| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཨ་བྷི་ས་མ་ཡཱ་ལངྒ་ར་ནཱ་མ ་པྲདྡྷཱ་པྟཱ་མ་ཏི་དན། འོངས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་ཚིག་ལེའུར་བྱས ་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། ཉན་ཐོས་ཞི་བ་ཚོལ་རྣམས་ཀུན་ཤེས་ཉིད་ཀྱིས ་ཉེར་ཞིང་ཁྲིད་མཛད་གང་ཡིན་དང་།། འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང་།། ་གང་དང་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ།། ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཕྱག་འཚལ།། རྣཾ་པ ་ཐམས་ཅད་མཁྱེན་ཉིད་ལམ།། སྟོན་པས་འདི་ལས་བཤད་པ་གང་།། གཞན་གྱིས་མྱོང་བ་མ་ཡིན་ཏེ།། ཆོས་སྤྱོད་བཅུ་ཡི་བདག་ཉིད་ཀྱི།། མདོ་དོན་དྲན་པ་ལ་བཞག་ནས།། བློ་དང་ལྡན་པས ་མཐོང་འགྱུར་ཕྱིར།། བདེ་བླག་ཏུ་ནི་རྟོགས་པ་ཞེས།། བྱ་བ་རྩོམ་པའི་དགོས་པ་ཡིན།། ཤེས་རབ་ཕ་རོལ་ཕྱིན་པ་ནི།། དངོས་པོ་བརྒྱད་ཀྱིས་ཡང་དག་བཤད།། རྣམ་ཀུན་མཁྱེན་ཉིད་ལམ ་ཤེས་ཉིད།། དེ་ནས་ཐམས་ཅད་ཤེས་པ་ཉིད།། རྣམ་ཀུན་མངོན་རྫོགས་རྟོགས་པ་དང་།། རྩེ་མོར་ཕྱིན་དང་མཐར་གྱིས་པ།། སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ།། ཆོས་ཀྱི་སྐུ་དང་དེ་རྣམ་བརྒྱད།། ་སེམས་བསྐྱོད་པ་དང་གདམས་ངག་དང་།། ངོས་འབྱོད་ཡན་ལག་རྣམ་བཞི་དང་།། སྒྲུབ་པ་ཡི་ནི་རྟེན་གྱུར་པ།། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་།། དམིགས་པ་དག་དང་ཆོད་དང་ནི།། གོ་ཆ་འཇུག་པའི་བྱ་བ་དང་།། ་ཚོགས་ནི་ངེས་པར་འབྱུང་བཅས་རྣམས།། ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད།། མོག་མོག་པོར་བྱེད་ལ་སོགས་དང་།། སློབ་མ་བསེ་རུའི་ལམ་གང་དང་།། འདི་དང་གཞན་པའི་ཡོན་ཏན་གྱིས།། ཕན་ཡོན་ཆེ་བ་མཐོང་བའི་ལམ།། ་བྱེད་པ་དང་ནི་མོས་པ་དང་།། བསྟོད་དང་བཀུར་དང་བསྔགས་པ་དང་།། བསྔོ་དང་རྗེས་སུ་ཡི་རང་པོ།། ཡིད་ལ་བྱེད་པ་བླ་མེད་དག། སྒྲུབ་དང་ཤིན་ཏུ་དག་པ་ཞེས།། བྱ་བ་འདྲི་ནི་སྒོམ་པའི་ལམ།། བྱང་ཆུབ་སེམས་དཔའ་མཁས་རྣམས ་ཀྱི།། ལམ་ཤེས་ཉིད་ནི་དེ་འདྲར་བཤད།། ཤེས་པས་སྲིད་པ་མི་གནས་ཤིང་།། སྙིང་རྗེས་ཞི་ལ་མི་གནས་དང་།། ཐབས་མ་ཡིན་པས་རིང་བ་དང་།། ཐབས་ཀྱིས་རིང་བ་མ་ཡིན་ཉིད།། མི་མཐུན་གཉེན་པོའི་ཕྱོགས་དག་དང་།། སྦྱོར་དང ་དེ་ཡི་མཉམ་ཉིད་དང་།། ཉན་ཐོས་ལ་སོགས་མཐོང་བའི་ལམ།། དེ་འདྲ་ཀུན་ཤེས་ཉིད་དུ་འདོད།། རྣམ་པ་སྦྱོར་བར་བཅས་རྣམས་དང་།། ཡོན་ཏན་སྐྱོན་ནི་མཚན་ཉིད་བཅས།། ཐར་དང་ངེས་འབྱེད་ཆ་མཐུན་དང་།། སློབ་པ་ཕྱིར་མི་ལྡོག ་པའི་ཚོགས།། སྲིད་དང་ཞི་བ་མཉམ་ཉིད་དང་།། ཞིང་དག་བླ་ན་མེད་པ་ནི།། རྣམ་ཀུན་མངོན་རྫོགས་རྟོགས་པ་སྟེ།། འདི་ནི་ཐབས་མཁས་བཅས་པ་ཡིན།། དེ་ཡི་རྟགས་དང་རྣམ་འཕེལ་དང་།། བརྟན་དང་སེམས་ཀུན་གནས་པ་དང་།། ་མཐོང་ནས་བྱ་དང་སྦྲུམ་པ་ཞེས།། བྱ་བའོ་ལམ་ན་སོ་སོ་ལ།། རྣམ་པར་རྟོག་པ་རྣམ་བཟླ་ས།། གཉེན་པོ་རྣམ་པ་བཞི་དང་ནི།། བར་ཆད་མེད་པའི་ཏིང་ངེ་འཛིན།། ལོག་པར་བསྒྲུབ་དང་བཅས་པ་ནི།། རྩེ་མའི་མངོན་རྟོགས་མཐར་གྱོས་པ།། རྣམ་གས། ་རྣམ་བཅུ་སྐད་ཅིག་མ།། གཅིག་གིས་མངོན་རྫོགས་བྱང་ཆུབ་པ།། མཚན་ཉིད་ཀྱིས་ནི་རྣམ་པ་བཞི།། ངོ་བོ་ཉིད་ལོངས་རྫོགས་བཅས་དང་།། དེ་བཞིན་གཞན་པ་སྤྲུལ་པ་ནི།། ཆོས་སྐུ་མཛད་པ་དང་བཅས་པ།། རྣམ་པ་བཞིར་ནི་ཡང་དག་བརྗོད།། ་སེམས་བསྐྱེད་པ་ནི་གཞན་དོན་ཕྱིར།། ཡང་དག་རྫོགས་པའི་བྱང་ཆུབ་འདོད།། དེ་དང་དེ་ནི་མདོ་བཞིན་དུ།། བསྡུས་དང་རྒྱས་པའི་སྒོ་ནས་བརྗོད།། དེ་ཡང་ས་གསེར་ཟླ་བ་མེ།། གཏར་དང་རིན་ཆེན་འབྱུང་གནས་མཚོ།། རྡོ་རྗེ་རི་སྨན་བཤེས ་གཉེན་དང་།། ཡིད་བཞིན་ནོར་བུ་ཉི་ལ་གླུ།། རྒྱལ་པོ་མཛོད་དང་ལམ་པོ་ཆེ།། བཞོན་པ་བཀོད་མའི་ཆུ་དང་ནི།། སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས།། རྣམ་པ་ཉི་ཤུ་རྩ་གཉིས་སོ།། སྒྲུབ་དང་བདེན་པ་རྣམས་དང་ནི།། སངས་རྒྱས་ལ་སོགས་དཀོན ་མཆོག་གསུམ།། མ་ཞེན་ཡོངས་སུ་མི་ངལ་དང་།། ལམ་ནི་ཡོངས་སུ་འཛིན་པ་དང་།། སྤྱན་ལྔ་དང་ནི་མངོན་ཤེས་ཀྱི།། ཡོན་ཏན་དྲུག་དང་མཐོང་ལམ་དང་།། སྒྲོམ་ཞེས་བྱ་ལ་གདམས་ངག་ནི།། བཅུ་ཡི་བདག་ཉིད་ཤེས་པར་བྱ།། དབང་པོ་རྟུལ ་དང་རྣོན་པོ་དག། དད་དང་མཐོང་ཐོབ་རིགས་ནས་རིགས།། བར་ཆད་གཅིག་པར་སྐྱེས་ནས་དང་།། བྱེད་དང་བྱེད་མིན་འོག་མིན་འགྲོ།། འཕར་གསུམ་སྲིད་རྩེའི་མཐར་ཐུག་འགྲོ།། གཟུགས་ཀྱི་ཆགས་བཅོམ་མཐོང་བ་ཡི།། ཆོས་ལ་ཞི་ལུས ་མངོན་སུམ་བྱེད།། བསོ་རྱ་དང་ནི་ཉི་ཤུའོ།། དམིགས་པ་དང་ནི་རྣམ་པ་དང་།། རྒྱུ་དང་ཡོངས་སུ་འཛིན་པ་དང་།། བྱང་ཆུབ་སེམས་དཔའ་སྐྱོབ་པ་ཡི།། དྲོད་སོགས་བདག་ཉིད་ཇི་བཞིན་དུ།། རྣམ་རྟོག་བཞི་པོ་ལྡན་བསྟོན ་བ།། ཆུང་དང་འབྲིང་དང་ཆེན་པོ་རྣམས།། ཉན་ཐོས་བསེ་རུ་ལྟ་བུ་དང་།། བཅས་པ་དག་ལས་ཁྱད་པར་བཔགས།། དམིགས་པ་མི་རྟག་ལ་སོགས་པ།། བདེན་པའི་རྟེན་ཅན་དེ་ཡི་ནི།། རྣམ་པ་མངོན་ཞན་ལ་སོགས་འགོགྶ། རིག་པ་གསུམ་ཙ ་འཐོབ་པའི་རྒྱུ།། གཟུགས་སོགས་འདུ་འགོད་གནས་བྲལ་དང་།། གནས་དང་བཏགས་དང་བརྗོད་དུ་མེད།། གཟུགས་སོགས་མི་གནས་དེ་དག་ནི།། དེ་ཡི་ངོ་བོ་རང་བཞིན་མེད།། དེ་དག་གཅིག་གི་རང་བཞིན་གཅིག། དེ་མི་རྟགས་སོགས་པར་མི ་གནས།། དེ་རྣམས་དེ་ཡི་ངོ་བས་སྦྱོང་།། དེ་དག་གཅིག་གི་རང་བཞིན་གཅིག། ཆོས་རྣམས་མི་འཛིན་གང་ཡིན་དང་།། དེ་དག་མཚན་མར་མི་མཐོང་ཕྱིར།། ཤེས་རབ་ཀྱིས་ནི་ཡོངས་རྟོག་པ།། ཐམས་ཅད་དམིགས་སུ་མེད་པར་རོ།། གཟུགས ་སོགས་ངོ་བོ་ཉིད་མེད་ཉིད།། དེ་མེད་པ་ཉིད་ངོ་བོ་ཉིད།། དེ་དག་སྐྱེ་མེད་ངེས་འབྱུང་མེད།། ངག་དང་དེ་དག་མཚན་མ་མེད།། དེ་ཡི་མཚན་མར་མི་བརྟེན་པས།། མོས་མིན་འདུ་ཤེས་མེད་པ་ཡིན།། ཏིང་འཛིན་དེ་ཡི་བྱེད་པ་ཉིད།། ལུང་སྟོན་པ་དང་། ་རློམ་པ་ཟད།། གསུམ་པོ་ཕན་ཚུན་ངོ་བོ་གཅིག། ཏིང་འཛིན་རྣམ་པར་མི་རྟག་པ།། དེ་ལྟར་ངེས་འབྱེས་ཆ་མཐུན་ནི།། ཆུང་དང་འབྲིང་དང་ཆེན་པོ་ཡིན།། གཞི་དང་དེ་ཡི་གཉེན་པོ་ཡིས།། གཟུང་བར་རྟོག་པ་རྣམ་པ་གཉིས།། རྨོངས་དང་དུ ་སོགས་བྱེ་བྲག་གིས།། དོན་སོ་སོར་རྣམ་པ་དགུ།། རྫུས་དང་བཏགས་པའི་རྟེན་ཅན་གྱིས།། འཛིན་པའང་རྣམ་པ་གཉིས་སུ་འདོད།། རང་དབང་བདག་སོགས་ངོ་བོ་དང་།། ཕུང་སོགས་རྟེན་ལས་དེ་བཞིན་ནོ།། སེམས་མི་འགོང་པ་ཉིད་ལ་སོགས།། ། ་ངོ་བོ་ཉིད་མེད་སོགས་སྟོན་བྱེད།། དེ་ཡི་མི་མཐུན་ཕྱོགས་བོར་བུ།། རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན།། རྟོགས་པ་ཡི་ནི་ཆོས་དྲུག་དང་།། གཉེན་པོ་དང་ནི་སྤོང་བ་དང་།། དེ་དག་ཡོངས་སུ་གཏུགས་པ་དང་།། ཤེས་རབ་སྙིང་བརྩེར་བཅས་པ་དང་།། སློབ ་མ་ཐུན་མང་མིན་ཉིད་དང་།། གཞན་གྱི་དོན་གྱི་གོ་རིམ་དང་།། ཡེ་ཤེས་རྩོལ་བ་མི་མངའ་བར།། འཇུག་པའི་རྟེན་ལ་རིགས་ཞེས་བྱ།། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར།། རིགས་ནི་ཐ་དད་རུང་མ་ཡིན།། བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས།། དེ་ཡི་དབྱེ ་བ་ཡོངས་སུ་བརྗོད།། དམིགས་པ་ཆོས་རྣམས་ཐམས་ཅད་དེ།། དེ་ཡང་དགེ་ལ་སོགས་པ་ཡིན།། འཇིག་རྟེན་པ་ཡི་རྟོགས་པ་དང་།། གང་དག་འཇིག་རྟེན་འདས་འདོད་དང་།། ཟག་བཅས་ཟག་པ་མེད་ཆོས་དང་།། གང་དག་འདུས་བྱས་འདུས་མ་བྱས།། ་སློབ་མ་ཐུན་མོང་ཆོས་རྣམས་དང་།། གང་དག་ཐུབ་པའི་ཐུན་མོང་མིན།། སེམས་ཅན་ཀུན་མཆོག་ཉིད་སེམས་དང་།། སྤོང་དང་རྟོགས་དང་གསུམ་པོ་ལ།། ཆེན་པོ་གསུམ་པོ་རང་བྱུང་གི། ཆེད་དུ་བྱ་བ་འདི་ཤེས་བྱ།། དེ་དག་སོ་སོར་སྦྱིན་ལ་སོགས།། ་རྣམ་པ་དྲུག་ཏུ་བསྡུས་པ་ཡིས།། ཆོ་གའི་སྒྲུབ་པ་གང་ཡིན་དེ།། དྲུག་ཚན་དྲུག་གིས་ཇི་བཞིན་བཤད།། བསམ་གཏན་གཟུགས་མེད་སྦྱིན་སོགས་དང་།། ལམ་དང་བྱམས་ལ་སོགས་པ་དང་།། དམིགས་པ་མེད་དང་ལྡན་པ་དང་།། འཁོར ་གསུམ་རྣམ་པར་དག་པ་དང་།། ཆེད་དུ་བྱ་དང་མངོན་ཤེས་དྲུག། རྣམ་ཀུན་མཁྱེན་པའི་ཚུལ་ལ་ནི།། འཇུག་པའི་སྒྲུབ་པ་ཐེག་ཆེན་ལ།། འཛེག་པ་ཡིན་པར་ཤེས་པར་བྱ།། བརྩེ་དང་སྦྱིན་ལ་སོགས་པ་དྲུག། ཞི་གནས ་ལྷག་མཐོང་བཅས་པ་དང་།། ཟུང་དུ་འབྲེལ་པའི་ལམ་གང་དང་།། ཐབས་ལ་མཁས་པ་གང་ཡིན་དང་།། ཡེ་ཤེས་དང་ནི་བསོད་ནམས་དང་།། ལམ་དང་གཟུང་དང་ས་བཅུ་དང་།། གཉེན་པོའི་ཚོགས་ཀྱི་སྐྱོབ་པ་ཡི།། རིམ་པ་ཡིན་པར་ཤེས ་བར་བྱ།། ཡོངས་སུ་སྦྱོང་བ་རྣམ་བཅུ་ཡིས།། ས་ནི་དང་པོ་འཐོབ་འགྱུར་ཏེ།། བསམ་དང་ཕན་པའི་དངོས་ཉིད་དང་།། སེམས་ཅན་རྣམས་ལ་སེམས་མཉམ་ཉིད།། གཏོང་དང་བཤེས་གཉེན་བསྟེན་པ་དང་།། དམ་ཆོས་དམིགས་པ་ཚོལ་བ ་དང་།། རྟག་ཏུ་ངེས་འབྱུང་སེམས་ཉིད་དང་།། སངས་རྒྱས་བཀུར་འདོད་དགའ་བ་དང་།། ཆོས་སྟོན་པ་དང་བདེན་པ་ཡི།། ཚིག་ནི་བཅུ་པ་ཡིན་པར་འདོད།། འདི་དག་རང་བཞིན་མི་དམིགས་པས།། ཡོངས་སུ་སྦྱོང་བར་ཤེས་པར་བྱ།། ཚུལ ་ཁྲིམས་བྱས་པ་གཟོ་དང་བཟོད།། རབ་ཏུ་དགའ་དང་སྙིང་བརྩེ་ཆེ།། བཀུར་སྟི་བླ་མ་ལ་གུས་ཉན།། བརྒྱད་པ་སྦྱིན་པ་སོགས་ལ་བརྩོན།། ཐོས་པས་མི་ངོམས་ཉིད་དང་ནི།། ཟང་ཟིང་མེད་པར་ཆོས་སྦྱིན་དང་།། སངས་རྒྱས་ཞིང་ཀུན་སྦྱོར ་བ་དང་།། འཁོར་བས་ཡོངས་སུ་མི་སྐྱོ་དང་།། ངོ་ཚ་ཁྲེལ་ཡོད་ཅེས་བྱ་བ།། རློམ་མེད་བདག་ཉིད་དེ་རྣམ་ལྔ།། ནགས་གནས་འདོད་ཆུང་ཆོག་ཤེས་དང་།། སྦྱངས་པ་ཡང་དག་སྡོམ་སྟེན་དང་།། བསླབ་པ་ཡོངས་སུ་མི་གཏོང་དང་།། འདོད་པ་རྣམས ་ལ་སྨོད་པ་དང་།། མྱ་ངན་འདས་དང་བདོག་ཀུན་གཏོང་།། མི་ཞུམ་པ་དང་ལྟ་བ་མེད།། འདྲིས་དང་ཁྱིམ་ལ་འཁྲེན་པ་དང་།། འདུ་འཛིར་གྱུར་པའི་གནས་དང་ནི།། བདག་བསྟོད་གཞན་ལ་བརྙས་པ་དང་།། མི་དགེའི་ལས་ཀྱི་ལམ་བཅུ་དང་།། ་རློམ་པས་ཁེངས་དང་ཕྱིན་ཅི་ལོག། བློ་ངན་དང་ཉོན་མོངས་བཟོད།། བཅུ་པོ་འདི་ནི་རྣམ་སྤངས་ནས།། ས་ལྔ་པ་ནི་ཡང་དག་འཐོབ།། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས།། བསམ་གཏན་ཤེས་རབ་རབ་རྫོགས་པས།། སློབ་མ་དང་ནི་བསེ ་རུ་ལ།། དགའ་དང་སྐྲག་པའི་སེམས་སྤངས་པ།། བསླངས་ན་མི་ཞུམ་བདོག་པ་ཀུན།། བཏང་ཡང་མི་དགའ་མེད་པ་དང་།། དབུལ་ཡང་སློང་བ་མི་སྤོང་བས།། ས་ནི་དྲུག་པ་ཡང་དག་འཐོབ།། བདག་དང་སེམས་ཅན་འཛིན་པ་དང་།། སྲོག་དང་གང ་ཟག་ཆད་རྟག་དང་།། མཚན་མ་རྒྱུ་དང་ཕུང་པོ་དང་།། ཁམས་དང་སྐྱེ་མཆེད་དག་དང་ནི།། ཁམས་གསུམ་པ་ལ་གནས་དང་ཆགས།། སེམས་ནི་ཀུན་ཏུ་ཞུམ་པ་དང་།། དཀོན་མཆོག་གསུམ་དང་ཚུལ་ཁྲིམས་ལ།། དེར་ལྟ་བ་ཡི་མངོན་ཞེན་དང་།། ་སྟོང་པ་ཉིད་ལ་རྩོད་པ་དང་།། དེ་དང་འགལ་བའི་ཉེས་པ་ནི།། ཉི་ཤུ་གང་ལ་རྣམ་ཆད་པ།། དེ་ཡིས་ས་ནི་བདུན་པ་འཐོབ།། རྣམ་ཐར་སྒོ་གསུམ་ཤེས་པ་དང་།། འཁོར་གསུམ་རྣམ་པར་དག་ཉིད་དང་།། སྙིང་རྗེ་དང་ནི་རློམ་མེད་དང་།། ཆོས་མཉམ ་ཉིད་དང་ཚུལ་གཅིག་ཤེས།། མི་སྐྱེ་བ་དང་བཟོད་ཤེས་དང་།། ཆོས་རྣམས་རྣམ་པ་གཅིག་ཏུ་སྟོན།། རྟོག་པ་ཀུན་ཏུ་འཇོམས་པ་དང་།། འདུ་ཤེས་ལྷ་དང་ཉོན་མོངས་སྤོང་།། ཞི་གནས་ངེས་པར་སེམས་པ་དང་།། ལྷག་མཐོང་ལ་ནི་མཁས་པ ་དང་།། སེམས་དུལ་བ་དང་ཐམས་ཅད་ལ།། ཐོགས་པ་མེད་པའི་ཡེ་ཤེས་དང་།། ཆགས་པའི་ས་མིན་གར་འདོད་པར།། ཞིང་གཞན་དུ་ནི་མཉམ་འགྲོ་དང་།། ཀུན་ཏུ་བདག་གི་ངོ་བོ་ནི།། སྟོན་པ་ཉིད་དང་ཉི་ཤུའོ།། སེམས ་ཅན་ཀུན་ཡིད་ཤེས་པ་དང་།། མངོན་པར་ཤེས་པས་བརྩེ་བ་དང་།། སངས་རྒྱས་ཞིང་བཟང་བསྒྲུབ་པ་དང་།། ཡོངས་སུ་བརྟག་ཕྱིར་སངས་རྒྱས་བསྟེན།། དཔའ་བོ་ཤེས་དང་རྒྱལ་བ་ཡི།། ཞིང་སྐྱོང་སྒྱུ་མ་ལྟར་གནས་དང་།། བསམས་བཞིན ་སྲེད་པ་ལེན་པ་དང་།། ལས་ནི་རྣམ་པ་འདི་བརྒྱད་བཤད།། སྨོན་ལམ་དག་ནི་མཐའ་ཡས་དང་།། ལྷ་ལ་སོགས་པའི་སྐད་ཤེས་དང་།། སྤོབས་པ་ཆུ་བོ་ལྟ་བུ་དང་།། མངལ་དུ་འཇུག་པ་མཆོག་དང་ནི།། རིགས་དང་རུས་དང་ཆོ་འབྲང་དང་།། འཁོར ་དང་སྐྱེ་བ་དག་དང་ནི།། ངེས་འབྱུང་བྱང་ཆུབ་ཤིང་རྣམས་དང་།། ཡོན་ཏན་ཕུན་སུམ་ཚོགས་པ་ཡིན།། ས་དང་འདས་ནས་ཡེ་ཤེས་ནི།། གང་གིས་སངས་རྒྱས་སར་གནས་པ།། དེ་ནི་བྱང་ཆུབ་སེམས་དཔའི་ས།། བཅུ་པ་ཡིན་པར་ཤེས་པར ་བྱ།། མཐོང་དང་གོམས་པའི་ལམ་དག་ལ།། གཟུང་དང་འཛིན་པའི་རྣམ་རྟོག་རྣམས།། ཉེ་བར་ཞི་བར་བྱ་བའི་ཕྱིར།། གཉེན་པོ་རྣམ་པ་བརྒྱད་ཅེས་བྱ།། ཆེད་དུ་བྱ་དང་མཉམ་ཉིད་དང་།། སེམས་ཅན་དོན་དང་འབད་མེད་དང་།། མཐའ་ལས ་འདས་པར་ངེས་འབྱུང་དང་།། ཐོབ་པའི་མཚན་ཉིད་ངེས་འབྱུང་དང་།། རྣམ་པ་ཐམས་ཅད་མཁྱེན་ཉིད་དང་།། ལམ་གྱི་ཡུལ་ཅན་ངེས་འབྱུང་སྟེ།། རྣམ་པ་བརྒྱད་ཀྱི་བདག་ཉིད་འདི།། ངེས་པབྱུང་སྒྲུབ་པ་ཡིན་ཞེས་བྱ།། ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པ་ལས། སྐབས་དང་པོའོ།། ། ལྷ་རྣམས་རུང་བར་བྱ་བའི་ཕྱིར།། འོད་ཀྱིས་མོག་མོག་པོར་མཛད་དང་།། ཡུལ་ངེས་པ་དང་ཁྱབ་པ་དང་།། 8ང ་བཞིན་དང་ནི་དེ་ཡི་ལས།། ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི།། འཕགས་པའི་བདེན་པ་བཞི་དག་གི། རྣམ་པ་མི་དམིགས་སྒོ་ནས་ནི།། ཉན་ཐོས་ལམ་འདི་ཤེས་པར་བྱ།། འཕགས་པ་ཉན་ཐོས་ལམ་ལ་ནི།། གཟུགས་ལ་སོགས་པ་སྟོང་པའི་ཕྱིར།། སྟོང ་པ་ཉིད་རྣམས་དབྱེར་མེད་པས།། དྲོ་བ་དེ་དག་མི་དམིགས་པས།། རྩེ་མོར་གྱུར་པ་དག་ཏུ་འདོད།། དེ་ལ་རྟག་ལ་སོགས་ཚུལ་གྱིས།། གནས་པ་བཀག་པས་བཟོད་པ་རྣམས།། ས་བཅུ་དག་ལས་བརྩམས་ནས་ནི།། མི་གནས་རྒྱས་པར་བསྟན་པ ་ཡིས།། ཆོས་ཀྱི་མཆོག་ཏུ་འགྱུར་བཤད་དེ།། ཅི་ཕྱིར་ཞེ་ན་སངས་རྒྱས་ཀྱིས།། མཁྱེན་ནས་ཆོས་རྣམས་མ་གཟིགས་ཕྱིར།། རང་བྱུང་བདག་ཉིད་རྟོགས་པའི་ཕྱིར།། གཞན་གྱིས་བསྟན་ཡང་མི་དགོས་ལ།། བསེ་རུ་ལྟ་བུའི་ཡེ་ཤེས་ནི།། ཟབ་པ་ཉིད ་དུ་མངོན་པར་བརྗོད།། གང་གང་དོན་ནི་གང་གང་ལ།། ཇི་ལྟ་ཇི་ལྟར་ཉན་འདོད་པ།། དེ་དེ་ལ་དོན་དེ་དང་དེ།། སྒྲ་མེད་ཀྱང་དེ་དེ་ལྟར་སྣང་།། གཟུང་དོན་རྟོག་པ་སྤོང་ཕྱིར་དང་།། འཛིན་པ་མི་སྤོང་ཕྱིར་དང་ནི།། རྟེན་གྱིས་བསེ་རུ་ལྟ་བུའི་ལམ།། ཡང ་དག་བསྡུས་པར་ཤེས་པར་བྱ།། བཏགས་པའི་ཆོས་ཉིད་མི་འགལ་བར།། སྟོན་པའི་རྣམ་པ་དྲོར་གྱུར་པ།། རྩེ་མོར་གྱུར་པ་གཟུགས་ལ་སོགས།། འགྲིབ་པ་མེང་ལ་སོགས་པས་ཕྱེ།། ནང་སྟོང་ཉིད་ལ་སོགས་པ་ཡིས།། གཟུགས་སོགས ་མི་འཛིན་ཕྱིར་བཟོད་པ།། གཟུགས་སོགས་སྐྱེ་བ་མེད་སོགས་ཀྱི།། རྣམ་པ་ཅན་ནི་ཆོས་ཀྱི་མཆོག། བདེན་དང་བདེན་ལ་བཟོད་པ་དང་།། ཤེས་པའི་སྐད་ཅིག་རྣམ་བཞི་ཡིས།། ལམ་ཤེས་ཉིད་ལ་མཐོང་བའི་ལམ།། ཕན་ཡོན ་བཅས་པ་འདི་བཤད་དོ།། དེ་བཞིན་ཉིད་དང་སངས་རྒྱས་དག། ཕན་ཚུན་བརྟེན་པ་རྟེན་མེད་ཕྱིར།། རྣམ་གྲངས་ཁས་མི་ལེན་པ་དང་།། ཆེན་པོ་ཚད་མ་མེད་བཅས་དང་།། ཚད་མེད་པ་དང་མཐའ་མེད་དང་།། དེར་གནས་གཟུགས་ལ་སོགས ་།། སངས་རྒྱས་ཉིད་དུ་ངེས་འཛིན་དང་།། བླང་མེད་དོར་བ་མེད་སོགས་དང་།། བྱམས་ལ་སོགས་དང་སྟོང་ཉིད་དང་།། སངས་རྒྱས་ཉིད་ནི་འཐོབ་པ་དང་།། རྣམ་པར་བྱང་ཀུན་ཡོངས་བསྡུས་དང་།། ཉམ་ང་བ་དང་ནད་ཀུན་སེལ།། མྱ་ངན ་འདས་འཛིན་ཞི་ཉིད་དང་།། སངས་རྒྱས་རྣམས་ཀྱིས་བསྲུང་ལ་སོགས།། སྲོག་མི་གཅོད་པ་ལ་སོགས་པ།། རྣམ་པ་ཀུན་མཁྱེན་ཚུལ་ལ་ནི།། བདག་ཉིད་གནས་ཏེ་སེམས་ཅན་དག། འགོད་དང་སྦྱིན་པ་ལ་སོགས་པ།། རྫོགས་པའི་བྱང་ཆུབ་ཏུ ་བསྔོ་བ།། ལམ་ཤེས་ཉིད་ཀྱི་སྐད་ཅིག་མ།། ཀུན་ནས་ཞི་དང་ཐམས་ཅད་ལ།། བདུད་དང་ཉོན་མོངས་ལས་རྒྱལ་དང་།། གནོད་པས་བརྫི་བ་མེད་ཉིད་དང་།། བྱང་ཆུབ་དང་ནི་རྟེན་མཆོད་ཉིད།། མོས་པ་རང་གི་དོན་དང་ནི།། རང་གཞན་དོན་དང་གཞན ་དོན་དང་།། རྣམ་གསུམ་ཤེས་བྱ་དེ་ཡང་ནི།། ཆུང་དང་འབྲིང་དང་ཆེན་པོ་སྟེ།། སོ་སོར་རྣམ་པ་གསུམ་དུ་འདོད།། ཆུང་ངུའི་ཆུང་སོགས་དབྱེ་བ་ཡིས།། དེ་ཡང་རྣམ་གསུམ་དེ་ལྟར་ན།། རྣམ་པ་ཉི་ཤུ་བདུན་དུ་འདོད།། ཤེས་རབ་ཕ་རོལ་ཕྱིན་པ ་པ་ལ།། མོས་པའི་གནས་སྐབས་རྣམས་ལ་ནི།། དགུ་ཚན་གསུམ་གྱིས་བསྟོད་པ་དང་།། བཀུར་བ་དང་ནི་བསྔགས་པར་འདོད།། ཡོངས་སུ་བསྔོ་བ་ཁྱད་པར་ཅན།། དེ་ཡི་བྱེད་པ་མཆོག་ཡིན་ནོ།། དེ་ནི་དམིགས་མེད་རྣམ་པ་ཅན།། ཕྱིན་ཅི ་མ་ལོག་མཚན་ཉིད་དོ།། དབེན་དང་སངས་རྒྱས་བསོད་ནམས་ཚོགས།། རང་བཞིན་དྲན་པའི་སྤྱོད་ཡུལ་ཅན།། ཐབས་བཅས་མཚན་མ་མེད་པ་དང་།། སངས་རྒྱས་རྗེསུ་ཡི་རང་དང་།། ཁམས་གསུམ་གཏོགས་པ་མ་ཡིན་དང་།། ཆུང་དང་བདྲི ་དྲདྲང་ཆེན་པོ་ཡི།། བསྔོ་བ་གཞན་ནི་རྣམ་གསུམ་པོ།། བསོད་ནམས་ཆུ་འབྱུང་བདག་ཉིད་དོ།། ཐབས་དང་མི་དམིགས་པ་དག་གིས།། དགེ་བའི་རྩ་ལ་ཡི་རང་བ།། རྗེ་སུ་ཡི་རང་ཡིད་བྱེད་པ།། སྒོམ་པ་ཡིན་པར་འདིར་བརྗོད་དོ།། དེ་ཡི་ངོ ་ཉིད་མཆོག་ཉིད།། ཀུན་ལ་མངོན་པར་འདུ་མི་བྱེད།། ཆོས་རྣམས་དམིགས་མེད་པར་ནི།། གཏོད་པར་བྱེད་པ་དོན་ཆེན་ཉིད།། སངས་རྒྱས་བསྙེན་དང་སྦྱིན་སོགས་དང་།། ཐབས་ལ་མཁས་པ་གང་ཡིན་པ།། འདི་ལ་མོས་པའི་རྒྱུ་དག་ཡིན།། ་ཆོས་ཀྱི་ཕོངས་པའི་རྒྱུ་དག་ནི།། བདུད་ཀྱི་ཐིབས་ཀྱིས་ནོན་པ་དང་།། ཟབ་མོའི་ཆོས་ལ་མ་མྱོས་དང་།། ཕུང་པོ་ལ་སོགས་མངོན་ཞེན་དང་།། སྡིག་པའི་གྲོགས་པོས་ཡོངས་ཟིན་པའོ།། འབྲས་བུ་དག་པ་གཟུགས་ལ་སོགས།། དག་པ་ཉིད་དེ ་གང་གི་ཕྱིར།། དེ་གཉིས་ཐ་དད་མ་ཡིན་ཞིང་།། བཅད་དུ་མེད་པས་དག་པར་བརྗོད།། ཉོན་མོངས་ཤེས་བྱ་ལམ་གསུམ་གྱི།། ཉམས་ཕྱིར་སློབ་མ་བསེ་རུ་དང་།། རྒྱལ་སྲས་རྣམས་ཀྱི་དག་པ་སྟེ།། སངས་རྒྱས་རྣམ་ཀུན་ཤིན་ཏུ་ག། ་ས་དགུ་ལ་ནི་ཆེན་པོ་ཡི།། ཆེན་པོ་ལ་སོགས་དྲི་མ་ཡི།། གཱཉེན་པོ་ཆུང་ངུའི་ཆུང་ངུ་ལ།། སོགས་པའི་ལམ་ནི་དག་པ་ཡིན།། དེ་ལ་ཀླན་ཀ་སྤངས་པ་ཡིས།། ལམ་ནི་འཇལ་དང་གཞལ་བྱ་དག། མཉམ་པ་ཉིད་ཀྱིས ་ཁམས་གསུམ་གྱི།། གཉེན་པོ་ཉིད་དུ་འདོད་པ་ཡིན།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པ་ལས། སྐབས་གཉིས་པའོ།། །། ཚུ་རེལ་ཕ་རོལ་མཐའ་ལ ་མིན།། དེ་དག་པར་ན་མི་གནས་པ།། དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར།། ཤེས་རབ་ཕ་རོལ་ཕྱིན་པར་འདོད།། དེ་ནི་མཚན་མར་དམིགས་སྒོ་ནས།། ཐབས་མ་ཡིན་པས་རིང་བས་ཏེ།། དེ་ནི་ཐབས་ལ་མཁས་པ་ཡིས།། ཡང་དག་ཉེ་བ ་ཉིད་དུ་བཤད།། གཟུགས་སོགས་ཕུང་པོ་སྟོང་ཉིད་དང་།། དུས་གསུམ་གཏོགས་པའི་ཆོས་རྣམས་དང་།། སྦྱིན་སོགས་བྱང་ཆུབ་ཕྱོགས་རྣམས་ལ།། སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས།། སྦྱིན་ལ་སོགས་ལ་ངར་འཛིན་མེད།། གཞན ་དག་དེ་ལ་སྦྱོར་བྱེད་པ།། དེ་ནི་ཆགས་པའི་མཐའ་འགོག་པས།། རྒྱལ་ལ་སོགས་ལ་ཆགས་པ་ཕྲ།། ཆོས་ཀྱི་ལམ་ནི་རང་བཞིན་གྱིས།། དབེན་པའི་ཕྱིར་ན་དེ་ཟབ་ཉིད།། ཆོས་རྣམས་རང་བཞིན་གཅིག་པར་ནི།། ཤེས་པས་ཆགས་པ་སྡོང་བ ་ཡིན།། མཐོང་བ་ལ་སོགས་བཀག་པ་ཡིས།། དེ་ནི་རྟོགས་པར་དཀའ་བར་བཤད།། གཟུགས་ལ་སོགས་པར་མི་ཤེས་ཕྱིར།། དེ་ནི་བསམ་མི་ཁྱབ་པར་འདོད།། དེ་ལྟར་ཀུན་ཤེས་ཉིད་ལུགས་ལ།། མི་མཐུན་གཉེན་པོའི་ཕྱོགས་དག་གི།། ་རྣམ་པར་མ་སསྨྲ་།། ཀླད་འདུ་ས།། གཟུནས་དགས་དྷག་སོགས་དང་།། གས་ད་གས་དང་། པ་ཟོད་སོ་།། དཐསད་། ་རྣམ་གསུམ་། ཨུ་ས་ས། འས་བ་པ་འོ།། ་xxx ་སྐྱེས་མའི། གས་ལ་སོགས་དང་།། མཐའ་འདུ་ཆགས་པ་སྨྲས་པ་དང་།། ཡོངས་སུ་འཛིན་ལས་གྲོལ་བངང་། འདིད་མེད་དང་།། རྐང་སེཾས།། གནས་དུ་རྒྱུ་དུ་མེད་པ་དང་།། གླེང་སེ་པ་མེད་པ ་དང་ནཏུ་མ་དག་ནང་མྦུ་དྷ།། དྲན་ས་དྨ་དང་ཟླས་པ་ནི།། མངོན་དུ་རྟུལ་མི་རྟོག་ཉིད། ན་ད་པ་ད ་xxx ་བྱས་པ་ལས། སྐབས་གསུམ་པ།། །། གནི་ཤེས་པ་ཡི་བྱེ་བྲག་རྣམས།། རྣམ་པ་ཞེས་བྱ་མཚན་ཉིད་དེ།། ཀུན་མཁྱེན་ཉིད་ནི་རྣམ་གསུམ་ཕྱིར།། དེ་ནི་རྣམ་པ་གསུམ་དུ་འདོད།། མེད་པའི་རྣམ་པ་ནས་བཟུང་སྟེ། ་མི་གཡོ་བ་ཡི་རྣམ་པའི་བར།། བདེན་པ་སོ་སོ་ལ་བཞི་དང་།། ལམ་ལ་དེ་ནི་བཅོ་ལྔར་བཤད།། རྒྱུ་དང་ལམ་དང་སྡུག་བསྔལ་དང་།། འགོག་པ་ལ་ནི་གོ་རིམ་བཞིན།། དེ་དག་བརྒྱད་དང་བདུན་དང་ནི།། ལྔ་དང་བཅུ་དྲུག་ཅེས་བསྒྲགས་སོ།། དྲན ་པ་ཉེར་གཞག་ནས་གཟུང་སྟེ།། སངས་རྒྱས་རྣམ་པའི་མཐར་ཐུག་རྣམས།། ལམ་གྱི་བདེན་པའི་རྗེས་མཐུན་པར།། ཀུན་མཁྱེན་གསུམ་དུ་ཕྱེ་བས་ན།། སློབ་མ་བྱང་ཆུབ་སེམས་དཔའ་དང་།། སངས་རྒྱས་རྣམས་ལ་རིམ་བཞིན་དེ།། སུམ་ཅུ ་བདུན་དང་སུམ་ཅུ་བཞི།། སུམ་ཅུ་རྩ་དགུ་དག་ཏུ་བཞེད།། སངས་རྒྱས་རྣམས་ལ་ལྷག་པར་བྱས།། དེ་ལ་དགེ་བའི་རྩ་བ་བསྐྲུན།། དགེ་བའི་བཤེས་ཀྱི་མགོན་བཅས་པ།། འདི་མཉན་པ་ཡི་སྣོད་ཡིན་ནོ།། སངས་རྒྱས་བསྟེན་དང་ཀུན་འདྲི་དང་། ་སྦྱིན་དང་ཚུལ་ཁྲིམས་སོགས་སྤྱོད་པས།། ལེན་དང་འཛིན་པ་ལ་སོགས་པའི།། སྣོད་དུ་དམ་པ་རྣམས་བཞེད་དོ།། གཟུགས་ལ་སོགས་ལ་མི་གནས་ཕྱིར།། དེ་ལ་སྦྱོར་བ་བཀག་པའི་ཕྱིར།། དེ་ཡི་དེ་བཞིན་ཉིད་ཟབ་ཕྱིར།། དེ་རྣམས་གཏིང ་དཔག་དཀའ་བའི་ཕྱིར།། དེ་དག་ཚད་ནི་མེད་ཕྱིར་དང་།། ཚེགས་ཆེན་ཡུན་རིང་རྟོགས་པའི་ཕྱིར།། ལུང་བསྟན་ཕྱིར་མི་ལྡོག་ཉིད་དང་།། ངེས་འབྱུང་བར་ཆད་མེད་བཅས་དང་།། བྱང་ཆུབ་ཉེ་དང་མྱུར་བ་དང་།། གཞན་དོན་འཕེལ ་མེད་འགྲིབ་མེད་ཕྱིར།། ཆོས་དང་ཆོས་མིན་སོགས་མི་མཐོང་།། གཟུགས་སོགས་བསམ་མི་ཁྱབ་མི་མཐོང་།། གཟུགས་སོགས་དེ་ཡི་མཚན་མ་དང་།། དེ་ཡི་ངོ་བོ་རྣམ་མི་རྟོག། འབྲས་བུ་རིན་ཆེན་སྦྱིན་བྱེད་དང་།། དེ་ནི་དག་པ་མཚམ། ་དང་བཅས།། བདུད་ཀྱི་མཐུ་བཅོམ་ལ་སོགས་པ།། ཡོན་ཏན་རྣམ་པ་བཅུ་བཞིའོ།། སྐྱོན་ནི་བཅུ་ཚོན་བཞིར་བཅས་པ།། དྲུག་ཏུ་ངེས་པར་རྟོགས་པར་བྱ།། གང་གིས་མཚོན་ཏེ་མཚན་ཉིད་དུ།། ཤེས་བྱ་བ་ཡང་རྣམ་པ་གསུམ།། ཤེས ་པ་ཁྱད་པར་བྱེད་པ་སྟེ།། ངོ་བོ་ཉིད་གང་མཚོན་བྱ་ཡང་།། དེ་བཞིན་གཤེགས་པ་འབྱུང་བ་དང་།། འཇིག་རྟེན་འཇིག་མེད་བདག་ཉིད་དང་།། སེམས་ཅན་སེམས་ཀྱི་སྤྱོད་པ་དང་།། དེ་བསྡུས་པ་དང་ཕྱིར་ལྟོས་དང་།། མི་ཟད་པ་ཡི་རྣམ་པ ་དང་། ཆགས་བཅས་སོགས་དང་རྒྱ་ཆེན་དང་།། ཆེན་པོར་གྱུར་དང་ཚད་མེད་དང་།། རྣམ་ཤེས་བསྟན་དུ་མེད་པ་དང་།། སེམས་བལྟར་མེད་དང་ཤེས་པ་དེ།། གཡོ་བ་ལ་སོགས་ཤེས་བྱ་དང་།། དེ་ལས་གཞན་ཡང་དེ་དག་ནི།། དེ་བཞིན་ཉིད་ཀྱི ་རྣམ་པར་ཤེས།། ཐུབ་པས་དེ་བཞིན་ཉིད་རྟོགས་ཏེ།། གཞན་ལ་བསྟན་པ་ཞེས་བྱ་འདི།། ཐམས་ཅད་ཤེས་པ་ཉིད་སྐབས་ཀྱི།། ཤེས་པའི་མཚན་ཉིད་བསྡུས་པ་ཡིན།། སྟོང་ཉིད་མཚན་མ་མེད་བཅས་དང་།། སྨོན་པ་རྣམ་པར་སྤངས་པ་དང་།། སྐྱེ ་མེད་འགག་པ་མེད་སོགས་དང་།། ཆོས་ཉིད་རྣམ་པར་འཁྲུག་མེད་དང་།། འདུ་མི་བྱེད་དང་རྣམ་མི་རྟོག། རབ་དབྱེ་མཚན་ཉིད་མེད་ཉིད་ལ།། ལམ་ཤེས་ཉིད་ཀྱི་སྐབས་ཀྱིས་ནི།། ཤེས་པའི་མཚན་ཉིད་ཡིན་པར་བཞེད།། དེ་ནི་ཉིད་ཀྱི་ཆོས་བསྟེན་ནས།། ་གནས་དང་གུས་པར་བྱ་བ་དང་།། བླ་མ་ཉིད་དང་མཉེས་པ་དང་།། དེ་ལ་མཆོད་དང་བྱེད་མེད་དང་།། ཀུན་ཏུ་འཇུག་མཁྱེན་གང་ཡིན་དང་།། མ་མཐོང་སྟོན་པར་མཛད་པ་དང་།། འཇིག་རྟེན་སྟོང་ཉིད་རྣམ་པ་དང་།། བརྗོད་དང ་ཤེས་མཛད་མངོན་སུམ་མཛད།། བསམ་མི་ཁྱབ་དང་ཞི་ཉིད་སྟོན།། འཇིག་རྟེན་འདུ་ཤེས་འགོག་པ་ལ།། རྣམ་པ་ཀུན་མཁྱེན་ཚུལ་ལ་ནི།། ཤེས་པའི་མཚན་ཉིད་ཅེས་བཤད་དོ།། བསམ་མི་ཁྱབ་སོགས་ཁྱད་པར་གྱིས།། ཁྱད་ཞུགས་བདེན ་པའི་སྤྱོད་ཡུལ་ཅན།། སྐད་ཅིག་མ་ནི་བཅུ་དྲུག་གིས།། ཁྱད་པར་མཚན་ཉིད་བཤད་པ་ཡིན།། བསམ་མི་ཁྱབ་དང་མི་མཉམ་དང་།། གཞལ་དང་བགྲང་ལས་ཡང་དག་འདས།། འཕགས་པ་ཀུན་སྡུད་མཁས་པ་ཡིས།། རིག་བྱ་ཐུན་མོང་མིན ་ཤེས་ཉིད།། ཤེས་མྱུར་བྲི་དང་གང་མེད་དང་།། སྒྲུབ་དང་ཡང་དག་འགྲུབ་པ་དང་།། དམིགས་པ་རྟེན་དང་བཅས་པ་དང་།། མཐའ་དག་པ་དང་ཡོངས་འཛིན་དང་།། རོ་མྱང་མེད་དང་ཁྱད་པར་ནི།། བཅུ་དྲུག་བདག་ཉིད་ཅེས་བྱ་སྟེ།། གང་གིས ་ལམ་ནི་གཞན་དག་ལས།། ཁྱད་དུ་འཕགས་པས་ཁྱད་པར་ལམ།། ཕན་དང་བདེ་དང་སྐྱོབ་པ་དང་།། མི་རྣམས་ཀྱི་ནི་སྐྱབས་དག་དང་།། གནས་དང་དཔུང་གཉེན་གླིང་དང་ནི།། ཡོངས་འདྲེན་པ་ཞེས་བྱ་བ་དང་།། ལྷུན་གྱིས་གྲུབ་དང་ཐེག་གསུམ ་གྱི།། འབྲས་བུ་མངོན་སུམ་མི་བྱེད་དག། ཐ་མ་རྟེན་གྱི་མཛད་པ་སྟེ།། འདི་ནི་བྱེད་པའི་མཚན་ཉིད་ཡིན།། ཉོན་མོངས་རྟགས་དང་མཚན་མ་དང་།། མི་མཐུན་ཕྱོགས་དང་གཉེན་པོ་དག། དབེན་དང་དཀའ་དང་ངེས་པ་དང་།། ཚད་དུ་བྱ་དང་མོ ་དམིགས་དང་།། མངོན་པར་ཞེན་པ་བཀག་པ་དང་།། དམིགས་པ་ཞེས་བྱ་གང་ཡིན་དང་།། མི་མཐུན་ཐོགས་པ་མེད་དང་དེ།། གཞི་མེད་འགྲོ་མེད་སྐྱེ་མེད་དང་།། དེ་བཞིན་ཉིད་ནི་མི་དམིགས་དང་།། ངོ་བོ་ཉིད་བཅུ་དྲུག་བདག་ཉིད།། མཚོན་བྱ ་ལྟ་བུར་མཚོན་པས་ན།། མཚན་ཉིད་བཞི་པར་བཞེད་པ་ཡིན།། མཚན་མེད་རབ་ཏུ་སྦྱིན་ལ་སོགས།། ཡང་དག་སྒྲུབ་ལ་མཁས་པ་ནི།། རྣམ་པ་ཐམས་ཅད་རྟོགས་འདི་ལ།། ཐར་པའི་ཆ་དང་མཐུན་པར་འདོད་།། སངས་རྒྱས་སོགས་དམིགས་དང ་པ་དང་།། སྦྱིན་སོགས་སྤྱོད་ཡུལ་བརྩོན་འགྲུས་དང་།། བསམ་པ་ཕུན་ཚོགས་དྲན་པ་དང་།། རྣམ་པར་མི་རྟོག་ཏིང་འཛིན་དང་།། ཆོས་རྣམས་རྣམ་པ་ཐམས་ཅད་དུ།། ཤེས་པའི་ཤེས་རབ་དང་རྣམ་ལྷ།། རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས།། ་རྟོགས་བླ་རྟུལ་པོས་རྟོགས་དཀར་བཞེད།། དྲོ་བ་རྣམས་ཀྱི་དམིགས་པ་འདིར།། སེམས་ཅན་ཐམས་ཅད་ཡིན་པར་བསྔགས།། དེ་དག་ཉིད་ལ་སེམས་མཉམ་སོགས།། རྣམ་པ་དག་ནི་བཅུར་བཤད་དོ།། བདག་ཉིད་སྡིག་པ་ལས་ལྡོག་ཅིང་།། ་སྦྱིན་ལ་སོགས་ལ་གནས་པས་གཞན།། དེ་དག་ལ་ནི་འགོད་པ་དང་།། བསྔགས་པ་བརྗོད་དང་མཐུན་པ་ཉིད།། བརྩེར་གྱུར་དེ་བཞིན་བཟོད་པ་ནི།། རང་གཞན་རྟེན་ཅན་བདེན་ཤེས་པ།། ཆོས་མཆོག་དེ་བཞིན་སེམས་ཅན་རྣམས།། སྨིན ་བྱིད་སོགས་ཀྱིས་ཤེས་པར་བྱ།། ངེས་འབྱེད་ཡན་ལག་ནས་བཟུང་སྟེ།། མཐོང་དང་གོམས་པའི་ལམ་དག་ལ།། བྱང་ཆུབ་སེམས་དཔའ་གང་དག་གནས།། དེ་འདིར་ཕྱིར་མི་ལྡོག་པའི་ཚོགས།། གཟུགས་ལ་སོགས་ལས་ལྡོག་སོགས ་རྟགས།། རྣམ་པ་ཉི་ཤུར་བརྗོད་པ་ཡིས།། ངེས་འབྱེད་ཡན་ལག་ལ་གནས་པའི།། ཕྱིར་མི་ལྡོག་པའི་མཚན་ཉིད་འདི།། གཟུགས་ལ་སོགས་ལས་ལྡོག་པ་དང་།། ཐེ་ཚོམ་མི་དལ་ཟད་པ་དང་།། བདག་ཉིད་དགེ་བ་ལ་གནས ་ཤིང་།། གཞན་དག་དེ་ལ་འགོད་པ་དང་།། གཞན་གྱི་རྟེན་ཅན་སྦྱིན་སོགས་དང་།། ཟབ་མོའི་དོན་ལའང་སོམ་ཉི་མེད།། བྱམས་ལུས་སོགས་དང་སྒྲིབ་པ་ནི།། རྣམ་པ་ལྔ་དང་མི་འགྲོགས་དང་།། བག་ལ་ཉལ་ཀུན་འཇོམས་པ་དང་།། དྲན ་པ་དང་ནི་ཤེས་བཞིན་དང་།། གོས་ལ་སོགས་པ་གཙང་བ་དང་།། ལུས་ལ་སྲིན་བུ་རྣམས་མི་འབྱུང་།། གྱ་གྱུ་མེད་སེམས་སྦྱངས་པ་ནི།། ལེན་དང་སེར་སྣ་མེད་སོགས་དང་།། ཆོས་ཉིད་ལྡན་པར་འགྲོ་ཉིད་དང་།། སེམས་ཅན་དོན་དུ་དམྱལ ་ཆོལ་དང་།། གཞན་གྱིས་བཀྲི་བར་མི་བཏུབ་དང་།། ལམ་གཞན་ཉེ་བར་སྟོན་བདུད་ལ།། བདུད་ཅེས་བྱ་བར་རྟོགས་པ་དང་།། སངས་རྒྱས་དགྱེས་པའི་སྤྱོད་པ་སྟེ།། རྟགས་ནི་ཉི་ཤུ་དེ་དག་གིས།། དྲོད་དང་རྩེ་མོ་བཟོད་བཅས་དང་།། ཆོས ་མཆོག་རྣམས་ལ་གནས་པ་ནི།། རྫོགས་པའི་བྱང་ཆུབ་ལས་མི་ལྡོག། མཐོང་བའི་ལམ་ལ་བཟད་པ་དང་།། ཤེས་པའི་སྐད་ཅིག་བཅུ་དྲུག་ནི།། བྱང་ཆུབ་སེམས་དཔའ་མི་ལྡོག་པའི།། མཚན་ཉིད་ཡིན་པར་ཤེས་པར་བྱ།། གཟུགས་སོགས་འདུ ་ཤེས་ལྡོག་པ་དང་།། སེམས་བརྟན་ཐེག་པ་དམན་ངག་ལས།། རྣམ་ལོག་བསམ་གཏན་ལ་སོགས་པའི།། ཡན་ལག་ཡོངས་སུ་ཟད་པ་དང་།། ལུས་སེམས་ཡང་བ་ཉིད་དང་ནི།། འདོད་ལ་སྤྱོད་ལ་ཐབས་མཁས་དང་།། རྟག་ཏུ་ཚངས་པར་སྤྱོད ་ཉིད་དང་།། འཚོ་བ་རྣམ་པར་དག་ཉིད་དང་།། ཕུང་སོགས་བར་ཆད་བྱེད་རྣམས་དང་།། ཚོགས་དང་དབང་སོགས་བཅས་པ་ཡི།། གཡུལ་འགྱེད་སེར་སྣ་ལ་སོགས་ལ།། སྦྱོར་དང་རྗེས་སུ་སྦྱོར་བ་ཡི།། གནས་པ་སོ་སོར་བཀག་པ་དང་།། ཆེས ་ནི་རྡུལ་ཙམ་མི་དམིགས་ཉིད།། རང་གི་སཱ་ལ་ངེས་པ་ཉིད།། ས་གསུམ་ལ་ནི་གནས་པ་དང་།། ཆོས་ཀྱི་དོན་དུ་སྲོག་གཏོང་བ།། དེ་འདྲའི་སྐད་ཅིག་བཅུ་དྲུག་ནི།། བློ་ལྡན་མཐོང་བའི་ལམ་གནས་ཀྱི།། ཕྱིར་མི་ལྡོག་པའི་རྟག་དྲག་ཡིན།། སྒོམ ་པའི་ལམ་ནི་ཟབ་པ་སྟེ།། ཟབ་མོ་སྟོང་པ་ཉིད་ལ་སོགས།། ཟབ་པ་དེ་ནི་སྒྲོ་འདོགས་དང་།། སྐུར་བའི་མཐའ་ལས་གྲོལ་བ་ཉིད།། ངེས་འབྱེད་ཡན་ལག་དང་མཐོང་བའི།། ལམ་དང་སྒོམ་པའི་ལམ་ཉིད་ལ།། ཡང་དང་ཡང་དུ་སེམས་པ་དང་།། 2ཇ ་དང་ངེས་རྟོག་སྒོམ་པའི་ལམ།། དེ་ནི་རྒྱུན་ཆགས་ཡིན་པའི་ཕྱིར།། ཆུང་དང་འབྲིང་དང་ཆེན་པོ་རྣམས།། ཆུང་ངུའི་ཆུང་སོགས་དབྱེ་བ་ཡིས།། རྣམ་པས་རྣམ་པ་དགུར་བཞེད་དོ།། གྲངས་མེད་ལ་སོགས་བསྟན་པ་རྣམས།། དམ་པའི་དོན་དུ་བཟོད་མ ་ཡིན། ཀུན་རྫོབ་ཏུ་ནི་ཐུགས་བརྩེ་བའི།། རྒྱུ་མཐུན་དེ་དག་ཐོབ་པ་བཞད།། དངོས་པོ་བརྗོད་དུ་མེད་པ་ལ།། ཉམས་པ་དང་ནི་འཕེལ་མི་རུང་།། སྒོམ་ཞེས་བྱ་བའི་ལམ་གྱིས་ནི།། ཅི་ཞིག་ཉམས་ཤིང་ཅི་ཞིག་འཐོབ།། བྱང་ཆུབ་ཇི་ལྟ་དེ་བཞིན་དུ།། འདི ་ནི་འདོད་པོའི་དོན་སྒྲུབ་བྱེད།། བྱང་ཆུབ་དེ་བཞིན་ཉིད་མཚན་ཉིད།། དེ་ཡང་དེ་ཡི་མཚན་ཉིད་བཞད།། སེམས་ནི་སྔ་མས་བྱང་ཆུབ་པར།། རིགས་མིན་ཕྱི་མས་ཀྱང་ནི་མིན།། མར་མེའི་དཔེ་ཡི་ཚུལ་གྱིས་ནི།། ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད།། སྐྱེ་བ ་དང་ནི་འགག་པ་དང་།། དེ་བཞིན་ཉིད་དང་ཤེས་བྱ་དང་།། ཤེས་དང་སྤྱོད་དང་གཉིས་མེད་དང་།། ཐབས་མཁས་པ་ལ་ཟབ་པ་ཉིད།། ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར།། སྲིད་དང་ཞི་བར་མི་རྟོགས་པ།། ལས་མེད། ་ལ་སོགས་ཀླན་ཀ་ཡི།། ལན་ནི་ཇི་སྐད་བཤད་པར་ཟད།། སེམས་ཅན་འཇིག་རྟེན་དེ་བཞིན་དུ།། སྣོད་ཀྱི་འཇིག་རྟེན་མ་དག་པ།། དེ་ལ་དག་པར་སྒྲུབ་པ་ཡིས།། སངས་རྒྱས་ཞིང་ནི་དག་པ་ཉིད།། ཡུལ་དང་སྦྱོར་བ་ཅན་འདི་ནི།། དགྲ་རྣམས ་ལས་ནི་འདས་པ་དང་།། མི་གནས་ཇི་བཞིན་ཤུགས་དང་ནི།། ཐུན་མོང་མ་ཡིན་མཚན་ཉིད་དང་།། མ་ཆགས་པ་དང་མི་དམིགས་དང་།། མཚན་མ་སྨོན་ལམ་ཟད་པ་དང་།། དེ་ཡི་རྟགས་དང་ཚད་མེད་པ།། ཐབས་ལ་མཁས་པ་རྣམ་པ ་བཅུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟུན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པ་ལས། སྐབས་བཞི་པའོ།། །། རྨི་ལམ་ན་ཡང་ཆོས་རྣམས་ཀུན།། རྨི་ལམ་ལྟ་བུར་ལྷ་ལ་སོགས།། རྩེ་མོར ་ཕྱིན་པའི་སྦྱོར་བའི་རྟགས།། རྣམ་པ་བཅུ་གཉིས་དག་ཏུ་བཞེད།། འཛམ་བུའི་གླིང་གི་སྐྱེ་བོ་སྙེད།། སངས་རྒྱས་མཆོད་པའི་དགེ་ལ་སོགས།། རྣམ་མང་དུ་ནི་དཔེར་མཛད་ནས།། རྣམ་འཕེལ་བཅུ་དྲུག་བདག་ཉིད་དོ།། ཀུན་མཁྱེན་ཉིད་གསུམ་ཆོས ་རྣམས་ཀྱི།། ཡོངས་སུ་རྫོགས་པ་བླ་མེད་པ།། སེམས་ཅན་དོན་ཡོངས་མི་གཏོང་བ།། བརྟན་པ་ཞེས་ནི་མངོན་པར་བརྗོད།། གླིང་བཞི་པ་དང་སྟོང་དག་དང་།། སྟོང་གཉིས་གསུམ་དག་དཔེར་མཛད་ནས།། བསོད་ནམས་མང་པོ་ཉིད་ཀྱིས་ནི།། ཏིང ་འཛིན་ཡོངས་སུ་བསྒྲགས་པ་སྦྱིན།། ཇུག་པ་དང་ནི་ལྡོག་པ་ལ།། གཟུང་བའི་རྣམ་རྟགས་སོར་རོ།། དགུ་ཡི་བདག་ཉིད་ཐབཞིན་ཡུལ།། མིན་པའི་བདག་ཉིད་དག་ཤེས་བྱ། ས་མཱ་རྦ་སྐྱེ་བོ་འཕགས་དབྱེ་བསྡུ།། སྣརུམས་ཅན་རྫས་དང ་བཏགས་ཡོད་པར།། རྣམ་རྟོག་འཛིན་པ་དག་ཏུ་འདོད།། དེ་དག་སོ་སོར་དགུ་བདག་ཉིད།། གལ་ཏེ་གཟུང་དོན་དེ་བཞིན་མེད།། དེ་དག་གང་གི་འཛིན་པར་འདོད།། དེ་ལྟར་དེ་དག་འཛིན་པ་ཡི།། ཇེ་ཟླ་སྟོང་པའི་མཚན་ཉིད་དོ།། ངོ་བོ་ཉིད་དང་རིགས ་དང་ནི།། ལམ་ནི་ཡང་དག་འགྲུབ་པ་དང་།། ཤེས་པའི་དམིགས་པ་མ་འཁྲུལ་དང་།། མི་མཐུན་ཕྱོགས་དང་གཉེན་པོ་དང་།། རང་གི་རྟོགས་དང་བྱེད་པ་དང་།། དེ་ཡི་ལས་བྱའི་འབྲས་བུ་ལ།། འཇུག་པའི་ཕྱོགས་ཀྱི་རྟེན་ཅན་གྱི།། རྣམ་རྟོག་དེ་ནི ་རྣམ་དགུར་འདོད།། སྲིད་དང་ཞི་བར་ལྟུང་བའི་ཕྱིར།། རྟོགས་པ་དམན་པ་ཉིད་དང་ནི།། ཡོངས་སུ་འཛིན་པ་མེད་པ་དང་།། ལམ་གྱི་རྣམ་པ་མ་ཚང་དང་།། གཞན་གྱི་རྐྱེན་གྱིས་འགྲོ་བ་དང་།། ཆེད་དུ་བྱ་བ་ལོག་པ་དང་།། ཉི་ཚེ་བ་དང་སྣ་ཚོགས་ཉིད།། ་གནས་དང་འཇུག་ལ་རྨོངས་པ་དང་།། རྗེས་ལོ་འགྲོ་ཞེས་བྱ་བ་ལ།། རྣམ་རྟོག་དགུ་ཡི་བདག་ཉིད་འདི།། ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་ཏེ།། ཉན་ཐོས་ལ་སོགས་ཡིད་ལས་འབྱུང་།། འཛིན་པ་དང་ནི་འདོར་བ་དང་།། ཡིད་ལ་བྱེད་དང་ཁམས་རྣམས ་གསུམ་པོ་དག་དང་ཁེ་འབྲེལ་དང་།། གནས་དང་མངོན་པར་ཞེན་པ་དང་།། ཆོས་ཀྱི་དངོས་པོ་བཏགས་པ་དང་།། ཆགས་པ་དང་ནི་གཉེན་པོ་དང་།། ཇི་ལྟར་འདོད་བཞིན་འགྲོ་ཉམས་ལ།། འཛིན་པ་དང་པོར་ཤེས་པར་བྱ།། ཆེད་བཞིན་ངེས་པར ་མི་འབྱུང་དང་།། ལམ་ལ་ལམ་མིན་ངེས་འཛིན་དང་།། འགོག་དང་བཅས་པའི་སྐྱེ་བ་དང་།། དངོས་པོ་ལྡན་དང་མི་ལྡན་དང་།། གནས་དང་རིགས་ནི་འཇིག་པ་དང་།། དོན་དུ་གཉེར་དང་རྒྱུ་མེད་དང་།། ཕྱིར་རྒོལ་བ་ནི ་དམིགས་པ་ལ།། འཛིན་པའི་རྣམ་རྟོག་གཞན་ཡིན་ནོ།། བྱང་ཆུབ་ལ་གཞན་སྟོན་པ་དང་།། དེ་ཡི་རྒྱུ་ནི་ཡོངས་གཏོང་དང་།། དེ་ཐོབ་པར་ཆད་མེད་པའི་རྒྱུ།། བསོད་ནམས་མང་པོའི་མཚན་ཉིད་དོ།། དྲི་མ་ཟད་དང་མི་སྐྱེ་བའི།། ཡེ་ཤེས་བྱང ་ཆུབ་ཅེས་བརྗོད་དེ།། ཟད་མེད་སྐྱེ་མང་ཕྱིར་དེ་དག། གོ་རིམ་བཞིན་དུ་ཤེས་པར་བྱ།། འགོག་པ་མེད་པའི་རང་བཞིན་ལ།། མཐོང་ཞེས་བྱ་བའི་ལམ་གྱིས་ནི།། རྣམ་པར་རྟོག་རིགས་ཅི་ཞིག་ཟད་།། སྐྱེ་མེད་རྣམ་པ་ཅི་ཞིག་འཐོབ།། གཞན་གྱིས་ཆོས ་རྣམས་ཀྱང་ཡོད་ལ།། ཤེས་བྱ་ལ་ཡང་སྟོན་པ་ཡི།། སྒྲིབ་པ་ཟད་པར་བརྗོད་པ་གང་།། དེ་ལ་ཁོ་བོས་མཚར་དུ་བརྩིས།། འདི་ལ་བསལ་བྱ་ཅི་ཡང་མེད།། གཞག་པར་བྱ་བ་ཅུང་ཟད་མེད།། ཡང་དག་ཉིད་ལ་ཡང་དག་ལྟ།། ཡང་དག་མཐོང་ནས་རྣམ ་པར་གྲོལ།། སྦྱིན་པ་ལ་སོགས་རེ་རེར་ནི།། དེ་དག་ཕན་ཚུན་བསྡུས་པ་གང་།། སྐད་ཅིག་གཅིག་པའི་བཟོད་པ་ཡིས།། བསྡུས་པ་དེ་འདིར་མཐོང་བའི་ལམ།། དེ་ནས་སེང་གེ་རྣམ་བསྒྱིངས་པའི།། ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས།། རྟེན་ཅིང ་འབྲེལ་འབྱུང་ལུགས་མཐུན་དང་།། ལུགས་མི་མཐུན་ལ་རྟོག་པར་བྱེད།། འགོག་དང་བཅས་པའི་སྙོམས་འཇུག་དགུར།། རྣམ་པ་གཉིས་སུ་སོང་འོངས་ནས།། འདོད་པར་གཏོགས་པའི་རྣམ་པར་ཤེས།། མཉམ་གཞག་མིན་པའི་མཚམས ་བཟུང་སྟེ།། ཐོད་རྒལ་དུ་ནི་སྙོམས་འཇུག་པ།། གཅིག་དང་གཉིས་གསུམ་བཞི་དང་ལྔ།། དྲུག་དང་བདུན་དང་བརྒྱད་བརྒལ་ནས།། འགོག་པའི་བར་དུ་མི་འདྲར་འགྲོ། མདོར་བསྡུས་རྒྱས་དང་སངས་རྒྱས་ཀྱིས།། བསྟང་བས་ཡོངས་སུ་མ་བཟུང་དང་།། ་དུས་གསུམ་ཡོན་ཏན་མེད་པ་དང་།། ལེགས་པའི་ལམ་ནི་རྣམ་གསུམ་ལ།། གཟུང་བའི་རྣམ་རྟོག་འདི་གཅིག་སྟེ།། སྦྱོར་བའི་རྣམ་པའི་སྤྱོད་ཡུལ་ཅན།། གཉིས་པ་སེམས་དང་སེམས་བྱུང་རྣམས།། འཇུག་པའི་ཡུལ་ཅན་ཡིན་བཞེད་དེ།། སེམས་མི ་སྐྱེ་དང་བྱང་ཆུབ་ཀྱི།། སྙིང་པོ་ཡིད་ལ་མི་བྱེད་དང་།། ཐེག་པ་དམན་པ་ཡིད་བྱེད་དང་།། རྫོགས་པའི་བྱང་ཆུབ་ཡིད་མི་བྱེད།། སྒོམ་དང་སྒོམ་པ་མེད་པ་དང་།། དེ་དག་ལས་ནི་བཟློག་ཉིད་དང་།། ཇི་བཞིན་དོན་མིན་རྣམ་རྟོག་པ།། སྒོམ་པའི་ལམ་ལ་ཤེས ་པར་བྱ།། སེམས་ཅན་བཏགས་པའི་སྤྱོད་ཡུལ་དང་།། ཆོས་བཏགས་པ་དང་སྟོང་མིན་ཉིད།། ཆགས་དང་རབ་འབྱེད་བདག་ཉིད་དང་།། དངོས་པོར་བྱེད་དང་ཐེག་གསུམ་དང་།། ཡོན་ནི་དག་པ་མ་ཡིན་དང་།། སྤྱོད་པ་རྣམ་པར་འཁྲུགས་པ་ལ།། འཛིན་པར ་བྱེད་པ་དང་པོར་སྟེ།། ཤེས་པར་བྱ་བ་བསྒྲགས་པ་ཡིན།། སེམས་ཅན་བཏགས་དང་དེའི་རྒྱུ་ཡི།། ཡུལ་ཅན་དེ་ཡིས་རྣམས་འཇོམས་ལས།། སྒོམ་པའི་ལམ་དང་འབྲེལ་པ་ཡི།། མི་མཐུན་ཕྱོགས་གཞན་རྣམ་པ་དགུ།། བདག་ཉིད་ཇི་བཞིན་ཀུན་མཁྱེན ་ནི།། གསུམ་གྱི་སྒྲིབ་པ་རྣམ་གསུམ་དང་།། ཞི་ལམ་དེ་བཞིན་ཉིད་སོགས་དང་།། མཚུངས་པར་ལྡན་དང་མི་ལྡན་དང་།། མི་མཉམ་སྡུག་བསྔལ་ལ་སོགས་དང་།། ཉོན་མོངས་རྣམས་ཀྱི་རང་བཞིན་དང་།། གཉིས་སུ་མེང་ལ་ཀུན་རྨོངས་ལ།། རྣམ་པོར ་རྟོག་པ་ཐ་མར་བཞེད།། ཡམས་ནང་འདི་རྣམས་ཟད་ནས་ནི།། ཡུན་རིང་ལོན་ནས་དབུགས་ཕྱིན་ལྟར།། རྣམ་པ་ཀུན་ཏུ་འགྲོ་བ་ཡི།། བདེ་སྒྲུབ་ཡོན་ཏན་ཕུན་ཚོགས་ཀུན།། རྒྱ་མཚོ་ཆེ་ལ་ཆུ་བོ་བཞིན།། འབྲས ་བུ་མཆོག་གིས་སྤ་བ་ཡི།། སེམས་དཔའ་ཆེན་པོ་དེ་ལ་ནི།། རྣམ་པ་ཀུན་ཏུ་རྟེན་པར་བྱེད།། སྟོང་གསུམ་སྐྱེ་བོ་ཉན་ཐོས་དང་།། བསེ་རུའི་རྟོགས་པ་ཕུན་ཚོགས་དང་། བྱང་ཆུབ་སེམས་དཔའི་སྐྱོན་མེད་ལ།། བཀོད་པའི་དགེ་བ་དཔེར་མཛད ་ནས་འ་བསོད་ནམས་མང་པོ་ཉིད་ཀྱིས་ནི།། སངས་རྒྱས་ཉིད་ཀྱི་བར་མེད་དེ།། བར་ཆད་མེད་པའི་ཏིང་ངེ་འཛིན།། དེ་ནི་རྣམ་པ་ཀུན་མཁྱེན་ཉིད།། འདི་ཡི་དམིགས་པ་དངོས་མོད་དེ།། བདག་པོ་དྲན་པ་ཡིན་པར་བཞེད།། རྣམ་པ་ཞི་ཉིད་འདི་ལ་ནི།། ། ་རབ་ཏུ་སྨྲ་རྣམས་རྒྱུད་མར་རྒོལ།། དམིགས་པ་འཐད་དང་དེ་ཡི་ནི།། ངོ་བོ་ཉིད་ངེས་བཟུང་བ་དང་།། རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་དང་།། དམ་པའི་དོན་དང་ཀུན་རྫོབ་དང་།། སྦྱོར་དང་དཀོན་མཆོག་གསུམ་པོ་དང་།། ཐབས་བཅས་ཐུབ་པའི ་རྟོགས་པ་དང་།། ཕྱིན་ཅི་ལོག་ནི་ལམ་བཅས་དང་།། གཉེན་པོ་མི་མཐུན་ཕྱོགས་དག་དང་།། མཚན་ཉིད་དང་ནི་སྒོམ་པ་ལ།། སྨྲ་བ་རྣམས་ཀྱིས་ལོག་རྟོག་པ།། རྣམ་པ་ཀུན་མཁྱེན་ཉིད་རྟེན་ཅན།། རྣམ་པ་བཅུ་དྲུག་དག་ཏུ་བཞེད།། ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱུན་གྱི་ཚིག་ལེའུར་བྱས་པ་ལས། སྐབས་ལྔ་པ་འོ།། ། སྦྱིན་པ་ཤེས་རབ་བར་དག་དང་།། སངས་རྒྱས་ལ་སོགས་དྲན་དང་ཆོས།། དངོས་མེད ་xxx ་ང་།། དྲུག་མེད་ཆོས་ཀུན་བསྡུས་པའི་ཕྱིར།། འབྲུ་བའི་སྐང་ཊཱིག་གཅིག་པ་སྨོས།། གས་པ་ནི་ཤེས་པར་བྱ། ལྟར་སྐྱེས་བསུ་བོ་རྡུན་རྒྱུད་།། ག་གྲངས་གཏོག་གིས་བསྐྱོད་བ་ན།། ཁམས་པ་ཅིག་མ་བལྟར།། གད་ཅིགས ་ཤེས་དེ་བཞིན་མོ།། པ། མས་སྟེ།། ཧྲཱི་སྣ་བ་པ་མྦུ་བྷྱ། རྣམ་སྦྱིན་ནས་སྨྱེ་ས་སྨྲངས་སྐྱེས། དེ་གས་མི་གས། སྦྱིན་ས་ཟློག་བྱུང་བ་ས། མ་གན་རྫུ་མ་ན། ་རྣམས་མཚན་ཉིད་མེད་བཉིད་།། སྐང་ཅིག་མ་ནི་གཅིག་གིས་རྟོགས།། རྨི་ལམ་དང་ནི་ངོ་མ་།། གཉིས་ཀྱི་ཚུལ་བུ་མི་མཐོ་སྟེ།། ས་རྣམས་གཉིས་སུ་མེད་པ་སོ།། དེ་བྷྲིད་ཀྱང་རྩིག་ཀྱིཅིག་གིས་མཛོད།། ཤེས་རལ ་སྤྱན་གགི་སྟན་མ་མངོན་པར་རྣགས་རྐྱེན་གྱི་ཚིག་ལེ་ན་བྱས་པ་སྟེ། སྒྲུབས་བན་དག་བ་བྷ་ནཱ~ཾ། མེ་ས་ང་ད་། ང་གྱུ་མ+Wཱ་ནཱ་མ་ག་ག། ད ་ཏིང་ཅམ། བྱང་ཆུབ་ཕྱོགས་མཐུན་ཆད་མེང་དང་།། རྣམ་པར་ཐར་དང་མཐར་གྱིས་ནི།། སྙོམས་འཇུག་དགུ་ཡི་བདག་ཉིད་དང་།། ཟང་པར་བཅུ་ཡི་བདག་ཉིད་དང་།། ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི།། རབ་ཏུ་དབྱེ་བས་རྣམ་བརྒྱད་དང་། ན ་མོངས་མེད་དང་སྒྲོན་མཁྱེན་དང་།། མངོན་ཤེས་སོ་སོ་ཡང་དག་རིག། རྣམ་པ་ཐམས་ཅད་དག་བཞི་དང་།། དབང་བཅུ་དང་ནི་སྟོབས་བཅུ་དང་།། མི་འཇིགས་པ་ནི་བཞི་དག་དང་།། བསྲུང་བ་མེད་པ་རྣམ་གསུམ་དང་།། དྲན་པ་ཉེར ་གཞག་རྣམ་གསུམ་དང་།། བསྙེལ་བ་མི་མངའི་ཆོས་ཉིད་དང་།། བག་ཆགས་ཡང་དགྲ་བཅོམ་པ་དང་།། སྐྱེ་ལ་ཐུགས་རྗེ་ཆེན་པོ་དང་།། ཐུབ་པ་ཁོ་ནའི་མ་འདྲེས་ཆོས།། བཅོ་བརྒྱད་བཤད་པ་གང་ཡིན་དང་།། རྣམ་པ་ཐམས་ཅད་མཁྱེན་ཉིད་དང་།། ཆོས ་ཀྱི་སྐུ་ཞེས་བརྗོད་པ་ཡིན།། ཉན་ཐོས་ཉོན་མོངས་མེད་པའི་ལྟ།། མི་ཡི་ཉོན་མོངས་ཡོངས་སྤོང་ཉིད།། གྲོང་སོགས་སུ་དེའི་ཉོན་མོངས་རྣམས།། རྒྱུན་གཅོད་རྒྱལ་བའི་ཉོན་མོངས་མེད།། སངས་རྒྱས་སྨོན་ནས་མཁྱེན་པ་ནི།། ལྷུན་གྱིས་གྲུབ་དང་ཆགས ་སྤངས་དང་།། ཐོགས་པ་མེང་དང་རྟག་གནས་དང་།། དྲི་བ་ཀུན་ལན་འདེབས་པར་བཞེད།། རྒྱུན་ཡོངས་སུ་སྨིན་གྱུར་ནས།། གང་དང་གང་ལ་གང་དང་ནི།། གང་ཚེ་བྱ་བ་ཕན་གྱུར་པ།། དེ་དང་དེ་ལ་དེ་སྣང་ངོ་།། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་།། ས་བོན་མི ་རུང་མི་འཁྲུངས་ལྟར།། སངས་རྒྱས་རྣམས་ནི་བྱུང་གྱུར་ཀྱང་།། སྐལ་བ་མེད་པས་བཟང་མི་མྱོང་།། དེ་ལྟར་མཛད་པ་རྒྱ་ཆེའི་ཕྱིར།། སངས་རྒྱས་ཁྱབ་པར་ངེས་པར་བརྗོད།། དེ་ཉིད་ཟད་པ་མེད་པའི་ཕྱིར།། རྟག་པ་ཞེས་ཀྱང་བརྗོད་པ་ཡིན།། མཚན་ནི་སུམ ་ཅུ་རྩ་གཉིས་དང་།། དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི།། ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར།། ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད།། ཕྱག་ཞབས་འཁོར་ལོས་མཚན་དང་རུ་སྦལ་ཞབས།། ཕྱག་དང་ཞབས་སོར་དྲ་བས་འབྲེལ་པ་དང་།། ཕྱག་ནི ་ཞབས་བཅས་འཇམ་ཞིང་གཞོན་ཤ་ཆགས།། དི་ཡི་སྐུ་ནི་བདུན་དག་མཐོ་བ་དང་།། སོར་མོ་རང་དང་རྟིང་ཡངས་སྐུ་ཆེ་དྲང་།། ཞབས་འབུར་མི་མངོན་སྤྱ་ནི་གྱེན་དུ་ཕྱོགས།། བྱིན་པ་ཨ5འི་འདྲ་ཕྲུག་རིང་མཛེས།། འདོམས་ཀྱི་སྦ་བ་སྦུབས་སུ་ནུང། ་པའི་མཆོག། པགས་པ་གསེར་མདོག་པགས་པ་སྲབ་པ་དང་།། སྤུ་ནི་རེ་རེ་ནས་གཡས་ལེགས་འཁྲུངས་དང་།། ཞལ་མཛོད་སྤུས་རྒྱན་རོ་སྟོད་སེང་གེའི་འདྲ།། འདི་ཡི་དཔུང་པའི་མགོ་ཟླུམ་ཐལ་གོང་རྒྱས།། འདི་ལ་རི་མོ་ཞིམ་པ་རོ་མཆོག་སྣང་།། ་སྐུ་ནི་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ།། གཙུག་ཏོར་དབུར་ལྡན་ལྗགས་རིང་མཛེས་པ་དང་།། ཚངས་དབྱངས་འགྲམ་པ་སེང་གེའི་འདྲ་དང་ཚམས།། ཤིན་ཏུ་དཀར་དང་ཚད་མཉམ་ཐགས་བཟང་དང་།། གྲངས་ནི་བཞི་བཅུ་ཐམ་པར་ཚང་བ་དང་།། སྤྱན་ནི་མཐོན ་མཐོང་སྤྱན་རྫིབ་མཆོག་གི། འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན།། འདི་ལ་མཚན་ནི་གང་གང་གི། སྒྲུབ་པར་བྱེད་པའི་རྒྱུ་གང་ཡིན།། དེ་དང་དེ་ནི་རབ་རྫོགས་པས།། མཚན་ནི་འདི་དག་ཡང་དག་འགྲུབ།། བླ་མ་སྐྱེལ་ལ་སོགས་པ་དང་།། ཡང ་དག་བླངས་པ་བརྟན་པ་དང་།། བྷསྡུ་བ་བསྟེན་དང་གྱུ་ནོམ་པའི།། དངོས་པོ་སྦྱིན་དང་བསད་བྱ་བ།། ཐར་པར་བྱེད་དང་དགེ་བ་ནི།། ཡང་དག་བླངས་པ་སྤེལ་ལ་སོགས།། སྒྲུབ་བྱེད་རྒྱུ་ཡི་མཚན་ཉིད་དེ།། མདོ་ལས་ཇི་སྐད་འབྱུང་བ་བཞིན།། ཐུབ་པའི་སེན་མོ ་ཟིངས་མདོག་དང་། མདོག་སྣུམ་མཥྚོ་དང་སོར་མི་རྣམས།། ཟླུམ་རྒྱས་བྱིན་གྱིས་ཕྲུ་བོ་དང་།། རྩ་མི་མངོན་དང་མདུད་པ་མེད།། ལོང་བུ་མི་མངོན་ཞབས་མཉམ་དང་།། སེང་གེ་གླང་ཆེན་བྱ་དང་ནི།། ཁྱུ་མཆོག་སྟབས་གཤེགས་གཡས་ཕྱོགས ་དང་།། མཛེས་ཀླུ་ཤེགས་དྲང་དང་འཁྲིལ་བག་ཆགས།། བྱི་དོར་བྱས་འདྲ་རིམ་པར་འཚམ།། གཅད་དང་འང་མ་དང་དག་པའི་སྐུ།། མཚན་ནི་ཡོངས་སུ་རྫོགས་པ་དང་།། སྐུ་ཡྀ་ཁོ་ལག་ཡངས་ཤིང ་བཟང་། གོམ་སྙོམས་པ་དང་སྤྱན་གཉིས་ནི།། ངག་དང་གཞོན་ཤ་ཅན་ཉིད་དང་།། སྐུ་ཞུམ་མེད་དང་རྒྱས་པ་དང་།། ཤིན་ཏུ་གྲིམས་པའི་སྐུ་ཉིད་དང་།། ཡན་ལག་ཤིན་ཏུ་རྣམ་འབྱེས་དང་།། གཟིགས་པ་སྒྲིབ་མེད་དག་པ་དང་།། དགྲ ་ཟླུམ་སྐབས་ཕྱིན་མ་རྙོངས་དང་།། ཕྱང་ངེ་བ་དང་ལྟེ་བ་ནི།། ཟབ་དང་གཡས་ཕྱོགས་འཁྱིལ་བ་དང་།། ཀུན་ནས་ལྟ་ན་སྡུག་པ་དང་།། ཀུན་སྤྱོད་གཙང་དང་སྐུ་ལ་ནི།། སྨེ་བ་གནག་བག་མེད་པ་དང་།། ཕྱག་ནི་ཤིང་བལ་ལྟར་འཇམ་དང་།། ་ཕྱོག་རིས་མདངས་ཡོད་ཟབ་རིང་དང་།། ཞལ་ནི་ཧ་ཅང་མི་རིང་དང་།། མཆུ་ནི་བིམྦ་ལྟར་དམར་དང་།། ལྗགས་མཉེན་པ་དང་སྲབ་པ་དང་།། དམྱོར་དང་འབྲུག་གི་སྒྲ་ཉིད་དང་།། གསུང་མཉེན་འཇམ་དང་མཆེ་བ་ཟླུམ།། རྣོ་དང་དཀར་དང་མཉམ ་པ་དང་།། བྱིན་གྱིས་ཕྲ་དང་ཤངས་མཐོ་དང་།། མཆོག་ཏུ་དག་པ་དག་དང་ནི།། སྤྱན་ཡངས་པ་དང་རྫི་མ་སྡུག། པདྨའི་འདབ་མ་འདྲ་བ་དང་།། སྨིན་ཚུགས་རིང་དང་འཇམ་པ་དང་། སྣུམ་དང་སྤུ་ནི་མཉམ་པ་དང་།། ཕྱག་རིང་རྒྱས་དང་སྙན ་མཉམ་དང་།། ཉམས་པ་རྣམ་པར་སྤངས་པ་དང་།། དཔྲལ་བ་ལེགས་པར་འབྱེས་པ་དང་།། དབྱེས་ཆེ་བ་དེང་དབུ་རྒྱས་དང་།། དགུ་སྐྲ་བུང་བ་ལྟར་གནག་དང་།། སྡུག་དང་འཇམ་དང་མི་འཛིངས་དང་། མི་བཤོར་དྲི་ཞིམ་སྐྱེས་བུ་ཡི།། ཡིད ་ནི་འཕྲོག་པར་བྱེད་པ་དང་།། དངུལ་གྱི་བེའུ་དང་བཀྲ་ཤིས་ནི།། གཡུང་དྲུང་འཁྱིལ་པས་བརྒྱན་པ་སྟེ།། སངས་རྒྱས་དཔེ་བྱད་བཟང་པོར་བཞེད།། གང་གིས་སྲིད་པ་ཇི་སྙེད་པར།། འགྲོ་ལ་ཕན་པ་སྣ་ཚོགས་དག། མཉམ་དུ་མཛད་པའི་སྐུ ་དེ་ནི།། ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད།། དེ་བཞིན་འཁོར་བ་ཇི་སྲིད་འདིའོ།། ལས་ནི་རྒྱུན་མི་འཆད་པར་འདོད།། འགྲོ་རྣམས་ཞི་བའི་ལས་དང་ནི།། བསྡུ་རྣམ་བཞི་ལ་དགོད་པ་དང་།། ཀུན་ནས་ཉོན་མོངས་བཅས་པ་ཡི།། རྣམ་པར་བྱང་བ ་རྟོགས་པ་དང་། སེམས་ཅན་རྣམས་དོན་ཇི་བཞིན་གྱི།། དོན་དང་ཕ་རོལ་ཕྱིན་དྲུག་དང་།། སངས་རྒྱས་ལམ་དང་རང་བཞིན་གྱིས།། སྟོང་པ་ཉིད་དང་གཉིས་ཟད་དང་།། བརྡ་དང་དམིགས་པ་མེད་པ་དང་།། ལུས་ཅན་རྣམས་ནི་ཡོ ་སྨིན་དང་།། བྱང་ཆུབ་སེམས་དཔའི་ལམ་དང་ནི།། མངོན་པར་ཞེན་པ་བཟློག་པ་དང་།། བྱང་ཆུབ་ཐོབ་དང་སངས་རྒྱས་ཞིང་།། རྣམ་པར་དག་དང་ངེས་པ་དང་།། སེམས་ཅན་དོན་ནི་ཚད་མེད་དང་།། སངས་རྒྱས་རྟེན་སོགས་ཡོན་ཏན ་དང་། བྱང་ཆུབ་ཡན་ལག་ལས་རྣམས་ནི།། ཆུང་མི་ཟ་དང་བདེན་མཐོང་དང་།། ཕྱིན་ཅི་ལོག་ནི་སྤངས་པ་དང་།། དེ་གཞི་མེད་པའི་ཚུལ་དང་ནི།། རྣམ་པར་བྱང་དང་ཚེགས་དང་ནི།། འདུས་བྱས་འདུས་མ་བྱས་པཱ་ལ།། ཐ་དད་ཡོངས་སུ ་མི་ཤེས་དང་།། མྱ་ངན་འདས་ལ་དགོད་པ་སྟེ།། ཆོས་ཀྱི་སྐུ་ཡི་ཕྲིན་ལས་ནི།། རྣམ་པ་ཉི་ཤུ་བདུན་དུ་བཞེད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པ་ལས།། ་སྐབས་བརྒྱད་པའོ།། ། མཚན་ཉིད་དེ་ཡི་སྦྱོར་བ་དང་།། དེ་རབ་དེ་ཡི་གོ་རིམ་དང་།། དེ་མཐའ་དེ་ཡི་རྣམ་སྨིན་ནི།། དོན་བསྡུས་གཞན་དེ་རྣམ་པ་དྲུག། ཡུལ་ནི་རྣམ་པ་གསུམ་རྒྱུ། ་སྦྱོར་བ་བཞི་ཡི་བདག་ཉིད་དང་།། ཆོས་སྐུ་ཕྲིན་ལས་འབྲས་བུ་ནི།། ངན་བསྡུས་གཞན་ཏེ་རྣམ་པ་གསུམ།། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་ཚིག་ལེ ་བྱོབྱིས་པ་རྫོགས་སོ།། ། པཎྜི་ཏ་གོ་མི་འཆི་མེད་དང་། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར།། ་