CLOSE WINDOW

GT318: dgyes pa rdo rje'i dka' 'grel rnal 'byor rin po che'i phreng ba zhes bya ba
Wyliee-texts produced with BDRC’s OCR application

རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། དཔལ་དགྱེས་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ།། འཇམ་དཔལ་གཞོན་ནུར ་གྱུར་པ་ལ་ཕྱག་འཚལ་ལོ།། མཆོག་ཏུ་དགའ་བའི་གཟུགས་ཅན་གྱིས།། དགྱེས་པའི་རྡོ་རྗེ་ཕྱག་འཚལ་ནས།། སྔོན་གྲུབ་རིམ་པའི ་ལུགས་བཞིན་དུ།། དགྱེས་པའི་རྡོ་རྗེ་བདག་གིས་བྲི།། འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པ་ལ། འདི་ནི་གླེང་གཞིའི་ཚིག་ཡིན་ཏེ།། ་མདོ་དང་རྒྱུད་དུ་རབ་ཏུ་བསྟན།། རྒྱུད་འདི་རུ་ནི་སྙིང་པའི་དེ་ན།། གཞན་དག་གིས་ནི་གཞན་དག་བསྟན།། དེ་ཡང་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་འདི་སྐད་བདག་གིས་ཞེས་བྱ་བས་དྲི། ་ཆེས་རྣམས་བསྡུ་བར་བྱའོ་ཞེས་གསུངས་པའི་ཕྱིར་སྡུད་པ་པོས་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་སྨྲས་པ་ཡིནོ།། འདིར་ཁ་ཅིག་ནི་ཐོས་པ་ཞེས་བྱ་བས་ནི་སྡུད་པ་པོ་སྟོན་པ་ཡིན་ཏེ། བདག་ཉིད་ཀྱི ་པ་དང་རྒྱུད་ནས་ཐོས་པ་ནི་སྡུད་པ་པོ་ཆེད་མ་མ་ཡིན་པར་འགྱུར་བས་སྐྱེ་ན་འདི་གིཉ་སྤངས་པི་ཕྱིར་འདི་སྐད་བདག་གིས་ཞེས་བྱ་བ་སྨོ་སྟེ། བདག་གིས་ཞེ་བྱ་བ་ནི་བདག་ཉིད་ཀྱི་ཐོས་ཀྱི་གཅིག་ན་གཅིག་ཏུ་བརྒྱུད་ནི། ་ཐོས་པ་ན་མ་ཡིན་པའོ།། འདི་སྐད་ཞེས་བྱ་བ་ནི་ཇི་སྐད་བསྡུས་པ་བཞིན་དུའོ།། དུས་གཅིག་ན་ཞེས་བྱ་བ་ནི་དུས་གཅིག་ཁོ་ནར་ཏེ། ཐད་ཀྱི་ཐད་དུ་མ་ཡིན་པའོ་ཞེས་བྱ་བའི་བར་དུའོ།། བཅྡོཾས་ཞེས་བྱ་བ་ནི་དགྱེ ་པའི་རྡོ་རྗེའི་གཟུགས་ཀྱི་རྡོ་རྗེ་འཆང་སྟེ། གང་ལ་དབང་ཕྱུག་ལ་སོགས་པའི་སྐལ་བ་རྣམས་མངའ་བ་དེ་ནི་བཅོམ་ལྡན་འདས་ཏེ། དེ་ཡང་ཇི་སྐད་དུ། དབང་ཕྱུག་དང་ནི་གཟུགས་བཟང་དང་།། དཔལ་དང་གྲགས་དང་ཡེ་ཤེས་དང་། ་བརྩོན་འགྲུས་ཕུན་སུམ་ཚོགས་པ་དང་།། དྲུག་པོ་དེ་ལ་ལྡན་ཞེས་བྱ།། ཞེས་བསྟན་པ་ཡིན་ནོ།། བཞུགས་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་གནས་པས་བཞུགས་པའོ།། གང་ཏུ་བཞུགས་ཤེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང ་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལའོ།། དེ་ཐམས་ཅད་ཀྱང་ཡིན་ལ། དེ་བཞིན་གཤེགས་པ་ཡང་ཡིན་པས། དེ་བཞིན་གཤེགས་པ་ཐམས་ཅད་དེ། དེ་དག་གི་སྐུ་དང་གསུང་དང་ཐུགས་ཞེས་པ་ནི་གསང་བ་གསུམ་བསྡུས་པ་ལ། ཡང་དེ་ནི་བཅོམ་ལྡན ་འདས་རྡོ་རྗེ་འཆང་གི་གཟུགས་ཅན་ཆོས་ཀྱི་འབྱུང་གནས་ཞེས་བྱ་བ་ཡང་ཡིན་ནོ།། དེ་ཉིད་རྡོ་རྗེའི་བཙུན་མོ་བྷ་ག་སྟེ། དེ་ནི་ཟག་པ་མེད་པའི་ཆོས་དཔག་ཏུ་མེད་པའི་ཆོས་ཉིད་ཀྱི་ལུས་ཡིན་པའི་ཕྱིར་རོ།། དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི ་སྐུ་དང་གསུང་དང་ཐུགས་ཀྱང་དེ་ཉིད་ཡིན་ལ་རྡོ་རྗེ་བཙུན་མོའི་བྷ་ག་ཡང་དེ་ཉིད་དོ་ཞེས་ཁྱད་པར་བསྡུ་བ་ཡིན་ནོ།། ལ་ཞེས་པ་ནི་དེ་ན་གནས་པའི་གཞལ་ཡས་ཁང་དུའོ།། གསང་བ་ལས་ཀྱང་ཤིན་ཏུ་གསང་བར་གྱུར་པའི་གནས་ན། བཅོམ་ལྡན་འདས ་བ་ཞུགས་པར་དམིགས་པ་ཡིན་པས་དེ་ལྟ་བུ་དང་རྗེས་སུ་མཐུན་པའི་འཁོར་འདུས་པ་ཡང་ཤུགས་ཀྱིས་རྒྱུད་སྔ་མར་བསྟན་པ་ཡིན་པས་འདིར་ནི་མ་བསྟན་ཏོ།། འདི་ནི་དྲང་བའི་དོན་གྱིས་བཤད་པའོ།། འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པ་ལ། ་ཡོག་ཨོཾ་ནི་བྷ་གར་གསུངས།། བཾ་གི་རྣམ་པ་རྡོ་རྗེ་ར་དྲན།། མཱ་ཡ་ཞེས་བྱ་བསྐྱོང་པར་བསྟན།། ཐོས་པ་གང་ཕྱིར་གཉིས་སུ་འདོང་།། འདི་ནི་འཆང་བར་འགྱུར་བ་སྟེ།། བཅོམ་ལྡན་ཁུ་བའི་རྣམ་པར་འགྱུར།། དེ་ཡི་བདེ་བ་ཆགས་པར་ངན་ཞེས་བྱ་བས ་ཆོས་དང་ལོངས་སྤྱོད་རྫོགས་པའི་གཟུགས་ཅན་ཉིད་ཀྱིས་རྡོ་རྗེ་འཆང་ནི་ཀུན་རྫོབ་ཀུན་ད་ལྟ་བུ་སྟེ། སྒྲིབ་བྲལ་བདེ་བའི་གཟུགས་ཅན་ཉིད་ཅེས་བྱ་བ་དང་པོའི་ཚིག་གིས་སྟོང་པ་ཉིད་དང་། སྙིང་རྗེའི་བདག་ཉིད་ཅན། ཤེས་རབ་དང་ཐོབས ་ཀྱི་ངོ་བོ་ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན། ཀུན་རྫོབ་དང་། དོན་དམ་པའི་ངོ་བོ་ཉིད་བསྐྱེད་པ་དང་། རྫོགས་པའི་རིམ་པའི་གཟུགས་ཅན་དུ་རྒྱུད་ཀྱི་དོན་མདོར་བསྟན་པ་ཡིན་ནོ།། དེ་ཡང་ཧེ་ནི་སྙིང་རྗེ་ཆེན་པོ་སྟེ། རྡོ་རྗེ་ཤེས ་རབ་ཞེས་བརྗོད་དོ།། ཐབས་དང་ཤེས་རབ་བདག་ཉིད་རྒྱུད།། བདག་གིས་དེ་ནི་བཤད་ཀྱིས་ཉོན།། ཞེས་བསྟན་པ་ཡིན་ནོ།། དེ་ལྟ་བས་ན་དེ་ལྟ་བུར་གྱུར་པའི་དུས་གཅིག་ན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། འདིནི་ཡང་དག་པའི་རབ་ཏུ་སྦྱིན ་པ་བཤང་བའོ།། ཡང་ན་དོན་ནི་འདི་ཡིན་ཏེ།། ཨེ་ནི་སཽ་རུ་ཤེས་བྱ་སྟེ།། ལས་ཀྱི་ཕྱག་རྒྱ་སངས་རྒྱས་སྤྱན།། འདབ་མ་དྲུག་ཅུ་བཞི་ལྟེ་བར།། གནས་པ་ལྟེ་བའི་འཁོར་ལོ་ཉིད།། བི་ནི་ཆུ་རུ་ཤེས་བྱ་སྟེ།། ཆོས་ཀྱི་ཕྱག་རྒྱ་མཱ་མ་ཀི།། སྙིང་གའི ་པདྨ་འདབ་བརྒྱད་ལ།། ཆོས་ཀྱི་འཁོར་ལོ་རྣམ་པར་གནས།། ཡི་གེ་མ་ནི་མེར་བསྟན་ཏེ།། ཕྱག་རྒྱ་ཆེན་པོ་གོས་དཀར་མི།། པདྨ་བརྒྱད་གཉིས་འདབ་མ་ལ།། ལོངས་སྤྱོད་འཁོར་ལོ་རྣམ་པར་གནས།། ཡི་གེ་ཡ་ནི་རླུང་དུ་བསྟན།། དམ་ཚིག ་ཕྱག་རྒྱ་སྒྲོལ་བྱེད་མ།། སུམ་ཅུ་གཉིས་འདབ་པདྨ་ལ།། བདེ་བ་ཆེན་པོའི་འཁོར་ལོ་གནས།། ཐོས་པ་ལྷན་ཅིག་སྐྱེས་པར་བཤང་།། གཉིས་སུ་དབྱེ་བས་དབྱེ་བར་བྱ།། ཀུན་རྫོབ་ལྷ་ཡི་རྣལ་འབྱོར་ཉིད།། ་བསྐྱེད་པའི་རིམ་པའི་ཕྱོགས་ཉིད་དོ།། སྒྲིབ་བྲལ་བདེ་བའི་གཟུགས་ཅན་དེ།། རྫོགས་པའི་རིམ་པ་བསྒོམ་པའོ།། སངས་རྒྱས་རྣམས་ཀྱི་ཆོས་བསྟན་པ།། བདེན་པ་གཉིས་ལོ་ཡང་དག་བརྟེན།། དེ་སྐད་དུ་གཞན་དག་ནས་ཀྱང་།། ་བསྐྱེད་པའི་རིམ་པའི་ཕྱོགས་ཉིད་དང་།། རྫོགས་པའི་རིམ་པ་ཉིད་དག་སྟེ།། རིམ་པ་གཉིས་ལ་བརྟེན་ནས་ནི།། རྡོ་རྗེ་འཆང་གིས་སྟོན་པར་མཛད།། ཅེས་གསུངས་པས། དེ་ལྟ་བུ་ནི་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ་ཞེས་སྔར་བསྟན་པའི་བྲོ་ཤད་པ་སྟེ། དེར་འཁོར་གྱི་ནང་དུ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའོ།། དེ་ཁྱད་པར་ཇི་ལྟ་བུ་ཅན་ཞིག་ཅེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་སྟེ། བཅུང་དུ་གྱུར ་པའི་ལྷ་ཉིད་དོ།། དེ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ནི་རྡོ་རྗེ་འཆང་ངོ་།། དེ་ལས་ཀྱང་ཆེས་ཤིན་ཏུ་གསང་བ་ནི་ཉན་ཐོས་ལ་སོགས་པ་ལ་བསྟན་པར་བྱ་བ་མ་ཡིན་པའི་བརྩེ་བའི་རྡོ་རྗེའོ།། དེས་ན་འདི་ནི་རྙེད་པར ་དཀའ་བར་གྱུར་པའོ་ཞེས་ངང་པར་གྱུར་པས་ཤེས་ནས་སྤྲོ་བར་གྱུར་པའི་འཁོར་རྣམས་ལ་སྤྲོ་བ་བསྐྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ནི། ཨེ་མའོ་རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་སོགས་པའོ།། ཉོན་ཅིག་ཅེས་བྱ་བ་ནི་ཐོས ་པ་ལ་སྦྱོར་བའོ།། རྡོ་རྗེ་སྙིང་པོས་གསོལ་པ་ཞེས་བྱ་བ་ལ། ཅི་ཞིག་གསོལ་ཞེ་ན། དོན་གསུམ་དྲི་བར་གསོལ་བའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྡོ་རྗེ་མི་ཕྱེད་ཅེས་བྱ་བར་བརྗོད་ཅེས་བྱ་བ་ལ་སོགས་པ་ལ། དབྱེར་མི་བྱེད ་པས་ན་མི་ཕྱེད་པ་སྟེ། བདག་དང་གཞན་གྱིས་རྒོལ་བ་དག་གིས་མི་ཚུགས་པས་སོ།། དེ་ཅི་ཞིག་ཅེ་ན། ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་དོ།། དེ་ཡང་འཕགས་པ་ལྷའི་ཞལ་སྔ་ནས། སྟོང་པ་ཉིད་དུ་སྨྲ་བ་ཡིས།། རྩོད་པ་ཟློག་པ་བྱས ་པ་ནི། ངོ་ས་ནི་ཐམས་ཅད་བཟློག་པར་འགྱུར།། བསྒྲུབ་བྱ་དང་མཚུངས་གྱུར་པའི་ཕྱིར།། ཞེས་གསུངས་པ་དང་། བཅོམ་ལྡན་འདས་ཀྱིས་ཀྱང་རྡོ་རྗེ་གཙུག་ཏོར་ལས། སྙིང་པོ་བསྟན་ཞིང་ཁོང་སྟོང་མེང་།། མི་ཆོང་མི་ཕྱེད་མོ་ཚན ་ཉིད་ཅན།། མི་ཚིག་པ་དང་མི་ཉམས་པའི།། སྟོང་པ་ཉིད་ནི་རྡོ་རྗེར་བརྗོད།། ཅེས་གསུངས་པ་ཡིན་ནོ།། སེམས་དཔའ་སྲིད་པ་གསུམ་གཅིག་པ་ཞེས་བྱ་བ་གསུངས་པ་ལ། ཡོང་བའི་སྲིད་པ་ནི་སེམས་དཔའ་སྟེ། རྐྱེན་ཉིད་འདི་པའི ་མཚན་ཉིད་ཅན་དོན་བྱ་བ་ཉིད་དེ་ཕུང་པོ་ལྔའི་བདག་ཉིད་ཅན་ནོ།། དེ་ཡང་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་ལྔའོ་ཞེས་གསུངས་པ་ཡིན་ནོ།། དེ་ནི་སྲིད་པ་གསུམ་སྟེ། ལུས་དང་། ངག་དང་། ཡིད་དོ།། དེ ་ངག་གཅིག་ཉིད་དུ་གྱུར་པ་ནི།། གཉིས་ཀྱི་དངོས་པོ་མེད་པ་སྟེ།། འོད་གསལ་བའི་མཐར་ཐུག་པར་གྱུར་པའི་ཕྱིར། ཤེས་རབ་རིགས་པ་འདི་ཉིད་ནི་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དབུ་མའི་དཔྱད་པ་འདི་ཉིད་དོ།། ་རྡོ་རྗེ་སེམས་དཔའ་ཞེས་བྱར་བརྗོད།། ཅེས་བྱ་བ་ནི་ཆོས་ཀྱི་སྐུའོ།། ཡེ་ཤེས་ཆེན་པོའི་རོས་ཞེས་བྱ་བ་ལ་སོགས་པ་ལ། ཡེ་ཤེས་ཆེན་པོ་ནི་ཐེག་པ་ཆེན་པོ་ཕུལ་དུ་བྱུང་བའི་ཆོས་སོ།། དེའི་རོ་ནི་མྱོང་བ་སྟེ་ངེས ་གང་བའོ།། འདི་སྐད་བསྟན་པར་འགྱུར་ཏེ། མཆོག་ཏུ་འབར་བའི་རིན་པོ་ཆེ་སྣ་ཚོགས་ཀྱིས་རབ་ཏུ་སྨྲས་པའི་གཞལ་ཡསཽ་ཁང་གི་ནང་ན་ཤིན་ཏུ་རྣམ་པར་དག་པའི་མཚན་དང་དཔེ་བྱད་ཀྱིས་རྣམ་པར་མཛེས་པའི་སྐུ་དཔག་ཏུ་མེད་པའི ་རྣལ་འབྱོར་མུའི་ཚོགས་དང་ལྷན་ཅིག་བསྡུ་བ་དང་སྤྲོས་པའི་ཚུལ་གྱི་རང་བཞིན་གྱིས་བདེ་བ་ཆེན་པོའི་རོས་ངོམས་ཤིང་། འཁོར་བ་ཇི་སྲིད་ཀྱི་བར་དུ་འཕོ་བ་མེད་པའི་རྟག་པར་གྱུར་པོས། རྟག་པ་ཞེས་བྱ་བའི་དོན་ཏོ།། དེ་ལྟ་བུའི་སེམས ་དཔའ་ཆེན་པོ་དེ་ནི། སངས་རྒྱས་རྣམས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱའོ།། རྟག་ཏུ་ཞེས་བྱ་བ་ལ་སོགས་པ་ལ། སྤྲོ་བའི་སྦྱོར་བས་ཀུན་ཏུ་འགྲོ་བའི་ཕྱིར་དམ་ཚིག་སྟེ། ཅི་ལྔར་རིགས་པའི་ཐབས་ཀྱིས་གདུལ་བྱ་སྣ་ཚོགས་ལ ་རྣམ་པ་སྣ་ཚོགས་ཀྱི་ཁམས་གསུམ་པ་འབྱུང་བར་འགྱུར་པས་དཔ་ཚིག་གོ། དེ་ལ་རྟག་ཏུ་འཇུག་པར་གྱུར་པ་ཉིད་ཀྱིས་ནི་སེམས་དཔའ་སྟེ། སངས་རྒྱ་སོ་རྣམས་ཀྱི་སྤྲུལ་པའི་སྐུའི་རིགས་དཔག་ཏུ་མེད་པ་ནི། དེ་མོ་ཚིག་སེམས ་དཔའ་ནས་བྱ་བའི་སྒྲས་བརྗོད་པ་ཡིན་ནོ།། རྡོ་རྗེ་སྙིང་པོས་གསོལ་པ་ཞེས་བྱ་བ་ལ། དོན་རོ་ཞིག་གིསོལ་ཞེ་ན། བརྩེ་བའི་རྡོ་རྗེའི་རྡོ་རྗེ་འཆང་ཉིད་ཀྱི་རྒྱུའི་མིང་གིས་གང་མི་ཚོན་པའི་དོན་ཏེ་ཞུས་པ་སྟེ། དགྱེས་པའི་རྡོ་རྗེ་ཞེས་བྱ་བ ་མཚན་མ་བསྡུས་པ་འདི་ལྟ་བུ་ཞེས་པའོ།། ཐབས་དང་ཤེས་རབ་བདག་ཉིད་ཅེས་བྱ་བ་ལ་སོགས་པ་ལ། རྒྱུད་ཅེས་བྱ་བ་ནི་རྒྱུན་ནོ།། དེ་ཡང་རྣམ་པ་གསུམ་སྟེ། རྒྱུའི་རྒྱུད་དང་འབྲས་བུའི་རྒྱུད་དང་ཐབས་ཀྱི་རྒྱུད་དོ།། དེ་ལ་འདིར་རྒྱུ་ནི་རྡོ་རྗེ ་གས་ཅན་གྱི་སེམས་ཅན་ནོ།། ཡོངས་སུ་རྫོགས་པའི་དགྱེས་པའི་རྡོ་རྗེའི་གཟུགས་ནི་འབྲས་བུའོ།། ཐབས་ནི་འཆང་བར་འགྱུར་བའི་མཚན་ཉིད་ཅན་བྱ་བ་དང་བཅས་པའི་ལམ་མོ།། དེ་ནི་རྡོ་རྗེ་འཆང་བདག་གིས་འདི་སྐད་བདག་གིས་ཞེས ་བྱ་བའི་ཚིག་གིས་བསྟན་པ་ཡིན་ནོ།། དེ་དག་སོ་སོར་བཤད་པར་བཞེད་པས་ཉོན་ཅིག་ཅེས་བྱ་བས་ཐོས་པ་ལ་སྦྱོར་བར་མཛད་དོ།། ཅི་དེ་ཡང་བསྟོན་པ་ཙམ་ཞིག་གུམ་ཞེ་ན། ལྔ་སྟངས་དགུག་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་ཙོ་རིགས་པར་ཞེས་བྱ་བ་ནི། ལྷའི་ལེའུར་གསུངས་པའི་དམན་པ་དང་། འབྲིང་དང་། མཆོག་གི་རིམ་པས་སོ།། བསྐྱེད་པ་ནི་དབྱིབས་དང་། ཁ་དོག་ལ་སོགས་པའོ།། གནས་ནི་རྟེན་ནོ།། བྱེད་པ་ནི་ཟླ་བ་དོང་། ཉི་མ་དང་། ས་བོན་དང་། ་ཕྱག་མཚན་ནོ།། ནུས་པ་ནི་བཟླས་པ་དང་། བསྒོམ་པ་མཐར་ཐུག་པ་ལས་རབ་ཏུ་སྐྱེས་པའོ།། ཡེ་ཤེས་ནི་པྲ་དབབ་པོ་ལ་སོགས་པའོ།། རྣམ་ཤེས་ནི་སློབ་དཔོན་གྱིས་ལས་སོ།། ལྷ་རྣམས་ནི་དགྱེས་པའི་རྡོ་རྗེ་ལ་སོགས་པ་རྣམས་སོ།། ་ཇི་ལྟར་བསྐྱེད་པ་ནི། ཇི་ལྟར་རིགས་པར་བྱུང་བའོ།། དང་པོར་ཞེས་བྱ་བ་ལ་སོགས་པ་ལ། ཅིའི་ཕྱིར་དང་པོ་ཞེས་བྱ་ཞེ་ན། ཐེག་པ་ཆེན་པོ་གསང་སྔགས་འདིར་ལས་དང་པོ་པའི་སེམས་ཅན་རྣམས་དང་པོར་འཇུག་པར་བྱ་བའི་ཕྱིར་ལྷའི་སྐུ ་བསྒོམ་པ་བསྟན་པ་ཡིན་ཏེ། གང་ཡང་འདི་སྐད་དུ། དང་པོའི་ལས་ཅན་སེམས་ཅན་ལ།། ལྷ་ཡི་སྐུ་ནི་བསྒོམ་པ་ཉིད།། ལས་རྣམས་ཐམས་ཅད་འགྲུབ་བྱའི་ཕྱིར།། རྒྱུད་ལས་དང་པོ་ཉིད་དུ་བསྟན།། ཞེས་གསུངས་པ ་ཡིན་ནོ།། གཉིས་པ་འཆད་པར་འགྱུར་བའི་རྫོགས་པའི་རིམ་པ་ལ་བལྟས་ནས། དེ་བསྟན་པའི་ཕྱིར་གཅིག་ཅེས་བྱའོ།། རྒྱུ་ཞེས་བྱ་བ་ནི་ཐབས་ཆེན་པོའོ།། དངོས་པོ་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། དངོས་པོ་ཉིད་དུ་འབྱུང་བར་འགྱུར་ཞིང ་འགྲོ་བ་གཞན་གྱི་ངོ་བོར་འགྱུར་བ་སྟེ། ཕུང་པོ་ལྔའི་མཚན་ཉིད་ཅན་གྱི་ལུས་སོ།། དེ་ཉིད་ཀྱི་གྲོལ་བར་འགྱུར་པའོ།། རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེ།། ཞེས་བྱ་བ་ནི་བོང་པའོ།། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཕུང་པོ ་མེད་པའི་མཚན་ཉིད་ཅན་གྱི་ཐར་པ་ཁ་ཅིག་གིས་སྨྲ་བར་བྱེད་ཅིང་འདི་ལྟར་རྟོགས་ཏེ། གལ་ཏེ་དངོས་པོ་ཉིད་ཀྱིས་གྲོལ་བར་ཇི་ལྟར་འགྱུར་ན། འདིར་འཆིང་བ་གང་ཞིག་ཡིན་ཞེ་ན། དེའི་ཕྱིར་དངོས་པོ་ཡིས་ནི་འཆིང་བར་འགྱུར ་ཞེས་བྱ་བ་གསུངས་ཏེ། དེ་ལ་དངོས་པོར་འཛིན་ཅིང་། བདེན་པར་མངོན་པར་ཞེན་པས་ཏེ། བདེན་པ་ཉིད་དུ་མངོན་པར་ང་རྒྱལ་བྱེད་པའོ་ཞེས་བྱ་བའི་དོན་ཏོ།། དེ་ལྟར་ན་གྲོལ་བར་ཇི་ལྟར་འོ་གྱུར་ཞེ་ན། དེ་ཡོངས་ཤེས་པས་ཞེས ་བྱ་བ་སྟེ། དེ་ཡོངས་སུ་ཤེས་པ་ནི། དེ་ཡོངས་སུ་ཤེས་པ་སྟེ། འཆང་བར་འགྱུར་བའི་མཚན་ཉིད་ཅན་དེ་ཁོ་ན་ཉིད་ཀྱི་ལེའུ་ནས་བསྟན་པའི་སྤྱོད་པ། ངོ་བོས་གཟུགས་མེད་མཐོང་བ་མེད་ཅེས་བྱ་བ་ལ་སོགས་པ་ཕུང་པོ་ལྔ་སྐྱེད་པ ་མེད་པའི་མཚན་ཉིད་ཅན་དུ་ཡོངས་སུ་ཤེས་པ་ནི་གྲོལ་བར་འགྱུར་རོ།། རྒྱུ་དེ་ཕྱིར་དངོས་པོ་སྒོམ་འགྱུར་ཤེས་རབ་ཅན་ཞེས་བོས་པ་ཡིན་ཏེ། ཟླ་བ་དང་། ཉི་མ་དང་། ས་བོན་དང་། ཕྱག་མཚན་ཡོངས་སུ་གྱུར་པ་ལུས་སྐྱེས་པའི་ལྷའི ་གཟུགས་ནི་སྤྱིར་བསྒོམ་པར་བྱ་བ་ཡིན་པས། བསྒོམ་པར་རིགས་སོ་ཞེས་བྱ་བའི་དོན་ཏོ།། དངོས་པོ་མེད་པ་ཞེས་བྱ་བ་ལ་ཡང་དངོས་པོ་མེད་པ་དེ་ནི། ངེས་པར་ཡོངས་སུ་ཤེས་པར་བྱ་བ་ཡིན་ཏེ། མ་བྱུང་བའི་དངོས་པོ་ནི། དངོས་པོ་མེད ་པས་ཏེ། མ་སྐྱེས་པ་ཞེས་བྱ་བའི་དོན་ཏོ།། དེ་ཡང་འདི་སྐད་དུ། བཅོམ་ལྡན་འདས་ཀྱིས་ལང་ཀར་གཤེགས་པ་ལོས། གང་གིས་དངོས་རྣམས་དངོས་པོ་མེད་ཤེས་པ། དེ་ནི་དངོས་པོ་ཀུན་ལ་ཆགས་མི་འགྱུར།། གང་ཞིག་དངོས་པོ་ཀུན ་ལ་ཆགས་མེད་པས།། དེས་ནི་མཚན་མེད་ཏིང་འཛིན་རེག་པར་འགྱུར།། ཞེས་གསུངས་པ་ཡིན་ནོ།། དེ་ལྟར་ཧེ་རུ་ཀ་བསྒོམ་བྱ་ཞེས་བྱ་བ་ནི། བསྟན་པའི་མཚན་ཉིད་ཅན་དེ་བཞིན་དུའོ།། དངོས་པོ་མེད་པ་ཞེས་པ་ནི། དངོས་པོ་མེད་པ ་ཡོངས་སུ་ཤེས་པར་བྱ་བའོ།། རིམ་པ་གཉིས་པ་བསྟན་པར་བྱ་བའི་ཕྱིར། ལུས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་ལོ་གནས་པར་གྱུར་པས། ལུས་ལ་གནས་པའོ།། བདེ་ཆེན་ཡང་ཡིན་ལ། ཡེ་ཤེས་ཀྱང་ཡིན་པས ་ཡེ་ཤེས་ཆེན་པོའོ།། གོལ་ཏེ་ལུས་ལ་གནས་པ་ཡིན་ན། ཡེ་ཤེས་ཆེན་པོར་ཇི་ལྟར་འགྱུརརོ་ཞེ་ན། དངོས་པོ་ཀུན་ལ་ཁྱབ་པ་པོ་ཞེས་བྱ་བ་གསུངས་ཏེ། ཟག་པ་མེད་པའི་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པའི་མཚན་ཉིད་ཅན་གྱིས་ཆོས ་ཉིད་ལས་ཆོས་ཐམས་ཅད་ཕྱི་རོལ་ཏུ་གྱུར་པ་མ་ཡིན་པས། དེའི་ཕྱིར་ལུས་ལ་གནས་ན་ཡང་། ལུས་ལས་སྐྱེས་པ་ནི་མ་ཡིན་ཞིང་། ལུས་ཀྱང་དེའི་རྒྱུ་མ་ཡིན་ཏེ། ལུས་ནི་བརྫུན་པ་བསླ་བའི་ཆོས་ཅན་ཡིན་པའི་ཕྱིར་རོ།། དེའི་ཕྱིར་དྲི ་མེད་གཟུགས་ཉིད་མེད།། རོ་དང་སེམས་ཀྱི་རྣམ་པར་དག་པ་མེད།། རེག་དང་ཆོས་མེད་ཐམས་ཅད་རྣམ་པར་དག། རང་བཞིན་དག་པའི་གྲོ་ལ་གྲོལ་བར་ཤེས།། ཞེས་གསུངས་པ་ཡིན་ནོ།། དེ་ལ་འདིར་དང་པོའི་ཚིག་གིས་ཐོས་པ་ཞེས་བྱ་བའི་སྒྲས ་བསྐྱེད་པ་དང་། རྫོགས་པའི་རིམ་པས་གཉིས་མཚོན་ཞིང་བསྟན་ནས། རྫོགས་པའི་རིམ་པའི་དགྱེས་པའི་རྡོ་རྗེ་ཞེས་བྱ་བའི་རྟེན་གྱི་དཀྱིལ་འཁོར་ནི་ལུས་ཉིད་ཡིན་ལ། བརྟེན་པ་ནི་རྣལ་འབྱོར་མ་བཅོ་ལྔའི་རང་བཞིན་གྱི་རྩའོ།། འོན་ཀྱང་དེ་དག་དུ་ཞིག ་ལྟར་རྣམ་པར་གནས། དེའི་མངོན་པར་རྟོགས་པ་ནི་ཇི་ལྟ་བུ་ཞིག་ཡིན་པ་མི་ཤེས་པས་དྲི་བར་འདོད་ནས། ཀྱཻ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྟེ། བྱང་ཆུབ་ཀྱི་སེམས་འབབ་ཅེས་བྱ་བ་ནི། ལྷན་ཅིག་སྐྱེས་པ་འབྱུང་བར་འགྱུར་བའོ།། ་རྣམ་པ་གསུམ་ནི་གཙོ་བོ་སྟེ། ཞེས་བྱ་བའི་དགོངས་པ་ནི་འདི་ཡིན་ཏེ། རྩ་གསུམ་གྱི་རྣལ་འབྱོར་ཡོངས་སུ་ཤེས་པ་ཙམ་ཉིད་ཀྱིས་མཆོག་པར་འགྱུར་ཏེ། དེ་ཉིད་དུ་ལྷན་ཅིག་སྐྱེས་པའི་མཚན་ཉིད་ཅན་གྱིས་བརྩེ་བའི་རྡོ་རྗེ་ངེས་པར་ལྷག་པ་མཚོན ་བར་བྱ་བ་ཉིད་ཡིན་པས་སོ།། གསུམ་པོ་དེ་དག་གི་ངོ་བོ་ཉིད་བསྟན་པའི་ཕྱིར། ཤེས་རབོ་རང་བཞིན་ལ་ལ་ནཱ་ཞེས་བྱ་བ་གསུངས་ཏེ་གོ་སླའོ།། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ཞུས་པའི་དགོངས་པ་ནི་འདི་ཡིན་ཏེ། ཅི་རྩའི་གཟུགས ་ཉིད་བསྒོམས་པར་གྱུར་པ་ཁོ་ནས་དཔལ་ལྡན་རྡོ་རྗེ་འཆང་གི་གོ་འཕང་ཕུན་སུམ་ཚོགས་པར་འགྱུར་བ་ཞིག་ཡིན་ནམ། འོན་ཏེ་གཞན་ཞིག་གིས་ཡིན་ཞེས་དགོངས་པའོ།། དེ་ལ་བཀའ་སྩལ་པ། སྲིད་གསུམ་ཡོངས་གྱུར་ཞེས་བྱ་བ་ལ་སོགས་པ ་སྟེ། སྲིད་གསུམ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་དེ། དེ་དག་སྐུ་དང་གསུང་དང་ཐུགས་ཀྱིས་བསྡུས་པའི་ཕྱིར་རོ།། དེ་ཡོངས་སུ་གྱུར་པ་ནི་དེའི་ངོ་བོ་ཉིད་དོ།། དེ་ཉིད་ཀྱི་ཕྱིར་གཟུང་དང་། འཛིན་པ་རྣམ་པར་སྤངས་ཞེས་བྱ་བའོ།། ཡང་ན ་ཞེས་བྱ་བ་ནི། ཕྱོགས་གཞན་སྟོན་པའོ།། ཐབས་ནི་ཐམས་ཅད་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའི་ཐབས་སུ་གྱུར་པའི་རྒྱུད་ཉིད་རྩའི་རང་བཞིན་ཉིད་ཀྱིས་འཁོར་ལོ་འདིར་ལོ་ལ་ནཱའི་རང་བཞིན་ནི་འདི་ལྟ་བུ། ར་ས་ནཱ་ནི་འདི་ལྟ་བུ། ཨ་བ་དྷཱ ་ཏཱི་ནི་འདི་ལྟ་བུའོ་ཞེས་སློབ་མ་ཡོངས་སུ་གཟུང་བའི་ཕྱིར། དངོས་པོའི་མཚན་ཉིད་དུ་ནི་རྟགས་ཞེས་བྱ་བ་ཡིན་ནོ།། སྡོམ་པའི་དབྱེ་བ་ཞེས་བྱ་བ་ལ་སོགས་པ་ལ། ཕྱི་རོལ་གྱི་རྒྱ་ཆེ་བའི་ཆོས་རྣམས་ནང་དུ་རྟོགས་པ་རི་རྣལ་འབྱོར་པ་གང་གིས ་ངེས་པར་བྱས་པ་དེ་ནི། དེའི་སྡོམ་པས་ཏེ་ལུས་སུ་བོསྡུས་པའི་ཕྱིར་དང་། བསྡུས་པའི་མཆོག་ཉིད་ཡིན་པའི་ཕྱིར་རོ།། དེའི་དབྱེ་བ་ནི་རྣམ་པ་དུ་མ་ཡིན་ནོ།། ཨཱ་ལིཾ་ཀཱ་ལི་ཞེས་བྱ་བ་ལ་སོགས་པ་ལ། ཡི་གེ་ཨ་ལ་སོགས་པ་དབྱངས་ཀྱི་ཡི ་གེ་བཅུ་དྲུག་ནི་ཨཱ་ལིའོ།། ཡི་གི་ཀ་ལ་སོགས་པ་སུམ་ཅུ་རྩ་བཞི་ནི་ཀཱ་ལིའོ།། དེ་དག་ཉིད་ནི་ལ་ལ་ནཱ་དང་། ར་ས་ནཱ་དང་། ཟླ་བ་ཉི་མ་དང་། ཤེས་རབ་དང་ཐབས་སོ།། ཆོས་དང་། ལོངས་སྤྱོད་དང་། སྤྲུལ་པ་ཞེས་བྱ་བ་ནི། ཆོས་ཀྱི་འཁོར་ལོ ་དང་། ལོངས་སྤྱོད་ཀྱི་འཁོར་ལོ་དང་། སྤྲུལ་པའི་འཁོར་ལོ་སྟེ། སྙིང་ག་དང་། མགྲིན་པ་དང་། ལྟེ་བ་རྣམས་སུ་རིམ་པ་ཇི་ལྟ་བ་བཞིན་ནོ།། སྐུ་དང་། གསུང་དང་། ཐུགས་ཞེས་བྱ་བ་ནི། འཁོར་ལོ་གསུམ་པོ་དེ་ཉིད་ནི ་སྐུའི་འཁོར་ལོ་ནི་ལྟེ་བར། གསུང་གི་འཁོར་ལོ་ནི་མགྲིན་པར། ཐུགས་ཀྱི་འཁོར་ལོ་ནི་ཐུགས་ཀར་རོ།། གསུམ་པོ་ཡོངས་སུ་ཤེས་པའི་ངོ་བོ་ཉིད་ནི། བདེ་བ་ཆེན་པོའི་འཁོར་ལོ་སྟེ། སྤྱི་བོར་ཤེས་པར་བྱའོ།། འཁོར་ལོ་བཞི་པོ་འདི ་ས་དང་། ཆུ་དང་། མེ་དང་། རླུང་གི་ཁམས་ཀྱི་ངོ་བོ་ཉིད་ཕྱག་རྒྱ་བཞི་དང་། འདི་སྐད་བདག་གིས་ཞེས་བྱ་བར་གྲགས་པ་ཡང་ཡིན་ནོ།། ད་ནི་སྤྲུལ་པའི་འཁོར་ལོ་ཞེས་བྱ་བ་ལ་སོགས་པོ་གསུངས་ཏེ། པདྨོ་དྲུག་ཅུ་རྩ་བཞི་པའི་དགས ་ཀྱི་བརྒྱད་པ་ལ་ནི་གཡོན་བསྐོར་དུ་ཨ་ཙ་ཊ་ཏ་པ་ཡ་ཤ་རྣམས་སོ།། ལྟེ་བ་ར་ནི་ཡི་གེ་ཨའོ།། སྙིང་གར་ནི་པདྨ་འདབ་མ་བརྒྱད་པ་ཐར་དུ་བལྟས་པ་འི་མཚམས་ཀྱི་འངབ་མ་བཞི་ལ་ནི་ཡབ་ལའོ།། ཕྱོགས་ཀྱི་འདིབ་མ་རྣམས་ལ་ནི་ཨཱ་ཨཱི་ཨཱུ ་ཨཾ་བཞིའོ།། ལྟེ་བ་ར་ནི་ཡི་གེ་ཧཱུཾ་ཁེ་ཐུར་དུ་བལྟས་པའོ།། མགྲིན་པའི་པདྨ་འདབ་མ་བཅུ་དྲུག་པ་ཁ་གྱེན་དུ་བལྟས་པའི་དབུས་ན་གནས་པའི་ཕྱོགས་ཀྱི་འདབ་མ་བཞི་ལ་ནི་ཨ་སི་ཨུ་ཨེ་རྣམས་གཡོན་བསྐོར་དུའོ།། ལྟེ་བར་ནི་ཨོཾ་མོ།། ཀྵི་བར ་ནི་པདྨ་འདབ་མ་སུམ་ཅུ་རྩ་གཉིས་པའི་ལྟེ་བར་ཡི་གེ་ཧཾ་ཁ་ཐུར་དུ་བལྟས་པའོ།། འཁོར་ལོ་བཞི་པོ་འདི་དག་ནོ་འཆད་པར་འགྱུར་བའི་ཆོས་ཅན་དུ་བསྐྱེད་པའི་རིམ་པས་མོས་པར་བྱ་སྟེ། མཆོག་ཏུ་གྱུར་པ་བསྡུས་པ་ཉིད་ཡིན་ནོ།། སྐད་ཅིག ་མ་བཞི་ཞེས་བྱ་བ་ནི་སྤྲུལ་པའི་འཁོར་ལོ་ལ་སོགས་པ་བཞི་ལ་མོས་པར་བྱའོ།། འཕགས་པའི་བདེན་པ་བཞི་ཡང་འདི་ཉིད་ལ་མོས་པར་བྱ་བ་ཉིད་ཡིན་ཏེ། འཁོར་ལོ་བསྒོམ་པ་ཡོངས་སུ་རྫོགས་པར་གྱུར་ན། འཕགས་པའི་བདེན་པ་བཞི ་བསྒོམ་པ་ཡང་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བར་དགོངས་པའོ།། སྡེ་པ་བཞི་ཞེས་བྱ་བ་ལ། འདི་དག་ཀྱང་འདི་ཉིད་དུ་མོས་པར་བྱ་བ་ཉིད་ཡིན་ཏེ། འཁོར་ལོ་བཞི་བསྒོམ་པ་ཉིད་དུ་ཆོས་ཐམས་ཅད་བསྡུས་པའི་ཕྱིར་རོ།། བསྐྱེད་པའི ་རིམ་པར་བཤད་པ་ཞིག་ཡིན་ནོ།། སྡོམ་པའི་དབྱེ་བ་ལ་སོགས་པ་ལ་སྡོམ་པ་ནི་དབང་བསྐུར་བའོ།། དེའི་རབ་ཏུ་དབྱེ་བ་ནི་དབྱེ་བ་སྟེ། འཆད་པ་རོ་འགྱུར་པའི་མཚན་ཉིད་ཅན་ནོ།། དེ་ཡང་ཇི་སྐད་དུ། སེམས་ཅན་རྣམས་ལ་ཕན་པའི་ཕྱིརརོ།། དབང ་བསྐུར་བ་ནི་གཞི་རུ་བསྒྲགས།། འདི་ཡིས་བཀྲུས་ཤིང་དབང་བསྐུར་བས།། དེ་ཕྱིར་དབང་བསྐུར་ཞེས་བྱར་བརྗོད།། ཅེས་གསུངས་པ་ཡིན་ནོ།། དབང་བསྐུར་བ་བཞི་པོ་དེ་ཉིད་ཀྱི་རབ་ཏུ་དབྱེ་བ་བརྗོད་པའི་ཕྱིརརུ། འདི་ལྟར་ཡུང་། སློབ་དཔོན་གསང་བ ་ཤེས་རབ་དང་།། དེ་ལྟར་དེ་བཞིན་བཞི་པ་ཡང་།། ཞེས་བྱ་བ་ལ་སོགས་པས། འཆང་པར་འགྱུར་བ་ཡིན་ནོ།། རྣལ་འབྱོར་མའི་རྒྱུད་འདིར་ནི། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་རིང་དུ་གྱུར་པ་ཀུན་ཏུ་སྤྱོད་པའི་ཕྱིར་སློབ་དཔོན་ཏེ། དེ་ཉིད་ཀྱི ་དེའི་སྡོམ་པ་ཡིན་པས་སོ།། སློབ་དཔོན་གྱི་དབང་བསྐུར་བའི་ངོ་བོ་གང་ལས་ཀྱི་ཕྱག་རྒྱ་ལས་སྐད་ཅིག་མ་བཞིས་དགའ་བ་བཞིའི་རང་གི་ངོ་བོ་ཉིད་རབ་ཏུ་བསྒྲུབ་པ་ཞེས་པ་ཡིན་གྱི། ཡང་བྱ་བའི་རྒྱུད་ལ་སོགས་པ་དང་། ཐུན་མོང་དུ་གྱུར་པ ་ཕྱིར་མི་ལྡོག་པའི་དབང་བསྐུར་བ་ཐོབ་པས། སློབ་དཔོན་གྱི་དབང་བསྐུར་བས། དབང་བསྐུར་བ་ལ་ན་མ་བྱའོ།། དེ་ལྟ་བས་ན། རྣལ་འབྱོར་དང་། རྣལ་འབྱོར་མའི་རྒྱུད་ལ་སོགས་པ་ཐམས་ཅད་བཤད་པ་དང་། ཉན་པ་ལ་སོགས ་པའི་བསྐུལ་པ་དང་ཡང་ལྡན་པར་འགྱུར་རོ་ཞེས་བྱ་བའི་ཚིག་འདི་ནི་ཅི་ཡང་མ་ཡིན་ནོ།། དེ་ལྟེ་བས་ན། དང་པོ་རེ་རེ་ཞིག་དགྱེས་པའི་རྡོ་རྗེ་ལ་སོགས་པ་རྣལ་འབྱོར་མའི་རྒྱུད་རྣམས་མཉན་པ་དང་། བསྒོམ་པ་ལ་སོགས་པ་ལ་དབང་བར་བྱ་བའི ་ཕྱིར། སློབ་དཔོན་གྱི་དབང་བསྐུར་བ་ཉིད་ཀྱིས་དབང་བསྐུར་བར་བྱའོ།། ཡང་དེ་ནི་མངོན་པར་རྟོགས་པ་ཇི་ལྟ་བ་བཞིན་དུ་སློབ་དཔོན་དང་། གསང་བ་དང་། ཤེས་རབ་དང་། བཞི་པའི་མཚན་ཉིད་ཀྱིས་ཉེ་བར་མཚོན་པ་ཡིན་པར་རིག་པར ་བྱའོ།། དེ་ལྟ་བུའི་སློབ་དཔོན་གྱི་དབང་བསྐུར་བ་ཐོབ་པའི་དབང་པོ་རྟུལ་པོ་རྣམས་ལ་ན་མོས་པས་ངེས་པར་བཟུང་ནས། ལས་ཀྱི་ཕྱག་རྒྱ་དང་། སྤྲོས་པའི་ཕྱག་རྒྱ་བསྒོམ་པ་བསྟན་པར་བྱ་བ་ཡིན་ནོ།། དེ་བཞིན་དུ་རྫོགས་པའི་རིམ་པའི་ཕོག ་ལོ་ཡང་གསང་བར་གནས་པའི་ནོར་བུ་བླ་མའི་མན་ངག་ཉིད་ཀྱིས་སྐད་ཅིག་མ་བཞིའི་རང་བཞིན་དགའ་བ་བཞི་པོ་ཉམས་སུ་མྱོང་བ་ད~ཾ་ནི། གསང་བའི་དབང་བསྐུར་བའི་ཞེས་བྱ་བར་བརྗོད་དོ། སྤྲོས་པ་བསྒོམ་པ་ལ་སྦྱོར་བའི་རྣལ་འབྱོར་པ་རྣམས ་ལ་བསྟན་པར་བྱ་བ་མ་ཡིན་པའི་ཕྱིར་རོ།། འདི་དབང་བསྐུར་བའི་དབང་པོ་འབྲིང་པོ་རྣམས་ལ་ནི། དམ་ཚིག་གི་ཕྱག་རྒྱ་བསྒོམ་པ་ཉེ་བར་བསྟན་ཅིང་བཤད་པར་བྱའོ།། དེ་བཞིན་དུ་ཁྱད་པར་ཅན་གྱི་ཡེ་ཤེས་ནི་ཤེས་རབ་སྟེ། ཆོས་ཐམས་ཅད་སེམས ་ཙམ་ཉིད་དུ་ཤེས་པའོ།། དེ་རབ་ཏུ་བསྒྲུབ་པའི་ཕྱིར་དབང་བསྐུར་བ་ནི། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ།། ཡང་དེ་ནི་གཞན་གྱི་དབང་དང་། ཀུན་བརྟགས་དང་། ཡོངས་སུ་གྱུར་པ་རྣམ་པར་ཤེས་པ་གསུམ་གྱི་ངོ་བོ་བསྡུས་པའི་གཟུགས ་ཅན་སྙིང་གི་ནོར་བུར་གང་བླ་མའི་མནི་ངག་ཉིད་ཀྱི་ཕྱི་རོལ་གྱི་ཕྱག་རྒྱ་དང་། སྐད་ཅིག་མ་རྣམས་ཡང་དགེ་པར་མཚོན་པ་ནི། ཤེས་རབ་ཡེ་ཤེས་ཡིན་པར་རིག་པར་བྱའོ།། དབང་བསྐུར་བ་དེས། དབང་བསྐུར་བའི་དབང་པོ་རི་བ་རྣམས་ལ་ནི། སྒྱུ ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཆོས་ཀྱི་ཕྱག་རྒྱ་ཉེ་བོར་བསྟན་ཅིང་བཤད་པར་བྱའོ།། དེ་བཞིན་དུ་བཞི་པ་ཡང་ཡིན་ཏེ། དེ་ལྟར་དེ་བཞིན་ཡང་ཞེས་བྱ་སྟེ། དེ་ཞེས་པ་ནི་ཤེས་རབ་ཡེ་ཤེས་སོ།། དེ་བཞིན་ཞེས་བྱ་བ་ནི། དེ་བཞིན་ཉིད་དེ་ཡང་དག ་པའི་མཐའ་དང་། ཆོས་ཀྱི་དབྱིངས་ཤེས་བྱ་བ་རྣམས་ལ་དོན་གྱི་ཁྱད་པར་ཡོད་པ་མ་ཡིན་ནོ།། དབང་བསྐུར་བ་གང་གིས། དེའི་ངོ་བོ་ཉིད་མཐོང་བ་འམ། རབ་ཏུ་བསྒྲུབ་པ་སྟེ། དེ་བཞིན་ཞེས་བྱ་བའི་སྒྲས་བརྗོད་པར་བྱ་བ་ཡིན་ནོ།། ཡང་ཞེས་བྱ ་བའི་སྒྲ་ནི། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་རྗེས་ཐོགས་སུ་ཡང་སྦྱིན་པར་བྱའོ།། ཞེས་བྱ་བའི་དོན་ཏོ།། ཡང་དེ་ནི་ཕྱི་རོལ་གྱི་ཕྱག་རྒྱ་དང་། གང་བླ་མའི་མན་ངག་ཉིད་ཀྱི་ཡུལ་སོ་སོར་ངེས་པར་ཡོངས་སུ་བཅད་པོ་མ་ཡིན་པའི་མཚན་ཉིད་ཅན ་སྐད་ཅིག་མའི་ཕུན་སུམ་ཚོགས་པ་ལ་དམིགས་པ་མེད་པར་དམིགས་པོའི་རྣལ་འབྱོར་གྱིས་དམིགས་པར་བྱེད་པ་དེ་ནི། དབང་བསྐུར་བ་བཞི་པ་ཞེས་བྱ་བར་བརྗོད་པར་བྱའི་མན་ངག་ཉེ་བར་བསྟན་པར་བྱས་པ་ཙམ་གྱིས་ནི། དབང་བསྐུར་བ ་བཞི་པར་འགྱུར་བ་མ་ཡིན་ནོ།། གཞན་དུ་ན་འདི་ཡིས་བཀྲུས་ཤིང་། དབང་བསྐུར་བ་ཞེས་བྱ་བ་ལ་སོགས་པས། བཅོམ་ལྡན་འདས་ཀྱིས་དབང་བསྐུར་བ་ནི། འདིར་དྲི་མ་བཀྲུ་བར་བཞེད་པ་ཡིན་ན། དེ་ཇི་ལྟར་ན ་མམན་ངག་བསྟན་པ་ཙམ་གྱིས་ཡིན་པར་འགྱུར། གལ་ཏེ་བཞི་པའི་བདག་ཉིད་ཅན་གྱི་དེ་ཁོ་ན་ཉིད་བསྟན་ན། དེར་ཇི་ལྟར་མི་འགྱུར་ཞེ་ན། དེ་ནི་བདེན་མོང་། འོན་ཀྱང་ཁོ་ན་ཉིད་ནི་ངག་གི་སྤྱོད་ཡུལ་མ་ཡིན་པའི་ཕར་བརྗོད་པར་ནུས་པ་མ ་ཡིན་ལ། ཐོས་པས་བསྒྲུབ་པར་ཡང་མི་ནུས་སོ།། དེ་ཡང་འདི་སྐད་དུ། ནང་ན་གསལ་བ་དེ་ཉིད་ནི།། གང་ལས་མངོན་སུམ་ཐོས་མཐོང་ཡིན།། འོན་ཀྱང་སྒྲ་ལ་རྣམ་རྟོག་གི། གཟུགས་བརྙན་འབྱུང་བར་འགྱུར་པ་ཡིན།། རང་གི་རྣམ་རྟོག་དེ་དེ་རྒྱལ།། ། ་རྟག་པའི་དེ་ཉིད་བསྒོམས་པ་ཡིས།། རྒྱུད་ལས་རྣམ་རྟོག་འཁྲུག་གྱུར་ན།། དེ་ཉིད་རྟོག་པར་ཇི་ལྟར་འགྱུར།། ཞེས་བསྟན་པ་ཡིན་ནོ།། གལ་ཏེ་དབང་བསྐུར་བས། དེ་ཁོ་ན་ཉིད་མངོན་སུམ་དུ་རྟོག་པར་འགྱུར་ཞིང་། དྲི་མ་མ་ལུས་པ་དག ་པར་འགྱུར་ན། དེ་ལྟར་ན་དེའི་སྐད་ཅིག་ཉིད་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཅིའི་ཕྱིར་འགྲུབ་པར་མི་འགྱུར་ཞེ་ན། དབང་པོ་རྣོན་པོ་བརྩོན་འགྲུས་འབར་བ་རྣམས་ཀྱིས་འགྲུབ་པ་ཉིད་ཡིན་ནོ།། གང་ཞིག་སུས་ཀྱང་མི་འདོད་ཅིང་མ་མཐོང་བས། ་དེ་མེད་པར་འགྱུར་རམ་ཅི། དེ་ཡང་ཇི་སྐད་དུ། རྡོ་རྗེ་ཐེག་པའི་ཐབས་ཀྱིས་གང་།། ཡིད་ནི་དག་པར་བྱས་གྱུར་ནས།། བདེ་བ་ཆེན་པོའི་ཆོས་ཀྱི་སྐུ།། རང་རིག་གསལ་པོར་བྱེད་པར་འགྱུར།། ངན་གྱི་སྟོབས་ཀྱིས་ཐོས་པ་ཡིས།། རྡོ་རྗེ་གསུམ་པོ ་རྣམ་ངེས་པས།། བདག་མེད་པ་ནི་ངེས་རིག་ནས།། སྲིད་པའི་འཁྲུལ་པ་ཀུན་ནས་གཅོད།། དེ་ཉིད་རང་སྔགས་གྱུར་པ་ནི།། ཕུན་སུམ་ཚོགས་ཐབས་རྙེད་པར་སླ།། རྡོ་རྗེ་འཛིན་པ་དེ་ཡི་ནི།། དངོས་གྲུབ་ལག་པའི་མཐིལ་ན་གནས།། ཞེས་བྱ་བ་ལ་སོགས ་པས་བསྟན་པ་ཡིན་ནོ།། དེ་ལྟ་བས་ན་འདི་ནི་ཅི་ཡང་མ་ཡིན་ཏེ། གང་གི་ཕྱིར་དབང་བསྐུར་བ་བཞི་པའི་དུས་དེ་ཉིད་དུ་དབང་པོ་རབ་ཀྱི་འཇུག་པའི་སེམས་ཅན་རྣམས་ཀྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་པར་འགྱུར་རོ།། ཡང་དེ་ལས་གཞན་པ ་རྣམས་ལ་ནི་ཕྱག་རྒྱ་ཆེན་པོའི་མན་ངག་བསྟན་པར་བྱའོ་ཞེས་བྱ་བར་གནས་སོ།། དེ་ནི་ཤེས་རབ་རང་བཞིན་ལ་ལ་ནཱ་ཞེས་བྱ་བ་ལ་སོགས་པས། ཡང་དབང་གི་དོན་དུ་རབ་ཏུ་བསྒྲུབ་པར་བྱ་བའི་ཕྱིར། རྩ་གསུམ་གྱི་དབྱེ་བ་བསྟན་པར་བྱ་སྟེ། ་ལནཱ་ནི་གཡོན་པའི་རྫུ་སྟེ། ཨཱ་ལཱིའི་རང་བཞིན་ཤེས་རབ་ཀྱི་ངོ་བོ་ཉིད་དོ།། རཱ་ས་ནཱ་ནི་གཡས་པའི་རྩ་སྟེ། ཀཱ་ལིའི་རང་བཞིན་ཐབས་ཀྱི་ངོ་བོ་ཉིད་དོ།། དེ་དག་གཅིག་པའི་ངོ་བོ་ཉིད་དབུས་ཀྱི་ཡུལ་ན་གནས་པ་ནི་ཨཱ་བ་དྷཱུ་ཏཱིའོ།། ལ་ལ་ནཱ་ནི་ཆོས་ཀྱི་སྐུ། ་ར་སི་ནཱ་ནི་ལོངས་སྤྱོད་རྫོགས་པའི་སྐུ། ཨ་བ་དྷཱ་ཏཱི་ནི་སྤྲུལ་པའི་སྐུའོ།། དེ་དག་ཉིད་ཇི་ལྟར་རིགས་པར་ལུས་དང་། ངག་དང་། ཡིད་དོ།། འཁོར་ལོ་གསུམ་རྩ་གསུམ་དང་གཉིས་སུ་མེད་པར་སྦྱོར་བ་ལས། བདེ་བ་ཆེན་པོ་འབྱུང་བར་འགྱུར་རོ།། ་བདེ་བ་ཆེན་པོ་རྟོགས་པར་གྱུར་ན་ནི། དབང་བསྐུར་བ་བཞི་དང་། སྐད་ཅིག་མ་དང་། དགའ་བའི་རབ་ཏུ་དབྱེ་བ་ཡང་རིག་པ་ཉིད་དུ་འགྱུར་རོ།། ཇི་ལྟར་བསྐྱེད་པའི་རིམ་པའི་ཕྱོགས་ཀྱི་འཁོར་ལོའི་གངས་ཀྱི་རིམ་པ་རྣམ་པར་བཞག་པ་དེ་བཞིན་དུ་དབང ་བསྐུར་བའི་ཕྱོགས་ལ་ཡང་རྟོགས་པར་བྱའོ།། འཕགས་པའི་བདེན་པ་བན་ཞེས་བྱ་བ་ལ་སོགས་པ་ལ་ཡང་། དབང་བསྐུར་བ་བཞི་དང་། རིམ་པ་བཞིན་ཏེ། སྡུག་བསྔལ་ཡོངས་སུ་ཤེས་པར་བྱ། ཀུན་འབྱུང་སྨྱུང་བར་བྱ། འགམ ་པ་མངོན་དུ་བྱ། ལམ་བསྒོམ་པར་བྱ་བའི་རྣམ་པར་དག་པའོ།། དེ་བཞིན་དུ་དེ་ཁོ་ན་ཉིད་ནི་བཞི་སྟེ། བདག་གིས་དེ་ཁོ་ན་ཉིད་ནི། ཕུང་པོ་ལྔ་ནི་མདོར་བསྡུས་ན།། སངས་རྒྱས་ལྔ་རུ་རབ་ཏུ་གྲགས།། རྡོ་རྗེ་སྐྱེ་མཆེད་ཉིད་དག་ཀྱང་།། རྡོ་རྗེ་མཁའི་འགྲོ་མའི ་དཀྱིལ་འཁོར་ཞེས་གསུངས་པ་དང་། ལྷ་ལ་སོགས་པ་དེ་ཁོ་ན་ཉིད་ནི་དགྱེས་པའི་རྡོ་རྗེ་ལ་སོགས་པའི་སྒྱུ་མ་ལྟ་བུའི་ངོ་བོ་ཉིད་ཡིན་ནོ།། དེ་ཡང་ཇི་སྐད་དུ། མཁའ་འགྲོ་མ་རྡོ་རྗེའི་གུར་ལས། གྲོགས་དག་ཆུ་ནང་ཟླ་བ་ལས།། བརྫུན་མིན་བདེན་པ་འམ་མིན ་བུ་ལྟར།། དེ་བཞིན་དཀྱིལ་འཁོར་འཁོར་ལོའི་ལུས།། དང་ཞིང་གསལ་བའི་རང་བཞིན་ནོ།། ཞེས་གསྤྲིངས་པ་ཡིན་ནོ།། སྔགས་ཀྱི་དེ་ཁོ་ན་ཉིད་ནི་ཡིད་ལ་བྱ་བ་ཡིན་ཞིང་། སྐྱོབ་པ་ཡིན་པས་སྔགས་ཏེ། སྟོང་བ་ཉིད་དང་། སྙིང་རྗེའི་ཆེན་པོ་གཉིས་སུ ་མེད་པའི་རང་བཞིན་བྱང་ཆུབ་ཀྱི་སེམས་སོ།། ཉེ་བར་བརྟགས་ནས་ནི། དེ་དག་གསལ་བར་བྱེད་པའི་ཡི་གེ་ཨ་ལ་སོགས་པ་ཡང་མ་ཡིན་ནོ།། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ནི། སྤྲོས་པ་མེད་པ་བདེ་བ་ཆེན་པོའི་ཡེ་ཤེས་ཏེ། དེ་བཞིན་དུ་དགའ་བ་རྣམས་ཀྱི ་རིམ་པའི་དབྱེ་བས་རིག་པར་བྱའོ།། འདི་སྐད་ཅིག་མ་བཞི་དང་། དབང་བསྐུར་བའི་དབྱེ་བ་ཉིད་སོ་སོར་བཞི་བཞིར་དབྱེ་བ་བྱས་ན། རྣམ་པ་བཅུ་དྲུག་ཏུ་འགྱུར་རོ།། དེ་དག་ཀྱང་དབང་བསྐུར་བ་གསུམ་གྱིས་རྣམ་པར་བཞག་པར་བྱ་བར་ནུས་པ་ཡིན་གྱི། དབང་བསྐུར་བ ་བཞི་པ་བསྟན་པའི་དུས་སུ་ནི། ཆོས་ཐམས་ཅད་མི་དམིགས་པ་ལ་དམིགས་པར་སྦྱོར་བས་ནུས་པ་མ་ཡིན་ནོ།། ཞེས་བྱ་བར་བསམས་པའོ།། སྡེ་པ་ཞེས་བྱ་བ་ལ་སོགས་པ་ལ། སྡེ་པ་ནི་དགེ་སློང་གི་དགེ་འདུན་གྱི་སྟེ། དེ་ནི་བརྟག་པ་གཉིས་པ་འི་ལེའུ ་བཞི་པ་ལས། གནས་བརྟན་སྤྲུལ་པའི་འཁོར་ལོ་སྟེ། ཞེས་བྱ་བ་ལ་སོགས་པས་སྟོན་པར་འགྱུར་རོ།། ང་ནི་སེམས་བརྟན་པར་བྱ་བའི་ཕྱིར་དང་། སྒྲིབ་པོ་ཐམས་ཅད་ཟད་པར་བྱ་བའི་ཕྱིར། ཕྲ་མོའི་རྣལ་འབྱོར་བསྟན་པར་བྱའོ།། ཨཱ་ལི་དང་། ཀཱ་ལི་དང་། ་ཞེས་བྱ་བ་ལ་སོགས་པ་ལ། ཨཱཾ་ལི་ནི་སྣ་ཁུང་གཡོན་པ་ནས་འབྱུང་བའི་རླུང་ངོ་།། ཀཱ་ཡི་ནི་དེ་ལས་གཞན་ལས་འབྱུང་བའི་རླུང་ངོ་།། དེ་དག་ཉིད་ནས་འབྱུང་བ་དང་། གནས་པ་དང་། ལྡང་བའི་རིམ་གྱིས་ཡི་གེ་ཨོཾ་ཨཱཿཧཱུ~ཾ་གི་གཟུགས་ཀྱིས་ལྷག་པར ་མོས་པོར་བྱས་ལ། རྣལ་འབྱོར་པས་བལྟས་ན། སེམས་ཀྱི་བརྟན་པ་ཉིད་ཐོབ་པར་འགྱུར་ཞིང་། བདེ་བར་འགྱུར་མྱུར་བ་རོ་ཏིང་ངེ་འཛིན་ཡང་ཐོབ་པ་འགྱུར་རོ།། དེ་ལ་ཉིན་ཞག་གཅིག་ལ་རླུང་གི་འཕོ་བ་བཅུ་དྲུག་ཏུ་འབྱུང་བར་འགྱུར་རོ།། དེ་ལྟར ་ཐམས་ཅད་བཞིའོ་ཞེས་བྱ་བོ་ནི། ཐ་དད་དུ་སྦྱར་བར་བྱ་བ་ཡིན་ཏེ། གེ་འདུན་ཕལ་ཆེར་རོ་ཞེས་བྱ་བའི་རྗེས་ཐོབས་སུ་ལྟ་བར་བྱའོ།། གཏུམ་མོ་ཞེས་བྱ་བ་ལ་སོགས་པ་ལ། གསུམ་པ་ནི་ཤེས་རབ་སྟེ། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་མ་ལུས ་པ་རྩ་ནས་འབྱིན་པའི་རིང་བཞིན་ཅན་ཡིན་པོའི་ཕྱིར་རོ།། ཨཱ་ལི་ཞེས་བྱ་བ་ན་རྡོ་རྗེ་སེམས་དཔའ་སྟེ། དེ་ནས་ཙཎྜ་ལི་ཞེས་བྱ་བོའི་སྒྲར་བརྗོད་དོ།། ལྟེ་བར་འབར་ཞེས་བྱ་བ་ནི། སྣ་ཚོགས་པདྨའི་ལྟེ་བར་འདོད་ཆགས་ཆེན་པོའི་མེས་སོ།། འབར་ནས་ཅི་ཞིག་བྱེད ་ཅེ་ན། དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང་ཞེས་བྱ་བ་གསུངས་ཏེ། ཕུང་པོ་ལྔ་བསྲེགས་པ་སྟེ། དངོས་པོ་མེད་པར་བྱས་ཞེས་བྱ་བའི་དོན་ཏོ།། སྤྱན་ལ་སོགས་པ་ཞེས་བྱ་བ་ནི། ས་ལ་སོགས་པའོ།། ་བསྲེགས་ནས་ཅི་ཞིག་བྱེད་ཅེ་ན། རྗེ་བཙུན་སྙིང་རྗེའི་ཞེས་བྱ་བ་ལ་སོགས་པའི་གླུས་བསྐུལ་བའི་རྗེས་ཐོགས་སུའི།། རི་བོང་ཅན་ཧཾ་འཛག་ཅེས་བྱ་བ་ལ། ཡི་ཀེ་ཧཾ་གཽ་ངོ་བོ་ཉིད་རི་པད་ཙོན་ཏེ། རྡོ་རྗེ་སེམས་དཔོའོ།། འཛག་པ་ནི་རབ་ཏུ་འབབས་པ ་སྟེ། བརྩེ་བའི་རྡོ་རྗེ་བང་ག་ཉིད་ཀྱི་ལུས་ཀྱིས་འཕྲོ་བའི་དོན་བྱེད་པ་ཐོབ་པའོ།། འདི་ནི་བསྙེང་པའི་རིམ་པའི་བཤད་པའོ།། གཏུམ་མོ་ཞེས་བྱ་བ་ལ་སོགས་པ་ལ། ཙཎྜ་ནི་ཤེས་རབ་སྟེ། ལི་གེ་ཨཱའོ།། ཨཱ་ལི་ནི་རྡོ་རྗེ་སེམས་དཔའ་སྟེ། ཡི་གེ་ཧཱུཾ་ངོ་།། ཡི་གེ ་ཨཱཿཔ་ཧཱུཾ་ནི་ཙཎྜ་ལཱི་སྟེ། དེ་དག་གཉི་གར་རོ།། གཅིག་པོར་གྱུར་ནས། ཐིག་ལེའི་གཟུགས་ཀྱིས་རྡོ་རྗེ་ནོར་བུའི་རྩེ་མོའི་བུག་པའི་ལྟེ་བར་བདེ་བ་ཆེན་པོ་འདོད་ཆགས་ཀྱི་མེ་འབར་བས་བསྐྱེགས་པའོ།། དེ་བཞིན་གཤེགས་པ་ལྔ་སྟེ། ཕུང་པོ་ལྔ་དང་། ་སྨན་ལ་སོགས་པ་སྟེ། ས་ལ་སོགས་པ་རྣམས་བསྲེགས་ནས། འཛག་ཅེས་བྱ་བ་བདེ་བ་ཆེན་པོའི་འཁོར་ལོ་ནས་རི་བོང་ཅན་ཏེ་བྱང་ཆུབ་ཀྱི་སེམས་སོ།། ཡི་གེ་དོན་གྱི་བཤད་པའོ།། ཙཎྜ་ཆོས་འབྱུང་དམར་པོ་སྟེ།། ཨཱ་ལི་དང་པོའི་ཡི་གེར་དྲན།། འབར ་ཀུན་ཏུ་བསྡམས་བྱས་ནས།། རླུང་གིས་འབད་ནས་བསྐོར་བྱས་པས།། མིག་ལ་སོགས་པའི་ཡེ་ཤེས་ལྔ།། མདོར་ན་སངས་རྒྱས་ལྔ་ཡིན་ཏེ།། འབྱུང་བ་ལྔ་ཡི་བདག་བསྲེགས་པས།། བྱང་སེམས་སེམས་ཅན་དོན་ཀུན་བྱེང་།། ཅེས་བྱ་བ་སྟེ། ཡང་དག་པར ་རབ་ཏུ་སྦྱིན་པའི་བཤད་པའོ།། ཙཎྜ་ནཱི་ཤེས་རབ་སྟེ་གཡོན་གྱི་རྩཝའོ།། ཨཱ་ལི་ནི་ཐབས་ཏེ་གཡས་ཀྱི་རྩའོ།། དེ་དག་གཉི་ག་བླ་མའི་མནུ་ངག་ཉིད་ཀྱིས་ཡང་དག་པར་འབྱོར་པར་འགྱུར་བ་ནི། ཙཎྜ་ལི་ཞེས་བརྗོད་པར་བྱའོ།། ལྟེ་བར་འབར་ཞེས་བྱ་བ ་ལ་འདི་རོ་ལྟེ་བའི་སྒྲས་ནི་དབུས་ཀྱི་ཚིག་སྟེ། དེ་དག་གི་བར་གྱི་ཨ་བ་དྷཱུ་ཏཱིའོ།། བསྲེགས་ཤིང་ཞེས་བྱ་བ་ནི། འདོད་ཆགས་ཆེན་པོའི་མེས་ཕུང་པོ་ལྔ་རྣམས་སོ།། སྤྱན་ལ་སོགས་ཞེས་བྱ་བ་ནི། ས་ལ་སོགས་པ་རྣམས་སོ།། བསྲེགས་ཏེ་ཞེས་བྱ ་བ་ནི། བདག་དང་བདག་གིས་བྱེད་པ་བསྲེགས་པའོ།། རི་བོང་ཅན་ཧཾ་འཇིག་ཅེས་བྱ་བ་ནི། བདེ་བ་ཆེན་པོའི་ཡེ་ཤེས་འབྱུང་བར་འགྱུར་བའོ།། དེ་ནི་འཆང་བར་འགྱུར་ཏེ། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས།། གང་ནས་ཀྱང་ནི་རྙེད་མི་འགྱུར།། ་བླ་མའི་དུས་ཚིགས་བསྟེན་པ་ལོས།། རང་གིས་ཤེས་འགྱུར་བསོད་ནམས་ཀྱིས།། ཞེས་བྱ་བ་སྟེ། འདི་ཡང་ཡང་ངག་བྱརྱ་རབ་ཏུ་ཕྱིན་པའི་བཤང་བའོ།། ཙཎྜ་ནི་ཤིས་རབ་སྟེ། བསྐྱེད་པ་དང་། རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ལ་སྤྱོད་པའོ།། ཨཱ་ལི ་ནི་སྙིང་རྗེ་ཆེན་པོའི་རང་བཞིན་ཅན་གྱི་སེམས་སོ།། དེ་ནམི་སྟོང་པ་ཉིད་དང་། སྙིང་ཛྙཱ་ནཱཾ། ཙིཎྜ་ལཾ་ཞེས་བྱ་བའི་སྒྲ་སྣ་བརྗོད་ངོ་།། ལྕི་བོ་ནི། དེ་དག་གིས་དབུས་ཕྱག་རྒྱ་ཆེན་པོ་འདི་གསོལ་བའི་མཚན་ཉིད་ཅན་ནོ།། དེར་གཏུམ་མོ་སྦར་བ་དང་། བླ་ན་མེད ་པའི་ཤེས་རབ་སྟེ། ངེས་ཅི་ཞིག་བྱེད་ཅེ་ན། དེ་བཞིན་གཤེགས་པ་ལྔ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་བསྒྱིང་པ་ལ་སོགས་པ་དཀྱིལ་འཁོ་ཆེན་དང་། དཀྱིལ་འཁོར་དང་། སྤྱན་ལ་སོགས་པ་རྣམས་སོ།། བཀྲེག་པ་ནི་ཐལ་བཙམ་ཡང ་མ་ལུས་པར་རོ།། ཕྱི་ནས་བསྲེགས་ནས། ར་བོང་ཅན་ས་ཞེས་བྱ་བ་ནི། བདག་དང་བདག་གི་སྤྲོས་པ་ལས། གཞན་ཡོད་པ་མ་ཡིན་པས། སེམས་ཙམ་ཉིད་ནི་བདག་གོ་ཞེས་པའོ།། བསྲེགས་པས་ཅི་ཞིག་བྱེད་ཅེ་ན། རི་བོང་ཅན ་འཛག་ཅེས་བྱ་བ་གསུངས་ཏེ། དེ་ཕྱིར་འོང་གསལ་བའི་ཏིང་ངེ་འཛིན་ལས་བཞེངས་ནས། གནས་པའི་རི་བོང་ཅན་ཏེ། རྡོ་རྗེ་འཆང་ངོ་།། འདས་པ་དང་ནི་མ་འོངས་དང་།། ད་ལྟར་བ་ནི་སྲིད་གསུམ་ཉིད།། འོད་གསལ་བ་ནི་རྣམ་དག་པའི།། སྐད་ཅིག་དེ ་ལས་མ་ལུས་མཐོང་།། ཞེས་གསུངས་པས་སོ།། རྡོ་རྗེ་རིགས་ཀྱི་ལེའུ་ཞེས་བྱ་བ་ལས། རྡོ་རྗེ་ཞེས་བྱ་བ་ནི། འདིར་དགྱེས་པའི་རྡོ་རྗེའོ།། རིགས་ནི་ལུས་སོ།། ཡང་ན་དེ་འབྱུང་བ་ནི་རིགས་སོ།། དེ་མངོན་པར་གསལ་བར་བྱེད་པའི་ལེའུ་ནི། རྡོ་རྗེའི་རིགས ་ཀྱི་ལེའུའོ།། དགྱེས་པའི་རྡོ་རྗེའི་དཀའ་འགྲེལ། རྣལ་འབྱོར་རིན་པོ་ཆེའི་ཕྲེང་པོ་ལས། ལེའུ་དང་པོའི་འགྲེལ་པའོ།། ། ནུས་པ་རྣམ་མང་བརྗོད་པ་དང་།། རེངས་པར་བྱེད་དང་སྟོང་པ་ཉིད།། སྡེ་རངས་བྱེད་དང་མངོན་སྤྱོད་དང་།། ཞེས་བྱ ་བ་ལ་སོགས་པ་གསུངས་པས། དེའི་ཕྱིར་ལེའུ་གཉིས་པའི་དབང་དུ་བྱས་ནས་གསུངས་པ་ཡིན་ཏེ། སྔགས་ཀྱི་ལེའུ་ཞེས་བྱ་བ་ནི། དོན་དམ་པར་གྱུར་པའི་ཡིད་ཀྱིས་འགྲོ་བ་རྣམས་སྐྱོབ་པར་བྱེང་པས་ན་སྔགས་ཏེ། དོན་དམ་པའི་བྱང་ཆུབ་ཀྱི་སེམས ་ལ་སྔགས་ཞེས་བྱའོ།། སྔགས་ཀྱི་རྒྱུ་མཐུན་པ་ཉིད་ཡིན་པའི་ཕྱིར། ཡི་གེ་ཨོཾ་ལ་སོགས་པ་ལ་ཡང་། དེ་སྐད་ཅེས་བྱ་སྟེ། དེ་གསལ་བར་བྱེད་པའི་ལེའུ་ལ་ཡང་དེ་སྐད་ཅེས་བྱའོ།། དབང་པོ་ལ་སོགས་པ་འཁོར་དང་བཅས་པ་ནི་འབྱུང་པོ་ཐམས་ཅད་དེ། ་འདི་ཡང་ལྔ་དེ་དག་གིས་ཡིན་པས་འབྱུང་པོ་ཐམས་ཅད་པའོ།། གཏོར་མ་ནི་མཆོད་པའི་ཕྱིར། ཉེ་བར་དགོང་བའོ།། དེའི་དོན་གྱིས་སྔགས་ལ་ཡང་དེ་སྐད་ཅེས་བྱའོ།། སྔགས་ཐམས་ཅད་ཅེས་བྱ་བ་ནི། དགྱེས་པའི་རྡོ་རྗེའི་བཟླས་པའི་སྔགས་ཀྱི་ཚིག་སྟེ། ་གེ་ཨོཾ་དང་པོར་སྦྱར་ཞིང་། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བུས་བརྒྱན་ཅིང་། སྭཱ་ཧཱ་མཐར་དབྱེ་བར་བྱའོ།། གཞན་དག་ནི་བླ་མའི་མན་ངག་གིས་ཅི་རིགས་པར་དབྱེ་བར་བྱའོ།། ཨ་ཕུ་ཞེས་བྱ་བ་ལ་སོགས་པ་ལ། ཀླུས་བྱིན་གྱིས་བརླབས་པའི་མཚེའུ་ལས། ས་ནག་པོ ་བླངས་ནས། ཀླུ་མཐའ་ཡས་ཀྱི་གཽཟུགས་བརྣོན་སོར་བཞི་པའི་ཚང་གདོངས་ཀ་བདུན་ཡོད་པ་བྱས་པའོ།། བདུད་རྩི་ལྔ་ཞེས་བྱ་བ་ནཱི། ཞོ་དང་། འོ་མ་དང་། མར་དང་། བེའི་ཆུ་དང་། ལྕི་བའོ།། བ་ནག་མིའི་འོ་མས་དགང་ཞེས་བྱ་བ་ནི། ཁམ་ཕོར་རོ།། དཀྲི་ཞེས ་བྱ་བ་ནི་ཁ་སྦྱར་རོ།། བཞག་ཅེས་བྱ་བ་ནི། རྫིང་བུའི་ནང་དུའོ།། བདག་ཉིད་ཀྱིས་ཞེས་བྱ་བ་ནི། འགྱིང་བ་དང་བཅས་པའི་ཁྲོ་བའི་སེམས་ཀྱིས་སོ།། ཨ་ཀ་ཞེས་བྱ་བ་ནི་པ་ན་སའོ།། ཕ་རོལ་སྡེ་ཞེས་བྱ་བ་ལ་སོགས་པ་ལཾ། བདུད་རྩི་ལྔ་ཞེས་བྱ་བ་ནི། ་ནང་གི་བདག་ཉིད་ཅན་ནོ།། ཚངས་པའི་ས་བོན་ཞེས་བྱ་བ་ནི། པ་ལ་ཤའི་ས་བོན་ནོ།། དུས་མ་ཡིན་པའི་དུས་ཞེས་བྱ་བ་ནི། བདུན་ནམ། བཅུ་གསུམ་གྱིའོ།། རྡོ་རྗེ་མ་དང་དཀར་མོ་དང་།། ཞེས་བྱ་བ་ལ་སོགས་པ་ལ་ནི། འདིའི་རྣལ་འབྱོར་ནི་ཡིན་ཏེ། ་ཡི་གེ་ཨཱ་ལས་ངེས་པར་འབྱུང་བའི་རོའི་སྟེང་ན་གནསོ་པ་ཁ་དོག་དཀར་མོ་གྲི་གུག་དང་། ཐོང་པ་དང་། ཁ་ཊྭཱཾ་ག་འཛིན་པའི་རྡོ་རྗེ་མ་བསྒོམ་པར་བྱའོ།། ཨོཾ་ཧཱུཾ་སྭཱ་ཧཱ་ཞེས་བྱ་བ་སྔོན་དུ་བསྙེན་པོའི་དོན་དུ་འབུམ་བཟླ་བར་བྱའོ།། ཕྱི་ནས་ཁོམ་ཕོར་མ ་བསྲེགས་པ་ལ་རྡོ་རྒྱུས་ཀྱིས་ཡི་གེའི་བཾ་བྲིས་ལ། དེའི་དཀྱིལ་དུ་ཨོཾ་ཧཱུཾ་དེ་བ་དང་ཏ་སྟེ་བྷ་ཡ་ཧཱུཾ་སྭཱ་ཧཱ་ཞེས་བྱ་བ་བྲིས་ཏེ། དུར་ཁྲོད་ཀྱི་ཐལ་བས་བཀང་ནས། ཁམ་ཕོར་སོ་མ་བཏང་བ་གཞན་ཞིག་གིས་ཁ་སྦྱར་དུ་བྱས་ལ། དེའི ་སྟསྟེང་དུ་དབང་ཆེན་གྱི་དཀྱིལ་འཁོར་རྡོ་རྗེས་ཉེ་བར་མཛེས་པར་བྱས་པ། ཟུར་བཞི་པ་བྲིས་ལ། སའི་འོག་ཏུ་བཅུག་ནས། རྐང་པ་གཡོན་པས་མནན་ལ། སྔར་བསྟན་པ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་ནས། སྔགས་བཟླས་པར་བྱ་བ་སྟེ། ཨོཾ་ཧཱུཾ་བཛྲ་དེ་བ ་ད་ཏ་སྟཾ་བྷ་ཡ་ཧཱུཾ་སྭཱ་ཧཱ། ཞེས་བྱ་བ་བརྒྱ་རྩ་བརྒྱད་དམ། སྟོང་བཟླས་ན་རེངས་པར་འགྱུར་རོ།། དེ་བཞིན་དུ་ཡི་གེ་ཨི་ལས་ངེས་པར་རྫོགས་པར་གུར་གུམ་གྱི་མདོག་ཅན་གྱི་དཀར་མོའི་རྣལ་འབྱོར་བྱ་སྟེ། ཞགས་པ་དང་ལྕགས་ཀྱུ་འཛིན་པའོ།། ཡི་གེ ་ཨོཾ་མེ་ཏོག་བནྡུ་ཀའི་མདོག་ལྟ་བུ་རང་གི་སྙིང་ཁར་བསྒོམས་ལ། ཨོཾ་ཨཾ་སྭཱ་ཧཱ་ཞེས་བྱ་བའི་སྔགས་སྔོན་དུ་བསྙེན་པའི་དོན་དུ་འབུམ་བཟླ་ཞིང་། དེ་ནས་བསྒྲུབ་བྱ་ཁ་དོག་དམར་པོ་གོས་དང་བྲལ་བ་སྐྲ་གྲོལ་བ་མདུན་དུ་བསྒོམས་ལ། དེའི་བྷ་གར་ཡི་གེ ་ཨོཾ་མེའི་མདོག་ཅན་བསམ་མོ།། ཡང་ན་སྐྱེས་པ་ཡིན་ན་སྙིང་ཁར་ཏེ། ཡི་གེ་ཨཾ་གཾ་འོད་ཀྱིས་ཞུ་ཞིང་མྱོས་པར་འགྱུར་བ་བསམས་ལ། ཨོཾ་ཨཾ་གཽ་རཱི་ཆེ་གེ་མོ་མ~ཾ་བྷ་ཤ་མཱ་ན་ཡ་ཧཾ་སྭཱ་ཧཱ། ཞེས་བཟླས་ཤིང་། ཞགས་པ་མགྲིན་པ་ནས་བཅིངས་ལྕགས ་ཀྱུས་སྙིང་ཁ་ནས་ཕུག་ནས། ཡང་དག་པར་དྲངས་ནས། རྐང་པའི་དྲུང་དུ་ངེས་པར་ལྷག་པར་བསམས་ན། ངེས་པར་དབང་དུ་འགྱུར་རོ།། དེ་བཞིན་དུ་ཡི་གེ་ཨཾ་ལས་ངེས་པར་རྫོགས་པའི་ཆུ་མའི་རྣལ་འབྱོར་མ་མདོག་སྔོན་པོ་མཐེ་བོ་དང་སྡིག་མཛུབ་ཀྱིས ་ཕྱག་མཚོན་པ་བསམ་ལ། སྙིང་ཁར་ཉི་མ་ལ་ཡི་གོ་ཁོ་སྔོན་པོ་བསམ་ཞིང་། བསྙེན་པའི་དོན་དུ་སྔར་ཨོཾ་ཁ་སྭཱ་ཧཱ། ཞེས་བྱ་བ་འབུམ་བཟླས་ལ། བསྒྲུབ་བྱ་གཽས་དང་བྲལ་བ་སྐྲ་བཤིག་པ། རྔ་མོ་སྔོན་པོ་ལ་ཞོན་པ་བསམས་ལ། ཁ་ལྷོ་ཕྱོགས་སུ་བསྟན་ནས ་ཚོ་ཁྲུགས་པས་དབྱུག་པ་ཐོགས་པ་བྲིམས་པས། འབྲོས་པར་འགྱུར་བ་བསམ་ལ། སྔགས་བཟླ་བར་བྱ་སྟེ། ཨོཾ་ཨཾ་ཁཾ་བཱི་ར་ཡོ་གི་ནི། ཆེ་གེ་མོ་ཨུརྩ་ཊ་ཡ་ཁཾ་ཧྭེ་ཧཱུཾ་ཧཱུཾ་ཕཊ། ཞག་བདུན་གྱིས་ངེས་པར་སྐྲོད་པར་འགྱུར་རོ།། དེ་བཞིན་དུ་ཡི་གེ་ཨུ་ལས ་རྡོ་རྗེ་མཁའ་འགྲོ་མའི་རྣལ་འབྱོར་དུ་བསྒོམ་ལ། སྙིང་ཁར་ཉི་མ་ལ་ཡི་གེ་ཛྲཱིཾ་སྔོན་པོ་བསམས་ཤིང་། ཨོཾ་ཛྲཱྀཾ་སྭཱ་ཧཱ་ཞེས་འབུམ་བཟླས་ན། བསྒྲུབ་བྱ་རྡ་དང་མ་ཧེ་ཞེནི་པས་ཕན་ཚུན་འཐབ་མོ་བྱེད་པ་བསམས་ལ། སྔགས་བཟླ་བར་བྱ་སྟེ། ཨོཾ་ཛྲཱྀཾ་མ་བཛྲ ་ཌཱ་ཀི་ནི་དེ་བ་དང་ཏྱ་ཛ་ཀ་དང་ཏ་ཡོ་བིད་དེ་ཥ་ཀུ་རུ་ཛི་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཅེས་བཟླས་ནི། ངེས་པར་ཕན་ཚུན་སྡང་བར་འགྱུར་རོ།། དེ་བཞིན་དུ་ཡི་གེ་ཨ་ལས་ཡོངས་སུ་རྫོགས་པའི་བདག་མེད་པའི་གཟུགས་སུ་གྱུར་པ་ཐོད་པ་དང་། ཁ་ཊྭཱཾ་གཽ་དང་། གྲི་གུག་འཛིན ་པ་རྣམ་པར་བསམས་ལ། སྙིང་ཁར་ཉི་མ་ལས་ཡི་གེ་བློ་སྔོན་པོ་བལྟ་ཞིང་། སྔོན་དུ་བསྙེན་པ་བྱས་ལ། བྲམ་ཟེའི་ཐོད་པ་ལ་དུག་དང་། སྐྱེ་ཆེ་དང་། ཚ་དང་། ཁྲག་རྣམས་ཀྱི་འཁོར་ལོ་རྩིབས་དྲུག་པ་བྲིས་ལ། ཟུར་རྣམས་སུ་ཧཱུཾ་བྲི་ཞིང་། དཀྱིལ་དུ་ཨོཾ་བྲུཾ ་ཆེ་གེ་མོ་ཛོ་ར་ཡ་ཧཱུཾ་ཞེས་བྱ་བ་འམ། གནོད་པ་གཞན་དག་གིས་སྦྱོར་བར་འདོད་ན་ཡང་། དེའི་མིང་གིས་བརྒྱན་ཞིང་བསྐྲུན་པའི་མེ་ལ་གདུངས་པ་ལས་ཐམས་ཅད་བྱའོ།། དྲག་པོའི་ལས་ལ་ནི། སྔགས་ཐམས་ཅད་ཀྱི་མཇུག་ཏུ་ཧཱུ~ཾ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱའོ།། དེ ་བཞིན་དུ་རང་གི་ས་བོན་ལས་ཡོངས་སུ་རྫོགས་པའི་མན་ང་རའི་མེ་ཏོག་གི་སྟེང་ན་གནས་པའི་མཁའ་སྤྱོང་མ་བསྒོམས་ལ་སྔོན་དུ་བསྙེན་པ་བྱས་ནས། རླུང་དང་། མེའི་དཀྱིལ་འཁོར་གྱི་སྟེང་དུ་བསྒྲུབ་བྱ་མྱོས་པར་གྱུར་པར་བསམས་ལ། ་སྙིང་ཁའི་ས་བོན་ལས་འོད་ཟེར་ཁ་དོག་དམར་པོ་འབར་བ་བྱུང་བས་བསྒྲུབ་བྱའི་སྣ་ཁུང་གཡས་པ་ནས་ཞུགས་ནས། སྙིང་ཕུག་ན་སྟེ། སྣ་ཁུང་གཡོན་པ་ནས་ཕྱིར་བྱུང་ནས། སྙིང་ཁའི་ས་བོན་དུ་ཞུགས་ནས། སྦུབས་ཀྱི་རླུང་ཡང་དག་པར་བཀུག་ཅིང་། ་སྔགས་བཟླས་མ་ངེས་པར་འགུགས་པར་བྱེད་དོ།། དེ་བཞིན་དུ་རང་གི་ས་བོན་ལས་ངེས་པར་བྱུང་བའི་ས་སྦྱོང་མའི་རྣལ་འབྱོར་ཁ་དོག་སྔོན་པོ་བསམས་ལ། སྔོན་དུ་བསྙེན་པ་བྱས་ཏེ། ཡི་གེ་གླུ་ལས་བྱུང་བའི་རྡོ་རྗེ་འབར་བ་སྒྲུབ་བྱ་ཁ་ཐུར་བལྟས་པའི ་འཕོངས་ཕྱོགས་ནས་བཅུག་པར་བསམས་ལ། སྔགས་བཟླ་བ་ར་བྱ་སྟེ། ཨོཾ་གྷུ་བྷུ་ཙ་རེ་ཆེ་གེ་མེ་མཱ་ར་ཡ་གྷྲྀ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བས་ངེས་པར་འཆི་བར་འགྱུར་རོ།། དགྱེས་པའི་རྡོ་རྗེའི་དཀའ་འགྲོལ། རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ~ཾ་ལས། གཉིས་པ ་སྔགས་ཀྱི་ལེའུའི་འགྲེལ་པའོ།། ལྷའི་ལེའུ་ཞེས་བྱ་བ་ལ། ལྷ་རྣམས་ཏེ། དགྱེས་པའི་རྡོ་རྗེ་དང་། རྣལ་འབྱོར་མོ་རྣམས་ཀྱི་ལེའུའོ།། དགྱེས་པའི་རྡོ་རྗེ་ལ་སོགས་པ་རྣམས་བསྐྱེད་པའི་སྦྱོར་བ་ཇི་སྐད་བསྟན་པ་བཞིན་དུ་རིམ་གྱིས་རྒྱས་པར་འབྱུང་བ་ནི ་འདི་ལས་འཆད་པར་འགྱུར་བས་སོ།། དང་པོར་ཞེས་བྱ་བ་ལ་སོགས་པ་ལ། སྙིང་རྗེ་ལ་བལྟོས་ནས་ཏེ། ཐམས་ཅད་ཀྱི་དང་པོར་ནི་ཡིད་དང་མཐུན་པའི་གནས་སུ་གནས་ནས། བདེ་བའི་སྟན་ལ་འདུག་སྟེ། གནས་དང་། བདག་དང་། རྣལ་འབྱོར་བསྲུང ་བའི་ཕྱིར། ཨོཾ་རཱཀྵ་རཀྵ་ཧཱུཾ་ཧཱུ~ཾ་ཧཱུཾ་ཕཊ་ཅེས་ལན་གསུམ་གྱི་བར་དུ་བརྗོད་ནས། རས་བྲོས་ལ་སོགས་པར་གཏོགས་པའི་བཅོམ་ལྡན་འདས་ལ་རང་གི་སྔགས་བཟླས་པའོ་ཨརྒྷས་ཀུན་ནས་མཆོད་ལ། སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང ་བ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་བྱས་ནས། བྱང་ཆུབ་ཀྱི་སེམས་ཉེ་བར་གཞག་པའོ།། དེ་ནས་དང་པོ་བྱམས་པ་བསྒོམ་པར་བྱ་སྟེ། སེམས་ཅན་ཐམས་ཅད་ལ་བླ་ན་མེད་པའི་བདེ་བ་ཉེ་བར་སྨིན་པར་འདོད་པའི་རྣམ་པ་ཅན་ནོ།། སྐད་ཅིག་མ་གཉིས་པ ་ལ་དེ་དག་ཉིད་ཀྱིས་སྡུག་བསྔལ་ཐམས་ཅད་སེལ་པོར་བྱེད་པའི་རྣམ་པ་ཅན་གྱི་སྙིང་རྗེའོ།། གསུམ་པར་ཞེས་པ་བ་ལ། དེ་གཉིད་ལ་ལྷའི་བདེ་བ་རྒྱུན་མི་འཆད་པར་སྦྱིན་པར་འདོད་པའི་རྣམ་པ་ཅན་གྱི་དགའ་བའོ།། བཏང་སྙོམས་ནི་མཐའ་མ་ཉིད་ན་སྟེ། ་དེ་དག་ཉིད་ལ་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་མ་ལུས་པའི་གཉེན་པོར་འགྱུར་བ་ལམ་ཉེ་བར་བསྒྲུབ་པའི་རྣམ་པ་ཅན་བསྒོམ་པར་བྱའོ།། ཞེས་བྱ་བར་བསྒྲིབ་པ་ཡིན་ནོ།། འདི་དག་ནི་རྣལ་འབྱོར་ཐམས་ཅད་ཀྱི་ཐུན་མོང་གི་དང་པོའི་རྣལ ་འབྱོར་གྱི་བྱེད་པར་འགྱུར་བ་ཡིན་ནོ།། རྣལ་འབྱོར་གྱི་ལུས་བསྟན་པ་ནི། དེ་ནས་སྟོང་པ་ཞེས་བྱ་བ་སྟེ། དེའི་རྗེས་ལ་བསྒོམ་པར་བྱ་ཞེས་བྱ་བའོ།། དེ་ཅི་ཞིག་ཅེ་ན། སྟོང་པའི་བྱང་ཆུབ་ཡང་། ཞེས་བྱ་བ་ལ་སོགས་པ་སྟེ། དངོས་པོ་ཐམས་ཅད ་ཡིད་ཀྱིས་དམིགས་པས་ན། འདི་དག་ཐམས་ཅད་སེམས་ཙམ་སྟེ། ཕྱི་རོལ་གྱི་ཡུལ་ནི་ཡོད་མ་ཡིན་པས། ཕ་རོལ་གྱི་རྣམ་པ་ལྟར་འཁྲུལ་པར་སྣང་བར་གྱུར་ཏེ། དཔེར་ན། རྨི་ལོམ་བཞིན་ནོ།། ཞེས་བྱ་བར་གཅིག་ཏུ་ངེས་པ་ཡིན་ནོ།། དེ་ལྟར་སྣང ་བའི་རང་བཞིན་གྱི་སེམས་དེ་ཡང་། གཅིག་དང་དུ་མའི་རང་བཞིན་དང་བྲལ་བ་ཉིད་ཀྱིས་སྣང་བ་མེད་པ། འོད་གསལ་བའི་རང་བཞིན་དུ་མཐོང་བའོ།། གཉིས་པ་ལ་ནི་ས་བོན་བསྡུ་ཞེས་བྱ་བ་ནི། འོད་གསལ་བའི་དེ་ཉིད ་ལས་ཇི་ལྟར་རིགས་པར་ཉི་མ་ལ་སོགས་པའི་དཀྱིལ་འཁོར་གྱི་སྟེང་དུ་འོད་ཀྱི་ཕྲེང་བ་ཅན་གྱི་ལྷའི་ས་བོན་བལྟས་ལི། ས་བོན་དེ་ལས་ལྷའི་འབྱོར་པའི་རིགས་དཔག་ཏུ་མེད་པ་སྤྲུལ་ནས། འགྲོ་བ་རྣམས་ཀྱི་དོན་བྱས་ནས། ས་བོན་དེ་ཉིད་དུ་ཉེ་བར ་བསྡུས་པ་ནི། ས་བོན་བསྡུ་བར་ཞེས་བྱ་བ་སྟེ། དེ་བསྒོམ་པར་བྱའོ།། གསུམ་པ་ལ་ནི། གཟུགས་བརྙན་རྫོགས་ཞེས་བྱ་བ་ནི། ས་བོན་དེ་ལས་ལྷའི་སྐུ་སྣ་ཚོགས་པདྨའི་ལྟེ་བ་ལ་གནས་པའི་ཉི་མ་ལ་སོགས་པོའི་དཀྱིལ་འཁོར་གྱི་སྟེང་གི་རོ་མནན ་ནས། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་རྫོགས་པར་འགྱུར་བ་ནི། གཟུགས་བརྙན་རྫོགས་པ་སྟེ། དེ་བསྒོམ་པར་བྱའོ།། བཞི་པ་ལ་ནི། ཡིག་འབྲུ་དགོད་ཅེས་བྱ་བ་ནི། རང་གི་སྙིང་ཁར་ཉི་མ་ལ་སོགས་པའི་དཀྱིལ་འཁོར་ལ་གནས་པའི་ས་བོན་གྱི ་ཡི་གེ་བོ་སྒོམ་པར་བྱའོ།། འདི་ནི་སྨན་པའི་རྣལ་འབྱོར་གྱི་ཏིང་ངེ་འཛིན་ཏེ། ད་ནི་རྣལ་འབྱོར་གཉིས་པའི་དབང་དུ་བྱས་ནས། རེ་ཕས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཡང་སྟོང་པའི་བྱང་ཆུབ་ཀྱི་བར་གྱི་བྱ་བ་ཡོངས་སུ་རྫོགས་པར་བྱ་བ་ཡང་སྔ ་མ་བཞིན་བལྟ་བར་བྱའོ།། རེ་ཕས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ནི། དེ་ལས་ཁྱད་པར་དུ་བསྐྲང་བར་བྱ་བའི་ཕྱིར་གསུངས་པ་ཡིན་ཏེ། རཾ་མེའི་མདོག་ཅན་ལས་ཉི་མའི་དཀྱིལ་འཁོར་བལྟས་ལ། དེའི་སྟེང་དུ་ཧཱུཾ་སྔོན་པོ་ལས་སྣ་ཚོག ་རྡོ་རྗེའོ།། དེ་དག་ལས་ཐང་ཀར་རྡོ་རྗེའི་ར་བ་དང་། སྟེང་དུ་རྡོ་རྗེའི་བྷ་རེ་དང་། འོག་ཏུ་རྡོ་རྗེའི་རང་བཞིན་གྱི་ས་གཞི་དང་། ཕྱི་རོལ་ཏུ་རྡོ་རྗེ་མེ་འབར་བ་བསྒོམ་པར་བྱའོ་ཞེས་བྱ་བ་ནི། ཚིགས་སུ་བཅད་པའི་དོན་ཡིན་ནོ།། དེ་ནས་སྔགས་ཀྱིས་བྱིན་གྱིས་བརླད ་པར་བྱ་སྟེ། ཨོཾ་རཀྵ་རཱཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ་ཞེས་བྱ་བས་སོ།། དང་པོར་རོ་ནི་ཞེས་བྱ་བ་ནི། རྣལ་འབྱོར་གྱི་ལུས་ཀྱི་དང་པོར་ཞེས་བྱ་བའི་དོན་ཏེ། རྡོ་རྗེ་ར་བའི་ནང་གི་སྣ་ཚོགས་པདྨ་དང་། ཉི་མའི་དཀྱིལ་འཁོར་ལ་སོགས་པའི་སྟེང་དུ་རོ་བསྒོམ་པར་བྱའོ།། ་འདི་ལྷའི་གདན་དུ་ཇི་ལྟ་བུ་རུང་ཞེ་ན། ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་བརྗོད་ཅེས་བྱ་བ་གསུངས་ཏེ། རོ་ནི་བདག་མེད་པའི་ངོ་བོའོ།། བདག་མེད་པ་ནི་ཆོས་ཀྱི་དབྱིངས་སོ།། ཆོས་ཀྱི་དབྱིངས་ལ་གནས་པ་ནི། མཁའ་འགྲོ་དང་། མཁའ་འགྲོ་མ་རྣམས་སོ།། རྣམ ་འབྱོར་པ་ནི་བསྒོམ་པ་པོ་སྟེ། དེའི་སྟེང་དུ་གནས་ནོས། བདག་ཉིད་ཧེ་རུ་ཀ་ཉིད་དུ་ལྷག་པར་བྱས་ནས། རབ་ཏུ་བསྒྲུབ་པར་བྱ་བ་སྟེ། རྣལ་འབྱོར་འབྲིང་པོའི་བྱ་བོའོ།། རང་གི་སྙིང་ཁོར་ཞེས་བྱ་བའོ།། རང་གི་སྙིང་ཁར་ཞེས་བྱ་བ་ལ་སོགས་པ་ལ། ཞེ་སྡང ་བདག་ཉིད་རྣམ་པར་བསྒོམ་ཞེས་བྱ་བ་ནི། བདག་ཉིད་ཧེ་རུ་ཀའི་གཟུགས་སུ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ།། རྒྱུད་འདིར་གཙོ་བོ་དགྱེས་པའི་རྡོ་རྗེའི་དབང་དུ་བྱས་ནས། ལྷ་ཐམས་ཅད་ཀྱི་རྣལ་འབྱོར་ཡང་རབ་ཏུ་ཤེས་པར་བྱའོ།། གཞན་དག་ནི ་རང་གི་ཕྱག་མཚན་དང་། ས་བོན་ཡོངས་སུ་གྱུར་པ་ལས། ཅི་རིགས་པར་རྟོགས་པར་བྱ་བ་ཡིན་ནོ།། འདམ་སྐྱེས་སྔོན་པོ་ཞེས་བྱ་བ་ནི། ཨུཏྤལ་སྔོན་པོའོ།། དང་པས་ཞེས་བྱ་བ་ནི་རང་གི་འདོད་པ་སྟེ། ཁ་དོག་རྣམས་ཇི་ལྟར་མོས་པ་དེ་ལྟ་བུར་བསྒོམ ་པར་བྱའོ།། རྣལ་འབྱོར་གསུམ་པའི་དབང་དུ་བྱས། ན་མཁར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཉིས་པའི་བྱ་བ་ཇི་ལྟ་བ་དེ་ལྟར་གསུམ་པའི་ཡང་ཡིན་པས། དང་པོའི་རྩོམ་པས་ལྷག་པར་བསྟན་པ་ཡིན་ནོ།། སྙིང་ཁའི་ས ་བོན་གྱི་འོད་ཟེར་གྱིས་བཀུག་པའི་བཅོམ་ལྡན་འདས་ན་མཁར་བལྟས་ལ། ཡིད་ཀྱིས་རྣམ་པ་སྣ་ཚོགས་མཆོད་པས་མཆོད་དེ། གཽ་རཱི་ལ་སོགས་པའི་ལྷ་མོ་བརྒྱད་ཀྱིས་ཀྱང་མཆོད་པར་བྱའོ།། རི་དྭགས་མཚན་མ་ནི་ག་པུར་རོ།། བདུད་ལས་རྒྱལ་བ་ཞེས ་བྱ་བ་ནི་ཤཱི་ལའོ།། སྣོད་ཅེས་པ་ཐམས་ཅད་དུ་སྦྱར་བར་བྱའོ།། ཆུ་ལག་ནི་མི་བསྐྱོད་པའོ།། སྨན་ནི་བཞི་མཉམ་པའོ།། རྡོ་རྗེ་ནི་ཤ་ལི་ཛའོ།། རོ་འཛིན་ཞེས་བྱ་བ་ནི་སྦྲང་རྩིའོ།། ཅང་ཏེའུ་ནཻ་ཏྲི་པི་ཏའོ།། གཡུང་མོས་ཞེས་བྱ་བ་ནི། ཇི་ལྟར་འོས་པར་གྱུར ་ནས་འཁྱུད་ནས། དེ་ལྟར་མཆོད་པར་བྱེད་པའོ།། དེ་ལྟར་བཅོམ་ལྡན་འདས་ལ་མཆོད་པར་བྱས་ནས། གཉིས་པའི་བྱ་བ་ལྟར་རོའི་གདན་ལ་སོགས་པའི་མཐར་ཐུག་པའི་བྱ་བ་དེ་གསུམ་པའི་ཡང་ཡིན་ནོ།། ཡང་འདིར་རྣལ་འབྱོར་གྱི་ལུས་ནི་མངོན་པར་བྱང ་ཆུབ་པ་རྣམ་པ་ལྔ་སྟེ། དེ་བསྟན་པའི་ཕྱིར། ཨཱ་ལི་ཟླ་བ་ཞེས་བྱ་བ་ལ་སོགས་པ་གསུངས་པོ་ཡིན་ཏེ། ཨ་ལ་སོགས་པ་དབྱངས་ཀྱི་ཡི་གེ་བཅོ་ལྔ་ནི་ཨཱ་ལིའོ།། ཀ་ལ་སོགས་པ་གསོལ་བྱེད་ཀྱི་ཡི་གེ་སུམ་ཅུ་རྩ་བའི་ནཾ་ཀཱ་ལི་ཏཽ། རོའི་སྙིང་ཁར་ཨཱ་ལི་ལྀ་སོགས ་པ་ཡོངས་སུ་གྱུར་པ་ལས་བྱུང་བའི་ཟླ་བ་ནི། ཨཱ་ལི་ཟླ་བའོ།། ཀཾ་ལ་སོགས་པ་ཡོངས་སུ་གྱུར་པའི་ཉི་མ་ནི། ཀཱ་ལིའི་ཉི་མའོ།། ས་བོན་ནང་དུ་སོན་གྱུར་བསྒོམ་ཞེས་བྱ་བ་ནི། ཟླ་བ་དང་། ཉི་མོའི་དཀྱིལ་འཁོར་གྱི་སྟེང་དུ་ས་བོན་ཡོངས་སུ་གྱུར་པ་ལས་བྱུང་བའི ་ཕྱག་འཚལ་དེའི་ལྟེ་བར་ས་བོན་བསྒོམ་པར་བྱའོ།། ཞེས་བྱ་བའི་དོན་ཏོ།། དེ་ཉིད་སེམས་དཔའ་ཞེས་བྱར་བརྗོད་ཅེས་བྱ་བ་ནི། ས་བོན་དེ་ཉིད་རྡོ་རྗེ་འཆང་ཡིན་ནོ་ཞེས་བརྗོད་པར་ཁྱད་པར་ཇི་ལྟ་བུ་ཅན་ཞིག་ཅེ་ན། མཆོག་ཏུ་དགའ་བའི་རང་བཞིན་ཅན་ཞེས ་བྱ་བའོ།། རྣམ་པར་སྤྲོ་ཞེས་བྱ་བ་ནི། ས་བོན་དེ་ཉིད་ལས་དགྱེས་པའི་རྡོ་རྗེའི་སྐུ་དང་མཚུངས་པ་སྣ་ཚོགས་ཀྱིས་ཁྱབ་པར་སྤྲོ་བར་བྱའོ།། བསྡུས་ནས་སྙིང་ཁར་ཞེས་བྱ་བ་ནི། དེ་དག་ཉིད་ཡང་དག་པར་བསྡུས་ན་ས་བོན་དེ་ཉིད་ལ་གཞུག་པར་བྱའོ།། དེ ་ནོས་རྣལ་འབྱོར་པ་ང་ཞེ་སྡང་གི་བདག་ཉིད་དུ་གྱུར་པ་དེ་ཟླ་བ་དང་། ཉི་མ་དང་། ས་བོན་ཡོངས་སུ་གྱུར་པ་ལས། ཧེ་རུ་ཀའི་གཟུགས་སུ་གྱུར་པའོ།། འདི་ནི་མངོན་པོར་བྱང་ཆུབ་པ་རྣམ་པ་ལྔ་ཡིན་ནོ།། དེ་ཡང་ཇི་སྐད་དུ་ལེའུ་བརྒྱད་པ་ལས། ཟློ་བ་མེ་ལོང ་ཡེ་ཤེས་ལྔནོ།། བདུན་གྱི་བདུན་པ་མཉམ་ཉིད་ལྡན།། ལྷའི་ས་བོན་ཕྱག་མཚན་ནི།། སོ་སོར་རྟོག་པར་བརྗོད་པར་བྱ།། ཐམས་ཅད་གཅིག་གྱུར་ནན་ཏན་ཉིད།། རྫོགས་པོ་ཆོས་དབྱིངས་དག་པ་སྟེ།། ཞེས་གསུངས་པ་ཡིན་ནོ།། སྔོ་དང་། ཉི་མ་ཞེས་བྱ་བ ་ལ་སོགས་པ་ལ་གསུམ་པོ་འདི་དག་ནི། དཔའ་བོ་གཅིག་པུའི་རྣལ་འབྱོར་ཏེ། ལྷ་ཐམས་ཅད་ཀྱི་ཐུན་མོང་དུ་གྱུར་པ་ཡིན་ནོ།། ད་ནི་དགྱེས་པ་རྡོ་རྗེའི་རྣམ་པ་བཞི་དང་། བདག་མེ་མའི་རྣལ་འབྱོར་བཞི་པ་དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་ཅན ་མདོར་བསྟན་པར་བྱ་བའི་ཕྱིར། དུར་ཁྲོད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་གསུམ་པའི་བྱ་བོ་ཇི་ལྟ་བ་བཞིན་དུ་བཞི་པ་ལ་ཡང་བལྟ་བར་བྱའོ།། རྡོ་རྗེ་ར་བའི་ནང་དུ་འཇིགས་སུ་རུང་བའི་དུར་ཁྲོད་བརྒྱད་ཀྱི་དཀྱིལ་འཁོར་གྱི་གཞལ་ཡས ་ཁང་གི་ནང་དུ་མགོན་པོ་དགྱེས་པའི་རྡོ་རྗེ་གཽ་རཱི་ལ་སོགས་པ་རྣལ་འབྱོར་མ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའོ།། དབུགས་རྒྱུ་ཞེས་བྱ་བ་ནི། རོ་གནས་པར་གྱུར་པས་ཞེས་བྱ་བའི་ངེས་པའི་ཚིག་གི་ཡི་གེ་ཕྱིས་པ་སྟེ། རོའི ་གནས་ཞེས་བྱ་བའི་དོན་ཏོ།། འཆད་པར་འགྱུར་བའི་ལེའུ་བརྒྱད་པའི་རྫོགས་པའི་ཡང་དུར་ཁྲོད་ཅེས་བྱ་བའི་སྒྲ་འདིས་མདོར་བསྟན་པ་བྱས་པ་ཡིན་ཏེ། དུར་ཁྲོད་ཅེས་བྱ་བ་བདག་མེད་པའི་ལུས་ལོ། མགོན་པོ་མཆོག་ཏུ་དགའ་བོའི་རང་བཞིན ་བཞུགས་པ་ཡིན་ནོ།། ལུས་ཇི་ལྟར་དུར་ཁྲོད་ཡིན་ཞེ་ན། དབུགས་རྒྱུ་ཞེས་པའི་རིགས་པ་འདིས།། དུ་རོ་ཁྲོད་ཅེས་ནི་མངོན་པར་བརྗོད།། ཅེས་བྱ་བའོ།། ད་ནི་དགྱེས་པའི་རྡོ་རྗེ་ཕྱག་བཞི་པ་ཁྱད་པར་དུ་བརྗོད་པར་བྱ་བའི་ཕྱིར། ཕྱག་བཞི་ནི་བདུད་བཞི ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་ཀྱི་གཟུགས་ཅན་མ་ཞེས་བྱ་བ་ནི། དེའི་དབྱིབས་དང་། ཁ་དོག་ཅན་ཕྱག་གཉིས་ན་གྲི་གུག་དང་། ཐོད་པ་འཛིན་པ་བསྒོམ་པར་བྱའོ།། ཕྱག་དྲུག་པའི་ཤེས་རབ་རྡོ ་ལྕགས་སྒྲོགས་མཱ་ཡང་དེ་བཞིན་ནོ།། རྒྱུད་འདིར་དཀྱིལ་འཁོར་གྱི་འཁོར་ལོའི་ཕྱོགས་ལ་ཕྱག་གཉིས་པའི་ཤེས་རབ་ནཱཾ། བདག་མེད་མ་ཡིན་ཏེ། སྦྱོར་དགྱེས་པའི་རྡོ་རྗེའི་གྲུབ་པའི་ཡིན་པའི་ཕྱིར་རོ།། ཌོམྦི་ནི་ཐམས་ཅོད་དུ་མཚང་བའི་ལྷ་མོ ་ཡིན་གྱི། ཕྱག་རྒྱ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་གཞུང་ལུགས་སོ།། དགྱེས་པའི་རྡོ་རྗེའི་དཀའ་འགྲེལ། རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ལས། ལེའུ་གསུམ་པའི་འགྲེལ་པའོ།། ། དབང་བསྐུར་བ་ནི། རྣལ་འབྱོར་པ་ཐམས་ཅད་ཀྱི ་ཐུན་མོང་གི་བསྒོམ་པ་ཡོངས་སུ་རྫོགས་པར་བྱེད་པ་སྟེ། དེ་བསྟན་པའི་ཕྱིར། ལྷ་དབང་བསྐུར་བའི་ལེའུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབང་བསྐུར་བ་ནི། བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་དག་པར་བྱ་བའི་ཕྱིར་རོ།། སྤྱི་བོར་རང ་གི་རིགས་ཀྱི་ཞེས་བྱ་བ་ནི། ལྷ་རྣམས་ལ་ཇི་ལྟར་འོས་པར་དེ་བསྟན་པོར་བྱའོ།། ལྷའི་གཟུགས་སུ་བཞག་གོ་ཞེས་བྱ་བ་ནི། རང་གི་འདོད་པའི་ལྷའི་གཟུགས་སུ་སྟེ། དེར་བཞག་པར་བྱའོ།། དགྱེས་པའི་རྡོ་རྗེའི་དཀའ་འགྲེལྀ། རྣལ་འབྱོར་རིན་པོ ་ཆེའི་ཕྲེང་བ་ལས། ལེའུ་བཞི་པའི་འགྲེལ་པའོ།། ། དེ་ལྟར་ལྷའི་རྣལ་འབྱོར་བསྟན་ནས། དེ་ཡང་དེ་ཁོ་ན་ཉིད་ལ་མོས་པ་ལ། མྱུར་དུ་བྱང་ཆུབ་ཐོབ་པ་ཡོད་པ་མ་ཡིན་པས། དེ་ནས་དེ་ཁོ་ན་ཉིད་ཀྱི་ལེའུ་ཞེས་བྱ་བ་གསུངས་ཏེ། དེ་ཁོ་ན ་ཉིད་གསལ་བར་བྱེད་པ་དེ་ལ་དེ་སྐད་ཅེས་བྱ་བ། གཟུགས་ནི་སྔོན་པོ་དང་། སེར་པོ་ལ་སོགས་པ་སྟེ། དེ་ནི་མེད་དོ།། ཇི་ལྟར་མཐོང་བ་ཉིད་མ་ཡིན་ནམ། དེ་ཇི་ལྟར་མེད་ཅེ་ན། རང་གི་ངོ་བོས་མེད་དེ། གང་གི་ཕྱིར་བཅོས་པ་མ་ཡིན་པ་གཞན་ལ་བལྟོས ་བ་མེད་པའི་གཉུག་མའི་གཟུགས་རང་བཞིན་ཅན་དེའི་རྣམ་པས་མེད་དེ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་རོ།། གང་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ཉིད་ནི། དངོས་པོ་རྣམས་ཀྱི་སྐྱེ་བ་མེད་པའོ།། གལ་ཏེ་སྐྱེ་བོའི་སྔོན་རོལ་ཏུ་དངོས་པོ་རྣམས་ཀྱི་ངོ་བོ་ཉིད ་ཡོད་པ་ཞིག་ཏུ་གྱུར་ན་ནི། དེ་ལྟར་ན་བདག་བདེན་པ་མཐོང་བར་བྱ་བའི་ཕྱིར། རྒྱུ་གཞན་ལ་བལྟོས་པར་མི་འགྱུར་རོ།། རྒྱུ་གཞན་ལ་བལྟོས་ན་ནི། དངོས་པོ་རྣམས་ངོ་བོ་ཉིད་དུ་གྲུབ་བོ།། དེ་ཡང་ཇི་སྐད་དུ། ཀླུ་སྒྲུབ་ཞབས་ཀྱིས་གཞན་ལ་བལྟོས་པ་མེད་པའི ་ཕྱིར། རང་བཞིན་བཅོས་མ་མ་ཡིན་ནོ།། ཞེས་གསུངས་པ་ཡིན་ནོ།། གལ་ཏེ་དངོས་པོ་རྣམས་རང་བཞིན་མེད་པ་ཡིན་པས། རང་བཞིན་དམིགས་པར་མི་འགྱུར་ན། རྣམ་པ་སྣ་ཚོགས་པ་འདི་ཇི་ལྟར་སྣང་བར་འགྱུར་ཞེ ་ན། བྱིས་པ་རྣམས་ལ་སྣང་བ་ཁོ་ན་ཡིན་ཏེ། སྣང་བ་ཙམ་གྱིས་རང་གི་ངོ་བོ་ཉིད་འགྲུབ་པར་འགྱུར་བ་ནི་མ་ཡིན་ནོ།། སྐྲ་ཤང་དང་། ཟླ་བ་གཉིས་དང་། རྨ་བྱའི་མདོངས་དང་། སྦྲང་མ་ལ་སོགས་པ་རྣམས་ཀྱང་། ཅི་རབ་རིབ་ཅན་རྣམས་ལ ་སྣང་བ་མ་ཡིན་ནམ། གལ་ཏེ་དེ་དག་ལ་ནི། རབ་རིབ་ཀྱི་སྟོབས་ཀྱིས་སྣང་བར་གྱུར་པ་ཡིན་ནོ་ཞེ་ན། གཞན་དག་གིས་ཀྱང་མ་རིག་པའི་ལིང་ཏོག་གིས་བློའི་མིག་ཉམས་པར་བྱས་པས། དངོས་པོ་ཐམས་ཅད་རང་བཞིན་གྱིས་ཡོད་པ་མ ་ཡིན་ན་ཡང་། རབ་རིབ་ཅན་གྱིས་ཉེ་བར་དམིགས་པའི་སྒྲ་ལ་སོགས་པ་བཞིན་དུ་མདུན་དུ་གྲུབ་པར་གྱུར་ནས། མཐོང་བར་འགྱུར་གྱི། བློའི་མིག་གི་མ་རིག་པའི་ལིང་ཏོག་དག་པར་གྱུར་པའི་འཕགས་པ་རྣམས་ལ་ནི་མ་ཡིན་ནོ།། ་དེ་ཡང་ཇི་སྐད་དུ། བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས། བཅོམ་ལྡན་འདས་ལ་བསྟོད་པ་ལས། གདིང་ནས་ཞི་བ་སྐྱེ་བ་མེད།། རང་བཞིན་གྱིས་ནི་མྱ་ངན་འདས།། ཆོས་ཀྱི་འཁོར་ལོ་བསྐོར་བ་ན།། མགོན ་པོ་ཁྱོད་ཀྱིས་ཆོས་རྣམས་གསུངས།། ཞེས་གསུངས་པ་ཡིན་ནོ།། དེ་ལྟ་བས་ན། གཟུགས་ལ་སོགས་པ་རྣམས། རང་གི་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ནོ།། ཞེས་གསུངས་སོ།། མཐོང་བ་མེད་ཅེས་བྱ་བ་ལ་སོགས་པ་ལ། གང ་གཟུགས་ལ་བལྟ་བ་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་ཆོས་དེ་དག་ནི། ཡོད་པ་ཡང་མ་ཡིན་ཏེ། ཆོས་ཐམས་ཅད་མ་སྐྱེས་པའི་ཕྱིར་རོ།། དེ་བཞིན་དུ་སྒྲ་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ།། སེམས་མེད་ཅེས་བྱ་བ་ལ་སོགས་པ་ལ། ་སེམས་ནི་ཡོངས་སུ་གྲུབ་པ་རྣམ་པར་ཤེས་པའོ།། སེམས་ལས་བྱུང་བ་ནི། གཞན་གྱི་དབང་དང་། ཀུན་ཏུ་བརྟགས་པ་སྟེ། གསུམ་པོ་འདི་དག་དོན་དམ་པར་ཡོད་པ་མ་ཡིན་པ་མ་ཡིན་པོ་ཉིད་དོ།། གལ་ཏེ་དེ་ཇི་ལྟར་མེད། བཅོམ ་ལྡན་འདས་ཀྱིས་ཀྱང་། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་དག་སེམས་ཙམ་མོ་ཞེས་གསུངས་པ། དེ་ཇི་ལྟར་ཡིན་ཞེ་ན། དེ་ནི་བདེན་ན་འོན་ཀྱང་གཟུགས་ལ་སོགས་པ་ལ། མངོན་པར་ཞེན་པའི་གདུལ་བྱ་རྣམས་ཀྱི ་མངོན་པར་ཞེན་པ་སྤང་བའི་ཕྱིར་ཡིན་ནོ།། དོན་དེ་ཉིད་ཀླུ་སྒྲུབ་ཞབས་ཀྱིས།། འདི་དག་ཐམས་ཅད་སེམས་ཙམ་ཞེས།། ཐུབ་པ་ཡིས་ནི་གང་གསུངས་པ།། བྱིས་པའི་སྐྲག་པ་སྤང་ཕྱིར་ཏེ།། དེ་ནི་ཡང་དག་དེ་ཉིད་མིན།། ཞེས་གསུངས ་བས། དེས་ན་སེམས་དེ་ནི་ཡོད་པ་མ་ཡིན་ནོ།། འདི་ནི་དེ་ངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྟན་པ་ཡིན་ནོ།། ད་ནི་ནང་གི་བདག་ཉིད་ཅན་གྱི་རྣལ་འབྱོར་བསྟན་པའི་ཕྱིར། སྐྱེ་དོ་བྱེད་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱེད ་བྱེད་མ་ནི་ཕན་པ་སྟོན་པར་བྱེད་པའོ།། སྲིང་མོ་ནི་བརྩེ་བ་ཅན་ནོ།། གར་མ་ནི་གསལ་བར་སྤྱོད་པའོ།། ཚོས་མ་ནི་དཀར་པོའི་ལས་ལ་དགའ་བའོ།། རྡོ་རྗེ་མོ་ནི་བསམ་གཏོན་ལ་དགའོ་བའོ།། གདོལ་པ་མོ་ནི་ང་རྒྱལ་སྤངས་ཤིང་། བཟོད ་པའི་ངང་ཚུལ་ཅན་ནོ།། བྲམ་ཟེ་མ་ནཱི་ཁ་ན་མ་ཐོ་བ་མེད་པའི་ལས་ལ་དགུའ་བའོ།། ཐབས་དང་ཤེས་རབ་ཅེས་བྱ་བ་ལ་སོགས་པ་ལ། བདག་མེད་མ་ནི་ཤེས་རབ་བོ།། དགྱེས་པའི་རྡོ་རྗེ་ན་ཐབས་སོ།། འདི་དག ་ཉིད་ཀྱི་གཟུགས་ཅན་ལ་འཆད་པར་འགྱུར་བའི་ལུགས་ཀྱི་མཆོད་པར་བྱའོ།། དེ་ཉིད་རིགས་ཞེས་བྱ་བ་ནི། དེ་ཉིད་དགའ་བའོ།། རབ་ཏུ་འབད་པས་ཞེས་བྱ་བ་ནི། གསང་བའི་ཕྱིར་འབད་པ་སྟེ། ཇི་ལྟར་གྲགས་པར་མི་འགྱུར་བའོ།། ་གྲགས་ན་མཐོང་བ་དང་། མ་མཐོང་བའི་སྐྱོན་བསྟན་པའི་ཕྱིར་མ་གསང་ཞེས་བྱ་བ་ལ་སོགས་པ་སྟེ། ཡི་གེའི་དོན་ཏོ།། སྐྱེད་བྱེད་མ་ཞེས་བྱ་བ་ལ་སོགས་པ་ལ། སྐྱེད་བྱེད་མ་ནཽ་གཉིས་སྤངས་པའོ།། སྲིང་མོ་རྐྱང་མའོ།། དང་ཞེས་བྱ ་བ་ནི། རོ་མ་བསྡུས་ཏེ། དེ་དག་མཆོད་པར་བྱའོ།། རྣལ་འབྱོར་ནི་ཡང་དག་པརྀ་སྦྱར་བའོ།། ཤེས་རབ་དང་། ཐབས་ཀྱི་རུང་བཞིན་ཅན་གྱི་རྩེ་གསུམ་པོ་དེ་དག་ཉིད་འབྱོར་པ་ལས། བདེ་བ་ཆེན་པོ་འབྱུང་བར་འགྱུར་རོ།། དེའི་ཕྱིར་དེའི ་རྣལ་འབྱོར་རིག་པའི་རྣལ་འབྱོར་པས་སོ།། རྟོག་ཏུ་ཞེས་བྱ་བ་ནི། དུས་ཐམས་ཅད་དུ་བདེ་བ་ཆེན་པོའི་རང་བཞིན་གྱིས་མཆོད་པ་བྱའོ།། གར་མ་ཞེས་བྱ་བ་ལ་སོགས་པ་ལ། ལྕེ་དང་། རོ་དང་། དེའི་རྣམ་པར་ཤེས་པ་དང་། གསུམ ་ནོནི་གར་མོའོ།། རེག་པ་དང་། རེག་བྱའི་དབང་པོ་དང་། དེའི་རྣམ་པར་ཤེས་པ་ནི་ཆོས་མའོ།། རྣ་བའི་དབང་པོ་དང་། སྒྲ་དང་། དེའི་རྣམ་པར་ཤེས་པོ་ནི། རྡོ་རྗེ་མའོ།། སྣ་དང་། དྲི་དང་། དེའི་རྣམ་པར་ཤེས་པ་ནི་གདོལ་པ་མོའོ།། ་མིག་དང་། གཟུགས་དང་། དེའི་རྣམ་པར་ཤེས་པ་ནི་བྲམ་ཟེ་མའོ།། ཐབས་དང་། ཤེས་རབ་ཅེས་བྱ་བ་ལ་སོགས་པ་ལ། ཆོས་ཐམས་ཅད་སྟོང་པ་ཉིད་ནི་ཤེས་རབ་བོ།། སྙིང་རྗེ་ཆེན་པོ་ནི་ཐབས་སོ།། དེ་དག་གི་ཆོ་ག་བདེ་བ་ཆེན་པོའི་རང ་བཞིན་གྱི་ཏིང་ངེ་འཛིན་ཏོ།། དེས་རྟག་ཏུ་མཆོད་པ་ནི། རྟག་ཏུ་ཉམས་སུ་མྱོང་བར་བྱ་ཞེས་བྱ་བའི་དོན་ཏོ།། ཅི་སྒྲ་དང་། གཟུགས་དང་། རོ་ལ་སོགས་པ་འདི་དག་རྣལ་འབྱོར་པས་ཡོངས་སུ་སྤང་བར་བྱ་བ་ཞིག་གམ་ཞེ་ན། བསྟེན་པ་ཉིད་ཅེས ་བྱ་བ་གསུངས་ཏེ། རབ་ཏུ་འབད་པས་ཞེས་བྱ་བ་ནི། ཤིན་ཏུ་འབད་པས་སོ།། ཇི་ལྟར་གྲགས་པར་ཞེས་བྱ་བ་ནི། ཇི་ལྟར་སྐུ་ལ་སོགས་པ་གསུམ་དུ་དམིགས་པར་མི་འགྱུར་བར་རོ།། གལ་ཏེ་གསུམ་དམིགས་པར་འགྱུར་ན། སྐྱོན་ཅི ་ཡིད་ཅེ་ན། མ་གསང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦྲུལ་ལ་སོགས་པ་ནི། འཁོར་བ་པའི་སྡུག་བསྔལ་གྱིས་ཟིལ་གྱིས་གནོན་པར་འགྱུར་བའོ།། སྦྲུལ་ནི་སྦྲུལ་དང་སྟག་ལ་སོགས་པའོ།། ས་སྤྱོད་ནི་ཤྲ་ཟ་ལ་སོགས་པའོ།། ་གལ་ཏེ་མིག་ལ་སོགས་པ་འདི་དག་ཕྱག་རྒྱའི་སྒྲས་ཇི་ལྟར་བ་རྗོད་པར་བྱ་བ་ཡིན་ཞེ་ན། གཟུགས་ལ་སོགས་པ་འདི་དག་ཉིད་རིགས་ལྔ་ཞེས་བྱས་སོ།། དེ་ལྟ་ན་ཡང་མྱི་ཤེས་སོ།། དེའི་ཕྱིར་རྡོ་རྗེ་འདིས་ནི། ཞེས་བྱ་བ་ལ་སོགས་པ ་གསུངས་སོ།། རྡོ་རྗེ་ནི་མི་ཕྱེད་པའི་ཡེ་ཤེས་ཏེ། འདི་དག་གདབ་པའོ།། རྒྱས་གདབ་པ་སྟེ། འདིས་བདེ་བ་ཆེན་པོ་སྐྱེད་པར་བྱེད་པས་ནི། དེའི་རྒྱུས་ཕྱག་རྒྱ་ཞེས་བརྗོད་པར་བྱ་བའོ།། རྡོ་རྗེ་པདྨ་ཞེས་བྱ་བ་ལ་སོགས་པས་ནི། བསྟན ་པའི་དོན་དེ་ཉིད་གསལ་བྱེད་དོ།། རིགས་ནི་ཞེས་བྱ་བ་ལ་སོགས་པ་ནི། རྡོ་རྗེ་པདྨ་ཞེས་བྱ་བ་ལ་སོགས་པའོ།། དེ་བཞིན་ཉིད་གཤེགས་ཤིང་ཞེས་བྱ་བ་ནི། འོད་གསལ་བར་ཞུགས་པའོ།། དཔལ་ལྡན་ཞེས་བྱ ་བ་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་བསགས་པའོ།། སླར་ཡང་གཤེགས་པ་ཞེས་བྱ་བ་ནི། འོད་གསལ་བ་ལས་ལངས་ནས། འགྲོ་བ་རྣམས་ཀྱི་དོན་མཛད་པའོ།། རིགས་ནི་ཞེས་བྱ་བ་ལ་སོགས་པ་ལ།། ་ཐུགས་དང་། རྟག་པ་དང་། རིན་པོ་ཆེ་དང་། གསུང་དང་། དོན་ཡོད་པ་དང་། སྙིང་སྟོབས་ཅན་ཏེ། རིགསོ་དྲུག་གོ། རྡོ་རྗེ་སེམས་དཔའ་བསྡུས་ན་རིགས་ལྔའོ།། དེ་དག་ཀྱང་བསྡུས་ན། མི་སྐྱོབ་པ་དང་། རྟོག་པ་དང་། གསུང ་གི་བདག་པོ་ཞེས་བྱ་བའོ།། འདི་སྐད་བརྫུན་པར་འགྱུར་ཏེ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཅེས་བྱ་བའི་རིགས་དྲུག་ནི། མདོར་བསྡུས་ན། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད ་དང་། རྣམ་པར་ཤེས་པ་ཞེས་བྱ་བ་དེ་བཞིན་གཤེགས་པ་ལྔའོ།། ཡང་དེའི་རྣལ་འབྱོར་པའི་ལུས་དང་། ངག་དང་། ཡིད་ཅེས་བྱ་བོའི་རིགས་གསུམ་མོ།། སྒོམ་པ་པོ་མེད་ཅེས་བྱ་བ་ལ་སོགས་པ་ལ། ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི ་རང་བཞིན་ཡིན་པའི་ཕྱིར། སྒོམ་པ་པོ་དང་། སྒོམ་པ་དང་། བསྒོམ་པར་བྱ་བ་གསུམ་དོན་དམ་པར་དམིགས་པར་མི་འགྱུར་རོ།། དེ་ལྟར་ན། ཇི་ལྟར་འཇིག་རྟེན་གྱིས་མཐོང་བར་འགྱུར་ཞེ་ན། སྤྲོས་པ་མེད་པའི་རང་བཞིན་ལས་ཞེས ་བྱ་བ་གསུངས་ཏེ། སྨྲས་པ་ནི་སྣ་ཚོགས་ཀྱི་མཚན་ཉིད་ཅན་ནོ།། དེའི་གཅིག་དང་དུ་མའི་རང་བཞིན་དང་བྲལ་བ་ཉིད་ཀྱ་དེ་དག་གི་སྐྱེ་བམང་བའི་མཚན་ཉིད་ནི། དེ་བཞིན་ཉི་དང་།། རྣམ་པ་དེ་ལྟ་བུར་ཡོད་དོ་ཞེས་བྱ་བར་དགོངས་པའོ།། རྣམ་སྣང ་ཞེས་བྱ་བ་ལ་སོགས་པ་ལ། འོད་གསལ་བ་དེ་ཉིད་ནི། རྣམ་པར་སྣང་མཛད་ཀྱི་རང་བཞིན་ཉིད་དོ།། དེ་ཉིད་ནི་མི་བསྐྱོད་པ་སྟེ། ཉོན་མོངས་པ་ལས་བསྐྱོད་པར་མི་ནུས་པའི་ཕྱིར་རོ།། དེ་ཉིད་ནི་དོན་ཡོད་དེ། རྣམ་པ་ཐམས་ཅད་ཀྱིས་འགྲོ་བ ་རྣམས་ཀྱི་དོན་མཛད་པའི་ཕྱིར་རོ།། དེ་ཉིད་ནི་རིན་ཚན་ཏེ། སངས་རྒྱས་ཀྱི་ཆོས་རིན་པོ་ཆེ་ཐམས་ཅད་ཀྱི་རྟེན་དུ་གྱུར་པོའི་ཕྱིར་རོ།། དེ་ཉིད་ནི་འཁོར་འདས་ཏེ། དེ་དག་རྣམ་པ་ཐམས་ཅད་ཡོངས་སུ་སྤྱོད་པའི་ཕྱིར་རོ།། དེ་ཉིད་ནི་སེམས་དཔའ་སྟེ། ཡེ ་ཤེས་ལྔའི་རང་བཞིན་གྱི་ཕྱིར་རོ།། ཚངས་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་ཉིད་ནི་ཚངས་པ་ལ་སོགས་པ་ཡིན་པར་བརྗོད་པར་བྱའོ།། ཇི་ལྟར་བྱས་ནས་ཞེ་ན། སྒྲིབ་དྲལ་ཞེས་བྱ་བ་གསུངས་ཏེ། ཉོན་མོངས་པ་རྣམས་ལྷག་མ་མ་ལུས་པར་བྲལ ་བ་ནི་ཐར་པ་སྟེ། ཡེ་ཤེས་ཀྱི་གཟུགས་ཅན་ཡིན་པའི་ཕྱིར་རོ།། སངས་རྒྱས་ཀྱི་དེ་ཁོ་ན་ཉིད་ནི། སངས་རྒྱས་ཏེ། དེ་ལྟ་བས་ན། དེ་ཉིད་ནི་སངས་རྒྱས་སོ།། འཇུག་ཕྱིར་ཞེས་བྱ་བ་ལ། དེ་ཉིད་དུ་དེའི་བདག་ཉིད་ཀྱི་འཇུག་པའོ།། རྟག་ཏུ་དགེ་བ ་ཞེས་བྱ་བ་ནི། དེ་ཉིད་ནི་མཆོག་ཏུ་དགེ་བའི་དེ་བཞིན་ཉིད་ཡིན་པའི་ཕྱིར་ཞི་བ་ཉིད་དོ།། ཐམས་ཅད་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་ན་དེ་ཐམས་ཅད་ཡིན་ཞེ་ན། གང་གི་ཕྱིར་འདིས་རྒྱུ་བ་དང་། མི་རྒྱུ་བ་ཐམས་ཅད་ལ་མངོན་པར ་ཁྱབ་པ་དེའི་ཕྱིར། དེ་ཐམས་ཅད་ཅེས་བྱའོ།། དམ་པའི་བདེ་བ་ཞེས་བྱ་བ་ནི། ཟག་པ་མེད་པའི་བདེ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ།། དེ་ཉིད་ནི་དེ་ཁོ་ན་ཉིད་ཅེས་བྱ་བའོ།། རྣམ་པ་སངས་རྒྱས་ཞེས་བྱ་བ་ནི། དེ་ཉིད་བླ་ན་མེད ་པའི་དགའ་བའི་ཚོར་བ་ཡིན་པའི་ཕྱིར་རོ།། ཚངས་པ་ཞེས་བྱ་བ་ལ་སོགས་པ་མདོར་བསྟན་པའི་རྒྱས་པར་བསྟན་པ་ཡིན་ནོ།། གལ་ཏེ་འདིས་དངོས་པོ་ཐམས་ཅད་ལ་ཁྱབ་པར་གྱུར་པ་ཞིག་ཡིན་ན། འདི་ཇི་ལྟར་གོམས་པར་བྱ་བར་ནུས། གང ་དུ་ནི་གོམས་པར་བྱ་ཞེས་སོམ་ཉི་ཟོ་ན་དེའི་ཕྱིར། གང་ཕྱིར་ལུས་ལས་བྱུང་བ་ཉིད་ཅེས་བྱ་བ་གསུངས་ཏེ། དེའི་ལུས་ཉིད་ལས་བྱུང་བའི་ཕྱིར། དེ་ལུས་ཉིད་ལ་གོམས་པར་བྱ་བ་ཡིན་ནོ།། དེ་ལྟ་བས་ན། ལྔ་ཞེས་མངོན་པར་བརྗོད་པར་བྱ་ཞེས ་བྱ་བ་སྟེ། དགྱེས་པའི་རྡོ་རྗེ་དང་། རྡོ་རྗེ་རྣལ་འབྱོར་མ་ལོ་སོགས་པའི་ལྷ་རྣམས་ཏེ། དེ་དག་ཉིད་བདེ་བ་ཆེན་པོའི་རང་བཞིན་ཅན་ཉིད་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་སོ།། དེ་ཉིད་ནི་ལུས་ལ་གནས་པ་ཉིད་ཡིན་ནོ།། དེ་ཉིད་ནི་དོན་དམ་པར་ནོ།། ་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱའོ།། ཇི་ལྟར་ན་བཅོམ་ལྡན་འདས་ཞེས་བརྗོད་པར་བྱ་ཞེ་ན། བཅོམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ད་ནི་སྐྱེད་བྱེད་ཅེས་བྱ་བ་ལ་སོགས་པའི་སྒྲས་བླ་ན་མེད་པའི་ཤེས་རབ་རྗོད་པར་བྱ་བ་ཡིན ་བས། ཕྱི་དང་ནང་གི་བདག་ཉིད་ཅན་ལས་ཁྱད་པར་དུ་བསྟན་པར་བྱ་བའི་ཕྱིར། མ་ཞེས་བརྗོད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེ་བ་ཆེན་པོའི་རྣམ་པོ་སྣ་ཚོགསོ་པ་འདི་དག་སྐྱེད་པར་བྱེད་པས། མ་ཞེས་བརྗོད་དོ།། ཀུན་རྫོབ་དང་། ་དོན་དམ་པའི་བདེན་པ་ངག་རྣམ་པར་འབྱེད་པའི་ཕྱིར་སྲིང་མོའོ།། བཙོ་བླག་མ་ཞེས་བྱ་བ་ལ་སོགས་པ་ལ། བླ་ན་མེད་པའི་བདེ་བས་སེམས་ཅན་ཐམས་ཅད་ལ་ཆགས་པར་འགྱུར་བའི་ཕྱིར། བཙོ་བླག་མའོ།། བླ་ན་མེད་པའི་སངས་རྒྱས་ཀྱི་ཡོན ་ཏན་རྣམས་ཀྱིས་ཡོངས་སུ་འགེངས་པར་བྱེད་པོའི་ཕྱིར་བུ་མོའོ།། ལས་དང་པོའི་སེམས་ཅན་རྣམས་ཀྱིས་བརྟན་པར་བྱ་བར་མི་ནུས་པའི་ཕྱིར། གར་མའོ།། དབང་པོ་རྣམས་ཀྱི་ཡུལ་མ་ཡིན་པའི་ཕྱིར། གཡུང་མོ་ཞེས་བྱ་བའི་སྒྲས་བརྗོད་པར ་བྱའོ།། གལ་ཏེ་ཐམས་ཅད་རྫོགས་པའི་རིམ་པའི་ནང་དུ་འདས་པར་འགྱུར་ན། བཟླས་པ་དང་། བསམ་གཏན་དོང་། ཕྱག་རྒྱ་དང་། དཀྱིལ་འཁོར་ལ་སོགས་པ་གང་དག་གསུངས་པ་དེ་དག་ཅི་ཐམས་ཅད་དུ་མེད་པ་ཞིག་ཡིན་ནམ། ་འོན་ཏེ་ཡོད་པ་ཞིག་ཡིན་ཞེ་ན། ངེས་འདུལ་བའི་ལས་དང་པོ་པོ་རྣམས་ལ། དེ་ཡོད་པ་ཉིད་དུ་བསྟན་པས། དེ་དག་ཡོངས་སུ་བཟུང་བར་བྱ་བ་ཡིན་ནོ།། དེ་ཉིད་ཀྱི་ཕྱིར། སྤྲོས་པ་མེད་པའི་རང་བཞིན་ལས།། སྔགས་དང་ལྷ་ནི་ཡང་དག ་གནས།། ཞེས་གསུངས་པ་ཡིན་ནོ།། གལ་ཏེ་དེ་ལྟར་ན། རྫོགས་པའི་རིམ་པའི་ཕྱོགས་ལ་བཟླས་པ་དང་། བསམ་གཏན་ལ་སོགས་པོ་རྣམས་ཇི་ལྟར་བྱ་བ་ཡིན་ཞེ་ན། དེའི་ཕྱིར་བརྗོད་པ་བཟླས་པར་ཡང་དག་བཤད་ཅེས་བྱ་བ་ལ ་སོགས་པ་གསུངས་ཏེ། བརྗོད་པ་ནི་མངོན་པར་རྟོགས་པ་དང་། རྣམ་པར་གཟུང་བར་བྱའོ།། གང་གི་ཞེ་ན། ཨཱ་ལི་ཞེས་བྱ་བ་སྟེ། གཡས་པ་དང་། གཡོན་པའི་སྣའི་སྦུབས་ཀྱི་རླུང་དུ་རྟོགས་པ་ལ། ངེས་པར་རྟོགས་པའོ།། དེ་ཡང ་བླ་མའི་མན་ངག་ལས། ངེས་པར་གཟུང་བར་བྱའོ།། བཟླས་པ་ནི། དེ་ཉིད་ལས་རྡོ་རྗེ་བཟླས་པ་ཞེས་བྱ་བའི་སྒྲས་བརྗོད་པར་བྱའོ།། དཀྱིལ་འཁོར་ཡིན་ཞེས་བྱ་བ་ལ་སོགས་པ་ལ། དཀྱིལ་ནི་སྙིང་པོ་སྟེ། བདེ་བ་ཆེན ་པོའི་ཡེ་ཤེས་སོ།། དེ་ལེན་པར་བྱེད་པ་ནི། འཁོར་ཏེ། དཀྱིལ་འཁོར་ཞེས་བྱའོ།། དེ་ཅི་ཞིག་ཅེ་ན། རྐང་པའི་རྗེས་ཞེས་བྱ་བ་གསུངས་ཏེ། རྐང་པའི་མཐེ་བོང་དག་དམ་དུ་བསྐུམས་པའོ།། ཉེད་ཕྱིར་དཀྱིལ་འཁོར་བརྗོད་པར་བྱ ་ཞེས་བྱ་བ་ནི། ཉེད་ཅིང་འཛིན་པ་ཞེས་བྱ་བའི་སྐད་ཀྱི་དབྱིངས་ཀྱིས། བདེ་བ་ཚོན་པོ་འཛིན་པར་བྱེད་པ་ལ། དཀྱིལ་འཁོར་ཞེས་བྱའོ།། མུན་ངག་འདི་ནི་བདེ་བ་ཆེན་པོའི་རྣམ་པར་འཛིན་པར་བྱེད་པའི་ཐབས་ཡིན་ནོ།། ལག་པ་བསྒྱུར ་བ་ཞེས་བྱ་བ་ནི། མཐེ་བོ་གཉིས་ཀྱིས་མིང་མེད་གཉིས་བསྡམས་པ་ནི། ལག་པ་བསྒྱུར་བའོ།། དེ་ཉིད་ནི་ཕྱག་རྒྱར་འགྱུར་བའོ།། སོར་མོ་ཉེད་པ་དེ་བཞིན་ནོ།། ཞེས་བྱ་བ་ནི། འདིར་སོར་མོའི་སྒྲ་ནི་ལིང་ག་དང་ལྕེའོ།། དེ་དག་གི ་ཉེད་པ་ནི་གྱེན་དུ་སྦྱོར་བའོ།། གང་བསམས་དེ་ནི། ཞེས་བྱ་བ་ལ་སོགས་པ་ལ། ངོ་ནི་ཞེས་བྱ་བ་ནི། དེ་ཁོ་ན་ཉིད་ཀྱི་ལེའུ་གང་དུ་བསམས་པ་མ་ལུས་པ་སྐྱེ་བ་མེད་པོའི་མཚན་ཉིད་ཅན་བསྒོམ་པར་བྱ་བ་སྟེ། དེ་ལྟ་བས་ན། གང ་གི་ཕྱིར་མཆོག་ཏུ་སྙིང་པོ་འགྱུར་བ་དེ་རྣམ་པར་བསམ་པར་བྱའོ།། འོད་གསལ་བའི་མཚན་ཉིད་དེ་ཉིད་རྣམ་པར་བསམ་བྱ་བ་ཡིན་པས། དེ་ཕྱིར་དེ་ཉིད་བསམ་པར་བྱ་བའོ།། ཕ་ནི་རྡོ་རྗེ་འཆང་སྟེ། གསུམ་པའི་དོན་གྱི་བདུན་པ་ཡིན ་ཏེ། རྡོ་རྗེ་འཆང་གིས་བརྙེས་པའི་བདེ་བ་གང་ཡིན་པའི་བདེ་བ་བསྐྱེད་པར་བྱའོ།། རང་གིས་ཞེས་བྱ་བ་ནི། ཕྱི་རོལ་གྱི་ཕྱག་རྒྱ་ལ་ལྟོས་པ་མེད་པ་ཉིད་དུ་ཉེ་བར་སྤྱད་པར་བྱེད་པའོ།། དེ་ནི་བསམ་གཏན་ནོ།། ཞེས་བྱ་བ་ལ་སོགས་པས།། ་འོད་གསལ་གྱི་བསམ་གཏན་གསུངས་པ་དེར་ནི། བསམ་གཏོན་པ་དང་། བསམ་གཏན་བྱ་བོ་དང་། བསམ་གཏོན་ཞེས་བྱ་བ་གསུམ་ཆར་ཡང་ཡོད་པ་མོ་ཡིན་ན། དེ་ཇི་ལྟར་བསྒོམ་པར་བྱ་ཞེ་ན། བདེ་བ་གོང་གི་འཆི་བ་འདིར་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། འཆི་བ་ནི་ཐར་པའོ།། དེ་ཉིད་དུ་སེམས་དང་། སེམས་ལས་བྱུང་བ་དང་། མ་རིག་པའི་མཚོན་ཉིད་རྣམས་ནུབ་པར་གྱུར་པ་དེ་ནི། འཆི་བ་ཞེས་བྱའོ།། བདེ་བ་གང་གིས་ཞེས་བྱ་བ་ནི། ཉོན་མོངས་པ ་དང་། ཉེ་བའི་ཉོན་མོངས་པ་མ་ལུས་པ་ཟད་པའི་མཚན་ཉིད་ཅན་བདེ་བ་ཆེན་པོ་ཞེས་བྱ་བའོ།། དགྱེས་པའི་རྡོ་རྗེའི་དགའ་འགྲེལ། རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ལས། ལྔ་པ་དེ་ཁོ་ན་ཉིད་ཀྱི་ལེའུའི་འགྲེལ་པའོ།། ་ད་ནི་རྣལ་འབྱོར་པ་རྟག་ཏུ་བསྒོམ་པ་ལ། དགའ་བ་ཡིན་དུ་ཟིན་ཀྱང་། སྤྱོད་པ་མེདདོ་པར་མྱུར་དུ་བྱང་ཆུབ་ཐོབ་པར་མི་འགྱུར་རོ།། ཞེས་བསྟན་པའི་ཕྱིར། དེ་ནས་གཞན་ཡང་རབ་བཤད་བྱ།། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་བླ་མ་སངས་རྒྱས་ཀྱི་དཀའ་དང་། དཀའ་ཐུབ་ཀྱི་སྡུག་བསྔལ་བྱེད་པ་ནི་སྤྱོད་པ་སྟེ། བཤད་པར་བྱ་བའོ།། ཕ་རོལ་སོང་ཞེས་བྱ་བ་ནི། ཤིན་ཏུ་འཇིག་རྟེན་ལས་འདས་པའོ།། མཆོག་ནི་གཙོ་བོར་གྱུར་པ་སྟེ། གང་གིས་རྟོགས ་པར་འགྱུར་ཞིང་། རབ་ཏུ་གོ་བར་འགྱུར་བའོ།། གང་གིས་ཞེས་བྱ་བ་ནི། བྱ་བ་གང་གིས་སོ།། ཅི་ཞིག་རབ་ཏུ་གོ་བར་འགྱུར་ཞེ་ན། གྲུབ་མཐའ་ངེས་པར་ཞེས་བྱ་བའོ།། དངོས་གྲུབ་རྒྱུ་ཞེས་བྱ་བ་ནི། དངོས ་གྲུབ་ཀྱི་དོན་དུ་ཚེ་འདི་ཉིད་ལ། དངོས་གྲུབ་འབྱུང་ངམ། མི་འབྱུང་བ་མཚན་མ་ཐོབ་པ་ལ་ངེས་པར་འགྱུར་བའོ།། སྒོམ་པ་པོ་ཞེས་བྱ་བ་ནི། རྣལ་འབྱོར་པ་སྤྱོད་པ་པོ་སྟེ། ལྷ་རྫས་ཀྱི་རུས་པའི་རང་བཞིན་ཉིད་དོ།། མི་འཆི་བཅུ་ཕྱེད ་ནི་བདུད་རྩི་ལྔའོ།། ཧེ་རུ་ཀ་སྦྱོར་ཞེས་བྱ་བ་ལ་སོགས་པ་ལ། གནས་ཞེས་བྱ་བ་ནི། སློངས་མོ་པ་ལ་སོགས་པ་རྒྱུ་པའོ།། རིགས་ལྔ་ནི་ཤིན་ཏུ་དམན་པར་འགྱུར་བའམ། རིགས་ལྔ་ཞེས་བྱ་བ་འདི་བདེན་པ་ལ་མངོན་པར་ཞེན་པའི་བྱིས ་པས་རྣམ་པར་བརྟགས་པ་སྟེ། སྡིག་པ་ལ་སོགས་པའི་སྐྱོན་དང་མཚངས་པར་ལྡན་པའི་ཕྱིར། ཞེས་བྱས་ནས་སོ།། རང་གི་ངོ་བོས་ནི། རིགས་གཅིག་ཁོ་ན་ཡིན་ཏེ། ཇི་ལྟར་བྱས་ནསཽ་ཞེས་ན། རིགས་དག་དུ་མ་ཉིད་ཀྱིས་ནི། ་གང་ཕྱིར་དབྱེ་བ་མཚན་མི་བྱ།། ཞེས་བྱ་བ་གསུངས་ཏེ། སྐྱོ་བ་ཐ་དད་པོའི་སྲོག་ཆགས་རྣམས་ཀྱི་རྣམ་པ་ཐོ་དད་པ་ཉིད་ཡིན་ནོ།། འདི་ལྟ་སྟེ། གླང་པོ་དང་། རྟ་དང་། ཕག་དག་གོ་རིགས་གཅིག་པ་རྣམས་ཀྱི་རྣམ་པ་ནི། གཅིག་པ་ཉིད ་ཡིན་ཏེ། ཇི་ལྟར་བ་ལང་དོག་དང་། གླང་པོ་ནི། གླང་པོ་དག་དང་ངོ་།། དེ་དག་ཀྱང་ཁ་དོག་ཐ་དད་ཀྱང་། རིགས་ཐ་དད་དུ་མི་འགྱུར་ཏེ། དེ་ལྟར་ན་འཇིག་རྟེན་གྱི་ཐ་སྙད་དུ་ཡང་། རིགས་གཅིག་པ་ཉིད་དུ་གྲུབ་ན། རྣལ་འབྱོར་གྱི ་ཀུན་རྫོབ་ཏུ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཐོག་མ་མེད་པ་དང་ལྡན་པའི་འཁོར་བར་ཐམས་ཅད་ཀྱང་། རིགས་ཐམས་ཅད་ཡིན་པའི་ཕྱིར་རོ།། སྤྱོད་པ་དང་རྗེས་སུ་མཐུན་པའི་གནས་བསྟན་པའི་ཕྱིར། ཤིང་གཅིག་གམ། ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། གང་གི་གྲིབ་མ་ཤིང་གཞན་ལ་མི་འཕྲོག་ཅིང་། གང་གཞན་གྱི་གྲིབ་མས་ཀྱང་མི་འབོག་པ་དེ་ནི་ཤིང་གཅིག་གོ། གཙོ་བོར་རྣལ་འབྱོར་རྒྱུན་མི་གཅོད་པ་འདི་ནི་སྤྱོད་པ་སྟེ། ཤིང་གཅིག་ལ་སོགས་པ་དབེན་པར་རིགས ་སོ།། ཞེས་བྱ་བར་དགོངས་སོ།། འདི་ནི་མ་རྟགས་པ་དང་། ཡིད་གཉིས་ཀྱིས་བྱ་བ་ནི་མ་ཡིན་ནོ།། ཞེས་བྱ་བ་བསླབ་པའི་ཕྱིར། ཅུང་ཟད་དྲོང་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དྲོད་ནི་ཏིང་ངེ་འཛིན་དང་། སྔགས་ལས་བྱུང ་བའི་མཐུ་སྟེ། དེ་ཐོབ་པར་གྱུར་ནས་བྱའོ།། ཞེས་བྱ་བར་དགོངས་པའོ།། སྦྲུལ་དང་། སྟག་དང་། མི་དང་། མི་མ་ཡིན་པོ་ལ་སོགས་པས་ཇི་ལྟར་ཟིལ་གྱིས་མི་ནོན་ཅིང་བསྲུང་བར་འགྱུར་ལ། དེ་དག་གིས་མི་འཇིགས་པ་དང་། བཀྲེས ་པ་དང་། སྐོམ་པ་ལ་སོགས་པས་ཀྱང་མི་གནོད་པོ་སྟེ། གལ་ཏེ་ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འདོད་པར་གྱུར་པ་དེའི་ཚེ། སྤྱོད་པ་འདི་སྤྱད་པར་བྱའོ།། ཞེས་བྱ་བར་དགོངས་སོ།། རྡོ་རྗེ་བུ་མོ་འདི་ཁྱེར་ནས། ཞེས ་བྱ་བ་ལ་སོགས་པ་ལ། རྡོ་རྗེ་རིགས་ཀྱི་བུ་མོ་ཁོ་ནའོ།། རྟོག་པར་བྱ་བ་ནི། རིགས་པ་ཉིད་ཡིན་པས་ཏེ། དེ་ནི་རིགས་རྣམས་ཀྱི་མཆོག་ཉིད་ཡིན་པའི་ཕྱིར་དང་། གཞན་གྱིས་མི་འཕྲོགས་པ་ཉིད་ཡིན་པའི་ཕྱིར་རོ།། བྱང་ཆུབ་ས་བོན་ཉམས ་མྱོང་བ་ཞེས་བྱ་བ་ནི། དབང་བསྐུར་བ་ལ་སོགས་པས་དེ་འདུས་བྱས་པའོ།། རྡོ་རྗེ་མཆོག་དང་ལྡན་པ་ནི། བདེ་བ་ཆེན་པོའི་ཡེ་ཤེས་ཏེ། དེ་བརྗོད་པའོ།། རྡོ་རྗེ་རྐང་པས་ཞེས་བྱ་བ་ལ། རྡོ་རྗེ་ནི་དགྱེས་པའི་རྡོ་རྗེའོ།། དེའི ་རྐང་པ་ནི་གོ་འཕང་སྟེ། གཡས་བརྐྱང་བ~ཾ་དང་། གཡོན་བརྐྱང་བ་དང་། ཟླུམ་པོ་དང་། སཽ་ག་དང་། སྐྱིལ་ཀྲུང་ཕྱེད་པ་ལ་སོགས་པའོ།། ཞེ་སྡང་རྣམ་ངག་ཅེས་བྱ་བ་ནི། དགྱེས་པའི་རྡོ་རྗེའི་རྣམ་པར་དག་པའོ།། རྟག་ཏུ་ཞེས་བྱ་བ་ནི། རྟག ་པར་རྒྱུན་དུའོ།། སྨན་ཞེས་བྱ་བ་ནི། གཞི་མཉམ་པའོ།། ཆུ་ནི་མི་བསྐྱོད་པའོ།། རྟག་པར་ཞེས་བྱ་བ་ནི། རྟོག་པ་ཉིད་དུའོ།། རྒས་པ་ནི་གཉེརེ་མ་དང་། སྐྲ་དཀོར་འབྱུང་བའོ།། སྲུང་བར་གྱུར་པ་ཞེས་བྱ་བ་ནི། འབྱུང་པོ་དང་། ཤ་ཟ་ལ ་སོགས་པས་གཟུང་བར་མི་ནུས་པའོ།། རྐུན་མའི་སྒྲ་ཞེས་བྱ་བ་ནི། དཔྱངས་པའི་སྒྲའོ།། ཧཱུཾ་བྱུང་ཞེས་བྱ་བ་ནི། དགྱེས་པའི་རྡོ་རྗེའི་གཟུགས་སོ།། ཐོད་པ་ནི་མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་ལྔའི་རང་བཞིན་ནོ།། རྣལ་འབྱོར་ནི་ཐབས ་དང་ཤེས་རབ་ཀྱི་རྣལ་འབྱོར་གྱི་སྙོམས་པར་འཇུག་པའོ།། དེའི་རོལ་པོ་ནི། ཕྱི་དང་། ནང་གི་བདག་ཉིད་ཅན་གྱི་མཆོད་པའོ།། དེའི་ཕྱིར་ཐོད་པའི་དུམ་བུ་སོར་ལྔ་པ་འཛིན་པར་མཛད་དོ།། ཞེས་བྱ་བར་དགོངས་པའོ།། སྒྲའི་སྐེ་རགས་ནི། སྐྲའི ་ཐེ་དགུའོ།། ཐལ་བ་ནི། ཐལ་བས་བསྐུས་པའོ།། སྐྲའི་མཆོད་ཕྱིར་ཐོགས་ཞེས་བྱ་བ་ནི། སྒྲའི་མཆོད་ཕྱིར་ཐོགས་པ་ཉིད་དོ།། ངོ་ཚ་ནི་ངོ་ཚ་བ་ཉིད་དོ།། གཉིད་ནི་རྣལ་འབྱོར་གྱི་བར་ཆད་ཆེན་པོའོ།། ལུས་དང་། སྲོག་ལ་ཆགས་པ་ནི། དེ་བཞིན་ཉིད ་དུ་སྤང་བར་བྱ་བའི། ཐེ་ཚོམ་མེད་པར་ཞེས་བྱ་བ་ནི། ཐེ་ཚོམ་དང་བྲལ་བར་གྱུར་པས་ཞེས་བྱ་བའི་དོན་ཏོ།། ལུས་ངག་ཅེས་བྱ་བ་ལ་སོགས་པ་ལ། དང་བར་དེ་སངས་རྒྱས་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ལ་དབུལ་ཞིང་སྦྱིན་པའོ།། སྐལ ་དང་སྐལ་མི་ནོ་ཞེས་བྱ་བ་ནི། མཁོ་འམ་མི་མཁོ་སྦྱོང་བ་རྣམ་པར་སྤངས་ནས། བལྟོས་པ་མིང་པར་སྦྱིན་པའོ།། མངོན་ཕྱག་འཚལ་ཞེས་བྱ་བ་ཕྱག་བྱ་བ་སྟེ། ཕྱག་མ་བྱས་ན། མནར་མེད་པར་ལྟུང་བའོ།། སྤང་བའི་རྒྱུའི་ཕྱིརརོ་ཞེས་བྱ་བ་ནི།། ་ཡོངས་སུ་སྤང་བའི་ཚོང་དུའོ།། དུས་སུ་ཟ་བ་ནི་བསྒྲུབ་པའོ།། སྒྲ་བྲེག་པ་ལ་སོགས་པ་ནི་དབང་ངོ་།། དངོས་པོ་ཀུན་གྱི་རང་བཞིན་གྱིས་ཞེས་བྱ་བ་ནི། གནས་སྐབས་ཐམས་ཅད་དུ་ཀྱེའི་རྡོ་རྗེའི་ང་རྒྱལ་གྱིས་གནས་པའོ།། སྦྱིན་སྲེག་ཞེས་བྱ་བ ་ལ་སོགས་པ་ལ། དགྱེས་པའི་རྡོ་རྗེར་ལྷག་པར་མོས་པ་ཉིད་ཀྱིས་འདི་ལ་ལྷག་པར་རྣལ་འབྱོར་བརྟན་པར་བྱ་བའི་ཕྱིར། ཕྱི་རོལ་གྱི་སྦྱིན་སྲོག་ལ་སོགས་པ་སངས་སུ་སྤངས་པའོ།། ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་དགྱེས་པོའི་རྡོ་རྗེའི་བདག ་ཉིད་ཅན་འདིས་གང་ཅུང་ཞིག་ཅི་ཟ་བ་དེ་ཉིད་སྦྱིན་སྲེག་ཡིན་པའི་ཕྱིར་རོ།། མཆོད་སྦྱིན་ནི། ཕྱོག་རྒྱ་ལ་བརྟེན་པའོ།། ལུས་ཀྱི་ལས་ཐམས་ཅད་ནི་དཀའ་ཐུབ་བོ།། ཅང་ཏིའུའི་སྒྲ་དང་། ཁ་ཊྭཱཾ་འཛིན་པ་ནི། སྔགས་དང་། བསམ་གཏན་ནོ།། ་ཡང་ན་རྡོ་རྗེ་གླུ་དང་། རྡོ་རྗེ་གར་ནི་སྔགས་དང་། བསམ་གཏན་ནོ།། དེའི་ཕྱིར་འདིས་གང་བྱེད་པོ་དེ་ནི། དམ་ཚིག་ཡིན་ལ། གང་མི་བྱེད་པ་དེ་ནི། སྡོམ་པ་ཡིན་ནོ།། རྒྱུད་འདིར་དམན་པ་དང་། བར་མ་དང་། མཆོག་དང་། ཤིན་ཏུ་མཆོག་ཏུ ་གྱུར་པའི་སེམས་ཅན་གྱི་དབྱེ་བས་ཕྱག་རྒྱ་རྣམ་པ་བཞི་བསྟན་པ་ཡིན་ནོ།། དེ་ལ་ཤིན་ཏུ་མཆོག་ཏུ་གྱུར་པའི་སེམས་ཅན་གྱིས་ནི། བརྒྱ་ལ་དབང་བཞི་པ་བསྐུར་བ་དང་། དུས་མཉམ་དུ་ཕྱག་ཆེན་པོ་མངོན་སུམ་དུ་བྱེད་པ ་ཡང་སྲིད་པས་ལོགས་ཤིག་ཏུ་སྤྱོད་པ་མ་གསུངས་སོ།། དེའི་ཕྱིར་དབང་པོ་དམན་པ་དང་། འབྲིང་དང་། མཆོག་ཏུ་གྱུར་པའི་སློབ་མ་རྣམས་ལ་སྦྱོང་བ་མེད་པ་མྱུར་དུ་བྱང་ཆུབ་ཐོབ་པར་མི་འགྱུར་རོ།། ཞེས་བསྟན་པའི་ཕྱིར། སྤྱོད་པ ་རྣམ་པ་གསུམ་གསུངས་པ་ཡིན་ཏེ། སྤྲོས་བཅས་དང་། སྤྲོས་མེད་དང་། ཤིན་ཏུ་སྤྲོས་པ་མེད་པའོ།། འདི་ནི་སྤྲོས་པ་མེད་པའི་སྤྱོད་པ་སྟེ། དབང་པོ་དམན་པ་དང་། བར་མའི་ཕྱིར་གསུངས་པ་ཡིན་ནོ།། ཡང་དབང་པོ་མིཆོག་ཏུ་གྱུར་པ ་རྣམས་ལ་ནི་ལེའུ་བཅུ་བཞི་པ་ལས་ཀྱེའི་རྡོ་རྗེ་རྣལ་འབྱོར་མ་ཞེས་བྱ་བ་ལ་སོགས་པས་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་སྟོན་པ་མཛད་པར་འགྱུར་རོ།། དབང་པོ་དམན་པ་རྣམས་ཀྱི་སྤྲོས་པ་དང་བཅས་པའི་སྤྱོད་པ་ཡང་བརྟག་པ་གཉིས ་པའི་ལེའུ་བདུན་པ་ལས། མདོར་བསྟན་པས། སྟོན་པར་འགྱུར་རོ།། སྙིང་རྗེ་བཏུང་བར་ཞེས་བྱ་བ་ལ་སོགས་པ་ལ་དམིགས་པ་དང་བཅས་པའི་སྒོམ་པ་ནི་སྙིང་རྗེ་སྟེ། དེ་ཉིད་ཀྱིས་བདེ་བ་ཆེན་པོའི་རོ་མྱོང་བར་བྱེད་པ་ནི་བཏུང་བའོ།། དེ ་ནི་དུས་ཐམས་ཅད་དུ་བཏུང་བར་བྱ་བ་སྟེ། འགྲོ་བའི་དོན་བྱ་བའི་ཆེད་དུའོ།། དེ་ཉིད་ཀྱི་ཕྱིར་རྣལ་འབྱོར་བཏུང་བས་ཞེས་བྱ་བ་ལ་སོགས་པ་གསུང་ས་ཏེ། རྣལ་འབྱོར་ནི་ཏིང་ངེ་འཛིན་ཏོ།། དེ་ཉིད་ནི་བཏུང་བ་སྟེ། དེ་ལ་དགའ་བ་ནི ་འདོད་པའོ།། དེའི་ཕྱིར་གཞན་ཆང་ལ་སོགས་པའི་བཏུང་བས་སྤྱོད་པ་བྱེད་པའི་རྣལ་འབྱོར་པས་བཟི་བར་མི་བྱ་བ་སྟེ། རྨོངས་པ་གཙོ་བོར་གྱུར་པས། རྣལ་འབྱོར་གྱི་བགེགས་ཆེན་པོར་འགྱུར་བའི་ཕྱིར། ཞེས་དེ་ལྟར་བསླབ་པར་བྱའོ།། དགྱེས ་པའི་རྡོ་རྗེའི་དཀའ་འགྲེལ། རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ལས། དྲུག་པ་སྤྱོད་པའི་ལེའུའི་འགྲེལ་པའོ།། ། བརྡ་ནི་ཀླ་ཀློའི་སྐད་དེ། རྣལ་འབྱོར་མ་རྣམས་ཀྱིས་རྟོགས་པ་བརྡ་སྟོན་པའོ།། དེ་ཡང་ཐབས་ཀྱི་མཆོག་ཏུ་གྱུར་པ་ཡིན་པ ་ཉིད་དུ་ཤེས་པར་བྱའོ།། དེའི་ཕྱིར་དོ་ནས་བརྡའི་ལེའུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བརྡ་གསལ་བར་བྱེད་པའི་ལེའུ་ལ་ཡང་འདི་སྐད་ཅེས་བྱའོ།། སྤྱན་ནི་རྣལ་འབྱོར་པའོ།། སྲིན་མོ་ནི་རྣལ་འབྱོར་མའོ།། སོར་མོ་གཅིག་ཅེས་བྱ་བ་ནི་མཛུབ ་མོ་སྟེ། འོངས་སུམ། ཞེས་བྱ་བའི་དོན་ཏོ།། གང་ཞིག་ཅེས་བྱ་བ་ནི། གང་ཞིག་གིས་བལྟ་བར་བྱའོ།། གཉིས་ཀྱིས་ཞེས་བྱ་བ་ནི། མཛུབ་མོ་དང་། གུང་མོ་དག་གིས་སོ།། དར་དབྱངས་སྟོན་པ་ཞེས་བྱ་བ་ནི། དེ་གཉིས་ཀྱིས་དར་དཔྱངས་བཅིངས ་པའི་ཚུལ་སྟོན་པའོ།། རྩེ་གསུམ་ཞེས་བྱ་བ་ནི། མཐེའུ་ཆུང་མཐེ་བོས་མནན་ནས། ལྷག་མ་རྩེ་གསུམ་གྱི་ཚུལ་དུ་བརྐྱང་བའོ།། མཚམས་ནི་ཞེས་བྱ་བ་ནི། སྤྱི་གཙུག་གིས་མཚོམས་སོ།། འཁོར་ལོ་ནི་འཁོར་ལོའི་ཚུལ་སྟོན་པའོ།། ཁྲོ ་གཉེར་ནི་སྨིན་མ་གཡོ་བའོ།། གཙུག་ཕུད་དགྲོལ་བ་ཞེས་བྱ་བ་ལ་སོགས་པ་ནི། དྲང་བའི་དོན་གྱི་བཤད་པའོ།། སོར་མོ་གཅིག་ནི་སྟོན་པ་དང་། ཞེས་བྱ་བ་ལ་སོགས་པ་ལ། གང་ཡང་སོར་གཅིག་ཅེས་བྱ་བ་མཛུབ་མོ་འམ། གུང་མོ་དང་། ་མཛུབ་མོ་ངག་གིས་ཤེས་རབ་ཀྱི་པདྨར་སྟོན་པ་སྟེ། བསྐུལ་བར་བྱའོ།། དེ་ཉིད་ནི་ལེགས་པར་འོངས་པ་ཡིན་ཞེས་བྱ་བ་ལ། ལེགས་པར་ཞེས་བྱ་བ་ནི། ཁུ་བ་སྟེ། སོར་མོ་སྦྱོར་བས་ཕབ་ཅེས་བྱ་བའི་དོན་ཏོ།། ་བསྙུན་གྱི་ཕྱག་རྒྱར་ཞེས་བྱ་བ་ལ་སོགས་པ་ལ། བསྙུན་གྱི་ཕྱག་རྒྱ་ནི། བདེ་བའི་མཐར་ཐོག་པའི་ཆོས་ཀྱི་དབྱིངས་རབ་ཏུ་བསྒྲུབ་པ་སྟེ། དེ་རྣམས་ཤེས་པའོ།། དེ་ཇི་ལྟ་བུ་ཞིག་ཅེ་ན། གཡོན་གྱི་མཐེ་བོང་བཅངས་པ་ལས་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། གཡོན་ཞེས་བྱ་བ་ནི། ཤེས་རབ་སྟེ། ངོའི་པདྨའི་ནང་ངོ་།། མཐེ་བོང་ནི་རྡོ་རྗེ་སྟེ། ངོས་འཛག་པའི་གནས་སྐབས་ཐོབ་པར་གྱུར་པ་ནི། བཙིར་བར་བྱ་བའོ།། སྲིན་ལག་ཅེས་བྱ་བ་ལ་སོགས་པ་ལ། སྲིན ་ལག་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ།། གང་ཞིག་ཅེས་བྱ་བ་ནི། གང་གི་ཕྱིར་རིམ་པ་འདི་ཉིད་ཀྱིས་བྱིན་པའོ།། དེ་ལ་མཐེའུ་ཆུང་རྣམ་པར་བྱིན་ཞེས་བྱ་བ་ལ། མཐེའུ་ཆུང་ནི་དབང་ཐ་མ་སྟེ། དབང་བཞི་པ་ཞེས་བྱ་བའི ་བར་དུའོ།། ཇི་ལྟར་སྦྱིན་པར་བྱ་ཞེ་ན། གུང་མོ་ཞེས་བྱ་བ་གསུངས་ཏེ། གུང་མོ་ཞེས་བྱ་བ་ཨ་བ་དྷཱུ་ཏཱི་ཞེས་བྱ་བ་བསྟན་པའོ།། གང་ཞིག་ཅེས་བྱ་བ་ནི། བླ་མ་གང་ཞིག་གིས། སློབ་མ་ལ་བཞི་པའི་མན་ངག་ཅེས་བྱ་བར་གྲགས་པ ་སྡིགས་མཛུབ་སྤངས་ལ་བསྟོན་པར་བྱའོ།། དེ་ལོ་མཛུབ་མོ་དང་། སྲིན་ལག་ཅེས་བྱ་བ་ལ། ལཱ་ནཱི་དང་། ར་ས་ནཱའོ།། སྦྱིན་པར་བྱ་ཞེས་བྱ་བ་ནི། བསྟན་པར་བྱ་བའོ།། ཇི་ལྟ་བུ་ལ་བསྟན་པར་བྱ་ཞེ་ན། མགྲིན་པ་རབ་ཏུ་སྟོན་པ་ལ ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞིག་ཞབས་ལ་བཏུགས་པ་ལ་སོགས་པས། བླ་མ་ཡང་དག་པར་མཉེས་པར་བྱེད་པའི་སློབ་མ་ལ་བསྟན་པར་བྱ་ཞེས་བྱ་བར་དགོངས་སོ།། ངར་དབྱངས་ཞེས་བྱ་བ་ལ་སོགས་པ་ལ། སོར་མོ ་གཉིས་ཀྱིས་དར་དཔྱངས་བཅིངས་པའི་ཚུལ་དུ་བྱེད་པ་སྟེ། ཤེས་རབ་དང་ཐབས་མཚོན་པའོ།། དེ་འདིར་སྟོན་ཅིག་ཅེས་དྲི་བ་ལ། དེ་ལ་རྩེ་གསུམ་དུ་སྟོན་ཞེས་བྱ་བ་སྟེ། རྩེ་གསུམ་ནི་ཤེས་རབ་དང་། ཐབས་དང་། གཉིས་སུ་མེད ་པའི་མཚོན་པར་བྱེད་པའི་ལ་ལ་ནཱ་དང་། ར་སེ་ནཱཾ་དང་། ཨ་བ་དྷཱུ་ཏཱིའོ།། དེ་ལ་རབ་ཏུ་ཕྱེ་ནས་བསྟན་པར་བྱ་བའོ།། ནུ་མ་སྟོན་པ་ལ་ཞེས་བྱ་བ་ལ་སོགས་པ་ལ། སློབ་མ་གང་ཞིག་ལ་ནུ་མ་སྟེ། ཤེས་རབ་དང་། ཐབས་མཚོན་པར ་བྱེད་པ་སྟེ། དེ་དག་ཉམས་སུ་མྱོང་བས་བསྟན་ཅིང་། སྨྲ་བར་བྱའོ།། མཚམས་ནི་བདེ་བ་ཆེན་པོའི་འཁོར་ལོ་སྟེ། དེ་ལ་རབ་ཏུ་བསྟན་པར་བྱའོ།། ས་ནི་སྤྲུལ་པའི་འཁོར་ལོ་སྟེ། དེ་བསྟན་པར་བྱ་བའོ།། གང་ཞིག་ཅེས་བྱ་ཕྱི་ན ་སྟེ། དེ་ལ་འཁོར་ལོ་ཞེས་བྱ་བ་ཆོས་ཀྱི་འཁོར་ལོ་བསྟན་པར་བྱ་བའོ།། ཁྲོ་གཉེར་ཞེས་བྱ་བ་ནི། ལོངས་སྤྱོད་ཀྱི་འཁོར་ལོ་བསྟན་པར་བྱ་བའོ།། གང་ཞིག་ཅེས་བྱ་བ་ནི། ཡང་ངོ་།། གཙུག་པུད་དགྲོལ་བར་བརྗོད་པར་བྱ་ཞེས་བྱ་བ ་ལ་མཐར་པའི་དོན་གྱིས་བསློབ་པ་སྟེ། ཁྱོད་ཀྱིས་སྲོག་ཆགས་བསད་པར་བྱ་ཞེས་བྱ་བ་ལོ་སོགས་པ་བརྗོད་པར་བྱའོ།། དཔྲལ་བ་སྟོན་པ་ལ། ཞེས་བྱ་བ་ནི། ངགོ་གིས་ཡང་ཕྱག་བྱ་བའོ།། དེ་ལ་རྒྱབ་ནི་ཞེས་བྱ་བ་ནི། ལག་པས ་དེའི་རྒྱབ་ལ་རེག་པར་བྱའོ།། ཞེས་བྱ་བར་དགོངས་པའོ།། ལག་པས་རེག་པ་འབའ་ཞིག་མ་ཟད་ཀྱི།། རྐང་མཐིལ་ཞེས་བྱ་རྐང་པའི་མཐིལ་གྱིས་སའི་དཀྱིལ་འཁོར་བསྟན་པར་བྱ་བ་སྟེ། རྣལ་འབྱོར་འདི་དང་ལྡན ་པས་ས་ལ་ཇི་ལྟར་བདེ་བར་གནས་པར་བྱའོ།། ཞེས་བརྗོད་པོར་བྱའོ།། གང་ཞིག་བླ་མས་རྗེས་སུ་གནང་བར་བྱས་པར་འགྱུར་བ་གནས་པ་ངེས་ལྟོ་བའི་རྣམ་པར་རྩེ་བར་བྱ་ཞེས་བྱ་བ་ལ་ལྟོ་བ་ཞེས་བྱ་བ་ནི། རྣལ་འབྱོར་པོ་སྟེ། སངས ་རྒྱས་བཅོམ་ལྡན་འདས་སོ།། རིམ་གྱིས་དེ་དག་ལྷན་ཅིག་ཏུ་དེ་ལྟ་བུའི་ཡོན་ཏན་གྱི་ཚོགས་ཀྱིས་བརྒྱན་པར་བྱ་བའོ།། འདི་ནི་ངེས་པའི་དོན་གྱིས་གཤད་པའོ།། ཕྱག་རྒྱ་ལོན་ཞེས་བྱ་བ་ལ། སོར་མོ་གཉིས་ཞེས་བྱ་བ་ལ་སོགས་པས་དབྱེ ་བར་བྱའོ།། ཕྲེང་བ་མའི་ལག་ཅེས་བྱ་བ་ནི། སྐྲ་བཙང་བ་ལྟར་བྱ་བ་འམ། ཕྲེང་བ་དྲང་བ་ལྟར་བྱ་བའོ།། དེ་ལ་མངོན་དུ་ཕྱོགས་པ་ལྟར་སྟོན་པ་ནི། ཕྲེང་བ་མངོན་པར་བསྟན་བྱོས་ན། ཞེས་བྱ་བའོ།། འདི་དག་གཉི་ག་ཡང་དངོས་སུ་འོམ ་དེ་ལྟ་བུའི་ཚུལ་གྱིས་རྟོགས་པར་བྱའོ།། འདི་དག་ཐམས་ཅད་ཀྱང་ལག་པ་གཡོན་པ་བསྟན་པར་བྱའོ།། ཕྲེང་བ་མངོན་པར་བཏང་བྱས་ཞེས་བྱ་བའི་དོན་བསྟན་པར་བྱ་བའི་ཕྱིར། དམ་ཚིག་ལོ་གནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་ལྷ་རྫས་ཞེས་བྱ་བ་ནི། རྣལ་འབྱོར་མའོ།། ཕྱི་རོལ་ཞེས་བྱ་བ་ནི། བསྟེན་པར་གྱིས་ཤིག་ཅེས་པ་བོའོ།། ཀྱེའི་བཅོམ་ལྡན་འདས་ཞེས་བྱ་བ་ལྀ་སོགས་པ་ལ། འདི་རྣམས་ནི་ས་ནི་བཅུ་གཉིས་ཞེས་བྱ་བ་ནི། གནས་ལ་སོགས་པའོ།། འདི ་ལས་འབྱུང་བར་འགྱུར་བས་ན། ས་ཞེས་བྱ་སྟེ། རབ་ཏུ་དགའ་བ་དང་། དྲི་མ་མེད་པ་དང་། འོད་བྱེད་པ་དང་། འོད་འཕྲོ་བ་དང་། སྦྱང་དཀའ་བ་དང་། མངོན་དུ་གྱུར་པ་དང་། རིང་དུ་འགྲོ་བ་དང་། མི་གཡོ་བ་དང་། ལེགས་པའི་བློ ་གྲོས་དང་། ཆོས་ཀྱི་སྤྲིན་དང་། ཀུན་ཏུ་འོང་དང་། དཔེ་མེད་པ་ཞེས་བྱ་བ་རིམས་བཞིན་ནོ།། ཡོ་ཤེས་ལྡན་ཞེས་བྱ་བ་བཅུ་གསུམ་པ་རྡོ་རྗེ་འཛིན་པའི་ས་ནི་ཤིན་ཏུ་མི་གནས་པའི་མྱ་ངན་ལས་འདས་པའི་ངོ་བོ་ཉིད་ཡིན་པས། དེ་ནི་མ ་བརྗོད་དོ།། ས་བཅུའི་དབང་ཕྱུག་གི་བྱང་ཆུབ་སེམས་དཔའ་དང་། མགོན་པོ་སངས་རྒྱས་ཀྱིས་བསྟན་པ་ཡིན་ནོ།། ཞེས་སྦྱར་བར་བྱའོ།། གང་དག་ལས་ཞེས་བྱ་ཞེ་ན། གནས་ལ་སོགས་པ་འདི་དག་ཉིད་ལ་ཞེས་བྱ་བའི་དོན་ཏེ། ཀྱེ་བཅོམ ་ལྡན་འདས་ཞེས་བྱ་བ་ལ་སོགས་པའོ།། ཀཻ་ལ་གི་རི་ནི་པུ་ལི་ར་མ་ལ་ཡའོ།། ནཱ་ག་ར་ནི་བ་ཏཱ་ལ་པུ་ཏྲའོ།། ལན་ཚྭ་རྒྱ་མཚོ་ནས་སྐྱེས་ཞེས་བྱ་བ་ནི། ཧ་ལི་ཀེ་ལའི་ཁྱད་པར་རོ།། གསེར་དང་ལྡན་པའི་གླིང་ཞེས་བྱ་བ་ནཽ། སེར་གླིང་ཉིད་དོ།། ་དེ་ཉིད་པ་ཞེས་བྱ་བོ་ནི། ཨུ་པ་ལི་ལ་བ་སྟེ། ཉེ་བའོ།། རྫིང་བུ་ཞེས་བྱ་བ་ནི་རིང་བའོ།། ཉིན་མོ་ཉིད་ཀྱང་ཞེས་བྱ་བ་ལ་སོགས་པ་ལ། ཡི་དོགས་ཟླ་ཕྱེད་ཅེས་བྱ་བ་ནི། མར་ངོའི་ཕྱོགས་སོ།། འདི་ནི་ཕྱི་རོལ་གྱི་བསྟོན་པའོ།། ། ་ད་ནི་གདུག་པ་ཅན་རྣམས་གཞུག་པར་བྱ་བའི་ཕྱིར་དང་། སློབ་མའི་རྣལ་འབྱོར་བསྟན་པའི་ཕྱིར། ཕྱི་དང་ནང་གི་བདག་ཉིད་ཅན། སྒྲ་གཅིག་གིས་བསྟན་པར་འདོད་ནས། རྒྱལ་མཚན་དང་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱལ ་མཚན་ནི་དབྱངས་པའོ།། མཚོན་བསྣུན་ཉིད་ནི། གཡུལ་ངོ་ལ་སོགས་པར་བསད་པའོ།། ལན་བདུན་པ་ནི། སྐྱེ་བ་བདུན་པའོ།། སྙིང་རྗེས་ཞེས་བྱ་བ་ནི། དེའི་འཁོར་བའི་སྡུག་བསྔལ་བསམས་ནས་སོ།། ་མཁས་པ་ཞེས་བྱ་བ་ནི། རྣམ་པར་མཁས་པ་ཉིད་དེ། འདི་ནི་བཤང་པ་གཅིག་གོ། རྒྱལ་མཚན་ནི་དམིགས་པ་དང་བཅས་པའི་སེམས་སོ།། མཚོན་བསྣུན་ན་ནི། ཤེས་རབ་ཀྱི་མཚོན་གྱིས་བཅད་པ་སྟེ། གཅིག་དང་། དུ་མའི་རང ་བཞིན་གྱིས་དཔྱད་པས། རང་བཞིན་མེད་པར་བྱས་པ་ནི། མཚོན་གྱིས་བསྣུན་པའོ།། ཉིད་ཅེས་བྱ་བ་ནི། གང་གིས་དཔྱོད་པར་བྱེད་པའི་སེམས་དེ་ཉིད་ཀྱང་། དཔྱད་བ་བྱས་པས། རང་བཞིན་མེད་པར་བྱེད་པར་བསྟན་པའོ།། ལན ་བདུན་པ་ཡང་ཞེས་བྱ་བ་ནི། ལན་བདུན་གྱི་བར་དུ་ཡང་ཡང་བལྟས་ནས། བཟའ་བར་བྱ་བ་སྟེ། རང་བཞིན་མེད་པར་བྱས་ཞེས་བྱ་བའི་དོན་ཏོ།། འདི་ནི་གནས་ཇི་ལྟ་བུར་ཡང་བདག་དང་། གཞན་མོ་ཚིག་ཏུ་བསྲུང་བར་བྱས་པར ་འགྱུར་ཏེ། བདུད་ལ་སོགས་པས་ཀྱང་ཉེ་བར་འཚེ་བར་མི་འགྱུར་རོ།། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་མངོན་དུ་ཕྱོགས་པར་འགྱུར་རོ།། སྙིང་རྗེ་བསྐྱེད་ཅེས་བྱ་བ་ལ་སོགས་པ་ལ། དང་པོར་ཚངས་པའི་གནས་བཞི་བསྒོམ་པ་བྱས ་སོ།། འབད་པས་ཞེས་བྱ་བ་ནི། ངེས་པ་ཁོ་ནར་རོ།། མཁས་པས་ཞེས་བྱ་བ་ནི། རྣམ་པར་མཁས་པའོ།། དལ་ཏེ་འགྲོ་བ་རྣམས་བསད་ཅིང་། མི་དམིགས་པར་བྱ་བ་ཡིན་ན། དེ་ལྟ་ན་ཅིའི་ཕྱིར་ཚངས་པའི་གནས་བཞི་དང་པོར ་བསྒོམ་པར་བྱ་ཞེ་ན། སྙིང་རྗེ་མེད་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་དང་པོར་ཚངས་པའི་གནས་བཞི་བསྒོམ་པ་མེད་ན། དེའི་ཚེ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ངོ་བོ་མེད་པར་ཡང་འགྱུར་ཏེ། སྟོང་པ་ཉིད་འབའ ་ཞིག་བསྒོམས་པས། ཉན་ཐོས་ལ་སོགས་པའི་མྱ་ངན་ལས་འདས་པ་ཉིད་དུ་ཡང་འགྱུར་བ་སྲིང་ངོ་།། དེ་ལྟ་བས་ན། ངོའི་ཕྱིར་སྙིང་རྗེ་བསྐྱེད་པ་ཉིད་ཅེས་བྱ་བས་ཉེ་བར་བསྡུས་པ་ཡིན་ནོ།། ཐམས་ཅད་གདུག་པ་ཞེས་བྱ་བ་ནི། བདེ ་བར་གཤེགས་པའི་བསྟན་པ་ལ་སྡང་བ་སྟེ། རྒྱང་པན་པ་ལ་སོགས་པའོ།། དེ་དག་གསང་སྔགས་ཀྱི་ཐེག་པ་ལ་སྦྱར་བར་བྱ་བའི་ཕྱིར། གསུངས་པ་ཡིན་ནོ།། ཆོ་གའི་གཙོ་བོ་ཞེས་བྱ་བ་ལ་སོགས་པ་འདིར་ཆོ་གའི་གཙོ་བོས་དགག ་པར་བྱ་བ་ཡིན་ནོ།། གང་དང་གླེང་དུ་བསང་བ་ལ་སོགས་པའི་སྒྲ་དང་ལྡན་པ་མཐོང་བ་དེ་དང་དེར་འདི་བཞིན་དུ་རིག་པ་རཽ་བྱའོ།། ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན་ཞེས་བྱ་བ་ལ་སོགས་པ་ལ། རྟག་ཏུ་ཞེས་བྱ་བ་ནི། རུས་ཐམས་ཅད ་དུའོ། འཇིག་རྟེན་པ་ལ་སོགས་པའི་དྲུང་དུ་ནི། རྒྱལ་མཚན་ལ་སོགས་པ་སྤང་བར་བྱ་ལ། ཚོགས་ཀྱི་འཁོར་ལོ་ལ་སོགས་པ་དབེན་པའི་གནས་སུ་ནི་ལོངས་སྤྱོད་པར་བྱའོ།། ཞེས་བྱ་བ་ཡིན་ནོ།། མི་བསམ་ཡོད་མ་ཡིན ་ཞེས་བྱ་བ་ལ་སོགས་པ་ལ། མི་བསམ་ཞེས་བྱ་བ་ནི། བསམ་པ་གཞན་ཅི་ཡང་མི་བསམ་པ་སྟེ། ཇི་ལྟར་བདག་ཉིད་དགྱེས་པའི་རྡོ་རྗེའི་ང་རྒྱལ་བྱེད་པ་དེ་བཞིན་དུ། སེམས་ཅན་གཞན་ལ་ཡང་བྱ་བའོ།། དེ་བཞིན་བདག ་ཉིད་ཅེས་བྱ་བ་ནི། ཀུན་བསྡུ་བ་སྟེ། དེ་དག་དང་། བདག་ཉི་ག་དགྱེས་པའི་རྡོ་རྗེར་བལྟ་བར་བྱའོ།། བདག་ཉིད་གཞན་ཞེས་བྱ་བ་ནི། བདག་ཉིད་དང་གཞན་དག་གོ། གནས་བཞུགས་པས་ཞེས་བྱ་བ་ལ ་སོགས་པ་ལ། གཉིས་མེད་ཅེས་བྱ་བ་ནི། ཆོས་ཐམས་ཅད་སྟོང་པ་ཉིད་དོ།། དེ་ཉིད་ཤྲཱི་སྟེ། ཆོས་ཐམས་ཅད་འོད་གསོལ་བའི་རང་བཞིན་ཡིན་པའི་ཕྱིར་རོ།། རྒྱུ་ཞེས་བྱ་བ་ནི་བྱེད་རྒྱུའོ།། སོགས་པ་ཞེས་བྱ་བ་ནི། རང་བཞིན་ནོ།། ་སྟོང་པ་ཉིད་ནི་དེ་དག་དང་བྲལ་བའོ།། ཚོགས་ནི་རྣམ་པར་རྟོག་པ་སྟེ། དེ་དང་བྲལ་བ་ནི། ཡོངས་སུ་སྤངས་པ་ཉིད་དོ།། ཀ་ཞེས་བྱ་བ་ནི། མི་གནོས་པའི་མྱ་ངན་ལས་འདས་པའོ།། འདི་དག་གིས་ནི་སྟོང་པ་ཉིད་དང་། མཚན་མ ་མེད་པ་དང་། མངོན་པར་འདུ་བྱས་པ་མེད་པ་དང་། སྨོན་པ་མེད་པའི་དོན་རྣམས་ནི། ཧེ་རུ་ཀ་ཞེས་བྱ་བའི་སྒྲས་བསྟན་པ་ཡིན་ནོ།། འགྲོ་དྲུག་ཏུ་སྐྱེ་བར་འགྱུར་བས་ན། སྐྱེ་བོ་སྟེ། ཕུང་པོ་ལྔའོ།། ཤ་ཞེས་བྱ་བ་ནི། ངོའི ་རང་བཞིན་ནོ།། བཟའ་བྱ་བ་ཞེས་བྱ་བ་ནི། སྣང་བ་མེད་པར་བྱ་བའོ།། མཁས་པས་ཞེས་བྱ་བ་ནི། དགྱེས་པའི་རྡོ་རྗེའི་རྣལ་འབྱོར་དང་ལྡན་པའོ།། སེམས་ཅན་དེ་དེ་ཞེས་བྱ་བ་ནི། དངོས་པོ་དེ་དང་དེའོ།། དབང་དུ་གྱུ་རོ་ཞེས་བྱ་བ་ནི། ་དེ་དང་དེ་ལ་དབང་ཐོབ་པར་འགྱུར་པོ་སྟེ། གཟུགས་ལ་སོགས་པ་རྣམ་པ་སྣ་ཚོགས་པ་སྤྲུལ་པ་གདུལ་བྱ་སྟེ། ཚོགས་འདུལ་བར་འགྱུར་རོ།། རྡོ་རྗེ་ནི་དགྱེས་པའི་རྡོ་རྗེའོ།། ཐོད་པ་ནི་བདེ་བ་སྲུང་བར་བྱེད་པའི་ཕྱིར། བདག ་མེད་པ་སྟེ། སྟོང་པ་ཉིད་དང་སྙིང་རྗེའོ།། དེའི་སྦྱོར་བ་ནི། ཏིང་ངེ་འཛིན་ཏེ་དེ་ཡིས་སོ།། དགྱེས་པའི་རྡོ་རྗེའི་དཀའ་འགྲེལ། རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ལས། བརྡ་དང་གནས་ཀྱི་ངེས་པ་བསྟན་པ་ལེའུ་བདུན་པའི་འགྲེལ་པའོ།། ་དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། འཁོར་ལོ་ནི་དཀྱིལ་འཁོར་ཏེ། མཆོག་དང་པོའི་ཕོ་བྲང་ཐར་པ་ཆེན་པོའི་གྲོང་ཁྱེར་ཞེས་བྱ་བའི་དོན་ཏོ།། དེ་ཡང་རྣམ་པ་གཉིས་ཏེ། རྟེན་དང་། རྟེན་པའི་དཀྱིལ་འཁོར་རོ།། དེ་ལ་འདིར་ནི་དང་པོའི་རྣལ ་འབྱོར་དང་། དཀྱིལ་འཁོར་རྒྱལ་མཆོག་དང་། ལས་རྒྱལ་མཆོག་སྟེ། ཏིང་ངེ་འཛིན་གསུམ་གྱི་རྣལ་འབྱོར་བསྟན་པར་བྱའོ།། དེ་ཡང་ལྷའི་ལེའུར་ནི། དཔའ་བོ་གཅིག་པུའི་རྣལ་འབྱོར་གྱི་སྐབས་ཡིན་པས། བསམ་གཏན་ནོ།། རྣལ་འབྱོར ་མ་ནི་བདག་མེད་པའོ།། དེའི་འཁོར་ལོ་ནི་རྣལ་འབྱོར་མའི་འཁོར་ལོའོ།། ནམ་མཁའི་ཁམས་སུ་ཞེས་བྱ་བ་ལ་སོགས་པ། རྡོ་རྗེ་ར་བ་དང་། གུར་གྱི་ནང་དུ་ན་མཁའི་ཁམས་སོ།། ཚོས་འབྱུང་ནི་སྟོན་ཀའི་ཟླ་བ་ལྟ་བུའི་གྲུ་གསུམ་སྟེ། ཆོས ་འབྱུང་ཞེས་བྱ་བ་བསྒོམ་པར་བྱའོ།། དབུས་སུ་རྣམ་པར་བསྒོམ་པར་བྱ་བ་ནི། དེའི་དབུས་ཀྱི་རྟེན་གྱི་འཁོར་ལོ་བསྐྱེད་པའི་རྒྱུར་གྱུར་པ་འབྱུང་བ་ཆེན་པོ་བཞི་བསྒོམ་པར་བྱ་བའོ།། ཅི་ལྟར་ཞེ་ན། འཁོར་ལོ་མངོན་དུ་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། འདི་ནི་མདོར་བསྟན་པའོ།། རྒྱས་པར་ནི་འཁོར་ལོ་ས་དང་། ཞེས་བྱ་བ་ལ་སོགས་པ་སྟེ། ས་ནཽ་སའི་དཀྱིལ་འཁོར་རོ།། འདི་ཡིས་སྔོན་དུ་ཞེས་བྱ་བ་དང་པོར་ཆུ་སྟེ། ཆུའི་དཀྱིལ་འཁོར་རོ།། འདིའི་སྔོན་དུ་ནི་ཅི་ལྟར ་རིགས་པར་ཏེ། མེའི་དཀྱིལ་འཁོར་རོ།། འདི་ཡང་སྔོན་དུ་ལྷ་རྣམས་ཞེས་བྱ་བ་ནི། རླུང་གི་དཀྱིལ་འཁོར་རོ།། བསྒོམ་པ་པོའི་སེམས་འདི་ལྟ་བུའི་རྣམ་པར་ངེས་པར་གནས་པ་ཇི་ལྟར་བསྒོམ་པ་པོ་འབྱུང་བའོ།། དེ ་ལ་འདིར་དང་པོར་ཆོས་འབྱུང་གི་དབུས་སུ་ཡཾ་ཡོངས་སུ་གྱུར་པ་ལས་བྱུང་བའི་གཞུའི་དབྱིབས་ཅན་སྔོན་པོ་བདེན་གཉིས་ཀྱིས་མཚན་པའི་རྩེ་མོ་གཉིས་གཡོ་བའི་རླུང་གི་དཀྱིལ་འཁོར་རོ།། དེའི་སྟེང་དུ་རཾ་ལས་བྱུང་བ་གྲུ་གསུམ་ཟུར་རྣམས ་སུ་ཡི་གེ་རཾ་གྱིས་མཚན་པའི་མེའི་དཀྱིལ་འཁོར་རོ།། དེའི་སྟེང་དུ་བཾ་ལས་བྱུང་བ་ཆུའི་དཀྱིལ་འཁོར་དཀར་ཞིང་ཟླུམ་པ་བུམ་པས་མཚན་པའོ།། དེའི་སྟེང་དུ་ལཾ་ལས་བྱུང་བ་གྲུ་བཞི་པ་སེར་པོ་མཚམས་རྣམས་སུ་རྡོ་རྗེས་མཚན་པའི་སའི་དཀྱིལ ་འཁོར་བསྒོམ་པར་བྱའོ།། ཆོས་འབྱུང་ཞེས་བྱ་བ་ལ་སོགས་པ་ལ། ཆོས་འབྱུང་དེ་ཉིད་ནི། ཕྱག་རྒྱ་གྲུ་གསུམ་མོ།། དེ་ལས་སྐྱེས་པའི་རླུང་ལ་སོགས་པའི་དཀྱིལ་འཁོར་བཞི་ཡོངས་སུ་གྱུར་པ་ལས། འདིར་འདི་སྐད་ཅེས་བྱའོ།། འཁོར་ལོ་ནི ་རྟེན་གྱི་དཀྱིལ་འཁོར་ཏེ། གྲུ་བཞི་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ།། དེའི་ཕྱིར་བདག་གི་འཁོར་ལོ་ཁྱོད་བཤད་ན་ཞེས་བྱ་བ་ན་ས། དོ་ཤལ་དོ་ཤལ་ཕྱེད་པས་བརྒྱན།། ཟུར་བཞི་པ་ལ་སྒོ་བཞི་པ།། ཞེས་བྱ་བའི་བར་དང་། རྡོ་རྗེ ་སྲང་བུས་ཡང་དག་བརྒྱན་ཞེས་བྱ་བས། སྟོན་པར་འགྱུར་བ་ཡིན་ནོ།། འཕར་མ་གཉིས་རིམ་ཞེས་བྱ་བ་ནི། རིམ་པ་གཉིས་པའོ།། ཟེའུ་འབྲུ་ལས་ཞེས་བྱ་བ་ནི། དབུས་ཀྱི་པདྨ་འདབ་མ་བརྒྱད་པ་ནི། རིམ་པ་གཅིག་གོ། གྲུ་གསུམ་ཞེས་བྱ་བ ་ནི། ཆོས་འབྱུང་གིས་མངོན་པར་ཁྱབ་པར་བྱས་པའི་གཞི་གྲུ་བཞི་པའོ།། དེའི་དབུས་སུ་ཞེས་བྱ་བ་ནི། གཞལ་ཡས་ཁང་རིམ་པ་གཉིས་ཀྱི་དབུས་ཏེ། རྣལ་འབྱོར་མ་བཅོ་ལྔའི་གདན་གྱི་བདག་ཉིད་དེ། དེ་དག་ཉིད་ཀྱི་གནས་རྣམས་སོ་སོར ་རོའི་གང་ན་བསམ་པར་བྱའོ།། དེ་དབུས་བསམ་ཞེས་བྱ་བ་ནི། དབུས་ཀྱི་རོའི་གདན་གྱི་སྙིང་ཁ་ར་ཨཱ་ལི་ཡོངས་སུ་གྱུར་པ་ལས་ཟླ་བའོ།། དེའི་སྟེང་དུ་ས་བོན་ཉིད་ཅེས་བྱ་བ་ནི། དབྱངས་ཀྱི་དང་པོའོ།། དེའི་སྟེང་དུ་ཀཱ་ལི་ཡོངས་སུ་གྱུར་པ་ལས། ་བདུད་ལས་རྒྱལ་བའི་དཀྱིལ་འཁོར་རོ།། གཉིས་འདུ་ཞེས་བྱ་བ་ནི། ཤེས་རབ་དང་། ཐབས་ཀྱི་ངོ་བོ་ཉིད་ཉི་མ་དང་། ཟླ་བའོ།། དེའི་དབུས་སུ་བདེ་བ་ཆེན་པོའི་ངོ་བོ་ཉིད་ཀྱིས་ས་བོན་བསྟན་པའོ།། ཡང་ཉི་མ་དང་། ཟླ་བའི་ངོ་བོ་ཉིད་ཅི་ཡིན་ཞེ་ན། ་ཨཱ་ལི་ཟླ་བའི་གཟུགས་ཀྱིས་གནས་ཞེས་བྱ་བ་ལ་སོགས་པོ་གསུངས་ཏེ། གཽ་རཱི་ལ་སོགས་པ་རྣལ་འབྱོར་མ་བཅོ་ལྔ་ཉིད་།། འདི་ལས་ཞེས་བྱ་བ་ནི། ཟླ་བ་དང་། ཉི་མ་དང་། ས་བོན་ལས་ཀུན་ཏུ་བྱུང་བའོ།། ས་བོན་དབྱེ་བས་ཞེས་བྱ་བ་ནི། ཡི་གེ ་ཐ་དད་པ་ཉིད་དོ།། འདི་དག་གིས་ནི། ཤེས་རབ་དང་། ཐབས་དང་། བདེ་བ་ཆེན་པོའི་རང་བཞིན་གྱིས་རྣལ་འབྱོར་མ་རྣམས་ནི། རྡོ་རྗེ་འཆང་གི་ངོ་བོ་ཉིད་དུ་བསྟན་པ་ཡིན་ནོ།། ད་ནི་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་ངོ་བོ་ཉིད་ཀྱིས་དེ ་བཞིན་གཤེགས་པ་ལྔའི་རང་བཞིན་དུ་བསྟན་པའི་ཕྱིར། ཟླ་བ་མེ་ལོང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ས་བོན་ཡོངས་སུ་གྱུར་པ་ལས་བྱུང་བའི་གྲི་གུག་གི་ཆང་ཟུངས་ལ་ཟླ་བ་ལ་ས་བོན་བལྟ་བ་ནི་ཕྱག་འཚལ་ལོ།། རང་ལྷའི་ཞེས་བྱ་བ་ནི ་ལྷ་མོ་རྣམས་ཀྱིའོ།། སོ་སོར་རྟོག་པར་ཞེས་བྱ་བ་ནི། སོ་སོར་རྟོག་པའི་ཡེ་ཤེས་ཞེས་བརྗོད་པའོ།། གཅིག་གྱུར་ཞེས་བྱ་བ་ནི། ཕྱག་མཚན་ལ་གནས་པའི་ས་བོན་ལས་སྤྲོས་པའི་རྣལ་འབྱོར་མའི་ཚོགས ་ཀྱི་སྣ་ཚོགས་འདི་ཁྱབ་པར་བྱས་ནས། ཐམས་ཅད་ཅེས་ཀུན་ཡང་དག་བར་བསྡུས་ནས། ས་བོན་དང་། གཅིག་ཏུ་གྱུར་པའི་ས་བོན་དེ་ནི་བྱ་བ་ནན་ཏན་ནོ།། རྫོགས་པ་ཞེས་བྱ་བ་ནི། ཟླ་བ་དང་། ཉི་མ་དང་། ཕྱག་མཚན་དང་། ་ས་བོན་ཡོངས་སུ་གྱུར་པ་ལས། ལྷའི་སྐུ་ཡོངས་སུ་རྫོགས་པ་སྟེ། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་སོ།། རྣམ་པ་ལྔ་པོ་ཞེས་བྱ་བ་ནི། མེ་ལོང་ལྟ་བུ་ལ་སོགས་པ་རྣམས་སོ།། མཁས་པས་ཞེས་བྱ་བོ་ནི། ཤེས་རབ ་ཅན་གྱིས་སོ།། ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ་ཞེས་བྱ་བ་ནི། ཟླ་བ་དང་། ཉི་མའི་དཀྱིལ་འཁོར་ཟུང་དུ་འབྱོར་པའོ།། གདན་ཞེས་བྱ་བ་ནི། བཞུགས་པའི་གདན་ནེ།། རྡོ་རྗེ་ནི་ཕྱག་མཚན་ནོ།། སེམས་དཔའ་ནི། ས་བོན་གྱི་ཡི་གེ་སྟེ། ་རྡོ་རྗེ་སེམས་དཔའ་དེའི་གདན་ཞེས་བྱ་བའི་དོན་སྟོན་ཏོ།། ཡི་གེ་ལས་བྱུང་ཞེས་བྱ་བ་ལ་སོགས་པ་ལ། ཡི་གེ་ནི་དང་པོའི་ཡི་གེའོ།། དེ་ལ་འབྱུང་བ་ནི། གོང་བུ་ཞེས་བྱ་བ་ལ་སོགས་པ་སྟེ། དཀྱིལ་འཁོར་གྱི་གཙོ་བོའོ།། ཧཱུཾ་ཞེས་བྱ་བ ་ལ་སོགས་པ་ལ། ཧཱུཾ་ཕཊ་རྣམ་པ་ཞེས་བྱ་བ་ནི། ཡི་གེ་ཨ་དང་། ཨེ་དང་། ཤེསོ་རབ་ཐབས་ཀྱི་བདག་ཉིད་ཅན་གྱི་ལུས་ཞུ་བར་གྱུར་པ་ལ་སོགས་པ་ནི། བདག་མིང་མོའི་དཀྱིལ་འཁོར་གྱིས། གཙོ་བོ་བསྐྱེད་པ་ལ། མི་འདོད་པ་ཡོན ་ནོ།། གལ་ཏེ་ཞུ་བར་གྱུར་པ་ལས། འབྱུང་བར་མི་འགྱུར་ན། འོ་ན་གང་ལས་འབྱུང་བར་འགྱུར་ཞེ་ན། སེམས་དཔའི་གཟུགས་བརྙན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་དཔའ་ནི། ས་བོན་གྱི་ཡི་གེའོ།། གཟུགས་བརྙན་ནི ་ཕྱག་མཚན་ཏེ། དེ་དག་ལས་བྱུང་བའོ།། དཀྱིལ་འཁོར་བདག་པོ་ཞེས་བྱ་བ་ནི། དཀྱིལ་འཁོར་གྱི་གཙོ་བོ་སྟེ། བདག་མེད་མ་ཞེས་བྱ་བའི་དོན་ཏོ།། གོང་མ་བཞིན་ཞེས་བྱ་བ་ནི། ཇི་ལྟར་ལྷའི་ལེའུར་རྡོ་རྗེ་ལྕགས་སྒྲོག་བསྟན་པའི ་གཡས་དང་། གཡོན་པའི་ཕྱག་ལ་གྲི་གུག་དང་། ཐོད་པ་བཞིན་ནོ།། ཕྱག་མཚན་ཞལ་སོགས་ཤེས་བྱ་བ་ལཾ། ཞལ་ནི་ཞལ་གདོང་ངོ་།། ཕྱག་མཚན་ནི། གྲི་གུག་དང་། ཐོང་བ་དང་། ཁ་ཊྭཱཾ་གའོ།། སོགས་པའི་སྒྲས་ནཾ། བགས ་བའི་གོས་ཀྱིས་རྒྱན་ལ་སོགས་པ་བསྡུའོ།། ཟླ་བ་དང་། ཆུ་ཤེལ་གྱི་ནོར་བུ་དང་འདྲ་བའི་འོད་འདི་ལ་ཡོད་པས། ཟླ་བ་ཆུ་ཤེལ་ནོར་བུའི་འོད་ཙོས་བྱ་སྟེ། ཟླ་བའི་གདན་དང་། ཟླ་བའི་དཀྱིལ་འཁོར་གྱི་འོད་ལྟ་བུ་ཞེས་བྱ་བའི་དོན་ཏོ།། འདི ་ལྟར་ཞེས་བྱ་བ་ནི། དཀྱིལ་འཁོར་གྱི་གཙོ་བོ་བཞིན་ནོ།། ཐམས་ཅད་ཅེས་བྱ་བ་ནི། རྡོ་རྗེ་གཽ་རཱི་ལ་སོགས་པའོ།། རྫོགས་པ་ཉིད་ཇི་ལྟ་བུ་ཞེ་ན། ཐོབས་དང་ཤེས་རབ་རང་བཞིན་ལས་ཞེས་བྱ་བ་སྟེ། གཽ་རཱི་ལ་སོགས་པ་ཞེས་བྱ་བའོ།། ་འདི་ཞེས་བྱ་བ་ནི། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཁའི་ཟླ་བ་དང་། ཕྱག་མཚན་ལ་གནས་པའི་ས་བོན་ལ་སྟེ། ཟླ་བ་དང་། ཉི་མ་དང་། ཕྱག་མཚན་དང་། ས་བོན་ཡོངས་སུ་གྱུར་པ་ལས། གཽ་རཱི་ལ་སོགས་པ་དཀྱིལ་འཁོར ་བ་རྣམས་འབྱུང་བར་འགྱུར་བའོ།། ཅི་དེ་དག་གི་ས་བོན་ཡང་དེ་ཡིན་ནམ་ཞེ་ན། ཡི་གེའི་དབྱེ་བས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡི་གེ་ནི་ས་བོན་ཏེ། དེའི་དབྱེ་བ་ནི། ས་བོན་གཞན་དང་གཞན་ནོ།། ཞེས་བྱ་བའི་དོན ་ཏོ།། རྒྱུད་ཐམས་ཅད་ལ་རྒྱས་བཏབ་པའི་དོན་བསྡུས་པའི་ལེའུ་ལས། ཨཱ་ལི་དང་པོའི་བདག་མེད་མ།། ཨཱ་ལི་གཉིས་པ་རྡོ་རྗེ་མ།། ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། ད་ནི་རྣལ་འབྱོར་མ་རྣམས་ཀྱི་གནས་བསྟན་པའི་ཕྱིར། རེ་ཞིག་ནང ་གི་འཕེར་མ་ལ་ཞེས་བྱ་བ་ལ་སྩོགས་པ་གསུངས་ཏེ། ནང་གི་ཞེས་བྱ་བ་ནི། ནང་རོལ་གྱི་རིམ་པ་ལ་ཕུང་པོ་ལྔའི་རྣམ་པར་དག་པ་བསྒོམ་པར་བྱའོ།། དབང་པོར་ཞེས་བྱ་བ་ནི། ཤར་ཕྱོགས་སུའོ།། ཕྱི་རོལ་གྱི་ཕར་མ་ལ་ཞེས་བྱ་བ་ནི། ཤར ་ལ་སོགས་པའི་སྒོ་རྣམས་སུ་གཽ་རཱི་དང་། ཙཽ་རཱི་དང་། བེཏྟ་ལཱི་དང་། གྷསྨ་རཱིའོ།། དབང་ལྡན་ལ་སོགས་པའི་མཚམས་རྣམས་སུ་ནི། པུཀྐ་སཱི་དང་། ས་བ་རཱི་དང་། ཙཎྜ་ལི་དང་། ཌོམྦི་རྣམས་སོ།། འོད་ལྗོན་མ་ནི་འོག་གི་ཕྱོགས་སྲུང་བར་བྱེད ་བས། འོག་ལྡན་མ་ཞེས་བྱ་བ་སྟེ། ས་སྤྱོད་མའོ།། དེ་བཞིན་དུ་སྟེང་ལྡན་མ་ཉིད་ནི། མཁའ་སྤྱོད་མའོ།། སྲིད་དང་ཞེས་བྱ་བ་ལ་སོགས་པ་ནི། འཁོར་བ་དང་། མྱ་ངན་ལས་འདས་པ་རྣམ་པར་དག་པའོ།། སངས་རྒྱས་ལྔ་ནི་རྣམ་དག ་པས།། ཞེས་བྱ་བ་ནི། སངས་རྒྱས་ལྔའི་ངོ་བོ་ཉིད་དོ།། ཕྱག་རྒྱ་ཞེས་བྱ་བ། ཕྱག་རྒྱའོ།། དེ་ལྟར་ཞེས་བྱ་བ་དེ་བཞིན་དུ། ཞེས་བྱ་བའི་དོན་ཏོ།། འབར་ཞིང་གསལ་ཞེས་བྱ་བ་ལུས་འབར་ཞིང་། སེམས་ནི་གསལ་བའོ།། ང་རྒྱལ་ལ ་རྣམ་པ་གཉིས་ཡིན་ནོ།། གལ་ཏེ་དེ་ལྟ་བུ་ལྷན་ཅིག་སྐྱེས་པ་ཡིན་ན། སྐྱེས་པ་དང་། བུད་མེད་ཅི་ཞིག་ཡིན་ཞེ་ན། རེ་ཞིག་བཙུན་མོ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། འདི་དག་ལ་ཞེས་བྱ་བ་ནི་བདུན་ཏེ། དགའ་བ་རྣམ་པ་གཉིས ་སོ།། ཇི་ལྟ་བུ་ཞིག་ཅེ་ན། ཀུན་རྫོབ་དོན་དམ་ཞེས་བྱ་བ་སྟེ། བདེ་བ་ཆེན་པོའི་ངོ་བོ་ཉིད་དོན་དམ་པའོ།། ཇི་ལྟ་བ་བཞིན་འབྱུང་བ་ནི་ཀུན་རྣོ་བ་སྟེ། ཀུན་རྫོབ་ཉིད་ཀྱིས་ཆ་ཙམ་ཡོད་པའི་ཕྱིར་རོ།། དེ་ཉིད་ཕྱིར་ན་ཞེས་བྱ་བ་ནི། རྣམ་པ ་གཉིས་ཀྱི་ཕྱིར་རོ།། བཞིའི་ཞེས་བྱ་བ་ནི། བཞི་རྣམས་སོ།། རབ་ཏུ་དབྱེ་བ་ཞེས་བྱ་བ་ནི། ལྷན་ཅིག་སྐྱེས་པའི་སྤྱིའི་རབ་ཏུ་དབྱེ་བས་སོ།། གལ་གཞན་དུ་ནི་དགའ་བ་བཞིར་འདོད་པོ་མ་ཡིན་ནམ། འདིར་གཞོན་དུ་འདོད་པ་ཇི་ལྟར ་འགལ་བར་མི་འགྱུར་ཞེ་ན། འདི་ལྟར་ལྷན་ཅིག་སྐྱེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགའ་བ་དང་། མཆོག་ཏུ་དགའ་བོ་ལ་སོགས་པ་བཞིའི་རིམ་པས་འབྱུང་བར་འགྱུར་ཞེས་བྱ་བ་སྟེ། བསྐྱེད་པའི་རིམ་པའི་ཕྱོགས་ཞེས་བྱ ་བའོ།། དེ་ལྟར་ལྷན་ཅིག་སྐྱེས་པའི་རྣམ་པ་གཉིས། རྣམ་པ་བཞིར་བསྟན་པ་ཡིན་ཏེ། འདི་ནི་བཤད་པ་གཅིག་གོ། ནམ་མཁའི་ཁམས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། པདྨ་ལོ་ཞེས་བྱ་བ་ནི། སངས་རྒྱས་སྤྱན་ལོ་སོགས་པ་རྣམ ་སོ།། ཡེ་ཤེས་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ།། ཉོན་མོངས་པའི་བདུད་ལ་སོགས་པ་རྣམས་འཇིག་པར་བྱེད་པས་ན། བྷ་ག་ཞེས་བརྗོད་དོ།། བསྒོམ་པ་ཞེས་བྱ་བ་ནི། ཕྱི་རོལ་གྱི་ཕྱག་རྒྱ་དང་ལྷན་ཅིག་ཏུའོ།། པདྨ་དང་རྡོ་རྗེའི་སྦྱོར ་འནི། དོན་བསྟན་པར་འགྱུར་བས་ཏེ། རྫོགས་པའི་རིམ་པའང་བསྟན་ཏོ་ཞེས་བྱ་བའོ།། དེ་ཉིད་བསྟན་པར་བྱ་བའི་ཕྱིར། ནམཁའི་ཁམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། པདྨ་ཞེས་བྱ་བ་ནི། ཤེས་རང ་ཀྱི་པདྨའོ།། ཡེ་ཤེས་ཞེས་བྱ་བ་ནི། རྡོ་རྗེའོ།། བསྒོམ་ཞེས་བྱ་བ་ནི། འཇུག་པའོ།། གསུམ་པོ་འདི་ནི། དང་པོར་ཡིན་ལ། ལྷན་ཅིག་སྐྱེས་པ་གཉིས་ནི་མཐར་ཡིན་ཏེ། འདི་གཉིས་ཀྱི་བར་དུ་བསྒོམ་པར་བྱ་བ་ཡིན་ནོ།། མཉམ་པར་བཞག ་པའི་བྱི་བ་ལ་སྙོམས་པར་འཇུག་ཅེས་བྱ་བའོ།། དེ་བསྒོམ་ཞིང་བསྐྱེད་པ་ལས་བྱུང་བའི་བདེ་བ་ནི། དེའི་བདེ་བས་སོ།། འཁོར་ལོ་ཞེས་བརྗོད་པ་ནི། རྣལ་འབྱོར་མའི་འཁོར་ལོ་ཞེས་བརྗོད་པར་བྱ་བ་སྟེ། བདེ་བ་ཆེན་པོ་དེ་ཉིད་ཀྱིས། དེ་དག ་བསྡུས་པའི་ཕྱིར་རོ།། དེའི་བདེ་བ་དེ་ཇི་ལྟ་བུ་ཞིག་ཅེ་ན། ཇི་ལྟར་རིགས་པར་ཞེས་བྱ་བ་གསུངས་ཏེ། རང་རིག་ནི་གཞན་གྱི་རྐྱེན་ལ་མི་བལྟོས་པར་སོ་སོ་རོང་གིས་རིག་པའི་ངོ་བོ་ཉིད་ཅེས་བྱ་བའི་དོན་ཏོ།། རང་རིག་པ་དེ་ཉིད་ནི། བྱང ་ཆུ་བ་སྟེ། བྱང་ཆུབ་ཀྱི་རང་བཞིན་གྱི་སེམས་ནི། བྱང་ཆུབ་སེམས་ཞེས་བྱའོ།། བྱ་བ་ཞེས་བྱ་བའི་སྒྲ་ནི་བསྡུ་བའི་དོན་ཏོ།། ལུས་གནས་པར་བྱེད་པས། དེ་ཉིད་ནི་ལྷ་ཞེས་བྱ་བའོ།། ཇི་ལྟར་འབྱུང་བ་ཞེས་བྱ་བ་ནི། དོན་ཇི་ལྟ་བ་བཞིན་འབྱུང་བ ་སྟེ། གཟུང་བ་དང་། འཛིན་པ་ལ་མི་བལྟོས་པར་ཇི་ལྟར་འབྱུང་བའོ།། ཁུ་བ་ནི་ཀུན་ང་དང་། ཟླ་བ་ལྟ་བུའི་ཁུ་བའི་གཟུགས་སོ།། གང་གི་ཕྱིར་དེ་ལྟར་ན། ལྷན་ཅིག་སྐྱེས་པ་རྣམ་པ་གཉིས་ཞེས་བྱ་སྟེ། ལྷན་ཅིག་སྐྱེས་པའི་དགའ་བ ་སོགས་ཞེས་བྱ་བ་ལ་སོགས་པས་ནི། གྲི་གུག་ལ་སོགས་པའི་ངོ་བོ་གསུངས་སོ།། འདིས་ནི་ཞེས་བྱ་བ་ནི། འདི་ལྟར་བསྒོམས་པས་སོ།། མྱུར་དུ་ཞེས་བྱ་བ་ནི། མགྱོགས་པར་རོ།། དེ་ནི་སེམས་མཉམ་པ་ཉིད་དུ་བྱ་བའི་ཕྱིར། ཡན་ལག ་དྲུག་བསྒོམ་རྣལ་འབྱོར་པས།། ཞེས་བྱ་བ་གསུངས་པ་ཡིན་ཏེ། ཁ་དོག་དྲུག་གིས་འཁོར་ལོ་བསྒྱུར་བ་དྲུག་དང་མཉམ་པ་ཉིད་དུ་བསྟན་པའི་ཕྱིར་རོ།། ཡང་ཞེས་བྱ་བ་ནི་ཕྱི་ནས་སོ།། དགའ་བྲལ་མཐར་ཞེས་བྱ་བ་ནི། ལྷན་ཅིག་སྐྱེས་པའི ་དགའ་བ་ཙམ་ཞེས་བྱ་བའི་དོན་ཏོ།། དེ་ནི་བསྐྱེད་པའི་རིམ་པ་བཤད་ནས། གཉིས་པ་རྫོགས་པའི་རིམ་པ་ཡང་དག་པར་བསྟན་པའི་ཕར། བསྐྱེད་པའི་རིམ་པ་ཉིད་དང་ནི།། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིམ་པ་ཞེས་བྱ་བ་ནི། ་རྣམ་པའོ།། གང་གི་རིམ་པ་ཞེ་ན། ཏིང་ངེ་འཛིན་གྱིས་ཏེ། ས་བོན་དང་། ཟླ་བ་དང་། ཕྱག་མཚན་དང་། ས་བོན་ཡོངས་སུ་གྱུར་པ་ལས། ལྷའི་རྣམ་པར་ཡོངས་སུ་རྫོགས་པ་ནི། བསྐྱེད་པའོ།། དེའི་ཏིང་ངེ་འཛིན་གང་ལ་ཡོད་པོ་དེ་ནི།། ་བསྐྱེད་པའི་རིམ་པའོ།། རྫོགས་པ་ནི་ངོ་བོ་ཉིད་ཀྱི་གཟུགས་ཅན་ཏེ། དེ་ཉིད་ལ་དེ་ཁོ་ན་ཉིད་དུ་མོས་པར་བྱས་ནས། རྣལ་འབྱོར་གང་གིས་བསྒོམ་པར་བྱེད་པ་དེ་ནི། རྫོགས་པའི་རིམ་པའོ།། དེ་ལྟ་བུའི་རིམ་པ་གཉིས་ལ་མཉམ་པར་གནས ་ནས། སངས་རྒྱས་རྣམས་ཀྱི་ཆོས་འཆད་དོ་ཞེས་བྱ་བ་ནི། ཏིང་ངེ་འཛིན་སྟོན་པའོ།། ནམ་མཁའི་ཁམསཽ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པོ་འདིས་ནི། བསྐྱེད་པའི་ཆ་ཞེས་བྱ་བ་བསྐྱེད་པའི་རིམ་པའི་ཕྱོགས་སོ།། བཤད་དོ་ཞེས་བྱ ་བས་དུས་མཉམ་དུ་འབབ་པར་གྱུར་པ་ན། སྙེམས་པར་འཇུག་པའོ།། དེའི་བདེ་བ་ནི། སྙོམས་པར་འཇུག་པའི་བདེ་བའོ།། འཁོར་ལོར་བརྗོད་པར་བྱ་བ་ནི། འཁོར་ལོ་རྣམ་པ་བཞིར་བརྗོད་པ་ཡིན་ནོ།། ཞེས ་བྱ་བའི་དོན་ཏོ།། ཇི་ལྟར་རིགས་པར་བྱ་ཞེས་བྱ་བ་ནི། རིམ་པ་བཞིན་བརྗོད་དོ།། ཞེས་བྱ་བའི་དོན་ཏོ།། རང་རིག་ཉིད་ཅེས་བྱ་བ་ནི། ལས་ཀྱི་ཕྱག་རྒྱ་ལས། སློབ་དཔོན་གྱི་དབང་བསྐུར་བའི་མཚན་ཉིད་ཅན་གྱི་བདེ་བ་གང་ཞིག་བླ ་མོའི་མན་ངག་ཉིད་ཀྱིས་འཁོར་ལོ་དང་པར་བསྟན་པ་ནི། རང་རིག་ཉིད་དེ། རང་རིག་ཉིད་དེ་རང་རིག་པ་ཞེས་བརྗོད་པར་བྱ་བའོ།། ཆོས་ཀྱི་ཕྱག་རྒྱ་ལས། གང་བསྐྱེད་པ་དེ་ནི། བྱང་ཆུབ་ཀྱི་སེམས་ཞེས་བ་སྟེ། བདེ་བ་དེ་ཉིད་ལ ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བའི་དོན་ཏོ།། དམ་ཚིག་གི་ཕྱག་རྒྱ་ལས། གང་དམིགས་པའི་བདེ་བ་དེ་ནི། ལྷ་ཞེས་བྱའོ།། ཕྱག་རྒྱ་ཆེན་པོ་ལས། བདེ་བའི་མཚོན་ཉིད་གང་ཞོག་ཇི་ལྟར་འབྱུང་བའི་རིམ་གྱི་ཉེ་བར་འབྱུང་བའི ་མོཚན་ཉིད་ཅན་གྱི་བདེ་བོ་ཆེན་པོ་དེ་ནི། ཁུ་བ་ཞེས་བྱ་སྟེ། ཤུ་ཞེས་བྱ་བ་མྱ་ངན་ཏེ། འཁོར་བའི་སྡུག་བསྔལ་ཡིན་ལ། ཏྲྀ་ནི་གཅོད་པར་བྱེད་པ་དང་འདྲ་བས། ཁུ་བ་ཞེས་བྱ་བ་ཡིན་ནོ།། རྣམ་པ་གཉིས་ཞེས་བྱ་བ་ནི། དེ་ལྟ ་བུའི་ཕྱག་རྒྱ་རྣམ་པ་བཞི་ལས་ཉམས་སུ་མྱོང་བའི་བ་བ་ཉིད་ནི། ལྷན་ཅིག་སྐྱེས་པ་རྣམ་པ་གཉིས་ཞེས་བྱ་སྟེ། བདེ་བ་ཆེན་པོའི་རྣམ་པ་ནི་གཅིག་གོ།། མྱ་ངན་སྤྱོད་པའི་རྣམ་པ་ནི་གཉིས་པ་སྟེ། ལས་དང་། ཆོས་ལ་སོགས ་པའི་ཕྱག་རྒྱའི་དབྱེ་བས་ལྷན་ཅིག་སྐྱེས་པ་རྣམ་པ་གཉིས་གསུངས་པ་ཡིན་ནོ།། ཅི་འདི་སྐྱེས་པ་ཁོ་ན་ལ་འབྱུང་བར་འགྱུར་རམ། བུད་མེད་ལ་ཡང་འབྱུང་བར་འགྱུར་ཞེ་ན། དེའི་ཕྱིར་ཤེས་རབ་ལ་ཡང་། ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། དེ་ཉིད་ཕྱིར་ན་ཞེས་བྱ་བ་ལ་སོགས་པ་ལ། དགའ་བ་ནི་བཞི་ཞེས་བྱ་བ་ནི། ཕྱག་རྒྱ་རྣམ་པ་བཞིས་དབྱེ་བ་བྱས་པ་ཞེས་བྱ་བའི་དོན་ཏོ།། རྣལ་འབྱོར་མའི་རྒྱུད་འདོར་བུད་མེད་ཇི་ལྟ་བ་བཞིན་དུ་སྐྱེས་པ་ཡང་། དམན ་པ་དང་། འབྲིང་དང་། མཆོག་གི་དབྱེ་བས་དབང་ལ་སོགས་པ་རྗེས་སུ་བཟུང་བར་བྱའོ།། ཞེས་བྱ་བ་ཡིན་ནོ།། ཕྱག་རྒྱ་བཞིའི་དབྱེ་བ་བྱས་པར་ཇི་ལྟར་འགྱུར་ཞེ་ན། འདི་ལྟར་ལྷན་ཅིག་སྐྱེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་བསྐྱེད་པའི་རིམ་པ་ཞེས་བྱ་བ་ལ། བདེ་བ་བསྐྱེད་པའི་མཚན་ཉིད་ཀྱི་སྐད་ཅིག་ཅེས་བྱ་བར་དགོངས་པའོ།། བཤད་པ་གཉིས་པ་སྟེ། འདི་དག་ཐམས་ཅད་བླ་མའི་མན་ངག་ལས་ཤེས་པར་བྱའོ།། ད་ནི་མདོར་བསྡུས་ནས། གསུམ ་དུ་བསྟན་པའི་ཕྱིར། དགའ་བ་དང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔའི་བློ་ཞེས་བྱ་བ་ནི། སྒྲུབ་པ་པོ་སྟེ། བརྩོན་འགྲུས་བརྩམས་པ་ཉིད་ཀྱི་ཕྱིར་རོ།། མཆོག་ཏུ་དགའ་བའི་རྣལ་འབྱོར་མ་ཞེས་བྱ་བ་ནི། དེ་མེད་ན་ཀུན་ཏུ ་དགའ་བ་མི་འབྱུང་བའི་ཕྱིར་རོ།། ཤིན་ཏུ་དགོའ་བ་ནི། མ་ལུས་པའི་ལྷན་ཅིག་སྐྱེས་པའི་མཚོན་ཉིད་དེ། ཀུན་ཀྱང་གསུམ་ཉིད་དོ།། ཞེས་བྱ་བའི་དོན་ཏོ།། དེ་ཉིད་བསྟན་པའི་ཕྱིར། ཐབས་ལས་ཞེས་བྱ་བ་གསུངས་ཏེ། ཐབས་ནི ་ཕྱུག་རྒྱའི་མན་ངག་བསྟན་པན།། ད་བཟླུམ་པ་ལས་སྨྲས་པའི་བད་བླུན། དེས་བང་བའོ།། ཐམས་ཅད་རིག་ཅེས་བྱ་བ་ནི། རྡོ་རྗེ་འཆང་ངོ་།། བསྐྱེད་བའི་རོམ་བཱར་བ་སྤྱན་ཅིག་སྨྲས་པ་མཚོན་པར་བྱ་དྷ ་དགའ་བ་བཞི་སྟོན་པར་བྱེད་པ་ཡིན་ནོ།། རྫོགས་པའི་རིམ་པར་ནི། ལྷན་ཅིག་སྐྱེས་པ་གཅིག་ཉིད་བསྒོམ་པར་བྱའོ།། དོན་དམ་ཉིད་རིག་པ་གསུམ་དེང་། ཚིགས་སུ་བཅིང་བ་གསུམ་གྱིས་བསྟན་པའི་ཕྱིར། དགའ་བས་བདེ་བྱ་བ་ན ་བྱ་བ་ལ་སོགས་པ་གསུངས་ཏེ། ལྷག་མས་ལྷན་ཅིག་སྐྱེས་དགའ་ཉིད་ཅེས་བྱ་བ་ནི། ཀུན་གྱིས་ཕྱི་མ་ཉིད་དོ།། གང་ཡང་གསུམ་པོ་འདི་དག་ནི། འཁོར་བ་དང་། མྱ་ངན་ལས་འདས་པའི་ངོ་བོ་ཉིད་ཡིན་པོའི་ཕྱིར་དང་། འཁྲུལ་པ ་ཉིད་ཡིན་པའི་ཕྱིར། འཁོར་བ་ཀུན་ཏུ་འབྱུང་བར་བྱེད་བ་ཡིན་ནོ།། དེས་ནི་དེའི་ཕྱིར་བསྒྲུབ་པར་བྱ་བ་བདེ་བ་ཆེན་པོའི་ཆོས་ཀྱི་སྐུའི་མཚན་ཉིད་ཅན་ཐོབ་པར་བྱེད་པ་ནི། ལྷན་ཅིག་སྐྱེས་པ་ཞེས་བྱ་སྟེ། དེའི་བསྒོམ་པར་བྱ་བ་གཅིག ་ཡིན་ནོ།། ཡང་ཅིའི་ཕྱིར་གསུམ་པོ་འདི་དག་ཐར་པོར་འདྲེན་པར་བྱེད་པ་མ་ཡིན་ཞེ་ན། དང་པོར་རིག་པར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རེག་པར་ཞེས་བྱ་བ་ནི། པདྨར་རྡོ་རྗེས་སོ།། གཉིས་པ་ཞེས་བྱ་བ་ནི། དེ་བས་ལྷུག ་པར་གྱུར་པའི་བདེ་བའི་དོད་པའོ།། གསུམ་པ་ཞེས་བྱ་བ་ནི། དགའ་བྲལ་གྱི་དགའ་བའོ།། འདོད་ཆགས་འཇིག་པ་ཉིད་ཅེས་བྱ་བ་ནི། འདོད་ཆགས་དང་བྲལ་བའི་ངོ་བོ་ཉིད་ཀྱི་ཕྱིར་རོ།། དེས་ན་ཞེས་བྱ་བ་ནི། དེའི་ཕྱིར་བཞི་པ་ཞེས་བྱ ་བཔ་ལྷན་ཅིག་སྐྱེས་པ་བསྒོམ་པར་བྱའོ།། ཞེས་བྱ་བར་དགོངས་པའོ།། མཆོག་ཏུ་དགའ་བ་ཞེས་བྱ་བ་ལ་སོགས་པ་ལ། སྲིད་པར་ཞེས་བྱ་བ་ནི། འཁོར་བའི་མཚན་ཉིད་ཅན་ཏེ། ལྷན་ཅིག་སྐྱེས་པ་ལ་འདོད་པ་དང་། ཆགས་པའི་ཕྱིར་རོ།། ་དགའ་བྲལ་ལས་ནི། ཞེས་བྱ་བ་ནི། དགའ་བྲལ་ནི། མྱ་ངན་ལས་འདས་པར་བསྟན་པའོ།། དབུ་མ་ཞེས་བྱ་བ་ནི། དགའ་བ་དང་པོ་ནི་དགའ་བ་ཙམ་སྟེ། ཐུན་མོང་གི་བདེ་བ་ཙམ་ཉིད་དོ།། འདི་དག་ཅེས་བྱ་བ་ནི། བསྟན་པའི་གསུམ་པོ ་སྤངས་པའི་ལྷན་ཅིག་སྐྱེས་པ་སྟེ། འཁོར་བ་དང་། མྱ་ངན་ལས་འདས་པ་དག་གི་སྐྱོན་གྱིས་མཚོན་པར་མ་གྱུར་པའི་ངོ་བོ་ཉིད་དེ། དེ་བསྒོམ་པར་བྱ་བ་ཡིན་གྱིས། གཞན་ནི་མ་ཡིན་ནོ།། ཞེས་བྱ་བའི་བར་དུའོ།། གལ་ཏེ་དེ་ལྟར་ན་ལྷན ་ཅིག་སྐྱེས་པའི་བདེ་བས་བསྒྲུབ་པར་བྱ་བ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱེད་པ་ཡིན་ན། ཤེས་རབ་ཀྱི་ཟེའུ་འབྲུ་ཉིད་དུ་ཉམས་སུ་མྱོང་བར་འགྱུར་བའི་ཕྱིར། བྱ་བ་བྱས་པ་ཡིན་པས། བསྒོམས་པས་ཅི་ཞིག་བྱ་ཞེ་ན། གཞན ་གྱིས་བརྗོད་མིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བླ་མ་དང་། རྡོ་རྗེ་འཆང་ལྀ་སོགས་པས། གང་དུ་ཡང་མ་ཡིན་ལ། འཁོར་ལོ་བཞི་དང་། ཤེས་རབ་ཀྱི་པདྨ་དང་། མཉམ་པར་སྦྱར་བས་ཀྱང་མ་ཡིན་ཏེ། དེ་ནི་སོ་སོར་རང་གིས ་རིག་པར་བྱ་བ་ངག་གིས་རྟོགས་པའི་ཡུལ་ལས་འདས་པའོ།། ཞེས་བྱ་བར་དགོངས་པའོ།། གལ་ཏེ་དེ་ལྟར་ན། དེ་བསྟན་པ་དང་། ཐོས་པར་ཇི་ལྟར་འགྱུར་ཞེ་ན། ཀུན་རྫོབ་ཀྱིས་བརྗོད་པ་ཡིན་གྱི། རང་གི་ངོ་བོས་ནི་མ་ཡིན་ཏེ། ལྷ་དང ་དམྱལ་བའི་བདེ་བ་དང་། སྡུག་བསྔལ་བསྟན་པ་དང་། ཐོས་པ་བཞིན་ནོ།། གལ་ཏེ་དེ་ལྟར་ན། དེ་ཇི་ལྟར་ཤེས་པ་ཉིད་ཡིན་ཞེ་ན། བདག་གི་བསོད་ནམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྒོམས ་པའི་ཁྱད་པར་ཉིད་ཀྱིས་དམི་གོས་པར་བྱ་བ་ཡིན་ནོ།། དེའི་ཕྱིར་བསྒོམས་པ་དོན་མེད་པ་མ་ཡིན་ཏེ། བསྒོམ་པ་ཡོངས་སུ་རྫོགས་པ་མེད་པར་དེ་མངོན་སུམ་དུ་བྱ་བར་མི་ནུས་པའི་ཕྱིར་རོ།། དེ་ཡང་ཇི་སྐད་དུ། སྲིད་པའི་ཟུག་རྔུ ་སེལ་བྱེང་བའོ།། ང་ཡིས་ཁྱོད་ལ་ལམ་བསྟན་བྱས།། ཁྱོད་ཉིད་ཀྱིས་ནི་བྱ་བ་སྟེ།། དེ་བཞིན་གཤེགས་པ་སྟོན་པ་ཙམ།། ཞེས་གསུངས་པ་ཡིན་ནོ།། གལ་ཏེ་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་བསྒོམ་པ་འདི་ནི་རིགས་ཀྱི།། ་ལྷན་ཅིག་སྐྱེས་པའི་དགའ་བོ་ནི། མངོན་སུམ་ཉིད་དུ་ཉེ་བར་དམིགས་པོ་ཡིན་པས། མངོན་སུམ་དུ་འགྱུར་བའི་དོན་དེ་གཞན་ལ་བསྟན་པར་རིགས་པ་མ་ཡིན་ནོ་ཞེ་ན། དེའི་ཕྱིར་བསོད་ནམས་ལས་ཞེས་བྱ་བ་གསུངས་སོ།། འདི་སྙམ་དུ ་དགོངས་ཏེ། འཇིག་རྟེན་པ་ཉིད་ཀྱིས་ལྷན་ཅིག་སྐྱེས་པའི་དགའ་བ་ནི། བསྒྲུབ་བྱ་མ་ཡིན་ཏེ། གྲུབ་པ་ཉིད་ཀྱི་ཕྱིར་དང་། ཟག་པ་དང་བཅས་པས། དྲི་མ་ཅན་ཡིན་པའི་ཕྱིར་དང་། འཁོར་བ་པ་རྣམས་དེའི་རྩ་བ་ཅན་ཡིན་པའི་ཕྱིར་རོ།། ། ་འོ་ན་ཇི་ལྟ་བུ་ཞེ་ན། དེ་བཞིན་གཤེགས་པ་ཉིད་ཀྱིས་གང་སོ་སོ་ཡང་དག་པར་རིག་པར་བྱའོ།། ཆོས་ཀྱི་སྐུ་ཞེས་བྱ་བ་ལྷན་ཅིག་སྐྱེས་པ་དེ་འདིར་བསྒྲུབ་པར་བྱ་བ་ཡིན་ནོ།། དེ་ཡང་ཐབས་གཞན་ཡོད་པ་མ་ཡིན་པས། འདིར་འཇིག་རྟེན ་བའི་ལྷན་ཅིག་སྐྱེས་པའི་དགའ་བས། མན་ངག་ཇི་ལྟ་བ་བཞིན་དུ་ལྷག་པར་མོས་པར་བྱས་ནས། བསྒོམས་པ་ལས། སྒོམ་པ་ཡོངས་སུ་སྨན་པར་འགྱུར་བའི་སྟོབས་ཀྱིས། བདག་ཉིད་ཀྱི་ཤེས་པར་འགྱུར་གྱི། སྔར་གྱི་ན་མ་ཡིན་ན ་དེའི་ཕྱིར་ཐོས་པ་དང་། བསམ་པ་དང་། བསྒོམ་པ་དོན་མེད་པར་མི་འགྱུར་རོ།། ཐབས་ནི་ལམ་མོ།། ང་བསྟེན་པ་ནི། ཡང་དག་པར་བསྒོམ་པའོ།། དེའི་དུས་ནི་མང་པོ་ཉིད་དེ། རྣམ་པ་ད་མ་ཞེས་བྱ་བའི་དོན་ཏོ།། བླ་མ་ལས་རྙེད་པའི་དུས ་བླ་མོའི་དུས་ཏེ། གང་སྣོད་དུ་གྱུར་པའི་སློབ་མ་ལ། བླ་མས་ཆོ་ག་བཞིན་དུ་བྱིན་པ་སྟེ། མན་ངག་ཅེས་བྱ་བའི་དོན་ཏོ།། གལ་ཏེ་ལྷན་ཅིག་སྐྱེས་པ་དེ་ཇི་ལྟར་བསྒོམ་པར་བྱ། ཡུལ་གཅིག་ཉིད་དུའོམ། འོན་ཏེ་སྣ་ཚོགས་ལ་མངོན ་ཁྱབ་པ་ཉིད་དུ་ཞེ་ན། དམན་པ་དང་། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་མདོར་བསྟན་པའོ།། འདི་བཤད་པ་ནི། བྲི་བའི་དོན་ཞེས་བྱ་བ་ལ་སོགས་པ་སྟེ། ཕྲ་བའི་དོན་ནོ། བདག་ཉིད་ཀྱི་སེམས་དང་། སེམས་ལས་བྱུང་བ ་དངོས་པོར་ཞེས་བྱ་བ་ནི། བདག་ཉིད་ཀྱིས་ལུས་སོ།། གཉིས་ཀྱིས་ཞེས་བྱ་བ་ནི། རང་གི་ལུས་དང་ཡན་ལག་གོ། དབང་པོ་དྲུག་ནི། ལུས་ལ་གནས་པའི་མིག་ལ་སོགས་པའོ།། བརྟན་དང་། གཡོ་ཞེས་བྱ་བ་ནི། ཕྱི་རོལ་གྱི་སེམས་དང ་ལྡན་པ་དང་། སེམས་མེད་པའོ།། ང་ཉིད་ཡིན་ཞེས་བྱ་བ་ནི། བདག་ཉིད་འོབབ་ཞིག་བདེ་བ་ཆེན་པོའི་རང་བཞིན་གྱི་རྡོ་རྗེ་འཆང་ཡིན་པར་མ་ཟད་པའོ།། མཉམ་ཉིད་མཚུངས་པར་ཞེས་བྱ་བ་ནི། དབྱེར་མེད་པོའི་ངོ་བོ་ཉིད་དུའོ།། དེ་དྲི ་ཞིག་ཅེ་ན། དེ་ཉིད་བསྒོམས་པས། ཞེས་བྱ་བ་གསུངས་ཏེ། འདིའི་བཤད་པ་ནི། མཉམ་པ་ཞེས་བྱ་བའོ།། ཡང་འདིའི་བཤད་པ་ནི། མཉམ་ཞེས་བྱ་བ་ལ་སོགས་པ་སྟེ། མཉམ་པ་ནི་མཚུངས་པར ་འགྱུར་བ་ཞེས་བྱ་བའི་དོན་ཏོ།། དེ་ཞེས་བྱ་བ་ནི། དམན་པ་དང་། འབྲིང་ལ་སོགས་པའོ།། རོ་ཞེས་བྱ་བ་ནི། སྙིང་པོ་སྟེ། དངོས་པོ་ཞེས་བྱ་བའི་རྣམ་གྲངས་སོ།། གང་རེ་ཡིན་ཞེ་ན། འཁོར་ལོའི་སྟེང་བདེ་བ་ཆེན་པོའི་མཚན་ཉིད ་ཅན་ལྷན་ཅིག་སྐྱེས་པའི་ཞེས་བྱ་བའི་དོན་ཏོ།། མདོར་བསྡུས་པའི་དོན་བསྟན་པའི་ཕྱིར། བསྒོམ་པོ་རོ་གཅིག་མཉམ་པ་ཉིད་ཅེས་གསུངས་སོ།། ཡང་རོ་གཅིག་པའི་མཉམ་པ་ཉིད་ཇི་ལྟར་བསྒོམ་པར་བྱ་ཞེ་ན། ང་ལས་ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། དེ་ལྟར་རྣལ་འབྱོར་པས་ཤེས་ནས་ཞེས་བྱ་བ་ནི། དེ་ལྟར་ངེས་པར་གཟུངས་ནས་སོ།། ཤིན་ཏུ་མཉམ་གཞག་ཞེས་བྱ་བ་ནི། གནས་སྐབས་ཐམས་ཅད་དུའོ།། དེ་ཉིད་གསལ་བར་བྱ་བའི་ཕྱིར། བཟོའི ་བ་དང་། བཏུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ངང་གིས་ཞེས་བྱ་བ་ནི། རང་གི་ངང་གིས་འཇུག་པའོ།། ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། ཕྱག་རྒྱ་ཆེན་པོ་བསྒྲུབ་པའི་ཕྱིར། ཞེས་བྱ་བའི་དོན་ཏོ།། འདིས་ནི ་ལྷག་པར་མོས་པའི་རྣལ་འབྱོར་བསྟན་ཏོ།། ང་ནི་འདི་ཉིད་ལ་སེམས་བསྟན་པར་བྱ་བའི་ཕྱིར། འགྲོ་བ་ཐམས་ཅད་པོ་སྒོམ་པར་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགྲོ་བ་ཐམས་ཅད་ཅེས་བྱ་བ་ནི། སེམས་ཅན་དང་། ་སྣོད་ཀྱི་འཇིག་རྟེན་ཏེ། དེ་ཐམས་ཅད་བསྒོམས་པས། འབྱུང་བ་ཉིད་དོ།། གང་གི་ཕྱིར་ཞེ་ན། ཡིད་ཀྱིས་ཞེས་བྱ་བ་གསུངས་ཏེ། རྣམ་པར་རྟོག་པ་ཅན་གྱི་ཤེས་པས་སོ།། གལ་ཏེ་བརྟག་པར་མི་བྱ་ན། བསྒོམ་པར་ཡང་མི་འགྱུར་རོ་ཞེ ་ནི། ཐམས་ཅད་ཆོས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷན་ཅིག་སྐྱེས་པའི་ངོ་བོ་ཉིད་ཡོངས་སུ་ཤེས་པར་འགྱུར་བ་ནི། བསྒོམ་པར་བྱ་བ་ཡིན་ནོ།། ཞེས་བྱ་བའི་དོན་ཏོ།། བརྟན་དང་། གཡོ་བའི་ཞེས་བྱ་བ་ལ་སོགས་པ་ལ། ་དེ་ཐམས་ཅད་དམ་པའི་དེ་ཉིད་ཅེས་བྱ་བ་དེ་ཁོ་ན་ཉིད་ཀྱི་གཟུགས་སུ་བསྒོམ་པར་བྱ་བའོ།། ཡང་དེའི་དམ་པའི་དེ་ཉིད་གང་ཡིན་ཞེ་ན། བདག་གི་དངོས་པོའི་ཞེས་བྱ་བོ་ལ་སོགས་པ་སངས་ཏེ། བདག་ཉིད་ཞེས་བྱ་བ་ནི། རང་གི་སེམས ་ལྷན་ཅིག་སྐྱེས་པའི་མཚན་ཉིད་ཅན་གྱི་ངོ་བོའོ།། དེ་རྣམས་དམ་པ་གཅིག་ཡོད་མིན་ཞེས་བྱ་བ་ནི། ལྷན་ཅིག་སྐྱེས་པའི་མཚན་ཉིད་ཅན་གྱི་དེ་ཁོ་ན་ཉིད་དོ།། ཡོད་དེ་དག་གཅིག་ཡོད་མིན་པ་ཅི་ཞེས་ན། རང་རིགོ་ཅེས་བྱ་བ་གསུངས ་སོ།། གལ་ཏེ་ཡང་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ནི། ཡང་དག་པའི་མཐའ་ཡིན་པསོ། དེ་ལས་གཞན་པོའི་དེ་ཁོ་ན་ཉིད་ནི་ཡོད་པ་མ་ཡིན་ཞེ་ན། རང་རིག་ནས་ནི་ཞེས་བྱ་བ་སོགས་པ་གསུངས་ཏེ། བདེ་བ་ཆེན་པོའི་རང ་བཞིན་གྱི་སེམས་ཁོ་ན་ལས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཏུ་འགྱུར་བའོ།། རང་རིག་ཕྱིར་ནི་ཞེས་བྱ་བ་ནི། བདེ་བ་ཆེན་པོའི་མཚན་ཉིད་ཅན་གྱི་སེམས་ཁོ་ན་རྫོགས་པའི་རིམ་པའི་ཕྱོགས་ན་བསྒོམ་པར་བྱ་བ་ཡིན་ནོ།། རང་གིས ་རིག་ཞེས་བྱ་བ་ལ། གང་ཅུང་ཞིག་སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་བརྟན་པ་དང་། གཡོ་བ་ལ་སོགས་པ་རྣམ་པ་སྣ་ཚོགས་མཐོང་བ་དེ་ཉིད་ནི་ལས་སྦྱིན་ནོ།། གལ་ཏེ་དེ ་ལྟར་རང་རིག་པ་ལས་འབྱུང་བར་འགྱུར་ན། ཕྱག་རྒྱ་ཆེན་པོ་འགྲུབ་པར་ཇི་ལྟར་འགྱུར་ཞེ་ན། དེའི་ཕྱིར་རྟོག་པ་ལས་ནི་ཞེས་བྱ་བ་གསུངས་ཏེ། རྟོག་པ་ནི་གཟུང་བ་དང་། འཛིན་པའི་ངོ་བོ་ཉིད་བསྒྲུབ་པའོ།། དེ་ལས་ལས་སྐྱེས ་པར་འགྱུར་གྱིས། ཡང་སྣ་ཚོགས་ཀྱི་རང་བཞིན་གྱི་ལྷན་ཅིག་སྐྱེས་པ་བསྒོམས་པ་ལས་ནི་མྱ་ཡིན་ནོ།། དེ་ལྟ་བས་ན། གང་གི་ཕྱིར་ལས་རྣམས་ནི། ལྷན་ཅིག་སྐྱེས་པའི་རང་བཞིན་ཡིན་པའི་ཕྱིར། རང་གིས་འཕྲོག་ཅིང་། རང ་གིས་བྱེད་ཅེས་བྱ་བ་གསུངས་ཏེ། དེ་ལས་མ་གཏོགས་པའི་བྱེད་པ་པོ་གཞན་མེད་པའི་ཕྱིར་རོ།། རང་གིས་འཕྲོག་ཅིང་ཞེས་བྱ་བ་ནི། ལེགས་པར་སྤྱད་པ་དང་། ཉེས་པར་སྤྱད་པའི་ལས་རྣམས་སོ།། རང་ཉིད་རྒྱལ་པོ་ཞེས་བྱ་བ ་ནི། རྒྱལ་པོ་ཉིད་དོ།། ཉོན་མོངས་པ་མ་ལུས་པ་ཟད་པར་བྱེད་པའི་མཐུ་དང་ལྡན་པས། རང་གཙོ་བོ་ཞེས་བྱ་བའོ།། འདོད་ཆགས་ཞེས་བྱ་བ་ལ་སོགས་པ་ནི། འདོད་ཆགས་ལ་སོགས་པའོ།། དེ་ཀུན་གནས་ནི་ཞེས་བྱ་བ་ནི།། ་རང་རིག་པའི་གོ་འཕང་བསྒོམ་པར་བྱ་བ་འདིའོ།། བཅུ་དྲུག་ཆར་ཡང་ཞེས་བྱ་བ་ནི། ཉམས་པར་བྱེད་པར་མི་ནུས་པའོ།། ད་ནི་རང་རིག་པོའི་རང་བཞིན་བསྟན་པའི་ཕྱིར། ཆོས་འབྱུང་ལས་སྐྱེས་ཞེས་བྱ་བ་ལ་སོགས་པ་གསུངས ་ཆོས་ཞེས་བྱ་བ་ནི། འཕགས་པའི་ཆོས་ས།། དེ་རྣམས་འདི་ལས་འབྱུང་བས་ན། ཆོས་འབྱུང་ཞེས་བྱ་སྟེ། ཆོས་ཀྱི་དབྱིངས་སོ།། འདིར་ན་དེའི་ཕྱག་རྒྱར་བསྟན་པ་བཙུན་མོའི་པདྨ་ལ་ཆོས་འབྱུང་ཞེས་བྱའོ།། ང་ལ་མོས་པའི་སྟོབས ་ཀྱིས་སོ།། དེ་ལས་བྱུང་བ་འདི་ལ་ཡོད་པས་ན། ཆོས་འབྱུང་ལས་སྐྱེས་ཞེས་བྱ་སྟེ། ཡེ་ཤེས་སོ།། དེ་ཇི་ལྟ་བུ་ཞིག་ཅེཅན། མཁའ་མཉམ་ཞེས་བྱ་བ་སྟེ། ན་མཁའི་རང་བཞིན་ཅན་ནོ།། ཐབས་ནི་ལྡེམ་མོ།། དེ་ཡང་རྣམ་པ་དུ་མར ་བཤད་ཅིང་བསྟན་ཏེ། རྫོགས་པའི་རིམ་པའི་ཕྱོགས་ལ་ལྷན་ཅིག་སྐྱེས་པ་ཉིད་གཅིག་པུ་ཙམ་བསྒོམ་པར་བྱ་བ་ལ་ཡང་ཐབས་དུ་མ་ཉིད་ཀྱིས་ཡིན་ནོ།། འདིས་ཇི་ལྟར་ན། རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་འགྱུར་ཞེ་ན། ་འཇིག་རྟེན་གསུམ་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱོག་ས་བཅུ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་སྐུ་དང་། གསུང་དང་། ཐུགས་ཀྱི་གསང་བ་སོ་སོ་ཡང་དཔག་ཏུ་མེད་པས། འཇིག་རྟེན་གསུམ་ཞེས་བྱའོ།། དེ ་དག་བསྡུས་པ་ནི། འཇིག་རྟེན་གསུམ་ཞེས་བྱ་བ་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་དེ་ལས་སྐྱེས་པའོ།། དེའི་ཕྱིར་ཡེ་ཤེས་དེ་བསྒོམ་པར་བྱའོ།། ཅིའི་ངོ་བོ་ཞེ་ན། ཐབས་དང་ཤེས་རབ་རང་བཞིན་ལས། ཞེས་བྱ་བ་གསུངས་ཏེ། ཁྱད ་པར་ཅན་གྱི་ཡེ་ཤེས་ནི། ཤེས་རབ་སྟེ། ཆོས་ཀྱི་སྐུའོ།། ཐབས་ནི་འགྲོ་བའི་དོན་བྱེད་པའི་ཐབས་སོ།། དེ་དག་གི་རྒྱུ་མཐུན་པར་འགྱུར་བ་ནི། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་གཉིས་ཏེ། དེ་དག་གི་རང་བཞིན་ཉིད་ནི ་དེ་དག་གིས་རང་བཞིན་ལས་སྐྱེས་པ་ཞེས་བྱ་བའི་དོན་ཏོ།། ཇི་ལྟར་དེ་དག་གིས་རང་བཞིན་ལས་སྐྱེས་ཞེ་ན། ཁུ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་ཞེས་བྱ་བས་ནི། སྐུ་གཉིས་ཀྱིས ་བསྡུས་པའི་ཐབས་གསུངས་སོ།། དེའི་བདེ་ཞེས་བྱ་བ་ནི། གང་ཡང་ན་མཁའ་དང་མཉམ་པའི་ཡེ་ཤེས་ཞེས་པ་དེ་ནི། ཆགས་ཅན་མ་སྟེ། ཤེས་རབ་ཅེས་བྱ་བའི་དོན་ཏོ།། གཅིག་དང་དུ་མེ་བྲལ་བ་ཞེས་བྱ་བ་ལ། འདི་ཞེས་བྱ་བ་ནི། ་ཐབས་ཀྱི་ཆ་སྟེ། ཁུ་བའི་རྣམ་པའོ།། གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར། བརྟགས་ན་སྟོང་པ་ཉིད་ཅེས་བྱ་བའི་དོན་ཏོ།། དེའི་ཕྱིར་ན་བསྒོམ་པོར་བྱ་བ་མ་ཡིན་ཏེ། མི་བདེན་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། མྱུར་དུ་བྱང ་ཆུབ་ཐོབ་པའི་སྦྱོར་བ་མ་ཡིན་པ་ཉིད་དོ།། སྐད་ཅིག་ཅེས་བྱ་བ་ལ་སོགས་པ་ལ། གཅིག་ལས་མཆོག་དགའ་ཞེས་བྱ་བ་ནི། ལྷག་པར་དགའ་བ་སྟེ། ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་ཡེ་ཤེས་སོ།། དེ་ཉིད་ནི་ཆོས་ཐམས་ཅད་སྟོང ་བ་ཉིད་དེ་བསྒོམ་པར་བྱ་བའི་མཆོག་གཙོ་བོ་ཞེས་བྱ་བའི་དོན་ཏོ།། དེ་ལ་གཅིག་དང་དུ་མའི་དཔྱད་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་པའོ།། གལ་ཏེ་དེ་ལ་ངོ་པྱོད་པའི་སྐབས་ཡོད་པ་མ་ཡིན་ན། དེ་ཇི་ལྟར་ཤེས་པར་འགྱུར་ཞེ་ན། ་རང་གིས་རིག་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སོ་སོ་རང་གིས་རིག་པར་བྱ་བ་ཡིན་པོས། གཞན་གྱིས་བརྗོད་པ་མོ་ཡིན་ནོ།། ངག་གི་ལམ་འདས་ཞེས་བྱ་བ་ནི། ངག་གི་ལམ་ནི་སྒྲུབ་པ་སྟེ། ངག་གི་ལམ་ཞེས་བྱ་བའོ།། དེ ་ལས་འདས་པ་ནི། སྤྱོད་ཡུལ་མ་ཡིན་པ་སྟེ། དོན་ཡུལ་ལས་ཤིན་ཏུ་འདས་པ་ཞེས་བྱ་བའི་དྲན་ཏོ།། འཛིན་བྱིན་རླབས་རིམ་པའི་ཕྱིར། ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུག་ས་བསྡུས་པ་ཉིད ་ཀྱིས་དེའི་རང་བཞིན་ནོ།། ས་དང་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་ནི། ལྷན་ཅིག་སྐྱེས་པ་བསྒོམས་པའི་འབྲས་བུ་གསུངས་སོ།། ཇི་ལྟར་ན་ས་ལ་སོགས་པས་མི་གནོད་ཅེ་ན། གལ་ཏེ་སྒོམ་པ་པོ་འདོད་པར་གྱུར་ན།། ་ས་ལ་འོག་ཏུ་འཛུལ་ཞིང་། སྟེང་དུ་འབྱུང་བར་འགྱུར་རོ།། ཐད་ཀར་ཡང་རི་དང་། རྩིག་པ་ལ་མི་ཐིགས་པར་འགྲོ་བ་དང་། འོང་བར་ཡང་བྱེད་དོ།། དུག་དང་། མཚོན་ལ་སོགས་པས་ཉོན་མོངས་པར་ཡང་མི་འགྱུར་རོ།། ཆུའི་སྟེང་དུག་ན ་ཤིང་། ནང་དུ་འཇུག་པར་ཡང་འགྱུར་ལ། ཉལ་བ་དང་། འདུག་པ་དང་། འཆག་པར་ཡང་བྱེད་དོ།། རླུང་དང་། ཆར་འབབ་པ་ལ་སོགས་པས་ཀྱང་། ཉོན་མོངས་པར་མི་འགྱུར་རོ།། དེ་བཞིན་དུ་གཞན་དག་ལ་ཡང་སྦྱར་བར་བྱའོ།། ་རང་གཞན་རིག་པའི་ཚོར་བ་ཡིས།། ཞེས་བྱ་བ་ནི། བདག་དང་། གཞན་གྱི་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་སེམས་ཤེས་པའོ།། མཐོ་རིས་མི་ཡུལ་ཞེས་བྱ་བ་ལ་སོགས་པ་ལ། གཟུགས་གཅིག་ཅེས་བྱ་བ་ནི། རང ་བཞིན་གཅིག་པའོ།། རང་གཞན་ཆའི་ཞེས་བྱ་བ་ལ་སོགས་པའི་དོན་བསྟན་ཟིན་ཏོ།། ལུང་གཞན་དག་ལས་དགྱེས་པའི་རྡོ་རྗེ་ཁྱད་པར་ཅན་རབ་ཏུ་བསྟན་པའི་ཕྱིར། ཐམས་ཅད་རིག་བྱེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རིག་བྱེད་ནི ་དེན་བརྗོད་དང་། སློང་བྱུང་དང་། སྤྱན་དངགས་དང་། མཚུད་རྒྱུན་ནོ།། གྲུབ་མ་པའན། གྲཝ་གས་ཀྱིའངདུ་བདྡྷ། དྷཱ་ལ་སགས་པ་དང་། ཉན་ཐས་ཀྱི་སྟེ་སྣོད་ཀྱིས་མང་སྡེ་ལ་སོགས་པ་སྟེ། ཡང་སྲིང ་ཀྱི་མཐར་བྱེད་པར་འདིས་འགྱུར་བས་སོ།། མས་རྒྱས་ནི་བྱེ་བའི་རྒྱུད་ལ་སོགས་པའོ།། འང་དག་མི་བཤད་པའི་མཚན་ཉིད་ཅན་གྱི་དངོས་གྲུབ་ཡོད་པ་མ་ཡིན་ནོ།། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་ཡོད་དམ། འོན་ཏེ་མེད་ཅེ་ན། ་སྲིད་པ་དགེ་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དག་པོ་ནི་འདིས་ཉོན་མོངས་པ་དང་། ཤེས་པའི་སྒྲིབ་པ་ཟད་པར་བྱེད་པས་ན་དག་པ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་མཚན་ཉིད་ཅན་གྱི་ལམ་མོ།། དག་པ་དེས་བང་ཆུབ ་ཐོབ་པར་འགྱུར་ཏེ། འོན་ཀྱང་སྲིད་མཐར་ཞེས་བྱ་བ་བསྐལ་པ་གྲངས་མེད་པ་གསུ་མ་དུ་སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་པར་ཞེས་བྱ་བའི་དོན་ཏོ།། གཡོ་ཏེ་རྣལ་འབྱོར་གྱི་རྒྱུད་དུ་ཡང་། ཚ་འདི་ལ་བྱང་ཆུབ་ཐོབ་པོར ་གསུངས་ན། དེ་ལས་ཅི་ཡིས་ལྷག་པར་འགྱུར་ཞེ་ན། དེ་མེད་པས་ཀྱང་། ཞེས་བྱ་བ་ལིཾ་གསུངས་ཏེ། དེ་ཞེས་བྱ་བ་རང་རིག་པའི་མཚན་ཉིད་ཅན་གྱིས་ལྷན་ཅིག་སྐྱེས་པ་མེད་ན། སྐྱེ་བ་འདི་འམ། སྐྱེ་བ་གཞན་དག་ལ ་ཡང་དངོས་གྲུབ་ཡོད་པར་མ་གསུངས་སོ།། དེ་ལྟར་ན་དེ་དང་། འདི་ལ་ཁྱད་པར་ཅི་ཡོད་ཅེ་ན། གང་གིས་མི་ཤིས་དགྱེས་པ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུད་གཞན་ལས་ནི་ལྷན་ཅིག་སྐྱེས་པ་བསྟན་པ ་ཙམ་ཞིག་དུ་ཟུད་ལ། དགྱེས་པའི་རྡོ་རྗེ་འདི་ལས་ནི། ཡོངས་སུ་གསལ་བའི་རྣམ་པ་གསུངས་པའི་ཕྱིར་རོ།། དེའི་ཕྱིར་གང་གིས་དགྱེས་པའི་རྡོ་རྗེ་མི་ཤེས་པ་དེའི་ཐོས་པ་དང་། བསམ་པ་དང་། བསྒོམ་པའི་ངལ་བ་དོན་མེད ་པར་འགྱུར་རོ།། ཞེས་ཤིན་ཏུ་གསལ་བར་བསྟན་པ་ཡིན་ནོ།། གལ་ཏེ་བྱང་ཆུབ་ནི་རྙེད་པར་དཀའ་བ་ཡིན་ན། སྐྱོ་བ་འདི་ལ་ཇི་ལྟར་ཐོབ་པར་འགྱུར་ཞེ་ན། ཆུ་བོའི་རྒྱུན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆུ་བོའི་རྒྱུན ་ནི་ཆུ་རྒྱུན་འབབ་པ་སྟེ། དེ་བཞིན་དུ་རྒྱུན་མི་འཆང་བའོ།། མར་མེའི་རྩེ་མོ་ནི། མ་རརཾ་མེའི་འོད་ཀྱི་རྩེ་མོ་སྟེ། དེའི་རྒྱུན་བཞིན་དུའོ།། རྟག་ཏུ་ནི་རྒྱུན་མི་འཆད་པར་རོ།། དེ་ཉིད་རྣལ་འབྱོར་ནི། ལྷན་ཅིག་སྐྱེས་པའི་དགའ་བོའི ་རྣལ་འབྱོར་ཏེ། དེས་ཉིན་མཚན་དུ་གནས་པར་བྱ་བའོ།། ངེས་པར་དེ་ལྟར་གནས་པར་གྱུར་ན། ཚེ་འདི་ཉིད་ལ་བྱང་ཆུབ་འགྲུབ་པར་འགྱུར་རོ།། ཞེས་བྱ་བའི་དོན་ཏོ།། རྣལ་འབྱོར་མ་ནི་བདག་མེད་མཱ་ལ་སོགས་པའོ།། དེ ་ངག་དང་འོདུ་བ་ནི། འདུ་བ་སྟེ། གཞལ་ཡས་ཁང་དང་ལྷན་ཅིག་སྐྱེས་པའི་དགའ་བར་རོ།། དེ་གསལ་བར་བྱེད་པའི་ལེའུ་ལ་ཡང་དེ་སྐད་ཅེས་བྱའོ།། དགྱེས་པའི་རྡོ་རྗེའི་དཀའ་འགྲེལ། རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ལས། ་ལེརུ་བརྒྱད་པོའི་འགྲེལ་པའོ།། ། རྣམ་པར་དག་པའི་ལེའུ་ཞེས་བྱ་བ་ལ། འདིས་རྣམ་པོར་དག་པར་བྱེང་བས་ན། རྣམ་པར་དག་པ་སྟེ། གང་གིས་སྲིད་པ་ཐམས་ཅད་སྐྱོན་དང་བྲལ་བར་འགྱུར་བ་དེ་ནི། ་རྣམ་པར་དག་པའོ།། དེ་གསལ་བར་བྱེད་དུའི་འགྲུས་དང་། རྣམ་པར་དག་པའི་ལེའུ་ཞེས་བྱ་བར།། དངས་པ་ཐམས་ཅ་ལ་ཁྱབ་པ་ན། རྣམ་པར་དག་བནྡྷ། དེ་བཞིན་ཉིད་ཅེས་བྱ་བ་ཆོས་ཐམས་ཅད ་སྟོང་པ་ཉིད་དོ།། བརྗོད་ཅེས་བྱ་བ་ནི། ལེའུ་བརྒྱད་པར་བསྟན་པའོ།། ཕྱི་ནས་ཞེས་བྱ་བ་ནི། ད་ལྟར་རོ།། ལྷ་རྣམས་ཞེས་བྱ་བ་ནི། རྡོ་རྗེའི་གཽ་རཱི་ལ་སོགས་པའོ།། ཇི་ལྟར་མ་དག་པ་ཇི་ལྟ་བུ་ཞིག་ཇི་ལྟར་རྣམ་པར་དག་པར་བྱེད ་ཅེ་ན། སྐྱེ་མཆེད་དྲུག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་བཞིན་གྱིས་ནི་ཞེས་བྱ་བ་ནི། དེ་བཞིན་ཉིད་ཀྱི་རང་བཞིན་གྱིས་སོ།། གལ་ཏེ་དག་པ་ཞིག་ཡིན་ན། ཅིའི་ཕྱིར་བདག་ཅེ་ན། ཉོན་མོངས་པ་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། ཤེས་བྱའི་སྒྲིབ་པ་ནི། རང་བཞིན་ཡོངས་སུ་མི་ཤེས་པ་སྟེ། མི་ཤོས་པའི་སྒྲིབ་པ་ཞེས་བྱ་བའོ།། ཉོན་མོངས་པ་ནི། འདོད་ཆགས་ལ་སོགས་པ་སྟེ། ཉོན་མོངས་པའི་སྒྲིབ་པའོ།། དེས་སྒྲིབ་པོ་ནི་བཀབ་པའོ།། ་དེའི་ཕྱིར་རྣམ་པར་དག་བར་བྱེད་དོ།། དེ་བཞིན་ཉིད་ཀྱི་བདག་ཉིད་ཅན་གྱི་དག་པ་དེ་ཇི་སྙམ་ལྟ་བུ་ཞིག་ཅེ་ནོ། རང་རིག་བདག་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔར་ངས་ལེའུ་བརྒྱད་པར་བསྟན་པ་ཡིན་ཏེ། དག་པ་གཞན ་གྱིས་རྣམ་གྲོལ་མིན་ཞེས་བྱ་བར་དགོངས་སོ།། ཡུལ་གྱིས་དངོས་པོ་ཞེས་བྱ་བ་ལ། གཟུགས་ལ་སོགས་པ་རྣམས་ཀྱི་རང་རིག་པའི་བདེ་བ་མཆོག་ཏུ་ཁྱད་པར་ཅན་དུ་འགྱུར་པའི་དག་པའོ།། གཞན་ཡང་ཞེས་བྱ་བ་ནི། ཕྱི་རོལ་གྱི ་གཟུགས་ལ་སོགས་པའོ།། དངོས་པོ་དེ་ཀུན་དག་པ་སྟེ། ཞེས་བྱ་བ་ནི། དངོས་པོ་རྣམས་རང་བཞིན་གྱིས་དག་པའོ།། ཇི་ལྟ་བུ་ཞེ་ན། སངས་རྒྱས་བདག་ཅེས་བྱ་བ་གསུངས་ཏེ། ལྷན་ཅིག་སྐྱེས་པའི་བདག་ཉིད་ཅན་ནོ།། འགྲོ་བ་ནི ་བརྟན་པ་དང་གཡོ་བའོ།། ད་ནི་ཀྱཻ་བཅོམ་ལྡན་འདས་ཞེས་བྱ་བ་ལོ་སོགས་པས། ལྷའི་རྣམ་པར་དག་པ་ཞུས་པ་ཡིན་ནོ།། མིགོ་ཅེས་བྱ་བ་ལ་སོགས་པ་ལ། གཟུང་བར་བྱ་ཞེས་བྱ་བ་ནི། ཡོངས་སུ་སྦྱང་བར་བྱ་བའོ།། མྱོང་བར ་བྱ་ཞེས་བྱ་བ་ནི། ཡོངས་སུ་སྦྱོང་པའོ།། ལྕེའི་ཞེས་བྱ་བ་ནི་རོའོ།། ཐོབ་པར་ཞེས་བྱ་བ་ནི། གཟུང་བར་བྱ་བའོ།། གལ་ཏེ་དག་པ་མ་ཡིན་ན། བསྟེན་པར་བྱ་བ་མ་ཡིན་ནོ་ཞེ་ན། དེའི་ཕྱིར་བསྟེན་བྱ་འོད་དག་ཅེས་བྱ་བ་གསུངས ་ཏོ། བསྟན་བྱ་ནི། བསྟེན་པོར་བྱ་བའོ།། འདི་དག་དུག་མེད་པར་ཇི་ལྟར་བྱ་ཞེ་ན། གཟུགས་ཕུང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་མ་ནི་གཟུགས་ཀྱི་ཕུང་པོ་རྣམ་པར་དག་པའོ།། ཞེས་བྱ་བའི་དོན་ཏོ།། དེ་ཉིད་ཀྱི་ཕྱིར ་དེ་ཉིད་རྣལ་འབྱོར་པས། ཞེས་གསུངས་པ་ཡིན་ནོ།། དབང་ལྡན་དུ་ནི་ཞེས་བྱ་བ་ལ་སོགས་པ་ནི། ཕྱི་རོལ་གྱི་རིམ་པ་ནས་བརྩམས་པའོ།། གལ་ཏེ་ནང་གི་རིམ་པར་ཡང་། གཽ་རཱི་བརྗོད་པ་མ་ཡིན་ནམ། ཕྱི་རོལ་གྱི་རིམ་པོར ་ཡང་། དེ་བརྗོད་པ་ནི། ཇི་ལྟ་བུ་ཞེ་ན། གཞན་ཡང་ལྷ་མོ་གཽ་རཱི་ལ་སོགས་པོ་ཞེས་བྱ་བ་གསུངས་ཏེ། མིང་ཙམ་འདྲ་བའི་གཽ་རཱི་གཞན་ཞིག་གོ། ལྷ་མོ་འདི་གཉིས་ཞེས་བྱ་བ་ནི། ལྷ་མོ་འདི་གཉིས་ཞེས་བྱ་བའི་དོན་ཏོ།། གནས ་ཀྱི་དབྱེ་བ་ནི། ལྷ་མོ་རྣམས་ཀྱི་དབྱེ་བ་ཤེས་པར་བྱ་བའི་ཕྱིར་བསྟན་ཏོ།། ཡང་འདི་དག་གི་རྣམ་པར་དག་པ་ནི། མ་བསྟན་པ་དེ་བསྟན་པའི་ཕྱིར། གཟུགས་ལ་གཽ་རཱི་ཞེས་བྱ་བ་ལ་སོགས་པས་གསུངས ་ཏེ། དེ་ཉིད་རྣལ་འབྱོར་པས་ཞེས་བྱ་བ་ལྷའི་དེ་ཁོ་ན་ཉིད་ཀྱི་རྣམ་འབྱོར་པའོ།། ཕག་གི་ཞེས་བྱ་བ་ལ་སོགས་པ་ནི། དགྱེས་པའི་རྡོ་རྗེ་ཕྱག་བཅུ་དྲུག་པའི་ཕྱག་རྣམས་ཀྱི་རྣམ་པར་དག་པ་གསུངས་པ་ཡིན་ཏེ། ཕྱག་བཅུ་དྲུག་པོ ་རྣམས་ཀྱི་དེ་ཁོ་ན་ཉིད་ནི་སྟོང་པ་ཉིད་བཅུ་དྲུག་སྟེ། འདི་ལྟ་སྟེ། ནོང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས ་བྱིབྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་བློ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། རང་གི་མཚན་ཉིད ་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ། འདི་དག་ཁོ་ན་ཕྱག་ཏུ་བྱས་པའོ།། ཞབས་རྣམས་ནི་བདུད་རྣམས་བཅོམ་པའི་རྣམ་པར ་དག་པ་སྟེ། ཕུང་པོའི་བདུད་དང་། ཉོན་མོངས་པའི་བདུད་དང་། འཆི་བདག་གི་བདུད་དང་། ལྷའི་བུའི་བདུད་ཅེས་བྱ་བའོ།། ཞལ་རྣམས་ཞེས་བྱ་བ་ནི། ཞལ་རྣམས་སོ།། རྡོ་རྗེ་གསུམ་ཞེས་བྱ་བ་ནི། སྐུ་དང་། གསུང་དང་། ་ཐུགས་རྡོ་རྗེའོ།། ས་ནི་ཞེས་བྱ་བ་ལ་སོགས་པས་ནི། ས་ལ་སོགས་པ་རྣམས་ཀྱི་རྣམ་པར་དག་པ་བསྟན་ཏེ། བུཀྐ་སཱི་ལ་སོགས་པའོ།། ཞེས་བྱ་བའི་དོན་ཏོ།། འདིས་ནི་ཞེས་བྱ་བ་ལ་སོགས་པ་ལ། ཕུང་པོ་ཞེས་བྱ་བ་ནི། ཕུང་པོ་ལ་པོས ་པའོ།། དེ་ལྟར་རེ་ཞིག་སྐྱེད་པོའི་རིམ་པའི་ཕྱོགས་ཀྱི་རྣམ་པར་དག་པ་བསྟན་ནས། ཡང་རྫོགས་པའི་རིམ་པའི་ཕྱོགས་ལ་དེ་ཉིད་རོ་གཅིག་པའི་རྣམ་པར་དག་པ་བསྟན་པའི་ཕྱིར། གང་དང་གང་གིས་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། གཟུགས་ལ་སོགས་པ་གང་གིས་འཇིག་རྟེན་འཆིང་བར་འགྱུར་བ་དེ་ཉིད་ཀྱིས་བདག་ཉིད་གྲོལ་བར་བྱའོ།། ལྷའི་རྣམ་པའི་བསྒོམ་པ་ཡང་མི་བྱའོ།། གལ་ཏེ་དེ་དང་། དེས་གྲོལ་བར་འགྱུར་བ་ཉིད་ཡིན་ན། འཇིག་རྟེན་ནུ ་བཅིངས་པ་ཉིད་དུ་འགྱུར་བ་ཇི་ལྟ་བུ་ཞེ་ན། འཇིག་རྟེན་རྣམས་རྨོངས་པར་གྱུར་པས། དེ་ཉིད་ལས་འདི་བདེན་པ་ལ་མངོན་པར་ཞེན་པ་ཉིད་ཀྱིས་དེ་ཉིད་མི་ཤེས་པ་སྟེ། དེ་རྣམས་ཀྱི་མ་སྐྱེས་པའི་དེ་ཁོ་ན་ཉིད་དེ་མ་རྟོགས་པ་ལ།། ། ་དེ་ཉིད་རྣམ་སྤུངས་ཞེས་བྱ་བ་ནི། སྐྱེ་བ་མེད་པའི་བསྒོམ་པ་དང་བྲལ་བ་ཞེས་སོ།། དངོས་གྲུབ་ནི་རྡོ་རྗེ་འཆང་གི་གོ་འཕང་སྟེ། རྙེད་པར་མི་འགྱུར་རོ།། ཞེས་བྱ་བར་དགོངས་པའོ།། གང་གི་ཕྱིར་དེ་དེ་ལྟར་ན། དེའི་ཕྱིར་ཞེས་བྱ་བ ་རྒྱུ་དེས་དྲི་ལ་སོགས་པ་དོན་དམ་པ་ཉིད་དུ་ཡོད་པར་མི་འགྱུར་རོ།། ཞེས་བྱ་བར་དགོངས་པའོ།། སེམས་ཀྱི་རྣམ་པར་དག་པ་ཡང་ཐ་དད་དུ་བྱ་བ་མ་ཡིན་ཏེ། དེའི་སྐྱེ་བ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ།། ཐམས་ཅད་རྣམ་པར་དག་ཙོས ་པ་ནི། འགྲོ་བ་ཐམས་ཅད་རྣམ་པར་དག་པའོ།། གང་གིས་འགྲོ་བ་རྣམ་པར་དག་ཅེ་ན། རྣམ་པར་དག་ཅེས་བྱ་བ་གསུངས་ཏེ། ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ཀྱི་རྣམ་པར་དག་པའོ།། དེའི་ཕྱིར་རང ་བཞིན་དག་པའི་འགྲོ་ལ་ཞེས་སོ།། ཡང་དེ་ལྟ་བུ་ངེས་སུ་ཡིས་ཤེས་ཞེ་ན། འགྲོ་བར་ཞེས་བྱ་བ་གསུངས་ཏེ། ཤེས་པར་གྱུར་ན་ཞེས་བྱ་བའི་དོན་ཏོ།། དགྱེས་པའི་རྡོ་རྗེའི་དཀའ་འགྲེལ། རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ལས། ་རྣམ་པར་དག་པའི་ལེའུའི་འགྲེལ་པ་སྟེ་དགུ་པའོ།། །། ད་ནི་སློབ་མ་མངོན་པར་དབང་བསྐུར་བ་སྦྱིན་པར་བྱ་བ་ཡིན་ལ། དེ་ཡང་བྲིས་པའི་དཀྱིལ་འཁོར་ཉིད་དུ་སྦྱིན་པ་ཡིན་པས། དེའི་ཕྱིར་དེ་ནས་ཇི་ལྟར ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིམ་པ་ཡང་དག་ཅེས་བྱ་བ་ནི། ཕྱིན་ཅི་མ་ལོག་པ་ཡིན་པའི་ཆོ་ག་སྟེ། ཆོ་ག་གང་གིས་སློབ་མ་དབང་བསྐུར་བར་བྱེད་པ་དེའི་ཆོ་ག་ཡང་དག་པར་རབ་ཏུ་བཤད་ངོ་ཞེས་བྱ་བར་སྦྱར ་རོ།། ནོར་འཛིན་ཞེས་བྱ་བ་ནི། སྣ་གཞིའོ།། ལྷའི་བདག་ཉིད་ཀྱི་ཞེས་བྱ་བ་ནི། དགྱེས་པའི་རྡོ་རྗེ་ཕྱག་གཉིས་རྣལ་འབྱོར་དང་ལྡན་པས་སོ།། ཧཱུཾ་ལས་རྡོ་རྗེ་ཅན་ཞེས་བྱ་བ་ལ་སོགས་པ་ལ། སྟོང་པ་ཉིད་ཀྱིས་རྣམ་པོར ་བསྒོམས་ནས། རཾ་ལསོ་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེའོ།། དེ་ལས་རྡོ་རྗེའི་རང་བཞིན་གྱི་ས་གཞི་དང་། རྡོ་རྗེ་ར་བ་དང་། གུར་དང་། དེའི་ཕྱི་རོལ་ཏུ་རྡོ་རྗེ་མེ་འབར་བར་བསམས་ནས། ་ཨོཾ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བས་བྱིན་གྱིས་བརླབས་ནས། དཀྱིལ་འཁོར་བྲི་བར་བྱའོ།། བྱང་ཆུབ་སེམས་དཔའ་ནི། ཕྱག་ན་རྡོ་རྗེ་ལ་སོགས་པའོ།། ཁྲུ་གསུམ་ཞེས་བྱ་བ་ལ་སོགས་པ་ལ། མཐེ་བོ་གསུམ་གྱིས་ལྷག་མ ་ཞེས་བྱ་བའི་དོན་ཏེ། འདི་ནི་དཀྱིལ་འཁོར་མདོར་བསྟན་པའོ།། རྒྱས་པར་ནི་འོག་ནས་འཆུང་བར་འགྱུར་རོ།། དབང་བསྐོར་བར་རབ་ཏུ་བརྗོད་པར་བྱ་བའི་ཕྱིར། མིག་མཾ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཟང་མོ་ཞེས ་བྱ་བ་ནི། མཆོག་ཏུ་གྱུར་པའོ།། ས་ཏེ། ཡང་ན་ཞེས་བྱ་བ་ནི། ནུས་པ་མེད་ནའོ།། དེའི་ཚེ་ནི། ཇི་ལྟར་རྙེད་པའི་ལང་ཚོ་ག་ཙོར་གྱུར་པ་གཞུག་པར་བྱ་བ་སྟེ། རྣལ་འབྱོར་མའི་ཚུལ་འདི་ནི། འདོད་ཆགས་ཆེན་པོའི་ཚུལ་ཡིན ་པོས་སོ།། འདིས་ནི་སློབ་མའི་མཚན་ཉིད་མདོར་བསྟན་ཏོ།། ད་ནི་གསང་བའི་དབང་བསྐུར་བ་མདོར་བསྟན་པའི་ཕྱིར། ཇི་སྲིད་ཅེས་བྱ་བ་ལ་སོགས་པ་སྟེ། ཕྱག་རྒྱའི་གདོང་ཡང་ཞེས་བྱ་བ་ནི། སློབ་མའི་གདོང་ངོ་།། ཐབས་ཀྱི ་ཞེས་བྱ་བ་ནི། སློབ་མའིའོ།། བྱ་བར་བྱ་ཞེས་བྱ་བ་ལ་སོགས་པ་ལ། དེ་ཉིད་ལ་ཡང་ཞེས་བྱ་བ་ནི། ཤེས་རབ་ལའོ།། རོ་མཉམ་ཞེས་བྱ་བ་ནི། ཤེས་རབ་ཀྱིས་དབང་བསྐུར་བའོ།། སློབ་མའི་སྤྱོད་ཡུལ་ཞེས་བྱ་བ་ནི། སློབ ་མའི་གདོང་གཡོགས་དཀྲོལ་བའོ།། དེ་དག་གིས་ཅིར་འགྱུར་ཞེ་ན། རང་རིག་ཅེས་བྱ་བ་ལྀ་སོགས་པ་གསུངས་ཏེ། དེ་ལྟ་བུ་ཉིད་ཀྱི་རོ་མཉམ་པས། རང་རིག་ཡེ་ཤེས་ཉིད་དུ་འགྱུར་ཞེས་བྱའོ།། དེ་ཁྱད་པར་ཇི་ལྟ་བུ་ཅན ་ཞིག་ཅེ་ན། རང་གཞན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་དང་། གཞན་གྱི་ཆར་རྣམ་པར་འབྱེད་པ་དང་བྲལ་བའོ།། མཁའ་མཉམ་ཞེས་བྱ་བ་ནི། སྣང་བ་མེད་པ་ཉིད་ཀྱི་ཕྱིར། ནམ ་མཁའ་དང་མཉམ་པའོ།། ཉོན་མོངས་པ་མེད་པ་ཉིད་ཀྱི་ས་རྡུལ་བྲལ་ལོ།། སྤྲོས་པ་ལས་ཤིན་ཏུ་འདས་པའི་ཕྱིར་སྟོང་པའོ།། དངོས་པོ་ནི་འབྱུང་བའོ།། དངོས་པོ་མེད་པ་ནི། འགགས་པའོ།། དེ་དག་གི་བདག་ཉིད་ཅན་དེ ་སྐད་ཅེས་བྱའོ།། མཆོག་ཅེས་བྱ་བ་ནི། དོན་དམ་པའི་ཤེས་རབ་བོ།། ཐབས་ཀྱི་སྟོང་པ་ཉིད་ནི། ཤེས་རབ་བོ།། ཐབས་ནི་སྙིང་རྗེ་ཆེན་པོ་སྟེ། སེམས་ཅན་ཐམས་ཅད་ལ་བདག་ཉིད་དང་མཉམ་པ་ཉམས་སུ་མྱོང་བའོ།། དེ ་དག་འདྲེས་པ་ནི། དེ་དག་གཟུགས་གཅིག་ཏུ་སྣང་བར་འགྱུར་པའོ།། ཆགས་པ་ནི། མཆོག་ཏུ་དགའ་བའོ།། ཆགས་པ་དང་བྲལ་བ་ནི། དགའ་བྲལ་གྱིས་དགའ་བ་སྟེ། དེ་དག་འདྲེས་པར་འགྱུར་བའི་རང་བཞིན་ནོ།། སྲོག ་ཆགས་ནི་སེམས་ཅན་ནོ།། དེ་དག་ཉིད་ནི་སྲོག་སྟེ། དེ་དག་མེད་ན། སྲོག་མེད་པའི་ཕྱིར་རོ།། ཡི་གེ་མཆོག་ནི་ཐོག་མ་དང་ཐ་མ་མོང་བ་ཆོས་ཀྱི་དབྱིངས་ཀྱིས་གཟུགས་ཅན་ཉིད་ཀྱི་ཕྱིར་རོ།། ཁྱབ་པ་པོ་ནི། ཆོས་ཐམས་ཅད་དེའི ་རང་བཞིན་ཡིན་པའི་ཕྱིར་རོ།། ཐམས་ཅད་ལུས་ལ་རྣམ་པར་གནས་ཞེས་བྱ་བ་ནི། སྲོག་ཆགས་རྣམས་ཀྱི་ལུས་ལ་རྣམ་པར་ཤེས་པ་གནས་པའི་ཕྱིར་རོ།། དེ་ཉིད་ལས་འགྲོ་བ་རྣམས་འབྱུང་བར་འགྱུར་ཏེ། དེའི་བདག་ཉིད ་ཅན་གྱིས་ལས་དང་ཉོན་མོངས་པ་ལས་འབྱུང་བའི་ཕྱིར། ཞེས་བསྟན་པའི་ཕྱིར་རོ།། དངོས་དང་། དངོས་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་པོ་ནི་ལུས་སོ།། དངོས་པོ་མེད་པ་ནི། ཚོར་བ་ལ་སོགས་པའོ།། གཞན་དང ་ཞེས་བྱ་བ་ནི། དབང་པོ་དྲུག་གོ། གང་རྣམས་དེ་རྣམས་ཞེས་བྱ་བ་ནི། ཕྱི་རོལ་གྱི་དངོས་པོ་བརྟན་པ་དང་། གཡོ་བ་ལ་སོགས་པའོ།། མུ་སྟེགས་པ་རྣམས་ཀྱིས་ཀྱང་། དེ་ཉིད་ལ་བདག་ལ་སོགས་པ་ཉིད་དུ་ཡོངས་སུ་བརྟགས་པ་ཡིན ་ཤེས་རབ་ཏུ་བསྒྲུབ་པའི་ཕྱིར། རྣམ་པར་ཤེས་པ་ཀུན་གྱིས་གཟུགས་ཞེས་བྱ་བ་གསུངས། རྣམ་པར་ཤེས་པའི་གཟུགས་ནི། རིག་བྱེད་ཀྱི་མཐའ་སྨྲ་བ་རྣམས་ཀྱིའོ།། སེམས་ཀྱི་གཟུགས་ཅན་གྱིས་སྐྱེས་བུ་ཞེས་བྱ་བ་ནི། གྲངས ་ཅན་གྱིའོ།། གང་ཟག་ཅེས་བྱ་བ་ནི། གང་ཟག་ཏུ་སྨྲ་བ་རྣམས་ཀྱིའོ།། འགྲོ་བའི་བྱེད་པ་པོ་རྟག་པའི་དབང་ཕྱུག་ཅེས་བྱ་བ་ནི། ཞི་བའི་གྲུབ་པའི་མཐའ་སྨྲ་བ་རྣམས་ཀྱིའོ།། བདག་ཉིད་ཉེ་བར་སྐྱེ་བར་འགྱུར། འཚོ་བར་འགྱུར། འཆི ་བར་འགྱུར། བཅིངས་པར་འགྱུར། གྲོལ་བར་འགྱུར། ཞེས་བྱ་བ་ནི། བདག་ཏུ་སྨྲ་བ་རྣམས་ཀྱིའོ།། སྲོག་ཅེས་བྱ་བ་ནི། ཕྱོགས་ཀྱི་གོས་ཅན་རྣམས་ཀྱིའོ།། སེམས་ཅན་ཞེས་བྱ་བ་ནི། སེམས་ཅན་དུ་སྨྲ་བ་རྣམས་ཀྱིའོ།། དུས་ཞེས་བྱ ་བ་ལ་དུས་ཀྱིས་འབྱུང་བ་སྨིན་པར་བྱེད། དུས་ཀྱིས་སྐྱེ་དགུ་སྡུད་པར་འགྱུར།། དུས་ཀྱིས་ལོགས་ཤིག་སད་པར་བྱོད།། དུས་ལས་ཤིན་ཏུ་འདའ་བར་དཀའ།། ཞེས་བྱ་བ་ནི། དུས་རྒྱུར་སྨྲ་བ་རྣམས་ཀྱིའོ།། ལས་ཀྱིས་འགེངས་པར་བྱེད ་ཅིང་། དེ་དག་ཡོངས་སུ་སྨིན་པ་ན། འཛག་པར་ཡང་འགྱུར་རོ།། ཞེས་བྱ་བ་དེ་ལྟ་བུ་ནི། གང་ཟག་ཏུ་སྨྲ་བ་རྣམས་ཀྱིའོ།། དངོས་པོ་ཀུན་ཞེས་བྱ་བ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའོ།། སྒྱུ་མའི ་གཟུགས་ཞེས་བྱ་བ་ནི། སྣ་ཚོགས་པའི་སྤྲུལ་པའི་སྤྲུལ་པ་པོ་ཉིད་དོ།། ཡང་དེ་ལྟ་བུའི་རོ་མཉམ་པོར་འགྱུར་བ་དེ་ཇི་ལྟར་སློབ་མ་རྣམས་ཀྱི་སྤྱོད་ཡུལ་དུ་འགྱུར་བར་བྱ་ཞེ་ན། དང་པོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་གའ་བ ་ཙམ་ཞེས་པ་པོ་ནི། ཐུན་མིང་དུ་འགྱུར་བའི་བདེ་བ་ཙམ་ཞེས་བྱ་བའི་དོན་ཏོ།། གཉིས་པའི་གྲངས་ལས་ཞེས་བྱ་བ་ནི། གཉིས་པའོ།། གསུམ་པ་ཞེས་བྱ་བ་ནི། ཐ་དད་དུ་སྦྱར་བར་བྱའོ།། དགའ་བྲལ་ཞེས་བྱ་བ་ནི། དགའ་བྲལ་གྱི ་དགའ་བའོ།། ལྷན་ཅིག་སྐྱེས་པ་ཞེས་བྱ་བ་ནི། ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་ནོ།། འདི་ནི་བཤད་པ་གཅིག་ཡིན་ནོ།། དང་པོར་ཞེས་བྱ་བ་ལ་སོགས་པ་ལ། དང་པོར་ཞེས་བྱ་བ་ནི། ཐོག་མ་སྟེ། ཕྱི་རོལ་གྱི་པདྨ་དང་། ་རྡོ་རྗེ་རྣལ་འབྱོར་གྱིས་སློབ་དཔོན་གྱི་དབང་བསྐུར་བས། དགའ་བ་ཙམ་འབྱུང་བའོ།། ཅི་ཕྱིར་དགའ་བ་ཙམ་ཡིན་ཞེ་ན། ཐུན་མོང་གི་ངོ་བོ་ཉིད་ཡིན་པའི་ཕྱིར་ཏེ། གཞན་དག་གིས་ཀྱང་། རྡོ་རྗེ་དང་། པདྨའི་སྦྱོར་བ་དེ་ལྟ་བུ་དང་མཐུན ་བའི་བདེ་བ་ཉམས་སུ་མྱོང་བར་འགྱུར་རོ།། ཞེས་བྱས་ནས། དགའ་བ་ཙམ་ཞེས་བརྗོད་དོ།། མཆོག་དགའ་ཉིད་ཅེས་བྱ་བ་ལ་སོགས་པ་ལ། མཆོག་ནི་ཁྱད་པར་ཅན་དུ་གྱུར་པ་སྟེ། མན་ངག་ཉིད་ལས་གསང་བའི་ནོར་བུར་ཡང་དག ་པར་མྱོང་བར་འགྱུར་བ་ཉིད་དོ།། གཉིས་པའི་གྲངས་ལས་ཞེས་བྱ་བ་ནི། དབང་བསྐུར་བའི་གྲངས་གཉིས་པའོ།། གསུམ་པ་ཞེས་བྱ་བ་ལ་སོགས་པ་ལ། ཁྱང་བར་ཅན་གྱི་དགའ་བ་ནི། དགར་བྲལ་ཏེ། ཤེས་རབ་ཀྱི་དབང་བསྐུར་བ ་མཚན་ཉིད་ཅན་ཏེ། དེ་ལས་གཞན་པའི་ནོར་བུ་བདེ་བ་ཆེན་པོ་ཡང་དག་པ་རིག་པ་ཉིད་དོ།། བཞི་པ་ཞེས་བྱ་བ་ལ་སོགས་པ་ལ། བཞི་པ་ནི་དབང་བསྐུར་བ་བཞི་པའོ།། ལྷན་ཅིག་སྐྱེས་པ་ཞེས་བྱ་བ་ནི། མི་གནས་པའི་མྱ་ངན་ལས་འདས ་བའི་དབྱིངས་ཀྱི་ངོ་བོ་ཉིད་ཡང་དག་པར་རྟོགས་པའོ།། དེ་ལྟ་བུའི་ལྷན་ཅིག་སྐྱེས་པ་ཉིད་རོ་མཉམ་པ་ཞེས་བྱ་བའི་སྒྲ་དང་། སྐད་ཅིག་མའི་དབྱེ་བས། སློབ་མའི་སྤྱོད་ཡུལ་དུ་ངེས་པོར་བསྟན་པོ་ནི། དེའི་ཚེ་བཅོམ་ལྡན་འདས་འཁོར་གང ་དག་གིས་ཡོངས་སུ་བསྐོར་བ་བརྗོད་པར་འདོད་ནས། སྡུད་པ་པོས་དེ་སྐད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ངོ་མཚར་ཞེས་བྱ་བ་ནི། རྨ་དུ་བྱུང་བ་རྟོགས་པར་འགྱུར་བའོ།། ས་ཞེས་བྱ་བ་ནི་སའོ།། ཅིའི་ཕྱིར་འགྱེལ་བར་འགྱུར་ཞེ་ན། ་དང་པོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགྲོ་བའི་གཟུགས་ཞེས་བྱ་བ་ནི། འགྲོ་བ་རྣམས་ཀྱིས་རིག་པ་ཉིད་ཀྱི་ཕྱིར་རོ།། མཆོག་དགའ་འགྲོ་བ་ཉིད་ཅེས་བྱ་བ་ནི། ལམ་གྱི་ངོ་བོ་ཉིད་ཀྱིས་ཀུན་རྫོབ་ཀྱི་བདེན་པའི་ངོ་བོ་ཉིད་ཡིན་པའི ་ཕྱིར་རོ།། དེ་བཞིན་ཞེས་བྱ་བ་ནི། དེ་བཞིན་དུ་ཞེས་བྱ་བའི་དོན་ཏོ།། གང་ཡང་དགའ་བྲལ་གྱི་དགའ་བའི་ངོ་བོ་ཞེས་གྲགས་པ་དེ་ཡང་། ཤིན་ཏུ་ཕྲ་བ་རང་གིས་སོམས་ཀྱིས་སོ་སོར་རིག་པར་བྱ་བའི་ངོ་བོའོ།། དེ་ཡང་འགྲོ་བ་ཉིད་ཡིན་ཏེ། ་ཀུན་རྫོབ་ཀྱི་བདེན་པའི་རང་བཞིན་ཉིད་ཀྱིས་ཏེ། དེ་ཡང་སེམས་ཙམ་ཉིད་ཡིན་པས། ཀུན་རྫོབ་ཀྱི་བདེན་པར་བསྡུས་པའི་ཕྱིར་རོ།། ཉིད་ཅེས་བྱ་བ་ནི། ངེས་པར་བཟུང་བར་བྱ་བར་བལྟའོ།། གསུམ་ཆར ་ཡང་འཇིག་རྟེན་པའི་འགྲོ་བས་རིག་པར་འགྱུར་བ་ཡིན་པས། འགྲོ་བ་ཞེས་བྱ་བར་བརྗོད་དོ།། གསུམ་ལ་ལྷན་ཅིག་སྐྱེས་པ་མེད་ཅེས་བྱ་བ་ནི། གསུམ་པོ་འདི་དག་ལ་ལྷན་ཅིག་སྐྱེས་པ་ཡོད་པ་མ་ཡིན་ཞིང་། ཡང་དག་པར་རིག་པ ་ཡང་མེད་པ་ཉིད་དེ། མཚན་ཉིད་དང་བྲལ་བའི་ཕྱིར། ཞེས་བྱ་བའི་དོན་ཏོ།། ཅེས་བྱ་བ་ནི། སྡུད་པ་པོའི་ཚིག་ཡོན་ཏེ། ཡོངས་སུ་རྫོགས་ཞེས་བྱ་བའི་དོན་ཏེ། དེ་ལྟ་བུར་གྱུར་པས་ངོ་མཚར་སྐྱེས་པར་འགྱུར་རོ་ཞེས་བྱའོ།། ་བཅོམ་ལྡན་བཀའ་སྩལ་ཞེས་བྱ་བ་ནི། སྡུད་པ་པོའི་ཚིག་གོ། སངས་རྒྱས་ཀུན་དང་ལྷན་ཅིག་གཉིས་སུ་མེད་པར་གྱུར་པའི་སྐུ་ནི། སྐུ་གཅིག་པུའོ།། འདིས་ཐེ་ཚོམ་ངེས་པར་སེལ་བར་བྱེད་པས་ན། ཐེ་ཚོམ་ལེགས་པར་སེལ ་བའོ།། བཟང་པོ་ཞེས་བྱ་བ་ནི་གཙོ་བོའོ།། རྟོགས་བྱའི་ཕྱིར་ཞེས་བྱ་བ་ནི། རབ་ཏུ་བསྒྲུབ་པར་བྱ་བའི་ཕྱིར་རོ།། འདོད་ཚེགས་མེད་ཅིང་ཞེས་བྱ་བ་ལ་སོགས་པ་ལ། འདོད་ཆགས་ནི་མཆོག་ཏུ་དགའ་བའོ།། ཆགས་བྲལ་ནི ་དགའ་བྲལ་དགའ་བའོ།། དབུ་མ་ཞེས་བྱ་བ་ནི། དངངོ་པོའི་དགའ་བོའོ།། གསུམ་པོ་འོ་དི་དག་ནི། ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ངོ་བོར་དམིགས་པར་མི་འགྱུར་རོ།། གསུམ་པོ་ཞེས་བྱ་བ་ནི། གསུམ་པོ་དེ་དག ་གོ། སྤངས་པ་ནི་ཐ་དད་དུ་བྱས་པའོ།། ལྷན་ཅིག་སྐྱེས་པ་ཞེས་བྱ་བ་ནི། ལྷན་ཅིག་སྐྱེས་པའི་དགའ་བའོ།། བྱང་ཆུབ་ཅེས་བྱ་བ་ནི། རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཡིན་པའི་ཕྱིར་རོ།། འདོད་ཆགས་ཞེས་བྱ་བ་ནི། འདོད་ཆགས ་ལ་དམིགས་པའི་ཕྱིར། འདོད་ཆགས་ཏེ། དབང་བསྐུར་དང་པོའོ།། ཆགས་བྲལ་ནི། ཁྱད་པར་ཅན་གྱི་བདེ་བ་ལ་དམིགས་པའི་ཕྱིར། དབང་བསྐུར་བ་གསུམ་པའོ།། དབུ་མ་ནི་དེ་དག་གི་བར་ན་གནས་པ་རོ་གྱུར་པ་སྟེ། གཉིས་པ ་གསང་བའི་དབང་བསྐུར་བའོ།། དམིགས་པར་མི་འགྱུར་རོ།། ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དེ་མ་ཐག་པའི་རྐྱེན་གྱི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་རོ།། དེའི་ཕྱིར་གསུམ་པོ་སྤངས་པ་ཉིད་ཀྱི་ཕྱིར། ཞེས་བྱ་བ་གསུངས ་པ་ཡིན་ནོ།། ལྷན་ཅིག་སྐྱེས་པ་ཞེས་བྱ་བ། ལྷན་ཅིག་སྐྱེས་པའི་དོན་གྱི་དབང་བསྐུར་བ་ལ། ལྷན་ཅིག་སྐྱེས་པ་ཞེས་བྱ་སྟེ། བཞི་པ་ཞེས་བྱ་བའི་དོན་ཏོ།། བྱང་ཆུབ་བརྗོད་ཅེས་བྱ་བ་ནི། རྒྱུ་ལ་འབྲས་བུ་བཏགས་པའོ།། གལ་ཏེ་དབང་བསྐུར ་བའི་ཁྱད་པར་གཞན་ལ་ཡང་། ཅིའི་ཕྱིར་བརྗོད་པར་མི་བྱ་ཞེ་ན། རྒྱུའི་རྒྱུ་ཉིད་ཡིན་པའི་ཕྱིར། ཞེས་བྱ་བར་དགོངས་པའོ།། དེ་ཉིད་ཀྱི་ཕྱིར། དགའ་བོ་གསུམ་པོ་རྣམ་པར་སྤངས་ཞེས་གསུངས་པ་ཡིན་ནོ།། གལ་ཏེ་གཞན་དག་ལ ་ཐམས་ཅད་དུ་དེ་ཡོད་པ་མ་ཡིན་ན། ལྷོན་ཅིག་སྐྱེས་པ་ཞེས་བྱ་བ་ཁྱབ་པ་པོ་ཉིད་དུ་མི་འགྱུར་རོ་ཞེ་ན། དེའི་ཕྱིར་རྒྱུའི་གཙོ་བོ་ཉིད་ཡིན་པའི་ཕྱིར། ལྷན་ཅིག་སྐྱེས་པ་ལ། རྫོགས་པའི་བྱང་ཆུབ་ཅེས་བརྗོད་དོ།། ད་ནི་ཡང་བསྟན་པར ་གྱུར་པའི་ལྷན་ཅིག་སྐྱེས་པ་ཉིད་གསལ་པོར་བསྟན་པའི་ཕྱིར། དེ་ཡང་དགའ་བྲལ་དང་པོར་མཚོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགའ་བྲལ་གྱི་དང་པོ་ཞེས་བྱ་བ་མཆོག་ཏུ་དགའ་བ་ཡིན་ནམ་ཞེ་ན། དེ ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དགའ་བ་གསུམ་པོ་རྣམ་པར་སྤངས་ཞེས་གསུངས་ཏེ། ཤུགས་ཀྱིས་ན་མཆོག་ཏུ་དགའ་བའི་ཕྱི་མ་ཞེས་བྱ་བར་བསྟན་པར་འགྱུར་རོ།། དེ་ཡང་ལེའུ་བཅུ་གསུམ་པ་ལས། ལྷན་ཅིག་སྐྱེས་དགའི ་ང་ཞིན་བདག། མཆོག་མཐའ་དགའ་བྲལ་དང་པོར་ནི།། ཞེས་བྱ་བ་གསུངས་པ་ཡིན་ནོ།། བཤད་པ་གཅིག་ཡིན་ནོ།། དགའ་བྲལ་དང་པོ་མཚོན་ཞེས་བྱ་བ་ནི། དབང་བསྐུར་བ་གསུམ་པ་ལ་སོགས་པའོ།། མཚོན་ཞེས་བྱ་བ ་ནི། ཇི་ལྟར་རིག་པར་བྱ་བའོ།། ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན། དགའ་བ་གསུམ་པོ་རྣམ་པར་སྤངས་ཞེས་བྱ་བ་གསུངས་ཏེ། དགའ་བ་དང་། མཆོག་དགའ་དང་། དགའ་བྲལ་སྤངས་པ་སྟེ། འདི་ནི་མཚན་ཉིད་དང་བྲལ་པོའི ་ངོ་བོ་ཉིད་ཡིན་པས། ངོ་བོ་ཉིད་གཞོན་ཡིན་པའི་ཕྱིར་རོ།། དེ་ལྟར་ཡང་དག་པར་མཚོན་ནས། མན་ངག་གིས་ལྷན་ཅིག་སྐྱེས་པ་བསྒོམ་པའི་ཏིང་ངེ་འཛིན་ལས་སྐྱེས་པ་གང་ཡིན་པ་དེ་བསྟན་པ་ནི། སྤྲིན་ལྟ་བུ་དང་། སྒྱུ་མ་ལྟ། ་བུ་དང་། རྨི་ལམ་ལྟ་བུ་དང་། རྨི་ལམ་སད་བའོ།། ཞེས་གསུངས་ཏེ། དང་པོར་ཞེས་བྱ་བ་ནི། དང་པོར་གོམས་པར་བྱེད་པའི་དུས་སུའོ།། ཇི་ལྟར་སྤྲིན་དང་འདྲ་ཞེ་ན། སྤྲིན་སྲབ་མོས་གཡོགས་པའི་ཟླ་བ་ཉ་བ་ལྟར་མི་གསོལ ་བའི་ཕྱིར་རོ།། ཇི་ལྟར་སྒྱུ་མ་ལྟ་བུ་ཞེ་ན། གང་གི་ཚེ་མངོན་སུམ་དུ་གྱུར་པའི་ཚེ། གྲུབ་པ་ཞེས་བྱ་བ་སྟེ། བདེ་བ་ཆེན་པོའི་རོས་ངེས་པར་བསྒོམ་པས། འགྲོ་བ་རྣམས་སྒྱུ་མ་བཞིན་དུ་མཐོང་ངོ་།། ཕྱི་ནས་ཞེས་བྱ་བ་ནི། དེའི་རྗེས་ལ་རྨི ་ལམ་དང་འདྲ་བའོ།། ཇི་ལྟར་རྨི་ལམ་དང་འདྲ་ཞེ་ན། བདག་དང་གཞན་དུ་མི་དམིགས་པའི་ཕྱིར་རོ།། དེ་ནས་ནི་རྨི་ལམ་དང་། སད་པ་ལྟ་བུ་སྟེ། སད་པ་དང་། རྨི་ལམ་གྱི་གནས་སྐབས་ལ་དབྱེ་བ་མེད་པར་རྟག་ཏུ་མཉམ་པར་བཞག ་པའི་ཕྱིར་རོ།། དེ་ལྟར་ཏིང་ངེ་འཛིན་བཞི་ཡོངས་སུ་རྫོགས་པར་གྱུར་པའི་རྣལ་འབྱོར་བ་ཅི་ལྟོར་འགྲུབ་པར་འགྱུར་ཞེ་ན། མི་ཕྱེད་མཚན་ཉིད་མ་གྲུབ་པ།། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ལ་སོགས་པའི་དབྱེ་བ་མེད ་པས་མི་ཕྱེད་པའོ།། དབྱེ་བ་མེད་པ་ཅི་ལྟ་བུར་ཞེ་ན། མཚན་ཉིད་མ་གྲུབ་པའི་ཕྱིར། དབྱེ་བ་མེད་པའོ།། འདིས་མཚོན་པར་བྱེད་པས་ན། མཚན་ཉིད་དེ་རང་བཞིན་ནོ།། དེ་མ་གྲུབ་པ་ནི་དངོས་པོ་ཐམས་ཅད་བདེ་བ་ཆེན་པོའི་རང ་བཞིན་ཉིད་ཀྱིས་རང་བཞིན་མེད་པར་བྱས་པའོ།། ཕྱག་རྒྱ་རྣལ་འབྱོར་ཞེས་བྱ་བ་ནི། ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ཏེ། འགྲུབ་པར་འགྱུར་བའི་ཞེས་བྱ་བའི་དོན་ཏོ།། ཉིད་ཅེས་བྱ་བ་ནི། དེ་ལྟ་བུའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི། ་དབང་བསྐུར་བ་མེད་ན་འབྱུང་བར་མི་འགྱུར་བས། དབང་བསྐུར་བཽ་སྦྱིན་པར་བྱའོ།། དེའི་ཕྱིར་སྟོན་པ་ཞེས་བྷོ་བ། རྡོ་རྗེ་འཆང་གིས་དེའི་ཆེད་དུ་དཀྱིལ་འཁོར་གསུངས་པ་ཡིན་ནོ།། ཡང་དགའ་བ་རོ་བ་ཞེས་བྱ་བ་ནི། རིན་པོ་ཆེ་སྣ ་ཚོགས་ཀྱིས་བརྒྱན་པའོ།། སྣ་ཚོགས་རྔ་ཡབ་ཅེས་བྱ་བ་ནི། རྒྱན་སྣ་ཚོགས་ཅན་གྱི་རྔ་ཡབ་དང་ལྡན་པའོ།། མགྲིན་པ་གོས་ཀྱིས་བཀབ་པ་དང་། ཞེས་བྱ་བ་ནི། གོས་སར་པས་མགུལ་པ་བཅིངས་པའོ།། རིན་ཆེན་ལྔ་ནི ་བྱི་རུ་དང་། མུ་ཏིག་དང་། མུ་མེན་དང་། གསེར་དང་། དངུལ་ལོ།། གཞག་ཅེས་བྱ་བ་ནི། བཞག་པར་བྱ་བའོ།། དཀྱིལ་འཁོར་བདག་པོ་ཞེས་བྱ་བ་ལ་སོགས་པ་ནི། སྔོན་གྱི་བསྙེན་པ་གསུངས་པ་ཡིན་ནོ།། གོང་དུ་ཞེས་བྱ་བ་ནི། ས་སྦྱངས་པའི ་ཡང་སྔོན་དུའོ།། ཨ་སོགས་སྔགས་ཀྱིས་ཞེས་བྱ་བ་ནི། ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨྨ་ཎཱ~ཾ་ཨཱདྱ་ནུཏ་པན་ན་ཏཱཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱ་བའོ།། མཆོད་དང་། གསོལ་བ་གདབ་པ་ཞེས་བྱ་བ་ནི། བླ་མ་ལའོ།། ཇི་ལྟར་བཤང་བཾ་དེ་བཞིན་ཞེས་བྱ་བ ་ནི། དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པར་རོ།། རྡོ་རྗེ་སེམས་དཔའོ་ཞེས་བྱ་བ་ནི། དགྱེས་པའི་རྡོ་རྗེའོ།། ཕྱི་ནས་ཞེས་བྱ་བ་ནི། དབང་བསྐུར་བའི་རྗེས་ཐོགས་སུའོ།། རྣམ་དག་ནི་འཁོར་བ་པའི་སྐྱོན་དག་པའོ།། ཡེ་ཤེས་གཟུགས་ཅན་ནི།། ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་མཉམ་པའོ།། འཁོར་བ་དང་ནི་རྣམ་བྱང་དག། ཅེས་བྱ་བ་ནི། ཡེ་ཤེས་གང་ལ་སྲིད་པ་དང་། མྱ་ངན་ལས་འདས་པ་དག་ཁྱད་པར་ཅུང་ཟད་ཀྱང་མེད་པ་ཞེས་བྱ་བ་ནི་ལྷག་པ་སྟེ། སྤྲོས་པ་ཐམས་ཅད་ལས ་ཤིན་ཏུ་འདས་པོའི་ཕྱིར། ཞེས་བྱ་བར་དགོངས་སོ།། འདི་ཉིད་ནི་མཆོག་དོགར་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅང་བ་གཉིས་ཀྱིས་གསལ་བར་སྟོན་པོར་འགྱུར་རོ།། མཆོག་དགའ་ནི་མཆོག་ཏུ་གྱུར་པའི་ཤེས་རབ་སྟེ། འོད་གསལ ་བའི་མཚན་ཉིད་ཅན་གྱི་ཡེ་ཤེས་སོ།། དེར་ནི་སྒོམ་པ་མེད་ཅེས་བྱ་བ་ཅུང་ཞིག་ཀྱང་མེད་པའོ།། སྒོམ་པ་པོ་ནི་སེམས་ཏེ། དེ་ཡང་མེད་པའོ།། ལུས་ནི་ལུས་སོ།། གཟུང་བ་ནི་སྣང་བར་འགྱུར་བའི་དངོས་པོའོ།། འཛིན་པ་ནི་མིག་ལ་སོགས་པའོ།། ་དེ་བཞིན་དུ་ཤ་དང་། ཁྲག་ལ་སོགས་པ་ཡང་མེད་པའོ།། དེ་ལྟར་ཉོན་མོངས་པའི་སྒྲིབ་པ་ཡོད་པ་མ་ཡིན་ནོ།། ཞེས་བྱ་བར་བསྒྲུབས་ནས། ཤེས་བྱའི་སྒྲིབ་པ་ཡང་ཡིད་པ་མ་ཡིན་ནོ།། ཞེས་བསྟན་པའི་ཕྱིར་མཐོང་བ་མེད་ཅེས་བྱ་བ་ལ ་སོགས་པ་གསུངས་ཏེ། མཐོང་བར་བྱ་བ་ལ་སོགས་པའི་ཕྱི་རོལ་གྱི་དངོས་པོ་ཡང་ཡོད་པ་མ་ཡིན་ནོ།། ཞེས་བྱ་བའི་དོན་ཏོ།། རླབས་མེད་པའི་ཞེས་བྱ་བ་ལ་སོགས་པ་ལ། རླབས་ནི་རྣམ་པར་རྟོགས་པའོ།། དེ་ཟད་པར་གྱུར་པ་ནི་རླབས་པའོ།། ། ་སྣ་ཚོགས་ནི་རྣམ་པ་སྣ་ཚོགས་སུ་སྣང་པོའོ།། དེ་མེད་པ་ནི་སྣ་ཚོགས་སུ་མེད་པའོ།། འདི་སྐད་ཅེས་བྱ་བ་ནི། འདི་སྐད་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའོ།། གསོལ་ཞེས་བྱ་བ་ནི། རྡོ་རྗེ་སྙིང་པོས་ཞུས་པར་འགྱུར་བའོ།། དོན་ཅི་ཞིག ་ཞུས་ཞེ་ན། ཅི་སྐད་ཅེས་བྱ་བ་ལ་སོགས་པ་གསུངས་སོ།། དགོངས་པ་ནི་འདི་ཡིན་ཏེ། ལྷན་ཅིག་སྐྱེས་པའི་ངོ་བོ་ཉིད་ཀྱིས་རང་བཞིན་གྱིས་རྣམ་པར་དག་པའི་ལུས་འདི་ཅིའི་སློང་དུ་ཟག་པ་དང་བཅས་པའི་འབྱུང་བ་ལའི་བདག་ཉིད་ཅན་དུ ་འགྱུར་བའི་རྒྱུ་ལས་འདྲ་བོར་གྱུར་པའི་འབྲས་བུ་འབྱུང་བར་འགྱུར་རོ།། ཞེས་བྱ་བའི་རིགས་པས་འོད་གསལ་བ་ལས་བཞེངས་པའི་རྡོ་རྗེ་འཆང་གིས་སྐུ་བཞིན་དུ་ལུས་ཅན་ཐམས་ཅད་ཀྱང་འགྱུར་ཏེ། ལྷན་ཅིག་སྐྱེས་པས་བསྐྱེད་པའི ་ཕྱིར། ཞེས་བྱ་བར་དགོངས་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞེས་བྱ་བ་ལ་འཇིག་རྟེན་པའི་འདི་ནི། བདེ་བ་ཙམ་ཡིན་ན། ཇི་ལྟར་ལྷན་ཅིག་སྐྱེས་པ་ཞེས་བརྗོད་པར་བྱ། འདྲ ་བ་དང་། རྒྱུའི་ངོ་བོ་ཡང་ཡོད་པ་དེའི་ཕྱིར། རྡོ་རྗེའི་པདྨའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རེག་པར་གྱུར་པ་ན། སྲ་བ་ཉིད་ནི་ཆོས་སོ།། ཆོས་ནི་སུའོ།། བྱང་ཆུབ་སེམས་ནི་ཁུ་བ་སྟེ།། བརླན་པའི་ངོ་བོ་ཉིད་ཡིན ་པའི་ཕྱིར་རོ།། བསྐྱོད་པ་ལས་ནི་མེའོ།། ཁུ་བ་འགྲོ་བར་འགྱུར་པོ་ནི་རླུང་ངོ་།། དེའི་བདེ་བ་ནི། ནམ་མཁའི་ཁམས་ཏེ། སྣང་བ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ།། གལ་ཏེ་ཕུང་པོ་ལྔའི་བདག་ཉིད་ནི་ཡིན་དུ་ཟད་ནས། བདེ ་བ་ཆེན་པོས་བསྐྱེད་པ་ཉིད་ཡིན་པས། ཟག་པ་མེད་པའི་ངོ་བོ་ཉིད་དུ་ཅིའི་ཕྱིར་མི་འགྱུར་ཞེ་ན། དེའི་ཕྱིར་བདེ་བ་དེ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་རྫོབ་ཏུ་རྡོ་རྗེ་དང་། པདྨས་བསྐྱེད་པ་དེ་ནི། དེ་ཁོ་ན་ཉིད་ཅེས ་བྱ་བ་ཡང་མ་ཡིན་ལ། དོན་དམ་པའི་ལྷན་ཅིག་སྐྱེས་པ་ཡང་མ་ཡིན་ནོ།། ཅིའི་ཕྱིར་ཞེ་ན། གང་ཕྱིར་འབྱུང་བ་ཆེན་པོ་བདེ་བོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འབྱུང་བ་ཆེན་པོ་བསྐྱེད་པའི་ཕྱིར་རོ།། གལ་ཏེ་འབྱུང་བར ་ཆེན་པོ་བསྐྱེད་པར་བྱེད་པ་ཡིན་པས། འབྱུང་བ་ཚོན་པོ་ཞེས་བརྗོད་པ་ཡིན་ནོ།། དེ་ལྟར་ན་སྔར་ཅིའི་ཕྱིར་བསྔགས་པར་བྱེད་ཅེ་ན། ལྷན་ཅིག་སྐྱེས་པར་གང་སྐྱེས་པ།། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནང་གི་བདག་ཉིད ་ཅན་གྱི་ཐབས་དང་ཤེས་རབ་དག་ལས་གང་བྱུང་བའི་ལྷན་ཅིག་སྐྱེས་པ་ཟག་པ་མེད་པའི་མཚན་ཉིད་ཅན་དེ་ནི། དོན་དམ་པར་ལྷན་ཅིག་སྐྱེས་པར་ཞེས་བྱ་བའི་སྒྲས་བརྗོད་པར་བྱ་བ་ཡིན་ནོ།། འདི་ཉིད་གསལ་བར་བསྟན་པར་བྱ ་བའི་ཕྱིར། རང་བཞིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཐམས་ཅད་ཀྱི་རང་བཞིན་དང་། དེ་བཞིན་ཉིད་དང་། ཡང་དག་པོའི་མཐའ་དང་། ངོ་བོ་ཉིད་ཅེས་བྱ་བ་ནི། རྣམ་གྲངས་སོ།། དེ་ཉིད་ལྷན་ཅིག་སྐྱེས་པ་ཉིད ་ཞེས་བྱ་བའི་སྒྲས་སྔར་བརྗོད་པ་ཡིན་གྱི། བདེ་བ་ཙམ་ནི་མ་ཡིན་ནོ།། དེ་ཁྱད་པར་ཇི་ལྟ་བུ་ཅན་ཞིག་ཅེ་ན། རྣམ་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པོ་ཐམས་ཅད་ནི། སངས་རྒྱས་ཀྱི་ཆོས་ཐམས་ཅད་དོ།། དེ ་དག་མདོར་བསྡུས་པ་ནི། སྡོམ་པ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་དེ་ལ་བརྟེན་པའི་ཕྱིར་རོ།། དེ་ལྟར་ནང་གི་བདག་ཉིད་ཅན་གྱི་ཐབས་དང་ཤེས་རབ་ཀྱི་ཏིང་ངེ་འཛིན་ལས་སྐྱེས་པའི་ལྷན་ཅིག་སྐྱེས་པ་བརྗོད་པ་ཡིན་ནོ།། ད་ནི ་དམིགས་པ་མེད་པའི་ངོ་བོ་ཉིད་ཀྱི་ཐབས་དང་། ཤེས་རབ་ཀྱིས་བསྐྱེད་པའི་ལྷན་ཅིག་སྐྱེས་པ་བསྟན་པའི་ཕྱིར། རྣལ་འབྱོར་སྙིང་རྗེ་ཐབས་སུ་འགྱུར་ཞེས་བྱ་བ་གསུངས་ཏེ། སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་ཀྱི ་སེམས་ནི་སྙིང་རྗེའོ།། དེ་ནི་ཉིད་ནི་ཐབས་ཀྱི་མཆོག་ཡིན་ཏེ། དེ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྒྲུབ་པའི་ཐབས་ཀྱི་གཙོ་བོའི་ངོ་བོ་ཡིན་པའི་ཕྱིར་རོ།། དེ་ཉིད་རྣལ་འབྱོར་པ་རྣམས་ཀྱི་གཙོ་བོ་ཡིན་པའི་ཕྱིར་རོ།། ཕྱག ་རྒྱུ་ནི་ཤེས་རབ་བོ།། དེ་གང་ཞིག་ཅེ་ན། སྟོང་པའིདཔེ་ཆོས་ཐམས་ཅད་ཀྱིས་མ་སྐྱེས་པའོ།། མ་སྐྱེས་པ་ཉིད་ཅིག་ཅི་ལྟར་ཡིན་ཞེ་ན། རྒྱུ་དང་བྲལ་བ་ལས་ཞེས་བྱ་བ་གསུངས་ཏེ། བདག་དང་། གཞན་དང་། གཉིས ་ལས་ཆོས་ཐམས་ཅད་མ་སྐྱེས་པ་ཉིད་དོ།། མ་སྐྱེས་པའི་མཚན་ཉིད་ཅན་ནི་སྣང་པ་ཉིད་དེ། མཆོག་ཏུ་གྱུར་པའི་ཤེས་རབ་བོ།། དེ་དག་དབྱེར་མེད་པའོ།། གསལ་བའི་མཚན་ཉིད་ཅོན་དོན་དམ་པའི་ལྷན་ཅིག་སྐྱེས་པ་ཞེས་བྱ་བ་དེ་བྱང ་ཆུབ་སེམས་ཤེས་བྱ་བའི་སྒྲས་བསྟན་པ་ཡིན་གྱི། ཡང་ཕྱི་རོལ་གྱི་ཕྱག་རྒྱ་ལས་ཉམས་སུ་མྱོང་བའི་བདེ་བ་ཙམ་ནི། མ་ཡིན་ནོ།། ཞེས་བྱ་བར་དགོངས་སོ།། གལ་ཏེ་འདི་དག་རྫོགས་པའི་རིམ་པའི་རྣལ་འབྱོར་པས་བསྒོམ་པར་བྱེད་པས ་ན། གསང་སྔགས་བཟླས་པ་ལ་སོགས་པ་བྱ་འམ། འོན་ཏེ་མི་བྱོ་ཞེ་ན། སྔགས་ཀྱི་བཟླས་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་ནི་ཡི་གེ་ཨོཾ་ལ་སོགས་པའོ།། མེ་ལ་མར་ལ་སོགས་པ་བླུགས་པ་ནི། སྦྱིན་སྲེག་གོ། ་དཀྱིལ་འཁོར་བའི་དབུས་སུ་གནས་པ་ནི། དཀྱིལ་འཁོར་ཅན་ནོ།། དཀྱིལ་འཁོར་ནི། གཞལ་ཡསཽ་ཁང་ངོ་།། གལ་ཏེ་དེ་ལྟ་ན་སྔགས་བཟླས་པ་ལ་སོགས་པའི་འབྲས་བུ་རྣལ་འབྱོར་པ་དེ་ལ་ཡོད་པར་མི་འགྱུར་རོ་ཞེ་ན། དེའི ་ཕྱིར་དེ་ནི་སྔགས་བཟླས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྫོགས་པའི་རིམ་པའི་ལྷན་ཅིག་སྐྱེས་པ་བསྒོམ་པའི་ཏིང་ངེ་འཛིན་དེ་ཉིད་བསྔགས་པའི་དེ་ཁོ་ན་ཉིད་ཡིན་ནོ།། སེམས་ནི་ཇི་སྐད་བསྟན་པའི་བྱང་ཆུབ་ཀྱི་སེམས་སོ།། ་དེ་ཉིད་ནི་བསྡུས་པ་སྟེ། ཆོས་ཐམས་ཅད་རོ་གཅིག་པར་བསྡུས་པས། རྣལ་འབྱོར་པ་དེའི་གཟུགས་ཅན་དུ་གྱུར་པའོ།། དེ་ལྟ་བུ་ནི་འདིར་བཞི་པའི་དབང་བསྐུར་བ་ཞེས་བྱ་བ་སྟེ། རྣམ་པར་རྟོག་པའི་དྲི་མ་ཐམས་ཅད་འདིས་མངོན་སུམ་དུ་དག ་པབར་བྱེད་པའི་ཕྱིར་རོ།། དབང་བསྐུར་བ་གསལ་བར་བྱེད་པའི་ལེའུ་ལ་ཡང་དེ་སྐད་ཅེས་བྱའོ།། དགྱེས་པའི་རྡོ་རྗེའི་དཀའ་འགྲེལ། རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་ལས། ལེའུ་བཅུ་པའི་འགྲེལ་པའོ།། ། གས ་སྔགས་ཀྱི་གཞུང་ལུགས་ལ་སེམས་ཅན་རྣམས་གཞུག་པའི་ཕྱིར། ལྟ་སྟངས་བཞི་པོ་ལྟུང་བར་བྱེད་པ་དང་། དབང་དུ་བྱ་བ་དང་། དགུག་པ་དང་། རེངས་པར་བྱ་བ་རྣམས་མཉམ་པར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཉམ་པ་ནི ་མི་གཡོ་བའོ།། མ་རུངས་པ་ནི། ཁྲོ་བ་དང་བཅས་པའོ།། དཔྲལ་བ་ཅན་ནི་མིག་འབྲས་གཉིས་དཔྲལ་བ་ལ་བརྟེན་པ་སྟེ། དེས་ནི་ལྟུང་བར་བྱེད་དོ།། གང་གཡོན་ཕྱོགས་སུ་བརྟེན་པ་ནི། གཡོན་ན་གནས་པ་སྟེ། དེས་དབང་དུ་བྱའོ།། གང ་སྟེང་དུ་བརྟེན་པ་དག་གིས། གཡས་ཕྱོགས་སུ་ལྟ་བ་དེས་ནི། དགུག་པར་བྱ་བས་སོ།། སྣ་གོང་དུ་དྲང་པོར་བལྟ་བ་གང་ཡིན་པ་དེས་ནི། རེངས་པར་བྱ་བའོ།། སྣའི་རྩེ་མོ་ནས་འབྱུང་བ་ཉིད་ཀྱི་རླུང་ནི། འབྱུང་བ་ཉིད་དོ།། འཇུག་པ་ནི་འགེངས ་བྱེད་དོ།། ནང་གང་བར་གྱུར་པ་ནི་བུམོ་པའོ།། ཞུགས་ནས་མི་གཡོ་བར་གྱུར་པ་ནི་ཞི་བའོ།། འདི་དོག་གོམས་པར་བྱ་བའི་གནས་བསྟན་པའི་ཕྱིར། རློན་པའི་ཤིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁུ་བ་དང་བཅས་པའི་ཤིང་དང་། ་མེ་ཏོག་དམར་པོ་དང་། རྡོ་རྗེ་ཤིང་དང་། གཡོ་བ་དང་བཅས་པའི་རྩ་རྣམས་ལའོ།། འཁྲུལ་པ་ནི་ཐེ་ཚོམ་དང་བཅས་པའོ།། བསང་བའི་ལྟ་སྟངས་ཅིའི་ཕྱིར་མ་གསུངས་ཤེ་ན། འདིར་དགོས་པ་མ་ཡིན་ཏེ།། ལྟ་སྟངས ་བཞི་པོ་བསྒྲུབས་ནས་ནི།། མཁས་པས་སེམས་ཅན་གཞུག་པར་བྱ།། ཞེས་གསུངས་པའི་ཕྱིར་རོ།། སྐྱེ་བ་བདུན་པ་ནི། ལན་བདུན་སྐྱེས་པའོ།། དགའ་བྲལ་དགའ་བ་སྨོད་པ་ལ་ཞེས་བྱ་བ་ནི། ལྷན་ཅིག་སྐྱེས་པའི་མཚན་ཉིད་ཅན་གྱི ་དངོས་གྲུབ་བོ།། དབང་གི་ལས་ལ་ནི་ཀུ་རུ་ཀུལླེ་ཁྱད་པར་དུ་བསྔགས་ཏེ། དེའི་སྒྲུབ་ཐབས་མདོར་བསྡུས་པའོ།། གང་སྔོན་དུ་བསྟན་པ་དེར་ནི། རྒྱས་པར་བཤད་པ་སྟེ། དགྱེས་པའི་རྡོ་རྗེའི་རྒྱུད་བརྟག་པ་བཅུ་གཉིས་པར་རོ།། མདའ ་ནི་མདའོ།། གཞུ་ནི་གཞུའོ།། ཨུཏྤ་ལ་ནི་ཨུཏྤལ་ལོ།། ལྕགས་ཀྱུ་ནི་ལྕགས་ཀྱུའོ།། ཐམས་ཅད་ཀྱང་དམར་པོའོ།། རྡོ་རྗེ་ནི་རྡོ་རྗེ་འཆང་ངོ་།། དེའི་སྙིང་པོ་ནི་ཐུགས་ཏེ། དགྱེས་པའི་རྡོ་རྗེའོ།། དེའི་མངོན་པར་ཞེས་བྱ་བ་མ་ལུས་པར་རྟོགས ་པ་གང་ཡང་ཡོད་པ་དེ་ནི། རྡོ་རྗེ་སྙིང་པོ་མངོན་པར་བྱང་ཆུབ་པའོ།། དེ་གསལ་བར་བྱེད་པའི་རྟོག་པ་ལ་ཡང་དེ་སྐད་ཅེས་བྱའོ།། དགྱེས་པའི་རྡོ་རྗེའི་དཀའ་འགྲོལ། རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་ལས། བརྟག་པ་དང་པོའི ་འགྲེལ་པའོ།། ། རས་རིས་ལ་སོགས་པ་ལ། ལྷ་རྣམས་ངེས་པར་གནས་པ་ནི། རབ་ཏུ་གནས་སོ།། འོད་ནི་དེའི་ཆོ་ག་ལ་རབ་གནས་ཞེས་བྱའོ།། དེའི་མཚན་ཉིད་ནི་རང་གི་ངོ་བོའོ།། རྡོ་རྗེ་ནི་ཕྱག་ན་རྡོ་རྗེ་སྟེ། དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་སོ།། དེ་ཉིད་ནི་སྙིང་པོ་སྟེ། དེའི་བདག་ཉིད་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། སྦྱིན་སྲེག་ཅེས་བྱ་བ་ནི། བགེགས་གཞིག་པར་བྱ་བའི་ཕྱིར་རོ།། སྲོད་ལ་ཅེས་བྱ་བ་ནི། མཚན ་མོ་རྩོམ་པའི་དུས་སུའོ།། སྟེ་གོན་ལ་སོགས་བྱས་ནས་ནི།། ཞེས་བྱ་བ་ནི། ཆོ་ག་ཇི་ལྟ་བ་བཞིན་དུ་སྟ་གོན་བྱས་ནས། ཞེས་བྱ་བའི་དོན་ཏོ།། སངས་རྒྱས་ཀུན་ཞེས་བྱ་བ་ནི། རབ་ཏུ་གནས་པར་བྱ་བའོ།། ཨོཾ་ཞེས་བྱ་བ་ལ་སོགས་པ་ནི། ་མཆོད་པའི་སྔགས་བསྟན་པའོ།། སྣ་ཚོགས་ཞེས་བྱ་བ་ནི། རྣམ་པ་སྣ་ཚོགས་པའོ།། གོང་མའི་རྒྱུད་ཀྱི་ལུགས་རིམ་པར་ཞེས་བྱ་བ་ནི། དགྱེས་པའི་རྡོ་རྗེའི་རྒྱུད་རྒྱས་པའི་ཆོ་གའི་རིམ་པས་སོ།། སྐབས་ལ་བབས་པོའི་སྦྱིན་སྲེག་ཐམས་ཅད ་བསྟན་པའི་ཕྱིར། ཞི་བའི་ཐབ་ཁུང་ཞེས་བྱ་བ་ལོ་སོགས་པ་གསུངས་ཏེ། དེ་ཉིད་ལ་ནི་ཞེས་བྱ་བ་ནི། གསུམ་པོ་འདི་ཉིད་ལྀ་ཅི་ལྟར་རིག་པར་ཏིལ་ལ་སོགས་པས་སྦྱིན་སྲེག་བྱ་བའོ།། ལྷ་མོ་ཁྱོད་ནི་ཞེས་བྱ་བ་ལ་སོགས་པ་ནི། ས་གཟུང ་བའི་སྐབས་སུཾ་སྟེ། འདི་ནི་སྔགས་བརྗོད་པོའི་སྐབས་ཡིན་པས་བསྟན་ཏོ།། མཐར་ནི་ཨརྒྷཾ་ལ་སོགས་པའི་སྔགས་ཏེ། མེ་ལ་དབུལ་བའོ།། དགྱེས་པའི་རྡོ་རྗེའི་དཀའ་འགྲེལ། རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་ལས། དང ་བོ་རབ་གནས་ཀྱི་ལེའུའི་འགྲེལ་པའོ།། ། རྡོ་རྗེ་སྙིང་པོས་གསོལ་པ་ཞེས་བྱ་བ་ནི་ཞུས་པའོ།། ནམ་མཁའ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་ལ། སེམས་ཅན་རྣམས་ཀྱི་དགེ་བ་མ་ཡིན་པའི་ཆོས་ཐོག་མ་མེད་པའི་དུས་ནས་བརྩམ ་བ་ནི་ནམ་མཁའ་ལྟ་བུའོ།། དེ་དག་གི་གཉེན་པོའི་ཕྱོགས་སུ་གྱུར་པ་ནི། རང་འདོད་པའི་ལྷ་བསྒོམ་པའོ།། དེ་ལྟ་བས་ན་མི་མཐུན་པའི་ཕྱོགས་ཀྱི་ཕུང་པོ་ནི། རྒྱ་མཚོ་ལྟ་བུ་ཡིན་ལ། གཉེན་པོའི་ཕྱོགས ་ནི་ཀུ་བ་ལྟ་བུར་གནས་པས། མི་དགེ་བའི་རྒྱ་མཚོ་ལས་བརྒལ་བར་ནུས་པོ་མ་ཡིན་ནོ་སྙམ་དུ་དགོངས་པའོ།། དེ་ལྟར་ན་སེམས་ཅན་རྣམས་དེ་བསྒོམས་པས་གྲོལ་བར་ཅི་ལྟར་འགྱུར་ཞེས་བྱ་བའི་ཞུས་པའི་དོན་ཏོ།། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ། བདག་མེད་རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་སྟེ། རྣལ་འབྱོར་ནི་ཏིང་ངེ་འཛིན་ཏེ། དེ་དང་ལྡན་པའི་བདག་ཉིད་དམ། ཡང་ན་དཔལ་ཧེ་རུ་ཀའི་རྣལ་འབྱོར་དང་ལྗོན་པའི་བདག་ཉིད་ནི། རྣལ་འབྱོར་གྱིས ་མི་མཐུན་པའི་ཕྱོགས་ཀྱི་ཕུང་པོ་མ་ལུས་པར་སྤོངས་ནས། ངེས་པར་འགྲུབ་པར་འགྱུར་རོ་ཞེས་བྱ་བའོ།། གལ་ཏེ་རྒྱ་མཚོ་ལྟ་བུའི་མི་མཐུན་པའི་ཕྱོགས་ཀྱི་ཕུང་པོ་ལས། ལྷའི་རྣལ་འབྱོར་ཙམ་གྱིས་ཇི་ལྟར་བརྒལ་བར་འགྱུར་ཞེ ་ན། བརྒལ་པོར་འགྱུར་བ་ཉིད་ཡིན་ཏེ། ཇི་ལྟར་རིའི་ཕུག་གི་ནང་གི་མུན་པའི་ཕུང་པོ་ཡུན་རིང་པོར་བསགས་པ་ནི། འབར་མ་ཐག་པའི་མེ་སྒྲོན་གྱི་སྐད་ཅིག་གིས་མི་སྣང་བར་བྱེད་།། དེ་བཞིན་དུ་འདིར་ཡང་བདག་མིང་མ ་དང་། དགྱེས་པའི་རྡོ་རྗེ་བསྒོམ་པའི་ཁྱད་པར་གྱིས་འགྱུར་རོ།། ཞེས་བྱ་བར་དགོངས་པའོ།། གལ་ཏེ་དེ་ལྟར་ན་ཡང་གཉེན་པོའི་ཕྱོགས་སྐད་ཅིག་ཙམ་བསྒོམས་པས། མི་མཐུན་པས་ཉམས་པར་འགྱུར་བ་ཞིག་ཡིན་ན། དེ་ལྟ་ན ་ནཅིའི་ཕྱིར། དངོས་གྲུབ་འགྲུབ་པར་མི་འགྱུར་ཞེ་ན། ད་ནི་བདེན་ན་དེ་ལྟ་ན་མི་མཐུན་པའི་ཕྱོགས་ཉམས་པ་ཙམ་གྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འཐོབ་པ་ནི་མ་ཡིན་ནོ།། འོན་ཀྱང་ཚོགས་གཉིས་རྫོགས་པ་དེས་ནི་འཐོབ་པར ་འགྱུར་རོ།། དེ་ཉིད་ཀྱི་ཕྱིར་གཞན་པའི་སེམས་ཀྱིས་སྐད་ཅིག་ཀྱང་ཞེས་བྱ་བ་གསུངས་ཏེ། གཞན་པའི་སེམས་ཞེས་བྱ་བ་ནི། ཞི་གནས་ཀྱི་མཚན་ཉིད་ཀྱི་བསྒོམ་པའི་ཁྱད་པར་ལས་སོ།། དེ་ཡང་རིམ་གྱིས་གོམས་པས་འཐོབ་པར ་བྱ་བ་ཡིན་པས་ན། དེའི་ཕྱིར་དང་པོར་གོམས་པར་བྱེད་དུས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཚན་དུས་སུ་ཞེས་བྱ་བ་ནི། མཚན་མོ་ཉིད་ཀྱི་དུས་སུ་ཏེ། དུས་གཞན་ན་མི་མཐུན་པའི་ས་ཕྱོགས་འབྱུང་བར་འགྱུར་བས་སོ།། ་བདག་ཉིད་འགྲུབ་པའི་ཞེས་པ་ནི། མོས་པའི་ཁྱད་པར་ཏེ། མཚན་མོ་མཉམ་པར་བཞག་པོའི་རྣལ་འབྱོར་པའོ།། ཞེས་བྱ་བ་གསུངས་པའོ།། དེ་ལས་གཞན་པའི་དུས་སུ་རྒྱུན་མི་འཆང་བར་བྱ་བོའི་ཕྱིར། རྐང་པ་འཁྲུད་དང་ཞེས་བྱ་བ ་ལ་སོགས་པ་གསུངས་པ་ལ། བསྙེན་པ་དང་། ཞེས་བྱ་བ་ནི། བསྙེན་པར་བྱ་བའོ།། གང་ལ་བསྙེན་པོར་བྱ་ཞེ་ན། རྣལ་འབྱོར་མ་སྟེ། བདག་མེད་མ་ལའོ།། གཞན་གྱི་གཟུགས་ཀྱིས་ཤེས་བྱ་བ་ནི། བདག་མེད་མ་མ་ཡིན་པོའི ་གཟུགས་ཀྱིས་སོ།། རྡོ་རྗེ་སྙིང་པོ་ཞེས་བྱ་བ་ནི། ཉེ་བར་སྡུད་པའོ།། ཉོན་མོངས་པ་ཞེས་བྱ་བ་ནི་སྦྱིན་ཏོ།། བརྟན་པོ་ཉིད་བསྐྱོད་པར་བྱ་བའི་ཕྱིར་རོ།། བརྩེ་བས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཟླ་ཕྱེད་ཅེས་བྱ་བ་ནི་ཟླ་བ་ཕྱེད ་ངོས་ཉི་མ་གཅིག་ཏུ་ཞེས་བྱ་བ་ནི། ཤིན་ཏུ་མཉམ་པར་བཞག་པའི་ཚུལ་གྱིས་སོ།། ལན་ཅིག་ཅེས་བྱ་བ་ནི། རྟག་ཏུ་ཐུན་རེ་གོམས་པར་བྱེད་པའོ།། འཇིགས་ཞེས་བྱ་བ་ལ་སོགས་པ་ནི། ཡིད་ཆེས་པ་སྟོན ་པར་བྱེད་དོ།། དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ། ངེས་པར་ཤེས་ནས་ཞེས་བྱ་བ་ནི། ངེས་པར་སྤྱོད་པའི་ངང་ཚུལ་ཅན་ནོ།། ཕན་པའི་འབྲས་བུ་འབྱུང་བར་འགྱུརརོ་ཞིང་། མི་ཕན་པ་སྟེ། དགེ་བ་མ་ཡིན་པ་ནི། ཟད་པར་འགྱུར ་བའོ།། ངུ་འབོད་ཅེས་བྱ་བ་ལོ། འཇིག་རྟེན་གྱི་སྤྱོད་པ་ནི། དམྱལ་བའི་རྒྱུ་ཡིན་ནོ།། གལ་ཏེ་དེ་ལྟ་བུར་གནས་པར་གྱུར་ཀྱང་། སྡིག་པ་ཅན་ལ་སོགས་པ་རྣམས་ཀྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འཐོབ་པའི་སྐབས་ག་ལ་ཡོད་ཅེ་ན། ་མཚམས་མེད་ལྔ་ནི་བྱེད་པ་དང་། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡན་ལག་མ་ཚང་བ་ནི། ཡན་ལག་ཉམས་པའོ།། བསམས་པས་ཞེས་བྱ་བ་ནི། བདག་མཽང་མ་བསྒོམས་པས་སོ།། གལ་ཏེ་དེ་ལྟར་ན། ཆོས་དང་ལྡན ་པའི་རྣམས་ཀྱིས་དེ་འགྲུབ་པར་མི་འགྱུར་ཞེ་ན། དགེ་བ་བཅུ་ལ་གོམས་པ་དང་། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྟག་ཏུ་གོམས་པའི་ཞེས་བྱ་བ་ལ་སོགས་པ་ལ། དངོས་གྲུབ་ཐོབ་ཅེས་བྱ་བ་ནི། ཏིང་ངེ་འཛིན་ཐོབ་པའོ།། ་དེ་ཉིད་ཀྱི་ཕྱིར་མཉམ་པར་བཞག་པས་ཞེས་བྱ་བ་གསུངས་པ་ཡིན་ནོ།། ཟླ་བ་གཅིག་ཏུ་ཞེས་བྱ་བ་ལ་སོགས་པ་ལ། གསང་ལ་ཞེས་བྱ་བ་ནི། སྤྲོས་པའི་བརྟུལ་ཞུགས་ལས་ཏེ། ཕྱག་རྒྱ་ཚོན་པོ་ཐོབ་པར་བྱ་བའི་ཕྱིར་རོ།། ་དེ་ནས་རྣལ་འབྱོར་མ་རྣམས་གནང་བ་ཉེ་བར་སྟོན་པར་འགྱུར་རོ།། བྱང་ཆུབ་སེམས་ཀྱིས་ཞེས་བྱ་བ་གསུམ་ལ་སྐབས་སུ་འགྲོ་བ་ལ་སོགས་པའོ།། ལྷའི་གཟུགས་ཀྱིས་སེམས་ནི། ལྷའི་རྣལ་འབྱོར་ཉིད་དོ།། དམ་ཚིག་ནི་བསྲུང་བར་བྱ་བ ་དང་། བཟའ་བར་བྱ་བ་ལ་སོགས་པའོ།། སེམས་ཀྱང་གཅིག་པ་ཞེས་བྱ་བ་ནི། ལྷན་ཅིག་སྐྱེས་པའི་རྣལ་འབྱོར་རོ།། སྐལ་ལྡན་པར་ཞེས་བྱ་བ་ནི། དངོས་གྲུབ་ཀྱི་སྐལ་བ་དང་ལྡན་པར་རོ།། རྟོག་པ་ནི་རྣམ་པར་རྟོག་པའོ།། བཀུག ་ལ་ཞེས་བྱ་བ་ནི། ཀུན་དགུག་པའོ།། དེ་ཡང་ཞེས་བྱ་བ་ནི། མཆོག་ཐོབ་པ་འམ། དགུག་པ་དེའོ།། བརྟན་པ་བསྟན་པའི་ཕྱིར། ཞེས་བྱ་བ་ནི། བརྟན་པར་རབ་ཏུ་བསྒྲུབ་པའི་ཕྱིར་རོ།། དེ་ནས་ལོངས་སྤྱོད་ཕྱིར་ནི་སྤྱད་མ་གསུངས།། ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། སྤྱད་པར་བཤད་ཅེས་བྱ་བ་སྔར་བརྟུལ་ཞུགས་ཀྱི་ལེའུའི་ནང་དུའོ།། འཇིགས་པའི་ཚུལ་གྱིས་ཞེས་བྱ་བོ་ནི། དཀའ་བ་དང་བཅས་པས་འཇུག་པ་ཉིད་དོ།། རྡོ་རྗེ་སྙིང་པོས་གསོལ་པོ། ཞེས་བྱ་བ་ལ་དོན་ཅི ་ཞོག་ཞུས་ཤེ་ན། བདག་མེད་རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱག་རྒྱ་ཞེས་བྱ་བ་ནི། ཕྱི་རོལ་གྱི་ཕྱག་རྒྱ་སྟེ། ཙོའི་ཕྱིར་ཚོལ་བར་བྱེད་ཅེས་བྱ་བར་དགོངས་པའོ།། ཕྱག་རྒྱ་ཕྱག་རྒྱ་གཉིས་དག་གིས་ཞེས་བྱ་བ་ལ། ་གཉི་ག་ཕྱག་རྒྱར་གྱུར་པས། ཕྱག་རྒྱའི་དངོས་གྲུབ་ཅེས་བྱ་བའོ།། བུད་མེད་གཟུགས་ཞེས་བྱ་བ་ནི། བདག་མེད་མའི་གཟུགས་སོ།། བཅོམ་ལྡན་འདས་ཞེས་བྱ་བ་ནི། དགྱེས་པའི་རྡོ་རྗེའོ།། ནོ་མ་སྤངས་པ་ཞེས་བྱ་བ་ནི། ནུ་མེ་གཉིས ་སཱ་ར་འགྱུར་བས། རྡོ་རྗེར་འགྱུར་བར་བྱའོ།། ཞེས་བྱ་བའི་དོན་ཏོ།། འགྲམ་གཉིས་ཞེས་བྱ་བ་ལ་སོགས་པ་ལ། འགྲམ་གཉིས་པོ་ཉིད་དྲིལ་བུ་ཞེས་བྱ་བ་འབྲས་བུར་རོ།། ཟེའུ་འབྲུ་ཞེས་བྱ་བ་ནི་སྣ་སྟེ། རྡོ་རྗེར ་བྱའོ།། དགའ་ཆེན་ཞེས་བྱ་བ་ན། འདོད་ཆགས་ཆེན་པོའི་རང་བཞིན་ནོ།། ཕྱག་རྒྱའི་དངོས་གྲུབ་འགྲུབ་འགྱུར་ཞེས་བྱ་བ་ནི། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཏུ་འགྱུར་བའོ།། དེ་འི་ཕྱིར་ཞེས་བྱ་བ་ནི། རིམ་པོ་དེ་གཉིས་ཀྱིས་སོ།། གསལ་དང ་མི་གསལ་ཞེས་བྱ་བ་ནི། བསྐྱེད་པའི་རིམ་པ་བསྒོམ་པ་དང་ལྡན་པའིའོ།། གལ་ཏེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པས། ལྷོའི་གཟུགས་གཉིས་ཐོབ་པར་གྱུར་པ་དེའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དེ་ཡང་ཇི་ལྟར་གཞལ་ཡས་ཁང་ན་སྤྱོད ་པའི་ཚངས་པ་ལ་སོགས་པའི་ལུས་འཆགས་པ་དང་། འཇིག་པ་དག་གིས་བསྐྱེད་ཙོང་། འཇིག་པར་འགྱུར་བ་བཞིན་དུ་ཡིན་ནམ་ཞེ་ན། འབྱུང་དང་འཇིག་པ་དག་གིས་ཀྱང་།། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འབྱུང་བ་འཇིག་པོ ་དག་གིས་ཀྱང་གནོད་པར་མི་འགྱུར་རོ།། ཅིའི་ཕྱིར་གནོད་པར་མི་འགྱུར་ཞེ་ན། ཐབས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འབྱུང་བ་ཉིད་ཅེས་བྱ་བ་ནི། རྟག་ཏུ་འབྱུང་བར་འགྱུར་ཏོ། ཇི་སྲིད་ན་མཁའ་གནས་ཀྱི་བར་དུ་རྟག་པས་རྟག ་བར་གྱུར་པ་ཞེས་བྱ་བའི་དོན་ཏོ།། འདི་ཉིད་ཐབས་ཏེ། དེའི་འབྲས་བུ་བསྒོམས་པ་རྫོགས་པར་འགྱུར་བ་ཉིད་ཇི་ལྟར་འཇིག་པར་འགྱུར། འཇིག་པ་ཞེས་བྱ་བ་ནི། དངོས་པོ་ཐམས་ཅད་མི་དམིགས་པའོ།། དེ་ཉིད་ནི་ཤེས་རབ་སྟེ། འདི་ཉིད ་ཀྱིས་སྲིད་མཐར་བྱེད་ཅེས་བྱ་བ་ལུས་ལ་མངོན་པར་ཞེན་པ་མཐར་བྱེད་པའོ།། དེ་དག་རོ་གཅིག་པར་འགྱུར་བ་རྨི་ལམ་དང་། མིག་འཕྲུལ་དང་། སྒྱུ་མ་དང་། སྨིག་རྒྱུ་ལྟ་བུ་ན་མཁའ་ཇི་སྲིད་ཀྱི་བ.རརུ་དུ་གནས་པའི་སྐུ་གཉིས་ནི། ཕྱག་རྒྱ་ཆེན ་པོའི་དངོས་གྲུབ་བོ།། གང་གི་ཕྱིར་དེ་ལྟ་བུའི་རྣམ་པས་འབྱུང་བ་དང་། འཇིག་པ་ཡོད་པ་མ་ཡིན་ཏེ། གཞན་ཡང་དེ་ཁོ་ན་ཉིད་དུ་གང་ཡང་འཇིརིག་པ་ཡོད་པ་མ་ཡིན་ནོ།། གལ་ཏེ་ལ་ལ་དངོས་པོ་ངོ་བོ་ཞིག་ཏུ་གྱུར་ན་ནི། སྐྱེ་ཞིང་འཇིག ་བཔར་ཡང་འགྱུར་ན། ཇི་སྲིད་མི་གནས་པའི་མྱ་ངན་ལས་འདས་པའི་ངོ་བོ་ཉིད་འདུས་མ་བྱས་ཀྱི་མཚན་ཉིད་ཅན་ཡིན་པ་དེའི་ཕྱིར། གང་ཞིག་འཇིག་པར་འགྱུར་བ་དེ་མེད་པས། ཟད་པ་ཡང་མེད་དོ།། དེ་ལྟ་བས་ནི་དེ་ལྟར་ཕྱག་རྒྱ་ཆེན་པོའི ་དངོས་གྲུབ་ཐོབ་པ་ལ། འབྱུང་བ་དང་། འཇིག་པ་ཡོད་པར་མི་འགྱུར་རོ།། ཞེས་བྱ་བར་གནས་པ་ཡིན་ནོ།། དེ་ཡང་བསྒོམས་པས་ཐོབ་པར་བྱ་བ་ཉིད་ཡིན་པས། ཅི་ལྟ་བུ་ཞིག་བསྒོམ་པར་བྱ་ཞེ་ན། བསྐྱེད་པའི་རིམ་པ་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། སྤྲོས་པ་ཞེས་བྱ་བ་ནི། རྟེན་དང་བརྟེན་པའི་མཚན་ཉིད་ཅན་དེ་རྣམ་པ་སྣ་ཚོགས་པའོ།། རྨི་ལམ་ལྟར་བྱས་ན། ཞེས་བྱ་བ་ནི། ཇི་ལྟར་རྨི་ལམ་ན་སེམས་ཉིད་རྣམ་པ་སྣ་ཆགས་པོར་སྣང་བ་དེ་ལྟར་བྱས་པ་ཉིད་དོ།། སྨྱོས་པ་ཞེས་བྱ་བ ་ལ་སོགས་པ་ལ། ངག་གི་རྣམ་པར་རྟོག་པས་སྤྲོས་པར་མི་བྱེད་ཅིང་། རྣམ་པར་རྟོག་པར་མི་བྱེད་པའོ།། རིམ་པ་འོད་ལྟར་གོམས་པར་བྱས་པས་ཅི་འགྱུར་ཞེ་ན། ཇི་ལྟར་སྒྱུ་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དྲི་ཟའི་གྲོང་ཁྱེར་ཞེས་བྱ་བ ་ནཱི། སེང་གེའི་ཟླ་བའི་གྲོང་ཁྱེར་རོ།། དེ་བཞིན་འདོད་ཅེས་བྱ་བ་ནི། དེ་ལྟ་བུར་གསལ་བ་ཉིད་དུ་གྱུར་པ་ཞེས་བྱ་བའི་དོན་ཏོ།། ད་ནི་རིམ་པའི་བདག་ཉིད་ཅན་གྱི་བདེ་བ་ཆེན་པོ་དེ་ཉིད་ངོ་བོ་ཉིད་ཀྱི་དཀྱིལ་འཁོར་གྱི། ་འཁོར་ལོར་བསྒོམ་པར་བྱའོ།། ཞེས་རབ་ཏུ་བསྒྲུབ་པའི་ཕྱིར། ཕྱག་རྒྱ་ཆེན་པོས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱག་རྒྱའི་དབང་བསྐུར་བ་ནི། ཤེས་རབ་ཀྱི་དབང་བསྐུར་བ་སྟེ། བཞི་པོ་དེ་དག་གོ། ཅི་ལྟར་ཤེས་པའི་ཞེས་བྱ་བའི ་བླ་མའི་མན་ངག་ཉིད་ལསཽ་ཇི་ལྟར་རིག་པའོ།། དེ་ཅི་ཞིག་ཅེ་ན། བདེ་བ་ཆེན་པོ་ཞེས་བྱ་བ་ནི། བསྒྲུབ་བྱ་སྒྲུབ་བྱེད་ཀྱི་མཚན་ཉིད་ཅན་ཏེ། དེ་ཉིད་ལས་བྱུང་བར་གྱུར་པ་ནི། དཀྱིལ་འཁོར་འདི་ཉིད་ཡིན་ནོ།། ཞེས་བྱ་བའི་དོན་ཏོ།། ་བྱིན་རླབས་ཞེས་བྱ་བ་ནི། དེའི་རང་བཞིན་ནོ།། ཞེས་པའི་དོན་ཏོ།། དཀྱིལ་འཁོར་ཞེས་བྱ་བ་ནི། དགྱེས་པའི་རྡོ་རྗེ་དང་། བདག་མེད་མའི་དཀྱིལ་འཁོར་རོ།། གཞན་ལས་འབྱུང་བ་མེད་ཅེས་བྱ་བ་ནི། གཞན་ལས་འབྱུང་བར ་འགྱུར་བ་མ་ཡིན་པའོ།། གལ་ཏེ་ཤེས་རབ་ཀྱི་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། སྤྲོས་པ་མེད་པའི་མཚན་ཉིད་ཀྱི་བདེ་ཙམ་ཉེ་བར་དམིགས་པ་ཡིན་ན། དེས་ཇི་ལྟར་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། དཀྱིལ་འཁོར་འབྱུང ་བར་འགྱུར། འདྲ་བར་འགྱུར་བ་ལས། འདྲ་བར་འབྱུང་བར་འགྱུར་རོ།། ཞེས་གསུངས་པའི་ཕྱིར་རོ་ཞེ་ན། དེ་ལྟར་ནི་མ་ཡིན་ཏེ། འདྲ་བ་ལས། འདྲ་བར་འབྱུང་བར་འགྱུར་རོ།། ཞེས་བྱ་བ་ནི། འཇིག་རྟེན་གྱི་ཐ་སྙད་ཙམ་དུ ་ཡིན་ཏེ། ཇི་ལྟར། ཀུན་གཞི་རྣམ་པར་ཤེས་པ་སྨྲ་བ་རྣམས་ཀུན་གཞི་རྣམ་པར་ཤེས་པ་ནི། འགྲོ་བ་རྣམས་ཀྱི་ས་བོན་འཛིན་པ་ཡིན་ནོ།། ཞེས་སྨྲ་བ་ལྟར། དེ་བཞིན་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས་རྟོགས་པར་བྱས་པ་བདེ ་བ་ཆེན་པོའི་མཚན་ཉིད་ཅན་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ཅེས་བྱ་བ་ཡང་། ཆོས་ཐམས་ཅད་ཀྱི་རྟེན་དུ་གྱུར་པ་ཉིད་ཡིན་ནོ།། ཞེས་ཐེག་པ་ཆེན་པོའི་གསང་སྔགས་ལས་བསྔགས་པར་བྱེད་དོ།། དེ་ཉིད་བསྒྲུབ་པར་བྱ་བའི་ཕྱིར། བདེ་བ ་བ་ནག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གཉིས་སྦྱོར་ཞེས་བྱ་བ་ནི། ཐབས་དང་ཤེས་རབ་ཀྱི་སྙོམས་པར་འཇུག་པའོ།། དངོས་ནི་སངས་རྒྱས་ལྔའི་རང་བཞིན་ནོ།། དངོས་མེད་ནི་དེ་དག་ཉིད་ཀྱིས་སྤྲོས་པ་མེད་པ་ཉིད་དོ།། ཐབས་དང་ཤེས ་རབ་ཀྱི་རང་བཞིན་ཉིད་ཀྱི་དཔལ་དགྱེས་པའི་རྡོ་རྗེའི་དཀྱིལ་འཁོར་དུ་ནི་ཇི་ལྟར་བདེ་བའི་ངོ་བོ་ཉིད་འབྱུང་བར་འགྱུར་ན། བདག་མེད་མའི་དཀྱིལ་འཁོར་དུ་ཇི་ལྟར་བདེ་བའི་ངོ་བོར་འགྱུར་ཞེ་ན། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། ཐབས་དང་ཤེས་རབ་ཀྱི་རང་བཞིན་དག། ཉི་མ་དང་། ཟླ་བ་ཡང་དག་པར་འབྱོར་པ་ལས་འབྱུང་བའི་ས་བོན་ལས་འབྱུང་བའི་ཕྱག་མཚན་གྱི་རྡོ་རྗེ་དང་། དེའི་དཀྱིལ་འཁོར་ན་གནས་པའི་ས་བོན་ནི། སེ་མོ་ས་དཔའ་སྟེ། ་རྡོ་རྗེ་དང་བཅས་པའི་སེམས་དཔའ་ནི། རྡོ་རྗེ་སེམས་དཔའོ།། དེ་ཉིད་བདེ་བ་ཞེས་བྱ་བར་བརྗོད་དོ།། རྡོ་རྗེ་སྙིང་པོས་གསོལ་པ། ཞེས་བྱ་བ་ལ་དོན་ཅི་ཞིག་གིས་གསོལ་ཞེ་ན། བསྐྱེད་པའི་རིམ་པའི་དེ་ཉིད་བཅོམ་ལྡན་འདས་ཀྱིས་བདེ ་རྟན་ངབ་བྱུང་དུ་སྡུག་དུངནང་ནདུ་ནན་རྒྱ་ན་ཐམས་འགས་ས་ཏུ། ནོམ་པམ་ཥྚ་མ་སྟོང་ནས་པར། མང་པར་བཏུད་པ་བན་ཅིག་ག་གཔནས་བྱའར། ད ་པ་མེད་དོ།། ཞེས་བྱ་བའི་དོན་ཏོ།། དགོངས་པ་ནི་འདི་ཡིན་ཏེ། བདེ་བ་ཆེན་པོར་མོས་པའི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པའི་འབད་བ་འདིས་ཅི་ཞིག་དགོས། བདེ་བ་ཆེན་པོ་འབའ་ཞིག་ཁོ་ནས་མངོན་པར་འདོད་པའི་དོན་འགྲུབ ་པར་འགྱུར་རོ་ཞེ་ནི། གུས་པ་བསྟན་པའི་ཕྱིར། དད་པའི་ཤུགས་ཀྱིས་རབ་ཏུ་ཉམས་ཞེས་བྱ་བ་ལ། བསྐྱེད་པའི་རིམ་པ་ལ་གུས་པ་དང་ལྡན་པ་ཉམས་པ་ཞེས་བྱ་བ་བསྐྱེད་པའི་རིམ་པ་སྤོང་བར་བྱེད་པ་ཉིད་དོ།། ལུས་ཀྱི་དངོས ་མེད་ཅེས་བྱ་བ་ནི། བསྐྱེད་པའི་རིམ་པ་དེ་ཉིད་ལ་སྟོང་པར་བྱེད་པའོ།། ཅི་ལྟར་ཞེ་ན། གང་ལོས་བདེ་ཞེས་བྱ་བ་དེ་གཞན་ལས་བདེ་བ་ཉེ་བར་བསྟན་པར་ནུས་པ་མ་ཡིན་ནོ།། དེ་ལྟ་བས་ན། བདེ་བོས་ཉེ་བར་ཁྱབ་པ་དེ་ཉིད་འགྲོ ་བ་ཞེས་བྱ་བར་བརྗོད་དོ།། ཁྱབ་པར་བྱེད་པའི་ངོ་བོ་འབའོ་ཞིག་གིས་ནི་མ་ཡིན་གྱི། ཁྱབ་པར་བྱ་བའི་ངོ་བོས་ཀྱང་ཡིན་ནོ།། གཉི་ག་ཡང་ཁྱབ་པར་བྱ་བ་དང་། ཁྱབ་པར་བྱེད་པའི་ངོ་བོ་ཉིད་ཡིན་ཏེ། ཇི་ལྟར་བདེ་བ་མེད་པར ་ཡང་། ལུས་ལ་སོགས་པ་ཡང་ཡོད་པོ་མ་ཡིན་ལ། ལུས་དེ་མེད་པར་ཡང་བདེ་བ་ཡོད་པ་མ་ཡིན་ནོ།། ཞེས་བྱ་བའི་དོན་ཏོ།། ཇི་ལྟར་མེ་ཏོག་ཅེས་བྱ་བ་ལ་སོགས་པས་ནི། དཔེ་གསུངས་པ་ཡིན་ནོ།། གལ་ཏེ་དེ་ལྟར་ན་དཀྱིལ ་འཁོར་གྱི་འཁོར་ལོ་བསྒོམ་པ་ཁོ་ནས་ཆོག་མོད། བདེ་བ་ཆེན་པོ་བསྒོམ་པས་ཅི་ཞིག་བྱ་ཞེ་ན། དངོས་བདག་ཅེས་བྱ་བ་ལ་སོགས་པ་གསུངས་སོ།། དངོས་བདག་ཅེས་བྱ་བ་ནི། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ ་བོ་ཉིད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོའི་གཟུགས་ཉིད་དོ།། དངོས་པོ་བདག་མ་ཡིན་ཞེས་བྱ་བ་ལ་སོགས་པ་ནི། ཆོས་ཀྱི་སྐུའི་ངོ་བོ་ཉིད་དང་། བདེ་བ་ཆེན་པོའི་རང་བཞིན་གྱིས་སོ།། གལ་ཏེ་ཁྱོད་ཉིད་དཀྱིལ་འཁོར་གྱི་འཁོར་ལོའི ་རྣམ་པ་ཉིད་ཀྱི་ངོ་བོ་ཉིད་ཞིག་ཡིན་ན་ནི། དེ་ལྟ་ན་དཀྱིལ་འཁོར་ནི། གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར། ཁྱོད་ཉིད་འཁྲུལ་པའི་ངོ་བོ་ཡིན་པས། དེ་ལྟ་བས་ན། སངས་རྒྱས་མ་ཡིན་ནོ་སྙམ་དུ་བསམས་པའོ།། དེ་ལྟ ་བས་ན། སངས་རྒྱས་བདག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་བདག་ཅེས་བྱ་བ་ལ་དངོས་པོ་ནི། ཆོས་ཐམས་ཅད་དོ།། དེ་དག་རྟོགས་པ་ནི། རྣམ་པ་ཐམས་ཅད་མཁྱེན་པའོ།། ཡེ་ཤེས་དེ་དང་ལྡན་པས། སངས ་རྒྱས་བདག་མེད་ཅེས་བྱའོ།། དེ་ལྟ་བས་ན། བདག་ནི་མཆོག་ཏུ་ཟབ་པའི་སྐུ་གཉིས་ཀྱི་ངོ་བོ་ཉིད་ཡིན་ནོ།། ཞེས་བསྟན་པའི་ཕྱིར། རྨོངས་པ་གང་གིས་ང་མི་ཤེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྨོངས་པ་ཞེས་བྱ་བ་ནི། ཐོས་པ ་དང་མི་ལྡན་པ་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱ་བ་དང་བྲལ་བའོ།། དེ་ལྟ་བུའི་ཟབ་མོའི་ངོ་བོ་ཉིད་ཀྱི་སྐུ་གཉིས་གསལ་བར་བསྟན་པའི་ཕྱིར། བདེ་ཆེན་གནས་དེར་རྟག་ཏུ་ཞུགས།། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ ་བཞིན་གཤེགས་པ་འོང་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་ལ་བདེ་བ་ཅན་ཞེས་བརྗོད་དོ།། འདིར་ན་བདག་མེང་མ་ལ་སོགས་པའི་བྷ་ག་ལ་བདེ་བ་ཅན་ཞེས་བྱ་སྟེ། མདོར་བསྡུས་པའི་རང་བཞིན་གྱི་བླ་ན་མེད་པར ་བདེ་བ་སྲུང་བར་བྱེད་པའི་ཕྱིར་ཏེ། དེར་བདག་གནས་པའོ།། བདེ་བ་ཆེན་པོའི་གཟུགས་སུ་གཅིག་པར་ཆོས་ཐམས་ཅད་མཚོན་པར་བྱ་བའི་ཕྱིར། ཨེའི་རྣམ་པའི་ཆ་བྱད་གཟུགས་ཞེས་པའོ།། སངས་རྒྱས་ཉིད་ནི་རིན་པོ་ཆེའོ།། དེའི་ཟ ་མ་ཏོག་ནི་གཞག་པའི་གནས་སོ།། ད་ནི་དེ་ལྟ་བུའི་བདག་ཉིད་ཀྱི་ཆེ་བའི་བདག་ཉིད་བསྟན་པའི་ཕྱིར། འཆད་པ་པོ་བདག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟ་བུའི་ཆོས་དགྱེས་པའི་རྡོ་རྗེ་ལ་སོགས་པ་འཆད་པར་བྱེད་པའོ།། ཉན ་པ་ཞེས་བྱ་བ་ནི། ཡོན་ཏན་དང་ལྡན་པའི་སློབ་མའོ།། བསྒྲུབ་བྱ་བདག་ཅེས་བྱ་བ་ནི། གང་སྔར་བསྟན་པའོ།། དེའི་སྒྲུབ་པ་པོ་ཡང་བདག་ཉིད་ཡིན་པའོ།། འགྲོ་བའི་སྟོན་པ་ནི། ལོངས་སྤྱོད་རྫོགས་པའི་སྐུ་དག་སྟེ། བདག་ཉིད་ཡིན་པའོ།། ་འཇིག་རྟེན་འཇིག་རྟེན་འདས་པ་ཞེས་བྱ་བ་ལ་སོགས་པ་ལ། གཉི་ག་སྤྲོས་པ་ལས་བྱུང་བ་ནི། འཇིག་རྟེན་ལས་འདས་པ་ནི། དེ་དག་ཉིད་རྒྱུར་གྱུར་པའི་བྱང་ཆུབ་སེམས་ཁུ་བ་སྟེ། འོད་འཇིག་རྟེན་ལས་དགོས་པའི་ཕྱིར། ལོངས་སྤྱོད་རྫོགས ་སྐུའི་ངོ་བོ་ཉིད་ཉིད་ཡིན་པས། བདག་ཉིད་ཡིན་ནོ།། གལ་ཏེ་ཁྱོད་གཙོ་བོར་བདེ་བ་ཆེན་པོའི་ངོ་བོ་ཉིད་ཡིན་ན། དེ་ཇི་ལྟ་བུ་ཞིག་ཅེ་ན། ལྷན་ཅིག་སྐྱེས་དགའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷན་ཅིག་སྐྱེས་པའི་དགའ་བ་དེ་ཁྱོད་པར་ཇི་ལྟ། ་བུ་ཅན་ཞིག་ཅེ་ན། མཆོག་མཐའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཆོག་ཏུ་དགའ་བའི་མཐའ་དགའ་བྲལ་གྱི་དང་པོ་གང་ཡིན་པ་དེ་དེ་ཉིད་ཡིན་ནོ།། ཞེས་བྱ་བའི་དོན་ཏོ།། གལ་ཏེ་བསྒྲུབ་པར་བྱ་བ་བདེ་བ་ཆེན་པོ་ཀུན་གྱི་བདག་ཉིད ་གང་ཡིན་པ་དེ་ཉིད་ཁྱོད་ཡིན་ཞེས་སྔར་གསུངས་པས། འཁོར་བའི་ལྷན་ཅིག་སྐྱེས་པའི་བདེ་བ་དེ་ནི། བསྒྲུབ་བྱ་མ་ཡིན་ནའང་། དེ་ཇི་ལྟར་ཁྱོད་ཉིད་ཡིན་པར་འགྱུར་ཞེ་ན། དེ་བཞིན་བུས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀྱང་ཞེས ་བྱ་བའི་སྒྲ་ནི་གཏན་ཚོགས་སོ།། གང་གི་ཕྱིར་དེ་ཉིད་གཙོ་བོར་དཔེས་བསྟན་པར་བྱ་བ་ཡིན་པས། འདྲ་བར་འགྱུར་བའི་དཔེ་ཉིད་ཀྱིས་རབ་ཏུ་བསྒྲུབ་པར་བྱ་བ་ཡིན་པས། དེ་ཉིད་ནི་གཙོ་བོར་བསྟན་པ་ཡིན་ལ། འདི་ནི་ཉེ་བར་བརྟགས་པ་ཡིན ་ནོ།། དེ་ཉིད་བསྟན་པའི་ཕྱིར། མུན་པ་ལ་ནི་མར་མེ་བཞིན་ཞེས་བྱ་བ་ལ་སོགས་པོ་གསུངས་ཏེ། འགའ་ཞིག་ཇི་ལྟར་མུན་པའི་ཡུན་ན་གནས་པའི་བུམ་པ་དང་། སྣམ་བུ་ལ་སོགས་པ་རྣམས་མེ་སྒྲོན་གྱིས་གསལ་བར་བྱེད་པར་བསྒྲུབ་པར ་ལྟར། དེ་བཞིན་དུ་དཔེར་གྱུར་པ། འཇིག་རྟེན་པའི་ལྷན་ཅིག་སྐྱེས་པའི་བདེ་བས་བསྒྲུབ་བྱའི་མཚན་ཉིད་བདེ་བ་ཆེན་པོ་སྒྲུབ་པར་བྱེད་པ་ཡིན་པར་བྱའོ།། བདེ་གནས་སུ་ཞེས་བྱ་བ་ལ་སོགས་པ་ལ། སྔར་གསུངས་པ་དེ་ཉིད་གསིལ་བར ་བསྟན་པའི་ཕྱིར། སུམ་ཅུ་རྩ་གཉིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཚན་དང་། དཔེ་བྱད་ཀྱིས་འབར་བའི་སྐུའོ།། གཙོ་བོ་ཞེས་བྱ་བ་ནི། སངས་རྒྱས་ཀྱི་ཆོས་ཀྱི་བདག་པོའོ།། བཙུན་མོ་ཞེས་བྱ་བ་ནི། དཔེ་སྟེ། རྡོ་རྗེའི་བཙུན ་མར།། དེའི་བྷ་གར་ཁུ་བ་ཞེས་བྱ་བ་ནི། བདག་ཉིད་གནས་པའོ།། ཁུ་བ་ནི་བདེ་བ་སྟེ། རྒྱུ་རོལ་གྱི་ཁུ་བར།། དེ་མེད་ཅེས་བྱ་བ་ནི། ཁུ་བ་དེ་མེད་ནའོ།། གང་གི་ཕྱིར་བདེ་བ་ནི།། ཁུ་བ་བལྟོས་པ་དང་བཅས། ་ནས་འབྱུང་བའི་ཕྱིར་ཏེ། ཁུ་བ་མེད་ན་རྒྱུ་གཞན་གྱིས་དེ་ལྟ་བུའི་བདེ་བ་འབྱུང་བར་ནུས་པ་མ་ཡིན་པའི་ཕྱིར་རོ།། དེས་ན་ལྷའི་རྣལ་འབྱོར་ལས་ཀྱང་བདེ་བ་འབྱུང་བར་འགྱུར་ཞེས་བརྗོད་པོ་ཡིན་ཏེ། དེ་དང་འདྲ་བར་བདེ་བ་ཆེན་པོ ་འདོད་པས་ལྷའི་རྣལ་འབྱོར་ངེས་པ་ཁོ་ནར་བྱ་བ་ཡིན་ནོ།། དེའི་ལམ་ནི་དངོས་པོ་ཡང་མ་ཡིན། དངོས་པོ་མེད་པ་ཡང་མ་ཡིན་ཏེ། ཁུ་བ་དང་། བདེ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ།། དེའི་འབྲས་བུར་གྱུར་པ་སངས་རྒྱས་ཀྱང ་དངོས་པོ་ཡང་མ་ཡིན། དངོས་པོ་མེད་པ་ཡོང་མ་ཡིན་ནོ།། ཇི་ལྟར་ཞེ་ན། ཞལ་ཕྱག་རྣམ་པ་ཞེས་པ་ལ་སོགས་པ་གསུངས་ཏེ། ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་ཉིད་ནི་གཟུགས་ཅན་ནོ།། མཆོག་ཏུ་བདེ་བའི་ཆོས་ཀྱི་སྐུ ་ཉིད་ཀྱིས་ནི་གཟུགས་མེད་པའོ།། དེའི་ཕྱིར་མི་གནས་པའི་གཟུགས་ཅན་ཉིད་ཡིན་པས་ན། གཟུགས་ཅན་མ་ཡིན་གཟུགས་མེད་མིན།། ཞེས་བྱ་བར་གནས་པ་མ་ཡིན་ནོ།། གང་གི་ཕྱིར་དེ་ལྟར་ན། དེའི་ཕྱིར་འགྲོ་ཀུན་ལྷན ་ཅིག་སྐྱེས་ཞེས་བྱ་བ་སྟེ། སེམས་ཅན་ཐམས་ཅད་དོ།། ལྷན་ཅིག་སྐྱེས་པ་ཞེས་བྱ་བའི་དོན་ཅི་ཞིག་ཅེ་ན། རང་བཞིན་ལྷན་ཅིག་སྐྱེས་པར་བརྗོད་ཅེས་བྱ་བ་སྟེ། ཆོས་རྣམས་ཀྱི་རང་བཞིན་དང་ལྷན་ཅིག་སྐྱེས་པ་ཞེས་བྱ་བ་སྟེ། ་རྣམ་གྲངས་སོ།། དེ་ཉིད་ནི་མྱ་ངན་ལྟས་འདས་པ་སྟེ། ཇི་ལྟར་བྱས་ནས་ཤེ་ནཱ། རྣམ་དག་རྣམ་པའི་སེམས་ཀྱིས་ནི།། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་དག་པ་ནི་དྲི་མ་མེད་པ་སྟེ། འོད་གསལ་བའི་ངོ་བོ་ཉིད་དོ།། ངོ ་རྣམ་པ་ཅན་གྱིས་སེམས་སུ་གང་གི་ཚེ། མྱ་ངན་ལས་འདས་པར་གྱུར་པ་ཡིན་ནོ།། ཞེས་བྱ་བའི་དོན་ཏོ།། གལ་ཏེ་དངོས་པོ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། འགྲོ་བ་སངས་རྒྱས་ཀྱི་རང་བཞིན་ཉིད་ཡིན་ན། དེ་ལྟ་ན ་ནི། ཅིའི་ཕྱིར་ལྷའི་རྣམ་པའི་སྒོམ་པར་བྱེད་ཅེ་ན། དེ་ནི་བདེན་ན་ལྷའི་རྣམ་པའི་ཞེས་བྱ་བ་ལྀ་སོགས་པ་གསུངས་ཏེ། བཞིན་ལག་ཁ་དོག་ཅེས་བྱ་བ་ལ་སོགས་པ་ནི། ཐ་མལ་པའི་ལུས་ཀྱི་ནི། ཞེས་བྱ་བའི་དོན་ཏོ། དེ་ལྟར་ན་ཡང ་བསྒོམ་པོ་དོན་མེད་དོ་ཞེ་ན། འོན་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་ཕོལ་བའི་ཁྱད་པར་གྱི་དེའི་བག་ཆགས་ཞེས་བྱ་བ་ནི་ལྷག་མོའོ།། དེ་སྤང་བའི་ཕྱིར་ཟག་པ་མེད་པའི་ཕུང་པོའི་བགོ་ཆགས་རྒྱས་པར་བྱ་བའི་དོན ་དུ་ལྷའི་སྐུ་བསྒོམ་པར་བྱ་བ་ཡིན་ནོ།། སྙམ་དུ་དགོངས་པའོ།། ད་ནི་ལུས་ཀྱི་བསྒོམ་པ་ཡང་མི་གནས་པའི་མྱ་ངན་ལས་འདས་པའི་རྒྱུ་ཉིད་ཡིན་ནོ།། ཞེས་བྱ་བ་འདི་བསྒྲུབ་པར་བྱ་བ་ཡིན་པས། དེའི་ཕྱིར་འདི་ཉིད་དཔེ་དུ་མས་བསྒྲུབ ་པར་བྱ་བའི་ཕྱིར། དུགཽ་དེ་ཉིད་ཤེས་པ་དེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འབྱིན་པར་བྱེད་ཅེས་བྱ་བ་ནི། འཇིལ་བར་བྱེད་པའོ།། ཇི་ལྟར་སྔ་མོ་ལ་རླུང་ཞེས་བྱ་ཞེ་ན། དབུགས་ཀྱི་རྒྱུ་ཡིན་པའི་ཕྱིར་རོ།། ཇི་ལྟར་ཟློག་པ ་པ་ཡིན་ཞེ་ན། རིགས་གཅིག་པ་ཡིན་པའི་ཕྱིར་རོ།། དེའི་བརྟགས་པ་ནི་དེ་ཉིད་ཕན་པར་རོ།། སྲིད་པ་ནི་འཁོར་བའོ།། དག་པ་ནི་ཡོངས་སུ་ཟད་པའོ།། སྲིད་པ་ཉིད་ཀྱིས་ཞེས་བྱ་བ་ནི། ཉི་མ་ཟླ་བ་དང་། ཕྱག ་མཚན་དང་། ས་བོན་ཡོངས་སུ་གྱུར་པས་ནི་སྲིད་པ་སྟེ། དྷའི་རྣམ་པ་ཉིད་ཀྱིས་དེ་དག་ཟང་བར་འགྱུར་རོ།། ཞེས་བྱ་བའི་དོན་ཏོ།། རྣམ་རྟོག་ནི་འཁོར་བའོ།། ཀུན་རྟག་ནི། ལྷའི་རྣམ་པའི་ཀུན་རྟོག་པོས་ཟད་པར་འགྱུར་རོ།། ཞེས ་བྱ་བའི་དོན་ཏོ།། ཇི་ལྟར་རྣ་བར་ཆུ་ཞུགས་པ་ཞེས་བྱ་བ་ནི། དཔེ་བསྟན་པའོ།། དེ་བཞིན་ཞེས་བྱ་བ་ལ་སོགས་པ་ལ། ད་ངོས་པོ་ནི་རྣམ་པར་རྟོག་པའི་ངོ་བོ་སྟེ། འཁོར་བའོ།། རྣམ་པར་ཞེས་བྱ་བ་ནི། ལྷའི་རྣམ་པའོ།། ངེས་པར ་ཞེས་བྱ་བ་ནི། ཐེ་ཚོམ་མེད་པརེ་ཞེས་བྱ་བའི་དོན་ཏོ།། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ལ། འདོད་ཆགས་ནི་ཉོན་མོངས་པའོ།། དེ་ཉིད་ནི་མེའོ།། དེས་ཚིག་པ་ནི། ཡོངས་སུ་གདུངས་པའོ།། འདོད་ཆགས་ཀྱི་མེས་བསྲེགས ་ཤིང་ཡོངས་སུ་བཅོས་པ་ལ། འདོད་ཚོགས་ཆེན་པོ་བསྒོམ་པ་ཉིད་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་སྐུའི་མཚན་ཉིད་ཅན་བསྟན་པའོ།། གང་དང་གང་གིས་ཞེས་བྱ་བ་ལ་སོགས་པ་ལ། འཆིང་འགྱུར་ཞེས་བྱ་བ་ནི། ་བཅིངས་པར་གྱུར་པའོ།། མི་བཟད་པའི་ལས་ཞེས་བྱ་བ་ནི། སྲོག་གཅོད་པ་ལ་སོགས་པའོ།། ཐབས་ནི་སྙིང་རྗེ་ཆེན་པོའོ།། ཆགས་པས་ཞེས་བྱ་བ་ནི། འཇིག་རྟེན་པོའི་ཆགས་པའོ།། རྣམ་གྲོལ་འགྱུར་ཞེས་བྱ་བ་ནི། ལྷན་ཅིག ་སྐྱེས་པའི་ཆགས་པས་སོ།། བཟློག་པའི་ཞེས་བྱ་བ་ནི། རང་གི་ཕྱོགས་ཉིད་ཡིན་ན་ཡང་། མི་མཐུན་པའི་ཕྱོགས་ལྟར་གྱུར་པའོ།། ཡང་དག་པར་ནི་འདོད་ཆགས་གཅིག་པུར་མ་ཟད་ཀྱི་འཇིག་རྟེན་པའི་ཆོས་ཐམས་ཅད་ཀྱི་ཡང་ངོ་།། མི་ཤེས ་ཞེས་བྱ་བ་ནི། དེ་ལྟ་བུའི་བདེ་བ་ཆེན་པོ་བསྒོམ་པ་མི་རྟོག་པའོ།། སངས་རྒྱས་ཞེས་བྱ་བ་ནི། ཉན་ཐོས་ལ་སོགས་པའོ།། ཇི་ལྟར་ན་དེ་དག་སངས་རྒྱས་ཞེས་བྱ་ཞེ་ན། སངས་རྒྱས་ཉིད་སྟོན་པར་ཁས་མི་ལེན་པའི་ཕྱིར་རོ།། ཅིའི་ཕྱིར་མུ ་སྟེགས་ཞེས་བྱ་ཞེ་ན། བཅོམ་ལྡན་འདས་ཀྱི་བསྟན་པའི་སྙིང་པོར་གྱུར་པ་རྡོ་རྗེ་ཐེག་པ་ཉིད་ལ་རབ་ཏུ་སྡང་བའི་ཕྱིར་རོ།། དེ་དག་གིས་ནི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམས་པས། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་པར་འགྱུར ་རོ།། ཞེས་རབ་ཏུ་བསྒྲུབས་པ་ཡིན་ནོ།། ད་ནི་བདེ་བ་ཆེན་པོའི་མཆོག་དེ་ཉིད་དཔག་ཏུ་མེད་པའི་རིགས་སུ་འགྱུར་རོ།། ཞེས་རབ་ཏུ་བསྒྲུབས་པའི་ཕྱིར། དབང་གཉིས་སྦྱོར་བས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབང་པོ ་གཉིས་སྦྱར་བ་ཞེས་བྱ་བ་ནི། ཤིན་ཏུ་དགའ་བའི་སྦྱོར་བའོ།། འགྱུར་ཞེས་བྱ་བ་ནི། འབྱུང་བར་འགྱུར་བའོ།། ལྔ་ཞེས་བྱ་བ་ནི། ལོངས་སྤྱོ་དེ་རྣམ་པ་ལྔའོ།། འབྱུང་བའི་རང་བཞིན་ཞེས་བྱ་བ་ནི། ས་ལ་སོགས་པ་འབྱུང་བ་ཆེན་པོ ་ལྔའི་ངོ་བོ་ཉིད་དོ།། ཡང་དེ་ཅི་ཞིག་ཅེ་ན། གཅིག་ཉིད་ལས་ཞེས་བྱ་བའོ།། ལྡེ་རུ་ཞེས་བྱ་བ་ནི། རྣམ་པ་ལྔར་རོ།། དབྱེ་བསཽ་ཞེས་བྱ་བ་ནི། འབྱུང་བ་ཆེན་པོ་ལྔའི་དབྱེ་བས་སོ།། རྡོ་རྗེ་པདྨ་སཽ་ཞེས་བྱ་བ་ལ་སོགས་པ་ལ། སྲ་བར་ཞེས ་བྱ་བ་ནི། སྲ་བར་ཤེས་པ་སྟེ། སའི་ཁམས་སོ།། དེ་ཉིད་ནི་གཏི་མུག་གིས་ཆོས་ཏེ། སྲ་བའི་ཕྱིར་རོ།། དྲོད་ཅེས་བྱ་བ་ནི་དྲོ་བའོ།། འདོད་ཆགས་དྲོད་ལས་ཞེས་བྱ་བ་ནི། ཆགས་པ་ཉིད་དོ།། རླུང་གི་རང་བཞིན ་གྱིར་འཇུག་པར་འགྱུར་བའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་ཕྲག་དོག་སྟེ། ཨི་ར་ག་ཏ་བི་ཏི་ཞེས་བྱ་བའི་སྐད་ཀྱི་དབྱིངས་སོ།། བདེ་བ་ནི་སྙོམས་པར་འཇུག་པའི་ཆགས་པ་སྟེ། ཆགས་པ་མེད་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ།། དེ་ཉིད ་ནི་ནི་འདོད་ཆགས་ཏེ། འགྲོ་བ་ཐམས་ཅད་ཁ་དོག་བསྒྱུར་བའི་ཕྱིར་རོ།། དེ་ནི་ན་མཁའི་མཚན་ཉིད་དེ། རང་བཞི་ནི་མེད་པའི་ཕྱིར་རོ།། ཕྲ་མ་རྡོ་རྗེ་ནི་རིན་ཆེན་འཆང་ངོ་།། དོན་དམ་པར་རབ་ཏུ་སྟོན་པར་བྱེད་པས་ན་ཕྲ་མའོ།། སེམས་ནི་ཆེན་པོ ་ཞེས་བྱ་བ་ནི། བདེ་བ་ཆེན་པོའི་རང་བཞིན་གྱི་སེམས་སོ།། རང་བཞིན་ལྔ་ཞེས་བྱ་བ་ལ་སོགས་པ་ལ། དེ་ཉིད་ལས་ཞེས་བྱ་བ་ནི། དེ་དག་ཉིད་ལས་སོ།། གང་གཱའི་ཀླུང་བཅུའི་ཞེས་བྱ་བ་ལ་སོགས་པ་ལ། རིགས་གཅིག་ནི་ཞེས་བྱ་བ ་དེ་བཞིན་གཤེགས་པའི་རིགས་གཅིག་ཉིད་ལའོ།། རིགས་ཀྱི་ཚོགས་ལ་ཞེས་བྱ་བ་ནི། དེ་བཞིན་གཤེགས་ཀྱི་རིགས་ཀྱི་ཚོགས་ལ་སྟེ། དེ་བཞིན་གཤེགས་པའི་རིགས་ཀྱི་ཚོགས་ཅན་གྱི་རིགས་ཏེ། རིགས་དེ་ལས་རིགས་འབྱུང ་བར་འགྱུར་རོ།། རིགས་འབུམ་གྱི་སོ་སོ་ལས་ཀྱང་རིགས་བྱེ་བ་འབྱུང་བར་འགྱུར་རོ།། དེ་དག་ལས་ཀྱང་རིགས་གཞན་གྲངས་མེད་པ་འབྱུང་བར་འགྱུར་རོ།། དེ་དག་ཐམས་ཅད་ཀྱང་མཆོག་ཏུ་དགའ་བའི་རིགས་ལས་འབྱུང ་འགྱུར་རོ།། མཁའ་འགྲོ་མཱ་ནཱ~ཾ། རྡོ་རྗེ་མཁའ་འགྲོ་མར།། དེ་དཱ་བ་ན་ཆགས་ཏེ། དཀྱིལ་འཁོར་འཁོར་ལའོ།། དེའི་སྡོམ་པ་ན། བདེ་བའི་མཆུག་གོ།། དེའི་ཕྱིར་དངོས་གྲུབ་ཅེས་བྱ་སྟེ། དེ་གཏན་ལ་དབབ་པའོ།། དགྱེས་པར་རྡོ་རྗེའི་དཀའ ་འགྲེལ། རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ལས། ལེའུ་གཉིས་པའི་འགྲེལ་པའོ།། ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཅན་ཞེས་བྱ་བ་ནི། རྡོ་རྗེའི་ཆང་ངོ་།། རྒྱུད་ཐམས་ཅད་ཀྱི་གླེང་གན་ནི། དགྱེས་པའི་རྡོ་རྗེའི་རྒྱུང ་ཀྱི་དབང་དུ་བྱས་པ་སྟེ། དེའི་ཆེད་དུ་བྱས་པའི་དང་པོར་བསྟན་པའི་རྒྱུད་དོ།། ཞེས་བྱ་བ་ཞེས་བྱ་བ་ནི། མིང་དེ་སྐད་ཅེས་བྱ་བར་རབ་ཏུ་གྲགས་པའོ།། ཐབས་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་བྱང་ཆུབ་བསྒྲུབ་པའི་ཐབས་སོ།། དེ་ཉིད ་མདོར་བསྟོན་པའི་ཕྱིར། སྡོམ་པ་དངངོ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦོམ་པོ་ནི། བདེ་བ་ཆེན་པོའི་ཡེ་ཤེས་སོ།། དབང་ནི་དབང་རྣམ་པ་བཞིའོ།། དགོངས་པོའི་སྐད་ནི། མངོན་པར་དགོངས་པའི་སྙིང་ཉིད་དོ།། དགའ་བ་དང་། ཞེས་བྱ ་བ་ནི། དགའ་བ་རྣམ་པ་བཞིའོ།། སྐད་ཅིག་ངོ་བྱེ་བ་ཞེས་བྱ་བ་ནི། སྐད་ཅིག་མ་རྣམ་པ་བཞིའོ།། གཞན་ཡང་ཞེས་བྱ་བ་ནི། ཤིན་ཏུ་སྤྲོས་པ་མེད་པ་ཉིད་ཀྱི་སྤྱོད་པའོ།། ཡང་ཞེས་བྱ་བ་ནི། མིག་ལ་སོགས་པ་དག་པའོ།། བཟའ་བ་ནི་སློ ་དཔོན་གྱིས་སོ།། སོགས་པ་ཞེས་བྱ་བའི་སྒྲས་ནི་ངེས་པོར་བྱ་བའི་ཚོགས་བཅད་བསྡུ་བའོ།། སྡོམ་པ་ཞེས་བྱ་བ་ལ་སོགས་པ་ལ། གང་གི་སྡོམ་པ་ཞེ་ན། སངས་རྒྱས་ཀུན་གྱི་ཞེས་བྱ་བ་སྟེ། བདེ་བ་ཆེན་པོའི་ངོ་བོ་ཉིད་ཀྱིས་སངས་རྒྱས ་ཀུན་ལ་ཐ་དད་པ་མི་མངའ་བའི་ཕྱིར་རོ།། ཨེ་བཾ་རྣམ་པར་ཞེས་བྱ་བ་ནི། ཆོས་འབྱུང་གི་ཕྱག་རྒྱ་ལ་གནས་པའོ།། དེ་ཇི་ལྟར་ཤེས་པར་བྱ་ཞེ་ན། དབང་ལས་ཡང་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ།། ་བླ་མའི་མན་ངག་ལས་ཤེས་པར་བྱ་ཞིང་། རབ་ཏུ་བསྒྲུབ་པོར་བྱའོ།། མཁའ་འགྲོ་མའི་ཞེས་བྱ་བ་ནི། ཌཱ་ཌཱ་ནི་མཁའ་ལ་འགྲོ་བར་བྱེད་པ་ཞེས་བྱ་བའི་སྐད་ཀྱི་དབྱངས་ཀྱིས་འདིར་བརྟགས་ནས། ན་མཁའ་ལ་འགྲོ་བ་གྲུབ་པ ་ཐམས་ཅད་ལ་ན་མཁའ་འགྲོ་མོ་ཞེས་བྱ་ཀླ་ཀློའི་སྐད་ཀྱིས་བཅོམ་ལྡན་འདས་ཀྱིས་བསྟན་པོ་ཡིན་པས། མཁའ་འགྲོ་མ་ནི། རྡོ་རྗེ་རྣལ་འབྱོར་མའོ།། དེ་དག་སྡོམ་པ་ནི། མཆོག་ཏུ་མང་བསྡུས་པའི་ཕྱིར་རོ།། དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་ངོ་བོ་ཉིད་གཅིག་པར་བསྟན་པའི་ཕྱིར། ཨེའི་རྣམ་པའི་ཆ་བྱད་ངོ་།། འདི་ལ་བཟང་པོ་ཡོད་པས་ན། བཟང་པོ་སྟེ། བེ་གི་རྣམ་པའོ།། བཻརྒྱན་པ་ངེས་པདྨའི་ཟེའུ་འབྲུ ་མཛེས་པར་བྱས་པའོ།། གནས་ཞེས་བྱ་བ་ནི་རྟེན་ནོ།། སངས་རྒྱས་རིན་ཆེན་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ལྔ་ནི། སྣོད་དུ་གྱུར་པ་ལ། དེ་སྐད་ཅེས་བྱ་སྟེ། དེ་དག་གི་རྟེན་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར ་རོ།། དགའ་བ་དེ་ལས་སྐྱེ་བར་འགྱུར།། སྐད་ཅིག་དབྱེ་བས་ཕྱེ་བ་ཡི།། ཞེས་བྱ་བ་ནི། རྣམ་པ་སྣ་ཚོགས་ལ་སོགས་པའི་དབྱེ་བས་ཕྱེ་བའོ།། གལ་ཏེ་དགའ་བ་ཉིད་ཡོད་པར་གྱུར་ན། སྐད་ཅིག་མའི་དབྱེ་བས་ཅི་ཞིག་བྱ ་ཞེ་ན། སྐད་ཅིག་ཤེས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐད་ཅིག་མ་རྣམས་ཀྱིས་རང་གི་ངོ་བོ་ཤེས་ན་ནི། དགའ་བ་རྣམས་ཀྱི་བདེ་བའི་བྱེད་པ་ཡོངས་སུ་ཤེས་པར་འགྱུར་གྱིས། གཞན་དུ་ནི་མ་ཡིན་ནོ།། ཞེས་བྱ ་བར་དགོངས་པའོ།། སྐད་ཅིག་མའི་དབྱེ་བ་དེ་དག་ཉིད་བསྟན་པའི་ཕྱིར། སྣ་ཚོགས་དང་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྣ་ཚོགས་ཞེས་བྱ་བ། སྣ་ཚོགས་པ་ལ་མཁས་པ་སྟེ། སློབ་དཔོན་གྱི་ལས་སོ།། རྣམ་སྨིན་ཞེས་བྱ་བ་ལ ་སོགས་པ་ལ། དེ་ལས་བཟློག་ཅེས་བྱ་བ་ནི། དེ་དང་མི་འདྲ་བར་གྱུར་པའོ།། ཡེ་ཤེས་ཞེས་བྱ་བ་ནི། བདེ་བ་ཆེན་པོའི་ཡེ་ཤེས་སོ།། དེ་ཟ་བོ་ནི་དེ་ཉམས་སུ་མྱོང་བའོ།། རྣམ་པར་ཉེད་པ་ཞེས་བྱ་བ་ལ་སོགས་པ་ལ། ཟོས་ཞེས་བྱ་བ་ནི།། ་འདས་མ་ཐག་པ་ཞིག་པ་དྲན་པའོ།། ཡང་ན་ཤེས་པ་སོ་སོར་རྟོག་པ་ནི། ཟོས་ཞེས་བྱ་སྟེ། བཽདག་གིས་བདེ་བ་སྤྱད་པར་གྱུར་ཏོ།། ཞེས་སྔར་གྱིས་ངེས་པར་འཛིན་པའོ།། མཚན་ཉིད་བྲལ་བ་ཞེས་བྱ་བ་ནི། སྔར་བསྟན་པ་གསུམ་པོ ་ཡིའོ།། ཆགས་དང་ཆགས་བྲལ་ཞེས་བྱ་བ་ནི། སྲིད་པ་དང་། མྱ་ངན་ལས་འདས་པ་དང་བྲལ་བའོ།། སྣ་ཚོགས་དང་ནི། ཞེས་བྱ་བ་ལ་སོགས་པས་ནི། དགའ་བ་རྣམ་པ་བཞི་དབང་བསྐུར་བ་རྣམ་པ་བཞི་རྣམ་པར་བཞག་པར ་བྱེད་དེ། དགའ་བ་སོ་སོ་ཡིས་ཀྱང་། སློབ་དཔོན་དང་། གསང་བ་ཤེས་རབ་དང་། བཞི་པ་ཞེས་བྱ་བ་ཐོབ་པར་འགྱུར་རོ།། ཞེས་བྱ་བར་དགོངས་པའོ།། དེ་ཉིད་ཀྱི་ཕྱིར། དགའ་བ་ལ་སོགས་པས། བྱ་བ་ལ་སོགས་པ ་གསུངས་ཏེ། རིམ་ཞེས་བྱ་ཞེས་བྱ་བ་ནི། དགའ་བ་ནི། སློབ་དཔོན་གྱི་དབང་བསྐུར་བའོ།། མཆོག་ཏུ་དགའ་བ་ནི། གསང་བའི་དབང་ངོ་།། དགའ་བྲལ་ནི་ཤེས་རབ་ཀྱི་དབང་ངོ་།། ལྷན་ཅིག་སྐྱེས་པ་ནི་དབང ་བསྐུར་བ་བཞི་པའོ།། དེ་ལྟར་དབང་བསྐུར་བ་བཞི་སོ་སོ་དང་། སྐད་ཅིག་མ་བཞི་དང་། དགའ་བ་བཞི་བླ་མའི་མན་ངག་ལས་སྦྱར་བར་ཤེས་པར་བྱ་སྟེ། དེ་ལྟར་ན་དབང་བཞིའི་རྣམ་གྲངས་ཤེས་པར་བྱའོ།། རྒོད་པའི་དགེ་བས་ཞེས་བྱ ་ལ་སོགས་ནི། དབང་གི་རྣམ་པར་དག་པོ་གསུངས་པ་ཡིན་ཏེ། བྱ་བའི་རྒྱུད་ལ་སོགས་པ་ཁ་ཅིག་ཏུ་ནི་ལྷ་རྣམས་ཐབས་དང་ཤེས་རབ་ཀྱི་རྗེས་སུ་ཚོགས་པ་ང་གོད་པས་བསྟན་ཏེ། དེ་རྣམ་པར་དག་པ་ནི། སློབ་དཔོན་ཞེས་བྱ་བ། སློབ ་དཔོན་གྱི་དབང་བསྐུར་བའོ།། སྤྱོད་པའི་རྒྱུད་ལ་སོགས་པ་ཁ་ཅིག་ཏུ་ནི་ཐ་བས་དང་ཤེས་རབ་རྗེས་སུ་ཆགས་པ་སྟོན་པར་བྱེད། ཕན་ཚུན་ལྟ་བ་འབྱུང་བ་སྟེ། དེའི་རྣམ་པར་དག་པ་ནི། གསང་བའི་དབང་བསྐུར་བའོ།། རྣལ་འབྱོར ་གྱི་རྒྱུད་ལ་སོགས་པ་ཁ་ཅིག་ཏུ་ཐབས་དང་ཤེས་རབ་ཕན་ཚུན་འཁྱུད་འབྱུང་སྟེ། དེའི་རྣམ་པར་དག་པ་ནི། ཤེས་རབ་ཀྱི་དབང་བསྐུར་བའོ།། རྣལ་འབྱོར་བླ་ན་མེད་པ་ཅེས་བྱ་བ་ལ་སོགས་པ་ཁ་ཅིག་ཏུ་ཐབས་དང་ཤེས་རབ་གཉིས ་ཀྱིས་སྙོམས་པར་འཇུག་པ་འབྱུང་བས། དེའི་རྣམ་པར་དག་པ་ནི། དབང་བསྐུར་བ་རྣམ་པ་བཞིའོ།། དེའི་ཕྱིར་དབང་ནི་རྣམ་པ་བཞི་རུ་བཤད།། ཅེས་གསུངས་ཏེ། བཞི་ནི་རྣམ་པ་བཞིའོ།། བཤད་ཅེས་བྱ་བ་ནི། དགྱེས་པའི ་རྡོ་རྗེའི་རྒྱུད་འདིར་ཏེ། རྣལ་འབྱོར་མ་བླ་ན་མེད་པའི་རྒྱུད་འདིར་བསྐུལ་བ་དང་ལྡན་པར་བྱས་ན། ཐམས་ཅད་ལ་དབང་བའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་ཞེས་བྱ་བའོ།། དབང་བསྐུར་ཞེས་བྱ། ་བ་ནི། སྒྲའི་དོན་བསྟན་པའི་ཕྱིར། དེས་ན་དབང་ཞེས་བརྗོད་པར་བྱ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བླུགས་ཤིང་བཀྲུས་ཏེ། དྲི་མ་མེ་པར་བྱས་ཞེས་བྱ་བའི་དོན་ཏོ།། ལག་པ་དོག་གིསོ་ཞེས་བྱ་བ་ལ་སོགས་པས་ནི། སློབ ་དཔོན་གྱི་དབང་བསྐུར་བ་གསུངས་ཏེ། རྡོ་རྗེ་དྲིལ་བུས་མཉམ་པར་སྦྱོར་བའི་ལོག་པས་སམ། པདྨ་དང་། རྡོ་རྗེ་ངག་གིས་ཏེ། མན་ངག་ཇི་ལྟ་བ་བཞིན་དུ་སློབ་ད་བོན་གྱི་དབང་བསྐུར་བ་ཡིན་ནོ།། ཤིན་ཏུ་བཞིན་བཟངས་ཞེས་བྱ་བ་ལ ་སོགས་པས་ནི། ཤེས་རབ་ཀྱི་དབང་བསྐུར་བའི་ཕྱིར། ཤེས་རབ་ཀྱི་ངོ་བོ་གསུངས་པ་ཡིན་ཏེ། ལག་པ་གཡོན་པའི་མཐེ་བོ་དང་། སྲིན་ལྀག་དག་གིས་སྙོམས་པར་འཇུག་པའི་རོ་སློབ་མའི་ཁར་འཛུད་ཅིང་། གསང་བའི་དབང་བསྐུར ་བའི་ཚིགས་བཅང་བརྗོད་པ་སྟེ། བཤད་པ་གཅིག་ཡིན་ནོ།། ཡང་ན་མཐེ་བོ་ཞེས་བྱ་བ་ནི། ལ་ལཱ་ནཱའོ།། སྤྲིན་ལག་ཅེས་བྱ་བ་ནི། ར་ས་ནཱའོ།། དེ་གཉིས་ནས་སློབ་མའི་རྡོ་རྗེ་ནོར་བུའི་སྒོར་ཤེས་རབ་ཀྱི་བྱང་ཆུབ་ཀྱི་སེམས་རབ་ཏུ་འབབ ་པ་དེའི་མན་ངག་བསྟན་པའོ།། དེ་ཉིད་དུ་ནི་བྱ་བ་སྟེ། ཞེས་བྱ་བ་ལ་སོགས་པ་ལ། དེ་ཉིད་དུ་ནི་ཞེས་བྱ་བ་ནི། ཤེས་རབ་གང་ལ་མན་ངག་བསྟན་པ་ཉིད་ལའོ།། རོ་མཉམ་ཞེས་བྱ་བ་ནི། ཐབས་དང་ཤེས་རབ་དག་གི་བྱང་ཆུབ་ཀྱི ་སེམས་ཡང་དག་པར་འབྱོར་པའོ།། སློབ་མའི་སྤྱོད་ཡུལ་ཞེས་བྱ་བ་ན། མ་སར་རྟོག་པའི་ཡུལ་དུ་བྱའོ།། ཞེས་བྱ་བའི་དོན་ཏོ།། འདི་ལྟ་བུ་ནི་གསང་བའི་དབང་བསྐུར་བའོ།། སྟོན་པས་ཤེས་རབ་ཅེས་གསུངས ་པ་ནི། རྒྱུད་ནས་གསུངས་པའི་མཚན་དང་ལྡན་པའོ།། མཆོད་ཅེས་བྱ་བ་ནི། དང་པོར་རོ།། སྟོན་པ་ཞེས་བྱ་བ་ནི། བླ་མ་སྟེ། དཀའ་བར་གྱུར་པོའི་ལས་རྣམས་ཀྱི་ཁུར་བཟོད་དམ་མི་བཟོད་ཅེས་བརྟག་པའི་ཕྱིར་རོ།། དེ་ནས་རྒྱུད་ནས ་གསུངས་པའི་འཆང་བར་འགྱུར་བའི་ཚོགས་བཅད་བརྗོད་ནས་གཏོང་བར་བྱའོ།། ཕྱག་རྒྱ་བདེ་བ་ལྡན་པོ་ཁྱེར་ཞེས་བྱ་བ་ནི། ཆོས་ཀྱི་ཕྱག་རྒྱའོ།། འདི་ལྟ་བུ་ནི་ཤེས་རབ་ཀྱི་དབང་བསྐུར་བའོ།། སློབ་མཚོ་འགྱུར་ཤེས་ནས་ནི།། ཞེས ་བྱ་བ་ལ་སོགས་པ་ལ། ཆེ་འགྱུར་ཞེས་བྱ་བ་ནི། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་སྣོད་དུ་གྱུར་པའོ།། ཕྲག་དོག་སྤངསོ་ཞེས་བྱ་བ་ནི། སེར་སྣ་དང་བྲལ་བའོ།། ཁྲོ་བ་རྣམ་སྤངས་ཞེས་བྱ་བ་ནི། སྙིང་རྗེ་ཆེན་པོ་དང་ལྡན་པའོ།། དེ་ལ་ཞེས ་བྱ་བ་ནི། སློབ་མ་ལའོ།། གནང་བ་སྦྱིན་ཞེས་བྱ་བ་ནི། མན་ངག་བསྟན་པར་བྱའོ།། ཞེས་བྱ་བའི་དོན་ཏོ།། འདི་སྐད་ཀྱང་བརྗོད་པར་བྱ་སྟེ། དབང་པོ་གཉིས་སྦྱོར་ཞེས་ཀྱང་ངོ་།། སྦྱོར་ཞེས་བྱ་བ་ནི། ཕྱག་རྒྱ་ཆེན་པོའི་སྙོམས་པར་འཇུག ་བོ་སྟེ། གྱིས་ཤིག་ཅེས་བྱ་བའོ།། རྡོ་རྗེ་འཛིན་ཞེས་བྱ་བ་ནི། རྡོ་རྗེ་འཆང་ཞེས་བྱ་བའི་དོན་ཏོ།། དབང་བསྐུར་བ་བཞི་པའོ།། ད་ནི་དབང་གི་དོན་དུ་སློབ་མ་ས་ཇི་ལྟར་མཉེས་པར་བྱ་བ་བསྟན་པའི་ཕྱིར། སློབ་མའི་བྱ་བ་ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། གསོལ་བ་གདབ་ཅེས་བྷཱ་བན། དོན་དུ་གཉེར་བར་བྱར།། བཅོམ་ལྡན་ན་བ་ཆེན་པོསྟེ།། ནས་བྱ་བ་ལ་སོགས་པ་ནི། བླ་མྱ་ལ་བསྟོད་པར།། གཉིས་སུ་མེད་པའི་རྣལ་འབྱུང་ལ་ངེས་པར་གནས་པའི་ཕྱིར། ནང ་ཆེན་པོའོ།། རྡོ་རྗེ་ནཱི་ཛ་དྷཱའོ།། རྣལ་འབྱོར་ནི། སྙོམས་པར་འཇུག་པའི་ཁྱད་པར་རོ།། དེར་གཅིག་ཏུ་གཏང་བ་གཅིག་བནོང་བའོ།། ཕྱག་རྒྱུ་སྒྲུབ་པ་བོ་ཞེས་བྱ་བ་ལ། ཕྱག་ནི་ཕྱག་རྒྱ་བཞིའོ།། སྐྱོབ་པ་པོ་ནི་ཡོངས་སུ་མཉེས་པོར་བྱེད་པ ་བོའོ།། སྟོང་པ་ཉིད་ཀྱི་རང་བཞིན་གྱི་ཕྱིར་མི་ཕྱེད་པའོ།། རྡོ་རྗེ་ནི་ང་པོཞིན་གཤེགས་པ་རྣམས་སོ།། དེ་དག་གི་རྣལ་འབྱོར་ནི། ཏིང་ངེ་འཛིན་ཏོ།། དེ་ལས་ཡང་དག་པར་བྱུང་བའོ།། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར ་ཁྱོད་འགྲོ་བྱེ་ལ་ཕན་པའི་རྒྱུ་ཡིན་པ་སྒྱུར་རོ།། དེ་ལྟར་ཞེས་བྱ་བ་ནི། དེ་བཞིན་དུའོ།། མངའ་བདག་ནས་བྱཱ་བ་ནི། གཙོ་བོའོ།། འདས་དང་འདྲ་བ་ནི། འདས་སྟེ། འཁོར་བའོ།། ཚོགས་ཞེས་བྱ་བོ་ནི། སྦྱངས་པའོ།། དེར་བྱིང ་བོདག་ལ་སྐྱོབས་ཞེས་བྱ་བ་སྐྱབས་མཛོད་ཅིག་བྱ་སྟེ། སྐྱབས་མེད་བདག་ལ་ཞེས་བྱ་བར་སྦྱར་རོ།། ཞིམ་པའི་ཞེས་བྱ་བ་ནི། ཤིན་ཏུ་རྣམ་པར་སེམས་པའོ།། བཟའ་བ་བཏུང་བ་དང་། ཞེས་བྱ་བ་ནི་མདོར་བསྟེན་པའོ།། ཆང་ངོང་། ་ཤ་ཆེན་ཞེས་བྱ་བ་ནི། རྒྱས་པར་བཤད་པའོ།། རྡོ་རྗེ་འཛིན་པ་ཞེས་བྱ་བ་ནི། གཉིས་སུ་མེད་པའི་ཡེ་ཤེས་འཛིན་པ་སྟེ། བླ་མའོ།། མཆོག་ཏུ་དགའ་བ་ཞེས་བྱ་བ་ལ་སོགས་པ་ལ། ཐོབ་ཅེས་བྱ་བ་ནི། ཤིན་ཏུ་གནས ་པའོ།། སྣ་ཚོགས་སྦྱངས་པ་ཞེས་བྱ་བ་ནི། ལྷན་ཅིག་སྐྱེས་པ་ཞེས་བྱ་བ་སྟེ། བཞི་པའོ།། སེམས་དཔའ་ཆེ་ཞེས་བྱ་བ་ནི། སློབ་མས་རྟོགས་པར་བྱ་བའི་ཕྱིར་བདེ་བ་སྟེ། ཡ་ཤེས་འདི་ནི་ཆེས་ཕྲ་ཞིང་། ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་སོ།། བདེ་བ་ཚོན་པོའི་རྣམ་པར་ཟུང་ཞེས་བྱ་བ་ནི། མན་ངག་ཇི་ལྟ་བ་བཞིན་དུ་རྗེས་སུ་གནང་བ་སྦྱིན་པའོ།། ཇི་སྲིད་ཅེས་བྱ་བ་ལ་སོགས་པས་ནི། འཆད་པར་འགྱུར་བའི་མཚན་ཉིད ་གྱི་རྗེས་སུ་གནང་བ་མདོར་བསྟན་ཏོ།། དབང་བསྐུར་ཞེས་བྱ་བ་ནི། དབང་བསྐུར་བས། དབང་བསྐུར་བའོ།། བྱ་བ་ཀུན་ཞེས་བྱ་བ་ནི། བྱ་བའི་ཚོགས་སོ།། རྡོ་རྗེ་ཅན་ཞེས་བྱ་བ་ནི། བླ་མའོ།། འདི་སྐད་སྨྲ་ཞེས་བྱ་བ་ནི། ཅི་ཞིག ་སྨྲ་ཞེ་ན། འདི་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ། འདི་ཉིད་ཅེས་བྱ་བ་ནི། དབང་བསྐུར་བ་ཐོབ་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆེན་པོ་ཉིད་ངོ་།། ཐམས་ཅད་ལ་ཞེས་བྱ་བ་ནི། ཕྱག་རྒྱ་བཞི་ལུས་ལ་གནས་པའོ།། གཉིས་སུ་མེད་པ ་ནི། ཐབས་དང་ཤེས་རབོ་གཉིས་སུ་སྣང་བ་དང་བྲལ་བ་ཉིད་དོ།། གཉིས་ནི་དེ་དག་ཉིད་ཀྱི་ངོ་བོའོ།། དངོས་དང་དངོས་མེད་བདག་ཉིད་ཅེས་བྱ་བ་ནི། མཆོག་ཏུ་དགོའ་བ་དང་། དགའ་བ་དང་། དགའ་བྲལ་གྱི་ངོ་བོའོ།། གཙོ ་བོ་ཞེས་བྱ་བ་ནི། དགའ་བ་གསུམ་པོ་ལས་མཆོག་ཏུ་གྱུར་པའོ།། བརྟན་ནི་ཆོས་དང་། དམ་ཚིག་ཕྱག་རྒྱ་བསྒོམས་པའོ།། གཡོ་བ་ནི་ཕྱི་རོལ་གྱི་ཕྱག་རྒྱ་དང་། སྙོམས་པར་འཇུག་པའོ།། དེ་དག་ཐམས་ཅད་ལ་ཁྱབ་ནས་གནས ་བ་ཡང་འདི་ཉིད་དོ།། སྒྱུ་མའི་གཟུགས་ཅན་ཞེས་བྱ་བ་ནི། སྤྲུལ་པ་སྣ་ཚོགས་ལྟ་བུའོ།། དེ་ལྟ་ན་འདི་ཐབས་གང་གིས་འགྲུབ་པར་འགྱུར་ཞེ་ན། དཀྱིལ་འཁོར་འཁོར་ལོའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སོགས་ཞེས་བྱ ་བའི་སྒྲས་ནི། ཕྱག་རྒྱ་གཉིས་ཀྱི་མན་ངག་དང་། དཔའ་བོ་ག་ཅིག་པུ་ལ་སོགས་པ་ལ་མོས་པ་ཡང་བསྡུའོ།། ཡང་ན་ཞེས་བྱ་བ་ནི། དཀྱིལ་འཁོར་གྱི་འཁོར་ལོའི་སྒྲས་ཕྱག་རྒྱ་ཆེན་པོའི་མན་ངག་གཟུང་ངོ་།། བཟོད་པ་གསོལ ་ནས་ཞེས་བྱ་བ་ནི། བཟོད་པར་གྱིས་ཤིག་ཅེས་བྱས་ནས། གསོལ་ཏོ།། ཞེས་བྱ་བ་ནི། ཞུས་པར་གྱུར་པའོ།། སངས་རྒྱས་ཐམས་ཅད་ཀྱིས་གང་བར་གྱུར་པས་ན། གྲོང་ཁྱེར་རོ།། ཅི་ཞེས་བྱ་བ་ནི། གང་གིས་ཕྱིར་ཞེས་བྱ ་བའི་དོན་ཏོ།། འཁྲུལ་གྱུར་པས་ཞེས་བྱ་བ་ནི། བདག་ཐེ་ཚོམ་དང་ལྡན་པར་གྱུར་ཅེས་བྱ་བའི་དོན་ཏོ།། དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། དཀྱིལ་འཁོར་ཞེས་བྱ་བ་ནི། སྙིང་པོ་ཞེས་བྱ་བོའི་རྣམ་གྲངས་སོ།། སྙིང་པོ་དེ ་ཅི་ཞིག་ཅེ་ན། བྱང་ཆུབ་སེམས་ནི་བདེ་བོ་ཆེན་པོ་ཞེས་བྱ་བ་གསུངས་ཏེ། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་མ་ལུས་པོས་བསྐྱེད་པའི་སྡུག་བསྔལ་དང་བྲལ་བའི་མཚོན་ཉིད་ཅན་ནོ།། དེ་ལེན་པ་ནི་བདག་གིར་བྱེད་པའོ།། ་དེ་ཡིས་ཤེས་བྱ་བ་ནི། བདེ་བ་ཆེན་པོའི་ཡེ་ཤེས་སོ།། འདུས་པ་ནི། སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་སྟེ། འདི་ལྟ་བུ་ནི། དོན་དམ་པའི་དཀྱིལ་འཁོར་ཞེས་བྱ་བའི་དོན་ཏོ།། འཁོར་ལོ་ལྟར་ཞེས་བྱ་བ་ནི། བདེ་བ ་ཆེན་པོའི་མཚན་ཉིད་ཅན་ནོ།། གནས་ཞེས་པ་ནི་སྙིང་རྗེ་ཆེན་པོའོ།། ན་མཁའི་ཁམས་ནི་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་།། ཡུལ་ལ་སོགས་པ་རྣམ་པར་སྦྱོང་ཞེས་བྱ་བ་ནི། དེ་དགར་གཅིག་པར་གྱུར་པ ་འོད་གསལ་བའི་མཚན་ཉིད་དོ།། རྡོ་རྗེ་ནི་སྙིང་རྗེ་ཆེན་པོའི་རང་བཞིན་གྱི་སེམས་རྡོ་རྗེའོ།། པདྨ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ནོ།། དེ་དག་མན་ངག་ཇི་ལྟ་བ་བཞིན་དུ་ཡང་དག་པར་སྦྱོར་བ་ནི། སྦྱོར་བའོ།། དེའི་ཞེས་བྱ་བ་ནི ་ཕྱག་རྒྱ་ཆེན་པོའི་དེའོ།། བདེ་བ་ནི་འོད་གསལ་བའི་མཚན་ཉིད་ཅན་ནོ།། ཤེས་པར་གྱུར་ནས་ཞེས་བྱ་བའི་དོན་ཏོ།། གསོལ་པ་ཞེས་བྱ་བ་ནི། རྡོ་རྗེ་སྙིང་པོ་མགུ་བར་གྱུར་ནས་སོ།། ཅིའི་ཕྱིར་གསོལ་ཞེ་ན། རྣལ་འབྱོར་བླ་ན ་མང་པོ་འདིར་དམ་ཚིག་དང་། སྡོམ་པ་མ་གསུངས་པས། དེའི་ཕྱིར་གསོལ་པའོ།། ཁྱོད་ཀྱིས་སྲོག་ཆགས་བསང་པ་དང་། ཞེས་བྱ་བ་ནི། མདོར་བསྟན་པའོ།། འདི་དག་ཉིད་ཀྱི་བཤད་པ་ནི། སེམས་གོཅིག་ཅེས ་བྱ་བ་ལ་སོགས་པ་སྟེ། སེམས་ཀྱི་རང་བཞིན་འོད་གསལ་བའི་ངོ་བོ་ཉིད་ཐོབ་པར་འགྱུར་བ་ནི། སེམས་གཅིག་པ་ཉིད་དེ། དེ་ནི་སྲོག་ཆགས་གསོད་པའོ།། དེ་ཇི་ལྟར་ཡིན་ཞེ་ན། གང་ཕྱིར་སྲོག་ནི་ཞེས་བྱ་བ་ལ་སོགས ་པོ་གསུངས་ཏེ། གང་གི་ཕྱིར་སྲོག་ཆགས་རྣམས་ཀྱི་སྲོག་ཏུ་གྱུར་པ་ནི། སེམས་ཉིད་དོ།། འདི་སྐྱེ་བ་མེད་ཉིད་ནི་གཅོད་པའོ།། འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་ལ། བསྒྲལ་བ་ཞེས་བྱ་བ་ཉིད་བརྫུན་གྱི་ཚིག་སྟེ། དོན ་དམ་པར་སེམས་ཅན་གྱི་འཇིག་རྟེན་མི་དམིགས་པའི་ཕྱིར་རོ།། ཞེས་བྱ་བར་དགོངས་པའོ།། བཙུན་མོ་ཞེས་བྱ་བ་ནི། རྡོ་རྗེའི་བཙུན་མོའོ།། དེའི་ཁུ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། དེ་ཡང་འཕགས་པའི་ལམ་བསྒོམས ་པས་ཐོབ་པ་ཡིན་པས། དེའི་ཕྱིར་མ་བྱིན་པར་ལེན་པོའོ།། རང་མཚུངས་མཛེས་ཞེས་བྱ་བ་ནི། བདག་མེད་མོ་ལ་སོགས་པའོ།། དེ་ཇི་ལྟར་གཞན་གྱི་བུད་མེད་ཡིན་ཞེ་ན། མཆོག་ཏུ་ཕུལ་དུ་འབྱུང་བ་ཉིད་ཡིན་པའི་ཕྱིར་རོ།། ་འདི་རྣམས་ཀྱི་རང་བཞིན་ཅི་ལགས་ཞེས་བྱ་བ་ནི། ཡུལ་ལ་སོགས་པ་རྣམས་ཀྱིའོ།། གཏི་མུག་རྡོ་རྗེ་ལ་སོགས་ལྡན་ཞེས་བྱ་བ་ནི། ཇི་ལྟར་འཆད་པར་འགྱུར་བའོ།། དབང་པོ་དྲུག་ཅེས་བྱ་བ་ནི། མིག་ལ་སོགས་པའོ།། ་ཡུལ་དང་ཡུལ་ཅན་ཅེས་བྱ་བ་ནི། མིག་ལོ་སོགས་པའོ།། འདུ་བྱེད་ཐ་མ་ཞེས་བྱ་བ་ནི། རྣམ་པར་ཤེས་པ་བར་དུ་སྦྱིན་པའོ།། རྣལ་འབྱོར་མ་རྣམས་ཞེས་བྱ་བ་ནི། ལས་དང་པོ་པའི་རྣལ་འབྱོར་མོ་རྣམས་སོ།། གོ་བྱའི་ཕྱིར་ཞེས ་བྱ་བ་ནི། རབ་ཏུ་རྟོགས་པོར་བྱ་བའི་ཕྱིར་རོ།། འདི་རྣམས་ཀྱི་རང་བཞིན་ཅི་ཞིག་ཙོ་ན། གདོང་ནས་མ་སྐྱེས་ཞེས་བྱ་བ་གསུངས་ཏེ། གདོ་ངོ་མ་ནས་སྐྱེ་བ་མེད་པོའི་ངོ་བོ་ཉིད་དོ།། དེ་ལྟར་ན་སྣང་པོར་ཇི་ལྟར་འགྱུར་ཞེ་ན། བརྫུན་མིན ་བདེན་པ་མིན་ཞེས་བྱ་བ་གསུངས་ཏེ། ཇི་ལྟར་སྣང་བར་འགྱུར་བ་ཉིད་ནི། བརྫུན་པ་ཉིད་ཡིན་པའི་ཕྱིར། བངོན་པ་ཡང་མ་ཡིན་བརྫུན་པ་ཡང་མ་ཡིན་པའོ།། ཆུའི་ཟླ་བ་ཞེས་བྱ་བ་ལ་སོགས་པ་ནི། རང་བཞིན་ཡང་གཞན་ཡིན ་ལ་སྣང་བ་ཡང་གཞན་ཡིན་པ་ཉིད་དོ།། ཤེས་པར་གྱིས་ཞེས་བྱ་བ་ནི། ཤེས་པར་གྱིས་ཤིག་པའོ།། འདོད་པས་ཞེས་བྱ་བ་ནི། ཇི་ལྟར་འདོང་པའི་དབང་གིས་སོ།། བཙུབ་ཤིང་ཞེས་བྱ་བ་ནི། གཙུབ་པར་བྱེད ་བའོ།། བཙུ་བ་སྟན་ཞེས་བྱ་བ་ནི། གཙུབ་པར་བྱེད་པར་བྱ་བའི་གཞིའོ།། སྐྱེས་བུ་ལགོ་བའི་རྩོལ་བ་ཞེས་བྱ་བ་ནི་བྱ་བའོ།། བློ་བུར་དུ་ཞེས་བྱ་བ་ནི། དེ་དག་ལ་ཡོད་པ་མ་ཡིན་ན་ཡང་ངོ་།། ཡོད་པ་མ་ཡིན་པས་ཞེས་བྱ་བ་ནི། དམིགས ་པར་མ་གྱུར་པའོ།། བདོན་པ་མ་ཡིན་ཞིང་ཞེས་བྱ་བ་ནི། གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར་རོ།། བརྫུན་པ་ཡང་མ་ཡིན་ཞེས་བྱ་བ་ནི། དེ་ལྟ་བུར་སྣང་བར་གྱུར་པ་ཉིད་ཀྱི་ཕྱིར་རོ།། ཡིད་ལ་གྱིས་ཤིག་ཅེས་བྱ་བ་ནི། ་ཡིད་ལ་ཟུངས་ཤིག་པའོ།། འཐུང་བར་བྱེད་དོ་ཞེས་བྱ་བ་ནི། ངོམས་པར་འཐུང་བའོ།། རྡོ་རྗེ་བདུད་རྩི་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་ཀྱི་རོའོ།། དགྱེས་ནསི་ཞེས་བྱ་བ་ནི། དགྱེས་པར་གྱུར་ནས་སོ།། ཤིན་ཏུ་སྤྲོས་པ་མེད་པའི ་མཚན་ཉིད་ཅན་གྱི་སྤྱོད་པ་གང་གིས་བྱིན་གྱིས་བརླབས་པའི་ཕྱིར། རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་པར་བསྟན་པོ་ཞེས་བྱ་བ་སྟེ། རབ་ཏུ་སྟོན་ཏོ་ཞེས་བྱ་བའི་དོན་ཏོ།། དེ་ཁོ་ན་ཉིད་ཐོབ་པའི་རྒྱུ་ནི་དེ་ཉིད་ཅེས་བྱ་བའོ།། མཆོད ་པ་ཉིད་ནི་རྡོ་རྗེ་སྟེ། བརྟན་པར་གྱུར་པའི་ཕྱིར་རོ།། འདོད་པོས་ཞེས་བྱ་བ་ནི་མགུ་བས་སོ།། བཅོམ་ལྡན་འདས་ཀྱིས་གསུངསོ་ཞེས་བྱ་བ་ནི། བཅོམ་ལྡན་འོངས་ཀྱི་བཀའོ།། བྱང་ཆུབ་སེམས་ནི་ཞེས་བྱ་བ་ནི། བྱང་ཆུབ་ཐོབ་པར་བྱ ་བའི་སེམས་ཀྱིས་སམ། ཡང་ན་ཆོས་ཐམས་ཅད་སྐྱེ་བ་མེད་པའི་སེམས་ངེས་སོ།། དེ་ཉིད་བསྟན་པའི་ཕྱིར། གཉིས་མེད་ཡེ་ཤེས་སེམས་ཀྱིས་ནི། ཞེས་གསུངས་པ་ཡིན་ནོ།། ཡི་དགས་གནས་ཞེས་བྱ་བ་ནི། དུར་ཁྲོད་དོ།། མགོ་སྐྱེས་ཞེས་བྱ ་བ་ནི་སྒྲའོ།། དབང་པོ་ཞེས་བྱ་བ་ལ་སོགས་པ་ལྱ། ལྷའི་རྣམ་པར་དག་པ་སྔར་མ་མཛད་པའོ།། ཐམས་ཅད་ཡུལ་ཞེས་བྱ་བ་ནི། ཤེས་པའི་དཀྱིལ་འཁོར་ཐམས་ཅད་ཀྱིའོ།། གཏི་མུག་རྡོ་རྗེ་ཞེས་བྱ་བོ་ནི། རྡོ་རྗེ་མའོ།། ཞེ་སྡང་རྡོ་རྗེ་ནི་བདག ་མེད་མའོ།། སེར་སྣ་རྡོ་རྗེ་མོ་ནི། གསང་བའི་གཽ་རཱིའོ།། འདོད་ཆགས་རྡོ་རྗེ་མ་ནཱི། ཆུའི་རྣལ་འབྱོར་མའོ།། ཕྲག་དོག་རྡོ་དྷ་མ་ནི། རྡོ་རྗེ་མཁོའ་འགྲོ་མའོ།། དགོངས་པའི་སྐད་ནི། དགོངས་པ་དང་བཅོས་པའི་ཚིག་སྟེ། བསམ་པ་གཙྪ་བོར་བྱས ་ནས་སྨྲ་བ་ཡིན་གྱི། ཡི་གེ་གཙོ་བོར་བྱས་པ་ནི་མ་ཡིན་ནོ།། ཞེས་བྱ་བའི་དོན་ཏོ།། དམ་ཚིག་ཚོ་ཞེས་བྱ་བ་ནི། གསང་བའི་བརྡའོ།། མི་ཤེས་པ་ཞེས་བྱ་བ་ནི། མཚོན་པ་མ་ཡིན་པའོ།། དགོད་དང་ཞེས་བྱ་བ་ལ་སོགས་པས་ནི། ཤིན་ཏུ་གོསང ་བ་ཉིད་དུ་གསུངས་པ་ཡིན་ནོ།། དགོད་པ་ཞེས་བྱ་བ་ནི། བྱ་བ་དང་།། སྤྱོད་པ་དང་། རྣལ་འབྱོར་དང་། རྣལ་འབྱོར་བླ་ན་མེད་པ་རྣམས་སོ།། མ་གསུངས་པ་ནི། མ་བསྟན་པའོ།། རིགས་ནི་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པ་ལྔ་ཞེས་བྱ་བ་ནི ་སོ་སོར་གྱུར་པ་རྣམ་པ་ལྔ་དེ་བཤང་བའོ།། གསོང་བའི་སྒོད་ནི་སངས་རྒྱས་ཀྱིས་རིགས་ཅན་གྱིའོ།། གཡུང་མོ་རྡོ་རྗེའི་རིགས་ཅན་བཤད་ཅེས་བྱ་བ་ལ་སོགས་པ་ལ། རིགས་ཉིད་ནི་རིགས་ཅན་ནི།། བཤད་ཅེས་བྱ་བ་ནི། རྣལ་འབྱོར་དང་། ་རྣལ་འབྱོར་མའི་རྒྱུད་རྣམས་སུའོ།། ཅིའི་ཕྱིར་འདི་དག་ལ་རིགས་ཞེས་བྱ་ཞེ་ན། ཤིན་ཏུ་གྲུབ་པར་བྱེད་པའི་ཕྱིར་རོ།། རྡོ་རྗེར་ཞེས་བྱ་བ་ནི། རྡོ་རྗེའི་ཡེ་ཤེས་ཐོབ་པའི་རྒྱུ་མཚན་དུ་གྱུར་པའི་ཕྱིར་རོ།། མཆོད་ནས ་ཞེས་བྱ་བ་ནི། རྡོ་རྗེ་དང་། པདྨའི་རྣལ་འབྱོར་གྱིས་སོ།། རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་སོགས་པ་ལ། སེམས་དཔའ་ཞེས་བྱ་བ་ནི། དམ་ཚི་གཽ་ཡོངས་སུ་སྐྱོང་བར་བྱེད་པའོ།། དམ་ཚིག་ཉམས་ཞེས་བྱ་བ་ནི། དམ་ཚིག་འདྲལ་བར་བྱེད་པའོ།། ་ཡམ་སཽ་དང་འཚེ་བ་ཞེས་བྱ་བ་ནི། དེ་དག་གི་གནོད་པས་ཡོངས་སུ་གནོད་པའོ།། རང་གི་དམ་ཚིག་ཅེས་བྱ་བ་ནི། དགྱེས་པའི་རྡོ་རྗེའི་རྣལ་འབྱོར་པས་རྙེད་པའོ།། ཁྲོ་བ་ནི་ཞེ་སྡང་ངོ་།། རྒྱུད་ཐམས་ཅད་ཀྱི་གླེང་གཞི་དང་། དགོངས་པའི་སྐད ་གསལ་བར་བྱེད་པའི་ལེའུ་ལ་ཡང་དེ་སྐད་ཅེས་བྱའོ།། དགྱེས་པའི་རྡོ་རྗེའི་བཀའ་འགྲེལ། རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ལས། རྟོག་པ་གཉིས་པའི་ལེའུ་གསུམ་པ་འགྲིལ་པའོ།། ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ་རྡོ་རྗེ་སྙིང་པོ་ལྀ་སོགས་པ་ཞེས་བྱ་བ་ནི། རྡོ་རྗེ་སྙིང་པོ་སྔོན་དུ་འགྲོ་བའོ།། ཐེ་ཚོམ་དུ་གྱུར་པ་ནི། ཡིད་གཉིས་ཟ་བའོ།། ཅིའི་ཕྱིར་ཐེ་ཚོམ་དུ་འགྱུར་ཞེ་ན། ཐ་མལ་པའི་གླུ་དང་གར་ལ་སོགས་པ་ནི། རྣམ་པར་གཡེང་བའི་ཕྱིར་རོ།། ལྷ་དབང ་བསྐུར་བའི་ཞེས་བྱ་བའི་ལྷ་དབང་བསྐུར་བའི་ལེའུ་ལས། མངོན་པར་དབང་བསྐུར་བར་གྱུར་པ་ནི། ཅོད་པན་ལ་རང་གི་རིགས་ཀྱི་བདག་པོ་བསྒོམ་པར་བྱའོ།། ཞེས་བྱ་བའི་ཐ་ཚིག་གིས་སོ།། ཕྱག་རྒྱ་ཞེས་བྱ་བ་ནི་རྒྱས་བཏབ་པའོ།། གང ་ས་བོན་ཞེས་བྱ་བ་ནི། ལྷ་གང་གི་ས་བོན་གང་ཡིན་པའོ།། འཁྲུལ་པ་ནི་ཡོངས་སུ་མི་ཤེས་པར་བདག་གྱུར་པ་ཞེས་བྱ་བའི་དོན་ཏོ།། ཀོལླ་ཨི་རི་ཞེས་བྱ་བ་ནི། གནས་ཀྱི་ཁྱད་པར་རོ།། མུསྨཱ་ནི་ཞེས་བྱ་བ་ནི་ཞིང་ངོ་།། བོ་ལ་ཀཀྐོ་ལ་ཞེས ་བྱ་བ་ནི། དེས་ཉེ་བར་མཚན་པའི་རྣལ་འབྱོར་དང་། རྣལ་འབྱོར་མ་རྣམས་རིང་ནས་གནས་སུ་ཟིན་ཀྱང་འདུ་བ་ཉིད་མཚོན་པར་བྱའོ།། གྷ་ཎ་ཨ་ཞེས་བྱ་བ་རྒྱན་མི་འཆང་བའོ།། ཀི་པི་ཌ་ཧོ་ཞེས་པ་ནི་ཙང་ཏེའུའོ།། ཀ་རུ་ཎི་ཞེས་བྱ་བ་ནི། ་ཕན་ཚུན་བརྩེ་བ་དང་ལྡན་པའི་བྱ་བས་ཀུ་ཙཽ་མི་བྱེད་པའོ།། རོལླ་ཞེས་བྱ་བ་ནི། འཐབ་རྩོད་དོ།། འོ་ན་དེ་ལྟར་ནི་མི་བྱེད་ཅེ་ན། བཽ་ལ་ཁཛྫཱ་ཞེས་བྱ་བ་ལྀ་སོགས་པ་སྟེ། གཱ་ཌཾ་ཞེས་བྱ་བ་ནི། མཆོག་པ་མེད་པར་ཇི་ལྟར་ཡོད་པ་བཞིན་འཐུང ་བའོ།། ཧ་ལེ་ཞེས་བྱ་བ་ནི། རྣལ་འབྱོར་མ་རྣམོས་ལ་འབོད་པའི།། ཀཽ་ལིཉྫ་ར་ཞེས་བྱ་བ་ནི། དམ་ཚིག་དང་ལྡན་པ་རྣམས་སོ།། དུདྷུ་རེ་ཞེས་བྱ་བ་ནི། དམ་ཚིག་དང་མི་ལྡན་པ་རྣམས་སོ།། ཙ་ཨུ་ས་མ་ཡ་ཞེས་བྱ་བ་ནི། མཉམ་པར་འབྱུང ་བ་རྣམས་སོ།། ཏ་ཧཽ་བྷ་རུ་ཁ་ཨི་ཨོ་ཨི་ཞེས་བྱ་བ་ནི། འདུ་བྱ་བྱས་པ་དེར་ཤིན་ཏུ་ཡང་བཟའ་བར་བྱའོ།། ཤེད་དྷ་ཞེས་བྱ་བ་ནི། ཡོངས་སུ་རྫོགས་པའོ།། ཨ་ཤུད་དྷ་ཞེས་བྱ་བ་ནི། ལས་དང་པཾ་པ་སྟེ། དེ་དོག་མི་ཤེས་པའོ།། ཨ་ག ་ཙ་ཌ་ཝི་ཞེས་བྱ་བ་ནི། ལུས་ལ་གདབས་པར་བྱ་བའོ།། ཏ་ཧིཾ་ཛཾ་ཞེས་བྱ་བ་ནི། དེར་རོ།། ས་རཱ་ཝ་ཞེས་བྱ་བ་ནི། གཞུག་པར་བྱ་བ་ཞེས་བྱ་བའི་དོན་ཏོ།། ཚིགས་སུ་བཅང་པོ་བཞི་པོ་འདི་དག་ནི། རྐང་པ་བཞི་བཞི་དང་ལྡན་པ་ཡིན་ནོ།། ་ཚིགས་སུ་བཅང་བ་བཞི་པོའི་རྗེས་ཐོགས་སུ་འདྲུ་བ་ཀ་ཞེས་བྱ་བ་བསྟབས་ཤིང་བླུར་བླང་བར་བྱའོ།། དེ་ཉིད་གསུངས་པ་མ་ལ་ཨ་ཙེ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ།། ཀོལླ་ཨི་རེ་ཞེས་བྱ་བ་ནི་མགོའོ།། བོ་ལཱ་ཞེས་བྱ ་བ་ནི། དེར་གནས་པའི་ཡི་གེ་ཧཾ་ངོ་།། མུམྨ་ན་ཞེས་བྱ་བ་ནི་ལྟེ་བའོ།། ཀཀྐོ་ལཱི་ཞེས་བྱ་བོ་ནི། ཡི་གེ་ཨཾ་ངོ་།། དེ་གཉིས་ཀྱི་རྣལ་འབྱོར་ནི། གྷ་ཎ་སྟེ། རྒྱུན་མི་འཆང་པོའོ།། ཀྲྀ་པི་ཊཱ་ནི་མི་ཤིགས་པའི་སྒྲའོ།། བཱཛྙོ་ཞེས་བྱ་བ་ནི། དེ་ཀུན་ཏུ ་འབྱུང་ངོ་།། ཀཱ་རུ་ཎི་ཞེས་བྱ་བ་ནི། རྣལ་འབྱེར་བའོ།། ཀ་ཨ་ཨི་ཞེས་བྱ་བ་ནི་མི་བྱེད་པའོ།། ཎ་རོ་ལ་ཞེས་བྱ་བ་ནི། ཕྱི་རོལ་གྱི་སྙོམས་པར་འཇུག་པ་མི་བྱེད་པའོ།། ཏ་ཧི་བྷ་ལ་ཞེས་བྱ་བ་ནི། བདག་ཉིད་ཀྱི་དངོས་པོའོ།། ཁཛྫ་ཨི་ཞེས་བྱ་བ་ནི ་བདག་ཉིད་མི་དམིགས་པ་རཽ་བྱའོ།། མ་ཨ་ཎཱཾ་པི་ཛ་ཨ་ཨི་ཞེས་བྱ་བ་ནཽ། རྣལ་འབྱོར་ལས་སྐྱེས་པའི་བདེ་བ་ཆེན་པོའི་བཏུང་བ་བཏུང་བར་བྱའོ།། ཀ་ལིཾཉྫ་ཞེས་བྱ་བ་ནི་རླུང་ངོ་།། པོ་ནི་ཨ་ཨི་ཞེས་བྱ་བ་ནི། ནང་དུ་འཇུག་པས་སོ།། དུཾ་དྷུ་ར ་ཞེས་བྱ་བ་ནི། འདོད་ཆགསོ་ལ་སོགས་པའི་ཉོན་མོངས་པའོ།། ཙ་ཨུ་ས་མ་ཞེས་བྱ་བ་ནི། གཟུགས་ཀྱི་ཕུང་པོའོ།། ཀཙྪ་རྀ་ཞེས་བྱ་བ་ནི་ཚོར་བའོ།། སིཧྲྀ་ལ་ཞེས་བྱ་བ་ནི་འདུ་ཤེས་སོ།། ཀོ་པུ་ར་ཞེས་བྱ་བ་ནི། རྣམ་པར་ཤེས་པའོ།། ་ལཱ་ཨཽ་ཨ་ཨི་ཞེས་བྱ་བ་ནི། སྦྱོར་བར་བྱེད་པའོ།། མ་ལ་ཨིནྡྲ་ཎ་ཞེས་བྱ་བ་ནི། འདུ་བྱེད་ཀྱི་ཕུང་པོའོ།། ཐམས་ཅད་ཀྱང་བདག་ཏུ་ང་རྒྱལ་བའི་བདག་ཉིད་ཅན་ནི། ས་ལི་ཛིའོ།། ཏ་ཧཾ་ཞེས་པ་དེར་རྣལ་འབྱོར་པས་བཟའ་བར་བྱ་བ ་སྟེ། རང་བཞིན་མེད་པར་བྱ་བའི་དོན་ཏོ།། ཕྱི་ཁ་ཎཱ་ཁེ་ཊ་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་ཁུ་བ་བདེ་བ་ཆེན་པོ་ནས་འབབ་པ་ནི་ཕྲེཾ་ཁ་ཎ་ཞེས་བྱ་ལ། ཡང་སླར་འཇུག་པ་ནི། ཁེ་ཊ་ཞེས་པའོ།། ཤུད་དྷ་ཨ་ཤུད་དྷཱ་ཞེས་བྱ་བ་ནི། དངོས ་པོ་དང་། དངོས་པོ་མེད་པ་མི་ཤེས་པའི་དོན་ཏོ།། དེ་ཉིད་ཀྱི་ཕྱི་རཽ་ནི་རཾ་སུ་ཞེས་བྱ་བ་ནི། དེ་དང་ཆོས་མཐུན་པའི་ཕྱིར་ནི་རཾ་སུ་སྟེ། ཁུ་བའི་ཐིགས་པའོ།། དེས་ཨོཾ་བྷ་ཞེས་བྱ་བ་ལུས་ཀྱི་ཡན་ལག་རྩ་དག་ལ་དགོད་པར་བྱ་བའོ།། ཏ་ཧ་ཞེས་བྱ ་བ་ནི། དེ་ལྟ་བུའི་སྦྱོར་བས་སོ།། ཆོས་ཐམས་ཅད་བདག་མཽང་མ་ནི་ས་རཱ་ཝའོ།། པ་ཎི་ཨ་ཨི་ཞེས་བྱ་བ་ནི། རྗེས་སུ་འཇུག་པར་བྱ་ཞེས་བྱ་བའི་དོན་ཏོ།། མ་ལ་ཡ་ཛོ་ཞེས་བྱ་བ་ནི། རྩ་རྣམས་འདུས་པའོ།། ཌིནྣི་མ་ཞེས་བྱ་བ་ཆོས ་ཐམས་ཅད་མི་དམིགས་པའི་ཏིང་ངེ་འཛིན་ཏོ།། ཎྜ་བཛྫ་ཨ་ཨི་ཞེས་བྱ་བ་ནི། རང་གིས་ངང་གིས་འཇོག་པར་བྱའོ།། ཞེས་བྱ་བར་དགོངས་པོའོ།། ཧེ་རུ་ཀའི་གཟུགས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། ཧེ་རུ་ཀའི་གཟུགས་ནི། ཧེ་རུ་ཀའི ་ལུས་སོ།། ཇི་ལྟ་བུ་ཞིག་ཅེ་ན། དྲན་པ་མི་འཕྲོགས་རྣལ་འབྱོར་ལསོ་ཞེས་བྱ་བ་སྟེ། ཏིང་ངེ་འཛིན་བརྟན་པས་སོ།། དེ་ཉིད་གསུངས་པ་བསྒོམ་པ་ལ། ཆགས་སེམས་ཀྱིས་ནི་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་ཆོས་ཞེས་བྱ་བ་ནི། པདྨ ་གར་གྱི་དབང་ཕྱུག་གོ། སངས་རྒྱས་ཞེས་བྱ་བ་ནི། རྣམ་པར་སྣང་མཛད་ཀྱི་གཟུགས་སོ།། མ་མོ་ཡིས་ཞེས་བྱ་བ་ནི། བཅོམ་ལྡན་འདས་མ་བདག་མེད་མའོ།། འདི་དག་ཅེས་བྱ་བ་ནི། བསྟན་པའི་མཚན་ཉིད་ཅན་འདི་དོག་གོ། ལེགས ་བར་ཞེས་བྱ་བའི་དོན་ཏོ།། ཚོགས་བསྲུང་ཞེས་བྱ་བ་ནི། ཚོགས་ཀྱི་འཁོར་ལོ་བསྲུང་བའོ།། དབང་བྱེད་ཅེས་བྱ་བ་ནི། དབང་དུ་འགྱུར་བྱའོ།། འདིས་ནི་ཞེས་བྱ་བ་ནི། འདིས་སྔགས་བཟླས་པ་ཡང ་བྱས་པར་འགྱུར་རོ།། དྲི་ནི་ཞེས་བྱ་བོ་ནི། དྲི་ཉིད་དོ།། གྲུའི་བྱིན་རླབས་ཀྱིས་རྣལ་འབྱོར་མ་རྣམས་དེར་མཚོན་པར་བྱ་བ་སྟེ། མཚོན་མའོ།། སྒྲ་ཞེས་བྱ་བ་ནི། ཀུ་རོ་སྟེ། ངང་བ་ལ་སོགས་པའོ།། གླུའི་བྱིན་རླབས་ཀྱིས་མཐའ ་ནས་ཐོབ་པར་འགྱུར་རོ།། བ་ལོང་འཚོ་ཞེས་བྱ་བ་ནི། ལྕེ་སྦྱང་ངོ་།། ཕྱི་རོལ་ཚལོ་དུའང་ཞེས་པའང་གི་སྒྲས་ནི་ན་མཁའ་ཡང་བསྡུའོ།། འདིས་ནི་གླུ་དང་། གཱར་ཞེས་བྱ་བ་དྲིས་པའི་ལན་བསྟན་པ་ཡིན་ནོ།། དྲིས་པ་གཉིས ་པའི་ལན་བསྟན་པའི་ཕྱིར། ཕྱག་རྒྱ་ཞེས་བྱ་བོ་ལ་སོགས་པ་གསུངས་ཏེ། ཕྱག་རྒྱ་དང་། རྟགས་དང་། མཚན་མ་ཞེས་བྱ་བ་ནི། རྣམ་གྲངས་སོ།། ཕྱག་རྒྱ་འདིས་མཚོན་པར་བྱ་སྟེ། རབ་ཏུ་རྟོགས་པར་བྱའོ།། འདི་དག ་གིས་ཅིར་འགྱུར་ཞེ་ན། རིགས་འཚལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་སྒོམ་པར་བྱེད་པ་ན། རིགས་གཞན་གྱི་རྒྱས་བཏབ་པར་གྱུར་ན། སྒྲུབ་པ་པོས་དངོས་གྲུབ་འགྲུབ་པར་མི་འགྱུར་གྱིས། དམ ་ཚིག་ཉམས་པར་གྱུར་པས། དེའི་ཕྱིར་རིགས་ཡོངས་སུ་ཤེས་པར་བྱ་བ་ལ་འབད་པར་བྱའོ།། ཞེས་བྱ་བར་དགོངས་པའོ།། བདག་མེད་མ་ཞེས་བྱ་བ་ལ་སོགས་པ་ཞེ་སྡང་ནི་མི་བི་སྐྱོད་པའོ།། གཏི་མུག་ནི་རྣམ་པར་སྣང ་མཛད་དོ།། ཕྲ་མ་ནི་རིན་ཆེན་འབྱུང་ལྡན་ནོ།། ཆགས་པ་ནི་སྣང་བ་མཐའ་ཡས་སོ།། ཕྱག་དོག་ནི་དོན་ཡོད་གྲུབ་པའོ།། པུཀྐ་སཱི་ཞེས་བྱ་བ་ལ་སོགས་པ་ལ། པུཀྐ་སཱི་དང་། ཤ་བ་རཱི་དང་། ཙཎྜ་ལཱི་དང་། ཌོམྦི་ནི་རྣམས་ལ་ཞེ ་སྡང་དང་། གཏི་མུག་དང་། ཕྲ་མ་དང་། འདོད་ཆགས་རྣམས་ཀྱིས་སོ།། ཡང་ནི་གཽ་རཱི་ཞེས་བྱ་བ་ནི་སྐྱོང་མ་སྟེ། གཽ་རཱི་དང་། ཙཽ་རཱྀ་དང་། བེཏྟཱ་ལཱི་དང་། གྷསྨ་རཱི་རྣམས་ལ། ཞེ་སྡང་དང་། ཕྲ་མེ་དང་། གཏི་མུག་དང་། འདོད ་ཚིགས་རྣམས་ཀྱི་རིམ་བཞིན་ནོ།། གཏི་མུག་གིས་ནི་ས་སྦྱོད་མའོ།། འདོད་ཆགས་ཀྱིས་ནི་མཁའ་སྤྱོད་མའོ།། འདོད་པས་ཤེས་བྱ་བ་ནི། གུས་པ་ཤེས་ནས་སོ།། དྲིས་པ་གསུམ་པའི་ལན་བསྟན་པའི་ཕྱིར། ཨཱ་ལི་ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། ཨཱ་ལ་དང་པོ་ནི་ཡི་གེ་ཨའོ།། བདག་མེད་མ་ཞེས་བྱ་བ་ནི། བདག་མེད་མའི་ས་བོན་ནོ།། བཞི་པོའི་ལན་བསྟན་པའི་ཕྱིར། རིགས་ཀྱི་ལེའུ་ལས། ཞེས་བྱ་བ་ལ་སོགས་པོ་གསུངས་ཏེ། གསུངས ་ཞེས་བྱ་བ་ནི་བསྟན་པའོ།། བཅུ་དྲུག་གཉིས་ཞེས་བྱ་བ་ནི། སུམ་ཅུ་རྩ་གཉིས་ཏོ། རྩ་གཉིས་གཉིས་ལ་རྣལ་འབྱོར་མ་རེ་རེའོ།། རིམ་པ་བཞིན་ཞེས་བྱ་བ་ནི། རིམ་པ་ཇི་ལྟ་བ་བཞིན་དུའོ།། ལ་ལས་ར་ས་ཞེས་བྱ་བ་ལ་སོགས་པའི ་རྩ་གསུམ་ནི། བདག་མེད་རྣལ་འབྱོར་མ་ཞེས་བརྗོད་པ་སྟེ། རྣལ་འབྱོར་མ་བཅོ་ལྔར་དོན་གྱིས་བསྟན་པར་འགྱུར་ཏེ། གེ་ཧ་དང་། ཙནྟི་ཀ་དང་། མ་རོ་ད་རི་ཀ་ནི་མཁའ་སྤྱོད་རྣལ་འབྱོར་མའོ།། གལ་ཏེ་སུམ་ཅུ་རྩ་གཉིས་ཀྱི་ཕྱེད་ནི ་བཅུ་དྲུག་ཏུ་འགྱུར་བ་ཡིན་ན། ཇི་ལྟར་རྣལ་འབྱོར་མ་བཅོ་ལྔར་འགྱུར་ཞེ་ན། དེའི་ཕྱིར་འབང་བ་ཀུན་གྱིས་ལྷག་མ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་གྱི་ཐ་མའི་ཆ་སྤང་བར་བྱ་སྟེ། ་འདི་ནི་རྣལ་འབྱོར་མའི་ངོ་བོ་ཉིད་མ་ཡིན་ནོ།། ཞེས་བྱ་བའི་དོན་ཏོ།། དེ་ཇི་ལྟར་ཞེ་ན། གང་ཕྱིར་བཅུ་དྲུག་ཆ་མེདོ་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་མི་བྱེད་པས་ནི། དོན་གྱི་བྱ་བ་མི་བྱེད་པ་སྟེ། དེ་ཡང་དཀར ་པོའི་ཕྱོགས་ཀྱི་ཚེས་གྲངས་བཅོ་ལྔས་ཟླ་བའི་ཆ་སྣང་བ་འཕེལ་བའི་དོན་མཚོན་པའི་བྱ་བ་བྱེད་ཀྱི། བཅུ་དྲུག་པས་ནི་མ་ཡིན་ཏོ། དེ་ནི་འགྲིབ་པའི་རྒྱུར་གྱུར་པའི་ཕྱིར་རོ།། དེའི་ཕྱིར་འབད་པོས་སྤང་བར་བྱའོ།། དེས་ཅི་འགྱུར ་ཞེ་ན། བྱང་ཆུབ་སེམས་སུ་འགྱུར་ཞེས་བྱ་བ་ལ་སོགས་པ་དང་། ག་བུར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅེས་ཞེས་བྱ་བ་ནི། རྣམ་པར་བརྟོག་པའོ།། མི་སྤོང་ཞེས་བྱ་བ་ནི། ཅིས་ཀྱང་སྤང་བར་བྱ་བ་མ་ཡིན་པའོ།། རྣམ ་འབྱོར་མ་ཀུན་ཞེས་བྱ་བ་ནི། རྩ་ཐམས་ཅད་ལས་བྱུང་བའོ།། ལྷན་ཅིག་སྐྱེས་དགའི་རང་བཞིན་ཞེས་བྱ་བ་ནི། ལྷན་ཅིག་སྐྱེས་པའི་དགའ་བའི་རྒྱུར་གྱུར་པའོ།། ཡང་དང་ཡང་འབྱུང་བས་འགྲིབ་མེད་ཅེས་བྱ་བའོ།། ལུས་ཐམས ་ཅོད་ལ་གནས་པའི་ཕྱིར་ཁྱད་པའོ།། ན་མཁའ་ཞེས་བྱ་བ་ནི། སྐྱེ་གནས་ཏེ། འགྲོ་བར་གྱུར་པས་ནི་མཁའོ།། ཇི་སྐད་སྤྲོས་པ་དེ་བཞིན་ཞེས་བྱ་བ་ནི། བཏང་བར་བྱ་བ་མ་ཡིན་པ་ཉིད་དོ།། ཞེས་བྱ་བའི་དོན་ཏོ།། དཀྱིལ ་འཁོར་འཁོར་ལོ་སོགས་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི། རྣལ་འབྱོར་མ་གཞན་ཡང་བསྒོམ་པར་བསྟན་པའོ།། རང་བྱིན་གྱིས་བརླབས་པ་ནི། རྫོགས་པའི་རིམ་པའི་སྒོམ་པའི་མཱན་ངག་གོ།། གང་དུ་བསྐྱེད་པར་བྱ་ཞེ་ན། བུད ་མེད་པདྨ་བདེ་བ་ཅན་ཞེས་བྱ་བ་གསུངས་ཏེ། ཅིའི་ཕྱིར་བདེ་བ་ཅན་ཞེས་བྱ་ཞེ་ན། བདེ་བ་བསྲུང་བ་ཉིད་ཀྱི་ཕྱིར་ཞེས་བྱ་བ་གསུངས་སོ།། གལ་ཏེ་འདི་དག་ཐམས་ཅད་མོས་པ་ཙམ་ཡིན་པས། འདི་དགེ་ནི་འཁོར་པོ་ཉིད་ཡིན་ལ། ་བདག་ནི་ཐར་པ་འདོད་པ་ཡིན་ནོ་ཞེ་ན། དེའི་ཕྱིར་འདི་ཉིད་འཁོར་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁོར་བ་ལས་མྱ་ངན་འདས་པ་ཞེས་བྱ་བར་རྟོགས་པར་བྱ་བའི་ཡུལ་གཞན་མ་ཡིན་ནོ།། ཞེས་བྱ་བར་དགོངས་པའོ།། ་འདི་རྣམས་ཞེས་བྱ་བ་ལ་སོགས་པ་ལ། རང་གི་མཚན་ཉིད་འཛིན་པས་ཆོས་སོ།། དོན་དམ་པ་ཉིད་ནི། མྱ་ངན་ལས་འདས་པ་སྟེ། ཀུན་གྱི་ཡང་དག་པའི་མཐའ་ནི། ཆོས་ཉིད་ཡིན་པའི་ཕྱིར་རོ།། གལ་ཏེ་འདི་དག་མྱ་ངན་ལས ་འདས་པ་ཡིན་ན། འཁོར་བ་གང་ཡིན་ཞེ་ན། འདི་དག་ཉིད་རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཉིད་ཙོས་བྱ་བ་གསུངས་ཏེ། རྨོངས་པ་ནི་མི་ཤེས་པ་སྟེ། རང་གི་ངོ་བོ་མ་རྟོགས་པའི་ཕྱིར་རོ།། རྨོངས་མེད་ཅེས་བྱ་བ་ནི། བླ ་མ་ལས་མན་ངག་ཐོབ་པའོ།། འཁོར་བར་གནས་པས་ན་འཁོར་བའོ།། དག་པ་ཞེས་བྱ་བ་ནི། སྔར་བསྟན་པའོ།། མྱ་ངན་ལས་འདས་པར་འགྱུར་ཞེས་བྱ་བ་ནི། མྱ་ངན་ལས་འདས་པ་དོང་འདྲ་བར་འགྱུར་བའོ།། ཇི་ལྟར་ཞེ ་ན། བྱང་ཆུབ་སེམས་ནི་མྱ་ངན་འདས།། ཀུན་རྫོབ་དོན་དམ་ཚུལ་ཅན་ནོ།། ཞེས་བྱ་བ་མྱ་ངན་ལས་འདས་པ་ནི། བདེ་བ་ཆེན་པོའི་ང་བ་ཉིད་ཀུན་རྫོབ་ནི། ཀུན་དང་འདྲ་སྟེ། ལོངས་སྤྱོད་རྫོགས་པའི་མཚན ་ཉིད་ཅན་ནོ།། འདི་དག་གིས་ག་པུར་ཅིས་ཀྱང་མི་སྤོང་ཞེས་བྱ་བའི་འཕྲོས་པ་རྫོགས་པར་བསྟན་པ་ཡིན་ཞིང་། དེའི་ཐབས་ཀྱང་བསྟན་པ་ཡིན་ནོ།། དེ་ནི་ཀུན་རྫོབ་འབྱུང་བར་འགྱུར་བར་བསྟན་པའི་ཕྱིར། ཤིན་ཏུ་བཞིན་བཟངས ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྲག་དང་། ཁུ་བ་བྱུང་བའི་ཞེས་བྱ་བ་ནི། གསང་བའི་དབང་ལ་སོགས་པས། དབང་བསྐུར་བའོ།། བརྟུལ་ཞུགས་ཅན་ནི་སྒྲིབ་པའོ།། བློའི་སྟོབས་ཞེས་བྱ་བ་ནི། འཕེལ་བར་བྱེད་པའི་ཕྱིར ་རོ།། འདིས་ནི་ག་པུར་ངེས་པར་མི་སྤང་ཞིང་ཞེས་བྱ་བ་རྫོགས་པ་ཡིན་ནོ།། ད་ནི་དོན་དམ་པའི་ངོ་བོའི་ག་བུར་གྱི་ངོ་བོ་འབྱུང་བའི་རིམ་པ་བསྟན་པའི་ཕྱིཪྵ། ག་པུར་ཉིད་ནི་ཞེས་བྱ་བ་ལ་སོགས་པོ་གསུངས་ཏེ། བདག་མེད་མ་ཞོས ་བྱ་བ་ནི། དངོས་པོ་མེད་པའོ།། ཅིའི་ཕྱིར་ཞེ་ན། བདེ་བ་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། རྒྱུ་གང་གི་ཕྱིར་བདེ་བ་ནི། བདེ་བ་ཆེན་པོའོ།། དེ་ནི་བདག་མེད་པའི་ཚུལ་ཙན་ཞེས་བྱ་བ་དངོས་པོ་མེང་པའི་ཚུལ་ཅན་ཞེས་བྱ་བའི ་དོན་ཏོ།། དེའི་ཞེས་བྱ་བ་ནི། བདག་མེད་པའིའོ།། བདེ་བ་ནི་ཐོབ་པར་འགྱུར་བའི་རྒྱུ་མཚན་ནོ།། དེ་ཅི་ཞིག་ཅེ་ན། ཕྱག་རྒྱ་ཆེ་ཞེས་བྱ་བ་གསུངས་ཏེ། ཕྱག་རྒྱའི་མཆོག་དང་། ནང་གི་བདག་ཉིད་ཅན་ཞེས་བྱ་བའི་བར་དུའོ།། ་དེ་གང་ན་གནས་ཤེ་ན། ལྟེ་བའི་དཀྱིལ་འཁོར་ཉིད་དུ་གནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྟེ་བའི་དཀྱིལ་འཁོར་ནི། སྤྲུལ་པའི་འཁོར་མའ།། དེ་གློར་ཞེས་བྱ་བ་ནི། ཤེས་རབ་སྟེ། ལས་ཀྱི་ཕྱག་རྒྱ་ལ་བལྟོས་ནས ་ཁྱད་པར་ཅན་གྱི་ཡེ་ཤེས་སྐྱེ་བར་འགྱུར་བའི་ཕྱིར་རོ།། དེ་ནི་རིང་མི་ནོ་ཞེས་བྱ་བ་ལ་སོགས་པས་ནི། སྤྲོས་པ་ཐམས་ཅད་ལས་འདས་པའི་ཕྱིར་རོ།། དེ་ལས་ཞེས་བྱ་བ་ལ་སོགས་པ་ལ། སྐྱེ་བ་ནི་རྣལ་འབྱོར་པ་ཉིད་དོ།། བདེ་བ ་བཟའ་བ་ཉིད་ཅེས་བྱ་བ་ནི། གོམས་པར་བྱེད་པའི་དུས་སུའོ།། དེ་དང་ལྷོན་ཅིག་ཅེས་བྱ་བ་ནི། གང་ཡང་བསྐྱེད་པའི་རིམ་པའི་ཕྱོགས་ལ་ནི། དེ་ཉིད་ཕྱག་རྒྱའོ།། དེ་ཉིད་ལྷན་ཅིག་སྐྱེས་ཞེས་བྱ་བ་ནི། དེ་རབ་ཏུ་སྒྲུབ་པའི ་རྒྱུར་གྱུར་པའི་ཕྱིར་རོ།། ལྷའི་རྣལ་འབྱོར་མོ་ཞེས་བྱ་བ་ནི། བདག་མེད་མའོ།། དེ་ཉིད་དཀྱིལ་འཁོར་འཁོར་ལོ་ཞེས་པ་ནི། རྩ་ཐམས་ཅད་འདུས་པའི་ཚོགས་ཅན་ཡིན་པའི་ཕྱིར་རོ།། དེ་ཉིད་དཀྱིལ་འཁོར་གྱི་བདག་པོ་ཞེས ་བྱི་བ་ནི། དེ་ཉིད་བདག་མེད་མ་དཀྱིལ་འཁོར་གྱི་ངོ་བོ་ཉིད་ཡིན་པ་འབའ་ཞིག་ཏུ་མ་ཟུད་ཀྱི། དེ་ནི་བདག་ཉིད་ཀྱི་དཀྱིལ་འཁོར་གྱི་བདག་པོ་ཡང་དེ་ཉིད་ཡིན་ནོ།། ཞེས་བྱ་བའི་དོན་ཏོ།། དེ་ཉིད་བདག་མེད་ཅེས་བྱ་བ་ལ། ་ངའི་དེ་ཁོ་ན་ཉིད་ཅི་ཞིག་ཅེ་ན། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་བྱ་བ་གསུངས་ཏེ། འདི་ནི་དྲིས་པ་ལྔའི་ལན་ནོ།། རྡོ་རྗེ་སྙིང་པོས་གསོལ་པ། ཞེས་བྱ་བ་ཅི་ཞིག་གསོལ་ཞེ་ན། སྡོམ་པའི་དོན་ཏོ།། རྣལ་འབྱོར་མ་ལུས་དབུས ་གནས་སུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། ལུས་ཀྱི་དབུས་ནི་ལྟེ་བའོ།། ཨའི་རྣམ་པ་ཞེས་བྱ་བ་ནི། དབྱངས་ཡིག་དང་པོའོ།། གནས་ཞེས་བྱ་བ་ནི། རྟག་ཏུ་གནས་པ་ཉིད་དོ།། སྡོམ ་པའི་དོན་བསྟན་པའི་ཕྱིར། ཇི་ལྟར་ཕྱི་རོལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ཕྱི་རོལ་གྱི་བདག་མེད་མ་བསྒོམ་པོ་དེ་བཞིན་དུ་ཞེས་བྱ་བའི་དོན་ཏོ།། དེ་ལས་དམན་པ་མ་ཡིན་ནོ།། ཞེས་བྱ་བའི་དོན་ཏོ།། ལུས ་སུ་བསྡུས་པའི་ཕྱིར། སྡོམ་པའོ་ཞེས་བྱ་བར་དགོངས་པའོ།། དེ་ཡང་འདིར་བདག་མེད་མ་འི་དཀྱིལ་འཁོར་ཇི་ལྟ་བ་དེ་བཞིན་དུ་ལྟེ་བར་གནས་པའི་ཡི་གེ་ཨ་ཡང་ཡིན་ནོ།། ཇི་ལྟར་ལྟེ་བ་ན་གནས་པའི་ཡི་གེ་ཨ་བདག ་མིང་མའི་སྦོམ་པོ་ཡིན་པ་ལྟར། རྡོ་རྗེ་སྐྱེ་མཆེད་ཅེས་བྱ་བ་ཡི་གེ་ཧཱུཾ་ཡང་ངོ་།། ཐབས་ཉིད་ཀྱིས་ཞེས་བྱ་བ་ཐབས་དགྱེས་པའི་རྡོ་རྗེ་ཐུགས་ཀ་ན་གནས་པའི་སྡོམ་པ་ཡིན་ནོ།། ཞེས་བྱ་བར་དགོངས་པའོ།། དེས་ཅིར་འགྱུར ་ཞེ་ན། རྡོ་རྗེའི་བདེ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡི་གེ་དེ་གཉིས་རྡོ་རྗེ་རྩེ་མོར་ཕྱིན་པའི་བོ་བ་ནི། ཕྱག་རྒྱ་ཆེན་པོའི་སྐུ་འགྲུབ་པའི་རྒྱུར་གྱུར་པ་ཡིན་པའི་ཕྱག་རྒྱ་ཆེན་པོ་ཞེས་བྱ་བར་དགོངས་པའོ།། འདིས ་ནི་ཞེས་བྱ་བ་ལ་སོགས་པ་ལ། གསང་བའི་སྙོམས་འཇུག་ནི། ནང་གི་བདག་ཉིད་ཅན་གྱི་སྙོམས་པར་འཇུག་པའོ།། འདི་ལ་དཔེ་ཅི་ཞིག་ཡོད་ཅེ་ན། ཕྱི་རོལ་གཉིས་ཀྱི་གཉིས་ཞེས་བྱ་བ་གསུངས་ཏེ། བདག་མེད་མ་དང ་ཧེ་རུ་ཀའི་སྙོམས་པར་འཇུག་པའོ།། སྐུ་གསུམ་ཞེས་བྱ་བཱ་ལ་སོགས་པ་ལ། སངས་རྒྱས་རྣམས་ཀྱི་སྐུ་གསུམ་ནི་སྐུ་གསུམ་མོ།། དེ་རྣལ་འབྱོར་མའི་ལུས་ཀྱི་ནང་དུ་གནས་པར་བརྗོད་པར་བྱའོ།། གསུམ་ཡོངས་སུ་ཤེས་པ་ནི། ་མཉམ་པ་ཉིད་དུ་ཤེས་པའི་ངོ་བོ་ཉིད་དུ་ཤེས་པའི་ངོ་བོ་ཉིད་ཀྱི་སྐུ་ཡིན་ཏེ། བདེ་བ་ཆེན་པོའི་འཁོར་ལོ་ཞེས་བྱ་བའི་དོན་ཏེ། སྐུ་གསུམ་སྡོམ་པའི་གཟུགས་བདེ་བ་ཆེན་པོའི་འཁོར་ལོའི་རྣམ་པར་བསྟན་པ་ཡིན་ནོ།། ཞེས་བྱ ་བའི་ཐ་ཚིག་གོ། འཁོར་ལོ་རྣམས་ཀྱི་མིང་བསྟན་པའི་ཕྱིར། ཆོས་དང་། ལོངས་སྤྱོད་ཅེས་བྱ་བ་ལ་སོགས་པོ་གསུངས་ཏེ། སྐྱེ་གནས་ཞེས་བྱ་བ་ནི། ལྟེ་བའི་འོག་གི་ཡུལ་ལོ།། སྐུ་གསུམ་ཞེས་བྱ་བ་ནི། ཡོངས་སུ ་ཤེས་པ་ཞེས་བྱ་བའི་དོན་ཏོ།། ལུས་ཀྱི་གནས་དང་འབྲེལ་བའི་གནས་ཀྱི་རིགས་པ་བསྟོན་པའི་ཕྱིར། མ་ལུས་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ལ་ཞེས་བྱ་བ་ནི། སྐྱེ་གནས་སོ།། བརྗོད་བྱ་ཞེས་བྱ་བ་ནི། རབ ་ཏུ་བསྟན་པར་བྱ་བའོ།། དེ་ལ་ཞེས་བྱ་བ་ནི་འགྱུར་པའོ།། སྤྲུལ་པར་བྱེད་པའི་ཆོས་མཐུན་པ་ཡོད་པས་སྤྲུལ་པའོ།། གཞོན་ཡང་སངས་རྒྱས་རྣམས་འཁོར་བ་ཇི་སྲིད་ཀྱི་བར་དུ་སྒྲོལ་པའི་སྐུས་བཞུགས་པས། དེའི་གནས ་བརྟན་པའོ།། དེའི་ཕྱིར་གནས་པར་གྱུར་པ་ཉིད་ཀྱི་ཆོས་མཐུན་པ་ཡོང་པོས། སྐྱེ་གནས་ཀྱང་གནས་བརྟན་ཞེས་བྱའོ།། དེས་ན་གང་གི་ཕྱིར། གང་གི་བསྐྱེད་དང་། ཞེས་བྱ་བ་གསུངས་སོ།། ཆོས་ཀྱི་ཞེས་བྱ་བ་ནི། ཆོས ་ཐམས་ཅད་ནི་སེམས་ཙམ་མོ།། དེའི་ཕྱིར་ཆོས་སྐུའི་གནས་ནི་སེམས་ཏེ། གནས་ཡིན་པའི་ཕྱིར་རོ།། བཟའ་བ་ངེས་པར་ལོངས་སྤྱོད་ཅེས་བྱ་བ་ལ། བཟའ་བ་ཉེ་བར་སྤྱོད་པར་བྱེད་པའོ།། རོ་རྣམས་ཞེས ་བྱ་བ་ནི། མགྲིན་པར་ཞེས་བྱ་བ་དང་སྦྱར་བར་བྱའོ།། ལོངས་སྤྱོད་པར་མཚུངས་པས། དེ་ལ་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱའོ།། ཡང་ལོངས་སྤྱོད་རྫོགས་པའི་སྐུ་གང་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གསང ་བོའི་ཆོས་སྟོན་པའོ།། བདེ་བ་ཆེན་པོ་ཞེས་བྱ་བ་ནི། བདེ་བ་ཆེན་པོའི་སྐུའོ།། སྤྱི་བོར་ཞེས་བྱ་པོ་ནི། མགོ་ལ་གནས་པོའོ།། དེ་ལྟར་འཁོར་ལོ་བཞི་ཇི་ལྟར་ལུསེ་རྣམས་བསྡུས་པ་དེ་བཞིན་དུ་འབྲས་བུ་རྣམས་དང་། སྡེ ་པ་རྣམས་ཀྱང་བསྡུས་པ་ཡིན་ནོ།། ཞེས་རབ་ཏུ་བསྒྲུབ་པའི་ཕྱིར། ཨེ་བཾ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨེ་བཾ་རྣམ་པ་ཞེས་བྱ་བ་ནི། སྐྱེ་གནས་ཀྱི་འཁོར་ལོའོ།། དཱར་ཅི་ཞིག་ཅེ་ན། རྒྱུ་མཐུན་ཉིད་ཅེས་བྱ་བ་གསུང ་ཏེ། འབྲས་བུའོ།། ཆོས་ཀྱི་འཁོར་ལོ་ནི་རྣམ་པར་སྨིན་པོའི་འབྲས་བུའོ།། ལོངས་སྤྱོད་ཀྱི་འཁོར་ལོ་ནི། སྐྱེས་བུ་བྱེད་པའི་འབྲས་བུའོ།། བདེ་བ་ཆེན་པོའི་འཁོར་ལོ་ནི། དྲི་མ་མེད་པའི་འབྲས་བུའོ།། ཞེས་བྱ་བའི་དོན ་ཏོ།། སུ་ཞིག་ནི་ལས་ཀྱི་འབྲས་བུ་ལ་སྤྱོད་པར་འགྱུར། སུ་ཞིག་ནི་སྦྱིན་པར་འགྱུར་ཞེ་ནི། ལས་ལ་བཅོམ་ལྡན་འདས་ཤེས་རབ་སྤྱོད་ཅེས་བྱ་བ་གསུངས་ཏེ། ལས་ཀྱི་འབྲས་བུ་ནི། ལས་ཞེས་བྱ་སྟེ། དེ་ལ་སྤྱོད་པ་ནི། ཤེས ་རབ་ཉིད་ཡིན་གྱི། བདག་ལ་སོགས་པ་གཞན་ནི་མ་ཡིན་ནོ།། ལས་ཀྱི་རླུང་ནི་ལས་ཀྱི་དབང་ངོ་།། དེ་ཡང་ལས་ཉིད་ཡིན་གྱི། གཞན་པ་ངག་དང་། དབང་ཕྱུག་ལ་སོགས་པ་མ་ཡིན་ནོ།། རྒྱུ་མཐུན་པའི་ལས་ལ་སོགས ་པའི་མཚན་ཉིད་ཇི་ལྟར་ཤེས་པར་བྱ་ཞེ་ན། ཇི་ལྟར་བྱས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལས་ཀྱི་ཕྱག་རྒྱ་དང་། སྤྲོས་པ་བསྒོམ་པའི་མཚན་ཉིད་ཅན་གྱིས་དེ་དང་རྗེས་སུ་མཐུན་པའི་སྤྲོས་པའི་སྤྱོད་པའི་འཆང་པར ་འགྱུར་བའི་སྤྲོ་བ་དང་། བསྡུ་བ་ལ་སོགས་པས། ཇི་ལྟར་བདག་ཉིད་རྡོ་རྗེ་འཆང་གི་སྐྲ་འགྲོ་བའི་དོན་ལ་སོགས་པ་མཛད་པའོ།། དེ་བཞིན་སྤྱོད་ཅེས་བྱ་བ་ནི། འཐོབ་པའོ།། རྒྱུ་མཐུན་ཞེས་བྱ་བ་ནི། རབ་ཏུ་བསྒྲགས ་ཞེས་བྱ་བ་ནི་བསྟན་པ་སྟེ། རྒྱུ་མཐུན་རྒྱུ་དང་འདྲ་བའི་ཕྱིར། ཞེས་བྱ་བའི་ཚིག་གིས་སོ།། རྣམ་པར་སྨིན་པ་ཞེས་བྱ་བ་ནི། དེ་ལས་བཟློག་པ་སྟེ། འདྲ་བ་ལས་བཟློག་པའོ།། མཚན་ཉིད་འདི་དང་བྲལ་བ་ཆོས་ཀྱི་ཕྱག ་རྒྱལ་ཡོད་དེ། དེ་ཡང་ཆོས་ཀྱི་ཕྱག་རྒྱ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྤྲོས་པ་མེད་པའི་སྤྱོད་པ་ལ་གནས་པ་ནི། ལས་ཆུང་ཡང་འབྲས་བུ་ཆེན་པོ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའོ།། ཕྱག་རྒྱ་ཆེན་པོ་ནི་ཡང་ལོངས་སྤྱོད་ལ་སྟེ།། ་སྐྱེས་བུ་བྱེད་པའི་འབྲས་བུའོ།། དེ་ཡང་ཤི་རིན་ཏུ་སྤྲོས་པ་མེད་པའི་སྤྱོད་པས། བདག་ཉིད་ཀྱི་སྐྱེས་བུར་གྱུར་པས། བསྒྲུབས་པའི་འབྲས་བུའོ།། དེའི་ཕྱིར་སྐྱེས་བུ་བྱེད་པའི་འབྲས་བུ་ཞེས་བྱ་སྟེ། བརྩོན་འགྲུས་དམན་པ་རྣམས་ཀྱིས ་དེ་ལ་དབང་བ་མ་ཡིན་པའི་ཕྱིར་རོ།། དྲི་མེད་ཉིད་ཅེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་ཞེས་བྱ་བ་ནི། ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་རོ།། དེའི་དག་པ་ནི་དབང་བསྐུར་བའི་རྗེས་ཐོགས་སུ་ཕྱག་རྒྱ་ཆེན་པོའི ་དངོས་གྲུབ་ཐོབ་པའོ།། དེ་ཡང་བསྐལ་པ་གྲངས་མེད་པ་དཔག་ཏུ་མེད་པ་བསྒོམས་པས། དག་པའི་བློ་དང་ལྡན་པས། དབང་པོ་རོ་བོ་རྣམས་ནི་བསྒོམ་པ་ལ་བལྟོས་མི་དགོས་པར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འཐོབ་སྟེ། འབྲས་བུ་དེ ་ནི་བདེ་བོ་ཆེན་པོའི་འཁོར་ལོ་ལ་གནས་པའོ།། གནས་བརྟན་ཞེས་བྱ་བ་ལ་སོགས་པ། གནས་བརྟན་པ་ཉིད་ཀྱི་སྦྱོར་བ་ཡོད་པས། སྤྲུལ་པའི་འཁོར་ལོ་གནས་བརྟན་པའི་སྡེ་པའོ།། ཐམས་ཅད་ཡོད་དོ།། ཞེས་སྨྲ་བ་འདི་ལ ་ཡོད་པས། ཐམས་ཅད་ཡོད་པར་སྨྲ་བ་སྟེ། སེམས་ཀྱི་འཁོར་ལོ་ཉིད་།། དེ་ཅི་ལྟར་ཞེ་ན། སྨྲ་བས་འབྱུང་བའི་ཕྱིར། ཞེས་བྱ་བ་སྐྱེ་བ་སྟེ། རྒྱུ་ལ་དེ་སྐད་ཅེས་བྱའོ།། ཡང་དག་པར་རིག་པར་སྦྱོར་བས། མང་པོ་བཀུར་བ་ཉིད ་ཅེས་བྱ་སྟེ། རོ་དྲུག་ཡང་དག་པའི་ཕྱིར་རོ།། ཆེན་པོ་ཡང་དེ་ཉིད་ཡིན་ལ། སངས་རྒྱས་ཀྱི་ཆོས་རྣམས་འདུས་པ་ཡད་ཡིན་པའི་ཕྱིར། བདེ་བ་ཆེན་པོའི་འཁོར་ལོ་ནི། དགེ་འདུན་ཕལ་ཆེན་ནོ།། དེ་ཉིད་ཀྱི་ཕྱིར་མགོར་གནས ་པས་ཞེས་བྱ་བ་གསུངས་ཏེ། ཐམས་ཅད་ཀྱི་སྟེང་ན་གནས་པ་ཉིད་དོ།། གང་གིས་ཕྱིར་ཞེས་བྱ་བ་ནི། གང་གི་ཕྱིར་ཞེས་བྱ་བ་སྟེ། དེའི་ཕྱིར་དགེ་འདུན་ཕལ་ཆེན་ཞེས་བྱའོ།། ཞེས་བྱ་བར་དགོངས་པའོ།། ད་ནི་སྡོམ་པའི་ཁྱད ་བཔར་གཞན་བསྟན་པར་བྱ་བའི་ཕྱིར། སྡེ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྡེ་པ་ཞེས་བྱ་བ་ནི། དགེ་སློང་གི་དགེ་འདུན་གྱིའོ།། དེའི་སྡོམ་པ་ནི་རྣལ་འབྱོར་མའི་ལུས་ཏེ། ཚེས་ཐམས་ཅད་ཀྱི་གཞིར་གྱུར་པའི་ཕྱིར་རོ།། ལྟོ་བ་ཞེས་བྱ ་བ་ནི། མའི་མངལ་ལོ།། འདོད་ཆགས་བྲེལ་ཞེས་བྱ་བ་ནི། སྐྱེ་བའི་དུས་ན་སྐྱེ་གནས་དང་ལྡན་པོའི་ཚེ། འདོད་ཆགས་མེད་པའི་ཕྱིར་རོ།། འཁྲུལ་མིན་དྲི་མ་ཙན་མ་ཡིན་པའོ།། སྔགས་འདོན་ཞེས་བྱ་བ་ནི། སྔགས་བརྗོད་པ་དང་ལྡན་བཞིན ་པའོ།། གཅེར་བུ་ཞེས་བྱ་བ་ནི། རྐེང་པ་མ་བཅིངསཽ་པའོ།། འདི་དག་ཅེས་བྱ་བ་ནི། བསྟན་པ་འདི་དག་གོ།། ས་བཅུའི་དབང་ཕྱུག་ཅེས་བྱ་བ་ནི། སྐྱེ་བའི་སྔོན་རོལ་ལོ།། ཚིག་འདི་དག་ཅེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་གསུངས་པ ་སྟེ། སེམས་ཅན་རྣམས་ནི་སངས་རྒྱས་ཉིད་ཅེས་བྱའོ།། ས་དང་ཆ་ཞེས་བྱ་བ~ཾ་ལ་སོགས་པ་ལས་ནི་སྤྲུལ་པའི་འཁོར་ལོའོ།། ཆུ་ནི་ཆོས་ཀྱི་འཁོར་ལོའོ།། རླུང་ནི་བདེ་བ་ཆེན་པོའི་འཁོར་ལོའོ།། བྱིན་ཟ་ནི་ལིངས་སྤྱོད་ཀྱི་འཁོར་ལོ་ཁྱོད ་ཅེས་བྱ་བ་ནི། ཁྱེད་ཉིད་ཅེས་བྱ་བ་སྟེ། སངས་རྒྱས་སྤྱན་དང་། མཱ་མ་ཀྲཱྀ་དང་། ན་བཟའ་དཀར་མོ་དང་། སྒྲོལ་མ་སྟེ། སྣོད་དུ་གྱུར་པ་རྣམས་སོ།། ཀྱཻ་ལྷ་མོ་རྣམས་ཅི་འདི་དག་རྟོགས་པར་མཽ་གྱུར་ཏམ་ཞེས་བྱ་བའོ།། ཀྱེ་དཔལ་མོ ་བདག་མེད་མ་ཁྱོད་ཉིད་བདག་གི་དབང་དུ་གྱུར་པ་ཡིན་ཏེ། ང་ནི་བརྫུན་དུ་སྨྲ་བ་མ་ཡིན་ན། ཅིའི་ཕྱིར་ཁྱེད་བརྒྱལ་བར་གྱུར་ཅེས་བྱ་བའོ།། གལ་ཏེ་གང་གི་ཕྱིར་འདི་ལྟ་བུའི་མཆོག་ཏུ་གསང་བ་བརྗོད་པར་བྱེད་ཅེ་ནི། སྤྲོ་ཡིས་ཉོན་ཞེས ་བྱ་བ་གསུངས་ཏེ། བྷྱོ་ཡིས་ཞེས་བྱ་བ་ནི། རྒྱུས་པར་བྱེད་པའོ།། དེ་ཉིད་ཅེས་བྱ་བ་ནི། དེ་ཁོ་ན་ཉིད་བསྟན་པའོ།། གང་ཞིག་སུས་ཀྱང་མི་ཤེས་པ་ཞེས་བྱ་བ་ནི། དེ་ཁོ་ན་ཉིད་མཆོག་ཏུ་གྱུར་པའི་སྙིང་རྗེས ་ཁྱོད་དེ་ཉིད་དཔེ་དེ་ཁོ་ན་ཉིད་ཀྱི་དོན་འོདི་ལ་རབ་ཏུ་མཁས་པར་བྱ་བའི་ཕྱིར་ཏེ། འོད་ལ་ངོ་མཚར་དུ་གྱུར་པོ་ཅི་ཞིག་ཡོད་ཅེས་བྱ་བར་དགོངས་པའོ།། བཤད་པ་གཅིག་ཡིན་ནོ།། སཽ་དང་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་དང་། པདྨར ་སྦྱོར་བ་ལས་དང་པོ་གཉིས་ཀྱི་སྲ་བའི་ཡེ་ཤེས་ནི་སའི་ཁམས་སོ།། གོ་ཤེར་བ་ཉིད་ཀྱི་ཡེ་ཤེས་ནི་ཆུའི་ཁམས་སོ།། བསྐྱོད་པས་ཡོངས་སུ་སྨིན་པ་ནི་མེའི་ཁམས་སོ།། ཁམས་ཡང་དག་པར་འབྱུང་བ་ནི་རླུང་གི་ཁམས་སོ།། འདི ་དག་ཉིད་ཀྱི་སྣོད་དུ་གྱུར་པ་ནི། ཁྱོད་ཉིད་དེ་སྡེ་པ་བཞི་པོ་གཞན་དང་གཞན་གྱི་ངོ་བོ་ཉིད་དུ་གྱུར་པ་ཉིད་དོ།། བདེ་བ་ཆེན་པོའི་ཡེ་ཤེས་ནི་དཔའ་མོའོ།། དེ་ཉིད་རང་ཉིད་དེ་རྡོ་རྗེ་འཆང་གི་ངོ་བོའོ།། སྒོ་ཡིས་ཞེས་བྱ་བ་ནི། སེམས ་ཅན་རྣམས་ལ་བཤད་པར་བྱའོ།། གང་གི་ཕྱིར་སུས་ཀྱང་མི་ཤེས་པ་དེ་ཁོ་ན་ཉིད་དོ།། དེའི་ཕྱིར་སྲོག་རྙེད་པར་གྱུར་ཏོ།། ཞེས་བྱ་བའོ།། གལ་ཏེ་དེ་ལྟར་སེམས་ཅན་རྣམས་ལ་བསྟན་པར་བྱ་བ་ཡིན་ན། དེ་ལྟ་ན་གོང་དུ་སེམས་ཅན་རྣམས ་སངས་རྒྱས་ཉིད་དུ་ཐེ་ཚོམ་མོད་ཅེས་ཅིའི་ཕྱི་རོ་བསྟན་པར་བཤད་ཅེ་ན། སེམས་ཅན་རྣམས་ནི་སངས་རྒྱས་ཉིད་ཅེས་བྱ་བ་གསུངས་ཏེ། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ།། འོན་ཀྱང་ཞེས་བྱ་བ ་ལ་སོགས་པ་ལ། དེ་དེ་བཞིན་ཏེ། ཞེས་བྱ་བ་ནི། རྣལ་འབྱོར་མ་རྣམས་ཀྱི་ཚིག་གོ།། བདེན་ཏེ་ཞེས་བྱ་བ་ནི། ཁས་ལེན་པའོ།། གལ་ཏེ་དྲི་མས་བསྒྲིབས་པར་གྱུར་པ་ཡིན་ན། འདི་དག་ཐར་པར་ཇི་ལྟར་འགྱུར་ཞེ་ན། བརྒྱལ་བར་འགྱུར་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། བཙནཽ་དུག་ཅེས་བྱ་བ་དུག་ཟོས་པར་གྱུར་པས། འཇིག་རྟེན་བརྒྱལ་བར་གྱུར་པའོ།། དེ་ཉིད་ནི་དེའི་མྱ་ངན་ཡོངས་སུ་གཅོད་པའི་མཆོག་ཡིན་པས། དེ་སྐད་ཅེས་བྱ་བ་སྟེ། འདི་ནི་དཔེ་ཡིན་ནོ།། དཔེས ་བསྟན་པ་བརྗོད་པའི་ཕྱིར། དེ་བཞིན་ཞི་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞི་བ་ཞེས་བྱ་བ་ནི་ཐར་པའོ།། དགྱེས་པའི་རྡོ་རྗེའི་ངལ་སོས་པས་ནི། ཤིན་ཏུ་དབུགས་ཐོན་པའོ།། མ་རིག་པ་ནི་ཉོན་མོངས་པ་ཅན་གྱིས་མི་ཤེས་པའོ།། ་སོགས་པ་ཞེས་བྱ་བའི་སྒྲས་ནི། ཁྲོ་བ་དང་། འདོད་པ་ལ་སོགས་པ་བསྡུའོ།། ཀུན་རྫོབ་ཀྱི་ཆོས་རྣམས་ལ། འདི་བདེན་པ་ལ་མངོན་པར་ཞེན་པ་ནི། རྨོངས་པ་སྟེ། དེ་ཉིད་ནི་འཆིང་བའོ།། གཞན་ཡང་སངས་རྒྱས་མ་ཡིན་ཞེས་བྱ་བ ་ལ་སོགས་པ་ལ། རྟོགས་པ་ལས་ཞེས་བྱ་བ་ནི། ཡང་དག་པར་མྱོང་བ་ཉིད་དོ།། རང་དང་ཞེས་བྱ་བ་ནི། བདག་ཉིད་དོ།། རང་གི་ཞེས་བྱ་བ་ནི། བདེ་བ་ཆེན་པོའི་རང་བཞིན་དུ་ཞེས་བྱ་བའི་དོན་ཏོ།། རང་གི་ངོ་བོ་མཐོང་བ་ཉིད་སྟོང་པ ་ཉིད་མཐོང་བ་སྟེ། དེ་ཉིད་ནི་བྱང་ཆུབ་བོ།། དེ་ཡང་གང་སོ་སོའི་སྐྱོ་བོ་དེ་ཁོ་ན་ཉིད་དེ་ནི་ཐམས་ཙོད་མཁྱེན་པའི་དེ་ཁོ་ན་ཉིད་དོ།། ཞེས་བྱ་བའི་ཚིག་གིས་སངས་རྒྱས་ཉིད་ནི་སེམས་ཅན་ཐམས་ཅད་དོ།། གལ་ཏེ་གང་བླ་ན་མེད་པའི་ཚོར ་བའི་བདེ་བ་དེ་མྦྷ་ལ་སོགས་པ་རྣམས་ནི་ཡོད་པས། སངས་རྒྱས་སུ་གྱུར་དུ་ཆུག་ན། དམྱལ་བ་ལ་སོགས་པ་ལ་ནི། དེ་ལྟ་བུའི་བདེ་བ་འ་ཚར་བ་མེད་པས་མ་ཡིན་ནོ་ཞེ་ན། དམྱལ་བ་ཡི་དགས་ཅེས་བྱ་བ་ལ ་སོགས་པ་གསུངས་ཏེ། རྟག་ཏུ་ཞེས་བྱ་བ་ནི། དུས་ཐམས་ཅད་དུའོ།། གལ་ཏེ་དེ་དག་ལས་དུས་ཐམས་ཅད་དུ་བདེ་བ་གོ་ལ་ཡོད། བདེ་བ་ནི་ཚོགས་པ་ལས་སྐྱེས་པར་འགྱུར་ཞིང་། ཚོགས་པ་ལས་འབྱུང་བར་འགྱུར་ལ། ཚོ་གས་པ་དང ་བྲལ་ན་ནི་མ་ཡིན་ཞེ་ན། རང་བཞིན་བདེ་བ་ཅན་ཞེས་གསུངས་ཏེ། ངོ་བོ་ཉིད་ཀྱི་བདེ་བ་དང་ལྡན་པ་སྟེ། བདེ་བའི་རིགས་སུ་གཅིག་པར་གྱུར་པ་ཞེས་བྱ་བའི་དོན་ཏོ།། གལ་ཏེ་ལྷ་ལ་སོགས་པའི་བདེ་བ་ཇི་ལྟ་བ་དེ་ལྟ་བུ་དམྱལ་བ་ལ་སོགས ་བ་ལ་ནི་མེད་དོ་ཞེ་ན། མེད་དུ་ཟད་དེ་བདེ་བ་གང་ཕྱིར་མི་ཤེས་པས། ལྷ་དང་ལྷ་མིན་མི་རྣམས་ལ།། ཞེས་བྱ་བ་སྟེ། སངས་རྒྱས་རྣམས་ཀྱིས་ནི། ལྷ་དང་། ལྷ་མ་ཡིན་ལ་སོགས་པའི་བདེ་བ་ལ། བདེ་བའི་ངོ་བོ་ཉིད་མི་གཟིགས་ཏེ། མི ་རྟརྟག་པའི་ཕྱིར་དང་། ཟག་པ་དང་བཅས་པའི་ཕྱི་སྡུག་པ་མཉམ་དུ་དགོངས་སོ།། དེ་ལྟ་བས་ན། བདེ་བ་ཆེན་པོ་ཉིད་བདེ་བ་ཡིན་ལ། དེ་ཡང་ཐམས་ཅད་ཀྱི་རང་བཞིན་གྱི་ངོ་བོ་ཉིད་དུ་གྱུར་པར་མཉམ་པ་ཡིན་ནོ།། སངས་རྒྱས་གཞན་དུ ་རྙེང་མི་འགྱུར།། ཞེས་བྱ་བ་ནི། རིགས་པའི་ཁྱད་པར་གཞན་དུ་གསུངས་པ་ཡིན་ཏེ། གཞན་དུ་ཞེས་བྱ་བ་ནི། བསྟན་པའི་མཚན་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་ལས་གཞན་དུའོ།། སེམས་ནི་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས ་སོ།། གཞན་དུ་བསྟན་པ་མེད་ཅེས་བྱ་བ་ནི་སྒྲུབ་ཏུ་མེད་པའོ།། གདོལ་པ་ཞེས་བྱ་བ་ལ་སོགས་པས་ནི། རྒྱུད་ཀྱི་ཆེ་བའི་བདག་ཉིད་སྟོན་པར་བྱེད་དོ།། བསོད་དོན་ཞེས་བྱ་བ་ལ། བསོད་པ་ཉིད་དོན་ཐོབ་པར་བྱ་བའི་ཆེད་དུ་བྱེད་པ་ཉིད་དེ། ་དོན་ངེས་ཚོར་བར་སེམས་པའོ།། དགྱེས་པའི་རྡོ་རྗེ་ཤེས་ན་ཞེས་བྱ་བ་ལ། ཧཱུ~ཾ་ཞེས་བྱ་བ་ནི། སྙིང་རྗེ་ཆེན་པོའོ།། བཛྲ་ནི་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་དོ།། ཤེས་པོ་ནི་བཤད་མ་ཐག་པའི་རིགས་པས་མངོན་སུམ་དུ་བྱས་པའོ།། འདི ་ཞེས་བྱ་བ་ནི། དགྱེས་པའི་རྡོ་རྗེ་གསུངས་པའི་རིགས་པའོ།། སྲིང་པ་ཉིད་འཆིང་བ་ཡིན་ཏེ། འཆིང་བ་དམ་པོ་ཞེས་བྱ་བའི་དོན་ཏོ།། འདི་དག་ནི་སྡོམ་པ་ཞུས་པའི་ལན་ཡིན་ནོ།། ད་ནི་འགའ་ཞིག་ཕྱག་རྒྱ་ལ་ལོག་པར་རྟོག་པར་འགྱུར་བ ་སྲིད་པོས། དེའི་ཕྱིར་ཞུས་པའི་ལན་བསྣུན་པའི་ཕྱིར། ས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཞུ་བ་པོ་རྡོ་རྗེ་སྙིང་པོའོ།། སྲ་བ་ཉིད་ནི་ས་སྟེ། དེ་ཉིད་ནི་གཏི་མུག་དང་སྐུའོ།། དེ་དག་ཉིད་ནི་རྣམ་པར་སྣང་མཛད་དེ་ཉིད་ཀྱིས་རྒྱས ་གདབ་པར་རིགས་ཀྱི། མི་བསྐྱོད་པའི་ནི་མ་ཡིན་ནོ།། ཞེས་བྱ་བའི་ཞུས་པའི་དོན་ཏེ། དེའི་ཕྱིར་ཞེས་བྱ་བ་ནི། གང་གི་ཕྱིར་དེ་ལྟར་ན། སྐུའི་ངོ་བོ་ཉིད་པུཀྐ་སཱི་ལ་ཐུགས་མི་བསྐྱོད་པ་ཉིད་ཀྱིས་རྒྱས་གདབ་པར་བྱའོ།། ཆུ་ཁམས ་ཤ་བ་རཱིར་བཤད་པ་ཞེས་བྱ་བ་ལོ་སོགས་པ་ལ། དེ་ལྟ་བས་ནོ། སེམས་ཁོ་ན་གཏི་མུག་སྟེ། རྣམ་པརརོ་སྣང་མཛད་ཡིན་ནོ།། དེ་ནི་ཙནྡ་ལཱིར་བཤང་བ་ཞེས་བྱ་བ་ལ་སོགས་པ་ལ། འདོད་ཆགས་ཕྱག་རྒྱས་ཞེས་བྱ་བ་ནི། འང་དཔག ་མེད་ཀྱི་ཕྱག་རྒྱས་སོ།། ཁྲག་ཅེས་བྱ་བ་ནི། བུད་མང་གྱི་མེ་ཏོག་སྟེ། ཛཉི་ན་རིན་ཆེན་འབྱུང་གནས་སོ།། ཕྲ་མས་ཞེས་བྱ་བ་ནི། རིན་ཆེན་འབྱུང་གནས་ཀྱིས་སོ།། གང་གི་ཕྱིར་རྣོ་བ་ཞེས་བྱ་བ་ལ ་སོགས་པ་ལ། རླུང་གི་གཟུགས་ཅན་ཉིད་ཅེས་བྱ་བ་ནི། རླུང་གི་རང་བཞིན་ཉིད་དོ།། འདོང་ཆགས་མ་གཏོགས་ཞེས་བྱ་བ་ལ་སྩོགས་པ་ལ་མ་ཡིན་ཏེ། ཞེས་བྱ་བ་ནི། འབྱུང་བར་འགྱུར་བ་མ་ཡིན་པའོ།། གཟུགས་ནི་སྲ ་བ་ཉིད་ཅེས་བྱ་བས། བྱ་བ་ལ་སོགས་པ་ལ། སྔོར་གསུངས་ཞེས་བྱ་བ་ནི། པུཀྐ་སྲིད་ལ་བསྟན་པའོ།། འདི་དག་གི་ལྀན་ནི། ཙཽ་རཱི་མ་ཞེས་བྱ་བ་ལ་སོགས་པ་སྟཽ། དེ་བཞིན་དུ་གྷཱསྨ་རཱི་དང་། ཤ་བ་རི་དང་། ཙཱཎྜ་ལཱི་དང་། ་རོ་བི་ཞེས་པའི་རིམ་པ་ལ་ཡང་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པོར་རྒྱས་གདབ་པར་བྱའོ།། ཞེས་བྱ་བའི་དོན་ཏེ།། ཨེ་བཾ་ཞེས་བྱ་བ་ལ་སོགས་པས་ནི། སྡུད་པ་པོའི་ཚིག་ཡིན་ནོ།། ཞུགས་ནས་ནི་ཞེས་བྱ་བ་ནི། བདག་མེད ་མ་དང་སྙོམས་པར་ཞུགས་ནས་སོ།། རྡོ་རྗེ་སེམས་དཔའ་ནི། དགྱེས་པའི་རྡོ་རྗེའོ།། བསྟན་པའི་སྟོན་པའོ།། ཨིནྡ་ཛ་མ་ཛ་ལ་ཛཀྐོ་ཞེས་བྱ་བ་ཕྱོགས་ཀྱི་བདག་པོ་རྣམས་ལ་བོད་པའོ།། བྷཱུ་ཏ་བཱཧྣི་བཱ་ཨུ་རཀྵོ་ཞེས་བྱ་བ་ནི ་མཚམས་ཀྱི་རྣམས་ལའོ།། ཙཎྜ་ཞེས་བྱ་བ་ནི་ཟླ་བའོ།། སཱཛྫ་ཞེས་བྱ་བ་ནི་ཉི་མ་ལའོ།། མཱ་ང་ཞེས་བྱ་བ་ནི། སའི་ལྷ་མོའོ།། བཱཔླྀ་ཞེས་བྱ་བ་ནི་ཚངས་པ་ལའོ།། ཨ་ཌྷྱ་སཔྤ་ཞེས་བྱ་བ་ནི། ཀླུ་བརྒྱད་པོའོ།། ས་ཧཽ་ཞེས་བྱ་བ ་ནཻ། སྭཱ་ཧཱཾ་ཞེས་པའི་སྒྲས་ཏེ། བརྩེ་བར་བྱ་བའི་དོན་ཏཽ།། ཨཽ་དཽ་ཞེས་བྱ་བ་ལ་སོགས་པ་ལ། ཨི་ང་བ་ལིཾ་བྷུཉྫ་ཞེས་བྱ་བ་ནི། ཟོ་ཞིག་ཅེས་པའོ།། ཛི་ག་ཞེས་བྱ་བ་ནི། བསྡོམས་ཤིག་ཅེས་པའོ།། ད་ཅི་ཞིག་ཅེ་ན། ཕུལླ་དྷཱུ་པྤ་ཅེས ་བྱ་བ་གསུངས་ཏེ། མེ་ཏོག་དང་། སྤོསཽ་སམ། མཾ་སི་པཾ་གྷ་ཞེས་བྱ་བ་ནི། བདག་ཉིད་ཀྱི་ཤ་སྐྱེད་ཅིང་། འཕེལ་བར་གྱིས་ཤིག་ཅེས་པའོ།། ཨམྦྷ་ས་པྤ་ཀོ་ཛྙཱ་སཱ་དྷ་ཞེས་བྱ་བ་ནི། བདག་གི་དགོས་པ་ཐམས་ཅད་བསྒྲུབས་ཤིག ་པོའོ།། ཁནྟི་ཁུ་ཎི་ཕེ་ཌ་ག་ཏ་ཞེས་བྱ་བ་ནི། ལུས་ལས་སོ།། དེ་ལྷོར་གཏོར་མ་སྦྱིན་པའི་ཕན་ཡོན་བསྟན་པའི་ཕྱིར། གལ་ཏེ་འདིས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལེགས་པར་འགྱུར་རོ་ཞེས་བྱ་བ་ནི། བང་ག་དང ་གཞན་གྱི་དོན་བཟང་པོ་རྣམས་སོ།། དྲི་མ་མེད་པ་ཞེས་བྱ་བ་ནི། དྲི་མ་དང་བྲལ་བའོ།། འགྲོ་བ་རབ་ཏུ་འབྱོར་པ་རྣམས་ནི། འདི་དག་ཕུན་སུམ་ཚོགས་པར་འགྱུར་བས། རབ་ཏུ་འབྱོར་པར་འགྱུར་བ་ཞེས་བྱའོ།། དབང་དང་ཞེས ་བྱ་བ་ལ་སོགས་པ་ལ་འགྱུར་རོ།། ཞེས་བྱ་བ་ནི། རྫོགས་པར་འགྱུར་བའོ།། རྟག་ཏུ་ཞེས་བྱ་བ་ཐམས་ཅད་དུའོ།། རྡོ་རྗེ་སྙིང་པོས་གསོལ་པ་ཞེས་བྱ་བ་ནི། ཞུས་པའོ།། མཁའི་སྤྱོད་མ་ཞེས་བྱ་བ་ལ་སོགས་པ་དང་། གསང ་པོ་གསུམ་ཞེས་བྱ་བ་ལ་སོགས་པ་ལ། གསང་བ་གསུམ་པོ་གང་ཞིག་ཅེ་ན། སྐུ་གསུང་ཐུགས་སུ་ཕྱེ་བ་ལས། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཇི་ལྟར་འཁོར་ལོའི་དབུས་སུ་གནས་ཤེ་ན། སྟེང་དང་། འོག་དང ་ཞེས་བྱ་བ་གསུངས་ཏེ། རིམ་པ་ཇི་ལྟ་བ་བཞིན་དུ་སྦྱར་རོ།། གང་ཕྱིར་སྐུའི་རྡོ་རྗེ་ཅན་ཡིན་པས། དེའི་ཕྱིར་སྐུ་རྡོ་རྗེས་རྒྱས་གདབ་པར་བྱའོ།། ཐུགས་ཀྱི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། དབུས་སྐྱེས་ཞེས ་བྱ་བ་ནི། དབུས་ཀྱི་གནས་སུ་སྐྱེས་པའོ།། རིགས་ནི་རྣམ་པ་དྲུག་ཅེས་བྱ་བ་ལ་སོགས་པ་ལ། དགེ་པའི་རིགས་པ་ཞེས་བྱ་བ་ནི། རིགས་དྲུག་གིས་རྣམ་པར་དག་པས་སོ།། བསྒོམ་པ་ཉིད་ཅེས་བྱ་བ་བསྒོམ་པར་བྱའོ།། སྤངས་ནས ་ཞེས་བྱ་བ་ནི། ཡོངས་སུ་བཏི་ངོ་བའོ།། དེ་རྗེས་རྣམ་པ་གསུམ་ཞེས་བྱ་བ་ནི། རྣམ་པ་ལྔ་པོར་མདོར་བསྡུས་པའི་ངོ་བོའོ།། དེ་དག་མདོར་བསྡུས་ན། རིགས་གཅིག་གི་ངོ་བོ་ཉིད་དོ།། རིགས་ནི་དྲུག་དང་ལྔ་རུ་བཛྲོད།། ཅེས་བྱ་བ་ནི ་རྒྱུད་ཐམས་ཅད་ཀྱི་སྟེ། དགྱེས་པའི་རྡོ་རྗེའི་རྒྱུད་མ་ལུས་པ་འདི་དག་གིའོ།། ཐམས་ཅད་ཅེས་བྱ་བ་ནི། དགྱེས་པའི་རྡོ་རྗེའི་རྒྱུད་མ་ལུས་པའོ།། ཕྱག་རྒྱ་བསྡུས་པའི་དོན་ཞེས་བྱ་བ་ནི། མདོར་བསྡུས་པའི་དོན་ཏོ།། དེ་གསལ ་བར་བྱེད་པའི་ལེའུ་ལ་ཡང་། དེ་སྐད་ཅེས་བྱའོ།། དགྱེས་པའི་རྡོ་རྗེའི་དཀའ་འགྲེལ། རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ལས། བརྟག་པ་གཉིས་པའི་ལེའུ་བཞི་པའི་འགྲེལ་པའོ།། ། ཕྱག་ནི་བཅུ་དྲུག་ཅེས་བྱ་བ ་ལ་སོགས་པས། ཧེ་རུ་ཀའི་མངོན་པར་མཐེ་བོ་གསུངས་ཏེ། ཞལ་ཞེས་བྱ་བ་ནི་གདོང་ངོ་།། རྗེ་ངོར་དང་། ཞབས་མཐིལ་ལ་སོགས་པ་བསྡུས་པ་ནི་ཞབས་སོ།། འཇིགས་པ་པོ་ནི། འཇིགས་པར་བྱེད་པའོ།། བླ་ན་མེད་པའི་བརྩོན ་འགྲུས་ཀྱི་སྦྱོར་བ་དང་ལྡན་པས་དཔའ་བའོ།། མགུལ་ནས་ཞེས་བྱ་བ་ནི། མགྲིན་པ་ནས་སོ།། དབང་དག་དང་ལྡན་པའི་ལྷར་གསལ་བར་གྱུར་པས་ལྷ་སྟེ། སྡུད་པར་བྱེད་པའི་ཚིག་ཡིན་ནོ།། བདག་གིས་ཞེས་བྱ་བ་ལ་སོགས་པ་ལ། ་སྔར་མ་འཚོལ་ཞེས་བྱ་བ་ནི། ལྷའི་ལེའུ་སྟེ་དེ་རེ་མ་བསྟན་པའི་ཕྱིར་རོ།། ཀཾ་ཞེས་བྱ་བ་ནི། བདེ་བ་སྐྱོང་བར་བྱིད་པའི་ཕྱིར་ཐོད་པ་སྟེ་པདྨའོ།། འཁོར་ལོ་ཞེས་བྱ་བ་ནི། རྟེན་གྱི་དཀྱིལ་འཁོར་རོ།། སྔར་ཞེས་བྱ་བ་ནི། སྔ་མ་བཞིན ་དུ་བསྐྱེད་པར་བྱ་བ་སྟེ། ཇི་ལྟར་ཁྱོད་ཉིད་ཀྱི་བསྟན་པ་བཞིན་དུ་ཞེས་བྱ་བའི་དོན་ཏོ།། དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། ང་ཡོད་དེ་ཞེས་བྱ་བ་ནི། མངོན་པར་བྱང་ཆུབ་པ་ལྔའི་རིམ་པས། འཆད་པར་འགྱུར་བའི་མཚན་ཉིད་དུ་མངོན་པར ་འབྱུང་བར་གྱུར་པའི་རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་དོན་ཏོ།། ཡོད་ཅེས་བྱ་བ་ནི། བསྒོམས་ཞེས་བྱ་བའི་ཐ་ཚིག་གོ། ཁྱོད་ཅེས་བྱ་བ་ནི། མཉམ་པར་འཁྱུད་པའི་བདག་མེད་པའོ།། འདོད་ཆགས་ཆེན་པོ་ནི། འགྲོ་བའི་དོན་ལ་ཆགས ་པའོ།། རྗེས་སུ་ཆགས་པ་ནི། དེ་ལ་དགའ་བའོ།། དེ་ཉིད་ཀྱི་ཕྱིར་ལྷན་ཅིག་སྐྱེས་དགྲའི་རང་བཞིན་ལས་ཞེས་བྱ་བ་གསུངས་ཏེ། བཅོམ་ལྡན་འདས་འདིའི་ངོ་བོ་ཉིད་ཡིན་པའོ།། འཇིགས་པའང་ཞེས་བྱ་བ་ནི། འཇིགས་པར་བྱེད་པ ་དེ་དག་ཀྱང་ངོ་།། མགོ་བོའི་ཕྲེང་བ་ཞེས་བྱ་བ་ནི། མགོ་བོ་བརྒྱ་ཕྱེད་ཀྱི་དོ་ཤལོ་ལོ།། ཉི་མར་བཞུགས་ཞེས་བྱ་བོ་ནི། ཉི་མའི་དཀྱིལ་འཁོར་གྱི་སྟེང་ན་བདུད་བཞི་མཉམ་པར་མནན་པ་ཉིད་དོ།། གར་ཐབ་སོ་ཞེས་བྱ་བ་ནི། སྐྱིལ་ཀྲུང་ཕྱེད ་པའི་གར་ཐབས་ཏེ། དེ་དང་བཅས་པ་ནི། དེ་ཕྱེད་པ་ཞེས་པའི་དོན་ཏོ།། དབའ་རླབས་མེད་པ་ཞེས་བྱ་བ་ནི། རྣམ་པར་མི་རྟོག་པའི་བདེ་བ་ཐོབ་པའོ།། སྤྱི་བོའི་ཞལ་ཞེས་བྱ་བ་ནི། སྣ་ཚོགས་རྡོ་རྗེའི་འོག་ཏུའོ།། ་གཙིགས་པ་ཅན་ཞེས་བྱ་བ་ནི། རྣམ་པར་འགྱུར་བའོ།། ཉི་ཤུ་རྩ་བ་ཞེས་ཆེ་ཞེས་བྱ་བ་ནི། ཞལ་རེ་རེ་ལ་ཡང་སྤྱན་གསུམ་གསུམ་མངའ་བའི་ཕྱིར་རོ།། ལྷག་མའི་ཞེས་བྱ་བ་ནི། མ་བསྟན་པའི་བཞི་པོའོ།། བུང་བ་ཞེས་བྱ་བ་ནི། བུང་བ ་ལྟ་བུའོ།། འདིའི་ཕྱི་མའི་གཞུང་དག་ནི་ཕལ་ཆེར་རིམ་པ་ཐ་དད་པ་ཡིན་ནོ།། དེ་ཡང་བླ་མའི་མན་ངག་ལས་ཤེས་པར་བྱའོ།། ཁོ་བོས་ནི་ཚིག་གཽ་རིམ་པ་བཞིན་བཤད་པ་ཡིན་གྱི། འགྲེལ་པའི་གོ་རིམས་ཀྱིས་ནི་མ་ཡིན་ཏེ། དེ་ཡང ་བརྗོད་པར་བྱ་བ་མཽང་དུ་ཡོད་པའི་ཕྱིར་དང་། བཅོམ་ལྡན་འདས་ཀྱིས་བསྒྲུབ་པའི་ཐབས་ནི་རྙེད་སླ་བའི་ཕྱིར་རོ།། ཁྱོད་དང་ང་ཞེས་བྱ་བ་ལ་སོགས་པ་ལ། རོ་བ་ལས་ཞེས་བྱ་བ་ནི། སྙོམས་པར་འཇུག་པའི་རོལ་པས་སོ།། དགའ་བ ་ཤིན་ཏུ་ཞེས་བྱ་བ་ནི། དགའ་བོའི་ལོངས་སྤྱོད་དོ།། ཕྱུང་ནས་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཡོངས་སུ་གྱུར་པ་ལས་སོ།། དབང་པོའི་ཕྱོགས་ཞེས་བྱ་བ་ནི། ཤར་ཕྱོགས་སུ་སྤྲོས་པའི་སྤྲིན་གྱིས་འགྲོ་བ་རྣམས་ཀྱི་དོན ་བྱེད་པའོ།། ཤར་གྱི་སྒོ་རུ་ཞེས་བྱ་བ་ནི། གོར་ཐབས་ཀྱི་སྟང་སྟབས་ཀྱིས་ལེགས་པར་ཡང་དག་པར་གནས་པའོ།། ཙཽ་རཱི་མ་ཡང་ཞེས་བྱ་བ་ནི། དེ་བཞིན་དུ་རང་གི་ས་བོན་གྱི་ཐི་གཽ་ལེ་ཡོངས་སུ་གྱུར་པ་ལས་སོ།། གཉིས་ཀྱིས་ཞེས ་བྱ་བ་ནི། བདག་མེད་མ་དང་། དགྱེས་པའི་རྡོ་རྗེ་དག་གོ། བསྐྱོད་པ་ཞེས་བྱ་བ་ནི། མགུལ་བསྐྱོད་དོ།། འཚེང་པ་ནི་མའོ།། དེའི་མཚམས་ནི། འཚེང་པའི་མཚམས་སོ།། སྲིན་པོ་ཞེས་བྱ་བ་ནི། བདེན་བྲལ་ལོ།། རླུང་གི་ཞེས་བྱ་བ ་ནི། རླུང་གི་ཕྱོགས་ཏེ། རླུང་གི་མཚམས་ཞེས་བྱ་བའི་དོན་ཏོ།། འདི་ར་ཡང་མན་ངག་ཉིད་ཀྱིས་སྦྱོར་བ་གཞན་ཉིད་ཡིན་ནོ།། དེ་ནས་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། ཁྱོད་དང་ང་ཞེས་བྱ་བའི་རྗེས་ཐོགས་སུ་ལྟ་བ་བྱའོ།། རིག་མར ་བཅས་ཞེས་བྱ་བ་ནི། བདེ་ག་མེད་མ་དང་བཅས་པར་ཞུ་བར་གྱུར་པ་བསྒོམ་པའོ།། དེ་ནས་ཞེས་བྱ་བ་ལ་ཞུ་བར་གྱུར་པའི་རྗེས་ཐོགས་སུའོ།། ལྷོ་མོ་ཞེས་བྱ་བ་ནི། པུཀྐོ་སཱི་དང་། ཤ་བཽ་རཱི་དང་། ཙཎྜ་ལཱི་ལ་དང་། ཌོཾ་བཱི་རྣམས་རང ་རང་གི་ཕྱོགས་ནས་འོངས་ནས། རང་རང་གི་སྟན་ལ་འདུག་སྟེ། བསྐུལ་ཞེས་བྱ་བར་ཡང་དག་པོར་བསྐུལ་བར་བྱེད་པ་སྟེ། ཏིང་ངེ་འཛིན་གྱིས་ཞུ་བར་གྱུར་པ་ལ། སློང་བར་བྱེད་པའོ།། སྣ་ཚོགས་གླུའི་ཞེས་བྱ་བ་ནི། སོ་སོ་སོ ་སོའི་གླུ་མོཚོན་པས་སོ།། དེ་ལ་དང་པོར་རེ་ཞིག་པུཀྐ་སཱིས་སྐུལ་བར་བྱིད་པ་ནི། བཞེངས་ཤིག་དང་། སྒྲོལ་ཞེས་བྱ་བ་སྟེ། ཀྱེའི་བཅོམ་ལྡན་འདས་བཞེངས་ཤིག་པའོ།། སྙིང་རྗེའི་ཐུགས་ཞེས་བྱ་བ་ནི། སྙིང་རྗེའི་རང་བཞིན་ཅན ་གྱི་ཐུགས་མངའ་བའོ།། པུཀྐ་སཱི་ནི་བདག་ལ་ཞེས་བྱ་བ་བདག་ལའོ།། སྐྱོབས་ཞེས་བྱ་བ་ནི། ཡོངས་སུ་བསྐྱབ་པོ་མཛོད་ཅེས་བྱ་བ་རོག་ཀྱི་བདེ་ཆེན་ཞེས་བྱ་བ་ལ་སོགས་པ་ལ། བདེ་བ་ཆེན་པོའི་དོན་དུ་སྦྱོར་བ་ནི། བདེ་ཆེན ་སྦྱོར་བ་སྟེ། ཁུ་བ་ལས་འབྱུང་བར་འགྱུར་བའི་དགྱེས་པའི་རྡོ་རྗེའི་གཟུགས་སོ།། ངེས་བདག་ལ་བཞེད་པར་མཛོད་ཅིག་པའོ།། སྤོང་བ་ཞེས་བྱ་བ་ནི། ཐོང་མཛོད་ཅེས་བྱའོ།། སྟོང་པའི་རང་བཞིན ་ཞེས་བྱ་བ་ནི། རྣམ་པར་སྟོང་པའི་ཞུ་བར་གྱུར་པའི་ཏིང་ངེ་འཛིན་ཏོ།། དེ་ནས་ཤ་བ་རཱི་ཁྱོར་མི་བཞུགས་ན་ཞེས་བྱ་བ་སྨྲ་སྟེ། ཁྱོད་མི་བཞུགས་ན་བདག་འགུམ་མོ་ཞེས་བྱོའོ།། དགྱེས་པའི་རྡོ་རྗེ་ཁྱོད་བཞེངས་ཤིག་ཅེས་བྱ་བ་ནི། ་དགྱེས་པའི་རྡོ་རྗེ་ཀྱེ་བཞེངས་ཤིག། སྟོང་པའི་རང་བཞིན་གཉིད་སྤོངས་ལ་ཞེས་བྱ་བ་ནི། ཁུ་བའི་ངོ་བོ་ཉིད་འདི་ཐ~ཾང་མཛད་ཅེས་བྱ་བའོ།། རི་ཁྲོད་མ་འབྲས་འགྲུབ་པར་མཛོད་ཅེས་བྱ་བ་ནི། ཤ་བ་རཱི་བདག་གིས་དགོངས་པ ་བསྒྲུབས་ཤིག་ཅེས་བྱ་བའོ།། དེ་ནས་ཙཎྜ་ལཱིས་འཇིག་རྟེན་མགྲོན་གཉེར་ཞེས་བྱ་བོར་བརྗོད་དེ། དགའ་གཙོ་ཞེས་བྱ་བ་ནི། ཤིན་ཏུ་ཆགས་པའི་གཙོ་བོ་ཀྱེ་ཞེས་བྱ་བའོ།། སྟོང་པ་ཉིད་ཅེས་བྱ་བ་ནི། ཞུ་བར་གྱུར་པའོ།། བཞུགས ་ཞེས་བྱ་བ་ནི། གནས་པ་སྟེ། ཅིའི་ཕྱིར་ཞེས་བྱ་བའོ།། ཙཎྜ་ལཱྀ་བདག་གསོལ་བ་འདེབས་ཞེས་བྱ་བ་ནི། ཙཎྜ་ལཱི་བདོག་གསོལ་བ་འདོབས་སོ་ཞེས་བྱའོ།། ཁྱོད་མེདོ་ཕྱོགས་ནི་མི་འཚལ་ལོ།། ཞེས་བྱ་བ་ནི། ཁྱོད་མི་བཞུགས ་ན་གང་གིས་སེམས་ཅན་རྣམས་སྡུག་བསྔལ་པོ་ལས་བསྒྲལ་བར་བགྱི་བའི་ཕྱོགས་མི་འཚལ་ལོ།། དེ་ནས་ཌོ་བི་མས་མིག་འཕྲུལ་མངའ་བ་ཁྱོད་བཞིངས་ཤིག་ཅེས་བྱི་བར་བརྗོད་དོ།། ཀྱེ་མིག་འཕྲུལ་མངའ་བ་ཁྱེད་བཞེངས་ཤིག ་ཅེས་བྱའོ།། གལ་ཏེ་ངནི་མིག་འཕྲུལ་མཁན་ལྟ་བུ་མ་ཡིན་ནོ་ཞེས་ན། བདག་གིས་ཁྱོད་ཀྱི་ཐུགས་འཚལ་གྱིས་ཞེས་བྱ་བ་སྟེ། བདག་གིས་ཁྱོད་ཀྱིས་ཐུགས་འཚམ་མོ།། ཞེས་བྱ་བའོ།། ཌོཾ་བི་མ་བདག་སྒྲེན་མོ་འཚལ་ཞེས་བྱ་བ་ནཱ། ་བི་མཱ་ཞེས་བྱ་བ་བདག་ནི་སྦྱིན་མོ་སྟེ། གྲོང་ཁྱེར་མ་ལགས་འཚལ་ལོ་ཞེས་བྱ་བར་ཤེས་སོ།། སྙིང་རྗེ་རྒྱུན་ཆང་མ་མཛད་ཅིག་ཅེས་བྱ་བ་ནི། སྙིང་རྗེ་རྒྱུན་གཅད་པ་སྟེ། ཁུ་བོའི་ངོ་བོ་ཉིད་དུ་མ་མཛད་ཅིག་ཅེས་པའོ།། ད་ནི་ཁུ་བའི་ཏིང ་ངེ་འཛིན་ལས་བཞེངས་ནས། བཅོམ་ལྡན་འོངས་ཕྱག་བཅུ་དྲུག་པར་གྱུར་པོར་ཕྱག་མཚན་རྣམས་བརྗོད་པའི་ཕྱིར། གླང་པོ་རྟ་བོང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤ་ར་བ་ཞེས་བྱ་བ་སེང་གེའོ།། བྱི་ལ་ནི་བྱི་ལའོ།། གཉིས ་འཐུང་ནི་གླང་པོ་ལ་སོགས་པའོ།། མེ་ནི་གཟི་བརྗོད་ཅན་ནོ།། མཐར་བྱེད་ནི་གོ་ཤིན་རྗེའོ།། ནོར་སྦྱིན་ནི། རྣམ་ཐོས་ཀྱི་བུའོ།། སྒེག་ཅིང་ཞེས་བྱ་བ་ལ་སོགས་པས་ནི། རོ་དགུའོ་ཉམས་དང་ལྡན་པའི་གར་ཐོབས་གསུངས་སོ།། ངནྟ ་བསྐུལ་བའི་རྗེས་ཐོགས་སུ་ཞུ་བར་གྱུར་པའི་ཏིང་ངེ་འཛིན་ལས་ལྡང་བ་བསྟན་པའི་ཕྱིར། ཨཾ་དང་ཧཱུ~ཾ་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞུ་བར་གྱུར་པའི་ཏིང་ངེ་འཛིན་ཡོངས་སུ་གྱུར་པ་ལས་བྱུང་བའི་ཟླ་བ་དང་། ཉི་མའི ་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་དང་ཧཱུ~ཾ་ཡོངས་སུ་གྱུར་པའི་གྲི་གུག་དེང་། ཐོད་པའི་དཀྱིལ་འཁོར་ལ་གནས་པའོ།། རྡོ་རྗེ་ཆེ་ཞེས་བྱ་བ་ནི། དགྱེས་པའི་རྡོ་རྗེའོ།། ཇི་ལྟར་བཞེངས་པར་གྱུར་ཞེས་ན། ཞབས་རྣམས་ཞེས་བྱ་བ་ལ ་སོགས་པ་གསུངས་སོ།། ད་ནི་དབང་པོ་ལ་སོགས་པའི་ཕྱོགས་ལ་བརྟེན་པའི་གཽ་རཱི་ལ་སོགས་པ་འབྱུང་བར་འགྱུར་རོ།། ལྷ་མོའི་ཚོགས་རྣམས་ཀྱི་ས་བོནཱ་རིམྦྷ་བཞིན་བསྟན་པའི་ཕྱིར། གཾ་ཙཾ་བཾ་གྷཾ་བཾ་ཤཾ། ལཾ ་ཌཾ་ཞེས་བྱ་བ་ནི། ས་བོན་གསུངས་ཏེ། ཕྱུང་བ་དང་ཞེས་བྱ་བ་ནི། ཀུན་ཏུ་ཕྱུང་པོའོ།། འདི་དག་ཞེས་བྱ་བ་ནི། གཽ་རཱི་ལི་སོགས་པ་རྣམས་ཀྱི་ས་བོན་འདི་དག་གིས་སོ།། ད་ནི་ཨོཾ་ཧཱུཾ་ཞེས་བྱ་བ་ལ་སོགས་པས། གང་སྔར་བསྟན ་པ་དེ་དག་གི་ཁྱད་པར་དུ་གསུངས་པ་སྟེ། ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན། ཡི་གེ་ཨཾ་དང་ཧཱུཾ་དག་གོ། བོདག་པོ་ཞེས་བྱ་བ་ནི། དཀྱིལ་འཁོར་གྱི་བདག་པོའོ།། དགའ་བའི་ཞེས་བྱ་བ་ནི། རྩེ་བའོ།། དེའི་བཙུན་མོ་ནི། བདག ་མེད་མའོ།། འདི་དག་གི་ས་བོན་དག་སྔོ་ཞིང་འབར་བས་ན། སྔོན་པོ་འབར་བ་ཞེས་བྱའོ།། མ་མོའི་འཁོར་ལོ་ཞེས་བྱ་བ་ནི། ལྷ་མོ་རྣམས་ཀྱི་དཀྱིལ་འཁོར་རོ།། འདི་ལྟར་ཞེས་བྱ་བ་ནི། བསྟན་པ་དང་། ཆང་བར་འགྱུར་བའི ་མཚན་ཉིད་ཅན་ནོ།། གཽ་རཱི་ཞེས་བྱ་བ་ལ་སོགས་པས་ནི། དཀྱིལ་འཁོར་བའི་ལྷ་མོའི་ཕྱག་མཚན་གསུངས་ཏེ། རཽ་ཧི་ཏ་ནི་ཉའོ།། ཅང་ཏེའུ་ནི་ཅང་ཏེའུའོ།། ཕག་མ་ནི་ཕག་གོ། རུ་སྦལ་ནི་རུས་སྦལ་ལོ།། པདྨའི་སྣོད་ནི་ཐོད་པའོ།། ། ་གཽ་རཱི་ཁ་དོག་ཙ་ནག་པོར་འགྱུར་ཞེས་བྱ་བ་ལ་སོགས་པ། ཉེ་དབང་ནི་ཁྱབ་འཇུག་གོ།། གཤིན་རྗེ་ནི་གཤིན་རྗེའོ།། ནོར་བདག་ནི་བེ་རའོ།། བདེན་བྲལ་ནི། སྲིན་པོའི་བདག་པོའོ།། ཐག་བཟངས་རིས་ནི། ལྷ་མ་ཡིན་གྱི་བདག ་བོཔོབོའོ།། གད་ན་ཞེས་བྱ་བ་ནི། བཞུགས་གདན་ནོ།། འདི་དག་གིས་དང་པོའི་རྣལ་འབྱོར་དང་། དཀྱིལ་འཁོར་རྒྱལ་མཆོག་གིས་ཏིང་ངེ་འཛིན་གཉིས་པ་བསྟན་པ་ཡིན་ནོ།། གསུམ་པ་ལས་མཆོག་ཅེས་བྱ་བ་ནི། རྒྱུད་གཞན་གྱི ་རྗེས་སུ་འབྲེངས་ནས་ཤེས་པར་བྱའོ།། བཟླས་པ་ལ་བརྩོན་པས་ནི། དངོས་གྲུབ་ཀྱང་འགྲུབ་པར་འགྱུར་རོ།། ཞེས་བྱ་བས་བསྒོམ་པའི་སྐབས་ཡིན་ན། ཡང་བཅོམ་ལྡན་འདས་མས་སྔགས་ཞུས་པའོ།། ཁྱད་པར་ཇི་ལྟ་བུ་ཅན་ཞིག ་ཅེ་ན། བུད་མེད་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོ་སླའོ།། ང་ནི་ང་ཡིས་ཞེས་བྱ་བ་ལ་སོགས་པ་ནི། བཅོམ་ལྡན་འདས་ཀྱི་བཀའོ།། རྣལ་འབྱོར་བདག་ཅེས་བྱ་བ་ནི། བསྟན་པའི་མཚན་ཉིད་ཅན་གྱི་རྣལ་འབྱོར ་བདག་ཉིད་དོ།། ཐམས་ཅད་ཅེས་བྱ་བ་ནི། དབང་དུ་བྱ་བ་ལ་སོགས་པའི་ལས་རྣམ་པ་བཞིའོ།། རིགས་བྱེད་རྣམས་ཞེས་བྱ་བ་ལ་སོགས་པ་ལ། དང་པོ་ཞེས་བྱ་བ་ནི། ཡི་གེ་ཨོཾ་མོ།། བརྒྱན་ཅེས་བྱ་བ་ནི། དེའི་ངོ་བོ་ཉིད་དོ།། ་སྔགས་ཀྱི་ཐ་མར་ནི། ཡི་གེ་ཧ་དབྱིངས་ཀྱི་ཡི་གེ་བཅུ་གཉིས་ཀྱིས་བརྒྱན་པའོ།། མཐར་ནི་ཕཊ་དང་སྭཱ་ཧཱའོ།། ཞུས་པ་ཞེས་བྱ་བ་ནི། དཀྱིལ་འཁོར་ཏེ། བཅོམ་ལྡན་འདས་ཀྱིས་བྲིས་པའི་འཁོར་རོ།། དེ་ལ་ཞེས་བྱ་བ་ནི། ་དགྱེས་པར་གྱུར་ནས་སོ།། སྟོན་པ་ཞེས་བྱ་བ་ལ་བཀའ་སྩལ་པ་ཞེས་བྱ་བ་ནི་ལྷག་མའོ།། ཡེ་ཤེས་ཆེ་ཞེས་བྱ་བ་ནི། སློབ་དཔོན་དེ་ཉིད་ཀྱི་དཀྱིལ་འཁོར་བྲི་བར་མཛད་ཅེས་བྱ་སྟེ། གཞན་ནི་རི་མོ་མཁན་ལ་སོ་གོས་པས་ནི ་མ་ཡིན་ནོ།། ཞེས་བྱ་བ་སྟེ། དང་པོར་རོ།། བུམ་པ་ཞེས་བྱ་བ་ནི། རི་མོས་བརྒྱན་པས་སོ།། རྒྱན་ཞེས་བྱ་བ་ནི། ལྷ་མོ་རྣམས་ཀྱིའོ།། དོན་གྱིས་ནི་རྣམ་པར་རྒྱལ་བའི་བུམ་པ་དང་། ལས་ཐམས་ཅད ་པའི་བུམ་པ་ཡང་ཡིན་ནོ།། དཀྱིལ་འཁོར་ཚོན་ཅི་ཞིག་གིས་བྲི་བར་བྱ་ཞེ་ན། གསུངས་པ་རིན་ཆེན་ལྔའི་ཞེས་བྱ་བ་སྟེ། དེའི་རང་བཞིན་མཆོག་གོ། འབྲས་ལ་སོགས་པ་ནི་བར་ནའོ།། ཁྱོད་ཀྱི་སོ་ཕག་ལ་སོགས་པ་ནི་ཐ་མའོ།། ་དེའི་དབུས་ཞེས་བྱ་བ་དཀྱིལ་འཁོར་གྱིས་དབུས་སུའོ།། སྐྱེས་པའི་ཐོད་པ་ཞེས་བྱ་བ་ནི། མི་ཉིད་ཀྱི་ཐོད་པའོ།། ཤར་བ་ནི། སེང་གེའོ།། ལྟོ་འཕྱེ་ཞེས་བྱ་བ་ནི་སྦྲུལ་ལོ།། ལྷ་མོ་ཞེས་བྱ་བ་ལ་སོགས་པ་ལ། ལྷ་མོ་རྣམས་ཀྱི་ཁ་དོག་ཅི ་ལྟ་བ་དེ་ལྟར་ཕྱག་མཚན་ཡང་བྲི་བར་བྱའོ།། དབུས་སུ་གནས་པའི་ཐོད་པ་ལ། སྣ་ཚོགས་རྡོ་རྗེས་བྱིན་གྱིས་བརླབས་པ་བྲི་བར་བྱའོ།། རྣམ་རྒྱལ་བུམ་པ་ཞེས་བྱ་བ་ལ་སོགས་པ་ལ། ཤོར་དུ་བཞག་ཅེས་བྱ་བའོ།། ཤུགས་ཀྱིས་ན་ལྷ ་མི་རྣམས་ཀྱི་བུམ་པ་ནི། གནས་ཇི་ལྟ་བ་བཞིན་བཞག་པར་བྱ། ཞེས་བསྟན་པར་འགྱུར་རོ།། ཞེས་བྱ་བར་བསྟན་པའི་དོན་ཏོ།། དཀྱིལ་འཁོར་དུ་ནི། ཞེས་བྱ་བ་ལ་སོགས་པ་ལ། རབ་ཏུ་འཇུག་ཅེས་བྱ་བ་ནི། བཞུགས་པར་བྱའོ། ་བརྒྱད་གཉིས་སོན་པ་ཞེས་བྱ་བ་ནི། བཅུ་དྲུག་ལེན་པ་སྟེ། རིགས་བརྒྱང་པོ་བསྟན་པར་འགྱུར་རོ།། གང་དག་ཅེ་ན། མངང་། ཞེས་བྱ་བ་གསུངས་ཏེ། འདི་དག་འཇིག་རྟེན་གྱི་འབྲེལ་པོས་མ་ཡིན་གྱི། བླ་མའི་འབྲེལ་པས་སོན ་ནོ།། མ་ཞེས་བྱ་བ་ནི། སློབ་དཔོན་གྱིས་གང་བཞེད་པ་སློབ་མའི་མ་ཡིན་ནོ།། སྲིང་མོ་ཞེས་བྱ་བ་ནི། དེ་དང་ལྷན་ཅིག་སྤྱོད་པའོ།། བུ་མོ་ཞེས་བྱ་བ་ནི། སློབ་དཔོན་གྱི་སློབ་མའོ།། སྲིང་མོའི་བུ་མོ་ཡང་དེའི་སློབ་མའོ།། ནང་པོའི་ཆུང་མ ་ཞེས་བྱ་བ་ནི། མའི་སྙིང་དུ་སྡུག་པར་གྱུར་པའི་གྲོགས་ཞེས་པའོ།། མའི་སྤུན་དང་ཞེས་བྱ་བ་ནི། སློབ་དཔོན་གྱི་གྲོགས་སུ་གྱུར་པའོ།། སྒྲོག་མོ་ཞེས་བྱ་བ་ནི། སློབ་མའི་སྙིང་བུ་སྡུག་པའོ།། ཕའི་སྲིད་མ་ནི། སློབ་དཔོན་གྱི་སྲིང་མར ་འདི་རྣམས་ཞེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་མ་ནི། སློབ་དཔོན་ནོ།། ཇི་ལྟར་གསུངས་པ་ཞེས་བྱ་བ་ནི། དེ་ཁོ་ན་ཉིད་བསྡུས་པར་རོ།། མཆོད་དང་། བསྟོང་པ་ཞེས་བྱ་བ་ལ་སོགས་པ་ལ། སྣར་ཤེས་ནས་ཞེས་བྱ་བ་ནི། སྔར ་ཤེས་པ་ལ་སོགས་པའོ།། དགའ་བྲལ་དང་པོར་ཞེས་བྱ་བ་ནི། དགའ་བྲལ་གྱི་དང་པོར་རོ།། མཆོག་མཐའ་ཞེས་བྱ་བ་མཆོག་ཏུ་དགའ་བའི་མཐའ་སྟེ། དབང་བསྐུར་བ་གསུམ་པ་ཞེས་པ་བའི་དོན་ཏེ།། གལ་ཏེ་རྒྱུད་ཐམས་ཅད་ནས་ལྷན ་ཅིག་སྐྱེས་པའི་མཚན་ཉིད་ཅར་གྱི་དེ་ཁོ་ན་ཉིད་གསུངས་པ་ཉིད་ཅན་གྱི་དེ་ཁོ་ན་ཉིད་ཡིན་ན། འདིར་ཁྱད་པར་ཅི་ཞིག་ཡོད་ཅེ་ན། སྦས་པ་ཞེས་བྱ་བ་གསུངས་ཏེ། འདི་ལྟར་འཆད་བ་འ་གྱུར་པའི་མཚན་ཉིད་ཅན་གྱི་ཤེས་རབ་ཀྱི ་དབང་བསྐུར་བ་ནི། ཐམས་ཅད་རྒྱུད་དུ་ཞེས་བྱ་བ་རྒྱུད་ཐམས་ཅད་དུ་སྦས་པ་ཡིན་ནོ།། དེ་ལྟར་ན་སྔར་ཅི་ཞིག་བསྟན་ཞེ་ན། མཐའི་མཐས་ཞེས་བྱ་བ་གསུངས་ཏེ། སློབ་དཔོན་པ་གསང་བའི་དབང་བསྐུ་པ་རབ་ཏུ་བསྟན་པ་ཡིན ་ནོ།། ཞེས་བྱ་བར་དགོངས་པའོ།། གང་གི་ཕྱིར་ཤེས་རབ་ཀྱི་དབང་བསྐུར་བ་འདི་སྔར་གོང་དུ་བསྟན་པས། དེས་ན་དེའི་ཕྱིར་ཞུས་པ། དེ་ལ་ཞེས་བྱ་བ་ནི། ཤེས་རབ་སེ་ཤེས་ཀྱི་དབང་བསྐུར་བའོ།། དབང་བསྐུར ་བཔ་གཞན་ཆུ་དང་། ཅོད་པན་ལ་སོགས་པ་ཐམས་ཅད་འདྲ་བའི་ངོ་བོ་ཉིད་ཀྱི་ཕྱིར། དབང་བསྐུར་བ་བཞི་ཆར་ཡང་། རྡོ་རྗེ་མཆོད་པའི་སྦྱོར་བ་ཡིས།། ཞེས་བྱ་བ་ནི་ཁྱད་པ་རཾ་རོ།། དེའི་ཕྱིར་དེ་ལ་ཞུས་པ་ནི་དེའི་སྐད་ཅིག་ཇི་ལྟར་ལགས་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། སྐད་ཅིག་ཅེས་བྱ་བའི་སྒྲས་འདིར་སྐད་ཅིག་གི་རང་གི་ངོ་བོ་དང་། ཐོབ་པར་བརྗོད་པར་བྱེད་དེ། འདི་དག་ནི་སྡུད་པར་བྱེད་པའི་ཚིག་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐོག་མ་དབུས ་མཐའ་ཞེས་བྱ་བ་ལ་སོགས་པ་སྟེ། ཐོག་མ་ནི་མཚིག་ཏུ་དགའ་བའོ།། མཐའ་ནི་དགའ་བྲལ་གྱི་དགའ་བའོ།། དབུས་ཞེས་བྱ་བ་ནི། དགའ་བ་དང་པོའོ།། སྲིད་པ་མིན། མྱ་ངན་འདས་པ་མིན། ཞེས་བྱ་བ་ནི། གསུམ་པོ་དེ་དག་ཇི་ལྟར ་རིགས་པར་སྲིད་པ་དང་། མྱ་ངན་ལས་འདས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ།། འདི་ནི་ཞེས་བྱ་བ་ནི། འཆད་པར་འགྱུར་བའི་མཚན་ཉིད་ཅན་ནོ།། མཆོག་ཏུ་བདེ་ཞེས་བྱ་བ་ནི། ལྷན་ཅིག་སྐྱེས་པའི་མཚན་ཉིད་ཅན་ནོ།། བདག་མེད ་གཞན་ཡང་མེད་ཅེས་བྱ་བ་ནི། གཟུང་འཛིན་དང་བྲལ་བ་ཉིད་དོ།། ཡ་ན་ཐོག་མ་དབུས་མཐོའ་མེད་ཅེས་བྱ་བ་ལ། དང་པོ་བྱ་བ་ཡིན་པས་ཐོག་མ་སྟེ། སློབ་དཔོན་གྱི་དབང་བསྐུར་བའོ།། མཐའ་ཞེས་བྱ་བ་ནི། དབང་བསྐུར་བ་བཞི ་པའོ།། དབུས་ནི་གསང་བའི་དབང་བསྐུར་བ་སྟེ། འདི་ནི་དེ་དག་མ་ཡིན་ནོ།། ཞེས་བྱ་བའི་དོན་ཏོ།། ཅི་ལྟར་མ་ཡིན་ཞེ་ན། སྲིད་མིན་མྱ་ངན་འདས་པ་མིན།། ཞེས་བྱ་བ་གསུངས་ཏེ། འདི་ལས་སངས་རྒྱས་ཀྱི་ཡོན་ཏན་རྣམས་སྲིད ་པར་གྱུར་པས་ནཱ། ལམ་ཞེས་བྱ་བ་སློབ་དཔོན་དང་། གསང་བའི་དབང་བསྐུར་བའོ།། མྱ་ངན་ལས་འདས་པ་ནི་བཞི་པ་སྟེ། དེ་ཐོབ་ནི་བྱ་བ་བྱས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ།། འདི་ནི་ཞེས་བྱ་བ་ནི། ཤེས་རབ་ཡེ་ཤེས་ཀྱི་དབང ་བསྐུར་བའོ།། ཇི་ལྟ་བུ་ཞིག་ཅེ་ནོ། བདག་མེད་གཞན་ཡང་མེད་ཅེས་བྱ་བ་གསུངས་ཏེ། གང་ལ་ཤེས་རབ་ཐབས་རྗེས་སུ་མི་དམིགས་པའི་ཕྱིརརོ། གཉིས་སུ་མེད་པར་རབ་ཏུ་གསལ་བའོ།། ངོ་ཇི་ལྟར་འབྱུང་བར་འགྱུར་ཞེ་ན། རང ་གི་གཡས་དང་། ལས་གཞན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཡས་པ་ནི་གཡས་པའོ།། གཡོན་པ་ནི་གཡོན་པའོ།། ལས་ཞེས་བྱ་བ་ནི་སྲོག་གོ། མཐེ་བོང་ནི་ལ་ལ་ནཱའོ།། སྲིན་ལན་ནི་ར་ས་ནཱའོ།། གང་ཞེས་བྱ་བ་ནི་དེ ་ངག་གོ།། ལོངས་སྤྱོད་ནི་ཡང་དག་པར་ཉམས་སུ་མྱོང་བའི་དོན་ཏོ།། རླབས་གཉིས་ཤེས་བྱ་བ་ནི། གཡས་གཡོན་གྱི་རླུང་འབྱུང་བ་དང་། འཇུག་པའོ།། དེས་ཅི་ཞིག་ཏུ་འགྱུར་ཞེ་ན། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། ཤེས་རབ་། ཡེ་ཤེས་ཀྱི་དབང་བསྐུར་པོ་འབའ་ཞིག་ཏུ་མ་ཟད་ཀྱི། ཕྱི་ནས་ཕྱི་རོལ་གྱི་ཤེས་རབ་མེང་བར་ཡང་སྐྱེ་བར་འགྱུར་བའོ།། ཡེ་ཤེས་ཞེས་བྱ་བ་ནི། གཉིས་སུ་མེད་པའི་མཚོན་ཉིད་ཀྱི་ཡེ་ཤེས་སོ།། ་གཞོན་ནུ་མ་ཡིས་སྦྱོར་མྱོང་བཞིན།། ཞེས་བྱ་བ་སྟེ། སྦྱོར་མྱོང་བཞིན་ཞེས་བྱ་བ་ནི། སྔར་དབང་བསྐུར་བ་བཞིན་བདག་གིས་ཐོབ་པར་མ་གྱུར་པའོ།། ལྐུགས་པའི་རྨི་ལམ་ཇི་ལྟ་བ་བཞིན་ཞེས་བྱ་བ་ནི། ངག་གི ་སྤྱོད་ཡུལ་ལས་འདས་པའོ།། ཡང་ནི་ལོངས་སྤྱོད་ཀྱི་འཁོར་ལོའི་སྲོག་གི་རླུང་གིས་རླབས་གཉིས་མཐེ་བོང་ཞེས་བྱ་བ་རྐྱོང་མ་དང་། སྲིན་ལག་ཅེས་བྱ་བ་རོ་མེ་དང་། དེ་དག་གིས་བསྡམ་པར་བྱ་བའོ།། སྦྱོར་བ་འདི་གཉིས་ནི་གཞུང ་ལུགས་དང་། བླ་མའི་མན་ངག་ལས་ཤེས་པར་བྱའོ།། ཡང་དེར་ཅི་ཞིག་སྐྱེ་བོར་འགྱུར་ཞེ་ན། མཆོག་གི་མཐའ་དང་། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྟོང་དང་སྟོང་མིན་ཞེས་བྱ་བ་ནི།། ས་རབ་དང་། ཐབས་གཅིག་ཏུ་རེ ་མཉམ་གྱུར་པའི་ངོ་བོ་ཉིད་དོ།། དེ་ལྟ་བུའི་ཡེ་ཤེས་དེ་ཉིད་ཧེ་རུ་ཀ་ཞེས་བྱ་བོའི་སྒྲས་བརྗོད་པར་བྱ་བ་སྟེ། སྟོང་པ་ཉིད་དང་། སྙིང་རྗེ་གཉིས་སུ་བྱ་བའི་གཟུགས་ཅན་ཡིན་པའི་ཕྱིར་རོ།། དགྱེས་པའི་རྡོ་རྗེའི་མངོན་པར་ཞེས་བྱ་བ་ནི ་བསྐྱོད་པའོ།། དེ་གསལ་བར་བྱེད་པའི་ལེའུ་ལ་ཡང་དེ་སྐད་ཅེས་བྱའོ།། དགྱེས་པའི་རྡོ་རྗེའི་དཀོའ་འགྲེལ། རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ལས། བརྟག་པ་གཉིས་པའི་ལེའུ་ལྔ་པའི་འགྲེལ་པའོ།། ། ལྷ་མོ་ཞེས ་བྱ་བ་ལ་སོགས་པ་ལ། མཚན་ཁུང་ཞེས་བྱ་བ་ནི། དཔུང་བའི་འོག་གོ།། ཕྱག་རྒྱ་ལྔ་ཞེས་བྱ་བ་ནི། སྤྱོད་པ་བྱེད་པའི་དུས་དང་། ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་དུས་ཕྱག་རྒྱ་འཛིན་པར་བྱེད་།། ཞེས་བྱ་བར་དགོངས ་པའོ།། ཆོ་ག་ཞེས་བྱ་བ་ནི་ཐབས་སོ།། པཱ་བ་ནི་ཀུན་ཏུ་སྤྱོད་པའོ།། དམ་ཚིག་ཅན་ཞེས་བྱ་བ་ནི། དམ་ཚིག་དང་མཚུངས་པར་ལྡན་པའོ།། འཇིགས་པ་ཞེས་བྱ་བ་ནི། འཇིགས་པར་བྱེད་པའོ།། སྐྱེས་པའི་ཐོད་གནས་ཞེས་བྱ་བ ་ནི། སྐྱེས་པའི་ནང་ནི་གནས་པའོ།། བི་རོ་ཞེས་བྱ་བ་ནི། སྐུད་པར་བྱེད་པའོ།། བླ་མ་ཞེས་བྱ་བ་ནི། གུས་པ་དང་བཅས་པ་སྟེ། དམ་ཚིག་བྱིན་གྱིས་བརླབས་ནས། ལྷ་མོའི་རྣལ་འབྱོར་བསྒོམས་ནས་སོ།། བཟའ་ཞེས་བྱ་བ་ནི ་ཟོས་ནས་སོ།། གཡོན་ཕྱོགས་སུ་གཉུག་མར་གོནས་པའི་ཕྱག་རྒྱ་གནས་ནས་བྲི་བར་བྱའོ།། ཞེས་བྱ་བར་སྦྱོར་རོ།། དགྱེས་པའི་རྡོ་རྗེའི་དཀའོ་འགྲེལ། རྣལ་འབྱོར་རིན་པོ་ཆེའི་ཕྲེང་པོ་ལས། བརྟག་པ་གཉིས་པའི་ལེའུ་དྲུག ་བའི་འགྲེལ་པའོ།། །། དེ་ནས་ཞེས་བྱ་པོ་ལ་སོགས་པ་ལ། ཇི་ལྟར་འགྱུར་ཞེས་བྱ་བ་ནི། ཅི་ལྟ་བུ་ཞེས་བྱ་བའོ།། སྦྲང་རྩི་ཆེན་པོ་ལས་བྱས་པའི་དུ་བའི་སྣག་ཚ་ནི། སྦྲང་རྩི་ཆེན་པོའི་སྣག་ཚའོ།། སྐལ་མེད་ཅེས ་བྱ་བ་ནི། སྡང་བར་གྱུར་པའོ།། དངོས་གྲུབ་མེད་ཅེས་བྱ་བ་ནི། སྒྲུབ་པ་པོ་ལའོ།། འཇིག་རྟེན་ཕ་རོལ་ནི་སྐྱེ་བ་གཞན་ནི།། ཡང་དག་རབ་སྦྱིན་ལྡན་པ་ཞེས་བྱ་བ་ནི། དགྱེས་པ་རྡོ་རྗེ་ལ་ལྷག་པར་མོས་པའོ།། རེས་འགའ་ཙམ ་ཅེས་བྱ་བ་ནི། རེས་འགའ་བསྟན་པའོ།། ལམ་གྱི་སྤྱོད་ཡུལ་ཞེས་བྱ་བ་ནི། ལམ་དུ་འགྲོ་བའི་དུས་སོ།། བསྟན་ཞེས་བྱ་བ་ནི། བསྟན་པར་གྱུར་པའོ།། བཟའ་བ་ཞེས་བྱ་བའི་སྒྲས་ནི། འདི་སྤྲོས་པ་དང་བཅས་པའི་སྤྱོད་བ ་དང་། ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་ཆོ་ག་ཡང་བསྟན་ཏོ།། གང་དུ་ཟོས་པ་ཞེས་བྱ་བ་ནི། ཚོགས་ཀྱི་དཀྱིལ་འཁོར་དང་། སྤྱོད་པ་བྱེད་པ་ནའོ།། འདོད་པའི་དོན་ཀུན་ཞེས་བྱ་བ་ནི། ཕྱག་རྒྱ་ཆེན་པོའི་དངོས ་གྲུབ་པའོ།། སྤྱོད་པའི་གནས་ཀྱི་ཁྱད་པར་བསྟན་པའི་ཕྱིར། དུར་ཁྲོད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རིའི་བྱ་སྐྱིབས་ཞེས་བྱ་བ་ནི། རིའི་ཕུག་གོ། དགུ་དང་ནི་ཞེས་བྱ་བ་ནི་དགུ་དང་ཞེས་བརྟགས་པའོ།། དམ་ཚིག་ཅེས ་བྱ་བ་ནི། གོ་གུང་ཧ་ན་ལ་སོགས་པའོ།། ཟོས་ནས་ཡ་ཞེས་བྱ་བ་ལ་སོགས་པའོ།། མ་མོ་ཞེས་བྱ་བ་ནི། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ཡིད་ཅེས་བྱ་བའི་ཚེ་སྟེ། གར་དང་། གླུ་དང་། རུང་བ་ལ་སོགས་པས ་ངེས་པར་མཆོད་པར་བྱ་བའོ།། དེ་ཉིད་བསྟན་པའི་ཕྱིར། གལ་ཏེ་མ་སྲིད་ཡིན་ན་ཡང་། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་ཞེས་བྱ་བ་ལ་སོགས་པའི་སྒྲས་དབང་པོ་ལྔ་གསུངས་པ་ཡིན་ཏེ། དེ་དག་གཟུགས་དང་། སྒྲ་དང ་དྲི་ལ་སོགས་པ་འདོད་པའི་ཡོན་ཏན་ལྔས་ཚིམ་པར་བྱ་བ་སྟེ། གནས་ངོ་དག་ན་གནས་པའི་ལྷ་མོ་དེ་རྣམས་ལ། གོང་ན་མེད་པའི་མཆོད་པ་ཡིན་ནོ།། གལ་ཏེ་མིག་ལ་སོགས་པ་མ་ཡིན་པར་ཇི་ལྟར་འགྱུར་ཞེ་ན། དེ་ཡང་ཇི་སྐད་དུ ་སངས་རྒྱས་ཐོང་བ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་མོས། དེ་ནས་ཡང་དག་བཤང་བྱ་བ།། མངག་སེམས་ནི་སྦྱང་བྱ་སྟེ།། མག་ནི་སྲིང་མོར་གྱུར་པའོ།། སྲིང་མོའི་བུ་མོ་རྣ་བ་ཡིན།། སྣ་ན་ཕྱེད་བྱིངམ་རུ་གྱུར།། དེ་བཞིན་སྦྱིན ་བུམོ་ཉིད་།། ཡིད་ནི་ཆུང་མར་གྱུར་པ་སྟེ།། སྒྲ་རྫས་མཆོག་གྱུར་ལྔ་པོ་འདིས།། ཕྱག་རྒྱ་ཆེན་པོ་རབ་སྟེར་བྱེད་།། ཅེས་གསུངས་པ་ཡིན་ནོ།། ལེགས་མཆོད་ནས་ཞེས་བྱ་བ་ནཱི། རྟག་ཏུ་མི་འཆད་པར་ཉམས་སུ་མྱོང་བར་བྱ་བའོ།། ་གཅིག་པར་ཞེས་བྱ་བ་ལ་སོགས་པ་ལཾ། ཐོང་ཆེན་ཞེས་བྱ་བ་ནི། ལན་གཉིས་སྐྱེས་པའི་ཐོད་པའོ།། དབུལ་ཞེས་བྱ་བ་ནི། དང་པོར་རོ།། བཏུང་བ་ཞེས་བྱ་བ་ནི། ཕྱི་ནས་སོ།། ཟས་བཟའ་བར་གསལ་བར་བྱེད་པའི་ལེའུ་ལ་ཡང ་དེ་སྐད་ཅེས་བྱའོ།། དགྱེས་པའི་རྡོ་རྗེའི་དཀའ་འགྲེལ། རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ལས། བརྟག་པ་གཉིས་པའི་ལོའུ་བདུན་པའི་འགྲེལ་པའོ།། ། དེ་ནས་ཞེས་བྱ་བ་ལ་སྩོགས་པ་ལས། ཕྱོག་རྒྱ་ཆེན་པོ་ནི་སྔར ་མངོན་པ་རཱ་བོཛྲད་པ་ཉིད་དོ།། ད་ནི་སྤྲོས་པ་དང་བཅས་པའི་སྤྱོད་པོ་བྱེད་པའི་རྣལ་འབྱོར་པ་རྣམས་ཀྱང་། གང་དང་ལྷན་ཅིག་ཕྱག་རྒྱ་ཆེན་པོ་འགྲུབ་པར་འགྱུར་བ་དེ་ཅི་ལྟ་བུ་ཞེས་བྱ་བ་སྟེ། དེའི་ཕྱིར་ཀུན་རྫོབ་སྤྱོད་པོའི་ཞེས་བྱ་བ་གསུངས ་ཏེའཇིག་རྟེན་གྱི་ཐ་སྙད་ཀྱིས་སོ།། སྤྱོད་བ་ཡིས་ཞེས་བྱ་བ་ནི། བརྩེ་བའི་ཚིགོ་ལ་སོགས་པའོ།། གཟུགས་ཞེས་བྱ་བ་ནི། ཁ་དོག་དང་། དྲི་ལ་སོགས་པའོ།། རི་དྭགས་ཀྱི་ལྟེ་བ་ནི་གླ་རྩིའོ།། མཚུངས་ཞེས་བྱ་བ་ནི། འདྲ་བར ་སྣང་བའོ།། དབང་མཆོག་ཅེས་བྱ་བ་ནི། ཨུཏྨ་ལའོ།། སྐད་ཅིག་ཅེས་བྱ་བ་ནི། རེས་འགའོ།། འབྱུང་བ་ཞེས་བྱ་བོ་ནི། ཀུན་ཏུ་འབྱུང་བའོ།། ཁྲག་ཅེས་བྱ་བ་ནི། དུ་རུ་ཀའོ།། དེའི་ཞེས་བྱ་བ་ནི་ལུས་ཀྱིའོ།། ཨ་ཀ་རུ་ནག་པོ་ཞེས ་བྱཱ་བ་ནཱཾ། དྲི་མ་ཆོག་དང་སྠཱནྟ་བྷའི་ཨཀྐཱ་དྷཱའོ།། སྙིང་འོད་མ་ཞེས་བྱ་བ་ནི། ཡིད་དགའ་བར་བྱེད་པའོ།། ཟབ་མོའི་ཆོ་སྣ་ནི། ཀློག་པ་དང་། ཞེས་བྱ་བ་ནི། དགྱེས་པའི་ཛཱདྷའི་ཀློག་པའོ།། འདུལ་བར ་འགྱུར་བའི་ཞེས་བྱ་བ་ནི། གོངལ་བྱ་ཉིད་དོ།། གསོ་སྦྱོང་ནི་ཉ་ལ་སོགས་བྱ་སྟེ། ཉི་མ་མ་ཤོར་ནས། ཤར་གྱི་བཱར་དུའོ།། བསྒྲུབ་པའི་གནས་ནི། བརྒྱད་ངམ། བཅུ་ནི་བཞི་ཉིད་ནས་ཇི་སྲིད་འཚོའི་བར་མི་དབང་དུ་བྱས་པ་སྟེ། ་ལུས་དང་། ངག་དང་། ཡིད་ཀྱི་དོན་དུ་སྤྱོད་པ་སྦྱོང་པོའི་མཚན་ཉིད་ཅན་ནོ།། འདོད་ཆགས་དང་བྲལ་ཕྱིར་སྨྲ་བ་ནི། བྱེ་བྲག་ཏུ་སྨྲ་བ་སྟེ། དེ་ཉིད་ནི་བྱེ་བྲག་ཏུ་སྨྲ་བའོ།། དེ་ཡང་ཉན་ཐོས་ཐོག་པའི་རྟོགས་པ་བརྗོད་པ་བཻ་རྒྱུ་བ་དང་། ་དབྱུ་གུ་གསུམ་པའི་ཕྲེང་བ་ལ་སོགས་པའོ།། མདོ་སྡེ་ཞེས་བྱ་བ་ནི། ཤིན་ཏུ་ཟབ་མོ་མ་ཡིན་པའི་མདོ་སྡེ་སྟེ། ཚིགས་སུ་བཅད་པ་གཅིག་པ་དང་། ཚིགས་སུ་བཅད་བ་བཞི་པ་དང་། ཚིགས་སུ་བཅད་བ་གཉིས་པོའི་གཟུངས ་དང་། སྒོ་དྲུག་པ་དང་། བཟང་སྤྱོད་དང་། རྒྱ་ཆེར་རོལ་པ་དང་། ས་བཅུ་ལ་སོགས་པའོ།། རྣལ་འབྱོར་སྤྱོད་པ་ཞེས་བྱ་བ་ནི། སྣ་ཚོགས་འདི་དང་ནི་སེམས་ཙམ་སྟེ། མི་བདེན་པའི་དོན་ཉིད་འཁྲུལ་ནས། དོན་དུ་སྣང་བར་འབྱུང ་བར་གསུངས་ཏེ། དཔེར་ན། རྨི་ལམ་ལྟ་བུ་ཞེས་བྱའོ།། དབུ་མ་ཞེས་བྱ་བ་ནི། ཆོས་ཐམས་ཅད་སྐྱེ་བོ་མེང་པོའོ།། སྔགས་ཀྱི་ཐེག་པ་ཀུན་ཞེས་བྱ་བ་ནི་བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་དང་། རྣལ་འབྱོར་བླ་ན་མེད་པ་དང་། ་རྣལ་འབྱོར་གོང་ན་མེད་པའི་དབྱེ་བས་རྣམ་པ་ལྔའོ།། བྱེ་བྲག་ཏུ་སྨྲ་བ་ལ་སོགས་པའི་མ་ལུས་པའི་རབ་ཏུ་བྱེད་པ་ཙམ་ཤེས་པར་བྱ་བ་སྨྲས་པ་ཡིན་གྱི། རྫས་མ་ལུས་པ་ནི་མ་ཡིན་ཏེ། དཔག་ཏུ་མེད་པའི་ཕྱིར་རོ།། བླངས་ནས་ཞེས་བྱ་བ ་ནི། གུས་པར་བྱ་ཞེས་བྱ་བའི་དོན་ཏོ།། གུས་པར་ཞེས་བྱ་བའི་དོན་ཏོ།། གུས་པར་ཞེས་བྱ་བ་ནི། རྒྱུད་འདི་ལ་གུས་པའོ།། དགྱེས་པའི་རྡོ་རྗེའི་དཀའ་འགྲེལ། རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ལས། བརྟག་པ་གཉིས་པའི་ལེའུ ་བརྒྱུད་པའི་འགྲོལ་བའོ།། ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཁ་སྦྱར་ནི་རྣམ་པར་ཤེས་པ་དང་ལུས་ངག་གིའོ།། འབྱེད་པ་ནི་ཐ་དད་དུ་བྱེད་པ་སྟེ། བསམ་གཏན་གྱིས་ཞེས་བྱ་བ་ནི། ལྷག་མའོ།། དངོས་གྲུབ ་ནི་ཁྲོས་པའི་ལས་ཀྱི་དངོས་གྲུབ་བོ།། འཁྲུགས་ཤིང་ཞེས་བྱ་བ་ནི། ཤིན་ཏུ་བརྔམ་པའོ།། མ་རུངས་པ་ནི། གསོད་པའི་སེམས་སོ།། བསྒོམས་པ་ཞེས་བྱ་བ་ནི། བསྟན་མ་ཐག་པའོ།། དེ་ཉིད་ནི་ཙམ་ཞེས་བྱ་བ་འབའ་ཞིག་གིས་སོ།། ། ་སངས་རྒྱས་ཞེས་བྱ་བ་ལ། སངས་རྒྱས་ལ་སོགས་པས། ཡང་དག་པར་བསྲུངས་ཀྱང་ངོ་།། མཐོང་ནས་ཞེས་བྱ་བ་ནི། དྲན་ནས་སོ།། ཇི་ལྟར་གཟུགསོ་ཞེས་བྱ་བ་ནི། འཆང་བར་འགྱུར་བའི་གཟུགས་ཀྱིས་སོ།། ཁབ་ནི་ཞེས་བྱ་བ ་ནི། རྡོ་རྗེའི་ཁབ་བོ།། མེའི་གཟུགས་ཅན་ནི་འབར་བར་འགྱུར་བའོ།། བྱིན་པའི་ས་བོན་ནི། རེ་ཕ་རབ་ཏུ་འབོར་བའོ།། དམིགས་ནས་ཞེས་བྱ་བ་ནི། བསྒོམས་ནས་སོ།། བཀླགས་ལས་འགྲུབ་པ་ཞེས་བྱ་བ་ནི། ཚིག་གི་དོན་ནི་འགྲུ ་བར་བདེན་ནོ།། ཞེས་བྱ་བའི་བར་དུའོ།། གསང་བ་ནི་སྤྲུལ་བ་མེད་པའི་སེམས་ཅན་མྦྷ་སྤྱད་སུལ་མ་ཡིན་པའི་ཕྱུར་ར།། མཆོག་ཅེས་བྱ་བ་ནི། ངལ་བ་མང་པ་ཉིད་མངོན་པར་འདོད་པའི་དོན་འགྲུབ་པ་ར།། ་རྟོག་མེད་ཅེས་བྱ་བ་ནི། ཐེ་ཚོམ་མེད་པའོ།། རིན་ཆེན་ཞེས་བྱ་བ་ནི། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའོ།། རིན་ཆེན་ངེས་ཅི་ཞིག་ཅེ་ན། ལུས་ཞེས་བྱ་བ་གསུངས་ཏེ། གཉུག་མར་གནས་པའི་ལུས་སོ།། ལྟོས་ཞེས་བྱ་བ་ནི། ལྷ་མོ ་ཀྱེཀྱི་ཞེས་བྱ་བའོ།། འབར་བ་ཞེས་བྱ་བ་ནི། བདེ་བ་ཆེན་པོས་འབར་པའོ།། ཕྲེང་བ་ཞེས་བྱ་བ་ནི། རྣལ་འབྱོར་མ་བཅོ་ལྔའི་ངོ་བོ་ཉིད་ཀྱི་རྩའོ།། འཁྲུགས་པ་ནི་དེའི་ཏིང་ངེ་འཛིན་གྱིས་གནས་པའོ།། སྦྱོར་བྲལ་འགྱུར་རོ་ཞེས་བྱ་བ་ལ ་སོགས་པ་ལ། མ་ཕུག་ཞེས་བྱ་བ་ནི། སོ་སོ་མ་ཕུག་པ་སྟེ། མི་ཤེས་ན་ནི་འཁོར་པ་ཉིད་དུ་འགྱུར་ཏེ། ཇི་ལྟར་རིན་པོ་ཆེ་མ་ཕུག་པ་རྒྱུན་གྱི་ལས། ཐམས་ཅད་ལ་མཁོ་བ་མ་ཡིན་པ་དེ་བཞིན་དུ། ལུས་འདི་ཡང་མི་ཤེས་ན་ནི། ་སངས་རྒྱས་ཉིད་ཐོབ་པར་མི་ནུས་པ་ཡིན་ནོ།། རབ་ཏུ་ཕུག་པས་ཅི་ཞིག་བྱེད་ཅེ་ན། དགའ་བ་སྦྱིན་པ་པོ་ཞེས་བྱ་བ་གསུངས་ཏེ། མངོན་པར་འདོད་པའི་དོན་སྒྲུབ་པར་བྱེད་ཅེས་བྱ་བའོ།། དེ་ལྟར་ཞེས་བྱ་བའི་ལུས་ཇི་ལྟ་བ་དེ་ལྟར་འཁོ ་བའི་རིན་པོ་ཆེ་ཡང་ཡིན་ནོ།། བདུད་རྩི་ནི་མི་འཆི་བའོ།། གང་གི་གཟུགས་ཀྱིས་ཞེས་བྱ་བ་ནི། དེ་ཁོ་ན་ཉིད་ཀྱིའོ།། ཞབས་ནི་གཤེགས་པར་བྱེད་པའོ།། རྣམ་པར་ཐར་པ་ནི། རྣམ་པར་ཐར་པ་རྣམས་སོ།། གུག་ཀྱང་ཅེས་བྱ་བ་ནི།། ་འཁོར་ལོ་ལ་སོགས་པའི་ཚད་རྣམས་སོ།། སྔགས་བཏུ་བའི་ཞེས་བྱ་བ་ནི། ལྷ་མོ་ཞུ་བའི་ཚིགས་བཅང་ངོ་།། བཅོམ་ལྡན་འདས་ཞེས་བྱ་བ་ནི། སྡུད་པའི་ཚིག་གོ།། ལྷ་མོ་ཤེས་རབ་ཆེན་མོ་ཉོན་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས ་བཀའོ།། རྣམ་པར་སྣང་མཛད་ནི་ཨོཾ་མོ།། ཨུཥྨ་རྣམས་ཀྱི་བཞི་པ་ནཽ། ཡི་གེ་ཧའོ།། པུཀྐ་སཱི་ནི་ཨུའོ།། སྟེང་པ་ནི་ཐིག་ལེའོ།། མ་ར་ནི་སྭཱ་ཧཱ་ཞེས་བྱ་བ་ནི། མཐ་སྭཱ་ཧཱ་ཞེས་སྦྱར་བའོ།། ཡིག་འབྲུའི་བདགྲ་བོ་ནི་ཨོཾ་མོ།། མཁའ ་སྤྱོ་མཱ་ནི་ཨཾ་ངོ་།། རིང་པོ་ཡི་ནི་གཉིས་བྱ་ཞེས་བྱ་བ་ནི་ཁའོ།། གཉིས་པ་ཡི་ནི་གསུམ་པ་ཞེས་བྱ་བ་ནི་ཛའི།། བྷ་རིས་ཞེས་བྱ་བ་ནི་ཨིའོ།། ཡིག་འོབྲུའི་དབང་ཕྱུག་ནི་ཨེ་མོ།། ལྔ་པ་ཉིད་ཀྱི་གསུམ་པ་ནི་ཡི་གེ་བའོ།། མཁའ་འགྲོ ་མོ་ནི་ཡི་གེ་ཨུའོ།། ཡིག་འབྲུའི་ཐུ་བོ་ནཱི་ཨོཾ་མོ།། གཏི་མུག་རིགས་ཞེས་བྱ་བ་ནི་ཨཾ་མཽ།། དང་པོ་རྣམས་ཀྱི་དང་བྷྱོ་ནྟི། ཡཾ་གེ་ཀོའོ།། རྡོ་རྗེ་མཁའ་འགྲོ་མ་ནཱི། ཡི་གེ་ཨུ་ཐུང་ངོ་།། མཐེར་གནས་པའོ་གཉིས་པ་ནི་རཱའོ།། མཐར་གནས ་གསུམ་པ་ནི་ལཾའོ།། དང་པོ་འོ་དང་པོ་ནི་ཀའོ།། མཐར་གནས་པའི་ཡི་གཾ་ནི་ཡའོ།། རྡོ་རྗེ་མ་ནི་ཨའོ།། གཙོ་རཱ་མ་ནི་ཨེའོ།། བཞི་པའི་གསུམ་པ་དའོ།། མཐར་གནས་པའི་བཞི་པ་ནི་ཝའོ།། ཨུཥྨ་རྣམས་ཀྱི་བཞི་པ་ནི་ཧའོ།། ་པུཀྐ་སཱི་ནི་དབྱངས་ཀྱི་དྲུག་པའོ།། ལྔ་པ་ཉིད་ཀྱི་གཉིས་པ་ནི་ཕའོ།། གསུམ་པའི་དང་པོ་ནི་ཡི་གེ་ཊའོ།། ལྔ་པའི་བཞི་པ་ནི་བྷའོ།། མཐར་གནས་པའི་དང་པོ་ནི་ཡའོ།། གྷསྨ་རཱི་ནི་ཡི་གེ་ཨོའོ།། དང་པོའི་དང་པོ་ནི་ཀའོ།། ནང་གི་གཽ ་རཱི་ནི་ཨིའོ།། གསུམ་པ་ཉིད་ཀྱི་དང་པོ་ནི་ཊའོ།། ལྔ་པའི་གསུམ་པ་ནི་བའོ།། གཉིས་པའི་གསུམ་པ་ནི་ཛའོ།། བཞི་པའི་དང་པོ་ནི་ཏའོ།། བྱིན་ཟ་ནི་རེ་ཕའོ།། བེདྡྷ་ལཱི་ནིནཱི་ཨེའོ།། མཐར་གནས་པའི་གསུམ ་པ་ནི་ལའོ།། དང་པོའི་དང་པོ་ནི་ཀའོ།། མཐར་གནས་པའི་དང་པོ་ནི་ཡའོ།། རྡོ་རྗེ་མ་ནི་ཨའོ།། ཙཽ་རཱི་ནི་ཨཻའོ།། ལྔ་པའི་དང་པོ་ནི་པའོ།། བདག་མེདནི་ཨའོ།། དངོ་བོའི་དང་པོ་ནི་ཀའོ།། གཉིས་པའི་དང་པོ་ནི་ཙའོ།། གསུམ་པའི ་དང་པོ་ནི་ཊའོ།། བཞི་པའི་དང་པོ་ནི་ཏའོ།། ལྔ་པའི་དང་པོ་ནི་པའོ།། མཐར་གནས་པའི་དང་པོ་ནི་ཡའོ།། ཨུཥྨ་རྣམས་ཀྱི་དང་པོ་ནི་ཤའོ།། མཐར་གནས་པའི་གཉིས་པ་ནི་རའོ།། རྡོ་རྗེ་མ་ནི་ཨའོ།། དགྱེས་པའི་རྡོ་རྗེའི་དཀའ་འགྲེལ། ་རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ལས། བརྟག་པ་གཉིས་པའི་ལེའུ་དགུ་པའི་འགྲེལ་པའོ།། །། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། སྡོམ་གཅིག་པ་ཞེས་བྱ་བ་གཉིས་སུ་མེད་པའི་མདོར་བསྡུས་པའི་སྡོམ་པའོ།། ་བཟླས་པོ་ནི་བཟླས་བརྗོད་དོ།། དེའི་ཡུལ་ནི་ཕྲེང་བའོ།། མྱ་ཡིས་ཀྱང་ཞེས་བྱ་བ་ནི། མ་ཧེའི་རུས་པའི་ཕྲེང་བས་ཞེས་བྱ་བའི་དོན་ཏོ།། ལུས་སོ་སོའི་དམ་ཚིག་བྱ་བ་བསྟན་པོའི་ཕྱིར། རངས་པར་ཞེས་བྱ་བ་ཡི་སོགས་པ་གསུངས་ཏེ། ་གོ་སླའོ།། དགྱེས་པའི་རྡོ་རྗེའི་དཀའ་འགྲེལ། རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ལས། བརྟག་པ་གཉིས་པའི་ལེའུ་བཅུ་པའི་འགྲེལ་པའོ།། ། དམའི་ཁྱུད་ཅེས་བྱ་བ་ལ་སོགས་པ་ལ། འདི་སྐད་ཅེས་བྱ་བ་ནི་འཆང ་པར་འགྱུར་བའོ།། མི་བསྐྱོད་པའི་རིགས་ཞེས་བྱ་བ་ནི། མི་བསྐྱོད་པའི་དེའི་རིགས་སོ།། སེམས་དཔའི་རིགས་ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའི་རིགས་སོ།། དེ་རྣམས་ཞེས་བྱ་བ་ནི། བུ་དེ་རྣམས་དེ་བཞིན་གཤེགས་པའི་རིགས་ཅན ་ནོ།། བདག་མེད་མ་ཡི་གེ་མཛད་པ་ཞེས་བྱ་བ་ནི་བོད་པའོ།། མྱོས་པས་ནི་བདེ་བ་ཆེན་པོ་འབྱུང་བར་འགྱུར་བའོ།། མཚན་མའི་ཞེས་བྱ་བ་ནི། དེའི་དོན་དུ་སེན་མོ་འདེབས་པའོ།། ལག་པས་ཞེས་བྱ་བ་ནི། སོར་མོ་གཉིས་ཀྱིས་བསྐྱོད ་པ་ལ་སོགས་པའོ།། རྡོ་རྗེ་ལྡན་པ་ཞེས་བྱ་བ་ནི། རེངས་པར་གྱུར་པའི་རྡོ་རྗེས་སོ།། འཕྱང་ཐེག་ཅེས་བྱ་བ་ལ་སོགས་པས་ནི། དབང་པོསྐུར་བ་བཞི་པོ་རྣམས་ཀྱི་ངོ་བོ་ཉིད་ཀྱི་མན་ངག་གི་བྱ་བ་རྣམས་གསུངས་པ་ཡིན་ཏེ། འཕྱང་ཐོག ་དང་འདྲ་བས་འཕྱང་ཐག་གོ། སྟེང་ཕྱོགས་ན་གནས་པའོ།། འདི་ནི་བྱེད་པ་པོ་བུད་མེད་ཡིན་ཏེ། མངོན་དང་རྒྱབ་དུ་བུད་མེད་ཀྱིས།། དལ་གྱིས་གསང་གནས་འཕྱང་བ་ཡིས།། མཚན་མའི་སྟེང་ན་མཉམ་གནས་པ།། འཕྱང་ཐག་འདྲ ་བར་རབ་ཏུ་གྲགོས།། བླ་ཞེས་བྱ་བ་ལོ་སོགས་པ་ལ། འདིར་བྱེད་པ་པོ་སྐྱེས་བུ་ཡིན་ཏེ། བུད་མེད་པུས་མོ་བསླང་ནས་ནི།། གཡས་དང་གཡོན་པའི་དཔུང་ལ།། སྟེང་དུ་སྦྱར་བའི་བྱེད་པ་ཡིས།། ཕན་ཚུན་མངོན་ཕྱོགས་གནོས་པའོ།། ་ཤིན་ཏུ་བརྐྱང་ཞེས་བྱ་བ་ལ་སོགས་པ་ལ།། ངང་པའི་གཤོག་པའི་རྣམ་པར་ལྟར།། བརྐྱང་བར་གྱུར་པའི་རྐང་པ་གཉིས།། ཤིན་ཏུ་བརྐྱང་བར་གྱུར་པ་ཡིན།། འགྱེས་པར་གྱུར་པ་དག་གིས་གྲགས།། དེ་བཞིན་ཞེས་བྱ་བ་ནི་ཁབ ་གསུངས་ཏེ། དགྱེལ་བའི་རྐང་པ་སྟེང་འོག་ཏུ།། དབྱུག་པ་བཞིན་དུ་གང་གནས་པའི།། ཟུར་དང་རྒྱུབ་དུ་ཅུང་མནན་པ།། ཁབ་ཀྱི་བྱེད་པ་ཞེས་བྱར་བརྗོད།། ག་པུར་རྒྱུའི་ཕྱིར་ཞེས་བྱ་བ་ནི། ག་པཱུར ་འཕེལ་བར་བྱེད་པའི་ཆེད་དུའོ།། ལྷན་ཅིག་སྐྱེས་པའི་དོན་བྱེད་པའི་ཁྱད་པར་གང་དུ་སྟོན་པའི་ལེའུ་ལ་ཡང་དེ་སྐད་ཅེས་བྱའོ།། དགྱེས་པའི་རྡོ་རྗེའི་དཀའོ་འགྲེལ། རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ལས། བརྟག་པ་གཉིས ་པའི་ལེའུ་བཅུ་གཅིག་པའི་འགྲེལ་པའོ།། །། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ནི། དབང་བཞིའི་ཚིགས་བཅད་ཀྱི་མན་ངག་ཇི་ལྟ་བ་བཞིན་དུ་ཤེས་རོ་བ་གཏད་པའི་ཚིགས་སུ་བཅད་པའོ།། རྡོ་རྗེ་རབ ་གནས་ཞེས་བྱ་བ་ནི། རྡོ་རྗེ་འཆང་ཉིད་དུ་རྣམ་པར་གནས་པའོ།། བྱང་ཆུབ་ནི་ཤོས་རབ་བོ།། དེའི་སྲས་ནི་བྱང་ཆུབ་སེམས་དཔའོ།། དགའ་བ་ནི་བརྩེ་བའོ།། གནས་ནི་བྱང་ཆུབ་ཀྱི་སེམས་སོ།། འདི་ནི་ཞེས་བྱ་བ་ལ་སོགས ་པ་ལ། ཆེ་སཽ་ཕྲ་ཞིང་ཞེས་བྱ་བ་ནི། སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ།། རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་སོ།། དཀྱིལ་ནི་སྙིང་པོའོ།། ན་མཁའ་ལྟ་བུ་ཞེས་བྱ་བ་ནི། ན་མཁའ་ལྟ་བུ་སྟེ། སྣང་བ་མེད་པའི་སེམས་ཅན་རྣམས ་སོ།། རྡུལ་བྲལ་ཞེས་བྱ་བ་ནི། ཉོན་མོངས་པ་ཟད་པའོ།། ཐ་ར་སྦྱིན་ཞེས་བྱ་བ་ནི། འཁོར་བ་ལས་འདས་པ་ཉིད་དོ།། ཞི་བ་ཉིད་ཅེས་བྱ་བ་ནི། གནོད་པ་དང་བྲལ་བའི་ཕྱིར་རོ།། ཁྱོད་རང་ཉིད་ནི་ཁྱོད་ཀྱི་ཕ་ཞེས་བྱ་བ ་ནི། ཁྱོད་ཉིད་སོ་སོ་རང་གིས་རིག་པ་ཡིན་པའི་ཕྱིར་རོ།། རྡོ་རྗེ་པད་མ་བྱིན་གྱིས་བརླབས་པ་ནི། རང་གིས་བྱིན་གྱིས་རློབ་པའོ།། རིན་ཆེན་རྣལ་འབྱོར་རྣམས་ཀྱི་ཕྲེང་།། དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་བྱས་པ།། ་བསོད་ནམས་བསགས་པ་གང་ཡོད་དེ།། འགྲོ་ཀུན་ཉོན་མོངས་ཀུན་བྲལ་ཤོག། དཔལ་དགྱེས་པའི་རྡོ་རྗེའི་དཀོའ་འགྲེལ། རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ལས། བརྟགས་པ་གཉིས་པའི་ལེའུ་བཅུ་གཉིས་པོའི་འགྲེལ ་པའོ།། ། སློབ་དཔོན་དཀྱིལ་འཁོར་པ་ནག་པོ་པས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན ་པོ་ཀྲིཥྞ་པཎྜི་ཏ་དང་། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ། གཏན་ལ་ཕབ་པའོ།། ། ་