ལ ་ལ་གཅིག་ཏུ་གུས་པར་མི་ཉན་པ་དེ་དག་ལ་དྲི་བཞིན་གཤེགས་པ་དགྱེས་པའམ། ཐུགས་ཁོང་ཁྲོ་བའམ། གཉིས་སུ་མི་འགྱུར་ཏེ། ཐམས་ཅད་དུ་བཏང་སྙོམས་སུ་རྣམ་པར་སྤྱོད་པ་འདི་ནི་དགོངས་པ་ཉེ་བར་བཞག་པ་གསུམ་པའོ།། བསྩལ་པ ་མེད་པའི་ཆོས་ཉིད་ནི་སངས་རྒྱས་རྣམས་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་ལ་དུས་ལས་མི་འདའ་སྟེ། དེ་ཉིད་ཀྱི་ཕྱིར་འདི་ནི་བྱ་བ་མཛད་པ་གཞན་མི་མངའ་བར་འཐད་པ་ཡིན་ནོ།། བག་ཆགས་ཡང་དག་པར་བཅོམ་པ་ནི་འདི་ན ་ཉོན་མོངས་པ་སྤངས་པ་ཡོད་དུ་ཟིན་ཀྱང་། ཉོན་མོངས་པ་མ་སྤངས་པ་ལྟར་སྤྱོད་པ་ནི་ཉོན་མོངས་པའི་བག་ཆགས་ཡིན་པར་བཤད་དོ།། སངས་རྒྱས་བཅོམ་ལྡན་འདས་ནི་དེ་ཡང་སྤངས་ཤིང་མི་མངའ་བས། ཉོན་མོངས་པའི་བག་ཆགས་མི་མངའ་ཞེས ་བསྟན་ཏོ།། ཐུགས་རྗེ་ཆེན་པོ་ནི་ཕན་པར་དགོངས་པ་ཉིད་དེ། གང་གིས་དུས་གསུ་ཐམས་ཅད་དུ་བཅོམ་ལྡན་འདས་འཇིག་རྟེན་ལ་ཉིན་ལན་གསུམ་མཚན་ལེན་གསུམ་རྟོགས་པར་མཛད་དོ།། ཇི་ལྟར་རྟོག་པར་མཛད་ཅེ་ན། སུའི་དགེ་བའི་རྩ་བ་ནི་ཡོང ་སུ་མ་སྨིན། སུའི་དགེ་བའི་རྩ་བ་ནི་ཡོངས་སུ་སྨིན། སུ་ཞིག་མངོན་པར་མཐོ་བ་བསྟན་པའི་སྣོད་ཡིན། སུ་ཞིག་ནི་ངེས་པར་ལེགས་པ་བསྟན་པའི་སྣོད་ཡིན། སུ་ཞིག་ནི་སངས་རྒྱས་སུ་འབྱོར་པའི་སྣོད་ཡིན། གང་ཞིག་ལ་ཅི་ཞིག། ་བྱ་ཞེས་རྟོག་པར་མཛད་དོ།། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི། དེ་བཞིན་གཤེགས་པ་ལ་འཁྲུལ་པ་མི་མངའོ།། ཅ་ཅོ་མི་མངའོ།། དགོངས་པ་ཉམས་པ་མི་མངའོ།། འདུ་ཤེས་སྣ་ཚོགས་མི་མངའོ།། ཐུགས་མཉམ་པར་མི ་བཞག་པ་མི་མངའོ།། སོ་སོར་མ་བཏོགས་པའི་བཏང་སྙོམས་མི་མངའོ།། འདུན་པ་ཡོངས་སུ་ཉམས་པ་མི་མངའོ།། བརྩོན་འགྲུས་ཡོངས་སུ་ཉམས་པ་མི་མང་།། དྲན་པ་ཡོངས་སུ་ཉམས་པ་མི་མངའོ།། ཏིང་ངེ་འཛིན་ཡོངས ་སུ་ཉམས་པ་མི་མྱང་ངོ་།། ཤེས་རབ་ཡོངས་སུ་ཉམས་པ་མི་མྱངའོ།། རྣམ་པར་གྲོལ་བ་ཡོངས་སུ་ཉམས་པ་མི་མངའོ།། སྐུའི་འཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་། ་གསུང་གི་འཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་། ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་།། ཐུགས་ཀྱི་འཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་། ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་།། འདས་པའི་དུས་ལ་མ་ཆགས། མ་ཐོགས་པའི་ཡེ ་ཤེས་གཟིགས་པ་འཇུག་གེ། མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་གོ། མ་འདྲེས་པའི་བཤད་པ་ནི་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པར་རྣམ་པར ་འགྲེལ་པ་ལས་ཇི་སྐད་བསྟན་པ་བཞིན་ནོ།། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཞེ་ན། ལ་ལ་ནི་བདེན་པ་བཞི་ལ་དམིགས་པའི་རྣམ་པར་ཤེས་པ་རྣམ་པ་བཅུ་དྲུག་གིས་བསྡུས་པ་ཡིན་ནོ།། ཞེས་ཟེར་རོ།། གཞན་དག་ནི་དེ་དག་དང ་ཡང་ཆོས་ཐམས་ཅད་དངོས་པོ་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། བཟོད་པ་ནས་ཞི་བ་དང་། རང་བཞིན་གྱིས་མྱ་ངན་ལས་འདས་པོའི་རྣམ་པའི་ཡེ་ཤེས་ཀྱིས་བསྡུས་པ་ཡིན་ནོ།། ཞེས་ཟེར་རོ།། ཁ་ཅིག ་ན་རེ་འདིར་གཉེན་པོའི་ཕྱོགས་ཀྱིས་བསྡུས་པའི་རྣམ་པར་འཆད་པར་འདོད་པ་ནི་མ་ཡིན་ཏེ། དེ་ལྟ་མོད་ཀྱི་དོན་ཐམས་ཅད་ཡོངས་སུ་རྫོགས་པ་ཉིད་དུ་འཆད་དེ། དེ་ལྟ་བས་ན་ཡིད་བཞིན་གྱི་ནོར་བུ་དང་འདྲ་བར་སེམས ་ཅན་ཐམས་ཅད་ཀྱི་འདོད་པའི་དོན་ཁ་ན་མ་ཐོ་བ་མེད་པ་འགྲུབ་པར་འགྱུར་རོ།། ཞེས་ཟེར་རོ།། ཡང་གཞན་དག་ནི་རྣམ་པ་ཐམས་ཅད་སྤངས་པའི་དབང་དུ་བྱས་པ་ཉིད་ཡིན་པའི་ཕྱིར་དེ་ནི། རྣམ་པ་ཐམས་ཅང་མཁྱེན་པ་ཉིད ་ཅེས་བྱའོ།། ཞེས་ཟེར་རོ།། དེ་ཡང་འདི་ལྟར་གཞན་ནི་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་དང་། དྲག་ཆགས་ཀྱི་སྒྲིབ་པ་སྦྱངས་པ་རྣམ་པོ་གསུམ་ཆར་ཡང་མངའ་བ་ཡིན་ནོ།། ཞེས་ཟེར་རོ།། རྣམ་པ་ཐམ ་ཅད་མཁྱེན་པ་ཉིད་བཤད་པ་འདྲི་དག་ཐམས་ཅད་ཀྱང་ལེགས་མོད་ཀྱི། སྐྱབས་ཀྱི་ཤེས་བྱའི་གནས་སྐྱེ། བུས་ལ་སོགས་པ། རྣམ་པ་བཅུ་པོ་ཀུན་གཞིའི་རྣམ་པར་ཤེས་པ་ལ་སོགས་པས་བསྡུས་པའི་སྙི་ང་པོ་ཡོད་པའི་ཕྱིར། ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཤིན་ཏུ་ལེགས་སོ།། ཞེས་སློབ་དཔོན་བཟང་སྐྱོང་གོས་བཤད་དེ། འདི་ཉིད་ནི་ཤིན་ཏུ་ལེགས་པ་ཡིན་ཏེ། དམིགས་པ་ཡོངས་སུ་གྲུབ་པ་ནི། རྣམ་པ་ཐམས་ཅད་མཁྱེན་པའི་དབང་དུ ་མཛད་ནས། རབ་འབྱོར་གང་ལ་དམིགས་པའི་ངོ་བོ་ཉིད་མེད་པ་དང་། བདག་པོའི་རྐྱེན་དྲན་པ་ཡིན་པ་དང་། རྣམ་པ་ཞི་བ་དང་ལྡན་པའི་མཚན་ཉིད་མེད་པའི་མཚན་ཉིད་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ།། ། ་ཞེས་བསྟན་པ་ཡིན་ནོ།། དེ་ལ་དྲད་པ་བདག་པོའི་རྐྱེན་ཅེས་བྱ་བ་ནི། གང་དེ་དང་དོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། རག་ཏུ་ལྡན་པའི་ཡིད་ལ་བྱེད་པའི་ཕྱིར་རོ།། ཞེས་བསྟན་པ་ཡིན་ནོ། དེ་ཡང་འདིར་ངོ ་ཉིད་ཆོས་ཀྱི་སྐུ་ཡིན་ནོ། རྒྱ་ནི་ཡོངས་སུ་སྨིན་གྱུར་ནས།། གང་དང་གང་ལ་གང་དང་ནི། གང་ཚེ་བྱ་བ་ཕན་གྱུར་པ།། དེ་དང་དེ་ལ་དེ་སྣང་ངོ་།། ཞེས་བྱ་བ་ནི་སྤྲུལ་པ་སྣང་ངོ་།། ཞེས་དགོངས་པ་ཡིན་ནོ།། ། ་དེ་ལྟར་བྱས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་མཛོད་ལ་སོགས་པའི་སེམས་ཅན་ཐམས་ཅད་ལ་ཇི་ལྟར་བྱ་ཞེས་པའི་ཚུལ་དུ་གནས་ཏེ། སེམས་ཅན་དམན་པ་རྣམས་ལམ་ལ་གནས་སུ་ཟིན་ཀྱང ་རང་གི་རྒྱུ་ཡོངས་སུ་སྨྱིན་པ་དང་བྲལ་བས་ད་རུང་ཡང་དགེ་བའི་རྩ་བ་ཅན་གྱི་སྡུག་བསྔལ་ལས་རྣམ་པར་གྲོལ་བར་མ་གྱུར་པས་འཐེང་པོ་ཡིན་ནོ།། དེ་ལྟར་ཡང་། ལྷ་ཡི་རྒྱལ་པོས་ཆར་བབ་ཀྱང་།། ས་བོན་མི་རུང་མི་འཁྲུངས་ལྟར ་སངས་རྒྱས་རྣམས་ནི་ཟུང་གྱུར་ཀྱང་།། སྐལ་བ་མེད་པས་བཟུང་མི་མྱོང་།། དེ་ལྟར་མཛད་པ་རྒྱུ་ཆེའི་ཕྱིར།། སངས་རྒྱས་ཁྱབ་པར་ངེས་པར་བརྗོད།། དེ་ཉིད་ཟད་པ་མེད་པའི་ཕྱིར།། རྟུག་པ་ཞེས་ཀྱང་བརྗོད་པ་ཡིན།། ཞེས ་བསྟན་པ་ཡིན་ནོ།། དགོངས་པ་འདི་སངས་རྒྱུས་ནི་ཐམས་ཅད་དུ་སོན་པ་དང་། རྟག་པ་ཡིན་པར་བཤང་པོས་སྤྲོས་པ་དང་འགལ་བར་གྱུར་པ་མ་ཡིན་ནོ།། ངོ་བོ་ཉིད་ཀྱི་སྐུ་བསྟན་ནས། ད་ནི་ལོངས་སྤྱོད་རྫོགས་པའི་སྐུ་བསྟན་པར ་བྱ་བའི་ཕྱིར། མཚན་ནི་སུམ་ཅུ་རྩ་གཉིས་དང་། དཔེ་བྱང་བ་རྒྱུད་ནུ་རི་བདག་ཉིད་འདི།། ཐེག་ཆེན་ཉེ་བར་ལོ་ངས་སྤྱོད་ཕྱིར།། ཐུབ་པའི་ལོངས་སྤྱོད་རྫོགས་སྦྱར་བཞིང་།། ཅེས་བསྟན་པ་ལ། སྐུ་ངས་སངས་རྒྱས་བཅོམ ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ཆེན་པོ་ལ་ཞུགས་པ་རྣམས་དང་། ཐབས་ཅིག་ཏུ་ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་ཀྱི་དགའ་བ་དང་། བདེ་བ་ཤིན་ཏུ་ཁ་ན་མ་ཐོ་བ་མེད་པ་ཉེ་བར་ལོངས ་སྤྱོད་པར་མཛོད་པ་ཡིན་ནོ།། ཡང་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་དེ་དག་ཀྱང་གང་ཞེ་ན། ཕྱག་ཞབས་འཁོར་ལོའི་མཚན་དང་རུ་སྭ་ལ་ཞབས།། ཕྱག་དང་ཞབས་སོར་དྲོ་བས་འབྲེལ་པ་དང་།། ། ཕྱག་ནི་ཞབས ་བཅས་འཇམ་ཞིང་གཞོན་ཤ་ཆགས།། འདི་ཡི་སཱུ་ནི་བདུན་དག་མཐོ་བ་དང་།། སོར་མོ་རི་དང་རྟིང་ཡངས་སྐྲ་ཆུ་དྲང་།། ཞབས་ལོང་མི་མངོན་སྤུ་ནི་གྱེན་དུ་ཕྱོགས། བྱིན་པ་ཨེ་ཎྱེ་ལ་འདྲ་ཕྱུག་རིང་མཛེསཽ།། མ་ངོམས་ཀྱི ་སྦ་བ་སྦུབས་སུ་ནུབ་པའི་མཆོག། པགས་པ་གསེར་མདོག་པགྲས་པ་སྲབ་པ་དང་།། སྥུ་ནི་ར་རེ་ནས་གཡས་ལེགས་པར་འཁྱངས།། ཞལ་མ་ཛོད་སྤྱས་པ་རྒྱན་རོ་སྟོ་སེང་གེའི་འདྲ།། འདི་ཡི་དཔུང་པའི་མགོ་ཟླུམ ་ཐལ་གོ་ང་རྒྱས། འདི་ལ་རོ་མི་ཞིམ་པ་རོ་མཆོག་སྣང་།། སྐུ་ནི་ནྱ་གྲོ་དྷ་ལྟར་ཆུ་ཞིང་ག་བ།། གཙུག་ཏོར་ཡར་འཕགས་ལྗགས་རིང་མཱཛེས་པ་དང་།། ཚངས་དབྱངས་འགྲམ་པ་སེང་ཀའི་འདྲ་དང་ཚེམས།། ཤིན་ཏུ་དཀཱར་དང་ཚད ་མཉམ་ཐགས་བཟང་དང་།། གྲངས་ནི་བཞི་བཅུ་ཐམ་པར་ཆེ་ངོ་བོ་དང་།། སྤྱན་ནི་མཐོན་མཐི་ང་སྤྱན་རྫིབ་མཆོག་གི། འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན། ཞེས་བྱ་བ་ལ་དེ་ལ་ཕྱག་ཞབས་འཁོར་ལོའི་མཚན་དང་། ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་ཕྱག་དང་། ཞབས་ཀྱི་མཐིལ་ལ། འཁོར་ལོ་རྩིབས་སྟོང་དང་ལྡན་པ། མུ་ཁྱུད་དང་ལྡན་པ། ལྟེ་བ་དང་བཅས་པ། རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ། ་རུས་པའམ། བ་སོ་ལ་བརྐོས་པ་དྲོང་འདྲ་བ་སྐྱེས་པར་གྱུར་པ་མངའ་བར་གྱུར་པ་ཡིན་ནོ།། ཞབས་གཉིས་ཀྱི་འཐིལ་ས་ལི་མཉམ་པར་འཇོག་བྲི་ཅིང་ཞབས་མཁུམ་པ་མེད་པས་ཞབས་ཤིན་ཏུ་གནས་པ་དང་། དང་པའི ་རྒྱལ་པོ་ལྟར་ཕྱག་དང་། ཞབས་ཀྱི་སོར་མོ་དྲོ་བར་འགྲེལ་བ་དང་། ཕྱག་དང་ཞབས་ཀྱི་འཐིལ་ཤིང་བལ་གྱི་མདབ་མ་ལྟར་ཤིན་ཏུ་འཇམ་ཤིང་། གཞོན་ཤ་ཆགས་པས། ཕྱག་དང་ཞབས་གཞོན་ཞིང་འཇམ་པ་དང་། ་ཕྱོག་དང་། ཞབས་དང་། དཔུང་མགོ་གཉིས་དང་། ལྷག་པའི་ཕྱོགས་མཐོ་བའི་ཕྱིར་རོ།། བདུན་ཤིན་ཏུ་མཐོ་བ་དང་། ཕྱག་དང་། ཞངས་ཀྱི་སོར་མེ་རིང་བྱས་སོར་མོ་རིང་བ་དང་། རྟིང་པ་རིང་བས་རྙིང་པ་ཡངས་པ་དང་། ་མོན་ཞིང་མངན་དུ་འཕགས་ལ། སྤུ་དྲང་བས་སྐུ་ཆེ་ཞིང་དྲང་བ་ཉིད་དང་། པུས་མྲྀའི་ལྷ་དང་། ལོང་བུ་མཛེས་པར་ནུབ་པས་ན། ཞབས་ལེགས་པར་མཐོ་བ་དང་། སྤུ་གྱེན་དུ་གེ་ཡས་ཕྱོགས་སུ་འཁྱིལ་བས་ན། སྒྲ་སྟེན ་དུ་ཕྱོགས་པ་དང་། རི་དགས་ཤ་བ་དང་། ཨེ་ཎཾ་ཡའི་བྱིན་པ་ལྟ་བུ་ནི། དྲང་ཞིང་མ་ཉམས་ལ་རིམ་གྱིས་གཞོལ་བར་གྲུབ་ཅིང་། བྱིན་པ་ཟླུམ་པས། རི་དགས་ཨེ་ཎེ་ཡཾའི་བྱིན་པ་ལྟ་བུ་དང་། བཪྻ་དྲང་པོར་བཞག་སྟེམ ་བདུད་ཀྱང་ཕྱག་གཉིས་ཀྱིས་པུས་མོའི་ལྷ་ང་ལ་སླེབ་པས། ཕྱག་རིང་ཞིང་མཛེས་པ་ཉིད་དང་། གླང་པོ་ཆེ་དང་། རྟ་ནང་ཤེས་ལྷུར་གསང་བའི་གནས་ཤིན་ཏུ་མཛེས་པར་སྦུབས་སུ་ནུབ་པས། མདོམས་ཀྱི་ལྔ་པ་སྦུབས་སུ་རུ ་པ་དང་། ཤིན་ཏུ་སྦྱངས་པའི་གསེར་གྱི་ཁ་དོག་དང་ལྡན་པསཽ། གསེར་གྱི་ཁ་དོག་དང་འདྲ་བ་ཉིད་དང་། གསེར་དང་དངུལ་ཤིན་ཏུ་སྦྱངས་པ་ལྟར་འཇམ་ཞིང་སྙོམས་པའི་མདོག་ཏུ་འདུག་པ་དང་། སྒྲ་ལ་རྡུལ་མོ་གོས་པ་དེ ་པགྲས་པ་འཇམ་པ་ཉིད་དང་། ཤིན་ཏུ་རྣམ་པ་ཕྱེ་བའི་སྤུ་རེ་རེ་ནས་སྐྱེ་ཞིང་གཉིས་སུ་མེད་པས། སྥུ་རྱེ་ར་ནས་ཕྱོགས་གཡས་སུ་འཁྱིལ་བ་ཉིད་དང་། མེ་ཏོག་ཀུན་དུ་དང་། ཁ་བ་དང་། འོ་མེ་དང་། ཟླ་བ་བརྒྱ་ལས་འཕག ་པའི་འོད་གསལ་བའི་མཛོད་སྤུས་སྨིན་མཚམས་སུ་བརྒྱན་པས་ཞྭ་ལ་མཛོད་སྤུས་བརྒྱན་པ་ཉིད་དོ།། མཛོད་སྤུ་ཞེས་བྱ་བ་ནི་སྤྱི་འཇམ་ཞིང་དཀར་བ་གཡས་ཕྱོགས་སུ་འཁྱིལ་བས་གནས་པ་ཉིད་དོ།། སྐུའི་རོ་སྟོང ་སེང་གེ་དང་འདྲ་བ་ཉིད་དང་། མགུར་དང་། རྒྱུད་ལེགས་པར་འབྲེལ་ཞིང་ཕྲག་པ་མཛེས་པར་གྲུབ་པས། དཔུང་མགོ་ཤིན་ཏུ་ཟླུམ་པ་ཉིད་དང་། གསེར་གྱི་གཏན་པ་ཕྱིས་ལྟར་ཕྲག་སོ་ལེགས་པར་གྲུབ་པས་ཐལ་གོང་རྒྱས་པ ་ཉིད་དང་། རླུང་དང་མཁྲིས་པ་དང་། བད་ཀན་གྱིས་ལྗགས་མ་ཉམས་པ་དང་། རོའི་དབྱེ་བ་མཁྱེན་པ་ཉིད་དང་། རྣམ་པར་ཤེས་པ་འདྲ་བ་མེད་པས་རོ་བྲོ་བའི་མཆོག་མཁྱེན་པ་ཉིད་དང་། སྣའི་ཞེས་མངམ ་དུརྲ་ཉས་པས་ན། ནྱེ་གྲོ་དྷ་ལྟར་ཆུ་ཞེང་གྲུབ་པ་ཉིད་དང་། སྤྱི་གཙུག་ཟླུམ་ཞིང་ལེགས་ལ་གཡས་ཕྱོགས་སུ་འཁྱིལ་བ་དང་། ལྡན་པའི་དབུ་མཉམ་ཞིང་ལེགས་པར་གྲུབ་ལ། བལྟ་ན་མཛེས་པ་མངའ ་བཱས་དབུ་གཙུག་ཏོར་དང་ལྡན་པ་ཉིད་དང་། མེ་ཏོག་ཨུཏྤ་ལི་དམར་པོའི་འདབ་མའི་མདོག་ལྟར་འདུག་ཅིང་ཤིན་ཏུ་ཡངས་པས་ལྗགས་རིང་ཞིང་སྲབ་པ་ཉིད་དང་། ཚངས་པ་དང་། ཀ་ལ་བིངྒ་ལྟ་བུའི་གསུང་མངའ་བས་ཚངས་པའི་དང ་ཉིད་དང་། འགྲམ་པ་མེ་ལོང་གི་དཀྱིལ་འཁོར་ལྟར་ལེགས་པར་གྲུབ་ཅིང་མཛེས་པ་འཁྲུངས་ཏེ། བལྟ་ན་སྡུག་པས་འགྲམ་པ་སེང་གེའི་འདྲ་བ་ཉིད་དང་། མེ་ཏོག་ཀུན་པ་དང་། ཟླ་བ་དང་། དུང་གི་བཅག་འཕྲོ་ལྟར་ཤིན་ཏུ་དཀར་བའོ ་ཚོམས་མངའ་བས་ཚེམས་དཀར་བ་ཉིད་དང་། ཚེམས་ལ་མཐོ་དམན་མེད་པས་ཚེམས་མཉམ་པ་ཉིད་དང་། ཚམས་པར་མཚམས་དྲོད་པ་མེད་པས་ཆེམས་ཐགས་བཟང་བ་ཉིད་དང་། བླ་འོག་སྐྱེ་རྒུ་མེད་པས་ཚེམས་མེཉམ་ཞིང་བཞི་བཅུ་ཚང ་བ་ཉིད་དང་། དཀར་ནུག་གི་ཆ་མ་འབྲེལ་བ་དང་། ཤིན་ཏུ་རྣམ་པར་དག་ཅིང་མདོག་དམར་པོས་མ་གཡོགས་པར་སྤྱན་དཀར་ནག་འབྱེས་པས་སྤྱན་མཐོན་མཐིང་ཉིད་དང་། རྫི་མ་སྟེང་འོག་ཏུ་མ་འཛིངས་ཤིང་། བའི་རྗེ་མ་ལྟ་བུ་མེད ་བས་ན་དེ་བཞིན་གཤེགས་པའི་སྡོམ་པའི་ལྟ་བུ་ཉིད་དོ།། འདི་ལ་མཚན་ནི་གང་གང་གི། འགྲུབ་པར་བྱེད་པའི་རྒྱུ་གང་ཡིན། དེ་དང་དེ་ནི་རབ་རྫོགས་པས། མཚན་ནི་འདི་དག་ལང་དག་འགྲུབ།། ཅེས་བྱ་བ་ལ། ལོངས་སྤྱོད་རྫོགས ་པའི་སྐུ་དེའི་མཚན་རྣམས་ཀྱི་སྔོན་གྱི་རྒྱུ་ལས་དེ་དག་ཡང་དག་པར་གྲུབ་པས། མཚན་ཡོངས་སུ་རྫོགས་པར་ཤེས་པར་བྱའོ།། ཡང་མཚན་གང་གིས་སྔོན་རྒྱུ་ཡོངས་སུ་སྦྱངས་པའི་ལས་དེ་དག་གང་ཞེ་ན། བླ་མ་སྐྱེལ་ལ་སོགས་པ་དང་། ་ཡང་དགེ་བླངས་ལ་བརྟེན་པ་དང་།། བསྡུ་པ་བསྟེན་དང་གྱ་ནོམ་པའི།། དངོས་པོ་སྦྱིན་དང་གསང་བྱ་བ། ཐུར་པར་བྱེད་པ་དགེ་བ་ནི། ཡང་དག་བླངས་པ་སྤེ་ལ་ལ་སོགས། སྒྲུབ་བྱེད་རྒྱུའི་མཚན་ཉིད་ནི།། མདོ་ལས་ཇི་སྐད་འབྱུང་བ ་བཞིན་དུ་ཞེས་བྱ་བ་ལ། དེ་ལ་མདོ་ལས། བླ་མ་བསུ་བྱ་དང་། བསྒྱེལ་བ་དག་དང་། ཆོས་མཉན་བུ་ལ་སྡོད་པ་དང་། གཙུག་ལག་ཁུང་དང་། མཆོད་རྟེན་ལ་ཕྲེང་བ་དང་། བཤེས་ཁྲོ་དབུ་ལི་བ་དང་། སྦྱོར་བ་ལ་སྩོགས་བྱས་པ་དང་། ་གཡོག་འཁོར་བྱོན་པས། ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པར་འགྱུར་ཏེ། དེ་ནི་འཁོར་ཤིན་ཏུ་མང་བའི་སྡེ་བལྟས་སོ།། ཡི་དམ་ལ་ཤིན་ཏུ་བརྟན་པས་ཞབས་ཤིན་ཏུ་གནས་པ་སྟེ། དོ་ནི་མི་གྲཡོ་ཞིང་ཤིན་ཏུ་བརྟེན་པའི ་སྔ་ལྟས་ཏེ། གོང་གི་རང་གིས་རྟོགས་པའི་ཆོས་ལས་གཞན་གྱིས་གཡོ་བར་མི་ནུས་པའོ།། བསྡུ་བའི་དངོས་པོ་ཀུན་དུ་བསྟེན་པས་ཕྱག་དང་ཞབས་དྲ་བར་འབྲེལ་པ་སྟེ། དེ་ནི་མྱུར་དུ་འདུ་བའི་སྔ་ལྟས་ཏེ། གང་གྲིས་མ་བསྡུས ་པའི་སེམས་ཅན་རྣམས་མྱུར་དུ་སྡུད་པའོ།། བཟའ་བ་དང་། བཅའ་བ་དང་། བཏུང་བ་རོ་ཞིམ་ཞིང་བསོད་པ་བྱིན་པས་ཕྱག་དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་དང་། བདུན་ཤིན་ཏུ་མཐོ་བ་སྟེ། དེ་གཉིས་ནི་བཟའ་བ་དང་། ་བཅའ་བ་དང་། བཏུང་བ་རོ་ཞིམ་ཞིང་བསོད་པ་བྱིན་པའི་སྔ་ལྟས་སོ།། བཅིངས་པ་དཀྲོལ་བ་དང་། སྲོག་གི་རིམ་གྲོ་བྱས་པ་དང་། སྲོག་གཅོད་པ་སྤངས་པས་སོར་མོ་རིང་བ་དང་། རྙིང་པ་ཡངས་པ་དང་། སྐུ་ཆེ་ཞིང ་དྲང་བ་དང་། སྐུ་ཚེ་རིང་བའི་སྔ་ལྟས་སོ།། དགེ་བའི་ཆོས་ཡང་དག་པར་བླངས་པ་དང་། དགེ་བ་བཟུང་བ་སྤེལ་ཞིང་འགྲིབ་པར་མ་བྱས་པས། ཞབས་ཀྱི་ལོང་བུ་མི་མངོན་པ་ཉིད་དང་། སྐུའི་སྤུ་གྱེན་དུ་ཕྱོགས་པ་སྟེ། དེ་ནི་མི་མཉམ་པའི ་ཆོས་དང་ལྡན་པའམ། གདུལ་བྱེ་རྣམས་འདུལ་བའི་སྔ་ལྟས་སོ།། འདིར་གདུལ་བྱ་ནི་གང་ཞིག་ཡང་དག་པར་བསྡུས་པའི་སེམས་ཅན་གྱི་ཁམས་དེ་ཡོངས་སུ་སྨིན་པར་མཛད་པའོ།། རིག་པ་དང་བཟོ་ལ་སོགས་པ་གུས་པར་བྱས་ཏེ ་བྱིན་པ་དང་། མཆིལ་ལྷམ་བྱིན་པས་བྱིན་པ་རི་དགས་ཨེ་ཎེ་ཡ་ལྟ་བུ་སྟེ། དེ་ནི་མྱུར་དུ་འཛིན་པའི་སྔ་ལྟས་ཏེ། གང་ཞིག་གཞན་གྱིས་སྨྲ་བ་འམ། བཛྲར་བྱས་པའི་དོན་མྱུར་དུ་འཛིན་པའོ།། ནོར་བདོག་པ་ལྔ་སློངས་མོའི་སྐྱེ་བོ་ཕྱིར་མི ་བཟློག་པར་སྦྱིན་པ་ལ་སོགས་པ་བྱས་པས་ཕྱག་རིང་ཞིང་མཛེས་པ་སྟེ། ཕྱག་རིང་ཞིང་དྲང་བ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ལ་དྲང་བ་ནི་ནོར་བདོག་ཅིང་ཡོད་པ་བླངས་པ་ན་སྦེང་པའི་གྱ་གྱུ་མེད་པའི་ཕྱིར་རོ།། རིང་བ་ནི་སློངས་མོ ་བའི་སྐྱེ་བོ་ཕྱིར་མ་ཟློག་པ་དང་། སྐབས་རྙེད་པར་བྱ་བའི་ཕྱིར་རོ།། དེ་ནི་ཡོ་བྱད་མང་བ་དང་། དུལ་བའི་སྔ་ལྟས་སོ།། ཞེས་བྱ་བ་ནི་སེམས་ལ་དབང་བས་སེར་སྣའི་གཞན་གྱི་དབང་དུ་མི་འགྲོ་བའི་ཕྱིར་དང་། ཉོན་མོངས་པ་ཐུལ ་བས་རྣམ་པ་ཐམས་ཅད་དུ་མྱི་མཐུན་པའི་ཕྱོགས་དང་མ་འདྲེས་པའི་ཕྱིར་རོ།། གྲོགས་པོ་དང་། མཛའ་བཤེས་དང་། གཉེད་འདབ་མ་ཕྱེ་བ་དང་། བྱེ་བར་ལྟ་བའ་སེམས་ཅན་བསྟམས་པ་དང་། ཚུངས་པར་སྤྱོད་པ་ལྔ་ཡང་དག་པར ་བསྐུལ་བ་དང་། གསང་བའི་ཚིག་ཡོངས་སུ་བསྲུངས་པས། མངོམས་ཀྱི་ལྟ་བ་སྦུབས་སུ་ནུབ་པ་སྟེ། དེ་ནི་བུ་མང་བའི་སྔ་ལྟས་སོ།། ཞེས་བྱ་བ་ནི་འཁོར་བ་ཇི་སྲིད་པར་སངས་རྒྱས་ཀྱི་གདུང་རྒྱུན་མི་འཆང་པོ་ཡིན་པའི་ཕྱིར་རོ།། སྟན་དང ་གོས་དང་། ཁང་པ་དང་གཞལ་མེད་ཁང་དང་། གནས་བཟང་པོ་བྱིན་པས། མདོག་གསེར་དང་། འདྲ་བ་དང་། ཕགས་པ་ཤིན་དུ་འཇམ་པོ་སྟེ། དེ་གཉིས་ནི་གདན་དང་། ན་བཟའ་དང་། གཞལ་མེད་ཁང་དང་། གནས་བཟང་པོ་ཐོབ་པའི ་སྔ་ལྟས་སོ།། འདུ་འཛི་སྤངས་པ་དང་། མཁན་པོ་དང་། སློབ་དཔོན་དང་། ཕ་མ་དང་། ཕུ་ནུ་དང་། སྲིང་མོ་ལ་སོགས་པ། བླ་མ་རྣམས་ལ་ཇི་ལྟར་འཛམ་པར་རིམ་གྲོ་བྱས་པ་དང་། བཙུན་པར་བྱས་པ་དང་། བཅོལ་བ་ལ ་བསྒོ་བ་རྣལ་མ་གཟོན་པས། སྥུ་རཱི་རེ་ནས་གཡས་ཕྱོགས་སུ་འཁྱིལ་བ་དང་། ཞལ་མཛད་སྤྲས་བརྒྱན་པ་སྟེ། དེ་ནི་མཉམ་པ་མེད་པ་ཡི་སྡེ་ལྟས་སོ།། མི་སྐྲུན་པ་མི་ཟེར་ཞིང་མི་སྤྱོང་པར་སྙན་པདྨ་སྨྲ་ཞིང་ལེགས་པར ་བཤད་པ་ལ་མཐུན་པར་འཛིན་པས། རོ་སྟོད་སེང་གེའི་ལྟ་བུ་དང་། དཔུང་མགོ་ཤིན་དུ་ཟླུམ་པར་གྲུབ་པ་སྟེ། དོ་ནི་ཐུབ་པ་མེད་པའི་སྔ་ལྟས་སོ།། ཞེས་བྱ་བ་ནི་ཡེ་ཤེས་དང་མཐུ་ཐོགས་པ་མེད་པའི་ཕྱིར་རོ།། ནད་པ་རྣམས ་ལ་སྨན་དང་། རིམ་གྲོ་དང་། སྨན་པ་དང་། ཕན་པའི་ཟས་བྱིན་པ་དང་། རིམ་གྲོ་བྱས་པས་ཐལ་གོང་རྒྱས་པའོ།། ཞེས་བྱ་བ་འདི་ནི་ཕྲག་པ་གཉིས་ཀྱི་ཕྱོགས་ཤ་རྒྱས་པ་ཡིན་པའི་ཕྱིར་རོ།། རོ་བྲོ་བའི་མཆོག ་མཁྱེན་པ་ཞེས་བྱ་བ་ནི་རྣམ་པར་སྨིན་པ་བརྙེས་པ་ངེས་པ་ཉིད་ཀྱིས། བཅོམ་ལྡན་འདས་ལྗགས་ཀྱི་དབང་པོ་རོ་མི་ཞིམ་པ་དག་དང་། ལྗགས་ཀྱི་དབང་པོར་ཕྱིན་པ་དང་། རོ་མཆོག་ཉིད་དུ་སོ་སོ་བཏར་བར་མཛོད་པ་སྟེ། དེ་ནི་ནད་ཉུང་བའི ་སྔ་ལྟོས་སོ།། སྐྱེས་མོས་ཚལ་དང་། ཀུན་དགའ་ར་པ་དང་། བཏུང་བ་དང་། རྫིང་བུ་དང་། རྒལ་དཀའ་བ་ལ་ཟམ་པ་དང་། ཁ་ཟས་དང་། གཙུག་ལག་ཁང་གི་ཕྲེང་བ་དང་། སྟེགས་དང་། གཙུག་ལག་ཁང་ལ་སོགས་པ་གཞན་མོས ་པར་བྱ་བ་སྔོན་དུ་སོང་ཞིང་བདག་གིས་གཞན་ལ་བྱིན་པས། ཤིང་ནྱ་གྲོ་དྷ་ལྷར་ཆུ་ཞང་གབ་པ་ཞེས་བྱ་སྟེ། ཕྱག་གི་མདོམ་བརྐྱང་བའི་ཞེང་གྲི་ཚད་ཇི་ཙམ་པ་ཞབས་ནས་བརྩམས་ཏེ། དབུའི་བར་དུ་དཀྱུས་ཚད་དེ་ཙམ་ཁོ་ན་ཡོད་པའི་ཕྱིར། ་རོརོ། དབུ་སྤྱི་གཙུག་དང་ལྡན་པ་སྟེ། དེའི་མངའ་ཐང་ཆེན་པོ་བརྙེས་པའི་སྔ་ལྟས་སོ།། ཡུན་རིང་པོར་ཚིག་སྙན་ཞིང་འཇམ་པ་དང་། ཡིད་དུ་འོང་བ་གསུང་བས་ལྗགས་ཤིན་ཏུ་ཡངས་ཤིང་སྲབ་པ་ཞེས་བྱ་བ་ནི་བཞེད་ན། སྟོང ་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལྗགས་ཀྱིས་ཁེབས་པར་མཛད་པའི། གསུང་གཅིག་བརྗོད་པས་རྣམ་པ་དུ་མར་གོ་བར་མཛད་པའི་ཚངས་དབྱངས་ཞེས་བྱ་བ་ནི། འཇིག་རྟེན་གྱི་ཁམས་མང་པོའི་ནང་ན་བར ་ཆད་པས། གནས་པའི་གདུལ་བྱ་རྣམས་ཀྱི་རྣ་བའི་དབང་པོའི་ཡུལ་དུ་མཚུངས་པར་གྱུར་པའི་གསུང་དབྱངས་མངའ་བའི་ཕྱིར་རོ།། དེ་གཉིས་ནི་ཡན་ལག་ལྔ་དང་ལྡན་པའི་གསུང་མངའ་བའི་སྔ་ལྟས་སོ།། གསུང་དབྱངས་ཡན་ལག་ལྔ་དང ་ལྡན་པ་ཞེས་བྱ་བ་ནི་ཡོངས་སུ་ཤེས་ཤིང་། རྣམ་པར་ཤེས་པར་འགྱུར་པ་དང་། མཉན་ན་དགའ་ཞིང་མི་མཐུན་པ་མེད་པ་ཉིད་དང་། ཟབ་ཅིང་དབྱངས་རྗེས་སུ་འགྲོ་བ་དང་། གཏམ་མི་དྲ་ཞིང་རྣར་མཉན་པ་དང་། མ་འཁྲུགས་ཤིང་གསལ་བའོ།། ། ་མ་འཁྲུགས་པ་ཞེས་བྱ་བ་ནི་ལེགས་པར་གོ་བར་བྱེད་པའོ།། དེ་ཉིད་ཀྱི་ཕྱིར་གསལ་བྱ་ཞེས་བྱ་སྟེ། གདུལ་བྱའི་སྐྱེ་བོ་རྣམས་པ་སྣ་ཚོགས་ཀྱི་རྒྱུད་ལ་གོ་བཱར་མཛད་པ་ཡིན་པའི་ཕྱིར་རོ།། ཡུན་རིང་པོ་ནས་ཚིག་འཁྱལ་པ་སྤོང་ཞིང་དུས་སུ ་སྨྲ་བར་གསུངས་པ་ནི། འགྲམ་པ་སེང་གེ་འདྲ་སྟེ། དེ་ནི་ཚིག་ཀུན་གྱིས་བཟུང་བར་འོས་པའི་སྡེ་ལྟས་སཽ།། རིམ་གྲོ་བྱས་པ་དང་། བརྙས་པ་མེད་པ་ཉིད་ཀྱིས་འཚོ་བ་ཡོངས་སུ་དག་པས། ཚེམས་ཤིན་ཏུ་དཀར་བ་ཉིད་དང་། ཚེམས་མཉམ ་པ་སྟེ། དེ་འཁོར་སྔ་ནས་བསགས་པའི་སྔ་ལྟ་ས་སོ།། ཡུན་རིང་པོ་ནས་བདེན་པའི་ཚིག་དང་། ཕྲ་མ་མེད་པའི་ཚིག་ཏུ་སྤྱོད་པས་ཚེམས་ཐག་བཟང་བ་དང་། ཚེམས་བཞི་བཅུ་མངའ་བ་སྟེ། དོན་འཁོར་མི་ཕྱེད་པའི་སྔ་ལྟས་སོ།། ། ་ཞེས་བྱ་བ་སྤྱན་ཕྱེ་བའི་ཚུལ་དང་། ཆོས་མཐུན་པའི་ཕྱིར་རོ།། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩེ་གཉིས་བསྟན་ནས།། །། དཔེ་བྱད་བཟང་པོ་བརྒྱད་ཅུ་བསྟན་པ་བྱ་བའི་ཕྱིར་གསུང་པོ་ནི། སངས་རྒྱས ་བཅོམ་ལྡན་འདས་རྣམས་ནི་མངོན་པར་འདུ་བྱ་བ་ཐམས་ཅད་ལས་དབེན་པ་སྟེ། སེན་མོ་ཟངས་ཀྱི་མདོག་ལྟ་བུ་དང་། གཉེན་པཤེས་བྱམས་པ་དང་འདྲ་བར་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཐུགས ་མངའ་བ་སྟེ། སེན་མོ་མདོག་སྣུམ་པ་དང་། རིགས་རྒྱུད་མཐོན་པོ་འོ་བྱུང་བ་སྟེ། སེན་མོ་མཐོ་བ་ཡིན། སྤྱོད་ཚུལ་ཁ་ན་མ་ཐོ་བ་མི་མངའ་བ་སྟེ། སེན་མོ་ཟླུམ་པ་ཡིན། དགེ་བའི་རྩ་བ་ཤིན་ཏུ་བསགས་པ་ཉིད་ཀྱིས་སེན་མོ་རྒྱུས་པ ་དང་། དགེ་བའི་རྩ་བ་རིམ་གྱི་ས་ཞུག་པ་ཉིད་ཀྱིས་སོར་མོ་རྣམས་བྱིན་གྱིས་ཕྲ་བ་དང་། སྐུ་དྲང་གསུང་དང་ཐུགས་ཀྱི་འཕྲིན་ལས་ཀྱི་མཐའ་དང་འཚོ་བཱ་རབ་ཏུ་བསྲུངས་པས་རྩ་མི་མངོན་པ་དང་། ཉོན་མོངས་པའི་མདུད ་པ་འགྲོལ་བར་མཛད་པ་ཉིད་ཀྱིས་རྩ་མདུད་པ་མེད་པ་དང་། ཆོས་ཤིན་ཏུ་གཙང་བའི་བློ་གྲོས་ནྡན་ཉིད་ཀྱིས་ལྡོང་བུ་མི་མངོན་པ་ཉིད་དང་། བགྲོད་དཀའ་བའི་གནས་ཐམས་ཅད་ལས་སྒྲོལ་བར་མཛད་པ་ཉིད་ཀྱིས་ཞབས་མི ་མཉམ་པ་མེད་པ་དང་། མིའི་སེང་གྲེ་ཉིད་ཀྱིས་ན་སེང་གེའི་སྟབས་སུ་བཞུད་པ་ཉིད་དང་། མེའི་གླང་པོ་ཉིད་ཀྱིས་གླང་པོ་ཆེའི་སྟབས་སུ་གཤེགས་པ་ཉིད་དང་། དྲང་པའི་རྒྱལ་པོ་ལྟར་ནམ་མཁའ་ལ་གཤེགས་པ་ཉིད་ཀྱིས ་ང་པའི་རྒྱལ་པོའི་སྟབས་སུ་གཤེགས་པར་མཁས་པ་ཉིད་དང་། མོའི་ཁྱུ་མཆོག་ཏུ་གྱུར་པ་ཉིད་ཀྱིས་ཁྱུ་མཆོག་གི་སྟབས་སུ་གཤེགས་པ་ཉིད་དང་། སྐོར་ཕྱོགས་ཀྱི་ལམ་དང་མཐུན་པར་གཤེགས་པ་ཉིད་ཀྱིས་གཡས ་ཕྱོགས་སུ་ལྡོག་ཅིང་གཤེགས་པ་ཉིད་དང་། ཡོན་ཏན་ཡང་དག་པར་བརྗོད་པ་ཉིད་ཀྱིས་སྐུ་འཁྲིལ་བགུ་ཆགས་པ་ཉིད་དང་། སྡིག་པའི་ཆོས་དང་མ་སྔགས་ལ་ཉིད་ཀྱིས། སྐུ་བྱི་དོར་བྱས་པ་ལྟ་བུ་ཉིད་དང་། འདུལ་བ་དང་འཚམ་པར་ཆོས ་སྦྱིན་པར་མཛད་པ་ཉིད་ཀྱིས་སྐུ་རིམ་པར་འཚན་པ་ཉིད་དང་། སྒྱུ་དང་། གསུང་དང་། ཐུགས་ཀྱི་ཀུན་དུ་སྤྱོད་པ་གཙང་བའི་ཕྱིར། སྐུ་གཙང་བ་ཉིད་དང་། རླུང་བཞིན་གྱིས་ཐུགས་འཇམ་པ་དང་ལྡན་པའི་ཕྱིར། སྒྱུ་འཇམ་པ་ཉིད་དང་། ཐུགས་རང ་བཞིན་གྱིས་རྣམ་པར་དག་པའི་ཕྱིར། སྐུ་རྣམ་པར་དག་པ་ཉིད་དང་། ཆོས་འདུལ་བ་ཡོངས་སུ་རྫོགས་པའི་ཕྱིར། མཚན་རྫོགས་པ་ཉིད་དང་། ཡངས་ཤིང་མཛེས་པའི་ཡོན་ཏན་བརྗོད་པའི་ཕྱིར། སྐུ་ཡངས་ཤིང་བཟང་བ་ཉིད་དང་། ཐམས ་ཅད་ལ་ཐུགས་སྙོམས་པའི་ཕྱིར། གོམས་པ་སྙོམས་པ་ཉིད་དང་། རྣམ་པར་དག་པའི་ཆོས་སྟོན་པའི་ཕྱིར། སྤྱན་རྣམ་པར་དག་པ་ཉིད་དང་། ཆོས་ཤིན་ཏུ་གོ་སླ་བ་སྟོན་པའི་ཕྱིར། སྐུ་ཤིན་ཏུ་གཞོན་ཤ་ཅན་ཉིད་དང་། ཐུགས་རྟག་ཏུ་མ ་ཞུམ་པའི་ཕྱིར། སྐུ་ཞུམ་པ་མེད་པ་ཉིད་དང་། དགེ་བའི་རྩ་བ་ཡང་དག་པར་འཕགས་པའི་ཕྱིར། སྐུ་རྒྱས་པོ་ཉིད་དང་། ཡང་སྲིད་པ་ཟད་པ་ཉིད་ཀྱིས། སྐུ་ཤིན་ཏུ་གྲིམས་པ་ཉིད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཤིན་ཏུ་རྣམ ་པར་ཕྱེ་བ་རབ་ཏུ་སྟོན་པར་མཛད་པ་ཉིད་ཀྱིས། ཡན་ལག་དང་ཉིང་ལག་ཤིན་ཏུ་རྣམ་པར་འབྱེས་པ་ཉིད་དང་། ཚིག་དོན་རྣམ་པར་དག་པ་སྟོན་པས་གཟིགས་པ་རབ་རིབ་མེད་ཅིང་རྣམ་པར་དག་པ་ཉིད་དང་། སློབ་མོ་ཕུན ་སུམ་ཚོགས་པར་གྱུར་པ་ཉིད་ཀྱིས་དཀུ་ཟླུམ་པ་ཉིད་དང་། འཁོར་བའི་སྐྱོན་གྱིས་མ་སྤགས་པ་ཉིད་ཀྱིས། སྐུ་སྐབས་ཕྱིན་པ་ཉིད་དང་། ང་རྒྱལ་གྱིས་འགྱིང་པ་བཅོམ་པ་ཉིད་ཀྱིས། སྒྱུ་མ་རྙོངས་པ་ཉིད་དང ་ཆོས་ཟད་པ་རྣམ་པར་བཟློག་པ་ཉིད་ཀྱིས། ཕྱལ་ཕྱང་ངེ་བ་ཉིད་དང་། ཆོས་ཟབ་མོ་རྟོགས་པ་ཉིད་ཀྱིས་ལྟེ་བ་ཟབ་པ་ཉིད་དང་། སློ་བ་མ་མཐུན་པར་མཛད་པ་ཉིད་ཀྱིས། ལྟེ་བ་གཡས་ཕྱོགསུ་འཁྱིལ་པ་ཉིད་དང་། སློབ་མའི ་ཚོགས་ཀུན་ནས་མཛེས་པར་གྱུར་པ་ཉིད་ཀྱིས་ཀུན་ནས་མཛེས་པ་ཉིད་དང་། ཐུགས་ཤིན་ཏུ་གཙང་བ་ཉིད་ཀྱིས་ཀུན་ཏུ་སྤྱོད་པ་གཙང་བ་ཉིད་དང་། དུས་མ་ཡིན་པའི་ཆོས་འདུལ་བ་ཉིད་དང་བྲལ་བ་ཉིད་ཀྱིས་སྐུ་ལ་སྨེ་བ་གནག ་བག་མེད་པ་ཉིད་དང་། ལུས་ལ་སོགས་པ་ཟློ་མདོག་བདེ་བ་ཉིད་ཀྱིས། ཕྱག་ཤིང་བ.ལཱ་ལྟར་འཇམ་པ་ཉིད་དང་། རང་གི་སྐྱེ་བོ་དང་། སྐྱེ་བོ་ཕུལ་པ་ལ་བྱམས་པ་ཉིད་ཀྱིས། དགེ་སྦྱོང་ཆེན་པོ་བརྙེས་པ་ཉིད་ཀྱི་ཕྱིར། ཕྱག་གི་རི ་མོ་མདངས་ཡོད་པ་ཉིད་དང་། མཆོག་ཏུ་ཟབ་པའི་ཆོས་ལ་གནས་པ་ཉིད་ཀྱིས། ཕྱག་གི་རི་མོ་ཟབ་པ་ཉིད་དང་། ཕྱི་རྗེས་སུ་ཡང་དག་པར་ཡོངས་སུ་དག་པའི་ཆོས་སྟོན་པར་མཛད་པོ་ཉིད་ཀྱིས་ཕྱག་གི་རི་མོ་རིང་བ་ཉིད་དང ་བསླབ་པ་ཧ་ཅང་མི་རིང་བར་འཆའ་བ་ཉིད་ཀྱིས་ཞལ་ཧ་ཅང་མི་རིང་བ་ཉིད་དང་། འཇིག་རྟེན་ཐམས་ཅད་གཟུགས་བརྙན་དང་འདྲ་བར་གཟིགས་པ་ཉིད་ཀྱིས། མཆུ་བིམ་པ་ལྟར་དམར་བ་ཉིད་དང་། ཚིག་འཇམ་པོ་སྔོན་དུ་འགྲོ ་བས་འདུལ་བ་ཉིད་ཀྱིས་ལྗགས་མཉེན་པ་ཉིད་དང་། ཡོན་ཏན་འཐུད་པ་མང་པོ་མངའ་བ་ཉིད་ཀྱིས་ལྗགས་སྲབ་པ་ཉིད་དང་། ཆོས་འདུལ་བ་ལ་བྱིས་པ་ལྟར་ཆགས་པ་ཉིད་ཀྱིས་གཏིང་དཔག་དཀའ་བ་ཉིད་ཀྱིས་ལྕགས་དམར་བ་ཉིད་དང་། ་གླང་པོའི་སྒྲ་དང་། འབྲུག་གི་སྒྲ་ལྟ་བུས་བསྙུངས་པ་མི་མངའ་བ་ཉིད་ཀྱིས་གླང་པོ་ཆེའི་ང་རོ་དང་། དབྱིངས་དང་ལྡན་པ་ཉིད་དང་། སྙན་ཅིང་འཇམ་ལ་ཡིད་དུ་འོང་བར་སྨྲ་བའི་སློབ་མ་མངའ་བ་ཉིད་ཀྱིས་གསུང་སྙན་ཅིང་མཉེན་ལ་འཇམ་པ ་ཉིད་དང་། སྲིད་པ་ཀུན་དུ་བསྡམས་པ་བཅད་པ་ཉིད་ཀྱིས་མཆེ་བ་ཟླུམ་པ་ཉིད་དང་། སྐྱེ་བོ་གདུལ་བར་དཀའ་བ་རྣམས་འདུལ་བ་ལ་མཁས་པ་ཉིད་ཀྱིས་མཆེ་བ་རྣོ་བ་ཉིད་དང་། ཆོས་འདུལ་བ་ཤིན་ཏུ་དཀར་བས་ན་མཆུ་བ་དཀར་བ ་ཉིད་དང་། མཉམ་པའི་ས་ལ་བཞག་པ་ཉིད་ཀྱིས་མཆེ་བ་མཉམ་པ་ཉིད་དང་། མཐར་གྱིས་མངོན་པར་རྟོགས་པ་ཡང་དག་པར་སྟོན་པར་མཛད་པ་ཉིད་ཀྱིས་མཆེ་བ་བྱིན་གྱིས་ཕྲ་བ་ཉིད་དང་། ཤེས་རབ་ཀྱི་རི་བོ་མཐོན་པོ ་ལ་བཞུགས་པ་ཉིད་ཀྱིས་ཤངས་མ་ཐོ་བ་ཉིད་དང་། འདུལ་བའི་སྐྱེ་བོ་གཙང་མ་ཕུན་སུམ་ཚོགས་པ་ཉིད་ཀྱིས། ཤངས་གཙང་བ་ཉིད་དང་། སངས་རྒྱས་ཀྱི་ཆོས་ཤིན་ཏུ་རྒྱ་ཆེ་བ་མངའ་བ་ཉིད་ཀྱིས་སྤྱན་ཡངས་པ་ཉིད་དང་། ་སེམས་ཅན་གྱི་ཚོགས་དྲངས་པ་ཉིད་ཀྱིས་རྫི་མ་སྟུག་པ་ཉིད་དང་། སྤྱན་དཀར་ནག་འབྱེས་པ་དང་། པདྨའི་འདབ་མ་རྒྱས་པ་ལྟར་འདུག་པའི་སྤྱན་གྱིས་ལྷ་དང་། ལྷ་མ་ཡིན་དང་། སྐྱེས་པ་དང་། ན་ཆུང་མཆོག་མངོན་པར ་དགའ་བར་མཛད་པ་ཉིད་ཀྱིས་སྤྱན་པ། ར་ནག་འབྱེས་པ་དང་། པདྨའི་འདབ་མ་རངས་པ་ལྟ་བུ་ཉིད་དང་།། ག་ཏུ་ཕྱི་རྗེས་སུ་གཟིགས་པ་ཉིད་ཀྱིས་སྦྱིན་མཚམས་རིང་བ་ཉིད་དང་། ཆོས་འདུལ་བ་དཀར་པོ་ལ ་མཁས་པ་ཉིད་ཀྱི་འཇམ་པ་ཉིད་དང་། ཀུན་གཟིགས་པ་ཉིད་ཀྱིས་སྨིན་མའི་སྒྱུ་མཉམ་པ་ཉིད་དང་། དགེ་པའི་རྩ་བའི་སྣུམ་གྱིས་བསྐུས་པར་གྱུར་པའི་སྐྱེ་བོ་འདུལ་བ་ཉིད་ཀྱིས་སྨིན་མ་སྡུམ་པར་གྱུར་པ་ཉིད་དང་། མཆོག་ཏུ ་གནོད་པ་བཟློག་པ་མཛད་པ་ཉིད་ཀྱིས་ཕྱག་རིང་ཞིང་རྒྱས་པ་ཉིད་དང་།། ཉོན་མོངས་པའི་གཡུལ་ལས་རྣམ་པར་རྒྱལ་བ་ཉིད་ཀྱིས་སྙན་མཉམ་པ་ཉིད་དང་།། སེམས་ཅན་བསམ་པ་མི་ཉམས་པ་ཐམས་ཅད་འདུལ་བུར་མཛད་པ ་ད་ཀྱིས་སྙན་གྱི་དབང་པོ་མ་ཉམས་པ་ཉིད་དང་། ལྕི་བས་བྱས་པ་ཐམས་ཅད་ཀྱིས་གཞན་དུ་མི་འགྱུར་བ་ཉིད་ཀྱིས་དཔྲལ་བ་ལགས་པར་དབྱེས་པ་ཉིད་དང་། ཕས་ཀྱི་རྒོལ་བའི་དགེ་སྦྱོང་དང་། བྲམ་ཟེ་རབ་ཏུ་འཇོམས་པ ་ཉིད་ཀྱིས་དཔྲལ་བའི་དབྱེས་ཆེ་བ་ཉིད་དང་། སྨོན་ལམ་གྱི་མཆོག་ཡོངས་སུ་རྫོགས་པ་ཉིད་ཀྱིས། དབུ་ཤིན་ཏུ་རྒྱས་པ་ཉིད་དང་། ཡུལ་གྱི་པུང་བའི་དགའ་བ་བཟློག་པར་མཛད་པ་ཉིད་ཀྱིས། དབུ་སྐྱ་བུང་བ་ལྟར ་གནག་པ་དང་། མཐོང་བ་དང་བསྒོམས་པས་སྤྲིང་བར་བྱ་བའི་བག་ལ་ཉལ་སྤངས་པ་ཉིད་ཀྱིས་དབུ་སྐྲ་སྟུག་པ་ཉིད་དང་། བསྟན་པ་ཐུགས་འཇམ་པས། ཐུགས་སུ་ཆུད་པ་ཉིད་ཀྱིས་དབུ་སྐྲ་འཇམ་པོ་ཉིད་དང་། འདོད་ཆགས ་ལ་སོགས་པས་མ་འཁྲུགས་པ་ཉིད་ཀྱིས་དབུ་སྒྱུ་མ་འཛིངས་པ་ཉིད་དང་། རྟག་ཏུ་ཚིག་མེ་རྩུབ་པ་ཉིད་ཀྱིས་དབུ་སྒྲ་མི་བཤོར་བ་ཉིད་དང་། བྱང་ཆུབ་ཀྱི་ཡན་ལྕུག་གི་མེ་དོག་གཡས་སྐུ་ཐོགས་ནས་བཀྲམ་པ་ཉིད་ཀྱིས་དབུ་སྒྲ་ངྒཱ ་ཞིམ་པ་ཉིད་དང་། རྣམ་པ་ཐམས་ཅད་མཛེས་པར་གྱུར་པ་ཉིད་ཀྱིས་ཕྱག་དང་ཞབས་དཔལ་བེའུ་དང་། བཀྐུ་ཤིས་དང་། གཡུང་དྲུང་དང་། ག་ཡུ་དྲུང་འཁྱིལ་པས་བརྒྱན་པ་ཉིད་ཡིན་ནོ།། མདོ་ལྐུག་པ་འདི་བསྡུ་བྱར་བྱ་བའི ་དོན་དུ་ཚིག་ལེའུརུ་བྱིས་པ་སྦྱར་བ་ནི་འདི་ཡིན་ཏེ། ཐུབ་པའི་སེན་མོ་ཟངས་མདོག་དང་།། མདོག་སྡུམ་མཐོ་ད་ང་སོར་མོ་རྣམས།། ཟླུམ་རྒྱུས་བྱིན་གྱིས་ཕྲ་བ་དང་། རྩ་མི་མངོན་དང་མདུད་པ་མེད།། ལོང་བུ་མི་མངོན་ཞབས ་མཱཉམེ་དང་།། སེང་གེ་གླང་ཚོན་བྱ་དང་ནི། ཁྱུ་མཆོག་སྟབས་གཤེགས་གཡས་ཕྱོགས་དང་།། ། མཛེ་སཱ་གཤེགས་དྲང་དང་འཁྲིལ་བག་ཆགས།། བྱི་དོར་བྱས་འདྲ་རིམ་པར་མཚམ།། གྲ་ཙང་དང་འཇམ་དང་དག་པའི་སྐུ།། མཚན ་ནི་ཡོངས་སུ་རྫོགས་པ་དང་།། སྠཱ་ཡི་ཁོ་ལག་ཡང་ཤིང་བཟང་།། གོམས་སྤྲོན་སུ་སྤྱན་ནི་དག་པ་དང་།། ཤིན་ཏུ་གཞོན་མདོག་སྤྱན་ཧཱུ~ཾད་དང་། སྤྲོ་ཞུམ་མོད་དང་རྒྱས་པ་དང་།། ཤིན་ཏུ་གྲིམས་པའི་སྐུ་ཉིད་དང་།། ཡན་ལག་ཤིན་དུ ་རྣམ་འབྱེས་དང་།། གཟིགས་པ་མུན་མེད་དག་པི་དང་། དཀུ་ཟླུམ་སྐབས་ཕྱི་ན་མ་རྙིངས་དངངེ་བ་ད་ལྟ་བ་ནི།། ཟབ་དང་གཡས་ཕྱོགས་འཁྱིལ་པ་དང་།། ། ཀུན་ནས་བལྟ་ནི་སྡུག་པ་དང་།། ཀུན ་སྦྱོང་གཙང་དང་སཱུ་ལ་ནི།། སྨེ་བ་གནག་བག་མེད་པཾ་དང་།། ཕྱག་ནི་ཤིང་བལ་ལྟར་འཇམ་དང་།། ཕྱག་རིང་མདངས་ཡོད་ཟབ་རེང་དང་།། ཞལ་ནི་ཧ་ཅང་མི་རིང་དང་།། མཆུ་ནི་བིལ་པ་ལྟར་དམར་དྲང་།། ལྗགས ་མཉེན་པ་དང་སྲབ་པ་དང་།། དམར་དང་འབུག་གི་སྒྲ་ཉིད་དང་།། གསུང་མཉེན་འཇམ་དང་མཆེ་བ་ཟླུམ།། རྣོ་དང་དཀར་དང་མཉམ་པོ་དང་།། བྱིན་གྱིས་ཕྲ་དང་ཤངས་མཐོ་དང་།། མཆོག་ཏུ་དག་པ་དག་དང་མི། སྤྱན་ཡངས་པ་དང་རྫི་མ་སྤུག། པདྨའི ་འདབ་མ་འདྲ་བ་དང་།། སྨིན་དཀྱུས་རིང་དང་འཇམ་པ་དང་།། སྣུམ་དང་སྭ་ནི་མཉམ་པ་དང་། ཕྱག་རིང་རྒྱས་དང་སྙུན་མཉམ་དང་།། ཉམས་པ་རྣམ་པར་སྤངས་པ་དང་། དཔྲལ་ཆེ་ལགས་པར་འབྱེས་པ་དང་།། དབྱེས་ཆེ་བ་དྭེ་ང་དབུ་རྒྱས ་དང་། དབུ་སྐྲ་བུང་བ་ལྟར་གནག་དང་།། སྨྱུག་འཇམ་མཱ་འཛི་ངས་པོ་དང་།། མྲྀ་བཤོར་དྲི་ཞིམ་སྐྱེས་བུ་ཡཾ།། སྱཱད་ནི་འཕྲོག་པར་བྱེད་པ་དང་། དཔལ་གྱི་བེའུ་དང་བཀྲ་ཤིས་ནི། སངས་རྒྱས་དཔེ་བྱད་བཟོང་པོར་བཞེད།། ལོངས ་སྤྱོད་རྫོགས་པའི་སྐུ་བསྟན་ནས་སྤྲུལ་པའི་སྐུ་ཇི་ལྟ་བུ་ཞིག་ནེ་མ། གང་གིས་འཁོར་བ་ཇི་སྲིད་པར།། འགྲོ་ལ་ཕན་པ་སྣ་ཚོགས་དག། མཉམ་དུ་མཛད་པའི་སྐུ་དེ་ནི། ཐུབ་པའི་སྤྲུལ་སྐུ་རྒྱུན་མྱི་འཆང་།། དེ་བཞིན་ལས་ཀྱང་རྒྱུན་མི་འཆང ་འཁོར་བ་ཇི་སྲིད་བཙུགས་པར་འདོད།། ཅེས་བསྟན་ཏོ།། དེ་བས་ན་དེ་ལས་གཞན་པ་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པའི་ཆོས་ཀྱི་སྐུའི་འབྲས་བུ་གནས་སྐབས་པས། འཁོར་བ་ཇི་སྲིད་པར་ཕྱོགས་བཅུའི་འཇིག་རྟེན ་གྱི་ཁམས་སུ་སྤྲུལ་པ་ལྷུན་གྱིས་གྲུབ་པར་འཇུག་ཅིང་། སེམས་ཅན་གྱི་དོན་རྒྱུན་མི་འཆུད་པར་སྣ་ཚོགས་མཛད་པའི་སྒོ་ནས་གནས་གྱུར་པས། ཡོངས་སུ་གྱུར་པའི་ལས་ཀྱི་དབང་དུ་མཛད་དེ། བཅོམ་ལྡན་འདས་ཆོས་ཐམས་ཅད་རྨི་ལམ ་བུར་དངོས་པོ་མི་མཆིས་པ། དངོས་པོ་མ་མཆིས་པའི་ངོ་བོ་ཉིད་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ལ་དགེ་བ་དང་། མི་དགེ་བ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་ལ་སོགས་པ་ཞེས་བགྱི་བ་ཇི་ལྟ ་རྣམ་པར་བཞག་པར་འགྱུར། ཞེས་ཞུས་པ་ནི་བྱེད་པ་དེ་ཉེ་བར་དགོད་པར་བྱེད་པའི་ཕྱིར། རབ་འབྱོར་འདི་ལ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་རྣམས་ནི། རྨི་ལམ་ཡང་མི་དམིགས་ཞེས་བྱ་བ་ནས་བརྩམས་ཏེ། འཁོར་བ་རྨི ་ལམ་ལྟ་བུར་དགོངས་ནས། རྨི་ལམ་མཐོང་བ་མི་དམིགས་སོ་ཞེས་བྱ་བོ་དང་། དེ་སོད་པའི་འཕྲོགས་པའི་གང་ཟག་ལ་དགོངས་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་དྲི་ཉེ་བར་མྱ་དམིགས་པའི་དཔེས། རྨི་ལམ་ལྟར ་བཤད་པས་གོ་རིམ་བཞིན་དུ་ཉོན་མོངས་པ་དང་།། ས་བྱཱའི་སྒྲིབཱ་པའི་གཉེན་པོ་ཉེ་བར་དམིགས་སུ་མེད་པ་ཤེས་པར་བྱ་བའི་ཕྱིར། ཆོས་རྣམ་པར་བཞག་པ་དཀར་པོ་བྱེད་པ་ཡིན་ཏེ། ངོ་མཚར་ཆེའོ།། ཞེས་བསྟན་ཏོ།། ཡང ་ཆོས་ཀྱི་སྐུའི་འཕྲིན་ལས་རྣམ་པ་དུ་ཞིག་ཡིན་ཞེ་ན། འགྲོ་རྣམས་ཞི་བའི་ལས་དང་ནི། བསྡུ་བ་རྣམ་བཞི་ལ་འགོད་པ།། ཀུན་ནས་ཉོན་མོངས་བཅས་པ་ཡི།། རྣམ་པར་བྱང་བ་རྟོགས་པ་དང་། སེམས་ཅན་རྣམས་དོན་ཇི ་བཞིན་དུ།། དོན་དང་ཕ་རོལ་ཕྱིན་དྲུག་དང་།། སངས་རྒྱས་ལམཱ་དང་རང་བཞིན་གྱིས།། སྟོང་པ་ཉིད་དང་གཉིས་ཟད་དང་། བརྡ་དང་དམིགས་པ་མེད་པ་དང་།། ལུས་ཅན་རྣམས་ནི་ཡོངས་སྨིན་དང་།། བྱང་ཆུབ་སེམས ་དཔའི་ལམྲ་དང་ནི།། མངོན་པར་ཞེན་པ་བཟློག་པ་དང་།། བྱང་ཆུབ་ཐོབ་དང་སངས་རྒྱས་ཤིང་།། རྣམ་པར་དག་དང་ངེས་པ་དང་།། སེམས་ཅམ་དོན་ནི་ཚང་མེད་དང་།། སངས་རྒྱས་བསྟེན་སོགས་ཡོན་ཏན་དང་།། བྱང་ཆུབ་ཡན་ལག ་ལས་དང་ནི།། ཆུང་མི་ཟ་དང་བདེན་མཐོང་དྲང་།། ཕྱིན་ཅི་ལོག་ནི་སྤངས་པ་དང་།། དེ་གཞི་མེད་པའི་ཚུལ་དང་ནི།། རྣམ་པར་བྱང་དང་ཚོགས་དང་ནི།། འདུས་བྱས་འདུས་མ་བྱས་པ་ལས།། ཐ་དད་ཡོངས་སུ་མི་ཤིས་དང་།། མྱ་ངན ་འདས་ལ་དགོད་པ་དང་།། སངས་རྒྱས་སྒྱུའི་འཕྲིན་ལས་ན་འདི། རྣམ་པ་ཉི་ཤུ་བདུན་དུ་འདོད།། ཅེས་བསྟན་ཏོ།། དེ་ལ་འགྲོ་བ་རྣམ་པར་ཞི་བའི་ལས་ནི་འགྲོ་བ་ལྔས་བསྡུས་པ་ཡིན་ཏེ། གང་གི་ཕྱིར་དམྱལ་བའི་འགྲོ་བ་ཞི་བའི ་དབང་དུ་མཛད་ནས། རབ་འབྱོར་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས། འཇིག་རྟེན་ལ་གཟིགས་ནས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གྲི་བྱེ་མ་སྐྱེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་ངག་ཆེད་དུ་བསམས་ཏེ། སེམས་ཅན་དམྱལ་བ་ཆེན་པོ་དག་ཏུ་སོང་ནས། ཞེས་བྱ་བ་དེ་དག་ནས་འཕོས་ཏེ། ལྷ་དང་མི་དག་དང་བསྐལ་པ་མཉམ་པར་སྐྱེས་ཤིང་རིམ་གྱིས་ཐེག་པ་གསུམ་གྱིས་སྡུག་བསྔལ་མཐར་འབྱིན་པ ་མཐོང་ངོ་།། ཞེས་བྱ་བའི་བར་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་བྱོལ་སོང་གི་སྐྱེ་གནས་པའི་སེམས་ཅན་རྣམས་ཀྱི་དོན་དུ་བདག་ཡོངས་སུ་གཏོང་བ་ལ་སོགས་པས་བྱོལ་སོང་གི་སྐྱེ་གནས་ཞི་བའི་ལས་དང་། དེ་བཞིན ་དུ་ཡི་དགས་ཀྱི་ཡུལ་དེ་དག་ན་སྡུག་བསྔལ་ཇི་སྙེད་ཡོད་པ་དེ་དག་རབ་ཏུ་འཇོམས་ཤིང་གིཤིན་རྗེའི་སྡུག་བསྔལ་ཞི་བའི་ལས་དང་། འདོད་པ་ན་སྤྱོད་པའི་ལྷའི་རིས་དྲུག་ལ་ཆོས་བསྟན་པའི་རི་མ་གྱིས་ཐེག་པ་གསུམ་གྱི་རིམ་གྱིས ་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་པ་དང་། ཚངས་པའི་ལྟ་བ་ལ་མངོན་པར་ཞེན་པ་དེ་དག་ལ་ཆོས་བསྟན་པས་ལྷའི་འགྲོ་བ་ཞི་བའི་འཕྲི་ན་ལས་ཡིན་ཏེ། རབ་འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་རྣམ་པར ་གཟིགས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་མི་རྣམས་བསྡུ་བའི་དངོས་པོ་བཞིས་བསྡུད་པ་མཐོང་སྟེ། ཞེས་བྱ་བ་ནས་བརྩམས་ཏེ། སེམས་ཅན་རྣམས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཐོབ་པར ་མཛད་པ་དེ་ནི་འཕོགས་པའི་ཆོས་རྣམས་ཀྱི་འབྲས་བུ་ལ་རབ་ཏུ་འགོད་དོ།། ཞེས་བྱ་བའི་བར་དུ་རྒྱུ་ཆེར་གསུངས་པ་འདི་ནི་མི་འི་འགྲོ་བ་ཞི་བའི་འཕྲིན་ལས་སོ།། གལྔ་ཏེ་བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་རྣམས ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པ་ཡིན་ན་དེ་ལྟ་ན་ནི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ལ་ཁྱད་པར་མེད་པར་འགྱུར་རོ།། ཞེས་བརྒལ་བ་ལ། གཉི་གོ་ཡང་གཅིག་ཏུ་བསྟན་པས་མངོན་སུམ་དུ་མཛད་པ ་དང་། མ་མཛད་པ་དག་ལ་ཁྱད་པར་མེད་པར་ཁས་བླངས་པ་མ་ཡིན་པས་ལན་བཏབ་པ་ཡིན་ནོ།། བསྡུ་བ་རྣམ་པ་བཞི་ལ་འགོད་པ་ནི་གང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་སྦྱིན་པ ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་མཐུན་པ་རྣམས་ཀྱིས་ཞེས་བྱ་བ་ནས་སྟོང་པ་ཉིད་ལ་སོགས་པས་རྗེས་སུ་བཟུང་བ་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཉིད་ཡིན་ནོ།། ཞེས་བྱ་བའི་བར་དུ་བསྟན་པ་ཡིན་ནོ།། ཀུན ་ནས་ཉོན་མོངས་བ་དང་། རྣམ་པར་བྱང་བ་ལ་འགོད་པ་ནི་རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བྱང་ཆུབ་སེམས་དཔའ་གཞན་དག་ལ་འདི་སྐད་འདེམས་ཤིང་འདི་སྐད་བསྟན་ཏེ། ་ཞེས་བྱ་བ་ནས་བརྩམས་ཏེ། ཡི་གེ་བསྒྲུབ་པའི་གཟུངས་ལ་མཁས་པའི་དབང་དུ་མཛོད་ནས་ཞུས་པ་དང་། ལན་རྒྱ་ཆེར་གསུངས་པ་དང་། དེ་བཞིན་གཤེགས་པའི་སྤྲུལ་པའི་དཔེ་དང་བཅས་པས། ཆོས་ཐུམས་ཅད་མ ་བཅིངས་མ་གྲོལ་བ་ཉིད་ཀྱིས་གནས་པ་མེད་པའི་ཚུལ་དང་། འཕགས་པའི་གང་ཟག་ཐམས་ཅད་སྐྱོན་མེད་པ་ནས་ཆོས་ཀྱི་དབྱིངས་སམ། དེ་བཞིན་ཉིད་དམ། ཡང་དག་པའི་མཐའ་ལས་འདའ་བ་མེད་པ་ཡིན་ནོ།། མི་ལྡོག་པར ་བརྗོད་དོ།། གལ་ཏེ་ཆོས་ཀྱི་དབྱིངས་ལ་སོགས་པ་འདའ་བ་མེད་པ་ཉིད་ཡིན་ན་དེ་ཇི་སྙམ་དུ་སེམས། ཆོས་ཀྱི་དབྱིངས་ཀྱང་གཞན་ལ་གཟུགས་ཀྱང་གཞན་ནམ། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ལས་གཞན་མ་ཡིན་པར་ཞུས་པ། ་དེ་གཞན་མ་ཡིན་པར་དགོངས་ནས་གཟུགས་ལ་སོགས་པ་ལ་ཡང་ལྡོག་པ་མེད་པར་ཐལ་བར་འགྱུར་བས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་བདག་ཉིད་ཅན་དུ་བསྟན་པར་བྱ་བའི་དོན་གྱིས། རབ་འབྱོར་ཀུན་རྫོབ་ཀྱི ་བདེན་པ་ཚད་མར་བྱས་ནས། དེ་རྣམ་པར་བཞག་པ་དང་འབྲས་བུ་རྣམ་པར་བཞག་པ་ཀུན་རྫོབ་ཡིན་གྱི། དོན་དམ་པ་མ་ཡིན་ན་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་ཐལ་བར་འགྱུར་བ་དང་། དེ་རྣམས།། ་བདེན་པ་གཉི་ག་ཡོངས་སུ་ཤེས་པར་ཡང་དག་པ་ནས་བརྩམས་ཏེ། འདུས་བྱས་དང་། འདུས་མ་བྱས་ཀྱི་ཁམས་ཀྱི་རིས་སུ་བཅད་ཅིང་འབྲས་བུ་རྣམ་པར་དགོད་པ་མེད་ན། ཆོས་ཀྱི་དབྱིངས་ལ་ཀུན་དུ་སྦྱོར་བ་གསུམ་སྤངས་པས ་འབྲས་བུ་དང་པོ་དང་། འདོད་པའི་འདོད་ཆགས་དང་། གནོད་སེམས་བསྲབས་པས། ལན་ཅིག་ཕྱིར་འོངདྲ་བའི་འབྲས་བུ་དང་། ཐ་མའི་ཆ་དང་ལྡན་པའི་ཀུན་དུ་སྦྱོར་བ་ལྔ་སྤངས་པས་ཕྱིར་མི་འོང་བའི་འབྲས་བུ་དང་། གོ་མའི་ཆ་དང ་ལྡན་པའི་ཀུན་དུ་སྦྱོར་བ་ལྟ་སྤངས་པས། དགྲ་བཅོམ་པའི་འབྲས་བུ་ཉིད་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་རྒྱ་ཆེར་གསུངས་པའི་འབྲས་བུ་རྣམ་པར་བཞག་པ་མ་མཆིས་པར་ཞུས་པ་དང་། དུས་གང་གི་ཚེ་སྐྱུང ་ཅིག་མ་གཅིག་གིས་ཆོས་ཐམས་ཅད་རྟོགས་པ་ན་དེ་བཞིན་གཤེགས་པའི་སྤྲུལ་པའི་དཔེས། ཆོས་རྣམས་ཀྱི་ཆོས་ཉིད་ཀྱི་མཚན་ཉིད་ཇི་སྙེད་པ་ཁོང་དུ་ཆུད་དོ།། ཞེས་ལན་གསུངས་པ་དང་། ཆོས་རྣམས་ཀྱི་མཚན་ཉིད་རབ་ཏུ་རྫོགས ་པར་ཞུས་པ་ལ་དེ་བཞིན་གཤེགས་པའི་སྤྲུལ་པའི་དཔེས་དེ་བསྟན་པ་སྤྲུལ་པའི་ལམ་བསྒོམ་པ་ལ་བརྟེན་ཀྱང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བར་མི་འགྱུར་བ་དང་། འདྲ་བར་དངོས་པ་མེད་པའི་ཆོས ་རབ་ཏུ་རྟོགས་པ་དང་། ཆོས་ཐམས་ཅད་སྤྲུལ་པ་ལྟ་བུ་ཡིན་ན་ཡང་། བྱང་ཆུབ་སེམས་དཔའ་སྒྱུ་མ་ལྟ་བུའི་ཆོས་མཐོང་བའི་སྐྱེས་བུ་བྱེད་པ་ཉིད་དང་། དེ་ལྟ་ཡིན་ན་སེམས་ཅན་རྣམས་ཀྱི་དོན་བྱེད་པ་ལ་འཇུག་པ་དོན་མེད་པར་འགྱུར་པ ་དང་། སེམས་ཅན་རྣམས་ཀྱིས་དེ་ལྟར་མ་ཤེས་པས། དེ་འབྲས་བུ་དང་བཅས་པ་ཡིན་པར་བ་སྟན་ཏོ།། ཞེས་བསྟན་པ་ཡིན་ནོ།། དེ་བཞིན་དུ་འོག་མ་འོག་མ་རྣམས་ལ་བརྒལ་བ་དང་། ལུན་རྗེས་སུ་སྨར་ཏེ། གཅིག་ནས་གཅིག་ཏུ ་བརྗོད་པའི་གནས་སྐབས་མདོ་ལས་ཇི་སྐད་གསུངས་པ་བཞིན་དུ་རྒྱ་ཆེར་བརྗོད་པར་བྱ་སྟེ། ཁོ་བོས་ནི་གཞུང་མངས་ཀྱི་དོགས་པའི་ཕྱིར་བསྡུ་བ་ཙམྲ་བྱས་པ་ཡིན་ནོ།། སེམས་ཅན་རྣམས་ཀྱི་དོན་ཇི་ལྟ་བ་བཞིན་དུ་བཀོད་པ་ནི་གང་སྒྱུ་མ ་མཁན་གྱི་དཔེས་སེམས་དང་པོ་བསྐྱེད་པ་དང་། བསྒྲུབ་པ་དང་། རྟོགས་པའི་མཚན་ཉིད་ཅན་ཐོག་མ་དང་། བར་དང་ཐ་མ་རྣམས་སུ་ཆོས་ཀྱི་དབྱིངས་འཁྲུག་པ་མེད་པ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་ཇི་ལྟ་བ་བཞིན ་དུ་རྟོགས་པ་དང་། གཞན་རྣམས་ཡང་དག་པའི་མ་ཐའ་རབ་ཏུ་འཛག་པའི་འཕྲིན་ལས་མཛད་དོ།། ཞེས་བསྟན་པ་ཡིན་ནོ།། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འགོད་པ་ནི་གང་དེའི་རྗེས་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་རབ་ཏུ་གཞུག་པའི ་འཕྲིན་ལས་མཛད་པའོ།། ཞེས་བསྟན་པ་ཡིན་ནོ།། སངས་རྒྱས་ཀྱི་ལམ་ལ་དགོད་པ་དང་། གང་དེའི་འོག་ཏུ་དགེ་བ་བཅུའི་ལས་ཀྱི་ལམ་ནས་བརྩམས་ཏེ། ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་འཇོག་པའི་འཕྲིན་ལས་མཛད་པའོ།། ཞེས ་ན་པ་ཡིན་ནོ།། རང་བཞིན་གྱིས་སྟོང་པ་ཉིད་ལ་འགོད་པ་ནི་གང་དེའི་འོག་ཏུ་དེའི་རང་བཞིན་གྱིས། སྟོང་པ་ཉིད་ལ་རབ་ཏུ་འཇོག་པའི་འཕྲིན་ལས་མཛད་པའོ།། ཞེས་རྒྱ་ཆེར་བསྟན་པ་ཡིན་ནོ།། གཉིས་སུ་མེད་པའི་ཆོས་ལ་དགོད་པ་ནི ་གང་དེའི་འོག་ཏུ་དེ་བཞིན་གཤེགས་པའི་སྤྲུལ་པའི་དགྲ་བཅོམ་པ་དང་། རྨི་ལམ་གྱི་ནང་ནཾ་གཱི་དཔེ་གཉིས་ཀྱིས་གཉིས་སུ་མེད་པ་ལ་མངོན་པར་རྟོགས་པ་ལ་འཇོག་པའི་འཕྲིན་ལས་མཛད་པའོ།། ཞེས་བསྟན་པ་ཡིན་ནོ།། བརྡར་བཏགས་པ ་ཤེས་པ་ལ་དགོད་པ་ནི་གང་དེའི་འོག་ཏུ་གནས་བརྟན་རབ་འབྱོར་བདག་ཉིད་དཔང་དུ་གྱུར་པའི་དཔེས། ཆོས་ཐམས་ཅད་ཐ་སྙད་དུ་བཏང་པ་ལ་རབ་ཏུ་འཇོག་པའི་འཕྲིན་ལས་མཛད་པའོ།། ཞེས་བསྟན་པ་ཡིན་ནོ། སེམས་ཅན་ཡོངས ་སུ་སྨིན་པར་བྱེད་པ་ལ་འགོད་པ་ནི། གང་དེའི་འོག་ཏུ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་རབ་ཏུ་འཇོག་པའི་འཕྲིན་ལས་མཛད་པའོ།། ཞེས་བསྟན་པ་ཡིན་ནོ།། བྱང་ཆུབ་སེམས་དཔའི་ལམ་ལ ་དགོད་པ་ནི་གོང་དེའི་འོག་ཏུ་ཕ་རོལ་ཕྱིན་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ལམ་ལ་རབ་ཏུ་འཇོག་པའི་འཕྲིན་ལས་མཛད་པའོ།། ཞེས་བསྟན་པ་ཡིན་ནོ།། ཆོས་ཐམས་ཅད་མངོན་པར་ཞེན་པ་སྤངས་པ་ལ་དགོད་པ་ནི་གང་དེའི ་རྗེས་ལ། ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་ལ་མེད་པ་ལ་རབ་ཏུ་འཇོག་པའི་འཕྲིན་ལས་མཛད་པའོ།། ཞེས་བསྟན་པ་ཡིན་ནོ།། ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དགོད་པ་ནི་གང་དེའི་འོག་ཏུ་བྱང་ཆུབ་ལ་རབ ་ཏུ་འཇོག་པའི་འཕྲིན་ལུས་མཛད་པའོ།། ཞེས་བསྟན་པ་ཡིན་ནོ།། སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་ལ་དགོད་པ་ནི་ག་དེའི་འོག་ཏུ་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་ལ་རབ་ཏུ་འཇོག་པའི་འཕྲིན་ལས་མཛད་པའོ།། ཞེས་བསྟན་པ་ཡིན ་ནོ། ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ངེས་པར་འཇོག་པ་ནི་གང་དེའི་འོག་ཏུ་སེམས་དང་པོ་བསྐྱེད་པ་དང་། ཕྱིར་མི་ལྡོག་པ་དང་། སྲིད་པ་ཐ་མར་སོ་སོར་ངེས་པ་ལ་འཇོག་པའི་འཕྲིན་ལས་མཛད་པའོ།། ཞེས་བསྟན་པ་ཡིན་ནོ།། ་སེམས་ཅན་གྱི་དོན་ཚད་མེད་པ་ལ་དགོད་པ་ནི་གང་དེའི་འོག་ཏུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་པའི་སེམས་ཅན་གྱི་དོན་མཛད་པའི་འཕྲིན་ལས་མཛད་པའོ།། ཞེས་བསྟན་པ་ཡིན་ནོ།། སངས་རྒྱས་ཀྱི་དྲུང་དུ་ཉེ་བར་འགྲོ་བ ་དང་། བསྙེན་བཀུར་བྱ་བཱ་ལ་སོགས་པུ་ལུ་དགོད་པ་ནི། གོང་དེའི་རྗེས་ཐོགས་ལ་འཇིག་རྟེན་གྱི་ཁམས་སྣ་ཚོགས་སུ་སངས་རྒྱས་ཀྱི་དྲུང་དུ་ཉོ་བར་འགྲོ་བ་དང་། བསྙེན་བཀུར་བྱ་བ་ནས་བརྩམས་ཏེ། མངོན་པར་ཤེས་པ་བསྒྲུབས ་པའི་སྒོ་ནས་ཕ་རོལ་ཏུ་ཕྱིན་པ་དུག་གི་མི་མཐུན་པའི་ཕྱོགས། རྣམ་པར་སྤོང་བ་དང་། ཕ་རོལ་ཏུ་ཕྱིན་པའི་རྣམས་ལ་ངེས་པར་སྦྱོར་བ་དགོད་པའི་འཕྲིན་ལས་མཛད་པའོ།། ཞེས་བསྟན་པ་ཡིན་ནོ།། བྱང་ཆུབ་ཀྱི་ཡན་ལག ་ལ་དགོད་པ་ནི། གང་དེའི་འོག་ཏུ་བྱང་ཆུབ་ཀྱི་ཡན་ལག་ཏུ་གྱུར་པ་སྦྱིན་པ་ལ་སོགས་པའི་དགེ་བའི་ཆོས་རྣམས་ལ་རབ་ཏུ་འཇོག་པ་ཡིན་ནོ།། ཞེས་བསྟན་པ་ཡིན་ནོ།། ལས་དང་འབྲས་བུ་འབྲེལ་པ་ཆུས་མི་ཟ་བ་ལ་དགོད་པ་ནི། གང་དེའི་རྗེས ་ལ། ལས་དང་། འབྲས་བུ་འབྲེལ་བའི་ཐ་སྙད་འགྲོ་བ་ལྔའི་འཁོར་པོ་རྣམ་པར་འཇིག་པ་ལ་རབ་ཏུ་འཇོག་པའི་འབྲིན་ལས་མཛད་པའོ།། ཞེས་བསྟན་པ་ཡིན་ནོ།། བདེན་པ་མཐོང་བ་ལ་དགོད་པ་ནི། གང་དེའི་རྗེས་ལ་འཕགས་པའི ་བདེན་པ་བཞི་མཉམ་པ་ཉིད་རྗེས་སུ་རྟོགས་པ་ལ་རབ་ཏུ་འཇོག་པའི་འཕྲིན་ལས་མཛད་པའོ།། ཞེས་བསྟན་པ་ཡིན་ནོ།། ཕྱིན་ཅི་ལོག་སྤང་བ་ལ་ང་གོད་པ་ནི། གང་དེའི་རྗེས་ལ་ཕྱིན་ཅི་ལོག་བཞི་སྤང་བ་ལ་རབ་ཏུ་འཇོག་པའི་འཕྲིན་ལས ་མཛད་པའོ།། ཞེས་བསྟན་པ་ཡིན་ནོ།། ཕྱིན་ཅི་ལོག་བཞི་མེད་པ་སྤོང་བའི་ཡེ་ཤེས་ལ་དགོད་པ་ནཱི། གང་དེའི་རྗེས་ལ་སྤུའི་ཚེ་ཤས་ཙམ་གྱིས་དངོས་པོ་བཀག་པ་དང་། རྨི་ལམ་དང་། གཟུགས་བརྙན་དང་། སྒྲ་བརྙན་དང་། སྨིག་རྒྱུ་དང ་བླ་མ་དང་། སྤྲུལ་པའི་དཔེས་ཕྱིན་ཅི་ལོག་ཀྱི་མེད་པ་སྤོང་བའི་ཡེ་ཤེས་ལ་རབ་ཏུ་དགོད་པའི་འཕྲིན་ལས་མཛད་པའོ།། ཞེས་བསྟན་པ་ཡིན་ནོ།། རྣམ་པར་བྱ་བ་ལ་རབ་ཏུ་འཇོག་པ་ནི། གང་ངའི་རྗེས་སུ་ཐ་སྙད་ལ་བརྟེན་ཏེ། རྣམ་པར་བྱང་བ ་ལ་རབ་ཏུ་འགོད་པའི་འཕྲིན་ལས་མཛད་པའོ།། ཞེས་བསྟན་པ་ཡིན། ནོ།། དེའི་ཚོགས་ལ་ཉེ་བར་དགོད་པ་ནི་གང་དེའི་རྗེས་ལ་ཚིགས་ཡོངས་སུ་རྫོགས་པ་ལ་རབ་ཏུ་འཇོག་པ་ནས་བརྩམས་ཏེ། མཐའ་གཉིས་མཉམ་པ་ཉིད་དུ ་དུ་རྙོགས་པ་ལ། རབ་ཏུ་འཇོག་པའི་འཕྲིན་ལས་མཛད་པའོ།། ཞེས་བསྟན་པ་ཡིན་ནོ།། འདུས་བྱས་དང་། འདུས་མ་བྱས་ཐ་མི་དད་པར་ཡོངས་སུ་ཤེས་པ་ལ་དགོད་པ་ནི་གང་འདུས་བྱས་དང་། འདུས་མ་བྱས་ཀྱུ ་ཆོས་དག་གཅིག་ལ་གཅིག་ཐ་དད་པ་ཉེ་བར་དམིགས་པར་སྔོ་ནུས་པའི་ཕྱིར་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་གཉིས་སུ་རྟོགས་པའི་དུས་སུ་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་ཉིད་དང་། དོན་དམ་པ་རྟོགས་པ་ནས་འདུས་རྒྱས་དག་རྣམ ་གྲངས་གཞན་མེད་པས་ཤེས་གསུངས་པ་དང་། ཆོས་རྣམས་སྟོང་པ་ཉིད་ཡིན་པས་གང་ལ་ཡང་ཅི་ཡང་བྱེད་པ་ཡང་མེད་པས། སེམས་ཅན་རྣམས་སུ་འདུ་ཤེས་པ་ཐམས་ཅད་དང་བྲལ་བར་བྱེད་པ་དང་། དེ་བཞིན་གཤེགས་པའི ་སྐྱེས་བུ་བྱེད་པ་ཡིན་པར་བསྟན་པས་སོ།། ཞེས་བསྟན་པ་ཡིན་ནོ།། ཉི་ཤུ་བདུན་པ་མྱ་ངན་ལས་འདས་པ་ལ་དགོད་པའི་འཕྲིན་ལས་ནི་གང་། ཆོས་ཐམས་ཅད་སྤྲུལ་པ་ལྟ་བུ་ཡིན་པ་ཉིད་ཀྱིས་སྐྱོ་བ་དང་། འགག་པ་ལས་རྣམ་པར་གྲོལ་བ ་བྱེ། མ་འདུས་པའི་ཆོས་མྱ་ངན་ལས་འདས་པར་སྒྲིལ་པ་ཉིད་ཡིན་པ་དང་། རང་བཞིན་གྱིས་སྟོང་པ་ཉིད་ནི་མྱ་ངན་ལས་འདས་པ་ཉིད་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནུང་ཇི་ལྟར་རྫོགས་པར་རྙེད་པའི་ཚིག་གིས ་ནི་སེམས་ཅན་ཐམས་ཅད་མྱ་ངན་ལས་འདས་པ་ལ་རབ་ཏུ་འཛག་པའི་འཕྲིན་ལས་མཛད་པའོ།། ཞེས་བསྟན་པ་ཡིན་ནོ།། འཕར་ལས་འདི་རྣམས་ཀྱི་ནི་སོ་སོ་ཡི་རང་གི་ངོ་བོ་ལོ་ཁྱད་པར་དེ་རིང་ང་ཡ་འཕྲིན་ལས་ཀྱི་མཚན་ཉིད ་རྗེས་སུ་སྣང་སྟེ། དབྱུང་བར་བསྟན་ཏོ།། དོན་ཡོངས་སུ་གསལ་བས་ཁོ་བོ་ཅག་གི་རྣམ་པར་མ་ཕྱེ་སྟེ། བཏགས་ཟིན་པ་བཏགས་པས་ཅི་ཞིག་བྱ། དེ་ལྟར་བྱ་ན། ངོ་བོ་ཉིད་ལོངས་རྫོགས་བཅས་དང་།། དེ་བཞིན་གཞན་འི་སྤྲུལ་པ་དང་།། སྩ ་རྒྱས་སྐུ་མཛད་བཅས་པོ་སྟེ།། རྣམ་པ་ཉི་ཤུ་བདུན་དུ་འདོད། ཅེས་བསྟན་པ་གང་ཡིན་པ་དེ་བཤད་པ་ཡིན་པར་ཤེས་པར་བྱའོ།། མངོན་པར་རྟོགས་པའི་རྐྱེན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མན་ངག་གི་བསྟན་བཅོས་ལས། ཆོས་ཀྱི ་སྐུའི་རྣམ་པར་འགྲེལ་པའོ།། ། དེ་ནས་ད་ནི་གླེངའི་གཞིའི་ལེའུ་གང་ཡིན་པ་ལས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་ཚོགས་ཚད་མེད་པ་ལ། རིན་པོ ་རྨི་སྣ་ཚོགས་པས་སྨྲས་པའི་པདྨ་སྐྱེས་སུ་བསྒྱུར་བ་དེ་ལ་དགོས་པ་ཅི་ཞིག་ཡོད་ཅེ་ན། སེམས་བསྐྱེད་པ་ནས་བོ་རྣམས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་ཀྱི་བར་དུ་བསྟེན་པ། འཇིག་རྟེན་གྱི་ཁམས་ཟེད་དུ་བྱིན་གྱིས་བརླབས་པ་ཉིད ་ཡིན་པར་ཤེས་པར་བྱ་བའི་ཕྱིར་དིང་། འཇིག་རྟེན་གྱི་ཁམས་སྣ་ཚོགས་པའི་སེམས་ཅན་རྣམས་བསྡུས་པས། སེམས་ཅན་གྱི་ཁམས་བརྗོད་དུ་མེད་པ་ལ་དམིགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་ཤེས་པར་བྱ་བའི་དོན་དང་། ཆོས ་ཡོངས་སུ་རྫོགས་པར་མཉམ་པའི་བྱང་ཆུབ་སེམས་དཔའི་རྣམས་ཡོད་པའི་ཕྱིར། སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུརལ་བ་སྲིད་པས། སངས་རྒྱས་མང་པོ་ཉིད་དུ་ཤེས ་པར་བྱ་བའི་ཕྱིར་དང་། འཇིག་རྟེན་གྱི་ཁམས་གཅིག་ནས་གཅིག་ཏུ་སངས་རྒྱས་བལྟ་བའི་ཕྱིར་འགྲོ་བ་དང་། ཆོས་ཉམ་པ་དང་། མཆོད་པ་དང་། བསྙེན་དཀུར་བྱེད་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི ་མངོན་པར་ཤེས་པའི་རྣམ་པར་རོལ་པ་དང་། སེམས་ཅན་གྱི་ཁམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དང་། རང་གི་ཆོས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། ཇི་ལྟར་མངོན་པར་འདོད་པའི་སངས་རྒྱས་ཀྱི་ཞིང་། རྣམ་པར ་དག་པ་ཡང་དག་པར་ཡོངས་སུ་བཟུང་བའི་དགོས་པ་ལ་སོགས་ཡིན་པར་བསྟན་ཏོ།། གང་གི་ཕྱིར་དང་པོ་འདི་སྐད་བདག་གི་ཞེས་བྱ་བའི་སྐབས་ནས་བརྩམས་ཏེ། ཉི་ཁྲི་ལྔ་སྟོང་པའི་གཞུང་འདི་ཡོངས་སུ་རྫོགས་པའི་བར་འདི་ནི ་དངོས་པོ་གཅིག་ཏུ་བྱས་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་ནས། ཆོས་ཀྱི་སྐུ་མཛད་པ་དང་བཅས་པའི་བར་དུ་དངོས་པོ་བརྒྱད་དུ་གྱུར་པ་ཡིན། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ། དངོས་པོ་བརྒྱད་ཀྱིས ་ཡང་དག་བཤད།། རྣམ་ཀུན་མཁྱེན་ཉིད་ལམ་ཤེས་ཉིང་། ཐམས་ཅད་མཁྱེན་པ་ཉིད་དང་གསུམ།། རྣམ་ཀུན་རྩེ་མོར་བཅས་པ་དང་།། མཐར་གྱིས་པ་དང་སྐད་ཅིག་བདག། ཆོས་སྐུ་མཛད་པར་བཅས་པ་སྟེ།། རྣམ་པ་བརྒྱད་དུ་བསྡུས་པ་ཡིན།། ་ཞེས་བསྟན་པ་ཡིན་ནོ།། ཡང་མཚན་ཉིད་དང་ལྡན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་གསུམ་མོ།། སྦྱོར་བ་དང་ལྡན་པ་ནི་རྣམས་ཀུན་མངོན་པར་རྫོགས་པར་རྟོགས་པའོ།། རབ་ཀྱིས་མཐར་འགྲོ་བ་ནི་རྩེ་མོའི་མངོན་པར་རྟོགས་པའོ།། གོ་རིམ ་དང་ལྡན་པ་ནི་མཐར་གྱིས་པའི་མངོན་པར་རྟོགས་པའོ།། མཐར་ཐུག་པ་ནཱི་སྐད་ཅིག་མ་གཅིག་པའི་མངོན་པར་རྟོགས་པའོ།། རྣམ་པར་སྨིན་པ་ནི་ཆོས་ཀྱི་སྐུ་མཛད་པ་དང་བཅས་པ་ཡིན་ནོ།། དེ་ནི་བཤད་པའི་རྣམ་གྲངས་གཞན་ཡིན་ནོ།། མཚན་ཉིད་དེ ་ཡི་སྦྱོར་བ་དང་།། དེ་རབ་དེ་ཡི་གོ་རིམ་དང་།། དེ་མཐུར་དེ་ཡི་རྣམ་སྨིན་ནི། དེ་བསྡུས་གཞན་དེ་རྣམ་པ་དྲུག། ཅེས་བསྟན་པ་ཡིན་ནོ།། གཞན་ཡང་དངོས་པོ་གསུམ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྡུས་པར་གྱུར་པ་ཡིན་ཏེ། དངོས་པོ ་གསུམ་ནི། རྨྱི་དང་། འབྲས་བུ་དང་། ལས་ཀྱིས་སོ།། ཐམས་ཅུད་མཁྱེན་པ་ག་སུམ་ནི་ཡུལ་ཡིན་ནོ།། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལ་སོགས་པ་སྦྱོར་བ་བཞི་པོ་དག་ནི་རྒྱུ་ཡིན་ནོ།། ངོ་བོ་ཉིད་དང་། ལོངས་སྤྱོད་རྫོག ་པ་དང་། སྤྲུལ་པའི་སྐུ་གསུམ་ནི་འབྲས་བུ་ཡིན་ནོ།། ལས་ནི་འགྲོ་བ་ཞི་བ་ལ་སོགས་པ་རྣམ་པ་ཉི་ཤུ་རྩ་བདུན་ནི་ཆོས་ཀྱི་སྐུའི་འཕྲིན་ལས་ཡིན་ཏེ། རྣམ་གྲངས་གཞན་ནོ།། དེ་བས་ན། ཡུལ་ནི་གསུམ་ཡིན་རྒྱུ་རྣམས་ཏེ། སྦྱོར་བ ་བྱཞི་ཡི་བདག་ཉིད་དང་།། སངས་རྒྱུ་སྐྱེ་འབྲས་འཕྲིན་ལས་དང་།། དོན་བསྡུས་གཞན་ཡིན་རྣམ་པ་གསུམ།། དེ་ལྟར་བསྟན་པ་ཡིན་ནོ།། དྲི་ལ་གང་འདིར་དེ་དང་དྲིར་ངེས་པར་འབྱེད་པའི་ཆུ་དང་མཐུན་པ་དུ་མ་བསྟན་པ་ལིས། དེ་རྣམས་ཀྱི་སོ ་སོའི་ཁང་པར་ཇི་ལྟ་བུ་ཞེ་ན། རེ་ཞིག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དབང་དུ་མཛད་ནས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་གང་ཡིན་པ་ནི། ཉན་ཐོས་རྣམས་ཀྱི་ངེས་པར་འབྱེད་པའི་ཆ ་དང་མཐུན་པའི་ལས་ཀྱི་ཁྱད་པར་གྱི་མཚན་ཉིད་རྣམ་པ་དྲུག་གིས་ཁྱད་པར་དུ་འཕགས་ཏེ། དམིགས་པའི་ཁྱད་པར་ནི། འཕགས་པའི་བདེན་པ་བཞི་ལ་མི་རྟག་པ་ལ་སོགས་པའི་རྣམ་པ་ལ་དམིགས་པ ་ཡིན་པའི་ཕྱིར་རོ།། རྣམ་པའི་ཁྱད་པར་མེ་མངོན་པར་ཞེན་པ་མེད་པ་ལ་སོགས་པའི་རྣམ་པ་ཉིད་ཡིན་པའི་ཕྱིར་རོ།། རྒྱུའི་ཁྱད་པར་ནི་ཐེག་པ་གསུམ་གྱི་རྒྱུ་ཉིད་ཡིན་པའི་ཕྱིར་རོ།། ཡང་དག་པར་འཛིན་པའི་ཁྱད་པར་ནི་ཐབས་ལ ་མཁས་པོ་དང་། དགེ་བའི་བཤོས་གཉེན་གྱིས་ཡོངས་སུ་ཟིན་པའི་ཕྱིར་རོ།། ཡང་དག་པར་སྦྱོར་བའི་ཁྱད་པར་ནི་རྣམ་བར་རྟོག་པ་རྣམ་པ་བཞི་དང་། ཡང་དག་པར་ལྡན་པ་ཡིན་པའི་ཕྱིར་རོ།། རྣམ་པའི་ཁྱང་པར་ནི་ཆུང ་ངུ་དང་། འབྲིང་དང་། ཆེན་པོའི་རྣམ་པ་རྣམས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཅིག་ཤོས་ལས་ཁྱད་པར་དུ་འཕགས་པ་ཡིན་པའི་ཕྱིར་ཏེ། དེ་ཉིད་ལས་ཇི་སྐད་དུ། དམིགས་པ་དང་ནི་རྣམ་པ་དང་།། རྒྱུ་དང་ཡོངས་སུ་འཛིན་པ ་ཡིན་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ།། ལམ་ཤེས་པ་ཉིད་གང་ཡིན་པའི་དབང་དུ་མཛད་ནས། ཉན་ཐོས་ཀྱི་ལམ་དུ་ངེས་པོར་འབྱེད་པའི་ཆུ་དང་མཐུན་པ་བསྟན་པ་དེ་རྣམས་ཀྱི་ཡང་དམིགས་པ་དང་རྣམ་པའི་ཁྱད་པར ་ངག་སྔ་མ་ལས་ཁྱད་པར་དུ་འཕགས་ཏེ། དམིགས་པའི་ཁྱད་པར་ནི་གཟུགས་ལ་སོགས་པའི་ཕུང་པོ་ལ་སྟོང་པ་ཉིད་དུ་དམིགས་པོའི་ཕྱིར་རོ།། རྣམ་པའི་ཁྱད་པར་ནི་གཟུགས་སྟོང་པ་ཉིད་གཉིས་སུ་མེད་དེ་གཉིས ་སུ་བྱར་མེད་པའི་ཕྱིར་རོ།། དེ་ལ་ཇི་སྐད་དུ། འཕགས་པ་ཉན་ཐོས་ལམ་ལ་ནི།། གཟུགས་ལ་སོགས་པ་སྟོང་པའི་ཕྱིར།། སྟོང་པ་ཉིད་རྣམ་དབྱེར་མེད་པས། ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ།། གང་རང་སངས་རྒྱས་ཀྱི་བྱང་ཆུབ ་ཀྱི་ལམ་གྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་བསྟན་པ་དེ་དག་གི་ཡང་དམིགས་པ་དང་། རྣམ་པའི་ཁྱད་པར་དག་སྣ་མ་ལས་ཁྱད་པར་དུ་འཕགས་ཏེ། དམིགས་པའི་ཁྱང་པར་ཆོས་ཐམས་ཅད་བཏགས་པ་ཙམ་དུ་དམིགས་པ ་ཡིན་པའི་ཕྱིར་རོ།། རྣམ་པའི་ཁྱད་པར་ནི་བགུས་པ་དང་། མི་འགུལ་བར་ཆོས་ཉིད་བསྟན་པ་ནི་རྣམ་པ་ཡིན་པའི་ཕྱིར་ཏེ། དེ་ཉིད་ལས་ཇི་སྐད་དུ་བཏགས་པའི་ཆོས་ཉིད་མི་འགལ་བར་། སྨྱོན་པའི་རྣམ་པར་དུ་གྱུར་པ། ཞེས་བྱ་བ་ལ ་སོགས་བསྟོན་པ་ཡིན་ནོ།། གང་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བསྟན་པ་དེ་ནི་སེམས་ཅན་ཐམས་ཅད་བརྟེན་པའི་སྦྱོར་བའི་ལམ་གྱིས་བསྡུས་པ་ཡིན་ཏེ། སེམས་ཅན ་ཐམས་ཅད་ལ་དམིགས་པའི་ཁྱད་པར་དང་། དེ་དག་ཉིད་སེམས་མཉམ་པ་ལ་སོགས་པ་རྣམ་པའི་ཁྱད་པར་གྱིས་ཅི་རིགས་པར་ཁྱད་པར་དུ་འཕགས་པ་ཡིན་ཏེ། དེ་ཉིད་ལུས་ཇི་སྐད་དུ། དྲོ་བ་རྣམས་ཀྱིས་དམིགས་པ་འདིར། ་སེམས་ཅན་ཐམས་ཅད་ཡིན་པོར་བསྔགས། དེ་དག་ཉིད་ལ་སེམས་མཉམ་སོགས།། རྣམ་པ་དག་ནི་བཅུར་བཤད་དོ།། ཞེས་བྱ་བོ་ལ་སོགས་པ་བསྟན་པ་ཡིན་ནོ།། དེ་ནི་རེ་ཞིག་ངེས་པར་འབྱེད་པའི་ཆ་རྣམས་ཀྱི་མཚན ་ཉིད་ཀྱི་ཁྱད་པར་ཡིན་ནོ།། དེ་ལ་གླང་འདིར་དྲི་དང་དེར་མཐོང་བའི་ལམ་རྣམ་པ་མང་པོ་ཞིག་བསྟན་པ་ལྔ། ཐ་དད་པའི་ཁྱད་པར་ཅི་ཞིག་ཡོད་ཅེ་ན། གང་རེ་ཞིག་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་མཐོང་བའི་ལམ་གང་ཡིན་པ་དེ་ནི། ་འཁོར་བ་དང་། མྱ་ངན་ལས་འདས་པོ་དག། གང་ཡང་རུང་བར་མི་ལྟུང་བའི་ཕྱིར་མི་གནས་པའི་ལམ་ཡིན་ནོ།། ཡང་དེ་ཉིད་ལས་ཇི་སྐད་དུ། རབ་འབྱོར་བྱང་ཆུབ་སེམས་དཔས་ལམ་ཐམས་ཅད་བསྐྱེད་པར་བྱ་སྟེ། དེ་ཡང་དག་པའི་མཐའ་མངོན་དུ་མི་བྱའོ།། ། ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། ཐམས་ཅད་ཤེས་པའི་མཐོང་བའི་ལམ་གང་ཡིན་པ་དེ་ནི་ཐེག་པ་དམན་པ་ལས་འདའ་བའི་ལ་མཽ་ཡིན་ནོ།། ཡང་དེ་ཉིད་ལས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་ནི་བྱང་ཆུབོ ་སེམས་དཔའི་ཤེས་པ་དང་། མཐོང་བས་བལྟས་ནས་འདའ་བར་བྱའོ།། ཞེས་གསུངས་པ་དང་། ཡང་རྒྱུན་དུ་ཞུགས་པ་ནས་རང་སངས་རྒྱས་ཀྱི་བར་གྱི་ཤེས་པ་དང་། སྤངས་པ་ནི་བྱང་ཆུབ་སེམས་དཔའི་བཟོད་པ་ཡིན་ནོ་ཞེས་གསུངས་སོ།། རྣམ ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་ཁྱད་པར་གྱི་མཚན་ཉིད་ཀྱི་དབང་དུ་མཛད་ནས་མཐོང་བའི་ལཱ་མི་བསྟན་པ་གང་ཡིན་པ་དེ་ནི་ཁྱད་པར་གྱི་ལམ་ཡིན་ཏེ། དེ་ཉིད་ལས་ཇི་སྐད་དུ། བསྣམ་གྱིས་མི་ཁྱུད་ཁྱད་སོགས་ཀྱིས། ཁྱད་ཞུགས ་བདེན་པའི་སྤྱོད་ཡུལ་ཅམ། སྐད་ཅིག་མིན་བཅུ་དྲུག་གིས། ཁྱད་པར་མཚན་ཉིད་བཤད་པ་ཡིན། ཞེས་བསྟན་པ་ཡིན་ནོ།། གང་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་དབང་དུ་མཛོད་ནས། སློབ་མ་དང་བཅས་པའི ་སློབ་པའི་གནས་སྐབས་སུ་གྱུར་པ་ཡིན་ཏེ། དེ་ཉིད་ལས་ཇི་སྐད་དུ། མཐོང་བའི་ལམ་དང་བཟོད་པ་དང་།། ཤེས་པའི་སྐད་ཅིག་བཅུ་དྲུག་ནི། བྱང་ཆུབ་སེམས་དཔའ་མི་ལྡོག་པའི། མཚན་ཉིད་ཡིན་པར་ཤེས་པར་བྱ། ཞེས་བསྟན་པ་ཡིན ་སྐད་ཅིག་མ་སྨོས་པ་ཐམས་ཅད་ཀྱང་བྱ་བ་རྫོགས་པའི་མཚན་ཉིད་ཅན་དུ་ཤེས་པར་བྱ་སྟེ། ཇི་སྲིད་ཀྱིས་ཤེས་བྱ་ལ་ཤེས་པ་སྐྱེ་བར་འགྱུར་བ་དེ་སྲིད་དོ།། ཡང་རྩེ་མོའི་མངོན་པར་རྟོགས་པའི་མཐོང་བའི་ལམ་བཤད་པ་དེ་ནི། གཉེན ་པོའི་ཕྱོགས་ཀྱི་ལམ་ཡིན་པར་ཤེས་པར་བྱ་སྟེ། དེ་ཉིད་ལས་ཇི་སྐད་དུ།། མཐོང་ཞེས་བྱ་དང་བསྒོམ་པ་ཞེས། བྱ་བའི་ལམ་ནི་སོ་སོ་ལྔ།། རྣམ་པར་རྟོག་པ་རྣམ་པ་ནི་ཡི།། གཉེན་པོ་རྣམ་པཱ་བ་ནཱི་དང་ནི། ཞེས་བསྟན་པ་ཡིན་ནོ།། དེ་ལྟར ་དེ་དག་གིས་མཐོང་བའི་ལམ་གྱི་ཁྱད་པར་ཡིན་པར་ཤེས་པར་བྱའོ།། དེ་ནི་ཕྱོགས་ཙ་མ་ཡིན་ཏེ། ཕྱོགས་དེ་ཐམས་ཅད་ཤེས་པ་ཉིད་དང་། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་བསྒོམ་པའི་ལམ་གྱི་སྦྱོར་བ་བསྟན་པ་དེ ་དང་། དེའི་རྣམ་པར་རྟོག་པའི་རོབ་ཏུ་དབྱེ་བའི་ཁྱད་པར་གྱི་མཚན་ཉིད་བརྟགས་ཤིང་བཤད་པར་བྱའོ།། མངོན་པར་རྟོགས་པའི་རྒྱན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིན་ངག་གི་བསྟན་བཅོས་ལས་ཁྱད་པར་གྱི་མཚན་ཉིད་ཀྱི་རྣམ ་པར་འགྲེལ་པའོ།། ། ཇི་ལྟར་གྲགས་པའི་ལམ་བཟུང་ནས་ནི་འཇིག་རྟེན་པོ་ཡི་ལམ་གྱི་རྗེས་སུ་འཇུག་པ་ཡིན། སངས་རྒྱས་ལམ་ནི་གང་ཕྱིར་བློ་སྦྱངས་ལྡན་པའི་མཁས་ལ་འོད་འདི་ནི་མངོན་སུམ་ལས་སྐོག ་གྱུར། དེ་ཕྱིར་བདག་གིས་འདི་ནི་སྔོན་གྱི་མཁས་པས་ཉམས་སུ་མྱོང་བ་མེད་པ་འགྲོ་ལ་ཕན་པའི་ཕྱིར།། ཤེས་རབ་ཕ་རོལ་ཕྱིན་པའི་ཚུལ་ནི་གང་ཡིན་ཕྱོགས་ཙམ་མཁས་ལ་གསལ་བར་བྱས་པ་ཡིན།། ་ལྡན་གླང་པོའི་རྒྱལ་པོ་ཁྲོ་བ་དང་བཅས་གནོད་པ་གང་གིས་བཟློག་པར་ནུས།། སྟོབས་ཆེན་གང་གིས་གནོད་པ་བྲག་རི་འཕན་མོང་སྟོབས་ཀྱིས་བཟོད་པར་བྱེད་རུས་པ།། དེ་ལྟར་བདག་དང་འགལ་བའི་སྐྱེ་བོས་རབ་ཏུ་གནོད་པ་པྲ་མོ་ཡང་ནི་མེད།། ་སེ་ལས་མཁའ་ལྟར་སྐྱེ་བོ་དམ་པ་དག་ནི་ཐག་རིང་ཁྱད་པར་འཕགས།། ཀྱེ་མི་གཞུང་ལུགས་སྣ་ཚོགས་ཀྱིས།། དུབ་པ་ངག་གིས་ངལ་སོའི་གྲནས།། ཤེས་རབ་ཕ་རོལ་ཕྱིན་པའི་ལུགས། རིང་མོ་ཞིག་ནས་མཐོང་བ་ཡིན།། ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པོ་སྟོང་ཕྲག་ཉི་ཤུ་ལྔ་པའི་མན་ངག་གི་བསྙུན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་རྣམ་པར་འགྲེལ་པ།། མཁས་པ་ཆེན་པོ་མོས་པས་སྤྱོད་པའི་ས་བརྙས་པ། སློབ་དཔོན་རྣམ་པར་གྲོལ་བའི་སྔས་མཛད་པ ་རྫོགས་སྷོ།། རྗེ་བཙུན་རྒྱུ་ཆུབ་འོད་ཀྱིས་བཀའ་ལུང་སྨྲས། ཡུལ་གྱི་པོཛྲཱི་ཏ་མཁས་པ་མེ་པ་ནྡྷེ་དྷཱ་དྷའི་ཞལ་མངལྡ་ན་དང། འབྲས་དེ། དགེ་སློང་ཤཱས་འོད་ཀྱིས་བསྒྱུར། འདི་ལ་ན ་ལོ་ཀ་ལྔ་སྟོང་བཞི་བརྒྱ་ཡོད།། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལེ། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་པར་བསྟན་པ་འབུང་པ། འབྲིང་དུ་བསྙད་པ་ཉི་ཁྲི་ལྔ་སྟོང ་